ན་རག་དོང་སྤྲུག་སྐོང་བཤགས།


RTZ041_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ན་རག་དོང་སྤྲུག་སྐོང་བཤགས་བཞུགས་སོ།


RTZ041_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ཞི་ཁྲོ་རབ་འབྱམས་ལྷ་ཚོགས་རྣམས། །འོམ་མིན་དབྱིངས་ནས་སྤྱན་དྲངས་ལ། །དངོས་སུ་གསལ་བར་དམིགས་པ་ཡིས། །ཉམས་ཆགས་བསྐང་ཕྱིར་ཕྱག་འཚལ་ལ། །ཧཱུཾ། རང་རིག་རང་ཤེས་འཁྲུལ་པ་བྲལ། །མཉམ་ཉིད་ངང་ལས་ཡེ་ཤེས་ཤར། །ཀུན་ཏུ་བཟང་པོ་ཡབ་ཡུམ་ལ། །ཡིད་ཆོས་དག་ཕྱིར་ཕྱག་འཚལ་ལོ། །མི་རྟོགས་དབྱེར་མེད་དགོངས་པ་ལ། །ཡེ་ཤེས་ལྔ་ཡི་འོད་མདངས་གསལ། །བདེ་གཤེགས་རྒྱལ་བ་རིགས་ལྔ་ལ། །ཉོན་མོངས་དག་ཕྱིར་ཕྱག་འཚལ་ལོ། །དབྱིངས་ཀྱི་ངང་ལས་བསྐྱེད་པའི་རྒྱུ། །ཡེ་ཤེས་ལྔ་ཡི་གྲོགས་ཤར་བས། །དབྱིངས་ཀྱི་ཡུམ་ཆེན་ལྔ་རྣམས་ལ། །འབྱུང་བདག་ཕྱིར་ཕྱག་འཚལ་ལོ། །ཡེ་ཤེས་སྤྲུལ་པ་མང་པོའི་ཚོགས། །འགྲོ་བའི་དོན་དུ་རང་ཤར་བའི། །བྱང་ཆུབ་སེམས་དཔའ་བརྒྱད་རྣམས་ལ། །དབང་ཤེས་དག་ཕྱིར་ཕྱག་འཚལ་ལོ། །ཡེ་ཤེས་ངང་ལས་ཡོན་ཏན་རྫོགས། །ཅི་འདོད་དངོས་གྲུབ་ཆར་ལྟར་འབེབས། །མཆོད་པའི་ལྷ་མོ་བརྒྱད་རྣམས་ལ། །ཡུལ་དུ་དག་ཕྱིར་ཕྱག་འཚལ་ལོ། །གདུག་པ་འདུལ་མཛད་དཔའ་བོའི་སྐུ། །བདག་ཏུ་འཛིན་པའི་སྐྱོན་དང་བྲལ། །ཏ་ཀྲཱིཏ་སྒོ་བཞི་རྣམས་ལ། །ལོག་ལྟ་དག་ཕྱིར་ཕྱག་འཚལ་ལོ། །བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་བཞི་


