Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
  expand section
   
   
   
   
   
   
   
བླ་མ་དགོངས་འདུས་པ་ལས་སྨོན་ལམ་བཀྲ་ཤིས་ཀྱི་སྒྲོན་མེ། སངས་རྒྱས་གླིང་པ།


 
previousབླ་མ་དགོངས་འདུས་པ་ལས་སྨོན་ལམ་བཀྲ་ཤིས་ཀྱི་སྒྲོན་མེ། སངས་རྒྱས་གླིང་པ།no next

བླ་མ་དགོངས་འདུས་པ་ལས་སྨོན་ལམ་བཀྲ་ཤིས་ཀྱི་སྒྲོན་མེ། སངས་རྒྱས་གླིང་པ།


RTZ060_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགོངས་པ་འདུས་པ་ལས༔ སྨོན་ལམ་བཀྲ་ཤིས་ཀྱི་སྒྲོན་མེ་བཞུགས་སོ༔


RTZ060_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ སྤྱི་དོན་ལྔ་པ་སྨོན་ལམ་བཀྲ་ཤིས་ཀྱི་སྒྲོན་མེ་ཞེས་བྱ་བ༔ ཉེས་པ་ཐམས་ཅད་ལས་སྐྱོབ་ཅིང་བཀྲ་ཤིས་བདེ་ལེགས་ཡོན་ཏན་ཕུན་སུམ་ཚོགས་པ་འཕེལ་བར་བྱེད་པའི་སྨོན་ལམ་དང༔ ཤིས་པ་བརྗོད་པ་ནི༔ བྱ་བ་ཆེ་འབྲིང་ཆུང་སོགས་བཟང་ངན་གང་བྱེད་པ་ཐམས་ཅད་ཀྱིས་ཐོག་མར་འདི་ཀློག་པར་བྱེད་པའི་རྣལ་འབྱོར་པ་དེ་ཉིད༔ སྐད་ཅིག་གིས་སེང་གེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་ཁར་དར་ཟབ་ཉི་ཟླ་པདྨའི་གདན་ལ༔ སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཤཱཀྱ་ཐུབ་པ༔ སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ༔ ཕྱག་གཡས་ས་གནོན༔ གཡོན་མཉམ་གཞག་མཛད་པ༔ མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༔ དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་ཤིང་སྤྲུལ་པ་སྐུའི་ཆ་ལུགས་ཅན་དུ་བཞུགས་པའི༔ གཡས་སུ་ཤཱ་རིའི་བུ༔ གཡོན་དུ་མཽངྒལ་གྱི་བུ་གཉིས་བཞེངས་པ༔ ཕྱག་ན་གསེག་ཤང་དང་ལྷུང་བཟེད་བསྣམས་པ༔ སྤྲུལ་སྐུའི་ཆ་ལུགས་ཅན༔ དེ་ལྟར་གཙོ་འཁོར་གསུམ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ༔ མདུན་གྱི་ནམ་མཁའི་གནས་སུ་བསྐལ་བཟང་གི་སངས་རྒྱས་སྟོང་དང་སེམས་དཔའ་གཉིས༔ གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་དང་དྲང་སྲོང་སྨོན་


RTZ060_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་དབང་ཞིང་བདེན་པ་གྲུབ་པ་རྣམས་ཀྱིས་བསྐོར་ནས་བཞུགས་པ༔ རང་གིས་བཀྲ་ཤིས་སྨོན་ལམ་གྱི་ཚིག་བརྗོད་པ་ཙམ་གྱིས༔ དེ་དག་ཐམས་ཅད་ཀྱིས་ཀྱང་མགྲིན་གཅིག་ཏུ་བརྗོད་དེ༔ ཉེས་པ་ཐམས་ཅད་བསལ་ནས༔ བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་སྤེལ་ཞིང་མེ་ཏོག་གི་ཆར་དབབ་པར་བསམ་ལ༔ ན་མོ་བུདྡྷ་ཡ༔ ན་མོ་དྷརྨཱ་ཡ༔ ན་མོ་སཾགྷཱ་ཡ༔ ན་མོ་གུ་རུ་བེ༔ ན་མོ་དྷེ་ཝ་ཤཱནྟི་ཀ༔ ན་མོ་དྷཱ་ཀི་ནཱི་ཡེ༔ སརྦ་སྭསྟི་སིདྡྷི་བྷྱ༔ ན་མོ༔ ལྷ་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས༔ ཞི་བ་ཆགས་བྲལ་ཐེག་མཆོག་དམ་པའི་ཆོས༔ ཚོགས་ཀྱི་ཞིང་གྱུར་འཕགས་པའི་དགེ་འདུན་ཏེ༔ སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་སྟོབས་ཀྱིས༔ དེང་འདིར་བཀྲ་ཤིས་དགེ་ཚོགས་འཕེལ་བར་ཤོག༔ བསམ་པ་ཆོས་ལྡན་ཡིད་བཞིན་འགྲུབ་གྱུར་ཅིག༔ བྱིན་རླབས་རྩ་བ་བརྒྱུད་པའི་བླ་མ་དང༔ དངོས་གྲུབ་ཀུན་འབྱུང་ཡི་དམ་ཞི་ཁྲོའི་ཚོགས༔ ཕྲིན་ལས་མངའ་བདག་མཁའ་འགྲོ་ཆོས་སྐྱོང་སྟེ༔ བླ་མ་ཡི་དམ་མཁའ་འགྲོའི་བདེན་སྟོབས་ཀྱིས༔ དེང་འདིར་བཀྲ་ཤིས་དགེ་ཚོགས་འཕེལ་བར་ཤོག༔ བསམ་པ་ཆོས་ལྡན་ཡིད་བཞིན་འགྲུབ་གྱུར་ཅིག༔ འཇིག་རྟེན་འདས་དང་མ་འདས་ལ་སོགས་པའི༔ ལྷ་དང་དྲང་སྲོང་སྨོན་ལམ་བདེན་སྟོབས་ཅན༔ སྔགས་འཆང་ལྷག་བསམ་དག་པའི་བདེན་སྟོབས་ཀྱིས༔ བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ལ༔ བཀྲ་ཤིས་དཔལ་


