cover

སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།

པོད། ཨཱཿ༽

སི་ཏུ་པདྨ་ཉིན་བྱེད།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཚེ་དཔག་ལྷ་དགུའི་དཀྱིལ་ཆོག་སྨིན་དབང་རབ་གསལ་སྣང་བའི་ཉིན་བྱེད།


SPN002_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་ལྷ་དགུའི་དཀྱིལ་ཆོག་སྨིན་དབང་རབ་གསལ་སྣང་བའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །


SPN002_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ནཱ་ཐ་ཡེ། འདིར་བྱ་རྒྱུད་པདྨའི་རིགས་ཀྱི་གཙོ་བོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པས། མགོན་པོ་ཚེ་དཔག་ཏུ་མེད་པ་རང་གིས་བསྒྲུབ་ཅིང་དེའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བའི་གཞུང་ཇི་ལྟ་བར་གཞན་ལ་བསྐུར་ཞིང་འཆི་བ་བསླུ་བར་འདོད་པས། ཐོག་མར་སྟེགས་ཀྱི་ཁར་མཎྜལ་དགུ་ཚོམ་མམ། རས་བྲིས་དཀྱིལ་འཁོར་སྟེང་དུ། གཙོ་བུམ་དུང་ཆོས་རྡོ་རྗེ་དང་བཅས་ཤར་སྒོའི་གཡས། ལས་བུམ་གཡོན་དུ་བཞག་ལ། མཐའ་མཆོད་པས་བསྐོར། ནུབ་ངོས་སུ་མཆོད་གཏོར་དགུ་ཚོམ། སྒོ་བཞིར་དཀར་གཏོར་བཞི་དང་། ཆ་གསུམ་གཏོར་མ་བཤམས། ཁྲུས་བྱས། སྟན་བདེ་བ་ལ་འདུག་སྟེ། སྔོན་འགྲོ་གཏོར་མ།


SPN002_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཧ་ཡ་གྲཱྀ་ཝ་ཧྲཱིཿཧཱུྃ་ཕཊ་སྭཱ་ཧཱས་བསངས། སྭ་བྷཱ་ཝས་སྦྱངས། བྷྲཱུྃ་ལས་རིན་པོ་ཆེ་ཡི་སྣོད། །ཡངས་ཤིང་རྒྱ་ཆེའི་ནང་དུ་ནི། །ཁཾ་ལས་ལྷ་རྫས་ལས་གྲུབ་པའི། །གཏོར་མ་འདོད་ཡོན་ཕུན་ཚོགས་གྱུར། །ཨ་ཀཱ་རོ་སོགས་བརྗོད། ཨརྒྷཾ་པྲ་ཏིཥྩ་སྭཱ་ཧཱ། སོགས། ཧཱུྃ། ས་ལ་རྒྱུ་བའི་ལྷ་ཀུན་དང་། །གང་ཡང་ས་སྟེང་གནས་པ་རྣམས། །སེམས་ཅན་ཀུན་ལ་དགེ་དོན་དུ། །བྱམས་པའི་སེམས་ཀྱིས་གནས་པར་མཛོད། །ཅེས་ཕུལ། མཆོད་པ་བྱིན་རླབས་ནི། བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས། །རིན་ཆེན་སྣོད་ཀྱི་ནང་དུ་ནི། །ༀ་ལས་བྱུང་བའི་མཆོད་ཡོན་དང་། །ཞབས་


SPN002_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་མེ་ཏོག་བདུག་སྤོས་སོགས། །མཆོད་རྫས་བསམ་མི་ཁྱབ་པར་གྱུར། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སཱ་ཧཱ། སོགས་ཀྱིས་བྱིན་བརླབས། དེ་ནས་སྐྱབས་འགྲོ་ནི། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པའི་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །སོགས་ཀྱིས་སེམས་བསྐྱེད་བྱ། ཚོགས་ཞིང་ནི། རང་ཉིད་སྐད་ཅིག་ཚེ་དཔག་མེད། །ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། །བླ་མ་བཅོམ་ལྡན་ཚེ་དཔག་མེད། །དཀྱིལ་འཁོར་མདུན་དུ་སྤྱན་དྲངས་གྱུར། །ཐལ་མོ་སྦྱར་ཏེ། ན་མོ་གུ་ར་ཝེ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་མཎྜལ་ས་པ་རི་ཝཱ་ར་པཱ་ད་བནྡ་ནཾ་ཀ་རོ་མི། ཞེས་ཕྱག་བྱ། ཐུགས་ཀའི་ས་བོན་ལས་སྤྲོས་པའི། །ལྷ་མོ་མཆོད་རྫས་འཛིན་པས་མཆོད། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་བྷྱ་བཛྲ་ཨརྒྷྃ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། པཱ་དྱཾ་ནས། ཤབྡའི་བར། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་སོགས་ཡན་ལག་བདུན་པ་འབུལ། ༀ་བཛྲ་མཎྜལ་མཱུཿ


SPN002_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཞིང་གཤེགས། ཚད་མེད་བཞི་བསྒོམ། དངོས་གཞི་ནི། སྭ་བྷཱ་ཝ་སོགས། སྟོང་ཉིད་ཡེ་ཤེས་རྡོ་རྗེ་ལས། །བཾ་དང་རཾ་ལས་པད་ཉིའི་སྟེང་། །ཧཱུྃ་ལས་རྡོ་རྗེའི་སྲུང་འཁོར་ནང་། །སྣ་ཚོགས་རྡོ་རྗེའི་སྟེང་དུ་ནི། །བྷྲཱུྃ་ལས་གཞལ་ཡས་ཁང་གྲུ་བཞི། །སྒོ་བཞི་རྟ་བབས་བཞི་ལ་སོགས། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི། །དབུས་སུ་པཾ་ལས་པདྨ་དམར། །འདབ་མ་བརྒྱད་པའི་སྙིང་པོ་དང་། །འདབ་མ་རྣམས་ལ་ཟླ་བའི་སྟེང་། །རང་སེམས་ལ་དམིགས་ནས། བྱུ་རུའི་མདོག་ཅན་ཧྲཱིཿཡིག་ལས། །འོད་འཕྲོས་འཕགས་མཆོད་སེམས་ཅན་གྱི། །སྒྲིབ་སྦྱང་ཚུར་འདུས་ཡོངས་གྱུར་ལས། །དབུས་སུ་རྣམ་སྣང་ཚེ་དཔག་མེད། །ཤར་ལྷོ་ནུབ་བྱང་རིམ་པ་བཞིན། །རྡོ་རྗེ་རིན་ཆེན་པདྨ་དང་། །ཕྲིན་ལས་བྱ་གྲུབ་ཚེ་དཔག་མེད། །བྱང་ཤར་ལ་སོགས་གཡས་བསྐོར་དུ། །ཀུན་གཟིགས་ཡོན་ཏན་ཡེ་ཤེས་དང་། །མི་གཡོ་ཚེ་དཔག་མེད་མགོན་རྣམས། །སྐུ་མདོག་དམར་པོ་འོད་ཟེར་འཕྲོ། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་གིས། །རིན་པོ་ཆེའི་བུམ་པ་ནི། །ཚེ་དང་ཡེ་ཤེས་བདུད་རྩི་ཡིས། །གང་བ་བསྣམས་ཤིང་ཞི་ཉམས་ཅན། །དབུ་སྐྲ་རལ་པའི་ཐོར་ཚུགས་བཅིངས། །དར་དང་རིན་ཆེན་རྒྱན་


SPN002_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྤྲས། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི། །ཀུན་གྱི་སྤྱི་བོར་ༀ་དཀར་པོ། །མགྲིན་པར་ཨཱཿདམར་ཐུགས་ཀ་ཡི། །ཆ་སྨད་ཧཱུྃ་སྔོན་གྱིས་མཚན་པ། །གཙོ་བོའི་ཐུགས་ཀར་ཟླ་བའི་དབུས། །ཧྲཱིཿཡིག་དམར་པོའི་འོད་ཟེར་གྱིས། །བསྒོམ་པ་ལྟ་བུའི་ཡེ་ཤེས་པ། །འཁོར་དང་བཅས་པ་སྤྱན་དྲངས་གྱུར། །བཛྲ་ས་མ་ཡ་ཛཿབཅོམ་ལྡན་འདིར་ནི་བྱོན་པ་ལེགས། །སོགས། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས། ཛཿཧཱུྃ་བྃ་ཧོ་གཉིས་མེད་གྱུར། །སླར་ཡང་ཧྲཱིཿལས་འོད་འཕྲོས་པས། །དབང་གི་ལྷ་རྣམས་སྤྱན་དྲངས་ཏེ། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། གསོལ་བཏབ་དེ་བཞིན་གཤེགས་རྣམས་ཀྱིས། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། གསུང་ཞིང་ཡེ་ཤེས་བདུད་རྩིའི་ཆུས། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་སྤྱི་བོར་འཁྱིལ་པ་ལས། །འོད་དཔག་མེད་པས་དབུ་བརྒྱན་གྱུར། །ཅེས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་ལ་མཉམ་པར་བཞག །དེ་ལ་སྐྱོ་ན་བཟླས་པ་བྱ་སྟེ། ཐུགས་ཀར་གནས་པའི་ཧྲཱིཿཡིག་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི། །སྡིག་པ་སྒྲིབ་པ་ཐམས་ཅད་དང་། །ཚེ་


SPN002_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབང་ཐང་རྒུད་པ་བསལ། །སངས་རྒྱས་བྱང་སེམས་ཉན་རང་དང་། །ལྷ་དང་མི་ཡི་རིག་འཛིན་སོགས། །འཇིག་རྟེན་གསུམ་གྱི་བརྟན་གཡོའི་བཅུད། །བསྡུས་ནས་རང་གི་ལུས་ལ་ཞུགས། །ཐུགས་ཀའི་ཡིག་འབྲུ་ལ་ཐིམ་པས། །འཆི་མེད་ཚེ་ཡི་དཔལ་འབྱོར་དང་། །ཡེ་ཤེས་དངོས་གྲུབ་ཐོབ་པར་གྱུར། །ༀ་ན་མོ་བྷྲཱུྃ་ཨཱ་ཡུརྫྙཱ་ན་ཧྲཱིཿཨ་རོ་ལི་ཀ་ཧཱུྃ་ཧྲཱིཿསྙིང་པོའོ། །ཏདྱ་ཐཱ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཧྲཱིཿཧཱུྃ་བྷྲཱུྃ་སྭཱ་ཧཱ། མཚན་སྔགས་སོ། །ༀ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་སོགས་ཚེ་གཟུངས་བརྗོད། ཏདྱ་ཐཱ། ༀ་ཤ་བ་ལེ། ཨ་བ་ལེ། ས་མ་ཛ་ལེ། ནིར་དེ་ཤེ །ནིར་ཛཱ་ཏེ། ནི་རུཀྟེ། ནིར་མུ་ཁེ། ཛྭ་ལ་པ་རི་ཙྪ་ད་ནེ། སུ་ཁ་ཝ་ཏཱི་ནིར་དེ་ཤེ །ཨ་མྲྀ་ཏེ། ཨཱ་ཡུརྒརྦྷ་ནིར་ཧཱ་ནིར། ཨ་མྲྀ་ཏི་ཨཱ་ཡུཿཔྲ་སཱ་དྷ་ནི། ནིར་བུདྡྷི། ཨཱ་ཀཱ་ཤ་ནིར་དེ་ཤེ །ཨཱ་ཀཱ་ཤ་ནི་དེ་ཤེ །ཨཱ་ཀཱ་ཤ་ནིར་ཛ་ཏེ། ཨཱ་ཀཱ་ཤ་ནིར་ཀུ་ཤ་ལེ། ཨཱ་ཀཱ་ནིར་དཪྴ་ནེ། ཨཱ་ཀཱ་ཤ་ཨ་དྷིཥྛཱ་ནི། སུ་ཁ་ཝ་ཏཱི་ཨ་དྷིཥྛ་ན། རཱུ་པ་ནེར་དེ་ཤེ །ཙ་ཏྭཱ་རི་དྷརྨ་པྲ་སཱ་དྷ་ནེ། ཙ་དྭཱ་རི་ཨཱཪྱ་སཏྱ་པྲ་སཱ་དྷ་ནི། ཙ་ཏྭཱ་རེ་མརྒ་བྷ་ཝ་ན་པྲ་སཱ་དྷ་ནེ། བ་ལ་བཱིཪྱ་པྲ་སཱ་དྷ་ནེ། དྷརྨྨ་ཙྪེ་ད་ནེ། ཀུ་ཤ་ལེ། ཀུ་ཤ་ལ་ནིར་དེ་ཤེ །ཀུ་ཤ་ལ་པྲ་ཏིཥྛཱ་ནི། བུདྡྷ་ཀུ་ཤ་ལེ། བི་ཤུདྡྷ་པྲ་བྷཱ་ས་དྷརྨ་ཀི་ར་ཎ། ནིར་ཛཱ་ཏེ། ནིར་བུདྷེ། བི་མ་


SPN002_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལེ། བེ་ར་ཛེ། རཱ་ཛ་ས། ར་སཱ་གྲེ། ར་སཱ་གྲ་བ་ལེ། ར་སཱ་གྲ་ཨ་དྷིཥྛ་ཏེ། ཀུ་ལ། པྲ་ཏི་ཀུ་ལེ། བི་ཀུ་ལེ། དནྟེ། སུ་དཱནྟ་ཙིཏྟེ། སུ་པྲ་ཤནྟ་ཙིཏྟེ། སུ་པྲ་ཏིཥྛི་ཏེ། སུ་ལེ་སུ་མུ་ཁེ། དྷ་མེ་ཙ་དྷ་མེ། བ་ལེ་བ་ཙ་བ་ལེ། ཨ་ནུ་ཤཨ་ཝ་ལེ། བུདྡྷ་ཨཱ་ཀཱ་ཤ་གུ་ཎེ། བུདྷ་ཨཱ་ཀཱ་ཤ་ནིར་གུ་ཎེ། ཨ་མྲྀ་ཏ་དུནྡུ་བྷིཿསྭ་རེ་སྭཱ་ཧཱ། དེས་འཆི་མེད་རྔ་སྒྲའི་གཟུངས་རྣམས་བཟླ་བྱའི་སྔགས་ཏེ་སྔགས་དེ་རྣམས་གང་ལ་མོས་པ་མི་སྐྱོའི་བར་དུ་བཟླ། ཐུན་འཇོག་ན། བརྟན་པར་བྱེད་པ་ནི། རང་གི་སྙིང་གར་པདྨ་དམར། །འདབ་བཞི་ཟླ་བའི་གདན་བཅས་སྟེང་། །རིགས་ལྔ་ཚེ་དཔག་མེད་མགོན་དང་། །སྤྱི་བོའི་ནམ་མཁར་པད་ཟླའི་སྟེང་། །ཡེ་ཤེས་ཚེ་དཔག་མེད་མགོན་རྣམས། །རྒྱན་དང་ཆ་ལུགས་ཡོངས་རྫོགས་པ། །ཡེ་ཤེས་ཚེ་དཔག་མེད་པ་ཡི། །ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པ། །འཕགས་པ་རྣམས་ཀྱིས་བྱིན་རླབས་དང་། །བརྟན་གཡོའི་བཅུད་དང་ནུས་པ་བསྡུས། །ཡེ་ཤེས་ཚེ་དཔག་མེད་ལ་ཐིམ། །དེ་ཉིད་བདུད་རྩིར་རབ་ཞུ་བ། །ཚངས་བུག་ནས་ཞུགས་རིགས་ལྔར་ཐིམ། །དེ་རྣམས་ཞུ་བའི་བདུད་རྩི་ཡིས། །ལུས་ཀུན་ཁྱབ་ཅིང་གང་བ་ལས། །ལུས་ཟུངས་སེམས་ཀྱི་རྟེན་དུ་གྱུར། །མགོན་པོ་ཚེ་དཔག་མེད་པ་དང་། །རང་གི་སྒོ་གསུམ་དབྱེར་མེད་པའོ། །ཞེས་སྙིང་པོ་ལན་གསུམ་བཟླ། དེ་


SPN002_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བུམ་པའི་དཀྱིལ་འཁོར་ལ་དམིགས་ནས། དེའང་གཙོ་བུམ་ལ། སྭ་བྷཱ་ཝ་སོགས། སྟོང་ཉིད་ཡེ་ཤེས་རྡོ་རྗེ་ལས། །རྣམ་རྒྱལ་བུམ་པའི་གོ་ས་རུ། །སྣ་ཚོགས་པདྨ་ཉི་མ་ལ། །སྣ་ཚོགས་རྡོ་རྗེའི་སྟེང་དུ་ནི། །བྷྲཱུྃ་ལས་ཞེས་པ་ནས། འོད་དཔག་མེད་པས་དབུ་བརྒྱན་གྱུར། །ཞེས་པའི་བར་དང་། ལས་བུམ་ལ། ལས་ཀྱི་བུམ་པའི་གོ་ས་རུ། །སྣ་ཚོགས་པདྨ་ཉི་མའི་སྟེང་། །ཧཱུྃ་ལས་ཁྲོ་བོ་རྟ་མགྲིན་ནི། །དམར་ཞིང་ཉི་མ་ལྟར་འབར་བ། །སྤྱན་གསུམ་མཆེ་གཙིགས་ཧཱུྃ་སྒྲ་སྒྲོགས། །སྤྱི་བོར་རྟ་མགོ་ལྗང་གུས་མཚན། །ཕྱག་བཞི་པད་དབྱུག་རྡོ་རྗེ་དང་། །སྡིགས་མཛུབ་པདྨའི་སྡོང་པོ་འཛིན། །གཡོན་བརྐྱངས་ཁྲོ་བོའི་ཆས་ཀྱིས་བརྒྱན། །མེ་དཔུང་འབར་བའི་དབུས་བཞུགས་པའི། །གནས་གསུམ་འབྲུ་གསུམ་ཐུགས་སྟོད་ཧྲཱིཿ། འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། །ཛཿཧཱུྃ་བཾ་ཧོ་གཉིས་མེད་གྱུར། །སླར་ཡང་དབང་ལྷས་དབང་བསྐུར་ཏེ། །སྣང་བ་མཐའ་ཡས་དབུ་བརྒྱན་གྱུར། །མཆོད་བསྟོད་ཀྱི་རིམ་པ་ནི་སྔར་ལྟར་མཆོད་པ་བྱིན་གྱིས་བརླབས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་


SPN002_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་བྷྱ་བཛྲ་ཨརྒྷཾ་སོགས། འདོན་པ་སྤོས་ལ་མཆོད། གཞན་ཡང་མཆོད་པ་རྒྱས་བསྡུས་ཇི་ལྟར་རིགས་པས་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །སེམས་ཅན་སྡུག་བསྔལ་མ་ལུས་པ། །སྐད་ཅིག་ཉིད་ལ་ཞི་མཛད་པ། །སངས་རྒྱས་ཚེ་དཔག་མེད་ཕྱག་འཚལ། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །ཉེས་པའི་དྲི་མ་ཀུན་འཇོམས་པ། །རྡོ་རྗེའི་ལུས་ཅན་རྡོ་རྗེ་ཅན། །རྡོ་རྗེ་ཚེ་དཔག་མེད༴། བསམ་པའི་དོན་ཀུན་སྐད་ཅིག་གིས། །རང་འདོད་ཇི་བཞིན་ཚིམ་མཛད་དཔལ། །མཆོག་གི་བདག་ཉིད་ཆེན་པོ་སྟེ། །རིན་ཆེན་ཚེ་དཔག་མེད༴། ཇི་ལྟར་ཉོན་མོངས་དྲི་མ་ཡིས། །ཀུན་ནས་གོས་པར་མི་འབྱུང་ཞིང་། །ཐུགས་རྗེས་ཆགས་པའི་ཚུལ་སྟོན་པ། །པདྨ་ཚེ་དཔག་མེད༴། འདོད་པའི་དོན་རྣམས་མ་ལུས་པ། །སྐད་ཅིག་གིས་ནི་རྫོགས་པའི་དཔལ། །བསམ་ཀུན་འཕེལ་མཛད་དཔག་བསམ་ཤིང་། །ལས་ཀྱི་ཚེ་དཔག༴། ཉེས་པ་ཀུན་ལས་རྣམ་གྲོལ་ཞིང་། །སྣ་ཚོགས་ཡོན་ཏན་ཀུན་གྱིས་བརྒྱན། །འཁོར་བའི་སྐྱབས་མཛད་དཔའ་བོ་སྟེ། །ཀུན་གཟིགས་ཚེ་དཔག་མེད༴། སྟོབས་ཆེན་རྣམས་ཀྱིས་རབ་བརྒྱན་ཏེ། །མ་ལུས་མི་


SPN002_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་ཕྱོགས་བཅོམ་པ། །སྟོན་པ་སྲེད་མེད་བུ་ཡི་མཐུ། །ཡོན་ཏན་ཚེ་དཔག་མེད༴། མེ་ལོང་མཉམ་ཉིད་ལ་སོགས་པ། །ཡེ་ཤེས་མང་པོའི་མཛོད་འཛིན་ཅིང་། །རྟོག་པ་མ་ལུས་ཁྱོད་ཀྱིས་སྤངས། །ཡེ་ཤེས་ཚེ་དཔག་མེད༴། རྣམ་རྟོག་རླུང་གིས་ཁྱོད་མི་གཡོ། །མཐའ་བྲལ་ཏིང་འཛིན་ཞི་བ་སྟེ། །བདུད་དང་མུ་སྟེགས་འཇོམས་མཛད་པ། །མི་གཡོ་ཚེ་དཔག་མེད་ཕྱག་འཚལ། །ཞེས་བསྟོད། བུམ་བསྐྱེད་ཀྱི་ཚེ། ཧཱུྃ་ལས་བྱུང་བའི་རྟ་མགྲིན་རྒྱལ། །དྲག་པོའི་རྟ་སྐད་སྒྲོག་པ་ཡིས། །གདུག་པ་ཅན་རྣམས་འཇོམས་པར་མཛད། །ཁྲོ་བོའི་དབང་པོ་ལ་ཕྱག་འཚལ། །བུམ་པའི་སྟེང་གི་དུང་གི་ཆུ་ལ། ༀ་བཛྲ་ཨུ་ད་ཀ་ཧཱུྃ། ཞེས་ལན་བདུན་བཟླས། དེའི་སྟེང་དུ་གཟུངས་ཐག་རྡོ་རྗེ་བཞག་བའི་སྣེ་བཟུང་ལ། བདག་བསྐྱེད་ཞལ་ནས་སྔགས་བཟླས་པས། །བུམ་ལྷའི་ཐུགས་བརྒྱུད་བསྐུལ་བར་བསམ། །གཙོ་བོ་ལ། ༀ་བཻ་རོ་ཙ་ན་ཨཱ་ཡུརྫྙཱ་ན་སིདྡྷི་ས་མ་ཡེ་ཧཱུྃ། དེ་བཞིན་དུ། བཛྲ༴པདྨ༴རཏྣ༴ཀརྨ༴ཞེས་རིགས་བཞི་དང་། མཚམས་སུ། ༀ་སརྦ་ཨ་ཝ་ལོ་ཀི་ཏེ་ཨཱ་ཡུརྫྙཱ་ན་སིདྡྷི་ས་མ་ཡེ་ཧཱུྃ། དེ་བཞིན་དུ། གུ་ུཎ༴ཛྙཱ་ན༴ཨ་ཙ་ལ། སོགས་བཟླ། ལས་བུམ་ལ་གཟུངས་ཐག་སྤོས་ནས། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཞེས་བཟླ། མཐར་དུང་གི་


SPN002_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་མཆོད་ཡོན་གྱི་ཚུལ་དུ་འབུལ། གཞལ་ཡས་ཁང་དང་ལྷ་ཚོགས་རྣམས། །འོད་ཞུ་བུམ་པའི་བདུད་རྩིར་གྱུར། །དེ་ནས་མདུན་བསྐྱེད་དཀྱིལ་འཁོར་སྒྲུབ་པ་ནི། སྭ་བྷཱ་ཝ་སོགས་དང་། སྟོང་ཉིད་ཡེ་ཤེས་རྡོ་རྗེ་ལས། །མདུན་གྱི་ནམ་མཁར་པད་ཉི་དང་། །སྣ་ཚོགས་རྡོ་རྗེའི་ཞེས་པ་ནས། དབུས་སུ་པཾ་ལས་པདྨ་དམར། །ཞེས་པའི་བར་དང་། འདབ་མ་བརྒྱད་པའི་སྙིང་པོ་དང་། །འདབ་མ་རྣམས་ལ་ཟླ་བའི་སྟེང་། །བྱེ་རུའི་མདོག་ཅན་ཧྲཱིཿཡིག་ལས། །འོད་འཕྲོས་འཕགས་མཆོད་སེམས་ཅན་གྱི། །སྒྲིབ་སྦྱངས་ཚུར་འདུས་ཡོངས་གྱུར་ལས། །དབུས་སུ་རྣམ་སྣང་ཚེ་དཔག་མེད། །ཤར་ལྷོ་ནུབ་བྱང་རིམ་པ་བཞིན། །རྡོ་རྗེ་རིན་ཆེན་པདྨ་དང་། །ཕྲིན་ལས་བྱ་གྲུབ་ཚེ་དཔག་མེད། །བྱང་ཤར་ལ་སོགས་གཡས་བསྐོར་དུ། །ཀུན་གཟིགས་ཡོན་ཏན་ཡེ་ཤེས་དང་། །མི་གཡོ་ཚེ་དཔག་མེད་མགོན་རྣམས། །ཞེས་དང་། སྐུ་མདོག་དམར་པོ་སོགས་ཀྱི་སྐབས་ལྟར་ལས། འོད་དཔག་མེད་པས་དབུ་བརྒྱན་གྱུར། ཞེས་པའི་བར་བརྗོད། བདག་མདུན་ལྷ་ཚོགས་ཐམས་ཅད་ཀྱིས། །མགྲིན་གཅིག་བཟླས་པ་བྱེད་པར་འགྱུར། །ཞེས་པའི་རྗེས་སུ་གཙོ་འཁོར་གྱི་བཟླས་པ་ཅི་འགྲུབ་བྱ། མཆོད་པ་བྱིན་གྱིས་བརླབས་ལ་མཆོད་པ་དང་བསྟོད་པ་སྔར་ལྟར་བྱ། གཏོར་མ་བསངས་སྦྱངས་བྱིན་རླབས་སོགས་སྔོན་གཏོར་བཞིན་གྱི། ཨ་ཀཱ་རོ་སོགས། ཚེ་དཔག་མེད་པ་ལྷ་དགུ་ཡི། །དཀྱིལ་འཁོར་མདུན་དུ་གསལ་བར་གྱུར། །བར་


SPN002_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

མོས་ནས་མཚན་སྔགས་ཀྱི་མཐར། ན་མཿསརྦ་ཐཱ་ག་ཏེ་བྷྱོ་སོགས་བཏགས་པ་གསུམ་གྱིས་ཕུལ། བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །སོགས་འདོད་དོན་གསོལ་བ་བཏབ། གཞན་གྱི་འཆི་བསླུ་བྱེད་པར་འདོད་ན། དཀྱིལ་འཁོར་ཕྱོགས་བཞིར་རྒྱལ་ཆེན་བཞིའི་གཏོར་མ། ཤར་དུ་འོ་མ་དང་འབྲས་ཆན། ལྷོར་ཉ་ཤ་དང་བཙོས་པའི་བྱེ་བྲག །ནུབ་ཏུ་ཤ་རྗེན་དང་ཁྲག་སྣ། བྱང་དུ་ཆང་དང་ཤིང་ཏོག་སྣ་ཚོགས་བཀོད་ནས། གཏོར་མ་བསངས་སྦྱངས་སྔོན་འགྲོ་ལྟར་བྱ། ༀ་དྲི་དྷ་རཥྚ་ཡ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ་གྱིས་ཕུལ། ༀ་དྲི་དྷ་རཥྚ་ཡ་ས་པ་རི་ཝཱ་རེ་བྷྱེཿཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ཀྱིས་མཆོད། རྒྱལ་པོ་ཆེན་པོ་དཔལ་ལྡན་པ། །དུང་གི་མདོག་ཅན་པི་ཝཾ་འཛིན། །དྲི་ཟའི་ཚོགས་ལ་དབང་སྒྱུར་བ། །ཡུལ་འཁོར་སྲུང་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱི་རྗེས་སུ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཤར་ཕྱོགས་དྲི་ཟའི་གདོན་ལས་གྱུར་བའི་ནད་གདོན་ཉེ་བར་འཚེ་བ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། དེ་བཞིན་དུ། བི་རུ་ཌྷ་ཀ་ཡ་ན་མཿསོགས་ཀྱིས་གཏོར་མཆོད་ཕུལ། དཔའ་བོ་ཆེན་པོ་སྟོབས་པོ་ཆེ། །ཁ་དོག་སྔོན་པོ་རལ་གྲི་འཛིན། །གྲུལ་བུམ་ཚོགས་ལ་དབང་སྒྱུར་བ། །འཕགས་སྐྱེས་པོ་ལ་ཕྱག་འཚལ་ལོ། །མཆོད་


SPN002_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན༴སོགས་བརྗོད། བི་རུ་པཱཀྵ་ཡ་ན་མཿམངའ་བདག་ཆེན་པོ་མཐུ་བོ་ཆེ། །ཁ་དོག་དམར་པོ་སྦྲུལ་ཞགས་འཛིན། །ཀླུ་ཡི་ཚོགས་ལ་དབང་བསྒྱུར་བ། །མིག་མི་བཟང་ལ༴། མཆོད་སྦྱིན༴སོགས་དང་། ཀླུའི་གདོན་ལས༴སོགས། བཻ་ཤྲ་བ་ཎ་ཡ། སོགས། སྡེ་དཔོན་ཆེན་པོ་གསེར་མདོག་ཅན། །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་ཚོགས་ལ་དབང་སྒྱུར་བ། །རྣམ་ཐོས་སྲས་ལ༴མཆོད་སྦྱིན་སོགས། དེ་ནས་ཆ་གསུམ་གཏོར་མ་སྔོན་འགྲོ་བཞིན་བྱིན་བརླབས་ནས་བཏང་ལ། ནང་དུ་ཕྱིན་ནས་བདག་འཇུག་ལེན་པ་ནི། སློབ་མ་དབང་བསྐུར་བ་དང་མཚུངས་ཤིང་ཁྱད་པར་ཅུང་ཟད་ལ། ཇི་ལྟར་བལྟམས་པ༴སོགས་ཁྲུས་ནས་ལྷ་ངོ་བསྟན་པའི་བར་དང་། དེ་ནས་མཎྜལ་དང་དབང་གི་དངོས་གཞི་དཀྱུས་ལྟར་བྱའོ། །སློབ་མ་འཇུག་པ་ནི། གོས་གསར་པ་བགོས་ཏེ་མདུན་དུ་འཚོགས། ཆོས་བཤད་ཅི་རིགས་དང་མཎྜལ་ཕུལ། དེ་ནས་ཁྱེད་རྣམས་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །དགའ་ཆེན་ཁྱོད་བདག་སོགས། ལན་གསུམ་གྱིས་གསོལ་བ་གདབ། ལས་བུམ་གྱི་ཆུས་སློབ་མ་བསངས་ལ་སྔགས་བརྗོད། སྔོན་ཆད་དཀྱིལ་འཁོར་འདིར་མ་ཞུགས་པའམ། ཞུགས་ཀྱང་གསང་སྒྲོག་གི་ཉེས་པ་སྤངས་པའི་ཕྱིར་གདོང་གཡོགས་འཆིང་བར་མཛོད། ༀ་ཙཀྵུ་བྷནྡྷ།


SPN002_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། དཀྱིལ་འཁོར་གྱི་ལྷ་ལ་ཕྱག་རྟེན་དུ་ཡང་ཞིང་མ་ཉམས་པའི་མེ་ཏོག་གི་ཕྲེང་བ་ཞིག་གཏད་པའི་མོས་པ་མཛོད། ཨ་ཁཾ་བཱི་རཱ་ཧཱུྃ། དེ་ནས་ཁྱེད་རྣམས་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་དུ་གནས་པར་མོས་ལ། རྡོ་རྗེ་ཐེག་པའི་དམ་ཚིག་མཐའ་དག་རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་སུ་འདུས་པ་ཡིན་པས་དེ་དག་རྣམས་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། མགོན་པོ་སངས་རྒྱས་སོགས་སྡོམ་བཟུང་བྱ། ཁྱོད་རང་གི་སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དམར་པོ་རྩེ་ལྔ་པ་ཞིག་བསྒོམ་ལ་ཐམས་ཅད་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པའི་ངེས་པ་དང་ལྡན་པས་སྔགས་འདིའི་རྗེས་ཟློས་མཛོད། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡ་མི། སེམས་བསྐྱེད་པ་འདི་ཉིད་བརྟན་པར་གྱུར་པའི་མོས་པ་མཛོད། སྙིང་ཁར་རྡོ་རྗེ་མེ་ཏོག་དང་བཅས་པ་བཞག་སྟེ། ༀ་སུ་ུར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱི། ཁྱོད་ཀྱི་དེ་བཞིན་ཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པར་ཡང་མི་བྱའོ། །ཞེས་གསང་བར་གདམས། ཨ་ཁཾ་ཝཱི་


SPN002_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཧཱུྃ། དེ་ནས་ཁྱེད་རྣམས་དཀྱིལ་འཁོར་ཤར་སྒོའི་མདུན་དུ་ཁྲིད་པར་མོས་ཤིག །ༀ་བཛྲ་ས་མ་ཡ་ཧཱུྃ། ཞེས་ཤར་སྒོ་ནས་ཞུགས། ལྷ་རྣམས་གནས་པར་མོས་ཏེ། ཐལ་མོ་གནས་གསུམ་དུ་སྦྱར་ལ་འདིའི་རྗེས་ཟློས་མཛོད། ན་མ་སྟེ་ཧཱུྃ། ན་མ་མི་ཧཱུྃ། ན་མོ་ན་མ་ཧཱུྃ་སྭཱ་ཧཱ། ཞེས་བརྗོད་བཅུག་ལ། རྡོ་རྗེ་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས། གཉིས་པ་ཞིག་ཐོན་པ་ཁྱེད་རང་གི་སྙིང་གར་ཐིམ་པར་མོས་མཛོད། དེ་བཞིན། རིན་ཆེན་ཚེ་དཔག་མེད་སོགས་བརྗོད། ཞེས་ནུབ་སྒོ་སོགས་དང་སྔགས་བཅས། པདྨ་ཚེ་དཔག་མེད་སོགས་བཞིན། ཞེས་བྱང་སྒོ་སོགས་དང་སྔགས་བཅས། ཀརྨ་ཚེ་དཔག་སོགས་བརྗོད། སླར་ཡང་ཤར་གྱི་ལྷ་སྣམ་དུ་འཁོད་པར་མོས་ཤིག །སློབ་དཔོན་གྱིས་རྡོ་རྗེ་གདེངས་བཞིན་པས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེས་ན་ངས་ཁྱེད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་དཀྱིལ་འཁོར་འདི་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། མགོ་བོར་རྡོ་རྗེ་བཞག་ལ། འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱི་གལ་ཏེ་འགའ་ཞིག་ལ་སྨྲས་


SPN002_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཀླད་པ་འགས་པར་འགྱུར་རོ། །རྡོ་རྗེ་སྙིང་ཁར་བཞག་ལ། ༀ། ཚེ་དཔག་མེད་མགོན་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་བཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་ནས་བྱིན་གྱིས་བརླབས་པའི་དམ་ཚིག་གི་ཆུ་སྦྱིན་པ་ནི། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིགༀ་སརྦ་པཉྩ་ཨ་མྲྀ་ཏ་ཨུ་ུད་ཀ་ཋཿབཀའ་བསྒོ་བ་ནི། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཚེ་དཔག་ཏུ་མེད་པ་ང་ཡིན་གྱི་ངས་འདི་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་ཤི་བའི་དུས་བྱས་ན་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཡེ་ཤེས་པ་དབབ་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །བདག་ལ་འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། ད་ཡེ་ཤེས་ལྷའི་བྱིན་འབེབས་པའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། ༀ་བཛྲ་ཀྲོ་དྷ་སོགས་ཀྱིས་སློབ་མ་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དམར་པོ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མགོན་པོ་ཚེ་དཔག་མེད་སྐུ་


SPN002_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་འཆི་མེད་ཚེ་ཡི་བུམ་པ་བསྣམས་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཧྲཱིཿདམར་པོ་འོད་འབར་བ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ལྷ་དང་དྲང་སྲོང་དང་རིག་པ་འཛིན་པ་དང་གྲུབ་པ་ཐོབ་པ་དང་། ནོར་བུ་དང་སྨན་དང་རྩི་དང་བཅུད་ལ་སོགས་པ་ལ་ཚེ་བསྲིང་བའི་ནུས་པ་ཇི་སྙེད་ཡོད་པ་ཐམས་ཅད་ཧྲཱིཿཡིག་དམར་པོའི་རྣམ་པར་སྤྱན་དྲངས། བ་སྤུའི་བུ་ག་ནས་ཞུགས་ལུས་ཐམས་ཅད་ཧྲཱིཿདམར་པོས་གང་བས་འཆི་བ་མེད་པའི་ཚེ་དང་རྡོ་རྗེ་ལྟ་བུའི་སྲོག་ཐོབ་པར་སྒོམས། སྔགས་ཐུང་གཉིས་དང་། ༀ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་བདུག་པ་རོལ་མོ་དང་བཅས་པས་ཡེ་ཤེས་དབབ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཡེ་ཤེས་པ་དེ་ཉིད་བརྟན་པར་མི་འགྱུར་བའི་ཕྱིར་རྒྱས་གདབ་པའི་མོས་པ་མཛོད། ཏིཥྛ་བཛྲ། སྣང་བ་བརྟགས་པ་ནི། དེ་ནས་སྔོན་ཚེ་གང་ལ་སྦྱངས་པའི་རིགས་ཀྱི་ལྷ་སྐལ་བརྟག་པའི་དོན་དུ། པྲ་ཏིཙྪ་བཛྲ་ཧོཿཞེས་བརྗོད་བཞིན་པས་དཀྱིལ་འཁོར་དུ་མེ་ཏོག་དོར་ཅིག །སློབ་མས་སྔགས་བརྗོད་བཞིན་པས་མེ་ཏོག་དོར་ལ། སླར་མེ་ཏོག་སྤྱི་བོར་བཀོད། མེ་ཏོག་གང་ལ་ཕོག་པའི་ལྷ་དེ་ཉིད་ཀྱིས་བྱིན་


SPN002_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ་ཅིང་རྗེས་སུ་བཟུང་བར་མོས་ཤིག །པྲ་ཏི་གྲྀ་ཧྞ་སྭ་ཨི་མཾ། སཏྭ་མ་ཧཱ་བ་ལ། མ་རིག་པའི་སྒྲིབ་གཡོགས་དང་ལྷན་ཅིག་མིག་རས་བསལ་པའི་མོས་པ་མཛོད། མིག་དར་བསལ། ༀ་བཛྲ་ནཻ་ཏྲ་ཨ་བ་ཧ་ར་པ་ཊ་ལམ་ཧྲཱིཿསྭཱ་ཧཱ། ལྷ་ངོ་བསྟན་པ་ནི། ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་མཐོང་བར་མོས་ཤིག །སྤྲོ་ན། རས་བྲིས་ཀྱི་དཀྱིལ་འཁོར་འདི་ཉིད་ཡོན་ཏན་དཔག་ཏུ་མེད་པ་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་དབུས་སུ་ཐར་པ་ཆེན་པོའི་ཕོ་བྲང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཟླ་བའི་གདན་ལ་ཆོས་དབྱིངས་ཡེ་ཤེས་གྱི་ངོ་བོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ། ཤར་དང་ཤར་ལྷོའི་འདབ་མར་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་ཚེ་དཔག་མེད་དང་། ཀུན་གཟིགས་ཚེ་དཔག་མེད། ལྷོ་དང་ལྷོ་ནུབ་ཀྱི་འདབ་མར་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་ཚེ་དཔག་མེད་དང་། ཡོན་ཏན་ཚེ་དཔག་མེད། ནུབ་དང་ནུབ་བྱང་གི་འདབ་མར་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་པདྨ་ཚེ་དཔག་མེད་དང་ཡེ་ཤེས་ཚེ་དཔག་མེད། བྱང་དང་བྱང་ཤར་གྱི་འདབ་མར་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་ཀརྨ་ཚེ་དཔག་མེད་དང་མི་གཡོ་ཚེ་དཔག་མེད་རྣམས་མངོན་སུམ་དུ་མཐོང་བའི་མོས་པ་


SPN002_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། དབང་གི་དངོས་གཞི་ལས། ཐོག་མར་བཀྲུ་བྱབ་བསྲུང་བའི་ལས་བྱ་བ་སྟེ། བུམ་པ་ལྷ་གྲངས་ཡོད་ཚེ་མཚམས་བུམ་བཞི་དང་། ལས་བུམ་གྱིས་འཁྲུད་པ་ཡིན་ཀྱང་། བུམ་པ་གཉིས་ལས་མེད་ན་རྣམ་རྒྱལ་ནས་ལས་བུམ་དུ་ཅུང་ཟད་བླུགས་པས་ཁྲུས་བྱ་བ་ནི། དེ་ནས་དཀྱིལ་འཁོར་གྱི་མཚམས་བཞི་ན་བཞུགས་པའི་ཀུན་གཟིགས་ཚེ་དཔག་མེད་དང་། ཡོན་ཏན་ཚེ་དཔག་མེད་དང་། ཡེ་ཤེས་ཚེ་དཔག་མེད་དང་། མི་གཡོ་ཚེ་དཔག་མེད་རྣམས་ཀྱི་ཕྱག་གི་བུམ་པ་ལས་བབས་པའི་བདུད་རྩིའི་རྒྱུན་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་ཐམས་ཅད་བཀྲུས་ཏེ་འོག་སྒོ་དང་། སེན་ཁྲག་ནས་དུད་ཁུ་དང་སོལ་ཁུའི་རྣམ་པར་ཐོན་པའི་མོས་པ་མཛོད། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཞེས་སོགས་ཚིགས་བཅད་ཀྱི་མཐར། སྙིང་པོ་རྟ་མགྲིན་གྱི་སྔགས་ཀྱི་རྗེས་སུ་ཆེ་གེ་མོའི། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ། ནད་ཐམས་ཅད༴གདོན་ཐམས་ཅད༴རིམས་ཐམས་ཅད༴ཡམས་ཐམས་ཅད༴ཉེ་བར་འཚེ་བ༴འཁོན༴གྲིབ༴བྱད༴བྱུར༴སྐལ་བ་ངན་པ༴ལྟས་ངན་པ༴རྨི་ལམ༴བཀྲ་མི་ཤིས་པ་ཐམས་ཅད༴དུས་མ་ཡིན་འཆི་བ༴མཚན་མོ་ནག་མོའི་གདོན༴དུས་ཀྱི་ཞགས་པ༴གཤིན་རྗེའི་ཕོ་ཉ༴བགེགས་དང་ལོག་འདྲེན་ཐམས་ཅད་ཤཱིནྟཾ་


SPN002_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་རུ་སྭཱ་ཧཱ། ཞེས་བཀྲུ་བས་ནད་གདོན་དག་པར་བསམས་ཏེ། ཁྲུས་བྱས་པའི་མཇུག་ཏུ་ཆུ་ཅུང་ཟད་ཁ་རུ་བཟུང་དུ་བཅུག །རྨ་བྱའི་སྒྲོས་བྱབ་པའི་ཚེ་ནད་ལ་སོགས་པ་བླངས་ཏེ་ཆུར་དོར་བར་དམིགས་ལ། ད་བྱབ་པས་བསལ་བ་ནི། རྨ་བྱའི་སྒྲོ་མདོངས་ཀུ་ཤའི་ཆུན་པོ་དང་བཅས་པ་འདིས་ཁྱེད་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་རྡོ་ཁབ་ལེན་གྱི་ལྕགས་ཕྱེ་བླངས་པ་ལྟར་འུབ་ཀྱིས་བསྡུས་ཏེ་ཁྲུས་ཆུར་བྱབས་ནས་བསལ་བའི་མོས་པ་མཛོད། སྔགས་གཉིས་ཀྱི་རྗེས་སུ། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡ་སྭཱ་ཧཱ། སོགས་གོང་བཞིན་བརྗོད་ལ་བྱབ་པར་བྱའོ། །ཁར་གནས་པའི་ཆུ་ཁྲུས་ཆུའི་ནང་དུ་དོར་བཅུག །རྒྱ་གཞུང་ལས། དེ་ནས་ཆུ་དེ་མ་བོ་བར། །ཆུ་བོ་ཆེ་དང་ལྡེང་ཀ་མཚོ། །ཆུ་ཆེན་རྣམས་ལ་དོར་གྱུར་ན། །ངེས་པར་འཆི་ལས་བཟློག་པ་ཡིན། །ཞེས་གསུངས་པ་ལྟར་ཆུ་ལ་དོར་ཅིག །ཅེས་ཆུ་དེ་གདོན་བགེགས་རྣམས་བསྐྲད་པའི་དམིགས་པ་དང་ཐུན་གྱིས་བྲབ། བདུག་པ་རོལ་མོ་བྱ་བ་དང་ལྷན་ཅིག་དོར་བར་བྱའོ། །སློབ་མའི་སྤྱི་བོ། མདུན་རྒྱབ་གཉིས། དཔུང་པ་གཉིས། པུས་མོ་གཉིས་ལ་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ད་ཁྱེད་རང་རྣམས་ཀྱི་གནས་བདུན་དུ་རྡོ་རྗེས་རེག་པས་རྡོ་རྗེ་དེ་འདྲ་བ་གྲངས་མེད་འཕྲོས་ནས་ལུས་ལ་རྡོ་རྗེའི་གོ་ཁྲབ་དང་ལྡན་པས་ནད་གདོན་བར་ཆད་ཐམས་ཅད་ལས་ཕྱིན་ཆད་བསྲུང་བའི་མོས་པ་མཛོད།


SPN002_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་གཉིས་བརྗོད། སྡིག་པ་སྒྲིབ་པ་ཐམས་ཅད་ལས་རཀྵ་རཀྵ། སོགས་གོང་བཞིན་བརྗོད་དོ། །འཆི་བསླུ་དང་འབྲེལ་ན། དཀྱིལ་འཁོར་དུ་བཞག་པའི་དར་དམར་ལ་གཟུངས་བྲིས་པ་བསྲུང་བའི་དོན་དུ་གདབ་བོ། །དེ་ནས་བདེན་པའི་ཚིག་བརྗོད་དེ། སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཆོས་ནི་ཆོས་མ་ཡིན་པ་ལས། །དགེ་འདུན་མུ་སྟེགས་རྣམས་ལས་རྒྱལ། །དབང་པོ་ལྷ་མིན་རྣམས་ལས་རྒྱལ། །ལྷ་མིན་ཟླ་བ་རྣམས་ལས་རྒྱལ། །ནམ་མཁའ་ལྡིང་ནི་རྒྱ་མཚོ་ལས། །མེ་ནི་ཤིང་རྣམས་ཀུན་ལས་རྒྱལ། །ཆུ་ཡང་མེ་ལས་རྒྱལ་བར་གྱུར། །རླུང་གིས་སྤྲིན་ནི་རྣམ་པར་གཏོར། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུག །ལྷ་རྣམས་བདེན་པར་རབ་ཏུ་གནས། །ས་ཡང་བདེན་པར་གནས་པ་ལགས། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །དེ་བཞིན་འཕགས་པའི་དགེ་འདུན་བདེན། །བདེན་པ་རྒྱལ་གྱུར་རྫུན་མ་ལགས། །བདེན་པ་དང་བདེན་པའི་ཚིག་འདི་དག་གིས། ཆེ་གེ་མོ་ཞེས་བྱ། བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིགཛ་ཡ་ཛ་ཡ། རྡོ་རྗེ་དང་བཅས་པའི་ལག་པས་སྔར་གྱི་སྟན་ལས་བསླངས་ཏེ་སྟན་གསར་པ་ཞིག་གི་སྟེང་དུ་བཞག་ལ། དེ་ནས་དབང་གི་དངོས་གཞི་ཞུ་བའི་དོན་དུ་མཎྜལ། ཞེས་མཎྜལ་ཕུལ་ལ། དེ་ནས་ཁྱེད་རྣམས་དམིགས་པ་འདི་བཞིན་དུ་མཛོད། མདུན་བསྐྱེད་དང་སློབ་དཔོན་གྱི་ཐུགས་


SPN002_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནས་འོད་ཟེར་འཕྲོས་པས་རིགས་སྔགས་འདི་ལ་དགོངས་པ་གཅིག་པ་དང་དབྱངས་གཅིག་པའི་སངས་རྒྱས་ནི། ཤར་ཕྱོགས་ནས་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ། ཤར་ལྷོ་ནས་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི། ལྷོ་ཕྱོགས་ནས་སངས་རྒྱས་བྱེ་བ་ཕྲག་བཞི་བཅུ་རྩ་བདུན། ལྷོ་ནུབ་ནས་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་རྩ་ལྔ། ནུབ་ཕྱོགས་ནས་སངས་རྒྱས་བྱེ་བ་ཕྲག་ལྔ་བཅུ་རྩ་ལྔ། ནུབ་བྱང་ནས་སངས་རྒྱས་བྱེ་བ་ཕྲག་བཞི་བཅུ་རྩ་ལྔ། བྱང་ཕྱོགས་ནས་སངས་རྒྱས་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག །བྱང་ཤར་ནས་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ། དབུས་ཕྱོགས་ནས་སངས་རྒྱས་བྱེ་བ་ཕྲག་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་བཅས་པ་རྣམས་སྤྱན་དྲངས་དབང་བསྐུར་བའི་དགོངས་པ་མཛད། དཀྱིལ་འཁོར་གྱི་གཙོ་བོ་རྣམ་སྣང་ཚེ་དཔག་ཏུ་མེད་པས་རིན་པོ་ཆེའི་བུམ་པ་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་སྤྱི་བོར་དབང་བསྐུར་བས་ཚངས་བུག་ནས་ཞུགས། རྐང་མཐིལ་ཡན་གྱི་ལུས་ཐམས་ཅད་བདུད་རྩིས་གང་བར་གྱུར། ལུས་ལ་རྣམ་སྣང་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་གྲོལ་ཏེ། །བསྐལ་པ་སྟོང་དུ་ཚེ་འཕེལ་ནས། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །ༀ་བཻ་རོ་ཙ་ན་ཨཱ་ཡུརྫྙཱ་ན་སིདྡྷི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ཅུང་ཟད་འཐུང་དུ་གཞུག །


SPN002_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་སྦྱིན་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །སྦྱིན་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །སྦྱིན་པ་མཐར་ཕྱིན་ཚེ་ནི་འཕེལ་བར་ཤོག །ཕར་ཕྱིན་གཞན་ལའང་སྦྱར་བས་བདེན་སྟོབས་བརྗོད། དེ་ལྟར་དབང་བསྐུར་བས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང་། ཁྱད་པར་དུའང་གཏི་མུག་གི་སྒོ་ནས་གཞན་གྱི་སྲོག་བཅད་པས་ཚེ་ཐུང་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དག །རྣམ་སྣང་ཚེ་དཔག་མེད་ཀྱི་ངོ་བོར་གྱུར། ཆུའི་ལྷག་མ་སྤྱི་བོར་གནས་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། དཀྱིལ་འཁོར་གྱི་རྡོ་རྗེ་ཚེ་དཔག་ཏུ་མེད་པས་རིན་པོ་ཆེའི་བུམ་པ་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་སྤྱི་བོར་དབང་བསྐུར་བས་ཚངས་བུག་ནས་ཞུགས། རྐང་མཐིལ་ཡན་གྱི་ལུས་ཐམས་ཅད་བདུད་རྩིས་གང་བར་གྱུར། བུམ་པ་དཔྲལ་བར་བཞག་ལ། ལུས་ལ་རྡོ་རྗེའི་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་གྲོལ་ཏེ། །བསྐལ་པ་སྟོང་དུ་ཚེ་འཕེལ་ནས། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །ༀ་བཛྲ་ཨཱ་ཡུཛྙཱ་ན་སིདྡྷི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཚུལ་ཁྲིམས་སྟོབས་ཀྱིས་སངས་རྒྱས༴། སོགས་དང་། དེ་ལྟར་དབང་བསྐུར་བས་འཁོར་བ་ཐོག་མེད་ནས་


SPN002_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པའི་སྡིག་སྒྲིབ་ཐམས་ཅད་དང་། ཁྱད་པར་དུའང་ཞེ་སྡང་གི་སྒོ་ནས་གཞན་གྱི་སྲོག་བཅད་པས་ཚེ་ཐུང་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དག །རྡོ་རྗེ་ཚེ་དཔག་མེད་པའི་ངོ་བོར་གྱུར། ཆུའི་ལྷག་མ་དཔྲལ་བའི་སྟེང་དུ་གནས་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དཀྱིལ་འཁོར་གྱི་ཚེ་དཔག་ཏུ་མེད་པས་རིན་པོ་ཆེའི་བུམ་པ་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་སྤྱི་བོར་དབང་བསྐུར་བས་ཚངས་བུག་ནས་ཞུགས། རྐང་མཐིལ་ཡན་གྱི་ལུས་ཐམས་ཅད་བདུད་རྩིས་གང་བར་གྱུར། བུམ་པ་ལྟག་པར་བཞག་ལ། ལུས་ལ་པདྨའི་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་གྲོལ་ཏེ། །བསྐལ་པ་སྟོང་དུ་ཚེ་འཕེལ་ནས། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །ༀ་པདྨ་ཨཱ་ཡུཛྙཱ་ན་སིདྡྷི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། བཟོད་པའི་སྟོབས་ཀྱིས། སོགས། དེ་ལྟར་དབང་བསྐུར་བས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང་། ཁྱད་པར་དུའང་འདོད་ཆགས་ཀྱི་སྒོ་ནས་གཞན་གྱི་སྲོག་བཅད་པས་ཚེ་ཐུང་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དག །པདྨ་ཚེ་དཔག་མེད་པའི་ངོ་བོར་གྱུར། ཆུའི་ལྷག་མ་ལྟག་པའི་སྟེང་དུ་གནས་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། དཀྱིལ་འཁོར་གྱི་རིན་ཆེན་ཚེ་དཔག་ཏུ་མེད་པས་རིན་


SPN002_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་སྤྱི་བོར་དབང་བསྐུར་བས་ཚངས་བུག་ནས་ཞུགས། རྐང་མཐིལ་ཡན་གྱི་ལུས་ཐམས་ཅད་བདུད་རྩིས་གང་བར་གྱུར། བུམ་པ་རྣ་ལྟག་གཡས་སུ་བཞག་ལ། ལུས་ལ་རིན་ཆེན་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་གྲོལ་ཏེ། །བསྐལ་པ་སྟོང་དུ་ཚེ་འཕེལ་ནས། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །ༀ་རཏྣ་ཨཱ་ཡུརྫྙཱ་ན་སིདྡྷི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། བརྩོན་འགྲུས་སྟོབས༴། སོགས། དེ་ལྟར་དབང་བསྐུར་བས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང། ཁྱད་པར་དུའང་སེར་སྣ་དང་ང་རྒྱལ་གྱི་སྒོ་ནས་གཞན་གྱི་སྲོག་བཅད་པས་ཚེ་ཐུང་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དག །རིན་ཆེན་ཚེ་དཔག་མེད་པའི་ངོ་བོར་གྱུར། ཆུའི་ལྷག་མ་རྣ་ལྟག་གཡས་སུ་གནས་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། དཀྱིལ་འཁོར་གྱི་ལས་ཀྱི་ཚེ་དཔག་ཏུ་མེད་པས་རིན་པོ་ཆེའི་བུམ་པ་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་སྤྱི་བོར་དབང་བསྐུར་བས་ཚངས་བུག་ནས་ཞུགས། རྐང་མཐིལ་ཡན་གྱི་ལུས་ཐམས་ཅད་བདུད་རྩིས་གང་བར་གྱུར། བུམ་པ་རྣ་ལྟག་གཡོན་དུ་བཞག་ལ། ལུས་ལ་ལས་ཀྱི་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་གྲོལ་ཏེ། །བསྐལ་པ་སྟོང་དུ་ཚེ་འཕེལ་


SPN002_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །ༀ་ཀརྨ་ཨཱ་ཡུཛྙཱ་ན་སིདྡྷི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། བསམ་གཏན་སྟོབས༴སོགས། དེ་ལྟར་དབང་བསྐུར་བས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང་། ཁྱད་པར་དུའང་ཕྲག་དོག་གི་སྒོ་ནས་གཞན་གྱི་སྲོག་བཅད་པས་ཚེ་ཐུང་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དག །ལས་ཀྱི་ཚེ་དཔག་མེད་པའི་ངོ་བོར་གྱུར། ཆུའི་ལྷག་མ་རྣ་ལྟག་གཡོན་དུ་གནས་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། དེ་ལྟར་ཚེ་ལྷ་རིགས་ལྔའི་སྒོ་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུའི་དབང་བསྐུར་བ་ཐོབ་ནས། དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཞག་ནས་དབང་བསྐུར་བ་ནི། པདྨའི་ཕྱག་རྒྱ་སྤྱི་བོར་བཞག་ལ། ༀ་པདྨ་ཨུཏྤྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། རང་གི་རིགས་བདག་གཙོ་བོར་གནས་པས་དབུ་བརྒྱན་པར་མོས་ལ་ཅོད་པན་གྱི་དབང་བསྐུར་བའི་མོས་པ་མཛོད། རིགས་ལྔའི་ཅོད་པན་བཅིངས་ལ། བུདྡྷ་ཨ་བྷི་ཥིཉྩ་ༀ། བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཨ་བྷི་ཥིཉྩ་ཏྲཾ། པདྨ་ཨ་བྷི་ཥིཉྩ་ཧྲཱིཿཀརྨ་ཨ་བྷི་ཥིཉྩ་ཨཱཿདར་དཔྱངས་བཅིངས་ལ། པཊྚ་ཨ་ཝ་ལམ་བི་ནི་ཨ་བྷི་ཥིཉྩ་ཏྲཱཾ། ཤེས་རབ་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །སོགས་དང་། དེ་ནས་དབང་གི་མཐའ་རྟེན་དུ་རྒྱལ་སྲིད་རིན་ཆེན་སྣ་བདུན་གྱི་དབང་བསྐུར་བའི་མོས་པ་མཛོད། ཅེས་


SPN002_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་ནམ་ཕྱག་རྒྱ་སྦྱིན་ཞིང་། གསེར་ལས་ལེགས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང་། །དང་པོའི་ས་ལས་རྣམ་པར་རྒྱལ་གྱུར་གང་། །འཁོར་ལོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། བདུད་ཐམས་ཅད་ལས་རྒྱལ་བའི་ཆོས་ཀྱི་འཁོར་ལོ་ནམ་མཁའི་མཐས་གཏུག་པར་བསྐོར་ནུས་པའི་དབང་དང་ལྡན་པར་གྱུར་ཅིག །དྲི་མེད་བཻ་ཌཱུཪྱ་འདྲའི་རིན་པོ་ཆེ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་པ། །སྒྲིབ་མེད་མཚན་མོ་ཅི་འདྲ་ཉིན་དེ་བཞིན། །ནོར་བུ་རིན་ཆེན༴། མ་ཎི་རཏྣ༴ཚེ་དཔག་ཏུ་མེད་པའི་འོད་དང་ལྡན་ཞིང་ལྷ་དང་བཅས་པའི་འཇིག་རྟེན་པ་ཐམས་ཅད་རང་རང་གི་གཟི་བརྗིད་ཀྱིས་ཟིལ་གྱིས་ནོན་པའི་དབང་དང་ལྡན་པར་གྱུར་ཅིག །གང་ཞིག་རེག་བྱའི་གཟུགས་དང་མདངས་ལྡན་པ། །བུད་མེད་དམ་པ་དྲེགས་ལྡན་རྣམས་ཀྱི་མཆོག །ལྷ་མོ་བཞིན་དུ་ཡོན་ཏན་ཀུན་ལྡན་པ། །བཙུན་མོ་རིན་ཆེན༴སྟྲྀ་རཏྣ༴སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་ཞི་བའི་ཚུལ་གྱིས་འཇིག་རྟེན་ལས་འདས་པའི་བདག་དང་གཞན་གྱི་དོན་བདེ་བས་བསྒྲུབ་པ་ལ། ཡིད་བཞིན་དུ་འབྱོར་བའི་དབང་དང་ལྡན་པར་གྱུར་ཅིག །གང་ཡང་འདི་ན་རྒྱལ་ལ་མུ་ཏིག་དང་། གསེར་སོགས་ཤིན་ཏུ་མང་པོ་དབུལ་བ་ཡིས། །ནོར་ལྡན་མཚུངས་པར་ནོར་མང་ལྡན་པ་ཡི།


SPN002_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་བདག་རིན་ཆེན། །གྲྀ་ཧ་པ་ཏི་རཏྣ༴ལྷའི་མིག་རྣམ་པར་དག་པ་ཐོབ་སྟེ། འཕགས་པའི་ནོར་བདུན་དང་ལྡན་ཞིང་རང་དང་གཞན་གྱི་དོན་དགོངས་པ་མ་ལུས་པ་མཐར་ཕྱིན་ནས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་དབང་དང་ལྡན་པར་གྱུར་ཅིག །ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རྩེ་འདྲའི་གླང་པོ་མཆོག །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན༴། ཧསྟི་རཏྣ༴སྟོབས་བཅུ་དང་ལྡན་ཞིང་བདུད་བཞིའི་སྟོབས་ཚར་གཅོད་ནས་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་འཇུག་ནུས་པའི་དབང་དང་ལྡན་པར་གྱུར་ཅིག །ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ནས་སླར་ཡང་ལྡོག་གྱུར་གང་། །རྨ་བྱའི་མགྲིན་འདྲ་སྤུ་ནི་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ༴། ཏུ་རངྒ་ཨ་ཤྭ་རཏྣ༴། སོ་སོ་ཡང་དག་པར་རིག་པ་བཞིས་འགྲོ་བ་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཐོགས་པ་མེད་པར་བསྐྱལ་ནུས་པའི་དབང་དང་ལྡན་པར་གྱུར་ཅིག །འགྲོ་དང་ཀུན་ཏུ་གནས་དང་རྣམ་རྟོག་པར། །མ་ལུས་དཔུང་ལ་མཁས་པར་བྱེད་པ་ཡིས། །དཔལ་ལྡན་བདུན་པར་འབྱུང་འགྱུར་མི་ཡི་ནི། །བློན་པོ་རིན་ཆེན༴། པུ་རུ་ཥ་རཏྣ༴ཐབས་དང་ཤེས་རབ་གཉིས་སུ་མེད་པའི་


SPN002_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་མཐར་ཕྱིན་ནས། འཇིག་ཚོགས་ལ་ལྟ་བའི་རི་བོ་མཐོན་པོ་ཉི་ཤུ་འཇོམས་ཤིང་ཡེ་ཤེས་ཕུན་སུམ་ཚོགས་པའི་དབང་དང་ལྡན་པར་གྱུར་ཅིག །རྫས་བརྒྱད་དབང་ནི། ༀ་ཧྱ་གྲྀ་ཝཱ་ཧྲཱིཿཧཱུྃ་ཕཊ་སྭཱ་ཧཱ། སྭ་བྷ་ཝཱ་སོགས་བསངས་སྦྱངས། སྟོང་པའི་ངང་ལས་སོ་སོའི་མིང་ཡིག་དང་པོ་ལས་སྐྱེས་པའི་བཀྲ་ཤིས་པའི་རྫས་རྣམས་ནུས་མཐུ་ཕུལ་དུ་བྱུང་བར་གྱུར། རེ་རེ་ལྟར་སོ་སོར་ལག་ཏུ་གཏད་ཅིང་། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་མེད་པར་བྱེད་པ་སྟེ། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པ། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །སྔོན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕྱག་ཏུ་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་བཞིན་དུ། དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་ཡུངས་ཀར་གྱི་རྫས་ལ་བརྟེན་ནས་བཀྲ་ཤིས་པར་གྱུར་ཅིག །གོང་བཞིན་ཐོག་མཐའ་འདྲ་བར། དཱུརྦ་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ནི་འཕེལ་བར་ཤོག ཾ། རྩྭ་འཚོང་བཀྲ་ཤིས་ཀྱི་དུར་བ༴ ཾབིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་རྣམས། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་


SPN002_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་དེས་ཀྱང་དོན་ནི་འགྲུབ་གྱུར་ཅིག །ལྷ་ཚངས་པས་ཤིང་ཏོག་བིལ་བ༴། གིའུ་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ན། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །གླང་པོ་ཆེ་ནོར་སྐྱོང་གིས་གིའུ་ཝཾ༴། ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་དོར་དབང་དུ་འདུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱོད་སྲིད་བརྟན་གྱུར་ཅིག །བྲམ་ཟེ་ཀར་རྒྱལ་གྱིས་ལི་ཁྲི༴། ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་མཆོག་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བར་ཤོག །ཞིང་གི་བུ་མོ་ལེགས་སྐྱེས་མས་ཞོ༴། མེ་ལོང་ཡེ་ཤེས་ཆེན་པོའི་རྒྱ་མཚོ་ལས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང༴། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཅིག །ཆོས་རྣམས་མ་ལུས་ཡོངས་སུ་སྟོན་བྱེད་པའི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་པར་ཤོག །སྔོན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་


SPN002_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕྱག་ཏུ་ཕུལ༴། སོགས་ཀྱིས་མཆོག་ཏུ་ཤིས་པར་བྱའོ། །བརྟན་བྱེད་ནི། ད་དབང་བསྐུར་བ་དེ་ཉིད་བརྟན་པར་བྱ་བའི་ཕྱིར་བྱིན་གྱིས་བརླབ་པ་ནི། ཁྱེད་རང་རྣམས་ཀྱི་ལུས་ལྷར་གསལ་བའི་སྙིང་གར་པདྨ་དམར་པོ་འདབ་བཞིའི་ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བའི་གདན་གྱི་སྟེང་དུ་རིགས་ལྔའི་ཚེ་དཔག་མེད། སྤྱི་བོའི་སྟེང་གི་ནམ་མཁར་ཡེ་ཤེས་ཚེ་དཔག་མེད། དེའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས། སངས་རྒྱས་བྱང་སེམས་ཉན་རང་འཕགས་པ་རྣམས་ཀྱི་བྱིན་རླབས་དང་། ལྷ་མིའི་རིག་འཛིན་རྣམས་ཀྱི་མཐུ་དང་འཇིག་རྟེན་གསུམ་གྱི་བརྟན་གཡོའི་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་བསྡུས། ཡེ་ཤེས་ཚེ་དཔག་མེད་ལ་ཐིམ། དེ་ཉིད་བདུད་རྩིར་ཞུ་བའི་ཚངས་བུག་ནས་ཞུགས། རིགས་ལྔར་ཐིམ་ཞིང་། རིགས་ལྔ་ཞུ་བའི་བདུད་རྩིས་ལུས་ཐམས་ཅད་ལ་ཁྱབ་ཅིང་གང་བས་ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན་དུ་གྱུར་པ་ལས་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་དང་ཁྱེད་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་སྒོམས་ཤིག །ཅེས་གཟུངས་གཉིས་པོ་གང་རུང་ལན་གསུམ་བཟླ། སྤྱི་བོར་རྡོ་རྗེ་བཞག་ལ། ང་ནི་ཡེ་ཤེས་ཚེ་དཔག་མེད། །ཀུན་ཏུ་བརྙས་པར་སྤང་བར་གྱིས། །འཆི་བདག་ཆེན་པོ་ངས་བཅོམ་པས། །བུ་ཁྱོད་ཚེ་ཡི་དངོས་གྲུབ་བརྙེས། །ཞེས་བརྗོད། དེ་ལྟར་དབང་བསྐུར་


SPN002_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་ཐོབ་པས་ཕྱི་ནང་གསང་བའི་དམ་ཚིག་སྲུང་སྡོམ་ལ་ཚུལ་བཞིན་བསླབ་སྙམ་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་མཎྜལ་ཕུལ། ལུས་ལོངས་སྤྱོད་ཀྱི་དྲུག་ཆ་འབུལ་སྙམ་པས་རྗེས་ཟློས་མཛོད། དེང་ནས་བརྩམས་སོགས། དེ་ལྟར་བཅོམ་ལྡན་འདས་པདྨ་རིགས་ཀྱི་འཁོར་ལོས་སྒྱུར་བ་འཆི་མེད་ཚེ་འོད་སྣང་བ་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་ཆེན་པོའི་སྒོ་ནས་སྨིན་བྱེད་ཟབ་མོ་ལེགས་པར་གྲུབ་པས་དེ་ལ་བརྟེན་ནས་རང་གཞན་གྱི་དོན་སྒྲུབས་ཤིག །བསོད་ནམས་འདི་ཡིས་སོགས་བརྗོད་པར་བྱའོ། །རྗེས་ཆོག་ནི། མཆོད་པ་བྱིན་རླབས་དང་། ༀ་སརྦ་ཏ་ཐཱ་ག་ཏ་སོགས་སྔགས་མཆོད་དང་། ཆོས་ཀྱི་འཁོར་ལོ་སོགས་ཀྱིས་བསྟོད། བཅོམ་ལྡན་ཆོ་གའི་སོགས། བཟོད་གསོལ་དང་། ཡིག་བརྒྱས་ལྷག་ཆད་བཤགས། མ་འབྱོར་བ་དང་སོགས། རྫོགས་སངས་རྒྱས་དང་སོགས། སྤྱན་དྲངས་པའི་བདག་མདུན་སོགས་བརྗོད། སུ་པྲ་ཏིཥྛས་བརྟན་བཞུགས་དང་། སྤྲུལ་པའི་དམ་ཚིག་སོགས། ༀ་ཨཱཿཧཱུྃ། བརྗོད། དགེ་བ་འདི་ཡིས་སོགས་དང་། བཀྲ་ཤིས་བརྗོད་ཅིང་དགའ་སྟོན་བྱ། བསོད་ནམས་འདི་ཡི་མཐུ་ཡིས་ནི། །འཁོར་བའི་འགྲོ་དྲུག་མ་ལུས་པ། །ཚེ་དཔག་མེད་པའི་བཀའ་ཐོབ་ནས། །གནད་གཅོད་ལ་སོགས་སྡུག་བསྔལ་རྣམས། །ཞི་ནས་བདེ་དང་ལྡན་གྱུར་ཅིག །ཞེས་སོགས་ཀྱི་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པར་བྱའོ། །ཡང་རང་གཞན་གྱི་དོན་དུ་འཆི་བསླུ་བྱེད་པར་འདོད་ན། དང་པོ་མཆོད་པ་བཤམ་བཀོད་ཀྱི་སྐབས་ནས་


SPN002_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་དེའང་དཀྱིལ་འཁོར་གྱི་ལྷོར་ཚེ་མདོ། བྱང་དུ་འཆི་མེད་རྔ་སྒྲའི་མདོ་དང་། ཚེ་དཔག་མེད་ཀྱི་སྐུ་བརྙན་བཅས་དར་དམར་པོའི་ན་བཟའ་གསོལ་ལ་ཁྲིའུ་ཁར་བཞུགས། ནུབ་ཏུ་སྣོད་འབྲུས་བཀང་བའི་དབུས་དར་དམར་པོ་ལ་ཚེ་བསྙེན་གསུམ་གང་རུང་བྲིས་པའི་མཐར་འཆང་བ་པོ་ལ་རཀྵ་རཀྵ་ཞེས་གསེར་སོགས་མཚལ་གྱིས་བྲིས་པ་བཞག་ལ་མདུན་བསྐྱེད་བསྙེན་དམིགས་དུས་བྱིན་བརླབ་བྱ། དཀྱིལ་འཁོར་བུམ་བསྐྱེད་ཐོན་པ་དང་། སློབ་དཔོན་ནམ་ལས་རྡོར་གྱིས་ལས་སྔགས་བརྗོད་བཞིན། ལས་བུམ་ཆུས་བསྲུང་བྱ་བཀྲུས་པའི་ཆུ་ཕྱེད་ཁམ་ཕོར་གསར་པ་ཞིག་ཏུ་བླུགས་ལ་བཞག །ཕྱེད་དེ་ས་ནག་དང་། མཆོད་རྟེན་རྙིང་པའམ་སཱཙྪ་ཞིག་པའི་ས། རྫ་ཐལ་དང་རོ་བསྲེགས་ཤུལ་ས། ཚིག་ནག་རྣམས་བསྲེས་པ་ལས་གཤིན་རྗེའི་གཟུགས་ནག་པོ་མ་ཧེའི་མགོ་ཅན། ལག་གཉིས་བསྣོལ་ཐབས་ཀྱིས་གཡས་ཐོད་དབྱུག་དཀར་པོ་དང་གཡོན་ཞགས་པ་ནག་པོ་ཐོགས་པ། རྐང་པ་དོར་སྟབས་ཀྱིས་ཁ་ཅུང་ཟད་སྦུབ་པ། མགོ་དཀྱིལ་འཁོར་ལྷོ་ལ་བསྟན་ཅིང་། ལྕགས་སྣོད་བོར་ཆོག་ཅིག་གི་ནང་དུ་རས་ནག་པོས་གདོང་བཀབ་ལ་བཞག །དེའི་འོག་ཏུ་རེ་ཕྱར་ནག་པོའི་ཁར་སྣོད་བོར་ཆོག་པའམ། གང་བདེར། མེ་ཏོག་ནག་པོའམ། འབྲུ་ནག །སྲན་ནག །བྲ་ནག །ཤ་རྗེན། མར། བུ་རམ། ཚྭ། སྒོག་པ། བཙོང་། ལ་ཕུག །གཡེར་མ་སོགས་དང་། གཞན་ཡང་ཟས་སྣ་ཚོགས། བསྲུང་བྱ་དང་སྒྲུབ་པ་པོ་རྣམས་ཀྱི་ལྔ་བཅང་དང་། གོས་དར་རས་ཐེར་ཕྲུག །གཅན་ལྤགས་སོགས་ཀྱི་རས་མོ། གསེར་དངུལ། ཟངས་ལྕགས། གཡུ། བྱུ་རུ་སོགས། རིན་


SPN002_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེའི་རིགས་བརྡར་བའི་ཕྱེ་མ་ས་དང་བསྲེས་ལ་གྲུ་བཞི་བྱས་པ་ཚོན་གྱིས་མདོག་བསྒྱུར་བ་རྫོངས་འདེབས་རྒྱུ་རྣམས་བཀོད་ཅིང་། དེ་རྣམས་འཇལ་བའི་བྲེ་ལ། ༀ་ཨསྨ་སརྦ་ཙི་སྭཱ་ཧཱ། རྒྱ་མ་ལ། ༀ་ཤིན་ཏུ་མཐོང་བའི་རྒྱལ་པོ་སྭཱ་ཧཱ། ཞོ་ཆ་ལ། ༀ་མ་ཏི་པྲ་མོ་དྷ་ན་ཐིབས་སྭཱ་ཧཱ། ཅེས་ལྷ་འདྲེ་མིག་བསྒྱུར་བའི་སྔགས་སོ་སོར་ཉེར་གཅིག་རེ་བཏབ་ལ་བཞག །བསྲུང་བྱའི་གོས་རྙིང་དུམ་བུ་ལ་ཚོན་སྐུད་སྣ་ལྔ་འདོམ་རེ་ཡོད་པས་རྒྱ་གྲམ་དུ་བཅིངས་ལ་དཀྱིལ་འཁོར་དྲུང་ངམ་བྱང་ངོས་སུ་རྩྭ་ཀུ་ཤའི་གདན་ལ་བཤམ། མདུན་ཉའི་ཤ་དང་རུས་པ་དང་། མེ་སྣོད་ཅིག་ཀྱང་བཞག །སྟེགས་ཀྱི་ཁར་སྣོད་གཙང་མར་ཟན་དཀར་མངར་སུམ་སྦྲུས་ཀྱི་འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་ལ་མདོག་མཚུངས་ཀྱི་སྡོང་བུ་ལྔ་རེ་སོ་སོར་བཙུགས་ལ་དཀར་ངོས་དཀྱིལ་འཁོར་དང་། ནག་ངོས་གཤིན་རྗེ་ལ་བསྟན་ནས་བཤམ། ཁམ་ཕོར་ཁྲུས་ཆུའང་དེ་དྲུང་བཞག །ཚོན་སྐུད་བཅད་པའི་གྲི་གསར་པ་ཡོད་ན་དང་། མེད་ན་མེར་བསྲེགས་ཤིང་ཆུས་བྲན་པས་འཐུས། ཡང་ཁམ་ཕོར་གསར་པ་འོ་ཆབ་ཀྱིས་བཀང་པ་ཞིག་ཀྱང་བཞག །དཀྱིལ་འཁོར་ཤར་དུ་སློབ་དཔོན་དང་། ཚོགས་པ་རྣམས་བྱང་དང་། ལྷོར་བཞུགས་པའི་ཕན་ཚུན་མཆོད་དཔོན་རྣམས་ཀྱང་འཁོད། དང་པོ་དཀྱིལ་འཁོར་ཆོ་ག་གཞུང་བཞིན་བཏོན་ནས་དབང་བསྐུར་ན་བདག་འཇུག་ཟིན་པ་དང་། དེ་མིན་ཆ་གསུམ་གཏོར་མ་སོགས་བཏང་གྲུབ་ནས་བསྲུང་བྱ་མདུན་དུ་འཁོད། སློབ་དཔོན་ལྷར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་


SPN002_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཕྲེང་འཕྲོས། མདུན་བསྐྱེད་ལྷའི་ཐུགས་རྒྱུད་བསྐུལ། ཕྱག་གི་བུམ་པའི་ནང་དུ་བསྒྲུབ་བྱ་དམིགས་ལ་འཆི་མེད་ཚེའི་དངོས་གྲུབ་སྩོལ་བར་མོས་ལ་ཚེ་བསྙེན་བཟླའོ། །དེ་ནས་གཤིན་རྗེའི་གདོང་ཁེབ་བསལ། ཆུ་གཙང་བྲན་ལ། ༀ་ཧྱ་གྲཱྀ་ཝས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ལས་ཀྱི་གཤིན་རྗེ་ཡི་དྭགས་ཀྱི་ཚོགས་ཀྱིས་བསྐོར་བར་གྱུར། གཟུགས་དེ་གཤིན་རྗེ་དངོས་སུ་དམིགས་པ་དང་། བདུད་བཞི་དང་། ལོ་གཤེད་བཅུ་གཉིས་གཤེད་ཆེན་བདུན་བརྒྱ་ཉི་ཤུ། འཆི་བདག་བྱེ་བ་དགུ་འབུམ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་འབྱུང་པོ་ཡི་དྭགས་ཚོགས་ཀྱིས་བསྐོར་བར་བསྐྱེད་ལ། རྗེ་བཙུན་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱི་བདེན་པ་དང་། སངས་རྒྱས་ཀྱི་༴ཆོས་ཀྱི༴དགེ་འདུན་གྱི༴དེ་བཞིན་གཤེགས་པ་དང་པདྨ་དང་རྡོ་རྗེའི་རིགས་ཐམས་ཅད་དང་། གསང་སྔགས་དང་རིགས་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་གཤིན་རྗེ་འཁོར་དང་བཅས་པ་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ཊཱ་ཀྐི་ཧཱུྃ་ཛཿལན་གསུམ་བརྗོད་ལ་གཟུགས་དང་དབྱེར་མེད་བསམ། གླུད་རྫས་བྱིན་བརླབས་ནི། ཐལ་མོ་སྦྱར་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་དུ། གཟུགས་མཛེས༴། སྐུ་འབྱམས་ཀླས༴། འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ༴། མཆོད་སྦྱིན་


SPN002_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་དང་བཅས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན་བརྗོད། ལྷོ་ཕྱོགས་པ་རྣམས་ཀྱིས་ཚེ་གཟུངས་ཚར་རེ་ཐོན་པ་དང་། རྒྱུ་སྦྱོར་སྦྱིན་པའི་བདག་པོའི་ཚེའི་རྐྱེན་དང་སྲོག་གི་གླུད་དང་འབྲུ་སྣ་ཟས་སྣ་ལ་སོགས་པ་འདོང་བྲེ་ཁལ་གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་ས་ཡ་བྱེ་བ་དུང་ཕྱུར་གྲངས་མེད་པ་རྣམས་འབུལ་ལོ། །ཅེས་བྲེ་ལ་འཇལ་ཞིང་གཤིན་རྗེའི་མདུན་དུ་བཏབ། ཡང་། རྒྱུ་སྦྱོར་སྦྱིན་པའི་བདག་པོའི་ཚེའི་རྐྱེན་དང་སྲོག་གི་གླུད་དུ་ཆངས་བུ་དང་། ཤ་རྗེན། བུ་རམ། ཚྭ། དར་རས་གོས་ཕྲུག་ལ་སོགས་པ་རྒྱ་མ་ཁལ་གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་ས་ཡ་བྱེ་བ་དུང་ཕྱུར་གྲངས་མེད་པ་འབུལ་ལོ། །རྒྱུ་སྦྱོར་སྦྱིན་པའི་བདག་པོ་སོགས། གསེར་དངུལ་གཡུ་བྱུ་རུ་རིན་པོ་ཆེའི་རིགས་ཐོགས་ཚད་ཞོ་སྲང་བྲེ་ཆེན་གཅིག༴ཅེས་ཐུར་སྲང་གི་གཞལ་ནས་བཏབ་བོ། །དེང་ཕྱིན་ཆད་རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ་གནོད་ཅིང་འཚེ་བར་མ་བྱེད་ཅིག །ཁྲམ་ལ་བཏབ་པ་ཕྱིས། རྩིས་ལ་བབ་ན་སྤོས། ཞགས་པས་བཏབ་ན་ཁྲོལ། བཟུང་བ་ཐོངས། མནན་པ་ཁྱོག །དུས་ཀྱི་ཆད་པ་ལས་གྲོལ་བར་མཛོད་ཅིག །ཅེས་གཟུངས་དང་སྤེལ་མར་བརྒྱའམ་བསྲུང་བྱའི་ལོ་གྲངས་བཏོན་ལ་ཚར་རྗེས་མར་རོལ་མོའི་ཞབས་ལག་ལེན་པ་རྣམས་ནས། ད་ནི་འཇལ་གྲངས་མང་བས་བྲེ་ཡང་ཆག་ཐལ་ལོ། །བརྗོད། ཡང་། ད་ནི་


SPN002_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བཀྱག་ཆེ་བས་རྒྱ་སྲང་འཐོར་སོང་ངོ་། །ཡང་། ད་ནི་གཞལ་གཞལ་གྱིས་ཐུར་སྲང་ཡང་ཆག་གྲུམ་ཐལ་ལོ། །བརྗོད་ཅིང་སོ་སོར་བཅག་གཏིབ་བྱས་ལ་བཏབ་བོ། །དང་པོ་ཚེ་གཟུངས་འདོན་དུས་ནས་བྱང་ཕྱོགས་པ་རྣམས་ཀྱིའང་རྔ་སྒྲའི་གཟུངས་ཚར་རེ་འདོན་ལ། ཉའི་ཤ་རུས་ཀྱི་དུད་པས་གོས་དང་ཚོན་སྐུད་བདུག་ཅིང་། འགུགས་པའི་རྒྱས། རྗེ་བཙུན་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱི་བདེན་པ་དང་། སངས་རྒྱས་ཀྱི༴ཆོས་ཀྱི༴དགེ་འདུན༴དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་ཐམས་ཅད་དང་། གསང་སྔགས་དང་རིགས་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རྒྱུ་སྦྱོར་ཡོན་གྱི་བདག་པོའི་ཚེ་དང་སྲོག་ལ་ཉེ་བར་འཚེ་བའི་ནད་གདོན་བར་ཆད། བགེགས་དང་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་ཚོན་སྐུད་སྣ་ལྔ་འདི་ལ་ཁུག་ཅིག །ཊཱ་ཀྐི་ཧཱུྃ་ཛཿལན་གསུམ་བརྗོད། ཅེས་གཟུངས་དང་བདེན་བརྗོད་སྤེལ་མ་བརྒྱའམ་ལོ་གྲངས་བརྗོད་ནས་ཕན་ཚུན་གཉིས་ཀྱི་འདོན་གྲངས་འཐེབ་པ་དང་། འབྲང་རྒྱས་ཕྱེད་གཤགས་པའི་ནག་པོའི་སྒྲོན་མེ་སྤར་བ་དང་། ཁྲུས་ཆུའི་ཁམ་ཕོར་བཅས་གཤིན་རྗེའི་མདུན་དུ་བཀོད་ནས་གྲལ་མདོར་ཁྱེར་ལ་ཁ་ལྷོར་བསྟན་ལ་རོལ་མོ་དང་བཅས། སྒྲུབ་པོ་རྣམས་ལྷའི་ང་རྒྱལ་དང་ལྡན་པས། འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །དཔག་ཚད་བརྒྱད་ཁྲིའི་ཕ་རོལ་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་དུ། །ཡི་དྭགས་ཀུན་གྱི་སྡེ་དཔོན་པོ། །མ་


SPN002_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཀུན་གྱི་ཚོགས་རྗེ་པོ། །གསོན་གཤིན་ཀུན་གྱི་ཟམ་ཁ་བ། །གསོན་པོ་སྐོས་ལ་འདེབས་པ་པོ། །ཤི་བ་རྣམས་ཀྱི་གཤེད་བུ་ཆེ། །དགེ་བ་ཅན་གྱི་སྟངས་འཛིན་པ། །སྡིག་པ་ཅན་གྱི་ཆད་པ་མཁན། །ལེགས་ཉེས་ཆོས་བཞིན་སྤྱོད་པ་པོ། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ། །མངོན་ཤེས་རྫུ་འཕྲུལ་མཐུ་རླབས་ཅན། །འཁོར་བཅས་འདིར་ནི་བདག་ལ་ཉོན། །ཁྱོད་ཀྱི་འཁོར་གྱི་ཡི་དྭགས་ལ། །བཟའ་བ་བཟང་པོ་འདི་འབུལ་གྱི། །འདི་ཟོ་འཁོར་གྱི་ཡི་དྭགས་རྣམས། །མ་འཚེ་བར་ནི་གནས་སུ་དེངས། །ཞེས་དང་། མཆོད་སྦྱིན་གཏོར་མ་འདི་བསྣམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཀྱི་བར་དང་། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ༀ་ཆེན་པོའམ་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་མྱུར་དུ་ཕྱུངས་ནས་ནི། །གདོན་དེ་


SPN002_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅི་ནུས་ཀྱི། །མཆོད་དང་བསྙེན་བཀུར་བྱས་པ་ཡི། །དམ་ཚིག་ལ་ནི་གནས་ནས་སུ། །བདག་གི་བསམ་པ་བསྐང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་བདག་ཅག་འཁོར་བཅས་ཀྱི། །ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་སོང་། །ༀ་སརྦ་བིགྷྣཱན་གཙྪཿཞེས་ལྷོ་ཕྱོགས་གྲོང་ཟད་པའི་མཚམས་སུ་བསྐྱལ་བཅུག །དེ་ནས་གོས་ཀྱི་ཚོན་སྐུད་བཀྲོལ་ནས་བསྒྲུབ་བྱ་རྐང་ལག་བསྣོལ་བའི་ཡན་ལག་ལྔ་བཅིངས་ཤིང་། ཁམ་ཕོར་འོ་ཆུས་བཀང་བའང་མདུན་དུ་བཞག་ལ། སློབ་དཔོན་གྱིས་གྲི་འཛིན་ཅིང་། གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང་། །ཚངས་པ་དང་ནི་འཇིག་རྟེན་སྐྱོང་། །གནོད་སྦྱིན་སྡེ་དཔོན་དབང་ཕྱུག་གཙོ། །དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང་། །འཕྲོག་མ་བུ་དང་བཅས་རྣམས་ཀྱིས། །ཆེ་གེ་ཞེས་བྱའི་སློབ་མ་འདིའི། །བྱད་ལྟེམས་ལས་རྣམས་ཆད་གྱུར་ཅིག །ༀ་སརྦ་བྷནྡྷ་ཀ་ཀ་ར་ཏཙྪི་ད་ན་ཡ་སྭཱ་ཧཱ། ཚོན་སྐུད་དུམ་བུ་མང་དུ་གཏུབ་ཅིང་། ལས་བུམ་གྱི་ཆུ་ཐིགས་རེ་དང་བཅས་ཁམ་ཕོར་དུ་དོར་བཞིན་པས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །དེ་བཞིན་དུ་ཆོས་དགེ་འདུན་ལ་སྦྱར་ཞིང་གོང་ལྟར་བྱ།


SPN002_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་དུག་ངེས་པར་བཅོམ་མོ། །དེ་བཞིན་དུ། ཆོས༴། དགེ་འདུན༴། རང་སངས་རྒྱས་ཀྱི༴། དགྲ་བཅོམ་པའི༴། ཕྱིར་མི་འོང་བའི༴། རྒྱུན་དུ་ཞུགས་པའི༴། བདེན་པར་སྨྲ་བའི༴། ཚངས་པའི་བེ་ཅོན་གྱིས་དུག༴། དབང་པོའི་རྡོ་རྗེའི༴། ཁྱབ་འཇུག་གི་འཁོར་ལོས༴། མེ་ལྷའི་དབལ་གྱིས༴། ཆུ་ལྷའི་ཞགས་པས༴། ལྷ་མ་ཡིན་གྱི་རྒྱུས༴ཀླུའི་རིགས་སྔགས་ཀྱིས༴། དྲག་པོའི་མདུང་རྩེས༴། སྐེམ་བྱེད་ཀྱི་མདུང་ཐུང་གིས་དུག་ངེས་པར་བཅོམ་མོ། །དུག་སའི་ནང་དུ་སོང་ཞིག །ཆུ་ཡི་ནང་༴། མེའི༴། རླུང་གི༴སོགས་བརྗོད་ཚེ་གོང་བཞིན་བྱས་ལ་མཐར་ཁྲུས་ཆུ་གོས་དང་ལྷན་ཅིག་བྱང་ཕྱོགས་གྲོང་ཟད་སར་བསྐྱལ། སྔ་རྗེས་གཉིས་ཀར་ཡར་འོང་དུས་ཕྱི་མིག་མི་བལྟ་བར་གནད་ཡིན་གསུངས། དེ་ནས་འབྲང་རྒྱས་དཀར་པོ་ལ་སྒྲོན་མེ་སྤར་ཞིང་བྲན། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབས། མཚན་སྔགས་ལ། ན་མཿསརྦ་བཏགས་པ་གསུམ་གྱིས་ལྷ་ལ་འབུལ་ནས་བསྒྲུབ་བྱར་གཏད་དེ། དབྱངས་དང་བཅས། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་ཟ་བར་གྱིས། །འདི་ཟོས་སངས་རྒྱས་ཚེ་དཔག་མེད། །ཞལ་ཟས་བསྟེན་ནས་ནད་ཀུན་ལ། །གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས། །མཚན་སྔགས་བརྗོད་ཅིང་མེ་ཏོག་འཐོར་ལ་ལོངས་སྤྱོད་


