Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
སློབ་དཔོན་པདྨ་སཾ་བྷཱ་བས་མཛད་པའི་མི་ཁ་དགྲ་སྦྱུར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསློབ་དཔོན་པདྨ་སཾ་བྷཱ་བས་མཛད་པའི་མི་ཁ་དགྲ་སྦྱུར། next

སློབ་དཔོན་པདྨ་སཾ་བྷཱ་བས་མཛད་པའི་མི་ཁ་དགྲ་སྦྱུར།


RTZ044_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་པདྨ་སཾ་བྷཱ་བས་མཛད་པའི་མི་ཁ་དགྲ་སྦྱུར་གྱི་གཏོ་བཞུགས་སོ།


RTZ044_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་གསུམ་ལ་ཕྱག་འཚལ་ལོ། །སྐྱེས་བུ་གང་ཞིག་མི་ཁ་སྨྲ་མཆུ་བབས་པས། །ཆགས་ཆེ་བ། །ཉམས་དང་། །གློ་བུར་གྱི་རྐྱེན་དང་གོད་ཁ་སྡང་བ་སོགས་ལ་གཏོ་བཅོས་ཟབ་མོས་སྒྱུར་བའི་མན་ངག་ནི། གཡང་གཞི་ནག་པོའི་སྟེང་དུ་འབྲུ་ནག་བྲ་བོ་བཀྲམ། །དེའི་དབུས་སུ་མི་ཁ་བྱ་བཆུ་ནག་མོ་དར་ནག་གཡབ་པའི་གཟུགས་བྱ། དེའི་ཁོག་པར། ཨོཾ་མ་ཧཱ་ཀཱ་ལཱ་ཡ་སྭཱ་ཧཱ། སྲིད་པའི་གནས་ལ། འབྱུང་པོའི་བར་ཁ། གནོད་པའི་འདྲེ་ཁ། སྡང་བའི་སེམས་ཁ། བྱུང་བའི་བབ་ཁ། བྱམས་པའི་གཉེར་ཁ། ཁྲོམ་ཉེས་ཁ། མི་མང་ལི་སྨྲ་ཁ་རྣམས་སྣོད་སྦྱུར་དྲིལ་སྭཱ་ཧཱ། ཞེས་བྲིས་པས་བཅུག བྱ་སྤུ་སྣ་ཚོགས་ཀྱིས་བརྒྱན། མདུན་དུ་འབྲང་རྒྱས། མཐར་སྐོར་དུ་ཚྭ་སྒོག་རམ་པ། གཡེར་མ། བྲ་བོ། ཟླ་ལོ། སྦང་མ། སྲན་མ། ལ་བུག བཙོང་། ཆོས། གུལ་ཏོག །ཆང་སྐྱེམས། གསེར་གཡུང་དུང་གསུམ། མགྲོན་བུ་མིག་མེད། ཁྲབ་བྱང་མིག་དགུ། སྲེ་ལོང་། ཡོས་ཚབ། ང་ལུག་གི་རུ་ཙེ། གོ་མགལ། གཞན་ཡང་ཆག་དགུ། གོག་བཅུ་ཐམས་ཅད་ཀྱིས་བསྐོར། མཐར་སྟག་པ་དང་ཀླད་མའི་ཤང་ལ་དར་ཚོན་དང་བར་ཚོན་སོགས་ཀྱིས་བརྒྱན་པ་བཙུགས། དེ་ནས་རང་ཉིད་ཡི་དམ་གང་བྱེད་ཀྱི་གཞུང་བསྲང་། གཏོར་རྫས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ་འདི་སྐད་གྱེར་བར་བྱའོ། བྷྱོཿ མི་ཁའི་རྒྱལ་པོ་བྱ་མཆུ་མ༔ ཁྱོད་ཀྱི་ལག་ཏུ་རྫོང་བསྐུར་རོ༔ ཡས་དང་སོག་ལ་གཤེགས་སུ་གསོལ༔ རྒྱུ་