RTZ060_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་དགེ་ཚོགས་འཕེལ་བར་ཤོག༔ བསམ་པ་ཆོས་ལྡན་ཡིད་བཞིན་འགྲུབ་གྱུར་ཅིག༔ ན་མོ་བུདྡྷཱ་ཡ༔ གུ་རུ་བྷྱ༔ ཨིཏྱ་པི་ས་བྷ་ག་བཱན༔ ཏ་ཐཱ་ག་ཏོ྅་རྷ་ཏེ༔ སམྱཀྶཾ་བུདྡྷོ༔ བིདྱཱ་ཙ་ར་ཎ་སམྤནྣཿསུ་ག་ཏོ་ལོ་ཀ་བི་དཱནུཏྟ་རཿ པུ་རུ་ཥ་ད་མྱ་སཱ་ར་ཐིཿ ཤཱསྟཱ་དེ་བ་ནཱཉྩ༔ མ་ནུ་ཥྱ་ཱཎཱཾ་ནཱཉྩ༔ བུདྡྷོ་བྷ་ག་བཱ་ནི་ཏི༔ ནིཥྱནཿས་ཏ་ཐཱ་ག་ཏཿཔུཎྱཱ་ནཱམ྄༔ ཨ་བི་པྲ་ཎཱ་ཤཿཀུ་ཤ་ལ་མཱུ་ལཱ་ནཱམ྄༔ ཨ་ལཾ་ཀྲྀཏཿཀྵཱནྟྱཱ༔ ཨཱ་ལ་ཡཿཔུཎྱ་ནི་དྷཱ་ནཱ་ནཱམ྄༔ ཙི་ཏྲི་ཏོ྅་ནུ་བྱཉྫ་ནཻཿ ཀུ་སུ་མི་ཏོ་ལཀྵ་ཎཻཿ པྲ་ཏི་རཱུ་པོ་གོ་ཙ་རེ་ཎ༔ ཨ་པྲ་ཏི་ཀཱུ་ལོ་དརྴ་ནེ་ན༔ ཨ་བྷི་ར་ཏིཿཤྲདྡྷཱ་དྷི་མུཀྟཱ་ནཱམ྄༔ ཨ་ན་བྷི་བྷཱུ་ཏཿཔྲཛྙཱ་ཡཱ༔ ཨ་ན་བ་མརྡ་ནཱི་ཡོ་བ་ལཻཿ ཤཱསྟཱ་སརྦ་སཏྭཱ་ནཱམ྄༔ པི་ཏཱ་བོ་དྷི་སཏྭཱ་ནཱམ྄༔ རཱ་ཛཱ་ཨཱརྱ་པུངྒ་ལཱ་ནཱམ྄༔ སརྠ་བཱ་ཧཿཨཱ་དི་ཀརྨི་ཀཱ་ནཱམ྄༔ ཨ་པྲ་མེ་ཡོ་ཛྙཱ་ནེ་ན༔ ཨ་ནནྟཿཔྲ་ཏི་བྷཱ་ནེ་ན༔ བི་ཤུདྡྷཿསྭ་རེ་ཎ༔ ཨཱ་སྭ་ད་ནཱི་ཡོ་གྷོ་ཥེ་ཎ༔ ཨ་སེ་ཙ་ན་ཀོ་རཱུ་པེ་ཎ༔ ཨ་པྲ་ཏི་ས་མཿཀཱ་ཡེ་ན༔ ཨ་ལིཔྟཿཀཱ་མཻཿ ཨ་ནུ་པ་ལིཔྟོ་རཱུ་པཻཿ ཨ་སཾ་སྲྀཥྚ་ཨཱ་རཱུ་པཻ༔ བི་པྲ་མུཀྟཿདུཿཁེ་བྷྱཿ བི་པྲ་མུཀྟཿསྐནྡྷེ་བྷྱཿ བི་སཾ་པྲ་ཡུཀྟོ་དྷཱ་ཏུ་བྷིཿ སཾ་བྲྀཏ་ཨཱ་ཡ་ཏ་ནཻཿ པྲཙྪིནྣོ་གྲནྠཻཿ བི་མུཀྟ་པ་རི་དཱགྷྣཻཿ པ་རི་མུཀྟ་ས྄་ཏྲྀཥྞ་ཡཱ༔ ཨོ་གྷ་དུཏྟིརྞཿ པ་རི་པཱུརྞོ་ཛྙཱ་ནེ་ན༔ པྲ་ཏིཥྛི་ཏོ྅་ཏཱི་ཏཱ་ནཱ་ག་ཏ་པྲ་ཏྱུཏྤནྣཱ་ནཱ་བྷུདྡྷཱ་ནཱཾ་བྷཱ་ག་ཝ་ཏཱཾ་ཛྙཱ་ནེ༔ ཨ་པྲ་ཏིཥྛི་ཏོ་ནི་རྦཱ་ཎེ༔ སྡྱི་ཏོ་བྷུ་ཏ་ཀོ་ཊྱཱམ྄༔ སྡྱི་ཏཿསརྦ་སཏྭཱ་ལོ་ཀ་ནཱི་ཡཱ་ཡཱཾ་བྷཱུ་མཽ༔ བྷུདྡྷཱ་ནུ་སྨྲྀ་ཏི་ས་མཔྟ༔ སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ༔ འཁོར་བ་འཇིགས་


RTZ060_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

དང་གསེར་ཐུབ་འོད་སྲུངས་དང༔ ཤཱཀ་ཐུབ་བྱམས་པ་སེང་གེ་རབ་རྩལ་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སངས་རྒྱས་ཐུབ་པ་མེ་ཏོག་མེ་ཏོག་གཉིས༔ སྐལ་བཟང་དེད་དཔོན་ལག་ཆེན་སྟོབས་ཆེན་དང༔ རྒྱུ་སྐར་རྒྱལ་པོ་རྩི་སྨན་སྙན་པའི་ཏོག༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སངས་རྒྱས་ཏོག་དང་འོད་ཆེན་གྲོལ་བའི་ཕུང༔ རྣམ་སྣང་ཉི་སྙིང་ཟླ་བའི་འོད་འཕྲོ་དང༔ འོད་བཟང་མྱ་ངན་མེད་དང་སྐར་རྒྱལ་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སངས་རྒྱས་རབ་རྩལ་ཕྲེང་ཐོགས་ཡོན་ཏན་འོད༔ དོན་གཟིགས་མར་མེ་སྣང་འོད་མཐུ་ལྡན་དང༔ སྨན་པ་དེས་པ་མཛོད་སྤུ་བརྟན་ལྡན་སྟོབས༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ལྷ་དཔལ་གདུལ་དཀའ་ཡོན་ཏན་རྒྱལ༔ སྒྲ་གཅན་ཚོགས་ཅན་ཚངས་དབྱངས་ཚིགས་བསྟན་པ༔ མི་འགྱིང་འོད་མཛད་ལྷུན་པོ་ཆེན་པོ་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་རྡོ་རྗེ་སྡོམ་ལྡན་མི་སྙེམས་དང༔ རིན་ཆེན་པད་སྤྱན་སྟོབས་སྡེ་མེ་ཏོག་འོད༔ ཤེས་དགྱེས་གཟི་ཆེན་བཅོམ་ལྡན་ཚངས་པ་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་འོད་དཔག་མེད་དང་ཀླུའི་སྦྱིན་དང༔ བརྟན་གཤེགས་དོན་ཡོད་བརྩོན་སྦྱིན་བཟང་སྐྱོང་དང༔ དགའ་བོ་འཆི་མེད་སེང་རྒྱལ་རྒྱལ་བ་ཚལ༔