SPN002_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཇུག །དེ་ནས་དཀྱིལ་འཁོར་དུ་དབང་བསྐུར་ཞིང་ཁྲུས་ལ་སོགས་པ་བྱ། དབང་མི་བསྐུར་ནའང་བསྒྲུབ་བྱ་བཀྲུ་བྱབ་བསྲུང་པ་དང་། བཀྲ་ཤིས་པའི་རྫས་རྣམས་བྱིན་ལ། རྗེས་ཀྱི་ཚེ་གཞུང་ལས་མཇུག་ཏུ་སཱཙྪ་ཅུང་ཟད་གདབ། ས་ཚོན་ལ་སོགས་ཆུར་དོར་ཏེ། ཚེ་དཔག་མེད་པའི་གཟུངས་ཀྱང་འདོན་ཞེས་གསུངས་པས་རང་གཞན་གཉིས་ཀས་སཱཙྪ་གདབ་པ་དང་། ཚེ་གཟུངས་བཟླ་ཞིང་ཚེ་ཐར་བཏང་བ་སོགས་ངེས་པར་བྱའོ། །ཞེས་བླ་མ་རིན་ཆེན་མགོན་གྱིས་གསོལ་བ་བཏབ་པའི་ངོར་གར་དབང་རྡོ་རྗེ་འཆང་ཆེན་པོ་དཀོན་མཆོག་ཡན་ལག་གི་ཞལ་སྔ་ནས། དཀྱིལ་ཆོག་བསྩལ་བ་གཞིར་བཞག་ནས་སྨིན་དབང་གི་སྐབས་དང་། འཆི་བསླུའི་འདོན་བྱ་ལག་ལེན་རྣམས་སྔོན་རབས་མཁས་དང་གྲུབ་པའི་ལེགས་བཤད་དག་གི་ཉེ་བར་བརྒྱན་ཏེ། སི་ཏུ་པདྨའི་མིང་ཅན་གྱིས་བཀོད་བའི་དགེ་བས་འགྲོ་རྣམས་འཆི་མེད་རྟག་པའི་རྡོ་རྗེའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །སརྦ་མངྒ་ལམ།། །།

འཕགས་མ་སྒྲོལ་མ་བཀྲ་ཤིས་དོན་གྲུབ་མའི་སྒྲུབ་ཐབས་རྗེས་གནང་།


SPN002_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་སྒྲོལ་མ་བཀྲ་ཤིས་དོན་གྲུབ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ། །


SPN002_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་དང་དབྱེར་མེད་པའི་འཕགས་མ་སྒྲོལ་མ་བཀྲ་ཤིས་དོན་གྲུབ་མའི་ཞབས་ལ་ཕྱག་འཚལ་ལོ། །འདི་ཉིད་ཀྱི་ཆོ་གའི་རིམ་པ་ལ། དང་པོ་ནི། བླ་མ་མཚན་ཉིད་དང་ལྡན་པ་ལས་འདིའི་རྗེས་གནང་ཞུས་ནས། རབ་བཞི་ཡི་བདུན་ཕན་ལ་མཐུན་རྐྱེན་ཚོགས་པར་བྱས་ཏེ། བརྒྱད་ནས་སྒྲུབ་པ་དངོས་ལ་འཇུག་པར་བྱའོ། །དེ་ཡང་རང་དོན་བདག་བསྐྱེད་ཀྱི་སྒྲུབ་པ། མདུན་བསྐྱེད་དང་མཆོད་བསྟོད་བུམ་སྒྲུབ་གཟུངས་སྔགས་བཟླ་བ། གཞན་དོན་རྗེས་གནང་སྦྱིན་པ། ཟུང་འཇུག་གི་རྣལ་འབྱོར་དང་རྗེས་ཀྱི་ཆོ་གའོ། །ཐོག་མར་དཀྱིལ་འཁོར་གཏོར་མཆོད་ཀྱི་རིམ་པ་ནི། སྟེགས་ཀྱི་ཁར་མཎྜལ་རྡུལ་ཚོན་ནམ་རས་བྲིས་ཀྱི་པདྨ་སེར་པོ་འདབ་མ་བརྒྱད་པ། ལྟེ་བ་ལ་ཏཱྃ་ཡིག་


SPN002_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་བྲི། ཡི་གེ་བཅུ་གཅིག་བརྗོད་བཞིན་པས་དབུས་སུ་ཚོམ་བུ་སེར་པོ་གཅིག་བཀོད། དེའི་སྟེང་དུ་མན་ཛིའི་ཁར་འཕགས་མོའི་སྐུ་བཞུགས་པ། མདུན་དུ་དཀར་གསུམ་མངར་གསུམ་གྱི་གཏོར་མ་ཟླུམ་པོ་དཀར་རྒྱན་ཅན་དང་། གཡས་སུ་རྣམ་རྒྱལ་བུམ་པ་དྲི་བཟང་ཆུས་སུམ་གཉིས་བཀང་བ་ཁ་རྒྱན་དུང་ཆོས་གཟུངས་ཐག་བཅས་པ། གཡོན་དུ་ལས་བུམ། སྟེགས་དམའ་བར་སྔོན་འགྲོ་གཏོར་མ་ཟླུམ་པོ་ཞིག་ཀྱང་བཤམས། སྒྲུབ་པོ་ཤ་ཆང་སྒོག་བཙོང་སོགས་སྤངས་ཏེ་ཁྲུས་དང་གཙང་སྦྲ་ལྡན་ཞིང་། སྟན་བདེ་བ་ལ་ཁ་ནུབ་ཏུ་མ་ཡིན་པར་འཁོད། རང་གི་མདུན་དུ་མཆོད་པ་དང་རྡོར་དྲིལ་སོགས་བཞག་གོ། །གཉིས་པ་ནི། བདག་བསྐྱེད་ཀྱི་རིམ་པ་བསྒྲུབ་པ་ལ། ལྷའི་རྣལ་འབྱོར་དང་ཐུན་མཚམས་ཀྱི་རྣལ་འབྱོར་རོ། །དེ་


SPN002_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཐོ་རངས་བྱ་རོག་སྐད་མ་གྲག་གོང་ནས་ཁྲུས་བྱས། ལུས་གནད་བསྲངས་ཏེ་འདི་སྐད་དུ་བསམ་མོ། །བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་བསྒྲུབ་པར་བྱ་བ་དང་། ཁྱད་པར་རྩ་བའི་བླ་མའི་སྐུ་ཚེ་མཛད་ཕྲིན་རྒྱས་པའི་ཕྱིར་དུ་འཕགས་མ་འདི་ཉིད་བསྒྲུབ་པ་ལ་འཇུག་གོ་སྙམ་པའི་ངང་དུ། སྔོན་འགྲོ་གཏོར་མ་ལ་ཆབ་བྲན། ༀ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧུ་ལུ་ཧཱུྃ་ཕཊ། ཀྱིས་བསངས། ༀ་སྭ་བྷཱ་ཝ་ཤུ་དྡྷཿསོགས། ཞེས་སྟོང་པར་སྦྱངས། སྟོང་པ་ཉིད་གྱུར་སྟོང་པའི་ངང་། །ༀ་ལས་རིན་ཆེན་སྣོད་ཡངས་སུ། །ༀ་ཡིག་ཞུ་བ་ལས་བྱུང་བའི། །གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། །ༀ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབ། ༀ། གནས་བདག་ཡུལ་བདག་གྲོང་བདག་དང་། །གཉུག་མར་གནས་པ་ལ་སོགས་པའི། །གཏོར་མགྲོན་དུ་འོས་འདིར་མཆིས་གྱུར། །ཊཱཀྐི་ཧཱུྃ་ཛཿནམ་སརྦ་ཏ་ཐཱ་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལྱ་དི་སྭ་ཧཱ། ལན་གསུམ་དང་། ༀ་ཨ་ཀཱ་རོ་སོགས་ལན་གསུམ་བརྗོད། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་དུ་གཏོར་མ་འདི། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་དང་། ༀ་སུམ་བྷ་ནི་སོགས་བརྗོད་དེ་གཏོར་མ་དོར། ཡི་


SPN002_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དམ་གྱི་ང་རྒྱལ་བརྟན་པོས་རྡོ་རྗེའི་ཟེར་གྱིས་བགེགས་བསྐྲད་དོ། །སྲུང་འཁོར་ནི། ཏཱྃ་ཡིག་འོད་ཟེར་ལས་བྱུང་བའི། །སྣ་ཚོགས་རྡོ་རྗེའི་ས་གཞི་དང་། །ར་བ་དྲ་བ་གུར་བླ་བྲེ། །ཡེ་ཤེས་མེ་རིས་སྲུང་འཁོར་གྱུར། །ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། མཆོད་པ་བྱིན་རླབས་ནི། བསངས་སྦྱངས། སྟོང་པའི་ངང་ལས་ༀ་ཡིག་ལས། །རིན་ཆེན་སྣོད་ནི་རྒྱ་ཆེ་བ། །ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་། །བྷྲཱུྃ་ལས་ཁམས་གསུམ་གྱི་རྫས་མཆོག །ཁྱད་པར་འཕགས་ཤིང་མཆོག་གྱུར་པའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །སྣང་གསལ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་ལ་སོགས་མཆོད་པའི་རྫས། །དྭངས་ཤིང་ཐོགས་མེད་ཀུན་བཟང་གི། །རྣམ་ཐར་མཆོད་སྤྲིན་ལས་ལྷག་པ། །ནམ་མཁའི་མཐའ་ཁྱབ་ཇི་སྲིད་དུ། །རྒྱུན་མི་ཆད་པའི་རང་བཞིན་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱ་དྱཾ་སོགས། ཤབྡའི་བར་བརྗོད། ཐལ་མོ་ཁོང་སྟོང་སྦྱར་བ་ནམ་མཁའི་མཛོད་ཀྱི་ཕྱག་རྒྱས། ༀ་སརྦ་བིད་པཱུ་ར་པཱུ་ཱུར་སུ་ར་སུ་ར་ཨ་ཝརྟ་ཨ་ཝརྟ་ཡ་ཧོཿབཛྲ་སྥ་ར་ཎ་ཁཾ། ཞེས་མཆོད་པ་བྱིན་གྱིས་བརླབས། སྐྱབས་འགྲོ་ནི། སངས་རྒྱས་མ་ལུས་ཀུན་གྱི་དངོས། །བཅོམ་ལྡན་འདས་མའི་ཞབས་པད་ལ། །བདག་དང་མཁའ་མཉམ་འགྲོ་ཚོགས་ཀུན། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། དེ་བཞིན་དུ་དམ་ཆོས་དང་འཕགས་ཚོགས་


SPN002_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་རིགས་འགྲེ་ལ་ལན་གསུམ་མམ་ལྔ་བདུན་སོགས་བརྗོད། སེམས་བསྐྱེད་ནི། འགྲོ་ཀུན་སྡུག་བསྔལ་ལས་བསྒྲལ་ཏེ། །བདེ་བ་མཆོག་ལ་རབ་བཀོད་ཅིང་། །བླ་མེད་བྱང་ཆུབ་ལ་བཞག་ཕྱིར། །སྒོ་གསུམ་དགེ་ལ་བཀོལ་བར་བྱ། །ༀ་བོདྷི་ཙིཏྟ་ཨུ་པཱ་ད་ཡ་ཨ་ཧཾ། ཞེས་སེམས་བསྐྱེད་ནས། རང་ཉིད་སྐད་ཅིག་པད་ཟླའི་གདན། །འཕགས་མ་སྒྲོལ་མར་གསལ་བ་ཡི། །ཐུགས་ཀར་ཟླ་དཀྱིལ་དབུས་རང་སེམས། །ཏཱྃ་ཡིག་སེར་པོ་འོད་འཕྲོ་བས། །ལུས་གང་སྡིག་སྒྲིབ་ཐམས་ཅད་སྦྱངས། །འོད་ཟེར་ཕྱིར་འཕྲོས་པོ་ཊ་ལའི། །གནས་ནས་བཅོམ་ལྡན་སྒྲོལ་མ་ལ། །སངས་རྒྱས་བྱང་སེམས་དཔག་མེད་ཀྱིས། །བསྐོར་བ་ནམ་མཁར་སྤྱན་དྲངས་བཞུགས། །ༀ་ཏཱ་རེ་སརྦ་བུདྡྷ་བོདྷི་ས་ཏྭ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མ་ཛཿས་པ་རི་ཝཱ་ར་ཨརྒྷཾ་སོགས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས། ཚོགས་ཞིང་སྙིང་ཁར་ཐིམ་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་སོགས་བརྗོད། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་། །ཟླ་བའི་དཀྱིལ་འཁོར་སྟེང་དུ་རང་སེམས་ཉིད། །ཏཱཾ་ཡིག་སེར་བོའི་འོད་ཀྱིས་སེམས་ཅན་རྣམས། །འཕགས་མ་སྒྲོལ་མའི་གོ་འཕང་ཉིད་ལ་བཀོད། །སངས་རྒྱས་ཐམས་ཅད་རབ་ཏུ་མཉེས་བྱས་ཏེ། །འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། །རང་ཉིད་བཅོམ་ལྡན་འདས་མ་སྒྲོལ་མ་


SPN002_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཞལ་བཞི་སྐུ་དང་རྩ་ཞལ་གསེར་གྱི་མདོག །གཡས་དཀར་གཡོན་དམར་རྒྱབ་ཞལ་སྔོན་པོ་རྣམས། །ཡིད་འོང་ཞལ་འཛུམ་མདངས་ལྡན་ཕྱག་བརྒྱད་ཅན། །གཡས་ཀྱི་དང་པོས་རྒྱལ་མཚན་གཉིས་པ་ཡིས། །འཁོར་ལོ་གསུམ་པས་པདྨ་བཞི་པ་དུང་། །གཡོན་གྱི་དང་པོས་བུམ་པ་གཉིས་པ་ཡིས། །དཔལ་གྱི་བེའུ་དང་ནི་གསུམ་པས་གདུགས། །བཞི་པ་གསེར་ཉ་འཛིན་ཅིང་བཀྲ་ཤིས་སྩོལ། །ལྷ་རྫས་དར་གྱི་སྟོད་གཡོགས་སྨད་གཡོགས་མཛེས། །རིན་ཆེན་སྣ་ཚོགས་དུ་མས་དབུ་རྒྱན་དང་། །སྙན་རྒྱན་མགུལ་རྒྱན་ཕྱག་གདུབ་ཞབས་གདུབ་དང་། །དཔུང་རྒྱན་དོ་ཤལ་སོགས་ཀྱིས་རྒྱན་སྤྲས་ལ། །ཞབས་གཉིས་རོལ་པའི་སྟབས་བཞུགས་དཔྲལ་བར་ༀ། །མགྲིན་པརཨཱཿདང་ཐུགས་ཀར་ཧཱུྃ་དེ་ལས། །འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི། །ཡེ་ཤེས་སྤྱན་དྲངས་བཛྲ་ས་མ་ཛཿམ་ལུས་སེམས་ཅན་སོགས། པདྨ་ཀ་མ་ལ་ཡ་སྟྭཾ། མཆོད་བསྟོད་བརྗོད། ཛཿཧཱུྃ་བྃ་ཧོ་སླར་ཡང་ཐུགས་ཀ་ཡི། །ཏཱྃ་ལས་འོད་འཕྲོས་རིགས་ལྔ་འཁོར་དང་བཅས། །ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿམཆོད་བསྟོད་བྱ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། གསོལ་བཏབ་དབང་བསྐུར་ཆུ་རྒྱུན་གྱིས་སྐུ་གང་། །དྲི་མ་དག་ཅིང་ཆུ་ལྷག་


SPN002_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་འཁྱིལ་བས། །འོད་དཔག་མེད་མགོན་མཆོག་གིས་དབུ་བརྒྱན་གྱུར། །དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་། །ཏཱྃ་ཡིག་སེར་པོ་འོད་ཟེར་ཅན་གྱི་མཐར། །ༀ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཏྭྃ་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་ཁ་དོག་གསེར་བཙོ་མ། །ལྟ་བུས་བསྐོར་བ་དེ་ལས་འོད་ཟེར་འཕྲོས། །མི་མཐུན་ཉེར་འཚེའི་ཚོགས་རྣམས་མ་ལུས་ཞི། །བཀྲ་ཤིས་འདོད་དོན་ཐམས་ཅད་ལྷུན་གྱིས་འགྲུབ། །འཆི་མེད་ཚེ་དང་མཆོག་ཐུན་དངོས་གྲུབ་ནི། །བདེ་བླག་ཉིད་དུ་འགྲུབ་པའི་སྐལ་ལྡན་གྱུར། །བསྙེན་པ་ནི། ༀ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཏཱྃ་སྭཱ་ཧཱ། ཞེས་ཅི་འགྲུབ་བཟླས། དེ་ནས་ཐུན་བསྡུ་བའི་རྫོགས་རིམ་བསྒོམ་ན་འོག་ཏུ་གསལ། གསུམ་པ་མདུན་བསྐྱེད་ནི། བསངས་སྦྱངས་གོང་བཞིན་དང་། སྟོང་ཆེན་ངང་ལས་སྲུང་འཁོར་དབུས། །གཞལ་མེད་ཁང་པ་མཚན་རྫོགས་ཀྱི། །དབུས་སུ་སྣ་ཚོགས་པདྨ་དང་། །ཟླ་བའི་དཀྱིལ་འཁོར་ཉ་གང་སྟེང་། །ཏཱྃ་ཡིག་སེར་པོའི་སོགས་ནས། བཛྲ་ས་མ་ཛཿབར་གོང་ལྟར་བརྗོད། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། སོགས། པདྨ་ཀ་མ་ལ་ཡ་སྟྭཾ། ཨརྒྷཾ་སོགས། ༀ་ཏཱ་རེ་སརྦ་བུདྡྷ་བོདྷི་ས་ཏྭ་ས་པ་རི་ཝཱ་ར་བཛྲ་ཨཾ་ཀུ་ཤ་ཛཿབཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བྃ། བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿདབང་ལྷ་སྤྱན་དྲངས་དབང་བསྐུར་བས། །འོད་དཔག་མེད་པས་དབུ་བརྒྱན་གྱུར། །མཆོད་པ་གོང་


SPN002_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བྱིན་གྱིས་བརླབས་ནས། ཕྱི་ནང་གསང་བ་དེ་ཁོ་ནའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །སྣང་གསལ་དྲི་ཆབ་ཞལ་ཟས་དང་། །རོལ་མོའི་མཆོད་པ་རྒྱ་མཚོའི་སྤྲིན། ཆོས་དབྱིངས་ཀུན་ཏུ་རྒྱས་འགེངས་པས། །བླ་མ་བཅོམ་ལྡན་འདས་མ་མཆོད། །ཨཱོཾ་གུ་རུ་ཨཱཪྱ་ཏཱ་རེ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཞིང་ཁམས་རྣམ་དག་རྡོ་རྗེའི་ས་གཞི་ལ། །རྡོ་རྗེའི་རི་རབ་ལ་སོགས་མཆོད་པའི་སྤྲིན། །རབ་འབྱམས་བསམ་ཡས་རྡོ་རྗེའི་རྒྱན་ཕྲེང་འབར། རྡོ་རྗེའི་མཎྜལ་བླ་མེད་བཀོད་པ་འདི། །རྡོ་རྗེ་སྒྲོལ་མ་སངས་རྒྱས་ཀུན་ཡུམ་ལ། །མཆོག་ཏུ་དད་པས་ཀུན་ཏུ་བདག་འབུལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། བསྟོད་པ་དང་འདོད་གསོལ་སྦྲགས་མ་ནི། འཕགས་མ་སྒྲོལ་མ་དབང་ཕྱུག་མ། །ཆོས་ཉིད་དབྱིངས་ལས་སྐུ་བྱུང་ལ། །སྲིད་གསུམ་འགྲོ་ལ་ཐུགས་རྗེས་བཟུང་། མ་ལྟར་བྱམས་མཛད་ལྷ་མོ་ཁྱོད། །ཚེ་རབས་གོང་ནས་བདག་གི་ལྷ། །བདག་ཉིད་སྒོ་གསུམ་དང་བ་ཡིས། །ལྷ་མོ་ཁྱོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །གསེར་གྱི་མདངས་ཅན་ཡིད་འོང་


SPN002_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མས། །ཉོན་མོངས་གདུང་བས་ཉམ་ཐག་པའི། །མི་བཟད་ཚ་གདུང་བསལ་དུ་གསོལ། །པདྨའི་ཞབས་གདན་དཔའ་གཅིག་མོ། །ཉི་མ་འབུམ་གྱི་གཟི་བརྗིད་ཅན། །མ་རིག་མུན་པར་རབ་འཐུམས་པའི། །མི་ཤེས་དྲྭ་བ་བཅད་དུ་གསོལ། །དཔལ་ལྡན་མ་གཅིག་ལྷ་ཡི་ལྷ། །རིན་ཆེན་དུ་མའི་དོ་ཤལ་ཅན། །མཚན་དང་དཔེ་བྱད་དཔལ་འབར་མ། །འཕགས་མ་སྒྲོལ་མ་ཁྱོད་ལ་འདུད། །བདག་ནི་ཐོག་མེད་དུས་རིང་ནས། །ལས་ཀྱི་རླུང་གིས་རབ་བདས་ཤིང་། །ངན་འགྲོ་མུ་མཐའ་མེད་འཁྱམས་ཏེ། །བློ་མིག་མུན་པས་བསྒྲིབས་ལགས་ན། །ད་ནི་འཕགས་མ་ཐུགས་རྗེ་ཅན། །བདག་ཅག་རྣམས་ཀྱི་མིག་མཛོད་ལ། །ཡང་ཡེ་དེ་འདྲའི་སྡུག་བསྔལ་ལས། །སྐྱོབ་པར་མཛོད་ཅིག་སྐྱབས་གཅིག་མོ། །དེང་ནས་བརྩམས་ཏེ་དུས་ཀུན་ཏུ། །གང་དུ་སྐྱེ་དང་སྐྱེ་བ་དེར། །མ་གཅིག་ཁྱེད་དང་མཇལ་བར་ཤོག །ཅེས་བྱིན་རླབས་ཆེ་བའི་ཁྱད་དུ་འབྲོམ་གྱིས་གསུངས་བ་དེ་ལྟར་བརྗོད་དོ། །དེ་ནས་གཏོར་འབུལ་ནི། བསངས་སྤྱངས་གོང་བཞིན། སྟོང་པའི་ངང་ལས་ༀ་ཡིག་ལས། །རིན་ཆེན་སྣོད་དུ་ༀ་ཨཱཿཧཱུྃ། འོད་ཞུ་ལྷ་རྫས་ལས་གྲུབ་པའི། །གཏོར་མ་ཕུན་སུམ་ཚོགས་པར་གྱུར། །ༀ་ཨཱཿཧཱུྃ། མདུན་གྱི་རྗེ་བཙུན་སྒྲོལ་མ་ཡི། །ལྷ་ཚོགས་དགྱེས་བཞིན་བཞུགས་པ་རྣམས། །ལྗགས་ཀྱི་འོད་ཟེར་སྦུ་གུ་ཡིས། །


SPN002_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་གསོལ་བས་དགྱེས་བསྐྱེད་གྱུར། །སྙིང་པོའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ། བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་བརྗོད། བསྙེན་པ་ནི། མདུན་བསྐྱེད་ཐུགས་ཀའི་སྔགས་ཕྲེང་འོད། །སྣོད་བཅུད་ལ་ཕོག་རང་གཞན་གྱི། །ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། །བཀྲ་ཤིས་ཕྲིན་ལས་རབ་རྒྱས་གྱུར། །ཞེས་སྙིང་པོའི་རིགས་བཟླ། བཞི་པ་བུམ་བསྐྱེད་ནི། བུམ་པ་དུང་ཆོས་གཟུངས་ཐག་དང་བཅས་བཤམས། བསང་སྦྱངས་དང་། སྟོང་ལས་བུམ་བྱུང་ལྟོ་བ་ཡངས། །མཆུ་འཕྱང་མགྲིན་རིང་མཚན་ཉིད་རྫོགས། །དེས་ཡི་དབུས་སུ་བྃ་ཡིག་ལས། །པདྨ་ཨ་ལས་ཟླ་བ་དང་། །ཏཱཾ་ཡིག་སེར་པོ་ལས་འོད་འཕྲོས། །ཞེས་པ་ནས། འོད་དཔག་མེད་པས་དབུ་བརྒྱན་གྱུར། །ཞེས་བའི་བར་མདུན་བསྐྱེད་ལྟར་ལ། མཆོད་པ་བསྡུ་ན་སྔགས་མཆོད་ཙམ་དང་། སྤྲོ་ན་གོང་བཞིན་ལ། བསྟོད་པ་ནི། ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བཀྲམ། །དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །དབང་དང་འབྲེལ་བའི་ལས་བུམ་བསྐྱེད་པར་སྤྲོ་ན། ལས་བུམ་དབུས་སུ་པད་ཉིའི་སྟེང་། །སྐད་ཅིག་ཁྲོ་


SPN002_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རྟ་མགྲིན་སྐུ། །ཐུགས་ཀར་ཧྲཱིཿལ་སྔགས་ཕྲེང་བསྐོར། །དེ་ལས་འོད་འཕྲོས་གནོད་བྱེད་བཅོམ། །སླར་ཡང་བདུད་རྩིའི་རྒྱུན་བབས་པས། །བུམ་ཆུ་ནུས་མཐུ་ཕུན་ཚོགས་གྱུར། །རྟ་མགྲིན་གྱི་སྙིང་པོ་ཅི་རིགས་བཟླའོ། །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱིས། །བགེགས་དང་བར་ཆད་བཟློག་པར་མཛོད། །ཅེས་བརྗོད་དོ། །ལྔ་པ་དབང་ལེན་པ་སྤྲོ་ན། ཁྲུས་བྱས་མཎྜལ་ཕུལ་ལ། བླ་མས། དེའང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། གནས་སྐབས་སུ་བགེགས་དང་བར་ཆད་ཞི་ཞིང་མཆོག་ཐུན་དངོས་གྲུབ་ཐོབ་པའི་ཆེད་དུ་རྗེ་བཙུན་མའི་དབང་བསྐུར་ཟབ་མོ་ཞུ་སྙམ་དུ་ཐོག་མར་བླ་མ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་ཅིག །གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་སོགས་ལན་གསུམ་དང་། གཉིས་པ་འཕགས་མ་ལ་གསོལ་འདེབས་འདིའི་རྗེས་ཟློས་མཛོད། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞེས་སོགས་ལན་གསུམ། གསུམ་པ་ཐུན་མོང་དུ་གསོལ་འདེབས་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་ལན་གསུམ་བརྗོད། དེ་ནས་བླ་མས། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་འོད་དཔག་མེད་སོགས་ཀྱིས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབས། །


SPN002_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་དོན་བཞིན་མ་ཡེངས་པར་ཉོན་ཅིག །ཚངས་དབང་ཁྱབ་འཇུག་ཉི་ཟླ་དང་། །དྲག་པོ་ཕྱོགས་སྐྱོང་འདོད་ལྷས་ཀྱང་། །བ་སྤུའི་ཁུང་བུའང་གཅོད་མི་ནུས། །འཆི་བདག་ལས་རྒྱལ་སྒྲོལ་མ་བཞིན། །སྐྲ་དཀར་གཉེར་མ་སྐལ་ངན་ཆེ། །དབུལ་བ་ལ་སོགས་ཉམས་པར་བྱེད། །སེངྒེ་ལ་སོགས་འཇིགས་ཆེན་བརྒྱད། །སྡུག་བསྔལ་ཚོགས་རྣམས་སེལ་བར་བྱེད། །སློང་བ་མེད་པར་བཟའ་བཏུང་གོས། །ཁང་བཟང་རིན་ཆེན་སྣ་ཚོགས་འདུ། །རལ་གྲི་མིག་སྨན་རྐང་མགྱོགས་དང་། །བུམ་པ་བཟང་པོ་ལ་སོགས་གྲུབ། །སྙན་ངག་དང་ནི་རྩོད་པ་མཁས། །བློ་རྣོ་ཤེས་རབ་དྲི་མ་མེད། །གཞན་ཡང་ཅི་འདོད་དངོས་གྲུབ་ཐོབ། །ཅེས་སོགས་གསུངས་པས། སྒྲོལ་མ་བཀྲ་ཤིས་དོན་འགྲུབ་འདི་ཉིད་ངོ་བོ་སྒྲོལ་མ་དཀར་མོ་དང་ཐ་དད་མེད་ཕྱིར་འཆི་བ་བསླུ་བ་དང་། །མཆོག་ཐུན་དངོས་གྲུབ་མྱུར་དུ་ཐོབ་པའི་བསླུ་མེད་ཀྱིས་སྐྱབས་གནས་དམ་པ་འདི་ཉིད། མདུན་གྱི་ནམ་མཁར་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་སྤྱན་སྔར་བདུན་རྣམ་དག་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་བརྗོད། དེ་ནས་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ཡིག་ལས། །པདྨ་ཨ་ལས་ཟླ་བའི་སྟེང་། །


SPN002_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱཾ་ཡིག་སེར་པོའི་འོད་ཟེར་གྱིས། །སེམས་ཅན་དོན་བྱས་སངས་རྒྱས་མཆོད། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །དཔོན་སློབ་གཉིས་ཀ་སྒྲོལ་མ་ནི། །ཞེས་པ་ནས། ཞབས་གཉིས་རོལ་པའི་སྟབས་བཞུགས་དཔྲལ་བར་ༀ། །མགྲིན་པར་ཨཱཿདང་ཐུགས་ཀར་ཧཱུྃ་དང་ཏཱྃ། །སྔགས་འཁོར་གསེར་གྱི་མདོག་ཅན་ཕྲེང་བས་བསྐོར། །བླ་མར་གསོལ་བཏབ་མོས་གུས་ཚད་མེད་དང་། །རྗེས་ཟློས་འདི་བཞིན་དག་གསལ་གནང་བར་ཞུ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །དཔལ་ལྡན་བླ་མ་རིན་པོ་ཆེས། །བདག་གི་འགལ་རྐྱེན་ཀུན་བསལ་ནས། །རྗེ་བཙུན་མ་ཡི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མ་ལུས་པའི། །བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །ཞེས་ལན་གསུམ། སློབ་དཔོན་ཐུགས་ཀའི་ཡིག་འབྲུ་ལས། །འོད་འཕྲོས་སངས་རྒྱས་བྱང་སེམས་ཀྱི། །ཐུགས་བརྒྱུད་བསྐུལ་བས་དེ་རྣམས་ཀྱི། །གཉིས་མེད་ཡེ་ཤེས་འཁོར་ལོ་དང་། །ཡིག་འབྲུའི་རྣམ་པར་བྱོན་གྱུར་ནས། །སློབ་དཔོན་ལ་ཐིམ་སློབ་དཔོན་གྱི། །འཁོར་ལོ་ཡིག་འབྲུར་བཅས་པ་ལས། །དེ་འདྲ་གྲངས་མེད་བྱུང་གྱུར་ནས། །སློབ་མ་ལ་ཐིམ་རྗེ་བཙུན་མའི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། །ཡིག་འབྲུས་ལུས་གང་སྡིག་སྒྲིབ་དག །ནད་གདོན་བར་ཆད་ཐམས་


SPN002_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཞི། །མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར། །ཛ་ཧཱུྃ་བྃ་ཧོཿཡི་གེ་བཅུ་གཅིག་པ་དང་། ཨཱ་ཝེ་ཤ་ཡ་ཨ་ཨཱཿབརྗོད། ཏིཥྛ་བཛྲ་ཞེས་བརྟན་པར་བྱའོ། །ཞེས་གསོལ་འདེབས་འདིའི་རྗེས་ཟློས་མཛོད། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །སོགས་ལན་གསུམ་དང་། ཞེས་པས་གསོལ་བ་བཏབ་པ་ལས། །སློབ་དཔོན་ཐུགས་ལས་འོད་ཟེར་འཕྲོས། །དབང་གི་ལྷ་རྣམས་སྤྱན་དྲངས་ཏེ། །མངོན་པར་གསོལ་བ་བཏབ་པ་ལས། །རིན་ཆེན་བུམ་པ་བདུད་རྩི་ཡིས། །གང་བས་བསྣམས་ཏེ་དབང་བསྐུར་གྱུར། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པ་ནས། དེ་བཞིན་བདག་གིས་དབང་བསྐུར་རོ། །ༀ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཏཱྃ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པས་དབང་བསྐུར་དྲི་མ་དག །འཆི་མེད་ཚེ་དཔལ་ཡེ་ཤེས་ཐོབ། །ཆུ་ལྷག་ཡར་ལུད་འོད་དཔག་མེད། །མཆོག་གི་སྤྲུལ་སྐུས་རྒྱས་གདབ་གྱུར། །ཨརྒྷཾ་སོགས་ཀྱིས་མཆོད། དེ་ལྟར་ལྷ་སྐུ་བསྒོམ་ལ་དབང། །ལུས་སྒྲིབ་བྱང་ཞིང་མཚན་དཔེ་སོགས། །སྐུ་ཡི་ཡོན་ཏན་མ་ལུས་རྫོགས། །འབྲས་བུ་སྤྲུལ་སྐུ་འགྲུབ་པར་གྱུར། །གཉིས་པ་གསུང་གི་རྗེས་གནང་ནི། །དཔོན་སློབ་གཉིས་ཀ་རྗེ་བཙུན་མར། །གསལ་བའི་སློབ་དཔོན་ཐུགས་ཀ་ནས། །སྔགས་ཕྲེང་གསེར་


SPN002_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མདོག་ཅན་ནི། །ཞལ་བརྒྱུད་སློབ་མའི་ཞལ་ཞུགས་ཏེ། །ཐུགས་ཀར་ཐིམ་པས་རྗེ་བཙུན་མའི། །གསུང་གི་དངོས་གྲུབ་མ་ལུས་ཐོབ། །སྔགས་ཀྱི་ནུས་མཐུ་ཐོབ་པར་གྱུར། །ཡི་གེ་བཅུ་གཅིག་པའི་རྗེས་ཟློས་བྱ། སླར་ཡང་མེ་ཏོག་གི་ཕྲེང་བ་ཞིག་ཕུལ་བར་བསམ་ནས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སྔགས་ཕྲེང་དེ་ཉིད་ཐོད་དུ་བཅིངས་པའི་མོས་པ་གྱིས་ཤིག །བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཀྱིས། །མཁའ་སྤྱོད་གནས་སུ་དྲང་དུ་གསོལ། །དེ་ལྟར་གསུང་གི་རྗེས་གནང་གིས། །བཟླས་པའི་རིམ་པ་བྱེད་ལ་དབང་། །ངག་སྒྲིབ་བྱང་ཞིང་ཚངས་དབྱངས་ལྡན། །གསུང་གི་བྱིན་རླབས་ཡོངས་སུ་རྫོགས། །འབྲས་བུ་ལོངས་སྐུ་འགྲུབ་པར་འགྱུར། །གསུམ་པ་ཐུགས་ཀྱི་རྗེས་གནང་ནི། །དཀྱིལ་འཁོར་དབུས་ཀྱི་སྒྲོལ་མ་ལས། །མར་མེ་གཉིས་མཆེད་བཞིན་དུ་སྐུ། །སྤྱི་བོར་བྱོན་ནས་དབྱེར་མེད་ཐིམ། །མ་བཅོས་སྤྲོས་བྲལ་ལྷུན་གྱིས་གྲུབ། །ཡི་གེ་བཅུ་གཅིག་པའི་མཐར། བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་


SPN002_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་སྤྱི་བོར་བཞག །དེ་ཡིས་མི་རྟོག་མངོན་དུ་བྱས། །ཡིད་སྒྲིབ་དག་ནས་རྗེ་བཙུན་མའི། །ཐུགས་ཀྱི་རྡོ་རྗེ་སྙིང་ལ་ཞུགས། །འབྲས་བུ་ཆོས་ཀྱི་སྐུ་འགྲུབ་གྱུར། །བཞི་པ་ཡོན་ཏན་རྗེས་གནང་ནི། །དཔོན་སློབ་གཉིས་ཀ་ལྷར་གསལ་བར། །རྒྱན་ཆ་འདི་གཏད་སངས་རྒྱས་ཀྱི། །ཡོན་ཏན་དངོས་གྲུབ་མཐའ་དག་ལྡན། །འབྲས་བུ་བདེ་ཆེན་སྐུ་འགྲུབ་གྱུར། །ལྔ་པ་ཕྲིན་ལས་རྗེས་གནང་ནི། །བླ་མ་འཕགས་མ་སྒྲོལ་མ་ཡི། །གནས་བཞིར་དཀར་དམར་སྔོ་ལྗང་སེར། །འོད་འཕྲོས་སློབ་མའི་གནས་བཞིར་ཐིམ། །སྒོ་གསུམ་ཆ་མཉམ་སྒྲིབ་ཚོགས་དག །ཕྲིན་ལས་མཐའ་ཡས་དབང་བསྒྱུར་ཞིང་། །འབྲས་བུ་ངོ་བོ་ཉིད་སྐུར་གྱུར། །དེ་ལྟར་རྗེས་གནང་ཐོབ་ནས་ནི། དམ་ཚིག་བསྲུང་བའི་རྗེས་ཟློས་མཛོད། །གཙོ་བོས་ཇི་ལྟར་སོགས་ལན་གསུམ་དང་། མཎྜལ་ཕུལ། ལུས་དང་ལོངས་སྤྱོད་དྲུག་ཆ་ནི། །ལྟོས་མེད་འབུལ་སྙམ་རྗེས་ཟློས་མཛོད། །དེང་ནས་བརྩམས་ཏེ་སོགས་ལན་གསུམ་དང་། བསོད་ནམས་འདི་ཡིས་སོགས་བརྗོད། དེ་ནས་ཐུན་བསྡུའི་རྫོགས་རིམ་ནི། ཐུགས་ཀའི་ཏྲྃ་ལས་འོད་འཕྲོས་པས། །རྒྱུ་དང་མི་རྒྱུའི་སྣོད་བཅུད་ཀུན། །འོད་དུ་ཞུ་ནས་རང་ལ་ཐིམ། །རང་ཡང་འོད་ཞུ་སྔགས་འཁོར་དང་། །དེ་ཡང་ཏཱྃ་ཡིག་ནཱ་དར་ཐིམ། །མི་དམིགས་རྣམ་


SPN002_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཆོག་ལྡན་གྱི། །སྟོང་ཉིད་འོད་གསལ་ཆེན་པོའོ། །ཨཱཪྱ་ཏཱ་རེ་ཧཾཿསླར་ཡང་དེ་ཉིད་སྐད་ཅིག་གིས། །ཆུ་ལས་ཉ་ལྡང་ཇི་བཞིན་དུ། །གཟུགས་སྐུ་ཡོངས་རྫོགས་གསལ་བར་གྱུར། རྗེས་ཀྱི་ཆོ་གའི་རིམ་པ་ལས། །མཆོད་བསྟོད་བྱས་ནས་བཟོད་གསོལ་ནི། མ་འབྱོར་པ་དང་ཡིག་བརྒྱ་བརྗོད། འདོད་དོན་གསོལ་བཏབ་ནི། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །གཤེགས་གསོལ་བྱེད་ན། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས། བཛྲ་མུཿཡེ་ཤེས་པ་རྣམས་རང་གནས་གཤེགས། །དམ་ཚིག་པ་རྣམས་རང་ལ་ཐིམ། །གཤེགས་གསོལ་མི་བྱེད་པ་དང་རྟེན་ཡོད་ན། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཞེས་པ་ནས། དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཡེ་ཤེས་སེམས་དཔའ་རྟེན་མཆོག་འདིར། །རྣམ་པ་ཀུན་ཏུ་མི་འབྲལ་ཞིང་། །བདག་སོགས་འགྲོ་བ་ཐམས་ཅད་ལ། རྟག་ཏུ་ཐུགས་རྗེས་བཟུང་དུ་གསོལ། །རྟེན་འབྲེལ་སྙིང་པོ་སོགས་དང་། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར། དེ་ནས་ལྷ་མཚན་བསྡུས་ཏེ་ལྷ་ལའང་བསྟིམས། རང་གི་སྤྱི་བོར་ཡང་བཞག །ཨ་ཀཱ་རོ་སོགས་བརྗོད། དྲིལ་བུ་གསིལ། རྡོ་རྗེས་པད་འདབ་ནས་བཟུང་། རྡུལ་ཚོན་ནམ་ཚོམ་བུ་གང་ཡིན་གྱི། མཆོད་སྦྱིན་གནས་འདིར་གང་ལྷགས་པ། སོགས་ཀྱིས་གཤེགས་གསོལ་བྱ། མཆོད་གཏོར་གཙང་སར་དོར། དགེ་བ་འདི་ཡིས་མྱུར་དུ་བདག །སོགས་


SPN002_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྔོ་བ་སོགས་གང་འོས་དང་། བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྒྱས་བསྡུས་གང་འོས་བརྗོད་པར་བྱའོ། །དེ་ལྟར་འཕགས་མ་སྒྲོལ་མ་བཀྲ་ཤིས་དོན་འགྲུབ་མའི་ཆོ་ག་འདི་བཞིན་མདོར་བསྡུས་ཚིག་བཅད་དུ་བྲིས་པ་སྟེ། བསྙེན་པའི་གྲངས་ཚད་འགྲུབ་པའི་རྟགས་མཚན་གཞན་ཡང་གང་ཅིར་རྒྱས་པར་སྤྲོ་ཚེ་སྒྲོལ་མའི་སྒྲུབ་སྐོར་གཞན་ནས་གང་འོས་ཁ་གསབ་ཆོག་ཅིང་། འདིའི་བརྒྱུད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། །གསང་བདག་ཕྱག་ན་རྡོ་རྗེ། རྡོ་རྗེ་རྣལ་འབྱོར་མ། པཎྜི་ཏ་ཨ་བྷྱེ་ཀ་རི། པཎྜི་ཏ་འདྲེན་པའི་ཞབས། པཎྜི་ཏ་གཽ་ལ་ཤྲཱིཿཔཎྜི་ཏ་ཀཱིཪྟི། ལོ་ཙྪ་བ་ཀིིཪྟི་དྷཱ་ཛ། སློབ་དཔོན་རིན་ཆེན་འབྱུང་ལྡན། བླ་མ་རིན་ཆེན་གུང་བ། སློབ་དཔོན་བསོད་ནམས་འཕེལ། སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན། བླ་མ་ཀུན་དགའ་རིན་ཆེན། མཁན་ཆེན་བསོད་ནམས་མཆོག་གྲུབ། བླ་མ་དགེ་འདུན་རྒྱལ་མཚན། བླ་མ་བྱམས་པ། གྲུབ་ཆེན་ཀིཪྟི་ཤྲིཿསི་ཏུ་ཆོས་ཀྱི་གོ་ཆ། དཔལ་ལྡན་མི་ཕམ་ཆོས་ཀྱི་དབང་ཕྱུག །གར་དབང་ཆོས་ཀྱི་དབང་ཕྱུག །གནས་མདོ་ཀརྨ་ཆགས་མེད། བདུད་མོ་ཀརྨ་དར་རྒྱས། དཔལ་ཆེན་ཆོས་ཀྱི་དོན་གྲུབ། སི་ཏུ་བསྟན་པའི་ཉིན་བྱེད། དེས་བདག་ལའོ། །དེ་ལྟར་འཕགས་མ་སྒྲོལ་མ་བཀྲ་ཤིས་དོན་གྲུབ་མ་མཆོད་ཅིང་བསྒྲུབ་པའི་རིམ་པ་མདོར་བསྡུས་འདི་བཞིན། ཞི་བ་ཞེས་པའི་ཧོར་ཟླ་༡༡ཚེས་༡ཕྱི་མར་པ་སངས་ནམ་འབྲུའི་འགྲུབ་སྦྱོར་དང་ཉི་མ་བྱང་བགྲོད་བསྐྱེད་རིམ་ཐོག་མ་ཟླ་བའི་རླུང་རྒྱུའི་རྟེན་འབྲེལ་བཅས། གང་ཅིར་ཕུན་སུམ་ཚོགས་པའི་དུས་དེར་ཤཱཀྱའི་དགེ་སློང་ཀརྨ་ཀ་བདུད་ཚོགས་འདུལ་བའི་རྡོ་རྗེས་ལྷག་བསམ་རྣམ་པར་དཀར་བས་སྤེལ་བ་དགེ། །།

འཕགས་མ་བཀྲ་ཤིས་དོན་གྲུབ་མའི་རྒྱས་པའི་སྦྱིན་སྲེག་བསམ་འཕེལ་ནོར་བུ།


SPN002_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་བཀྲ་ཤིས་དོན་གྲུབ་མའི་རྒྱས་པའི་སྦྱིན་སྲེག་བསམ་འཕེལ་ནོར་བུ་བྱ་བ་བཞུགས་སོ། །བླ་མ་དམ་པ་དང་ལྷག་པའི་ལྷ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །འདིར་དམ་ཚིག་དང་སྡོམ་པ་ལྡན་ཞིང་རིམ་གཉིས་ཀྱི་རྣལ་འབྱོར་པས་རྒྱས་པའི་ལས་བསྒྲུབ་པར་བྱ་བ་དང་། དངོས་གྲུབ་རྣམ་གཉིས་ཐོབ་པར་བྱ་བ་དང་། སྔགས་དང་ཆོ་གའི་ལྷག་ཆད་ཁ་སྐོང་བ་དང་། དཀྱིལ་འཁོར་གྱི་ལས་དང་། རྟེན་རབ་ཏུ་གནས་པ་ལ་སོགས་པ་དང་འབྲེལ་བའི་ཚེ་སྦྱིན་སྲེག་གི་ལས་བརྩམས་ཏེ་དཔལ་ཡང་དག་བར་སྦྱོར་བ་ལས། སྣ་ཚོགས་ལས་ནི་རབ་བསྒྲུབ་ཕྱིར། །སྦྱིན་སྲེག་ལས་ནི་བཤད་པར་བྱ། །མེ་ནི་ལྷ་ཡི་ཁ་རུ་གསུངས། །སྦྱིན་སྲེག་དེ་ནི་རྣམ་པར་གནས། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་ནས་དངོས་གྲུབ་རབ་ཏུ་སྩོལ། །གང་ཞིག་སྔགས་ཀྱི་ལྷག་ཆད་དག །། སྦྱིན་སྲེག་གིས་ནི་དེ་ཀུན་དག །ཅེས་དང་། ཅི་གསུངས་སྦྱིན་སྲེག་བྱས་ནས་ནི། །དཀྱིལ་འཁོར་དམ་པ་བཞེངས་པ་དང་། །ཞེས་དང་། བཟང་པོ་ཡོངས་བཟུང་ལས། རབ་གནས་ལ་སོགས་རྗེས་ལ་ནི། །མ་དྲན་པ་དང་མ་ནུས་པ། །ཆོ་ག་མ་ཚང་གྱུར་པ་རྣམས། །སྦྱིན་སྲེག་གིས་ནི་རྫོགས་པར་བྱ། །ཞེས་གསུངས་སོ། །དེས་ན་ལས་ཀྱི་རིམ་པ་ལ་འཇུག་པ་ལ་གསུམ་སྟེ། སྦྱོར་བ་དང་དངོས་གཞི་རྗེས་གསུམ་མོ། །དང་པོ་ལ་གསུམ་སྟེ། ཐབ་བཅའ་བ། ཡོ་བྱད་རྣམས་ཇི་ལྟར་བཤམས་པ། །སློབ་དཔོན་གྱི་ཆས་གོས་སོགས་བསྟན་པའོ། །དང་པོ་ནི་སམྦུ་ཊི་ལས། རྒྱས་པའི་ཐབ་ཁུང་གྲུ་བཞི་སྟེ། །ཁྲུ་གཉིས་ཚད་དུ་རྣམ་པར་


SPN002_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས། །འོག་ཏུ་ཁུང་བུ་གྲུ་གང་བ། །མུ་རན་ལ་ནི་སོར་བརྒྱད་ཉིད། །མེ་ཏོག་སེར་པོས་བརྒྱན་པ་དང་། །དྲི་ནི་སེར་པོས་རྗེས་སུ་བྱུག །གང་དུ་སྦྱིན་སྲེག་བྱ་བའི་གནས་སུ་སྟེགས་བུ་འདུ་བྱ་བ་སོགས་གྲུབ་ནས་ཐོག་མར་ཐིག་གདབ་པ་ནི། ཚངས་ཟུར་བཞི་པོ་ལེགས་བཏབ་སྟེ། །དབུས་ནས་ཚངས་སྟེང་སོར་མོ་ནི། །ཉེར་བཞི་ཚན་གཅིག་བརྒྱད་ཚན་གཉིས། །མཚན་མར་བྱས་ལ་དེ་སྟེང་ནས། །ཟུར་ཐིག་སྟེང་དུ་མཚན་མར་བྱ། །དེ་སྟེང་གྲུ་བཞི་ཕྱོགས་རེ་ལ། །གསུམ་གསུམ་བཏབ་པས་ཐབ་རྒྱ་དང་། །མུ་རན་ཁ་ཁྱེར་ཡང་དག་འབྱུང་། །སོར་མོ་བརྒྱད་དང་བཅུ་དྲུག་གི། །པདྨའི་ལྟེ་བར་འདབ་མ་བསྐོར། །དཀྱུས་ཐིག་བཏབ་པས་རྒྱས་པ་འགྲུབ། །དེ་ལྟར་ཐིག་རྣམས་གདབ་པར་བྱས་ནས། དེ་ནས་ཐབ་ཁུང་བརྩིག་པ་ནི། རྒྱས་པ་ལ་མཆུའི་ཕྱི་ནང་གི་ཐིག་གཉིས་ཀྱི་བར་དུ་གྲུ་བཞིར་བརྩིག་པའི་རྒྱ་ཕྱེད་དཔང་དུ་ཡོད་པས་ཁ་ནས་སོར་བརྒྱད་པའི་མཆུར་དོར་བ་རྒྱ་དཔང་མཉམ་པར་སོར་བརྒྱད་པའི་ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བ་དང་བཅས་པ། པདྨ་རྒྱས་པའི་དབྱིབས་ལྟ་བུ་ནང་དུ་ངང་གིས་གཞོལ་བ། དེའི་ཕྱི་རོལ་གྱི་གྲྭ་བཞིར་རིན་པོ་ཆེ་སེར་པོས་མཚན་པ་དབུས་སུ་པད་འདབ་བརྒྱད་དེ་ཕྱོགས་བཞི་དམར། མེ་རླུང་སེར། བདེན་བྲལ་ལྗང་། དབང་ལྡན་སྔོ། ལྟེ་བ་ལྗང་ཁུའི་སྟེང་དུ་རིན་པོ་ཆེ་སེར་པོ། འཁོར་ཡོད་ཚེ་ཕྱོགས་ཀྱི་འདབ་མ་ལ་སོ་སོའི་ལྷ་མཚན་དགོས་ཤིང་། ཚོན་གཞན་མ་འབྱོར་ཚེ་སེར་པོ་ཁ་རྐྱང་བཀྲམ་པའི་སྟེང་དུ་གོང་ལྟར་བྲིས་པས་འཐུས། བརྐོ་ཐབ་བྱེད་ན་ཁ་ཁྱེར་གྱི་རྩ་ཐིག་དེ་ནང་དུ་ཐབ་རང་གི་རྒྱ་ཡི་ཕྱེད་ཟབས་སུ་


SPN002_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བརྐོ་ཞིང་། བྲི་ཐབ་ལ་ནི་དཔང་དངོས་སུ་མེད་ཀྱང་བསམ་པས་འགྲུབ་བོ། །ཐབ་ཀྱི་ཁ་དོག་དང་དབྱིབས་སོགས་ནི་གོང་གི་ལུགས་དང་འོག་ཏུ་ཐབ་ཀྱི་བསྐྱེད་ཆོག་གིས་རྟོགས་པར་འགྱུར་རོ། །དེས་ན་འདིར་སྨོས་པ་རྣམས་ནི་དཔེར་བརྗོད་པ་ཙམ་ཡིན་ནོ། །བུད་ཤིང་ནི་ཡམ་ཤིང་སོ་སོའི་རྒྱུ་དང་མཐུན་པའམ་ཤུག་པ་སོགས་དྲི་ཞིམ་པོ་དང་། དགོན་པའི་བ་ལང་ལྕི་བ་སྲོག་ཆགས་མེད་པ་ཡང་རུང་སྟེ་ཐབ་ཀྱི་དབྱིབས་དཔངས་རྣམས་མཐུན་པར་རྒྱས་པ་ལ་ཐབ་ཀྱི་མཆུ་ཡི་ནང་དུ་དམ་པར་བརྩིགས་པའི་ནང་གི་ཤར་ལྷོར་རྫའི་ཀོང་བུ་མར་གྱིས་བཀང་བ་སྡོང་བུ་ཅན་བཞག་གོ། །གཉིས་པ་ཡོ་བྱད་རྣམས་ཇི་ལྟར་བཤམས་པ་ནི། རྒྱས་པ་ལ་སློབ་དཔོན་གྱི་གཡོན་ཕྱོགས་ནས་བརྩམས་ཏེ་གཡས་བསྐོར་དུ་རིམ་པ་བཞིན་ཆུ་བཞི། ཉེར་སྤྱོད་ལྔ། མར་ལ་བཅོས་པའི་གཏོར་མ་དང་བཅས་པ་སྟེགས་བུ་མཐོ་དམན་ནམ་ཕྱི་ནང་བྱས་པའི་ཁར་འདས་མ་འདས་ཀྱི་ཚར་གཉིས་བཤམས། མ་འབྱོར་ན་ཚར་གཅིག་སྤྱི་སོར་བཤམས་ལ། མཆོད་འབུལ་རེ་རེ་བཞིན་མཆོད་པ་རྣམས་བརྗེ་བའང་ཁ་གསོ། ཡང་གཡས་ཕྱོགས་ཀྱི་མདུན་ངོས་ནས་བརྩམས་ཏེ་སྔ་མ་བཞིན་དུ་བྱང་ཆུབ་ཀྱི་ཤིང་སོགས་དང་། ཁྱད་པར་དུ་རྒྱས་པ་ལ་ཡམ་ཤིང་གི་རྒྱུ་དེ་ཉིད་ཀྱི་ཡལ་གའི་དབུས་ཀྱི་ཆ་ལས་བྱུང་བ་འོ་མ་དང་མར་གྱིས་བསྒོས་ཤིང་གུར་གུམ་གྱིས་བྱུགས་པ། སྲིད་དུ་གྲུ་གང་། སྦོམས་སུ་ཆང་གང་། བའམ་རའི་མར་གྱི་ཁུ་བ། ཏིལ་ནགཡུངས་ཀར། ཞོ། བག་ཕྱེ། བུ་ུརམ་གསུམ་མམ། འོ་མ་སྦྲང་རྩི་ཞིབ་བསྲེས་པའི་རིལ་བུའི་ཟས་མཆོག་དང་། ཞོ། འབྲས། སོ་བ།


SPN002_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ནས། སྲན་མ། གྲོ། དཱུརྦ། ཀུ་ཤ་སྔོན་པོ་རྩ་རྩེ་མ་ཉམས་པ་མར་དང་འོ་མས་སྦགས་པ་དང་། ཤིང་ཏོག་སྣ་ཚོགས་རྣམས་བཤམས། ཡང་ན་རྒྱས་པ་ལ་སཱ་ལི་དམར་པོ། མེ་ཏོག་བརྒྱ་པ། བིལ་བའི་འབྲས་བུ། པདྨ། ནཱ་ག་གེ་སར། འབྲུ་དག་གོ། །རྒྱས་པའི་མཆོད་རྫས་དང་སྟེགས་བུའི་ཁ་དོག་སེར་པོ་བྱ་ཞིང་། དེ་དག་གི་སྣོད་ཀྱང་གསེར་སོགས་སེར་པོ་དང་། སློབ་དཔོན་གྱི་མདུན་མེ་ཡོལ་གྱི་ནང་དུ་གཡོན་ནས་རིམ་བཞིན་མེ་ལྷའི་གདན་ཀྱི་ཀུ་ཤ་ཆུན་པོ་བཅུ། ནང་མཆོད། རྡོ་རྗེ། དགང་བླུགས་ཁ་སྦྱར། དྲིལ་བུ། མེ་ཏོགབསང་གཏོར་གྱི་ཀུ་ཤ། རླུང་གཡབ་རྣམས་བཤམས། གཞན་ཡང་ལས་མཐུན་གྱི་ཁྲུས་རས་དང་གོས་ཟུང་དག་ཀྱང་བཤམ་མོ། །གསུམ་པ་སློབ་དཔོན་གྱི་ཆས་གོས་སོགས་བསྟན་པ་ནི། ཆས་གོས་སེར་པོ་དང་། རྒྱན་ནི་གསེར་སོགས་རིན་པོ་ཆེའོ། །སློབ་དཔོན་གྱི་ཁ་ལྟ་ཕྱོགས་ནི། རྒྱས་པ་ལ་བྱང་དུ་བལྟ་བར་སམྦུ་ཊི་ལས་གསུངས་ཤིང་། དཀྱིལ་འཁོར་དང་འབྲེལ་ན། ཐབ་དཀྱིལ་འཁོར་གྱི་ཕྱོགས་གང་དུ་བྱ་བའང་། དེ་ཉིད་ལས། བྱང་དུ་རྒྱས་པའི་ཐབ་ཁུང་ཉིད། །ཅེས་གསུངས་པས་དཀྱིལ་འཁོར་གྱི་ཞལ་གང་དུ་ཕྱོགས་ཀྱང་རུང་། ལས་དང་མཐུན་པའི་དཀྱིལ་འཁོར་གྱི་ཕྱོགས་སུ་ཐབ་བཅའ་ཞིང་། སློབ་དཔོན་ནི་ལས་དང་མཐུན་པའི་ཕྱོགས་སུ་ཁ་བལྟ་བའམ། ཡང་ན་སྦྱིན་སྲེག་དང་འབྲེལ་བའི་སྐབས་སུ་དཀྱིལ་འཁོར་གྱི་ཞལ་ནུབ་ཕྱོགས་སུ་བལྟ་བར་བཞེངས་ན་རྒྱས་པ་


SPN002_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་ལས་ཀུན་ལ་དཀྱིལ་འཁོར་གྱི་ཕྱོགས་གང་དུ་བྱ་བ་དང་། སློབ་དཔོན་གང་དུ་ཁ་བལྟ་བའི་འབྱུང་བའི་ཕྱོགས་གཉིས་ཀ་མི་འགལ་བས་ཤིན་ཏུ་འགྲིགས་ཤིང་ལེགས་པར་མངོན་ནོ། །སློབ་དཔོན་གྱི་གདན་དང་འདུག་སྟངས་ནི། རྒྱས་པ་ལ་ཁྲིའུ་སེར་པོའི་སྟེང་དུ་བཟང་པོའི་འདུག་སྟངས་བྱའོ། །དུས་ནི་ཡར་ངོའི་ཚེས་བརྒྱད་སོགས་ཀྱི་སྔ་དྲོའོ། །གཉིས་པ་དངོས་གཞི་ལ་གཉིས། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོ་གའོ། །དང་པོ་ནི། བདག་ཉིད་ཁྲུས་བྱས་ལས་དང་མཐུན་པའི་ཚོན་དང་དྲིས་བྱུགས། དེ་ནས་བདག་བསྐྱེད་བསྒོམ་ཞིང་ཐུན་བསྡུ་སོགས་བྱས་ལ། སླར་ཡང་། བདག་ཉིད་སྐད་ཅིག་ཁྲོ་བོའི་རྒྱལ། །ཧེ་རུ་ཀ་དཔལ་རྟ་མཆོག་དམར། །ཕྱག་གཉིས་དབྱུག་ཐོ་སྡིགས་མཛུབ་ཅན། །འདོར་ཐབས་ཁྲོ་ཆས་རྫོགས་པར་གསལ། །འདི་ནས་བཟུང་སྟེ་སྦྱིན་སྲེག་མ་གྲོལ་གྱི་བར་དུ་ངག་སྨྲ་བཅད། ལག་པ་རྡོར་དྲིལ། ཡིད་ཏིང་ངེ་འཛིན་དང་མ་བྲལ་བར་དགོས་ཤིང་། རྡོར་དྲིལ་བྱིན་རླབས་སྔར་བྱས་པ་མེད་ན་འདིར་བྱིན་རླབས་དགོས་པས། མདུན་དུ་ལས་བུམ་ཞིག་བཅས་ལ། ལས་བུམ་དབུས་སུ་པད་ཉིའི་སྟེང་། །སྐད་ཅིག་ཁྲོ་རྒྱལ་རྟ་མགྲིན་སྐུ། །ཐུགས་ཀར་ཧྲཱིཿལ་སྔགས་ཕྲེང་བསྐོར། །དེ་ལས་འོད་འཕྲོས་གནོད་བྱེད་བཅོམ། །སླར་ཡང་བདུད་རྩིའི་རྒྱུན་བབས་པས། །བུམ་ཆུ་ནུས་མཐུ་ཕུན་ཚོགས་གྱུར། །རྟ་མགྲིན་གྱི་སྙིང་པོ་ཅི་རིགས་བཟླའོ། །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱིས། །


SPN002_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་དང་བར་ཆད་བཟློག་པར་མཛོད། །ཅེས་བརྗོད་དོ། །སླར་རྡོར་དྲིལ་ལ། ༀ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ུཧཱུྃ་ཕཊ་ཀྱིས་བསངས། སྭ་བྷཱ་ཝ་སོགས་ཀྱིས་སྦྱངས། རྡོར་དྲིལ་མི་དམིགས་སྟོང་ཉིད་གྱུར། །སྟོང་པའི་ངང་ལས་པད་ཟླའི་སྟེང་། །ཧཱུྃ་ལས་རྡོར་སེམས་ཡབ་ཡུམ་དཀར། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན། །སྣང་ལ་རང་བཞིན་མེད་པའི་སྐུའི། གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ། །དབང་གི་ལྷ་བཅས་སྤྱན་དྲངས་ཏེ། །ཛཿཧཱུྃ་བྃ་ཧོ་ཡེ་ཤེས་པ། །དམ་ཚིག་པ་དང་དབྱེར་མེད་གྱུར། །སླར་ཡང་དབང་ལྷ་འཁོར་བཅས་ཀྱིས། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་སྤྱི་བོར་བརྟེན་པ་ལས། །མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །རྡོར་སེམས་ཡབ་ཡུམ་ཞུ་བ་ལས། །རྡོར་དྲིལ་མཚན་ཉིད་ལྡན་པར་གྱུར། །ལག་མཐིལ་གཡས་སུ་ཟླ་བ་དང་། །གཡོན་དུ་ཉི་མའི་དཀྱིལ་འཁོར་གསལ། །བར་བསམས་ཏེ་པད་ཀོར་དང་བཅས་པས། ༀ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་བླངས་ཏེ་གསོར། ༀ་བཛྲ་གྷཎྜེ་ཨཱཿཞེས་པད་ཀོར་དང་བཅས་ཏེ་དྲིལ་བུ་བླངས་ལ་སླར་ཡང་པད་ཀོར་དང་བཅས་པས། ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཧི་ཧི་ཧི་ཧི་ཧི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་བཞིན་པས་རྡོ་རྗེ་ལན་གསུམ་གསོར།


SPN002_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སླར་བསྟོད་དེ་སྙིང་གར་བཟུང་ང་ོ། །དེ་ནས་དྲིལ་བུ་གནས་བརྒྱད་དུ་བསྐོར་ཞིང་གསིལ་བ་སྟེ་དྲིལ་ལྕེ་དྲིལ་བུའི་ནང་གི་ཕྱོགས་མཚམས་བརྒྱད་དུ་རེས་མོས་ཀྱིས་རེག་པ་གསིལ་བཞིན་པར། ༀ་བཛྲ་གྷཎྜེ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ནི་པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སཾ་བྷ་ཝི་ཏ་བཛྲ་དྷརྨ་ཧྲི་ད་ཡཾ་སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཧོཿཨཱ་ཁཾ་སྭཱ་ཧཱ། ཞེས་བརྗོད་ལ་པད་ཀོར་བྱས་ཏེ་རྡོ་རྗེ་སྙིང་གར་བཟུང་ཞིང་དྲིལ་བུ་སྒྲ་ཆེ་བར་གསུམ་བཀྲོལ་བས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྒྲས་བསྐུལ་ཞིང་མཆོད་པར་བསམས་ཏེ་གྲག་སྟོང་དུ་མཉམ་པར་བཞག་གོ། །དེ་ནས་སྔོན་འགྲོ་གཏོར་མ་ལ་ༀ་བཛྲ་ཀྲོ་དྷ་སོགས་ཀྱིས་བསངས། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷོ྅་ཧཾ། ཞེས་སྟོང་པར་སྦྱངས། སྟོང་པ་ཉིད་གྱུར་སྟོང་པའི་ངང། །ༀ་ལས་རིན་ཆེན་སྣོད་ཡངས་སུ། །ༀ་ཡིག་ཞུ་བ་ལས་བྱུང་བའི། །གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། །ༀ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབས། ༀ་གནས་བདག་ཡུལ་བདག་གྲོང་བདག་དང་། །གཉུག་མར་གནས་པ་ལ་སོགས་པའི། །གཏོར་མགྲོན་དུ་འོས་འདིར་མཆིས་གྱུར། །ཊཀྐི་ཧཱུྃ་ཛཿན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལྱཱ་ཏེ་སྭཱ་ཧཱ། ལན་གསུམ་དང་། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨ་དྱ་ནུ་ཏྤནྣ་ཏྭ་ཏ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་བརྗོད། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་


SPN002_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་དུ་གཏོར་མ་འདི། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་གྲུབ་བཛོད། །ཅེས་པའི་བར་དང་། ༀ་སུཾ་བྷ་ནི་སོགས་བརྗོད་དེ་གཏོར་མ་དོར། ཡུངས་ཀར་གྱི་རྫས་དང་ཡོ་བྱད་ཀུན་ལ་བྲབ་ཅིང་ཡི་དམ་གྱི་ང་རྒྱལ་བརྟན་པོས་རྡོ་རྗེའི་ཟེར་གྱིས་བགེགས་བསྐྲད་དོ། །སྲུང་འཁོར་ནི། ཏཱྃ་ཡིག་འོད་ཟེར་ལས་བྱུང་བའི། །སྣ་ཚོགས་རྡོ་རྗེའི་ས་གཞི་དང་། །ར་བ་དྲྭ་བ་གུར་བླ་བྲེ། །ཡེ་ཤེས་མེ་རིའི་སྲུང་འཁོར་གྱུར། །ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། མེ་སྤར་བ་ནི། གཙུབ་ཤིང་ལས་བྱུང་བའམ་རུང་ཁང་ལས་བྱུང་བའི་མེ། ཁྱད་པར་ནགས་ལ་མེ་མཆེད་པ་ལས་བྱུང་བའམ་མེ་ཤེལ་ལས་བྱུང་བ་གང་རུང་མེ་སྣོད་དུ་བཞག །བསང་ཆུ་གཏོར་ལ། ༀ་བཛྲ་ཀྲོ་དྷ་སོགས་ཀྱིས་བསངས། དཔལ་འབར་ལ་སྦར་ཏེ་སླར་ཡང་བསང་ཆུ་གཏོར་ལ། ༀ་བཛྲ་ཀྲོ་དྷས་བསངས། ༀ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་ཐབ་ཀྱི་ཤར་ལྷོར་བཞག །ༀ་ཨཱཿཧཱུྃ། ཞེས་བརྗོད་དེ་རླུང་གཡབ་ཀྱིས་གཡབ་ཅིང་སྦར་རོ། ཡང་བུད་ཤིང་ཉུང་བ་ལྟ་བུས་མགྱོགས་པར་དགོས་ཚེ་མེ་ལྷའི་གདན་བཤམས་ནས་སམ་མེ་ལྷ་བསྐྱེད་ནས་མེ་སྦར་བའང་ཡོད་དོ། དེ་ནས། ༀ་བཛྲ་ཀྲོ་དྷ་སོགས་ཀྱིས་མར་ཁུ་དགང་བླུགས་གསུམ་མམ་བདུན་ཕུལ་བས་མེ་གསོས་ལ། སམྦུ་ཊིར། ཐབ་ཁུང་ཀུན་ཏུ་ཀུ་ཤ་ཡི། །རྩེ་


SPN002_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དྲང་པོར་ཡོངས་སུ་བསྐོར། ཞེས་པ་ལྟར་ཀུ་ཤའི་ཆུན་པོ་མ་ཉམས་ཤིང་ཧ་ཅང་རིང་ཐུང་སྤངས་པ་ཟུང་དུ་བྱས་པ་དག་རིམ་པར་བླངས་ཏེ་ལག་གཉིས་ཀྱི་བཟུང་བ་ཅུང་ཟད་པད་ཀོར་དང་བཅས་ཏེ། ༀ། ཀུ་ཤ་འདི་ནི་གཙང་ཞིང་དགེ། །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པའི་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ༀ་བཛྲ་སཏྭ་ཨཱཿཅེས་ཆུན་པོ་ཆེ་བ་ཟུང་ཞིག་ཐབ་ཀྱི་སྟེང་དུ་རྩེ་བྱང་དུ་བལྟ་བས་བཞག་སྟེ་མེ་ལྷའི་གདན་དུ་བསམ། ཆུན་པོ་གཞན་དག་ནི་རང་གི་ཕྱོགས་གཡོན་ནས་བརྩམས་ཏེ་གཡས་བསྐོར་དུ་རིམ་པ་ལྟར་རྩེ་མོ་བྱང་དང་ཤར་ལྷོ་ནུབ་ཏུ་བལྟ་བར་སྔ་མའི་རྩེ་མོ་ཕྱི་མའི་རྩ་བར་ནོན་པར་སྐོར་ཐབས་སུ་དགྲམ་མོ། །འདི་ནི་མེ་ལྷའི་གདན་དང་སྦྱིན་སྲེག་གི་བྱ་བ་ལ་སྲུང་འཁོར་དུ་ཡང་འགྱུར་བས་ཐོག་མར་བྱ་ཞིང་ཐབ་བསྐྱེད་པའི་གོང་ངམ་འོག་ཏུ་བྱེད་པའང་ཡོད་དོ། །དེ་ནས་མཆོད་རྫས་བྱིན་བརླབ་པ་ནི། ཨརྒྷཾ་གྱིས་མཆོད་ཡོན། པཱ་དྱཾ་གྱིས་ཞབས་བསིལ། ཨཉྪ་མཱ་ནཾ་གྱིས་ཞལ་བསིལ། པྲོཀྵ་ཎཾ་གྱིས་འཐོར་འཐུང་སྟེ། ཆུ་བཞི་གོ་རིམ་རྒྱུད་སོ་སོ་ནས་ངེས་མེད་དུ་གསུངས་པས་གང་འོས་སུ་སྦྱར་ཏེ། གང་ལྟར་མཆོད་པ་བྱིན་རླབས་དངོས་ནི། བསངས་སྦྱངས། སྟོང་པའི་ངང་ལས་ༀ་ཡིག་ལས། །རིན་ཆེན་སྣོད་ནི་རྒྱ་ཆེ་བ། །ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་། །བྷྲུྃ་ལས་ཁམས་


SPN002_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་རྫས་མཆོག །ཁྱད་པར་འཕགས་ཤིང་མཆོག་གྱུར་པའི། །མཆོད་ཡོན་ཞབས་བསིལ་ཞལ་བསིལ་དང་། །འཐོར་འཐུང་མེ་ཏོག་བདུག་སྤོས་སོགས། །སྣང་གསལ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་ལ་སོགས་མཆོད་པའི་རྫས། །དྭངས་ཤིང་ཐོགས་མེད་ཀུན་བཟང་གི། །རྣམ་ཐར་མཆོད་སྤྲིན་ལས་ལྷག་པ། །ནམ་མཁའི་མཐའ་ཁྱབ་ཇི་སྲིད་དུ། །རྒྱུན་མི་ཆད་པའི་རང་བཞིན་གྱུར། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱ་དྱཾ། ཨཉྩ་མ་ནཾ། པྲོ་ཀྵ་ནཾ། པུཥྤེ། དྷུཔྤེ། དཱི་བྃ། གྷནྡྷེ། ནཻ་ཝི་དྱེ། ཤབྡའི་བར་བརྗོད། ཐལ་མོ་ཁོང་སྟོང་སྦྱར་བ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱས། ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོཿབཛྲ་སྥ་ར་ཎཾ། ཞེས་མཆོད་པ་བྱིན་གྱིས་བརླབས་ནས་སྲེག་རྫས་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་ༀ་ཡིག་ལས། །རིན་ཆེན་སྣོད་དུ་ༀ་ཨཱ་ཧཱུྃ། །འོད་ཞུ་ལྷ་རྫས་ལས་གྲུབ་པའི། །སྲེག་རྫས་ཕུན་སུམ་ཚོགས་པར་གྱུར། །ༀ་ཨཱཿཧཱུྃ། ངོ་བོ་བདུད་རྩིའི་རང་བཞིན་ལ། །རྣམ་པ་སྲེག་རྫས་སོ་སོར་གྱུར། །ༀ་ཨཱཿཧཱུྃ། ༀ་ཋཿཋཿཋཿཋཿཋཿཋཿཋཿཿཞེས་ལག་གཡས་རྡོ་རྗེ་དང་བཅས་པས་བླུགས་གཟར་དང་། གཡོན་དྲིལ་བུ་དང་བཅས་པས་དགང་གཟར་བཟུང་ལ་ཁ་སྦྱར་ཏེ་མར་ཁུ་ལ་རེག་ཅིང་། ༀ་ཨཱཿསྭཱ་ཧཱ། ཡམ་ཤིང་ལ་རེག་སྟེ། ༀ་ཛྲིཾ་སྭཱ་ཧཱ། རྫས་སྦྱངས་བའོ། །ཡང་སྲེག་


SPN002_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ཐམས་ཅད་ལ་རིམ་བཞིན་རིག་སྟེ། ༀ་སྭཱ་ཧཱ། རྫས་བཀྲུ་བའོ། །ཡང་རྫས་ཐམས་ཅད་ལ་རིམ་པར་རེག་སྟེ། ༀ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་བྱིན་གྱིས་བརླབས། དེ་ནས་ཐབ་བསྐྱེད་པ་ནི། ༀ་བཛྲ་ཀྲོ་དྷ་སོགས་ཀྱིས་བསངས། སྭཱ་བྷཱ་ཝས་སྦྱངས། ཐབ་ཁུང་མི་དམིགས་སྟོང་ཉིད་གྱུར། །སྟོང་པའི་ངང་ལས་པད་ཉིའི་སྟེང། །རྒྱས་པའི་ཐབ་ཁུང་གྲུ་བཞི་སེར། །ལག་ཁྲུ་དོ་ཡི་རྒྱ་ཁྱོན་ཅན། །རྒྱ་ཕྱེད་དཔངས་ལྡན་སོར་བརྒྱད་ཀྱི། །མཆུ་དང་ཁ་ཁྱེར་དེ་སྟེང་དུ། །རིན་ཆེན་སེར་པོའི་ཕྲེང་བ་དང་། །གྲ་བཞིར་རིན་ཆེན་དག་གིས་སྤྲས། །དེ་དབུས་པདྨ་འདབ་བརྒྱད་ལྟེར། །རྒྱས་པའི་རིན་ཆེན་སེར་པོས་མཚན། །ཐབ་ཀྱི་དབུས་སུ་མེ་དཀྱིལ་ནང་། །པད་ཉིའི་སྟེང་དུ་རཾ་ཡིག་ལས། །རྒྱས་པའི་མེ་ལྷ་སེར་པོ་ནི། །ཞལ་གཅིག་ཕྱག་གཉིས་མེ་ཐབ་དང་། །རིལ་བ་འཛིན་པ་དྲང་སྲོང་ཚུལ། །རལ་པའི་ཚོགས་བཅས་བརྗིད་ཉམས་ལྡན། །གསུས་འཕྱངས་ཚངས་སྐུད་སེར་པོས་བརྒྱན། །ར་སྐྱེས་ལ་གནས་འཁོར་བཅས་ཀྱི། །གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཤར་ལྷོ་ནས། །མེ་ལྷ་འཁོར་བཅས་སྤྱན་དྲངས་ཏེ། །ༀ། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་རྒྱལ་པོ་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །བཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་


SPN002_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རབ་བསྒྲུབ་པ། །ཐུགས་རྗེས་སེམས་ཅན་དོན་གྱི་ཕྱིར། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ༀ་ཊཱཀྐི་ཧཱུྃ་ཛཿཞེས་ལག་པ་གཡོན་པས་གཡས་པའི་མཁྲིག་མ་ནས་བཟུང་སྟེ། ཀུ་ཤ་དང་བཅས་མི་འཇིགས་པའི་ཕྱག་རྒྱ་བཅས་ལ་མཐེ་བོང་གིས་སྲིན་ལག་གི་རྩ་བར་གཡོབ་ཅིང་སྤྱན་དྲངས་ཏེ། ཐབ་ཀྱི་ཤར་ལྷོར་མེ་ཏོག་གཅིག་འཐོར་ལ། ཐབ་ཀྱི་ཤར་ལྷོར་ཀུ་ཤ་ཡི། །གདན་ལ་མེ་ལྷ་ཡེ་ཤེས་པ། །འཁོར་དང་བཅས་པ་བཞུགས་པར་གྱུར། །ཞེས་བརྗོད། བཟེད་ཞལ་སོ་སོར་ཆུ་བཞི་སྒྲེང་སྟེ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་སྔགས་ཐོག་མཐའ་འདྲ་བར། པཱདྱཾ། ཨཉྩ་མཱ་ནཾ། པྲོ་ཀྵ་ཎཾ། ཞེས་པས་ཆུ་བཞི་དབུལ། དེ་ནས་ལག་གཡས་རྡོ་རྗེ་དང་བཅས་པའི་མཐེ་བོང་གིས་མཐེའུ་ཆུང་མནན་པ་རྩེ་གསུམ་གྱི་ཕྱག་རྒྱ་བཅས་ལ། ༀ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཏ་ཛྭ་ལ་ཡ་སརྦ་པཱ་པཱན་བྷསྨཱིན་ཀུ་རུ་སརྦ་དུཥྚཾ་ཧཱུྃ་ཕཊ། དྲི་ཤྱ་ཛཿཧཱུྃ་བྃ་ཧོཿས་མ་ཡ་སྟྭཾ། ས་མ་ཡ་ཧོཿཞེས་དམ་ལ་བཞག །ཛཿཧཱུྃ་བྃ་ཧོཿཡེ་ཤེས་པ། །དམ་ཚིག་པ་དང་དབྱེར་མེད་གྱུར། །སླར་ཡང་ཐུགས་ཀའི་ཧཱུྃ་འོད་ཀྱིས། །རིགས་ལྔ་འཁོར་བཅས་སྤྱན་དྲངས་ཏེ། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ཞབས་སྤྱི་བོར་བརྟེན་པ་ལས། །རིན་འབྱུང་གིས་ནི་དབུ་བརྒྱན་གྱུར། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ།


SPN002_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གནྡེ། ནཻ་ཝི་དྱ། ཤབྡའི་བར་གྱིས་གདན་མཆོད་དབུལ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཱ་ཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་བསྟོད། དགང་བླུགས་ཁ་ལ་ཧཱུྃ་ཡིག་གསལ། །མེ་ལྷ་ཅུང་ཟད་ཞལ་གདངས་བའི། །ལྗགས་ལ་རཾ་ཡིག་གིས་མཚན་པས། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། །ན་མ་ས་མནྟ་བུདྡྷཱ་ནཱཾ་ༀ་ཨགྣ་ཡེ་ཧ་བྱ་ཀ་བྱ་བཱ་ཧཱ་ནཱ་ཡ་ཨཱ་དི་བྱ། ཅེས་ལག་གཉིས་རྡོར་དྲིལ་དང་དགང་བླུགས་འཛིན་ཅིང་བྱང་ཆུབ་མཆོག་གི་ཕྱག་རྒྱས་མར་ཁུ་དགང་བླུགས་གསུམ་མམ་བདུན་བྱོན་ཟན་དུ་འབུལ་ཏེ། སྤེལ་ཚིག་ནི། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་དང་། །ནོར་དང་ལོངས་སྤྱོད་སྙན་གྲགས་སོགས། །སརྦ་པུཥྚིཾ་ཀུ་རུ་ༀ། ཞེས་འདོད་དོན་གསོལ་ཞིང་སྔགས་ཚིག་རྣམས་བརྗོད་བཞིན་པས་ལག་གཉིས་རྡོར་དྲིལ་དང་བཅས་པས་རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་གཉིས་བརྐྱང་ནས་དགང་བླུགས་བཟུང་། གཡས་པས་བླུགས་གཟར་གྱིས་མར་ཁུ་གསུམ་མམ་བདུན་སོགས་དགང་གཟར་དུ་བླུགས་ཏེ་གང་བ་དང་། ལག་གཉིས་སྔར་བཅས་པའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་དེ་ཁ་སྦྱར། བླུགས་གཟར་མར་ཁུས་གང་བ་དགང་གཟར་གྱི་སྟེང་དུ་འཛིན་པའམ་ཁ་སྦྱར་ལ་གྲུ་མོ་གཉིས་


SPN002_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པུས་མོ་གཉིས་ལས་མི་འདའ་བར་གཡས་སུ་བསྐོར་ཞིང་། མར་ཁུ་དགང་གཟར་གསུམ་མམ་བདུན་གྱིས་བྱོན་ཟན་འབུལ། མེ་པྲ་སྐབས་འདིར་ཁོ་ནར་བརྟག་པ་དང་འདི་ནས་བརྩམས་ཏེ་ཇི་སྲིད་ཐབ་ཀྱི་བུད་ཤིང་རྣམས་ནུས་པ་མ་རྫོགས་པ་དེ་སྲིད་དུ་བརྟག་པ་སྟེ་ལུགས་གཉིས་ལ་སྔ་མ་ལྟས་བཏགས་ལ། དེའི་ཚུལ་ནི། སྦྱིན་སྲེག་འོད་ཀྱི་སྙེ་མར། རབ་བསྔགས་དགེ་བའི་མེ་ཡི་འོད། །དཔལ་བེའུ་དང་ནི་རྔ་ཡབ་གདུགས། །རྒྱལ་མཚན་པདྨ་དྲིལ་བུ་དང་། །རྩེ་གསུམ་པ་དང་རལ་གྲི་ཉ། །བཀྲ་ཤིས་ཨིནྡྲ་ནི་ལའི་མདོག །རྡོ་རྗེ་དུང་ལ་སོགས་པ་དང་། །དགང་གཟར་བླུགས་གཟར་རྣམ་པ་དང་། །དཀར་དང་འཇའ་འདྲ་མདོག་སྡུག་དང་། །གཡས་སུ་འཁྱིལ་དང་ཤིན་ཏུ་སྣུམ། །བྱུ་རུ་དང་ནི་གསེར་མདོག་འདྲ། །དངུལ་དང་རིན་ཆེན་བཻཌཱུཪྱ། །ཉི་འོད་འབར་མཚུངས་དྲི་མ་མེད། །དུ་བ་མེད་ཅིང་དྲི་ཞིམ་པ། །མྲྀ་ཏངྒ་ཡི་སྒྲ་ལྡན་མཆོག །ཅེས་པ་རྣམས་ལྟས་དགེ་བར་ཤེས་པར་བྱས་ལ། འོན་ཏེ་མི་དགེ་བའི་མཚན་མ་ཡང་དེ་ཉིད་ལས། དུ་བ་དཀུ་ཞིང་མེ་སྟག་འཕྲོ། །ཀུན་ནས་ལྡང་ཞིང་སྒྲ་དང་བཅས། །མྱུར་དུ་ཆད་ཅིང་ཞེན་པ་དང་། །མདངས་རྩུབ་པ་ལ་ཤ་ལི་མདོག །དེ་བཞིན་བ་ལང་མགོ་འདྲ་དང་། །མི་རོའི་དྲི་དང་ཉ་ཡི་དྲི། །བོང་བུའི་དྲི་ཅན་བགེགས་ཡོད་ཡིན། །ཞེས་པ་རྣམས་ཀྱིས་མེ་པྲ་བརྟག །ངན་ན་བསང་ཆུ་གཏོར་ཞིང་ལས་སྔགས་དང་སུམྦྷ་ནིས་བགེགས་བསྐྲད། ཧ་བྱ་སོགས་བྱོན་ཟན་གྱི་སྐབས་ལྟར་མར་ཁུ་དགང་བླུགས་གསུམ་


SPN002_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

མམ་བདུན་འབུལ་ལོ། །དེ་ནས་སྲེག་རྫས་དབུལ་ཏེ། ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་དུ་མོས་ལ་རྩེ་མོ་སྟེང་དུ་བསྟན་ལ་གཡས་པས་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ་ཞིང་། ཨ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། ཞེས་སྔགས་རེ་དང་ཡམ་ཤིང་རེ་བསྟུན་ཏེ་དབུལ་ཞིང་སྔགས་བཟླ་གྲོགས་ཡོད་ན་དུ་ཡོད་ཀྱི་གྲངས་དང་མཉམ་པའི་ཡམ་ཤིང་སྔགས་རེ་ལ་དབུལ། གྲངས་འཛིན་པ་པོས་ཀྱང་གྲངས་འཛིན་པ་སྟེ། དེང་སང་སྦྱིན་སྲེག་ལ་གྲངས་རྐུན་བྱེད་པའང་འདི་ནས་འཆུག་པ་ཡིན་པས་གྲངས་རྐུན་མི་བྱེད་ཅིང་ཚར་གསུམ་རེའམ་བདུན་རེའི་མཐར། ཨོཾ་བོ་དྷི་བྲྀཀྵ་ཡ་ཞེས་པའི་རྗེས་སུ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་ཨགྣ་ཡེ་སྭཱ་ཧཱ། མར་ཁུ་དགང་བླུགས་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འབྱོར་པ་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་སརྦ་པཱ་པྃ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཞེས་ཏིལ་ནག་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །སྡིག་སྒྲིབ་ཞི་བྱེད་ལས་རྣམས་དང་། དམ་པའི་ཆོས་ལྡན་བསམ་སྦྱོར་


SPN002_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་སརྦ་ཨརྠ་སིདྡྷི་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གདོན་བགེགས་ཞི་བྱེད་ལས་རྣམས་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རེ་ཝཱ་ར་ༀ་སརྦ་སཾ་པ་དེ་སྭཱ་ཧཱ། ཟས་མཆོག་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བདེ་བ་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རེ་ཝཱ་ར་ༀ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀུན། །ཤེས་རབ་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བཛྲ་པུཥྚ་ཡ་སྭཱ་ཧཱ། འབྲས་སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཁྱིམ་གྱི་དཔལ་འབྱོར་རྒྱས་པ་དང་། དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾཀུ་རུ་ༀ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཡ་བཛྲ་བི་ཛ་ཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །


SPN002_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་དང་འབྲུ་རྣམས་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣེ་ཡེ་ས་པ་རི་ཝཱ་ར་ༀ་མ་ཧཱ་བེ་ག་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ཤུགས་རྣམས་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣེ་ཡེ་ས་པ་རི་ཝཱ་ར་ༀ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལས་ཀྱི་སྟོབས་རྣམས་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣེ་ཡེ་ས་རི་ཝཱ་ར་ༀ་བཛྲ་གྷསྨ་རི་སྭཱ་ཧཱ། གྲོ་སྟེ། བདག་ཅག་དཔོན་འཁོར་བཅས་ཀྱི། །ལུས་ཀྱི་ནད་རྣམས་མེད་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣེ་ཡེ་ས་པ་རི་ཝཱ་ར་ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུརྦ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཚེ་སྲོག་གོང་དུ་འཕེལ་བ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣེ་ཡེ་ས་པ་རི་ཝཱ་ར་ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། ཀུ་ཤ་སྟེ།


SPN002_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་དཔོན་སློབ་འཁོ་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་སྲུང་བ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཨགྣེ་ཡེ་ས་པ་རི་ཝཱ་ར་ༀ་བཛྲ་ཥེ་བཱ་ཡ་སྭཱ་ཧཱ། ཤིང་ཏོག་སྣ་ཚོགས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རིགས་རྒྱུད་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། དེ་ཡང་སྡིག་པ་ཞི་བར་འདོད་ན་ཏིལ་ལྷག་པར་འབུལ་ཞིང་གཞན་རྣམས་གང་འབྱོར་རམ་མ་འབྱོར་ཀྱང་རུང་ངོ་། །དེ་བཞིན་དུ་ཚེ་རིང་བར་འདོད་ན་དཱུརྦ་འབུལ་བ་སོགས་ཀུན་ལ་ཤེས་པར་བྱ། མར་ཁུ་དང་ཡམ་ཤིང་ནི་ཐམས་ཅད་ལ་དགོས་སོ། །བདེ་མཆོག་སྡོམ་འབྱུང་སོགས་ལས་ནི། ཡམ་ཤིང་ནི་དཀྱིལ་འཁོར་ལའོ། །ཁུ་བའི་རྫས་རྣམས་ཞལ་དུའོ། །གོང་བུའི་རྫས་རྣམས་ནི་ཕྱག་ཏུའོ། །ཀུ་ཤ་ནི་གདན་དུའོ། །དཱུརྦ་དང་མེ་ཏོག་ནི་དབུ་ུལའོ། །ཞེས་འབྱུང་བ་ལྟར་བྱེད་པའང་ཡོད་དོ། །མེ་གསོ་བའི་ཕྱིར་བར་བར་དུ་མར་ཁུ་དགང་བླུགས་ཀྱིས་དབུལ་ལོ། །དེ་ཡང་སྡིག་པ་ཞི་བར་འདོད་ན་ཏིལ། ཚེ་རིང་བར་འདོད་ན་དཱུརྦ། བགེགས་ཞི་བར་འདོད་ན་ཡུངས་ཀར་སོགས་མང་བར་དབུལ། གྲངས་ཀྱང་གཙོ་བོར་དེ་ལ་སོགས་པ་ལྟར་སོ་སོའི་སྐབས་ཐོབ་དང་བསྟུན། མར་ཁུ་དང་ཡམ་ཤིང་ནི་མེད་ཀ་མེད་དོ། །དེ་ནས་མེ་ལྷའི་མཆོད་བསྟོད་ནི། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་