RTZ044_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ཡོན་གྱི་བདག་པོ་ལ༔ དང་ཕོ་མི་ཁག་ནས་བྱུང་༔ བར་དུ་མི་ཁ་གང་དུ་བབས༔ མཐའ་མར་རི་ཁ་གང་ན་གནས༔ སྔོན་ཚེ་སྔོན་གྱི་དུས་འདི་རུ༔ ཆོས་རྒྱལ་རྒྱལ་པོ་དོན་གྲུབ་ལ༔ ལྷ་སྦྱིན་ལ་སོགས་བདུན་རྣམས་ཀྱི༔ མི་ཁ་བྲ་མཆུའི་དམོད་བཏང་བས༔ ཐམབས་མཁས་འི་འཇམ་དཔལ་གྱིས༔ ལོ་བརྒྱད་ལོན་པའི་ཁྱེའུར་སྤྲུལ༔ མི་ཁ་སྣ་ཚོགས་ཡས་བསགས་ཏེ༔ མི་ཁ་སྣ་ཚོགས་བདེ་བྱས་པས༔ རྒྱལ་པོ་དོན་གྲུབ་འཁོར་བཅས་ཀྱང་༔ མི་ཁ་དག་ལས་ཐར་བ་བཞིན༔ དེ་རིང་རྒྱུ་སྦྱོར་ཡོན་བདག་ཀྱང་༔ མི་ཁ་དག་ལས་ཐར་རྒྱུན་ཅིག༔ དང་པོ་མི་ཁ་དེ་ལྟར་བྱུང་༔ བར་དུ་མི་ཁ་གང་དུ་བབས༔ རྒྱལ་པོ་ཨིནྡྲ་བོ་དྷི་ལ༔ སྐྱེས་བོ་ཡོངས་ཀྱི་མི་ཁ་འདུས༔ རྨ་ལྟ་མཚན་ངན་སྣ་ཚོགས་བྱུང་༔ རྒྱལ་པོ་ཆེན་པོ་ཐུགས་ཁྲོས་ཏེ༔ བྲངས་ལ་མཁས་པའི་སློབ་དཔོན་དང་༔ མཁན་པོ་བོ་དྷི་སཏྭ་ཡིས༔ མི་ཁ་བྲ་བཆུའི་ཡས་བསགས་ཏེ༔ ལམ་གྱི་བཞི་མདོར་བོར་བྱས་པས༔ རྒྱལ་པོ་ཨིནྡྲ་བོ་དྷི་ཡང་༔ མི་ཁ་དག་ལས་ཐར་བ་བཞིན༔ དེ་རིང་རྒྱུ་སྦྱོར་ཡན་བདག་ཀྱང་༔ མི་ཁ་དག་ལས་ཐར་གྱུར་ཅིག༔ དེ་ནས་མི་ཁ་གང་དུ་བབས༔ པ་གོར་བཻ་རོ་ཚ་ན་ལ༔ རྒྱ་གང་ཡོངས་ཀྱི་མི་ཁ་འདུས༔ མཚན་ལྡས་ངན་པ་སྣ་ཚོགས་བྱུང་༔ སློབ་དཔོན་ཤྲཱི་སིཾ་ཧ་ཡིས༔