RTZ060_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ཆོས་ལྡན་མཆོག་དགའ་ཁ་ལོ་སྒྱུར༔ དགའ་གཤེགས་ཆུ་ལྷ་ཡོན་ཏན་ལག་དང་ནི༔ སྤོས་གླང་རྣམ་གཟིགས་འབྲུག་སྒྲ་ལེགས་སེམས་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སངས་རྒྱས་ཡིད་བཟང་དྲི་མེད་ཟླ་བ་དང༔ གྲགས་ཆེན་གཙུག་ན་ནོར་བུ་དྲག་ཤུལ་དང༔ སེང་སྟོབས་ལྗོན་པ་རྣམ་རྒྱལ་ཤེས་རབ་བརྩེགས༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ལེགས་གནས་བློ་གྲོས་ཡན་ལག་སྐྱེས༔ མཐའ་ཡས་བློ་དང་གཟུགས་བཟང་མཁྱེན་ལྡན་དང༔ རྣམ་རོལ་མུན་བྲལ་སྒྲ་གཅན་རྒྱལ་མཚན་མཚོ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ཚོགས་ཅན་རིན་སྙིང་ཤིན་མཐོར་གཤེགས༔ སྐར་རྒྱལ་གཙུག་རིང་ཉི་ཟླ་ཡོན་ཏན་གྲགས༔ ཉི་འོད་དང་ནི་སྐར་མཁན་སེང་ཏོག་ལེགས༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་དུས་མཁྱེན་དཔལ་སྙིང་སྲིད་མཐའ་གཟིགས༔ གཟི་བརྗིད་བརྟུལ་ཞུགས་བཀྲ་ཤིས་བདེན་པའི་ཏོག༔ པདྨ་སྲེད་མེད་བུ་དང་ལག་བཟང་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ཡེ་འབྱུང་འོད་འཕྲོ་ཚངས་སྦྱིན་དང༔ རིན་འབྱུང་མེ་ཏོག་དོན་སེམས་ཆོས་ཀྱི་དབང༔ བློ་གྲགས་དང་ནི་སྤོབས་བརྩེགས་རྡོ་རྗེ་རྒྱལ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ཕན་བཞེད་བསོད་


RTZ060_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་འོད་གློག་འོད༔ སེང་བྱིན་མི་ཐུབ་མཆོག་དགའ་བརྩོན་འགྲུས་བསྟན༔ གྲགས་རྫོགས་བསྙེང་བྲལ་བཅོམ་ལྡན་མཆོད་འོས་ལྷ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སངས་རྒྱས་སྒྲོལ་ཆེན་འཇིག་རྟེན་འོད་སྤོས་དྲི༔ ཡོན་འཛིན་མུན་བྲལ་སེང་འགྲམ་རིན་ཆེན་གྲགས༔ སྐྱོན་ཞི་བདུད་རྩི་འཆང་དང་མིའི་ཟླ་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ཤིན་གཟིགས་རབ་བརྒྱན་ནོར་འོད་དང༔ ཆོས་འབྱུང་དོན་ངེས་ཚེ་སྦྱིན་རིན་ཆེན་འབྱུང༔ སྐྱེ་དབང་མཚུངས་པ་སྟོབས་གཤེགས་བློ་གནས་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་གདུགས་མཛེས་གཙོ་བོ་ཤིན་ཏུ་འཕགས༔ སེང་སྒྲ་རྣམ་གྲོལ་ཀླུའི་འོད་མེ་ཏོག་རི༔ ཀླུ་དགའ་སྤོས་དབང་ཤིན་ཏུ་གྲགས་པ་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་སྟོབས་ལྷ་ཡོན་ཏན་ཕྲེང་ཀླུའི་ལག༔ མིག་བརྒྱན་ཁྲིམས་གསལ་མཐའ་ཡས་སྤྱན་བདེན་གསུངས༔ ཟིལ་གནོན་ཡེ་ཤེས་ཉི་འོད་ངེས་བློ་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་རྣམ་སྣང་རིན་ཏོག་མཐའ་ཡས་གཟུགས༔ ཐེ་ཚོམ་སྤངས་དང་དོན་ཡོད་འཇིག་རྟེན་འདས༔ རྟོག་མཛད་མེ་ཏོག་རི་རྒྱལ་གཟི་བརྗིད་ཆེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་དོན་མཛད་གྲགས་མཐའ་རིན་ཆེན་ལྷ༔ དོན་མཁྱེན་བློ་རྫོགས་དྲི་བྲལ་མྱ་ངན་མེད༔ ཚངས་ལྷ་ས་


