Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
བོན་རྩིས་ཕྲ་མེན་སྐོར་རྣམས་ཀྱི་བརྒྱུད་འདེབས། གཡུང་དྲུང་བསྟན་འཛིན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབོན་རྩིས་ཕྲ་མེན་སྐོར་རྣམས་ཀྱི་བརྒྱུད་འདེབས། གཡུང་དྲུང་བསྟན་འཛིན།next

བོན་རྩིས་ཕྲ་མེན་སྐོར་རྣམས་ཀྱི་བརྒྱུད་འདེབས། གཡུང་དྲུང་བསྟན་འཛིན།


RTZ040_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་འདེབས་ནི། ཧྲཱིཿ ཀ་དག་སྤྲོས་དང་བྲལ་བའི་ཞིང་ཁམས་ནས། །བོན་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །སྣ་ཚོགས་འགག་མེད་རོལ་པའི་ཞིང་ཁམས་ནས། །ལོངས་སྐུ་རྒྱལ་བ་འདུས་པ་ལ་གསོལ་བ་འདེབས། །གང་འདུལ་ཐབས་བསྟན་མ་ངེས་ཞིང་ཁམས་ནས། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །དབྱིངས་ཀློང་ཐབས་ཤེས་ཟུང་འབྲེལ་ཞིང་ཁམས་ནས། །དབྱངས་ཅན་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །ཕྱོགས་མེད་དག་སྣང་འཆར་བའི་ཞིང་ཁམས་ནས། །ལོ་ཆེན་བཻ་རོ་ཙ་ན་ལ་གསོལ་བ་འདེབས། །སྙིགས་དུས་འགྲོ་བ་འདུལ་བའི་ཞིང་ཁམས་ནས། །ཨོ་རྒྱན་མཆོག་གྱུར་གླིང་པ་ལ་གསོལ་བ་འདེབས། །སྔོན་བཟང་སྨོན་ལམ་འབྲེལ་བའི་ཞིང་ཁམས་ནས། །ཟབ་དོན་ཆོས་ཀྱི་བདག་པོ་ལ་གསོལ་བ་འདེབས། །སྤྱི་གཙུག་འགྱུར་མེད་བདེ་བའི་ཞིང་ཁམས་ནས། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །དབང་བཞི་ལུས་ལ་རྫོགས་པར་བྱིན་གྱིས་རློབས། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །སྐྱབས་ཡུལ་འོད་ཞུ་རང་ལ་ཐིམ་པར་བསམ། ཞེས་དབང་དྲག་འབར་བའི་བླ་བརྒྱུད་གསོལ་འདེབས་འདི་ནི་གཏེར་ཆེན་མཆོག་གི་བཀའ་ཕེབས་ལྟར། དངོས་སློབ་རྒྱལ་བ་གཡུང་དྲུང་བསྟན་འཛིན་པས་བགྱིས་པ་དགེ་ལེགས་འཕེལ་བར་གྱུར་ཅིག །སརྦ་མངྒ་ལཾ།། །།


previousབོན་རྩིས་ཕྲ་མེན་སྐོར་རྣམས་ཀྱི་བརྒྱུད་འདེབས། གཡུང་དྲུང་བསྟན་འཛིན།next