Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག


 
previousའོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིགno next

འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག


RTZ063_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]


བྷཱསྭརནྲིརྨཎསྱབཛྲསནྡྷིནིདྷིཏེམཱུལཀརབྷཱཙིཏྟཏིལཀབིཧརཏིསྨ། །
འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་བཞུགས་སོ། །


RTZ063_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་འོད་གསལ་སྙང་ཏིག་གི་ཆོས་སྐོར་བཞུགས་བྱང་ལ། སྔོན་འགྲོ་ཟབ་ལམ་སྒོ་འབྱེད། གསོལ་འདེབས་བྱིན་རླབས་མྱུར་ལམ་བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་། ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ། ཕྲིན་ལས་འཆི་མེད་སྲོག་སྒྲུབ། ཡན་ལག་ཚོགས་ཀྱི་འཁོར་ལོ། སྐོང་བཤགས་འོད་གསལ་ཐོལ་གླུ། ཐུན་མོང་སྨིན་བྱེད་ཡེ་ཤེས་ཐིག་ལ། དབང་བཞི་ཡེ་ཤེས་དཔལ་ལྟེར། གཏོར་དབང་བྱིན་རླབས་དཔལ་སྟེར་། བྱིན་རླབས་བརྡ་ཡི་དབང་བཞི། ལྷ་དབང་ཡེ་ཤེས་ཆར་འབེབས། ནང་སྒྲུབ་པདྨའི་དྲྭ་བ། གསང་སྒྲུབ་འོད་གསལ་དྲྭ་བ། ཡང་གསང་བླ་མ་དྲག་པོ་ཡི་དམ་དགོངས་


RTZ063_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་རིག་འཛིན་རྩ་རྒྱུད་ཡེ་ཤེས་དྲྭ་བ། སྒྲུབ་ཐབས་ལུང་གི་དུམ་བུ། མན་ངག་འཇའ་ལུས་རྡོ་རྗེའི་ཚིག་རྐང་། ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ་གྱི་སྒོས་གྲུབ། ཞི་མཛད་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ། རྒྱས་མཛད་རཏྣ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ། དབང་མཛད་པདྨ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ། དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ། རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་པ། འཇམ་དཔལ་འཆི་བདག་ཟིལ་གནོན། འཆི་མེད་དབང་ཆེན་འདུས་པ། དེའི་སྨིན་བྱེད་བྱིན་རླབ་སྣང་བ། ཁྲག་འཐུང་འདུས་པའི་དྲིལ་སྒྲུབ། ཁྲག་འཐུང་


RTZ063_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་དབང་ཆོག །བདུད་རྩི་བདེ་ཆེན་སྙིང་པོ། ཕུར་པ་འདུས་པའི་དྲིལ་སྒྲུབ། ཕུར་བུ་འདུས་པའི་དྲིལ་སྒྲུབ་ཕབ་འཕྲོ་ལུས་པ། ཚེ་སྒྲུབ་འཆི་མེད་དྲྭ་བ། དབང་བཞི་ཡེ་ཤེས་སྙིང་པོ་བྱིན་འབེབས་ཡེ་ཤེས་མཆོག་སྩོལ། ཕད་དཀར་སྒྲུབ་ཐབས་ཡེ་ཤེས་སྣང་བ། ཕྲིན་ལས་ཁྲིགས་བསྡེབས་ཡེ་ཤེས་སྣང་བའི་རྒྱན། ཕག་དཀར་རྒྱུན་ཁྱེར་སྙིང་པོར་དྲིལ་བ། ཕག་མོའི་མེ་མཆོད་ཕྲིན་ལས་སྣང་བའི་རྒྱན། ཕག་དཀར་སྨིན་བྱེད་བྱིན་རླབས་སྣང་བའི་རྒྱན། ཕག་མོ་དཀར་མོའི་ཚེ་སྒྲུབ། བཀའ་སྲུང་གསོལ་མཆོད་རྡོ་རྗེའི་དྲ་བ་བཅས་ལྡེབ། ༡༡༧ ཕག་དཀར་སྦྱིན་སྲེག་སྐབས། ཕག་དཀར་བདེ་ཆེན་དཀར་མོའི་ཚེ་དབང་ཆོག་ཁྲིད་ལྡེབ། ༤ ཕུར་པ་འདུས་པའི་དྲིལ་སྒྲུབ་ཕབ་འཕྲོའི་མཇུག་གཏན་ལ་ཕབ་པ་ལྡེབ། ༩ ཕུར་པ་འདུས་པའི་དྲིལ་སྒྲུབ་དབང་ཆོག་ལྡེབ། ༣ བཅས་གཏེར་གཞུང་། དེའི་དབང་ཆོག་རྡོ་རྗེ་བདུད་རྩིའི་བུམ་བཟང་ལྡེབ། ༡༠ བཀའ་སྲུང་སྲོག་དབང་རྡོ་རྗེའི་རྒྱ་ཅན་གཏེར་གཞུང་ལྡེབ། ༢ ལྕམ་དྲལ་དྲིལ་སྒྲུབ་སྲོག་དབང་