RTZ060_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེ་ཏོག་སྤྱན་ལེགས་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་རྣམ་འབྱེས་ཆོས་འོད་ཀུན་ཏུ་གཟིགས༔ ཡོན་འོད་ཟླ་ཞལ་རིན་འོད་རིན་ཆེན་ཏོག༔ གྲགས་བླ་འོད་འབྱེད་གཟི་བརྗིད་དཔག་མེད་དེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོ༔ སངས་རྒྱས་དུས་མཁྱེན་སེང་སྐུ་མཁས་བློ་ཅན༔ རྒྱལ་དཀའ་ཡོན་ཕུང་ཟླ་ཏོག་མཐུ་ཐོབ་དང༔ མཐུ་རྩལ་མཐའ་ཡས་ཟླ་བ་དྲི་མེད་དེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་དོན་གཟིགས་དཔའ་བོ་འབྱོར་ལྡན་དང༔ བསོད་ནམས་སྒྲོན་མ་ཡོན་འོད་བློ་ཡངས་དང༔ ལེགས་སྐྱེས་ནོར་ལྷ་ཡིད་གཉིས་སྤངས་པ་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་དཔག་མེད་མཆོག་སྲིད་ཐེ་ཚོམ་དང༔ མི་གནས་བདེ་གནས་ཚོགས་ཆེན་འགྲོ་བའི་འོད༔ ཕལ་ཆེན་རྒྱལ་དང་གཟི་བརྗིད་མཐའ་ཡས་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་དོན་བློ་སྨན་རྒྱལ་ཐ་བ་སྤངས༔ རིམས་མེད་ལེགས་བྱིན་གྲགས་བྱིན་མེ་ཏོག་སྦྱིན༔ སྐྱེས་བྱིན་ཕལ་ཆེར་སྦྱིན་དང་རྡོ་རྗེའི་སྡེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ཞི་བློ་སྤོས་གླང་སྲེད་མེད་བུ༔ དེས་པ་མི་ཚུགས་ཉི་ཟླ་གློག་མེ་ཏོག༔ མཆོད་པ་དཔལ་སྦས་ཡེ་ཤེས་ཉི་མ་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་དོན་གྲུབ་ལྷུན་བརྩེགས་དགྲ་འདུལ་དང༔ པདྨ་གྲགས་


RTZ060_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡེ་ཤེས་ཉོན་མོངས་བྲལ༔ འདམ་བུ་སྤོས་བཟང་ཡུལ་འཁོར་རངས་རྣམས་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སངས་རྒྱས་ལྷ་གྲགས་སྲིད་མཐའ་གཟིགས་ཟླ་བ༔ སྒྲ་གཅན་རིན་ཟླ་སེང་རྒྱལ་བསམ་གཏན་དགྱེས༔ རྫོགས་ལྡན་རྣམ་རོལ་ཡོན་ཏན་རིན་ཆེན་མངའ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་དགྲ་བཅོམ་པད་འོད་མཛོད་སྤུ་ལྡན༔ སྤོབས་གྲགས་རྡོ་རྗེ་ནོར་བུ་ཚེ་དཔག་མེད༔ དབང་ཆེན་ཡོན་ཏན་འབྱུང་གནས་ལྷུན་པོ་གྲགས༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་འོད་བཅུ་མ་སྨད་གླང་པོའི་འགྲོས༔ ཡིད་འཐད་རིན་ཟླ་ཞི་བ་རབ་གསལ་རྒྱལ༔ དགེ་དབང་གཙུག་ན་རིན་ཆེན་ཁ་ལོ་སྒྱུར༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་སྙེམས་བྲལ་སྙིང་པོ་སྒྲ་གཅན་ལྷ༔ ལྷ་དགའ་རིན་ཕུང་མཛེས་གཤེགས་སེང་ཕྱོགས་དང༔ སྐྱེ་དབང་ཤིན་ཏུ་མཐོར་གཤེགས་བློ་གྲོས་བཟང༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་སྐལ་ལྡན་གཟི་བརྗིད་འཇིག་རྟེན་འོད༔ ཀུན་རྒྱལ་དགའ་བ་སྟེགས་མཛད་སྤོས་ཀྱི་གླང༔ བློ་གྲོས་འོད་རྒྱལ་སྤོབས་བཟང་རི་བོའི་རྒྱལ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ཆོས་བརྟན་དྲག་ཤུལ་ཆོས་ཀྱི་ནོར༔ བཟང་བྱིན་ཟླ་བ་ཚངས་དབྱངས་དཔལ་དང་ནི༔ སེང་གེའི་ཟླ་རྒྱལ་ལེགས་སྐྱེས་ཐུབ་


RTZ060_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཚོགས༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་བཤེས་གཉེན་བདེན་རྒྱལ་དཀའ་ཐུབ་ཆེ༔ ལྷུན་འོད་མཆོད་གྲགས་ཆོས་གྲགས་ཡོན་ཏན་བརྩེགས༔ སྦྱིན་འོད་དང་ནི་གློག་འབྱིན་བདེན་གསུང་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སངས་རྒྱས་འཚོ་བྱེད་ལེགས་ཚོགས་ན་ཚོད་བཟང༔ རྣམ་ངེས་ནོར་སྤོས་རྒྱལ་དགྱེས་སེང་གེའི་འོད༔ རྣམ་སྣང་རིན་ཆེན་གྲགས་མཆོག་ཐུབ་རབ་ཞུགས༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ནོར་བུ་འོད་ཟེར་བརྟུལ་ཐུབ་མེད༔ འགྲོས་མཆོད་ནོར་ཚོགས་བླ་མ་གླང་ཆེན་སེང༔ ཟླ་བ་རིན་ཆེན་འོད་ཟེར་སྒྲ་གཅན་སྦེད༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་རྒྱ་མཚོ་འོད་ལྡན་རབ་ཏུ་ཞི༔ འཇིག་རྟེན་ཤུགས་བཅུ་སྟོབས་དགྱེས་མྱ་ངན་མེད༔ མཐུ་དཔལ་མཐུ་སྟོབས་མཐུ་ཆེན་རྒྱལ་བ་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ཡོན་སྙིང་བདེན་སྤྱོད་དགེ་མཆོག་དང༔ སྐར་རྒྱལ་འོད་ཆེན་གློག་འོད་ཡོན་ཏན་ཆེ༔ རིན་ཆེན་དཔལ་འོད་གོ་ཆ་བགོས་པ་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་སེང་ཕྱག་རིན་ཆེན་མེ་ཏོག་བཟང༔ རྒྱ་མཚོ་ས་འཛིན་དོན་བློ་ཡོན་ཏན་བསགས༔ ཡོན་ཚོགས་འཇིག་རྟེན་འདས་པ་རིན་ཆེན་མེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴


RTZ060_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཟླ་བ་དབྱངས་སྙན་ཚངས་ཏོག་དང༔ ཚོགས་ཆེན་སེང་སྟོབས་ཆོས་དབང་དྲག་ཤུལ་བྱིན༔ གཟི་བརྗིད་འོད་དང་འོད་ཆེན་རིན་ཆེན་གྲགས༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སངས་རྒྱས་ཚོགས་གསལ་གྲགས་མཐའ་དོན་ཡོད་འོད༔ དྲང་སྲོང་སྐྱེ་དབང་ཕྱོགས་བཟང་དགེ་འདུན་བརྟན༔ ཕྱོགས་བཟང་རྟོག་དང་ཡུལ་འཁོར་མེ་ཏོག་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ཆོས་བློ་རླུང་ཤུགས་ལེགས་བསམ་གྲགས༔ སྣང་ལྡན་ལྷའི་ཚོགས་བསྲུང་བ་དོན་གྱི་བློ༔ བསྙེང་མེད་གྲོགས་བརྟན་འོད་གནས་མཚུངས་པ་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ནོར་ཞལ་ཐར་པ་ངོས་བཟང་དང༔ བློ་བཟང་ཀུན་གཟི་ཚངས་གནས་ཡེ་ཤེས་མཆོག༔ བདེན་པར་གསུང་དང་བློ་བཟང་སྟོབས་སྦྱིན་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་སེང་སྟོབས་མེ་ཏོག་ཡེ་ཤེས་འབྱུང༔ མེ་ཏོག་བྱིན་དང་ཡོན་སྙིང་རིན་ཆེན་གྲགས༔ རྨད་བྱུང་མི་ཚུགས་བསྙེང་མེད་ཉི་མའི་འོད༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ཚངས་གཤེགས་ལྷའི་མཐུ་ཡེ་ཤེས་དགྱེས༔ ལྷ་བདེན་ནོར་བུ་ཡོན་གྲགས་ཡེ་ཤེས་དཔལ༔ བཅིངས་མེད་བརྟུལ་ཞུགས་བརྟན་པ་ལྷའི་གཟི་བརྗིད༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴


RTZ060_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཚངས་ཐུབ་དལ་བཞུད་བརྟུལ་ཞུགས་ཐུབ༔ འོད་ཕུང་གཟི་ཆེན་དགའ་མཛད་ཙམ་པ་ཀ༔ ཚོགས་བཟང་དབང་པོའི་རྒྱལ་མཚན་དགྱེས་ཆེན་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་སྣང་མེ་ཚོགས་འོད་བསྐྲུན་མཛད་དང༔ མདངས་འགྲོ་དོན་ངེས་ཁྱུ་མཆོག་བློ་ལག་བཟང༔ འོད་ཆེན་བསམ་པས་བྱིན་དང་བསོད་ནམས་འོད༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སངས་རྒྱས་རིན་དབྱངས་འབྱོར་ལྡན་རྡོ་རྗེའི་སྡེ༔ སེང་སྟོབས་དྲི་མེད་འོད་སྲུངས་སྤྱན་བློ་གསལ༔ གཟི་བརྗིད་དྲག་ཤུལ་འོད་ཆེན་ཡེ་ཤེས་འགྲོས༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ཉི་འོད་རྣམ་མཛེས་དྲི་མེད་འོད༔ ཁེངས་མེད་ཟླ་འོད་གློག་འབྱིན་སྦྲང་རྩིའི་ཞལ༔ རབ་ཞིར་གཤེགས་པ་མི་འཁྲུགས་དགྲ་བཅོམ་གྲགས༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ཆོས་ཡོན་ཞིང་བཟང་བཀོད་པའི་རྒྱལ༔ མངོན་འཕགས་སྦྱིན་འོད་པད་དཔལ་རིན་ཆེན་བཀོད༔ ཤིན་ཏུ་བཟང་པོ་རིན་མཆོག་ཐུགས་གཞུངས་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་མཚོས་བྱིན་ཚངས་ཏོག་ཟླ་གདུགས་དང༔ འོད་འཕྲོ་དྲི་མེད་ཡེ་ཤེས་གྲགས་ཀུན་རྒྱལ༔ ཡོན་ཏན་འོད་དང་སྒྲ་གྲགས་ཟླ་རྒྱས་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་པད་འོད་


RTZ060_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་བཟང་སྒྲོན་རྒྱལ༔ གློག་ཏོག་འོད་རྒྱལ་སྐར་མཁན་གྲགས་རྫོགས་དང༔ པད་སྙིང་དང་ནི་རྒྱལ་དང་སྤྱན་མཛེས་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་སྙོག་མེད་དྲག་སྡེ་བསོད་ནམས་བརྗིད༔ རྩལ་ཆེན་ཐོགས་མེད་སྒྲ་གཅན་ཡེ་ཤེས་ཕུང༔ ཁ་ལོ་སྒྱུར་བ་སྐྱེ་དབང་མེ་ཏོག་དཔལ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སངས་རྒྱས་སྒྲ་འཛིན་རྩི་ཆེན་སྐར་རྒྱལ་དང༔ སྨན་རྒྱལ་བསོད་ནམས་གླང་པོ་གཅོད་མཛད་དང༔ རྣམ་གྲགས་ཉི་ཟེར་ཆོས་མཛོད་བློ་གྲོས་བཟང༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ཡོན་མཚུངས་ཤེར་བརྩེགས་རྡོ་རྗེའི་སྡེ༔ ལེགས་གནས་བློ་སྦྱངས་ཚངས་དབྱངས་ཡོན་ཏན་མཆོག༔ འབྲུག་སྒྲ་མངོན་ཤེས་ཏོག་དང་ཏོག་འོད་དེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་དགེ་བ་ཚངས་དཔལ་སྐྱེས་མཆོག་དང༔ སྤྱན་སྡུག་ཀླུས་སྦྱིན་བདེན་ཏོག་བརྒྱན་པ་དང༔ ཞུམ་མེད་དབྱངས་དང་རིན་འོད་དབྱངས་བྱིན་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་སེང་གེ་འོད་ཚོགས་ཡེ་ཤེས་དཔའ༔ པད་ཕུང་མེ་ཏོག་རྒྱས་དང་མཐུ་རྩལ་སྟོབས༔ བསོད་ཕུང་གཟུགས་མཆོག་སྐར་མཁན་ཟླ་བ་སྒྲོན༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་གཟི་ཕུང་བྱང་རྒྱལ་མི་ཟད་དང༔ མངོན་རྟོགས་ཡན་ལག་ཡུལ་འཁོར་ཤེས་


