Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
གཟའ་སྲུང་མ་བུ་དགུ་འཁྱམས་ཀྱི་འཁོར་ལོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཟའ་སྲུང་མ་བུ་དགུ་འཁྱམས་ཀྱི་འཁོར་ལོ།next

གཟའ་སྲུང་མ་བུ་དགུ་འཁྱམས་ཀྱི་འཁོར་ལོ།


RTZ045_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་སྲུང་མ་བུ་དགུ་འཁྱམས་ཀྱི་འཁོར་ལོ་ལག་ལེན་མ་བུ་ཟ་ཡིག་ཟ་སྨན་བདུག་སྨན་ལུས་ཡིག་བཏགས་ཐབས་ལོ་རྒྱུས་དང་བཅས་པ་བཞུགས་སོ།།


RTZ045_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་སྨན་བླ་དབྱེར་མེད་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ གཟའ་སྲུང་གཏེར་གྱི་སྒྲོམ་བུ་འདི་ལ༔ དང་པོ་ལོ་རྒྱུས། གཉིས་པ་བརྟེགས་ཐབས། གསུམ་པ་འཁོར་ལོ་མ་བུ། བཞི་པ་ཟ་ཡིག །ལྔ་པ་ལུས་ཀྱི་ཡི་གེ །དྲུག་པ་སྨན་དང་བདུག་སྨན་བདུན་ལས། དང་པོ་ལོ་རྒྱུས་ནི་གནས་ཁྱུང་ལུང་དངུལ་དཀར་བྲག་ཕུག་ཏུ༔ བླ་ཆེན་དྲན་པ་ནམ་མཁས་ཐམས་ཅད་ཟིལ་གནོན་གྱི་ཏིང་ངེ་འཛིན་ལ་བཞུགས་པ་ལས༔ ཚེས་བཅུ་གསུམ་གྱི་སྲོད་ལ་མཁའ་འགྲོ་སུ་ཀ་སིདྡྷི་ཕྱག་གཡས་གྲི་གུག༔ གཡོན་པས་ཐོད་ཁྲག་ གཏེར་སྟོན་ཏང་རལ་ཟེར་བ་འདུག་ཀྱང་ཤིན་ཏུ་མ་དག་འདྲ། བསྣམས་ནས་བྱོན་པས༔ འོད་ཀྱི་ལམ་ཐམས་ཅད་གང་ནས་བྱུང་༔ གོང་གིས་གདུང་བའི་དབྱངས་ཀྱིས་གསོལ་བ་བཏབ༔ དཀར་གཏོར་གཅིག་ཕུལ་བས༔ མཁའ་འགྲོ་མ་དེའི་ཞལ་ནས༔ རྣལ་འབྱོར་པ་ཁྱེད་ལ་ངས་གཟའ་བཅོས་ཟབ་མོ་གཅིག་སྟོན་གསུང་འཇའ་ཡལ་བ་ལྟར་རེས་གཅིག་བྱོན་སོང་བས་ཤོག་སེར་མཐོ་གང་ཙམ་གཅིག་གཏེར་དུ་བཞེས༔ གཞན་ཡང་གཏེར་ཕྲན་འགའ་ཙམ་བྱུང་༔ ཁོང་གིས་ཞལ་བཤུས་མགུལ་དུ་འཆང་༔ གཏེར་དུ་སྦས་སོ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨྠྀི༔ གཉིས་པ་གཟའི་ཆུ་ལ་བརྟག་པ་འདི་ལྟ་སྟེ༔ ནུབ་མོ་སྐར་མ་