RTZ041_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་འགྲོ་དོན་མཛད། །སྒོ་སྐྱོང་ཁྲོ་མོ་བཞི་རྣམས་ལ། །རྟག་ཆད་དག་ཕྱིར་ཕྱག་འཚལ་ལོ། །རྟོགས་པ་དྲུག་པ་འཁོར་བ་དྲུག །མ་རིག་དབང་གིས་བྱུང་བ་ན། །ཐུགས་རྗེས་འདུལ་མཛད་ཐུག་དྲུག་ལ། །འཁྲུལ་པ་དག་ཕྱིར་ཕྱག་འཚལ་ལོ། །ཀུན་ཏུ་བཟང་པོ་རིག་པའི་རྩལ། །ཆེ་མཆོག་གཙོ་ལ་ཕྱག་འཚལ་ལོ། །དུག་ལྔ་མ་སྤངས་མཐར་ཕྱིན་པའི། །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དབྱིངས་ལས་སྐུར་བཞེངས་ཐབས་ཤས་སྦྱོང་། །ཁྲོ་མོ་ཡུམ་ལ་ཕྱག་འཚལ་ལོ། །ཐུགས་ལས་སྤྲུལ་བའི་གསང་ཆེན་མོ། །ཁྲོ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཟ་བྱེད་མཆེ་གཤོག་ཕོ་ཉ་མོ། །ཕྲ་མེན་བརྒྱད་ལ་ཕྱག་འཚལ་ལོ། །འགུགས་འདྲིན་འཆིང་སྡོམ་དགྱེས་མཛད་མ། །སྒོ་མ་བཞི་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཆེ་ལུགས་སྤྲུལ་པ་མོ། །དབང་ཕྱུག་ཉེར་བརྒྱད་ཕྱག་འཚལ་ལོ། །ཧཱུཾ། ཡ་མཱ་ནྟ་ཀ་གཤིན་རྗེ་གཤེད། །རྔམ་བརྗེད་དྲག་པོ་འཁོར་གྱིས་བསྐོར། །འཇམ་དཔལ་སྐུ་ལ་ཕྱག་འཚལ་ལོ། །ཧཱུཾ། རྟ་མགྲིན་རྒྱལ་པོ་དབང་གི་ལྷ། །དབང་དྲེག་ཐབས་ཀྱི་འཁོར་གྱིས་བསྐོར། །པདྨ་གསུང་ལ་ཕྱག་འཚལ་ལོ། །ཧཱུཾ། དཔལ་ཆེན་བཛྲ་ཧེ་རུ་ཀ །རང་སྣང་གསལ་བའི་ཁོར་གྱིས་བསྐོར། །ཡང་དག་ཐུགས་ལ་ཕྱག་འཚལ་ལོ། །ཧཱུཾ། བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །ཞི་ཁྲོ་རབ་འབྱམས་འཁོར་གྱིས་བསྐོར། །ཡོན་ཏན་རྒྱལ་ལ་ཕྱག་འཚལ་ལོ། །ཧཱུཾ།


RTZ041_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གཞོན་ནུ་ཕྲིན་ལས་སྐུ། །བློ་བཅུ་འབར་བའི་འཁོར་གྱིས་བསྐོར། །ཕྲིན་ལས་མཛད་ལ་ཕྱག་འཚལ་ལོ། །ཧཱུཾ། མངོན་རྫོགས་རྒྱལ་མོ་ཧེ་རུ་ཀ །འབྱུང་བ་ལྔ་ལས་གྲུབ་པའི་འཁོར། །མ་མོའི་ཚོགས་ལ་ཕྱག་འཚལ་ལོ། །ཧཱུཾ། རིག་འཛིན་རྡོ་རྗེ་དྲག་པོ་རྩལ། །ས་དང་ལམ་ལ་གནས་པའི་འཁོར། །རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ། །ཧཱུཾ། གསང་བའི་བདག་པོ་གོས་སྔོན་ཅན། །འཇིག་རྟེན་དྲེགས་པ་རྣམས་ཀྱིས་བསྐོར། །བསྟན་པ་སྐྱོང་ལ་ཕྱག་འཚལ་ལོ། །ཧཱུཾ། སྟོབས་ལྡན་ནག་པོ་མཐུ་ཙལ་ཅན། །དྲག་སྔགས་བདག་པོ་མང་པོས་བསྐོར། །དགྲ་བགེགས་སྒྲོལ་ལ་ཕྱག་འཚལ་ལོ། །ཧཱུཾ། དེ་ལྟར་རྒྱལ་བཞི་ཁྲོའི་ལྷ། །གང་གིས་མཙན་བརྗོད་ཕྱག་འཚལ་ན། །དམ་ཚིག་ཉམས་ཆགས་ཀུན་བྱང་ཞིང་། མཚམས་མེད་ལྔ་ཡི་སྡིག་ཀྱང་དག །ན་རག་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ལས་ཀྱི་རྣམ་པར་སྨིན་པའི་རྐྱེན། །དག་གིས་མཐོག་ལོ་ཡིད་ཀྱིས་བཤགས། །སྨྲེ་སྔགས་རྟེན་ལ་གདུང་བས་སྦྱངས། །མོས་པའི་ཐལ་མོ་སྙིང་གར་སྦྱར། །དད་པའི་རྐྱང་ཕྱག་བརྡབས་ཏེ་བཙལ། །ཞི་ཁྲོའི་ལྷ་ཚོགས་མཚན་ནས་བརྗོད། །རྗེ་སུ་ལུས་ངག་ཚུགས་བཅས་ཏེ། །རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམ། །ན་རག་དོང་སྤྲུག་སྙིང་པོ་བཟླས། །


