གཏེར་གསར་རྡོ་རྗེ་ཕུངཔ་ལྷ་ནག་གྲི་གུག་འབར་བའི་རྒྱ་ཅན་གྱི་རྒྱུན་ཁྱེར་ཉམས་ལེན། དྷརྨ་སྭཱ་མཱི།


RTZ031_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གསར་རྡོ་རྗེ་ཕུར་པ་ལྷ་ནག་གྲི་གུར་འབར་བའི་རྒྱ་ཅན་གྱི་རྒྱུན་ཁྱེར་ཉམས་ལེན་བཞུགས་སོ། ན་མོ་གུ་རུ་ཤྲཱི་བཛྲ་རུ་སཱ་ར་ཡ། འདིར་གཏེར་གསར་རྡོ་རྗེ་ཕུར་པ་ལྷ་ནག་གྲི་གུག་འབར་བའི་རྒྱ་ཅན་གྱི་རྒྱུན་གྱི་ཉམས་ལེན་སྙིང་པོ་ཙམ་ཞིག་བཀོད་པ་ན། སྐྱབས་སེམས་བདུན་དག་སོགས་གཏེར་ཁ་གསར་རྙིང་ཅི་རིགས་ཀྱི་ཕུར་པ་སོགས་ཡི་དམ་གྱི་ལས་གཞུང་སྤྱི་འགྲོ་བཞིན་དུ་བྱས་ནས། དངོས་གཞི་ནི། ཚེས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས། མ་རྟོགས་འགྲོ་ལ་བྱམས་དང་སྙིང་རྗེར་ཤར། སྟོང་དང་སྙིང་རྗེ་ཟུང་འཇུག་རིག་པའི་རྩལ། རྒྱུ་ཡི་སྙིང་པོ་ཧཱུཾ་ཆེན་སྔོན་པོ་ལས། འབྱུང་པའི་རིམ་བརྩེགས་རི་རབ་ཆེན་པོ་དབུས། སྲིད་བཅུད་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གཟུགས། སྣང་བའི་རྒྱ་མདུད་གོང་མར་གཞལ་ཡས་ཁང་། ཁྲག་འཐུང་འབར་བའི་བཀོད་པ་གསལ་རྫོགས་ཀྱི། ཟླ་གམ་ཡེ་ཤེས་འཆར་སྒོའི་ཀློང་གི་དབུས། པད་ཉི་རུ་ཏྲ་བསྣོལ་བའི་གདན་སྟེང་དུ། བསྐྱེད་པ་རྒྱ་ཉིད་ཡོངས་སུ་གྱུར་པ་ལས། དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེ་གཞོང་ནུ་ནི། མིག་སྨན་ལྟར་གནས་ཞལ་གསུམ་ཕྱག་དྲུག་པའི། གཡས་དཀར་གཡོན་དམར་དགོངས་གཤེ་གཏུམ་རྔམ་མཚུལ། གཡས་ཧཱུཾ་སྔོན་པོ་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་། གཡོན་གཉིས་མེ་དཔུང་ཁ་ཊཱཾ་རྩ་ཕྱག་གཉིས། ཐུགས་ཀར་སེང་ལྡེང་ཕུར་པ་སྒྲིལ་བའི་ཚུལ། སྐུ་སླད་གནམ་ལྕགས་ཕུར་པ།


RTZ031_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་ནི། རུ་ཏྲ་བར་བཅོད་བདུད་ཀྱི་སྙིང་ལ་གཟིར། རྡོ་རྗེ་རིན་ཆེན་འབར་བའི་ཁྱུང་གཤོག་གདེངས། སྐུ་ལ་དུར་ཁྲོད་འབར་བའི་ཆས་ཀྱི་བརྒྱན། གསང་བའི་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། མཐིང་ལྗང་རྡོ་རྗེ་དུང་དམར་འཛིན་པས་འབྱུང་། ཞབས་གཉིས་ཡབ་འཁྲིལ་དུར་ཁྲོད་རྒྱན་ཆས་རྫོགས། ཡབ་ཡུམ་གཉིས་མེད་བསྐལ་པའི་མེ་དཔུང་ཀློང་། བཞུགས་པའི་སྐུ་དབུས་རྩ་གསུམ་འཁོར་ལོ་ལྔ། ཚིགས་ཀྱི་འཁོར་ལོ་བཞི་དང་གནས་པ་རྣམས། །དྭངས་གསལ་སྒྲིབ་མེད་གསལ་བ་འཁོར་ལོའི་དབུས། རིམ་བཞིན་ཧཱུཾ་བཛད་རྣམས་རྒྱལ་རྟ་མགྲིན་དང་། བདུད་རྩི་གཤིན་རྗེ་སུབས་ཆེ་ནད་བྱུག་སྔོན་ཅན། མི་གཡོ་འདོད་རྒྱལ་ཁམས་གསུམ་རྒྱལ་བྱེད་ཡུམ། རང་རབ་ཁྲ་ཐབས་རྒྱན་དང་ཆ་ལུགས་རྫོགས། ཕྱི་གཙུག་གཏོར་སྤྱི་བོ་མགྲིན་པ་འཁོར་བཀའ་ཤུགས་ཀ་ལྟེག་གསར་བ་དང་། དཔུང་གཡས་དཔུང་གཡོན་སྤྱི་གཡས་སྤྱི་གཡོན་ཐམས་ཅད་སྐུ་མདོག་ནག་པོ་ཕུར་ཞབས་སྔོད་དམ་ཅན་སྒོ་མར་བཅས། བདུད་རྩིའི་ཐུགས་ཀར་ཡེ་ཤེས་ཁྱམས་ལ་སེམས་དཔའ་ནི། རྡོར་སེམས་མཐིང་དམར་ཁྲོ་ཆགས་སྒྲེག་པའི་སྐུ། རྡོ་རྗེ་དྲིལ་བསྣམས་ཡུམ་བཅས་ཐུགས་ཀ་རུ། རིན་ཆེན་ཟུར་སྒོ་བཞིར་ཐུགས་ཀའི་བརྒྱད་སྦུབས་སུ་ཟླ་ཉིའི་སྟེང་། ཤིན་ཏུ་ཕྲ་བའི་ཏིང་འཛིན་སེམས་དཔའ་