SPN002_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་རྒྱས་པའི་ཕྲིན་ལས་མཛོད། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་བདུག་སྤོས་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་རྒྱས་པའི་ཕྲིན་ལས་མཛོད། །ༀ་ཨགྷ་ཡེ་ས་པ་རི་ཝཱ་ར་དྷུ་པེ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་སྣང་གསལ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་རྒྱས་པའི་ཕྲིན་ལས་མཛོད། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨཱ་ཱལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་དྲི་ཆབ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་རྒྱས་པའི་ཕྲིན་ལས་མཛོད། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་ཞལ་ཟས་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་རྒྱས་པའི་ཕྲིན་ལས་མཛོད། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ནཻ་ཝི་དྱ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་རོལ་མོ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་རྒྱས་པའི་ཕྲིན་ལས་མཛོད། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་འཆི་མེད་བདུད་རྩི་འདི། །དྲང་


SPN002_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་རྒྱས་པའི་ཕྲིན་ལས་མཛོད། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ཟུང་འཇུག་བདེ་ཆེན་མཆོད་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་རྒྱས་པའི་ཕྲིན་ལས་མཛོད། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་མ་ཏཾ་གི་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བརྗོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཱཀྐིས་དབང་བསྐུར་བ། ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། དྲང་སྲོང་ཆེན་པོ་མེ་ལྷ་ཡིས། །སྔོན་གྱི་དམ་བཅས་མ་དོར་བར། །ལྷ་རྣམས་ཞལ་ནི་མེ་ཡིན་ཏེ། སྦྱིན་སྲེག་དེ་ནི་མེ་ལ་གནས། །ༀ་ཨགྣེ་ཡེ་སྭཱ་ཧཱ། ཞེས་མར་ཁུ་དགང་བླུགས་གསུམ་ཕུལ་ནས། ༀ་བཛྲ་ཀྲོ་དྷ་སོགས་ཀྱི་བསངས་ཆུས་མེ་དང་ཡོ་བྱད་རྣམས་བསངས་ལ། མེ་ལྷ་འཁོར་དང་བཅས་པ་རྣམས། །འོད་ཞུ་འབར་བའི་རྣམ་པར་གྱུར། །པར་བསམ་མོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཆོ་ག་ནི། མེ་ལྷའི་ལྟོ་བའམ་ཐུགས་ཀའམ་མེ་ལྷ་འབར་བའི་རྣམ་པར་གྱུར་པའི་དབུས་སུ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བསྐྱེད་པ་སྟེ། ལུགས་གསུམ་ལས་ཕྱི་མ་ལྟར་བྱས་ཏེ། དེ་ཡི་ངང་ལས་སྲུང་འཁོར་དབུས། །གཞལ་མེད་ཁང་པ་


SPN002_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་རྫོགས་ཀྱི། །དབུས་སུ་སྣ་ཚོགས་པདྨ་དང་། །ཟླ་བའི་དཀྱིལ་འཁོར་ཉ་གང་སྟེང་། །ཏཱྃ་ཡིག་སེར་པོ་འོད་ཀྱིས་སེམས་ཅན་རྣམས། །འཕགས་མ་སྒྲོལ་མའི་གོ་འཕང་ཉིད་ལ་བཀོད། །སངས་རྒྱས་ཐམས་ཅད་རབ་ཏུ་མཉེས་བྱས་ཏེ། །འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། །རྗེ་བཙུན་བཅོམ་ལྡན་འདས་མ་སྒྲོལ་མ་ནི། །ཞལ་བཞི་སྐུ་དང་རྩ་ཞལ་གསེར་གྱི་མདོག །གཡས་དཀར་གཡོན་དམར་རྒྱབ་ཞལ་སྔོན་པོ་རྣམས། །ཡིད་འོང་ཞལ་འཛུམ་མདངས་ལྡན་ཕྱག་བརྒྱད་ཅན། །གཡས་ཀྱི་དང་པོས་རྒྱལ་མཚན་གཉིས་པ་ཡིས། །འཁོར་ལོ་གསུམ་པས་པདྨ་བཞི་པ་དུང་། །གཡོན་གྱི་དང་པོས་བུམ་པ་གཉིས་པ་ཡིས། །དཔལ་གྱི་བེའུ་དང་ནི་གསུམ་པ་གདུགས། །བཞི་པས་གསེར་ཉ་འཛིན་ཅིང་བཀྲ་ཤིས་སྩོལ། །ལྷ་རྫས་དར་གྱི་སྟོད་གཡོགས་སྨད་གཡོགས་མཛེས། །རིན་ཆེན་སྣ་ཚོགས་དུ་མས་དབུ་རྒྱན་དང་། །སྙན་རྒྱན་མགུལ་རྒྱན་ཕྱག་གདུབ་ཞབས་གདུབ་དང་། །དཔུང་རྒྱན་དོ་ཤལ་སོགས་ཀྱི་རྒྱན་སྤྲས་པ། །ཞབས་གཉིས་རོལ་པའི་སྟབས་བཞུགས་དཔྲལ་བར་ༀ། །མགྲིན་པར་ཨཱཿདང་ཐུགས་ཀར་ཧཱུྃ་དེ་ལས། འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི། །ཡེ་ཤེས་སྤྱན་དྲངས་མཛྲ་ས་མཱ་ཛཿམ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །སོགས་དང་། སྟོང་གསུམ་ཀུན་དང་


SPN002_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་སོགས། པདྨ་ཀ་མ་ལ་ཡ་སྟྭཾ། ཐབ་ཀྱི་དབུས་སུ་པད་ཟླའི་གདན་ལ་བཞུགས་པར་གྱུར། མཆོད་བསྟོད་བརྗོད། ཛཿཧཱུྃ་བྃ་ཧོཿསླར་ཡང་ཐུགས་ཀ་ཡི། །ཏཱྃ་ལས་འོད་འཕྲོས་རིགས་ལྔ་འཁོར་དང་བཅས། །ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿམཆོད་བསྟོད་བྱ། ༀ་སརྦ་ཏ་ཐཱ་ག་ཏ་ཨབྟི་ཥིཉྩ་ཏུ་མཱཾ། གསོལ་བཏབ་དབང་བསྐུར་ཆུ་རྒྱུན་གྱིས་སྐུ་གང་། །དྲི་མ་དག་ཅིང་ཆུ་ལྷག་གྱེན་འཁྱིལ་བས། །འོད་དཔག་མེད་མགོན་མཆོག་གིས་དབུ་བརྒྱན་གྱུར། །དེ་ནས་བྱོན་ཟན་འབུལ་བ་ནི། དགང་བླུགས་ཁ་ལ་ཧཱུྃ་ཡིག་གསལ། །བཅོམ་ལྡན་འདས་མའི་ལྗགས་ལ་ཡང་། །ཏཱྃ་ཡིག་དག་གིས་མཚན་པ་ཡིས། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏཱྃ་སྭཱ་ཧཱ། ལན་བདུན་ནམ་གསུམ། སྤེལ་ཚིག་ནི། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་དང་། །ནོར་དང་ལོངས་སྤྱོད་སྙན་གྲགས་སོགས། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་བཛྲ་ཀྲོ་དྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ཡིག་ལས། །སོགས་ནས། སྥ་ར་ན་ཁཾ། ཞེས་པའི་བར་གྱིས་མཆོད་པ་བྱིན་གྱིས་བརླབས། ཕྱི་ནང་གསང་བ་དེ་ཁོ་ནའི། །མཆོད་ཡོན་ཞབས་བསིལ་ཞལ་བསིལ་བ། འཐོར་འཐུང་མེ་ཏོག་བདུག་


SPN002_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་དང་། །རོལ་མོའི་མཆོད་པ་རྒྱ་མཚོའི་སྤྲིན། །ཆོས་དབྱིངས་ཀུན་ཏུ་རྒྱས་འགེངས་པས། །བླ་མ་བཅོམ་ལྡན་འདས་མ་མཆོད། །ༀ་གུ་རུ་ཨཱཪྱ་ཏཱ་རེ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུཔེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞིང་ཁམས་རྣམ་དག་རྡོ་རྗེའི་ས་གཞི་ལ། །རྡོ་རྗེའི་རི་རབ་ལ་སོགས་མཆོད་པའི་སྤྲིན། །རབ་འབྱམས་བསམ་ཡས་རྡོ་རྗེའི་རྒྱན་ཕྲེང་འབར། །རྡོ་རྗེའི་མཎྜལ་བླ་མེད་བཀོད་པ་འདི། །རྡོ་རྗེ་སྒྲོལ་མ་སངས་རྒྱས་ཀུན་ཡུམ་ལ། །མཆོག་ཏུ་དད་པས་ཀུན་ཏུ་བདག་འབུལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། བསྟོད་པ་དང་འདོད་གསོལ་སྦྲགས་མ་ནི། འཕགས་མ་སྒྲོལ་མ་དབང་ཕྱུག་མ། །ཆོས་ཉིད་དབྱིངས་ལས་སྐུ་ཕྱུང་ལ། །སྲིད་གསུམ་འགྲོ་ལ་ཐུགས་རྗེས་བཟུང་། །མ་ལྟར་བྱམས་མཛད་ལྷ་མོ་ཁྱོད། །ཚེ་རབས་གོང་ནས་བདག་གི་ལྷ། །བདག་ཉིད་སྒོ་གསུམ་དང་བ་ཡིས། །ལྷ་མོ་ཁྱོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །གསེར་གྱི་མདོག་ཅན་ཡིད་འོང་མས། །ཉོན་མོངས་གདུང་བས་ཉམ་ཐག་པའི། །མི་བཟད་ཚ་གདུང་བསལ་དུ་གསོལ། །པདྨའི་ཞབས་གདན་དཔའ་གཅིག་མོ། །ཉི་མ་འབུམ་གྱི་བཟི་བརྗིད་ཅན། །མ་རིག་མུན་པར་


SPN002_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འཐུམས་པའི། །མི་ཤེས་དྲྭ་བ་བཅད་དུ་གསོལ། །དཔལ་ལྡན་མ་གཅིག་ལྷ་ཡི་ལྷ། །རིན་ཆེན་དུ་མའི་དོ་ཤལ་ཅན། །མཚན་དང་དཔེ་བྱད་དཔལ་འབར་མ། །འཕགས་མ་སྒྲོལ་མ་ཁྱོད་ལ་འདུད། །བདག་ནི་ཐོག་མེད་དུས་རིང་ནས། །ལས་ཀྱི་རླུང་གིས་རབ་བདས་ཤིང་། །ངན་འགྲོ་མུ་མཐའ་མེད་འཁྱམས་ཏེ། །བློ་ཡིད་མུན་པས་བསྒྲིབ་ལགས་ན། །ད་ནི་འཕགས་མ་ཐུགས་རྗེ་ཅན། །བདག་ཅག་རྣམས་ཀྱི་མིག་མཛོད་ལ། །ཡང་ཡེ་དེ་འདྲའི་སྡུག་བསྔལ་ལས། །སྐྱོབ་པར་མཛོད་ཅིག་སྐྱབས་གཅིག་མོ། །དེང་ནས་བརྩམས་ཏེ་དུས་ཀུན་ཏུ། །གང་དུ་སྐྱེ་དང་སྐྱེ་བ་དེར། །མ་གཅིག་ཁྱེད་དང་མཇལ་བར་ཤོག །ཅེས་བྱིན་རླབས་ཆེ་བའི་ཆེད་དུ་འབྲོམ་གྱི་གསུངས་པ་དེ་ལྟར་བརྗོད་ནས་བསྲེག་རྫས་འབུལ་བ་ནི། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏཱྃ་སྭཱ་ཧཱ། ༀ་བོ་བྷི་བྲིཀྵ་ཡེ་སྭཱ་ཧཱ། ཞེས་རེ་དང་ཡམ་ཤིང་རེ་བསྟུན་ལ་འབུལ། ཟླ་གྲོགས་ཀྱི་གྲངས་དང་བསྟུན་ནས་འབུལ་ཞིང་། གྲངས་རྐུན་མི་བྱེད་པར་གྲངས་འཛིན་པ་སོགས་གོང་འཇིག་རྟེན་པའི་སྐབས་ལྟར་བྱ་ཞིང་བཟླས་པའི་ཁ་སྐོང་གི་གྲངས་གསོག་པའང་འདི་བཞིན་གསོག་དགོས་སོ། །དེའི་མཐར། དྷྲྀ་ཀྵ་ཡ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ།


SPN002_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏཱྃ་སྭཱ་ཧཱ། ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་དགང་བླུགས་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འབྱོར་བ་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏཱྃ་སྭཱ་ཧཱ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཞེས་ཏིལ་ནག་མཐེབ་སྲིན་གྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །སྡིག་སྒྲིབ་ཞི་བྱེད་ལས་རྣམས་དང་། །དམ་པའི་ཆོས་ལྡན་བསམ་སྤྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏཱྃ་སྭཱ་ཧཱ། ༀ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གདོན་བགེགས་ཞི་བྱེད་ལས་རྣམས་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏཱྃ་སྭཱ་ཧཱ། ༀ་སརྦ་སམྦ་དེ་སྭཱ་ཧཱ། ཟས་མཆོག་སྟེ། བདག་ཅག་དཔོན་སློབ་འཁོ་བཅས་ཀྱི། །བདེ་བ་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏཱྃ་སྭཱ་ཧཱ། ༀ་སརྦ་སམྤ་དེ་སྭཱ་ཧཱ། ཞོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཤེས་རབ་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་


SPN002_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བསམ་སྤྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏཱྃ་སྭཱ་ཧཱ། ༀ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཁྱིམ་གྱི་དཔལ་འབྱོར་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ུༀ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏཱྃ་སྭཱ་ཧཱ། ༀ་བཛྲ་བཱི་ཛ་ཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནོར་དང་འབྲུ་རྣམས་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཏཱ་རེ་ཏུཏྟཱ་ཏུ་རེ་ཏཱྃ་སྭཱ་ཧཱ། ༀ་མ་ཧཱ་བེ་ག་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ཤུགས་རྣམས་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཏཱ་རེ་ཏུཏྟཱ་ཏ་རེ་ཏུ་རེ་ཏཱྃ་སྭཱ་ཧཱ། ༀ་མ་ཧཱ་བཱ་ལ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་སྟོབས་རྣམས་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཏཱ་རེ་ཏུཏྟཱརེ་ཏུ་རེ་ཏཱྃ་སྭཱ་ཧཱ། ༀ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ནད་རྣམས་མེད་པ་དང་། །


SPN002_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏཱྃ་སྭཱ་ཧཱ། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུརྦ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཚེ་སྲོག་གོང་དུ་འཕེལ་བ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏཱྃ་སྭཱ་ཧཱ། ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། ཀུ་ཤ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་སྲུང་བ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏཱྃ་སྭཱ་ཧཱ། ༀ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ། ཞེས་ཤིང་ཏོག་སྣ་ཚོགས་ཏེ། བདག་ཅག་དཔོན་སློབ་འཁོ་བཅས་ཀྱི། །རིགས་རྒྱུད་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ༀ། དེ་ཡང་སྡིག་པ་ཞི་བར་འདོད་ན་ཏིལ་ལྷག་པར་དབུལ་ཞིང་། གཞན་རྣམས་གང་འབྱོར་རམ། མ་འབྱོར་ཀྱང་རུང་ལ། དེ་བཞིན་དུ་ཚེ་རིང་བར་འདོད་ན་དཱུརྦ་སོགས་ཀུན་ལ་ཤེས་པར་བྱ། མར་ཁུ་དང་ཡམ་ཤིང་ནི་མེད་ཀ་མེད་དོ། །དེ་ནས་ན་བཟའ་དང་མེ་ཏོག་བདུག་སྤོས་སོགས་དབུལ་ཚིག་འདི་བཞིན་བྱ། ན་བཟའ་ཕལ་ཆེར་ན་བཟའ་བླ་བྲེ་དང་། །ན་བཟའ་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང་། །ན་བཟའ་སྣ་ཚོགས་རབ་ཏུ་བཀྲམ་


SPN002_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། །རྒྱལ་བ་བདག་ཉིད་ཆེན་པོ་དེ་དག་མཆོད། །ༀ་ཨཱཪྱ་ཏཱ་རེ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་རེ་བྷྱ། བཛྲ་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་པ་དང་། དེ་བཞིན་དུ་སྦྱར་ཏེ། མེ་ཏོག་ཕལ་ཆེར༴པུཥྤེ། བདུག་སྤོས་ཕལ་ཆེར༴དྷཱུ་པེ༴རྣམས་ཀྱིས་དབུལ་ཞིང་། རིན་པོ་ཆེ་དང་སྨན་སོགས་ཀྱང་སྙིང་པོའི་མཇུག་ཏུ། ༀ་ཨཱཿཧཱུྃ་བཏགས་ལ་ཕུལ། ཁྲུས་རས་དང་གོས་ཟུང་ཡང་བཤམས་གསུངས་པའི་རིགས་པས་ཁྲུས་བྱེད་པར་སྤྲོ་ན། ཇི་ལྟར་བལྟམས་པ་སོགས། ཕྱི་བ་ནི། དེ་དག་སྐུ་ུལ་སོགས། འདི་ནི་ཁྲུས་མཆོག་སོགས། དེ་དག་སྐུ་ལ་སོགས། རྒྱལ་བའི་སྐུ་གསུང་ཐུགས་སོགས། དེ་དག་སྐུ་ལ་སོགས། ལྷག་བསམ་སོགས། སྣ་ཚོགས་དབང་པོའི་སོགས། སྲབ་འཇམ་སོགས། ཞེས་ཁྲུས་ཀྱིས་གོས་ཟུང་དབུལ་བ་སོགས་བྱའོ། །མི་སྤྲོ་ན་མ་བྱས་ཀྱང་ཆད་སྐྱོན་མེད། དེ་ནས་མཆོད་རྫས་རྣམས། བཛྲ་ཀྲོ་དྷས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ཡིག་ལས། །འོག་མ་མཆོད་པ་བྱིན་རླབས་ནས་བཟུང་གོང་བཞིན་མཆོད་བསྟོད་ཚར་རྗེས། གཏོར་འབུལ་ནི། བཛྲ་ཀྲོ་དྷས་བསངས། སཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ཡིག་ལས། རིན་ཆེན་སྣོད་དུ་ༀ་ཨཱཿཧཱུྃ། འོད་ཞུ་ལྷ་རྫས་ལས་གྲུབ་པའི། །གཏོར་མ་ཕུན་སུམ་ཚོགས་པར་གྱུར། །ༀ་ཨཱཿཧཱུྃ། མདུན་གྱི་རྗེ་བཙུན་སྒྲོལ་མ་ཡི། །ལྷ་ཚོགས་དགྱེས་


SPN002_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བཞུགས་པ་རྣམས། །ལྗགས་ཀྱི་འོད་ཟེར་སྦུ་གུ་ཡིས། །གཏོར་མ་གསོལ་བས་དགྱེས་སྐྱེད་གྱུར། །སྙིང་པོའི་མཐར། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ། བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་སོགས་ཀྱིས་ཕྲིན་ལས་བཅོལ། འདོད་དོན་གསོལ་བ་ནི། སྙིང་པོ་གསུམ་མམ་བདུན་གྱིས་མར་ཁུ་དགང་བླུགས་གསུམ་མམ་བདུན་དབུལ། ཐལ་མོ་སྦྱར་ལ། ལྷག་པའི་ལྷ་མཆོག་བཅོམ་ལྡན་འདས། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །ཟླ་བ་ཡར་གྱི་ངོ་བཞིན་དུ། །འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། །ཞེས་གསོལ་བ་གདབ་པོ། །མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་གྱིས་འདོད་དགུའི་ཆར་བབ་པས་ཚེ་དང་བསོད་ནམས་དཔལ་དང་གཟི་བྱིན་རྒྱས་པར་བསྒོམས། དེ་ནས་གཏང་རག་གི་མཆོད་བསྟོད་ནི། ༀ་གུ་རུ་ཨཱཪྱ་ཏཱ་རེ་ཨརྒྷཾ་པཱ་དྱཾ། ནས། ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། བར་གྱིས་མཆོད་ནས། ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །སོགས་ཀྱིས་བསྟོད། ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་བརྗོད། མ་


SPN002_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས་ནས། གཤེགས་གསོལ་གྱི་སྐབས་སུ། ༀ་གུ་རུ་ཨཱཪྱ་ཏཱ་རེ་ཨཉྩ་མཱ་ནཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། དེ་བཞིན་ཐོག་མཐའ་འདྲ་བར། པྲོཀྵ་ཎཾ་ཞེས་ཞབས་བསིལ་དང་འཐོར་འཐུང་དབུལ་ལ་མཆོད་ཡོན་སྦྲེང་བཞིན་པས་ཡིག་བརྒྱ་བརྗོད། ༀ། ཁྱོད་ཀྱི་སེམས་ཅན་དོན་ཀུན་མཛོད། །སོགས་དང་། བཛྲ་མུཿཡེ་ཤེས་པ་རྣམས་རང་གནས་གཤེགས། །དམ་ཚིག་པ་རྣམས་རང་ལ་ཐིམ། །གཤེགས་གསོལ་མི་བྱེད་པ་དང་རྟེན་ཡོད་ན། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཞེས་པ་ནས། དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཡེ་ཤེས་སེམས་དཔའ་རྟེན་མཆོག་འདིར། །རྣམ་པ་ཀུན་ཏུ་མི་འབྲལ་ཞིང་། །བདག་སོགས་འགྲོ་བ་ཐམས་ཅད་ལ། །རྟག་པར་ཐུགས་རྗེས་བཟུང་དུ་གསོལ། །རྟེན་འབྲེལ་སྙིང་པོ་སོགས་དང་། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར། སྤྲུལ་པའི་དམ་ཚིག་པ་རྣམས་རང་གི་སྙིང་གའི་གནས་སུ་ཐིམ་པར་གྱུར། ༀ་ཨཱཿཧཱུྃ། གསུམ་པ་རྗེས་ཀྱི་ཆོ་ག་ནི། ༀ་ཨགྣ་ཡ་ཛྭ་ལ་རཾ། ཞེས་པས་མར་ཁུ་དགང་བླུགས་གསུམ་མམ་བདུན་ཕུལ་ནས། སླར་ཡང་མེ་ལྷ་འཁོར་བཅས་རྣམས། །


SPN002_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་རྣམ་པ་ལས་བཞེངས་ཏེ། །དྲང་སྲོང་དག་གི་ཆ་བྱད་ཅན། །གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར། །པར་བསམས་ལ། སྲེག་རྫས་ལྷག་མ་གང་ཡོད་གྲངས་ཚད་མི་འཛིན་པར་གོང་འཇིག་རྟེན་པའི་སྐབས་ལྟར་སོར་བཞག་འབུལ་ཞིང་འདོན་དགོས་པས། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བོདྷི་བྲིཀྵ་ཡ་སྭཱ་ཧཱ། ཡམ་ཤིང་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཞེས་པ་ནས་ཤིང་ཐོག་ཚང་བའི་བར་བརྗོད། ཁྲུས་གསོལ་སྤྲོ་ན། ཇི་ལྟར་བལྟམས་པ་སོགས་ནས། ༀ་བཛྲ་ཝཱསྟྲཱ་སོགས་ཀྱི་བར་འཇིག་རྟེན་ལས་འདས་པའི་སྐབས་ལྟར་དང་། མཆོད་བསྟོད་ནི། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་རྒྱས་པའི་ཕྲིན་ལས་མཛོད། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པའི་བར་གྱིས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །སོགས་ཀྱིས་བསྟོད། མེ་ལྷའི་གཏོར་མ། ཨ་ཀཱ་རོས་བྱིན་གྱིས་བརླབས་ཏེ། དགང་བླུགས་བཟུང་ལ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་བརྗོད་བཞིན་པས་ཐབ་ཁུང་དུ་འབུལ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་


SPN002_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འགྲུབ་མཛོད། །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ། འདོད་དོན་གསོལ་བ་ནི་ཐལ་མོ་སྦྱར་ཏེ། དྲང་སྲོང་ཆེན་པོ་མེ་ཡི་ལྷ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །ཟླ་བ་ཡར་གྱི་ངོ་བཞིན་དུ། །འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། །དེ་ནས་ཡིག་བརྒྱ་བརྗོད་ལ། མ་འབྱོར་བ་དང་ཉམས་པ་དང་། །སོགས་ཀྱིས་བཟོད་པར་གསོལ་ལ། གཤེགས་གསོལ་ནི། ༀ་ཨགྣ་ཡེ་ས་པར་རི་ཝཱ་ར་ཨཉྩ་མཱ་ཎཾ་པྲ་ཏཱིཙྪ་སྭཱ་ཧཱ། ཐོག་མཐའ་འདྲ་བར། པྲོ་ཀྵ་ཎཾ་ཞེས་བརྗོད། ཡིག་བརྒྱ་བརྗོད་བཞིན་པས་མཆོད་ཡོན་སྦྲེང་སྟེ་གཤེགས་གསོལ་གྱི་དྲིལ་སྟབས་དང་བཅས་པས། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབ་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་འབྱོན་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་མུཿཡེ་ཤེས་མེ་ལྷ་ཤར་ལྷོར་གཤེགས། །དམ་ཚིག་པ་རྣམས་སྙིང་གར་ཐིམ། །དེ་ནས་བསྔོ་བ་སྨོན་ལམ་བྱས། ངག་གྲོལ། ལྷའི་ང་རྒྱལ་གྱིས་མཐུན་མཚམས་ཀྱི་བྱ་བ་ལ་འཇུག །ལོང་ཡོད་ན་ཐབ་ཀྱི་མེ་མི་བསྒུལ་བར་བཞག །ལོང་མེད་ན་འོ་མ་དང་དྲི་བཟང་གི་ཆུས་མེ་མཐའ་ནས་ཞི་བར་བྱས་ལ་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་བསྡུས་ཏེ་རྒྱ་མཚོར་འབབས་པའི་ཆུ་བོར་འདོར་བ་སོགས་ལས་ཀྱི་རྗེས་མི་མངོན་པར་བཀྲ་ཤིས་བརྗོད་དོ། །ཅེས་པའང་ཕུར་སྒྲུབ་བླ་མ་ཕྲིན་ལས་ཀྱིས་རྒྱལ་བ་ཀརྨ་པས་མཛད་པའི་བཀྲ་ཤིས་དོན་གྲུབ་མར་རྒྱས་པའི་སྲེག་བླུགས་འབུལ་བའི་རིམ་པ་དགོས་ཞེས་བསྐུལ་བའི་ངོར་སྒྲིབ་གཉིས་སྲེག་བྱེད་སོར་བཞག་བྱས་ཏེ་སི་ཏུ་པདྨ་ཉིན་བྱེད་དབང་པོས་ས་ཟླའི་ཡར་ཚེས་ལ་ཟིན་ཐོར་སྤེལ་བ་ཛ་ཡནྟུ།། །།

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་གྲུབ་གཉིས་མཆོག་སྩོལ།


SPN002_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་གྲུབ་གཉིས་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ། །


SPN002_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨཱཪྱ་ཏཱ་ར་ཡེ། །སྲིད་ཞིའི་འཆིང་སྒྲོལ་བཅོམ་ལྡན་མས། །འདི་ནས་སྙིང་པོའི་བར་དུ་ནི། །སྤྱི་བོའི་རྒྱན་དུ་ཞབས་པདྨོ། །འབྲལ་མེད་རྗེས་སུ་འཛིན་པར་མཛོད། །ཅེས་མཆོད་པར་བརྗོད་པ་སྔོན་དུ་སོང་ནས་དེ་ལ་འདིར་རྒྱལ་བའི་ཡུམ་འཕགས་མ་སྒྲོལ་མའི་སྒོ་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་འདོད་པའི་རྣལ་འབྱོར་པ་དག་གིས་བསྙེན་ཅིང་སྒྲུབ་པ་ལ་མཆོད་པའི་རིམ་པར་བདག་བསྐྱེད། མདུན་བསྐྱེད། བུམ་སྒྲུབ། རྗེས་སུ་གནང་བ་དང་བཅས་གསལ་བར་དགོད་པར་བྱ་སྟེ། དེ་ཡང་ཕུན་སུམ་ཚོགས་པ་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་དབེན་པར་གཙང་སྦྲ་དང་ལྡན་པས། ར་བ་བཞི་ཡི་དཀར་པོའི་ཕྱོགས་སམ། ཡང་ན་དཀར་པོའི་ཕྱོགས་གང་འདོད་ཀྱི་འགྲུབ་སྦྱོར་བཟང་པོར་མཆོད་པའི་ཡོ་


SPN002_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་རྣམས་འདུ་བར་བགྱིད་ལ། མཆོད་པའི་རྟེན་སྤྱི་དང་བྱེ་བྲག་འཕགས་མའི་སྐུ་བརྙན་ཐང་ཀ་སོགས་གང་འབྱོར་བཤམས་པའི་མདུན་དུ། སྟེགས་ཀྱི་ཁར་མཎྜལ་པདྨ་འདབ་བརྒྱད་འབྲུ་དཀར་གྱི་ཚོམ་བུར་བཀོད་པའི་ཁར་མཉྫིའི་སྟེང་བུམ་པ་མཚན་ཉིད་དང་ལྡན་པ་ཆུ་གཙང་གིས་སུམ་གཉིས་བཀང་བ་བུམ་རྫས་དྲི་བཟང་ཡང་བཏབ་ལ། དེ་སྟེང་དུང་ཆོས་གཟུངས་རྡོར་ཁ་རྒྱན་དང་བཅས་པ་བཤམས། མདུན་ངོས་སུ་ཉེར་སྤྱོད་ཀྱི་མཆོད་པ་རྣམས་ཕྲེང་ཚར་དང་། རིན་པོ་ཆེའི་སྣོད་དུ་གཏོར་ཟླུམ་དཀར་མངར་གྱིས་སྦགས་པ་དང་། བསང་ཆུ་སྔོན་གཏོར་སོགས་འདུ་བར་བྱས་ལ། ནངས་སྔ་བར་ཁྲུས་དང་སྤོས་ཀྱི་བྱུགས་པས་ལུས་གཙང་མར་བསྒོས་ལ་སྟན་བདེ་བར་འཁོད་དེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་བྱང་སེམས་ཀྱིས་ཀུན་


SPN002_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསླངས་ཏེ། དང་པོ་བསང་ཆུའི་དོན་དུ་ༀ་བཛྲ་ཀྲོ་དྷ་ཉེར་གཅིག་བརྗོད་ལ་ཁྲོ་བོའི་རང་བཞིན་ནུས་ལྡན་དུ་མོས་ཏེ་གནས་དང་ཡོ་བྱད་རྣམས་ལ་བསང་གཏོར་བྱ། གཉིས་པ་བགེགས་དང་བར་ཆད་བསལ་བའི་དོན་དུ། ཕྱོགས་སྐྱོང་དང་གཞི་བདག་རྣམས་ལ་གཏོར་མ་འབུལ་བ་ནི། ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། བྷྲུྃ་ལས་རིན་ཆེན་སྣོད་ཡངས་པར། །ཁྃ་ཞུ་གཏོར་མ་བདུད་རྩི་དངོས། །འདོད་ཡོན་དྭངས་ཤིང་ཐོགས་པ་མེད། །ལོངས་སྤྱོད་མཐའ་ཡས་ཆར་འབེབས་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ། ཨ་ཀཱ་རོས་སྦྱངས་སྤེལ་བྱིན་གྱིས་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ། པུཥྤེ་སོགས་ཀྱིས་མཆོད། ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་ལན་གསུམ་འབུལ། ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དང་། །ས་བདག་གནས་བདག་ཡུལ་གྱི་ལྷ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །གང་འདིར་ལྟ་བར་མི་དབང་བའི། །ཉེར་འཚེ་གླགས་ལྟར་གྱུར་པ་ཡི། །གདོན་བགེགས་ལོག་འདྲེན་ཕྱིར་དེངས་ཤིག །ཡེ་ཤེས་བསྐལ་མེས་སྲེག་པར་བྱེད། །བཛྲ་ཀྲོ་དྷ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་བརྗོད་བགེགས་བསྐྲད། གསུམ་པ་སྲུང་བའི་འཁོར་ལོ་ནི། ཕྱོགས་མཚམས་འོད་དང་འོད་ཟེར་འཕྲོ། །ཡེ་ཤེས་མེ་རི་སྣ་ལྔ་འབར། །རྡོ་རྗེ་ཨུཏྤལ་ལ་སོགས་ཀྱི། །སྲུང་བའི་འཁོར་


SPN002_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ལོས་བར་མེད་གཏམས། །ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། དེ་ནས་མཆོད་པ་བྱིན་གྱིས་བརླབ་པ་ནི། ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ཡིག་ལས། །རིན་ཆེན་སྣོད་དུ་ཧཱུྃ་ཡིག་ཚོགས། །འོད་ཞུ་མཆོད་རྫས་དཔག་ཏུ་མེད། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །རབ་འབྱམས་རྒྱ་ཆེན་ཇི་སྙེད་པ། །ཆོས་དབྱིངས་རྒྱས་པར་གང་བར་གྱུར། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུཔྤེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་བར་བརྗོད། ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་བརྟ་ཡ་བྷྱ་སྭཱ་ཧཱ། ལན་གསུམ་བརྗོད་ལ་བྱིན་གྱིས་བརླབས། ལྔ་པ་སྐྱབས་སུ་འགྲོ་བ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག །བླ་མ་ཡི་དམ་ཆོས་སྐྱོང་སྟེ། །མཆོག་གསུམ་རྩ་གསུམ་བདག་ཉིད་ཅན། །འཕགས་མ་སྒྲོལ་མའི་ཞབས་པདྨོར། །བདག་སོགས་སེམས་ཅན་དེང་བཟུང་ནས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདུན་ནམ་ཉེར་གཅིག་བརྗོད། སེམས་བསྐྱེད་པ་ནི། འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །བདེ་བ་མཆོག་ལ་དྲངས་པའི་ཕྱིར། །བླ་མེད་ཐེག་ཆེན་སེམས་བསྐྱེད་ནས། །སྒོ་གསུམ་དགེ་ལ་འཇུག་པར་བྱ། །ལན་གསུམ་བརྗོད་ལ། ༀ་བོདྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། དྲུག་པ་ཚོགས་ཞིང་ནི། རང་ཉིད་སྐད་ཅིག་རྗེ་བཙུན་མ། །རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས། །གསལ་བའི་གནས་གསུམ་ཡི་གེས་


SPN002_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་སེམས། །དཀོན་མཆོག་རྒྱ་མཚོ་མ་ལུས་པ། །མདུན་གྱི་ནམ་མཁར་གསལ་བར་གྱུར། །ༀ་ཨཱཪྱ་ཏཱ་རེ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ་ནས། ཤབྡའི་བར་བརྗོད། ན་མ་ཨཱཪྱ་ཏཱ་ར་ཡ། མཆོད་པ་འབུལ་ལོ་བཤགས་སོ་ཡི་རང་ངོ་། །བསྐུལ་ཞིང་གསོལ་བ་འདེབས་སོ་དགེ་ཚོགས་རྒྱུན། །ཐར་པ་ཐམས་ཅད་མཁྱེན་པའི་རྒྱུར་བསྔོའོ། །ཞེས་བསྡུས་པའི་ཚུལ་གྱིས་ཡན་ལག་བདུན་པ་ཕུལ་ནས། ༀ་ཨཱཿཧཱུྃ། ཞེས་རང་ལ་བསྟིམ། བདུན་པ་ཚད་མེད་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་དང་བདེ་རྒྱུར་ལྡན། །སྡིག་དང་སྡུག་བསྔལ་རྒྱུ་དང་བྲལ་བར་ཤོག །སྡུག་བསྔལ་མེད་པའི་བདེ་དང་མི་འབྲལ་ཞིང་། །བཏང་སྙོམས་ཆེན་པོའི་ངང་དུ་གནས་གྱུར་ཅིག །ལན་གསུམ། དེ་ནས་བསྐྱེད་པའི་རིམ་པ་ལ་དང་པོ་རང་ལྷར་གསལ་བཏབ་པ་ནི། ༀ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཆོས་རྣམས་ཐམས་ཅད་སྟོང་ཉིད་གྱུར། །སྟོང་པའི་ངང་ལས་པྃ་ལས་ནི། །པདྨ་དཀར་པོ་དྲི་མ་མེད། །འདབ་མ་གེ་སར་མཆོག་ཏུ་ཡངས། །སྟེང་དུ་ཨ་ལས་ཟླ་ཤེལ་གྱི། །དཀྱིལ་འཁོར་ཉ་གང་དབུས་སུ་ཏཱྃ། །དཀར་པོ་འོད་དང་འོད་ཟེར་འབར། །འཕྲོས་པས་རྒྱལ་མཆོད་དངོས་གྲུབ་བསྡུས། །སེམས་ཅན་འཇིགས་པ་ཀུན་ལས་བསྒྲལ། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །རང་ཉིད་འཕགས་མ་སྒྲོལ་མ་དཀར། །ཤིན་ཏུ་


SPN002_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་ཤིང་གསལ་འཚེར་བ། །ཞལ་གཅིག་ཕྱག་གཉིས་སྤྱན་དཀྱུས་རིང་། །ཡིད་འོང་སྒེག་པའི་ཉམས་དང་ལྡན། །གཡས་པས་མཆོག་སྦྱིན་ཕྱག་རྒྱ་དང་། །གཡོན་པས་མཐེབ་སྲིན་ཨུཏྤ་ལ། །དཀར་པོ་ཡལ་འདབ་རྒྱས་པ་བསྣམས། །དབུ་སྐྲ་མཐོན་མཐིང་ཐོར་ཚུགས་བཅིངས། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །གསེར་དང་མུ་ཏིག་ལ་སོགས་པས། །ཅོད་པན་སྙན་དང་མགུལ་གྱི་རྒྱན། །ཕྱག་ཞབས་གདུ་བུ་དཔུང་རྒྱན་དང་། །སེ་མོ་དོ་དང་སྐ་རགས་འཕྱང་། །བརྒྱད་གཉིས་ལང་ཚོའི་ཆ་ཤས་རྫོགས། །ནུ་འབུར་ཟུང་མཛེས་ལྷ་ཡི་གོས། །དཀར་པོས་སྟོད་གཡོགས་དབང་གཞུ་ཡི། །སྨད་གཡོགས་ཞབས་གཉིས་སྐྱིལ་མོ་ཀྲུང་། །ཟླ་བའི་རྒྱབ་ཡོལ་གསལ་བར་གྱུར། །གནས་གསུམ་ༀ་དཀར་ཨཱཿདམར་པོ། །ཐུགས་ཀའི་ཆ་སྨད་ཧཱུྃ་སྔོན་གསལ། །ཐུགས་ཀའི་དབུས་སུ་པད་ཟླར་ཏཱཾ། །དཀར་པོའི་འོད་ཀྱིས་ཡེ་ཤེས་པ། །རང་བཞིན་གནས་དང་ཁྱད་པར་དུ། །ལྷོ་ཕྱོགས་གྲུ་འཛིན་པོ་ཊ་ལའི། །གནས་ཀྱི་ཞིང་མཆོག་དམ་པ་ནས། །བསྐྱེད་པ་དང་འདྲའི་ཡེ་ཤེས་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སྲས་དང་སློབ་མ་སྤྲུལ་པའི་ཚོགས། །ཇི་སྙེད་དུ་མས་བསྐོར་བ་རྣམས། །མདུན་གྱི་ནམ་མཁར་སྐད་ཅིག་ལ། །སྤྱན་དྲངས་བཛྲ་ས་མཱ་ཛཿཞེས་སྤྱན་དྲངས་ལ། གཉིས་པ་མཆོད་ཅིང་བསྟོད་པ་ནི།


SPN002_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ་སོགས་ཀྱིས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས། །སོགས་ཀྱིས་བསྟོད། །ཛཿཧཱུྃ་བྃ་ཧོཿཡེ་ཤེས་སེམས། །དམ་ཚིག་པ་དང་དབྱེར་མེད་གྱུར། །གསུམ་པ་དབང་བསྐུར་བ་ནི། སླར་ཡང་ཐུགས་ལས་འོད་འཕྲོས་ཏེ། །དབང་གི་ལྷ་རྣམས་སྤྱན་དྲངས་ནས། །མཆོད་པའི་སྤྲིན་གྱིས་མཉེས་པར་བྱས། །གསོལ་བཏབ་མོད་ལ་ཡེ་ཤེས་ཀྱི། །བདུད་རྩིའི་རྒྱུན་གྱི་དབང་བསྐུར་ཐོབ། །སྐུ་གང་དྲི་མ་དག་པར་བྱས། །ཆུ་ཞབས་ཡར་བརྟེན་འོད་དཔག་མེད། །སྤྲུལ་སྐུའི་རྣམ་པས་རྒྱས་གདབ་གྱུར། །དེ་ནས་བཞི་པ་སྔགས་འཁོར་བསྒོམ་པ་ནི། བཅོམ་ལྡན་འདས་མའི་ཐུགས་ཀའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། མུ་ཁྱུད་ལྔ་དང་ལྡན་པའི་ལྟེ་བར་ཏཱྃ། གཡས་སུ་ༀ་དང་གཡོན་དུ་ཧཱ། མདུན་ནས་གཡས་བསྐོར་དུ་མ་མ་ཨཱ་ཡུ་པུཎྱ་ཛྙཱ་ན་པུཥྚིཾ་ཀུ་རུ་ཧཱ། རྩིབས་བརྒྱད་ལ་ཏཱ། རེ། ཏུཏ། ཏཱ། རེ། ཏུ། རེ། སྭཱ། ཞེས་པས་མཚན་པ་དང་། མུ་ཁྱུད་ནང་མ་ལ། ཨ་ལི་གཡོན་བསྐོར། བར་མ་ལ་ཀ་ལི་གཡས་བསྐོར། ཕྱི་རིམ་ལ་ཡེ་དྷརྨ་གཡས་སུ་བསྐོར་ཞིང་། དེ་ཡི་ཕྱི་རིམ་རྡོ་རྗེ་དཀར་པོ་མཆུར་ཉལ་བའི་ཕྲེང་བ་དང་། དེ་ཡི་ཡང་ཕྱི་རོལ་དུ་འོད་དཀར་པོའི་ཟེར་ཐག་གི་ཕྲེང་བ་དང་ལྡན་པའི་སྔགས་འཁོར་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་དངོས་གྲུབ་དང་། བརྟན་གཡོ་སྣོད་ཀྱི་འབྱུང་བའི་རྩི་དང་།


SPN002_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཀྱིས་བསྡུས་པའི་ལྷ་ཀླུ་རིག་འཛིན་གྲུབ་པ་ལ་སོགས་པ་འགྲོ་བ་མཐའ་དག་གི་དཔལ་འབྱོར་ཐམས་ཅད་འོད་ཟེར་གྱི་རྣམ་པར་འཁོར་ལོ་དང་ཡིག་འབྲུ་ལ་ཐིམ་པས་འཆི་བ་མེད་པའི་ཚེ་དང་རྒུད་པ་མེད་པའི་ལང་ཚོ་རབ་ཏུ་རྒྱས་པར་གྱུར། ཞེས་སྔགས་འཁོར་བསྒོམས་ལ། ཡི་གེ་བཅུ་པ་ཅི་ནུས་བཟླས་མཐར། ཚེ་ཤམ་ཅན་ཡང་བཟླའོ། །དེ་ནས་མདུན་བསྐྱེད་སྒྲུབ་ཅིང་མཆོད་པ་ནི། དང་པོ་བདག་བསྐྱེད་ལྟར་ལ་ཁྱད་པར། འཕགས་མ་སྒྲོལ་མ་སྐུ་མདོག་དཀར། །ཞེས་པ་སོགས་དང་སྤྱན་འདྲེན་ནས་རྒྱས་གདབ་པར་བྱའོ། །དེ་ནས་གཉིས་པ་མཆོད་པ་འབུལ་བ་ནི། དྲི་མེད་མཆོད་ཡོན་དག་བྱེད་ཞབས་བསིལ་དང་། །ཡིད་འོང་མེ་ཏོག་མཁའ་ཁྱབ་བདུག་པའི་སྤོས། །སྣང་བྱེད་མར་མེ་རྨད་བྱུང་དྲི་ཡི་མཆོག །བཅུད་ལྡན་ཞལ་ཟས་དབྱངས་སྙན་རོལ་མོའི་སྒྲ། །འཁོར་བ་ཇི་སྲིད་མཆོད་པའི་སྤྲིན་སྤྲོས་ནས། །རྒྱལ་ཡུམ་འཕགས་མའི་ལྷ་ཚོགས་རྣམས་ལ་འབུལ། །ༀ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཨཱཿཧཱུྃ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུཔྤེ། ཨཱ་ལོ་ཀེ། གྷནྡྷེ། ནཻ་ཝི་དྱ། ཤབྡའི་བར་བརྗོད་ལ་རོལ་མོ་འབུལ་ལོ། །འདོད་ཡོན་འབུལ་བ་ནི། འཇིག་རྟེན་འདི་ན་རྡོ་རྗེའི་གཟུགས་སྒྲ་དྲི། །བཤོས་གཙང་སྲབ་འཇམ་ལྷ་ཡི་དར་སྣ་ཚོགས། །རབ་འབྱམས་ཞིང་རྣམས་མ་ལུས་ཡོངས་བཀང་ནས། །བཅོམ་ལྡན་ཡིད་བཞིན་འཁོར་ལོའི་ལྷ་ལ་འབུལ། །སྔགས་ཀྱི་ཐོག་མཐའ་སྔར་བཞིན།


SPN002_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རཱུ་པ། ཤབྡ། གནྷེ། ར་ས། སྤཪྴེ་སོགས་ཀྱང་བརྗོད། དཔལ་འབྱོར་ཕུན་སུམ་ཚོགས་པ་ཡི། །རི་རབ་གླིང་བཞི་གླིང་ཕྲན་བརྒྱད། །ཉི་ཟླ་ལ་སོགས་མཆོད་པའི་རྫས། །སྒྲོལ་མའི་དཀྱིལ་འཁོར་ལྷ་ལ་འབུལ། །ༀ་མཎྜལ་པཱུ་ཛ་ཨཱཿཧཱུྃ། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །ཞེས་པ་ནས། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཅེས་པའི་བར་གྱིས་གསོལ་བ་གདབ། དེ་ནས་གསུམ་པ་གཏོར་མ་འབུལ་བ་ནི། ལས་སྔགས་ཀྱིས་བསངས། སྭ-བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་པའི་ནང་དུ། ༀ་ཨཱཿཧཱུྃ་ཞུ་བ་ལས་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོར་གྱུར། །ༀ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་ཨི་དཾ་སོགས་ཀྱིས་ལན་བདུན་ནམ་གསུམ་གྱིས་ཕུལ། བསྟོད་པ་ནི། འཁོར་བ་ལས་སྒྲོལ་ཏཱ་རེ་མ་སོགས་ཤླཽ་ཀ་གཅིག་དང་། བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་སོགས་བརྗོད་ལ། བཞི་པ་བཟླས་པ་བྱ་བ་ནི། མདུན་བསྐྱེད་ལྷ་ཡི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་འཕྲོས་ཕྱི་སྣོད་ནང་བཅུད་ཀུན་ལ་ཕོག །ཚེ་དཔལ་འབྱོར་པ་འོད་དང་འོད་ཟེར་གྱི། །རྣམ་པར་བསྡུས་ནས་སྔགས་ཕྲེང་ལ་ཐིམ་གྱུར། །ཞེས་མོས་ལ་བཟླས་པ་བྱའོ། །དེ་ནས་བུམ་བསྐྱེད་ནི། དང་པོ་ལས་སྔགས་ཀྱིས་བསངས་སྦྱངས། ཆོས་ཀུན་སྟོང་པ་ཆེན་པོའི་ངང་། །པྃ་ལས་པདྨ་ཨ་ལས་ནི། །ཟླ་བའི་སྟེང་དུ་བྷྲཱུྃ་ཡིག་ལས། །རིན་ཆེན་བུམ་པ་


SPN002_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་རྫོགས། །བདུད་རྩིའི་རྒྱུན་གྱིས་གང་བའི་དབུས། །བདག་བསྐྱེད་ལྟར་ལ། པདྨ་དཀར་པོ་དྲི་མ་མེད། །ཅེས་སོགས་དང་། འཕགས་མ་སྒྲོལ་མ་སྐུ་མདོག་དཀར། ཞེས་པའི་ཁྱད་པར་ལས་གཞན་དཀྱུས་ལྟར་སྤྱན་འདྲེན་དང་རྒྱས་གདབ་བར་བཏོན། གཉིས་པ་མཆོད་བསྟོད་ནི། ཨོ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད་པ་དང་། རཱུ་པ། ཤབྡ་སོགས་ཀྱང་བརྗོད། རྒྱལ་མཆོག་ཚེ་དཔག་མེད་པའི་ཡུམ། །འཆི་མེད་ངེས་པར་སྟེར་བ་མོ། །རིག་པ་འཛིན་མ་བཅོམ་ལྡན་འདས། །རྗེ་བཙུན་སྒྲོལ་མར་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། གསུམ་པ་བཟླས་པ་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་ཐོན། བུམ་ལྷའི་ཐུགས་ཀར་ཞུགས་པས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་སྲིད་ཞི་མ་ལུས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས་ཏེ་བུམ་ལྷར་ཐིམ་པར་གྱུར་ཅེས་པར་མོས་ལ་ཡི་གེ་བཅུ་པ་བཟླའོ། །མཐར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་གིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་ནས། ཉེར་སྤྱོད་ལྔས་མཆོད། བཅོམ་ལྡན་འདས་མ་བུམ་པའི་ཆུ་དང་དབྱེར་མེད་པར་འོད་དུ་ཞུ་བར་གྱུར། ཅེས་བུམ་ལྷ་འོད་ཞུ་དང་། སྐབས་འདིར་གཞན་གྱི་དོན་རྗེས་གནང་སྦྱིན་པ་སོགས་སྤྲོ་ན། དང་པོ་རང་ཉིད་ཀྱིས་ཏིང་ངེ་འཛིན་གྱི་དབང་བླངས་ནས། གཉིས་པ་སློབ་མ་རྣམས་ལ་དུང་ཆོས་ཆབ་ཀྱིས་ཁྲུས་དང་། སྔར་བཤད་པ་ལྟར་སྔོན་འགྲོ་བགེགས་


SPN002_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲད་སྲུང་འཁོར་བར་བྱ། དེ་ནས་གསུམ་པ་དབང་གི་ཐོག་མར་སྤྱི་བཤད་ཅུང་ཟད་སྤྲོ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པའི་ཐུགས་བསྐྱེད་དང་ལྡན་པའི་སྒོ་ནས་གསན་འཚལ། དེ་ལ་ཡང་མཐར་ཐུག་ཕྱིར་མི་ལྡོག་པ་མཆོག་གི་གོ་འཕང་དང་། གནས་སྐབས་སུ་བགེགས་དང་བར་ཆད་ཉོན་མོངས་པའི་དྲི་མ་མཐའ་དག་བསལ་བའི་དོན་དུ་འཕགས་མ་ཡིད་བཞིན་འཁོར་ལོའི་དབང་བསྐུར་བ་ཡིན་ཏེ། དེ་ཡང་རྣལ་འབྱོར་མའི་རྒྱུད་ལས། འཆི་བ་བསླུ་བྱེད་དཀར་མོའོ། །ཞེས་པས་བསྟན་ཅིང་། འདི་ཡི་སྒྲུབ་ཐབས་ཀྱི་རྒྱ་གཞུང་སློབ་དཔོན་ངག་གི་དབང་ཕྱུག་ཅེས་བྱ་བ་མཁས་པ་དང་གྲུབ་པའི་ཁྱུ་མཆོག་དེ་ཉིད་དངོས་སུ་རྗེ་བཙུན་མ་ཡིས་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་བར་བརྟེན་འདི་ཡི་རིག་པའི་སྐོར་རྒྱུད་སྡེ་སོ་སོ་ནས་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་བསྟན་བཅོས་འཆི་བསླུ་ཀུན་བཏུས་སུ་གྲགས་པ་བཀྲལ་བར་མཛད་ཅིང་། གཞན་ཡང་མན་ངག་གི་རྣམ་པ་དུ་མ་འཕགས་མས་དངོས་སུ་གདམས། དེས་བླ་མ་རྡོ་རྗེ་གདན་པ་ཆེན་པོ་ལ་གནང་ཞིང་སྒྲུབ་པས་ཞལ་གཟིགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚུལ་དུ་མ་བསྟན་པར་མཛད་པ་རྣམས་བསྟན་བཅོས་སུ་ཡི་གེར་བཏབ། དེ་ལ་བརྟེན་ནས་སྒྲུབ་ཐབས་མི་འདྲ་བ་ཡང་འགའ་ཞིག་


SPN002_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྤེལ། དེ་ལ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱིས་གསན་ཅིང་རྗེས་སུ་འཛིན། རྒྱུད་དང་སྒྲུབ་ཐབས་ཀྱི་སྐོར་རྣམས་མ་འདྲེས་སོ་སོར་རྟོགས་པའི་རྒྱ་གཞུང་རྣམས་བོད་དུ་སྤྱན་དྲངས་ནས་བསྒྱུར་ཅིང་གཏན་ལ་ཕབ་ནས་གསལ་བར་བྱེད་པའི་གནས་སུ་སྟོན་པར་མཛད། དེ་ལ་དགེ་བའི་བཤེས་གཉེན་གླེ་ནག་པས་གསན། དེ་ལ་སྒྲེ་པ། དེས་རྒྱལ་བས་ལུང་གིས་ཟིན་པའི་བསྟན་པའི་བདག་པོ་མཉམ་མེད་དྭགས་པོ་རིན་པོ་ཆེ་ཟླ་འོད་གཞོན་ནུ་ལ་གནང་ཞིང་དེ་ནས་རིམ་པས་ཀཾ་ཚང་སྒྲུབ་བརྒྱུད་འདི་ཉིད་ཀྱི་སྙིང་པོ་དོན་གྱི་བརྒྱུད་པ་དང་གཅིག་འདྲེས་སུ་གྱུར་ཅིང་། ཡང་རྗེ་བཙུན་མས་བླ་མ་གསེར་གླིང་པ། དེས་ཇོ་བོ་རྗེ། དགེ་བཤེས་སྟོན་པ། སྤྱན་སྔ་བ། སྒྲེ་པ་ནས་དྭགས་པོ་རིན་པོ་ཆེར་འདུས་པ་དང་། ཡང་ལུགས་གཅིག་ལ་སྒྲོལ་མས་ཇོ་བོ་རྗེ་དཱི་པཾ་ཀ་ར། བྱམས་པའི་རྣལ་འབྱོར་པ། སྙུག་རུམ་པ་ནས་དྭགས་པོ་རིན་པོ་ཆེར་འདུས་པ་སྟེ། བཀའ་བབས་ཆུ་བོ་གསུམ་འབྲེལ་རྗེ་སྒམ་པོ་པར་འདུས་པ་དང་། གཞན་ཡང་ཁ་ཆེ་པཎ་ཆེན་ནས་བརྒྱུད་པ་དང་། གྲུབ་ཆེན་རིན་པོ་ཆེ་ཀརྨ་པཀྴི་ནས་བརྒྱུད་པ། བླ་མ་ས་སྐྱ་པ་ཆེན་པོ་ནས་བརྒྱུད་པ་སོགས་མདོར་ན་བཀའ་བབས་ཀྱི་ཆུ་བོ་དྲུག་གཅིག་ཏུ་འདུས་པ་ཡང་སྣང་ཞིང་། དེ་ལྟར་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་འཕགས་པ། གོང་མ་དག་གི་རྡོ་རྗེའི་


SPN002_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ལས། འཆི་ལྟས་ཅི་ལྟར་བྱུང་ཡང་ངེས་པར་བཟློག་ནུས་པའི་འཕགས་མ་སྒྲོལ་མའི་རིག་སྔགས་དང་སྒྲུབ་པ་རྩིས་སུ་མཛད་ཅིང་ཐུགས་ཉམས་སུ་བསྟར་བ་ཡང་ཆེས་མང་བར་བྱུང་ཞིང་། དེ་དག་ཀྱང་ཕྲིན་ལས་རྒྱ་ཆེ་ཞིང་འགྲོ་དོན་རྒྱས་པ་སོགས་ལྷག་པའི་ལྷ་འདི་ཉིད་ལ་བསྟེན་ནས་གྲུབ་པ་བརྙེས་པ་ཁོ་ན་སྟེ། དེ་ལྟ་བུའང་བརྒྱུད་པ་རིན་པོ་ཆེ་འདི་དག་ལས་བྱུང་ཞིང་ཚུལ་བཞིན་དུ་སྒྲུབ་པར་བྱས་ན་འཆི་མེད་ཀྱི་ཚེ་དང་རྒུད་མེད་ཀྱི་ལང་ཚོ། གཞན་ཡང་དངོས་གྲུབ་ཅི་འདོད་པ་མཐའ་དག་ཡིད་བཞིན་དུ་ངེས་པར་འབྱུང་ཞིང་། དུས་མ་ཡིན་པའི་འཆི་བ་སོགས་འཇིགས་པ་བརྒྱད་དང་བཅུ་དྲུག་ལས་སྐྱོབ་ནུས་པ་དང་། མཐར་ཐུག་ཆོས་དབྱིངས་བདེ་བ་ཆེན་པོའི་ངང་དུ་དབྱེར་མེད་པར་སངས་རྒྱས་པ་སོགས་འགྲུབ་པར་འགྱུར་ཞིང་། དེ་ཡང་པཎ་ཆེན་ངག་དབང་གྲགས་པའི་ཀུན་བཏུས་ལས། ཚངས་དབང་ཁྱབ་འཇུག་ཉི་ཟླ་དང་། །དྲག་པོ་ཕྱོགས་སྐྱོང་འདོད་ལྷས་ཀྱང་། །བ་སྤུའི་ཁུང་བུའང་གཅོད་མི་ནུས། །འཆི་བདག་ལས་རྒྱལ་སྒྲོལ་མ་བཞིན། །སྐྲ་དཀར་གཉེར་མ་སྐལ་ངན་ནད། །དབུལ་བ་ལ་སོགས་ཉམས་པར་བྱེད། །སེང་གེ་ལ་སོགས་འཇིགས་ཆེན་བརྒྱད། །སྡུག་བསྔལ་ཚོགས་རྣམས་སེལ་བར་བྱེད། །སློང་བ་མེད་པར་བཟའ་བཏུང་གོས། །ཁང་བཟང་རིན་ཆེན་སྣ་ཚོགས་འདུ། །རལ་གྲི་མིག་སྨན་རྐང་མགྱོགས་དང་། །བུམ་པ་བཟང་པོ་ལ་


SPN002_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འགྲུབ། །སྙན་ངག་དང་ནི་རྩོད་པ་མཁས། །བློ་རྣོ་ཤེས་རབ་དྲི་མ་མེད། །གཞན་ཡང་ཅི་འདོད་དངོས་གྲུབ་ནི། །འཁོར་ལོ་འདི་ལས་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར་ཕན་པའི་ཡོན་ཏན་མཐའ་ཡས་ཤིང་བརྗོད་ཀྱིས་མི་ལང་མོད་ཀྱང་། ཅུང་ཟད་སྤྲོས་པ་དེ་དག་ངེས་པར་གྱིས་ལ་སྒོ་གསུམ་གྱི་དད་དང་དང་བ་ཆེན་པོས་ཡིད་སྤྲོ་བའི་ངང་ནས་དབང་བསྐུར་ཟབ་མོ་སྨིན་གྲོལ་གྱི་ལམ་ལ་འཇུག་པའི་ཕྱིར་དུ་དངོས་དང་ཡིད་སྤྲུལ་རྒྱ་མཚོས་དྲངས་བའི་མཎྜལ་གནང་བར་ཞུ། ཞེས་མཎྜལ་ཕུལ་ལ། སློབ་དཔོན་གྱིས། དེ་ལྟར་མཎྜལ་ཕུལ་བ་སྔོན་དུ་སོང་ནས་ཐོག་མར་བདག་སློབ་དཔོན་དུ་འོས་པ་དང་རྗེ་བཙུན་མ་དབྱེར་མེད་པ་ལ་དབང་བསྐུར་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྒྱལ་བ་རབ་འབྱམས་འདུས་པའི་དཔལ། །བླ་མ་དང་ནི་རྗེ་བཙུན་མར། །གསོལ་འདེབས་སྨིན་གྲོལ་ལམ་ཟབ་མོ། །མ་ལུས་བཀའ་དྲིན་སྩལ་དུ་གསོལ། །ལན་གསུམ་གྱིས་གསོལ་བ་གདབ། མདུན་གྱི་ནམ་མཁར་ཡིད་བཞིན་འཁོར་ལོའི་ལྷ་ཚོགས་ལ། །སངས་རྒྱས་བྱང་སེམས་རྡུལ་སྙེད་སྤྲིན་ཕུང་གཏིབས་པ་བཞིན། །བསྐོར་བའི་སྤྱན་སྔར་ཡན་ལག་བདུན་པ་འབུལ་བའི་བློས། །རྩེ་གཅིག་གུས་པས་ཐལ་སྦྱར་འདི་ཡི་རྗེས་ཟློས་མཛོད། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་བརྗོད། དེ་ནས་བསྐྱེད་པའི་རིམ་པ་བསྒོམ་པའི་དོན་དུ་ནི། །


SPN002_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྟོང་འཛིན་མེད་ངང་དུ་དམིགས་པ་འདི་བཞིན་མཛོད། །ༀ་བཛྲ་ཀྲོ་དྷས་སློབ་མ་རྣམས་བསངས་ལ། ༀ་ཤཱུ་ནྱ་ཏ་སོགས་བདག་བསྐྱེད་ཇི་བཞིན་པ་ལ། ཁྱེད་རང་འཕགས་མ་སྒྲོལ་མ་དཀར། །ཞེས་སོགས་ནས། ཐུགས་ཀའི་དབུས་སུ་པད་ཟླར་ཏཱྃ། །འོད་ཟེར་དཀར་པོ་འབར་བ་ཅན། །སྣང་སྟོང་འཛིན་མེད་འཇའ་ཚོན་ལྟར། །བཀྲ་ཞིང་ལམ་མེར་གསལ་བར་བསྒོམ། །ཅེས་དམིགས་པ་སྤོར་ལ། དེ་ནས་རྒྱུད་ལ་ཡེ་ཤེས་ཆེན་པོའི་བྱིན་རླབས་མྱུར་དུ་འབེབས་པའི་ཕྱིར། བླ་མ་སྒྲོལ་མ་ཐ་མི་དད་པར་གསོལ་གདབ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེས། བདག་དུས་མ་ཡིན་པའི་འཆི་བ་དང་འཇིགས་པ་ཐམས་ཅད་ལས་སྒྲོལ་བའི་ཕྱིར། རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པའི་ཡེ་ཤེས་དམ་པས་སྨིན་པར་མཛད་དུ་གསོལ། ལན་གསུམ་གསོལ་བ་བཏབ། དེ་ལྟར་གསོལ་བཏབ་སློབ་དཔོན་ཐུགས་ཀ་ནས། །འོད་འཕྲོས་མདུན་བསྐྱེད་ལྷ་ཡི་ཐུགས་རྒྱུད་བསྐུལ། །ཐུགས་ཀའི་ཧཱུྃ་དང་ཏཱྃ་ལས་འོད་ཟེར་འཕྲོས། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་སྣང་བར་བྱས། །རང་བཞིན་གནས་དང་ཁྱད་པར་ལྷོ་ཕྱོགས་ཀྱི། །པོ་ཊ་ལ་ཡི་གནས་མཆོག་དམ་པ་ནས། །བསྒོམ་པ་དང་འདྲའི་བཅོམ་ལྡན་སྒྲོལ་མ་དཀར། །སངས་རྒྱས་བྱང་སེམས་རྒྱ་མཚོ་


SPN002_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པ། །སྤྲིན་ཕུང་གཏིབས་པ་ལྟ་བུའི་ཡེ་ཤེས་སེམས། །མདུན་གྱི་ནམ་མཁར་སྐད་ཅིག་སྤྱན་དྲངས་ནས། །ཁྱེད་རྣམས་ལྷར་གསལ་སྐུ་ལ་གཉིས་མེད་པར། །ཐུགས་རྗེའི་བྱིན་རླབས་དངོས་གྲུབ་ཆར་ལྟར་བབས། །འཆི་མེད་དོན་དམ་ཡེ་ཤེས་རྒྱུད་ལ་ཞུགས། །སེམས་ཉིད་བདེ་བ་ཆེན་པོ་འོད་གསལ་བ། །གཡོ་འགུལ་མེད་པའི་ངང་དུ་གནས་པར་མཛོད། །ༀ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་མ་ཧཱ་བཛྲ་ཛྙཱ་ན་ཨ་ཝེ་ཤ་ཡ། ཨ་ཝེ་ཤ་ཡ་ཨ་ཨ་ཨ། ཞེས་སྤོས་འཐུལ། རོལ་མོ་བཀྲོལ་ལ་ཡེ་ཤེས་པ་གཞུག་ནས། དེ་ལྟར་བབས་པའི་ལྷ་དེ་ཉིད། །སྙིང་པོའི་བར་དུ་མི་འབྲལ་བར། །སྐལ་ལྡན་རྒྱུད་ལ་བརྟན་གྱུར་ཅིག །ཛྙཱ་ན་བཛྲ་ཏིཥྛ་ཧཱུྃ། ཞེས་རྡོ་རྗེ་མགོར་བཞག །དང་པོ་སྐུ་ཡི་རྗེས་གནང་ནི། སླར་ཡང་སློབ་དཔོན་སྙིང་གའི་འོད་ཟེར་གྱིས། །བསྐུལ་བས་དབང་ལྷ་རིགས་ལྔ་ཡབ་ཡུམ་རྣམས། །སྤྱན་དྲངས་མཆོད་པའི་སྤྲིན་གྱི་རྒྱ་མཚོས་མཆོད། །ༀ་པཉྩ་ཀུ་ལ་བཛྲ་ཨརྒྷཾ་ནས། ཤབྡའི་བར་བརྗོད། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་དབང་ལྷ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་གང་བ་བསྣམས་ནས་དབང་བསྐུར་བའི་མོས་པ་གྱིས་ཤིག །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་བརྗོད། དེ་ལྟར་དབང་བསྐུར་སྒྲིབ་པ་བཞི་དག་ཅིང་། །སྐུ་བཞི་མངོན་བྱས་འཆི་མེད་ཚེ་དཔལ་ཐོབ། །ཆུ་


SPN002_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གྱེན་བརྟེན་འོད་དཔག་དབུ་བརྒྱན་གྱུར། །དེ་ལྟར་སྐུ་མཆོག་བུམ་པའི་དབང་ཐོབ་ནས། །ལྷ་ཡི་རྣལ་འབྱོར་བསྐྱེད་རིམ་བསྒོམ་པར་དབང། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །གཉིས་པ་གསུང་གི་རྗེས་གནང་ནི། སློབ་དཔོན་ལྷར་གསལ་ཞལ་ནས་སྔགས་ཕྲེང་ཐོན། །སློབ་མའི་ཞལ་ཞུགས་ཐུགས་ཀར་ཐིམ་པའི་མོད། །དུས་གསུམ་རྒྱལ་བ་ཀུན་གྱི་གསུང་གསང་བ། །མི་བཟད་རྒྱན་གྱི་འཁོར་ལོའི་སྙིང་པོ་རྣམས། །དངོས་གྲུབ་ཚུར་བྱོན་ཁྱེད་རང་སྙིང་ཁར་ཐིམ། །འཁོར་བར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། །སྔགས་ཕྲེང་གཏད་ལ་ཡི་གེ་བཅུ་པ་བཟླའོ། །སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདི་ཡི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་སོགས་ལན་གསུམ། མེ་ཏོག་དེ་ཉིད་སྤྱི་བོར་འཆིང་བར་མོས་ཤིག །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །སོགས་བརྗོད་མེ་ཏོག་སྤྱི་བོར་བཀོད། དེ་ལྟར་གསུང་གི་དབང་ཐོབ་ངག་སྒྲིབ་དག །རིག་སྔགས་ཟབ་མོས་སྣ་ཚོགས་ལས་ལ་དབང་། །འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །གསུམ་པ་ཐུགས་ཀྱི་རྗེས་གནང་ནི། མདུན་བསྐྱེད་འཕགས་མའི་སྐུ་ལས་སླར་ཡང་ནི། །རྗེ་བཙུན་མ་སྤྲོས་སློབ་མའི་སེམས་ལ་ཐིམ། །དབྱེར་མེད་རང་བཞིན་སྤྲོས་བྲལ་འོད་གསལ་བ། །མ་བཅོས་གཉུག་མའི་ངང་དུ་དར་ཅིག་ཞོག །མཎྜལ་ལྷ་མཚན་སྤྱི་བོར་བཞག །ཡི་གེ་བཅུ་པའི་མཐར། བཛྲ་ས་མ་ཡ་སྟྭཾ། དེ་ལྟར་ཐུགས་


SPN002_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་ཐོབ་ཡིད་སྒྲིབ་དག །མི་རྟོག་ཏིང་འཛིན་རྣལ་འབྱོར་བསྒོམ་པར་དབང་། །འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །དེ་ལྟར་འཕགས་མ་ཡིད་བཞིན་འཁོར་ལོའི་སྨིན་བྱེད་ཀྱི་རྗེས་སུ་གནང་བ་ལེགས་པར་ཐོབ་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་བསྒྲགས་པ་ནི། དེ་ཡང་ལས་སྣ་ཚོགས་པའི་རྒྱུད་ལས། སོ་སོའི་དམ་ཚིག་སྡོམ་གནས་ཏེ། །ལྷ་ཡི་འཁོར་ལོ་དང་ལྡན་པས། །སྲོག་ཆགས་བསད་དང་མ་བྱིན་ལེན། །རྫུན་དང་ཕྲ་མ་འདོད་ལོག་གཡེམ། །རིང་དུ་སྤང་ཞིང་ཤེས་རབ་ཀྱི། །རང་བཞིན་བུད་མེད་སྨད་མི་བྱ། །སེམས་ཅན་རྣམས་ལ་མ་བཞིན་དུ། །བརྩེ་བས་རྟག་ཏུ་བཀུར་སྟི་བྱ། །དམ་ཚིག་སྲོག་ལ་གནས་པ་ཡི། །ལས་རྣམས་ཀུན་ལ་མཐུ་ཡོད་འགྱུར། །དེ་ལྟར་སྲུང་སྡོམ་རྣམས་ཚུལ་བཞིན་འཛིན་སྙམ་པའི་སྒོ་ནས་ཡིད་དམ་བཅས་ལ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་གི་མཎྜལ་ཕུལ། ལུས་ལོངས་སྤྱོད་འབུལ་བའི་བློས་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་སོགས་བརྗོད་ལ། སློབ་མ་རྗེས་འཛིན་གྱི་རིམ་པ་མདོ་ཙམ་བསྟན་ཟིན་ནས། རྗེས་ཀྱི་ཆོ་ག་ནི། དང་པོ་སྔར་ལྟར་མཆོད་པ་བྱིན་རླབས། སྔགས་མཆོད་ཕུལ་ལ། གཉིས་པ་མཚན་ངེས་པར་གྲགས་པས་བསྟོད་པ་ནི། ༀ་བཅོམ་ལྡན་འདས་མ་ཆེན་མོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག །དམ་ཚིག་སྒྲོལ་མ་ཞེས་


SPN002_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་ཐམས་ཅད་ཀྱི་བདག་པོ། རྒྱུ་བ་དང་མི་རྒྱུ་བའི་བྱེད་པ་པོ། བརྟན་པ་དང་གཡོ་བའི་རང་བཞིན། གསང་བ་ལས་ཆེས་ཤིན་ཏུ་གསང་བ། གསང་བ་ཆེན་མོའི་དབང་ཕྱུག་མ་བདག་ཉིད་ཀྱི་རྡོ་རྗེའི་མིང་འདི་རྣམས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ་། །བཅོམ་ལྡན་འདས་མ་སྒྲོལ་མ། རྡོ་རྗེ་མ། དམ་ཚིག་སྒྲོལ་མ། རྡོ་རྗེ་རྣལ་འབྱོར་མ་ཆེན་མོ། ཡེ་ཤེས་ལྔས་བརྒྱན་པ་མ། སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་མ། ཡེ་ཤེས་ཀྱི་དཀྱིལ་འཁོར། ཟླ་བའི་བདེ་མ། ངོ་མཚར་བདེ་མ། སྐུ་དང་གསུང་དང་ཐུགས་ཀྱི་འདོད་མ། ཕུང་པོའི་བདག་མོ། སྐྱེ་མཆེད་ཀྱི་བདག་མོར་གྱུར་པ། འབྱུང་བ་རྣམས་རབ་ཏུ་ཐོབ་པ། ཡུལ་དང་བྲལ་བའི་རང་བཞིན། རྒྱུད་ཀུན་གྱི་དབང་ཕྱུག་མ། ཡེ་ཤེས་རྣམ་པ་ལྔས་བྱང་ཆུབ་པ། རྡུལ་དང་བྲལ་བ། དྲི་མ་མེད་པ། གསང་སྔགས་ཆེན་མོ། ཤིན་ཏུ་སྲ་བ། མཚན་དང་དཔེ་བྱད་རྣམས་ཀྱིས་སྤྲས་པ། དག་བྱེད་དག་བྱེད་ཆེན་མོ། ལས་ཐམས་ཅད་འགྲུབ་པར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་མ། ཡི་གེ་བཅུ་པའི་སྒྲ་སྒྲོག་མ། སྒྲ་སྒྲོག་དགྱེས་མ། གདུང་མ། མྱུར་བ་མ། རྣམ་པར་གཤེགས་པ་ཡོངས་སུ་དག་པ། སྲ་ཞིང་བདེ་བ་ཡེ་ཤེས་


SPN002_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ། བདེ་བ་ཆེན་མོའོ། །ན་མཿན་མཿཨཱཪྱ་ཏཱ་ར་ཡ། ཞེས་པས་བསྟོད་ལ། བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་ལྷ་ཚོགས་འཁོར་དང་བཅས་པས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བ་དང་། ལས་བཞི། གྲུབ་པ་ཆེན་པོ་བརྒྱད། འཆི་བ་མེད་པ་རྡོ་རྗེའི་ཚེ་དང་། རྒུད་པ་མེད་པའི་ལང་ཚོ་རྒྱས་ཤིང་། བསྟན་དང་འགྲོ་བའི་དོན་རླབས་པོ་ཆེ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། བྱང་ཆུབ་སྒྲུབ་པའི་བགེགས་དང་བར་ཆད་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། སེམས་ཅན་ཐམས་ཅད་བདེ་ལེགས་དང་དཔལ་འབྱོར་ཕུན་སུམ་ཚོགས་པས་དུས་ཀུན་ཏུ་ཤིས་པའི་ཡོན་ཏན་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་འདོད་པའི་དོན་སྤྱི་དང་བྱེ་བྲག་གང་ཡིན་པ་དེ་རྩེ་གཅིག་གསོལ་བ་བཏབ། འཕགས་མ་དགྱེས་པ་དང་བཅས་ཏེ་ཕྱག་གཡས་མཆོག་སྦྱིན་གྱི་རྒྱས་རང་དང་བསྲུང་བྱའི་སྤྱི་བོར་རེག་ནས་མཆོག་སྩོལ་བར་རྩེ་གཅིག་ཏུ་མོས། གསུམ་པ་ཡི་གེ་བརྒྱ་པས་ཆད་ལྷག་ཁ་བསྐང་། གཤེགས་གསོལ་བྱེད་ན། ༀ་ཁྱེད་ཀྱིས་སེམས་ཅན་སོགས། བཛྲ་མུས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ་བའམ། རྟེན་ཡོད་ན། བདག་དང་འགྲོ་ལ་སོགས་དང་། སུ་པྲ་ཏིཥྛས་རྟེན་བཞུགས་གང་འོས་བྱ། དགེ་བ་འདི་ཡིས་མྱུར་དུ་བདག་སོགས་དང་། བཞི་པ་རྗེས་ཀྱི་རྣལ་འབྱོར་ནི། རང་གི་


SPN002_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ཏཱྃ་ལས་འོད་ཟེར་འཕྲོས་པས་འཁོར་འདས་ཐམས་ཅད་ལ་ཕོག །དེ་དག་ཀྱང་རང་ཉིད་ལ་ཐིམ། རང་ཉིད་ཀྱང་རིམ་བཞིན་འཁོར་ལོ་དང་ཡིག་འབྲུ་ལ་ཐིམ། དེ་ཡང་ཏཱྃ་ལ་འདུས་ནས་ཐིག་ལེ་དང་ནཱ་ད། དེ་ཡང་མི་དམིགས་པ་སྟོང་ཉིད་འོད་གསལ་གྱི་ངང་ལ་མཉམ་པར་བཞག་གོ། ཞེས་ཅི་གནས་སུ་བཞག་ལ། ལྔ་པ་ཟུང་འཇུག་གི་སྐུར་ལྡང་བ་ནི། སླར་ཡང་རང་ཉིད་གསལ་ལ་འཛིན་མེད་འཕགས་མའི་སྐུར་ལམ་གྱིས་གསལ་བའི་གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན་པ་དང་སྣང་གྲག་གི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལྷ་ཡི་ངོ་བོར་རྣམ་པར་དག་གོ། །དེ་ནས་བཀྲ་ཤིས་ཅི་རིགས་པ་དང་བསྔོ་སྨོན་བརྗོད་ཅིང་རྒྱུན་སྤྱོད་ལ་འཇུག་པར་བྱའོ། །དེ་ལྟར་འཕགས་མ་ཡིད་བཞིན་འཁོར་ལོའི་ཆོ་ག་འཇུག་བདེར་བཀོད་པ་འདི་ནི་བསྟན་པའི་གསལ་བྱེད་དབོན་སྤྲུལ་ཀརྨ་འཆི་མེད་ཀྱི་དགོངས་བཞེད་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་སྐྱེ་རྒུ་ཐམས་ཅད་ལ་དགེ་བར་གྱུར་ཅིག །སྭསྟི་ཛ་ཡནྟུ།། །།

སྒྲོལ་མ་འོད་ཟེར་དྲུག་སྦྲག་དབང་གི་ཞལ་རྒྱུན་ནི།


SPN002_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་འོད་ཟེར་དྲུག་སྦྲག་དབང་གི་ཞལ་རྒྱུན་ནི། བཤམས་བཀོད་སོགས་སྤྱི་མཐུན་དང་། སྔོན་གཏོར་བཏང་བ། སྐྱབས་སེམས་མཆོད་པ་བྱིན་རླབས་སོགས་དང། ཡིད་


SPN002_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འཁོར་ལོའི་བདག་བསྐྱེད་མངོན་རྟོགས་ཀྱི་བཟླས་པའི་ཐུན་མཇུག་ཏུ། སྐད་ཅིག་གིས་ཕྱི་རོལ་དུ་འཁོར་ལོ་དཀར་པོ་རྩིབས་བཅུ་གུར་ཐབས་སུ་གནས་ཤིང་མི་མངོན་པར་མྱུར་དུ་འཁོར་བའི་ལྟེ་བ་ཟླུམ་པོ་ཡངས་པའི་ནང་དུ་རང་ཉིད་འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བའི་ཐུགས་ཀར་འཁོར་ལོ་ཡིག་འབྲུ་དང་བཅས་པ། རང་ཉིད་ཀྱི་སྟེང་དུ་ༀ། འོག་ཏུ་ཧཱ། རྩིབས་ཀྱི་རྩ་བ་སྦུབས་སྟོང་གི་ཐད་ཀྱི་ནང་དུ་མདུན་ནས་གཡས་བསྐོར་དུ་ཡི་གེ་བརྒྱད་བཅས་ཀྱི་ཡིག་འབྲུ་རྣམས་དཀར་པོ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་དཀར་པོ་ཤེལ་ལྟ་བུ། སེར་པོ་གསེར་ལྟ་བུ། དམར་པོ་པདྨ་རཱ་ག་ལྟ་བུ། ལྕགས་ཁ་ཐོ་རེངས་ཀྱི་གནམ་ལྟ་བུ། ལྗང་གུ་མརྒད་ལྟ་བུ། མཆིན་ཁ་ཨིནྡྲ་ནཱི་ལ་ལྟ་བུ་རྣམས་རིམ་པར་སྤྲོས། སེམས་ཅན་གྱི་དོན་བྱས། རྒྱལ་བ་རྣམས་མཆོད། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་བྱིན་རླབས་འོད་ཟེར་དཀར་སེར་དམར་སྔོ་ལྗང་མཐིང་གི་རྣམ་པར་རིམ་པར་བྱོན། རང་གི་ཐུགས་ཀའི་འཁོར་ལོ་ལ་ཐིམ་པས། ཞི་རྒྱས་དབང་དྲག་ལས་སྣ་ཚོགས་པའི་དངོས་གྲུབ་ཐོབ་ཅིང་བརྟན་པར་བྱས། འོད་ལྷག་མ་རྣམས་འཁོར་ལོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་ནས་འོད་དཀར་པོའི་གུར་ཁང་། དེའི་ཕྱིར་སེར་པོ། དེའི་ཕྱིར་དམར་པོ།


SPN002_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་ལྕགས་ཁ། དེའི་ཕྱིར་ལྗང་གུ། དེའི་ཕྱིར་འོད་མཆིན་ཁའི་གུར་ཁང་རྣམས་ཀྱང་འདོམ་རེའི་བར་ཐག་ཅན། སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འཁོར་བའི་ཟླུམ་པོའི་རྣམ་པ་ཅན་སྲ་བ། བརྟན་པ། སྲུབ་མེད་པ་རླུང་སེར་བུ་ཙམ་ཡང་མི་ཐར་བ། བར་སྟོང་ཐམས་ཅད་ཨུཏྤལ་སྔོན་པོ་ཁ་བྱེ་མ་ཐག་པས་གང་བར་གྱུར། ཞེས་བརྗོད་ལ་སླར་ཡང་བཟླས་པ་བྱའོ། །དེ་ནས་མདུན་བསྐྱེད་དང་བུམ་བསྐྱེད་དཀྱུས་བཞིན་བྱས་ལ། དབང་གི་སྐབས་སློབ་མ་ལ་སྔགས་ཀྱིས་བསངས། ཤཱུ་ནྱ་ཏས་སྦྱངས་ལ། སྟོང་པའི་ངང་ལས་མ་བཅོས་པའི་སེམས་སྣང་ཧཱུྃ་གི་སྒྲ་གདངས་ནམ་མཁའ་གང་བ་དང་བཅས་པ་ལས་ཕྱི་རོལ་སྲུང་བའི་འཁོར་ལོ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་རྩིབས་བཅུ་པ་གུར་ཐབས་སུ་གནས་ཤིང་མི་མངོན་པར་མྱུར་དུ་འཁོར་བ་ལྟེ་བ་ཟླུམ་པོ་ཡངས་པའི་ནང་དུ། བྷྲཱུྃ་ལས་ཟླ་བ་ཆུ་ཤེལ་གྱི་གཞལ་ཡས་ཁང་། དེའི་དབུས་སུ་པྃ་ལས་སོགས་ཀྱིས་སློབ་མ་ལྷར་བསྐྱེད་ནས། གནས་གསུམ་འབྲུ་གསུམ་བཀོད། ཐུགས་ཀའི་དབུས་སུ་པད་དཀར་དང་ཟླ་བ་ལ་ཏཱྃ་དཀར་པོས་མཚན་པ། ཕྱི་རོལ་སྲུང་བའི་འཁོར་ལོའི་རྩིབས་སྟེང་དུ་ༀ། རྩིབས་འོག་ཏུ་ཧཱ། རྩིབས་ཀྱི་རྩ་བ་སྦུབས་སྟོང་གི་ཐད་ཀྱི་ནང་དུ་མདུན་ནས་གཡས་བསྐོར་དུ། ཏཱ། རེ། ཏུཏ། ཏཱ།


SPN002_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རེ། ཏུ། རེ། སྭཱ་རྣམས་ཀྱི་ཡིག་འབྲུ་རྣམས་རབ་ཏུ་དཀར་བ། ཐུགས་ཀའི་ས་བོན་ཏཱྃ་ཡིག་ལས་འོད་ཟེར་དཀར་པོ་ཤེལ་ལྟ་བུ་སོགས་གོང་བཞིན་བརྗོད་པ་དང་། ཐུགས་ཀའི་འཁོར་ལོ་ལ་ཐིམ་པས་སོགས་ནས། ཨུཏྤལ་སྔོན་པོ་ཁ་བྱེ་མ་ཐག་པས་གང་བར་གསལ་ཐོབ་མཛོད། ཅེས་བརྗོད། དེ་ནས་བདག་མདུན་ལྷར་བསྐྱེད་ཐུགས་ཀའི་འོད་ཟེར་སྤྲོ་བསྡུས་བྱིན་དབབ་པ་སོགས་ནི་སྨིན་དབང་སྤྱི་ལྟར་གནང་བས་ཁྱབ། སརྦ་མངྒ་ལཾ། ཞེས་ལྷུན་གྲུབ་སྟེང་གི་རྒྱལ་ཁབས་སུ་ས་དབང་མཆོག་གི་དགོངས་པ་སྐང་ཆེད་དུ་སྤེལ་བ་དགེ། །། རྒྱལ་མཆོག་ཚེ་དཔག་མེད་པའི་ཡུམ། །འཆི་མེད་ངེས་པར་སྟེར་བ་མོ། །རིག་པ་འཛིན་མ་བཅོམ་ལྡན་འདས། །ཡིད་བཞིན་འཁོར་ལོའི་བཀྲ་ཤིས་ཤོག །དགེ་བ་འདི་ཡིས་སེམས་ཅན་ཀུན། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་ཞི། །ཚེ་དཔལ་བསོད་ནམས་ཡེ་ཤེས་རྒྱས། །སྒྲོལ་མའི་གོ་འཕང་མྱུར་ཐོབ་ཤོགསརྦ་མངྒ་ལཾ།། །།

སྒྲོལ་དཀར་ཞི་བའི་སྦྱིན་སྲེག་དུས་མིན་འཆི་འཇོམས།


SPN002_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་ཞི་བའི་སྦྱིན་སྲེག་དུས་མིན་འཆི་འཇོམས་ཞེས་པ་བཞུགས་སོ། །རྒྱལ་བའི་ཡུམ་འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་ཕྱག་འཚལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། འདིར་འཕགས་མ་སྒྲོལ་དཀར་གྱི་སྒོ་ནས་ཞི་བའི་སྲེག་བླུགས་བསྙེན་པ་སོགས་ཀྱི་ཁ་སྐོང་དང། དུས་མིན་འཆི་བ་སོགས་བར་ཆད་མི་མཐུན་པ་ནད་གདོན་བཟློག་ཅིང་ཞི་བའི་ཕྱིར་སྤྲོ་ན། དེ་ཡང་རིག་པ་མཆོག་གི་རྒྱུད་ལས། གསང་སྔགས་མ་བཟླས་མི་འགྲུབ་ཅིང། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །བཟླས་བརྗོད་འབུམ་ཕྲག་གཅིག་ལ་ནི། །སྦྱིན་སྲེག་ཁྲི་ཕྲག་བྱེད་པར་བཤད། །ཅེས་པ་ལྟར། བཟླས་པའི་བཅུ་ཆའི་གྲངས་ཀྱི་སྦྱིན་སྲེག་དགོས་ཤིང། ཐོག་མར་འདི་ཉིད་ཀྱི་བསྙེན་པ་སྔོན་དུ་སོང་བའི་རྣལ་འབྱོར་པས། དུས་ཆེན་བཞིའམ། ཉི་ཟླ་སྒྲ་གཅན་དུ་ཞུགས་པའི་དུས་སམ། སྦྱོར་བ་བཟང་པོའི་ཉི་མར། བཅོ་ལྔ་ལྟ་བུའི་སྲོད་དང་ཐོ་རངས་ལ། སྲེག་བླུགས་འབུལ་བར་བྱ་སྟེ། པཎ་ཆེན་ངག་དབང་གྲགས་པའི་ཀུན་བཏུས་ལས། ཞོ་དང་སྦྲང་རྩི་མར་གྱིས་སྦགས། །དཱུརྦའི་མྱུ་གུ་ཤར་དང་ནི། །བྱང་དུ་རྩེ་བསྟན་སྦྱིན་སྲེག་བྱ། །སྔོན་གྱི་ལས་མཐུ་ལས་འབྱུང་བའི། །འཆི་བའང་ངེས་པར་ཟློག་པར་བྱེད། །ཅེས་ལ་སོགས་པ་གསུངས་ཤིང་ཕན་ཡོན་མཆོག་དང་ལྡན་པ་སྟེ། དེ་ཡང་ཐོག་མར་སྲོག་ཆགས་སོགས་མེད་པའི་སར་རྐྱང་ནུལ་ལེགས་པར་བྱས་ལ། དང་པོ་ཐིག་གདབ་པ་ནི། ཚངས་ཟུར་བཞི་པོ་ལེགས་བཏབ་སྟེ། །དབུས་ནས་ལག་སོར་བཅུ་གཉིས་དང། །སླར་ཡང་བཞི་པ་གཉིས་རིམ་བསྐོར། །


SPN002_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཁྱོན་མཆུ་དང་ཁ་ཁྱེར་ཡིན། །དེ་དབུས་སོར་བཞི་པད་ལྟེ་བསྐོར། །ཚངས་ཟུར་དབུས་གཤག་གཅུས་ཐིག་གདབ། །པད་འདབ་བརྒྱད་འབྱུང་ཁ་ཁྱེར་ལ། །རྡོ་རྗེའི་ཕྲེང་བས་ཀུན་ནས་བསྐོར། །གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་དང་། །དབུས་སུ་པདྨ་འདབ་བརྒྱད་སྟེར། །རྡོ་རྗེ་དཀར་པོ་རྩེ་ལྔ་བྲི། །ཀུན་ཀྱང་དཀར་པོའི་ཚོན་གྱིས་བསྒྱུར། །ཅེས་སོ། །གཉིས་པ་བུད་ཤིང་བ་ལུའམ་ཤུག་པ་སོགས་དྲི་ཞིམ་པོ་དང་། དགོན་པའི་བ་ལང་གི་ལྕི་བ་སྲོག་ཆགས་མེད་པ་མཆུ་ཡི་ནང་དུ་དམ་པར་སོར་བཅུ་གཉིས་ཀྱི་ཚད་དུ་ཟླུམ་པར་བརྩིགས། ཤར་ལྷོར་རྫ་ཀོང་ཞིག་ཀྱང་བཞག །དེ་ནས་ཡོ་བྱད་བཤམས་པ་ནི་རང་གི་གཡོན་ཕྱོགས་ནས་གཡས་སྐོར་གྱི་སྟེགས་མཐོ་དམའ་འམ་ཕྱི་ནང་བྱས་པའི་ཁར་འདས་མ་འདས་ཀྱི་མར་གྱི་གཏོར་ཟླུམ་གཉིས་དང་ཆུ་བཞི་ཉེར་སྤྱོད་ཚར་གཉིས་རེ་བཤམས། གཡས་ཕྱོགས་སུ་ཡམ་ཤིང་རྒྱུ་བ་ལུ་སོགས་འོ་མ་ཅན་གྱི་ཤིང་རྩེ་རྣལ་འབྱོར་བའི་མཐེའུ་ཆུང་གི་ཚད་དམ་སོར་བཅུ་གཉིས་པ་རྩེ་མོར་དཀར་གསུམ་གྱིས་སྦགས་པ་ཇི་ཙམ་འོས་པ་དང་། མར་ཁུ། ཏིལ་ནག །ཡུངས་ཀར། དཀར་མངར་དྲུག་འདྲེས་ཀྱི་ཟས་མཆོག །ཞོ། འབྲས། སོ་བ། ནས། སྲན་མ། གྲོ། དཱུརྦ། ཀུ་ཤ་རྩེ་དཀར་གསུམ་གྱིས་སྦགས་པ། ཤིང་ཏོག་སྣ་ཚོགས་རྣམས་བཤམས། རང་ཁ་ཤར་དུ་བལྟས་ལ་སྐྱིལ་ཀྲུང་ངམ་ཙོག་པུར་འདུག །མདུན་དུ་མེ་ཡོལ། ཀུ་ཤ་ཆུན་པོ་བཅུ། རྡོར་དྲིལ་དགང་བླུགས་ཁ་སྦྱར། དུང་ཆོས་བསངས་གཏོར་གྱི་ཀུ་ཤ་སོགས་ཉེར་མཁོ་རྣམས་འདུ་བར་བྱས་ལ། དང་པོ་སྒྲུབ་ཐབས་དངོས་གྲུབ་མཆོག་


SPN002_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ་ནས་འབྱུང་བ་ལྟར་སྔོན་འགྲོ་སྐྱབས་སེམས་བདག་བསྐྱེད་བསྙེན་པ་དང་། རྗེས་གཞིག་གི་རྣལ་འབྱོར་དང་ཟུང་འཇུག་གི་སྐུར་ལྡང་ལ། གཉིས་པ་གཞུང་ལྟར་སྔོན་འགྲོ་གཏོར་མ་བཏང་། འདི་ནས་བཟུང་ངག་སྨྲ་བཅད། ཡིད་ཏིང་ངེ་འཛིན། ལག་རྡོར་དྲིལ་དང་མི་འབྲལ་བར་རྫས་རྣམས་ལ་ཡུངས་ཀར་གྱིས་བྲབ་ནས། བགེགས་བསྐྲད། སྲུང་འཁོར་བསྒོམ་ལ། རུང་ཁང་ལས་བྱུང་བའི་མེ་བླངས་ལ་བཛྲ་ཀྲོ་དྷས་བསངས། དཔལ་འབར་སྤར་ཏེ་བསང་ཆུ་དོར། བཛྲ་ཀྲོ་དྷ་སོགས་བརྗོད། ༀ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་ཐབ་ཀྱི་ཤར་ལྷོར་བཞག །ༀ་ཨཱཿཧཱུྃ་གིས་རླུང་གཡབ་ཅིང་སྤར་རོ། །དེ་ནས་ཡི་གེ་བཅུ་པའི་མཐར་དགང་བླུགས་ཀྱིས་མར་ཁུ་ལན་གསུམ་མམ་བདུན་འབུལ་བས་མེ་གསོས་ལ། པད་སྐོར་དང་བཅས། ༀ། ཀུ་ཤ་འདི་ནི་གཙང་ཞིང་དགེ། །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པའི་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ༀ་བཛྲ་ས་ཏྭ་ཨཱཿཞེས་རྩེ་མོ་གཡས་བསྟན་གྱིས་ཐབ་ཀྱི་ཕྱོགས་བརྒྱད་དུ་བཀོད་ལ། གཞུང་ནས་འབྱུང་བཞིན་མཆོད་པ་བྱིན་རླབས། ཨཉྩ་མཱ་ནཾ། པྲོཀྵ་ནཾ་འཛུད་དགོས་དང། སྲེག་རྫས་རྣམས། ༀ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཨཱཿཧཱུྃ་ཞུ་བ་ལས་ངོ་བོ་བདུད་རྩིའི་རང་བཞིན་རྣམ་པ་འདོད་ཡོན་སྣ་ཚོགས་གྱུར། ༀ་


SPN002_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཋཿཋཿཋཿཋཿཋཿཋཿཋཿདགང་བླུགས་ཁ་སྦྱར་བཟུང་ལ་མར་ཁུ་ལ་རེག་ལ། ༀ་ཨཱ་ཱསྭཱ་ཧཱ། ཡམ་ཤིང་ལ། ༀ་ཤྲཱིཾ་སྭཱ་ཧཱ། འབྲུ་ཐམས་ཅད་ལ། ༀ་ཛྲིཾ་སྭཱ་ཧཱ། སྦྱང་བའོ། །སྲེག་རྫས་ཐམས་ཅད་ལ་རེག་སྟེ། ༀ་སྭཱ་ཧཱ། བཀྲུ་བའོ། །རྫས་ཐམས་ཅད་ལ། ༀ་ཀུ་རུ་ཀུ་རུ་སྭཱ་ཧཱ། བྱིན་རླབས་དང་། དེ་ནས་གསུམ་པ་ཐབ་བསྐྱེད་པ་ནི། བཛྲ་ཀྲོ་དྷས་བསངས། སྭ་བྷཱ་ཝས་སྦྱངས། ཐབ་ཁུང་མི་དམིགས་སྟོང་ཉིད་གྱུར། །སྟོང་ལས་པད་ཉིའི་སྟེང་དུ་ཧཱུྃ། །ཞི་བའི་ཐབ་ཁུང་ཟླུམ་པོ་དཀར། །གྲུ་གང་རྒྱ་ཁྱོན་རྒྱ་ཕྱེད་དཔངས། །སོར་བཞི་མཆུ་དང་ཁ་ཁྱེར་སྟེང་། །རྡོར་ཕྲེང་གྲྭ་བཞིར་ཟླ་ཕྱེད་དང་། །རྡོ་རྗེའི་རྒྱན་དབུས་པད་འདབ་བརྒྱད། །ལྟེ་བར་རྡོ་རྗེས་མཚན་པར་གྱུར། །ཐབ་དབུས་མེ་དཀྱིལ་པད་ཉིའི་སྟེང་། །རྃ་ལས་མེ་ལྷ་དཀར་པོ་ནི། །མེ་ཐབ་རིལ་འཛིན་དྲང་སྲོང་ཚུལ། །རལ་པའི་ཐོར་ཚུགས་ཨག་ཚོམ་ཅན། །གསུས་འཕྱང་ཚངས་སྐུད་དཀར་པོས་བརྒྱན། །ར་སྐྱེས་ལ་གནས་དྲང་སྲོང་བསྐོར། །གནས་གསུམ་ༀ་ཨཱཿཧཱུྃ་ཡིག་ལས། །འོད་འཕྲོས་མེ་ལྷ་ཤར་ལྷོ་ནས། །འཁོར་དང་བཅས་པ་སྤྱན་དྲངས་གྱུར། །ལག་གཡོན་པས་གཡས་པའི་མཁྲིག་མ་ནས་བཟུང་སྟེ་ཀུ་ཤ་དང་བཅས་མི་འཇིགས་པའི་ཕྱག་རྒྱས་མཐེ་བོང་གིས་སྲིན་ལག་གི་རྩ་བར་གཡོབ་ཅིང་། ༀ། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །


SPN002_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་རྒྱལ་པོ་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་སྒྲུབ་པ། །ཐུགས་རྗེས་སེམས་ཅན་དོན་གྱི་ཕྱིར། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ༀ་ཊཱ་ཀི་ཧཱུྃ་ཛཿཐབ་ཀྱི་ཤར་ལྷོར་མེ་ཏོག་གཅིག་འཕང་ལ། པདྨ་ཀ་མ་ལ་ཡ་སྟྭཾ། ཞེས་གདན་ལ་བཞུགས་པར་བསམ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། ཨཉྩ་མཱ་ནཾ། པྲོཀྵ་ནཾ། ཞེས་ཆུ་བཞི་དབུལ། ལག་གཡས་པས་རྩེ་གསུམ་གྱི་རྒྱས། ༀ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཏ་ཛྭ་ལ་ཡ་སརྦ་བྷསྨིན་ཀུ་རུ་སརྦ་དུཥྚཾ་ཧཱུྃ་ཕཊ། དྲི་ཤྱ་ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟྭཾ། ས་མ་ཡ་ཧྃཿཞེས་དམ་ལ་བཞགཛཿཧཱུྃ་བྃ་ཧོཿ་ཡེ་ཤེས་དང་། །དམ་ཚིག་དབྱེར་མེད་སླར་ཡང་ནི། །ཐུགས་ཀའི་ཧཱུྃ་གིས་དབང་ལྷ་རྣམས། །སྤྱན་དྲངས་དབང་བསྐུར་དྲི་མ་དག །རྣམ་སྣང་མཛད་ཀྱིས་རྒྱས་གདབ་གྱུར། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཤབྡ་བར་གྱིས་གདན་མཆོད་ཕུལ། ཚངས་དབང་འཇིག་རྟེན་མགོན་གྱི་སྲས། །མེ་ལྷ་ཊཱཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་སྲེག །དྲང་སྲོང་མེ་ལྷའི་ཚོགས་ལ་བསྟོད། །ཅེས་བསྟོད། དགང་བླུགས་ཁ་ལ་ཧཱུྃ་ཡིག་གསལ། །མེ་ལྷའི་ལྗགས་ལ་རྃ་ཡིག་མཚན། །


SPN002_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་རྫས་བདུད་རྩི་བཞེས་པར་གྱུར། །ན་མཿསྶ་མནྟ་བུདྡྷཱ་ན་ཨོ་ཨགྣ་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ན་ཡ་ཨ་དི་བྱ། བྱང་ཆུབ་མཆོག་གི་རྒྱས་མར་ཁུ་དགང་བླུགས་གསུམ་མམ་བདུན་བྱོན་ཟན་འབུལ། བདག་ཅག་དཔོན་སློབ་རྣམས་ཀྱི་དམ་པའི་ཆོས་ཀྱི་བསམ་སྦྱོར་ལ་བར་དུ་གཅོད་པ་རྣམས་དང་སྡིག་སྒྲིབ་ཉེས་ལྟུང་ནད་གདོན་སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། བཞི་པ་སྲེག་རྫས་དབུལ་ཏེ་ཡམ་ཤིང་རྩེ་མོ་སྟེང་དུ་བསྟན་ལ་གཡས་པས་མཐེབ་སྲིན་གྱིས་དབུལ་ནས། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བྷོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། སྔགས་བཟླ་གྲོགས་དུ་ཡོད་ཀྱི་གྲངས་དང་མཉམ་པའི་ཡམ་ཤིང་སོགས་སྲེག་རྫས་རྣམས་སྔགས་རེས་དབུལ་ནས་གྲངས་དེ་ལྟར་འཛིན་ཚར་གསུམ་མམ་བདུན་རེའི་མཐར། ༀ་བྷོ་དྷི་བྲྀཀྵ་ཡ༴རྗེས་སུ། བདག་ཅག་དཔོན་སློབ་རྣམས་ཀྱི་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ་གོང་ལྟར་སྔགས་ཐོག་མ་འདྲ་བར། ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་དགང་བླུགས་ཀྱིས་ཕུལ། གྲངས་སོགས་གོང་ལྟར་དང་སྤེལ་ཚིག་ཐོག་མཐའ་འདྲ་བར། འབྱོར་པ༴ཏིལ་ནག །ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། གུང་མཐེབ་ཀྱིས་དབུལ། འབྲུ་གཞན་དང་ཀུ་ཤ་དཱུརྦ་སོགས་ཀྱང་འདི་ལྟར་ཕུལ། སྡིག་སྒྲིབ་ཉེས་ལྟུང་བར་དུ༴ཡུངས་ཀར། ༀ་སརྦ་ཨརྠ་སིདྡྷི་ཡེ་སྭཱ་ཧཱ། གནོད་བྱེད་གདོན་བགེགས་བར་དུ༴ཟས་མཆོག །ༀསརྦ་སཾ་པ་དེ་སྭཱ་ཧཱ། བདེ་བ་ཕུན་


SPN002_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་ལ༴ཞོ་སྟེ། ༀ་སརྦ་སམྦ་དེ་སྭཱ་ཧཱ། ཤེས་རབ༴བླུགས་གཟར་གྱིས་ཕུལ། འབྲས་སོ་བ་སྟེ། ༀ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཁྱིམ་གྱི་དཔལ་འབྱོར་རྒྱས་པ་ལ༴སོ་བ་སྟེ། ༀ་བཛྲ་བཱི་ཛ་ཡ་སྭཱ་ཧཱ། ནོར་དང་འབྲུ་ལ་བར་དུ༴ནས་ཏེ། ༀ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ལུས་ཀྱི་ཤུགས་རྣམས་རྒྱས་པ་ལ་བར་དུ༴སྲན་མ་སྟེ། ༀ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ། ལུས་ཀྱི་སྟོབས་རྣམས་རྒྱས་པ་ལ༴གྲོ་སྟེ། ༀ་བཛྲ་གྷསྨ་རེ་སྭཱ་ཧཱུ། ལུས་ཀྱི་ནད་མེད་པ་ལ་བར་དུ༴དཱུརྦ་སྟེ། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་སྲོག་རིང་དུ་གནས་པ་ལ་བར་དུ༴ཀུ་ཤ་སྟེ། ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། མི་མཐུན་ཕྱོགས་རྣམས་སྲུང་བ་ལ་བར་དུ༴ཤིང་ཐོག་སྟེ། ༀ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ། བདག་ཅག་དཔོན་སློབ་རྣམས་ཀྱི་ཆོས་དང་རིགས་རྒྱུད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་སྡིག་པ་ཞི་བར་འདོད་ན་ཏིལ། ཚེ་རིང་བར་དཱུརྦ། བགེགས་ཞི་བར་ཡུངས་ཀར་སོགས་ཕུལ་བ་རིགས་པས་དཔྱད་དོ། །དེ་ནས་མཆོད་བསྟོད་ནི། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ། ནས། ཤབྡའི་བར་དང། ཚངས་དབང་འཇིག་རྟེན་སོགས་ཀྱིས་བསྟོད། ༀ་ཨགྣ་ཡེ་སྭཱ་ཧཱ། མར་ཁུ་དགང་བླུགས་གསུམ་ཕུལ། བཛྲ་ཀྲོ་དྷས་ཐབ་དང་ཡོ་བྱད་བསངས། མེ་ལྷ་འབར་བའི་རྣམ་པར་གྱུར། །དེ་ནས་འཇིག་རྟེན་


SPN002_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་ཆོ་ག་ནི། དང་པོ་ཐབ་ཀྱི་དབུས་སུ་བསྐྱེད་པ་ནི་གཞུང་ལྟར། དེ་ཡི་དབུས་སུ་པྃ་ལས་ནི། །སོགས་དང་། འཕགས་མ་སྒྲོལ་མ་སྐུ་མདོག་དཀར། །ཞེས་པའི་ཁྱད་པར་དེ་ནས་སྤྱན་འདྲེན་དབང་བསྐུར་རྒྱས་གདབ་པར་བྱས་ལ། བྱོན་ཟན་འབུལ་བ་ནི། དགང་བླུག་ཁ་ལ་ཧཱུྃ་ཡིག་གསལ། །བཅོམ་ལྡན་འདས་མའི་ལྗགས་ལ་ཡང། །ཏཱྃ་ཡིག་དག་གིས་མཚན་པ་ཡིས། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ས་པ་རི་ཝཱ་ར་ཧ་བྱ་ཀ་བྱ་བཱ་ཧ་ན་ཡ་ཨ་དི་བྱ། ལན་གསུམ་མམ་བདུན་གྱིས་མར་ཁུ་འབུལ་ཞིང་། བདག་ཅག་དཔོན་སློབ་རྣམས་ཀྱི་དམ་པའི་ཆོས་ཀྱི་བསམ་སྦྱོར་ལ་བར་དུ་གཅོད་པ་རྣམས་དང་། དུས་མ་ཡིན་པའི་འཆི་བ་འཇིགས་པ་བརྒྱད་དང་བཅུ་དྲུག་སརྦ་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད། དེ་ནས་གཉིས་པ་མཆོད་པ་བྱིན་རླབས་གཞུང་བཞིན་དང་། དྲི་མེད་མཆོད་ཡོན་དག་བྱེད་ཞབས་བསིལ་དང་། །རབ་ཏུ་སིམ་བྱེད་བསངས་གཏོར་འཐོར་འཐུང་བཟང་། །ཡིད་འོང་མེ་ཏོག་ཅེས་སོགས། ཨཉྩ་མཱ་ནཾ༴པྲོཀྵ་ནཾ་སྦྱར། འཇིག་རྟེན་འདི་ན་སོགས་ཀྱིས་མཆོད། ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བཀྲམ། །དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་


SPN002_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཚེ་འཕེལ་མ། །ལྷ་མོ་ཁྱོད་ལ་གསོལ་བ་ནི། །བདག་གི་ཚེ་ཡི་བར་ཆད་དང། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །འཕགས་མ་ཁྱོད་ལ་དད་བྱེད་པ། །དེ་ལ་རྟག་ཏུ་བུ་བཞིན་དགོངས། །བདག་ཀྱང་ཁྱོད་ལ་གསོལ་འདེབས་ཀྱིས། །ཐུགས་ཇེའི་ལྕགས་ཀྱུས་བཟུང་དུ་གསོལ། །ཞེས་པས་བསྟོད། དེ་ནས་གསུམ་པ་སྲེག་རྫས་འབུལ་བ་ནི། ཡི་གེ་བཅུ་པའི་མཐར། ༀ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། ཡམ་ཤིང་རེ་སྔགས་དང་བསྟུན་ནས་ཟླ་གྲོགས་དུ་ཡོད་ཀྱི་གྲངས་དང་བསྟུན་ནས་འབུལ་ཞིང་གྲངས་འཛིན་པ་སོགས་གོང་འཇིག་རྟེན་པའི་སྐབས་ལྟར་དང་། བཟླས་པའི་ཁ་སྐོང་གི་གྲངས་གསོག་པའང་འདི་བཞིན་དགོས། བྲྀཀྵཱ་ཡ། བདག་ཅག་དཔོན་སློབ་རྣམས་ཀྱི་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་སརྦ་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ཡིག་བཅུའི་མཐར། ༀ་ཨགྣ་ཡེ་སྭཱ་ཧཱ། དགང་བླུགས་ཀྱིས་ཕུལ། སྤེལ་ཚིག་ཐོག་མཐའ་འདྲ་བར། འབྱོར་པ། ཏིལ་ནག །ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། འབྲུའི་རིགས་ཐམས་ཅད་མཐེབ་སྲིན་གྱིས་ཕུལ། སྡིག་སྒྲིབ་ཉེས་ལྟུང་བར་དུ༴ཡུངས་ཀར། ༀ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། གནོད་བྱེད་གདོན་བགེགས་བར་དུ༴ཟས་མཆོག །ༀ་སརྦ་སམྤ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་


SPN002_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ༴ཞོ་སྟེ། ༀ་སརྦ་སམྤ་དེ་སྭཱ་ཧཱ། ཤེས་རབ་ཕུན་སུམ་ཚོགས་པ་ལ༴འབྲས་སོ་བ། ༀ་བཛྲ་པུཥྚ་ཡ་སྭཱ་ཧཱ། ཁྱིམ་གྱི་དཔལ་འབྱོར་རྒྱས་པ་ལ་བར་དུ༴སོ་བ་སྟེ། ༀ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། ནོར་དང་འབྲུ་ལ་བར་དུ༴ནས་ཏེ། ༀ་མ་ཧཱ་བཱེ་གཱ་ཡ་སྭཱ་ཧཱ། ལུས་ཀྱི་ཤུགས་རྒྱས་པ་ལ་བར་དུ༴སྲན་མ་སྟེ། ༀ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། ལུས་ཀྱི་སྟོབས་རྒྱས་པ་ལ་བར་དུ༴གྲོ་སྟེ། ༀ་བཛྲ་གྷསྨ་རེ་སྭཱ་ཧཱ། ལུས་ཀྱི་ནད་མེད་པ་ལ་བར་དུ༴དཱུརྦ་སྟེ། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་སྲོག་རིང་དུ་གནས་པ་ལ་བར་དུ༴ཀུ་ཤ་སྟེ། ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། མི་མཐུན་ཕྱོགས་རྣམས་སྲུང་བ་བར་དུ༴ཤིང་ཐོག་སྣ་ཚོགས་ཏེ། ༀ་བཛྲ་ཥི་བཱ་ཡ་སྭཱ་ཧཱ། ཆོས་དང་རིགས་རྒྱུད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་འབུལ་ཞིང་། སྲེག་རྗས་སྣོད་གཅིག་ཏུ་བསྡུས་ལ། སྙིང་པོའི་མཐར། སརྦ་པཱ་པཾ་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ། བཏགས་ལ་འབུལ་ཞིང་གྲངས་གསོག་པའང་བཞེད། ན་བཟའ། མེ་ཏོག །སྤོས་རྣམས་སྙིང་པོའི་མཐར་འབྲུ་གསུམ་གྱིས་དབུལ། སྤྲོ་ན་ལྷ་ཁྲུས་སྤྱི་འགྲོ་ལྟར་བྱ། བསྡུ་ན་མི་དགོས། དེ་ནས་གཞུང་ལྟར། དྲི་མེད་མཆོད་ཡོན་སོགས་ཆུ་བཞི་ཉེར་སྤྱོད་བཅས་དང་། འཇིག་རྟེན་འདི་ན་སོགས་ཀྱིས་མཆོད་པ་འབུལ་ནས། ལྷ་དང་ལྷ་མིན་གྱིས་བསྟོད། བཞི་པ་གཏོར་


SPN002_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

མ་འབུལ་བ་ནི་གཞུང་ལས་འབྱུང་བ་ལྟར། བཛྲ་ཀྲོ་དྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སོགས་ནས་དཀྱུས་ལྟར། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །བར། སྔར་གྱི་འདས་གཏོར་མར་གྱིས་བཅོས་པ་དེ་དགང་གཟར་ཁར་བཞག་ལ་འོད་དུ་ཞུར་བཅུག །ཕྲིན་ལས་བཅོལ། ལྔ་པ་འདོད་དོན་གསོལ་བ་ནི། ཡིག་བཅུའི་མཐར། མར་ཁུ་དགང་བླུགས་གསུམ་ཕུལ་ཏེ། ཐལ་མོ་སྦྱར་ལ། ལྷག་པའི་ལྷ་མཆོག་རྗེ་བཙུན་མ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །དམ་པའི་ཆོས་ལ་བར་གཅོད་པའི། །ཉེར་འཚེ་ནད་གདོན་སྡུག་བསྔལ་དང་། །དུས་མིན་འཆི་དང་འཇིགས་ཆེན་བརྒྱད། །མདོར་ན་མི་མཐུན་ཕྱོགས་ཐམས་ཅད། །ཞི་ཞིང་མེད་པར་མཛད་དུ་གསོལ། །ཞེས་གསོལ་བ་གདབ་བོ། །རང་ལྷ་ཡི་ཐུགས་ཀ་ནས་འོད་ཟེར་དཀར་པོ་སྲིད་པ་གསུམ་ཁྱབ་པར་འཕྲོས། བསྒྲུབ་བྱར་ཐིམ་པས་སྒོ་གསུམ་གྱི་དྲི་མ་དག །ནད་གདོན་སོགས་ཞི་ཞིང་བྱང་བར་དམིགས། དེ་ནས་དྲུག་པ་གཏང་རག་གི་མཆོད་བསྟོད་ནི། ༀ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ། ཨཉྩ་མ་ནཾ། པྲོཀྵ་ནཾ། པུཥྤེ་ནས། ཤབྡའི་བར་སྔགས་ཐོག་མཐའ་འདྲ་བར་བརྗོད། འཁོར་བ་ལས་སྒྲོལ་ཏཱ་


SPN002_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རེ་མ་སོགས་ཀྱིས་བསྟོད། ཡིག་བརྒྱ་བཟླས་ཤིང་ཆད་ལྷག་བསྐང་། མ་འབྱོར་པ་དང་སོགས་ཀྱིས་བཟོད་གསོལ་དང་། བདུན་པ་གཤེགས་གསོལ་སྐབས། །ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཨཉྩ་མ་ནཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ། པྲོཀྵ་ནཾ། ཞེས་བསངས་གཏོར་དང་འཐོར་འཐུང་ཕུལ། མཆོད་ཡོན་སྦྲེང་བཞིན་པས། ཡིག་བརྒྱ་བརྗོད། ༀ། ཁྱོད་ཀྱིས་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ། ༀ་ཨཱཿཧཱུྃ་གིས་སྙིང་གར་བསྡུ། དེ་ནས་རྗེས་ཆོག་ནི། ༀ་ཨགྣ་ཡེ་ཛྭ་ལ་རྃ། མར་ཁུ་དགང་བླུགས་གསུམ་མམ་བདུན་ཕུལ། སླར་ཡང་མེ་ལྷ་འཁོར་བཅས་རྣམས། །འབར་བའི་རྣམ་པས་བཞེངས་པར་གསལ། །སྲེག་རྫས་ལྷག་མ་རྣམས་གྲངས་མི་འཛིན་པ་སྔར་གྱི་འཇིག་རྟེན་པའི་སྐབས་ལྟར་ཕུལ། དང་པོ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བོདྷི་བྲྀཀྵ་ཡ་སྭཱ་ཧཱས་སྤེལ་ཚིག་དང་བཅས་ཤིང་ཐོག་ཕུལ་བའི་བར་སོ་སོར་བརྗོད་ལ། ན་བཟའ། མེ་ཏོག་སྤོས་རྣམས་ཀྱང་སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་ཕུལ། ཁྲུས་གསོལ་མ་གྲུབ་ཀྱང་འགལ་བ་མེད། མཆོད་བསྟོད་ནི། ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་བར་དང་། ཚངས་དབང་འཇིག་རྟེན་སོགས་ཀྱིས་བསྟོད། གཉིས་པ་འཇིག་རྟེན་པའི་གཏོར་མ། ཨ་ཀཱ་རོས་བྱིན་གྱིས་བརླབ།


SPN002_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ་ལ། གཏོར་མ་དགང་གཟར་ཁར་བཞག་ལ་ཞུར་བཅུག་ནས། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་བརྗོད་དེ་ཕྲིན་ལས་བཅོལ། གསུམ་པ་འདོད་དོན་གསོལ་བ་ནི། ཐལ་མོ་སྦྱར། དྲང་སྲོང་ཆེན་པོ་མེ་ཡི་ལྷ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །དམ་པའི་ཆོས་ལ་བར་གཅོད་པའི། །ཉེར་འཚེ་ནད་གདོན་སྡུག་བསྔལ་དང་། །དུས་མིན་འཆི་བ་ལ་སོགས་པ། །མདོར་ན་མི་མཐུན་ཕྱོགས་ཐམས་ཅད། །ཞི་ཞིང་མེད་པར་མཛད་དུ་གསོལ། །དེ་ནས་ཡིག་བརྒྱ་བརྗོད། མ་འབྱོར་པ་དང་སོགས་བཟོད་གསོལ་དང་། བཞི་པ་གཤེགས་གསོལ་ནི། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨཉྩ་མ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པྲོ་ཀྵ་ནཾ་སྦྱར་ལ་ཡིག་བརྒྱ་བརྗོད་བཞིན་པས་མཆོད་ཡོན་སྦྲེང་སྟེ། གཤེགས་གསོལ་གྱི་དྲིལ་སྟབས་བཅས། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱི་བསྒྲུབ་ཀྱིས་གཤེགས། །ཇི་ལྟར་གནས་སུ་སླར་གཤེགས་ཏེ། །བདག་གི་འདོད་པ་ཐམས་ཅད་སྒྲུབ། །ༀ་


SPN002_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཨགྣ་ཡེ་ས་པཱ་རི་ཝཱ་ར་བཛྲ་མུཿཡེ་ཤེས་མེ་ལྷ་ཤར་ལྷོར་གཤེགས། །དམ་ཚིག་པ་རྣམས་སྙིང་གར་ཐིམ། །དེ་ནས་བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ་དང་བཀྲ་ཤིས་སོགས་བརྗོད་པར་བྱའོ། །ཐབ་ཀྱི་མེ་མི་བསྒུལ་བར་བཞག་ལ། ཡང་ན་འོ་མ་དང་དྲི་བཟང་གི་ཆུས་མེ་མཐའ་ནས་ཞི་བར་བྱས་ལ། རྡོ་རྗེ་བསྡུ་བའི་རྒྱས་བསྡུས་ཏེ་ཐལ་བ་རི་མཐོན་པོའི་རྩེའམ། རྒྱ་མཚོར་འབབ་པའི་ཆུར་གདན་དྲངས་ན་བསོད་ནམས་ཆེའོ། །དེ་ལྟར་འཕགས་མ་སྒྲོལ་མའི་སྒོ་ནས་ཞི་བའི་སྦྱིན་སྲེག་གི་རིམ་པ་ཁྱེར་བདེར་བསྡུས་པ་འདི་བཞིན་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་པ་དབོན་སྤྲུལ་ཀརྨ་འཆི་མེད་ཀྱི་བཞེད་པ་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་ཟིན་ཐོར་བཀོད་པ་འགྲོ་རྣམས་འཆི་མེད་ཡེ་ཤེས་ཆེན་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སུ་ཛ་ཡནྟུ།། །།

འཕགས་མ་སྒྲོལ་མ་ཉེར་གཅིག་གི་ཆོ་ག་མེ་ཏོག་པད་དཀར་ཕྲེང་མཛེས།


SPN002_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་སྒྲོལ་མ་ཉེར་གཅིག་གི་ཆོ་ག་མེ་ཏོག་པད་དཀར་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།


SPN002_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་ཐུགས་རྗེའི་བདག་ཉིད་ཅན། །གསུང་གི་རྡོ་རྗེ་ཚེ་འོད་སྣང་བ་དཔག་ཏུ་མེད། །བརྩེ་ཆེན་དམ་བཅས་འགྲོ་སྒྲོལ་གཉེན་གཅིག་འཇིག་རྟེན་མགོན། །འཕགས་མཆོག་སྙིང་རྗེས་འགྲོ་ལ་སྤྱན་རས་གཟིགས་པ་ཡི། །བྱམས་པའི་རྣམ་རོལ་རང་གཟུགས་སྤྲུལ་པའི་ཚུལ་སྣང་བ། །དུས་གསུམ་རྒྱལ་ཀུན་སྐྱེད་ཡུམ་ཡིད་བཞིན་འཁོར་ལོ་དཀར། །སྒྱུ་འཕྲུལ་ཅིར་ཡང་འཆར་བའི་འཕགས་མ་ཉེར་གཅིག་ལ། །གསོལ་འདེབས་སྨིན་གྲོལ་དངོས་སྩོལ་བདག་རྒྱུད་བྱིན་གྱིས་རློབས། །ལོ་ཀི་ཤྭ་རས་མངོན་དུ་བྱིན་རླབས་གྲུབ་པའི་དབང་ཐོབ་པ། །མི་ཏྲ་ཛོ་ཀི་ཐུབ་བསྟན་གསལ་བའི་ཉི་མ་ཆེ། །


SPN002_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་མུན་སེལ་མགོན་ཁྱོད་བླ་མེད་སྙིང་པོའི་བར། །གསོལ་འདེབས་སྨིན་གྲོལ་དངོས་སྩོལ་བདག་རྒྱུད་བྱིན་གྱིས་རློབས། །པནྜི་ཏ་པ་དོན་ཡོད་རྡོ་རྗེ་འོད་སྲུང་མགོན། །མཆོག་གཟིགས་ཇོ་སྲས་མཉམ་མེད་བྱམས་པ་སེངྒེའི་མཚན། །ཀུན་སྤངས་རིན་ཆེན་ཤེས་རབ་གཡུང་སྟོན་བཛྲ་ཤྲཱི། །གསོལ་འདེབས་སྨིན་གྲོལ་དངོས་སྩོལ་བདག་རྒྱུད་བྱིན་གྱིས་རློབས། །མཁན་པོ་གྲགས་ཚུལ་མཁས་ཤིང་གྲུབ་པ་ཆོས་དར་བ། །སངས་རྒྱས་དཔལ་བ་ཀིཪྟི་ཤྲཱི་བྷ་དྲ་དང་། །སློབ་དཔོན་རིན་ཆེན་ཀུན་དགའ་རབ་འབྱམས་ཆོས་རྗེ་ལ། །གསོལ་འདེབས་སྨིན་གྲོལ་དངོས་སྩོལ་བདག་རྒྱུད་བྱིན་གྱིས་རློབས། །རྗེ་བཙུན་གཙུག་ལག་ཕྲེང་བ་


SPN002_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་ཡན་ལག་ཞབས། །ཡོངས་འཛིན་རྣམ་རྒྱལ་དཔལ་བཟང་ངག་གི་དབང་པོ་མཆོག །ངག་དབང་བཀྲ་ཤིས་དཔལ་གྲུབ་རྣམ་རྒྱལ་ལེགས་གྲུབ་ལ། །གསོལ་འདེབས་སྨིན་གྲོལ་དངོས་སྩོལ་བདག་རྒྱུད་བྱིན་གྱིས་རློབས། །དོན་གཟིགས་ཕྲིན་ལས་ཤེས་རབ་ཡེ་ཤེས་རྡོ་རྗེ་ཅན། །ཟབ་གཏེར་མངའ་བདག་གྲུབ་དབང་ལཱ་ལི་ཏ་བཛྲ། །འཇམ་མགོན་རིག་འཛིན་གསུང་རབ་རྒྱ་མཚོ་གང་དེ་ལ། །གསོལ་འདེབས་སྨིན་གྲོལ་དངོས་སྩོལ་བདག་རྒྱུད་བྱིན་གྱིས་རློབས། །ཤེས་བྱ་ཀུན་མཁྱེན་གནས་ཐོབ་དྷརྨ་ཀ་ར་དང་། །བདེ་ཆེན་འཁོར་ལོའི་མགོན་པོ་བདུད་འདུལ་རྡོ་རྗེ་འཆང་། །བཀའ་དྲིན་མཉམ་མེད་རྩ་བརྒྱུད་བླ་མ་མཆོག་རྣམས་ལ། །གསོལ་འདེབས་སྨིན་གྲོལ་དངོས་སྩོལ་བདག་རྒྱུད་བྱིན་གྱིས་རློབས། །རྟོག་ཚོགས་ལྷ་ཡི་དཀྱིལ་འཁོར་ཡེ་ཤེས་རོལ་པར་འཆར། །རིག་རྩལ་འཆི་མེད་རྟག་པ་རྡོ་རྗེའི་གདེང་ཐོབ་ནས། །ཟུང་འཇུག་སྐུ་བཞིའི་བདག་ཉིད་མངོན་གྱུར་འགྲོ་བ་རྣམས། །སྒྲོལ་བའི་ཡང་དག་རྫོགས་སངས་གོ་འཕང་མཆོག་བརྙེས་ཤོག །ཅེས་པའང་འཕགས་མའི་དཀྱིལ་ཆོག་གི་བརྒྱུད་པའི་གསོལ་འདེབས་ཐུགས་དམ་བརྒྱ་རྩ་ལྟར་སྨིན་བྱེད་ལམ་གྱི་བརྒྱུད་པ་བཀོད་ཅིང་། གཞན་དུ་རྗེ་དགུ་པ་བཛྲེ་ཤྭ་ར་ནས་བརྒྱུད་པ་དང་། ཇོ་ནང་རྗེ་བཙུན་སོགས་ནས་བརྒྱུད་པ་སྟེ། བརྒྱུད་པ་གསུམ་ལྡན་བྱིན་རླབས་ཀྱི་ཚན་ཁ་རྨད་དུ་གྱུར་པའང་ཤེས་བར་བྱའོག །ན་མོ་གུ་རུ་ཨཱཪྱ་ཏཱ་རེ་བྷྱཿསྲིད་


SPN002_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཞིའི་ཟུར་ཕུད་གསེར་གྱི་པདྨོས་མངོན་པར་འདུད་པ་ཡི། །གང་ཞིག་འཁོར་བའི་འཆིང་བ་ཀུན་སྒྲོལ་བཅོམ་ལྡན་འཕགས་མ་ཡུམ། །ཁྱོད་ཀྱི་ཞབས་པད་རི་བོང་འཛིན་པ་བདུད་རྩིའི་འོད་དཀར་ཅན། །ཇི་སྲིད་སྙིང་པོའི་བར་དུ་བདེ་ཆེན་འཁོར་ལོར་རྟག་ཏུ་རོལ། །འཁོར་བའི་ཆུ་བོ་ཆུ་བཞིས་ཉེན་པ་རྣམས། །དྲན་པ་ཙམ་གྱིས་མི་འཇིགས་སྦྱིན་བའི་གཏེར། །ཡིད་ལ་འདོད་འཇོའི་དཔལ་སྩོལ་ལྷག་པའི་ལྷའི། །རྨད་བྱུང་ཕྲིན་ལས་སྣང་བ་སྤེལ་བར་བྱ། །འདིར་རྗེ་བཙུན་མ་ཉེར་གཅིག་གི་སྒྲུབ་ཐབས་གྲུབ་ཆེན་ཉི་མ་སྦས་པའི་ལུགས་ཀྱི་མངོན་པར་རྟོགས་པ་ལས་བརྩམས་ཏེ་ཁྱེར་བདེར་བཀོད་པར་བྱ་སྟེ། དེ་ཡང་སློབ་དཔོན་ངག་དབང་གྲགས་པའི་ཀུན་བཏུས་ལས། དབེན་པའི་གནས་སུ་རས་བྲིས་སོགས། །མདུན་དུ་མཆོད་པ་བྱས་ནས་ནི། །སྔགས་རྣམས་བཟླས་པ་ཙམ་གྱིས་ཀྱང་། །འཆི་བ་བསླུ་ུབ་འབྱུང་བར་འགྱུར། །ཞེས་གསུངས་ཤིང་། དེ་ཡང་སྤྱིར་ཆོ་ག་འདི་ལ་བདག་མདུན་བུམ་པ་དབང་རྗེས་བཅས་རིམ་ལྔ་དང་། དེ་དག་རེ་རེ་ལ་ཡང་བྱེ་བྲག་ནང་གསེས་སུ་དབྱེ་བས་དོན་ཚན་སོ་སོར་བཀོད་པ་ལས་བདག་བསྐྱེད་ཀྱི་སྐབས་འདིར་སྤྱི་དོན་ལྔས་བསྡུས་ཏེ་བསྟན། བྱེ་བྲག་ཏུ་ཡན་ལག་གི་རྣམ་གྲངས་སོ་སོར་ཕྱེ་ནས་བཀོད་པ་ལས། དང་པོ། སློབ་དཔོན་མཚན་ཉིད་དང་ལྡན་པའི་དྲུང་ནས་འདི་ཉིད་ཀྱི་སྨིན་བྱེད་རྒྱུད་ལ་འཇུག་པའི་རྣལ་འབྱོར་པས་བསྒྲུབ་པར་བྱ་སྟེ། བྱང་ཆུབ་ཚེ་དང་དངོས་གྲུབ་གཞན། །མ་སྨིན་པ་ལས་འབྱུང་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དུས་ནི་རབ་བཞིའམ། རྟག་པར་ཡང་རུང་སྟེ། དཀར་


SPN002_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་སྔ་ཆར་དགེ་བའི་དུས་ལ་བརྩམས་ཏེ། དེ་ཡང་ཐོག་མར་བཀྲ་ཤིས་ཤིང་བྱིན་ཆགས་པའི་གནས་སུ་གཙང་སྦྲ་དང་ལྡན་པས་བྱི་དོར་ལེགས་པར་བྱས་ལ། གསུམ་པ་ཚོགས་གཉིས་རྫོགས་པའི་རྟེན་འབྱུང་མཆོད་རྫས་ཡོ་བྱད་ཀྱི་རྣམ་པ་དུ་མས་ཕྱོགས་ཀུན་ཏུ་བརྒྱན་པའི་དབུས་སུ་རྟེན་བྱིན་རླབས་ཅན་བཀྲམ་པ་དང་། ཁྱད་པར་འཕགས་མ་ཉེར་གཅིག་གི་སྐུ་བརྙན་ནམ་བྲིས་སྐུ་ཡང་བཤམས། སྟེགས་ཀྱི་ཁར་རྡུལ་ཚོན་རྡོར་མེའི་རྭ་དཀྱིལ་དང་པདྨ་འདབ་མ་རིམ་པ་གསུམ་ལྡན་དབུས་དང་བཅས་པ་ལ་གཙོ་འཁོར་སོ་སོའི་རང་མདོག་གི་ལྷ་མཚན་བཀོད་པའམ། རས་བྲིས་སམ་ཡང་ན་མཎྜལ་གྱི་དབུས་སུ་འབྲུ་དཀར་ཚོམ་བུ་དྲི་བཟང་གིས་སྦགས་པ་རྩ་སྔགས་བཟླས་བཞིན་པར་སོ་སོར་བཀོད། དེའི་སྟེང་མཉྫིའི་ཁར་རྣམ་རྒྱལ་བུམ་པ་མཚན་ཉིད་དང་ལྡན་པ་དར་དང་མེ་ཏོག་རིན་པོ་ཆེས་ཁ་བརྒྱན་པ། ཁ་རྒྱན་དུང་ཆོས་གཟུངས་རྡོར་དང་བཅས་པ་ཡང་བཤམས། དལ་འབབ་རྒྱུན་གྱིས་སུམ་གཉིས་བཀང་ཞིང་ཉེར་ལྔའི་རྫས་དང་དྲི་བཟང་ཡང་བཏབ། ལས་ཀྱི་བུམ་པ་དཀྱིལ་འཁོར་བྱང་ཤར་དུ་བཤམས། ལྷོར་ཅོད་པན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། བྱང་ཤར་དུ་མིང་དབང་གི་རྡོར་དྲིལ་སོགས་ཀྱང་བཤམས་ནས་ཕྱོགས་མཚམས་སུ་ཉེར་སྤྱོད་ལ་སོགས་པ་མཆོད་པའི་བྱེ་བྲག་རྣམས་དང་། རིན་པོ་ཆེའི་སྣོད་དུ་ཟླུམ་གཏོར་དཀར་གསུམ་གྱིས་སྦྲུས་པ་ལྔ་ཚོམ་མཐར་མར་གྱི་རིལ་བུས་ཕྱུར་བུར་འགེངས་པ་དང་། གཞན་ཡང་བསངས་ཆུ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་འདུ་བར་བགྱིད་ལ། ནུབ་མ་ཡིན་པར་ལྷོ་ཡི་ཕྱོགས་པོ་ཊ་ལ་ལྟ་བུར་གདོང་ཕྱོགས་ལ་བསམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཁྲུས་དང་གཙང་སྦྲ་བཅས་ཏེ། བདེ་བར་འདུག་ལ། དང་པོ། རང་ཉིད་སྐད་ཅིག་གིས་པད་


SPN002_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དང་ཟླ་བའི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་མ་རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར། གཉིས་པ་སྔོན་དུ་འགྲོ་བའི་གཏོར་མ། ༀ་བཛྲ་ཀྲོ་དྷ་ཧྱ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཀྱིས་བསངས། ༀ་སྭ་བྷཱ་ཝས་སྤྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁྃ་འོད་དུ་ཞུ་བ་ལས་གཏོར་མ་འདོད་པའི་ལོངས་སྤྱོད་མི་ཟད་པ་ཅིར་ཡང་འཆར་བ་ནམ་མཁའ་མཛོད་ཀྱི་རང་བཞིན་བསམ་གྱིས་མི་ཁྱབ་པར་གྱུར། ༀ་ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་རླབས་སྤེལ། ༀ་ད་ཤ་དིག་ལོ་ཀ་པ་ལ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ཱར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་སོགས། ལན་གསུམ་བརྗོད། ༀ་ད་ཤ་དིག་ལོ་ཀ་པ་ལ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པུཥྤེ། དྷཱུཔེ། ཨཱ་ལོ་ཀེ། གནྡྷེ། ནེཝི་དྱ། ཤབྡའི་བར་བརྗོད། རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་འདིར། །སྒྲུབ་ལ་མངོན་པར་སྐྱོང་བ་ཡི། །འཇིག་རྟེན་ལྷ་ཀླུ་གནོད་སྦྱིན་དང་། །གནས་དང་གཞི་ཡི་བདག་པོ་སོགས། །མཐུ་ཆེན་འབྱུང་པོ་མ་ལུས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །གང་དག་བྱང་ཆུབ་བསྒྲུབ་པ་ཡི། །རྣལ་འབྱོར་ནད་གདོན་བར་ཆད་ཞི། །ཚེ་བསོད་ཡེ་ཤེས་དཔལ་འབྱོར་རྒྱས། །ཕྱི་ནང་སྣང་སྲིད་དབང་སྡུད་ཅིང་། །དགྲ་བགེགས་གནོད་བྱེད་རྡུལ་དུ་རློག །འཇིག་རྟེན་བདེ་ཞིང་འབྲུ་ནོར་འཕེལ། །ཆོས་བཞིན་བསམ་དོན་འགྲུབ་པ་དང་། །


SPN002_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་རྒྱ་ཆེན་བསྒྲུབ་ཏུ་གསོལ། །གནས་འདིར་ལྟ་བར་མི་དབང་བའི། །ནག་པོའི་ཕྱོགས་གྱུར་ལོག་འདྲེན་རྣམས། །འདི་རུ་མ་འདུག་དེངས་པར་གྱིས། །གལ་ཏེ་བཀའ་འདས་ཐོ་འཚམ་ན། །ཁྲོ་བོའི་རྡོ་རྗེ་མེ་ཆར་གྱིས། །བགེགས་ཚོགས་བརླག་གྱུར་གདོན་མི་ཟ། །ༀ་བཛྲ་ཀྲོ་དྷ་ཧྱ་གྲྀ་ཝ་ༀ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད། གསུམ་པ་སྲུང་འཁོར་ནི། ཐུགས་ཀའི་ཏཱྃ་ཡིག་གི་འོད་ཟེར་ལས་གྲུབ་བའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་རང་བཞིན་འོད་ཟེར་ཁ་དོག་དྲུག་པ་དང་། ནང་དུ་མེ་རི་དཀར་པོའི་གུར་ཁང་ཟླུམ་པོར་འཁྱིལ་བ་ཡངས་ཤིང་རྒྱ་ཆེ་བ་ཕྱི་ནང་བར་མཚམས་ཐམས་ཅད་ཨུཏྤལ་སྔོན་པོ་ཁ་བྱེ་མ་ཐག་གིས་གང་བ་རབ་ཏུ་སྲ་ཞིང་བརྟན་པ་གཞོམ་གཞིག་དང་བྲལ་བའི་སྲུང་བའི་འཁོར་ལོས་གཏམས་པར་གྱུར། ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་སྲུང་འཁོར་བསྒོམས་ལ། དེ་ནས་དང་པོ་མཆོད་པ་བྱིན་གྱིས་བརླབ་པ་ནི། ༀ་བཛྲ་ཀྲོ་དྷ་སོགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་ཧཱུྃ་ཡིག་དཔག་ཏུ་མེད་པ་ཞུ་བ་ལས་བྱུང་བའི་རྡོ་རྗེའི་མཆོད་ཡོན། ཞབས་བསིལ། མེ་ཏོགབདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། གཞན་ཡང་རྡོ་རྗེའི་མཆོད་པའི་སྤྲིན་རབ་འབྱམས་ནམ་མཁའི་ཁམས་གང་བ་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་ཅན་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་


SPN002_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་ཀྱང་ཆེས་ཆེར་ལྷག་པ་རྒྱུན་མི་ཆད་པ་སྤྲོ་བར་གྱུར། ཅེས་བརྗོད་ནས་ཐལ་མོ་ཁོང་སྟོང་ནམ་མཁའ་མཛོད་ཀྱི་རྒྱས། ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོ། ལན་གསུམ་བརྗོད། ༀ་བཛྲ་སྥ་ར་ཎ་ཁཾ། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པཱ་ཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྡ་ཨཱཿཧཱུྃ་སྭཱ་ཧཱ། སོ་སོའི་ཕྱག་རྒྱ་དང་བཅས་ཏེ་བརྗོད་ལ། གཉིས་པ་སྐྱབས་སུ་འགྲོ་བ་ནི། ན་མོ། བདག་དང་འགྲོ་བ་མཁའ་ཁྱབ་སེམས་ཅན་རྣམས། །ཕྱོགས་བཅུ་དུས་གསུམ་བདེ་གཤེགས་མ་ལུས་པའི། །གསང་གསུམ་ངོ་བོ་བཅོམ་ལྡན་འཕགས་མ་ཡུམ། །ཁྱོད་ཞབས་པདྨོར་སྒོ་གསུམ་སྐྱབས་སུ་མཆི། །ཆགས་བྲལ་དམ་པའི་ཆོས་མཆོག་ཕ་རོལ་ཕྱིན། །བརྒྱད་ཁྲི་སྟོང་ཕྲག་བཞི་ཡི་བདེན་བའི་དོན། །གསུང་གི་རོལ་པ་རྗེ་བཙུན་སྒྲོལ་མ་ཡུམ། །ཁྱོད་ཞབས་པདྨོར་དང་བས་སྐྱབས་སུ་མཆི། །ཚོགས་ཀྱི་དམ་པ་བྱང་ཆུབ་ངེས་དོན་གཞི། །ལུང་རྟོགས་ཟབ་མོའི་གནས་ལ་མཐའ་བྲལ་བ། །དགེ་འདུན་བདག་ཉིད་འཇིག་རྟེན་མགོན་གྱུར་མ། །ཁྱོད་ཞབས་པདྨོར་གུས་པས་སྐྱབས་སུ་མཆི། །དཔལ་ལྡན་རིགས་ཀུན་བདག་པོ་རྡོ་རྗེ་ཅན། །བྱིན་རླབས་རྩ་བ་བརྒྱུད་པའི་བླ་མ་དང་། །དངོས་གྲུབ་འབྱུང་གནས་ཡི་དམ་རྒྱུད་སྡེ་བཞི། །དཔའ་པོ་མཁའ་འགྲོ་ཡེ་ཤེས་ལྷ་རབ་འབྱམས། །ཕྲིན་ལས་ཆོས་སྐྱོང་རྒྱ་མཚོ་འདུས་པ་ཡི། །


SPN002_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་གསུམ་དངོས་ལྷག་པའི་ལྷར་གྱུར་མ། །ཁྱོད་ཞབས་པདྨོར་བླ་མེད་སྙིང་པོའི་བར། །མི་ཕྱེད་དད་པས་རྟག་པར་སྐྱབས་མཆིའོ། །ལན་གསུམ་བརྗོད། གསུམ་པ་སེམས་བསྐྱེད་པ་ནི། ཉོན་མོངས་མུན་པར་བྱིངས་བའི་འགྲོ་བ་རྣམས། །བསྒྲལ་ཕྱིར་ལྷག་བསམ་མཁའ་ལྟར་དྭངས་བ་ལ། །རྣམ་པར་གྲོལ་བའི་བདུད་རྩིའི་འོད་དཀར་གྱིས། །རྫོགས་པའི་སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ། །ལན་གསུམ། ༀ་བོདྷི་ཙིཏྟ་ཨུ་པ་ད་ཡ་ཨ་ཧཾ། དང་པོ་ཚོགས་ཞིང་ནི། རང་ཉིད་བཅོམ་ལྡན་འདས་འཕགས་མ་སྒྲོལ་མར་གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་བའི་ཏཱྃ་ཡིག་དཀར་པོ་ལས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་སྣང་བར་བྱས་ཏེ། རང་བཞིན་གྱི་གནས་དང་པོ་ཊ་ལ་ཡི་ཞིང་ཁམས་ནས་བླ་མ་འོད་དཔག་མེད་རིགས་ཀྱི་བདག་པོར་གྱུར་པའི་རྗེ་བཙུན་འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་སྲས་དང་སློབ་མར་བཅས་པས་བསྐོར་བ་མདུན་གྱི་ནམ་མཁའ་བཛྲ་ས་མཱ་ཛཿༀ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུཔེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤབྡ། སོགས་ཀྱིས་མཆོད་ལ། གཉིས་པ་ཡན་ལག་བདུན་པ་འབུལ་བ་ནི། ཐལ་མོ་སྙིང་ཁར་སྦྱར་ལ། རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱི། །རྒྱན་འཁོར་ལྔ་ཡི་བདག་ཉིད་ཅན། །བཅོམ་ལྡན་འཕགས་མའི་ལྷ་ཚོགས་ལ། །བདག་སོགས་འགྲོ་ཀུན་ཕྱག་


SPN002_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་འདུད། །བདེ་བ་ཆེན་པོ་ཟག་མེད་ཀྱི། །ལོངས་སྤྱོད་འདོད་དགུའི་སྤྲིན་བཟང་པོ། །བློ་ཡིས་བླངས་ཏེ་དངོས་འབྱོར་དང་། །ཡིད་སྤྲུལ་དག་པའི་མཆོད་པ་འབུལ། །ཐོག་མེད་དུས་ནས་ད་ལྟའི་བར། །དུག་གསུམ་ཉོན་མོངས་དབང་གྱུར་པས། །སྡིག་པ་བགྱིས་དང་བགྱིད་སྩལ་རྣམས། །ཐམས་ཅད་མཐོལ་ཞིང་བཤགས་པར་བགྱི། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། །འཕགས་པ་ཉན་རང་སློབ་མར་བཅས། །གཞན་ཕན་རྨད་བྱུང་དགེ་བའི་སྟོབས། །དམ་པའི་རྗེས་སུ་ཡི་རང་ངོ་། །སེམས་ཅན་མ་བརྒལ་བསྒྲལ་བ་དང་། །མ་གྲོལ་གྲོལ་དང་དབུགས་དབྱུང་བ། །ཡང་དག་ལམ་ལ་དཀྲི་བའི་ཕྱིར། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །རབ་འབྱམས་ཞིང་གི་སྟོན་པ་རྣམས། །དོན་དམ་འགྱུར་བ་མི་མངའ་ཡང་། །འཕོ་མེད་རྟག་པ་རྡོ་རྗེའི་སྐུ། །ལྷུན་གྱིས་གྲུབ་པར་བཞུགས་གསོལ་འདེབས། །དུས་གསུམ་དགེ་བའི་ཆུ་རྒྱུན་གྱིས། །འགྲོ་དྲུག་དུཿཁའི་སྒྲིབ་དག་ནས། །སྐུ་བཞིའི་རྒྱ་མཚོར་འཇུག་པ་ཡི། །མྱང་འདས་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་ཡན་ལག་བདུན་པ་ཕུལ་ནས། ༀ་ཨཱཿཧཱུྃ་གིས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་མོས། གསུམ་པ་ཚད་མེད་བཞི་སྒོམ་པ་ནི། སེམས་ཅན་བདེ་དང་བདེ་རྒྱུར་ལྡན་པར་ཤོག །སྡུག་བསྔལ་ཀུན་འབྱུང་རྒྱུ་དང་བཅས་པ་བྲལ་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བས་འབྲལ་མེད་འཚོ་བ་


SPN002_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཉེ་རིང་བྲལ་བའི་བཏང་སྙོམས་ཚད་མེད་གནས་གྱུར་ཅིག །ཅེས་ལན་གསུམ་བརྗོད་ནས། རྣམ་པར་རྟོག་པ་མཐའ་དག་སྤངས་ཏེ་རྩེ་གཅིག་བའི་རྒྱུན་ལ་མཉམ་པར་བཞག་ནས། ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་དག་པའི་སྔགས་འདིའི་བྱིན་གྱིས་བརླབ་བོ། །ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་བྷཱ་ཝ་ཤུ་དྡྷོ྅ཧཾ། ཆོས་ཐམས་ཅད་བདག་མེད་པའི་སྟོང་པ་ཉིད་དུ་བལྟས་ནས་དང་པོ། ༀ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་རྭ་གུར་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་བྷཱུྃ་ལས་དྭངས་བསིལ་ནོར་བུ་ཆུ་ཤེལ་དཀར་པོའི་གཞལ་ཡས་ཁང་དེ་ཡི་དབུས་སུ་པྃ་ལས་པདྨ་དཀར་པོ་སྡོང་བུ་ཡལ་ག་གེ་སར་མཆོག་ཏུ་རྒྱས་པ་འདབ་མ་རིམ་པ་གསུམ་དང་ལྡན་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་རྙོགས་པ་མེད་པ་ཉ་གང་བའི་གདན་གྱི་སྟེང་དུ་སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོས་སྤྲུལ་པའི་ཏཱྃ་ཡིག་དཀར་པོ་གནས་པ་དེ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དུས་མ་ཡིན་པར་འཆི་བ་ལ་སོགས་པའི་འཇིགས་པ་རྣམས་བསལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པས་མཉེས་པར་བྱས། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ཚེ་དཔལ་བསོད་ནམས་ཡེ་ཤེས་མཐའ་དག་འཕེལ་བར་བྱེད་པའི་བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་སྐུ་མདོག་དཀར་མོ་སྟོན་ཀའི་ཟླ་བ་ཆུ་ཤེལ་


SPN002_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དྭངས་ཤིང་འཚེར་བ། བལྟ་བས་མི་ངོམས་པར་རབ་ཏུ་མཛེས་བའི་སྤྱན་དཀྱུས་རིང་ཞིང་ཞི་བ་ཆེན་པོའི་འཛུམ་པའི་མདངས་ཅན་ཞལ་གཅིག་ཕྱག་གཉིས། དབུ་ུལ་སྤྱན་གསུམ་དང་ཕྱག་ཞབས་བཞི་ཡི་མཐིལ་དུ་ཡང་སྤྱན་རེ་རེ་སྟེ། ཡེ་ཤེས་ཀྱི་སྤྱན་བདུན་དང་ལྡན་པ། དབུ་སྐྲ་མཐོན་མཐིང་ལྟག་པར་བཅིངས་པའི་ལྷག་མ་གཡས་གཡོན་དུ་འཕྱང་བ། བརྒྱད་གཉིས་ལོན་པའི་ལང་ཚོས་སྒེག་ཅིང་ཆགས་པའི་ཉམས་ཅན་ནུ་འབུར་ཟུང་གིས་མཛེས་པ། ཡོངས་འདུའི་མེ་ཏོག་གི་སྙེ་མ་དང་། ལྷའི་གསེར་གྱི་ཅོད་པན་ཡིད་བཞིན་གྱི་ནོར་བུས་སྤྲས་པའི་དབུ་རྒྱན་དང་མུ་ཏིག་དཀར་པོ་ལ་སོགས་པ་རིན་པོ་ཆེའི་རྣམ་པ་དུ་མའི་སྙན་ཆ། མགུལ་ཆུ། དོ་ཤལ། སེ་མོ་དོ། དཔུང་རྒྱན། ཕྱག་ཞབས་ཀྱི་གདུ་བུ། སྐ་རགས་གཡེར་ཁའི་ཕྲེང་བ་དང་བཅས་པ་རྒྱན་ཐམས་ཅད་ཀྱིས་མཛེས་པ། ཕྱག་གཡས་མཆོག་སྦྱིན་གྱིས་འདོད་དགུ་སྟེར་བའི་ཕྱག་རྒྱ་དང་། གཡོན་པས་མཐེབ་སྲིན་སྦྱར་བས་ཨུཏྤལ་དཀར་པོ་འདབ་མ་མཆོག་ཏུ་ཡངས་པའི་སྡོང་བུ་ཐུགས་ཀར་འཛིན་པ། དེ་ཡང་རྩེ་མོ་གསུམ་དུ་གྱེས་བའི་དབུས་ཀྱི་མེ་ཏོག་འདབ་བརྒྱ་སྙན་དྲུང་དུ་རྒྱས་པ། གཡས་ཀྱི་རྩེ་མོར་འབྲས་བུ་དང་། གཡོན་གྱི་རྩེ་མོར་ཁ་མ་བྱེ་བ་བུམ་པར་ཡོད་པ། ལྷ་རྫས་ཀྱི་དར་དཀར་པོའི་སྟོད་གཡོགས་དང་། དབང་པོའི་གཞུ་ལྟ་བུའི་དར་གྱི་སྨད་གཡོགས་རྣམ་


SPN002_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཀྲ་བ། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་། ཟླ་བའི་རྒྱབ་ཡོལ་ཅན། དྲི་མ་མེད་པའི་འོད་དང་འོད་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོ་བ། དེ་ཡི་ཕྱི་རིམ་ལ་པདྨ་འདབ་མ་བཞི་དང་། དེའི་ཕྱིར་པདྨ་འདབ་མ་བདུན་དང་། དེའི་ཡང་ཕྱི་རིམ་ལ་པདྨ་འདབ་མ་བཅུ་རྣམས་ཀྱི་སྟེང་དུ་མདུན་ནས་གཡས་བསྐོར་དུ་རིམ་པ་བཞིན་པད་ཉི་ཟླ་བའི་གདན་སོགས་རེ་རེ་ལ་རང་རང་གི་ས་བོན་ལས་སྐྱེས་བའི་ལྷ་མོ་རྣམས་སུ་གྱུར་པ་ནི། ༀ་ལས་སྒྲོལ་མ་རབ་ཏུ་དཔའ་མོ་སྐུ་མདོག་དམར་མོ་མེ་དཔུང་འཕྲོ་བ། ཞལ་གཅིག་ཕྱག་བརྒྱད་ཀྱི་དང་པོ་གཉིས་སྤྱི་བོར་བསྣོལ་བའི་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཉིས་པ་གཉིས་མདའ་དང་གཞུ། གསུམ་པ་གཉིས་འཁོར་ལོ་དང་དུང་། བཞི་པ་གཉིས་རལ་གྲི་དང་ཞགས་པ་བསྣམས་པ་ཞི་བའི་ཉམས་ཅན་ཆོས་འབྱུང་ལ་གནས་པ། ཏཱྃ་ཡིག་ལས་དཀར་མོ་ཟླ་མདངས་ཀྱི་སྒྲོལ་མ་དཀར་མོ་དཀར་སྔོ་སེར་བའི་ཞལ་གསུམ་ཕྱག་བཅུ་གཉིས་ཀྱི་དང་པོ་གཉིས་མཉམ་གཞགགཡས་ལྷག་མས་ཁ་ཊྭཱཾ་ག །འཁོར་ལོ། ནོར་བུ། རྡོ་རྗེ། མེ་ཏོག་གི་ཕྲེང་བ་འཛིན་པ། གཡོན་རྣམས་ཀྱི་སྤྱི་བླུགས། ཨུཏྤལ། དྲིལ་བུ། བུམ་པ། པོ་ཏི་འཛིན་པ། རེ་ཡིག་ལས་གསེར་མདོག་ཅན་གྱི་སྒྲོལ་མ་སེར་མོ་ཞལ་གཅིག་ཕྱག་བཅུ་མ་གཡས་རྣམས་ཀྱི་ཕྲེང་བ་རལ་གྲི། མདའ། རྡོ་རྗེ། དབྱུག་གུ། གཡོན་རྣམས་ཀྱིས་དར་དཔྱངས།


SPN002_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་པ། པདྨ། དྲིལ་བུ། གཞུ་བསྣམས་པ། ཏྱཱཏ་ཡིག་ལས་གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲོལ་མ་སེར་མོ་ཞལ་གཅིག་ཕྱག་བཞི། གཡས་མཆོག་སྦྱིན་དང་ཕྲེང་བ། གཡོན་སྤྱི་བླུགས་དང་དབྱུག་པ་འཛིན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །དེ་ཡི་ཕྱི་རིམ་དུ་ཏཱ་ཡིག་ལས་ཧཱུྃ་སྒྲ་སྒྲོགས་པའི་སྒྲོལ་མ་སེར་མོ་ཞལ་གཅིག་ཕྱག་གཉིས་གཡས་སྐྱབས་སྦྱིན། གཡོན་པདྨ་སེར་པོ་བསྣམས་པ། རེ་ཡིག་ལས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྒྲོལ་མ་དམར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་དང་པོས་རྡོ་རྗེ། གཉིས་པས་རལ་གྲི། གཡོན་དང་པོས་སྡིགས་མཛུབ། གཉིས་པས་ཞགས་པ་བསྣམས་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཏུ་ཡིག་ལས་རྒོལ་བ་འཇོམས་པའི་སྒྲོལ་མ་སྐུ་མདོག་ནག་མོ་ན་བཟའ་སེར་པོ་མནབས་པ། དྲག་མོ་དབུ་སྐྲ་གྱེན་དུ་བརྫེས་པ་ཞལ་གཅིག་ཕྱག་བཞི་གཡས་ཀྱི་ཐོག་མ་འཁོར་ལོ། ཕྱི་མ་རལ་གྲི། གཡོན་གྱི་ཐོག་མ་པདྨ་ལ་གནས་པའི་རྡོ་རྗེ། ཕྱི་མས་སྡིགས་མཛུབ་མཛད་པ། ཞབས་གཡོན་བརྐྱང་གི་སྟབས་ཅན། རེ་ཡིག་ལས་དབང་མཆོག་སྟེར་བའི་སྒྲོལ་མ་སེར་མོ་ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་མྱ་ངན་མེད་པའི་ཤིང་གི་ཡལ་ག་དང་པདྨ། འོག་མ་གཉིས་ནོར་བུ་དང་བཅས་པའི་མཆོག་སྦྱིན་དང་བུམ་པ་བསྣམས་པ། ཞབས་


SPN002_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་ཀྲུང་ཕྱེད་པའི་རོལ་སྟབས་ཀྱིས་ཆུ་སྲིན་ལ་གནས་པ། ཏཱྃ་ཡིག་ལས་སེང་ལྡེང་ནགས་ཀྱི་སྒྲོལ་མ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་མ། གཡས་སྐྱབས་སྦྱིན་དང་གཡོན་མཐེབ་སྲིན་གྱིས་ཨུཏྤལའི་སྡོང་བུ་ཐུགས་ཀར་འཛིན་པ། ཞབས་གཡས་བརྐྱང་བས་སྐྱིལ་ཀྲུང་ཕྱེད་པའི་རོལ་པས་བཞུགས་པ། སྭཱ་ཡིག་ལས་མྱ་ངན་མེད་པའི་སྒྲོལ་མ་དམར་མོ། ཕྱག་བཞིའི་དང་པོ་གཉིས་སྤྱི་བོར་ཐལ་མོ་སྦྱར་བ། འོག་མ་གཉིས་ཀྱི་རལ་གྲི་དང་མྱ་ངན་མེད་པའི་ཤིང་གི་ཡལ་ག་མེ་ཏོག་དམར་པོ་ཅན་འཛིན་པ། ཧཱ་ཡིག་ལས་ཕོངས་པ་སེལ་བའི་སྒྲོལ་མ་ནག་མོ་དྲག་མོའི་སྐུ་ཅན་གཡས་གཟའ་བརྒྱད་འགུགས་པའི་ལྕགས་ཀྱུ་དང་། གཡོན་ཕོངས་པ་སེལ་བའི་ལྕགས་ཀྱུ་ཞགས་པ་དང་བཅས་པ་བསྣམ་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །དེ་ཡི་ཕྱི་རིམ་དུ་ཨཱཿཡིག་ལས་བཀྲ་ཤིས་སྣང་བའི་སྒྲོལ་མ་སེར་མོ་ཞལ་གཅིག་ཕྱག་བརྒྱད་ཀྱི་གཡས་རྣམས་རྩེ་གསུམ། ལྕགས་ཀྱུ། རྡོ་རྗེ། རལ་གྲི། གཡོན་རྣམས་ཐུགས་ཀར་གཏོད་པའི་རིན་པོ་ཆེ། ལྕགས་ཀྱུ། དབྱུག་གུ། བུམ་པ་བསྣམས་པ། བྲུཾ་ཡིག་ལས་ཡོངས་སུ་སྨིན་པར་མཛད་པའི་སྒྲོལ་མ་དམར་མོ་དྲག་མོའི་སྐུ་ཅན་ཞལ་གཅིག་ཕྱག་བཞི། ཕྱག་གཡས་ཀྱི་དང་པོས་རལ་གྲི། གཉིས་པས་མདའ། གཡོན་གྱི་དང་པོས་འཁོར་ལོ། གཉིས་པས་གཞུ་འཛིན་པ། གཡས་བརྐྱང་གི་སྟབས་


SPN002_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཞུགས་པ། ཨཏ་ཡིག་ལས་ཁྲོ་གཉེར་གཡོ་བའི་སྒྲོལ་མ་མཐིང་ག་ནག་དཀར་དམར་བའི་ཞལ་གསུམ་ཁྲོ་གཉེར་བསྡུས་ཤིང་བཱ་སུ་ཏ་རོལ་པ། ཕྱག་དྲུག་གི་གཡས་རྣམས་ཀྱིས་རལ་གྲི། ལྕགས་ཀྱུ། དབྱུག་པ། གཡོན་པ་རྣམས་ཀྱིས་ཐོད་པ། ཞགས་པ། ཚངས་མགོ་འཛིན་པ། མགོ་རློན་གྱི་དབུ་རྒྱན་དང་། དོ་ཤལ། སྟག་ལྤགས་དང་། སྦྲུལ་གྱིས་བརྒྱན་པ། ཞིང་ཆེན་གྱི་གདན་ལ་འགྱིང་བ། ཕྱོགས་མཚམས་བརྒྱད་དུ་རིན་པོ་ཆེའི་ཤིང་གི་མྱུ་གུ་སྐྱེས་པ། ཎི་ཡིག་ལས་དགེ་ལེགས་སྟེར་བའི་སྒྲོལ་མ་དཀར་མོ་ཕྱག་གཡས་གསུམ་ན་ཕྲེང་བ། མཆོག་སྦྱིན། དབྱུག་པ། གཡོན་གསུམ་ན་པདྨ། རིལ་བ། པོ་ཏི་འཛིན་པ། ཧཱུྃ་ཡིག་ལས་ཆགས་པ་འཇོམས་པའི་སྒྲོལ་མ་དམར་མོ་ཕྱག་གཡས་ཐུགས་ཀར་རྩེ་གསུམ་དང་། གཡོན་སྡིགས་མཛུབ་འཕྱར་བས་སྙིང་པོ་དང་འབྲས་བུར་བཅས་པའི་ཤིང་འཛིན་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཤ་ཡིག་ལས་བདེ་བ་སྒྲུབ་པའི་སྒྲོལ་མ་དམར་སེར་ཕྱག་གཉིས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་བསྣམས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཀི་ཡིག་ལས་རབ་ཏུ་རྒྱས་པའི་སྒྲོལ་མ་དཀར་མོ་ཕྱག་བཞི་མ། དང་པོ་གཉིས་སྤྱི་བོར་བསྣོལ་བས་ལྕགས་ཀྱུ་འཛིན་པ། ལྷག་མ་གཉིས་མཆོག་སྦྱིན་དང་གླེགས་བམ་གྱིས་མཚན་པའི་ཨུཏྤལ་བསྣམས་པ། སེམས་


SPN002_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་སྐྱིལ་ཀྲུང་གིས་བྱ་ངང་པ་ལ་གནས་པ། ཛ་ཡིག་ལས་སྡུག་བསྔལ་བསྲེག་པའི་སྒྲོལ་མ་དཀར་མོ་ཕྱག་གཉིས་ཀྱིས་ཐུགས་ཀར་མེ་ཐབ་བསྣམས་པ། ཅུང་ཟད་གཡས་བརྐྱང་བས་སེམས་དཔའི་སྐྱིལ་ཀྲུང་ཅན། ཙེ་ཡིག་ལས་དངོས་གྲུབ་འབྱུང་བའི་སྒྲོལ་མ་དམར་སེར་ཕྱག་གཉིས་ཀྱིས་ཐུགས་ཀར་གསེར་གྱི་བུམ་པ་བསྣམས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཕེ་ཡིག་ལས་ཡོངས་རྫོགས་བྱེད་པའི་སྒྲོལ་མ་དཀར་མོ་ཅུང་ཟད་ཁྲོ་ཞིང་སྤྱན་གསུམ་མ་ཕྱག་གཡས་མདུང་རྩེ་གསུམ་དང་། གཡོན་མུ་ཏིག་གི་ཕྲེང་བ་འཛིན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྐྱིལ་ཀྲུང་ཕྱེད་པའི་རོལ་པས་ཁྱུ་མཆོག་གླང་དཀར་པོ་ལ་གནས་པའོ། །དེ་དག་ཐམས་ཅད་ཀྱང་ལྷའི་གོས་སྣ་ཚོགས་པའི་དར་དང་རིན་པོ་ཆེའི་རྒྱན་དུ་མས་མཛེས་པར་སྤྲས་ཤིང་སྐུའི་དཀྱིལ་འཁོར་རབ་ཏུ་གསལ་ཞིང་འོད་ཀྱི་སྣང་བས་ཕྱོགས་བཅུར་ཁྱབ་པར་གྱུར། ལྷ་ཚོགས་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དང་སོ་སོའི་ས་བོན། ཁྱད་པར་གཙོ་མོའི་ཐུགས་ཀའི་དབུས་སུ་པད་དཀར་དང་ཟླ་བའི་དཀྱིལ་འཁོར་གྱི་ལྟེ་བར་ཏཱྃ་ཡིག་དཀར་པོས་མཚན་པར་གྱུར་པ། དེ་དག་རྣམས་ལས་འོད་དང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། ལྷོ་ཕྱོགས་རི་བོ་པོ་ཊ་ལ་དང་། རང་བཞིན་རྣམ་པར་དག་པའི་ཞིང་རབ་འབྱམས་


SPN002_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྒོམ་པ་དང་འདྲ་པའི་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྲས་དང་སློབ་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་བཛྲ་ས་མཱ་ཡ་ཛཿཞེས་བརྗོད་ལ། གཉིས་པ་སྤྱན་འདྲེན་པ་ནི། པོ་ཊ་ལ་ཡི་གནས་མཆོག་ནས། །ཏཱྃ་ཡིག་ལྗང་ཁུ་ལས་འཁྲུངས་ཤིང་། །ཏཱྃ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ། སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿདམ་ཚིག་སེམས་དཔའ་དང་གཉིས་སུ་མེད་པར་གྱུར། གསུམ་པ་དབང་བསྐུར་བ་ནི། སླར་ཡང་ཐུགས་ཀའི་ས་བོན་གྱི་འོད་ལས་བྱུང་བའི་དབང་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ༀ་བཛྲ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ༀ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དགཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས། གཙོ་མོ་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན་ཅིང་། འཁོར་རྣམས་ལ་རིགས་ལྔ་སོ་སོས་དབུ་བརྒྱན་པར་གྱུར། ཅེས་དབང་བསྐུར་རྒྱས་གདབ་དང་། དེ་ནས་བཞི་པ་མཆོད་པ་འབུལ་བ་ནི། ༀ་རྡོ་རྗེའི་མཆོད་ཡོན་དྭངས་ཤིང་རྒྱ་མཚོར་འཁྱིལ། །ཞབས་བསིལ་རབ་ཏུ་སིམ་བྱེད་ཡིད་གར་


SPN002_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

འོང་། །མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་ཞིང་བརྡལ། །བདུག་པའི་སྤོས་མཆོག་ངད་ལྡན་སྤྲིན་ཆེན་གཡོ། །སྣང་གསལ་ཀུན་ཁྱབ་འོད་ཀྱི་ཟེར་མདངས་འཚེར། །དྲི་ཆབ་བྱུགས་པའི་ཁྱད་པར་དུ་མ་དང་། །ཞལ་ཟས་འཆི་མེད་བཅུད་བཟང་རོ་བརྒྱར་ལྡན། །རྒྱུད་མངས་རོལ་མོ་སྙན་པའི་གླུ་དབྱངས་སོགས། །མཆོད་པའི་བྱེ་བྲག་རྨད་བྱུང་དམ་པ་འདི། །ཡིད་བཞིན་མཆོག་སྩོལ་འཕགས་མ་བཅོམ་ལྡན་འདས། །ལྷ་ཚོགས་རྣམས་ལ་གུས་པས་མཆོད་པ་འབུལ། །བཞེས་ནས་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ༀ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། སྔགས་ཐོག་མཐའ་འདྲ་བར། པཱ་དྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡའི་བར་བརྗོད། ལྔ་པ་བསྟོད་པ་ནི། ༀ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སོགས་ཕྱག་འཚལ་ཉེར་གཅིག་ཚར་གཉིས་ཀྱིས་བསྟོད། ཕན་ཡོན་ཚར་གཅིག་བཅས་དང་། རི་བོང་ཅན་གྱི་འོད་ཟེར་འབུམ་འཕྲོ་བ། །སྲིད་འགྲོ་འཁོར་བའི་བག་ཆགས་མུན་པ་བཅོམ། །ཡང་དག་ངེས་པའི་ཀུནྡ་གྲོལ་བའི་གཉེན། །བཅོམ་ལྡན་ཡིད་བཞིན་འཁོར་ལོར་ཕྱག་འཚལ་བསྟོད། །ཕྲིན་ལས་སྣ་ཚོགས་སྐྱོབ་པའི་བདུད་རྩིའི་གཏེར། །ཉོན་མོངས་གདུང་སེལ་ཐུགས་རྗེའི་བསིལ་རྒྱུན་འབེབས། །ཆུ་ཟླའི་གར་རོལ་མཐའ་ཡས་ཅིར་ཡང་བསྒྱུར། །རྗེ་བཙུན་འཕགས་མ་ཉེར་གཅིག་ཕྱག་འཚལ་བསྟོད། །མཆོག་


SPN002_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐུན་མོང་དངོས་གྲུབ་ཆར་ཆེན་པོ། །དེང་འདིར་ཚོགས་གཉིས་སེམས་བསྐྱེད་དག་པའི་སར། །བྱང་ཆུབ་དགེ་བའི་མྱུ་གུ་རྒྱས་པའི་ཕྱིར། །སྟན་ཐོག་འདི་རུ་སྨིན་པར་བྱིན་གྱིས་རློབས། །ཞེས་བསྟོད་ནས། དྲུག་པ་སྔགས་འཁོར་བསྒོམ་པ་ནི། རང་ཉིད་བཅོམ་ལྡན་འདས་མར་གསལ་བའི་ཐུགས་ཀར་པད་ཟླའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་དང་ལྡན་པ་འོད་དཀར་པོ་འཕྲོ་བའི་ལྟེ་བར་ཏཱྃ། མདུན་ནས་གཡས་བསྐོར་དུ། ༀ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཧཱ། རྩིབས་བརྒྱད་ལ། ཏཱ། རེ། ཏུཏ་། ཏཱ། རེ། ཏུ། རེ། སྭཱ། ཞེས་པས་ཡིག་འབྲུ་རྣམས་ཤིན་ཏུ་དཀར་ཞིང་གསལ་ལ་འཚེར་བ་མི་གཡོ་བར་གནས་པ་དང་། ཕྱི་རིམ་ལྷ་སོ་སོའི་ས་བོན་ལས་ཀྱང་འོད་འཕྲོས། ཕྱོགས་བཅུའི་རྒྱལ་བ་རྣམས་མཆོད། ཁམས་གསུམ་འགྲོ་བའི་ཚེ་དཔལ་བསོད་ནམས་བསྐྱེད་ཅིང་། སླར་འོད་ཟེར་གྱིས་དུས་གསུམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་མཐུ་དང་ནུས་པ་བྱིན་རླབས། བརྟན་པ་དང་གཡོ་བའི་འཁོར་འདས་ཀྱི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པའི་དྭངས་མ་འབྱུང་བ་ཆེན་པོ་བཞི་ཡི་བཅུད་ལ་སོགས་པ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས། འཁོར་ལོ་དང་ཡིག་འབྲུ་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་འགྲུབ་པར་གྱུར་བར་མོས་ལ། དེ་ཡང་། འཕགས་མ་སྒྲོལ་མ་བསྒོམ་དེ་ཡི། །ཐུགས་ཀར་འཁོར་


SPN002_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་འོད་ཟེར་དཀར། །རེའུ་མིག་བརྒྱད་ལ་ཡི་གེ་ནི། །བརྒྱད་པོ་རྣམས་ཀྱིས་ཡོངས་སུ་གང་། །ༀ་ཧཱའི་ཡི་གེའི་དབུས་གནས་པའི། །ཉེ་བར་བསྒྲུབ་བྱའི་མིང་དང་ལྡན། །རྩེ་གཅིག་པ་ཡི་སེམས་ཀྱིས་ནི། །ངེས་པར་བརྟན་པོས་ཟླ་དྲུག་བསྒོམ། །ཡི་གེ་བཅུ་པའི་སྔགས་འདི་ནི། །སྐྱོ་བ་མེད་པའི་སེམས་ཀྱིས་བཟླས། །ༀ་གྱི་ཡི་གེ་དང་པོར་སྦྱིན། །ཕྱི་ནས་ཏཱ་རེ་རབ་ཏུ་སྦྱར། །དེ་འོག་ཏུཏྟཱ་རེ་ཏུ་རེ། །སྭཱ་ཧཱའི་མཐའ་ཅན་ལས་ཀུན་བྱེད། །ཅེས་གསུངས་པ་ལྟར་སྔགས་འཁོར་གསལ་བ་བསྒོམ་ལ། བདུན་པ་བསྙེན་པ་བྱ་བ་ནི། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་རྩ་སྔགས་ཡིག་བཅུ་རིགས་སྔགས་ཀྱི་རྒྱལ་མོ་འདི་ཉིས་བརྒྱ་བཟླས་ལ། འབྲུ་བརྒྱད་མཐར། མ་མ་ཨཱ་ཡུཿཔུཎྱ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ་ཚིག་ཅན་བརྒྱ་རྩ་བཟླའོ། །བརྒྱད་པ་ཕན་ཡོན་བསྟན་པ་ནི། ཚངས་དབང་ཁྱབ་འཇུག་ཉི་ཟླ་དང་། །དྲག་པོ་ཕྱོགས་སྐྱོང་འདོད་ལྷས་ཀྱང་། །བ་སྤུའི་རྩེ་མོའང་མི་གཅོད་པར། །འཆི་བདག་ལས་རྒྱལ་སྒྲོལ་མ་བཞིན། །སྐྲ་དཀར་གཉེར་མ་སྐལ་ངན་དང་། །ནད་དང་དབུལ་བ་ཀུན་ཟད་བྱེད། །སེང་གེ་ལ་སོགས་འཇིགས་ཆེན་བརྒྱད། །སྡུག་བསྔལ་ཚོགས་ནི་འཇིགས་པར་བྱེད། །མ་བསློང་པར་ནི་ཟས་སྐོམ་སོགས། །ཁང་བཟང་གོས་ལ་སོགས་པ་རྙེད། །རལ་གྲི་མིག་སྨན་རྐང་བྱུགས་དང་། །བུམ་བཟང་ལ་སོགས་དངོས་གྲུབ་རྣམས། །སྙན་ངག་སྨྲ་མཁན་རྩོད་པ་བྱང་། །གཅིག་ཏུ་དྲི་མེད་ཤེས་རབ་དང་། །འདོད་པའི་དངོས་གྲུབ་གཞན་དག་ཀྱང་། །འཁོར་ལོ་འདི་ལས་ལེགས་པར་འབྱུང་། །ཞེས་གསུངས་སོ། །དེ་ཡང་རྩ་བའི་སྔགས་འབུམ་ཚོ་བཅུའི་གྲངས་བསྙེན་ཐེམ་པ་ཡིན་ལ། བྱེ་བ་བཟླས་པས་དོན་ཐམས་ཅད་འགྲུབ་པར་


SPN002_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། །དེ་ནས་སྒྲོལ་མ་ལས་ཐམས་ཅད་པའི་རིགས་སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀ་ཡ། ཏདྱ་ཐཱ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཾ། པྲ་དུཥྚཾ། མ་མ་ཀྲྀ་ཏ། ཛཾ་བྷ་ཡ། སྟྭཾ་བྷ་ཡ། མོ་ཧཱ་ཡ། བྷནྡྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་དུཥྚཾ་སྟྭཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། ཞེས་ཕན་ཡོན་བསྐྱེད་པ་དང་ཁ་སྐོང་བའི་ཕྱིར་བཟླས་པ་བྱའོ། །དེ་ཡང་རྒྱུད་ལས། འཇིག་རྟེན་ལ་ནི་དངོས་གཞན་གང་། །སྔགས་ཀྱིས་མི་འགྲུབ་དེ་ཡོད་མིན། །ཡང་དག་དད་པས་འབད་པ་ལས། །སྔགས་རྣམས་ཡིད་བཞིན་ནོར་བུར་མཚུངས། །ཞེས་སོ། །སྤྱི་དོན་གཉིས་པ་བུམ་བསྐྱེད་བསྒྲུབ་པ་ནི་ལས་རིམ་བདུན་ཡོད་པ་ལས། དང་པོ་ནི། རྣམ་རྒྱལ་བུམ་པ། ༀ་བཛྲ་ཀྲོ་དྷ་སོགས་ཀྱིས་བསངས། སྭ་བྷཱ་ཝས་སྤྱངས། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་དྲི་མ་དང་བྲལ་བ། ལྟོ་བ་ཡངས་ཤིང་མགྲིན་པ་རིང་ལ་མཆུ་འཕྱང་བ་མེ་ཏོག་དང་ལྷའི་གོས་ཀྱིས་མགྲིན་པ་དཀྲིས་པ། དཔག་བསམ་ཤིང་ལོས་ཁ་བརྒྱན་ཅིང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པའི་རྣམ་པར་རྒྱལ་བའི་བུམ་པའི་ནང་དུ་ལྔ་ཕྲག་ལྔ་ལྡན་གྱི་རྫས་དུ་མས་གཏམས་པའི་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་སྔོ་ལ་དྭངས་ཤིང་འཁྱིལ་བའི་དབུས་སུ་པྃ་ལས་པདྨ་དཀར་པོའི་སྡོང་བུ་ཡལ་ག་གེ་སར་མཆོག་ཏུ་རྒྱས་


SPN002_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་སོགས་ལྷ་ཚོགས་རྣམས་བདག་བསྐྱེད་ལྟར་དམིགས་ནས། འོད་ཀྱི་སྣང་བས་ཕྱོགས་བཅུར་ཁྱབ་པར་གྱུར་ཅེས་པའི་བར་དང་། གཉིས་པ་ནི། ལས་བུམ་གྱི་དབུས་སུ་པདྨ་དང་ཉི་མར་ཧྲཱིཿལས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེའི་དབྱུག་པ་དང་གཡོན་སྡིགས་མཛུབ་བསྒྲེང་བ། དབུ་སྐྲ་དམར་སེར་འབར་ཞིང་སྤྱི་གཙུག་ཏུ་རྟ་ཞལ་ལྗང་ཞུར་འཚེར་བ། ཐོད་སྐམ་དང་དར་དཔྱངས་ཀྱིས་བརྒྱན་པ། སྦྲུལ་གྱི་ཡན་ལག་དཀྲིས་ཤིང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཁམས་གསུམ་དབང་དུ་སྡུད་ཅིང་ཞབས་གཉིས་དོར་སྟབས་ཀྱིས་ཡེ་ཤེས་བསྐལ་པའི་མེ་དཔུང་འབར་བའི་ཀློང་དཀྱིལ་དུ་གསལ་བའོ། །དེ་ལྟར་ལྷ་ཚོགས་ཐམས་ཅད་དང་། དཔལ་རྟ་མགྲིན་རྣམས་ཀྱི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པ་དང་། རང་རང་གི་ཐུགས་ཀར་ས་བོན་ལས་འོད་ཟེར་དཀར་པོ་དང་། སྣ་ཚོགས་པའི་འོད་དང་། འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རང་བཞིན་རྣམ་པར་དག་པའི་ཞིང་ཁམས་རབ་འབྱམས་དང་། ཁྱད་པར་དུ་ལྷོ་ཕྱོགས་པོ་ཊ་ལ་ཡི་ཞིང་ཁམས་ནས་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལྷ་ཉེར་གཅིག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞིང་གི་རྡུལ་སྙེད་མ་ལུས་ཤིང་ལུས་པ་མེད་པས་བསྐོར་བ་སྤྱན་དྲངས་བཛྲ་ས་མ་ཛཿགསུམ་པ་སྤྱན་འདྲེན་པ་དང་། དབང་


SPN002_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་རྒྱས་གདབ་པ་ནི། ༀ་དམིགས་མེད་ཐུགས་རྗེ་མཁའ་ལྟར་དག་པ་ཡི། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །ཐབས་དང་ཤེས་རབ་གཟུགས་བརྙན་སྐུར་སྟོན་པ། །སྒྲོལ་མ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་བརྗོད་སྤྱན་དྲངས་ལ། ཛཿཧཱུྃ་བྃ་ཧོཿདམ་ཚིག་སེམས་དཔའ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་གྱི་འོད་ལས་བྱུང་བའི་དབང་གི་ལྷ་རྣམས་བཛྲ་ས་མཱ་ཛཿༀ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བུམ་པའི་ཆུས་དབང་བསྐུར་སྐུ་ུགང་། ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་འོད་དཔག་མེད་དང་། ལྷ་ཚོགས་རྣམས་ལ་རིགས་ལྔ་སོ་སོས་རྒྱས་གདབ་ཅིང་། དཔལ་རྟ་མགྲིན་ལ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། ཅེས་དབང་བསྐུར་རྒྱས་གདབ་དང་། དེ་ནས་བཞི་པ་མཆོད་པ་ནི་སྔར་ལྟར་བྱིན་གྱིས་བརླབས་ལ། གང་ཞིག་འཇིག་རྟེན་འདི་འམ་གཞན་དག་ན། །དག་ཅིང་དྲི་མེད་ཡིད་འོང་མཆོད་ཡོན་འདི། །འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས་ལ་འབུལ། །བཞེས་ནས་ཟག་མེད་བདེ་བ་སྩལ་དུ་གསོལ། །ༀ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། སོ་སོའི་ཕྱག་རྒྱ་དང་བཅས། གང་ཞིག་འཇིག་རྟེན༴རྣམ་དག་མོས་བློས་ཆུ་གཙང་ཞབས་བསིལ་


SPN002_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །འཕགས་མ་སྒྲོལ་མའི༴བཞེས་ནས༴སྔགས་ཐོག་མཐའ་འདྲ་བར། པཱདྱཾ༴གང་ཞིག་འཇིག་རྟེན༴ལྷ་ཡི་མེ་ཏོག་མཛེས་པའི་དགའ་ཚལ་འདི། །འཕགས་མ་སྒྲོལ་མའི༴བཞེས་ནས༴པུཥྤེ༴གང་ཞིག་འཇིག་རྟེན༴མ་ལ་ཡ་ལུང་དྲི་ཞིམ་སེར་བུས་བསྐྱོད། །འཕགས་མ་སྒྲོལ་མའི༴བཞེས་ནས༴དྷཱུ་པེ༴གང་ཞིག་འཇིག་རྟེན༴མ་རིག་མུན་གསལ་མར་མེ་གཟི་འོད་འབར། །འཕགས་མ་སྒྲོལ་མའི༴བཞེས་ནས༴ཨཱ་ལོ་ཀེ༴གང་ཞིག་འཇིག་རྟེན༴ག་བུར་ལ་སོགས་བྱུགས་བའི་རྣམ་པ་གང་། །འཕགས་མ་སྒྲོལ་མའི༴བཞེས་ནས༴གནྡྱེ༴གང་ཞིག་འཇིག་རྟེན༴ལྷ་མིའི་འབྱོར་བ་བཅུད་ལྡན་ཞལ་ཟས་འདི། །འཕགས་མ་སྒྲོལ་མའི༴བཞེས་ནས༴ནཻ་ཝི་དྱ༴གང་ཞིག་འཇིག་རྟེན༴དབྱངས་ཀྱི་ཁྱད་པར་སྣ་ཚོགས་རོལ་མོའི་སྒྲ། །འཕགས་མ་སྒྲོལ༴བཞེས་ནས༴ཤབྡ༴ཞེས་བརྗོད་ལ་མཆོད་པའི་བྱེ་བྲག་རྣམས་འབུལ་ལོ། །འདོད་ཡོན་རྣམ་ལྔ་འབུལ་བ་ནི། གང་ཞིག་འཇིག་རྟེན་འདིའམ་གཞན་དག་ན། །གཟུགས་མཆོག་རྣམས་དང་གྲག་སྟོང་མི་ཤིགས་སྒྲ། །སྦྱར་དང་རང་བྱུང་དྲི་ངད་འཆི་མེད་བཤོས། །ལྷ་རྫས་རེག་འཇམ་འདོད་ཡོན་རྣམ་པ་ལྔ། །རྒྱལ་སྲིད་བཀྲ་ཤིས་རྫས་རྟགས་མཆོད་པའི་ཚོགས། །འཕགས་མ་སྒྲོལ་མའི་ལྷ་ཚོགས༴བཞེས་ནས༴ༀ་བཛྲ་རཱུ་པ་ཤབྡ་


SPN002_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གནྡེ་རཱ་ས་སྤཪྴེེ་མངྒ་ལ་བི་ཤྭ་པྲ་ཏཱིཙྪ་ཡེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བརྗོད་ལ་འབུལ། དེ་ནས་ཕྱག་འཚལ་ཉེར་གཅིག་ཚར་གསུམ་དང་། ཕན་ཡོན་ཚར་གཅིག་བཀླག །དེ་ནས་ཐལ་མོ་མེ་ཏོག་གི་སྙིམ་པ་དང་བཅས། རིན་ཆེན་རི་བོའི་དབུས་ན་ལྷུན་པོ་དང་། །རབ་མཛེས་པདྨའི་ཚལ་ན་འདབ་སྟོང་ཅན། །རྣམ་དག་རྒྱུ་སྐར་མཁའ་ལ་ཟླ་བ་བཞིན། །རྨད་བྱུང་སེམས་དཔའི་དབུས་ན་འཕགས་མའི་སྐུ། ཐ་སྙད་བརྗོད་པའི་སྤྲོས་པས་གོས་མིན་ཀྱང་། །སྣ་ཚོགས་གདུལ་བྱའི་སྐད་དུ་གཅིག་ཅར་དུ། །དག་གསལ་དྲི་མེད་སོ་སོར་ངེས་པའི་དོན། །ལེགས་སྟོན་རྩོལ་མེད་ཀུན་འགྲོ་འཕགས་མའི་གསུང་། །ཆོས་རྣམས་ཀུན་ལ་མི་གནས་ཆོས་ཀྱི་དབྱིངས། །རྣམ་དག་མངོན་སུམ་རྟོགས་ནས་སྣ་ཚོགས་དོན། །ཇི་བཞིན་གཟིགས་པ་དམིགས་པ་མེད་པའི་བདག །དུས་གསུམ་རྒྱལ་བ་ཀུན་དང་དབྱེར་མེད་ཐུགས། །རྣམ་འཕྲུལ་དཔག་མེད་མཁའ་མཉམ་འགྲོ་བ་ཀུན། །རྗེས་སུ་འཛིན་མཛད་ཐུགས་རྗེའི་ཁྱོན་ཡངས་ཁྱོད། །གླིང་བཞིའི་མུན་སེལ་ཉི་མའི་དཀྱིལ་འཁོར་བཞིན། །ཚད་མེད་འགྲོ་བའི་དོན་ལ་ངལ་མ་གྱུར། །ནམ་མཁའི་ལམ་ལ་ཉིན་མོར་བྱེད་པ་དང་། །ཆུ་གཏེར་དབུས་ན་ལྷུན་པོའི་དཔལ་བཞིན་དུ། །འཕགས་མའི་ནང་ན་འཕགས་མའི་ལྷ་མོ་ཁྱོད། །བདག་གི་ཡིད་ལ་ཉེ་བ་ཉིད་དུ་མཛོད། །ཅེས་རྗེ་རོལ་པའི་རྡོ་རྗེས་མཛད་པ་དང་།


SPN002_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་དུ་མས་ལྷག་པའི་ཤེས་རབ་ཀྱིས། །སྲིད་ཞིའི་དཔལ་དང་མགོན་གྱུར་བྱམས་པའི་གཉེན། །འཆི་མེད་ལྷ་མོ་ཉེར་གཅིག་སྐུར་སྣང་བ། །བདག་རྒྱུད་ཡེ་ཤེས་མངོན་གྱུར་བྱིན་གྱིས་རློབས། །ཞེས་མེ་ཏོག་འཐོར། དེ་ནས་ལྔ་པ་ཡན་ལག་བདུན་པ་ཚིགས་རྒྱུན་ཆགས་གྱིས་འབུལ་བ་ནི། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་གྱུར་འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་བཅོམ་ལྡན་འདས་མ་སྒྲོལ་མ་ཉེར་གཅིག་དཀྱིལ་འཁོར་གྱི་ལྷ་ཚོགས་ཡབ་ཡུམ་སྲས་དང་སློབ་མ་སྤྲུལ་པར་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །འདུད་དོ། །མཆོད་པའི་རྣམ་པ་དུ་མ་ཟག་པ་མེད་པའི་རང་བཞིན་ཅན་བདག་པོས་བཟུང་དང་མ་བཟུང་བའི་དཔལ་དང་འབྱོར་པའི་སྤྲིན་གྱི་ཕུང་པོ་ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་སྟོབས་དང་། གཟུངས་དང་རིག་པའི་མཐུ་དང་། བདག་ཅག་རྣམས་ཀྱི་མོས་པས་བསྐྱེད་པའི་རབ་འབྱམས་མཐའ་ཡས་པར་རྒྱས་པར་གང་བའི་བླ་ན་མེད་པའི་མཆོད་པ་རྒྱ་མཚོ་ནི་བཞེས་པར་མཛད་དུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོག་མེད་དུས་རིང་ནས་ད་ལྟ་ལ་ཐུག་གི་བར་དུ་མི་དགེའི་ལས་ཅི་དང་ཅི་བགྱིད་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །འཕགས་པ་དང་སོ་སོའི་སྐྱེ་བོའི་ཡང་དག་པའི་དགེ་བ་ལ་ནི་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བདག་སོགས་སེམས་ཅན་གྱི་དོན་དུ་ཆོས་ཀྱི་འཁོར་ལོ་ནི་བསྐོར་བར་བསྐུལ་


SPN002_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ཞི་བའི་དབྱིངས་སུ་མནལ་བའི་ཚུལ་བསྟན་པའི་འཇིག་རྟེན་གྱི་སྒྲོན་མེ་གང་དག་ཇི་སྲིད་ཀྱི་བར་དུ་འཚོ་ཞིང་གཞེས་པ་ནི་གསོལ་ལོ། །བདག་གི་དུས་གསུམ་བསགས་པའི་དགེ་བའི་ཚོགས་ཅི་མཆིས་པ་རྣམས་སེམས་ཅན་ཐམས་ཅད་མི་གནས་པའི་བྱང་ཆུབ་སྙིང་པོའི་གོ་འཕང་ལ་འགོད་པའི་རྒྱུར་ཡོངས་སུ་བསྔོ་བར་ནི་བགྱིའོ། །ཞེས་བརྗོད་པར་བྱའོ། །དེ་ནས་དྲུག་པ་བུམ་བསྐྱེད་གྱི་བཟླས་པར་འཇུག་པ་ནི། རྣམ་རྒྱལ་བུམ་པའི་སྟེང་དུ་དུང་ཆོས་ཁར་མེ་ཏོག་གི་ཕྲེང་བ་དང་ལྡན་པའི་གཟུངས་རྡོར་བཞག་ལ། བདག་ཉིད་འཕགས་མ་སྒྲོལ་མར་གསལ་བའི་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས་སྔགས་ཕྲེང་འོད་ཟེར་དཀར་པོའི་རྣམ་པ་གཟུངས་ཐག་ལ་བརྒྱུད་དེ་བུམ་ལྷའི་ཐུགས་ཀར་ཕོག་པས་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་དོན་གཉིས་བྱས། སླར་འོད་ཟེར་འཕྲོས་པས་རྒྱལ་བ་རྣམས་ཀྱི་བྱིན་རླབས་དང་། བརྟན་གཡོ་མ་ལུས་པའི་དྭངས་བཅུད་ཐམས་ཅད་བདུད་རྩི་འོད་ཀྱི་རྣམ་པར་བསྡུས། བུམ་ལྷ་རྣམས་ལ་ཐིམ་པས་ཐུགས་ཀའི་སྔགས་འཁོར་དང་སྐུའི་ཆ་ལས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས། བུམ་པ་གང་བར་གྱུར། ཅེས་བསམ་ལ། ཡི་གེ་བཅུ་པ་སུམ་བརྒྱ་བཟླས་ལ། སྤེལ་ཚིགས་ཅན་བརྒྱ་དང་ལྔ་བཅུ། ལས་ཐམས་ཅད་པའི་སྔགས་དང་། རྟ་མགྲིན་སྔགས་ཀྱང་བཟླས་སོ། །བདུན་པ་དུང་ཆོས་ཀྱི་ཆུ་རྒྱུན་མཆོད་པའི་ཚུལ་དུ་བུམ་པར་དབུལ་ནས།


SPN002_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཨཱཪྱ་ཏཱ་རེ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཨཱཿཧཱུྃ། ཞེས་བརྗོད་ལ་ཕུལ། བུམ་པའི་ལྷ་རྣམས་བདེ་བ་ཆེན་པོར་དབྱེར་མི་ཕྱེད་པར་འོད་དུ་ཞུ་ནས་བུམ་ཆུའི་རང་བཞིན་དུ་གྱུར། པུཥྤེ་ལ་སོགས་པ་ཉེར་སྤྱོད་ལྔས་མཆོད། ལས་བུམ་གྱིས་བསངས་གཏོར་བྱས་ལ། ཁྲོ་བོའི་རྒྱལ་པོ་དཔལ་རྟ་མགྲིན་གྱི་ལས་ཐམས་ཅད་སྒྲུབ་པ་དང་། བར་ཆད་ཀྱི་བགེགས་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། དཔལ་རྟ་མགྲིན་འོད་དུ་ཞུ་ནས་བདུད་རྩིར་གྱུར། དེ་ནས་མདུན་བསྐྱེད་བསྒྲུབ་ཅིང་མཆོད་བའི་རིམ་པ་ལ། དོན་ཚན་ལྔའི་དང་པོ་ནི། ལས་སྔགས་ཀྱིས་བསངས། ཤཱུ་ནྱ་ཏས་སྦྱངས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་རྭ་གུར་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་སོགས་ལྷ་ཚོགས་ཐམས་ཅད་སྔར་ལྟར་བསྐྱེད་ལ། བཛྲ་ས་མཱ་ཛཿའི་བར་བརྗོད་ནས། གཉིས་པ་སྤྱན་འདྲེན་པ་ནི། པོ་ཊ་ལ་ཡི་གནས་མཆོག་ནས། །སོགས་ནས། གཤེགས་སུ་གསོལ། བར་དང་། ༀ་ཐུགས་རྗེ་རྨད་བྱུང་བཅོམ་ལྡན་འདས། །འཇིག་རྟེན་དབང་པོའི་སྲས་མོ་མཆོག །མ་ལུས་རྒྱལ་བ་ཀུན་གྱི་ཡུམ། །འཕགས་མ་སྒྲོལ་མ་འདིར་གཤེགས་གསོལ། །སྒྱུ་འཕྲུལ་འཛིན་མ་ཁྱོད་ཀྱི་སྐུ། །ཆོས་དང་དེ་བཞིན་ལོངས་སྤྱོད་རྫོགས། །སྲིད་པ་ཀུན་ཏུ་རྣམ་སྤྲུལ་མ། །དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རྡོ་རྗེ་སེམས་དཔའ་བདེ་ཆེན་ཡུམ། །དོན་དམ་ཕྱག་རྒྱ་ཆེན་མོའི་སྐུ། །གདོད་ནས་དྲི་བྲལ་


SPN002_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཆེན་མ། །གཉིས་མེད་རོ་མཉམ་གཤེགས་སུ་གསོལ། །འགྲོ་འོང་མེད་ཀྱང་འགྲོ་འོང་ལྟར། །སྟོན་མཛད་ཕྲིན་ལས་རྒྱ་མཚོའི་གཏེར། །དོན་གཉིས་མཐའ་དག་ལྷུན་གྲུབ་མ། །ཐུགས་རྗེ་མངའ་བ་འདིར་གཤེགས་གསོལ། །བརྗོད་བྲལ་ཕར་ཕྱིན་ཤེས་རབ་ཡུམ། །སྐྱེ་འགག་གནས་མེད་ཀུན་ཏུ་ཁྱབ། །རང་རིག་ལྷན་ཅིག་སྐྱེས་མ་དངོས། །བདེ་སྟོང་ལྷ་མོ་འདིར་གཤེགས་གསོལ། །མཁའ་དབྱིངས་གང་བའི་རྣམ་པར་རོལ། །ཡེ་ཤེས་སྒྱུ་འཕྲུལ་གར་མཁན་མ། །དུས་གསུམ་རྒྱལ་བའི་ཚོགས་དང་བཅས། །འདིར་གཤེགས་རྣལ་འབྱོར་བྱིན་གྱིས་རློབས། །ཆུ་ཤེལ་སྟོན་ཟླའི་མདོག་འཆང་ཞིང་། །སྣ་ཚོགས་ལེགས་བྱས་འོད་ཟེར་ཅན། །ཚུར་སྤྱོན་ཚུར་སྤྱོན་འཕགས་མའི་ཚོགས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿཞེས་ཡེ་ཤེས་པ་སྤྱན་དྲངས་ནས། གསུམ་པ་གདན་འབུལ་བ་ནི། འཕགས་མ་དེང་འདིར་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བ་བཟང་། །ཚོགས་གཉིས་ཡོངས་སུ་རྫོགས་སླད་དུ། །འདིར་ནི་གཉིས་མེད་བརྟན་པར་བཞུགས། །སྣང་སྲིད་རབ་འབྱམས་ཞིང་མཉམ་པའི། །པདྨ་འདབ་རྒྱས་གེ་སར་བཞད། །འཇིག་རྟེན་ཚངས་དབང་བརྒྱ་བྱིན་དང་། །ལྷ་མིན་ལ་སོགས་བྱེ་བ་ཡིས། །གཙུག་གིས་མངོན་པར་འདུད་པའི་ཁྲི། །དྭངས་ཤིང་དད་པའི་མོས་བློ་


SPN002_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ཇི་ལྟར་བདེ་བར་འབུལ་ལགས་ན། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་པདྨ་ཀ་མ་ལ་ཡ་སྟྭཾ་སྭཱ་ཧཱ། ཛཿཧཱུྃ་བྃ་ཧོཿསྤྱན་དྲངས་པའི་ཡེ་ཤེས་སེམས་དཔའི་ལྷ་ཚོགས་དམ་ཚིག་སེམས་དཔའ་གཉིས་མེད་གཅིག་ཏུ་གྱུར། བཞི་པ་དབང་བསྐུར་རྒྱས་གདབ་པ་ནི། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དབང་གི་ལྷ་རྣམས་སྤྱན་དྲངས་བཛྲ་ས་མཱ་ཛཿༀ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ་ནས། ཤཔྡའི་བར་བརྗོད་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན་ཞིང་ཤིས་པའི་མེ་ཏོག་འཐོར། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བསྲུང་བའི་ལས་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར། སྐུ་གང་དྲི་མ་དག །ཆུ་ཞབས་སྤྱི་བོར་བསྟེན་པས་གཙོ་བོ་ལ་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུ་བརྒྱན་པ་དང་། ལྷ་ཚོགས་རྣམས་ལ་རིགས་ལྔ་སོ་སོས་རྒྱས་གདབ་པར་གྱུར། ཅེས་


SPN002_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། དེ་ནས་ལྔ་པ་མདུན་བསྐྱེད་ཀྱི་བཟླས་པར་འཇུག་པ་ནི། མདུན་བསྐྱེད་འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོའི་ཐུགས་ཀར་པད་ཟླའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པའི་ལྟེ་བར་ཏཱྃ་སྔགས་ཕྲེང་དང་བཅས་པ་རྩིབས་བརྒྱད་ལ་ཡི་གེ་བརྒྱད་གསལ་བར་གྱུར་པ་ལས་འོད་དང་འོད་ཟེར་འཕྲོ་བ། ཕྱི་རིམ་སྒྲོལ་མའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་ཀྱང་འོད་ཟེར་ཁ་དོག་སྣ་ཚོགས་གསལ་ཞིང་འཚེར་བའི་རྣམ་པ་དུ་མ་ཕྱོགས་བཅུར་འཕྲོས་པས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཡེ་ཤེས་ཀྱི་ཆོས་སྐྱོང་ལ་སོགས་པ་ཐམས་ཅད་ཀྱི་མཐུ་སྟོབས་ནུས་རྩལ་ཡོན་ཏན་བྱིན་རླབས་དངོས་གྲུབ་དང་། བརྟན་གཡོ་སྣོད་བཅུད་ཀྱི་སྲིད་ཞིའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་འཇིག་རྟེན་ཁམས་ཀྱི་རྩི་སྨན་རིན་པོ་ཆེ། འབྱུང་བ་ཆེན་པོ་བཞི་ལ་སོགས་པའི་ནུས་པ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་བདག་ཉིད་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་འཁོར་ལ་ཐིམ་པས་ལས་བཞི་གྲུབ་པ་ཆེན་པོ་བརྒྱད་སོགས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོགས་མེད་བདེ་བླག་ཏུ་ཐོབ་པར་གྱུར་པར་མོས་ལ་རིགས་སྔགས་ཀྱི་རྒྱལ་མོ་ཡི་གེ་བཅུ་པ་བདུན་བརྒྱ་དང་། སྤེལ་ཚིག་ཅན་སུམ་བརྒྱ་དང་ལྔ་བཅུ་བཟླ། དེ་ནས་སྒྲོལ་མ་ལས་ཐམས་ཅད་


SPN002_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུངས་སྔགས་ཀྱང་བཟླས་པར་བྱའོ། །དེ་དག་ནི་མདུན་བསྐྱེད་ཀྱི་རིམ་པའོ། །དེ་ནས་མཆོད་པ་འབུལ་བ་ལ། དོན་ཚན་བཅུ་གཉིས་སུ་ཡོད་པ་ལས། དང་པོ་ནི་སྔར་ལྟར་མཆོད་རྫས་རྣམས་བྱིན་གྱིས་བརླབས་ལ། དེ་དག་སླར་ཡང་མཐུ་བསྐྱེད་པའི་ཕྱིར་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་མམ་བདུན་ལ་སོགས་པ་བརྗོད་པར་བྱ་སྟེ། ༀ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡ་ནཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བོ་དྷི་མཎྚོ་པ་སཾ་ཀྲ་མ་ཎེ་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤྭ་དྷ་ནེ་སྭཱ་ཧཱ། ཞེས་བརྗོད་ལ། ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་འཁོར་ལོའི་རང་བཞིན་ཟག་པ་མེད་པར་འཕྲོ་བར་མོས་ལ། གཉིས་པ་ནི། མཐའ་ཡས་ཞིང་ཁམས་རབ་འབྱམས་ན། །མཐོན་ཀའི་མདངས་ཅན་ཚངས་རལ་ཀླུངས། །ཡན་ལག་བརྒྱད་ལྡན་མཆོད་ཡོན་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དེ་བཞིན་དུ། མཐའ་ཡས་ཞིང་ཁམས་རབ་འབྱམས་ན། །དལ་འབབ་རྒྱུན་བཟང་མཆོག་ཏུ་དྭངས། །དག་བྱེད་ཞབས་བསིལ་དམ་པ་འདི། །དཀྱིལ་འཁོར་ལྷ་ཚོགས༴སྔགས་ཐོག་མཐའ་འདྲ་བར། པདྱཾ། མཐའ་ཡས་ཞིང་ཁམས༴ལྷ་ཡི་མེ་ཏོག་མནྡ་ར། པདྨ་ཀུ་ུམུད་སྐྱེད་མོས་ཚལ། །དཀྱིལ་འཁོར་ལྷ་ཚོགས། པུཥྤེ། མཐའ་ཡས༴ཨ་ཀར་ཙནྡན་དུ་རུ་ཀ། དྲི་ཞིམ་བདུག་པའི་སྤྲིན་ཆེན་


SPN002_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གཏིབས། །དཀྱིལ་འཁོར༴ལྷ་ཚོགས༴དྷཱུ་པེ། མཐའ་ཡས་ཞིང་ཁམས༴སྣང་བའི་སྒྲོན་མེའི་རྣམ་པ་གང་། །འཕྲུལ་གྱི་འོད་ཟེར་ཕྱོགས་བཅུར་འབར། །དཀྱིལ་འཁོར་ལྷ་ཚོགས༴ཨཱ་ལོ་ཀེ། མཐའ་ཡས་ཞིང་ཁམས༴དྲི་མཆོག་ལེགས་པར་སྦྱར་བ་ཡི། །བྱུགས་པའི་དྲི་བསུང་ངད་ལྡང་བ། །དཀྱིལ་འཁོར་ལྷ་ཚོགས༴གནྡྷེ། མཐའ་ཡས་ཞིང་ཁམས༴སྣ་ཚོགས་བཅུད་ཀྱི་ཁམས་བསྡུས་པའི། །རྨད་བྱུང་ཞལ་ཟས་ཡི་གར་འོང་། །དཀྱིལ་འཁོར་ལྷ་ཚོགས༴ནཻ་ཝི་དྱ། མཐའ་ཡས་ཞིང་ཁམས༴གྲག་སྟོང་སྒྲ་སྙན་རོལ་མོ་དང་། །ཚངས་དབྱངས་རྡོ་རྗེའི་གླུ་ཡིས་བསྟོད། །དཀྱིལ་འཁོར་ལྷ་ཚོགས༴ཤབྡ། ཞེས་སོགས་ཕྱག་རྒྱ་དང་བཅས་ཏེ་དབུལ་ཞིང་། གསུམ་པ་དཔལ་མོ་ལུགས་ཀྱི་ཡན་ལག་བདུན་པ་ནི། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སོགས་དང་། ༀ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཏཱ་རེ་མྱུར་མ་དཔའ་མོ། །ཏུཏྟཱ་རེ་ཡིས་འཇིགས་པ་སེལ་མ། །ཏུ་རེས་དོན་ཀུན་བྱེད་པའི་སྒྲོལ་མ། །སྭཱ་ཧཱ་ཡི་གེ་ཁྱོད་ལ་འདུད་དོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །ཞེས་སོགས་ཕྱག་འཚལ་ཉེར་གཅིག་ཚར་བདུན་གྱིས་བསྟོད། ལྷ་མོ་ལ་གུས་ཡང་དག་ལྡན་པའི། །སོགས་དེ་དག་བཅོམ་ལྡན་འདས་ཀྱི་སྒྲོལ་མ་ལ་བསྟོད་པ་སྟེ་རྒྱུད་ལས་བྱུང་བ་བྱིན་རླབས་ཁྱད་པར་དུ་འཕགས་པའོ། །དེ་ནས་བཞི་པ་འདོད་


SPN002_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་རྣམ་ལྔ་འབུལ་བ་ནི། ཕྱོགས་བཅུའི་འཇིག་རྟེན་ཞིང་ཁམས་རྒྱ་མཚོ་ཡི། །རྡོ་རྗེའི་གཟུགས་མཆོག་རྒྱན་ཕྲེང་ཡིད་དུ་འོང་། །བླ་མ་བཅོམ་ལྡན་དཀྱིལ་འཁོར་ལྷ་ལ་འབུལ། །བཞེས་ནས་དངོས་གྲུབ་དམ་པ་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་རཱུ་པ་ཀ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་བཅུའི་འཇིག་རྟེན༴རྡོ་རྗེའི་སྒྲ་ཡི་བྱེ་བྲག་དབྱངས་སྙན་ལྡན། །བླ་མ་བཅོམ་ལྡན༴བཞེས་ནས་དངོས་གྲུབ་དམ་པ་སྩལ་དུ་གསོལ། །སྔགས་ཐོག་མཐའ་འདྲ་བར། ཤབྡ། ཕྱོགས་བཅུའི་འཇིག་རྟེན༴རྡོ་རྗེ་དྲི་ཡི་རྣམ་པ་ཀུན་ཏུ་དཀྲིགས། །བླ་མ་བཅོམ་ལྡན༴བཞེས་ནས༴གནྡྷེ། ཕྱོགས་བཅུའི་འཇིག་རྟེན༴རྡོ་རྗེ་རོ་ཡི་འདོད་ཡོན་རྣམ་པ་གང་། །བླ་མ་བཅོམ་ལྡན༴བཞེས་ནས༴རཱ་ས། ཕྱོགས་བཅུའི་འཇིག་རྟེན༴རྡོ་རྗེའི་རེག་བྱ་དབང་པོའི་གཞུ་ལྟར་བཀྲ། །བླ་མ་བཅོམ་ལྡན༴བཞེས་ནས༴སྤཪྴེ། སོགས་ཀྱང་སོ་སོའི་སྔགས་རྒྱ་བཅས་ཏེ་འབུལ་ལོ། །དེ་ནས་ལྔ་པ་ནི། མེ་ཏོག་ཐོགས་ལ། དྭངས་པའི་ཡིད་མཚོའི་གནས་ལས་ཐོན་པ་ཡི། །དད་པའི་མེ་ཏོག་པུཎྜཱ་རི་ཀ་ནི། །ལྷག་བསམ་སྙིམ་བའི་ལག་གི་འཁྲི་ཤིང་རྩེར། །གུས་པས་མཆོད་པའི་རྟེན་དུ་འབུལ་ལགས་ན། །ཐུགས་རྗེ་བྱམས་པའི་དབྱིངས་ནས་ཉེར་དགོངས་ལ། །བླ་མེད་མཆོག་གི་བྱིན་གྱིས་བརླབ་ཏུ་གསོལ། །ༀ་ན་མོ་བྷ་ག་ཝ་ཏེ་པུཥྤ་ཀེ་ཏུ་རཱ་ཛ་ཡ་ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་


SPN002_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ། པུཥྤེ་ཨུཏ་བྷ་ཝེ། པུཥྤེ་སཾ་བྷ་ཝེ། པུཥྤེ་ཨ་བ་ཀི་ར་ཎི་སྭཱ་ཧཱ། ཞེས་ལན་བདུན་ནམ་ཉེར་གཅིག་གིས་མངོན་པར་བསྔགས་ནས་མེ་ཏོག་འབུལ་ན། ཇི་སྙེད་པ་དེ་སྙེད་ཀྱི་མེ་ཏོག་བྱེ་བར་ཕུལ་བའི་འགྱུར་གྱི་གཟུངས་སྔགས་བྱིན་རླབས་དང་ལྡན་པས་འབད་པས་ཟུངས་ཤིག །དེ་ནས་དྲུག་པ་ཡན་ལག་ལྔ་པའི་སྨོན་ལམ་ནི་ཐལ་མོ་མེ་ཏོག་སྙིམ་པ་སྦྱར་ནས། ཐོག་མ་མེད་ནས་ད་ལྟའི་བར། །དུག་གསུམ་དབང་གྱུར་ནོངས་པའི་ཚོགས། །འཕགས་མའི་ལྷ་ཚོགས་མཁྱེན་གཟིགས་ལྡན། །སྤྱན་སྔར་སོ་སོར་བཤགས་པར་བགྱི། །བདེར་གཤེགས་འཕགས་པ་བྱང་ཆུབ་སེམས། །ཉན་ཐོས་རང་རྒྱལ་འགྲོ་རྣམས་ཀྱི། །བསམ་གཏན་བཟླས་བརྗོད་དགེ་བའི་སྟོབས། །བདག་ནི་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་ཞིང་ཁམས་བཞུགས་པ་ཡི། །སྟོན་པ་སངས་རྒྱས་སྲས་དང་བཅས། །སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར། །ཆོས་འཁོར་རྟག་ཏུ་བསྐོར་བར་བསྐུལ། །རྒྱལ་བ་མྱ་ངན་འདའ་བཞེད་རྣམས། །མ་གྲོལ་འཁོར་བ་ལས་སྒྲོལ་ཕྱིར། །བསྐལ་པ་ཞིང་རྡུལ་ཇི་སྙེད་པར། །འཚོ་ཞིང་གཞེས་པར་གསོལ་བ་འདེབས། །བདག་གི་དགེ་བའི་རྩ་བ་འདིས། །ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད། །བྱང་ཆུབ་མངོན་དུ་ལེགས་བྱས་ནས། །སེམས་ཅན་ཐམས་ཅད་བདེར་འགོད་ཤོག །ཅེས་བརྗོད་ཅིང་མེ་ཏོག་འཐོར། དེ་ནས་བདུན་པ་འཕགས་པ་སྤྱན་རས་གཟིགས་དབང་


SPN002_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་གི་སྒྲོལ་མར་བསྟོད་པ་མཚན་བརྒྱ་རྩ་བརྒྱད་པ་ནི། ༀ། དགེ་བ་མ་ནི་གཟི་བརྗིད་ཅན། །འཇིག་རྟེན་གསོ་བྱེད་སྙན་པ་ཆེ། །སོགས་རྒྱུད་ནས་བྱུང་བའི་ཚིགས་སུ་བཅད་པ་དག་གིས་ཀྱང་བསྟོད་པར་བྱའོ། །དེ་ནས་བརྒྱད་པ་བཟང་པོ་སྤྱོད་པའི་སྨོན་ལམ་ཡན་ལག་བདུན་པ་འབུལ་བ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །ཞེས་སོགས། མཆོད་པའི་ཡན་ལག་སྐབས་སུ་མེ་ཏོག་འཐོར། ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །བར་བཏོན་ནས། མཆོད་པའི་མཎྜལ་རྡུལ་ཕྱི་བ་དང་དྲིའི་ཐིག་ལེ་དགོད་པ་དང་བཅས། ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་བརྗོད་ལ། མེ་ཏོག་ཚོམ་བུ་སོ་སོར་འགོད་བཞིན་པས། ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། རིན་པོ་ཆེ་གསེར་གྱི་ས་གཞིའི་ཁོར་ཡུག་བརྡལ་བའོ། །ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། རྡོ་རྗེའི་རི་ཡི་མུ་ཁྱུད་ཀྱི་རྭ་བས་ཡོངས་སུ་བསྐོར་བའི་ལྟེ་བར་ཧཱུྃ་སྲུང་པའི་རང་བཞིན་འོད་ཟེར་འབར་བ། ༀ་ཧྃ་སུ་མེ་ར་ཝེ་ན་མཿདབུས་སུ་རི་ཡི་རྒྱལ་པོ་རི་དབང་ལྷུན་པོ་མཆོག་རབ། ༀ་ཡྃ་པཱུ་ཱུརུ་བི་དེ་ཧ་ཡ་ན་མཿཤར་ལུས་འཕགས་པོ། ༀ་རྃ་ཛྃ་པུ་དྭཱི་པཱ་ཡ་ན་མཿལྷོ་འཛམ་བུ་གླིང་། ༀ་ལྃ་ཨ་པ་ར་གོ་དཱ་ནཱི་ཡཱ་ཡ་ན་མཿནུབ་བ་ལང་སྤྱོད། ༀ་ཝྃ་ཨུཏྟ་ར་ཀུ་ར་ཝེ་ན་མཿབྱང་སྒྲ་མི་སྙན། ༀ་ཡྃ་ཨུ་པ་དྭཱི་པཱ་ཡ་ན་མཿༀ་ཡྃ་ཨུ་པ་དྭཱི་པ་ཡ་ན་མཿལུས་དང་ལུས་འཕགས། ༀ་རྃ་ཨུ་པ་དྭཱི་པཱ་ཡ་ན་མཿༀ་རྃ་ཨུ་པ་དྭཱི་པཱ་ཡ་ན་མཿརྔ་ཡབ་དང་རྔ་ཡབ་


SPN002_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གཞན། ༀ་ལྃ་ཨུ་པ་དྭཱི་པཱ་ཡ་ན་མཿༀ་ལྃ་ཨུ་པ་དྭཱི་པཱ་ཡ་ན་མཿགཡོ་ལྡན་དང་ལམ་མཆོག་འགྲོ། ༀ་ཝྃ་ཨུ་པཱ་དྭཱི་པ་ཡ་ན་མཿༀ་ཝྃ་ཨུ་པ་དྭཱི་པ་ཡ་ན་མཿསྒྲ་མི་སྙན་དང་སྒྲ་མི་སྙན་ཀྱི་ཟླ། ༀ་སུཪྱཱ་ཡཱ་ཡ་ན་མཿགསལ་བྱེད་ཤེས་རབ་ཀྱི་ཉི་མ། ༀ་ཙནྡྲ་ཡ་ན་མཿསྣང་བྱེད་ཐབས་ཀྱི་ཟླ་བ། གཞན་ཡང་སྲིད་ཞིའི་ལོངས་སྤྱོད་དཔལ་འབྱོར་ཕུན་སུམ་ཚོགས་པ་རབ་འབྱམས་མཆོད་བའི་སྤྲིན་རྒྱ་མཚོས་ཡོངས་སུ་གང་བ་འདི་ཉིད་བཅོམ་ལྡན་འདས་འཕགས་མ་སྒྲོལ་མའི་ལྷ་ཚོགས་སྲས་དང་སློབ་མར་བཅས་པ་ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་རིན་པོ་ཆེ་རྣམས་ལ་འབུལ་བར་བགྱིའོ། ཐུགས་བརྩེ་བ་ཆེན་པོའི་དབྱིངས་ནས་ཉེ་བར་དགོས་ཏེ་ཞེས་སུ་གསོལ། བཞེས་ནས་བདག་གཞན་སེམས་ཅན་ཐམས་ཅད་རྒྱུ་ཚོགས་གཉིས་རྫོགས། སྒྲིབ་གཉིས་བྱང་། དངོས་གྲུབ་ཀྱི་མཆོག་དམ་པ་བསྩལ་དུ་གསོལ། ཞེས་མེ་ཏོག་འཐོར། ཞིང་ཁམས་རྣམ་པར་དག་པ་རྡོ་རྗེའི་ས་གཞི་ལ། །རྡོ་རྗེའི་རི་རབ་ལ་སོགས་རྨད་བྱུང་མཆོད་པའི་སྤྲིན། །རབ་འབྱམས་དཔག་ཡས་རྡོ་རྗེའི་རྒྱུན་གྱི་ཕྲེང་བ་ལྡན། །རྡོ་རྗེའི་མཎྜལ་བླ་ན་མེད་པའི་བཀོད་པ་འདི། །རྡོ་རྗེ་སྒྲོལ་མའི་ལྷ་ཚོགས་མ་ལུས་འཁོར་བཅས་ལ། །མཆོག་ཏུ་དད་པས་ཀུན་ཏུ་བདག་འབུལ་བྱིན་གྱིས་རློབས། །མེ་ཏོག་འཐོར་ཞིང་། ༀ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ།


SPN002_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འབུལ་ལོ། །དེ་ནས་དགུ་པ་ནི། གློག་དང་འདྲ་བའི་སྤྱན་མངའ་མ། །དཔའ་མོ་ཏཱ་རེ་ཏུཏྟཱུ་རེ། །སངས་རྒྱས་ཞལ་གྱི་པདྨ་ཡི། །གེ་སར་ལས་བྱུང་ཁྱོད་ལ་འདུད། །སྟོན་ཀའི་ཟླ་བ་རྒྱས་པ་ཡི། །དཀྱིལ་འཁོར་དང་མཚུངས་ཞལ་མངའ་མ། །མཆོག་སྦྱིན་ཕྱག་རྒྱ་ཨུཏྤ་ལ། །བསྣམས་མ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བའི་གཟེབ་ལས་ཏུཏྟ་རེ། །སྭཱ་ཧཱས་ཉོན་མོངས་ཞི་བར་མཛད། །ༀ་གྱི་ངོ་བོ་ཉིད་ཀྱིས་ནི། །ཚངས་པའི་སྒོ་འབྱེད་ཁྱོད་ལ་འདུད། །འཇིགས་པ་ཆེན་པོ་བརྒྱད་ལས་ནི། །འཇིག་རྟེན་ཐམས་ཅད་སྐྱོབ་བར་མཛད། །ཀུན་གྱི་མ་རུ་གྱུར་པ་ཡི། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པའང་ངག་དབང་གྲགས་པས་མཛད་པ་དེ་ཡིས་བསྟོད་ལ་སྤོས་དང་རོལ་མོ་འབུལ་ལོ། །དེ་ནས་བཅུ་པ་རྗེ་དགུ་པས་མཛད་པའི་འདོད་གསོལ་ཡན་ལག་བདུན་པ་ནི། བཅོམ་ལྡན་འདས་མ་ཁྱོད་ལ་ཕྱག་འཚལ་ནས། །མཆོད་པ་རྣམ་པ་དུ་མས་རབ་མཆོད་དེ། །ཉེས་གསུམ་མཐར་བྱེད་ཁྱོད་ཀྱི་སྤྱན་སྔ་འདིར། སྡིག་པ་མཐའ་དག་བཤགས་ཤིང་བསྡོམ་པར་བགྱི། །འགྲོ་བའི་དགེ་ལེགས་ཀུན་ལ་དགའ་བསྐྱེད་དེ། །སྲིད་ཞིའི་ཀུན་ཏུ་བཅོམ་ལྡན་འདས་མ་ཁྱོད། །རབ་བདེ་བླ་མེད་ཆོས་ཀྱི་འཁོར་ལོ་མཆོག །རྟག་པར་བསྐོར་བས་མཐའ་དག་ཚིམ་པར་གསོལ། །ནམ་ཡང་ཁྱོད་ཚུལ་ནུབ་མེད་བཀའ་དྲིན་དང་། །དགེ་ཀུན་ཁྱོད་ཉིད་ཁོ་ནའི་རྒྱུར་གསོལ་ཞིང་། །


SPN002_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་སྙིང་པོའི་དཔལ་འབྲས་ཁྱོད་དང་བདག །རྣམ་པ་ཀུན་ཏུ་མི་ཕྱེད་ཉིད་གྱུར་ཅིག །ཅེས་བརྗོད་ལ་མེ་ཏོག་འཐོར། དེ་ནས་བཅུ་གཅིག་པ་རྒྱལ་སྲིད་སྣ་བདུན་སོགས་འབུལ་བ་ནི། ཛམྦུའི་གསེར་ལས་རང་བྱུང་བའི། །རྩིབས་སྟོང་མུ་ཁྱུད་རབ་མཉམ་ལྡན། །མཁའ་ལ་མངོན་པར་འཕགས་པ་ཡི། །འཁོར་ལོ་རིན་ཆེན་འབུལ་བར་བགྱི། །ༀ་ཙཀྲ་རཏྣ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཉིན་མོར་བྱེད་པའི་འོད་ལྡན་ཞིང་། །དགོས་འདོད་བསམ་པ་ཀུན་འབྱུང་བའི། །ལྷ་ལམ་མདངས་འཛིན་བཻ་ཌཱུཪྱ། །ནོར་བུ་རིན་ཆེན་འབུལ༴ༀ་མ་ཎི་རཏྣ༴ཤེས་རབ་རང་བཞིན་ལང་ཚོས་གང་། །སྒྱུ་འཕྲུལ་སྒེག་པའི་ཉམས་དང་ལྡན། །རེག་བྱ་མཆོག་གི་དུད་པ་ཡི། །བཙུན་མོ་རིན་ཆེན༴ༀ་སྟྲི་རཏྣ༴ཟབ་ཅིང་རྒྱ་ཆེ་གཏིང་དཔག་དཀའ། །ཕུར་བུའི་བློ་ལྡན་ཡིད་གཞུངས་པ། །ཕན་བདེའི་དཔྱིད་གྱུར་གཏོང་ཕོད་ཅན། །བློན་པོ་རིན་ཆེན༴། ༀ་པུ་རུ་ཥ༴སྟོབས་བཅུའི་རྩལ་རྫོགས་ཆུ་ཞིང་གབ། །ཐལ་དཀར་མཆེ་བ་དྲུག་ལྡན་པ། །ཀཻ་ལ་ཤ་ཡི་ཁ་དོག་ཅན། །གླང་པོ་རིན་ཆེན༴ༀ་ཧསྟི་རཏྣ༴རླུང་གི་ཤུགས་འཆང་གོམ་སྟབས་ཀྱིས། །འཁོར་ཡུག་བསྐོར་ཏེ་སླར་ལྡོག་པ། །རྨ་བྱའི་མགྲིན་འདྲའི་སྤུ་སྡུག་མཛེས། །རྟ་མཆོག་རིན་ཆེན༴ༀ་ཏུ་རངྒ་ཨ་ཤྭ་རཏྣཱ༴དཔའ་ཞིང་རྔམས་པའི་དྲེགས་པ་ཡིས། །བདུད་བཞིའི་ཕས་རྒོལ་མཐར་བྱེད་པའི། །


SPN002_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་དབང་བསྒྱུར་སྙིང་སྟོབས་འཆང་། །དམག་དཔོན་རིན་ཆེན༴ༀ་ཁངྒ་རཏྣ༴ཞེས་དང་། དེ་ནས་བཀྲ་ཤིས་པའི་རྟགས་བརྒྱད་འབུལ་བ་ནི། ལྷ་རྫས་གདུགས་བཟང་ནོར་བུ་དྲིལ་གཡེར་འཕྱངས། །གསེར་མིག་དང་ལྡན་ཉ་མོ་འགྱུར་ཞིང་འཁྱུག །དྲི་མེད་འདབ་སྟོང་པདྨ་གེ་སར་ཅན། །གཡས་འཁྱིལ་སྐྱེ་བ་ལྔ་པ་ཆོས་སྒྲ་སྒྲོགས། །རིན་ཆེན་བུམ་པ་དཔག་བསམ་འབྱུང་གནས་གཏེར། །དཔལ་གྱི་བེའུ་དབང་པོའི་གཞུ་ལྟར་བཀྲ། །ཕྱོགས་ལས་རྣམ་གྲོལ་མི་ནུབ་རྒྱལ་མཚན་བསྒྲེང་། །ཟླུམ་འཁྱིལ་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་མཛེས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །འཕགས་མའི་དཀྱིལ་འཁོར་དགྱེས་པ་བསྐྱེད་ཕྱིར་འབུལ། །ༀ་ཨཥྚ་ཧེ་ཏུ་མངྒ་ལ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་འབུལ་ཞིང་། དེ་ནས་བཀྲ་ཤིས་པའི་རྫས་བརྒྱད་འབུལ་བ་ནི། རྒྱལ་བ་སྐྱེད་པའི་ཡུམ་གྱུར་ལྷ་ཡི་ཚོགས། །དཀྱིལ་འཁོར་ཆེན་པོར་དོན་དམ་དེ་བཞིན་མཆོད། །ཀུན་རྫོབ་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱི། །བཀྲ་ཤིས་རྨད་བྱུང་རྫས་ཀྱི་བྱེ་བྲག་ནི། །ཡུངས་ཀར་བགེགས་འཇོམས་མཐུ་སྟོབས་ནུས་པར་ལྡན། །དུརྦས་ཚེ་འཕེལ་འཆི་མེད་རྡོ་རྗེ་འགྲུབ། །ལི་ཁྲིས་དབང་བསྒྱུར་ཆོས་ཀྱི་རྒྱལ་སྲིད་བརྟན། །གིའུ་ཝཾ་དུག་གསུམ་ནད་བཅོམ་ཉོན་མོངས་ཞི། །རྩི་བཅུད་དྭངས་མས་བཀྲ་ཤིས་ཡོན་ཏན་བསྐྱེད། །མེ་ལོང་སྒྲིབ་བྲལ་སྙིང་པོའི་དོན་


SPN002_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཤིང་། །བིལ་བས་དོན་འགྲུབ་བྱང་ཆུབ་འབྲས་བུ་སྨིན། །དུང་དཀར་ས་གསུམ་གྲགས་སྙན་ལྡིར་བར་བྱེད། །ཤིས་པའི་རྫས་མཆོག་འབུལ་བའི་བསོད་ནམས་ཀྱིས། ཚོགས་གཉིས་རྫོགས་ཤིང་དཔལ་དང་འབྱོར་བ་རྒྱས། །ཚེ་དབང་ཡེ་ཤེས་འགྱུར་མེད་གཞོམ་བྲལ་བརྟན། །ཡིད་ལ་འདོད་འཇོའི་དངོས་གྲུབ་ཆར་ཆེན་སྩོལ། །ༀ་ཨཥྚ་མངྒ་ལཾ་དྲ་བྱ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་འབུལ་ནས། དེ་ནས་བཅུ་གཉིས་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་བསྟོད་པ་ཚིགས་བཅད་བརྒྱད་པ་ནི། སེང་གེ་གླང་ཆེན་མེ་སྦྲུལ་ཆོམ་རྐུན་དང་། །ལྕགས་སྒྲོག་རྒྱ་མཚོ་ཤ་ཟའི་འཇིགས་པ་རྣམས། །ཞི་མཛད་ཟླ་བའི་འོད་ལྟར་མཛེས་པའི་སྐུ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་ཞབས་ཀྱི་པདྨ་གཉིས་ལ་ནི། །ཡན་ལག་གཆོག་གིས་རབ་ཏུ་གཏུགས་གྱུར་ན། །མངོན་འདོད་བདེ་བའི་འབྲས་བུ་སྨིན་མཛད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ༴འདབ་མ་བརྒྱད་ལྡན་ཡངས་པའི་སྙིང་པོ་ནི། །གསེར་ཞུན་ཉི་མ་འཆར་ཀའི་མདོག་འདྲ་ཞིང་། །རྡུལ་བྲལ་སྟོན་ཀའི་ཟླ་ལྟར་དྲི་མ་མེད། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ༴དྲང་སྲོང་གཙོ་དང་གྲུབ་པ་ལྟོ་འཕྱེ་ཆེ། །གཤིན་རྗེ་སྲིན་པོ་གནོད་སྦྱིན་ལྷ་མིན་དང་། །ལྷ་ཚོགས་རྣམས་ཀྱི་ཞབས་ལ་ཕྱག་བྱས་པའི། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ༴གླིང་དང་ནགས་ཚལ་སྟུག་པོ་རི་ཁྲོད་དང་། །ཕུག་


SPN002_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆུ་ཀླུང་རི་བོའི་རྩེ་རྣམས་སུ། །དུས་རྣམས་ཀུན་ཏུ་བཞུགས་པར་གྱུར་པ་ཡི། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ༴སེང་གེ་སྟག་དང་གླང་པོ་མཚོ་ཆེན་དང་། །མེ་དང་འཆིང་བ་རྐུན་པོ་སྦྲུལ་དུག་གི། །གནོད་པ་ཐམས་ཅད་རབ་ཏུ་འཇོམས་མཛད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ༴ཏཱ་རེ་ཏུཏྟ་རེ་དང་ཏུ་རེ་ཡིས། །གཡུལ་གྱི་མཚོན་ཆ་བཟློག་མཛད་ཕན་པར་དགོངས། །འཇིགས་དང་རྨི་ལམ་ངན་པ་འཇོམས་མཛད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ༴ཐུགས་རྗེས་ནོན་པའི་ཐབས་ཀྱིས་གང་དང་གང་། །སེམས་ཅན་གཟིགས་གྱུར་དེ་ཡི་དཔལ་འཕེལ་འགྱུར། །སྒྲོལ་མས་མི་བསླུའི་འབྲས་བུ་མྱུར་ཐོབ་མཛོད། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ཅིང་། ཐལ་མོ་མེ་ཏོག་གི་སྙིམ་པར་སྦྱར་ལ། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །སོགས་ཀྱིས་འདོད་གསོལ་ཕུལ་ནས། སྐབས་སུ་མེ་ཏོག་འཐོར་བར་བྱའོ། །དེ་ལྟར་མཆོད་ཅིང་བསྟོད་པས་བཅོམ་ལྡན་འདས་མའི་ལྷ་ཚོགས་རྣམས་རབ་ཏུ་དགྱེས་ནས། སྒྲུབ་པ་པོ་དང་། གང་གི་དོན་དུ་བྱ་བ་དེ་ཡི་སྤྱི་བོར་མཆོག་སྦྱིན་པའི་ཕྱག་རྒྱས་རེག་སྟེ་དངོས་གྲུབ་ཀྱི་མཆོག་སྩོལ་བར་བསམ་མོ། །དེ་ནས་གཏོར་མ་འབུལ་བའི་རིམ་པ་ནི། དོན་བཞི་ལས་དང་པོ་བྱིན་གྱིས་བརླབས་ནས་མཆོད་པ་ནི། ༀ་བཛྲ་ཀྲོ་དྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བ་རིན་


SPN002_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་ལས་གྲུབ་པའི་ནང་དུ་ༀ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་དགུའི་དཔལ་འབྱོར་ཅིར་ཡང་འཆར་བ་བླ་ན་མེད་པ་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེད་པར་བྱེད་པའི་ཁ་དོག་དྲི་རོ་ནུས་པ་མཐའ་ཀླས་པ་རྒྱས་པར་འགེངས་པའི་རང་བཞིན་ཅན་དུ་གྱུར། ༀ་ཨཱཿཧཱུྃ། ལན་གསུམ་བརྗོད་ནས་བྱིན་གྱིས་བརླབས་ལ། ༀ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་ནམ་གསུམ་གྱིས་ཕུལ། ༀ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། གཉིས་པ་བསྟོད་ཅིང་འབུལ་བ་ནི། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད། །གང་གི་བྱིན་རླབས་བདུད་རྩིའི་ཆར། །སྲིད་ཞིའི་ཚོགས་གཉིས་བསྐྱེད་པའི་གཉེན། །དོན་གཉིས་འབྲས་བུ་སྟེར་བ་མོ། །འཕགས་མའི་ལྷ་ཚོགས་རྣམས་ལ་བསྟོད། །བཅོམ་ལྡན་འདས་མ་འཁོར་བཅས་ཀྱི། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །བར་བརྗོད། གསུམ་པ་འདོད་དོན་གསོལ་བ་ནི། ཐལ་མོ་སྦྱར་ལ། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། གྲུབ་པ་ཆེན་པོ་བརྒྱད་དང་། ཞི་བ་དང་། རྒྱས་པ་དང་། དབང་དང་


SPN002_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སྤྱོད་ཀྱི་ཕྲིན་ལས་ལ་སོགས་པ་ཐམས་ཅད་ཐོགས་པ་མེད་པར་ལྷུན་གྱིས་གྲུབ་ནས་འགྲོ་བའི་དོན་ནུས་པར་མཛད་དུ་གསོལ། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་བྱུང་བའི་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པ་ནད་གདོན་བར་ཆད་ཉེ་བར་འཚེ་བའི་གནོད་བྱེད་ཐམས་ཅད་ཕྱིར་བཟློག་ཅིང་མེད་པར་མཛད་དུ་གསོལ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིངས་པ་རྣམས་ཡང་དག་པའི་ལམ་ལ་བཀོད་པར་མཛད་དུ་གསོལ། དུས་ཀུན་ཏུ་ཡང་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་མགོན་དང་དཔུང་གཉེན་སྐྱབས་དམ་པར་མཛད་ནས་ཐུགས་བརྩེ་བ་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད། ཁྱད་པར་འདོད་པའི་དོན་གང་ཡིན་པ་དེ་ཉིད་གསོལ་བ་རྩེ་གཅིག་ཏུ་གདབ་པོ། །བཞི་པ་ཕྱོགས་སྐྱོང་དང་གཞི་བདག་རྣམས་ལ་གཏོར་མ་བསྔོ་བ་ནི། སྔོན་འགྲོའི་སྐབས་སུ་འབྱུང་བ་ལྟར་བཏང་ནས་བགེགས་བསྐྲད་སྲུང་འཁོར་གྱི་བར་བྱ་ཞིང་། དེ་ནས་བདག་ཉིད་འཇུག་པ་དང་། གཞན་རྗེས་སུ་འཛིན་པའི་ཚུལ་གཉིས་ལས་དོན་སྐབས་ཐོབ་སོ་སོར་ཕྱེ་བ་ལས་རིམ་པ་བཅུ་ཡོད་པས། དང་པོ་ནི། ཇི་ལྟར་བལྟམས་པ་སོགས་ལས་བུམ་གྱི་ཁྲུས་དང་མཎྜལ་སོགས་ཕུལ་ལ་སྨིན་པར་བྱ་བའི་རིམ་པ་འོག་ཏུ་བཀོད་པར་ལྟར་རྫོགས་པར་བྱའོ། །གཉིས་པ་གཞན་སློབ་མ་གཞུག་པ་དང་འབྲེལ་བར་ཐོག་མར་བགེགས་དང་བར་ཆད་བསལ་བའི་དོན་དུ། སྔོན་འགྲོ་སྦྱོང་ཁྲུས་ཀྱི་རིམ་པ་སྤྲོ་ན། སློབ་མ་རྣམས་གུས་པ་དང་བཅས་དྲུང་དུ་འཁོད་ལ། སྟེགས་ཀྱི་ཁར་ཟླུམ་གཏོར་གསུམ་དང་ཆངས་བུ་


SPN002_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ལོ་གསུམ་རེ་བཅས་སྤེལ་མར་བཤམས་ལ། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱིས་བརླབས། ༀ་སརྦ་བིགྷྣཾ་སོགས་ལན་གསུམ་གྱིས་གཏོར་མ་རྣམས་སློབ་མར་གཡས་བསྐོར་ལན་གསུམ་དང་སེ་གོལ་བཅས་བྱའོ། །གང་འདིར་རྡོ་རྗེའི་སློབ་མ་རྣམས་བཅོམ་ལྡན་འདས་མའི་དཀྱིལ་འཁོར་དུ་སྨིན་པར་བྱེད་པ་ལ་གནོད་ཅིང་འཚེ་བའི་གདོན་བགེགས་ཞི་བས་སྦྱང་བར་འོས་པ་རྣམས་ཚིམ་པར་གྱིས་ལ་རང་གནས་སུ་སོང་ཞིག །ཅེས་བཏང་། སླར་ཡང་ཆངས་བུ་ཏིང་ལོ་གཡོན་བསྐོར་སོགས་སྔར་བཞིན། སརྦ་བིགྷྣཱཾ་དང་རྡོ་རྗེ་གསོར་ལ། སུམྦྷ་ནི་སྤེལ་མར་ལན་གསུམ་བརྗོད་ལ། གང་འདིར་རྡོ་རྗེའི་སློབ་མ་རྣམས་བཅོམ་ལྡན་འདས་མའི་དཀྱིལ་འཁོར་དུ་སྨིན་པར་བྱེད་པ་ལ་གནོད་ཅིང་འཚེ་བའི་གདོན་བགེགས་ཞི་དྲག་ཕྱེད་མས་སྦྱང་བར་འོས་པ་རྣམས་ཚིམ་པར་གྱིས་ལ་རང་རང་གི་གནས་སུ་སོང་ཞིག །གལ་ཏེ་མི་འགྲོ་བ་དེ་དག་རྡོ་རྗེའི་མེ་ལྕེས་བརླག་པར་འགྱུར་རོ། །ཞེས་པས་བཏང་། དེ་ནས་རང་ཉིད་ཁྲོ་བོའི་ང་རྒྱལ་གྱིས་དྲིལ་སྟབས་དང་བཅས། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་སློབ་མ་སྨིན་པར་བྱེད། །ཁྱོད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་


SPN002_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བར་གདོན་མི་ཟ། །ༀ་བཛྲ་ཀྲོ་དྷ་སོགས་དང་། ཧཱུྃ་བཞིའི་སྔགས་དང་རྡོ་རྗེ་གསོར་ལ་གུ་གུལ་བདུག་ཡུངས་ཀར་གྱིས་བྲབ་ལ་བགེགས་བསྐྲད། དེ་ནས་གསུམ་པ་སྡིག་པ་སྦྱང་བ་ནི། མདུན་དུ་ཏིལ་དང་། གཡས་སུ་མེ། གཡོན་དུ་ཆུ་བཞག་ལ། ཁྱེད་རང་གི་སྙིང་གར་ཀཾ་ནག་པོ་སྡིག་སྒྲིབ་ཀྱི་ངོ་བོ་ཤ་ཟའི་གཟུགས་སུ་གནས་པ་ལ། ལྟེ་བ་ནས་ཧཱུྃ་ལས་རྡོ་རྗེ་གནོད་སྦྱིན་དུ་གྱུར་པས་དེད་དེ་སྣ་བུག་གཡས་ནས་ཐོན་མདུན་གྱི་ཏིལ་ལ་ཐིམ་པས་ཁྲོ་བོའི་ཞལ་དུ་སོང་བར་མོས་ཤིགༀ་སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་ཧཱུྃ་སྭཱ་ཧཱ། མཐེབ་སྲིན་གྱིས་བླངས་ནས་གྱེན་དུ་ཕྱོགས་པ་སྟེང་འོག་བརྗེ་ཞིང་གཡས་གཡོན་དུ་ལན་གསུམ་བསྐོར་ཏེ། གཡས་སུ་ཡེ་ཤེས་ཀྱི་མེར་བསྲེགས། གཡོན་དུ་རྒྱ་མཚོ་ཆེན་པོར་དོར་བས་བྱང་ཞིང་དག་པར་གྱུར་པར་བསམས་ལ་མེར་བསྲེག་ཆུར་བླུག་སྟེ་ཕྱིར་དོར་རོ། །དེ་ནས་བཞི་པ་བཀྲུ་བྱབ་བསྲུང་བའི་རིམ་པ་བསྟན་པར་བྱ་བ་ནི། དེ་ཡང་རྣམ་རྒྱལ་ཆེན་པོས་རྒྱུན་གྱི་ཁྲུས་གསོལ་བ་ལ་ཕན་ཡོན་དཔག་ཏུ་མེད་པ་ཐོབ་པར་འགྱུར་གསུངས་བཞིན་ལྷ་ཁྲུས་སོགས་མི་དགོས་ཤིང་འདི་སྐད་དུ། མདུན་གྱི་ནམ་མཁར་འཕགས་མའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཇི་ལྟ་བར་གསལ་བ་བཀྲ་ལམ་མེར་བཞུགས་པ་དང་། ཁྱད་པར་དུ་མཚན་གཙོ་བུམ་ལག་ཏུ་ཐོགས་ལ་མཆན་ཉིད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་ཆེན་པོའི་བུམ་པ་འདི་ཕྱི་རིན་པོ་ཆེ་ལས་གྲུབ་པ། ནང་ལྷ་ཡི་འཁོར་ལོར་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་བདེ་བ་ཆེན་པོའི་ངོ་བོར་


SPN002_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ལས་དཀར་ཞིང་བསིལ་བ་རེག་ན་བདེ་བའི་ཆུ་རྒྱུན་འབབ་པས་ཁྱེད་རང་རྣམས་ཀྱི་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་ཕྱིར་ཐོན་ནས་ལུས་ཤེལ་གོང་གཡའ་ཕྱིས་བ་ལྟར་གསལ་སྟོང་སྒྲིབ་མེད་དྭངས་ཤིང་འཚེར་བའི་རྣམ་པ་ཅན་དུ་སོང་བར་མོས་ཤིག །བརྗོད་ལ་དང་པོ་ཁ་བཤལ། ཇི་ལྟར་བལྟམས་པ་སོགས། འདི་ནི་ཁྲུས་མཆོག་སོགས་དང་། ཡི་གེ་བཅུ་པའི་མཐར། སྤྲོ་ན་སོ་སོར་སྤེལ་ཚིག་ཅན་སྤྱི་འགྲོ་ལྟ་བུ་དང་། བསྡུ་ན། ནད་གདོན་སྡིག་སྒྲིབ་བགེགས་དང་བར་ཆད་གྲིབ་དང་མི་གཙང་བ་དུས་མ་ཡིན་པའི་འཆི་བ་ཕ་རོལ་གྱི་བྱད་དང་ཕུར་ཁ་རྦོད་གཏོང་མདོར་ན་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཤིནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལོང་སྐབས་དང་བསྟུན་ལ་བརྗོད། དེ་ནས་བྱབ་པ་ནི་བསྒྲུབ་བྱའི་གཟུགས་ཁྲུས་ཆུར་འཆར་བར་བྱས་ཤིང་། བུམ་ཆུ་ཁར་བཟུང་དུ་བཅུག་ལ། བུམ་པའི་ཁ་རྒྱན་རྩེ་གསུམ་གྱི་རྒྱས་བཟུང་ལ། རྨ་བྱའི་མདོངས་ཀྱི་དབུས་སུ་ཟླ་པའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་དཀར་པོའི་མཐར་ཉེ་སྙིང་གིས་བསྐོར་བ་ལས་འོད་ཟེར་ཁ་དོག་སྣ་ཚོགས་དང་འོད་དཀར་པོའི་ཟེར་འཕྲོས་ནས་ཁྱེད་རང་གི་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་མི་མཐུན་པའི་ཕྱོགས་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་ཁྲུས་ཆུའི་ནང་དུ་སིབ་སིབ་ཐིམ་པར་མོས་ཤིག །ཅེས་ཉེ་སྙིང་མཐར་སྤེལ་ཚིག་རྒྱས་བསྡུས་གོང་ལྟར་སྐབས་དང་


SPN002_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བསྟུན་ལ། ཨ་པཱ་ན་ཡེ་སྭཱ་ཧཱ་བཏགས་པ་བརྗོད་ཅིང་བྱབ་པར་བྱའོ། །མཐར་ཁ་བཤལ། དེ་ནས་སྲུང་བ་ནི། མདུན་བསྐྱེད་ཀྱི་སྐུ་ལས་འོད་དང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་གི་ལུས་ལ་རྡོ་རྗེ་དང་ཨུཏྤལའི་སྲུང་བའི་རང་བཞིན་གྱིས་མི་ཤིགས་པར་རྒྱས་གདབ། མི་འགྱུར་བར་བརྟན་པར་བྱ་བའི་མོས་པ་མཛོད། རྒྱལ་བ་སྲས་བཅས་བདེན་པའི་སོགས་བརྗོད་ལ། རྡོ་རྗེ་སྤྱི་མགྲིན་སྙིང་ལྟེ་གསང་བ་དཔུང་པ་གཉིས་དཔྱི་གཉིས་པུས་མོ་གཉིས་སོགས་ལ་རྒྱ་གྲམ་བཀོད་པའི་ཚུལ་དུ་བཞག་ལ། ཉེ་སྙིང་དང་གོང་ལྟར། རཀྵ་རཀྵ་བཏགས་པ་བརྗོད། དེ་ལྟར་སྔོན་དུ་འགྲོ་བ་བཀྲུ་བྱབ་སྲུང་བའི་རིམ་པ་ལ་བརྟེན་ནས། རྡོ་རྗེའི་སློབ་མ་འཁོར་དང་བཅས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཛ་ཡ་ཛ་ཡ་སུ་ཛ་ཡ། ཞེས་བརྗོད་པར་བྱའོ། །དེ་ལྟར་ཁྲུས་བྱབ་སྲུང་གསུམ་གྱི་སྤེལ་ཚིག་བསྡུས་པ་རེ་རེ་ནས་བརྒྱ་རྩ་བརྒྱད་ཀྱི་གྲངས་ལྡན་བྱས་ནས་ཁྲུས་བརྒྱ་ཞར་ལ་འགྲུབ་པའོ། །དེ་ནས་ལྔ་པ་དབང་དངོས་ལ་འཇུག་པ་ནི། མཎྜལ་གཞུང་ལས་བྱུང་བའམ་ཅི་རིགས་པ་ཕུལ་ལ། སྔོན་ཆད་རྡོ་རྗེའི་དཀྱིལ་འཁོར་འདིར་མ་ཞུགས་པའམ། མ་རིག་པའི་སྒྲིབ་གཡོགས་མཚོན་པའི་བརྡར་རས་ཡུག་དམར་པོ་ཁ་ཚར་མ་ཉམས་པ་རེའི་གདོང་གཡོགས་འཆིང་བའི་མོས་པ་མཛོད། ༀ་ཙཀྵུ་བྷནྡྷ་སོགས་ཀྱིས་གདོང་གཡོགས་བཅིངས། དཀྱིལ་འཁོར་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་གི་ཕྲེང་བ་རེ་གཏད་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ། མེ་ཏོག་གཏད། དེ་ནས་


SPN002_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་མོ་མེ་ཏོག་དང་བཅས་ཏེ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་པའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ནི་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་འཚལ། །ལན་གསུམ་དང་། སྙིང་གར་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་སྟེང་དུ་སྟོང་ཉིད་ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ་རེ་བསྒོམ་ལ་རྗེས་ཟློས། ༀ་སརྦ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི། ལན་གསུམ། རྡོ་རྗེ་སྙིང་གར་རེག་ལ། ༀ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾ། དེ་ཉིད་སྙིང་པོའི་བར་དུ་བྱང་ཆུབ་ཀྱི་སེམས་རབ་ཏུ་བརྟན་པར་བྱའོ། །དེ་ནས་བདུན་རྣམ་པར་དག་པ་རྡོ་རྗེ་གུར་ལས་བྱུང་བ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆིག །སོགས་ལན་གསུམ་དང་། རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་དམ་ཚིག་རྣམས་ཇི་ལྟ་བར་བསྲུང་བའི་མོས་པས་འདིའི་རྗེས་ཟློས། མགོན་པོ་སངས་རྒྱས་རྣམས་དང་ནི། །སོགས་ལན་གསུམ་བརྗོད། དེ་ནས་དམ་ལ་བཞག་པའི་རིམ་པ་བཞི་ལས་དང་པོ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་ལ། དུས་འདི་ཉིད་དུ་ཁྱོད་ཉིད་ནི། །སངས་རྒྱས་རིགས་སུ་ཆུད་པས་ན། །ང་ཡིས་ཡེ་ཤེས་རྡོ་རྗེ་སྦྱིན། །དེ་ཡིས་རྒྱས་པར་འགྲུབ་པར་འགྱུར། །ཉེས་དམིགས་ཀྱི་སྒོ་ནས་དམ་བཞག་ནི། རྡོ་རྗེ་སྙིང་གར་རེག་ལ། ང་ཡིས་བསྟན་པའི་


SPN002_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་འདི། །དམ་ཚིག་མེད་པའི་མི་རྣམས་ལ། །གལ་ཏེ་ཁྱོད་ཀྱིས་སྨྲས་གྱུར་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །གཉིས་ཀའི་སྒོ་ནས་དམ་བཞག་མནའ་ཆུ་སྦྱིན་པ་ནི། ཙནྡན་དང་གུར་གུམ་བསྲེས་པས་བདུད་རྩི་ལྔ་དང་ལྡན་པའི་ཆུ་སྦྱིན་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་བསྲུང་ན་དངོས་གྲུབ་འབྱུང་། །ཅི་སྟེ་དམ་ལས་འགལ་གྱུར་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །སློབ་དཔོན་བཀའ་གཉན་པར་གདམས་པའི་དམ་བཞག་ནི། ཐལ་མོ་སྤྱི་བོར་བཀོད། དེང་ནས་བརྩམས་ཏེ་ང་ཡི་བཀའ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །དམ་ཚིག་འགལ་བར་མི་བྱ་སྟེ། །དེ་ནས་དམ་ལ་གནས་པར་གྱིས། །དེས་ཡོལ་བ་ཕྱི་འཇུག་གི་རིམ་པ་རྣམས་སོང་ནས། ནང་དུ་འཇུག་པའི་ཚུལ་ལ་ཐོག་མར་ཡེ་ཤེས་དབབ་པའི་སླད་དུ་འདིའི་རྗེས་ཟློས་ཐལ་མོ་སྦྱར་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་བདག་ལ་ཡེ་ཤེས་སེམས་དཔའ་དབབ་པར་མཛད་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་ལ། དེ་ནས་དྲུག་པ་ཡེ་ཤེས་དབབ་པའི་དོན་དུ་དམིགས་པ་གསལ་བཏབ་པ་ནི། སློབ་མ་རྣམས་སྣང་བ་མཐའ་ཡས་སུ་གསལ་བའི་རྐང་མཐིལ་དུ་ཡྃ་ལས་རླུང་དཀྱིལ་སྔོན་པོ་ཟླ་གམ་བ་དན་ཡྃ་ཡིག་གིས་མཚན་པ། གསང་བར་རྃ་ལས་མེ་དཀྱིལ་དམར་པོ་འབར་བ་དང་ཛྷིཾ་གིས་མཚན་པ། སྙིང་ཁར་ཡྃ་ལས་ས་དཀྱིལ་སེར་པོ་གྲུ་བཞི་རྒྱ་གྲམ་དང་ཧཱུྃ་གིས་མཚན་པ། མགྲིན་པར་པྃ་ལས་ཆུ་དཀྱིལ་དཀར་


SPN002_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཟླུམ་པོ་བུམ་པ་དང་ཨཾ་གིས་མཚན་པ། སྤྱི་བོར་ཡྃ་ལས་རླུང་དཀྱིལ་སྔོན་པོ་བ་དན་དང་ཧྃ་མགོ་ཐུར་བསྟན་གྱིས་མཚན་པ། རླུང་གཡོས། མེ་སྦར། ས་གཡོས། ཆུ་ཁོལ་བས་ཧྃ་ལས་བདུད་རྩིའི་རྒྱུན་བབས་པས་ལུས་ཐམས་ཅད་གང་ཞིང་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་འོད་ཟེར་དང་བཅས་པ། མཐའ་མར་དཀྱིལ་འཁོར་གྱི་གཙོ་བོའི་རྩ་སྔགས་མེ་འབར་བའི་རྣམ་པ་བཞིན་དམར་ལྷག་ལྷག་པར་བསྒོམ་ལ། ལྷ་ཚོགས་རྣམས་ཀྱི་བྱིན་གྱིས་བརླབས་པའི་མོས་པ་གྱིས་ཤིག །རོལ་མོ་བསྒྲག་ཅིང་སྤོས་འཐུལ་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཨཱཿཨཱཿཞེས་མང་དུ་བརྗོད་པས་བྱིན་འབེབས་པར་བྱས་ལ། དེ་ཉིད་དབྱེར་མེད་དུ་རྒྱས་གདབ་པར་མོས་ལ། ཏིཥྛ་བཛྲ། ཞེས་རྡོ་རྗེ་སྤྱི་བོར་བཞག །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས་པ་ལ་སྤོ་བའི་ཚུལ་གྱིས་ཆེད་དུ་བརྗོད་པ་འདིའི་རྗེས་ཟློས། རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་། །གསང་བའི་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །དེ་ནས་སློབ་མ་རྣམས་གཞུག་པའི་ཕྱིར་དཀྱིལ་འཁོར་དུ་གསོལ་བ་བཏབ་པ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་བརྗོད། སྔོན་ཚེ་སྦྱོང་བའི་


SPN002_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་ལྷ་བརྟག་པའི་ཕྱིར་དཀྱིལ་འཁོར་དུ་མེ་ཏོག་འདོར་བ་ནི། རིན་ཆེན་མེ་ཏོག་ལ་སོགས་པ། །གང་ལ་ཕོག་པའི་རིགས་ཀྱི་ལྷ། །གཙོ་བོ་རིགས་ཏེ་བསྒྲུབ་ནས་ནི། །དངོས་གྲུབ་མྱུར་ཏེ་ཐེ་ཚོམ་མེད། །པྲ་ཏཱིཙྪ་བཛྲ་ཧོ། ཞེས་ཕུལ་ལ་དེ་ཉིད་སྤྱི་བོར་བསྟིམ་པ་ནི། བཅོམ་ལྡན་འདས་མ་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་གཟུང་བར་གྱིས། །པྲ་ཏི་གྲྀཧྣ་སྭ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་མེ་ཏོག་སྤྱི་བོར་བཀོད། མ་རིག་པའི་སྒྲིབ་གཡོགས་དང་མིག་དར་ལྷན་ཅིག་བསལ་བའི་མོས་པས། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པ་ཤྱ་ཧཱུྃ། ཅེས་རྡོ་རྗེ་དང་བཅས་ཏེ་མིག་དར་བསལ། དཀྱིལ་འཁོར་ལ་བལྟ་བ་བསྐུལ་བ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཞེས་དཀྱིལ་འཁོར་ལ་བལྟ་བ་བསྐུལ་ནས། མངོན་རྟོགས་བཞིན་ངོ་སྤྲད་ལ། ྃ ྂ ྃདེ་ལྟར་འཕགས་མའི་དཀྱིལ་འཁོར་མངོན་སུམ་མཇལ་བར་མོས་ལ། སྤྲོ་བ་བསྐྱེད་ནས་བཀའ་བསྒོ་བ་ནི། ད་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབས། །དམ་ཚིག་ཐམས་ཅད་སྐྱོང་བ་དང་། །གསང་སྔགས་རྣམས་ལའང་བརྩོན་པར་གྱིས། །དེ་ནས་འཇུག་པའི་ཆོས་རྣམས་སོང་ནས་དབང་དངོས་གཞིའི་དོན་དུ་མཎྜལ་ཕུལ་ལ། དེ་ནས་བདུན་པ་དབང་རྣམས་ཡོངས་སུ་རྫོགས་པར་ཞུ་བའི་དོན་དུ་འདིའི་རྗེས་ཟློས། མི་བསྐྱོད་རྡོ་


SPN002_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་དབང་བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །དེ་ལྟར་ཡོན་ཏན་འབྱུང་བ་སོགས། །དེ་བཞིན་བདག་ལ་དེང་སྩོལ་ཅིག །ལན་གསུམ། ཞེས་གསོལ་བ་བཏབ་པས་དཀྱིལ་འཁོར་གྱི་གཙོ་བོའི་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ནས་དབང་བསྐུར་བ་ནི། རྣམ་རྒྱལ་བུམ་པ་ཐོགས་ལ། ཇི་ལྟར་བལྟམས་པ་སོགས་བརྗོད། ༀ་བཛྲ་སཏྭ་ཧཱུྃ། ༀ་བཛྲ་ཨ་བྷི་ཥིཉྩ་མི། སྤྱི་བོར་བཞག་ལ་བུམ་ཆུ་བཏུང་། དེ་ལྟར་ཀུན་གཞིའི་རྣམ་ཤེས་ཀྱི་དྲི་མ་བཀྲུས་ནས་མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྨིན་པར་གྱུར། དེ་ནས་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་རིན་པོ་ཆེ་ལས་གྲུབ་པའི་རིགས་ལྔའི་མཚོན་བྱེད་ཅོད་པན་གྱི་དབང་བསྐུར་པ་ནི། ཅོད་པན་ཐོགས་ལ། ཕལ་པའི་གཞི་ནི་གཞོམ་པ་དང་། །ཡོན་ཏན་གཟི་བྱིན་བསྐྱེད་པའི་ཕྱིར། །ང་རྒྱལ་རིན་ཆེན་འབྱུང་ལྡན་གྱི། །ཅོད་པན་གྱིས་ནི་དབང་བསྐུར་རོ། ༀ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུྃ་ཨ་བྷི་ཥིཉྩ་མི། བཛྲ་ཧཱུྃ། རཏྣ་ཏྲྃ། པདྨ་ཧྲཱིཿཀརྨ་ཨཱཿཨ་བྷི་ཥིཉྩ་མི། རཏྣ་མ་ལ་ཏུ་ཥྱ་ཧོ། ཞེས་སྤྱི་བོར་བཀོན། དེ་ལྟར་ཉོན་མོངས་པའི་དྲི་མ་དག་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར། དེ་ནས་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཡེ་ཤེས་ལྔར་མཚོན་པའི་རྡོ་རྗེའི་དབང་བསྐུར་བ་ནི། རྡོ་རྗེ་ཐོགས་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །སངས་


SPN002_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀུན་ཏུ་རབ་སྒྲུབ་ཕྱིར། །རྡོ་རྗེའི་དབང་འདི་ཁྱོད་ལ་བསྐུར། །ༀ་བཛྲ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ལག་གཡས་སུ་གཏད། དེ་ལྟར་ཡིད་ཀྱི་དྲི་མ་དག་ནས་སོ་སོར་རྟོག་པའི་ཡེ་ཤེས་རྒྱུད་ལ་སྨིན་པར་གྱུར། དེང་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྟོང་ཉིད་ཀྱི་རང་བཞིན་དྲིལ་བུའི་དབང་བསྐུར་པ་ནི། དྲིལ་བུ་ཐོགས་ལ། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་སྒྲུབ་ཕྱིར། །དྲིལ་བུ་འདི་ནི་ཁྱོད་ཀྱིས་ལོངས། །ༀ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི། ལག་གཡོན་པར་བྱིན་ལ་བཀྲོལ། དེ་ལྟར་སྒོ་ལྔའི་རྣམ་ཤེས་ཀྱི་དྲི་མ་དག །བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར། དེ་ནས་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་རྡོ་རྗེ་མིང་གི་དབང་བསྐུར་བའི་མོས་པ་མཛོད། རྡོ་དྲིལ་ཐོགས་ལ། སངས་རྒྱས་ཀུན་གྱི་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་སྒྲུབ་ཕྱིར། །རྡོ་རྗེའི་མིང་དབང་ཁྱོད་ཀྱིས་ལོངས། །ༀ་བཛྲ་སཏྭ་སྟྭཾ་བཛྲ་ན་མ་ཨ་བྷི་ཥེ་ཀ་ཏ་ཧཱུྃ། རྡོ་རྗེའི་གསང་མཚན་འདི་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །དེ་དག་ནི་སློབ་མའི་དབང་སྟེ། དེ་ནས་བརྒྱད་པ་སློབ་དཔོན་གྱི་དབང་ནི། ཁྱེད་རྣམས་དཔལ་རྡོ་རྗེ་སེམས་དཔར་སྒོམས་ཤིག །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་ན་རྡོ་རྗེའི་ཕྱག་ན་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་


SPN002_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་བརྟུལ་ཞུགས་བརྟེན། །ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་བཛྲ་ཨེ་ཥ་དྷ་ར་ཡཱ་མི་ཧཱུྃ། ཧི་ཧི་ཧི་ཧི་ཧཱུྃ། རྡོ་རྗེ་ལན་གསུམ་གསོར་ནས་སྙིང་གར་བཟུང་ལ་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པར་མོས་ཤིག །དེ་ནས་དགུ་པ་བཟླས་ལུང་སྦྱིན་པ་ནི། ཁྱེད་རང་གི་སྙིང་གར་ཟླ་བའི་སྟེང་དུ་ཏཱྃ་དཀར་པོ་སྔགས་ཕྲེང་དང་བཅས་པ་གསལ་ཐོབ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་མུ་ཏིག་གི་ཕྲེང་བ་ལྟར་འཕྲོས་ནས་སློབ་མའི་ཞལ་དུ་ཞུགས་ཐུགས་ཀར་འཁོད་པར་མོས་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ལན་གསུམ་བརྗོད་དུ་གཞུག་ལ། མེ་ཏོག་འཐོར་ལ་རྗེས་ཟློས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། དེ་ཉིད་སྤྱི་བོར་འཆིང་བར་མོས་ལ། བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱི། །འདི་ལ་ཉེ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །མེ་ཏོག་སྤྱི་བོར་བཀོད་ལ། དེ་ནས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་སངས་རྒྱས་ནས་སེམས་ཅན་གྱི་དོན་སྒྲུབ་བར་བྱེད་པའི་རྗེས་སུ་གནང་བ་ནི། རིགས་ལྔ་སོ་སོའི་ང་རྒྱལ་དང་བཅས་ཏེ་རིམ་བཞིན་ཕྱག་རྒྱས་བཅིངས་ལ། ཇི་ལྟར་འཇིག་རྟེན་མ་ལུས་པ། །སྣ་ཚོགས་ཐབས་ཀྱིས་འདུལ་བའི་ཕྱིར། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །སྲིད་པའི་མཚོ་ལས་བསྒྲལ་དུ་


SPN002_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །དེ་བཞིན་དུ། རྡོ་རྗེ༴རིན་ཆེན༴པདྨ༴རྒྱ་གྲམ༴སོགས་སྦྱར་ལ། བཅུ་པ་ནི། དེས་དཀྱིལ་འཁོར་ཆེན་པོའི་དབང་རྫོགས་པར་ཐོབ་ནས་ཕྱི་ནང་གསང་བའི་དམ་ཚིག་ཚུལ་བཞིན་འཛིན་སྙམ་པས་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ་དང་། གཏང་རག་གི་མཎྜལ་དང་། ལུས་ལོངས་སྤྱོད་འབུལ་བ་ནི། དེང་ནས་བརྩམས་ཏེ་སོགས་ལན་གསུམ་རྗེས་ཟློས་དང་། མཐར་ཤིས་བརྗོད་དང་། དགེ་བ་བསྔོས་ནས་སློབ་མ་རྣམས་གྱེས། དེ་ནས་རྗེས་ཀྱི་ཆོ་ག་གཏང་རག་གི་མཆོད་པ་བྱ་བ་ནི། དོན་བདུན་ལས། དང་པོ་ནི་མཆོད་པ་རྣམས་ཁ་གསོ། སྔར་ལྟར་བསངས་སྦྱངས་བྱིན་གྱིས་བརླབས་ལ། འགྲོ་ཀུན་རེ་རེའང་ཞིང་རྡུལ་ལུས་སྤྲུལ་ནས། །ཡིད་འོང་རྨད་བྱུང་མཆོད་ཡོན་མར་གྱུར་ཏེ། །མཆོད་ཡོན་རྣམ་དག་མཁའ་དབྱིངས་གང་བ་ཡངས། །འཁོར་བ་ཇི་སྲིད་མཆོད་པར་འབུལ་གྱིས་བཞེས། །ༀ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དེ་བཞིན་དུ་ཐོག་མཐའ་འདྲ་བར། ཞབས་བསིལ༴པཱདྱཾ༴མེ་ཏོག༴པུཥྤེ༴བདུག་སྤོས༴དྷཱུ་པེ༴སྣང་གསལ༴ཨ་ལོ་ཀེ༴དྲི་ཆབ༴གནྡྷེ༴ཞལ་ཟས༴ནཻ་ཝི་དྱ༴སྒྲ་སྙན༴ཤབྡ༴ཞེས་སོགས་བརྗོད་ལ་རོལ་ཆེན་བྱ། དེ་ནས་གཉིས་པ་བསྟོད་པ་ནི། ༀ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཏཱ་རེ་སོགས་ཕྱག་འཚལ་ཉེར་གཅིག་གིས་བསྟོད། སྤྲོ་ན། ༀ་


SPN002_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ལས་སྒྲོལ་ཏ་རེ་མ། །སོགས་ནས། མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག །ཅེས་པའི་བར་བརྗོད། དེ་ནས་གསུམ་པ་འདོད་པའི་དོན་ལ་གསོལ་བ་བཏབ་པ་ནི། ཐལ་མོ་སྦྱར་ལ། བཅོམ་ལྡན་འདས་རྗེ་བཙུན་སྒྲོལ་མ་ཡིད་བཞིན་འཁོར་ལོ། འཕགས་མ་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་དཀྱིལ་འཁོར་གྱི་འཁོར་ལོ་རྒྱལ་བ་སྲས་དང་སློབ་མར་བཅས་པ་སྤྲུལ་པའི་ཚོགས་རྣམས་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཞབས་པད་བརྟན་ཞིང་རྣམ་པར་དཀར་བའི་ཕྲིན་ལས་རྒྱས་པར་མཛད་དུ་གསོལ། ཁྱད་པར་དུ་བདག་ཅག་རྣལ་འབྱོར་པ་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་རྐྱེན་ཕྱི་ནང་གི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་འདོད་པའི་དོན་ཐམས་ཅད་ཡིད་བཞིན་དུ་གྲུབ་པར་མཛད་དུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོགས་མེད་བདེ་བླག་ཉིད་དུ་ཚེ་འདི་ཉིད་ལ་སྩོལ་བར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་བརྗོད་ལ། བཞི་པ་བཟོད་གསོལ་ནི། ཡི་གེ་


SPN002_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་ཉམས་པ་སོགས་ཀྱིས་བཟོད་པར་གསོལ་ནས། བདག་དང་འགྲ་ོལ་ཐུགས་བརྩེའི་ཕྱིར། སོགས་དང་། སུ་པྲ་ཏིཥྛས་བརྟན་བཞུགས་དང་། གཤེགས་གསོལ་བྱེད་ན། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །སོགས་ནས། བཛྲ་མུཿདམ་ཚིག་པ་རང་གི་སྙིང་གར་ཐིམ་པར་མོས། འཇིག་རྟེན་པ་རྣམས་རང་གནས་སུ་གཏང་བ་ནི། མཆོད་སྦྱིན་གནས་འདིར་སོགས་བརྗོད། དེ་ནས་ལྔ་པ་རྗེས་གཞིག་གི་རྣལ་འབྱོར་ནི། རང་གི་ཐུགས་ཀའི་ཏཱྃ་ལས་འོད་ཟེར་འཕྲོས། རྒྱུ་བ་དང་མི་རྒྱུ་བའི་སྣོད་བཅུད་ཐམས་ཅད་སྲུང་བའི་གུར་ཁང་ལ་ཐིམ། རང་ཉིད་ཀྱང་རིམ་གྱིས་ཐུགས་ཀའི་ཏཱྃ་ལ་ཐིམ། དེའང་ཐིག་ལེ་དང་ནཱ་ད་མི་དམིགས་པའི་ངང་ལས་རང་བཞིན་གྱིས་འོད་གསལ་བའོ། །ཞེས་པའི་ངང་དུ་མཉམ་པར་བཞག་ལ། སླར་རང་ཉིད་རྗེ་བཙུན་མ་ཡི་སྐུར་ལམ་གྱིས་གསལ་བའི་གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན་པར་གྱུར། སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པ་སྟོང་བཞིན་དུ་ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་དུ་གསལ་བར་གྱུར། དྲུག་པ་བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །སོགས། དགེ་བ་རྫོགས་བྱང་དུ་བསྔོ་བ་དང་། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་སྨོན་ལམ་གྱི་རྒྱས་གདབ་ལ། དེ་ནས་དཀྱིལ་འཁོར་རྗེས་བསྡུ་ནི། རྡུལ་ཚོན་ཡོད་ན། ཨ་ཀཱ་རོས་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཡིད་ལ་བྱས་ཏེ་རིམ་བཞིན་བསྡུས་ཏེ་རྗེས་མི་མངོན་པར་བྱས་ལ། བདུན་པ་ཤིས་


SPN002_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྗོད་པ་ནི། མེ་ཏོག་གི་ཆར་པ་སྙིལ་བཞིན་པས། རྒྱལ་བའི་དཀྱིལ་འཁོར་མཁའ་དབྱིངས་ཁྱོན་ཡངས་པོར། །གསང་གསུམ་རྒྱན་གྱི་ཡོན་ཏན་རབ་དྭངས་པའི། །མཐའ་དབུས་མེད་པའི་བཀྲ་ཤིས་གང་ཡིན་པ། །དེང་འདིར་དགེ་བའི་དཔལ་གྱིས་འཚོ་གྱུར་ཅིག །བླ་མེད་དཀོན་མཆོག་དམ་པ་ཉིན་མོའི་མགོན། །རྣམ་དག་ཐུགས་རྗེའི་རང་གཟུགས་འོད་སྟོང་གིས། །འཇིག་རྟེན་མུན་སེལ་བཀྲ་ཤིས་གང་ཡིན་པ། །དེང་འདིར་དགེ་བའི་དཔལ་གྱིས་འཚོ་གྱུར་ཅིག །ཡིད་བཞིན་འཁོར་ལོ་ནོར་བུ་ཆུ་ཤེལ་ཅན། །འགྲོ་ལ་བདུད་རྩིའི་དཔལ་སྟེར་ཡུམ་གྱུར་མ། །འཆི་མེད་མཆོག་སྦྱིན་བཀྲ་ཤིས་གང་ཡིན་པ། །དེང་འདིར་དགེ་བའི་དཔལ༴འཕགས་མ་ཉེར་གཅིག་ཕྲིན་ལས་གང་འདུལ་གྱི། །འོད་སྣང་དཀར་པོས་ཕྱོགས་བཅུར་ཁྱབ་པ་ཡི། །ཉོན་མོངས་གདུང་སེལ་བཀྲ་ཤིས་གང་ཡིན་པ། །དེང་འདིར་དགེ་བའི་དཔལ༴ལྷ་དང་བཅས་པའི་མཆོད་འོས་གཙུག་གི་རྒྱན། །བསྟན་འཛིན་དགེ་འདུན་སྐར་ཚོགས་ལྟ་བུར་རྒྱས། །ཕན་བདེའི་འབྱུང་གནས་བཀྲ་ཤིས་གང་ཡིན་པ། །དེང་འདིར་དགེ་བའི་དཔལ་གྱིས༴འཇིག་རྟེན་མེས་པོ་ཚངས་དང་བརྒྱ་བྱིན་དབང་། །སྟོབས་ཀྱི་དཔུང་ཚོགས་ལེགས་བྱས་ཆར་ཆེན་གྱི། །ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གང་ཡིན་པ། །དེང་འདིར་དགེ་བའི་དཔལ་གྱིས༴སྲིད་ཞིའི་ཕུན་


SPN002_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཡོངས་འདུའི་དཔག་བསམ་ལྗོན། །བསོད་ནམས་བྱེ་བའི་འབྲས་བུ་གཡུར་ཟ་བའི། །འདོད་དགུ་སྨིན་པའི་བཀྲ་ཤིས་གང་ཡིན་པ། །དེང་འདིར་དགེ་བའི་དཔལ་གྱིས་འཚོ་གྱུར་ཅིག །ཅེས་ཤིས་པ་བརྗོད་པ་གཞན་ཡང་ཅི་རིགས་པ་སྤེལ་བར་བྱའོ། །དེ་ལྟར་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་གྱི་ཆོ་ག་འདི་ཡི་དང་པོ་སྤྱི་སྒྲུབ་ལ་བསྙེན་པ་ལེགས་པར་བྱས་ལ། དེ་ནས་ལྷ་ཉེར་གཅིག་པོ་སོ་སོའི་ལས་ཚོགས་མན་ངག་རྣམས་རྒྱ་གཞུང་ནས་ཇི་ལྟར་འབྱུང་བ་བཞིན་སྒྲུབ་པ་ལ་དབང་བ་ཡིན་ནོ། །དེ་ལྟར་ཚུལ་འདིར་མོས་པའི་བློ་ཅན་བསླབ་གསུམ་ལྡན་པ་སྟོང་ནག་པའི་སྐུ་སྐྱེ་ཕུན་ཚོགས་རབ་བརྟན་གྱི་རྣམ་པར་དག་པའི་རྒྱུད་ཀྱིས་ཉེ་བར་བསླངས་ནས་འདི་ལྟར་དགོས་ཞེས་རྟེན་འབྱུང་གི་མཎྜལ་དང་བཅས་ཏེ་བསྐུལ་བའི་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་བསྟན་འགྲོར་སྨན་པ་དང་བདེ་བའི་ཕྱིར་གསལ་བར་བཀོད་པའི་དགེ་བས་འགྲོ་རྣམས་འཆི་མེད་རྟག་པ་དམ་པའི་བདག་ཉིད་བཅོམ་ལྡན་འདས་མའི་གོ་འཕང་མངོན་དུ་རེག་པར་གྱུར་ཅིག །སརྦ་མངྒ་ལཾ་སུ་ཛ་ཡནྟུ། །

འདོན་འགྲིགས་བཀོད་པ།


SPN002_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་འགྲིགས་བཀོད་པ་བཞུགས། ཕྱག་འཚལ་ཉེར་གཅིག་ཆོ་ག་སྒྲུབ་མཆོད་དང་། སྐུ་རིམ་ལྟ་བུའི་སྐབས། དང་པོར་ཚིག་བདུན་གསོལ་འདེབས་དང་། བསམ་པ་ལྷུན་གྲུབ་མ། དེ་ནས་བརྒྱུད་འདེབས་དང་། སྔོན་འགྲོ་གཏོར་མ་ནས་བཟུང་བདག་བསྐྱེད་དང་། བུམ་བསྐྱེད་མདུན་བསྐྱེད་རྣམས་ལ་ཕྱག་འཚལ་ཉེར་གཅིག་བཏོན་སྐབས་ཐལ་མོ་སྦྱར་ལ། ཕྱག་འཚལ་ཏཱ་རེ་མྱུར་མ་སོགས་


SPN002_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་བཞི་པ་ལྟར། གཉིས་དང་། གསུམ་བདུན་གྱི་གྲངས་ལ། ཕན་ཡོན་ཚར་རེ་དང་། བསྙེན་པའི་གྲངས་གཞུང་དུ་གསལ། །མདུན་བསྐྱེད་དབང་བསྐུར་རྒྱས་གདབ་མཚམས་ཚོགས་ཐེངས་བྱ། ཡར་འཚོགས་བསྙེན་པ་དང་། མཆོད་པ། གཏོར་འབུལ། སྔོན་འགྲོ་བཏང་ཞིང་། ཁྲུས་བྱབ་དམིགས་བསལ་དགོས་ན་བྱ། དེ་མན་འདིར་མི་དགོས་ཤིང་། བདག་འཇུག་བྱིན་རླབས་ཀྱི་ཆེད་དུ་བྱ་ཞིང་། རྗེས་ཟློས་རྣམས་ཚར་རེས་འཐུས། བྱིན་འབེབས་སྐབས་རོལ་ཚིག་དཀྱིལ་ཆོག་གཞན་ལྟར་དགོས། རོལ་མོ་སྤྱི་ལ་མཆོད་རོལ་དགོས་པ་དང་། གྲོལ་ཉིན་ལྟ་བུ་དང་། སློབ་མར་དབང་གི་སྐབས་ལ་རྗེས་ཟློས་གསུམ་རེ་དགོས། དབང་གི་ནང་ཡིག་ཆུང་ཐམས་ཅད་རྒྱུན་པར་འདོན་མི་དགོས་ཤིང་། དབང་གནང་སྐབས་སློབ་དཔོན་གྱིས་མཚམས་སྦྱོར་གསུང་རྒྱུ་ཡིག་ཆུང་སེར་ཡོད་བཞག །ཡིག་ཆུང་སེར་མེད་འདོན་རྒྱུ་དང་། ཆོ་ག་འདི་ཉིན་རེ་ཚར་གཉིས་འདོན་ཚེ། གོང་ལྟར་མཆོད་པ་བྱིན་རླབས་ནས་སྐྱབས་འགྲོ་ཚར་གཅིག་འདོན་ལ་ཚོགས་པ་གུང་གསེང་བྱ། དེ་ནས་ཡར་འཚོགས་སྐྱབས་འགྲོ་ལན་གཉིས་དང་བཅས་སྔར་ལྟར་མདུན་བསྐྱེད་དབང་བསྐུར་རྒྱས་གདབ་མཚམས་ཚོགས་ཐེངས་དང་། ཡར་འཚོགས་བསྙེན་པ་མཆོད་པ་གཏོར་འབུལ་བྱ། སྔོན་འགྲོ་མི་དགོས། བདག་འཇུག་དང་རྗེས་ཆོག་བྱ། །


SPN002_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ཉེར་གཅིག་དྲིལ་གསིལ་བྱ། བཀྲ་ཤིས་སྨོན་ལམ་སོགས་མཐའ་རྒྱས་སྤེལ་ལེགས་མཛད་པས་གྲུབ་པའོ། །མངྒ་ལམ་སུ་ཛ་ཡནྟུ།། །།ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་སུ་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དཔལ་རྒྱས་པ་དང་། མཐར་ཐུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པའི་ཐུགས་བསྐྱེད་དང་བཅས་ཏེ། ལེགས་པར་གསན་འཚལ། དེ་ཡང་དུས་གསུམ་གྱི་རྒྱལ་བ་རྣམས་ནི་སེམས་ཅན་གྱི་དོན་ལ་ཐབས་མཁས་ཤིང་ཐུགས་རྗེས་ལྷག་པར་བརྩེ་བའི་ཕྱིར། ཕྱོགས་དུས་སངས་རྒྱས་ཀུན་གྱི་བྱིན་མཐུའི་གོང་བུ་སྨིན་པ་འཕགས་མཆོག་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་འཇིག་རྟེན་ཁམས་ཐམས་ཅད་སྒྲོལ་བའི་ཕྱིར་དུ། རྗེ་བཙུན་འཕགས་མ་སྒྲོལ་མ་དཀར་སྔོན་གཉིས་སུ་དངོས་སུ་སྣང་བའི་སྐུ་ཡི་བཀོད་པ་དང་། དེ་ལས་ཀྱང་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕགས་མ་ཉེར་གཅིག་ལ་སོགས་པ་གང་ལ་གང་འདུལ་གྱི་ཕྲིན་ལས་རླབས་པོ་ཆེ་འབྱམས་སུ་ཀླས་པའི་སྤྱོད་པ་གཞལ་བར་དཀའ་བ་དག་མཆིས་པར་སྣང་ཞིང་། ད་ལམ་སྐབས་སུ་བབས་པ་ནི། རྒྱ་གར་གྱི་པཎ་ཆེན་ངག་དབང་གྲགས་པའི་ལུགས་ཀྱི་སྒྲོལ་དཀར་འཆི་མེད་དཔལ་སྟེར་གཙོ་བོར་བྱས་ཏེ། སློབ་དཔོན་ཉི་མ་སྦས་པའི་བཞེད་པ་སྒྲོལ་མ་ཉེར་


SPN002_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སོར་བཞག་ནས། དཀྱིལ་འཁོར་གྱི་ཆོ་ག་གསར་དུ་བཀོད་ཅིང་། རྣལ་འབྱོར་རྒྱུད་ཀྱི་ལུགས་སུ་གཏོགས་པར་བྱས། ལར་འདི་ཡི་དཀྱིལ་ཆོག་གི་དབང་གཞུང་མི་ཏྲ་བརྒྱ་རྩའི་གྲལ་ལ་བཞུགས་པས། སྤྱན་རས་གཟིགས་དངོས་སྣང་དཔལ་ཀརྨ་པ་བཅུ་གསུམ་པའི་དྲུང་ནས་ཐོབ་ཅིང་། གཞན་ཡང་སྒྲུབ་ཐབས་རིན་འབྱུང་ལ་ཡང་རིག་གཏང་རྗེས་གནང་ཙམ་སྣང་བའི་རིག་འཛིན་རྡོ་རྗེ་དྲག་པོའི་དྲུང་ནས་ལེགས་པར་ཐོབ་པ་སྟེ། དེ་ལྟར་སྨིན་དབང་གྲོལ་བྱེད་གདམས་པའི་ཚན་ཁ་མ་ཉམས་པ་བྱིན་རླབས་ཁྱད་པར་དུ་འཕགས་པ་བཅོམ་ལྡན་འདས་མ་སྒྲོལ་མ་ཉེར་གཅིག་གི་དཀྱིལ་འཁོར་ཆེན་པོའི་དབང་བསྐུར་ཟབ་མོ་སྒྲུབ་པ་ལ། ཐོག་མར་སློབ་དཔོན་གྱི་བྱ་བ་བདག་མདུན་བུམ་པ་སྒྲུབ་པ་སོགས་མ་ནོར་བར་སྔོན་དུ་སོང་ཟིན་ནས། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་དོན་དུ་དངོས་དང་ཡིད་སྤྲུལ་རྒྱ་མཚོས་དྲངས་བའི་མཎྜལ་གནང་འཚལ། ྃ ྂ ྃདེའང་རྡོ་རྗེའི་རྭ་གུར་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་སྲུང་འཁོར་གྱི་ནང་དུ། ཟླ་བ་ཆུ་ཤེལ་དཀར་པོས་གཞལ་ཡས། དེའི་དབུས་སུ་པད་དཀར་སྡོང་བུ་ཡལ་འདབ་རྒྱས་པ་རིམ་པ་གསུམ་དང་ལྡན་པའི་ལྟེ་བར། ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་བཅོམ་ལྡན་འདས་མ་སྒྲོལ་མ་དཀར་མོ། སྤྱན་བདུན་བཀྲ་ཞིང་། དབུ་


SPN002_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་མཐོན་མཐིང་ལྟག་པར་བཅིངས་ཤིང་། ནུ་འབུར་ཟུང་གིས་མཛེས་པ། མུ་ཏིག་དཀར་པོ་གཙོ་བོར་གྱུར་པའི་རིན་པོ་ཆེའི་དབུ་རྒྱན། སྙན་ཆ་མགུལ་ཆུ་དོ་ཤལ་ལ་སོགས་རྒྱན་དུ་མས་སྤྲས་པ། ཕྱག་གཡས་མཆོག་སྦྱིན་དང་། གཡོན་མཐེབ་སྲིན་སྦྱར་བས་ཨུཏྤལ་དཀར་པོའི་སྡོང་བུ་ཐུགས་ཀར་འཛིན་པ། དར་དཀར་པོའི་སྟོད་གཡོགས་དང་སྣ་ཚོགས་དར་གྱི་སྨད་གཡོགས་ཅན། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཟླ་བའི་རྒྱབ་ཡོལ་ཅན། དེའི་ཕྱི་རིམ་པད་འདབ་བཞི་དང་། དེའི་ཕྱི་རིམ་པད་འདབ་བདུན། དེའི་ཕྱིར་རིམ་པད་འདབ་བཅུ་རྣམས་ཀྱི་སྟེང་དུ་པད་ཉི་ཟླ་གདན་སོ་སོར། མདུན་དུ་སྒྲོལ་མ་རབ་ཏུ་དཔའ་མོ་སྐུ་མདོག་དམར་མོ། དཀར་མོ་ཟླ་མདངས་ཀྱི་སྒྲོལ་མ་དཀར་མོ། གསེར་མདོག་ཅན་གྱི་སྒྲོལ་མ་སེར་མོ། གཙུག་ཏོར་རྣམ་རྒྱལ་སྒྲོལ་མ་སེར་མོ། ཧཱུྃ་སྒྲ་སྒྲོགས་པའི་སྒྲོལ་མ་སེར་མོ། འཇིག་རྟེན་གསུམ་ལས་རྣམ་རྒྱལ་སྒྲོལ་མ་དམར་མོ། རྒོལ་བ་འཇོམས་པའི་སྒྲོལ་མ་ནག་མོ། དབང་མཆོག་སྟེར་བའི་སྒྲོལ་མ་སེར་མོ། སེང་ལྡེང་ནགས་ཀྱི་སྒྲོལ་མ་ལྗང་སྔོན། མྱ་ངན་མེད་པའི་སྒྲོལ་མ་དམར་མོ། ཕོངས་པ་སེལ་བའི་སྒྲོལ་མ་ནག་མོ། བཀྲ་ཤིས་སྣང་བའི་སྒྲོལ་མ་སེར་མོ། ཡོངས་སུ་སྨིན་པའི་སྒྲོལ་མ་དམར་མོ། ཁྲོ་གཉེར་གཡོ་བའི་སྒྲོལ་མ་མཐིང་ག །དགེ་ལེགས་སྟེར་བའི་སྒྲོལ་མ་


SPN002_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ། ཆགས་པ་འཇོམས་པའི་སྒྲོལ་མ་དམར་མོ། བདེ་བ་སྒྲུབ་པའི་སྒྲོལ་མ་དམར་སེར། རབ་ཏུ་རྒྱས་པའི་སྒྲོལ་མ་དཀར་མོ། སྡུག་བསྔལ་སེལ་བའི་སྒྲོལ་མ་དཀར་མོ། དངོས་གྲུབ་འབྱུང་བའི་སྒྲོལ་མ་དམར་སེར། ཡོངས་རྫོགས་བྱེད་པའི་སྒྲོལ་མ་དཀར་མོ། དེ་རྣམས་ཀྱང་རྒྱན་ལུགས་སྣ་ཚོགས་པ་སྐུའི་དཀྱིལ་འཁོར་རབ་ཏུ་གསལ་ཞིང་འོད་ཀྱི་སྣང་བས་ཕྱོགས་བཅུར་ཁྱབ་པར་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། །

སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་ཟིན་བྲིས་མཐོང་བ་དོན་ལྡན་བཞུགས།


SPN002_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི། །ཟིན་བྲིས་མཐོང་བ་དོན་ལྡན་བཞུགས། །སྭ་སྟི། འཕགས་མ་ཉེར་གཅིག་དཀྱིལ་ཆོག་དུས་ཕྱིས་འདིར། །སྒྲུབ་དང་མཆོད་པའི་སྲོལ་རྒྱུན་དབེན་པས་ན། །བསླབ་གསུམ་མངོན་མཐོ་སྟོང་སྤྲུལ་ཕུན་ཚོགས་བརྟན། །རྣམ་དག་མོས་བློས་ཀུན་བསླང་ལྷ་རྫས་དང་། །འཕགས་མའི་སྐུ་བརྙན་ཛམྦུ་ཆུ་གསེར་ལས། །གྲུབ་པ་དང་བཅས་བསྐུལ་བས་དོན་ཡོད་ཕྱིར། །གཞུང་མཐུན་གོང་མ་དག་གིས་གསུང་རྒྱུན་གྱིས། །བརྒྱན་པའི་ཆོ་ག་སྦྱོར་དངོས་ཚུལ་ཙམ་བཀོད། །བདག་ལྟ་སོ་སྐྱེའི་ཅལ་སྒྲོག་འབྲས་མེད་པར། །དེས་ན་གཟུར་གནས་ཡིད་བརྟན་དཀའ་གྱུར་མོད། །འོན་ཀྱང་འཕགས་མཆོག་འཇིག་རྟེན་དབང་སྲས་མོ། །སྤྲུལ་བསྒྱུར་ཉེར་གཅིག་སྒྲུབ་ཐབས་འདི་དག་རྣམས། །ཡང་དག་རྫོགས་སངས་རྒྱས་ཀྱི་རྒྱུད་གསུངས་བཞིན། །ནཱ་གཱ་ཱརྫུ་ུན་ཨ་ཏི་ཤ་ལ་སོགས། །འཕགས་


SPN002_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་པཎ་གྲུབ་རིམ་གཉིས་རྟེན་ཐོབ་གཞི། །དཀྱིལ་ཆོག་རྒྱ་གཞུང་བོད་འདིར་སྔ་རབས་སུ། །ས་སྐྱ་དཀར་པོ་རྣམ་གསུམ་ཐུགས་དམ་མཐིལ། །གཞན་ཡང་རིས་མེད་མཁས་གྲུབ་སྤྱི་ནོར་ཏེ། །དར་རྒྱས་ཆེ་ལ་བྱིན་རླབས་ཡིད་ཆེས་གནས། །རྩོད་མེད་ལྷ་སྔགས་མཆོག་གྱུར་གཞིིར་གྲུབ་པ། །སྨོས་མ་དགོས་པར་བསྟན་ཅིང་ཆོ་ག་ཡི། །ཕྱག་བཞེས་རྒྱུན་བཟང་གཙོ་བོར་ཡིད་བཞིན་འཁོར། །བཀོད་འདི་རྒྱལ་དབང་དགུ་པའི་བཞེད་པ་སྟེ། །སྒྲོལ་དཀར་རྒྱུད་སྡེ་བཞི་ཀར་གཏོགས་ཅེས་གསུངས། །དེ་ན་རྟེན་འབྱུང་རྩ་སྒྲུབ་གཙོར་མཛད་བཞིན། །ཉེར་གཅིག་བླ་མེད་ཁོང་དུ་བཀྲལ་བ་དག །པཎ་ཆེན་ཉི་སྦས་ལུགས་ཏེ་གྲུབ་ཆེན་རྗེ། །མི་ཏྲ་ཛོ་ཀིའི་ཐུགས་དམ་བརྒྱ་རྩར་གྲགས། །རྗེ་བཙུན་ཏཱ་ར་ནཱ་ཐས་ཀུན་བཏུས་ཀྱི། །སྒྲུབ་ཐབས་རིན་འབྱུང་སོགས་དང་འབྲེལ་བ་ཡི། །ལྷ་སྔགས་ཞལ་ཕྱག་དབྱེ་ཚུལ་ཇི་བཞིན་པར། །བཀོད་ལ་ཟུར་ཙམ་ཁྱད་པར་སྣང་བ་ནི། །དེ་ཡང་དགུ་པར་སེང་ལྡེང་ནགས་སྒྲོལ་ལྗང་། །ཕྱག་གཡས་སྐྱབས་སྦྱིན་དང་ནི་རྒོལ་འཇོམས་སྒྲོལ། །ན་བཟའ་སེར་བསྣམས་ཞེས་པ་སྟོད་གཡོགས་ཚུལ། །རབ་རྒྱས་སྒྲོལ་མ་གླེགས་བམ་ཨུཏྤལ་མཚན། །བཀྲ་ཤིས་སྣང་སྒྲོལ་ལྕགས་ཀྱུ་གཉིས་བསྣམས་སོགས། །ཡིག་ཆ་ཁུངས་ལྡན་རྣམས་སུ་གསལ་བ་བཞིན། །དེ་ལྟར་འདུ་བགྱིས་འཁྲུལ་དྲིས་མ་གོས་སྙམ། །འདི་ཉིད་སྒྲུབ་


SPN002_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྲོ་ན་དམིགས་རྟེན་དུ། །འཕགས་མའི་སྐུ་དང་མཆོད་པ་གཏོར་མ་བཤམས། །གཙང་སྦྲ་དཀར་སྤྱད་དང་བཅས་མཚམས་བཅད་ལ། །དང་པོ་སྔོན་འགྲོ་ནས་བཟུང་སྲུང་འཁོར་བསྒོམ། །མཆོད་བྱིན་བརླབ་དང་སྐྱབས་སེམས་ཚོགས་ཞིང་མཆོད། །བདག་ལྷར་བསྐྱེད་དང་དམ་ཡེ་བསྲེ་དབང་བསྐུར། །རྒྱས་གདབ་མཆོད་བསྟོད་བྱ་ཞིང་འདི་སྐབས་སུ། །ཕྱག་འཚལ་ཉེར་གཅིག་རྗེས་ལ་བཞག་བཟླས་དམིགས། །གསལ་གདབ་བསྟེན་པ་ཚད་སྦྱར་འབུམ་ཕྲག་བཅུའི། །གྲངས་བསྙེན་ཐེམ་ཞིང་བྱེ་བ་བཟླས་པ་ཡིས། །ལས་ཀུན་འགྲུབ་གསུངས་སྤེལ་ཚིག་ཚེ་ཤམ་ཅན། །བརྒྱ་རྩ་བརྒྱད་བཟླས་སྤྱི་བོའི་འོད་དཔག་མེད། །ཕྱག་གིས་ལྷུང་བཟེད་བདུད་རྩི་ཁོལ་བབས་ནས། །རང་ལུས་གང་དམིགས་འཆི་མེད་འགྲུབ་པར་བསམ། །ལས་སྔགས་སྐབས་བསྟུན་བཟླས་ལ་ཐུན་མཚམས་སུ། །འོག་ནས་འབྱུང་བཞིན་གཏོར་འབུལ་མཆོད་པའི་རྗེས། །བསྟོད་ཕྱག་ཉེར་གཅིག་གཉིས་གསུམ་བདུན་གྱི་གྲངས། །ཐུན་རྣམས་སོ་སོར་གྲངས་ངེས་བརྗོད་དེ་ཡང་། །རང་གཞན་བཅུད་ཀྱི་སེམས་ཅན་དང་སྣོད་ཀྱི། །འབྱུང་ལྔའི་ཁམས་ལས་རང་སྒྲ་སྒྲོགས་ནས་སུ། །ཕྱག་བསྟོད་ཕུལ་བསམ་མདུན་རྟེན་ལྷའི་ཕྱག་གཡས། །མཆོག་སྦྱིན་རང་ངམ་དམིགས་བྱའི་སྤྱི་བོར་བཞག །བྱིན་རླབས་གང་གསོལ་འབད་མེད་ལྷུན་གྲུབ་


SPN002_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མོས། །དེ་ནས་ལྷ་དང་ལྷ་མིན་སོགས་འདོད་གསོལ། །ཡིག་བརྒྱས་ཁ་བསྐང་རྟེན་བཞུགས་བསྡུ་རིམ་བྱ། །ཟུང་འཇུག་སྐུར་སྣང་དགེ་བསྔོ་ཤིས་པ་བརྗོད། །དེ་བཞིན་ཐུན་བཅད་སྔོན་གཏོར་ཉིན་ལྟར་དུ། །མི་དགོས་མཆོད་པ་བྱིན་རླབས་ཕྱིན་དཀྱུས་མཚུངས། །བསྙེན་སྒྲུབ་གྲོལ་ཁར་སྤྲོ་ན་བུམ་མདུན་བསྐྱེད། །ལ་སོགས་གཞུང་ལྟར་བསྙེན་པའི་བཅུ་ཆ་ཡི། །ཁ་བསྐང་བྱ་ཚུལ་ཁོ་བོས་ཟིན་བཏབ་པ། །རྒྱལ་དབང་བཅུ་གསུམ་མཆོག་གིས་མཛད་སྒྲོལ་མ། །བཀྲ་ཤིས་དོན་འགྲུབ་རྒྱས་པའི་སྲེག་བླུགས་ཐབས། །དེར་གསལ་ལྷ་སྔགས་སྒྱུར་ཙམ་ཁྱད་པར་གདའ། །གཞན་ཡང་ཉེར་གཅིག་སོ་སོའི་སྒྲུབ་ལས་སྦྱོར། །བྱ་བར་འདོད་ན་པཎ་ཆེན་ཉེ་སྲས་ལུགས། །བཛྲེ་ཤྭ་རས་བཀྲལ་བ་དེས་མངོན་ཞིང། །ཚོགས་བསགས་སྒྲུབ་མཆོད་རིམ་པ་སྤྲོ་བ་ལ། །རྟེན་མཆོད་བཤམས་བཀོད་གཞུང་མཐུན་སྔོན་གཏོར་ནས། །བདག་བུམ་མདུན་བསྐྱེད་སོ་སོར་བསྟོད་ཕྱག་གྲངས། །ངེས་ཅན་བཟླས་པའི་གྲངས་ཀྱང་དེའི་རིགས་འགྲེ། །མཆོད་ཕྲེང་རྫོགས་ནས་དབང་གི་སྔོན་གཏོར་དང་། །སྲུང་འཁོར་བདག་འཇུག་ལ་སོགས་གཞུང་ལྟར་གྱི། ཁྲུས་ཆོག་དམིགས་བསལ་ཅན་ལས་འདིར་མི་བྱ། །དབང་ཆོག་མི་ཏྲའི་བཞེད་ལྟར་བཀོད་རང་གཞན། །དོན་ཆེན་ཕན་ཡོན་ཐོབ་ཕྱིར་རྒྱུད་སྡེའི་གསུང་། །


SPN002_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སྙིང་པོའི་འབྲས་གང་སྨིན་པའི་གཞི། །དེ་ལྟར་ཡོངས་ལ་སྨན་ཅིང་ཕན་བདེའི་ཆེད། །པདྨ་ཉིན་བྱེད་དབང་པོས་བཀོད་པ་སྟེ། །འགལ་འཁྲུལ་མཐོལ་བཤགས་དགེ་གང་མཆིས་པ་དེས། །རྒྱལ་བསྟན་ཡུན་གནས་བསྟན་འཛིན་ཞབས་པད་བརྟན། །དགེ་འདུན་སྡེ་རྒྱས་འགྲོ་རྣམས་བདེ་སྐྱིད་ལྡན། །སྲིད་ཞི་ལས་གྲོལ་ཐར་ཆེན་མཆོག་ཐོབ་ཤོག །སརྦ་མངྒ་ལྃ།། །།

སྒྲོལ་མ་ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་བསྟོད་པའི་རྣམ་བཤད་གསལ་བའི་འོད་ཟེར།


SPN002_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་བསྟོད་པའི་རྣམ་བཤད་གསལ་བའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །


SPN002_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བུདྡྷཱ་ཡ། བསྟོད་པ་འདི་ལ་དོན་གཉིས་ཏེ། བསྟོད་པ་དངོས་དང་ཕན་ཡོན་ནོ། །དང་པོ་ལ་གསུམ་སྟེ། སྐུའི་རྣམ་པས་ལོངས་སྐུའི་སྒོ་ནས་བསྟོད་པ་དང་། ཆོས་སྐུའི་སྒོ་ནས་བསྟོད་པ་དང་། ཕྲིན་ལས་ཀྱི་སྒོ་ནས་བསྟོད་པའོ། །དང་པོ་ལ་གསུམ། མཚན་གྱི་སྒོ་ནས་ལོ་རྒྱུས་བསྟན་པ་དང་། སྐུའི་རྣམ་པ་དང་། རྒྱན་དང་ཆ་ལུགས་སོ། །བར་མ་གཉིས་ལ། ཞི་བའི་སྐུའི་སྒོ་ནས་བསྟོད་པ་དང་། ཁྲོ་མོའི་སྐུའི་སྒོ་ནས་བསྟོད་པའོ། །དང་པོ་ལ་གསུམ། འོད་ཟེར་གྱི་སྒོ་ནས་དང་། ཕྱག་མཚན་དང་ཡོན་ཏན་གྱི་སྒོ་ནས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔས་བཀུར་བའི་སྒོ་ནས་བསྟོད་པའོ། །ཁྲོ་མོའི་སྐུའི་སྒོ་ནས་བསྟོད་པ་ལ་གསུམ། མཐུའི་སྒོ་ནས་དང་། འཇིག་རྟེན་པའི་ཆེན་


SPN002_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་ཀྱི་བསྟོད་པའི་སྒོ་ནས་དང་། ཕྲིན་ལས་ཀྱི་སྒོ་ནས་བསྟོད་པའོ། །དེ་ལ་གཉིས། ཐུན་མོང་གི་ཕྲིན་ལས་དང་། ཐུན་མོང་མ་ཡིན་པའིི་སྒོ་ནས་བསྟོད་པའོ། །རྒྱན་དང་ཆ་ལུགས་ཀྱི་སྒོ་ནས་བསྟོད་པ་ལ་བཞི། ཞི་བའི་ཆ་ལུགས་ཀྱི་སྒོ་ནས་དང་། །དྲག་པོའི་ཆ་ལུགས་ཀྱི་སྒོ་ནས་དང་། ཐུན་མོང་གི་དབུ་རྒྱན་གྱི་སྒོ་ནས་དང་། དྲག་པོའི་ཆ་ལུགས་ཀྱི་སྒོ་ནས་བསྟོད་པའོ། །དང་པོ་ལ་གཉིས། ཕྱག་མཚན་དང་དབུ་རྒྱན་ནོ། །དྲག་པོའི་འོག་མ་ལ་གསུམ། འོད་ཟེར་དང་། བཞུགས་ཚུལ་དང་། །ཕྱག་མཚན་གྱི་སྒོ་ནས་བསྟོད་པའོ། །སྤྱི་དོན་གསུམ་པ་ཕྲིན་ལས་ཀྱི་སྒོ་ནས་བསྟོད་པ་ལ་དྲུགགསང་སྔགས་ཀྱི་སྒོ་ནས་དང་། དབང་གི་སྒོ་ནས་དང་། དུག་ཞི་བའི་སྒོ་ནས་དང་། བར་ཆད་སེལ་བའི་སྒོ་ནས་དང་། རིམས་ནད་སེལ་བའི་སྒོ་ནས་དང་། མི་མཐུན་པ་


SPN002_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་བའི་སྒོ་ནས་བསྟོད་པའོ། །སྤྱི་དོན་གཉིས་པ་ཕན་ཡོན་ལ་བཞི། བསམ་པའི་ཁྱད་པར་དང་། དུས་ཀྱི་ཁྱད་པར་དང་། ཕན་ཡོན་དངོས་རྒྱས་པར་བཤད་པ་དང་། གྲངས་ཀྱི་སྒོ་ནས་ཕན་ཡོན་བསྡུས་ཏེ་རྒྱས་པར་བཤད་པའོ། །དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་པའོ། །ༀ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། ཕྱག་འཚལ་སྒྲོལ་མ་ནི་འཁོར་བའི་དུཿཁ་ལས་སྒྲོལ་མ། མྱུར་མ་ནི་སེམས་ཅན་གྱི་དོན་ལ་མྱུར་མ། དཔའ་མོ་ནི་ཉོན་མོངས་པ་འཇོམས་པས་དཔའ་མོ། སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །ཞེས་པ་ནི། འོད་གསལ་བའི་དཔེའོ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །ཞེས་པ་ནི། འཇིག་རྟེན་གསུམ་གྱི་མགོན་པོ་སྤྱན་རས་གཟིགས། ཆུ་སྐྱེས་ཞལ་གྱི་ཞེས་པ་ནི། དེའི་སྤྱན་ཆབ་ལས་བྱུང་བའི། པད་མའམ་ཨུཏྤལ། གེ་སར་བྱེ་བ་ལས་ནི་བྱུང་མ། །ཞེས་པ་ནི། པདྨ་ཁ་བྱེ་བ་ལས་སྒྲོལ་མ་བྱུང་པའོ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །ཞེས་པ་ནི། འོད་དཀར་བའི་དཔེའོ། །གང་བ་ནི་ཉ་གང་བ་ལྟ་བུའོ། །བརྒྱ་ནི་བརྩེགས་པའི་ཞལ་མ། ཞེས་པ་ནི། ཟླ་བ་ཉ་གང་བ་དེ་ཡང་བརྒྱ་ཕྲག་དུ་མ་སྤུངས་པ་ཙམ་གྱི་ཞལ་ལོ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཞེས་པ་ནི། དེ་གཉིས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་དཔེའོ། །ཕྱག་འཚལ་གསེར་སྔོ་ནི་ཁ་དོག་གསེར་བཙོ་མའི་འོད་ལྟར་གསལ་བའོ། །ཆུ་ནས་སྐྱེས་ཀྱི་ཞེས་པ་ནི། ཕྱག་མཚན་


SPN002_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པད་མའོ། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །ཞེས་པ་ནི། ཕྱག་གཡོན་ན་པདྨ་བསྣམས་པའོ། །སྦྱིན་པ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའོ། །བརྩོན་འགྲུས་ནི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའོ། །དཀའ་ཐུབ་ནི་ཚུལ་ཁྲིམས། ཞི་བ་ནི་ཉོན་མོངས་པ། བཟོད་པ་ནི་བཟོད་པའི་ཕ་རོལ་དུ་ཕྱིན་བའོ། །བསམ་གཏན་ནི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའོ། །སྤྱོད་ཡུལ་ཉིད་མ་ནི་ཤེས་རབ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་སྤྱད་པ་ལས་སྒྲོལ་མའི་སྐུ་ཐོབ་སྟེ། དེ་མཚན་པ་ལས་ཨུཏྤལ་མཚོན་པའོ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབུའི་གཙུག་ཏོར་ལྟ་བུའོ། །མཐའ་ཡས་རྣམ་པར་རྒྱལ་བ་སྤྱོད་མ། །ཞེས་པ་ནི། བདུད་དང་དགྲ་ལ་སོགས་པ་ཕྱིར་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བར་སྤྱོད་པའོ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །ཞེས་པ་ནི། ས་བཅུ་མ་ལུས་པའི་ངོ་བོ་ཕ་རོལ་ཕྱིན་པ་བཅུ་ཐོབ་པའོ། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བརྟེན་མ། །ཞེས་པ་ནི། རྒྱལ་བའི་སྲས་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ། །ཤིན་ཏུ་བརྟེན་མ་ཞེས་པ་ནི། དེ་རྣམས་ཀྱིས་ཕུད་དུ་ཁུར་བའོ། །ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེས། །ཞེས་པ་ནི། ཏུཏྟཱ་རེ་ཧཱུྃ་ཞེས་སྔགས་སོ། །ཡི་གེ་ཞེས་པ་སྔགས་ཀྱི་ཡི་གེ་དེ་རྣམས་ཀྱི་མཐུ་དང་འོད་ཟེར་གྱིས་སོ། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །ཞེས་པ་ནི་འདོད་ཁམས་


SPN002_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཟུགས་ཁམས་དང་གཟུགས་མེད་ཀྱི་ཁམས་གང་བའོ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ཞེས་པ་འདོད་ཁམས་གྱི་འགྲོ་བ་ལྔ་དང་། གཟུགས་ཁམས་དང་གཟུགས་མེད་ཁམས་དང་བདུན་མནན་པའོ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཞེས་པ་ནི། ལུས་པ་མེད་པ་ནི་སེམས་ཅན་གྱི་དོན་མ་ལུས་པར་བྱེད་པའོ། །འགུགས་པར་ནུས་མ་ནི། རྒྱལ་པོ་ལ་སོགས་དབང་དུ་སྡུད་ནུས་པའོ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །ཞེས་པ་ནི། ལྷའི་དབང་པོ་བརྒྱ་བྱིན་དང་། མེ་ལྷ་དང་ཚངས་པ་དང་། རླུང་ལྷ་དང་། དེ་རྣམས་ཀྱི་བདག་པོར་གྱུར་པ་དབང་ཕྱུག་ཆེན་པོས་ཞབས་ལ་མཆོད་པ་འབུལ་བའོ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཞེས་པ་ནི་འབྱུང་པོ་ནི་ཚོགས་བདག་ལ་སོགས་པའོ། །རོ་ལངས་ནི་དབང་ཕྱུག་ཆེན་པོ་ལ་སོགས་པའོ། །དྲི་ཟ་ནི་ཟུར་ཕུད་ལྔ་པ་ལ་སོགས་པའོ། །གནོད་སྦྱིན་ནི་རྣམ་ཐོས་སྲས་ལ་སོགས་པའོ། །ཚོགས་ཀྱིས་ཞེས་པ་དེ་ལ་སོགས་པ་ལྷ་སྲིན་སྡེ་བརྒྱད་ཀྱིས་མདུན་ནས་བསྟོད་པའོ། །ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །ཞེས་པ་ནི། དྲག་པོའི་གསུང་གིས་གཞན་གྱིས་བྱས་པའི་སྦྱོར་བ་ངན་པ་བཤིག་ཅིང་ཕྱིར་བཟློག་པའོ། །གཡས་བསྐུམ་གཡོན་བརྐྱང་ཞེས་པ་ནི་བཞུགས་ཚུལ་ལོ། །ཞབས་ཀྱིས་མནན་ཏེ། ཞེས་པ་ནི། གོང་དུ་བཤད་པའི་དོན་ཏོ། །མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །


SPN002_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི། མེ་འབར་བའི་དབུས་ན་བསྒྱིངས་ནས་བཞུགས་པའོ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོས། །ཞེས་པ་ནི། ཏུ་རེའི་འཇིགས་པས་བདུད་ཐམས་ཅད་སེལ་བ་སྟེ། བདུད་སྐྲག་པར་བྱེད་པས་འཇིགས་པ་ཆེན་མོའོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཞེས་པ་ནི། དཔའ་བོ་ནི་ཉོན་མོངས་པའི་བདུད་དོ། །དེ་བཅོམ་པས་གསུམ་པོ་ཞོར་ལ་འཇོམས་སོ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །ཞེས་པ་ནི། ཆུ་སྐྱེས་ཞལ་ནི། པདྨ་ཁ་བྱེ་བ་ལྟར་ཡིད་དུ་འོང་བའི་དཔལ་མོའི་ཞལ་ལོ། །ཁྲོ་གཉེར་ལྡན་མཛད་ནི། ཁྲོ་མོར་བཞུགས་པའོ། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཞེས་པ་ནི། མི་མཐུན་པའི་ཕྱོགས་ཉོན་མོངས་པ་ལ་སོགས་པ་ཐམས་ཅད་གསོད་པའོ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །ཞེས་པ་ནི། གཡོན་པའི་ཕྱག་མཐེབ་སྲིན་གྱིས་པདྨ་ཐུགས་ཀར་བསྣམས་པས་བརྒྱན་པའོ། །སོར་མོ་གསུམ་བརྐྱངས་པ་ནི་དཀོན་མཆོག་གསུམ་མཚོན་པའི་བརྡའོ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །ཞེས་པ་ནི་གཡས་པས་མཆོག་སྦྱིན་མཛད་པའི་ཕྱག་མཐིལ་འཁོར་ལོས་བརྒྱན་པའོ། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཞེས་པ་ནི། ཕྱག་གི་འཁོར་ལོ་ལས་འོད་ཟེར་འཕྲོས་པས་འོད་གཞན་ཟིལ་གྱིས་གནོན་པའོ། །ཕྱག་འཚལ་རབ་ཏུ་དགའ་བར་


SPN002_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བས་སྤེལ་མ། །ཞེས་པ་ནི། རབ་ཏུ་དགའ་བའི་སེམས་ཅན་ཐམས་ཅད་ཀྱི་འདོད་པ་བསྐང་བ། བརྗིད་པ་ནི་གཞན་ཟིལ་གྱིས་གནོན་པའོ། །དབུ་རྒྱན་རིན་པོ་ཆེ་དུ་མའི་ཕྲེང་བས་མཛེས་པར་བྱས་པའོ། །བཞད་པས་རབ་བཞད་ཏུཏྟཱ་ར་ཡིས། །ཞེས་པ་ནི། སྔགས་ཀྱིས་བཞད་སྒྲ་སྒྲོགས་པའོ། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཞེས་པ་ནི། སྔགས་ཀྱི་བཞད་སྒྲ་དེས། བདུད་དང་འཇིག་རྟེན་དབང་དུ་མཛད་པའོ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཞེས་པ་ནི། ཕྱོགས་སྐྱོང་བཅུའོ། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །ཞེས་པ་ནི། ཅི་གསུང་ཉན་པའི་སྒོ་ནས་ཕོ་ཉ་བྱེད་པའོ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །ཞེས་པ་ནི། ཁྲོ་མོར་བཞུགས་པའི་ཐུགས་ཀ་ན་ཡི་གེ་ཧཱུྃ་གིས་མཚན་པའོ། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཞེས་པ་ནི། མི་མཐུན་པའི་ཕྱོགས་ཀྱིས་གཟིར་ཞིང་། མཐུན་པའི་ཕྱོགས་ཀྱིས་ཕོངས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ནས་བདེ་བ་ལ་འགོད་པའོ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་རྒྱན། །ཅེས་པ་ནི། ཚེས་གཅིག་ཟླ་བས་དབུ་བརྒྱན་པའོ། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །ཞེས་པ་ནི། ཟླ་བ་དེ་ལས་འོད་ཟེར་འབར་བའོ། །རལ་པའི་ཁྲོད་ན་འོད་དཔག་མེད་ལས། །ཞེས་པ་ནི། རལ་པའི་གསེབ་ན་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པའོ། །རྟག་པར་ཤིན་


SPN002_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འོད་ནི་མཛད་མ། །ཞེས་པ་ནི། སྣང་བ་མཐའ་ཡས་ཀྱིས་སེམས་ཅན་དོན་དུ་འོད་ཟེར་དཔག་ཏུ་མེད་པར་འགྱེད་པའོ། །ཕྱག་འཚལ་བསྐལ་པའི་མཐའ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །ཞེས་པ་ནི། བསྐལ་པ་མཐའ་མ་ཉི་མ་བདུན་ཤར་བའི་དུས་སུ་ུས་རྡོ་རི་བྲག་ཐམས་ཅད་མེ་ལྟར་འབར་ནས་འོང་བས། དེ་ལྟ་བུའི་དབུས་ན་བཞུགས་པའོ། །གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི། །ཞེས་པ་ནི། བཞུགས་ཚུལ་སྔ་མ་ལས་བཟློག་པའོ། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཞེས་པ་ནི། མི་མཐུན་པ་ཐམས་ཅད་འཇོམས་པའོ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཞེས་པ་ནི། ཕྱག་གཡོན་པ་ས་ལ་བརྡབས་ནས་སྡིགས་མཛུབ་མཛད་པའོ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །ཞེས་པ་ནི། ངག་ཏུ་ཧཱུྃ་ཞེས་བརྗོད་པས་ཕྱག་གཡས་རྡོ་རྗེ་འཛིན་པ་དེ་ལས་འོད་ཟེར་འཕྲོས་པས་འགྲོ་བ་རིགས་བདུན་གྱི་གནས་བཀང་ནས། དེ་རྣམས་ཀྱི་བར་ཆད་ཐམས་ཅད་སེལ་བས་ན། རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཞེས་པའམ་ཡང་ན་ས་འོག་རིམ་པ་བདུན་ན་གནས་པའི་ཀླུ་དང་ལྷ་མིན་སོགས་དུམ་བུར་འཐོར་བར་མཛད་པའོ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །ཞེས་པ་ནི། བདེ་མ་ནི་ཟག་མེད་ཀྱི་བདེ་བ་དང་ལྡན་མ། དགེ་མ་ནི་བླང་བྱ་ཉོན་མོངས་པ་དང་བྲལ་


SPN002_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བས་དགེ་མ། ཞི་མ་ནི་སྡུག་བསྔལ་ཞི་བ་དེའི་ངང་ནས་སྤྱོད་པའོ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །ཞེས་པ་ནི། རྟོག་པ་ཟད་པས་མྱ་ངན་འདས། སྡུག་བསྔལ་ཞི་བས་ཞི་བདེའི་ངང་ལ་སྤྱོད་པའོ། །སྭཱ་ཧཱ་ༀ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཞེས་པ་ནི། བདག་ཆོས་སྐུའི་ངོ་བོས་ནི། གཞན་གྱི་སྤང་བྱ་ཉོན་མོངས་པ་འཇོམས་པའོ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམ་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་ཞི་བའི་སྔགས་སོ། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ༀ་ན་མཿཧཱ་རེ་ན་མོ་ཧ་རི་ཧཱུྃ་ཧ་ར་སྭཱ་ཧཱ། ཞེས་པ་ཁྲོ་མོའི་སྔགས་སོ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །ཞེས་པ་ནི། ཧཱུྃ་ལས་ཁྲོ་མོའི་སྐུར་བསྐྱེད་པའོ། །རི་རབ་མན་དྷཱ་ར་དང་འབིགས་བྱེད། །ཞེས་པ་ནི། སྟོང་གསུམ་གྱི་ཕྱི་རོལ་ན་རི་རབ་མན་དཱ་ར་བ་ཞེས་བྱ་བ་ཡང་ཡི་གེ་ཧཱུྃ་གི་འོད་ཟེར་གྱིས་འབིགས་པར་བྱེད་པའོ། །འཇིག་རྟེན་གསུམ་པོ་གཡོ་བ་ཉིད་མ། །ཞེས་པ་ནི། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གཡོ་བར་བྱེད་པའོ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཞེས་པ་ནི། ཟླ་བའི་དཀྱིལ་འཁོར་ལྷའི་མཚོ་ལྟ་བུའི་ཟླ་བའི་དཀྱིལ་འཁོར་ཕྱག་ན་བསྣམས་པའོ། དེ་ཉོན་མོངས་པའི་དུག་སེལ་པའི་རྟགས་


SPN002_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རི་དྭགས་རྟགས་ཅན་ཞེས་པ་ཟླ་བའོ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ། །ཏཱ་ར་ཞེས་པའི་སྔགས་དེས་བརྟན་པ་དང་གཡོ་བའི་དུག་སེལ་བའོ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མི་འམ་ཅི་ཡིས་བསྟེན་མ། །ཞེས་པ་གཉིས་ནི་ལྷ་ཚོགས་དེ་རྣམས་ཀྱི་དཔོན་ནམ་མི་འམ་ཅི་ཡི་རྒྱལ་པོ་ལྗོན་པ་ལ་སོགས་པས་ཞབས་ལ་མཆོད་པའོ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱི། །ཞེས་པ་ནི། ལྷའི་སྐུ་དང་སྔགས་ཀྱི་གོ་ཆའི་ཚུལ་དུ་གནས་པའོ། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཞེས་པ་མུ་སྟེགས་ཀྱི་རྩོད་པ་དང་རྨི་ལམ་ངན་པ་སེལ་པའོ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་རེ་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཞེས་པ་ནི། ཉི་མ་ཟླ་བ་རྒྱས་པ་ནི། སྤྱན་གཡས་པ་ཟླ་བ་གཡོན་པ་ཉི་མས་མཚོན་པ་སྟེ་འོད་རབ་གསལ་མ་ནི་གོང་གི་ཉི་ཟླ་གཉིས་ལས་འོད་བྱུང་ཞིང་གསལ་བའོ། །ཧ་ར་གཉིས་བརྗོད་ཅེས་པ་ནི་ཞི་ཁྲོ་གཉིས་ཀྱིས་སྔགས་ཀྱི་གསུང་གིས་ཤིན་ཏུ་དྲག་པོའི་རིམས་ནད་ལ་སོགས་པ་སེལ་པའོ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞེས་པ་ནི། སྐུ་གསུང་ཐུགས་ལ་ༀ་ཨཱཿཧཱུྃ་གསུམ་བཀོད་པའོ། །ཞི་བའི་མཐུ་དང་ཡང་དག་ལྡན་


SPN002_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མ། །ཞེས་པ་ནི། ཉོན་མོངས་པ་ཞི་བའི་མཐུ་དང་ལྡན་པའོ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །ཞེས་པ་ནི། བར་དུ་གཅོད་པ་ཐམས་ཅད་ཞི་བའོ། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །ཞེས་པ་ནི། ཡི་གེ་བཅུ་པའི་སྔགས་ཀྱི་མཐུས་མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པའོ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཞེས་པ་ནི། ཞི་བ་དང་ཁྲོ་མོའི་བསྟོད་པ་འདི། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །གིས་བསྟོད་པ་འདི་རང་ངོ་། །ལྷ་མོ་ལ་གུས་ཡང་དག་ལྡན་པའི། །ཞེས་པ་ནི། ལུས་ངག་ཡིད་གསུམ་ལྷ་མོ་ལ། །བློ་ལྡན་གང་གིས་རབ་དང་བརྗོད་པས། །སྲོད་དང་ཐོ་རངས་ལངས་པར་བྱས་ཏེ། །ཞེས་པ་ནི། སྲོད་ཁྲོ་མོའི་སྐུ་དྲན་པ་དང་ཐོ་རངས་ཞི་བའི་སྐུ་དྲན་པའོ། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །ཞེས་པ་ནི། ལྷའི་སྐུ་དྲན་པ་ཙམ་གྱིས་མི་འཇིགས་པ་སྦྱིན་པའོ། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བ། །ཞེས་པ་ནི། དྲན་པ་ཙམ་གྱིས་སོ། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །ཞེས་པ་ནི། ངན་འགྲོའི་འབྲས་བུ་ཞི་བའོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །ཞེས་པ་ནི། བར་མ་ཆད་པར་བདག་ལ། མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་འཐོབ་ཅིང་། །ཞེས་པ་ནི་ཚེ་འདི་དང་། དེར་ཡང་མ་ཟད། སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །ཐུན་མོང་གི་འབྲས་བུའང་།


SPN002_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་དུག་ནི་དྲག་པོ་ཆེན་པོ། །གཏན་ལ་གནས་པའམ་གཞན་ཡང་འགྲོ་བ་ཞེས་པ་ནི། ནག་པོ་བརྩེགས་པ་སོགས་དང་། སྡིག་སྦྲུལ་སོགས་བརྟན་གཡོ་དུག་དྲག་པོ་ཆེན་པོ་རྣམས་སོ། །ཟོས་པ་དང་ནི་འཐུང་པ་ཉིད་ཀྱང་། །ཞེས་པ་ནི། དུག་ཟོས་པ་དང་ནི་འཐུང་པ་ཉིད་ཀྱང་ནི། དྲན་པས་རབ་ཏུ་སེལ་བ་ཉིད་འཐོབ་སྟེ། བསྟོད་པ་དང་ལྷ་དང་སྔགས་དྲན་པས་དུག་རྣམས་སེལ་ལོ། །གདོན་དང་རིམས་དང་དུག་གིས་གཟིརབའི། །རྒྱུ་དང་འབྲས་བུས་བསྡུས་པ་ནི། སྡུག་བསྔལ་ཚོགས་ནི་རྣམ་པར་སྤངས་ཏེ། །རང་ལ་གནས་པ་རྣམས་སྒྲོལ་མའི་རིགས་སྔགས་ཀྱི་མཐུས་སྤངས་པའོ། །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་། །ཞེས་པ་ནི། བདག་གི་དེ་བཞིན་དུ་སེམས་ཅན་གཞན་པ་རྣམས་ལའང་ཕན་པར་ནུས་སོ། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །ཞེས་པ་ནི། བདག་དང་མདུན་ན་ལྷ་མོ་བསྟེན་པའི་ཕྱིར་ཅིས་ཀྱང་གདོན་ནོ། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པ་ནི་ནོར་རྣམས་ཉིད་འཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །ཞེས་པ་ནི། མཆོག་དང་ཐུན་མོང་ཐམས་ཅད་འགྲུབ། བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །ཞེས་པ་ནི། ཟློས་བ་ལ་བར་ཆད་མེད་པས་བགེགས་རྣམས་མེད། སྤང་བྱ་དེ་དག་གཉེན་པོ་རེས་འཇོམས་པར་སོ་སོར་འགྱུར་རོ། །བཅོམ་ལྡན་


SPN002_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

འདས་མ་སྒྲོལ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོས་བསྟོད་པ་གསུངས་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པ། ལོཙྪ་བ་གཉན་གྱིས་བསྒྱུར་བ། རྗེས་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་གཏན་ལ་ཕབ་པའོ། །ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་བསྟོད་པའི་རྣམ་པར་བཤད་པ་གསལ་བའི་འོད་ཟེར་ཞེས་བྱ་བ་རྫོགས་སོ།། །།

གཙུག་ཏོར་རྣམ་པར་རྒྱལ་མའི་མཆོད་ཆོག་ཡིད་བཞིན་རེ་སྐོང་ནོར་བུའི་གྲུ་ཆར།


SPN002_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་རྣམ་པར་རྒྱལ་མའི་མཆོད་ཆོག་ཡིད་བཞིན་རེ་སྐོང་ནོར་བུའི་གྲུ་ཆར་ཞེས་བྱ་བ་བཞུགས་སོ། །


SPN002_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭསྟི། བདེ་གཤེགས་རྒྱལ་ཀུན་སྐྱེད་པའི་ཡུམ། །བདེ་ལེགས་དངོས་གྲུབ་མཆོག་སྩོལ་མ། །དགེ་ཚོགས་རྒྱ་མཚོའི་འབྱུང་གནས་གཏེར། །དགེ་བའི་དཔལ་སྦྱིན་གང་དེར་འདུད། །གང་ཞིག་མཆོག་དངོས་གྲུབ་པའི་ཆར། །མྱུར་སྩོལ་ལྷ་ཡི་ལྷར་གྱུར་མའི། །མཆོད་བསྟོད་ཆོ་ག་ཡིད་བཞིན་གྱི། །རེ་སྐོང་ནོར་བུ་འདིར་བཀོད་བྱ། །བསླབ་གསུམ་གང་རུང་ལྡན་པ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་བྱས་ཤིང་། །འཆི་མེད་ལྷ་མོ་བསྒྲུབ་པ་ལ། །སྦྱོར་བ་དངོས་གཞི་རྗེས་གསུམ་གྱི། །ཐོག་མར་བཤམས་བཀོད་རིམ་པ་ལ། །བཞིར་དབྱེ་དུས་ནི་ཚེ་བསོད་ནམས། །ཡེ་ཤེས་རྒྱས་ཕྱིར་ཉ་སྟོང་བརྒྱད། །སྒྲིབ་སྦྱོང་བར་ཆད་སེལ་ལ་སོགས། །སྐབས་དང་མཐུན་པར་བརྩམ་གནས་ནི། །གཙུག་ལག་ཁང་ངམ་དབེན་པའི་གནས། །གཙང་བྱས་ཚོགས་ཀྱི་རྟེན་བཀོད་ནི། །རྣམ་པར་རྒྱལ་མའི་མཆོད་


SPN002_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ནམ། །སྐུ་བརྙན་དྲུང་ངམ་མཎྜལ་ལ། །འབྲུ་དཀར་དྲི་བཟང་སྦགས་པ་ཡི། །ཚོམ་བུ་ལྷ་གྲངས་མཉམ་པར་དགོད། །གཞན་ཡང་གསང་གསུམ་རྟེན་གང་འབྱོར། །བཀྲམ་ཞིང་མཆོད་པའི་རྫས་བཀོད་ནི། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་ལ་སོགས་རིམ་བཞིན་དུ། །སྟོད་དུ་ཚང་པར་འདུ་བྱ་ཞིང་། །མཆོད་གཏོར་བསང་ཆུ་གཞན་ཡང་ནི། །མཆོད་པའི་བྱེ་བྲག་རྣམ་མང་ཞིང་། །རྒྱ་ཆེན་བཀོད་མཛེས་སྟེང་འོག་དང་། །ཕྱོགས་མཚམས་གདུགས་དང་བླ་རེས་སོགས། །རྒྱན་གྱི་ཡོ་བྱད་ཇི་སྙེད་པ། །གཙང་ཞིང་ཡིད་འོང་འགོད་ནས་སུ། །བདེ་བའི་སྟན་ལ་འཁོད་བྱས་ནས། །གཉིས་པ་ཆོ་གའི་སྔོན་འགྲོ་གསུམ། །དང་པོ་སྐྱབས་སེམས་ཚད་མེད་ནི། །བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་


SPN002_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ་སོགས་ཀྱིས་སྐྱབས་སུ་འགྲོ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཕྱིར་དུ་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་བསྙེན་སྒྲུབ་ལ་འཇུག་པར་བགྱིའོ། །ལན་གསུམ་སེམས་བསྐྱེད་སླར་ཡང་ནི། སྐྱབས་སེམས་མདོར་བསྡུས་བཟུང་བར་བྱ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་ཚད་མེད་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་


SPN002_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་སྐུར་གསལ་བར་གྱུར། གཉིས་པ་བསང་ཆུ་སྒྲུབ་པ་ནི། སེམས་མ་རྡོ་རྗེ་མ་ཡི་རྒྱས། །ཀུ་ཤའི་འཐོར་གཡབ་འཛིན་ནས་སུ། །བདུད་རྩི་འཁྱིལ་བའི་རང་བཞིན་དུ། །མོས་ལ་སྔགས་འདི་ཉེར་གཅིག་བཟླའོ། །ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། གསུམ་པ་གནས་དང་ཡོ་བྱད་རྣམས། །བྱིན་བརླབ་ཕྱིར་དུ་བསང་ཆུ་འཐོར། །ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཀྱིས་བསངས། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭབྷཱ་ཝ་ཤུདྡྷོ྅ཧཾ། གིས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་རྫས་རྣམས་ཡེ་ཤེས་ཀྱི་རང་བཞིན། མཆོད་པའི་རྣམ་པ་ཟག་མེད་བདེ་ཆེན་གྱི་རྒྱུ་བླ་ན་མེད་པའི་མཁའ་དབྱིངས་ཐམས་ཅད་ཡོངས་སུ་ཁྱབ་པར་གྱུར། ༀ་བཛྲ་ཨརྒྷཾ་སྭཱ་ཧཱ། ༀ་བཛྲ་པཱ་དྱཾ་སྭཱ་ཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། ནས།


SPN002_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བཛྲ་ཤབྡ་ཨཱཿཧཱུྃ། ༀ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲ་ཛྙཱ་པ་ར་མི་ཏ་ན་ད་སཾ་བྷ་ཝ་ཏེ། བཛྲ་དྷརྨ་ཧྲི་ད་ཡ་ནི་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱ་ཧཱ། ལན་གསུམ་བྱིན་གྱིས་བརླབ་ནས་སུ། །གཉིས་པ་དངོས་གཞིར་རྣམ་པ་ལྔ། །མདུན་བསྐྱེད་ཚོགས་ཞིང་སྤྱན་དྲངས་པ། །མཆོད་ཅིང་བསྟོད་འབུལ་སྔགས་བཟླ་ཞིང་། །འདོད་དོན་གསོལ་གདབ་ལྔའི་དང་པོར། །ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རང་གི་མདུན་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན་དུ་གྱུར་པ་ནི། རིན་པོ་ཆེའི་རང་བཞིན་སེང་ཁྲིའི་སྟེང་དུ་པདྨ། དེའི་སྟེང་དུ་ཁྲི་ཟླུམ་པོ་བང་རིམ་གསུམ་བརྩེགས། དེའི་སྟེང་དུ་ཟླ་བ་ལ་གནས་པའི་བུམ་པ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་སྒོ་དང་བཅས་པ། སྟེང་དུ་རིན་པོ་ཆེའི་བྲེ། གདུགས་བཅུ་གསུམ། ཆར་ཁེབས་ཏོག་དང་བཅས་པ། མེ་ཏོག་གི་ཕྲེང་བ་དང་དར་གྱི་ལྡ་ལྡི་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་བུམ་པའི་ནང་དུ་པདྨ་དང་ཟླ་བའི་གདན་ལ་བྷྲཱུྃ་ལས་སྣ་ཚོགས་རྡོ་རྗེ་བྷྲཱུྃ་གྱིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་དཀར་བ། གཡས་སེར་བ།


SPN002_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་སྔོ་ཞིང་ཡིད་ཙམ་ཁྲོ་བ། ཞལ་རེ་རེ་ཞིང་ཞི་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་ཀྱི་དང་པོས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གཉིས་པས་པདྨའི་སྟེང་དུ་འོད་དཔག་ཏུ་མེད་པ་བཞུགས་པ་བསྣམས་པ། གསུམ་པས་མདའ། བཞི་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་དང་པོ་ཞགས་པ་དང་བཅས་པའི་སྡིགས་མཛུབ། གཉིས་པས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པའི་སྟེང་ན་བདུད་རྩིའི་བུམ་པ་དང་བཅས་པ། གསུམ་པས་གཞུ། བཞི་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ། གཡས་རྔ་ཡབ་དང་། གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ། གཡོན་དུ་ཕྱག་ན་རྡོ་རྗེ་སྔོན་པོ། གཡས་རྔ་ཡབ་དང་གཡོན་རྡོ་རྗེ་སྔོན་པོ་འཛིན་པ། གཙོ་འཁོར་གསུམ་གྱི་ཕྱོགས་བཞིར་ཁྲོ་བོ་བཞི་གནས་པ་ནི། ཤར་དུ་མི་གཡོ་བ་གཡས་རལ་གྲི་འཕྱར་བ། ལྷོར་འདོད་པའི་རྒྱལ་པོ་གཡས་ལྕགས་ཀྱུ་འཕྱར་བ། །ནུབ་ཏུ་དབྱུག་སྔོན་ཅན་གཡས་དབྱུག་པ་འཕྱར་བ། བྱང་དུ་སྟོབས་པོ་ཆེ་གཡས་རྡོ་རྗེ་རྩེ་གསུམ་འཕྱར་བ། ཐམས་ཅད་ཀྱང་སྐུ་མདོག་མཐིང་ཁ་རབ་ཏུ་ཁྲོས་པ། ཕྱག་གཡོན་སྡིགས་མཛུབ་ཐུགས་ཀར་


SPN002_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གཏོད་ཅིང་། སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་ནག་པོ་ཐོར་ཚུགས་སུ་བྱས་པ། སྟག་ལྤགས་དང་། སྦྲུལ་གྱི་རྒྱན་ཅན། མེ་དཔུང་འབར་བའི་དབུས་ན་གཡོན་བརྐྱང་གིས་བཞུགས་པའོ། །གཙོ་མོའི་སྟེང་གི་ནམ་མཁའ་ལ་གནས་གཙང་མའི་རིས་ཀྱི་ལྷའི་བུ་གཉིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་གཙོ་མོ་ལ་སྐུ་ཁྲུས་གསོལ་བ། དེ་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲཱུྃ་དཀར་པོ། དཔྲལ་བར་ཏྲཱྃ་སེར་པོ། ལྟེ་བར་ཧྲཱིཿདམར་པོ། བརླ་གཉིས་ལ་ཨཾ་ཨ་ལྗང་གུ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་འཁོར་དང་བཅས་པ། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿཞེས་སྤྱན་དྲངས་ནས། ༀ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤེ་ཨཱཿཧཱུྃ། ནས། ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བྃ་ཧོཿཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་གྱུར། ཡང་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པའི་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་


SPN002_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ནས། ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། སྐུ་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་སྤྱི་བོར་ལུད་པ་ལས་གཙོ་མོ་ལ་རྣམ་པར་སྣང་མཛད། སྤྱན་རས་གཟིགས་ལ་འོད་དཔག་མེད། ཕྱག་ན་རྡོ་རྗེ་དང་ཁྲོ་བོ་བཞི་ལ་མི་བསྐྱོད་པ། ལྷའི་བུ་གཉིས་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། དཀོན་མཆོག་སྤྱི་ཚོགས་ཀྱི་ཞིང་དམ་པར་སྤྱན་དྲངས་པ་ནི། བདག་དང་མདུན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས་ཐམས་ཅད་མཆོད་པའི་ཡུལ་དུ་བཛྲ་ས་མཱ་ཛཿམ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་


SPN002_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་བདག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་པས་གསོལ་བཏབ་སྤྱན་དྲངས་ནས། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་ཕྱི་འབྲངས་བགེགས་བསྐྲད་ཅིང་། །དེ་ནས་བཞུགས་གསོལ་གདན་འབུལ་ནི། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་རྒྱས་གེ་སར་བཅས། །བདེ་ཞིང་ཡངས་པ་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །གྱད་དང་སེང་གེས་བཏེགས་པའི་ཁྲི། །དར་དང་རིན་ཆེན་རྒྱན་སྤྲས་སྟེང་། པདྨ་ཟླ་བའི་གདན་གྲངས་མེད། །ཕུལ་བར་དགྱེས་བཞིན་བཞུགས་པར་གྱུར། །ༀ་བཛྲ་སིདྷ་ཨ་ས་ན་པདྨ་ཀ་མ་ལཱ་ཡ་སྟྭཾ། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤེ་ཨཱཿཧཱུྃ། ཤབྡའི་བར་གྱིས་མཆོད། དོན་ཚན་གཉིས་པ་མཆོད་པ་ནིི། བཅོམ་ལྡན་འདས་མའི་ལྷ་ཚོགས་དང་། དཀོན་མཆོག་མཆོད་ཞིང་དམ་པའི་དྲུང་། མཆོད་སྤྲིན་སྤྲོ་ཞིང་སྤེལ་བའི་ཕྱིར། གཟུངས་སྔགས་ཟབ་མོ་ལན་གསུམ་བཀླག །ༀ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡ་ནཱ་ཡ། ཏ་ཐཱ་ག་ཏ་ཡ།


SPN002_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎི་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤྭ་དྷ་ནེ་སྭཱ་ཧཱ། དེ་ནས་མཆོད་པ་འབུལ་བ་ནི། ཡེ་ཤེས་བདེ་བ་ཆེན་པོའི་དངོས། །མཆོད་ཡོན་བདུད་རྩིའི་རྒྱ་མཚོ་འདི། །དཔལ་གྱི་ལྷ་མོ་རྣམ་རྒྱལ་མ། །རྒྱལ་བ་སྲས་བཅས་རྣམས་ལ་འབུལ། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཡེ་ཤེས་བདེ་བ་ཆེན་པོའི་དངོས། །ཞབས་བསིལ་བདུད་རྩིའི་ཆུ་རྒྱུན་འདི། །དཔལ་གྱི་ལྷ་མོ་རྣམ་རྒྱལ་མ། །རྒྱལ་བ་སྲས་བཅས་རྣམས་ལ་འབུལ། །པཱ་དྱཾ། ལྷ་ཡི་མེ་ཏོག་སྣ་ཚོགས་པ། །ཡོངས་འདུ་མཎྜལ་ར་བ་དང་། །འདབ་བརྒྱ་ཨུཏྤལ་ཀུ་མུཏ་སོགས། །འབུལ་གྱི་བདག་ལ་དགྱེས་པར་མཛོད། །པུཥྤེ། སྣ་ཚོགས་དྲི་ཞིམ་སྤོས་ཀྱི་མཆོག །ཞིང་ཀུན་ཁྱབ་པར་བྱེད་པ་འདི། །འཆི་མེད་ལྷ་མོ་ལ་འབུལ་གྱི། །ཚེ་དབང་དངོས་གྲུབ་སྩོལ་ཕྱིར་བཞེས། །དྷཱུ་པེ། སྣ་ཚོགས་ནོར་བུའི་སྣང་གསལ་དང་། །བགེགས་འཇོམས་མར་མེའི་ཕྲེང་བ་འདི། །མཆོག་ཏུ་དགྱེས་པས་བཞེས་སུ་གསོལ། །བློ་དང་མཆོག་གི་དངོས་གྲུབ་སྩོལ། །ཨཱ་ལོ་ཀེ། བཞི་མཉམ་སྦྱར་བའི་དྲི་མཆོག་འདི། །ལྷ་ཡི་དྲི་བཟང་ཕྱེ་མ་དང་། །བྱུགས་པ་ཡིས་ཀྱང་བྱུགས་པར་བྱ། །རྫུ་འཕྲུལ་དངོས་གྲུབ་


SPN002_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་སྩོལ། །གནྡྷེ། བཟའ་བ་བཅའ་བའི་ཁྱད་པར་དང་། །སྣ་ཚོགས་བདུད་རྩིའི་ཞལ་ཟས་ནི། །བཏུང་བའི་བྱེ་བྲག་འབུམ་དང་སྦྱར། །བཞེས་ནས་བྱིན་གྱིས་བརླབ་པར་མཛོད། །ནཻ་ཝི་དྱ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཤབྡ། བར་གྱིས་མཆོད། དེ་ནས་རྒྱལ་སྲིད་བདུན་འབུལ་བ། འཕགས་མ་མཆོག་དང་རྒྱལ་བ་སྲས་བཅས་ལ། །རིན་ཆེན་དུ་མ་ལས་གྲུབ་རྩིབས་སྟོང་ལྡན། །མཁའ་ལ་མངོན་འཕགས་འཁོར་ལོ་འདི་འབུལ་བས། །སྲིད་ཞིར་མི་གནས་འཕགས་ལམ་མངའ་བརྙེས་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། འཕགས་མ་མཆོག་དང་རྒྱལ་བ་སྲས་བཅས་ལ། །སྲིད་གསུམ་ཀུན་དགར་བྱེད་པའི་སྣང་བ་ཅན། །རེ་སྐོང་ཡིད་བཞིན་ནོར་བུ་རིན་ཆེན་འབུལ། །ཉོན་མོངས་དབུལ་སེལ་ཆོས་ལ་ལོངས་སྤྱོད་ཤོག །མ་ཎི་རཏྣ༴འཕགས་མ་མཆོག་དང་རྒྱལ་བ་སྲས་བཅས་ལ། །ཤེས་རབ་རང་བཞིན་སྒེག་ཅིང་ལང་ཚོ་ལྡན། །བདེ་ཆེན་སྐྱེད་གཞི་བཙུན་མོ་རིན་ཆེན་འབུལ། །འཁོར་བ་ལས་སྒྲོལ་རྒྱལ་བའི་སྲས་གྱུར་ཤོག །སྟྲཱི་རཏྣ༴འཕགས་མ་མཆོག་དང་རྒྱལ་བ་སྲས་བཅས་ལ། །གཟུར་གནས་བློ་ཅན་ཟབ་ཅིང་གཏིང་དཔག་དཀའ། །ཕྱོགས་ལས་


SPN002_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་ཁྱིམ་བདག་རིན་ཆེན་འབུལ། །སྐྱེ་འགྲོའི་རྒུད་སེལ་རྫོགས་ལྡན་དུས་བཞིན་ཤོག །པུ་རུ་ཥ་རཏྣ། འཕགས་མ་མཆོག་དང་རྒྱལ་བ་སྲས་བཅས་ལ། །ཀཻ་ལ་ཤ་རི་དང་མཚུངས་སྟོབས་བཅུ་ལྡན། །ཐལ་དཀར་མཆེ་བ་དྲུག་གིས་མཛེས་པ་ཕུལ། །འཆི་བདག་དཔུང་གཞོམ་རྡོ་རྗེ་གསུམ་བརྙེས་ཤོག །ཧསྟི་རཏྣ༴འཕགས་མ་མཆོག་དང་རྒྱལ་བ་སྲས་བཅས་ལ། །གུང་གཉིས་གླིང་བཞི་བསྐོར་བའི་མྱུར་མགྱོགས་རྩལ། །རྫུ་འཕྲུལ་ཤུགས་ལྡན་ཅང་ཤེས་རྟ་མཆོག་འབུལ། །བར་ཆད་ལས་སྒྲོལ་ཡིད་ལ་འདོད་འཇོ་ཤོག །ཨ་ཤྭ་རཏྣ༴འཕགས་མ་མཆོག་དང་རྒྱལ་བ་སྲས་བཅས་ལ། །ཕས་རྒོལ་མཐར་བྱེད་དཔའ་བོ་རྔམ་བརྗིད་ཅན། །མཐུ་སྟོབས་གཟི་ལྡན་དམག་དཔོན་རིན་ཆེན་འབུལ། །བདུད་བཞིའི་གཡུལ་རྒྱལ་སངས་རྒྱས་བསྟན་འཕེལ་ཤོག །ཁངྒ་རཏྣ། དེ་ནས་འདོད་ཡོན་ལྔ་མཆོད་ནི། རྒྱལ་བའི་གཙུག་ཏོར་ལས་བྱུང་རྗེ་བཙུན་མ། །ལྷ་ཚོགས་མ་ལུས་འཁོར་དང་བཅས་རྣམས་ལ། །གཟུགས་ཀྱི་བྱེ་བྲག་ཡིད་འོང་གང་དག་དང་། །སྒྲ་ཡི་རྣམ་པ་སྲིད་ན་མཆིས་སོ་ཅོག །དྲི་མཆོག་སྦྱར་དང་བྱུགས་པའི་ཚོགས་ཇི་སྙེད། །བཤོས་གཙང་རོ་བརྒྱ་དང་ལྡན་ལྷའི་ཞལ་ཟས། རེག་འཇམ་རིན་ཐང་བྲལ་བའི་ན་བཟའ་སོགས། །འདོད་ཡོན་ཕུལ་བྱུང་མཆོད་པའི་སྤྲིན་སྤྲོ་བས། །རྒྱལ་བ་རྒྱ་མཚོའི་


SPN002_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་མཉེས་གྱུར་ཅིག །ཐུགས་རྗེས་བརྩེར་དགོངས་འཆི་བ་མེད་པའི་ཚེ། །རྒུད་མེད་ལང་ཚོ་རྟག་བརྟན་གཞོམ་བྲལ་བར། །སྟན་ཐོག་འདི་རུ་བྱིན་རློབས་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་བཛྲ་པཉྩ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱ་ཧཱུྃ་སྭཱ་ཧཱ། དེ་ནས་བཀྲ་ཤིས་རྟགས་བརྒྱད་འབུལ། སྐབས་གསུམ་བདག་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོས་མཆོད་པས་མདུན་བདར་བཞིན། །བཅོམ་ལྡན་འདས་མ་རྒྱལ་བ་སྲས་འཁོར་གྱི། །དབུ་ལ་དར་དང་རིན་ཆེན་རྒྱན་མཛེས་གདུགས། །སྤྱན་ལ་གསེར་ཉ་ལྡེམ་འཁྱུགས་འོད་འཚེར་བ། །གསུང་ལ་དུང་དཀར་གཡས་འཁྱིལ་གྲགས་སྙན་ལྡིར། །ལྗགས་ལ་པདྨ་འདབ་སྟོང་གེ་སར་བཞད། །མགུལ་ལ་རིན་ཆེན་གཏེར་གྱི་བུམ་པ་བཟང་། །ཐུགས་ལ་དཔལ་གྱི་བེའུ་རྣམ་པར་བཀྲ། །སྐུ་ལ་མི་ནུབ་རྒྱལ་མཚན་སྲིད་རྩེར་བསྒྲེང། །ཞབས་ལ་ཛམྦུའི་གསེར་འཁོར་རྩིབས་སྟོང་ཅན། །བདག་གཞན་བསོད་ནམས་ཚོགས་ཆེན་སྤེལ་བའི་ཕྱིར། །ལྷག་བསམ་དད་པའི་མོས་བློས་ཀུན་བླངས་ནས། །འབུལ་གྱི་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །ཚེ་དང་དཔལ་དང་གྲགས་དང་མཐུ་སྟོབས་དང་། །འབྱོར་པ་གཟི་བརྗིད་ཡེ་ཤེས་སྣང་བས་ཁྱབ། །མི་ཤིགས་རྡོ་རྗེ་གསུམ་ལྡན་དྭངས་མའི་ལུས། ཡོངས་གྲུབ་འཆི་མེད་རྟག་བདེའི་རང་བཞིན་དུ། །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབ་ཏུ་


SPN002_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ཨཥྚ་མངྒ་ལ་པྲ་ཏཱིཙྪ་ཨཱཿཧཱུྃ། དེ་ནས་བཀྲ་ཤིས་རྫས་བརྒྱད་འབུལ། སྔོན་ཚེ་ལྷ་ཡི་ལྷར་གྱུར་སྒྱུ་འཕྲུལ་སྲས། །བཅོམ་ལྡན་དགྲ་རྒྱལ་དགེ་སྦྱོང་ཆེན་པོའི་དྲུང་། །གསང་བའི་བདག་དང་བརྒྱ་བྱིན་ལ་སོགས་ཀྱིས། །བདེ་ལེགས་རྫས་བརྒྱད་ཕུལ་བ་སླར་ཡང་ནི། །དགེ་མཚན་ཉིད་དུ་བྱིན་གྱིས་བརླབས་ཇི་བཞིན། །དེང་འདིར་བདེ་གཤེགས་གཙུག་ཏོར་ལྷ་མོ་མཆོག །རྒྱལ་སྲས་སློབ་དང་སྤྲུལ་འཁོར་བཅས་པ་ལ། །ཡུངས་ཀར་དཱུརྦ་བིལ་བ་གིའུ་ཝྃ། །ལི་ཁྲི་ཞོ་མཆོག་མེ་ལོང་དུང་དཀར་པོ། །རྨད་བྱུང་མཆོད་པའི་རྫས་བརྒྱད་འདི་འབུལ་བས། །བདག་གཞན་འདི་ནས་སྙིང་པོ་བྱང་ཆུབ་བར། །ཚེ་རབས་རྟག་ཏུ་བཀྲ་ཤིས་ཡོན་ཏན་གྱི། །དཔལ་དང་ལྡན་པའི་བདེ་ལེགས་ཀུན་འབྱུང་བའི། །བརྩེ་ཆེན་ཐུགས་རྗེས་ཁྱབ་པར་མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ཨཥྚ་མངྒ་ལ་དྲ་བྱ་པྲ་ཏཱིཙྪ་ཨཱཿཧཱུྃ། དེ་ནས་མཎྜལ་འབུལ་བ་ནི། །རྒྱས་པར་ཡན་ལག་བདུན་པ་དང་། །ཚོམ་བུ་སོ་བདུན་བཀོད་པ་འབུལ། །བསྡུ་ན་ཚོམ་བུ་བདུན་པ་དང་། །འབྲེལ་བའི་མཆོད་ཅིང་བསྔོ་བ་སོགས། །སྤྱི་འགྲོ་བཞིན་དུ་དབུལ་བར་བྱ། །སྐབས་འདིར་བསྟོད་ཕྱག་འབུལ་ཕྱིར་འཇུག །སྤྲོ་ན་སྟོང་ཕྲག་མཆོད་པའི་ཚོགས། །འབུལ་ཞིང་ཐུགས་རྗེ་བསྐུལ་བ་ནི། །རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མེ་ཏོག་བདུག་སྤོས་སྣང་གསལ་དྲི། །


SPN002_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཟས་ལ་སོགས་མཆོད་པའི་རྫས། །ཀུན་བཟང་སྨོན་ལམ་ལས་བྱུང་བའི། །མཆོད་པའི་སྤྲིན་ཕུང་ནམ་མཁའི་མཛོད། །བདག་གིས་གུས་པས་བཤམས་པ་འདི། །འཕགས་མ་རྣམ་རྒྱལ་ལྷ་ཡི་ཚོགས། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་འབུལ་གྱི་བཞེས། །ཐུགས་རྗེའི་གཏེར་ཆེན་མཆོག་རྣམས་ཀྱིས། །བདག་གཞན་ཚེ་དཔལ་ཡེ་ཤེས་དང་། །དོན་གཉིས་གྲུབ་པར་བྱིན་གྱིས་རློབས། །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ། རྣམས་ཀྱིས་འབུལ་ཞིང་། ན་མ་སརྦ་བུདྡྷ་བོ་དྷི་སཏྭ་བྷྱཿༀ་སརྦ་བིད་པཱུ་ར་པཱུ་ཱུར་ཨ་ཝར་ཏེ་བྷྱཿསྭཱ་ཧཱ། ཕྱོགས་བཅུའི་དེ་བཞིན་གཤེགས་རྣམས་ལ། །མཆོད་ཅིང་བསྙེན་བཀུར་ཞབས་སྤྱི་བོས། །འདུད་ཅིང་ཕྱག་བྱས་མཚུངས་པར་འགྱུར། །དེ་ལྟར་མཆོད་པ་སྟོང་རྩ་འབུལ། །གསུམ་པ་བསྟོད་ཕྱག་འབུལ་བ་ནི། །རབ་འབྱམས་བདེར་གཤེགས་ཐུགས་རྗེའི་ཀློང་ཡངས་ནས། །རབ་གསལ་ཉིན་བྱེད་སྣང་བས་བསྐྱེད་པ་ཡིས། །རབ་མཛེས་པུནྜཱ་རི་ཀ་རྒྱས་པའི་དབུས། །རབ་དགེའི་དྲི་བསུང་དང་ལྡན་བཅོམ་ལྡན་མ། །རྩ་ཞལ་ཟླ་བཞིན་མཚར་སྡུག་གཡས་སེར་འཛུམ། །གཡོན་སྔོ་ཁྲོ་ཉམས་མཆེ་བས་མ་མཆུ་གནོན། །ཞལ་རེ་ལའང་ཨུཏྤལ་དང་འདྲའི་སྤྱན། །གསུམ་ལྡན་ཀུན་གཟིགས་མ་ལ་ཕྱག་འཚལ་བསྟོད། །ཕྱག་བརྒྱད་


SPN002_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བཞི་སྣ་ཚོགས་རྡོ་རྗེ་དང་། །འོད་དཔག་མེད་མགོན་མདའ་དང་མཆོག་སྦྱིན་ཏེ། །གཡོན་བཞི་སྡིགས་མཛུབ་ཞགས་བསྣམས་ཚེ་བུམ་བཟུང་། །གཞུ་དང་སྐྱབས་སྦྱིན་འགྲོ་སྒྲོལ་ཕྱག་འཚལ་བསྟོད། །འཆི་མེད་ན་ཆུང་སྒེག་པའི་ལང་ཚོ་ཅན། །འཆི་མེད་ལྷ་རྫས་རིན་ཆེན་ནོར་བུས་བརྒྱན། །འཆི་མེད་བདག་པོ་ཚངས་དབང་ཕྱག་གི་གནས། འཆི་མེད་མཆོག་སྟེར་མ་ལ་ཕྱག་འཚལ་བསྟོད། །སྟེང་གི་ཕྱོགས་ནས་ལྷ་ཡི་བུ་གཉིས་ཀྱིས། །ཡན་ལག་བརྒྱད་ལྡན་ཁྲུས་གསོལ་གཡས་གཡོན་དུ། །ནོར་བུ་པདྨ་ཅན་དང་གསང་བའི་བདག །རྔ་ཡབ་འཛིན་ཅིང་ཕྱོགས་བཞིར་ཁྲོ་བོའི་རྒྱལ། །མི་གཡོ་འདོད་རྒྱལ་དབྱུག་སྔོན་སྟོབས་པོ་ཆེ། །གཡས་རྣམས་རལ་གྲི་ལྕགས་ཀྱུ་དབྱུག་པ་དང་། །རྡོ་རྗེ་གཡོན་རྣམས་སྡིགས་མཛུབ་གཏུམ་རྔམས་ཅན། །མ་རུང་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །བདག་སོགས་དད་དང་མོས་པ་རྣམ་དག་གིས། །ལྷ་ཁྱོད་བསྐུལ་མཐུས་དམ་བཅས་ཐུགས་བསྐྱེད་པ། །བརྩེར་དགོངས་ཚེ་དབང་བསོད་ནམས་ཡེ་ཤེས་གཟི། །རྒྱས་ཤིང་བསམ་དོན་འབད་མེད་འགྲུབ་བྱིན་རློབས། །བཞི་པ་བསྙེན་སྔགས་བཟླ་བ་ནི། མདུན་བསྐྱེད་བཅོམ་ལྡན་འདས་མ་རྣམ་པར་རྒྱལ་མའི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བྷྲཱུྃ་


SPN002_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དཀར་པོའི་མཐའ་སྐོར་དུ་གཟུངས་སྔགས་ཀྱི་ཡིག་འབྲུ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད་ཅིང་ཐུགས་དམ་གྱི་རྒྱུད་བསྐུལ། བདག་གཞན་སེམས་ཅན་རྣམས་ཀྱི་སྒྲིབ་གཉིས་བག་ཆགས་ནད་གདོན་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་། འོད་ཟེར་ཚུར་འདུས་རྒྱལ་བའི་བྱིན་རླབས་དང་བརྟན་གཡོ་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་རང་ལ་ཐིམ་ནས་ཚེ་དཔལ་བསོད་ནམས་ཡེ་ཤེས་འབྱོར་པ་ཐམས་ཅད་འཕེལ་ཞིང་རྒྱས་པའི་དངོས་གྲུབ་ཐོབ་པར་གྱུར་པར་མོས་ལ། ༀ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚཱ་ཡ། བུདྡྷཱ་ཡ་ཏེ་ན་མཿཏདྱ་ཐཱ། ༀ་བྷྲཱུྃ་བྷྲཱུྃ་བྷྲཱུྃ་ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ་ཨ་བ་བྷ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ། ཨ་བྷི་ཥིཉྩནྟུ་མཱཾ། སརྦ་ཏ་ཐཱ་ག་ཏཱཿསུ་ག་ཏ་བ་ར་བ་ཙ་ན་ཨ་མྲྀ་ཏ་ཨ་བྷི་ཥེ་ཀཻ་ར་མ་ཧཱ་མུ་དྲཱ་མནྟྲ་པ་དཻཿཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུསྶཾ་དྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ། ཨུཥྞི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནི། ཥཊྤཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་ཏེ། ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨ་དྷིཥྛ་ན་ཨདྷིཥྛི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་


SPN002_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཎ་བི་ཤུདྡྷེ། པྲ་ཏི་ནི་ཝརྟ་ཡ་མ་མ་ཨཱ་ཡུར། བི་ཤུདྡྷེ་སརྦ་ཏ་ཐཱ་ག་ཏ། ས་མ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི་མ་ཧཱ་བི་མུ་ནི། མ་ཏི་མ་ཏི་མ་ཧཱ་མ་ཏི། མ་མ་ཏི་སུ་མ་ཏི་ཏ་ཐཱ་ཏ། བྷཱུ་ཏ་ཀོ་ཊི་པ་རི་ཤུདྡྷེ། བི་སྥུ་ཊ། བུདྡྷི་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ་མ་ཧཱ་བཛྲེ། སུ་བཛྲེ་བཛྲེ་གརྦྷེ་ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལཱ་གྷརྦྷེ། བཛྲོདྦྷ་བེ། བཛྲ་སཾ་བྷ་བེ། བཛྲ་བཛྲི་ཎི། བཛྲཾ་བྷ་བ་ཏུ་མ་མ་ཤ་རཱི་རཾ། །སརྦ་སཏྭཱ་ནཱཉྩ་ཀཱ་ཡ་པ་རི་ཤུདྡྷིརྦྷ་བ་ཏུ། མེ་ས་དཱ་སརྦ་ག་ཏི་པ་རི་ཤུ་དྡྷིཥྩ། སརྦ་ཏ་ཐཱ་ག་ཏཱ་ཤྩ། མཱཾ་ས་མཱ་ཤྭཱ་ས་ཡནྟུ། བུ་དྷྱ་བུ་དྷྱ། སི་དྷྱ་སི་དྷྱ། བོདྷ་ཡ་བོདྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟ་མོ་ཙ་ཡ་མོ་ཙ་ཡ། ས་མནྟ་རསྨི་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ། མ་ཧཱ་མུ་དྲཱ་མནྟྲ་པཱ་དཻཿསྭཱ་ཧཱ། ༀ་བྷྲཱུྃ་སྭཱ་ཧཱ། ༀ་ཨ་མྲྀ་ཏ་ཨཱ་ཡུརྡ་དཻ་སྭཱཧཱ། དེ་ལྟར་སྙིང་པོ་དང་ཉེ་སྙིང་། སྲུང་སྔགས་དང་བཅས་སྐབས་བསྟུན་བཟླ། ༀ་ཨཱཿཧཱུྃ་ཏྲཱྃ་ཧྲཱིཿཨཾ་ཨ། བདག་དང་བསྲུང་བྱ་ལ་རཀྵ་


SPN002_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵ་ཀུ་རུ་སྭཱ་ཧཱ། གཟུངས་རིང་སྟོང་ཕྲག་གཅིག་བཟླ་ཞིང་། །བཅོམ་ལྡན་འདས་མའི་རྒྱུད་བསྐུལ་བས། །བདག་ལ་འདོད་དོན་སྟེར་བར་མོས། །འབུམ་ཕྲག་རྫོགས་ཚེ་རྗེ་བཙུན་མ། །མཇལ་ཞིང་མཆོག་དངོས་སྩོལ་བར་འགྱུར། །ལྔ་པ་འདོད་དོན་གསོལ་གདབ་ནི། །སྙིམ་པ་མེ་ཏོག་བཀངས་ནས་སུ། །ཐལ་སྦྱར་འདུད་པ་དང་བཅས་ནས། །འགྲེངས་བཞིན་སྒོ་གསུམ་རྩེ་གཅིག་བློས། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་དབང་པོའི་གཙུག་ཏོར་ལས་སྤྲུལ་པའི་ལྷ་མོ་རྗེ་བཙུན་འཕགས་མ་རྣམ་པར་རྒྱལ་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང་། གཞན་ཡང་རབ་འབྱམས་མཐའ་ཡས་མུ་མེད་ཀྱི་ཞིང་དུ་བཞུགས་པའི་བདེ་བར་གཤེགས་པ་རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་དང་། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དམ་པ་ཆོས་ཀྱི་སྲུང་མ་ལ་སོགས་པ་དེང་འདིར་མཆོད་པའི་ཞིང་མཆོག་ཏུ་བཞུགས་པ་རྣམས་བདག་གཞན་སེམས་ཅན་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་སུ་གསོལ། གང་འདིར་བདག་ཅག་རྣམས་ཀྱིས་གཞན་ཕན་བྱང་ཆུབ་སེམས་ཀྱི་མོས་པ་རྣམ་པར་དག་པས་ཀུན་ནས་བསླང་བའི་འདོད་པའི་དོན་ཐམས་ཅད་ཐོགས་པ་མེད་པར་ཡིད་བཞིན་དུ་འབད་མེད་ཡོངས་སུ་འགྲུབ་པའི་ཕྱིར། མཁྱེན་བརྩེ་ནུས་པའི་སྟོབས་དང་ལྡན་པ་ཁྱེད་རྣམས་ཀྱི་བྱིན་གྱིས་བརླབ་པའི་མཐུ་ཆེན་པོ་བསྐྱེད་ནས་ཐུགས་རྗེ་ཆེན་པོས་ཉེ་བར་བཟུང་བར་མཛད་


SPN002_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། རྒྱལ་དང་རྒྱལ་བས་བསྔགས་འོས་ཡོན་ཏན་ཞིང་། །རྒྱལ་བའི་བསྟན་པ་རྣམ་དག་དྲི་མ་མེད། །རྒྱལ་བ་བསྐལ་བཟང་རྣམ་འདྲེན་བཞི་པ་མཆོག །རྒྱལ་བ་ཤཱཀྱའི་གཙོ་བོའི་རིང་ལུགས་གང་། །ངེས་དོན་མཐར་ཐུག་ཐེག་མཆོག་སྙིང་པོའི་བསྟན། །དར་རྒྱས་ཕྱོགས་དང་ཐ་གྲུ་ཀུན་ཁྱབ་པར། །དཀར་པོའི་ཕྱོགས་ཀྱི་མེལ་ཚེར་བརྩོན་བཞིན་དུ། །ཉམས་མེད་ཡུན་གནས་བྱིན་གྱིས་བརླབ་ཏུ་གསོལ། །དེར་འཛིན་སྐྱོང་དང་སྤེལ་མཁས་ཕྲིན་ལས་བདག །འགྲོ་བའི་ཡོན་གནས་སྐྱེས་བུ་མཆོག་རྣམས་ཀྱང་། །བསྟན་འགྲོའི་དོན་ཆེན་སྒྲུབ་ལ་གེགས་མེད་ཅིང་། །དམ་པའི་རྣམ་ཐར་མཐར་ཕྱིན་བྱིན་གྱིས་རློབས། །གཞན་ཡང་དགེ་འདུན་འདུས་པའི་སྡེ་རྒྱས་ཤིང་། །ཐོས་བསམ་སྒོམ་པའི་རྩ་བ་རབ་ཏུ་བརྟན། །བསྟན་དང་བླ་མར་གུས་མཆོད་བསླབ་གསུམ་ལྡན། ལྷར་བཅས་བསྟོད་འོས་ཉིད་དུ་བྱིན་གྱིས་རློབས། །བསྟན་པའི་སྒོར་ཞུགས་མཆིས་སོ་ཅོག་ཐམས་ཅད། །ལས་འབྲས་བླང་དོར་ཇི་བཞིན་སྤྱོད་ནས་སུ། །ཉོན་མོངས་རླབས་ལ་མི་བྱིངས་ཐར་པའི་གྲུར། །བརྟེན་ནས་ཡང་དག་ལམ་འགོད་བྱིན་གྱིས་རློབས། །གང་དག་གྲུབ་མཐའ་གཞུང་ལུགས་སྣ་ཚོགས་ཀྱི། །སྲོལ་འཛིན་རྣམས་ཀྱང་ཀུན་སློང་རང་སར་ཞི། །ཆོས་སྤང་སྒྲིབ་པར་མི་འགྱུར་བྱང་སེམས་ཀྱིས། །རྒྱུད་བརླན་ཕན་ཚུན་


SPN002_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་བྱིན་གྱིས་རློབས། །ལོག་ཕྱོགས་བདུད་རིས་རློམས་པའི་བསླུ་ཆོས་མཁན། །ལྟར་སྣང་བཟང་བརྫུའི་ཚུལ་འཆོས་བྱིས་པ་རྣམས། །འབྲིད་ཅིང་ཆོས་མིན་ཆོས་ལྟར་སྟོན་བྱེད་ཀུན། །མིང་གི་ལྷག་མར་འགྱུར་བར་བྱིན་གྱིས་རློབས། །དེ་བཞིན་མཚམས་སྦྱོར་ལོག་པ་ལས་བསྐྱེད་པའི། །མི་དང་མི་མིན་ལ་སོགས་སྤྲུལ་བྱས་ནས། །དངོས་སུ་བསྟན་དང་བསྟན་འཛིན་འཚེ་བྱེད་རྣམས། །རྩད་ནས་ཉམས་ཤིང་ཞི་བར་བྱིན་གྱིས་རློབས། །མངའ་རིས་ཡུལ་ལྗོངས་སྐྱོང་བའི་མི་བདག་རྣམས། །མཆོག་གསུམ་རྒྱལ་ལ་ལྷག་པར་དད་བསྐྱེད་ནས། །སྟོབས་ཀྱིས་ཁུར་འདེགས་ངལ་མེད་བརྩོན་བཞིན་དུ། །སངས་རྒྱས་བསྟན་ལ་བྱ་བ་བྱེད་བྱིན་རློབས། །དེ་མཐུས་འཕྲལ་དང་ཡུན་གྱི་དགེ་བའི་ཚོགས། །ཆབ་སྲིད་འཁོར་འབངས་འཕེལ་རྒྱས་འཁྲུགས་རྩོད་ཞི། །ཆོས་རྒྱལ་བྱང་སེམས་ཆེན་པོས་སྐྱོང་ཇི་བཞིན། །རྫོགས་ལྡན་དང་པོའི་དུས་ལྟར་བྱིན་གྱིས་རློབས། །ཡིད་སྲུབས་བྱིན་ཞུགས་བསྟན་ལ་སྡང་ཞིང་རྒོལ། །འགྲོ་ལ་ཁྲིམས་འགལ་ལོག་སྤྱོད་དུཿཁས་གཟིར། །རྒྱལ་ཁམས་མི་དགེའི་ལས་ངན་སྦྱོར་བ་རྣམས། །མཐུ་ཉམས་རྩལ་ཞན་སྤ་བཀོང་བྱིན་གྱིས་རློབས། །སྐྱེ་དགུ་རྣམས་ཀྱང་རྟག་ཏུ་དགེ་བ་བཅུའི། །ཆོས་ལྡན་ཕན་ཚུན་ནོངས་མེད་མཐུན་ཞིང་བརྩེ། །རྣམ་སྨིན་མི་དགེའི་ལས་རྣམས་རིང་སྤངས་ནས། །མཐོ་རིས་ཡོན་ཏན་ཐོབ་པར་བྱིན་གྱིས་


SPN002_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །རྩོད་དུས་ལྔ་བརྒྱ་ཐ་མའི་སྙིགས་མ་འདིར། །མཐའ་ཡི་དམུ་རྒོད་ལོག་པར་སེམས་པ་ཡི། །སངས་རྒྱས་བསྟན་དང་སྐྱེ་འགྲོ་ལ་སྡང་བའི། །ཧོར་སོག་དམག་དཔུང་བཟློག་པར་བྱིན་གྱིས་རློབས། །ས་ཆུ་མེ་རླུང་འབྱུང་བ་ཆེན་པོ་རྣམས། །འཁྲུགས་པའི་རྐྱེན་གྱིས་ནང་བཅུད་སེམས་ཅན་ཁམས། །གཡོ་ཞིང་འཇིགས་པས་ཉེན་བྱེད་དེ་དག་ཀྱང་། །ལྡང་བ་མེད་པར་ཞི་བར་བྱིན་གྱིས་རློབས། །གཤིས་ངན་རྐྱེན་ལས་གྱུར་བའི་དུས་མ་ཡིན། །འཆི་བ་རྣམ་པ་བཅོ་བརྒྱད་མི་འབྱུང་ཞིང་། །འཇིག་པ་ཆེན་པོ་བརྒྱད་དང་བཅུ་དྲུག་གི། །གནོད་པ་རྩད་ནས་ཉམས་པར་བྱིན་གྱིས་རློབས། །སྨན་རྣམས་བཅུད་ནུས་བརྟས་ཤིང་ཉེར་འཚོའི་གཞི། །གསོས་སུ་སྨིན་ཞིང་འབྱུང་པོ་གནོད་སྦྱིན་དང་། །ཤ་ཟ་སྲིན་པོས་གནོད་འཚེ་རིང་སྤངས་ནས། །སྙིང་རྗེ་དང་ལྡན་གཉུག་མར་གནས་བྱིན་རློབས། །འཇིག་རྟེན་ཁམས་ཀུན་བདེ་ལྡན་སྡུག་བསྔལ་བྲལ། །ཆར་ཆུ་དུས་འབབ་ལོ་ལེགས་འབྲུ་འཕེལ་ཞིང་། །ནད་མཚོན་དབུལ་བའི་བསྐལ་པ་རྒྱང་བསྲིངས་ནས། །སྡེ་བཞིའི་དཔལ་གྱིས་འཚོ་བར་བྱིན་གྱིས་རློབས། །ཚངས་དང་དཔའ་བོ་རྒྱལ་ཆེན་གཙང་རིས་ཀྱི། །ལྷ་རྣམས་སྟོབས་ཀྱིས་དཔུང་ཚོགས་འདེགས་བཞིན་དུ། །འཇིག་རྟེན་སྐྱོང་ལ་རྟག་ཏུ་གཡེལ་མེད་པར། །མཐུ་སྟོབས་རྫུ་འཕྲུལ་ཆེས་ཆེར་བསྐྱེད་བྱིན་རློབས། །


SPN002_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་བསྐལ་བཟང་ལྔ་པ་མི་ཕམ་མགོན། །བྱམས་ཆེན་དང་ནི་དྲུག་པ་སེང་གེ་ཡི། །བསྟན་པ་ཇི་སྲིད་ཤཱཀ་ཐུབ་རིང་ལུགས་རྣམས། །དེ་སྲིད་བར་དུ་ཡུན་གནས་བྱིན་གྱིས་རློབས། །རྒྱལ་བཀའ་འཁོར་ལོ་གསུམ་གྱི་དགོངས་པའི་དོན། །གཞན་སྟོང་དབུ་མ་ཆེན་པོའི་ལྟ་བ་དང་། །སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །བཞེད་གཞུང་འཁྲུལ་མེད་རྒྱུན་མི་ཆད་བྱིན་རློབས། །བསིལ་རིའི་ལྗོངས་དབུས་ལྷར་བཅས་མཆོད་སྡོང་ཆེ། །སྟོན་པའི་རྒྱལ་ཚབ་ཤཱཀྱ་མུ་ནེ་མཆེད། །གདེངས་ཅན་གདུལ་བྱ་རིང་དུ་བཞོལ་ནས་སུ། །འཛམ་གླིང་བསོད་ནམས་ཞིང་བཞུགས་བྱིན་གྱིས་རློབས། །གནས་མཆོག་ཕུན་ཚོགས་མཚུར་དཔལ་ཀུན་སྤུངས་པའི་ཞིང་། མཆན། གྱི་གནྡྷོ་ལ། །དུས་ནི་ཕུན་ཚོགས་རང་བཞིན་རྟེན་ཅིང་འབྲེལ། །འདྲེན་པ་ཕུན་ཚོགས་ཉིན་བྱེད་དབང་། མཆན། ཐེག་མཆོག་རྡོ་རྗེའི་ཞབས། །བདག་སོགས་མགོན་དུ་བསྐལ་བརྒྱར་བརྟན་བྱིན་རློབས། །ཆོས་ཟབ་ཕུན་ཚོགས་ངེས་གསང་བདེན་པའི་དོན། །འཁོར་ནི་ཕུན་ཚོགས་སྡོམ་པ་གསུམ་དང་ལྡན། །ལྔ་ལྡན་ཕུན་སུམ་ཚོགས་པའི་བདག་ཉིད་ཅན། །གདོད་ནས་ཡོངས་གྲུབ་རྟག་པར་བརྟན་བྱིན་རློབས། །བདག་སོགས་རྣལ་འབྱོར་བསམ་པའི་དོན་ཐམས་ཅད། །འབད་པ་མེད་པར་ཡིད་བཞིན་འགྲུབ་པ་དང་། །ནད་གདོན་བར་ཆད་འགལ་


SPN002_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ཀུན་སེལ་ཞིང་། །རྟག་ཏུ་ལྷ་ཁྱོད་འབྲལ་མེད་བྱིན་གྱིས་རློབས། །རིང་དུ་འཚོ་བའི་ཚེ་ཡི་དངོས་གྲུབ་ཀྱི། །སྒོ་གསུམ་སྨིན་གྲོལ་དམ་པས་སིམ་པ་དང་། །ལོངས་སྤྱོད་དབང་འབྱོར་གཏེར་ཆེན་བུམ་བཟང་བཞིན། །རྒྱལ་ལ་སྲི་ཞུ་འགྲོ་ཕན་ནུས་བྱིན་རློབས། །མོས་པ་རྣམ་བཞིས་དཔལ་ཀུན་དབང་བསྒྱུར་ཞིང་། །མཐུ་སྟོབས་རིག་སྔགས་བདེན་པས་འཆང་བའི་མཐུས། །ཕས་རྒོལ་གནོད་བྱེད་བྱད་ཕུར་རྦོད་གཏོང་རྣམས། །ཐལ་བར་བརླག་པའི་ནུས་ཐོབ་བྱིན་གྱིས་རློབས། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཁྱོད་སྐུར་རྫོགས། །གང་སྐུའི་བཀོད་པས་ཞིང་ཁམས་ཡོངས་ཁྱབ་པ། །ཐུགས་རྗེ་ཆེ་མངའ་ཁྱོད་ལས་གཞན་སུ་ཞིག །དམིགས་སུ་ུམ་འཚལ་དེ་ཕྱིར་བདག་བྱིན་རློབས། །ཁྱད་པར་ལྷ་གཅིག་བསྙེན་ཅིང་བསྒྲུབ་ལགས་ན། །རྒྱལ་ཀུན་བསྐྱེད་ཡུམ་བཅོམ་ལྡན་རྗེ་བཙུན་མ། །དངོས་དང་ཉམས་ཀྱི་སྣང་བར་ཞལ་བཟང་མཐོང་། །ལུང་བསྟན་དབུགས་དབྱུང་ཐོབ་པར་བྱིན་རློབས། །བདག་སོགས་རྣམས་ཀྱི་འབྲེལ་བཅས་མཁའ་མཉམ་གྱི། །མར་གྱུར་ཡོངས་དང་རྩ་བའི་ཕ་མ་ཡིས། །ཐོག་དྲངས་འགྲོ་བ་རིགས་དྲུག་སེམས་ཅན་རྣམས། །སྡུག་བསྔལ་མཚོ་བསྒྲལ་སངས་རྒྱས་ཐོབ་བྱིན་རློབས། །དེ་ལྟར་ཐེག་ཆེན་ཤིང་རྟས་ཉེར་དྲངས་པའི། །སྨོན་ལམ་བསམ་འཕེལ་དགོས་


SPN002_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་རིན་པོ་ཆེ། །འགྲོ་བའི་གཙུག་ནོར་བསོད་ནམས་དཔལ་ཐོབ་ནས། །རྒྱལ་བ་དགྱེས་པའི་མཆོད་སྤྲིན་འགྱུར་བྱིན་རློབས། །བདེན་གྲུབ་བདེན་གསུང་རྡོ་རྗེའི་རང་བཞིན་ཅན། །དཀོན་མཆོག་གསུམ་དང་འཕགས་མ་གཙོ་འཁོར་གྱིས། །དབྱིངས་ནས་བརྩེར་དགོངས་ཇི་ལྟར་རེ་བའི་འབྲས། །ཡར་ངོའི་ཟླ་ལྟར་འཕེལ་བར་མཛད་དུ་གསོལ། །དེ་ལྟར་མཆོད་ཅིང་འདོད་བའི་དོན། །རྩེ་གཅིག་མོས་པས་གསོལ་བཏབ་མཐུས། །བཅོམ་ལྡན་འདས་མ་དགྱེས་ཞལ་གྱི། །འཛུམ་མདངས་ཟླ་ལྟར་རྒྱས་པ་ཡིས། །རང་གཞན་གང་གི་དོན་བྱ་བ། །དེ་ཡི་སྤྱི་བོར་ཕྱག་གཡས་ཀྱི། །ཐ་མ་མཆོག་སྦྱིན་ཕྱག་རྒྱས་རེག །བྱིན་རླབས་མཆོག་དངོས་སྩོལ་བར་མོསག །གསུམ་པ་རྗེས་ཀྱི་ཆོ་གའི་རིམ་པ་ལ། །གཏོར་འབུལ་འདོད་གསོལ་གཏང་རག་མཆོད་པ་དང་། །བསྟོད་ཅིང་ནོངས་བཤགས་བསྡུ་རིམ་བསྔོ་སྨོན་དང། །ཤིས་པ་བརྗོད་བཅས་རྣམ་པ་བརྒྱད་དུ་བསྟན། །དེ་ཡང་དང་པོ་གཏོར་མ་འབུལ་བ་ནི། །ཨ་མྲྀ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བ་རིན་པོ་ཆེ་ལས་གྲུབ་པའི་ནང་དུ། ༀ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོ་ཆེན་པོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུྃ། གསུམ་མམ་ལན་བདུན་གྱིས་བྱིན་བརླབས་ནས་སུ། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝ་རེ་བྷྱཿༀ་ཨ་ཀཱ་རོ་སོགས་ཀྱི་ལན་ལྔའམ་བདུན་གྱིས་ཕུལ། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ༴ༀ་བཛྲ་པུཥྤེ་ཨཱཿཧཱུྃ།


SPN002_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཤབྡའི་བར་གྱིས་མཆོད། གཉིས་པ་འདོད་པའི་དོན་གསོལ་བཏབ་པ་ནི། རྣམ་པར་རྒྱལ་མ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །བར་བརྗོད། བཅོམ་ལྡན་འདས་རྗེ་བཙུན་འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང་། གཞན་ཡང་ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོ་ཐམས་ཅད་ཀྱིས་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ནད་གདོན་བར་ཆད་རྨི་ལྟས་མཚན་ངན་ཉེར་འཚེ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་མཛད་དུ་གསོལ། ཚེ་དཔལ་བསོད་ནམས་ཡེ་ཤེས་ཀྱི་སྣང་བ་རྒྱས་ཤིང་བློ་དམ་པའི་ཆོས་དང་མཐུན་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་གཞན་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པའི་ཐུགས་རྗེ་བྱམས་པའི་འོད་དཀར་གྱིས་ཁྱབ་པར་མཛད་དུ་གསོལ། ཁྱད་པར་ཡིད་ལ་འདོད་པའི་དོན། །དེ་ཉིད་འབད་མེད་ཡིད་བཞིན་དུ། །འགྲུབ་པར་གསོལ་བ་དྲག་ཏུ་གདབ། །གསུམ་པ་གཏང་རག་མཆོད་པ་འབུལ་བ་ནི། །མཆོད་སྤྲིན་གཟུངས་སྔགས་ལན་གསུམ་བརྗོད་བྱིན་བརླབ། །དྭངས་བསིལ་ཡན་ལག་བརྒྱད་ལྡན་གཙང་ཞིང་བཟང་། །རྡོ་རྗེའི་མཆོད་ཡོན་ཞིང་ཁམས་རྒྱ་མཚོར་སྤེལ། །འཆི་མེད་བཅོམ་ལྡན་རྣམ་རྒྱལ་དཀྱིལ་འཁོར་ལ། །མཆོད་འབུལ་ཐུགས་རྗེས་


SPN002_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེར་དགོངས་བཞེས་བྱིན་རློབས། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། རྣམ་དག་དྲི་མེད་ཡིད་འོང་ཚངས་རལ་ཀླུང་། །རྡོ་རྗེའི་ཞབས་བསིལ་ཞིང་ཁམས་རྒྱ་མཚོར་སྤེལ། །འཆི་མེད་བཅོམ་ལྡན་རྣམ་རྒྱལ་དཀྱིལ་འཁོར་ལ། །མཆོད་འབུལ་ཐུགས་རྗེས་བརྩེར་དགོངས་བཞེས་བྱིན་རློབས། །པཱ་དྱཾ། ཆུ་དང་ཐང་སྐྱེས་དགའ་ཚལ་སྣ་ཚོགས་པ། །རྡོ་རྗེའི་མེ་ཏོག་ཞིང་ཁམས་རྒྱ་མཚོར་སྤེལ། །འཆི་མེད་བཅོམ་ལྡན་རྣམ་རྒྱལ་དཀྱིལ་འཁོར་ལ། །མཆོད་འབུལ་ཐུགས་རྗེས་བརྩེར་དགོངས་བཞེས་བྱིན་རློབས། །པུཥྤེ། ཧ་རི་ཙནྡན་མ་ལ་ཡ་རླུང་བསྐུལ། །རྡོ་རྗེའི་བདུག་སྤོས་ཞིང་ཁམས་རྒྱ་ཚོར་སྤེལ། །འཆི་མེད་བཅོམ་ལྡན་རྣམ་རྒྱལ་དཀྱིལ་འཁོར་ལ། །མཆོད་འབུལ་ཐུགས་རྗེས་བརྩེར་དགོངས་བཞེས་བྱིན་རློབས། །དྷཱུ་པེ། ཉི་ཟླ་ནོར་བུའི་འོད་ཟེར་སྟོང་གསུམ་འབར། །རྡོ་རྗེའི་སྣང་གསལ་ཞིང་ཁམས་རྒྱ་མཚོར་སྤེལ། །འཆི་མེད་བཅོམ་ལྡན་རྣམ་རྒྱལ་དཀྱིལ་འཁོར་ལ། །མཆོད་འབུལ་ཐུགས་རྗེས་བརྩེར་དགོངས་བཞེས་བྱིན་རློབས། །ཨཱ་ལོ་ཀེ། བསུང་ཞིམ་ཇི་སྙེད་བྱུགས་པའི་བྱེ་བྲག་རྣམས། །རྡོ་རྗེའི་དྲི་ཆབ་ཞིང་ཁམས་རྒྱ་མཚོར་སྤེལ། །འཆི་མེད་བཅོམ་ལྡན་རྣམ་རྒྱལ་དཀྱིལ་འཁོར་ལ། །མཆོད་འབུལ་ཐུགས་རྗེས་བརྩེར་དགོངས་བཞེས་བྱིན་རློབས། །གནྡྷེ། ལྷ་ཡི་བཤོས་གཙང་ཡིད་འོང་རོ་བརྒྱ་ལྡན། །རྡོ་རྗེའི་ཞལ་ཟས་ཞིང་ཁམས་རྒྱ་མཚོར་སྤེལ། །


SPN002_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་བཅོམ་ལྡན་རྣམ་རྒྱལ་དཀྱིལ་འཁོར་ལ། །མཆོད་འབུལ་ཐུགས་རྗེས་བརྩེར་དགོངས་བཞེས་བྱིན་རློབས། །ནཻ་ཝིདྱ། སྒྲ་སྙན་དབྱངས་ཀྱི་རྒྱུད་མངས་སྲིད་གསུམ་ཁྱབ། །རྡོ་རྗེའི་རོལ་མོ་ཞིང་ཁམས་རྒྱ་མཚོ་སྤེལ། །འཆི་མེད་བཅོམ་ལྡན་རྣམ་རྒྱལ་དཀྱིལ་འཁོར་ལ། །མཆོད་འབུལ་ཐུགས་རྗེས་བརྩེར་དགོངས་བཞེས་བྱིན་རློབས། །ཤབྡ་ཨཱཿཧཱུྃ། གི་བར་གྱིས་བཆོད། ཨིནྡྲ་སྙིལ་མཚུངས་རལ་གྲི་པགས་མཉན་འཇམ། །མཚོ་གླིང་སྐྱེད་ཚལ་དབང་གཞུ་ལྟར་བཀྲའི་གོས། །བཻཌཱུར་མཆིལ་ལྷམ་བཀོད་ལེགས་ཁང་བཟང་མཛེས། །ཡིད་འཕྲོག་ལྷ་རྫས་བདེ་ལྡན་གཟིམས་ཆ་སོགས། །ཉེ་བའི་རིན་ཆེན་དད་པས་འབུལ་ལགས་ན། །འཕགས་ནོར་བདུན་གྱི་དབང་འབྱོར་མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨུ་པ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བཞི་པ་ཕྱག་འཚལ་བསྟོད་པ་འབུལ་བ་ནི། ཚེ་མཐའ་ཡས་པའི་རང་གཟུགས་མཆོག །དུས་གསུམ་རྒྱལ་ཀུན་བསྐྱེད་པའི་གཞི། །དཔལ་ལྡན་རྗེ་བཙུན་རྣམ་རྒྱལ་མར། །ཕྱག་འཚལ་ཡོན་ཏན་བརྗོད་ཅིང་བསྟོད། །རབ་དཀར་སྟོན་ཟླའི་ཁ་དོག་ཅན། །ཐུགས་རྗེའི་འོད་སྣང་བྱེ་བ་ཡིས། །ཡིད་ཅན་ཀུ་མུཏ་གཉེན་གྱུར་ཅིང་། །ཕྱག་འཚལ་དད་གསུམ་བསྐྱེད་ཅིང་བསྟོད། །ཕན་བདེ་ཞི་བསིལ་བདུད་རྩི་ཡིས། །ཉོན་མོངས་ངན་སོང་ཚ་གདུང་བཅོམ། །རྣམ་གྲོལ་བདེ་བར་


SPN002_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པའི་ཡུམ། །ཕྱག་འཚལ་སྒོ་གསུམ་འདུད་བཅས་བསྟོད། །འགྲོ་བ་སྒྲོལ་ལ་བརྩེ་བ་ཅན། །ཚད་མེད་སྙིང་རྗེའི་སྟོབས་འཆང་བ། །འཇིག་རྟེན་དབང་དང་གསང་སྔགས་བདག །རྡོ་རྗེ་འཛིན་པར་ཕྱག་འཚལ་བསྟོད། །ཆོས་དབྱིངས་ཞི་ལས་མ་གཡོས་ཀྱང་། །ཐབས་ཀྱི་ཁྲོ་ཆེན་གཏུམ་པོའི་སྐུ། །བཞེངས་ནས་ལོག་འདྲེན་མཐར་བྱེད་པ། །མི་གཡོ་མགོན་དང་འདོད་པའི་རྒྱལ། །དབྱུག་སྔོན་ཅན་དང་སྟོབས་པོ་ཆེ། །རྫུ་འཕྲུལ་དབང་བསྒྱུར་ཕྱག་འཚལ་བསྟོད། །བཅོམ་ལྡན་དགྱེས་བྱེད་ཁྲུས་ཆབ་རྒྱུན། །བསིལ་བྱེད་རིན་ཆེན་བུམ་པ་བཟང་། །འཛིན་བཞིན་རིམ་གྲོའི་མཆོད་པར་བརྩོན། །ལྷ་ཡི་ཁྱེའུ་ཆུང་གཉིས་ཀྱང་བསྟོད། །དེ་ལྟར་འཕགས་མ་ལྷ་དགུ་དང་། །དཀོན་མཆོག་རྒྱ་མཚོ་རབ་འབྱམས་ཀྱི། །ཞིང་བདག་རྒྱལ་བ་མ་ལུས་པར། །གུས་པའི་ཡིད་ཀྱིས་ལུས་རྡུལ་སྙེད། །སྤྲུལ་ནས་ཕྱག་འཚལ་གུས་པས་བསྟོད། །ཚེ་རབས་ཀུན་ཏུ་འབྲལ་མེད་པར། །ཡང་དག་ཡེ་ཤེས་མཆོག་བརྙེས་ནས། །ལྷ་གཅིག་ཁྱོད་དང་དབྱེར་མེད་ཤོག །ལྔ་པ་འགལ་འཁྲུལ་ནོངས་པ་བཟོད་གསོལ་ནི། མ་འབྱོར་པ་དང་སོགས་ཤླཽ་ཀ་གཅིག་དང་། བདག་ནི་བྱིས་བློ་རྨོངས་པ་ཡི། །དབང་གྱུར་ཉོན་མོངས་སྒྲིབ་པས་བྱིངས། །ཏིང་འཛིན་སྔགས་དང་ཕྱག་རྒྱ་སོགས། །འགལ་འཁྲུལ་ལྷག་ཆད་ཅི་མཆིས་དང་། །མཆོད་པའི་ཡོ་བྱད་མ་ཚང་ཞིང་། །ནོངས་པར་གྱུར་


SPN002_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་གང་དག །མགོན་པོ་ཐུགས་རྗེ་ལྡན་རྣམས་ཀྱི། །དྲུང་དུ་བཟོད་གསོལ་འཕྲལ་ཡུན་གྱི། །སྒྲིབ་པར་མི་འགྱུར་དབུགས་དབྱུང་ནས། །གྲུབ་གཉིས་དམ་པའི་མཆོག་སྩོལ་མཛོད། །དེ་ནས་དབྱངས་གསལ་ཡི་གེ་བརྒྱ་པ་དང་། །རྟེན་འབྲེལ་སྙིང་པོ་ལ་སོགས་ལན་གསུམ་བརྗོད། །དྲུག་པ་བསྡུ་རིམ་བརྟན་བཞུགས་རྒྱས་གདབ་ནི། །ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་ནས། ༀ་བཛྲ་མུཿཡེ་ཤེས་པ་གཤེགས་པའམ། ༀ་ཨཱཿཧཱུྃ། བརྗོད་རང་གི་དཔྲལ་ཐིམ་བསྒོམ། རྟེན་ཡོད་ན། བདག་དང་འགྲོ་ལ་སོགས་དང་། ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་པས་བརྟན་བཞུགས་རབ་གནས་མཆོག་ཏུ་འགྱུར། །བདུན་པ་བསྔོ་བ་སྨོན་ལམ་མཚམས་སྦྱོར་ནི། །དུས་གསུམ་འཇིག་རྟེན་སྒྲོན་མ་མཆོག་རྣམས་ཀྱིས། །བསྔོ་བར་རབ་བསྔགས་ཇི་ལྟར་བདག་གིས་ཀྱང་། །ལེགས་བྱས་འདིས་མཚོན་དགེ་ཚོགས་ཀླུང་རྒྱུན་རྣམས། །འགྲོ་ཀུན་བྱང་ཆུབ་རྒྱ་མཚོར་འཇུག་ཕྱིར་བསྔོ། །རྒྱལ་སྲས་ཐུ་པོ་རྣམས་ཀྱིས་ཡང་དག་པ། །བླ་མེད་ཐུགས་བསྐྱེད་ཟབ་མོའི་དགོངས་པའི་དོན། །ཇི་བཞིན་ཡོངས་བསྔོ་ཟག་བཅས་ཟག་མེད་ཀྱི། །ཇི་སྙེད་དགེ་གང་མཆིས་པ་དེ་སྙེད་ཀྱང་། །སེམས་ཅན་ཐམས་ཅད་སྐུ་ལྔ་ཡོངས་རྫོགས་ནས། །མངོན་པར་རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོ། །དགེ་བ་འདིས་མཚོན་བདག་གཞན་འགྲོ་རྒྱུད་ལ། །


SPN002_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་མེད་ཞེན་བྲལ་སྦྱིན་དང་བག་ཡོད་ཀྱི། །སྡོམ་ལ་རབ་གནས་ཚུལ་ཁྲིམས་ཡིད་འབྱུང་བའི། །ཟུག་རྔུས་གཙེར་མེད་བཟོད་ཐོབ་ཆོས་ཀུན་ལ། །འཇུག་པའི་ལེ་ལོ་བྲལ་བའི་བརྩོན་འགྲུས་ལྡན། །ཏིང་འཛིན་ཕྲག་བརྒྱ་གཡོ་མེད་བསམ་གཏན་དང་། །རྣམ་ཐར་སྒོ་གསུམ་ཆགས་ཐོགས་མ་ིམངའ་བའི། །ཤེས་རབ་ལ་སོགས་ཕ་རོལ་ཕྱིན་དྲུག་གི། །ཡོན་ཏན་ཡོངས་རྫོགས་སྨོན་ལམ་བཟང་པོའི་མཐུ། །དེང་འདིར་གེགས་མེད་མྱུར་དུ་འགྲུབ་གྱུར་ཅིག །བརྒྱད་པ་ཤིས་བརྗོད་མེ་ཏོག་འཐོར་ནས་སུ། །ༀ། འགྲུབ་བར་གྱུར་ཅིག་སྐུ་ཡི་བཀྲ་ཤིས་སྐྱེ་འགག་གནས་མེད་ཆོས་ཀྱི་དབྱིངས། །གསུང་གི་བཀྲ་ཤིས་ཚངས་དབྱངས་འགག་མེད་ལོངས་སྤྱོད་རྫོགས། །ཐུགས་ཀྱི་བཀྲ་ཤིས་དོན་དམ་འཁྲུལ་མེད་སྤྲུལ་པའི་སྐུ། །རྡོ་རྗེ་གསུམ་ལྡན་སྐུ་གསུམ་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །རྒྱལ་ཡུམ་བཀྲ་ཤིས་འཆི་མེད་མཆོག་སྩོལ་ཚེ་དཔག་མེད། །རྣམ་རྒྱལ་བཀྲ་ཤིས་ཆུ་ཤེལ་འོད་དཀར་ཆ་ཤས་གང་། །གང་འདིར་བཀྲ་ཤིས་འགྲོ་ལ་ཉོན་མོངས་གདུང་སེལ་བའི། །བདེན་པ་དམ་པའི་སྣང་བས་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །བྱང་སེམས་བཀྲ་ཤིས་དམ་བཅས་འགྲོ་ལ་བརྩེ་ལྡན་ཞིང་། །འགྲོ་འདུལ་བཀྲ་ཤིས་ཐུགས་རྗེའི་སྤྱན་རས་དུས་དྲུག་གཟིགས། །སྲིད་


SPN002_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཞིར་བཀྲ་ཤིས་ཐབས་མཁས་ངན་སོང་སྡུག་བསྔལ་སྒྲོལ། །བྱམས་ཆེན་ཕྲིན་ལས་རྨད་བྱུང་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །གསང་བདག་བཀྲ་ཤིས་རྒྱལ་ཀུན་བཀའ་ཡི་བསྡུ་པ་པོ། །རྡོར་འཛིན་བཀྲ་ཤིས་ལོག་སྨྲ་མུ་སྟེགས་ཕམ་མཛད་པའི། །བསྟན་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་སྲིད་རྩེར་བསྒྲེངས། །ཁོར་ཡུག་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །གཏུམ་ཆེན་བཀྲ་ཤིས་ཆོས་ཉིད་དབྱིངས་ལས་གར་དགུའི་སྐུ། །ཁྲོ་རྒྱལ་བཀྲ་ཤིས་མི་གཡོ་འདོད་རྒྱལ་དབྱུག་སྟོབས་ཆེན། །དཔའ་བོའི་བཀྲ་ཤིས་ཁྲག་འཐུང་རྔམས་བརྗིད་རོལ་པ་ཡིས། །ཉོན་མོངས་བདུད་བཞི་འཇོམས་པའི་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །གཙང་གནས་བཀྲ་ཤིས་དགའ་བདེའི་ལོངས་སྤྱོད་དཔག་ཡས་ཅན། །ལྷ་བུའི་བཀྲ་ཤིས་ཚངས་རལ་བུམ་པ་བཟང་གཏམས་ནས། །རྒྱལ་ལ་བཀྲ་ཤིས་ཁྲུས་གསོལ་སིམ་བྱེད་མཆོད་འབུལ་མཐུས། །སྲིད་འགྲོར་ཞི་བསིལ་རྒྱུན་གྱི་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །མཆོག་གསུམ་བཀྲ་ཤིས་མཁའ་ཁྱབ་མཐའ་དང་བྲལ་བའི་དབྱིངས། །རྩ་གསུམ་བཀྲ་ཤིས་རྣམ་འཕྲུལ་ཉི་ཟླའི་དཀྱིལ་འཁོར་གསལ། །ཕྱོགས་བཅུའི་བཀྲ་ཤིས་ཞིང་ཁམས་རྒྱ་མཚོའི་དཔལ་ཡོན་ལས། །དོན་གཉིས་ནོར་བུ་མཆོག་ཐོབ་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །


SPN002_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་དབང་བཀྲ་ཤིས་ཡོངས་འདུ་ས་བརྟོལ་རྩ་བརྟན་ཅིང་། །རྒྱལ་ཆེན་བཀྲ་ཤིས་ལོ་འདབ་འབྲས་བུ་རྟག་པར་རྒྱས། །དཀར་ཕྱོགས་བཀྲ་ཤིས་རྒྱལ་བསྟན་བླ་ན་འདེགས་བཞིན་དུ། །སྐྱེ་དགུ་ངལ་འཚོའི་གཞིར་འགྱུར་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །བདག་གཞན་བཀྲ་ཤིས་རིམ་གཉིས་ལམ་བསླབ་གྲུར་འཇུག་ཅིང་། །གནས་སྐབས་བཀྲ་ཤིས་བསམ་འགྲུབ་ཉེར་བརྩོན་སྐྱ་བས་བསྐུལ། །རྟག་ཏུ་བཀྲ་ཤིས་འཁོར་མཚོ་ཆུ་བཞི་ལས་བརྒལ་ནས། །ཐར་ཆེན་ཞིང་འགྲོད་མཐར་ཐུག་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །ཕྱི་སྣོད་བཀྲ་ཤིས་འབྱུང་ལྔའི་སྟོབས་འཕེལ་གྲོགས་འགྱུར་ནས། །ནང་བཅུད་བཀྲ་ཤིས་སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ། །རྣམ་ཀུན་བཀྲ་ཤིས་དམ་པ་ཆོས་ཀྱི་སྐལ་ལྡན་ཅིང་། །མངོན་མཐོ་ངེས་ལེགས་མཆོག་ཐོབ་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །དེ་ནས་དཀྱིལ་འཁོར་བསྡུ་ཞིང་མཆོད་པ་རྣམས། །གཙང་སར་གཤེགས་སམ་སྔགས་ཀྱིས་བྱིན་བརླབ་ནས། །དངོས་གྲུབ་སྤྱོད་སོགས་གང་བདེར་ལས་ཀྱི་རྗེས། །མི་མངོན་པར་བྱ་བསོད་ནམས་ཚོགས་ཆེན་འཐོབ། །དེ་ལྟར་བཅོམ་ལྡན་གཙུག་ཏོར་ལྷ་དགུ་ཡི། །མཆོད་ཅིང་བསྟོད་སྒྲུབ་རིམ་པ་ངོ་མཚར་ཕུལ། །དཔག་བསམ་རྐང་འཐུང་འདོད་དགུའི་ལོ་འདབ་གཡོ། །དངོས་གྲུབ་འབྲས་བུ་གཡུར་དུ་ཟ་བཞིན་པར། །འབད་མེད་རེ་སྐོང་ཡོངས་ཀྱི་སྤྱི་ནོར་སྐལ། །སྤེལ་བའི་ལེགས་བྱས་དགེ་གང་མཆིས་སོ་ཅོག །དཔལ་ལྡན་རྡོ་རྗེ་ཅན་ཞབས་ཡུན་དུ་


SPN002_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་ཁྱབ། །བདག་སོགས་བསམ་དོན་ཆོས་བཞིན་འགྲུབ་པ་དང་། །ལྟོས་བཅས་འབྲེལ་དང་ཐོགས་མེད་མ་གྱུར་རྣམས། །ཉོན་ཤེས་སྒྲིབ་ཚོགས་བག་ཆགས་དྲུངས་ཕྱུང་ནས། །མྱང་འདས་མངོན་པར་འཚང་རྒྱ་ཉིད་གྱུར་ཅིག །ཚུལ་བཞིན་འགལ་འཁྲུལ་ནོངས་གྱུར་ཚེ་རབས་ཀྱི། །སྡིག་དང་ལྷན་ཅིག་བཟོད་བཞེས་དག་ཚངས་སྩོལ། །ཅེས་པའང་བཀྲ་ཤིས་ཟུར་མང་ལྷུན་གྲུབ་གླིང་གི་བསྟན་པའི་མངའ་བདག་གར་དབང་ཆོས་སྐྱོང་འགྱུར་མེད་ཀྱིས་བཀའ་གནང་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་ས་ཟླའི་ཡར་ཚེས་བཟང་པོར་བཀོད་པ་དགེ་བར་གྱུར་ཅིག །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།། །།

རྩ་གསུམ་གྱི་དྲིལ་སྒྲུབ་ཚེ་གཡང་འགུག་པའི་རིམ་པ་འདོད་དགུའི་བུམ་བཟང་།


SPN002_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་གྱི་དྲིལ་སྒྲུབ་ཚེ་གཡང་འགུག་པའི་རིམ་པ་འདོད་དགུའི་བུམ་བཟང་བཞུགས་སོ།


SPN002_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཧ་སྱ་བཛྲ་ཡེ། གར་དབང་རྡོ་རྗེ་འཆང་ཆེན་དཀྱིལ་འཁོར་གཙོ། །རྒྱལ་ཀུན་སྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ། །ཨེ་ཝཾ་གཉིས་མེད་བདེ་ཆེན་ཟུང་འཇུག་སྐུ། །དཔལ་ལྡན་བླ་མ་མཆོག་གིས་སྐྱོང་གྱུར་ཅིག །འདིར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བཞད་པ་རྡོ་རྗེ་དང་། ཡི་དམ་ལྷན་ཅིག་སྐྱེས་མ་ལ་བརྟེན་ནས་མཆོག་སྒྲུབ་པ། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་དང་བཀའ་སྲུང་ལྷ་སྨན་རྒྱལ་མོ་མཆེད་ལྔ་ལ་བརྟེན་ནས་ཚེ་དཔལ་བསྐྱེད་ཅིང་རྨ་གཡང་འགུགས་པའི་རིམ་པ་ལ། དང་པོ་སྒྲུབ་པ་པོ་སྡོམ་པ་དམ་ཚིག་ལ་གནས་ཤིང་བསྟན་དང་བླ་མར་གུས་པ། བླ་མེད་ཀྱི་དཀྱིལ་འཁོར་ཞུགས་ཤིང་སྨིན་སྒྲོལ་གྱིས་རྒྱུད་བརླན་པ་དག་གིས་ཡར་ངོའམ་ཚེས་བརྒྱད་དང་། བཅུ། བཅོ་ལྔ་ལ་


SPN002_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དུས་ཁྱད་པར་ཅན་ལ། གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་པའི་དབེན་གནས། གངས་དང་རྫ་རི་གཡའ་སྤང་སྨན་དང་མེ་ཏོག་གི་ལྗོངས་སམ། ནགས་ཚལ་དང་ཆུ་བོའི་ངོགས་སོགས་གང་ཡང་རུང་བར་གནས་ཁང་མཛེས་པར་བརྒྱན་ལ། དཀོན་མཆོག་རྩ་གསུམ་གྱི་རྟེན་བཀྲམ་པའི་མདུན་དུ། སྟེགས་བུ་གྲུ་བཞི་པར་བ་བྱུང་ལྔ་དང་མ་ད་ནས་ཆགས་ཆགས་གདབ་ཅིང་། ཚོན་གྱི་ཆོས་འབྱུང་དམར་པོ་བསྣོལ་མ་མུ་ཁྱུད་དཀར་པོ་ཅན་གྱི་དབུས་སུ་པདྨ་འདབ་བཞི་ཕྱོགས་མདོག་ལྟེ་བར་གྲི་གུག །ཤར་དུ་རྡོ་རྗེ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲི་བཀོད། དེའི་ཕྱིར་ཐོད་ཕྲེང་དང་། རྡོ་ར་མེ་རིས་བསྐོར་བ་རྡུལ་ཚོན་ནམ་རས་བྲིས་གང་རུང་གི་སྟེང་། མཉྫིའི་ཁར་རིན་པོ་ཆེའི་བུམ་པ་རྒྱན་དང་ལྡན་པ་ལྔ་ཚན་ལྔའི་རྫས་དང་རྒྱུན་འབབ་ཆུས་སུམ་གཉིས་བསྐང་།


SPN002_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དར་དམར་གྱི་མགུལ་ཆིངས་དང་། ཁ་རྒྱན་དུང་ཆོས་གཟུངས་རྡོར་བཀོད། མཐར་མཆོད་པ་བདུན་གྱིས་བསྐོར། གཡས་སུ་དར་དམར་གྱི་སྟེང་དུ་འབྲུ་ཚོམ་ལ་ཚེ་གཏོར་བུམ་གཟུགས་རྒྱན་ལྡན། ཚེ་རིལ་དང་ཚེ་ཆང་། གཡོན་དུ་དར་དཀར་པོའི་སྟེང་། གཡུང་དྲུང་དམར་པོ་གཡོན་འཁྱིལ་ལྔ་ཚོམ་བྲིས་པའི་སྟེང་དུ་འབྲུའི་ཚོམ་བུ་བཀོད་ལ། འབྲུ་དཀར་སྣ་ཚོགས་པའི་ཕྱེ་མ་རིན་པོ་ཆེའི་རིགས་དང་སྨན་སྣ་བསྲེས་པ། བ་དཀར་ར་དཀར་སོགས་ཀྱི་འོ་མས་སྦྲུས་པའི་ལྷ་མོ་ལྔའི་གཏོར་མ་དཔེའུ་རིས་ལྟར་བཤམས་པའི་སྟེང་དུ་དར་དཀར་གྱི་གུར་ཕུབ། སྤོད་སྣ་ཚོགས་བཏབ་པའི་ཞི་རྒྱས་དབང་དྲག་གི་འབྲང་རྒྱས། དཀར་མོའི་ལག་གཡས་དང་། ལྷང་དཀར་གྱི་ཤ། དཀར་གསུམ་དང་མངར་གསུམ། ཇ་ཆང་། ཁུར་བ་དང་། ཤིང་ཏོག་སོགས་མདོར་ན་ཟས་སྣ་ཚོགས་པས་མཐར་བསྐོར་ཞིང་མདའ་རྒོད་སྒྲོ་མ་དར་སྣ་ལྔའི་ཅོད་པན་ཅན་མེ་ལོང་སོར་གདུབ་བཏགས་པའི་མགུལ་དུ། རིན་པོ་ཆེའི་ཟ་མ་ཏོག །མུ་ཏིག །གཡུ། མགྲོན་བུ། མུ་མེན་སོགས་རིན་པོ་ཆེའི་རིགས་དང་། སིནྡྷུ་ར། བཟང་དྲུག་སོགས་སྨན་སྣས་བསྐང་བ་འདོག་ཅིང་། གཞན་ཡང་བླ་རྡོ་རྟེན་རྫས་གང་འབྱོར་དང་། མཐར་ཉེར་སྤྱོད་བདུན་གྱི་མཆོད་པ་དང་། བཀྲ་ཤིས་རྫས་བརྒྱད་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་སོགས་བྲིས་འབུར་གང་རུང་། འོག་ཏུ་དགོས་པའི་གཏོར་འབུལ་རྣམས་དང་། གསེར་སྐྱེམས། ཕྱེ་མར། འབྲུ་སྣ། སྨན་སྣ། དར་སྣ་སྤོས་སྣ་སོགས་མཆོད་རྫས་རྣམ་པ་ཇི་སྙེད་རྒྱ་ཆེ་ཞིང་ཡིད་དུ་འོང་བ་གང་དག་ཚར་དུ་དངར་བར་བཤམས། སྒྲུབ་པོའི་མདུན་དུ་གཡོན་ནས་བརྩམས་ཏེ། ལག་མཆོད་


SPN002_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཀ་པཱ་ལ་བདུད་རྩིའི་རིལ་བུ་དང་ལྡན་པ་མྱོས་བྱེད་ཀྱིས་གཏམས་པ། ཌཱ་དྲིལ་རྣམས་བཀོད། གཞན་ཡང་རོལ་མོའི་རིགས་སོགས་ཅི་རིགས་པར་འདུ་བྱས་ལ། གཉིས་པ་ནང་མཆོད་བྱིན་གྱིས་བརླབ་པ་ནི། བདག་ཉིད་སྐད་ཅིག་རྡོ་རྗེ་རྣལ་འབྱོར་མ། །ལྷན་ཅིག་སྐྱེས་མའི་ངོ་བོར་གསལ་བར་གྱུར། །ༀ་ཨཱཿབིགྷྣཱན་གྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་རྃ་ཀྃ་རྣམས་ལས། །རླུང་མེའི་དཀྱིལ་འཁོར་ཐོད་སྒྱེད་གསུམ་གྱི་སྟེང་། །ཨ་ལས་ཀ་པཱ་ལ་ཡི་སྣོད་ཡངས་པར། །བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། །གོ་ཀུ་ད་ཧ་ན་ལས་ཤ་ལྔ་སྟེ། །སླར་ཡང་སོ་སོར་ཡི་གེས་མཚན་པའོ། །རླུང་བསྐྱོད་མེ་སྦར་བཅུད་ཁོལ་དེ་སྟེང་དུ། །འབྲུ་གསུམ་འོད་འཕྲོས་ཡེ་ཤེས་བདུད་རྩི་བཀུག །དམ་ཚིག་བདུད་རྩི་དབྱེར་མེད་ཡེ་ཤེས་ཀྱི། །བདུད་རྩིའི་རང་བཞིན་ཟག་མེད་རྒྱ་མཚོར་གྱུར། །ༀ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། གསུམ་པ་སྔོན་གཏོར་བཏང་བ་ནི། སྔར་བཞིན་བྱིན་གྱིས་བརླབས་ལ་འབར་བའི་ཕྱག་རྒྱས། ཕེཾ་ཕེཾ་ཕེཾ། གྱིས་སྤྱན་དྲངས་ལ། པད་སྐོར་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ༀ་བཛྲ་ཨཱ་ར་ལི་ཧོཿཛཿཧཱུྃཿབྃ་ཧོཿབཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭྃཿདྲྀ་ཤྱ་ཧོཿཞེས་པ་ལན་གསུམ་མམ་བཞི་འམ་ལྔ་བརྗོད། སོ་སོའི་ཕྱག་རྒྱས། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་པཥྤེ༴དྷུ་པེ༴ཨཱ་ལོ་ཀེ༴གནྡྷེ༴ནཻ་བི་དྱ༴ཤབྡ་ཨཱཿཧཱུྃ་སྭཱ་


SPN002_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། པད་ཀོར་དང་རྡོར་ཐལ་ཁ་གྱེན་པས། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷུ་ཏ་པྲེ་ཏ་པི་ཤ་ཙ་ཨུནྨ་ད། ཨ་པ་སྨ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དམྦ་ལིང་གྲྀཧྣནྟུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིད་དྷི་མྨཻ་པྲ་ཡཙྪནྟུ་ཡ་ཐེ་བཾ་ཡ་ཐེཥྚཾཿབྷཱཉྫ་ཐ་ཛི་གྷ་ཐ་པི་པ་ཐ་མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡ་སདྟ་སུ་ཁཾ་བི་ཤུདྡྷ་ཡེ། སཱ་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་བཞིར་བརྗོད། རྡོ་རྗེའི་དཀྱིལ་འཁོར་གཉན་སྐྱོང་ཞལ་བཞེས་པ། །རྡོ་རྗེའི་དམ་ལྡན་ཞིང་སྐྱོང་ཆེན་པོ་བརྒྱད། །རྡོ་རྗེ་མཁའ་འགྲོ་སོ་གཉིས་འཁོར་ཚོགས་བཅས། །རྡོ་རྗེའི་རྣལ་འབྱོར་བདག་གི་མཆོད་སྦྱིན་གྱི། །དངོས་བཤམས་ཡིད་སྤྲུལ་གཏོར་མ་འདི་བཞེས་ལ། །བདག་འཁོར་བཅས་རྣམས་དཔལ་གྲགས་དབང་ཕྱུག་ཅིང་། །ཚེ་རིང་ནད་མེད་ལས་བཞིའི་དངོས་གྲུབ་སྩོལ། །སྐལ་པ་བཟང་སྤེལ་དགེ་བའི་སྟོང་གྲོགས་མཛོད། །གང་དག་དཀྱིལ་འཁོར་ལྟ་བར་མི་དབང་བའི། །ལོག་འདྲེན་བདུད་ཚོགས་མ་གནས་གཞན་དུ་དེངས། །གལ་ཏེ་བཀའ་འདས་རྡོ་རྗེ་ཁ་ཊཱྃ་གས། །ལུས་སྲོག་རྡུལ་ཕྲན་ཐལ་བར་བརླག་ཏ་རེ། །ཞེས་གཏོར་མ་ཕྱིར་ཕུལ། ༀ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད་ལ། རྡོ་རྗེ་གསོར་ཞིང་ཡུངས་ཀར་བྲབ། གུ་གུལ་བདུག །བཞི་པ་སྲུང་འཁོར་ནི། སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་གུར་བླ་བྲེ། །རྭ་བ་དྲྭ་བ་ས་གཞིའི་རྣམ་པར་གྱུར། །ཕྲ་མེན་


SPN002_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་དཀྱིལ་འཁོར་སྒོ་མཚམས་བསྡོམས། །སྲུང་དང་ཟློག་པའི་ཕྲིན་ལས་མཛད་དུ་གསོལ། །ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བསྒོམ་མོ། །ལྔ་པ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ནི། ན་མོ། བདག་དང་འགྲོ་བ་མ་ལུས་པའི། །དེང་ནས་བྱང་ཆུབ་སྙིང་པོའི་བར། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །ཡེ་ཤེས་ཆོས་སྐྱོང་ཌཱ་ཀི་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ། །དགའ་དང་བཏང་སྙོམས་ཆེར་གནས་ཤོག །ལན་གསུམ་མམ་བདུན་བརྗོད། དྲུག་པ་མཆོད་རྫས་བྱིན་རླབས་ནི། ༀ་ཨཱཿབིགྷྣཱན་གྱིས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ། །ཡངས་ཤིང་རྒྱ་ཆེན་རྣམས་ཀྱི་ནང་དུ་ཧཱུྃ། །དཔག་མེད་འོད་ཞུ་ལྷ་རྫས་ལས་གྲུབ་པའི། །རྡོ་རྗེའི་མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་སྒྲ་སྙན་སོགས། །གཏོར་ཚོགས་བརྟེན་རྫས་ཕྱི་ནང་གསང་བ་ཡི། །མཆོད་སྤྲིན་ཟག་མེད་བདེ་ཆེན་སྐྱེད་བྱེད་པ། །དྭངས་ཤིང་ཐོགས་མེད་མཁའ་དབྱིངས་གང་བར་གྱུར། །ༀ་བཛྲ་ཨརྒྷཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བྱིན་བརླབས་ལ། བདུན་པ་ཚོགས་ཞིང་ནི། རང་ཉིད་རྣལ་འབྱོར་མར་གསལ་སྙིང་ག་ཡི། །ས་


SPN002_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བོན་འོད་ཀྱིས་བླ་མ་བཅོམ་ལྡན་མ། །སངས་རྒྱས་བྱང་སེམས་ཚོགས་དང་བཅས་པ་རྣམས། །མདུན་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿཐལ་མོ་སྦྱར་ལ། ཕྱག་འཚལ་བ་དང་སོགས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་བདུན་རྣམ་དག་དང་རྒྱུན་བཤགས་བྱ། ཚོགས་ཞིང་འོད་ཞུ་རང་དང་དབྱེར་མེད་གྱུར། །དེ་ནས་ཚངས་པའི་གནས་བཞི་བསྒོམ་ལ། བརྒྱད་པ་བདག་ཉིད་ལྷ་ཡི་རྣལ་འབྱོར་ལ་འཇུག་པ་ནི། ༀ་སྭ་བྷ་སོགས་དང་། སྟོང་པའི་ངང་ལས་ཁམས་གསུམ་པོ། །ཐམས་ཅད་ཆོས་འབྱུང་གཞལ་ཡས་ཁང་། །དེ་དབུས་པདྨ་རོ་ཡི་སྟེང་། །རང་སེམས་ཧྲཱིཿལས་འོད་ཟེར་འཕྲོས། །འཕགས་མཆོད་སེམས་ཅན་དོན་བྱས་འདུས། །ཡོངས་གྱུར་བདག་ཉིད་རྣལ་འབྱོར་མ། །ཆོས་སྐུ་ཉག་གཅིག་ཞལ་གཅིག་མ། །ཐབས་ཤེས་ཟུང་འཇུག་ཕྱག་གཉིས་མ། །བདུད་དཔུང་འཇིགས་བྱེད་ཁྲོ་གཉེར་ཅན། །མཆེ་གཙིགས་ཚེམས་ཀྱིས་མ་མཆུ་མནན། །དམར་ལ་གཡོ་ཟླུམ་སྤྱན་གསུམ་འབར། དབུ་སྐྲ་ཁམ་ནག་འབར་ཞིང་གྲོལ། །ཐོད་སྐམ་ལྔ་ཡི་དབུ་རྒྱན་ཅན། །འདུ་བྱེད་དག་པའི་རང་བཞིན་གྱིས། །ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང་། མེ་ཏོག་དྲིལ་བུ་གཡེར་ཁས་བརྒྱན། །ཕྱིན་དྲུག་རུས་རྒྱན་ཕྱག་རྒྱ་ལྔ། །རྡོ་རྗེ་གྲི་གུག་ཐོད་ཁྲག་བསྣམས། །རུས་པའི་ཁ་ཊྭཱྃ་གྲུ་མོར་བརྟེན། །གཡོན་


SPN002_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་གར་གྱི་རྣམ་པར་རོལ། །སྟོང་གསུམ་ཁྱབ་ཅིང་འོད་འབར་བའོ། །དེ་ཡི་སྤྱི་བོ་བགྲིན་པ་དང་། །སྙིང་ག་ལྟེ་བ་གསང་གནས་སུ། །སེང་གེ་རྨ་བྱ་གླང་ཆེན་དང་། །རྟ་མཆོག་ཤང་ཤང་གིས་བཏེགས་ཁྲིར། །སྣ་ཚོགས་རིན་ཆེན་ལས་གྲུབ་སྟེང་། །པདྨ་སྟོང་ལྡན་ཟླ་དཀྱིལ་དབུས། །ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿརྣམས་ལས། །བཅོམ་ལྡན་རིགས་ལྔ་ཚེ་དཔག་མེད། །སྐུ་མདོག་དཀར་དམར་མཐིང་སེར་ལྗང་། །ཞལ་གཅིག་ཕྱག་གཉིས་ཚེ་བུམ་འཛིན། །པདྨའི་དབུ་རྒྱན་སྙན་རྒྱན་དང་། །མགུལ་རྒྱན་ཕྱག་ཞབས་གདུབ་བུས་མཛེས། །ལེ་རྒན་དར་གྱི་སྟོད་གཡོགས་དང་། །སྨད་གཡོགས་ཞབས་གཉིས་རྡོར་སྐྱིལ་བཞུགས། །འོད་དང་འོད་ཟེར་འབར་བ་རུ། །སྣང་སྟོང་ཆུ་ུཟླ་ལྟ་བུར་གསལ། །རང་གི་སྤྱི་བོར་པདྨ་དཀར། །དྲི་མེད་འདབ་བརྒྱའི་གེ་སར་དབུས། །ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་སྟེང་། །རྩ་བརྒྱུད་བླ་མ་ཀུན་འདུས་པ། །རྗེ་བཙུན་བཞད་པ་རྡོ་རྗེ་ནི། །ཞི་འཛུམ་ཕྱག་གཡས་སྙན་ལ་བརྟེན། །གཡོན་པས་བ་མེན་རྭ་ཡི་སྣོད། བདུད་རྩིས་གཏམས་པ་ཐུགས་ཀར་བསྣམས། །ལྕང་ལོ་ཕོད་ཁ་ལིང་ངེ་བ། །སྐུ་ལ་རས་དཀར་བླ་གོས་གསོལ། །ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས། །དེ་ཡི་སྤྱི་བོར་འཇའ་འོད་ཀློང་། །རྨ་བྱ་བརྒྱད་སྟེགས་རིན་ཆེན་


SPN002_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིར། །ཆགས་མེད་པདྨ་ཟླ་བའི་སྟེང་། །དེ་བཞིན་གཤེགས་པ་སྣང་མཐའ་ཡས། །དམར་གསལ་མཉམ་བཞག་ལྷུང་བཟེད་བསྣམས། །སྤྲུལ་སྐུའི་ཆ་ལུགས་མཚན་དཔེ་རྫོགས། །བཀའ་བརྒྱུད་བླ་མ་ཡི་དམ་ལྷ། །ཌཱ་ཀི་ཆོས་སྐྱོང་སྤྲིན་ལྟར་གཏིབས། །དེ་ལྟར་བསྐྱེད་པའི་ལུགས་དཀྱིལ་གྱི། །གནས་གསུམ་འབྲུ་གསུམ་ས་བོན་ལས། །འོད་འཕྲོས་ནུབ་ཕྱོགས་ཨོ་རྒྱན་དང་། །བདེ་ཆེན་པདྨོ་བཀོད་པའི་ཞིང་། །རང་བཞིན་རྣམ་དག་དཀྱིལ་འཁོར་ནས། །བསྒོམ་པ་དང་འདྲའི་ཡེ་ཤེས་པ། །སངས་རྒྱས་བྱང་སེམས་དཔའ་བོ་དང་། །རྣལ་འབྱོར་མ་ཡི་འཁོར་ཚོགས་བཅས། །དཔག་ཏུ་མེད་པ་སྤྱན་དྲངས་གྱུར། །གུ་རུ་དྷེ་ཝ་ཌཱ་ཀི་ནི་བཛྲ་ས་མ་ཛཿཞེས་སྤྱན་དྲངས། དེ་རྣམས་སྐུ་ལས་སྐུ་མང་འཕྲོས། །ལུས་ཐིམ་བདེ་དང་དྲོད་ནུས་བསྐྱེད། །གསུང་ལ་ཨཱ་ལི་ཀཱ་ལི་འཕྲོས། །ངག་ཐིམ་མཐུ་དང་ནུས་པ་བསྐྱེད། །ཐུགས་ལས་བྱང་སེམས་ཆུ་རྒྱུན་བབས། །ཡིད་ཐིམ་བདེ་སྟོང་ཏིང་འཛིན་བསྐྱེད། །ལྷ་རྣམས་རང་རང་སོ་སོར་ཐིམ། །གཉིས་མེད་རིགས་བདག་དབུ་བརྒྱན་པའོ། །ཞེས་དམ་ཚིག་པར་ཡེ་ཤེས་གཉིས་མེད་དུ་བསྟིམ་ནས། དགུ་པ་བཟླས་པའི་རིམ་པ་ནི། གསང་བར་ཆོས་འབྱུང་པདྨ་འདབ་བཞིའི་དབུས། །ཧྲཱིཿདང་འདབ་བཞིར་ཧ་རི་ནི་ས་སྟེ། །ཧྲཱིཿལས་


SPN002_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཕྲེང་གཡོན་དུ་བསྐོར་བ་ལ། །དོན་ཀུན་འགྲུབ་བྱེད་འཁོར་ལོ་འོད་འབར་བའོ། །ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་གང་ནུས་བཟླ་ཞིང་། སྤྱི་བོའི་རྗེ་བཙུན་རིན་པོ་ཆེར་གསོལ་བ་གདབ་པ་ནི། རྒྱལ་དབང་བརྒྱད་པས་མཛད་པའི། བྱང་ཕྱོགས་མུན་པའི་སྨག་རུམ་ན། །གངས་ལ་ཉི་མ་ཤར་འདྲ་བའི། །ཐོས་པ་དགའ་ཞེས་བྱ་བ་ཡི། །སྐྱེས་བུ་དེ་ལ་གུས་ཕྱག་འཚལ། །བྱངཕྱོགས་རྒྱུད་དུ་སྐུ་འཁྲུངས་ཤིང་། །འཇིག་རྟེན་སྐྱོན་གྱིས་མ་གོས་པར། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །མི་ལ་མཆོག་ལ་གསོལ་བ་འདེབས། །བདེ་ཆེན་བརྗོད་མེད་རོ་ཡིས་མྱོས། །སྲིད་གསུམ་དག་པའི་ཕྱག་རྒྱས་བཅིངས། །བསྲེག་བཞུའི་ལམ་ནས་ལྷན་ཅིག་སྐྱེས། །མི་ལ་མཆོག་ལ༴རགས་སྣང་ཕྲ་ཐིག་ཟབ་མོར་བསྟེན། །ཕྲ་མྱོང་བདག་བྱིན་བརླབས་པར་མཛད། །གསང་བའི་དཀྱིལ་འཁོར་རིགས་ཀྱི་བདག །མི་ལ་མཆོག་ལ༴འཛག་མེད་གཙོ་མོར་ས་བོན་བཀྲོལ། །སྲིད་བདག་ལམ་དུ་སྙིང་རྗེས་ལེན། །ནུས་པ་དྲག་པོའི་སྐུར་བཞེངས་པ། །མི་ལ་མཆོག་ལ༴བདག་ཀྱང་འཁོར་བ་མི་སྤང་ཞིང་། །མྱང་འདས་ཞི་བར་མི་འཇུག་སྟེ། །མཁའ་སྤྱོད་དབང་ཕྱུག་མི་ལ་ཡི། །མཆོག་གི་དངོས་གྲུབ་འགྲུབ་གྱུར་ཅིག །སོགས་མཐར་ཆགས་སུ་བརྗོད། ༀ་ཨཱཿགུ་རུ་ཧ་སྱ་བཛྲ་ཧཱུྃ། ཞེས་མཚན་སྔགས་བཟླས་ལ་གདུང་ཤུགས་ཀྱིས་གསོལ་བ་འདེབས་པ་རྗེ་སྒམ་པོ་པས་མཛད་པ་ནི། བླ་མ་རྗེ་བཙུན་རིན་པོ་ཆེ། བདག་གི་ལས་དང་ཉོན་མོངས་


SPN002_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ད་ལྟ་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་དག་པར་བྱིན་གྱིས་བརླབ༴བླ་མ་རྗེ་བཙུན་རིན་པོ་ཆེ། བདག་གི་རྒྱུད་འདི་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རྒྱུད་འདི་རྣམ་པར་གྲོལ་བར་བྱིན་གྱིས་བརླབ་ཏུ༴ད་ལྟ་ཉིད་དུ་གྲོལ་བར་བྱིན༴འདུག་ས་འདི་ཉིད་དུ་གྲོལ་བར་བྱིན་གྱིས༴ཐུན་འདི་ཉིད་དུ་གྲོལ་བར་བྱིན་གྱིས༴བླ་མ་རྗེ་བཙུན་རིན་པོ་ཆེ། བདག་གི་རྒྱུད་ལ་ཏིང་ངེ་འཛིན་ཕྱིན་ཅི་མ་ལོག་པ་མཆོག་ཏུ་གྱུར་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན་གྱིས༴ཐུན་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ༴བླ་མ་རྗེ་བཙུན་རིན་པོ་ཆེ། བདག་གི་རྒྱུད་ལ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཕྱིན་ཅི་མ་ལོག་པ་མཆོག་ཏུ་གྱུར་པ་སྐྱེ་བར་བྱིན༴ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས༴འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སྐུ་ལས་བདུད་རྩིའི་རྒྱུན་བབས་ཏེ་རང་གི་གནས་བཞི་གང་། དབང་བཞི་ཐོབ། སྒྲིབ་བཞི་དག་ནས་སྐུ་བཞིའི་ས་བོན་རྒྱུད་ལ་བཞག་པར་གྱུར། ཡང་འོད་དཔག་མེད་ལ་ཡིད་རྩེ་


SPN002_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་གུས་པའི་བློས་སྔགས་ཀྱིས་གསོལ་བ་བཏབ་པ་ནི། ༀ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ། ཀ་ར་རེ། ཤ་ར་རེ་ཧཱུྃ་ཕཊ། ལན་བདུན་ནམ་ཉེར་གཅིག་སྐབས་དང་བསྟུན་པར་བརྗོད་ལ། རྗེ་ཀརྨ་ཆགས་མེད་པས་མཛད་པའི་བཟླས་དམིགས་འདི་བཞིན་འདོན་སྒོམ་སྦྲགས། སྤྱི་བོའི་འོད་དཔག་མེད་ལས་འོད་ཟེར་འཕྲོས། །སྣང་སྲིད་འཁོར་འདས་ཚེ་དང་བསོད་ནམས་ཀུན། །འོད་ཀྱིས་བསྡུས་ནས་ལྷུང་བཟེད་ནང་དུ་ཐིམ། །ལྷུང་བཟེད་ནང་ནས་ཚེ་ཡི་བདུད་རྩི་འཕྱུར། །མི་ལའི་ཚངས་བུག་ནས་ཞུགས་རང་ལུས་གང་། །རང་གི་གནས་ལྔའི་ཚེ་དཔག་རིགས་ལྔ་ལས། །རང་མདོག་འོད་འཕྲོས་རིགས་ལྔའི་རིགས་གྱུར་པའི། །ཚེ་ཡི་དངོས་གྲུབ་བསྡུས་ཏེ་རང་ལ་ཐིམ། །འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་གྱུར། །ༀ་ཨ་མཱ་ར་ནི་ཛཱི་ཝནྟི་ཡེ་སྭཱ་ཧཱ། གང་འགྲུབ་དང་། ༀ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཨུརྫྙ་ན་སུ་བི་ནིཥྩི་ཏ་ཏེ་ཛྭ་ར་ཛ་ཡ། ཏ་ཐཱ་ག་ཏཱ་ཡཱརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ༀ་སརྦ་སཾ་ཀཱ་ར་པ་རི་ཤུདྡྷེ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཚེ་གཟུངས་ཀྱང་བཟླའོ། །མཐར། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་སྦྱིན་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་


SPN002_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་ན། །སྦྱིན་པ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །ཚུལ་ཁྲིམས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་ཚུལ་ཁྲིམས་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །ཚུལ་ཁྲིམས་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །བཟོད་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་བཟོད་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བཟོད་པ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །བརྩོན་འགྲུས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་བརྩོན་འགྲུས་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བརྩོན་འགྲུས་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །བསམ་གཏན་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་བསམ་གཏན་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བསམ་གཏན་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །ཤེས་རབ་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་ཤེས་རབ་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །ཤེས་རབ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །སོགས་བརྗོད་པར་བྱའོ། །བཅུ་པ་མདུན་བསྐྱེད་ཡི་དམ་བསྒྲུབ་པ་ནི། བིགྷྣཱན་གྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་གྱི་མཁར། །ཨེ་ལས་


SPN002_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འབྱུང་གཞལ་ཡས་ཁང་། །དེ་དབུས་པདྨ་རོ་ཡི་སྟེང་། །ཡི་གེ་ཧྲཱིཿལས་འོད་ཟེར་འཕྲོས། །འཕགས་མཆོད་སེམས་ཅན་དོན་བྱས་འདུས། །ཡོངས་གྱུར་རྡོ་རྗེ་རྣལ་འབྱོར་མ། །ཆོས་སྐུ་ཉག་གཅིག་ཞལ་གཅིག་མ། །ཐབས་ཤེས་ཟུང་འཇུག་ཕྱག་གཉིས་མ། །བདུད་དཔུང་འཇིགས་བྱེད་ཁྲོ་གཉེར་ཅན། །མཆེ་གཙིགས་ཚེམས་ཀྱིས་མ་མཆུ་མནན། །དམར་ལ་གཡོ་ཟླུམ་སྤྱན་གསུམ་འབར། །དབུ་སྐྲ་ཁམ་ནག་འབར་ཞིང་གྲོལ། །ཐོད་སྐམ་ལྔ་ཡི་དབུ་རྒྱན་ཅན། །འདུ་བྱེད་དག་པའི་རང་བཞིན་གྱི། །ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱངས། །མེ་ཏོག་དྲིལ་བུ་གཡེར་ཁས་བརྒྱན། །ཕྱིན་དྲུག་རུས་རྒྱན་ཕྱག་རྒྱ་ལྔ། །རྡོ་རྗེ་གྲི་གུག་ཐོད་ཁྲག་བསྣམས། །རུས་པའི་ཁ་ཊྭཱཾ་གྲུ་མོར་བརྟེན། །གཡོན་བརྐྱང་གར་གྱི་རྣམ་པར་རོལ། །སྟོང་གསུམ་ཁྱབ་ཅིང་འོད་འབར་བའོ། །ཕྱོགས་བཞིར་ཧ་རི་ནི་ས་ལས། །ཤར་དུ་རྡོ་རྗེ་མཁའ་འགྲོ་སྔོ། །ལྷོ་རུ་རིན་ཆེན་མཁའ་འགྲོ་སེར། །ནུབ་ཏུ་པདྨ་མཁའ་འགྲོ་དམར། །བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་། །རྡོ་རྗེ་རིན་ཆེན་པདྨ་དང་། །རལ་གྲིས་མཚན་པའི་གྲི་ཐོད་འཛིན། །ཁ་ཊྭཱཾ་མཆན་བཅུག་རྒྱན་ཆ་ལུགས། །ཡོངས་སུ་རྫོགས་པ་གསལ་བར་གྱུར། །གཙོ་མོའི་གསང་གནས་ཆོས་འབྱུང་དབུས། །ཧྲཱིཿདང་མཁའ་འགྲོ་བཞིའི་ཐུགས་ཀའི། །ས་བོན་རྣམས་ལས་འོད་འཕྲོས་པས། །ཨོ་རྒྱན་གནས་ནས་བཅོམ་ལྡན་མ། །རིགས་བཞི་མཁའ་འགྲོ་འཁོར་དང་བཅས། །བླ་མ་ཡི་དམ་སངས་རྒྱས་དང་། །དཔའ་


SPN002_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རྣལ་འབྱོར་མ་ཡི་ཚོགས། །མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར། །བཛྲ་ས་མཱ་ཛཿༀ་བཛྲ་བཻ་རོ་ཙ་ནི་ཡེ་ཨརྒྷཾ། པུཥྤེ། དྡྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་པྲ་ཏིཙྪ་སྭཱ་ཧཱ། པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། བཛྲ་མ་ཏངྒི་ཨཱཿཧཱུྃ། ཞེས་བརྗོད། ཧཱུྃ་ཆོས་ཉིད་རྣམ་པར་དག་པའི་ངང་། །སྐྱེ་བ་མེད་པ་སྤྲུལ་པའི་སྐུ། །སྙིང་རྗེའི་དབང་གིས་བྱུང་བ་ཡི། །བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །མཚལ་དང་སིནྡྷུ་ར་ལྟར་མཛེས། །གཡས་པས་གྲི་གུག་གཡོན་ཐོད་ཁྲག །ཐབས་ཀྱི་རང་བཞིན་ཁ་ཊྭཱཾ་གཡོན། །ཤེས་རབ་ལྔ་དང་ཡེ་ཤེས་ལྔས། །རབ་བརྒྱན་སྐུ་གསུམ་ཚུལ་དུ་བཞུགས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་ལྡན། །བཅུ་དྲུག་ལོ་ལོན་གཞོན་ཅིང་སྒེག །འབར་བ་ཡི་ནི་གར་དགུར་ལྡན། །སྤྱན་གསུམ་པོ་ལ་མཆེ་བ་བཞི། །ཅུང་ཟད་གཙིགས་ཤིང་ཁྲོ་མོའི་ཞལ། །གཅེར་བུ་དབུ་སྐྲ་གྲོལ་ཞིང་གནག །དབུ་ལ་ཐོད་སྐམ་ལྔ་ཡིས་བརྒྱན། །ཐོད་རློན་གྱི་ནི་དོ་ཤལ་བྱས། །རུས་པ་དང་ནི་རིན་པོ་ཆེས། །བརྒྱན་ཅིང་དར་གྱི་ཅོད་པན་ཐོགས། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་། །སྣ་ཚོགས་པདྨ་ཉི་མའི་གདན། །གཉིས་མེད་གཡས་བརྐྱང་གར་གྱིས་གནས། །དུས་མཚན་རོ་ཡི་ལྟེ་བར་མནན། །མཁའ་འགྲོའི་ཚོགས་ཀྱི་གཙོ་མོ་སྟེ། །རྣལ་


SPN002_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ་ལ་ཕྱག་འཚལ་བསྟོད། །མཆོག་དང་ཐུན་མོང་ལ་སོགས་པ། །ཅི་བསམ་པ་ཡི་དོན་རྣམས་ཀུན། །རྣལ་འབྱོར་དབང་ཕྱུག་ཆེན་མོ་ཡིས། །དུས་འདི་ཉིད་དུ་བདག་ལ་སྩོལ། །ཅེས་པས་བསྟོད། དེ་རྣམས་སྐུ་ལས་སྐུ་མང་འཕྲོས། །ལུས་ཐིམ་བདེ་དང་དྲོད་ནུས་བསྐྱེད། །གསུམ་ལས་ཨཱ་ལི་ཀཱ་ལི་འཕྲོས། །ངག་ཐིམ་མཐུ་དང་ནུས་པ་བསྐྱེད། །ཐུགས་ལས་བྱང་སེམས་ཆུ་རྒྱུན་བབས། །ཡིད་ཐིམ་བདེ་སྟོང་ཏིང་འཛིན་བསྐྱེད། །ལྷ་རྣམས་རང་རང་སོ་སོ་ལ། །ཐིམ་པས་གཉིས་སུ་མེད་པར་གྱུར། །ཅེས་བརྗོད་ལ། བཟླས་པ་ནི། ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ། བཅུ་གཅིག་པ་བུམ་པ་བསྒྲུབ་པ་ནི། ༀ་ཨཱཿབིགྷྣཱན་གྱིས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཡོངས་གྱུར་ལས། །རིན་ཆེན་པདྨ་རཱ་ག་ལས་གྲུབ་པའི། །བཀྲ་ཤིས་བུམ་བཟང་མཆུ་འཕྱང་ལྟོ་བ་ལྡིར། །ཞབས་ཞུམ་མགྲིན་རིང་མགུལ་ཆིངས་ལེ་བརྒན་དར། །དཔག་བསམ་ཤིང་ལོ་མེ་ཏོག་ཁ་རྒྱན་མཛེས། །ནང་དུ་ལྔ་ཕྲག་ལྔ་ཡི་རྫས་རྣམས་དང་། །ལྷ་ཡི་བདུད་རྩིའི་རང་བཞིན་ཆུས་བསྐང་དབུས། །པཾ་ལས་པདྨ་དམར་པོ་འདབ་སྟོང་ལྡན། །གེ་སར་འཛུམ་ཕྲེང་སྡོང་བུ་ཡལ་ག་དང་། །ལོ་འདབ་ཀུན་ཏུ་རྒྱས་པ་དེ་ཡི་སྟེང་། །ཨ་ལས་ཆུ་ཤེལ་ཟླ་བའི་དཀྱིལ་འཁོར་ནི། །ཆ་ཤས་ཡོངས་


SPN002_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལྟེ་བར་ཧྲཱིཿདམར་པོ། །དེ་ལས་འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས། །འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། །རྒྱལ་ཀུན་གསུང་གི་རྡོ་རྗེའི་ངོ་བོ་ཉིད། །ཚེ་དང་ཡེ་ཤེས་དཔག་མེད་མགོན་པོ་མཆོག །སྐུ་མདོག་འཆར་ཀའི་ཉིན་བྱེད་ལྟར་དམར་བ། །མཚན་དཔེར་རབ་རྫོགས་འོད་དང་འོད་ཟེར་འབར། །ཞི་འཛུམ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་རྒྱས། །ཚེ་ཡི་བུམ་པ་བདུད་རྩིའི་བཅུད་གཏམས་འཛིན། །རཏྣའི་དབུ་རྒྱན་སྙན་ཆ་མགུལ་ཆུ་དང་། །དོ་ཤལ་སེ་མོ་དོ་དང་ཕྱག་ཞབས་གདུབ། །དར་ལའི་སྟོད་གཡོགས་སྨད་གཡོགས་ཞབས་རྡོར་སྐྱིལ། །ལོངས་སྤྱོད་རྫོགས་པའི་སྐུར་གསལ་གནས་གསུམ་དུ། །ༀ་དཀར་ཨཱཿདམར་ཧཱུྃ་མཐིང་ཐུགས་ཀའི་དབུས། །ཟླ་སྟེང་ཧྲཱིཿདམར་དེ་ལས་འོད་ཟེར་འཕྲོས། །བསྐྱེད་པ་དང་འདྲའི་ཡེ་ཤེས་འཁོར་ལོའི་ཚོགས། །མདུན་གྱི་ནམ་མཁར་སྤྱན་དྲངས་གསལ་བར་གྱུར། །བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས་ལ། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་སོགས་ཀྱིས་མཆོད་པ་དང་། ཧྲཱིཿབཅོམ་ལྡན་མགོན་པོ་ཚེ་དཔག་མེད། །མཁའ་མཉམ་སྐུ་གསུང་ཐུགས་མངའ་བ། །རྣམ་དག་སྐུ་གསུང་ཐུགས་སུ་ལྡན། །ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །ཅེས་དང་། ཛཿ་ཧཱུྃ་


SPN002_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བྃ་ཧོཿཡེ་ཤེས་དམ་ཚིག་པ། །དབྱེར་མེད་གྱུར་ཅིང་སླར་ཡང་ཐུགས་ཀའི་ཧྲཱིཿ། །དེ་ལས་འོད་འཕྲོས་དབང་ལྷ་རིགས་ལྔའི་ཚོགས། རང་བཞིན་གནས་ནས་སྤྱན་དྲངས་མཆོད་པར་གྱུར། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། སོགས་ནས། ཤབྡའི་བར་དང་། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཉྩ་ཏུ་མཾ། །གསོལ་བཏབ་མོད་ལ་དེ་བཞིན་གཤེགས་པ་དང་། །གཤེགས་མ་རྣམས་ཀྱིས་དབང་བསྐུར་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཡེ་ཤེས་བདུད་རྩིའི་ཆུས་དབང་བསྐུར། །སྐུ་གང་ཆུ་ཞབས་སྤྱི་བོར་བརྟེན་པ་ལས། །རིགས་བདག་འོད་དཔག་མེད་པས་དབུ་བརྒྱན་ཅིང་། །བུམ་ལྷའི་ཐུགས་ཀར་རིན་ཆེན་ཟ་མ་ཏོག །དབུས་སུ་ཧྲཱིཿདམར་དེ་ལས་སྔགས་ཕྲེང་བསྐོར། །ཐ་མར་བདག་དང་བསྲུང་བྱའི་མིང་བཅས་གསལ། །ཐལ་མོ་སྦྱར་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་རྒྱུད་བྱིན་གྱིས་རློབས་ཤིག །ཚེ་དང་ཡེ་ཤེས་ཀུན་ནས་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ༀ་བཛྲ་ཨཱ་ཡུ་ཥེ། ས་ར་ཧ། ཀ་ར་རེ། ཤ་ར་རེ་ཧཱུྃ་ཕཊ། ཅེས་ལན་གསུམ། བདག་དང་


SPN002_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བྱ་དེང་ནས་བཟུང་སྟེ་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐྱབས་འོག་ཏུ་ཚུད་པར་གྱུར་ཅིག །བདག་ལ་རིང་པོའི་མཆོག་ཐོབ་པར་གྱུར་ཅིག །ཚེ་སྲོག་བྲག་ལས་སྲ་བར་གྱུར་ཅིག །ཚེ་ཉི་ཟླ་དང་མཉམ་པར་གྱུར་ཅིག །མི་རྒྱུད་ཆུ་ལས་རིང་བར་གྱུར་ཅིག །ལྕགས་ཀྱི་སྲོག་རྩ་འགྲུབ་པར་གྱུར་ཅིག །ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་གྱུར་ཅིག །འཆི་མེད་ཚེ་ཡི་གཡུང་དྲུང་ཐོབ་པར་གྱུར་ཅིག །ཅེས་གསོལ་བ་བཏབ། རང་གི་སྙིང་གའི་འོད་ཟེར་གཟུངས་ཐག་བརྒྱུད། །བུམ་ལྷར་ཐིམ་པའི་འོད་ཀྱིས་རྒྱལ་བ་མཆོད། །ཐུགས་རྗེ་བྱིན་རླབས་བརྟན་གཡོ་སྣང་སྲིད་ཀྱི། །ཡོན་ཏན་བདུད་རྩིའི་དྭངས་བཅུད་བུམ་ལྷ་ཡི། ཤངས་བུག་ནས་ཞུགས་སྔགས་ཕྲེང་མིང་ཡིག་ལ། །ཐིམ་པས་བདག་དང་བསྒྲུབ་བྱའི་ལུས་ངག་ཡིད། །གཞོམ་མེད་རྟག་པ་རྡོ་རྗེའི་རང་བཞིན་གྱུར། །དེ་ནས་བཟླས་པ་བྱ་བ་ནི། ༀ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། གང་འགྲུབ་བཟླས་ལ། ན་མོ་བྷ་ག་ཝ་ཏེ་ཨ་པ་ར་མི་ཏ་སོགས་གཟུངས་རིང་བཟླའོ། །བཅུ་གཉིས་པ་ཚེ་འགུགས་པ་ནི། བདག་དང་བུམ་ལྷའི་ཐུགས་ཀའི་འོད་ཀྱིས་འཁོར་འདས་བརྟན་གཡོའི་ཚེ་བཅུད་ཐམས་ཅད་བསྡུས་པར་བསམ་ནས་ཚེ་ཡི་མདའ་དར་གཡབ་ཅིང་། ཧཱུྃ་བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །


SPN002_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྔ་ལ་དབང་བསྒྱུར་ལྷ་མོའི་ཚོགས། །བདག་དང་བསྲུང་བྱའི་ཚེ་དང་གཡང་སྤེལ་ཅིག །སྟེང་འོག་ཕྱོགས་བཅུ་སྣོད་ཀྱི་འཇིག་རྟེན་ལ། །བྲོས་དང་འཁྱམས་དང་ཡར་བའི་ཚེ་ཁུག་ཅིག །སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་ཚོགས་རྣམས་ཀྱིས། བརྐུས་དང་འཕྲོག་དང་གཞོམ་པའི་ཚེ་ཁུག་ཅིག །འབྱུང་བའི་དགྲ་གཤེད་འཁྲུགས་པའི་ལས་སྦྱོར་གྱིས། །ཉམས་དང་ཟད་དང་འཐོར་བའི་ཚེ་བསོས་ཤིག །ཧད་ཀྱིས་བསྔངས་དང་ཡིད་ཀྱིས་བརྒྱལ་བ་དང་། །འུད་ཀྱིས་འགྲོགས་པའི་ཚེ་དང་གཡང་གསོས་ཤིག །ཚེ་ཁུག་གཡང་སྐྱོབ་དངོས་གྲུབ་བསྩལ་དུ་གསོལ། །འབྱུང་ལྔ་འོད་ལྔ་འབར་བའི་ཚེ་བཅུད་བསྟིམས། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བསྐུལ་ཞིང་། སྔགས་ནི། ཨ་གྷུ་ས་མ་ཡ་ཨེ་ཧྱེ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ། ཞེས་བཟླ། དེ་ནས་རྒྱས་གདབ་པ་ནི། དང་པོ་རྩེ་གཅིག་སེམས་ཀྱི་རྒྱ། །གཉིས་པ་ཐབས་དང་ཤེས་རབ་རྒྱ། །གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་པ་ཚད་མེད་བཞི་ཡི་རྒྱ། །ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ། །དྲུག་པ་རྟ་མགྲིན་དབང་གི་རྒྱ། །བདུན་པ་ཆོས་ཀྱི་དབྱིངས་ཀྱི་རྒྱ། །རྒྱ་བདུན་རིམ་གྱིས་བཏབ་པ་ལ། །སུ་ཡང་འདའ་བར་མ་བྱེད་ཅིག །ༀ་བཛྲ་རཀྵ་རཀྵ་ཧཱུྃ། དེ་ནས་ཚེ་སྦ་བ་ནི། ཨཱ་ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས། །སངས་རྒྱས་


SPN002_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀྱང་མི་གཟིགས་ན། །གནོད་བྱེད་བགེགས་ཀྱིས་ལྟ་ཅི་སྨོས། །དེ་ཕྱིར་རྡོ་རྗེའི་ཚེ་སྦའོ། །ༀ་བཛྲ་རཀྵ་རཀྵ་ཧཱུྃ། །ཞེས་བརྗོད། ༀ་སརྦ་ཏ་ཐཱ་ག་ཏ་ཨཱཿཡུཿདེ་ཝ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན་རིགས་འགྲེས། ཤབྡ་བར་གྱིས་མཆོད། བསྟོད་པ་ནི། ཧྲཱིཿབཅོམ་ལྡན་མགོན་པོ་ཚེ་དཔག་མེད། །མཁའ་དང་མཉམ་པའི་སྐུ་མངའ་བ། །སྐུ་མཆོག་རྣམ་པར་དག་པའི་སྐུ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་ལོ། །གསུང་མཆོག་རྣམ་པར་དག་པའི་གསུང་། །གསུང་རབ་དམ་པ་སྤྲོས་དང་བྲལ། །ཡི་གེ་མེད་ཅིང་སྒྲ་སྤངས་པ། །སྤྲོས་མེད་གསུང་ལ་ཕྱག་འཚལ་ལོ། །ཐུགས་ཉིད་རྣམ་པར་དག་པའི་ཐུགས། །ཐུགས་མཆོག་རྣམ་པར་རྟོག་པ་སྤངས། །ཆགས་མེད་ཡེ་ཤེས་མཁྱེན་པ་སྟེ། །སྟོང་ཉིད་ཐུགས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ལ། བུམ་ལྷ་བཅོམ་ལྡན་མགོན་པོ་འོད་ཞུ་ནས། །འཆི་མེད་ཡེ་ཤེས་བདུད་རྩིའི་རྣམ་པར་གྱུར། །དུང་ཆོས་ཀྱི་ཆུ་བུམ་པར་བླུགས། བཅུ་གསུམ་པ་བཀའ་སྲུང་ལྷ་སྨན་རྒྱལ་མོ་འཁོར་བཅས་བསྐྱེད་པའི་རིམ་པ་ནི། ༀ་ཨཱཿབིགྷྣན་གྱིས་བསངས། སྭ་བྷཱ་ཝས་སྦྱངས། མདུན་གྱི་ས་གཞིར་སྲིད་པའི་རྡུལ་བརྩེགས་ཀཻ་ལ་ཤ་ཡི་རི། །དྭངས་གསལ་ཆུ་ཤེལ་མདངས་འཚེར་བདུད་རྩིའི་ཆར་རྒྱུན་རྟག་ཏུ་འབེབས། །གཡའ་དང་རྫ་བྲག་རྣམ་མང་ཨནྡྷ་སྙིལ་