RTZ041_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡི་གེ་བརྒྱ་པ་བརྗོད། །ཨོ་བཛྲ་ས་ཏྭ་ས་མ་ཡ། ཞེས་སོགས། ཧོཿ ཞི་ཁྲོ་རབ་འབྱམས་དགོངས་སུ་གསོལ། །རྒྱལ་བའི་བཀའ་དང་བླ་མའི་ལུང་། །ཇི་བཞིན་མ་སྤྱད་འགལ་ཞིང་འཁྲུལ། །རྡོ་རྗེ་སློབ་དཔོན་དྲིན་ཅན་ལ། །གཤེ་སླུར་བཏབ་དང་ལྟབ་ལོག །གཟུངས་མ་མཆོ་དང་ལྕམ་དྲལ་མ། །ངན་སེམས་ཚིག་རྩུབ་ཆགས་སྡང་བྱས། །བརྡེག་གཅོག་གནོད་པ་དངོས་སུ་ཤར། །སྐུ་ཡི་དམ་ཚིག་ཉམས་ལ་རྣམས། །ཞི་ཁྲོའི་ལྷ་ཚོགས་སྤྱན་སྔར་བཤགས། །ཡི་དམ་ལྷ་དང་འཁོར་མ་གསལ། །ཛབ་དུང་བརྒྱས་བརྗོད་མ་ངག་ཆགས། །གསུང་གི་རམ་ཚིག་ཉམས་པ་རྣམས། །རིགས་ལྔ་ཞི་ཁྲོའི་སྤྱན་སྔར་བཤགས། །གསང་བཅུ་གཉེར་གཏད་མ་བཅས་པ། །ཀུན་ལ་བསྒྲོགས་ཤིང་དམ་རྫས་བསྟོན། །ཐུགས་ཀྱི་དམ་ཚིག་ཉམས་པ་རྣམས། །རྒྱལ་བ་ཞི་ཁྲོའི་སྤྱན་སྔར་བཤགས། །ཤེས་པར་བྱ་བའི་དམ་ཚིག་ལྔ། །རིགས་ལྔ་མ་ཤེས་ལོག་པར་བསྟས། །མེ་སྤང་ལ་ཡི་དམ་ཚིག་ལྔ། །མ་རིག་དང་གིས་དུས་ལྔར་གོལ། །དང་དུ་བླང་བའི་དམ་ཚིག་ལྔ། །གཙང་དམེ་བལྟས་དང་བག་མེད་སྤྱད། །བསྒྲུབ་པར་བྱ་བའི་དམ་ཚིག་ལྔ། །རང་ལ་གནས་པར་མ་ཤེས་སོགས། །