RTZ044_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁ་བྲལ་མཆུའི་ཡས་བསགས་ཏེ༔ ལས་རྒྱའི་བཞི་མདོར་བོར་བྱས་ལས༔ པ་གོར་བཻ་རོ་ཙ་ན་ཡང་༔ མི་ཁ་དག་ལས་ཐར་བ་བཞིན༔ དེ་རིང་རྒྱུ་སྦྱོར་ཡོན་བདག་ཀྱང་༔ མི་ཁ་དག་ལས་ཐར་གྱུར་ཅིག༔ དེ་ནས་མི་ཁ་གང་དུ་བབས༔ རྒྱལ་པོ་ཁྲི་སྲོང་སྡེའུ་བཙན་ལ༔ བློན་པོ་རྣམས་ཀྱི་མི་ཁ་འདུས༔ མཚན་གསུམ་མི་ཁ་སྣ་ཚོགས་རྨིས༔ ཉིན་གསུམ་རྒྱལ་པོ་ཐུགས་མ་དགེས༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ མི་ཁ་སྣ་ཚོགས་ཡག་བསགས་ཏེ༔ ལམ་གྱི་བཞི་མདོར་བོར་བྱས་པས༔ རྒྱལ་པོ་ཁྲི་སྲོང་སྡེའུ་བཙན་ཡང་༔ མི་ཁ་དག་ལས་རྦད་བ་བཞིན༔ དེ་རིང་ཀྱུ་སྦྱོར་ཡོན་བདག་ཀྱང་༔ མི་ཁ་དག་ལས་ཐར་གྱུར་ཅིག༔ དེ་ནས་མི་ཁ་གང་དུ་བབས༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ༔ མི་ཁ་བྲ་མཆུ་འདས་སོ་ཟེར༔ དེ་ལ་སྔགས་འཆང་བདག་གིས་ནི༔ མི་ཁ་བྲ་མཆུའི་ཡས་བསགས་ཏེ༔ ལམ་གྱི་བཞི་མདོར་པོར་བྱས་པས༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱང་༔ མི་ཁ་དག་ལས་ཐར་གྱུར་ཅིག༔ ཅི་བསམ་ཐམས་ཅད་འགྲུབ་པར་ཤོག༔ ཐ་མར་མི་ཁ་གང་དུ་བབས༔ བྱ་རུ་མི་བཏུབ་བཀྲ་མ་ཤིས༔ འདྲེ་ངན་ཡོད་པའི་ས་ལ་གནས༔ ཁ་མཆུ་བཀྲ་མི་ཤིས་པ་གཏོང་༔ ཡ་ཆ་གཏམ་ཤོལ་སྣ་ཚོགས་བྱེད༔ མི་ཁ་གྲ་མཆུ་མཐུ་རྩལ་


RTZ044_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཅན༔ བྲག་དང་ཐུག་ན་རྨོངས་ནས་བྲལ༔ མཚོ་དང་ཐུག་ན་གཏིང་ནས་སྐམ༔ མི་དང་ཐུག་ན་ཡ་བྲལ་གཏོང་༔ མི་ཁ་གཏམ་རྡོལ་སྣ་ཚོགས་གཏོང་༔ སྐྱེ་འགྲོའི་སྲོག་ལ་རྒོལ་བར་བྱེད༔ རྡོ་རྗེ་ལྟ་བུའི་སྲམ་མཁྲེགས་ཀྱང་༔ མི་ཁས་མྱུར་དུ་འཇིག་པར་བྱེད༔ དེ་བས་མི་ཁ་མཐུ་རྩལ་ཅན༔ འདི་རུ་མ་འདུག་གཞན་དུ་དེངས༔ དེ་ནས་མི་ཁ་གང་དུ་བྷྱོ༔ བཀྲ་མི་ཤིས་དང་བྱར་མ་བཏུབ༔ མེ་ལོ་ངན་པའི་སྟེང་དུ་བྷྱོ༔ མཁའ་ལྟར་བྷྱོ་ལ་སེར་ལྟར་འགྲིམ༔ སྔགས་འཆང་བདག་གི་བཀའ་མ་གཅོག༔ དཀོན་མཆོག་གསུམ་གྱི་དམ་མ་འདའ༔ དེ་ནས་མི་ཁ་གང་དུ་བྷྱོ༔ ཁྱིམ་སྒོ་ལམ་སྲང་འདི་ཉིད་དུ༔ ཕ་དང་བུ་ཡི་བདུད་ལངས་ཏེ༔ ཕ་ཚན་ནང་གི་རྒྱ་འདྲེ་ལངས༔ མཚན་གཞན་ལ་བྷྱོ་སྟེ་གཏོང་༔ ཕ་ཚན་གཞན་ལ་མི་བྷྱོ་རུ༔ དང་པོ་མི་ཁ་གཅིག་གི་བུ༔ ད་ལྟ་ཁྱིམ་གཅིག་བཞིན་དུ་འཕྲོགས༔ ཕ་དང་བུ་ལ་བཟང་ངན་མེད༔ དེ་བས་ཕ་ཚན་གཞན་ལ་བྷྱོ༔ ད་ནི་བྷྱོ་བ་གང་དུ་བྷྱོ༔ ཁྱིམ་སྒོ་ལམ་སྲང་འདི་ཉིད་དུ༔ འབངས་ལ་རྗེ་ཡི་བཀའ་བྱུང་ཏེ༔ ཡུལ་མི་ཡོ་ཞལ་བྱུང་བ་དང་༔ ཡུལ་མི་ནང་དུ་མི་བྷྱོ་རུ༔ དང་པོ་རྗེ་བོ་གཅིག་གི་འབྲང་༔ རྨིངས་དང་གྲོས་རྣམས་གཅིག་ཏུ་བྱེད༔ རྗེ་གཅིག་འབངས་ལ་ཉེ་རིང་མེད༔ དེ་བས་ཡུལ་


