Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་བཀའ་སྲུང་དྲེགས་པའི་སྡེ་དཔོན་སུམ་བཅུའི་མཆོད་གསོལ་བསྡུས་པ། གུ་རུ་ཆོས་ཀྱི་དབང་ཕྱུག
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   


 
previousབཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་བཀའ་སྲུང་དྲེགས་པའི་སྡེ་དཔོན་སུམ་བཅུའི་མཆོད་གསོལ་བསྡུས་པ། གུ་རུ་ཆོས་ཀྱི་དབང་ཕྱུགnext

བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་བཀའ་སྲུང་དྲེགས་པའི་སྡེ་དཔོན་སུམ་བཅུའི་མཆོད་གསོལ་བསྡུས་པ། གུ་རུ་ཆོས་ཀྱི་དབང་ཕྱུག


RTZ033_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་བཀའ་སྲུང་དྲེགས་པའི་སྡེ་དཔོན་སུམ་བཅུའི་མཆོད་གསོལ་བསྡུས་པ་བཞུགས་སོ། །


RTZ033_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པའི་སྡེ་དཔོན་སུམ་ཅུའི་གསོལ་ཀ་ནི། དྲག་སྔགས་སོ་ལྔ་པའི་མཇུག་ཏུ། བཛྲ་ཙཎྜ་སརྦ་དུཥྚཱན་ཨེ་ཛ་བྷྱོ༔ ཤ་ཏྲཱུན་ཧུར་ཐུམས་ཛ་མཱ་ར་ཡ་རྦད། མ་ཧཱ་དེ་ཝ་ཨེ། ཨུ་མ་དེ་ཝཱི་ཨེ། ཡ་མ་རཱ་ཙ་ཡ། ཡ་མ་དནྟི་ཡ། མ་མ་རུ་ལུ་མ། ཨེ་ཀ་ཛཱ་ཏི་ཏྲག །དུ་ཁྲག་དུ། དུནྟིང་དུ། རཱ་ཙ་ཙ། གིང་ཀ་ར་ཏྲི། བཛྲ་སཱ་དྷུ་ཏྲི། རཱ་ཧུ་ལ་རཱ། རཀྴ་ར། རཀྨོ་ར། ཡཀྴ་ཀྵ། ཡཀྨོ་ཀྵ། མ་ཧཱ་ཀཱ་ལ་ཀྵིཾ། རུ་དྲ་རྣྲྀ། མུན་མུན་པ། ཏིརྟི་ཀ་ཐ། དེ་ཝ་ཨ། ཨ་སེ་ལ་ཨ། ཏིྑསྣ་འདྲེ་རུཾ་ཙམ། ཨ་བི་ཤུ་ཀྵུ། ཏྲི་པ་ཤ་ལ་ཏྲི། ཧཾ་ཤཾ་ཏྲི། བི་ནཱ་ཡ་ཀ་ཨུ། ཌཱ་ཀི་ནཱི་མཾ། ནཱ་ག་རཱ་ཛ་ནཱ་ག་ཀྲོ་དྷཱི་ཤྭ་རཱི་ཕུ། སརྦ་དུཥྚཱན་ཧྲིཾ་ཧྲིཾ་ཛཿཛཿས་སྤྱན་དྲང་། ཨོཾ་ཨཱཿཧཱུྃ་གིས་རི་རབ་འདོད་ཡོན་སྣ་ཚོགས་སུ་བསམ། སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པ༔ དབང་ཕྱུག་ཆེ་སོགས་ལྷ་སྲིན་སྡེ་བརྒྱད་ལ༔ རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ མཐུ་རྩལ་དྲག་པོའི་དངོས་གྲུབ་བསྩལ་དུ་གསོལ༔ འདོད་ཡོན་རྒྱན་གྱིས་བརྒྱན་པའི་གཏོར་མ་དང༔ ལས་ངན་ཉམས་པ་བསྒྲལ་པའི་རཀྟ་དང༔ དུག་གསུམ་རྣམ་དག་ཤ་ཁྲག་རུས་པའི་ཚོགས༔ དྲེགས་པ་འཁོར་དང་བཅས་པ་རྣམས་ལ་འབུལ༔ དགྲ་བོ་གདུག་པ་བསྒྲལ་ཕྱིར་བཞེས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་ཁྱེད་རྣམས་མཆོད་པའི་དམ་རྫས་ནི༔ དཀར་དམར་ལ་སོགས་ཁ་དོག་བྱེ་བྲག་རྣམས༔ ལྷ་སྲིན་སྡེ་བརྒྱད་སྐུ་ལ་མཆོད་པར་འབུལ༔ སྙན་དང་མི་སྙན་སྒྲ་ཡི་བྱེ་བྲག་རྣམས༔