RTZ045_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་དུས་ནད་པའི་ཆུ་ལི་སྡེར་ནང་དུ་བཏང་ལ་དར་སྔོན་པོས་ཁ་བཀབ༔ ཕོ་ཡི་རྐང་སྣམ་མོ་ཡི་པང་ཁེབ་ཀྱིས་བཀབ་ལ༔ ཕྱིར་ནང་བལྟས་པས་ཆུ་སྔོན་པོ་འདུག་ན༔ ཆུ་གཟའ་ཡིན་པས་ཆུ་རིས་ཅན་གྱིས་བསྐོར༔ ནག་པོ་འདུག་ན་རླུང་གཟའ་ཡིན་པས་རླུང་རིས་ཅན་གྱིས་བསྐོར༔ དམར་པོ་འདུག་ན་མེ་གཟའ་ཡིན་པས་མེ་རིས་ཅན་གྱིས་བསྐོར༔ སེར་པོ་འདུག་ན་ས་གཟའ་ཡིན་པས་སྙུག་ཚིགས་དག་གིས་བསྐོར༔ ཆུ་ཉོག་པོར་སོང་ན་ཐུབ་དཀའ་བའི་ལས་ཡིན་པས་འཁོར་ལོ་དགུ་ཁས་བསྐོར༔ ཟབ་མོ་ཡིན་པས་རཱ་ཧུ་ལའི་སྲོག་འཁོར་སྲོག་ཡིག་གིས་བསྐོར༔ འདི་བུ་ཡིག་ཡིན་མེ་གཟའ༔ ༈ འདིའི་རྫས་ལ་ཆུ་དག་གླ་རྩི༔ ཡུར་བ། ཕག་ཚུལ། ཐོག་རུས་རྟ་བོན་རྣམས་རྫས་ཡིན་འཁོར་ལོ་ནང་དུ་བསྟུམ༔ ནང་པ་ལའང་བདུག༔ འདིའི་རབ་གནས་མན་ངག་ཡི་གེ་ཉེར་གཅིག་བཟླས༔ གསུམ་པ་འཁོར་ལོ་མ་བུ་དགུ་སོ་སོར་ཁ་སྦྱོར་རང་རང་རྫས་ཀྱིས་བྱུག་གོ་བཀྲ་ཤིས། ༈ བཞི་པ་ཟ་ཡིག་ལག་ལེན་ལ། ཀྴབྷུདྷུཁྱི༔ འདི་སྤྱི་འཇོམས་ཡིན།


RTZ045_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བུ་ལེ་སྭཱ་ཧཱ༔ རླུང་གཟའ་ཡིན། ཆུ་བི་དུ་སྭཱ་ཧཱ༔ ཆུ་གཟའ་ཡིན། མལ་གླི་ཏི་སྭཱ་ཧཱ༔ མེ་གཟའ་ལ། དུ་རུ་ལི་ནན་སྭཱ་ཧཱ༔ ས་གཟའ་ལ། པྲ་པྲི་ཏྲི་སྭཱ་ཧཱ༔ སྨྱོ་འབོག་ལ༔ དུས་འཁོར་གསེར་ཡིག་དགུ་པོ་འདི། ཀུན་ཐུབ་ཟ་ཡིག་ཆེན་མོ་འདི་གཉིས་མ་བུ་ཡིན་རྫས་ལ། བོང་ང་། འུག་པའི་ཤ་གཟའ་དུག་ཤ་ཆེན་བྱ་རྒོད་ཤ་དེ་རྣམས་ནང་དུ་བསྟུན། བཀྲ་ཤིས། ༈ འདི་བུ་ཡིག་ཡིན། རྫས་ལ་རླུང་གཟའི་རྫས་ལ་ཤིང་ཚ་གཟའ་རུས་རྟ་བོན། སྤྱི་བཞུར། ཡོན་ཏན་གཟའ་དབང་པོ་རྣམ་ལྔ་ལ་རྒྱུ་བ་ལ་སྭཱ་ཧཱ༔ པྲུངྨ་ཤིག་ཅན་གྱི་གདུང་ཐལ། ཤེལ་ཤིང་ཅོང་ཞི། ཁང་རྒན་གྱི་དུད་པ། ཨ་རུར། འབྲུག་ཤིང་། རཱ་ཧུ་ལ་ཀེ་ཏ་ཀེ་ཏ་སྭཱ་ཧཱ་སྲུངས་ཤིག་རཀྴྱ་རཀྴུ་གྚ་དེ་རྣམས་ནང་དུ་བསྟུམ། བྦ་ཏྣ་དྲྦ་བྦ་ ནམ་ལངས། གྷྒྦརྷྼ་རྷཱ་བྤ་ ཉི་ཤར་ཟ། ངྑརྟྲནཔྥཱ ཉིན་ཕྱེད་ཟ། དྲཊྣདྡྲབྦ ཐོ་རངས་ཟ། ཧུཌྷརྞྤྲབྦ མུན་རུག་ཟ།


