Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྔགས་སྲུང་མའི་གཏོར་འབུལ་ཁྱེར་བདེ། རིག་འཛིན་འགྱུར་མེད་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྔགས་སྲུང་མའི་གཏོར་འབུལ་ཁྱེར་བདེ། རིག་འཛིན་འགྱུར་མེད་རྡོ་རྗེ།next

སྔགས་སྲུང་མའི་གཏོར་འབུལ་ཁྱེར་བདེ། རིག་འཛིན་འགྱུར་མེད་རྡོ་རྗེ།


RTZ038_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སྲུང་མའི་གཏོར་འབུལ་ཁྱེར་བདེ་བཞུགས་སོ། ན་མོ་བཛྲ་དྷ་རཱ་ཡ། འདིར་རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་བཀའ་སྲུང་ཡེ་ཤེས་ཀྱི་མ་མོ་སྔགས་ཀྱི་སྲུང་མའི་མཆོད་གཏོར་བྱ་བར་འདོད་པས་གཙང་མའི་སྟེགས་ལ་གཏོར་མ་གྲུ་གསུམ་ཤ་ཁྲག་གིས་བརྒྱན་པ་དང་། སྨན་ཕུད་རཀྟ་ཉེར་སྐྱོད་ལྔ་སོགས་མཆོད་རྫས་རྣམས་ཚོགས་པར་བྱས་ལ། ཡི་དམ་གང་རུང་གི་བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་གཏོར་རྣམས་བྱིན་གྱིས་བརླབ་སྭ་བྷཱ་ཝས་སྦྱངས། མདུན་དུ་ཁྲག་མཚོག་ཀེང་རུས་ཁྲིརཿ པད་ཉིའི་གདན་ལ་ཏྲག་ཡིག་ལསཿ ཨེ་ཀ་ཙ་ཏི་སྨུག་ནག་མདོག༔ འཇིགས་ཚུལ་ཞལ་གཅིག་ཕྱག་གཉིས་མ༔ རལ་གཅིག་སྤྱན་གཅིག་ནུ་མ་གཅིག༔ མཆེ་གཅིག་མེ་འཐད་ཁྲོ་ཚུལ་ཅན༔ ཕྱག་གཡས་ཞིང་གི་དབྱུག་པ་འཕྱར༔ གཡོན་པས་ཙིཏྟ་ལྕགས་སྤྱང་འགྱེད༔ གཅེར་བུ་དུར་ཁྲོད་རྒྱན་ཆ་དང་༔ འཇའ་ཚོན་བེར་དང་སྤྲིན་དཀར་གསོལ༔ བརྐྱང་བསྐུམ་སྟབས་ཀྱིས་གནས་པར་བསྒོམ༔ དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས་སྔགས་ཀྱི་སྲུང་མ་འཁོར་བཅས་སྤྱན་དྲངས་པར་བསམ་ལ༔ བྷྱོཿ དད་པ་དང་ནི་དམ་ཚིག་གིས༔ སྔགས་སྲུང་ཁྲོ་མོར་བདག་གདོང་མ༔ དབྱིངས་ཀྱི་མ་མོ་དྲག་རྩལ་ཅན༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ སྔོན་གྱི་ཞལ་བཞེས་དམ་བཅས་བཞིན༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ཨོཾ་རུ་རུ་ཨེ་ཀ་ཙ་ཏི་སྙིང་


RTZ038_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་མོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཛཿཛཿ ཞེས་སྤྱན་དྲངས། ཏྲག་རཀྟ་ས་མ་ཡ་ཏི་རིཥྠ་ནྟུས་བཞུགས་སུ་གསོལ། ཨ་རྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང་། མ་ཧཱ་པཉྩ་ཨ་མྲི་ཏ་ཁ་ཧི། མ་ཧཱ་རཀྟ་ཀཱ་ཧི་ཞེས་སྨན་རག་འབུལ། འདོད་སྔགས་མཐར་ས་པ་རི་ཝཱ་ར་ཨི་དམ་པ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་གསུམ་མམ་བདུན་གྱིས་གཏོར་མ་འབུལ།་བྷྱོ། བསྐལ་པ་མེ་ལྟར་འབར་བའི་དུད་ཁྲོད་ནས༔ ཤིན་ཏུ་གསོད་པའི་སྨུག་ནག་ཁྲོས་མ་ནི༔ ནམ་མཁའི་གཟུགས་ཅན་ལྷོ་སྤྲིན་གོས་སུ་གྱོན༔ ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན༔ ཞེས་ཆུང་དབྱུག་པས་དགྲ་སྙིང་ཚལ་པར་འགས༔ འཇིགས་བྱེད་ཆེན་པོ་རལ་བའི་ཐོར་ཆུགས་ཅན༔ དཔྲལ་ན་སྤྱན་གཅིག་སྲིད་གསུམ་ཁོང་ནས་འབྱིན༔ ཞལ་ན་ཚེ་གཅིག་དགྲ་བོའི་སྲོག་གཅོད་མ༔ བང་ན་ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང་༔ ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་གསོལ་ལ༔ དམ་ཚིག་དབང་གི་དམ་ཉམས་གཤེད་མ་མཛོད༔ མ་མོ་སྲོག་ལ་དགྱེས་ཕྱིར་འདི་གསོལ༔ བདག་གིས་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ དམ་ཚིག་དུས་ལ་བབ་པོས་མ་ཡ༔ ཞེས་བསྟོད་ནས། པཱག་སྲུང་མ་མོ་འཁོར་དང་བཅས་པ་ཡིས༔ གསང་ཆེན་བསྟན་པ་དར་ཞིང་རྒྱས་པ་དང་༔ བདག་ཅག་འགལ་རྐྱན་ཀུན་ཞི་མཐུན་པའི་རྐྱེན༔ མ་ཚང་མེད་འབྱོར་བསམ་དོན་ལྷུན་གྲུབ་མཛོད༔ ཅེས་གསོལ་


RTZ038_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གཏོར་མ་སྟོབ་པ་དང་བཟོད་གསོལ་གཤེགས་བསྡུ་རྣམས་བྱའོ། ཞེས་པའང་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སྦྱར་བ་དགེ་ལེགས་འཕེལ་བར་གྱུར་ཅིག །


previousསྔགས་སྲུང་མའི་གཏོར་འབུལ་ཁྱེར་བདེ། རིག་འཛིན་འགྱུར་མེད་རྡོ་རྗེ།next