RTZ033_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྲིན་སྡེ་བརྒྱད་གསུང་ལ་མཆོད་པར་འབུལ༔ ཙིཏྟ་སྨུག་པོ་རྫ་ལྟར་སྤུངས་པ་ཡང༔ ལྷ་སྲིན་སྡེ་བརྒྱད་ཐུགས་ལ་མཆོད་པར་འབུལ༔ སྐུ་གསུང་ཐུགས་ཀྱི་མཆོད་པ་འདི་བཞེས་ལ༔ སྒྲོལ་གིང་ཕོ་མོས་ལས་རྣམས་སྒྲུབ་པར་མཛོད༔ ལྷ་སྲིན་སྡེ་བརྒྱད་འདིར་སྤྱོན་ཤ་ལ་སྤྱོན༔ དམ་ཉམས་དགྲ་བོའི་ཤ་ནི་ཟན་བས་ཞིམ༔ ལྷ་སྲིན་སྡེ་བརྒྱད་འདིར་སྤྱོན་ཁྲག་ལ་སྤྱོན༔ དམ་ཉམས་དགྲ་བོའི་ཁྲག་ནི་ཆང་བས་ཞིམ༔ ལྷ་སྲིན་སྡེ་བརྒྱད་འདིར་སྤྱོན་རུས་ལ་སྤྱོན༔ དམ་ཉམས་དགྲ་བོའི་རུས་ནི་མར་བས་ཞིམ༔ ལྷ་སྲིན་སྡེ་བརྒྱད་རྣམས་ལ་དུག་གསུམ་མཆོད་པར་འབུལ༔ དུག་གསུམ་བཞེས་ལ་དགྲ་བགེགས་བསྒྲལ་དུ་གསོལ༔ ཨོཾ་མ་ཧཱ་དེ་ཝ་ཨེ། ཨུ་མ་དེ་ཝ་ཨེ་སོགས་ཀྱི་མཐར། མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་པཉྩ༴ མ་ཧཱ་རཀྟ༴ ལན་གསུམ་གྱི་རྗེས་སུ། ཨོཾ་ཨཱཿཧཱུྃ་ས་མ་ཡ་ཨ་མྲྀཏ་ཁཱ་ཧི༔ སྙིང་ཉེ་བྲན་ཕོ་བྲན་མོའི་ཚོགས༔ དམ་ལས་མ་འདའ་ས་མ་ཡ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད༔ རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་སྒྲོལ༔ ཧཱུྃ༔ བཀྲ་ཤིས་དམ་ལྡན་མཐུ་ཆེ་བ༔ སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ དབང་ཕྱུག་མ་ཧཱ་དེ་ཝ་དང༔ བཙུན་མོ་ཨུ་མ་དེ་ཝཱི་བཅས༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་