RTZ045_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དྲུག་ཟ་ཡིག ༼ང༽ ༼ང༽ ༈ འདི་བུ་ཡིག་ཡིན་རྫས་ལ་ཡོན་ཏན་ཅན་གྱི་གདུང་ཐལ། ཉི་ཟླས་འཛིན་པའི་ས། ཆུ་མིག་ཁ་ནུབ་དང་ཤར་ལྷོ་ནང་གི་ས་རོ། བྱིན་རླབས་ཅན་གྱི་དབུ་ལོ། ཕྱག་སེན། གུ་གུལ་མུ་ཟི་ཆུ་དག །ཆུ་སྲིན་སྡེར་མོ། ར་རོག་ཁྲག །རྟ་བོན་དེ་རྣམས་ནང་དུ་བསྟུམ་མོ། ༈ །གཟའ་སྲུང་ཟ་ཡིག་འདི་བོན་པོ་ལ་རམ། བནྡྷེ་ལ་བྷི་ཝཾ། སྐྱེས་པ་ལ་མཚལ། བུད་མེད་ལ་ཁྲག་གིས་བྲིས། ༼ཙ༽ ཨོཾ་ཙ་རཀྴྱ་རཀྴ་བྦ་ཏྲི་མགཡ་མ་གེ་ཏ་པེ་ཏག་དྲའི་གནོད་པ་ཐམས་ཅད་ཟློག་ཅིག་བསྒྱུར་ཅིག་པྦ༔ འདི་བུ་ཡིག་ཡིན། འདིའི་རྫས་ལ་ཉི་ཟླ་གཟས་བཟུང་གིས། དགེ་སློང་ཞིང་དག་བསྲེག་པའི་ཐལ་བ། བུང་ང་ནག་པོ། ཆུ་སྲིན་སྡེར་མོ། དེ་རྣམས་ནང་དུ་བཞག་དར་སྔོ་དམར་གྱིས་དྲིལ། ༈ གཟའ་བརྒྱད་ཀྱི་ཟ་ཡིག་ལ།


RTZ045_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་ཐྟནཐྟབྦ ཀ འ པ་སངས། ཅནྒཆྤནརྐཥྷབྦ ཁ སྤེན་པ། ན་དབེན་ཏྭཐྷབྦ ག རཱ་ཧུ་ལ། རི། རླངཙྦཐྷཱབྦ སྒྲ་གཅན་འཛིན། ལྷག་པ་ཡིན། ཟླ་བ། ཕུར་བུ། མིག་དམར་འདི་བརྒྱད་གཟའ་བརྒྱད་ཟ་ཡིག་ཡིན། དགེའོ།། ཨོཾ་ཨོཾ་གཏུམ་པོ་ལི་གཏུམ་པོ་ལི་སོད་སོད་མལ་མལ་ཤིག་ཤིག་སྭཱ་ཧཱ༔ བདག་འཆང་བ་པོ་ལ་དྲང་སྲོང་གཟའི་གནོད་པ་ཐམས་ཅད་ཀྱིས་མི་ཚུགས་པར་སྲུངས་ཤིག་སྐྱོབས་ཤིག་རཀྴྱ་རཀྴྱ་བྦ ཨོཾ་ཀེ་ཏ་རཱ་ཧུ་ལར་ཏྲི་ཨ་པ་ནི་ཡེ་སྭཱ་ཧཱཿ འདི་བུ་ཡིག་ཡིན། འདིའི་རྫས་ལ་ཁང་རྒན་དུ་བ་མགྲོན་ནེ་ལྟོ་བ་མ་བུག་པ་རས་སྣ་བྲག་དབྱར་ཐོག་གུ། གླ་རྩི། ཆུ་དག་དེ་རྣམས་ནང་དུ་གཏུམ་མོ།། ༈ ལུས་ལ་བཀོད་པའི་རྫས་ལ་གུར་གུམ། མུ་ཟི། བོང་ང་། གླ་རྩི། དེ་རྣམས་ཀྱི་ཁུ་བས་བྲིས། ཨ་རུ་ནན སྤྱི་བོར། ཡང་རུ་ནན་འགྲམས