RTZ060_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

རབ་མཆོག༔ གཟི་བརྗིད་ཚིམ་མཛད་ཤེས་བྱིན་འཇམ་དབྱངས་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་མགོན་པོ་ཆགས་མེད་གཙོ་བོས་བྱིན༔ གཙོ་བོ་ཡེ་ཤེས་མཐུ་རྩལ་འོད་འཕྲོ་དང༔ དབང་པོ་ཤུགས་འཆང་སྐར་རྒྱལ་འོད་བཟང་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་གྲགས་བྱིན་གཟུགས་བཟང་རྒྱལ་པོ་དང༔ དོན་གྲུབ་སེང་གེའི་སྡེ་དང་ནོར་ལྷའི་བུ༔ གྲགས་པ་རྒྱལ་བ་སྙིང་པོ་བསོད་ནམས་འོད༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སངས་རྒྱས་སྨྲ་འདོན་སྒྲོན་རྒྱལ་ཡེ་ཤེས་བརྩེགས༔ ལྷ་མཆོག་སའི་བདག་གྲོལ་བརྙེས་གཙུག་གསེར་དང༔ སྒྲ་གཅན་བཟང་པོ་ཐུབ་དཀའ་ཐུབ་གསལ་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ཟླ་འོད་གསེར་འོད་ཡོན་ཏན་དབང༔ ཆོས་གདུགས་བསོད་ནམས་ཆགས་མེད་ཡེ་ཤེས་ནོམ༔ བློ་ཞིབ་གཟི་བྱིན་ཐམས་ཅད་རྩི་སྨན་རྒྱལ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་རྣམ་གྲོལ་འོད་མཛོད་ཡེ་ཤེས་རྒྱལ༔ འཇིགས་མཛད་ཆུ་སྤོང་ཐོགས་མེད་བདེན་པའི་ཕུང༔ དབྱངས་སྙན་རི་དབང་མཚུངས་དང་ཆོས་བརྩེགས་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ཐར་གཟི་ལེགས་མཛད་རབ་ཞིའི་སྐུ༔ ཡིད་འོང་བློ་སྦྱངས་ཆུ་ལྷ་སེང་གེའི་ལོགས༔ ཆོས་ཀྱི་མཐུ་རྩལ་སྐལ་བཟང་མི་འཁྲུགས་མདོག༔ དེ་དག་བདེན་སྟོབས་


RTZ060_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

དེང་འདིར་བཀྲ་ཤིས༴ སངས་རྒྱས་གཟི་རྒྱལ་རྟོགས་མཛད་སྤྱན་ལེགས་དང༔ དོན་གནས་སྣང་འོད་སྤོས་གཟི་ཀུན་དགའ་མཛད༔ དོན་ཡོད་གཤེགས་དང་ཁྲོ་བཅོམ་གཟུགས་མཆོག་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ལེགས་གཤེགས་རབ་སྦྱིན་འོད་གཙང་དང༔ ལྷའི་ཉི་ཤེར་སྦྱིན་མཉམ་གཞག་གཟི་མདངས་འཕགས༔ རྒྱལ་རིགས་སྐལ་ལྡན་ཤིང་རྟ་གསེར་མཆོག་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སངས་རྒྱས་རྣམ་གྲོལ་ཆོས་ལྡན་སྤོས་གནས་དང༔ དྲེགས་སྤངས་ཚངས་གཤེགས་ཙན་དན་ཡེ་ཤེས་མཛོད༔ མྱ་ངན་མེད་པ་སེང་འོད་ཡུལ་འཁོར་ཏོག༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་པད་སྙིང་མཐའ་ཡས་ལྷ་ཡི་འོད༔ ཤེས་རབ་མེ་ཏོག་མཁས་པ་ཡེ་ཤེས་འབྱོར༔ ཚངས་དབྱངས་ཕྱག་རིན་དབང་ལྡན་རྫོགས་པར་གསུང༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་མཆོད་འོས་ཉི་མ་འདམ་ལས་བརྒལ༔ ཡེ་ཤེས་བརྙེས་པ་གྲུབ་པ་རྨ་བྱ་དང༔ ཆོས་སྦྱིན་ཕན་བཞེད་གྲགས་རྒྱལ་ཡེ་ཤེས་ལྡན༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་འོད་དྲྭ་རྣམ་འཇོམས་བཻ་ཌཱུར་སྙིང༔ ལྷའི་རྒྱལ་ཟླ་བ་དྲྭ་འོད་དགེ་འོད་དང༔ ཡོན་ཏན་ཀུན་འོད་རིན་དཔལ་སྐྱེས་བུ་ཟླ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་


RTZ060_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སྒྲ་གཅན་བདུད་རྩི་འཇིག་རྟེན་མཆོག༔ སྐར་འོད་ཞི་སྟབས་ཡེ་ཤེས་རྒྱ་མཚོ་དང༔ རི་དབང་རབ་ཞི་ལྷའི་དབང་ཡོན་ཏན་སྟོབས༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་དབྱངས་སྙན་ངོས་བཟང་དོན་གནས་དང༔ ཡོན་ཏན་གཟི་བརྗིད་མཁྱེན་ལྡན་ང་རོ་ཆེ༔ འོད་བཟང་ཤིན་ཐུགས་དོན་དགོངས་དབྱངས་ཡན་ལག༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་མཆོག་མཛེས་ཞི་དོན་སྐྱོན་མེད་དང༔ བློ་དབྱངས་པད་མཛོད་འོད་བཟང་སྤོབས་པའི་མཆོག༔ སྟེགས་བཟང་ཚོགས་ཀྱི་དབང་པོ་བསྙེངས་བྲལ་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སངས་རྒྱས་ཡེ་ཤེས་བཞེད་དང་སྤོབས་སྤྱན་དང༔ བློ་མཆོག་ཟླ་བ་ཟླ་འོད་བསྙེང་མེད་དང༔ གཟིགས་པ་ཚངས་དབྱངས་དབྱངས་བཟང་ཤེས་རབ་ཆེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་བློ་གྲོས་རྡོར་མཁྲེགས་བྱང་ཆུབ་བློ༔ ལྗོན་དབང་གདངས་སྙན་བསོད་སྟོབས་མཐུ་དཔལ་དང༔ འཕགས་དགྱེས་དང་ནི་མཐུ་སྟོབས་སྐར་དགྱེས་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་རྔ་སྒྲ་སྤྱན་སྡུག་ཡེ་ཤེས་བཟང༔ འབྱོར་ལྡན་ཡོན་ཕུང་གསལ་བ་ཆོས་རྒྱལ་མཚན༔ ཡེ་ཤེས་ང་རོ་ནམ་མཁའ་མཆོད་སྦྱིན་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་རྣམ་བཀོད་འོད་བརྗིད་དྲང་སྲོང་དབང༔ བློ་ལྡན་སྤོབས་པ་མཆོད་བཟང་ཟླ་ཞལ་དང༔ ཤིན