RTZ033_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་མཛོད༔ ཧཱུྃ༔ བཀྲ་ཤིས་དམ་ལྡན་མཐུ་ཆེ་བ༔ སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ འཆི་བདག་ཡ་མ་རཱ་ཙ་དང༔ སྐྱེ་འགྲོའི་སྲོག་གི་བདག་མོ་བཅས༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀྲ་ཤིས༴ སྣང་སྲིད༴ མ་མོ་སྲིད་པའི་རྒྱལ་མོ་དང༔ སྔགས་སྲུང་ཨེ་ཀ་ཛཱ་ཊི་བཅས༔ འདོད་ཡོན༴ བཅོལ་པའི༴ ཧཱུྃ༔ བཀྲ་ཤིས༴ སྣང་སྲིད༴ བདུད་པོ་ཀོས་རྗེ་བྲང་དཀར་དང༔ བདུད་མོ་ནག་མོ་རེ་ཏཱི་བཅས༔ འདོད་ཡོན༴ བཅོལ་པའི༴ ཧཱུྃ༔ བཀྲ་ཤིས༴ སྣང་སྲིད༴ རྒྱལ་པོ་ཆེན་པོ་བེ་ཀར་དང༔ སྲོག་བདག་ཚངས་པ་དཀར་སེར་བཅས༔ འདོད་ཡོན༴ བཅོལ་པའི༴ ཧཱུྃ༔ བཀྲ་ཤིས༴ སྣང་སྲིད༴ སྐྱེས་མཆོག་རྡོ་རྗེ་ལེགས་པ་དང༔ བཟའ་བདུད་ཆེན་པོ་རཱ་ཧུ་ལ༔ འདོད་ཡོན༴ བཅོལ་པའི༴ ཧཱུྃ༔ བཀྲ་ཤིས༴ སྣང་སྲིད༴ སྲིན་པོ་ནག་པོ་གློག་ཕྲེང་དང༔ སྲིན་མོ་སྦལ་མགོ་ཁྲག་མིག་བཅས༔ འདོད་ཡོན༴ བཅོལ་པའི༴ ཧཱུྃ༔ བཀྲ་ཤིས༴ སྣང་སྲིད་དྲེགས་པའི༴ གནོད་སྦྱིན་ཡཀྴ་མེ་དབལ་དང༔ གནོད་སྦྱིན་མོན་མོ་ནག་མོ་བཅས༔ འདོད་ཡོན༴ བཅོལ་པའི༴ ཧཱུྃ༔ བཀྲ་ཤིས་དམ་ལྡན༴ སྣང་སྲིད༴ དམུ་བདུད་ནག་པོ་བཀྲག་མེད་དང༔ མུ་སྟེགས་གུ་ལང་ནག་པོ་བཅས༔


RTZ033_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན༴ བཅོལ་པའི༴ ཧཱུྃ༔ བཀྲ་ཤིས་དམ་ལྡན༴ སྣང་སྲིད་དྲེགས་པའི༴ གཟའ་བདུད་མུན་པ་ཀེ་ཏུ་དང༔ ཀླུ་བདུད་ཀ་ལ་ཡཀྴ་བཅས། འདོད་ཡོན་མཆོད༴ བཅོལ་པའི༴ ཧཱུྃ༔ བཀྲ་ཤིས་དམ་ལྡན༴ སྣང་སྲིད༴ སྲིད་པའི་ལྷ་རབས་ཤམ་པོ་དང༔ གནམ་སྨན་ཐོག་གི་བུ་ཡུག་བཅས༔ འདོད་ཡོན༴ བཅོལ་པའི༴ ཧཱུྃ༔ བཀྲ་ཤིས༴ སྣང་སྲིད༴ མ་སངས་གཡའ་སྤང་སྐྱེས་གཅིག་དང༔ བྲག་བཙན་སྲོག་ཟན་དམར་པོ་བཅས༔ འདོད་ཡོན་༴ བཅོལ་པའི༴ ཧཱུྃ༔ བཀྲ་ཤིས༴ སྣང་སྲིད༴ སྲོག་བདག་གནམ་ཐེའུ་དཀར་པོ་དང༔ བཙན་འགོང་ཡམ་ཤུད་དམར་པོ་བཅས༔ འདོད་ཡོན༴ བཅོལ་པའི༴ ཧཱུྃ༔ བཀྲ་ཤིས༴ སྣང་སྲིད༴ བགེགས་རྒྱལ་བི་ནཱ་ཡ་ཀ་དང༔ དཔལ་ལྡན་ནག་མོ་མགྱོགས་བྱེད་བཅས༔ འདོད་ཡོན༴ བཅོལ་པའི༴ ཧཱུྃ༔ བཀྲ་ཤིས༴ སྣང་སྲིད༴ ཀླུ་བདུད་ནག་པོ་མགོ་དགུ་དང༔ ཀླུ་མོ་ནག་མོ་གདུག་བྱེད་བཅས༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ལས་ཕྱུངས་པའོ།། །།


previousབཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་བཀའ་སྲུང་དྲེགས་པའི་སྡེ་དཔོན་སུམ་བཅུའི་མཆོད་གསོལ་བསྡུས་པ། གུ་རུ་ཆོས་ཀྱི་དབང་ཕྱུགnext