RTZ045_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཡས། རམ་རུ་ནན འགྲམས་པ་གཡོན། ༈ འདི་ཡན་འཁོར་ལོ་དགུ་ཚར་ནང་སོ་སོར་བྱེད་ན་རེ་རེས་ཆོག་ཤིན་ཏུ་ཟབ་པའི་མན་ངག་གོ །འདི་བུ་ཡིག་ཡིན། འདི་ཡི་འཁོར་ལོ་མ་བུ་དགུ་པོ་ཀ་བརྡ་ཡོད་པ་ལྟར་སྤྲོད་རྫས་སོ་སོར་བྱུག་གང་འཛོམ་བྱ་ཟབ་བོ། །དུ་རུ་ནན མདུན། ཨ་སྦ་དུ་རུས་ཏ་ནན། ལྷག་པ་མགོ་གཟེར་ན་འདི་ཡན་བྱ། ནུ་མ་གཡས། ནུ་མ་གཡོན་ལ་བྲིས། དཔུང་པ་གཡས། དཔུང་པ་གཡོན། སྲོག་རྒྱུད། རྩིབས་པ་གཡས། སྙིང་ཁར། འདི་མ་ནོར་བ་ལུས་ལ་བཀོད་པའོ། ངག་གི་བསྙེན་པ་ལ། ཨོཾ་རཱ་ཧུ་ལ་ཅག་བཤིག་དུག་ཕྱར༔ ཅི་ནུས་བསྒྲང། ས་མ་ཡ་རྒྱ་རྒྱ་རྒྱ༔ དེ་ནས་ཕྱིས་འབྱུང་དུས་གཏེར་སྟོན་རཏྣ་གླིང་པས་གཏེར་ནས་གདན་དྲངས་པ་འདི་ལ་གཉིས་སུ་ཡོད་དེ་རྙིང་མ་ལུགས། བོན་གྱི་དྲན་པ་ནམ་མཁའི་ལུགས་གཉིས་དོན་གཅིག་པས། འདི་ལ་


RTZ045_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཡིག་དང་སྨར་ཡིག་དང་ཡིག་རྒོད་དགུ་ཡོད༔ ནང་ཡིག་དྲུག་ཡོད། ཟ་ཡིག་བདུན་ཡོད༔ མན་ངག་གི་རྫས་གསུམ་ཡོད། ལོག་ནོན་གྱི་སྨན་གཅིག་ཡོད། རྣོ་འབེབས་ཀྱི་ཤ་སྣ་གཉིས་ཡོད༔ ཟ་སྨན་དྲུག་ཡོད༔ བདུག་སྨན་གཅིག་ཡོད༔ དེ་ལ་རྟེན་འབྲེལ་རྫས་དང་གསུམ༔ སྲོག་སྙིང་དམ་རྫས་དང་བཅས་པ་ཕུལ༔ ཁས་བླངས་དམ་བཅས་ཐ་ཚིག་བགོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བུ་ཡིག་གི་གནད་ཚིགས་ནི༔ སྦས་པ་ཁ་ཅིག་ཁྱེད་ལ་ཕུལ༔ དེ་ལ་སྔགས་འདི་ལ་ཡིག་རྒོད་དགུ་ཡོད། སྤྱི་ཡི་བུ་ཡིག་གཅིག་ཡོད། ལོག་ནོན་སྨན་ནི་གྲི་རུས་ཡིན། རྣོ་འབེབས་ཤ་སྣ་གཉིས་ནི། ཏི་པ་ལོའི་ཤ་དང་སྦྲུལ་ཤ་ཡིན། དྲུག་པ་ཟ་སྨན་ལ་མུ་ཟི་ནག་པོ་གུ་གུལ་ཆུ་དག་གླ་རྩི་གཟའ་དུག་ནག་པོ་ཞད་ཙམ་ཨ་རུ་ར་མུ་ཟི་ནག་པོ་ག་མ་ལི་སྐྱམ་དར་མགོ་གསུམ་གྱི་ཤ་དེ་རྣམས་ཡིན། འཁོར་ལོ་རབ་གསེར་དངུལ།་འབྲིང་མཚལ། ཐ་མ་རྒྱ་སྣག་གིས་བྲིས། འཁོར་ལོ་འདི་དང་ལག་ལེན་འདི་རྣམས་མཁའ་འགྲོ་མའི་སྙིང་ཐིག་ཡིག་རྒོད་ཀྱི་བརྡའ་འགྱུར་འདི་རྣམས་ཀུན་ལ་མི་སྤེལ་གསང་བའི་རྒྱ། གསང་བཅོས་མ་བུ་དགུ་འཁྱམས་གཏེར་གྱི་སྒྲོམ་བུ་འདི་གཏེར་སྟོན་རཏྣའི་མཚན་ཅན་གྱིས་རི་དར་དཀར་ཡོལ་འགྲེས་འདྲའི་རྒྱུད་ནས་གཏེར་དུ་བཏོན། གཏེར་སྲུང་རཱ་ཧུ་ལ་ཡིས་སྲོག་སྙིང་ཕུལ། ཕྱི་རབས་ལས་འཕྲོ་ཅན་དང་འཕྲད་པར་