RTZ041_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་པར་བྱ་བའི་དམ་ཚིག་ལྔ། །དབྱེ་གསལ་མ་ཤེས་ལོག་པར་སྤྱད། །ཡན་ལག་དམ་ཚིགས་ཉམས་པ་རྣམས། །ཡི་དམ་ལྷ་ཡི་སྤྱན་སྔར་བཤགས། །ཧོཿ བསྙེན་ཅིང་སྒྲུབ་པའི་རིང་འཛིན་གཡེལ། །ན་སྟོད་དུས་དྲུག་མཆོག་པ་ཆགས། །ལེ་ལོ་གཡེང་་པ་གཉིད་ཀྱིས་རྨགས། །གསོག་འཇོག་སེར་སྣས་རྒྱུ་རྐྱེན་ཚང་། །ཚོགས་ཀྱི་སྤྱང་ཀི་ཁ་ཚར་ཤོར། །ཕུད་ཉམས་ལྷག་མ་འདྲེས་པ་དང་། །བག་མེད་སྤྱོད་པ་རྩིང་བ་དང་། །ཚོར་དང་མཚོར་ཉམས་པའི་སྐྱོན། །མཁའ་འགྲོད་མ་ཅན་སྤྱན་སྔར་བཤགས། །ཧོཿ རྒྱལ་བཞི་ཁྲོ་རྡོ་རྗེ་སློབ་དཔོན་དང་། །བདེ་གཤེགས་ཡངས་རྫོག་གཟུངས་མར་མཚིག་ཅན། །སྐུ་གསུམ་གདུང་སོབ་རྡོ་རྗེ་ལྕམ་དྲལ་མཆེད། །དབང་གྱུར་སྐྱབས་མཆོག་མ་ལུས་དགོངས་སུ་གསོལ། །བདག་ཅག་མ་རིག་ལུས་དང་ངག་སེབས་ཀྱིས། །སློབ་དཔོན་མཆེད་སོགས་ངན་སྨྲས་ཐུགས་དཀྲུགས་ཏེ། །ཡི་ད་སྔགས་དང་ཕྱག་རྒྱ་གསང་བ་བསྒྲགས། །རྩ་བའི་དམ་ལས་འགལ་གྱུར་མཐོལ་ལོ་བཤགས། །ཤེས་བྱ་ལྔ་དང་སྤྱད་པར་བྱ་བ་ལྔ། །མི་སྤང་ལྔ་དང་བསྒྲུབ་པར་བྱ་བ་ལྔ། །དང་ལེན་ལྔ་སོགས་ཡན་ལག་དམ་ཚིག་རྣམས། །ཉམས་གྱུར་གནོང་ཤིང་འགྱོད་པས་མཐོལ་ལོ་བཤགས། །སྔགས་ལ་ཐེ་ཚོམ་བླ་མེད་ཐེག་པ་


RTZ041_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

སྨད། །ལྟ་སྤྱོད་ཡ་བྲལ་བསྟེན་སྒྲུབ་གཞུང་མ་བསྲོངས། །ལོང་ཡོད་ལེ་ལོས་དུས་ཀྱི་མཆོད་པ་ཆགས། །སྡོམ་གསུམ་ཐུན་མོང་ཉམས་པ་མཐོལ་ལོ་བཤགས། །རིག་པའི་རྟལ་རུང་སྙིང་པོའོ་དོན་མ་རྟོགས། །བསྒོམས་པའི་རྟལ་ཆུང་གནས་ལུགས་སོར་མ་ཆུང་། །བློ་སྟོབས་ཆུང་བའི་སྤྱོད་པས་པོགས་མཐོན། །ལས་བཟང་བསགས་ཀྱང་དོན་ལ་ཐུགས་འགལ་བསགས། །འབྲལས་བུ་ཡིད་སྨོན་གྱུར་པ་མཐོལ་ལོ་བཤགས། །ཧཱུཾ། མ་བཅོས་རང་བྱུང་ཆེན་པོའི་རྫས། །གདོད་ནས་དག་པ་གཙང་དམེ་བྲལ། །མར་བརྒྱད་ལ་ཡན་ལག་སྟོང་། །རིགས་ལྔའི་རྒྱལ་བ་བསྒྲུབ་པའི་རྣམ། །དམ་ཚིག་གསོ་བའི་སྨན་མཆོག་སྟེ། །མོས་པས་རྒྱལ་བ་རྣམས་ལ་འབུལ། །འོག་མིན་བརྡལ་ཁྱབ་ཆེན་པོ་ན། །རང་བཞིན་བཞུགས་པའི་སངས་རྒྱས་རྣམས། །ཡེ་ཤེས་ལྔ་ཡི་འོད་ཀྱིས་བསྐང་། །ཐུགས་ཀྱི་དགོངས་པ་རྫོགས་པ་དང་། །ཐུགས་ཀྱི་སྤྲུལ་པས་རིགས་དྲུག་སྒྲོལ། །ཐོག་མའི་སངས་རྒྱས་འོད་མིན་འགྱུར། །ཀུན་ཏུ་བཟང་པོའི་ཐུགས་དམ་བསྐལ། །ངང་ལ་ཡེ་ཤེས་འཆར་བའི་ལྟ། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཐུགས་ཀྱི་དགོངས་པ་རྫོགས་པ་དང་། །ཐུགས་རྗེས་སྤྲུལ་པས་འགྲོན་དོན་མཛད། །རྡོ་རྗེ་འཆང་ནས་རིམ་པར་བྱོན། །འགྲོ་བ་འདྲེན་པ་ཐམས་ཅད་ཀྱི། །སྐུ་དང་ཞིང་ཁམས་


