Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་སྲུང་གི་གསོལ་མཆོད་རྒྱུན་ཁྱེར། དྷརྨ་སྭ་མི།
   
   
   
   
   
   
   
   


 
previousཕུར་སྲུང་གི་གསོལ་མཆོད་རྒྱུན་ཁྱེར། དྷརྨ་སྭ་མི།next

ཕུར་སྲུང་གི་གསོལ་མཆོད་རྒྱུན་ཁྱེར། དྷརྨ་སྭ་མི།


RTZ031_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་སྲུང་གི་གསོལ་མཆོད་རྒྱུན་ཁྱེར་བཞུགས། བཛྲ་ཨ་མྲཱི་ཏས་པ་སངས། སྭ་བྷ་ཝཨ་སྦྱངས། སྟོང་པའི་ངང་ལས་བྷནྡའི་སྣོད་དུ་ཧཱུཾ་ཡིག་ཞུ་བ་ལས་བྱུང་བའི་གཏོར་མ་ཤ་ཁྲག་གི་ཕུང་པོ་འདོད་ཡོན་གྱི་རོལ་མོ་ཅིར་ཡང་འཆར་ཟག་པ་མེད་པར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་སྙིང་གའི་ས་བོན་གྱི་འོད་ཀྱི་བཀའ་སྦྱོང་འཁོར་དང་བཅས་པ་བཛྲ་ས་མ་ཡ་ཛཿ ས་མ་ཡ་ཧཱུཾ། བཛྲ་ཀཱི་ལ་ཡ་དྷརྨ་བཱ་ལཨ་པཱ་རི་ཝཱ་ར་ཡི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁ་ཧི། ལན་གསུམ། ཨརྒྷཾ་སོགས། ཧཱུཾ། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡི། བཀའ་ཡི་སྲུང་མར་དམ་བཅས་ཤིང་། དཀྱིལ་འཁོར་སྦྱོང་བའི་གཡར་དམ་ཅན། ཤྭ་ན་བཞི་དང་བདག་ཉིད་མ། ས་བདག་ཆེན་མོ་མཆེད་བཞི་དང་། བསེ་ལྕགས་དུང་གི་སྐྱེས་བུ་བཞི། དམ་ཅན་སྲུང་མ་འཁོར་བཅས་རྣམས། འདིར་བཤེགས་མཐུན་རྫས་མཆོད་གཏོར་བཞེས། འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་སྤེལ། རྣམ་བཞིའི་ཕྲིན་ལས་སྒྲུབ་པར་མཛོད། སརྦ་གཙྩཿ མཉམ་ཉིད་ཆོས་དབང་གིས་སྐུ་འཁོར་དྷརྨ་སྭ་མིས་སྤེལ། །


previousཕུར་སྲུང་གི་གསོལ་མཆོད་རྒྱུན་ཁྱེར། དྷརྨ་སྭ་མི།next