Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
ཐུགས་དམ་ཟབ་པ་སྐོར་བདུན་ལས་བཀའ་སྲུང་དམོད་པའི་དབང་བསྐུར།
   


 
previousཐུགས་དམ་ཟབ་པ་སྐོར་བདུན་ལས་བཀའ་སྲུང་དམོད་པའི་དབང་བསྐུར།next

ཐུགས་དམ་ཟབ་པ་སྐོར་བདུན་ལས་བཀའ་སྲུང་དམོད་པའི་དབང་བསྐུར།


RTZ033_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་ཟབ་པ་སྐོར་བདུན་ལས༔ བཀའ་སྲུང་དམོད་པའི་དབང་བསྐུར་བཞུགས༔ དཔལ་ཆེན་སྟོབས་ལྡན་ནག་པོར་ཕྱག་འཚལ་ལོ༔ དེ་ཉིད་འཁོར་དང་བཅས་པའི་དབང་བསྐུར་ནི༔ ཤིན་ཏུ་རྩུབ་པའི་གནས་སུ་དཀྱིལ་འཁོར་བྱ༔ མཆོད་རྟེན་འཚོགས་པར་བྱས་ནས་ཚུལ་བཞིན་བསྒྲུབ༔ སློབ་དཔོན་ཞུགས་ལ་བུ་རྣམས་དལ་ལ་བཅུག༔ སྤྱི་དབང་བསྐུར་ཞིང་ལྷ་རྣམས་ལུས་ལ་བསྟིམ༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ནི༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་མི་བཟད་གཟུགས༔ རྡོ་རྗེ་དུང་ཁྲག་ལྷ་ཀླུའི་ཙིཏྟ་བསྣམས༔ འབྱུང་ལྔའི་བདག་མོ་གཟུགས་ཁམས་ནམ་མཁར་འདེགས༔ འདོད་ཁམས་ས་གཞིར་གནོན་ཅིང་ཡབ་དང་སྦྱོར༔ ཡབ་ཡུམ་འཁོར་དང་བཅས་པའི་དབང་བསྐུར་བས༔ དྲེགས་པ་གཟིར་ཁོལ་དྲག་སྔགས་འགྲུབ་པར་ཤོག༔ ཨོཾ་བཛྲ་སརྦ་དུཥྚཱཾ་ཧཱུྃ་ཕཊ༔ ཀྲོ་ཏཱི་ཤྭ་རཱི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འཆི་བདག་གཤིན་རྗེ་ནག་པོའི་དབང་བསྐུར་བས༔ གཤིན་རྗེའི་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ ཡ་མ་རཱ་ཙ་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འཆི་བདག་


RTZ033_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་མོ་ཡི་དབང་༴ མ་གཤིན་རྣམས་ཀྱི་དྲག་སྔགས་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ ཡ་མ་དནྟི་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི༴ ཧཱུྃ༔ མེ་ཡི་ཁ་རླངས་བདུད་པོའི་དབང་བསྐུར་བས༔ བདུད་ཀྱི་དྲག་སྔགས་ཐམས་ཅད༴ དམོད་པས༴ དུ་ཁྲག་དུ་ཙིཏྟ་ཧྲཱིང་ཧྲཱིང༴ ཧཱུྃ༔ བདུད་མོ་ཁྲག་འཛག་མ་ཡི༴ བདུད་མོ་རྣམས་ཀྱི༴ དམོད་པས༴ དུ་ཁྲག་དུ་ཛ༴ ཧཱུྃ༔ སྲིན་པོ་གསོད་བྱེད་ནག་པོའི༴ སྲིན་པོའི་དྲག༴ དམོད་པས༴ རཀྴ་ར་ཛ༴ ཧཱུྃ༔ སྲིན་མོ་གསོད་བྱེད་ནག་མོའི་དབང་༴ སྲིན་མོའི་དྲག༴ དམོད་པས༴ རག་མོ་ར་ཛ༴ ཧཱུྃ༔ གནོད་སྦྱིན་གང་བ་བཟང་པོའི་དབང་༴ གནོད་སྦྱིན་དྲག་སྔགས༴ དམོད་པས༴ ཡཀྵ་ཀྵ་ཛ༴ ཧཱུྃ༔ གནོད་སྦྱིན་ཤ་ཟ་རལ་གཅིག་དབང་༴ གནོད་སྦྱིན་མོ་ཡི་དྲག༴ དམོད་པས༴ ཡག་མོ་ཀྵ་ཛ༴ ཧཱུྃ༔ ལྷ་ཆེན་མ་ཧཱ་དྷེ་ཝའི་དབང་༴ ལྷ་ཡི་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས༴ དྷེ་ཝ་ཨ༴ ཧཱུྃ༔ རུ་ཏྲ་ཐར་པ་ནག་པོའི་དབང་༴ རུ་ཏྲའི་དྲག་སྔགས༴ དམོད་པས༴ རུ་ཏྲ་ནྲྀ་ཛ༴ ཧཱུྃ༔ དམུ་བདུད་དམུ་རྗེ་བཙན་པོའི༴ དམུ་ཡི་དྲག་སྔགས༴ དམོད་པས༴ མུན་མུན་པ་ཛ༴


RTZ033_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ མུ་སྟེགས་ཀཱ་ལ་ཡཀྴའི་དབང་བསྐུར་བས༔ མུ་སྟེགས་དྲག་སྔགས༴ དམོད་པས༴ ཏིརྟི་ཀ་ཛ༴ ཧཱུྃ༔ གཟའ་བདུད་རཱ་ཧུ་ལ་ཡི་དབང་༴ གཟའ་ཡི་དྲག༴ དམོད་པས༴ པ་ཤ་མི་ཀི༴ ཧཱུྃ༔ རྒྱལ་པོ་ལི་བྱིན་ཧར་ལེགས་དབང་༴ རྒྱལ་པོའི་དྲག་སྔགས༴ དམོད་པས༴ རཱ་ཙ༴ ཧཱུྃ༔ འགོང་པོ་ཁུ་ལེ་ལག་དགུའི་དབང་༴ འགོང་པོའི༴ དམོད་པས༴ ཧཾ་ཤཾ་ཏྲི་ཛ༴ ཧཱུྃ༔ ཐེའུ་རང་རྡོ་རྗེ་ལེགས་པས༴ ཐེའུ་རང་དྲག་སྔགས༴ དམོད་པས༴ བཛྲ་སཱ་དྷུ་ཏྲིའུ་ཛ༴ ཧཱུྃ༔ བཙན་རྒོད་ཡམ་ཤུད་དམར་པོའི༴ བཙན་གྱི་དྲག་སྔགས༴ དམོད་པས་དགྲ་བགེགས༴ ཡ་ཏྲི་ཤུ་ཛ༴ ཧཱུྃ༔ ཀླུ་རྒྱལ་གཞོན་ནུ་གཏུམ་པོའི་དབང་བསྐུར་བས༔ ཀླུ་ཡི་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ ནཱ་ག་ཕུ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ གཞན་ཡང་བསྙེན་སྒྲུབ་ལས་དང་ཟབ་དབང་སྦྱིན༔ དམོད་པའི་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དགྲ་བགེགས་ཐམས་ཅད་སྒྲོལ་བའི་དབང་ཐོབ་འགྱུར༔ རྗེས་ཀྱི་བྱ་བ་རྣམས་ནི་སྤྱི་ལྟར་བྱ༔ ས་མ་ཡ་རྒྱ་རྒྱ༔


previousཐུགས་དམ་ཟབ་པ་སྐོར་བདུན་ལས་བཀའ་སྲུང་དམོད་པའི་དབང་བསྐུར།next