RTZ044_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་ཟླལ་བྷྱོ༔ ད་ནི་བྷྱོ་བ་གབ་དུ་བྷྱོ༔ ཁྱིམ་སྒོ་ལམ་སྲང་འདི་དག་ཏུ༔ ཡུལ་བདག་ཕུང་འདྲེའི་ནད་བྱུང་སྟེ༔ སྲིད་དེ་རྒྱ་འདྲེ་བྱུང་ན༔ སྲིད་སྡེ་རང་གི་ཡུལ་བྷྱོ༔ སྲིད་སྡེའི་ཡུལ་དུ་མི་བྷྱོ་རུ༔ དང་པོ་ཐ་ཚིག་གཅིག་ཏུ་བྱས༔ ད་ལྟ་བློ་གྲོས་གཅིག་ཏུ་བྱེད༔ གོས་གཅིག་མི་བཟང་ངན་མེད༔ དེ་བས་སྲིད་སྡེའི་ནང་དུ་བྷྱོ༔ ད་ནི་བྷྱོ་ག་གང་དུ་བྷྱོ༔ ཁྱམ་སྒོ་ལམ་སྲང་འདི་དག་ཏུ༔ ཧྲོང་པའི་པུ་ཚ་ཆག་ཆེ༔ ཁྱིམ་མཚེས་རང་ལ་མི་བྷྱོ་རུ༔ ཆུ་དང་རྫས་རྣམས་གཅིག་ཏུ་བྱེད༔ འགྲོ་འདུག་མལ་སྟབས་གཅིག་ཏུ་བྱོད༔ མི་གཅིག་མི་ལ་སྔ་ཕྱི་མེད༔ དེ་བས་ཁྱིམ་མཚེས་རང་ལ་བྷྱོ༔ ད་ནི་བྷྱོ་བ་གང་དུ་བྷྱོ༔ ཁྱིམ་སྒོ་ལམ་སྲང་འདི་དག་ཏུ༔ ཆེ་དང་ཆུང་གི་སྲི་ལྔས་པས༔ ན་མཉམ་དེ་ཡི་བྱོལ་སོ་བྱུང་༔ ན་མཉམ་དེ་ཡི་དར་ལ་བྷྱོ༔ ན་མཉམ་ནང་དུ་མི་བྷྱོ་རུ༔ མཐུན་པའི་ལོ་ནི་གཅིག་ཏུ་སྐྱེས༔ སྡོད་པའི་རྩ་གྲོགས་སྡོང་སྟབས་གཅིག༔ ཆེ་སྐྱེད་ཀུན་ཚང་གཅིག་ཏུ་བྱེད༔ ཚང་གཅིག་མི་ལ་རྒན་གཞོན་མེད༔ དེ་ན་སྲིད་སྡེའི་ནད་ལ་བྷྱོ༔ ད་ནི་བྷྱོ་བ་གང་དུ་བྷྱོ༔ ས་བདག་རྒྱལ་པོ་དེ་ལ་བྷྱོ༔ ཞང་བློན་དྲག་པོ་དེ་ལ་བྷྱོ༔ ཕུང་ཁྱིམ་སྲིད་སྡེ་རྣམས་ལ་བྷྱོ༔ བྲན་དང་ཕས་རྒོལ་དེ་ལ་བྷྱོ༔ ཡང་ན་འོག་གི་རྟ་ལ་བྷྱོ༔ ཡང་ན་སྒོ་ཡི་ཁྱིམ་ལ་བྷྱོ༔ ཡང་ན་ཞིང་གི་མུ་ལ་བྷྱོ༔ ད་ནི་བཟློག་པ་གང་ཞིག་