RTZ045_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཤོགཿ ས་མ་ཡཿ མངྒ་ལཾ། ༈ ཉི་མ་མདུང་གང་མ་ཁུང་བཙུན་དག་པ་བཞུགས་སོ། །ཉེར་དགུ་ནས་བཟུང་ཉི་མ་མདུང་གང་ཙམ་ལ་ཁ་ནུབ་ཏུ་བལྟས་ལ། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་གསང་བའི་བདག་པོ་བསྒྲུབ། །ལན་གསུམ། ཨོཾ་སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཉི་རི་རབ་སྟོང་། །རང་ཉིད་ཧཱུྃ་ལས་གསང་བདག་སྐུ་མདོག་མཐིང་། །ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་ཆས་རྣམས་རྫོགས། །རྡོ་རྗེ་ཕྱར་ཞིང་སྡིག་མཛུབ་སྦྲུལ་ཞབས་གདེངས། །བརྐྱང་བསྐུམ་ཞབས་ཀྱིས་མེ་དཔུང་ཀློང་ན་བཞུགས། །འབྲུ་གསུམ་གྱིས་མཚན་ཡེ་བསྟིམ་དབང་རྫོགས་གྱུར། །ཨོཾ་བཛྲ་པཱ་ཎི་ཨ་རྒྷཾ་སོགས། ཤཔྡ་པྲ་ཏཱི་ཙྪ་སྭཱ་ཧཱ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། སོགས་ཀྱིས་བསྟོད། ཏདྱཐཱ། ཨོཾ་ནཱི་ལཾ་བྷ་ར་དྷ་ར་བཛྲ་པཱ་ཎི་ར་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་སོ། །ཙཎྜ་མ་ཧཱ་བརྒྱ་རྩ་བཟླ། རང་མདུན་ཁྲག་མཚོ་གྲུ་གསུམ་ནང་དུ་ནི། །རཱ་ཧུ་ལ་ནི་དུད་ཁ་མགོ་དགུ་པ། །མགོ་ལུས་མིག་གང་སྐུ་སྨད་སྦྲུལ་དུ་འཁྱིལ། །ཕྱག་བཞི་དང་པོ་ཐལ་སྦྱར་འོག་མ་གཉིས། །སྦྲུལ་ཞགས་མདའ་གཞུ་འཛིན་ཅིང་གདོང་སྨད་པ། །མཐེབ་ཚིགས་ཙམ་པ་བཀའ་ཉན་ཚུལ་དུ་གྱུར། །བསྙེན་སྔགས་ལྔ་བཅུས་ཁོ་ཉིད་དཀར་པོར་སོང་། །བདུན་ཅུ་སོང་བས་སྦྲུལ་མཇུག་ཁོང་པར་ཐིམ། །གོ་ལྔ་སོང་བས་ཞལ་རྣམས་རྩ་ཕྱག་ཐིམ། །


