བཀའ་འདུས་བརྒྱུད་པའི་རིག་འཛིན་བླ་མ་རྣམས་ལ་གསོལ་བ་འདེབས་པ་བྱིན་རླབས་རྡོ་རྗེའི་ཕྲེང་བ། མཆོག་གྱུར་གླིང་པ།


RTZ055_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་འདུས་བརྒྱུད་པའི་རིག་འཛིན་བླ་མ་རྣམས་ལ་གསོལ་བ་འདེབས་པ་བྱིན་རླབས་རྡོ་རྗེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །དཀྱིལ་འཁོར་ཀུན་གྱི་གཙོ་བོ་རྡོ་རྗེ་སེམས། །སྒྱུ་འཕྲུལ་དྲྭ་བའི་ཚུལ་སྟོན་ཞི་དང་ཁྲོ། །གསོལ་བ་འདེབས་སོ་བདེ་སྟོང་མངོན་གྱུར་ཤོག །བཅོམ་ལྡན་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ། །གསང་བ་ཀུན་གྱི་བདག་པོ་རྡོ་རྗེ་འཛིན། །མཁྱེན་རབ་མཐའ་ཡས་འཕགས་པ་འཇམ་དཔལ་དབྱངས། །གསོལ་བ་འདེབས་སོ་བདེ་སྟོང་མངོན་གྱུར་ཤོག །སྙིང་རྗེའི་དབང་ཕྱུག་ཕྱག་ན་པད་དཀར་འཆང་། །ལྷ་ཡི་རིག་འཛིན་གྲགས་ལྡན་མཆོག་སྐྱོང་ཆེ། །གནོད་སྦྱིན་རིག་འཛིན་ཆེན་པོ་སྐར་མདའ་གདོང་། །གསོལ་བ་འདེབས་སོ་བདེ་སྟོང་མངོན་གྱུར་ཤོག །སྲིན་པོའི་རིག་འཛིན་བློ་གྲོས་ཐབས་ལྡན་རྩལ། །ཀླུ་ཡི་རིག་འཛིན་འཇོག་པོ་དབང་ཕྱུག་དང་། །མི་ཡི་རིག་འཛིན་ལིཙྪ་བཱི་དྲི་མེད། །གསོལ་བ་འདེབས་སོ་བདེ་སྟོང་མངོན་གྱུར་ཤོག །རྒྱལ་བས་ལུང་བསྟན་སྐལ་ལྡན་རྒྱལ་པོ་ཛཿ གྲུབ་པའི་དབང་ཕྱུག་ཨུ་པ་རཱ་ཛ་དང་། །རྒྱལ་བས་བྱིན་བརླབས་ཨིནྡྲ་བྷཱུ་ཏིའི་ཞབས། །གསོལ་བ་འདེབས་སོ་བདེ་སྟོང་མངོན་གྱུར་ཤོག །བདེ་ཆེན་འགྱུར་མེད་ནཱ་ག་པུ་ཏྲ་དང་། །རིག་འཛིན་ལྔ་བརྙེས་གུ་ཧྱ་པུ་ཏྲ་རྗེ། །བྱང་ཆུབ་སེམས་ཐོབ་སིདྡྷི་པུ་ཏྲ་ལ། །གསོལ་བ་འདེབས་སོ་བདེ་སྟོང་མངོན་གྱུར་ཤོག །བརྟུལ་ཞུགས་མཐར་ཕྱིན་ཀུ་ཀུ་རཱ་ཛ་དང་། །རྡོ་རྗེ་སེམས་


RTZ055_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་རོ་ལངས་བདེ་བ་རྩལ། །སློབ་དཔོན་ཆེན་པོ་རྡོ་རྗེ་བཞད་པ་ལ། །གསོལ་བ་འདེབས་སོ་བདེ་སྟོང་མངོན་གྱུར་ཤོག །རྒྱུད་ལུང་ཀུན་བདག་པྲ་བྷ་ཧསྟིའི་ཞབས། །རྒྱལ་ཀུན་འདུས་གཟུགས་པདྨ་ཐོད་ཕྲེང་རྩལ། །རྣམ་སྣང་སྒྱུ་འཕྲུལ་བཻ་རོ་ཙ་ན་ལ། །གསོལ་བ་འདེབས་སོ་བདེ་སྟོང་མངོན་གྱུར་ཤོག །བཀའ་བབ་ཆེན་པོ་སངས་རྒྱས་ཡེ་ཤེས་དང་། །གཞན་ཡང་ལུང་ཆེན་རྡོ་རྗེ་བཀོད་པ་ཡི། །དབང་སྒྲུབ་བཤད་པའི་ཆུ་བོ་འཛིན་རྣམས་ལ། །གསོལ་བ་འདེབས་སོ་བདེ་སྟོང་མངོན་གྱུར་ཤོག །དབྱིངས་ཡེ་ཇི་བཞིན་དཀྱིལ་འཁོར་སྤྲོས་དང་བྲལ། །ཡེ་ཤེས་ལྷུན་གྲུབ་དཀྱིལ་འཁོར་འོད་གསལ་བ། །ཟུང་འཇུག་རྩ་བ་བྱང་ཆུབ་སེམས་རྟོགས་ནས། །མི་སློབ་ཟུང་འཇུག་མངོན་དུ་འགྱུར་བར་ཤོག །ཅེས་པ་འདི་ནི་སྐྱབས་མགོན་ཐམས་ཅད་མཁྱེན་པ་རྒྱལ་དབང་༧ཀརྨ་པ་ཆེན་པོས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྒྲུབ་ཆེན་འཛུགས་པའི་ཚེ། མཆོག་གྱུར་གླིང་པས་སྦྱར་པའི་ཡི་གེ་པ་ནི་མཁས་དབང་བླ་མ་ངེས་དོན་གྱིས་མཛད་པའོ།། །།