RTZ044_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག༔ ཡས་ཀྱི་བདུད་གཡོས་ཐམས་ཅད་ཀྱང་༔ མི་ཁ་བྲ་མཆུ་འདི་ཡིས་ཟློག༔ དྲང་སྲོང་གཟའ་ཡི་ཀི་ཀཾ་ཡང་༔ མི་ཁ་བྲ༴ མ་མོའི་ཁྲག་ནད་ཐམས་ཅད་ཀྱང་༔ མི་ཁ་བྲ༴ ཐེའུ་རང་སྲང་རྐུ་བ་ཡང་༔ མི་ཁ་བྲ༴ ཐོ་རངས་སྒོ་ཁྱི་དུ་བ་ཡང་༔ མི་ཁ་བྲ༴ ནམ་ཕྱེད་འོག་རྟ་མཚེལ་བ་ཡང་༔ མི་ཁ་བྲ༴ སྲོད་ལ་བྱ་ཕོ་ཚར་བ་ཡང་༔ མི་ཁ་བྲ༴ ལོ་ཀག་ཟླ་ཀག་ཞག་ཀར་དང་༔ ཁུད་མེད་དམོད་ངན་འདེབས་པ་ཡང་༔ མི་ཁ་བྲ༴ མི་ཡི་ནད་དང་འཚོ་བ་དང་༔ ཕྱུགས་ཀྱི་གོད་སྲི་ཐམས་ཅད་ཀྱང་༔ མི་ཁ་བྲ༴ གཟའ་སྐར་ལམ་ལྟས་མཚན་མ་དང་༔ མོ་དང་པྲ་ངན་ཐམས་ཅད་ཀྱང་༔ མི་ཁ་བྲ༴ ཟློག་ཅིག་སྡང་བའི་དགྲ་ལ་བྷྱོ༔ སྒྱུར་ཅིག་གནོད་པའི་བགེགས་ལ་སྒྱུར༔ ད་ནི་བྷྱོ་ལམ་གཏད་པ་དེ༔ བྷྱོ་ནི་སྡང་བའི་དགྲ་ལ་བྷྱོ༔ བྷྱོ་ནི་གནོད་པའི་བགེགས་ལ་བྷྱོ༔ སྡོང་བའི་དགྲ་ལ་བྱོལ་བའི་ཚེ༔ ཡུལ་མཁར་ཁྱིམ་ཡང་རྒྱ་གྲམ་འཇིག༔ ཞིང་གི་ལོ་ཡང་གཏན་མི་སྐྱེ༔ བུ་ཚ་རིགས་རྒྱུད་རྩད་ནས་ཆོད༔ གནོད་པའི་བགེགས་ལ་བྱོལ་བའི་ཚི༔ གནས་ལྷ་དཀར་པོ་ཁྲག་ཏུ་སྐྱགས༔ བྱིས་པ་ཡཀྵ་འདར་ཞིང་བརྒྱལ༔ དེ་ཡང་སྡང་བའི་དག་ལ་བྷྱོ༔ དེ་ཡང་གནོད་པའི་བགེགས་ལ་བྷྱོ༔ ཕུན་ཤ་ཕོ་རུ་འཛིངས་བདུད་ཀྱི་བྱོལ༔ དེ་ཡང་སྡ་བའི་དགྲ༴ དེ་ཡང་གནོད་པའི་བགེགས༴ བྱ་རོག་སྡེར་འཛིངས་