RTZ063_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་ཁྲིགས་ལྡེབ། ༥ སྔོན་འགྲོ་བླ་མའི་རྣལ་འབྱོར་ཟབ་ལམ་སྙིང་པོ་ལྡེབ། ༣ རྩ་གསུམ་འོད་གསལ་སྙིང་ཐིག་གི་སྨིན་ལམ་དབང་གི་ཕྲེང་བ་ཡེ་ཤེས་བདུད་རྩིའི་གསང་མཛོད་ལྡེབ། ༡༧༩ རྒྱུན་ལུང་མན་ངག་གི་དགོངས་དོན་འདུས་གསལ་དུ་བཤད་པ་འོད་གསལ་ཡེ་ཤེས་ཉིན་བྱེད་ལྡེབ། ༢༢བཅས། གར་དབང་འོད་གསལ་མདོ་སྔགས་གླིང་པས་ཡང་དུ་གཏན་ལ་ཕབ་གྲུབ་པའི་བཀའ་དྲིན་ལས་སྨིན་གྲོལ་དང་། བསྐྱེད་རྫོགས་ལས་ཚོགས། བཀའ་སྲུང་བཅས་ཟབ་རྒྱས་སུ་བཞུགས་པའོ། བསྔོ་ཆས་ལྡེབ། ༣༥༩ བཞུགས། དེ་ལྟར། རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་གཟིགས་འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་དང་། སླད་ནས་གར་དབང་འོད་གསལ་མོད་སྔགས་གླིང་པའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྐོར་བཅས་ཟབ་རྒྱས་སུ་བཞུགས་པ། མ་བུ་ཟུང་བསྡེབས་ཀྱི་དཔེ་རྒྱུན་དང་། སྨིན་གྲོལ་རྒྱབ་བརྟེན་བཅས་ཀྱི་རྒྱུན་ཤིན་ཏུ་དཀོན་པས། སྔོན་མེད་ཀྱི་ཟབ་གསང་མཆོག་ལ་ཅི་དགར་ལོངས་སྤྱོད་པའི་ཆེད་དུ་གཏེར་མཛོད་དཀྱུས་སུ་བཞུགས་སུ་གསོལ་ཏེ་པར་འགྲེམ་ཞུས་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག །


RTZ063_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་མཛོད། ཧྲཱིཿ༽ པ་ལ། ལང་གྲོ་ལོ་ཙཱ་བ་ཆེན་པོ་དཀོན་མཆོག་འབྱུང་གནས་ཀྱི་རྣམ་འཕྲུལ་རྩོད་བྲལ་སྒྲུབ་པའི་གཏེར་ཆེན་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་སམ་གསང་བའི་མཚམ་དུ་དུད་འཇོམས་ནམ་མཁའི་རྡོ་རྗེར་གྲགས་པ་གང་གིས་ཁམས་ཀྱི་གླ་བ་རྐང་གཅིག་ཡེ་རྒྱལ་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་ཟབ་ཆོས་རྩ་གསུམ་ཚེ་སྒྲུབ་པདྨ་གསང་ཐིག་གི་ཆོས་སྡེ་ཉིད། རྒྱ་ཆེན་བཀའི་བསྡུ་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས་རིན་ཆེན་གཏེར་མཛོད་དཀྱུས་སུ་བཞུགས་པར་བཞེད་ནས། ཕུལ་དུས་ཀྱི་དབང་གི་དགོངས་པ་ལམ་དུས་སུ་གྱུར་པ་ཉིད་ད་ལམ་བསྟན་རྒྱུན་ལ་དམིགས་ཏེ་འདིར་དཀྱུས་གཅིག་ཏུ་བཀོད་པ་ལ། ཟ་བ་ཆོས་པདྨ་བསང་ཐིག་དཀར་ཆག་ལྡེབ། ༣ རྩ་རྒྱུད་པདྨ་ཐབ་པ་ལྡེབ། ༡༠ སྔོན་འགྲོའི་ངག་འདོན་ཉུང་ངུར་བསྡུས་པ་རྣམ་མཁྱེན་ཤིང་རྟ་ལྡེབ། ༦ བརྒྱུང་འདེབས་བདུད་རྩིའི་ཟིལ་དངར་ལྡེབ། ༣ འཆི་མེད་ཚེ་ཡི་ཕྲིན་ལས་ལ་ལྡེབ། ༡༤ ཚེ་འགུགས་ལྡེབ། ཚེས་སྲུང་རྣམས་ཀྱི་རྒྱུན་གསོལ་བསྟན་དགྲ་ཚར་གཅོད་ལྡེབ། ༡ རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་ལམ་རྫོགས་ལྡེབ། ཞི་ཁྲོའི་བསྐོང་བཤགས་ཀྱི་ཆོ་ག་ཀུན་བཟང་ཁྲུས་ཆབ་ལྡེབ། བདག་དབང་ཡེ་ཤེས་རྒྱ་བོ་ལྡེབ། ༩ ཚེ་འདས་གནས་


