Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།

0 occurrences of RTZ054
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཤིན་རྗེ་གཤེད་ཀྱི་དགྲ་མནན།
  
  
  
  
  
  
  
  
  
  
  
  
  


0 occurrences of RTZ054
[Clear Hits]

 
previousགཤིན་རྗེ་གཤེད་ཀྱི་དགྲ་མནན།next

གཤིན་རྗེ་གཤེད་ཀྱི་དགྲ་མནན།


RTZ054_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། འདིར་གཤིན་རྗེ་གཤེད་ཀྱི་དགྲ་མནན་ལ། ཐོག་མར་བཅས་ཀྱི་རིམ་པ་རྣམས་མཐོང་བརྒྱུད་ཕྱག་ལེན་ལྟར་ལ་འདི་ནས། ཐོག་མར་ཡི་དམ་གང་ཡིན་གྱི་སྒོ་ནས། ལས་བྱང་གཞུང་བསྲངས་ནས་འཛབ་བསྙེན་མཆོད་བསྟོད་སོགས་འགྲུབ་ནས། དངོས་གཞི་གཤིན་རྗེ་དགྲ་མནན་དང་གཞུང་ལ་འཇུག་པ་ནི། རང་ཉིད་སྐད་ཅིག་གིས་ཡི་དམ་གཤིན་རྗེ་གཤེད་བརྫུས་སྐྱེས་སུ་སྐུ་མདོག་དམར་པོ་རྒྱ་ཁརྒ་ཟན་ལ་ཞུགས་པ་ལྟར། སྐད་ཅིག་གི་སྤྱན་དྲང་པར་བསམ་ལ། ཞེས་པ་ནས། ཧཱུཾ། དད་པ་དང་ནི་དམ་ཚིག་གི། སྤྱན་འདྲེན། ཧཱུཾ། གྲུ་གསུམ་མཐིང་ནག་གི་བཞུགས་སུ་གསོལ། དེ་ནས་མཆོད་པ་བྱིན་གྱིས་བརླབ་པ། ཨ་མྲི་ཏས་བསང་། སྭ་བྷྭ་ཝས་སྦྱང་། སྟོང་བའི་ངང་ལས་ཀེང་ལས་ཐོད་པའི་ཞེས་པ་ནས། ས་མ་ཡ་ཧཱུཾ་ཧྲཱི་ཐཱ། ཧཱུཾ྄། འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེ་གཤེད། མཆོད་འབུལ་དང་། ཧཱུཾ་ཨེ་ཀ་བྷྱ། མཉམ་ཉིད་ཆོས་ཀྱི་བདག་ལ་བསྟོད། ཅེས་བསྟོད་པ་དང་། བླ་མ་འཇ་དཔལ་སོགས་ཤ་ལོ་ཀ་གཅིག་གི་བཤགས་པ་སོགས་འགྲུབ་ནས། བྲུབ་ཁུང་བསྐྱེད་པ་ནི། ཨེ་རཾ་ཡཾ་ཞེས་བརྗོད་པས། གྲུབ་ཁུང་གྲུ་གསུམ་ལྕགས་ཀྱི་ཁང་པ་སུམ་བརྩེགས་ནས། རྐང་པ་བསྣོལ་བ་གཅིག་ཏུ་གྱུར་པར་གསམ། བརྗོད། དེ་ནས་སྟོས་ཀྱིས་བཀུག་པ་ནི། ན་མོ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་ཞེས་པ་ནས། ལིངྒ་


RTZ054_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ཁུག་ཅིག ཅེས་ལན་བདུན་གྱིས་བཀུག དེ་ནས། རྣི་ཤ་ཀུ་རུ། ཞེས་དང་། འཆོར་བ་མེད་པར་བསམ་བརྗོད། དེ་ནས་བླ་འགུགས་ནི། ཧཱུཾ་བྷྱོ། ད་ནི་བསྐྲལ་བའི་ཐུགས་དམ་དུས་ལ་བབས། ནག་ཕྲིན་ལས་གྲུབ་པར་མཛོད། སོགས་བཏང་། ལྷ་དབྱེ་ནི། ཧཱུཾ། ཁ་ཁ་མུ་ཁམས་དྲག་ཏུ་ཕྱེ། དེ་ནས་བླ་འགུགས་སྔགས་ལ་འབུད། ཁུག་རྟགས་བྱུང་ན། ཀིང་ཀང་། སྔགས་རིང་ལ་འབུང་། ཐུན་སྐབས། ལོ་དང་ཁོ་ཟླ་བ་ལ་དགྲ་དང་བན་བཟུང་དམོད་བཅོལ་བྱེད་ཐུན་མགོར་འགུགས་སྒྲུབ་ཉན་ཏན་བསྐྱེད། གོང་གི་ཟེར་གཉིས་ལ་འགུགས་ཞུག་བྱེད་དེ་ནས་བསད་རྟགས་བྱུང་དུས། ཏདྱཐ། དུཾ་ཤན། བསད་སྔགས་དང་སྒྲེལ་ནས་བཟླས། ཐུན་དང་ཕུར་པ་མཚོན་གྱིས་བཏུབ། དེ་ནས་ཐན་སོགས་གཤིན་རྗེ་བསྐུལ་ནས་གཏོར་མ་དགེ་ཕྱོགས་སུ་འཕང་། རྗེས་ཀྱི་བཀྲ་ཤིས་སྨོན་ལམ་གཞུང་ལྟར་བྱའོ། །


previousགཤིན་རྗེ་གཤེད་ཀྱི་དགྲ་མནན།next