RTZ041_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པས་བསྐང་། །ཐུགས་ཀྱི་དགོངས་པ་རྫོགས་པ་དང་། །དམ་ཚིག་ཉམས་ཆགས་བཤགས་པར་བགྱི། །ཐུགས་རྗེས་ཆགས་པས་ཁ་དོག་དམར། །སྲིད་པ་སྐྱེ་བའི་རྒྱ་ཡི་ཁྲག །པདྨ་རཀྟ་རང་བྱུང་ཁྲག །ཞིང་བཅུ་བསྒྲལ་བ་སྲོག་གི་ཁྲག །རྩི་ཤིང་དམར་པོ་འབྱུང་བའི་ཁྲག །ཐམས་ཅད་དག་པ་དབང་གི་རྫས། །མ་དག་ཁམས་གསུམ་འཁོར་བའི་རྒྱུ། ཧེ་རུ་ཀ་ཡི་དགོངས་པ་ཡིས། །སྲིད་གསུམ་འཁོར་བའི་བག་ཆགས་བསྒྲལ། །མཆོད་པའི་རྫས་སུ་བྱིན་བརླབས་ནས། །ཡུམ་ཆེན་ཀུན་ཏུ་བཟང་མོ་ལ། ཡེ་ཤེས་འཅར་བའི་དོན་ཕྱིར་འབུལ། །ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལ། །ཐུགས་དམ་བསྐུལ་བའི་མཆོད་པ་འབུལ། །མ་མོ་མཁའ་འགྲོ་ཐམས་ཅད་ལ། །དམ་ཚིག་གསོ་བའི་རྫས་སུ་འབུལ། །ཆོས་སྤྱོང་སྲུང་མ་ཐམས་ཅད་ལ། །ཕྲིན་ལས་མཛད་པའི་དོན་ཕྱིར་འབུལ། །དམ་ཅན་རྒྱ་མཚོ་ཐམས་ཅད་ལ། །དགྲ་བགེགས་བསྒྲལ་བའི་དོན་ཕྱིར་འབུལ། །དམ་ཚིག་བསྐངས་ལ་དངོས་གྲུབ་སྩོལ། །ཧཱུཾ། ཁམས་གསུམ་གསོ་བ་ཟས་ཀྱི་བཅུད། །འབྲུ་དང་ཤིང་ཐོག་རོ་དྲུག་ཟས། ཞིང་བཅུ་བསྒྲལ་བ་ཕུང་པོའི་ཤ །ཛ་གད་དཔའ་བོ་འབྲུ་ཡི་བཅུད། །ཞལ་ཟས་འདོད་ཡོན་སྣ་ཚོགས་འབུལ། །མོས་