RTZ063_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ཐུགས་རྗེའི་ལྕགས་ཀྱུ་ལྡེབ་ལྔ་དང་ལྷ་དབང་བཀོལ་བྱང་ལྡེབ། ༤ སྨི་བྱེད་དབང་གི་བྱང་བུ་ལྡེབ། ༥ ཚེ་དབང་གཏེར་བཞུང་ལྡེབ། ༡ རྩ་བའི་དབང་བསྐུར་རྒྱས་པའི་ཆོ་ག་བཀླག་ཆོག་ཏུ་བསྡེབས་པ་ཡེ་ཤེས་ཆུ་རྒྱུན་ལྡེབ། ༡༨ ཐུན་མོང་ཚེ་ཡི་དབང་བསྐུར་འཆི་མེད་གྲུབ་པའི་བཅུད་ལེན་ལྡེབ། ༦ རྩ་རྒྱུད་པདྨ་ཐབ་པའི་བསྡུས་འགྲེལ་པདྨོའི་དྲྭ་བ་ལྡེབ། ༢༨ བླ་བསླུ་བྱ་ཚུལ་སྲོག་འཚོའི་ལྗོན་ཤིང་ལྡེབ། ༢ བསྙེན་སྒྲུབ་རིམ་གཉིས་གྲུབ་པའི་ཤིང་རྟ་ལྡེབ། ༨ ཕྲི་ལས་རྣམ་བཞི་མྱུར་དུ་སྒྲུབ་པའི་སྲེག་བླུགས་ཀྱི་ཆོ་ག་སྣ་ཚོགས་ནོར་བུའི་བང་མཛོད་ལྡེབ། ༢༠ ཚོགས་བསྡུས་ལྡེབ། ༡ གྲུབ་མཆོག་སངས་རྒྱས་དབོན་པོའི་གཏེར་བྱོན་ཐུགས་སྒྲུབ་བདེ་གཤེགས་འདུས་པའི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་དངོས་གྲུབ་སྙིང་པོ་ལྡེབ། ༣༠ གུ་རུ་རྣམ་དག་གི་བསྟོད་པ་ལྡེབ། ༢ གཏེར་སྲུང་བཛྲ་ཀ་ཤའི་མཆོད་སྤྲིན་ལྡེབ། ༡ ཐུགས་སྒྲུབ་བདེར་འདུས་ལས་སྨིན་བྱེད་དབང་གི་ཆོ་ག་དངོས་གྲུབ་དཔལ་སྟེར་ལྡེབ། ༢༢ ཐུགས་སྒྲུབ་བདེ་གཤེགས་འདུས་པའི་འདོན་འགྲིགས་ལྡེབ། ༤ པདྨ་གསང་ཐིག་གི་


RTZ063_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལྡེབ། ༢ ཐུགས་སྒྲུབ་བདག་མདུན་དཀྱིལ་འཁོར་ལྡེབ། ༤ གཏོར་དཔེ་ལྡེབ། རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ་དྲང་སྲོང་བདེན་པའི་དབྱངས་སྙན་ལྡེབ། ༥ སྤར་བྱང་སྨོན་ཚིག་ལྡེབ། ༢ བཅས་བསྡོམས་༢༥༩བཞུགས་སོ། སརྦ་མངྒ་ལཾ།


