མཆོད་བསྟོད།


RTZ034_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ༔ མཆོད་རྫས་སྨན་རག་གཏོར་མ་ཡེ་ཤེས་ལྔ། །འདོད་ཡོན་དྲུག་ལྡན་ཚོགས་ཀྱིས་འཇིག་རྟེན་ཁེངས། །ཐབས་ཤེས་གཉིས་མེད་བདེ་ཆེན་འདུ་འབྲལ་མེད། །ཕྱི་ནང་གསང་གསུམ་སྣོད་བཅུད་བདེ་བ་ཆེ། །ཨོཾ་བཛྲ་ཨརྒྷཾ་ཨཿཧཱུཾ་ནས། ཤཔྟའི་བར་དང་། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲི་ཏ་ཧཱུཾ་ཧྲཱིཿཧཱཿ ཞེས་བྱིན་བརླབས་ནས། ཨོཾ་གུ་རུ་མཎྜལ་ཤྲཱི་བཛྲ་ཡོ་གི་ནཱི་ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་ནས། ཤབྟའི་བར་དང་། སརྦ་པཉྩ་ཨ་མྲི་ཏ་ཁཱ་རཾ་ཁཱ་ཧི༔ ཧཱུཾ་སྣང་སྟོང་དབྱེར་མེད་ཆོས་རྣམས་ཀུན་གྱི་གཞི། །མི་སྐྱེ་མི་འགགས་ནམ་མཁའི་ངོ་བོ་ཉིད། །གང་ལ་ཅིས་འདུལ་དེ་ལ་དེར་སྟོན་པའི། །ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་མཆོད་བསྟེད་བྱའོ། །