RTZ044_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་བྱོལ༔ དེ་ཡང་སྡང༴ དེཡང་གནོད༴ གཡག་པོ་རུ་འཛིངས་མུ་ཡི་བྱོལ༔ དེ་ཡང་སྡང༴ དེཡང་གནོད༴ གདོང་ཤ་སྣ་བཞི་ཀླུ་ཡི་བྱོལ༔ དེ་ཡང་སྡང༴ དེཡང་གནོད༴ སྲོད་ལ་སྲིན་བྱ་ཀྱུང་ཀྱུང་ཟེར༔ གཤིན་རྗེའི་མཐུ་ཁ་ཐུག་པ་ཡིན༔ དེ་ཡང་སྡང༴ དེཡང་གནོད༴ སྒོ་ཕྱར་གླ་བ་སྤར་གྱིས་འདེབས༔ རོག་པོ་བཙན་གྱི་ལྟས་ངན་ཡིན༔ དེ་ཡང་སྡང༴ དེཡང་གནོད༴ ཐོ་རབས་དུག་པ་གད་མོ་རྒོད༔ འགོང་པོ་ཀུན་གྱི་ལྟས་ངན་ཡིན༔ དེ་ཡང་སྡང༴ དེཡང་གནོད༴ དུར་བྱ་སྲག་པ་ཁྱིམ་དུ་བྱུང་༔ གཟའ་བདུད་ཀུན་གྱི་ལྟས་ངན་ཡིན༔ དེ་ཡང་སྡང༴ དེཡང་གནོད༴ བྱིའུ་ཞང་ཞུང་གོ་ཁཏ་སྦེབས༔ བདུད་གཅོད་ཕོ་མོའི་ལྟས་ངན་ཡིན༔ དེ་ཡང་སྡང༴ དེཡང་གནོད༴ སྲིད་པ་ཕྱུགས་ལ་མཚོ་མ་བྱུང་༔ མ་མོའི་ཁྲག་ཐོང་ལངས་པ་ཡིན༔ དེ་ཡང་སྡང༴ དེཡང་གནོད༴ ཁྲ་མོ་སྐད་ངན་འདོན་པ་ཡང་༔ བཙན་གྱི་ཕྲིན་ངན་བྱུང་བ་ཡིན༔ དེ་ཡང་སྡང་བའི་དགྲ་ལ་བྷྱོ༔ དེ་ཡང་གནོད་པའི་བགེགས་ལ་བྷྱོ༔ བྷྱོ་ཟློག་སྒྱུར་རོ་མི་ཁ་སྒྱུར༔ ཕོ་བརྒྱས་གཡས་སུ་མདའ་འཕེན་ཟློག༔ མོ་བརྒྱས་གཡོན་དུ་དུག་གཡོལ་ཟློག༔ བྱིས་པའི་གནོད་ཆེན་བཅོ་ལྔ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག༔ བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཅེས་བརྗོད་ཅིང་དྲག་སྔགས་བཟླ༔ ཐུམ་གྱིས་


RTZ044_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བྲབས༔ ཡས་སྟག་རྣམས་ཁང་མགོ་མི་མཐོང་བའི་སར་བསྐྱལ། ཕྱི་མིག་མི་ཁ་ལྟ་བར་ལོག སྲུང་འཁོར་བསྒོམ་ཞིང་བཀྲ་ཤིས་བརྗོད་དོ། ཞེས་སློབ་དཔོན་པདྨ་སཾ་བྷཱ་བས་མངའ་བདག་རྒྱལ་པོའི་དོན་མཛད་ཅིང་། རྟ་ནག་གི་གུ་རུ་རྣོན་རྩེས། པདྨ་བཀའ་ཐང་ལས། ཨ་ཡ་བོན་པོ་ལྷ་འབུམ་ཞེས་གསུངས་པ་དེའོ། གཏེར་ནས་སྤྱན་དྲངས་པ་བཀླག་ཆོག་རུ་བྲིས་པའོ། །མངྒ་ལཾ། །


previousསློབ་དཔོན་པདྨ་སཾ་བྷཱ་བས་མཛད་པའི་མི་ཁ་དགྲ་སྦྱུར། next