Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།

0 occurrences of RTZ054
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རླུང་འཁྲུག་འབུམ་གྱི་ཡང་སྙིང་། གཤིན་རྗེའི་སྲོག་སྒྲུབ་མེའི་སྤུ་གྲི་གློག་ཞགས་དུག་གི་འཁོར་ལོའི་དཔེ་བྲིས་བཅའ་གཞིའི་ཤོག་ཁྲ་ཡོད།།


0 occurrences of RTZ054
[Clear Hits]

 
previousརླུང་འཁྲུག་འབུམ་གྱི་ཡང་སྙིང་། གཤིན་རྗེའི་སྲོག་སྒྲུབ་མེའི་སྤུ་གྲི་གློག་ཞགས་དུག་གི་འཁོར་ལོའི་དཔེ་བྲིས་བཅའ་གཞིའི་ཤོག་ཁྲ་ཡོད།།no next

རླུང་འཁྲུག་འབུམ་གྱི་ཡང་སྙིང་། གཤིན་རྗེའི་སྲོག་སྒྲུབ་མེའི་སྤུ་གྲི་གློག་ཞགས་དུག་གི་འཁོར་ལོའི་དཔེ་བྲིས་བཅའ་གཞིའི་ཤོག་ཁྲ་ཡོད།།


RTZ054_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་འཁྲུག་འབུམ་གྱི་ཡང་སྙིང་། གཤིན་རྗེའི་སྲོག་སྒྲུབ་མེའི་སྤུ་གྲི་གློག་ཞགས་དུག་གི་འཁོར་ལོའི་དཔེ་བྲིས་བཅའ་གཞིའི་ཤོག་ཁྲ་ཡོད།


RTZ054_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་འདབ་བཞི་ལ་མ་མོ་བཞི་བྲིས་པའི་རྒྱན་མའི་སྙིང་གར་ལཾ་ལཾ་བུདྷ་ལོ་ཙ་ནི་དགྲ་བོ་མཱ་ར་ཡ་རྦད་ཕྱེད་དཀྲུག་གཏོར་སོད། དེ་བཞི་སཱ་མ་ཀིའི་སྙིང་གར་བཾ་བཾ་མཱ་མ་ཀཱི་གོས་དཀར་མོའི་སྙིང་གར་རཾ་རཾ་བཛྲ་པཎྜ་རི་དེ་ཧི་དེ་ཧི་སི་ན་བོ་དྷི་ལོ་ཀེཏྟ་རཾ་བར་སྒྲོལ་མའི་སྙིང་གར། ཡཾ་ཡཾ་ཧཱ་ནེཏུཏྟཱ་རེ་ཏུ་རེ་དགྲ་འོ། ཅེས་སྦྱར་སྒྲོ་འདབ་བཞི་ལ་བྲེའོ། སྤྱན་མའི་སྙིང་གར་ཧ། མཱ་མ་ཀེའི་སྙིང་གར་རི། གོས་དཀར་མོའི་སྙིང་གར་ནྲི། སྒྲོལ་མའི་སྙིང་གར་ས་ས་བོན་བཞི་སྒྲོམ།


RTZ054_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

སྤོག་ཆོག་གཡས་སུ་བསྐོར་བའི་རླུང་སྒོ། རྣལ་མ་གཡོན་དུ་བསྐོར་བའི་རླུང་སྒོ། རླུང་ཁང་གི་བཞི་ཆ་ཡར་བཅད་ནས་གསུམ་ཆ་མར་བཅད་མཚམས་སུ་ཤིང་གི་གདུང་མ་བཏང་བའི་རྐེད་པར་ཕུག་པར་སྲོང་ཤིང་བཙུགས། སྲོག་ཤིང་གདུང་མའི་སྟེང་དུ་ནན་མཚམས་སུ་ལྕགས་ཀྱི་རྒྱ་གྲམ་སྟེང་དུ་འཁོར་ལོ་ལས་རྒྱ་ཆེ་ཙམ་གྱིས་སྙུག་མ་བཞི་སྒྲོ་བསྡམ་སྟེ། དེ་སྟེང་འཁོར་ལོ་བཞག །དེ་སྟེང་སྙུག་མ་རྒྱ་གྲམ་འོག་མ་དང་། རྒྱ་གྲམ་ཆེ་ཆུང་འདྲ་བ་བཏང་ནས་སྙུག་མའི་སྣེ་མོ་གོང་འོག་དར་སྐུད་ཀྱིས་བསྡམས་ནས་འཁོར་ལོ་ལྟེ་བ་མ་ཕུག་པར་བསྐོར་རོ།།


RTZ054_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

གནུབ་གྱི་གོང་ཁུག་ཤོག་དྲིལ་བཅུ་རྫས་མཐུ་དང་བཅས་པ། སྔགས་རབ་ཤྲཱི་ཛྭ་ལ། ང་ཕོ་དགེ་རྒན་པདྨ་དགྱེས་པ། རྗེ་བཙུན་མནྡྷ་བྷ་དྲ། མཐུ་ཆེན་ཚེ་བརྟན་རྒྱལ་པོ། མཁས་བཙུན་རིག་པའི་རྡོ་རྗེ། རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གཟི་བརྗིད། དེས་སོ། འབྲི་གུང་ཆོས་གྲགས་ཀྱི་བླ་རྡོ་གཤིན་རྗེའི་དཔེ་བུམ་ནམ་པོ་གྲགས། ཕལ་ཆེར་གནུབ་ཀྱི་གོང་ཁུག་མ་བརྒྱ་རྩར་མཚན་དུ་གསོལ་བ་ཆེ་ཟབ་ཅིང་གཉན་པའི་སྐོར་རྣམས་ལྔ་པ་རིན་པོ་ཆེ། དགེ་སློང་འཇམ་དབྱངས་གྲགས་པ། བྱང་གླིང་སློབ་དཔོན་ནས། རིམ་པར། འཇིགས་མེད་བསྟན་པི་རྒྱལ་མཚན། སྒམ་པོ་རྡོ་རྗེ། ཚེ་བརྟན་རྒྱལ་པོ་མན་འདྲ། ཉེ་བརྒྱད་ནི། ཆོས་གྲགས་ཀྱི་ཡེ་ཤེས་སྒྱུ་མའི་སྐུས་མངོན་སུམ་དུ་རྗེས་སུ་བཟུང་བ་པདྨ་དགྱེས་པ། ས་མནྟ་བྷ་དྲ། ཆོ་བརྟན་རྒྱལ་པོ་མན་འདྲའོ།


RTZ054_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་འོག་བར་གསུམ་གྱི་འཁོར་ལོ་དཔེའུ་རིས་སོ།


RTZ054_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད་


previousརླུང་འཁྲུག་འབུམ་གྱི་ཡང་སྙིང་། གཤིན་རྗེའི་སྲོག་སྒྲུབ་མེའི་སྤུ་གྲི་གློག་ཞགས་དུག་གི་འཁོར་ལོའི་དཔེ་བྲིས་བཅའ་གཞིའི་ཤོག་ཁྲ་ཡོད།།no next