RTZ060_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

་ཏུ་གཟིགས་པ་རྡུལ་བྲལ་ཡོན་ཏན་ཚོགས༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ཏོག་ལྡན་ཡུལ་འཁོར་རིན་ཆེན་སྦྱིན༔ ཟླ་དགྱེས་ཁེངས་མེད་སེང་སྟོབས་དབང་སྒྱུར་རྒྱལ༔ རྩི་གསལ་བསམ་གཏན་སྙོམས་པ་འཁྲུག་མེད་གཏེར༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་དྲི་ཞི་མ་བསླད་མཛེས་པ་དང༔ ཞལ་བཟང་ཤུགས་གནས་གསུང་དང་གཟི་བརྗིད་ཆེ༔ བློ་གྲོས་ཟབ་མོ་བདུད་རྩི་ཆོས་སྟོབས་ཆེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སངས་རྒྱས་མཆོད་ལྡན་ཁམས་གསུམ་མེ་ཏོག་འོད༔ ཉི་སྙིང་ལྷས་མཆོད་ཐར་རྒྱལ་བདུད་རྩི་འོད༔ རྡོ་རྗེ་བརྟན་པ་རིན་ཆེན་ཕུང་པོ་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་མཛེས་གཤེགས་ཉི་གཤེགས་དག་པའི་འོད༔ འོད་ཤུགས་ཡོན་གཙུག་དཔལ་རྫོགས་སེང་སྟོབས་དང༔ གྱེན་འཕགས་མེ་ཏོག་བྱིན་དང་འོད་འགྱེད་དེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་པདྨ་བཀོད་མཛེས་ཡེ་ཤེས་དགྱེས༔ གཏི་མུག་མེད་གནས་རྨ་མེད་ཏོག་རྒྱལ་མཚན༔ བདེ་དགོངས་དབྱངས་སྙན་རྨུགས་མེད་ཆོ་ག་མཁྱེན༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་དག་མཚོ་རིན་མངའ་མི་མངའ་བ༔ དགའ་མཛད་མ་ཞུམ་དྲི་སྤངས་རྨ་བྱའི་དབྱངས༔ སྤྱོད་སྟེགས་ལྷ་མང་སྙན་བསྒྲགས་རིན་ཆེན་སྟོབས༔


RTZ060_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་པད་བསྣམས་གཤེགས་དཔལ་དགྲ་རྒྱལ་དང༔ འབྱོར་ལྡན་ཡུལ་བཟང་མེ་ཏོག་སེང་ང་རོ༔ ཟླ་ཤར་འཇོམས་པའི་མཆོག་དང་མི་གཡོ་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ཕན་གཤེགས་བསོད་སྒྲོལ་དབྱངས་ཀྱིས་བསྐུལ༔ གོ་འུ་ཏ་མ་མདངས་སྟོབས་བློ་གནས་དང༔ ཟླ་བཟང་བྱང་ཆུབ་མེ་ཏོག་བཀྲ་ཤིས་སྙིང༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སངས་རྒྱས་ལེགས་སྟོན་གཟི་སྟོབས་དགེ་བའི་སྒྲོན༔ མཐུ་བརྟན་ལྷ་སྒྲ་རབ་ཞི་ཉི་མའི་ཞལ༔ ཐར་པའི་བརྟུལ་ཞུགས་ཚུལ་ཁྲིམས་བརྟུལ་ཞུགས་གནས༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་རྡུལ་མེད་སྙིང་འཕགས་མིག་སྨན་དང༔ འཕེལ་མཛད་སྤོས་འོད་དུས་མཁྱེན་དྲན་པའི་དབང༔ ཞལ་བཟང་ཐོགས་མེད་རྒྱལ་མཚན་མཆོག་བགྲོད་དེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་སྤྱོད་གསལ་རིན་དགྱེས་ཆོས་དབང་དང༔ ལྷ་རྣམས་བཤེས་གཉེན་ཆེ་དང་བཤེས་གཉེན་བཟང༔ རབ་ཞི་རྩི་བདག་ལྷུན་འོད་འཕགས་པས་བསྟོད༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་སྣང་ལྡན་གཟི་འབར་སྣང་གཟིགས་དང༔ ལེགས་སྤྱོད་ལེགས་དགྱེས་རིན་འོད་མྱ་ངན་བྲལ༔ སྤྱོད་ལྡན་བསོད་ནམས་སྟོབས་དང་ཡོན་ཏན་མཚོ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴


RTZ060_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བདུད་འཇོམས་ཆགས་བརྒལ་མི་ཕྱེད་བློ༔ རྒྱ་མཚོ་དག་མཛད་ཚོགས་ཅན་དགའ་འོད་དང༔ བྱང་ཆུབ་རྒྱལ་དང་ཡེ་རིན་ཤིན་ཏུ་བསིལ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ཚངས་རྒྱལ་ཡེ་ཤེས་རྫུ་འཕྲུལ་ཏོག༔ སྐྱེ་དབང་ས་དབང་ཉི་མ་ཟླ་བ་དང༔ མེ་ཏོག་འོད་དང་སྨན་བདག་མདངས་མངའ་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་དགྱེས་པ་དགའ་སྟོབས་དབྱངས་སྙན་དང༔ ཆོས་དབང་ཚངས་དབྱངས་སྤྱོད་བཟང་འཁྲུལ་མེད་བློ༔ དབྱངས་ཆེན་དང་ནི་སྙན་གྲགས་ཏོག་ལྡན་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སངས་རྒྱས་རྣམ་གྲགས་འགྲོ་དབང་ལྗོན་པ་དང༔ རབ་ཟད་དཔག་མེད་ཟླ་བཟང་སྤོབས་མཐའ་ཡས༔ བརྟུལ་ཞུགས་བསྟར་དང་མཆོད་གནས་མྱ་ངན་བརྒལ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་དགེ་དགྱེས་བློ་གྲོས་དགྱེས་གཤེགས་དང༔ ཞལ་མཛེས་ཨུཏྤལ་དུལ་གནས་མཐའ་ཡས་འོད༔ དྲང་སྲོང་གསལ་བ་ཡོན་བརྩོན་སྙིང་པོ་ཐུབ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་ལྷ་བདག་རིན་མཐོན་གསལ་བ་དང༔ སྐལ་ལྡན་བསོད་བློ་འོད་འཕྲོ་ཡོན་ཏན་བརྗིད༔ སེང་གེའི་སྟོབས་དང་མི་གཡོ་རབ་རྩལ་ཏེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་འོད་སྤྱོད་གླུ་དབྱངས་འཁོར་ལོ་འཛིན༔ དབྱིག་མཆོག་


