འབྱུང་ལྔའི་སྐོང་བའི་འགྲེས་བྱང་།


RTZ034_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་མཁའ་འགྲོ་དགྱེས་པར་རོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ དམ་ཚིག་ཉམས་ཆག་ཞི་བར་མཛོད༔ ནད་རིམས་འབྱུང་བཞིའི་གཡོ་འཁྲུགས་ཟློག༔ ཚེ་བསོད་འཁོར་སློབ་བརྒྱུད་འཛིན་སྤེལ༔ དགྲ་བགེགས་འབྱུང་པོའི་འཚེ་བ་ཆོད༔ ཉེ་རྒྱུའི་སྤྱོད་པའི་གྲོགས་མཛད་ནས༔ རྩ་རླུང་ཐིག་ལེའི་བར་ཆད་སོལ༔ ཞུ་བདེ་མི་རྟོག་ཡེ་ཤེས་སྐྱེད༔ མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ༔ ༈ སྔགས་ནི། ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་དྷཱ་ཀ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔


RTZ034_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་དམ་ཚིགས་དཀྱིལ་འཁོར་ཆེ༔ ཡེ་ཤེས་འཁོར་ལོ་ལོང་བྱེད་མེད་གཤེགས༔ འདུ་འབྲལ་མེད་པའི་ངང་དུ་བཞུགས༔ གཉིས་མེད་བརྡ་ཡིས་ཕྱག་བགྱིའོ༔ ཨོཾ་ཛྙ་ན་བྷ་རཱ་ཧེ་མཱ་བེ་ཤ་ཡ་ཕེཾ་ཕེཾ་ཛཿཧཱུཾ་བཾ་ཧོ༔ ས་མ་ཡ་ཏིཥྠ་ལྷན༔ ཨ་ཏི་པུ་ཧོ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུཾ༔ ཡུལ་ཀུན་སྟོང་གཟུགས་མཆོད་པའི་སྤྲིན༔ དབང་པོ་སྒྱུ་མའི་བདེ་བས་རོལ༔ བདེ་སྟོང་དབྱེར་མེད་ཐིག་ལེའི་སྐུ༔ རྡོ་རྗེ་བཙུན་མོར་ཕྱག་འཚལ་བསྟོད༔