ཚེ་དཔག་མེད་མགོན་གཙུག་ཏོར་རྣམ་རྒྱལ། བློ་གྲོས་མཐའ་ཡས།


RTZ036_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་མགོན་ཙུག་ཏོག་རྣམ་རྒྱལ་མ། །ཡིད་བཞིན་འཁོར་ལོ་རིག་འཛིན་ཤྲཱི་སིཾ་ཧ། །དྲི་མེད་བཤེས་གཉེན་མཚོ་སྐྱེས་རྡོ་རྗེ་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་བྲཱི་ཏ་ཁཱ་ཧི། །མངའ་བདག་ཡས་སྲས་བཻ་རོ་རྒྱལ་མཆོག་དབྱངས། །གནུབས་ཆེན་ནམ་སྙིང་ཡེ་ཤེས་མཚོ་རྒྱལ་མ། །རང་བྱུང་རྡོ་རྗེའི་གཟི་བརྗིད་རྩལ་འཆང་པ། །སྨན་མཆོད་འབུལ་ལོ། སརྦ་པཉྩ༴ རིགས་བཞིའི་སྒྲོལ་མ་ཕྲིན་ལས་ལྷ་མོ་བཞི། །ཚེ་དབང་རིག་འཛིན་ཆོས་སྲུང་གཏེར་གྱི་བདག །སྣང་སྲིད་འཆི་མེད་འཁོར་ལོར་དག་པ་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་བྲཱི་ཏ་ཁཱ་ཧི། ཞེས་བདུད་རྩིའི་ཐིགས་གཏོར་ཕུལ་བའི་ལྷག་མ་དངོས་གྲུབ་གྱི་དབྱིག་ཏུ་བལྟ་ས་ལ། །བཛྲ་ཨ་མྲི་ཏ་སིདྡྷི་ས་མ་ཡ་ཧོ༔ ཞེས་ལྕེར་མྱང་ངོ་། འདི་འང་བློ་གྲོས་མཐའ་ཡས་པའི་སྡེ་ཞབས་ཏོག་ཏུ་སྤེལ་བའོ། །