Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
གཤིན་དོན་གྱི་ཆོ་ག་གང་རུང་ལ་སྦྱར་ཆོག་པའི་གྲི་ཁྲོལ་མན་ངག །ཀརྨ་ཆགས་མེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་དོན་གྱི་ཆོ་ག་གང་རུང་ལ་སྦྱར་ཆོག་པའི་གྲི་ཁྲོལ་མན་ངག །ཀརྨ་ཆགས་མེད།next

གཤིན་དོན་གྱི་ཆོ་ག་གང་རུང་ལ་སྦྱར་ཆོག་པའི་གྲི་ཁྲོལ་མན་ངག །ཀརྨ་ཆགས་མེད།


RTZ042_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་དོན་གྱི་ཆོ་ག་གང་རུང་ལ་སྦྱར་ཆོག་པའི་གྲི་ཁྲོལ་མན་ངག་བྱང་བུ། འགུགས་བསྟིམས་ལན་གསུམ་ཟིན་འཕྲལ། མདུན་དུ་ཏིལ་དང་གཡས་སུ་མེ་གཡོན་དུ་ཆུ་བཤམས་ནས། ཚེ་འདས་རྣམ་ཤེས་ཨ་ཡིག་དཀར་པོ་དེ༔ ནྲྀ་ཡིག་སྔོ་སྐྱ་ཀྵ་ཡིག་དམར་སྐྱ་ཡི༔ དྲྭ་བས་རུས་པ་ལྤགས་པའི་ཚུལ་དུ་བཏུམས༔ བདག་གི་ཐུགས་ལས་ཧཱུྃ་ཡིག་དཀར་པོ་དང༔ ཕཊ་ཡིག་དམར་སེར་དཔག་མེད་འཕྲོས་པ་ཡིས༔ ནྲྀ་དང་ཀྵ་ཡི་དྲྭ་བ་དངོས་མེད་བཤིགས༔ ཏིལ་དང་ཡུངས་དཀར་མིང་བྱང་ལ་བསྐོར། མེ་ཆུ་ལ་དོར་ཞིང་། ཨ་ནྲྀ་ཀྵ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་དམ་བདུན་སོགས་བརྗོད། དཀོན་མཆོག་གསུམ་དང་ཞི་ཁྲོ་རབ་འབྱམས་ཀྱི༔་་་འདིར་ཡི་དམ་གང་ཡིན་མཚན་བསྒྱུར། བདེན་པ་ཆེན་པོས་ཚེ་འདས་འདི་ཉིད་ཀྱི༔ འཆི་ཁའི་མཚམས་སྦྱོར་སྐྲག་སྣང་འུར་འཇིགས་ཀྱི༔ བག་ཆགས་ངན་པའི་གྲི་གཅགས་བྲལ་གྱུར་ཅིག༔ སོར་མོ་བསྣོལ་བ་ཕྱིར་འགྲོལ་བའི་ཕྱག་རྒྱས། ཨོཾ་བཛྲ་བནྡྷ་ཏྲ་ཐ༔ ཨོཾ་བཛྲ་བྷིད་ཏྲ་ཐ༔ དེ་ནས་ལས་བུམ་གྱི་ཀུ་ཤས་མཚན་བྱང་ལ་གཏོར་ཞིང་། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ༔ མེ་ཆུ་ནང་དུ་བླུགས་ལ་བྱང་བུ་ལ་ལན་གསུམ་བསྐོར་ཞིང་། ཨོཾ་བཛྲ་བྷིད་ཏྲ་ཐ༔ ཅེས་ཕྱིར་དོར། དྲི་གོས་མཚན་བྱང་ཚེ་འདས་ལུས་སུ་གསལ༔ པྲ་ཝེ་ཤ་ཡ་ཕཊ་ཅེས་ལུས་སྒོ་ཕྱེས༔ ནྲྀ་ཨཱ་ཝེ་ཤ་ཡ་ཨཱ་ཞེས་བརྗོད་པ་ཡིས༔ རྣམ་པར་ཤེས་པ་ཨ་ཡིག་དངུལ་ཆུའི་མདོག༔ ལུས་ལ་ཞུགས་པས་ཚེ་འདས་དངོས་གྱུར་པའི༔


RTZ042_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ༔ ལྟེ་བར་ཧཱུྃ་ཡིག་དཀར་པོས་མཚན་པ་ལ༔ ཛཿཧཱུྃ་བཾ་ཧོཿམི་འགྱུར་རྒྱས་བཏབ་གྱུར༔ རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་མིང་བྱང་སྤྱི་བོར་བཞག་ལ། ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་བཀོན་པར་གྱུར༔ ཨོཾ་བཛྲ་ཀ་ལ་ཤ་རཀྵ་རཀྵ་ཧཱུྃ༔ མིང་བྱང་སྤྱི་བོར་རྡོ་རྗེ་བཞག་ལ། ཕྱི་རོལ་རྡོ་རྗེའི་གུར་ཁང་ཆེན་པོར་གྱུར༔ བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་འཆི་ཁའི་མཚམས་སྦྱོར་གྲི་རིགས་གང་ཡང་རུང་བ་རེད་ཕྱིན་གྲི་ཁྲོལ་མ་བྱས་ན་ཚེ་འདས་ལ་དགེ་རྩ་ཐོབ་ཏུ་མི་འཇུག་པའི་བར་ཆད་བྱེད་ཅེས་རྒྱུད་གཞུང་ལས་གསུངས་པས། རཏ་གླིང་ཐུགས་རྗེ་གསང་འདུས་ཆ་ལག་ལས་ཀརྨ་ཆགས་མེད་ཀྱིས་བསྒྲིགས་པ་འདི་བཞིན་འགྲོ་དོན་བྱེད་མཁན་རྣམས་ནས་ཕྱག་ལེན་བཏང་ན་ལེགས། སརྦ་མངྒ་ལཾ།། །།


previousགཤིན་དོན་གྱི་ཆོ་ག་གང་རུང་ལ་སྦྱར་ཆོག་པའི་གྲི་ཁྲོལ་མན་ངག །ཀརྨ་ཆགས་མེད།next