RTZ031_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། དེ་མཐར་རྩ་བའི་སྔགས་ཀྱིས་བསྐོར་བར་གྱུར། ཡེ་ནས་རང་རྫོགས་ཁྲག་འཐུང་ཁྲོ་བོའི་ལྷ། མ་ལུས་འདིར་གཤེགས་གཉིས་མེད་བརྟན་པར་བཞུགས། ཕྱི་ནང་སྦྱོར་སྒྲོལ་དེ་བཞིན་ཉིད་མཆོད་བཞེས། ཀཱི་ལ་ཡའི། སྐུ་གསུང་ཐུགས་ཡོན་ཕྲིན་ལས་གུས་པས་བསྟོད། ཉམས་ཆགས་འགལ་བཤགས་མཆོག་ཐུན་དངོས་གྲུབ་སྩོལ། སྔགས་ཀྱི་ཕྲེང་བས་མགལ་མེ་ལྟར་འཁོར་བས། ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། འཁོར་འདས་སྣོད་བཅུད་ཀུན་བསྡུས་ཡུམ་མཁར་བསྐྱིལ། དྷཱུ་ཏིའི་ལས་ནས་ཐུགས་སྲོག་ཧཱུཾ་ལ་བསྟིམ། མ་རུངས་སྡེ་བརྒྱད་བདུད་དང་དམ་སྲིའི་རིགས། སྔགས་ཕྲེང་ལས་འཕྲོས་འོད་ཟེར་མེ་དཔུང་གིས། གཞོབ་ཏུ་བསྲེགས་སྦྱངས་དྭངས་མ་སྦྱོར་མཚམས་ནས། ཐུགས་སྲོག་ཧཱུཾ་གི་ཞབས་སུ་འདི་ཡན་བདེ་ཆེན་གྱི་བཟླས་པ་ཐིམ་པ་ཡིས། དབང་བསྡུས་ཚར་གཅོད་ཕྲིན་ལས་ཀུན་འགྲུབ་གྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བགྷཱ་ན་བཾ་ཧཱུཾ་ཨཱཿཛ་ཕཊཿ ཡང་ན་མཱ་ར་ཡ་ཕཊཿ ཅི་ནུས་བཟླས་མཐར་སྲིད་བཅུད་འདི་ཡན་སྒྲོ་བསྡུ་རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་ཀུན། ཡེ་ཤེས་སེ་མུད་དཔའ་ཧེ་རུ་ཀ་ལ་ཐིམ། དེ་ཉིད་ཏིང་འཛིན་སེམས་དཔའ་ཧཱུཾ་སྔོན་ལ། ཤམ་བུར་དངོས་གྲུབ་བསྡུ་བ་སྟེ་སྦྱོར་བ་དགྲ་བགེགས་སྒྲོལ་ལ། ཧཱུཾ་ཡང་བློ་འདས་རྫོགས་པ་ཆེན་པོའི་


RTZ031_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་། རིག་པའི་ངོ་བོ་དཔལ་ཆེན་ཧེ་རུ་ཀ སྟོང་པའི་རང་བཞིན་ཤེས་རབ་ཡུམ་གྱི་དབྱིངས། རྩལ་སྣང་འགགས་མེད་ཁྲོ་བཅུད་སྲས་དང་ཁོར། ཀུན་ཀྱན་རིག་སྟོང་ཟུང་འཇུག་ཀ་དག་ལས། སྒྱུ་མ་ཙམ་དུ་ཐུན་མཚམས་ལྷ་སྐུར་ལྡང་། གཏེར་གསར་རྡོ་རྗེ་ཕུར་པ་ལྷ་ནག་ཁྲི་ཤུགས་འབར་བའི་རྒྱ་ཅན་རྒྱུན་གྱི་ཉམས་ལེན་སྙིང་པོར་དྲོལ་བ་འདི། ཟབ་ཆོས་འདི་ཉིད་ཀྱི་བདག་པོ་རྒྱལ་བ་འབྲི་གུང་བ་ཆོས་ཀྱི་གྲགས་པའི་མཆོག་གི་སྤྲུལ་སྐུའི་བཀའ་བཞིན། དྷརྨ་སྭཱ་མཱིས་བཀའ་པ་རྒྱ་བཀྲོལ་ཏེ་གུལ་པ་བར་ཆད་བདུད་སྲེའི་དཔུང་ལས་རྣམ་པར་རྒྱལ་བའི་རྒྱུད་གྱུར་ཅིག