Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟགས་བརྒྱད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousརྟགས་བརྒྱད།next

རྟགས་བརྒྱད།


RTZ049_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་བརྒྱད། ཧཱུྃ་ཧྲཱིཿ ཐུགས་རྗེ་རྨད་བྱུང་དཔལ་གྱི་གདུགས་དཀར་འདི། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ། །ཧཱུྃ་ཧྲཱིཿ གསེར་ལས་གྲུབ་པའི་མདངས་ལྡན་ཉ་མོ་འདི། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར༴ ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་༴ ཧཱུྃ་ཧྲཱིཿ སྣ་ཚོགས་དགོས་འདོད་ཀུན་འབྱུང་རིན་ཆེན་བུམ། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར༴ ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི༴ ཧཱུྃ་ཧྲཱིཿ འདབ་སྟོང་ལྡན་པ་གེ་སར་པདྨའི་མཆོག །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར༴ ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་དགོངས་ཏེ་འདོད་པའི༴ ཧཱུྃ་ཧྲཱིཿ དྲི་མེད་རབ་དཀར་དཔལ་གྱི་དུང་དཀར་འདི། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར༴ ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི༴ ཧཱུྃ་ཧྲཱིཿ རིན་ཆེན་ཟུར་བརྒྱད་དཔལ་གྱི་བེ་འུ་འབར། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར༴ ཟབ་རྒྱས་ཆོས་འཁོར་བསྐོར༴ བརྩེ་བས་བཞེས༴ ཧཱུྃ་ཧྲཱིཿ ཁམས་གསུམ་ཀུན་ལས་མཆོག་གྱུར་རྒྱལ་མཚན་འདི། །རྡོ་རྗེ་སློབ་དཔོན༴ ཟབ་རྒྱས་ཆོས༴ བརྩེ་བས་བཞེས་ཏེ༴ ཧཱུྃ་ཧྲཱིཿ འཁོར་འདས་ཆོས་ལ་


RTZ049_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྒྱུར་འཁོར་ལོ་འདི། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ། །སརྦ་མངྒ་ལཾ།། །།


previousརྟགས་བརྒྱད།next