RTZ063_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་གསེར་གྱི་ཁམས་ལས་གྲུབ་གྱུར་པའི། སྡེ་བཞིའི་སྙིང་པོ་རབ་མཐོ་དགེ་བཅུའི་རྩིབས། ཡང་དག་སྨོན་ལམ་བརྒྱ་ཡི་མུ་ཁྱུད་ཅན། ལས་ཀྱི་བྱེད་པོས་བསྐོར་ལ་ཅིའི་མི་བསྔགས། དེ་ཡང་མཉམ་མེད་ཐུབ་པ་ཆེན་པོའི་སྒྲིབ་བྲལ་མཁྱེན་པའི་ཡེ་ཤེས་ཀྱིས་ལུང་བསྟན་པ། རིས་མེད་བསྟན་པའི་ཤིང་རྟ་ཆེན་པོ་འཇམ་མགོན་རྡོ་རྗེ་འཆང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་ཀོང་སྤྲུལ་ཡོན་ཏན་རྒྱལ་མཚོ་མཆོག་གིས་ཟབ་མོ་གཏེར་གྱི་ཆོས་སྐོར་ཕྱོག་གཅིག་ཏུ་བསྒྲིགས་པ་རིན་པོ་ཆེ་གཏེར་གྱི་མཛོད་ཅེས་བྱ་བ་འདི་ཉིད་ཆོས་སྦྱིན་མི་ཟད་པའི་འབྱུང་གནས་རིག་གནས་ཀུན་འདུས་གཞལ་མེད་ཁང་ཆོས་མཛོད་བཀྲ་ཤིས་སྒོ་མང་གི་བྱ་བ་ལས་ཀྱི་འཁོར་ལོ་སྒྲུབ་པའི་དམ་པ་དུ་མའི་ལྷག་པའི་བསོད་ནམས་བཟང་པོས་མཚམས་སྦྱར་ནས་ཕྱི་མོ་བསགས་ཏེ་པར་དུ་བསྒྲུབས་ཚུལ་མདོ་ཙམ་སྨྲོས་ན། ཐོག་མར་དཔལ་སྤུངས་ཐུག་བསྟན་ཆོས་གླིང་དུ་འཇམ་མགོན་རིན་པོ་ཆེའི་དཀར་ཆག་ལྟར་པོད་དྲུག་ཅུ་རེ་གཉིས་ཅན་བཞུགས་པ་དེ་ལ་གཙོ་བོར་བྱས། དེ་རྗེས་སུ་ཡོངས་རྫོགས་བསྟན་པའི་


RTZ063_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བདག་དཔལ་རྒྱལ་བའི་དབང་པོ་༧ཀརྨ་པ་མཁའ་ཁྱབ་རྡོ་རྗེས་དཀར་ཆག་བསྒྲིགས་ཤིང་པར་དུ་བསྐྲུན་པ། འཇམ་མགོན་རྡོ་རྗེ་འཆང་གི་རྣམ་ཐར་སྐོར་པོད་གཅིག་བསྣན་ཏེ་པོད་རེ་གསུམ་བཞུགས་པ་སྟོང་ལུང་མཚུར་ཕུའི་པར་མ་དང་ཕྱིས་སུ་ཁྱབ་བདག་འཁོར་ལོའི་མགོན་པོ་དིལ་མཁྱེན་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བསྐྱར་དུ་འཕྲུལ་པར་དུ་བཀོད་པ་བཅས་ཡིན་པས། དེ་ཡང་སྔ་ཕྱིའི་པོད་རེ་གསུམ་སྟེང་། རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ལྗགས་སྒྲིགས་གནང་བའི་དབང་གི་བཅས་བཤམས་ལག་ལེན་མཚམས་སྦྱོར་སྐོར་བོད་བཞི། གཏེར་ཆེན་མཆོག་གླིང་རྫོགས་ཆེན་སྡེ་གསུམ་པོད་གཅིག ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་རྩ་གསུམ་འོད་གསལ་སྙིང་ཐིག་པོད་གཅིག ཁམས་རིན་པོ་ཆེ་རྗེས་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་ཀྱི་པདྨ་གསང་ཐིག་སྐོར་པོད་གཅིག་བཅས་འབོར་བསྡོམ་དྲིལ་བ་པོད་བདུན་ཅུ་ཐམ་པ་ཅན་བཞུགས་པ་རྣམས་ཁུངས་བསྟེན་ནས་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི་ལོའི་ས་ག་ཟླ་བའི་ཡར་ཚེས་ལ་པར་ཡིག་འབྲི་བརྐོས་དུ་མ་གདན་དྲངས་ཏེ་དཔལ་