RTZ045_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་མཇུག་ལྷག་མེད་རྐང་པ་གཅིག་ཀྱང་སྐྱེས། །བརྒྱ་རྩ་བཟླས་པས་ལག་གཉིས་རྩ་ཕྱག་ཐིམ། །ཕྱག་མཚན་རང་ལ་ཕུལ་ཞིང་སྲོག་སྙིང་ཕུལ། །ལུས་ཀྱི་རྒྱན་རྣམས་རིན་ཆེན་རྒྱན་གྱུར་ཏེ། །མཛེས་ཤིང་ཡིད་འོང་ལྷ་ཡི་གཟུགས་སུ་གྱུར། །གཏོར་མ་བྲན་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭབྷཱ་བ་སོགས། ཨོཾ་ཨཱ་ཀ་རོ་མུ་ཁཾ་སོགས། གསུམ་བརྗོད། ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་བི་ཛ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ལན་གསུམ། ཨོཾ་བཛྲ་པཱ་ཎི་ཨ་ཛ་མ་ནྱ་ཨ་བི་རཱ་ཙ་ཡེ་སྭཱ་ཧཱ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻཝི་དྱཱ། ཤཔྡ་ཨཱཿཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པའི། །མཐུ་སྟོབས་ནུས་པ་བསམ་མི་ཁྱབ། །རཱ་ཧུ་ལ་ཞེས་རབ་གྲགས་པའི། །སྲུང་མ་ཁྱོད་ལ་བདག་བསྟོད་དོ། །བདག་ཅག་དཔོན་སློབ་མི་ནོར་བཅས། །སྟེང་གདོན་གཟའ་ཡི་གནོད་པ་སོགས། །གདོན་དང་བགེགས་དང་ནད་ཀུན་ལས། །བྱང་ཆུབ་བར་དུ་སྲུང་བར་མཛོད། །རཱ་ཧུ་ལ་ཡིས་ཁས་བླངས་ནས། །རྒྱ་མཚོའི་ཕར་འགྲམ་སོང་བར་གྱུར། །ར་ཧུ་ལ་ས་པ་རི་ཝཱ་ར་གཙྪ། །ཞེས་གཏོར་མ་ནུབ་ངོས་སུ་དོར། ཨོཾ་ནི་མ་ནན། ཟླ་བ་ནན། ཀླད་པ་ནན། སྙིང་མགོ་ནན། གཞི་རྩེ་ལྟག་ཁུང་ནན། ཨེ་ཙི་ཏྲི་མ་ཏྲ་ཟློག །ཨེ་ནཱ་ག་ཤིག །ནཱ་ག་སོད། ནཱ་ག་ཟློག །ནཱ་ག་ཀའི་མགོ་


RTZ045_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནན། ཨ་རཱ་གས་མགྱོགས་པར་བྲིས་སོ། །ཁྲག་མཚོ་དེ་ཡང་སྐམ་པར་བསམ། སྟོང་ཉིད་དུ་བཞག །འདི་རྒྱབ་རེས་ཉི་ཤུ་དགུ་བར་མ་ཆག་ན་སྐྱེ་བ་འབུམ་ཚོ་གསུམ་དུ་གཟའི་གནོད་པ་མི་འབྱུང་གསུངས་ཏེ། ཟླ་བ་དགུ་ལ་མ་ཆགས་ན་ལག་བླངས་མའོ། །མངྒ་ལཾ། འདིའི་ཕྱག་ལེན་ཁྱུང་པོ་ཞག་གཅོད་འབྱུང་གནས་ནས། རི་སྤྲུལ་རིན་པོ་ཆེ་ཀརྨ་མཁས་མཆོག་གིས་གསན། དེ་ལས་ཀུན་གཟིགས་མཉྫུ་གྷོ་ཥས་གསན།།


previousགཟའ་སྲུང་མ་བུ་དགུ་འཁྱམས་ཀྱི་འཁོར་ལོ།next