RTZ060_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དགའ་དང་ཆོས་ཟླ་བ༔ དགའ་མཐའ་སྤྲིན་ཏོག་ཤེས་རབ་སྤོས་བཟང་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་མཁའ་དབྱིངས་ལྷ་དང་ལྷ་རྒྱལ་དང༔ ནོར་གསལ་ནོར་བཟང་སྒྲོན་མ་རིན་ཆེན་དབྱངས༔ སྐྱེ་དབང་རྒྱལ་པོ་སྒྲ་གཅན་དགེ་མཛད་དེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས༴ སངས་རྒྱས་སེང་བློ་རིན་གྲགས་དོན་མཛད་དཔལ༔ མཐའ་གཟིགས་མེ་ཏོག་མཛོད་ལྡན་སྤོབས་མཚུངས་མེད༔ རྣམ་འབྱེད་ང་རོ་སེང་མཆེ་མཛེས་པར་གཤེགས༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སངས་རྒྱས་བསོད་ནམས་སྒྲོན་མེ་བཀྲ་ཤིས་ལྡན༔ ཡུལ་འཁོར་བློ་སེམས་བློ་ལྡན་ཆོས་སྒྲོན་སྤྱན༔ ཤུགས་འདོར་སྟོབས་ཆེན་ཤེས་རབ་མེ་ཏོག་སྟེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སངས་རྒྱས་བརྟན་དབྱངས་བདེ་ལྡན་དོན་གསུང་དང༔ རྣམ་རྒྱལ་དབང་ཐུལ་སེམས་གསལ་དགྱེས་གསལ་དང༔ སེང་གེའི་ཞལ་དང་གཙུག་ཕུད་སྣང་མཛད་དེ༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་སྟེ༔ སྤྱད་པ་སྤྱོད་ཚེ་ན་ཡང་མཆེད་གྱུར་ཅིང༔ བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི༔ རྫོགས་པའི་སངས་རྒྱས་སྟོང་གི་བཀྲ་ཤིས་ཤོག༔ དེང་འདིར་སྤྱོད་པའི་ཆེ་གེ་མོ༔ རྩོམ་པ་མཐར་ཕྱིན་ཉེས་པ་རབ་ཞི་ནས༔ དགེ་ཚོགས་ཡོན་ཏན་སྟོབས་དང་ལྡན་པ་དང༔ བཀྲ་


RTZ060_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་དོན་འབྲས་ཕུན་སུམ་ཚོགས་པར་ཤོག༔ སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག༔ ཞི་བ་ཆགས་བྲལ་དམ་ཆོས་བདེན་པའི་མཆོག༔ དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སྨོན་ལམ་ཅི་བཏབ་མྱུར་དུ་འགྲུབ་གྱུར་ཅིག༔ ན་མཿས་མནྟ་བྷུདྡྷཱ་ནཱམ྄༔ ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱམ྄༔ ཨཱོྃ་ཀ་ནི་ཀ་ནི༔ ཏ་ཐཱ་ག་ཏོ༔ དེ་བ་ཤ་ན་ཧེ༔ བ་ར་དེ༔ ཨུད་ཏ་མོ་ཏི་ཏ༔ སུ་གྷ་ཏོདྦྷ་བ༔ ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ན་མོ་བྷུདྡྷཱ་ཡ༔ ཨཱོྃ་དྷུ་ན་དྷུ་ན༔ མ་ཧཱ་བཱི་རི་ཧཱུྃ་ཕཊ་སྭཱ་ཧཱ༔ མངྒ་ལཾ་བྷ་ཝནྟུ་སྭསྟི༔ ཤུ་བྷཾ༔ ཛ་ཡ་ཛ་ཡ༔ བྷི་ཛ་ཡ་བྷི་ཛ་ཡ༔ པུཥྚིཾ་ཀུ་རུ་ཧཱུྃ་སྭཱ་ཧཱ༔ ཞེས་པའི་སྨོན་ལམ་བཀྲ་ཤིས་ཀྱི་སྒྲོན་མེ་ལན་གསུམ་ལ་སོགས་པར་བཀླག་ན༔ བྱ་བ་གང་ཡང་མཐར་ཕྱིན་ཞིང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ༔ ས་མ་ཡ༔ སྨོན་ལམ་བཀྲ་ཤིས་ཀྱི་སྒྲོན་མེ་ཞེས་བྱ་བ༔ ད་ལྟ་མངའ་བདག་ཡབ་སྲས་དང༔ མ་འོངས་རྗེས་འཇུག་རྣམས་ཀྱི་དོན་དུ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས་བཀོད་པ༔ སྐལ་ལྡན་ལས་ཅན་རྣམས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ དྷ་ཐིམ༔ སྤྲུལ་སྐུ་སངས་རྒྱས་གླིང་པའི་གཏེར་མའོ།། །།འདིའི་སངས་རྒྱས་ཀྱི་མཚན་རྣམས་མདོ་སྡེ་བསྐལ་བཟང་དང་བསྡུར་ནས་སྔར་ལས་དག་ངེས་སུ་བཅོས་ཡོད། སངས་རྒྱས་རྗེས་དྲན་གྱི་སྔགས་འདི་ཐེ་ཚོམ་ཆེ་ཡང་དཔེ་དག་པ་མ་རྙེད་པས་འོལ་ཚོད་ཀྱིས་འཆོས་མ་སྤོབས་པས་སླད་ནས་རྙེད་ན་འཆོས་དགོས་སོ།། །


previousབླ་མ་དགོངས་འདུས་པ་ལས་སྨོན་ལམ་བཀྲ་ཤིས་ཀྱི་སྒྲོན་མེ། སངས་རྒྱས་གླིང་པ།no next