RTZ041_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཤམས་ཏེ་མཆོད་པར་འབུལ། །ཆོས་ཀྱི་དབྱིངས་སུ་མོས་པས་འབུལ། །ཞི་བའི་ལྷ་ལ་མཛོད་པར་འབུལ། །ཁྲོ་བོའི་ལྷ་ལ་བརྗིད་པར་འབུལ། །བླ་མ་རྣམས་ལ་མཉེས་པར་འབུལ། །མཁའ་འགྲོ་རྣམས་ལ་དབྱེས་པར་འབུལ། །བཀའ་སྲུང་རྣམས་ལ་མཛེས་པར་འབུལ། །དམ་ཚིག་གསོ་བའི་རྟེན་དུ་འབུལ། །དམ་ཚིག་སྐོངས་ལ་དངོས་གྲུབ་སྩོལ། །ཧཱུཾ། །རྫས་ཀྱི་ཀོང་བུ་བརྒྱ་རྩ་གཅིག །གཙང་བའི་སྡོང་བུ་བརྒྱ་རྩ་བཙུགས། །འབྱུང་བའི་བཅུད་མར་ཞུན་གྱེས་བཀང་། །གསལ་བའི་མར་མེ་བརྒྱ་སྤང་ནས། །དམ་ཚིག་ཉམས་ཆགས་བསྐང་བའི་ཕྱིར། །མོས་པས་རྒྱལ་བ་རྣམས་ལ་འབུལ། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཡེ་ཤེས་འོད་ལྔ་བཀྲག་དང་ལྡན། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །སྙིང་ཁ་ཆོས་དབྱིངས་ཕོ་བྲང་ས། །ཡེ་ཤེས་ས་བོན་ཐིག་ལེར་གསལ། །རང་བྱུང་ཞི་བའི་ཐུགས་དམ་བསྐང་། །ཀླད་པ་དུང་ཁང་གཞལ་ཡས་ནས། །རང་རྩལ་དྲོད་ཀྱི་མེ་རི་འབར། །ཁྲག་འཐུང་ཁྲོ་བོའི་ཐུགས་དམ་བསྐོང་། །མོས་གུས་དང་བའི་སྣང་བ་ལ། །རིག་པ་རང་བྱུང་འགགས་མེད་གསལ། །རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་། །རྩ་རླུང་ཐིག་ལེའི་དྭངས་མ་ལ། །ཤེས་པ་མ་བཅོས་གསལ་ལེར་གནས། །མ་མོ་མཁའ་འགྲོའི་


RTZ041_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐང་། །འཇིར་རྟེན་སྲིད་པ་ཡངས་པ་ལ། །གཟའ་སྐར་བཀྲག་དང་ཐིག་ལེ་གསལ། །ཕྱི་ཡི་དམ་ཅན་ཐུགས་དམ་བསྐང་། །དམ་ཚིག་ཉམས་ཆགས་ཐམས་ཅད་ཀུན། །ཐུགས་དམ་དབང་གིས་དག་པར་མཛོད། །ཧཱུཾ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ། །བླ་མ་ཡི་དམ་མཁའ་འགྲོ་ཡོངས་རྫོགས་ལ། །རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཀོང་བུ་རུ། །རིག་པ་ཡེ་ཤེས་མར་མེ་བལྟམས་ཏེ་འབུལ། །ཁམས་གསུམ་འཁོར་བ་ཡོངས་སྒྲོལ་མཁའ་དབྱིངས་སུ། །ཆགས་མེད་རཀྟ་དམར་གྱི་མཆོད་པ་འབུལ། །ཨ་ལ་ལ་སྟེ་དགྱེས་པར་བཞེས་སུ་གསོལ། །ཉམས་ཆགས་བསྐང་ཞིང་རྟོག་སྒྲིབ་བྱང་གྱུར་ཅིག །སརྦ་དཱ་མངྒ་ལཾ། །