Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
སྒྲོལ་དཀར་མཆོད་ཕྲེང་ཅུང་ཟད་རྒྱས་པ། པདྨ་གར་གྱི་དབང་ཕྱུག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་དཀར་མཆོད་ཕྲེང་ཅུང་ཟད་རྒྱས་པ། པདྨ་གར་གྱི་དབང་ཕྱུགnext

སྒྲོལ་དཀར་མཆོད་ཕྲེང་ཅུང་ཟད་རྒྱས་པ། པདྨ་གར་གྱི་དབང་ཕྱུག


RTZ036_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་མཆོད་ཕྲེང་ཅུང་ཟད་རྒྱས་པར་སྤྲོ་ན། ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཞིང་ཁམས་རྒྱ་མཚོའི་མཆོད་ཡོན་ཀུན༔ འཕགས་མ་ཡིད་བཞིན་འཁོར་ལོར་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ དེས་འགྲེས་ཏེ། མཆོད་ཡོནདང་། ཨརྒྷཾ་གྱི་མལ་དུ། ཞབས་བསིལ༴ པཱདྱཾ༴ མེ་ཏོག༴ པུཥྤེ༴ བདུག་སྤོས། དྷུ་པེ༴ སྣང་གསལ། ཨཱ་ལོ་ཀེ༴ དྲི་ཆབ༴ གནྡྷེ༴ ཞལ་ཟས། ནེ་བིདྱ༴ རོལ་མོ༴ ཤཔྡ༴ ཨོཾ༔ ཡུལ་དང་དབང་པོར་འབྲེལ་བ་ཡི༔ གཟུང་འཛིན་བདེ་བ་ཆེན་པོར་ཤར༔ རྡོ་རྗེ་སྒྲ་ཡི་ལོངས་སྤྱོད་མཆོག༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེངས༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ ཡུལ་དང་དབང་པོར་འབྲེལ་བ་ཡི༔ གཟུང་འཛིན་བདེ་བ་ཆེན་པོར་ཤར༔ རྡོ་རྗེ་དྲི་ཡི་ལོངས་སྤྱོད་མཆོག༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེངས༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ༔ དེ་བཞིན་དུ་སྦྱར་ཏེ། སྒྲ་ཡི༴ ཤཔྡ༴ དྲི་ཡི༴ གནྡྷེ༴ རོ་ཡི༴ རཱ་ས༴ རེག་བྱའི༴ སྤརྴེ༴ ཨོཾ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ འཆི་མེད་བདུད་རྩི་གཡུང་དྲུང་ཆུ༔ དུག་ལྔ་སེལ་བའི་སྨན་ཆེན་པོས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ འདིར་བརྒྱུད་པའི་མཚན་དོན་སྦྱར། ༈ ཧྲཱི༔ པདྨ་བྷཉྫའི་སྣོད་ནང་དུ༔ ཁམས་གསུམ་བསྒྲལ་པའི་རཀྟའི་བཅུད༔ བདེ་མཆོག་བདེ་བའི་རོལ་མོ་ཡིས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་སྣོད་ཡངས་པར༔ ཁམས་གསུམ་འགྲོ་ཀུན་གཏོར་མར་སྦྱར༔ འདོད་ཡོན་ལྔ་ལྡན་བ་ལིཾ་ཏས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་སྦྱར། དེ་ནས་དོན་མཆོད་ལ་འཇུག་གོ །ཅེས་པའང་རྗེ་བླ་མའི་རྡོ་རྗེའི་གསུང་མ་བསླད་པར་པདྨ་གར་དབང་གིས་བྲིས་པ་དགེ་ལེགས་འཕེལ།། །།


previousསྒྲོལ་དཀར་མཆོད་ཕྲེང་ཅུང་ཟད་རྒྱས་པ། པདྨ་གར་གྱི་དབང་ཕྱུགnext