RTZ063_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་པར་མ་ལྟར་དངོས་སུ་བཞེངས་རྒྱུའི་དབུ་ཚུགས། རབ་བྱུང་དེའི་ས་རྟ་པོར་མདོ་རྒྱུད་རིག་གནས་རྒྱལ་མཚོའི་མངའ་བདག་ཐང་བློ་ཚེ་དབང་བླ་སློབ་ཀྱིས་ཕྱག་བསྟར་མ་གཏེར་མཛོད་ཙཀ་དཀྱིལ་པོད་བཅུ་གཉིས་ཅན་བཞུགས་པ་མ་ཕྱི་བྱས་ཏེ་པར་དུ་བསྒྲུབ་པ་ལགས་ལ་སྐབས་དེ་དག་ཏུ་དག་པར་བགྱིས་པའི་ཚུལ་ནི་གཏེར་མཛོད་ཞུ་དག་ཐེངས་བཞི་བྱས་མཐར་མཁན་བཀྲ་ཤིས་དཔལ་ལྡན་མཆོག་གིས་མ་ཕྱི་ལྟར་ཡོངས་སུ་དྲིལ་བར་པོད་བདུན་ཅུ་ཅན་འདི་ཞུ་དག་དཀར་ཆག་ཆོག་སྒྲིག་གནང་བ་དང་ཙཀ་དཀྱིལ་རྣམས་སོ་སོའི་བཞུང་དང་བསྟུན་ནས་བསོད་ནམས་ཆོས་འཕེལ་དང་བྱང་ཆུབ་ཆོས་འཕེལ་རྣམ་གཉིས་ཀྱི་ཞིབ་གཟིགས་གནང་བ་དང་། གཞན་ཡང་མཆོག་སྤྲུལ་ཐུབ་བསྟན་ཚེ་རིང་གི་ཀྱང་གཏེར་མཛོད་ཞུ་དག་ལ་ཐུགས་ཁུར་རྒྱ་ཆེར་གནང་བ་མ་ཟད། ཁྱད་པར་དུ་ངེས་པ་དོན་གྱི་པཎྜི་ཏ་ཆེན་པོ་མཁན་ཚེ་རྣམ་མཆོག་གིས་ཐོག་མཐའ་ཀུན་ཏུ་ཞུ་དག་ཞི་བ་གཟིགས་དང་ཐུགས་ཁུར་བླ་མེད་རྩོལ་བའི་བདག་རྐྱེན་ལས་ད་ལམ་བོད་རབ་བྱུང་བཅུ་བདུན་པའི་ཆུ་ཕོ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཉིན་


RTZ063_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྲུབ་པར་བགྱིས་པ་དགེ་ལེགས་འཕེལ། ཇི་ལྟའི་ཆོས་ཉིད་སྤྲོས་པ་མེད་མཁྱེན་ཡང་། ཀུན་རྫོབ་རྣམ་འགྱུར་ཇི་སྙེད་སྤྲོས་ཚུལ་གྱིས། མ་འདྲེས་མཁྱེན་པའི་གདུལ་བྱའི་ཁམས་དབང་དང་། རྗེས་མཐུན་བདུད་རྩིའི་བགོ་བཤར་མཛད་འདི་རྨད། འོན་ཀྱང་ཉུང་ངུའི་ཐོས་པའི་བློ་ཁེངས་ཤིང་། ཆུང་ངུའི་གནས་ལ་དཔྱོད་པའི་མིག་གོམས་པས། ཟབ་ཅིང་རྒྱ་ཆེའི་གནས་ཀྱིས་འཇིག་གྱུར་ནས། རང་བློ་རྙོགས་མས་རྙོགས་མར་བསྒྲུབས་པའང་ཡོད། གཞན་དུ་སྟོན་པ་བཞི་ཡི་རིག་སྔགས་ཀྱིས་རྣམ་པར་དག་པའི་ཆོས་སྦྱན་རྣོན་པོ་ཡིས། མ་ནོར་གཟིགས་པས་ལེགས་བཤད་སྒོ་ཕྱེས་ཤིང་། གྲུབ་གཉིས་མཛད་དབང་བསྒྱུར་ཕྱིར་འཁྲུལ་ཡོད་མིན། དེ་ཕྱིར་སྲིད་བདེ་ལྕགས་ཀྱུས་སྙིང་བཏབ་པའི། བསྐྱར་དུ་གློག་པར་སོགས་རྒྱག་ལེན་མི་ཆོགས་བཅས། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་པོ་བཀྲ་ཤིས་སྒོ་མང་ནས། རབ་བྱུང་བཅུ་བདུན་པའི་སྤྲེལ་ཟླའི་ཚེས་བཅུ་ནས། ཛ་ཡན་ཏུ།


previousའོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིགno next