Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
འཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བསྟན་གཉིས་གླིང་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བསྟན་གཉིས་གླིང་པ།next

འཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བསྟན་གཉིས་གླིང་པ།


RTZ043_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགས་སོ༔ རྒྱ་གར་སྐད་དུ༔ ཨཱརྻ་ད་ཤ་དི་ཀ་ཨ་ན་དྷ་ར་ཏ་པ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ༔ བོད་སྐད་དུ༔ འཕགས་པ་ཕྱོགས་བཅུའི་མུན་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ༔ ཕྱོགས་བཅུའི་འགལ་རྐྱེན་ཐམས་ཅད་ཞི་བ་དང༔ ཕྱོགས་བཅུའི་མཐུན་རྐྱེན་ཐམས་ཅད་བསྒྲུབ་པའི་ཕྱིར༔ ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ནས༔ ཕྱོགས་བཅུའི་མུན་སེལ་བཀྲ་ཤིས་འདི་བརྗོད་དོ༔ ཤར་ཕྱོགས་ཉོན་མོངས་ཐམས་ཅད་སྐྱོབ་པ་ན༔ སངས་རྒྱས་རྗེས་སྤྱོད་ཞབས་ལ་ཕྱག་འཚལ་ལོ༔ བདག་ནི་ཤར་ཕྱོགས་དོན་གཉེར་འགྲོ་བ་ན༔ དོན་དེ་འགྲུབ་ནས་སླར་ཡང་ལྡོག་པར་ཤོག༔ ལྷོ་ཕྱོགས་མུན་ནག་ཚོགས་བཅོམ་ཞིང་ཁམས་ན༔ སེམས་བསྐྱེད་ཡིད་མཛད་མངོན་འཕགས་ཕྱག་འཚལ་ལོ༔ བདག་ནི་ལྷོ་ཕྱོགས༴ དོན་དེ༴ ནུབ་ཕྱོགས་ཡུལ་ཕེབས་ཞེས་བྱའི་ཞིང་ཁམས་ན༔ འཁོན་དང་རྒྱགས་པ་རྣམ་གནོན༴ བདག་ནི་ནུབ་ཕྱོགས༴ དོན་དེ༴ བྱང་ཕྱོགས་སྤོབས་པ་ཅན་གྱི་ཞིང་ཁམས་ན༔ རིན་ཆེན་གཟུགས་བཀོད་འོད་གནོན་ཕྱག་འཚལ་ལོ༔ བདག་ནི་བྱང་ཕྱོགས༴ དོན་དེ༴ བྱང་ཤར་བདུད་ཀྱི་སྡེ་བཅོམ་ཞིང་ཁམས་ན༔ ཡིད་གཉིས་ཀུན་འཇོམས་རྣམ་གནོན༴ བདག་ནི་བྱང་ཤར་དོན་གཉེར་འགྲོ་བ་ན༔


RTZ043_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དེ༴ ཤར་ལྷོ་རྟག་ཏུ་སྣང་བའི་ཞིང་ཁམས་ན༔ འཁོར་ལོ་འབྱུང་བའི་དཔལ་ལ༴ བདག་ནི་ཤར་ལྷོ༴ དོན་དེ༴ ལྷོ་ནུབ་གསེར་གྱི་དྲྭ་བས་གཡོགས་པ་ན༔ རིན་ཆེན་གདུགས་འཕགས་སྣང་ལ་༴ བདག་ནི་ལྷོ་ནུབ༴ དོན་དེ༴ ནུབ་བྱང་ཡང་དག་རབ་གནས་མངོན་འཕགས་ན༔ བྱང་ཆུབ་སེམས་དཔའ་འདུལ་ལ་༴ བདག་ནི་ནུབ་བྱང་༴ དོན་དེ༴ སྟེང་ཕྱོགས་དམིགས་མེད་ཡིད་ལ་བྱེད་པ་ན༔ སྐྲག་མེད་མུན་བྲལ་ཏིང་འཛིན་༴ བདག་ནི་སྟེང་ཕྱོགས་༴ དོན་དེ༴ འོག་ཕྱོགས་ཡོན་ཏན་ཐམས་ཅད་བརྒྱན་པ་ན༔ ཐེ་ཚོམ་གཅོད་པར་མཛད་ལ་༴ བདག་ནི་འོག་ཕྱོགས༴ དོན་དེ༴ ཇི་ལྟར་བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས༔ ཤཱཀྱ་གཞོན་ནུ་རབ་ཏུ་གསལ་བ་ལ༔ ཕྱོགས་བཅུའི་མུན་སེལ་བཀྲ་ཤིས་མཛད་པ་བཞིན༔ བདག་ཅག་འཁོར་བཅས་བཀྲ་ཤིས་དོན་འགྲུབ་ཤོག༔ འཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ༔ སྤྲུལ་སྐུ་བསྟན་གཉིས་གླིང་པས་མང་ཡུལ་བྱམས་སྤྲིན་ལྷ་ཁང་གི་ཀ་ཞུའི་འོག་ནས་སྤྱན་དྲངས་པའོ།། །།


previousའཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བསྟན་གཉིས་གླིང་པ།next