SPN002_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་སྤང་གི་ལྗོངས། །མརྒ་ཏ་བཞིན་ཡིད་དབང་བརྟས་བྱེད་སྨན་གྱི་སྐྱེད་མོས་ཚལ། །མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་ཞིང་དྲི་བསུང་ངད་ལྡང་བ། །ལོ་འདབ་འབྲས་བཟང་ཁུར་གྱིས་དུད་པའི་རྐང་འཐུང་ལྗོན་པ་དང་། །པདྨས་བརྒྱན་པའི་མཚོ་དང་རྫིང་བུ་དག་བྱེད་གཙང་མའི་ཆབ། །དལ་བར་འབབས་པའི་འགྲམ་ངོགས་ངང་པ་ལ་སོགས་འཕུར་ལྡིང་གཡོ། །ཅ་ཅོའི་གླུ་དབྱངས་སྙན་པས་སྒྲ་འཛིན་སིམ་པ་སྟེར་བར་བྱེད། །མཁའ་ཡི་གླང་པོ་ལང་ལིང་ཀུན་ཏུ་དཀྲིགས་ཤིང་བསིལ་བ་སྦྱིན། །ཕྱོགས་དང་ཕྱོགས་མཚམས་འཇའ་འོད་ཁ་དོག་ལྔ་ལྡན་ལམ་མེ་བ། །དེ་ལྟའི་རི་དབང་རབ་བརྗིད་སྤོ་མཐོའི་གཡོན་གྱི་གྲྭ་ཟུར་མགུལ། །ལྷ་རྫས་རིན་ཐང་བྲལ་བའི་དར་དཀར་དྲི་མེད་ཡངས་པའི་གུར། །ཟ་འོག་གསེར་གྱི་རེ་ཁཱ་རྣམ་པར་བཀྲ་བའི་ཡོལ་བ་དང་། །ཙནྡན་དཀར་དང་དམར་བའི་ཚུགས་ཤིང་དར་སྔོན་ཆོན་ཐག་ལ། །གསེར་དང་དངུལ་གྱི་ཕུར་བཏབ་གཞན་ཡང་ས་གསུམ་འཇིག་རྟེན་གྱི། །མཁོ་དགུའི་ལོངས་སྤྱོད་ངོ་མཚར་ཁྱད་འཕགས་དུ་མས་དཔའ་བ་སྟེ། །ཕྱི་ལྟར་བཀོད་ལེགས་ཡོན་ཏན་རྨད་བྱུང་ཕུན་སུམ་ཚོགས་པ་དང་། །ནང་ལྟར་རང་བཞིན་ལྷུན་གྱིས་གྲུབ་པའི་ཕོ་བྲང་དམ་པ་དངོས། །གསང་བ་ལྟར་ན་དོན་དམ་ཨེ་ཡིག་རྡོ་རྗེ་བཙུན་མོའི་དབྱིངས། །དེ་ཡི་


SPN002_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་པཾ་ལས་པདྨ་རཾ་ལས་ཉི་མའི་གདན། །བཀྲ་གསལ་དཀྱིལ་འཁོར་ལྔ་པོ་སོ་སོར་གསལ་བར་གྱུར་བ་ཡི། །དབུས་སུ་དུང་གི་སེང་ལྕམ་དཀར་མོ་གཡུ་ཡི་རལ་པ་ཅན། །རིན་ཆེན་གསེར་དང་དར་ཟབ་འཕྱང་འཕྲུལ་དྲིལ་བུ་གཡེར་ཁས་བརྒྱན། །དེ་ཡི་སྟེང་དུ་རིགས་འདུས་སངས་རྒྱས་མཁའ་འགྲོའི་ངོ་བོ་ཉིད། །གཙོ་མོ་ལྷ་སྨན་རྒྱལ་མོ་བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །སྐུ་མདོག་དཀར་གསལ་སྟོན་ཀའི་ཟླ་བ་ཆ་ཤས་ཡོངས་གང་བཞིན། །རབ་ཏུ་མཛེས་ཤིང་ལྟ་ན་སྡུག་པའི་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་གསེར་གྱི་རྡོ་རྗེ་རྩེ་དགུ་ནམ་མཁར་ཕྱར་བ་ཡིས། །ཚེ་ཡི་བར་ཆད་བསྲུང་ཞིང་གཡོན་པས་རིན་ཆེན་བུམ་པ་བཟང་། །འཆི་མེད་ཚེ་ཡི་བདུད་རྩིས་བཀང་བ་དཔལ་བེའུ་གཡུང་དྲུང་དང་། །དགའ་འཁྱིལ་གྱིས་བརྒྱན་ཐུགས་ཀར་འཛིན་པས་སྒྲུབ་པོར་དངོས་གྲུབ་སྟེར། །ཐོར་ཚུགས་རྩེ་མོར་དུང་དཀར་གཡས་སུ་འཁྱིལ་བས་མཛེས་པར་བརྒྱན། །ཤར་དུ་རྐྱང་བུ་ཁ་དཀར་ལ་གནས་བཛྲ་ཌཱ་ཀི་མ། །མཐིང་གི་ཞལ་བཟང་དབང་སྔོན་མདངས་ལྡན་ཕྱག་གཡས་ཨཱ་དར་ཤ། སྣང་སྲིད་གསལ་སྟོན་གཡོན་པས་དར་དཀར་བ་དན་ཕྱར་སྟབས་འཛིན། །རིན་ཆེན་ཨིནྡྲའི་ཐོར་ཚུགས་དང་ལྡན་དགྱེས་པའི་ཞལ་མདངས་མངའ། །ལྷོ་རུ་རྒྱ་སྟག་གྲུས་མ་ལ་གནས་རཏྣ་ཌཱ་ཀི་མ། །མི་གཡོ་བློ་བཟང་བཙོ་མ་གསེར་གྱི་མདོག་ཅན་ཕྱག་གཡས་


SPN002_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པས། །རིན་ཆེན་སྣོད་དུ་ལྷ་ཡི་ཞལ་ཟས་བསོད་ཅིང་རོ་བརྒྱར་ལྡན། །གཡོས་པས་ནེའུ་ལེ་བསྣམས་ཤིང་ཀ་ན་ཀ་ཡི་ཐོར་ཚུགས་ཅན། །ནུབ་ཏུ་གསེར་ཤ་ཡུ་མོ་ལ་གནས་པདྨ་ཌཱ་ཀི་མ། །ཅོད་པན་མགྲིན་བཟང་པདྨ་རཱ་གའི་མདོག་མཚུངས་ཕྱག་གཡས་ཀྱིས། །དགོས་འབྱུང་ནོར་བུ་དབང་རྒྱལ་གཡོན་པས་རིན་ཆེན་ཟ་མ་ཏོག །མོས་པ་རྣམ་བཞི་དབང་དུ་བསྒྱུར་ཅིང་བྱུ་རུའི་ཐོར་ཚུགས་མཛེས། །བྱང་དུ་གཡུ་འབྲུག་སྔོན་མོ་ལ་གནས་ཀརྨ་ཌཱ་ཀི་མ། །གཏད་དཀར་འགྲོ་བཟང་མརྒད་ཁ་དོག་འཆང་ཞིང་ཕྱག་གཡས་པ། །རྩ་མཆོག་དཱུཪྺའི་ཆུན་པོ་གཡོན་པས་ལྟོ་འགྲོའི་ཞགས་པ་བསྣམས། །ཕྲིན་ལས་ཐོགས་མེད་མྱུར་བར་སྟོན་ཅིང་གཡུ་ཡི་ཐོར་ཚུགས་ལྡན། །ཀུན་ཀྱང་ཞི་མ་ཁྲོ་འཛུམ་མཚར་སྡུག་འོད་དུ་འབར་བ་ཅན། །དར་དཀར་གོ་ཟུ་ཡ་མཚན་དབང་པོའི་ཚོན་རིས་དང་ལྡན་པ། །མནྟྲི་ལ་སོགས་ན་བཟའ་སུམ་བརྩེགས་ལྷབ་ལྷུབ་སྐུ་ལ་གསོལ། །ལྷ་ཡི་རེག་བྱ་པཉྩ་ལི་ཀའི་སྟོད་གཡོགས་རྣམ་པར་བཀྲ། །རིན་ཐང་བྲལ་བའི་ལྷ་དང་ཀླུ་དབང་མི་ཡི་ནོར་བུ་ནི། །སྣ་ཚོགས་དག་གིས་པྲོག་ཞུ་སྙན་དང་མགུལ་རྒྱན་དཔུང་གདུབ་སྤྲས། །དོ་ཤལ་སེ་མོ་དོ་དང་མུ་ཏིག་ཆུན་འཕྱང་དྲིལ་གཡེར་ཕྲེང་། །ཞབས་གདུབ་ལ་སོགས་རྒྱན་མཛེས་འཇའ་འོད་ཟེར་གསུམ་ཀློང་དུ་གསལ། །བསྐྱེད་པའི་ཡབ་ཡུམ་མིང་པོ་བདུན་དང་བརྟན་


SPN002_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བཅུ་གཉིས་པོ། །གཞན་ཡང་ལས་དང་འཇིག་རྟེན་དཔའ་བོ་ཌཱ་ཀི་སྨན་མོའི་ཚོགས། །བྱེ་བ་འབུམ་སྡེ་སྣང་ཞིང་སྲིད་པའི་སྡེ་བརྒྱད་ཡུལ་ལྷ་དང་། །གནས་དང་གཏེར་བདག་དགེ་བསྙེན་འཁོར་ཚོགས་རང་རང་རིགས་མཐུན་སྡེ། །རྒྱན་དང་ཆ་ལུགས་སྣ་ཚོགས་སྟོན་ཅིང་དཔུང་ཚོགས་དུ་མས་བསྐོར་བར་བསྐྱེད། །དེ་ལྟར་གཙོ་འཁོར་རྣམས་ཀྱི་གནས་གསུམ་འབྲུ་ུགསུམ་མཚན་པ་དང་། །རང་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བསྐྱེད་པ་དང་འདྲའི་ལྷ། །འབྲོག་ཆེན་ལ་ཕྱི་གངས་ཀྱི་ར་བའི་གནས་མཆོག་དམ་པ་ནས། །གཙོ་འཁོར་ཡོངས་རྫོགས་སྐད་ཅིག་ཉིད་ལ་གནས་འདིར་སྤྱན་དྲངས་གྱུར། །དེ་ནས་རྗེ་གར་དབང་དྲུག་པས་བསྩལ་བའི་སྤྱན་འདྲེན་སོགས་ཀྱི་རིམ་པ་ལས་གཞུང་སོར་བཞག་ལས། བཅུ་བཞི་པ་སྤྱན་དྲངས་པ་དང་བཞུགས་སུ་གསོལ་བ་ནི། སྤོས་དཀར་གྱི་དུད་པ་དང་རོལ་མོ་སྣ་ཚོགས་བསྒྲག་ལ། སྔོན་ཚེ་དུར་ཁྲོད་བསིལ་ཚལ་དུ། །མཁའ་འགྲོ་སེང་གེའི་གདོང་ཅན་གྱི། །སྤྱན་སྔར་ཐུགས་དམ་ཞལ་བཞེས་པའི། །མཁའ་འགྲོ་ལྔ་པོ་གནས་འདིར་གཤེགས། །སྔོན་ཚེ་ཁ་ལ་རོང་སྒོ་རུ། །ཨོ་རྒྱན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཐུགས་དམ་ཞལ་བཞེས་པའི། །མཁའ་འགྲོ་ལྔ་པོ་གནས་འདིར་གཤེགས། །སྔོན་ཚེ་སྨན་ལུང་ཆུ་བར་དུ། དབང་ཕྱུག་བཞད་པ་རྡོ་རྗེ་ཡི། །སྤྱན་སྔར་ཐུགས་དམ་ཞལ་བཞེས་པའི། །མཁའ་འགྲོ་ལྔ་པོ་གནས་


SPN002_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གཤེགས། །ཕྱི་ལྟར་སྨན་བཙུན་ཆེན་མོ་ལྔ། །ནང་ལྟར་ཞིང་སྐྱོང་ཆེན་མོ་ལྔ། །གསང་བ་རིགས་ཀྱི་ཡུམ་ཆེན་ལྔ། །གཙོ་མོ་བཀྲ་ཤིས་ཚེ་རིང་མ། །སྡེ་བརྒྱད་དུ་མའི་འཁོར་དང་བཅས། །རྣལ་འབྱོར་སྒྲུབ་པོ་འཁོར་བཅས་ལ། །ཐུགས་དམ་བརྩེ་བས་དགོངས་མཛོད་ལ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བྷྱོ། རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས། །བལ་བོད་གཉིས་ཀྱི་ས་མཚམས་ན། །གངས་དཀར་ཤེལ་གྱི་ཅོད་པན་ཅན། །ཕུ་ཆུ་སྙན་པའི་རྒྱུན་སྒྲ་ཅན། །ནགས་མ་མེ་ཏོག་ཤམ་བུ་ཅན། །གཡའ་སྤང་གཡུ་ཡི་སྐ་རགས་ཅན། །སྨན་ལྗོངས་བྲག་གི་ར་བ་ཅན། །གནས་མཆོག་དེ་འདྲའི་གཡོན་མགུལ་ནས། །རིན་ཆེན་སྣ་ལྔའི་ཁྲི་སྟེང་ན། །བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །དྲག་པོའི་གདུང་བས་ཁྱོད་འབོད་ན། །དེ་རིང་སྒྲུབ་པའི་གནས་མཆོག་འདིར། །ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །ནམ་མཁའི་མཐོངས་ནས་སྤྱན་འདྲེན་ན། །འཁོར་དང་བཅས་པ་གཤེགས་སུ་གསོལ། །ཨཉྫཱིའི་དྷཱ་རིའི་རིགས་ཀྱི་ཌཱ་ཀི་མ། །ཀུན་གྱིས་གཙོ་མོ་བཀྲ་ཤིས་ཚེ་རིང་མ། །དེ་ཡི་མཆེད་ཟླ་ཟ་བྱེད་ཆེན་མོ་བཞི། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་ཧི་ཨཉྫི་དྷཱ་རི་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར། །གངས་


SPN002_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་རིན་ཆེན་གཞལ་ཡས་ཁང་། །ཉི་ཟླ་པདྨའི་གདན་སྟེང་དུ། །ལྷ་སྨན་འཁོར་བཅས་བཞུགས་སུ་གསོལ། །བར་ཆད་སོལ་ལ་དངོས་གྲུབ་ཞུ། །ཇོ་མོ་བཀྲ་ཤིས་ཚེ་རིང་མ་མཁའ་འགྲོ་ལྔ་འཁོར་རྒྱ་མཚོ་དང་བཅས། མཁའ་འགྲོ་མ་སེང་གེ་གདོང་ཅན་དང་། ཏཱ་མ་ལ་རི་ཁྲོད་མ་དང་། གཏུམ་མོ་དང་། སྔོ་སངས་མ་དང་། བི་ན་མོ་བཛྲ་དང་། སློབ་དཔོན་པདྨ་འབྱུང་གནས་དང་། དཔལ་བཞད་པ་རྡོ་རྗེ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། བསྟན་འཛིན་གྱི་བུ་སློབ་སྐྱོང་། རྣལ་འབྱོར་པ་བདག་ཅག་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། ལོག་འདྲེན་གདུག་པ་ཅན་རྣམས་ཀྱི་བསམ་པ་ངན་པ་དང་། སྦྱོར་བ་རྩུབ་པ་ཐམས་ཅད་ཐལ་བའི་རྡུལ་བཞིན་དུ་བརླག་པ་དང་། བདག་ཅག་གི་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཅིང་ཆོས་ལྡན་གྱི་བྱ་བ་མཐར་ཕྱིན་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་ཐོབ་པའི་ཕྲིན་ལས་མཛོད་ཅིག །ཅེས་བརྗོད་ལ་ཌཱ་ཀི་ལྔའི་སྤྱི་བོར་རྡོ་རྗེ་བཞག །ལྕེར་བདུད་རྩིར་བྱིན། དམ་ལ་བཞག་པའི་མོས་པས། ༀ་ཨཉྫཱི་དྷ་རི་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ས་མ་ཡ་མ་ནུ་སྨ་ར་ཡ་ས་མ་ཡ་མཱ་ཏི་ཀྲ་མ་ཏི་ས་


SPN002_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡ་རཀྵནྟུ། ཞེས་བརྗོད། སྐབས་འདིར་བསྙེན་པ་བྱ་བར་འདོད་ན། ཌཱ་ཀི་ལྔ་པོ་སོ་སོའི་ཐུགས་ཀར་ཉི་མའི་སྟེང་དུ་རིམ་བཞིན་ༀ་ཧ་རི་ནཱི་སའི་ས་བོན་ལས་རང་རང་གི་སྔགས་ཀྱིས་བསྐོར་བར་གྱུར། པར་བསམ་ལ། ༀ་ཨ་ཀ་ནི་ཙ་ལི་མི་ཐུ་ཕྲི་ལི་རེ་སྭཱ་ཧཱ། ༀ་ཌཱ་ཀི་ནི་ཀནྟྲ་པ་ནི་མ་ར་ཡ་ཛཿསྭཱ་ཧཱ། ༀ་ན་ཏྲི་མ་ཏྲི་དུ་རུ་མ་ཏྲི་སྭཱ་ཧཱ། ༀ་ཌཱ་ཀི་ས་པ་རི་ཙཀྲ་མུ་ནི་ཏིཥྛ་རྦད་ལོ་སྭཱ་ཧཱ། ༀ་ཨ་ནི་ནི་མ་ཏ་ར་ཀི་ནི་མི་ཐུ་ཕྲི་ལི་རི་ཡེ་སྭཱ་ཧཱ། བཅོ་ལྔ་པ་ཕྱག་འཚལ་བ་ནི། ༀ་ཉི་མ་ནུབ་ཕྱོགས་ཕ་ཀི་ན། །གངས་དཀར་དགུང་དུ་རྩེ་མཐོ་བ། །མཐོ་ལ་གཉེན་ནོ་ཚེ་རིང་མ། །རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །ན་བཟའ་དཀར་མོ་ཚེ་ཡི་ལྷ། །ལྷན་སྐྱེས་ཡུམ་ལ་ཕྱག་འཚལ་ལོ། །ལྷ་མོ་མཐིང་གི་ཞལ་བཟང་མ། །མཆོག་གི་དངོས་གྲུབ་གནང་མཛད་མ། །རྡོ་རྗེ་ཁྲོས་མ་ཞེས་སུ་གྲགས། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །ལྷ་མོ་མི་གཡོ་བློ་བཟང་མ། །དགོས་འདོད་ཆར་བཞིན་འབེབས་མཛད་མ། །རྡོ་རྗེ་བཞད་མ་ཞེས་སུ་གྲགས། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །ལྷ་མོ་ཅོད་པན་མགྲིན་བཟང་མ། །ཚེ་ཡི་དངོས་གྲུབ་གནང་མཛད་མ། །རྡོ་རྗེ་དཔལ་མོ་ཞེས་སུ་གྲགས། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །ལྷ་མོ་གཏད་དཀར་འགྲོ་བཟང་མ། །དྲག་པོའི་དངོས་གྲུབ་


SPN002_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གནང་མཛད་མ། །རྡོ་རྗེ་གར་མཁན་ཞེས་སུ་གྲགས། །ལས་ཀྱི་མཁའ་འགྲོར་ཕྱག་འཚལ་བསྟོད། །གཟི་བརྗིད་དཔལ་དང་འོད་དུ་འབར། །རྫུ་འཕྲུལ་མཐུ་སྟོབས་བདག་མོ་སྟེ། །རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །གཙོ་མོ་ལྔ་པོ་འཁོར་དང་བཅས། །མ་མོ་སྨན་མོ་འབུམ་གྱིས་བསྐོར། །མཆོད་གཏོར་བཟང་པོ་འདི་བཞེས་ལ། །རྡོ་རྗེ་འཆང་དང་ཐོད་ཕྲེང་རྩལ། །བཞད་པ་རྡོ་རྗེའི་ཐུགས་རྗེ་ཡི། །སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བླ་མའི་སྐུ་ཚེ་ཁྱོད་ཀྱིས་བསྲིངས། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །སྒྲུབ་པའི་བར་ཆད་ཁྱོད་ཀྱིས་སོལ། །བདུད་དང་མུ་སྟེགས་ཁྱོད་ཀྱིས་ཐུལ། །ཡོན་བདག་རྐྱེན་ངན་ཁྱོད་ཀྱིས་སྲུངས། །ཡུལ་ཕྱོགས་ཀུན་ཏུ་བདེ་ལེགས་སྤེལ། །ༀ་ཧྲིཾཧྲིཾ་ཧཱུྃ་ཧཱུྃ་ཧཱ་ཧཱ་ཧོ་ཧོ་ཕེཾ་ཕེཾ་ཕཊ། ཧཱུྃ། རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །རྡོ་རྗེ་ཁྲོས་མ་ཞེས་སུ་གྲགས། །གསང་མཚན་རྡོ་རྗེ་བཞད་པ་མོ། །རྡོ་རྗེ་དཔལ་མོ་ལོངས་སྤྱོད་ཡུམ། །གསང་མཚན་རྡོ་རྗེ་གར་མཁན་མ། །ཁྱེད་ཀྱི་རྫུ་འཕྲུལ་མཐུ་སྟོབས་ཀྱིས། །སྣང་སྲིད་བདག་གིས་དབང་དུ་བསྡུས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཅེས་ཕྱག་འཚལ། བཅུ་དྲུག་པ་མཆོད་ཅིང་བསྟོད་པ་ནི། རྗེ་མི་བསྐྱོད་ཞབས་ཀྱིས་བསྩལ་བ་ལྟར། རྗེ་བླ་མ་ཡི་དམ་ཆོས་སྐྱོང་དང་། །ལྷ་མཁའ་


SPN002_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ལྔ་ཡི་སྤྱན་སྔ་རུ། །རྫས་ཡན་ལག་བརྒྱད་ལྡན་ཨརྒྷཾ་འདི། །ཡིད་དྭངས་བས་འབུལ་གྱིས་བཞེས་སུ་གསོལ། །ༀ་ཤྲཱི་མན་གུ་རུ་དེ་ཝ་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། རྗེ་བླ་མ་ཡི་དམ་ཆོས་སྐྱོང་དང་། །ལྷ་མཁའ་འགྲོ་ལྔ་ཡི་སྤྱན་སྔ་རུ། །རྫས་འདབ་རྒྱས་བཟང་པོའི་མེ་ཏོག་འདི། །ཡིད་དྭངས་བས་འབུལ་གྱི་བཞེས་སུ་གསོལ། །ༀ་ཤྲཱི་མཱན་གུ་རུ་དེ་ཝ་པཉྩ་ཌཱ་ཀི་ནི་ས་པ་རི་ཝཱ་ར་བཛྲ་པུཥྤེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། རྗེ་བླ་མ་ཡི་དམ་ཆོས་སྐྱོང་དང་། །ལྷ་མཁའ་འགྲོ་ལྔ་ཡི་སྤྱན་སྔ་རུ། །ངད་དྲི་བསུང་ཕུན་ཚོགས་བདུག་སྤོས་འདི། །ཡིད་དྭངས་བས་འབུལ་གྱི་བཞེས་སུ་གསོལ། །ༀ་ཤྲཱི་མཱན་གུ་རུ་དེ་ཝ་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་དྷཱུ་པེ་པྲ་ཏིཙྪ་པཱུ་ཛ་ཡེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། རྗེ་བླ་མ་ཡི་དམ་ཆོས་སྐྱོང་དང་། །ལྷ་མཁའ་འགྲོ་ལྔ་ཡི་སྤྱན་སྔ་རུ། །འོད་སྣང་གསལ་འབར་བའི་མར་མེ་འདི། །ཡིད་དྭངས་བས་འབུལ་གྱི་བཞེས་སུ་གསོལ། །ༀ་ཤྲཱི་མཱན་གུ་རུ་དེ་ཝ་པཉྩ་ཌཱ་ཀ་ིནཱི་ས་པ་རི་ཝཱ་ར་བཛྲ་ཨ་ལོ་ཀེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། རྗེ་བླ་མ་ཡི་དམ་ཆོས་སྐྱོང་དང་། །ལྷ་མཁའ་འགྲོ་ལྔ་ཡི་སྤྱན་སྔ་རུ། །རྫས་དྲི་མཆོག་སྦྱར་བའི་བྱུག་པ་འདི། །ཡིད་དྭངས་བས་འབུལ་


SPN002_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བཞེས་སུ་གསོལ། །ༀ་ཤྲཱི་མཱན་གུ་རུ་དེ་ཝ་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་གནྡྷེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། རྗེ་བླ་མ་ཡི་དམ་ཆོས་སྐྱོང་དང་། །ལྷ་མཁའ་འགྲོ་ལྔ་ཡི་སྤྱན་སྔ་རུ། །བཅུད་རོ་བརྒྱ་ལྡན་པའི་ལྷ་བཤོས་འདི། །ཡིད་དྭངས་བས་འབུལ་གྱི་བཞེས་སུ་གསོལ། །ༀ་ཤྲཱི་མཱན་གུ་རུ་དེ་ཝ་པཉྩ་ཌཱ་ནཱི་ས་པ་རི་ཝཱ་ར་བཛྲ་ནཻ་ཝིདྱ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། རྗེ་བླ་མ་ཡི་དམ་ཆོས་སྐྱོང་དང་། །ལྷ་མཁའ་འགྲོ་ལྔ་ཡི་སྤྱན་སྔ་རུ། །གླུ་སྒྲ་དབྱངས་ལྡན་པའི་རོལ་མོ་འདི། །ཡིད་དྭངས་བས་འབུལ་གྱི་བཞེས་སུ་གསོལ། །ༀ་ཤྲཱི་མཱན་གུ་རུ་དེ་ཝ་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། འཁོར་ལོ་ཡིད་བཞིན་ནོར་བུ་དང་། །རབ་མཛེས་བཙུན་མོ་མི་བདག་དང་། །དཔལ་གྱི་གླང་པོ་ཅང་ཤེས་རྟ། །དམག་དཔོན་རིན་ཆེན་སྣ་བདུན་པོ། །དངོས་གྲུབ་རྣམ་གཉིས་སྩོལ་བྱའི་ཕྱིར། །དབང་ཕྱུག་བཞད་པ་རྡོ་རྗེ་དང་། །ལྷ་སྨན་འཁོར་དང་བཅས་ལ་འབུལ། །དགྱེས་པར་བཞེས་ནས་བདག་ལ་དགོངས། །ༀ་ཤྲཱི་མཱན་གུ་རུ་དེ་ཝ་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་སཔྟ་རཏྣ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། རིན་ཆེན་གདུགས་དང་གསེར་ཉ་དང་། །གཏེར་ཆེན་བུམ་པ་པདྨ་བཟང་། །དུང་དཀར་གཡས་འཁྱིལ་དཔལ་བེའུ། །


SPN002_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་རྒྱལ་མཚན་འཁོར་ལོ་བཟང་། །དངོས་གྲུབ་རྣམ་གཉིས་སྩོལ་བྱའི་ཕྱིར། །དབང་ཕྱུག་བཞད་པ་རྡོ་རྗེ་དང་། །ལྷ་སྨན་འཁོར་དང་བཅས་ལ་འབུལ། །དགྱེས་པར་བཞེས་ནས་བདག་ལ་དགོངས། །ༀ་ཤྲཱི་མཱན་གུ་རུ་དེ་ཝ་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨཥྟ་མངྒ་ལཾ་ཧེ་ཏུ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཡུངས་ཀར་དུཪྺ་བིལ་བ་དང་། །གི་ཝང་ལི་ཁྲི་ཞོ་མཆོག་དང་། །མེ་ལོང་རྣམ་དག་དུང་དཀར་རྣམས། །ལྷ་མོ་བརྒྱད་ཀྱིས་ཕུལ་བ་ལྟར། །དངོས་གྲུབ་རྣམ་གཉིས་སྩོལ་བྱའི་ཕྱིར། །དབང་ཕྱུག་བཞད་པ་རྡོ་རྗེ་དང་། །ལྷ་སྨན་འཁོར་དང་བཅས་ལ་འབུལ། །དགྱེས་པར་བཞེས་ནས་བདག་ལ་དགོངས། །ༀ་ཤྲཱི་མཱན་གུ་རུ་དེ་ཝ་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་དྲ་བྱ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་ཕྱི་མཆོད་དང་། ཨ་ལས་བདེ་སྐྱོང་ཀ་པཱ་ལ། །ཤ་ལྔ་བདུད་རྩི་ལྔས་གཏམས་པ། །ཡི་གེ་འབྲུ་ལྔས་བྱིན་བརླབས་ནས། །ཡེ་ཤེས་བདུད་རྩི་མཆོག་སྦྱར་བ། །དངོས་གྲུབ་རྣམ་གཉིས་སྩོལ་བྱའི་ཕྱིར། །དབང་ཕྱུག་བཞད་པ་རྡོ་རྗེ་དང་། །ལྷ་སྨན་འཁོར་དང་བཅས་ལ་འབུལ། །སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ། །ༀ་ཤྲཱི་མཱན་གུ་རུ་དེ་ཝ་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་ནང་མཆོད་ནི། ཡབ་ཡུམ་གཉིས་


SPN002_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མཁའ་རྡོ་རྗེ། །སྙོམས་འཇུག་དགའ་བ་བཞི་ཡི་དངོས། །དཀར་དམར་བྱང་ཆུབ་སེམས་ཀྱི་རྫས། །རོ་མཉམ་བདེ་ཆེན་མཆོད་པ་འདི། །དངོས་གྲུབ་རྣམ་གཉིས་སྩོལ་བྱའི་ཕྱིར། །དབང་ཕྱུག་བཞད་པ་རྡོ་རྗེ་དང་། །ལྷ་སྨན་འཁོར་དང་བཅས་ལ་འབུལ། །བདེ་ཆེན་མཆོག་གིས་མཉེས་གྱུར་ཅིག །ༀ་ཤྲཱི་མཱན་གུ་རུ་དྷཱེ་ཝ་པཉྩ་ཌཱ་ནཱི་ས་པཱ་རི་ཝཱ་ར་བཛྲ་མ་ཏཱྃ་གཱི་ཨཱཿཧཱུྃ་སྭཱ་ཧཱ། །ཞེས་གསང་མཆོད་དང་། སྣོད་ཀྱི་འཇིག་རྟེན་བས་ཀྱང་རྒྱ་ཆེ་ཞིང་། །རི་རབ་ལྷུན་པོ་བས་ཀྱང་བརྗིད་ཆགས་པ། །ཉི་ཟླ་ཟུང་གཅིག་ལས་ཀྱང་འོད་འབར་བ། །བདུད་རྩིའི་རྒྱ་མཚོར་གྱུར་བའི་གཏོར་མ་འདི། །བཞད་པ་རྡོ་རྗེ་ཡི་དམ་ཆོས་སྐྱོང་ཚོགས། །ལྷ་སྨན་འཁོར་བཅས་ལྗགས་ཀྱི་པདྨ་ནི། །རྡོ་རྗེ་རྩེ་གསུམ་སྦུ་གུས་དགྱེས་བར་དྲོངས། །ༀ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུཏྤནྣཱ་ཏྭ་ཏ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ༀ་ཤྲཱི་མཱན་གུ་རུ་དེ་ཝ་བཛྲ་ས་མ་ཡ་སརྦ་པཉྩ་ཌཱ་ཀི་ནཱི་ཨི་དཾ་བ་ལིང་གྲྀཧྣ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་སརྦ་ཀརྨ་སིདྡྷི་མེ་པྲ་ཡཙྪ་ཧཱུྃ། ཞེས་གཏོར་མ་ཕུལ། ཧཱུྃ་ལྷ་སྨན་བཀྲ་ཤིས་ཚེ་རིང་མ། །ཁྱོད་ཀྱི་ཆོ་དང་འབྲང་སྨོས་པ། །ཡབ་ནི་ལྷོ་ལྷ་དེ་བོ་ཡིན། །ཡུམ་ནི་འབྲང་ཡུལ་སྨན་གཅིག་མ། མིང་པོ་བདུན་ལ་སྲིང་མོ་ལྔ། །ལྔ་ཚིགས་དབུས་ཀྱི་གཙོ་མོ་སྟེ། །ཁྱོད་ནི་གཙང་རིགས་ལྷ་ཡི་སྲས། །མཚར་སྡུག་འོད་དུ་ཀྱི་


SPN002_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ལི། །ཞལ་བཟང་ཟླ་བ་ཉ་བ་འདྲ། །ལྷ་མོ་རྣམས་ཀྱང་ཟིལ་གྱིས་གནོན། །མགྲིན་པ་གཅིག་ལ་གླུ་སྒྲ་སྟོང་། །ཚངས་པའི་དབྱངས་ཀྱང་ཟིལ་གྱིས་གནོན། །དབུ་སྐྲ་ཉག་མ་རེ་རེ་ལ། །གསེར་གཡུའི་ལན་ཚར་སྟོང་སྟོང་ལྡན། །ན་བཟའ་དར་དཀར་གོ་ཟུ་གསོལ། །རིན་ཆེན་དུ་མས་སྐུ་ལུས་བརྒྱན། །ཉིན་གསུམ་གངས་དཀར་སྟོད་ལ་བཞུགས། །སྨན་མོ་རྣམས་དང་ལྷན་ཅིག་རོལ། །མཚན་གསུམ་རྒྱ་གར་ཡུལ་དུ་བཞུགས། །རབ་ཏུ་འཇིགས་པའི་དུར་ཁྲོད་དུ། །མཁའ་འགྲོ་རྣམས་དང་ཚོགས་འཁོར་རོལ། །བཀའ་ཉན་སྤྲུལ་པའི་ཕོ་ཉ་སོགས། །མ་ལུས་འཁོར་དང་བཅས་པ་རྣམས། །འདིར་བྱོན་བདག་གི་ཕྲིན་ལས་མཛོད། །ཧཱུྃ་ཁྱོད་ལ་མཆོད་པ་འབུལ་བ་ནི། །བདུད་རྩི་སྨན་གྱི་རྩི་ཕུད་དང་། །མེ་ཏོག་ཡིད་འོང་མཛེས་པའི་ཚལ། །སྤོས་དྲི་ཕུན་སུམ་ཚོགས་པ་དང་། །སྒྲོན་མེ་དྲི་མཆོག་བཤོས་གཙང་དང་། །སྒྲ་སྙན་གསང་བའི་རྔེའུ་ཆུང་རྣམས། །ཐུགས་བརྩེར་དགོངས་ཤིང་བཞེས་ནས་ཀྱང་། །བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ། །སྔོན་ཚེ་དབེན་གནས་ཡོངས་རྫོང་དུ། །དཔལ་ལྡན་བཞད་པ་རྡོ་རྗེ་ལ། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །བཀའ་འབངས་བགྱིད་པར་རྩིས་ལ་ཕབ། །ཆོས་བརྒྱུད་སྤེལ་བར་གཡར་དམ་བཅས། །


SPN002_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རིང་སྨན་བཙུན་རྒྱལ་མོ་ལ། །མིང་པོས་གསོལ་བ་འདེབས་པ་ནི། །སྲིད་སྲུང་རིགས་རྒྱུད་སྤེལ་བ་དང་། །སྣང་གསལ་པྲ་ཡི་དངོས་གྲུབ་དང་། །རྨ་གཡང་ཟས་ཀྱི་དངོས་གྲུབ་དང་། །བང་མཛོད་ནོར་གྱི་དངོས་གྲུབ་དང་། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་དང་། །གཞན་ཡང་ཕྱི་ནང་གསང་བ་ཡི། །དངོས་གྲུབ་མ་ལུས་བདག་ལ་སྩོལ། །ཁྱོད་ལ་གསོལ་བ་འདེབས་པ་ནི། །རྣལ་འབྱོར་ཚེ་བསྲིངས་གཟི་མདངས་སྐྱེད། །ནང་གི་རླུང་སེམས་དབང་དུ་སྡུད། །ཟག་བཅས་ལུས་ཀྱི་བདེ་བ་སྐྱེད། །ཕྱི་ཡི་སྣང་བ་དབང་དུ་སྡུས། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །བཀྲ་ཤིས་དཔལ་བསྐྱེད་འཁོར་སྐྱོང་ལ། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་སྒྲུབས། །བསམ་དོན་ཡིད་བཞིན་འགྲུབ་ལ་སོགས། །བཅོལ་པའི་ལས་ཀྱི་འབྲས་བུ་དེ། །མཆིས་པར་མཛོད་ཅིག་ཐུགས་དམ་ཅན། །དེ་ནས་བསྟོད་པ་ནི། ཧཱུྃ་ཆོས་དབྱིངས་སྐྱེ་བ་མེད་པ་ལས། །ཐུགས་རྗེའི་གཟུགས་ཀྱི་སྐུ་སྤྲུལ་ནས། །འགྲོ་བའི་དོན་ལ་བྱོན་པ་ཡི། །རྫུ་འཕྲུལ་སྣ་ཚོགས་སྟོན་མཛད་མ། །གཙོ་མོ་བཀྲ་ཤིས་ཚེ་རིང་མ། །མཁའ་འགྲོའི་དབང་ཕྱུག་ལྔ་ལ་བསྟོད། །མཁའ་འགྲོ་ཆེན་མོ་ལྔ་པོ་ནི། །རེས་འགའ་གངས་དཀར་རྩེ་ལ་བཞུགས། །ལྷ་སྨན་མང་པོའི་འཁོར་གྱིས་བསྐོར། །དཀར་གསུམ་མངར་གསུམ་ཕུད་ལ་རོལ། །དངོས་གྲུབ་ལྔ་པོ་སྟེར་


SPN002_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་མ། །ལྷ་སྨན་རྒྱལ་མོ་ལྔ་ལ་བསྟོད། །མཁའ་འགྲོ་ཆེན་མོ་ལྔ་པོ་ནི། །རེས་འགའ་དུར་ཁྲོད་བརྒྱད་ན་བཞུགས། །ཞིང་སྐྱོང་མཁའ་འགྲོའི་འཁོར་གྱིས་བསྐོར། །མ་ཧཱ་མཾ་སའི་མཆོད་པ་བཞེས། །མཆོག་དང་ཐུན་མོང་དངོས་གྲུབ་སྟེར། །ཞིང་སྐྱོང་མཁའ་འགྲོ་ལྔ་ལ་བསྟོད། །མཁའ་འགྲོ་ཆེན་མོ་ལྔ་པོ་ནི། །རེས་འགའ་གྲུབ་གནས་རྣམས་ལ་བཞུགས། །བརྟན་མ་བཅུ་གཉིས་འཁོར་གྱིས་བསྐོར། །ཤ་དང་ཆང་གི་ཚོགས་ལ་རོལ། །རྣལ་འབྱོར་སྒྲུབ་པོའི་སྟོངས་གྲོགས་མཛོད། །དམ་ཚིག་ཆེན་མོ་ལྔ་ལ་བསྟོད། །མཁའ་འགྲོ་ཆེན་མོ་ལྔ་པོ་ནི། །རེས་འགའ་ཆོས་མཛོད་གར་གནས་བཞུགས། །དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར། །ཞལ་ཟས་གཙང་མའི་ཕུད་ལ་རོལ། །སངས་རྒྱས་བསྟན་པའི་བྱ་ར་མཛད། །བསྟན་སྲུང་ཆེན་མོ་ལྔ་ལ་བསྟོད། །མཁའ་འགྲོ་ཆེན་མོ་ལྔ་པོ་ནི། །ཕྱི་ལྟར་སྨན་བཙུན་ཆེན་མོ་ལྔ། །ནང་ལྟར་ཞིང་སྐྱོང་ཆེན་མོ་ལྔ། །གསང་བ་རིགས་ཀྱི་ཡུམ་ཆེན་ལྔ། །དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། མཁའ་འགྲོའི་དབང་ཕྱུག་ལྔ་ལ་བསྟོད། །འདིར་གཤེགས་གཏོར་མ་འདི་བཞེས་ཤིག །དཀར་གསུམ་མངར་གསུམ་གཙང་མའི་ཕུད། །ཤ་ཆང་དམ་ཚིག་ཅན་གྱི་རྫས། །མ་ཧཱ་མཾ་སའི་མཆོད་པ་བཞེས། །


SPN002_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཅོལ་བསྒྲུབ་པའི་གཏང་རག་དང་། །ད་བཅོལ་ཕྲིན་ལས་མ་ལུས་པ། །བསྒྲུབ་པའི་གསོལ་འདེབས་བརྟན་པོར་འབུལ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད། །ཨོ་རྒྱན་པདྨ་འབྱུང་གནས་དང་། །བཞད་པ་རྡོ་རྗེའི་སྤྱན་སྔ་རུ། །ཐུགས་དམ་ཞལ་བཞེས་དགོངས་མཛོད་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་ཀུན། །ད་ལྟ་ཉིད་དུ་འགྲུབ་པར་མཛོད། །སངས་རྒྱས་བསྟན་པ་རིན་ཆེན་དང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཐར་པའི་བར་དུ་གཅོད་པའི་བདུད། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །སངས་རྒྱས་བསྟན་པ་དར་བ་དང་། །རྣལ་བྱོར་བདག་ཅག་ཚེ་རིང་ཞིང་། །ནད་མེད་འབྱོར་པ་རྒྱས་པ་དང་། །སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག །བཅུ་བདུན་པ་ཚེ་ཡི་དངོས་གྲུབ་འགུགས་པ་ནི། སྨན་བཙུན་ལྷ་ལྔའི་ཐུགས་ཀ་ནས། །ཚེ་བཅུད་འགུགས་པའི་མགྱོགས་མ་བཞི། །ཕྱོགས་བཅུར་སྤྲོས་པས་བརྟན་གཡོ་ཡི། །ཚེ་བསོད་དཔལ་གཡང་བསྡུས་པར་གྱུར། །དེ་ནས་ཚེ་ཡི་དབང་བསྐུར་བའི་གཟུངས་ལས་འབྱུང་བའི། ཧཱུྃ་ཤར་གྱི་ཕྱོགས་ནས་ཚེ་འགུགས་མ། །རྡོ་རྗེ་ལྷ་མོ་ལྕགས་ཀྱུ་མ། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་ན་ལྕགས་ཀྱུ་བསྣམས། །ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ཅིག །ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ། །ཆོས་


SPN002_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྷ་མོ་ཞགས་པ་མོ། །སྐུ་མདོག་མཐིང་ཁ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་ན་ཞགས་པ་བསྣམས། །ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག །ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ། །ཆོས་ཀྱི་ལྷ་མོ་ལྕགས་སྒྲོག་མ། །སྐུ་མདོག་དམར་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་ན་ལྕགས་སྒྲོག་བསྣམས། །ནུབ་ཕྱོགས་ཀླུ་གདོན་ལག་ནས་ཚེ་ཁུག་ཅིག །བྱང་གི་ཕྱོགས་ནས་ཚེ་འགུགས་མ། །ལས་ཀྱི་ལྷ་མོ་དྲིལ་དཀྲོལ་མ། །སྐུ་མདོག་ལྗང་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་ན་དྲིལ་བུ་བསྣམས། །བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་ཁུག་ཅིག །ཚེ་བྷྲཱུྃ་གཡུ་བྷྲཱུྃ་བཛྲ་ཨཱ་ཡུ་ུཥེ་སྭཱ་ཧཱ། ས་ཡི་སྙིང་པོ་གསེར་ལ་བསྡུ། །གསེར་ལ་ཚེ་ཡི་རྟེན་མཆིས་སོ། །ཆུ་ཡི་སྙིང་པོ་ཚྭ་ལ་བསྡུ། །ཚྭ་ལ་ཚེ་ཡི་རྟེན་མཆིས་སོ། །ཤིང་ཏོག་སྙིང་པོ་མངར་ལ་བསྡུ། །མངར་ལ་ཚེ་ཡི་རྟེན་མཆིས་སོ། །རྩི་ཐོག་སྙིང་པོ་མར་ལ་བསྡུ། །མར་ལ་ཚེ་ཡི་རྟེན་མཆིས་སོ། །འབྲུ་ཐོག་སྙིང་པོ་ཏིལ་ལ་བསྡུ། །ཏིལ་ལ་ཚེ་ཡི་རྟེན་མཆིས་སོ། །སྲོག་གི་སྙིང་པོ་ཎི་ལ་བསྡུ། །ཎི་ལ་ཚེ་ཡི་རྟེན་མཆིས་སོ། །ཞེས་དང་། དེ་ལྟར་ཚེ་ཡི་དངོས་གྲུབ་འབྱུང་བའི་བཅུད། །རང་གི་སྤྱི་བོར་འོད་དཔག་མེད་པ་ནི། །ལྷུང་བཟེད་ནང་ཞུགས་བདུད་རྩིར་ཁོལ་ཞིང་ལུད། །མི་ལའི་སྐུ་གང་ཞབས་ཀྱི་མཐེ་བོང་གི། །སེན་ཕྲག་


SPN002_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐོན་རང་གི་ཚངས་བུག་ཞུགས། །ལུས་གང་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། །ༀ་ཨཉྫི་དྷ་རི་པཉྩ་ཌཱ་ཀི་ནི་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ་སྭཱ་ཧཱ། །ཞེས་བཟླ། བཅོ་བརྒྱད་པ་ཕྱྭ་གཡང་འགུགས་པའི་རིམ་པ་ནི། བདག་དང་མདུན་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་ཞིང་རབ་འབྱམས་ཐམས་ཅད་དང་། ཁྱད་པར་བྱང་ཕྱོགས་ལྕང་ལོ་ཅན་དུ་འཕྲོས་པས། རྒྱལ་བ་ཤཱཀྱའི་དབང་པོ་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་ཛམ་ལྷ་རྨུགས་འཛིན་ནོར་གྱི་བདག་པོ་ཡབ་ཡུམ་བཙུན་མོ་སྲས་དང་བློན་པོ་གནོད་སྦྱིན་བྱེ་བ་འབུམ་སྡེའི་ཚོགས་ཀྱིས་བསྐོར་བ་རྣམས་སྐད་ཅིག་གིས་སྤྱན་དྲངས་ནས་སྲིད་པ་གསུམ་གྱི་ཕྱྭ་དང་གཡང་གི་དངོས་གྲུབ་ཐམས་ཅད་ཆར་བབས་པ་བཞིན་དུ་བདག་དང་ཡོན་བདག་གནས་ཁང་སྒྲུབ་རྫས་རྣམས་ལ་ཐིམ་པར་གྱུར། །ཅེས་དམིགས་ནས་གསེར་འོད་དམ་པ་ལས་བྱུང་བའི་གཡང་འགུགས་ནི། ཀྱཻ། ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་འདས། །ཆོས་ཀུན་རྣམས་ལ་མངའ་མཛད་པ། །ཕྱོགས་བཅུའི་སངས་རྒྱས་སྲས་བཅས་རྣམས། །བཀྲ་ཤིས་སྐྱིད་རྟག་གནས་འདིར་བྱོན། །དར་དཀར་གཡབ་ཅིང་གཡང་དུ་ལེན། །ཐུགས་རྗེའི་བྱིན་རླབས་ཆེན་པོ་ཡིས། །ཕྱྭ་དང་གཡང་དུ་སྐྱབས་སུ་གསོལ། །ཆོས་རྣམས་གང་དག་མེ་ལོང་འདྲ། །རྣམ་རྟོག་བྲལ་བས་


SPN002_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་དང་། །མི་སྐྱེ་མི་འགགས་གཟུགས་སྐུ་འཆར། །དྲི་མེད་འཇའ་ཚོན་ཇི་བཞིན་དུ། །ཡང་དག་ཐབས་ཤེས་སྐུ་རུ་གསལ། །གཡང་བརྟན་མི་འགྱུར་རྡོ་རྗེའི་སྐུ། །བཀྲ་ཤིས་གནས་འདིར་གཡང་ལ་བྱོན། །དར་དཀར་གཡབ་ཅིང་གཡང་དུ་ལེན། །བྱིན་རླབས་ཕྱྭ་དང་གཡང་དུ་འདུས། །དགེ་འདུན་བྱང་ཆུབ་ཕྱིར་མི་ལྡོག །མི་རྟོག་རབ་དགའ་ས་ལ་བཞུགས། །གཞན་དོན་མ་རིག་མུན་སེལ་བ། །བཀྲ་ཤིས་སྐྱིད་རྟགས་གཡང་ལ་བྱོན། །དར་དཀར་གཡབ་ཅིང་གཡང་དུ་ལེན། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །གལ་ཏེ་འདི་ལ་བགེགས་ཡོད་ན། །དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །ཁྲོ་བོ་བདུད་རྩི་འཁྱིལ་པ་ཡིས། །མགོ་བོ་ཚལ་པ་བརྒྱར་འགས་ཤིང་། །ལུས་ཀྱང་དུམ་བུ་སྟོང་དུ་འཇིག །ༀ་ཨཱ་བཛྲ་ཀྲོ་དྷ་ཧཱུྃ་ཕཊ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས། །དར་དཀར་གཡབ་ཅིང་གཡང་དུ་ལེན། །འཁོར་དང་བཅས་པ་འདིར་བྱོན་ལ། །ཡོན་བདག་ཚེ་སྲོག་བསྐྱབ་ཏུ་གསོལ། །འོག་མིན་ཆོས་དབྱིངས་གཞལ་ཡས་ནས། །བཅོམ་ལྡན་རྣམ་པར་སྣང་མཛད་དང་། །ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས། །དར་དཀར་གཡབ་ཅིང་གཡང་དུ་ལེན། །འཁོར་དང་བཅས་པ་འདིར་


SPN002_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་ལ། །ཡོན་བདག་ཚེ་གཡང་བསྐྱབ་ཏུ་གསོལ། །བྱ་རྒོད་ཕུང་པོའི་རི་བོ་ནས། །བཅོམ་ལྡན་ཤཱཀྱ་ཐུབ་པ་དང་། །ཉན་ཐོས་ཆེན་པོ་མཆོག་བརྒྱད་རྣམས། །དར་དཀར་གཡབ་ཅིང་གཡང་དུ་ལེན། །འཁོར་དང་བཅས་པ་འདིར་བྱོན་ལ། །ཡོན་བདག་ཚེ་གཡང་བསྐྱབ་ཏུ་གསོལ། །སེང་གེ་བསྣོལ་བའི་ཁྲི་སྟེང་དུ། །ཉི་ཟླ་པདྨའི་གདན་སྟེང་ན། །བཅོམ་ལྡན་རྣམ་པར་སྣང་མཛད་ནི། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །ཕྱག་ན་གསེར་གྱི་བུམ་པ་བསྣམས། །ཞལ་ནས་གཡང་རབ་དམ་པ་འདོན། །ༀ་ཤྲཱི་བཛྲ་བཻ་རོ་ཙ་ན་རཏྣ་སིདྡྷི་ཧཱུྃ་ཧྲཱིཿཋཱ། དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བདེ་ལྡན་སྐྱིད་པའི་གནས་འདི་རུ། །འཁོར་དང་བཅས་པ་འདིར་བྱོན་ལ། །ཡོན་བདག་ཚེ་གཡང་བསྐྱབ་ཏུ་གསོལ། །འདི་ནས་ཤར་ཕྱོགས་ཞིང་ཁམས་ན། །གླང་ཆེན་བསྣོལ་བའི་ཁྲི་སྟེང་དུ། །ཉི་ཟླ་པདྨའི་གདན་སྟེང་ན། །རྡོ་རྗེ་སེམས་དཔའ་འཁོར་བཅས་ནི། །སྐུ་མདོག་དཀར་གསལ་རྒྱན་དང་ལྡན། །ཕྱག་ན་གསེར་གྱི་ལྷུང་བཟེད་བསྣམས། །ཞལ་ནས་གཡང་རབ་དམ་པ་འདོན། །ༀ་བཛྲ་རཏྣ་ཧཱུྃ་ཧྲཱིཿཋཱ། དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བདེ་ལྡན་སྐྱིད་པའི་གནས་འདི་རུ། །འཁོར་དང་བཅས་པ་འདིར་བྱོན་ལ། །ཡོན་བདག་ཚེ་གཡང་བསྐྱབ་ཏུ་གསོལ། །འདི་ནས་ལྷོ་ཕྱོགས་


SPN002_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པ་ན། །རིན་ཆེན་འབར་བའི་གཞལ་ཡས་ན། །རྟ་མཆོག་བསྣོལ་བའི་ཁྲི་སྟེང་དུ། །ཉི་ཟླ་པདྨའི་གདན་སྟེང་ན། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་ནི། །སྐུ་མདོག་གསེར་གྱི་ལྷུན་པོ་འདྲ། །ཕྱག་ན་གཡང་གི་དུང་ཞལ་བསྣམས། །ཞལ་ནས་གཡང་རབ་དམ་པ་འདོན། །ༀ་བཛྲ་ཨཱ་བཛྲ་རཏྣ་སརྦ་བྷ་ཝ་ཧཱུྃ་ཧྲཱིཿཋཱ། དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། །འཁོར་དང་བཅས་པ་འདིར་བྱོན་ལ། །བདག་ཅག་ཚེ་གཡང་བསྐྱབ་ཏུ་གསོལ། །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །རྨ་བྱ་བསྣོལ་བའི་ཁྲི་སྟེང་དུ། །ཉི་ཟླ་པདྨའི་གདན་སྟེངས་ན། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཚེ་ལ་དབང་བའི་ལྷ་དང་བཅས། །སྐུ་མདོག་དམར་པོ་འོད་ཟེར་འབར། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །ཞལ་ནས་གཡང་རབ་དམ་པ་འདོན། །ༀ་ཨཱཿབཛྲ་ཨ་མྲྀ་ཏ་པདྨ་སཾ་བྷ་ཝ་ཧཱུྃ་ཧྲཱི་ཋཱཿ། དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། །འཁོར་དང་བཅས་པ་འདིར་བྱོན་ལ། །བདག་ཅག་ཚེ་གཡང་བསྐྱབ་ཏུ་གསོལ། །བྱང་གི་ཕྱོགས་ན་བཞུགས་པ་ནི། །ཤང་ཤང་བསྣོལ་བའི་ཁྲི་སྟེང་ན། །ཉི་ཟླ་པདྨའི་གདན་སྟེང་ན། །བཅོམ་ལྡན་དོན་ཡོད་གྲུབ་པ་ནི། །ལྗང་ཁུ་ཨཱིནྡྲ་ནཱི་ལའི་མདོག །ཕྲིན་ལས་གྲུབ་པའི་ལྷ་དང་བཅས། །


SPN002_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་གཡུ་ཡི་ལྷུང་བཟེད་ནི། །རིན་ཆེན་གཡང་གིས་གང་བ་བསྣམས། །ཞལ་ནས་གཡང་རབ་དམ་པ་འདོན། །ༀ་ཨཱཿཨ་མོ་གྷ་ཀརྨྨ་སིདྡྷི་སརྦ་ཛཿཧཱུྃ་ཧྲཱི་ཋཱ། དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། །འཁོར་དང་བཅས་པ་འདིར་བྱོན་ལ། །བདག་ཅག་ཚེ་གཡང་བསྐྱབ་ཏུ་གསོལ། །དབུས་ཀྱི་གཙོ་ལ་བཞུགས་པ་ནི། །གཙུག་ཏོར་དཀར་མོ་ལྷ་མོ་ནི། །སྐུ་མདོག་དཀར་མོ་གངས་རི་འདྲ། །དབུ་སྟོང་སྤྱན་གྱིས་ཀུན་ཏུ་གཟིགས། །ཕྱག་མཚན་རྣམ་གྲངས་སྟོང་དང་ལྡན། །ཐུགས་རྗེ་འགྲོ་བ་ཀུན་ལ་སྙོམས། །མི་དང་ནོར་གྱི་བདག་པོ་སྟེ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བཀྲ་ཤིས་སྐྱིད་རྟག་གནས་འདི་རུ། །འཁོར་དང་བཅས་པ་འདིར་བྱོན་ལ། །ཡོན་བདག་ཚེ་གཡང་བསྐྱབ་ཏུ་གསོལ། །ཤར་གྱི་ཕྱོགས་ན་བཞུགས་པ་ནི། །རྡོ་རྗེ་གཙུག་ཏོར་ལྷ་མོ་སྟེ། །ཕྱག་ན་རྡོ་རྗེ་རྩེ་ལྔ་བསྣམས། །གཡོན་ན་གཡུ་ཡི་དྲིལ་བུ་གསིལ། །བདེ་ལྡན་སྐྱིད་པའི་གནས་འདི་རུ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བདག་ཅག་ཚེ་གཡང་བསྐྱབ་ཏུ་གསོལ། །ལྷོ་ཡི་ཕྱོགས་ན་བཞུགས་པ་ནི། །རིན་ཆེན་གཙུག་ཏོར་ལྷ་མོ་ཆེ། །ཕྱག་ན་ཡིད་བཞིན་ནོར་བུ་བསྣམས། །གསེར་གྱི་དྲིལ་བུ་གསུང་སྙན་སྒྲོག །མི་གཡང་སྡུད་པའི་བདག་མོ་སྟེ། །


SPN002_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། །འཁོར་དང་བཅས་པ་འདིར་བྱོན་ལ། །བདག་ཅག་མི་གཡང་བསྐྱབ་ཏུ་གསོལ། །ནུབ་ཀྱི་ཕྱོགས་ན་བཞུགས་པ་ནི། །པདྨ་གཙུག་ཏོར་ལྷ་མོ་སྟེ། །ཕྱག་ན་པདྨ་འདབ་བརྒྱད་བསྣམས། །གཡོན་ན་གཡང་གི་ཞགས་པ་བསྣམས། །ཕྱུག་གཡང་སྡུད་པའི་བདག་མོ་སྟེ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། །འཁོར་དང་བཅས་པ་འདིར་བྱོན་ལ། །ཡོན་བདག་ཕྱུག་གཡང་བསྐྱབ་ཏུ་གསོལ། །བྱང་གི་ཕྱོགས་ན་བཞུགས་པ་ནི། །ལས་ཀྱི་གཙུག་ཏོར་ལྷ་མོ་ཆེ། །ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས། །གཡོན་པ་འབྲས་ཀྱི་སྙེ་མ་འཛིན། །ལོ་གཡང་སྡུད་པའི་བདག་མོ་སྟེ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། །འཁོར་དང་བཅས་པ་འདིར་བྱོན་ལ། །བདག་ཅག་ལོ་གཡང་བསྐྱབ་ཏུ་གསོལ། །གྲྭ་ཡི་ཕྱོགས་ནི་ཀུན་ཏུ་ཡང་། །རིགས་ཀྱི་ཡུམ་དང་གསང་བའི་ཡུམ། །དགོས་པ་རྣམས་ནི་སྟེར་བ་དང་། །ལོ་ཙཱ་དང་ནི་མ་མ་ཀཱི། །དཀར་མོ་སྒྲོལ་མ་ལ་སོགས་རྣམས། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །དུམ་བུ་བཞི་ལ་གཡང་རྟེན་གསོལ། །ལྷ་ཡི་དབང་པོ་བརྒྱ་བྱིན་ཡང་། །ལྷ་རྣམས་ཀུན་ལ་


SPN002_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྒྱུར་ཞིང་། །ཕ་རོལ་ཆོས་ཀྱི་བགྲོ་གླེང་མཛད། །ལྷ་བྲན་མང་པོར་སྒྲ་སྒྲོག་ཅིང་། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། །ཡིད་བཞིན་ནོར་བུ་གཡང་དུ་བཏགས། །གཡས་པས་ལྷ་ཡི་ཕོ་བྲང་དུ། །བཀྲ་ཤིས་གཡང་རྣམས་བརྟན་པ་ཡི། །དོན་གྲུབ་ལྷ་མོ་ཕྲིན་ལས་ཆུ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །གནས་འདིར་བསྲུང་བའི་ལས་མཛོད་ཅིང་། །དེ་རིང་ཡོན་བདག་འཁོར་བཅས་ལ། །མི་ཡི་ཚེ་དང་ནོར་གྱི་གཡང་། །ཟས་ཀྱི་བཅུད་དང་སྐོམ་གྱི་བཅུད། །རྟ་ཕྱུགས་སྲོག་ཆགས་ཀུན་གྱི་གཡང་། །མི་རྣམས་ཀུན་ལ་བསྐྱབ་ཏུ་གསོལ། །ཁྱེད་ཅག་ཀུན་ལ་བདེ་ལེགས་ཤོག །དེ་དག་སྡིག་པར་མ་གྱུར་ཅིག །ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །དགྲ་བཅོམ་ཐམས་ཅད་ཟག་པ་ཟད། །བདེན་པའི་བདེན་ཚིག་འདི་བརྗོད་པས། །བདག་ཅག་རྣམས་ལ་བདེ་ལེགས་ཤོག །བཅུ་དགུ་པ་གསོལ་ཀ་བྱ་བ་ནི། འབྲུ་སྨན་རིན་ཆེན་ཟས་སྣ་ཚོགས། ཆང་ཕུད་བཟང་པོ་དང་སྦྱར་བས་མཆོད་ཅིང་འདི་སྐད་དུ། ཧཱུྃ་རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །སྐུ་མདོག་དཀར་མོ་གཞོན་ཚུལ་ཅན། །ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས། །གཡོན་པས་ཚེ་ཡི་བུམ་པ་འཛིན། །བུམ་པའི་སྟེང་ན་དཔལ་བེའུ་


SPN002_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གཡུ་དྲུང་རིན་ཆེན་འཁྱིལ་བས་བརྒྱན། །ལྷབ་ལྷུབ་ན་བཟའི་རྒྱན་དང་ལྡན། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །རིན་ཆེན་དུ་མས་མཛེས་པར་བརྒྱན། །བཀྲ་ཤིས་ཚེ་ཡི་གཙོ་མོ་སྟེ། །ཆིབས་སུ་སེང་གེ་དཀར་མོ་ཆིབས། །གངས་དཀར་སྟོད་ན་བཞུགས་པ་མོ། །མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ། །སྲིད་སྲུང་རིགས་རྒྱུད་འཕེལ་བའི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ལྷ་མོ་མཐིང་གི་ཞལ་བཟང་མ། །རྡོ་རྗེ་ཁྲོས་མ་ཞེས་སུ་གྲགས། །སྐུ་མདོག་སྔོ་བསངས་འཚེར་བག་ཅན། །ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས། །ཕྱག་གཡས་དངུལ་དཀར་མེ་ལོང་བསྣབས། །གཡོན་པས་ལྷ་ཡི་བ་དན་ཕྱར། །སྐུ་ལ་དར་དཀར་ན་བཟའ་གསོལ། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ། །སྣང་གསལ་བདེན་མཐོང་པྲ་ཡི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ལྷ་མོ་མི་གཡོ་བློ་བཟང་མ། །གསང་མཚན་རྡོ་རྗེ་བཞད་པ་མོ། །སྐུ་མདོག་སེར་མོ་གསེར་གྱི་མདོག །ཆིབས་སུ་རྒྱ་སྟག་ཁྲ་བོ་ཆིབས། །ཕྱག་གཡས་རིན་ཆེན་སྡེར་བཟང་ནང་། །ལྷ་ཡི་ཞལ་ཟས་སྣ་ཚོགས་བསྣམས། །གཡོན་པས་ནེའུ་ལེའི་རྐྱལ་བ་འཛིན། །སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག །མཆོད་གཏོར་འདི་


SPN002_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་དངོས་གྲུབ་སྩོལ། །རྨ་གཡང་རོ་མཆོག་ཟས་ཀྱི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱི་མཆོད། །ལྷ་མོ་ཅོད་པན་མགྲིན་བཟང་མ། །རྡོ་རྗེ་དཔལ་མོ་ལོངས་སྤྱོད་ཡུམ། །སྐུ་མདོག་དམར་གསལ་མདངས་དང་ལྡན། །ཆིབས་སུ་ཤ་བ་ཡུ་མོ་ཆིབས། །ཕྱག་གཡས་ཡིད་བཞིན་ནོར་བུ་དང་། །ཕྱག་གཡོན་རིན་ཆེན་སྒྲོམ་བུ་བསྣམས། །སྣང་སྲིད་ཐམས་ཅད་དབང་བསྡུས་ལ། །རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས། །མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ། །བང་མཛོད་འབྲུ་ནོར་འཕེལ་བའི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ལྷ་མོ་གཏད་དཀར་འགྲོ་བཟང་མ། །གསང་མཚན་རྡོ་རྗེ་གར་མཁན་མོ། །སྐུ་མདོག་སྔོ་ལྗང་མདངས་དང་ལྡན། །ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས། །ཕྱག་གཡས་རྩ་མཆོག་དུཪྺཱ་དང་། །གཡོན་པས་སྦྲུལ་གྱི་ཞགས་པ་བསྣམས། །ཕྲིན་ལས་ཐོགས་པ་མེད་པ་ཡི། །མཐུ་དང་ནུས་པ་འདིར་སྟོན་ཅིག །མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ། །རྐང་བཞི་རྟ་ཕྱུགས་འཕེལ་བའི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ཉི་ཤུ་པ་དྲག་པོའི་ཕྲིན་ལས་བཅོལ་བར་འདོད་ན། དམར་གཏོར་གྲུ་གསུམ་ཤ་ཆང་གིས་བརྒྱན་པ་བཤམས། ༀ་ཨ་ཀཱ་རོ་ལན་གསུམ་བརྗོད་པས་བྱིན་བརླབས་ནས། ཧཱུྃ་རྡོ་རྗེ་མཁའ་འགྲོ་ཁྱེད་རྣམས་ནི། །ཡེ་ཤེས་


SPN002_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ཡིན་མོད་ཀྱང་། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཤ་ཟ་མཁའ་འགྲོའི་ཚུལ་སྟོན་མ། །དམར་ཆེན་གཏོར་མ་འདི་བཞེས་ལ། །ཞིང་བཅུ་སྒྲོལ་བའི་ལས་མཛོད་ཅིག །ཆོས་ཁྲིམས་བསྟན་པ་སྔ་མ་ལ། །རྡོ་རྗེ་འཆང་དང་ཤཱཀ་ཐུབ་ཀྱིས། །སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །ཆོས་ཁྲིམས་བསྟན་པ་བར་མ་ལ། །གདོང་དམར་བོད་ཀྱི་རྒྱལ་པོ་ཡིས། །མཐའ་འཁོབ་མུན་པའི་སྨག་རུམ་དུ། །དམ་པ་ཆོས་ཀྱི་ཁྲིམས་ཀྱང་བཙུགས། །མཁན་སློབ་བཅས་པ་སྤྱན་དྲངས་ཚེ། །ཁྱེད་ཅག་རྣམས་ཀྱིས་མ་བཟོད་ནས། །གུང་ཐང་ཁ་ལ་རོང་སྒོ་རུ། །སློབ་དཔོན་པདྨ་འབྱུང་གནས་ལ། །དངོས་སུ་ཐོ་འཚམས་བྱས་པའི་ཚེ། །ཟིལ་གནོན་དམ་ལ་བཏགས་པ་ཡི། །ཁས་བླངས་དམ་བཅས་འདོར་རམ་ཅི། །མ་གཡེལ་མ་གཡེལ་མཐུ་རྩལ་ཅན། །ཆོས་ཁྲིམས་བསྟན་པ་ཕྱི་མ་ལ། །ཆུ་བར་དཔལ་གྱི་ཕོ་བྲང་དུ། །དབང་ཕྱུག་བཞད་པ་རྡོ་རྗེ་ལ། །ཏིང་འཛིན་དྲོད་ཉུལ་བྱས་པའི་ཚེ། །མི་འཇིགས་སེངྒེའི་ང་རོ་ཡིས། །བདེན་ཚིག་ཆོས་ཀྱི་འཇམ་ཆར་ཕབ། །དད་པའི་མྱུ་གུ་སྐྱེས་པའི་ཚེ། །བཀའ་སྲུང་མཁའ་འགྲོར་དམ་བཅས་ནས། །ཆོས་བརྒྱུད་སྤེལ་བར་གཡར་དམ་བཅས། །དམ་ཚིག་ཉམས་ན་དམྱལ་བར་འགྲོ། །དེ་བས་དཔལ་ལྡན་རྡོ་རྗེ་འཛིན། །བཞད་པ་རྡོ་རྗེའི་བཀའ་བཞིན་དུ། །བཀའ་སྲུང་བཀའ་ཡི་བྱ་ར་མཛོད། །ཕོ་བྲང་གངས་ཀྱི་གཡོན་མགུལ་དུ། །སྟོན་ཟླ་ར་བའི་ཡར་ངོ་ལ། །བྲོ་


SPN002_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་འགུམ་དུ་ཉེ་བའི་ཚེ། །འཆི་བདག་ཆད་པ་སུ་ཡིས་བཟློག །རང་བྱུང་སྒྲུབ་པའི་དབེན་གནས་སུ། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །ཐ་མར་འབྱུང་བ་རྒྱུ་ཡི་གཞི། །སྨོན་འཇུག་རྣམ་གཉིས་སུ་ཡིས་བསྐྱེད། །ཡི་དམ་ལྷ་དང་སུ་ཡིས་སྤྲད། །ཐུགས་ཀྱི་ངོ་བོ་སུ་ཡིས་གནང་། །དེ་ཀུན་མཛད་པའི་བཀའ་དྲིན་ཅན། །སྤྱི་གཙུག་རྒྱན་དུ་བཞུགས་པ་དེ། །བཞད་པ་རྡོ་རྗེ་མ་ལགས་སམ། །དེ་ཡི་བཀའ་འབངས་བདག་ཅག་ཀྱང་། །སྙིགས་མའི་དུས་འདིར་མི་སྐྱོབ་ན། །བླ་མའི་བཀའ་བསྩལ་བཅག་གམ་ཅི། །རང་གི་སྙིང་པོ་རང་འདྲལ་ལམ། །མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས། །ཁས་བླངས་དམ་བཅས་བཞིན་དུ་ནི། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །བསྒྲལ་བའི་ཞིང་བཅུ་ཁྱོད་ཀྱིས་སྒྲོལ། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །རྣལ་འབྱོར་སྒོས་དགྲ་ཁྱོད་ཀྱིས་སྒྲོལ། །ལྷ་འདྲེ་མི་གསུམ་དབང་དུ་སྡུས། །འབྱུང་བཞིའི་བར་ཆད་ཁྱོད་ཀྱིས་སོལ། །དུག་ལྔའི་རྣམ་རྟོག་ཞི་བར་མཛོད། །མ་ཧཱ་ས་མ་ཡ་མ་ནུ་སྨ་ར་ཧྲཱིཿབྷྱོ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ངང་ཉིད་ལས། །ཐབས་མཁས་ཐུགས་རྗེས་ལྷ་མོའི་ཚུལ་བཟུང་ནས། །སངས་རྒྱས་བསྟན་པ་བསྲུང་ཞིང་སྤེལ་མཛད་མ། །མཁའ་འགྲོ་ཆེན་མོ་བཀྲ་ཤིས་ཚེ་


SPN002_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རིང་མ། །དཔོན་གཡོག་ལྔར་བཅས་ཞིང་སྐྱོང་མཁའ་འགྲོ་མའི། །འཁོར་གྱི་ཚོགས་དང་བཅས་ལ་ཕྱག་འཚལ་བསྟོད། །འདིར་གཤེགས་ཤ་ཁྲག་བརྒྱན་པའི་གཏོར་མ་དང་། །ཛ་གད་སྨན་ཕུད་མཆོད་པ་འདི་བཞེས་ལ། །སྔ་བཅོལ་ལས་རྣམས་གྲུབ་པའི་གཏང་རག་དང་། །ད་བཅོལ་བསྒྲུབ་ཕྱིར་གཏོར་མ་སྨན་ཕུད་བཞེས། །རྣལ་འབྱོར་བདག་དང་བདག་གི་འཁོར་རྣམས་ཀྱི། །ཚེ་དང་དཔལ་འབྱོར་བསམ་པའི་དོན་རྣམས་ལ། །བར་དུ་གཅོད་བྱེད་ནད་དང་གདོན་བགེགས་དང་། །མི་དང་འབྱུང་པོའི་བར་ཆད་བཟློག་ཏུ་གསོལ། །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །ས་དང་ལམ་གྱི་ཡོན་ཏན་བསྒྲུབ་པ་ལ། །བར་དུ་གཅོད་བྱེད་འགལ་རྐྱེན་ཞི་བ་དང་། །མཐུན་རྐྱེན་འདོད་དགུ་མ་ལུས་འགྲུབ་པར་མཛོད། །བསྟན་དང་བསྟན་པའི་ཁུར་འཛིན་སྐྱེས་བུ་དང་། །རྣལ་འབྱོར་འགྲོ་དོན་ཕྱོགས་བཅུར་འཕེལ་བ་དང་། །གང་ལ་གང་འདུལ་ཕྲིན་ལས་རྣམ་པ་བཞི། །འགྲོ་ལ་ཕན་བདེ་འགྲུབ་པའི་སྡོང་གྲོགས་མཛོད། །དཀར་མོ་ཞི་བྱེད་གསལ་སྟོན་མ། །སྔོན་མོ་མཆོག་སྟེར་གསལ་སྟོན་མ། །སེར་མོ་རྒྱས་བྱེད་གསལ་སྟོན་མ། །དམར་མོ་དབང་བྱེད་གསལ་སྟོན་མ། །ལྗང་མོ་དྲག་བྱེད་གསལ་སྟོན་མ། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །གསང་བ་ནང་གི་མཆོད་པ་དང་། །བདུད་རྩི་སྨན་གྱི་མཆོད་པ་དང་། །རཀྟ་


SPN002_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དམར་གྱི་ཨརྒྷཾ་དང་། །དམར་ཆེན་གཏོར་མ་འདི་བཞེས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །སྡང་བར་བྱེད་པའི་དགྲ་རྣམས་སོད། །གནོད་པར་བྱེད་པའི་བགེགས་རྣམས་ཆོམས། །བར་ཆད་རྐྱེན་ངན་བཟློག་ཏུ་གསོལ། །ཞེས་དམར་གཏོར་ཕྱི་རོལ་དུ་བསྐྱལ་ལོ། །སྤྲོ་ན་འཁོར་བརྟན་སྐྱོང་བཅུ་གཉིས་ཀྱི་གཏོར་འབུལ་གཏེར་རྙིང་ལས་བྱུང་བ་ལྟར་བྱ་བ་ནི། གཏོར་མ་དང་གསེར་སྐྱེམས་བཤམས་ལ། ཨ་ཀཱ་རོས་བྱིན་བརླབས་ལ། ཧཱུཾ་བཀའ་ཡི་ཚོགས་དང་བཅས་ཉིད་དུ། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་བྱོན་དམ་བསྐང་འཕྲིན་ལས་མཛོད། །བྷྱོ། བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །སོ་སོར་མཚན་བཏགས་རྒྱན་དང་ཆ་ལུགས་དང་། །བཞོན་པར་བཅས་ཏེ་བསྟན་པའི་བྱ་ར་མཛོད། །སྔོན་གྱི་ཐུགས་དམ་དམ་ཚིག་བརྩེར་དགོངས་ལ། །བྲན་དང་གཡོག་འཁོར་མང་པོའི་ཚོགས་དང་བཅས། །ལྷབ་ལྷུབ་རིན་ཆེན་མང་པོའི་རྒྱན་དང་བཅས། །འདིར་གཤེགས་དམ་སྐོང་མཆོད་སྦྱིན་གཏོར་མ་བཞེས། །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱིས། །སྔོན་གྱིས་དམ་ཚིག་དེ་ལྟར་དྲན་གྱིས་


SPN002_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །སྨན་རཀ་གཏོར་མའི་མཆོད་པ་འདི་བཞེས་ནས། །སངས་རྒྱས་བསྟན་པ་མཐའ་དག་རྒྱས་པར་མཛོད། །རྣལ་འབྱོར་བདག་གི་བསམ་པ་བསྒྲུབ་ཏུ་གསོལ། །ཧཱུྃ་དཔལ་ཆེན་ཁྲག་འཐུང་སྤྲུལ་པ་མོ། །ཡེ་ཤེས་དབྱིངས་ལ་རྟེན་འབྲེལ་ཚུལ། །ཕྱོགས་མ་བཞི་དང་མཚམས་མ་བཞི། །སྙིང་པོའི་མ་མོ་ཆེན་པོ་བཞི། །མ་རྟོགས་རྟེན་འབྲེལ་བཅུ་གཉིས་ཏེ། །ཕྱི་རོལ་བརྟན་མ་བཅུ་གཉིས་པོ། །ཀུན་ཀྱང་ཐུགས་ཀྱི་དབྱིངས་སུ་གཅིག །བཅུ་གསུམ་ས་དང་ལམ་གྱི་དངོས། །ཕྱི་ནང་གསང་བའི་དགའ་བ་བཞི། །དབྱེར་མེད་ཡེ་ཤེས་བཞི་དང་བཅས། །བཅུ་དྲུག་བདག་ཉིད་ཆེན་མོ་ལ། །སྣང་སྲིད་ཐམས་ཅད་མཆོད་དོ་བཞེས། །ལུགས་འབྱུང་ལུགས་ལྡོག་རྟེན་འབྲེལ་རྣམས། །དགའ་བཞིའི་ངོ་བོར་རྣམ་དག་ནས། །མཐར་ཐུག་རྡོ་རྗེ་འཆང་གི་ས། །སྐུ་གསུང་ཐུགས་དང་ཡེ་ཤེས་སུ། །མངོན་དུ་གྱུར་པའི་ཕྲིན་ལས་མཛོད། །ཅེས་བརྗོད་དེ་གཏོར་མ་དང་གསེར་སྐྱེམས་ཕུལ་ལོ། །ཉེར་གཅིག་པ་བཟློག་བསྒྱུར་ནི། བྷྱོ། མཁའ་འགྲོ་ཆེན་མོ་བཀྲ་ཤིས་ཚེ་རིང་མ། །དཔོན་གཡོག་ལྔར་བཅས་ཞིང་སྐྱོང་མཁའ་འགྲོ་དང་། །སྡེ་བརྒྱད་ལ་སོགས་བྲན་གཡོག་ཕོ་ཉའི་ཚོགས། །ཁྱེད་རྣམས་དེ་རིང་མཐུ་དང་དཔུང་བསྐྱེད་ལ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །སྔོན་གྱི་ལས་དང་འཕྲལ་རྐྱེན་


SPN002_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི། །བྱང་ཆུབ་བསྒྲུབ་པའི་ལམ་གྱི་མི་མཐུན་ཕྱོགས། །འགལ་རྐྱེན་མ་ལུས་ཞི་བར་མཛད་དུ་གསོལ། །མཁའ་འགྲོ་ཆེན་མོ་མཐིང་གི་ཞལ་བཟང་མ། །ཁྱེད་རྣམས་དེ་རིང་མཐུ་དང་དཔུང་བསྐྱེད་ལ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བ་དང་། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་གནོད་པ་བཟློག །གཏད་ཁྲམ་བན་སྔགས་དམོད་མོ་རྦོད་གཏོང་དང་། །འཇིགས་པ་བརྒྱད་དང་འཐབ་རྩོད་མེད་པར་མཛོད། །ཚེ་དང་ཐར་པའི་ལམ་ལ་བར་གཅོད་པའི། །བདུད་དང་གཤིན་རྗེའི་འཇིགས་པ་བཟློག་ཏུ་གསོལ། །ལས་དང་ཉོན་མོངས་བཅས་པའི་སྡིག་པ་དང་། །བག་ཆགས་འཁོར་བའི་སྡུག་བསྔལ་སྦྱོང་དུ་གསོལ། །མཁའ་འགྲོ་ཆེན་མོ་མི་གཡོ་བློ་བཟང་མ། །ཁྱེད་རྣམས་དེ་རིང་མཐུ་དང་དཔུང་བསྐྱེད་ལ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་སྩོལ། །ཡིད་ལ་འདོད་དགུ་དར་ཞིང་རྒྱས་པར་མཛོད། །མཁའ་འགྲོ་ཆེན་མོ་ཅོད་པན་མགྲིན་བཟང་མ། །ཁྱེད་རྣམས་དེ་རིང་མཐུ་དང་དཔུང་བསྐྱེད་ལ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །འགྲོ་བ་ཀུན་གྱི་དཔལ་དང་འབྱོར་པ་དང་། །འཇིག་རྟེན་ཁམས་ཀྱི་འདོད་ཡོན་མ་ལུས་པ། །ཁུག་


SPN002_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་བསྡུས་ཤིག་རྣལ་འབྱོར་བདག་ཅག་གིས། །ད་ལྟ་ཉིད་དུ་འགྲུབ་པར་མཛད་དུ་གསོལ། །མཁའ་འགྲོ་ཆེན་མོ་གཏད་དཀར་འགྲོས་བཟང་མ། །ཁྱེད་རྣམས་དེ་རིང་མཐུ་དང་དཔུང་བསྐྱེད་ལ། །བླ་མའི་སྐུ་དགྲ་བསྟན་པ་བཤིག་པ་དང་། །སེམས་ཅན་འཚེ་དང་རྣལ་འབྱོར་བདག་ཅག་གི། །སྡང་བའི་དགྲ་དང་གནོད་པའི་བགེགས་ཀྱི་ཚོགས། །སོད་ཅིང་སྐྲོད་ཅིང་རྨུགས་ཤིག་རེངས་པར་མཛོད། །ཟུང་ཞིག་གཏུབས་ཤིག་མྱོས་དང་རྨོངས་པར་མཛོད། །ཤིག་ཅིག་ཆོམས་ཤིག་རྡུལ་ཙམ་མེད་པར་མཛོད། །ཟོ་ཞིག་འཐུང་ཞིག་ཤ་ཁྲག་ཚོགས་ལ་རོལ། །དམ་ཉམས་དགྲ་བོ་ཕ་རོལ་གནས་སུ་སྒྲོལ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་སྐྱེས་བུའི་འགྲོ་དོན་འཕེལ་བ་དང་། །རྒྱལ་ཁམས་བདེ་ཞིང་བཀྲ་ཤིས་ཆོས་འཕེལ་དང་། །རྣལ་འབྱོར་བྱང་ཆུབ་སྒྲུབ་པའི་ཕྲིན་ལས་མཛོད། །བུདྡྷ་ཌཱ་ཀི་ནི་བ་ཙཀྲ་ཁཱ་ཧི། བཛྲ་ཌཱ་ཀི་ནི། རཏྣ་ཌཱ་ཀི་ནི། པདྨ་ཌཱ་ཀི་ནི། ཀརྨ་ཌཱ་ཀི་ནི་བ་ཙཀྲ་ཁཱ་ཧི། ཞེས་བརྗོད། ཉེར་གཉིས་པ་ནོར་ལྷ་རྣམས་ལ་གཡང་བླན་པ་ནི། ཕྱེ་མར་དང་། གསེར་སྐྱེམས་ཀྱིས་མཆོད་དེ་འདི་སྐད་དོ། །ཧཱུྃ་བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །གདུག་པ་མ་ལུས་འདུལ་བའི་ཕྱིར། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་བཀའ་ཉན་གསུང་སྔོད་ནི། །ཅི་འདོད་རེ་བ་སྐོང་མཛད་


SPN002_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པ། །མཐུ་ཆེན་སྟོབས་དང་ལྡན་པ་པོ། །གནོད་སྦྱིན་སུམ་ཁྲི་དྲུག་སྟོང་ལ། །མཐུན་པའི་དམ་རྫས་འབུལ་བ་ནི། །ཕྱེ་མར་མདའ་དར་རིན་ཆེན་དང་། །བདུད་རྩི་གསེར་སྐྱེམས་སིལ་སྙན་སོགས། །དཀར་མངར་སྨན་གྱི་མཆོད་པ་འབུལ། །ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ། །བྱང་ཕྱོགས་དཀོར་མཛོད་ཕོ་བྲང་ནས། །ནོར་ལྷའི་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་ཀུན་གྱི་གཙོ་བོ་སྟེ། །སྐུ་ལ་བསེ་ཁྲབ་འབར་བ་གསོལ། །ཕྱག་ན་བ་དན་རྩེ་བརྒྱད་འཕྱར། །གཡོན་པས་རིན་ཆེན་ནེའུ་ལེ་འཛིན། །གསེར་གྱི་མཆོད་རྟེན་སེར་པོ་ལས། །དགོས་འདོད་རིན་ཆེན་ཆར་ལྟར་འབབ། །ཆིབས་སུ་སེང་གེ་བསྒྱིངས་པར་ཆིབས། །ནོར་ལྷ་བྱེ་བའི་འཁོར་གྱིས་བསྐོར། །ཀུན་ཀྱང་རིན་ཆེན་རྒྱན་ཆ་ཅན། །ལག་ཏུ་རིན་ཆེན་ནེའུ་ལེ་འཛིན། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། །འཁོར་དང་བཅས་པ་འདིར་བྱོན་ལ། །རིན་ཆེན་དངོས་གྲུབ་བདག་ལ་སྩོལ། །ༀ་བཻ་ཤྲ་མ་ཎ་ཡ་རཏྣ་སིདྡྷི་ས་མ་ཡ་ཧཱུྃ་ཧྲཱིཿཋཱ། བཅོམ་ལྡན་ལྷ་མོ་ནོར་རྒྱུན་མ། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཡིས། །འཇིག་པ་བརྒྱད་སྐྱོབ་འགྲོ་བ་སྡུད། །གཡོན་པའི་ཕྱག་གི་ཐུགས་ཀ་རུ། །རིན་ཆེན་འབྲས་ཀྱི་སྙེ་མ་འཛིན། །དགོས་འདོད་རེ་བ་སྐོང་མཛད་པ། །དཔག་བསམ་ཤིང་ཆེན་རྒྱས་པ་ལྟར། །དབུལ་བ་


SPN002_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་ཞིང་ཉོན་མོངས་འཇོམས། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀུན། །བཀྲ་ཤིས་གནས་འདིར་གཡང་ལ་འདུས། །རྟ་གླང་རིན་ཆེན་གོས་དང་འབྲུ། །ཁྲུས་ཀྱི་རྫིང་བུ་ལ་སོགས་པ། །རིན་ཆེན་དངོས་གྲུབ་བདག་ལ་སྩོལ། །ཨོ་གྷ་ཏཾ་ཛམྦྷ་སེམས་རཱག་ནི་མ་ཀ་ར་བཛྲ་རཏྣ་ཏིཏྟ་སརྦ་ཛཿཧཱུྃ་ཧྲཱིཿཋཱ། ཡིད་བཞིན་ནོར་བུ་རིན་ཆེན་གཏེར་མཛོད་ནས། །ནོར་ལྷའི་རྒྱལ་པོ་ཨཱཪྱ་ཛམྦྷ་ལ། །བཙོ་མ་གསེར་མདོག་གཟི་བརྗིད་ལྡན། །རིན་ཆེན་རྒྱན་ལྡན་ཕན་སེམས་ཅན། །ཕྱག་གཡས་ནོར་བུ་སྟེར་མཛད་པ། །ཕྱག་གཡོན་ནེའུ་ལེའི་རྐྱལ་པ་ནས། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀུན། །བཀྲ་ཤིས་གནས་འདིར་གཡང་ལ་འདུས། །མི་ནོར་ཟས་གོས་དངོས་གྲུབ་སྩོལ། །ༀ་ཛམྦྷ་ལ་ཛ་ལེནྡྲ་ཡ་རཏྣ་སིདྡྷཱི་ཛཿཧཱུྃ་ཧྲཱིཿཋཱ། གནོད་སྦྱིན་རྒྱལ་པོ་རིན་ཆེན་སྤྱོན། །རིན་ཆེན་གཏེར་མཛོད་བདག་པོ་སྟེ། །ནོར་བུ་རིན་ཆེན་ཆར་ལྟར་འབེབས། །བདག་ལ་ནོར་གྱི་དངོས་གྲུབ་སྩོལ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །འདོད་ཡོན་ལྔ་ལ་ལོངས་སྤྱོད་དང་། །བླ་ན་མེད་པ་ཆེན་པོའི་ནོར། །ཅིི་འདོད་ཕུན་སུམ་ཚོགས་པ་ཡི། །དངོས་


SPN002_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་པོ་བདག་ལ་སྩོལ། །ༀ་ཧྲཱིཿཨ་པ་ར་ཙི་ཏི་ཏེ་བདག་ལ་སིདྡྷི་ཛཿཧཱུྃ། །གནོད་སྦྱིན་རྒྱལ་པོ་གཏེར་བདག་པོ། །བཞུགས་པ་རི་རབ་རྩེ་ལ་བཞུགས། །ཐུགས་ནི་འཛམ་གླིང་ཀུན་ལ་ཁྱབ་། །སྐུ་མདོག་དམར་སེར་གཟི་བརྗིད་ལ། །ནོར་རྒྱུན་མ་ཡི་ཡུམ་དང་བཅས། །ཞབས་གཉིས་བརྐྱང་བསྐུམ་འབྱུང་པོ་མནན། །རིན་ཆེན་བཟང་པོ་ཁྱོད་ལ་བསྟོད། །ༀ་ཨ་ཕུ་ཡུ་ུཎི་ཤ་ཡ་དྷ་ར་དྷ་ར་དྷི་རི་དྷི་རི་སྭཱ་ཧཱ། ནོར་ལྷའི་རྒྱལ་པོ་རྣམ་ཐོས་སྲས། །སྐུ་མདོག་མ་ངེས་ཅིར་ཡང་སྟོན། །ཕྱག་གཚན་མདུང་དང་བ་དན་བསྣམས། །མཆོད་རྟེན་རིན་ཆེན་ནེའུ་ལེ་འཛིན། །རི་རབ་གླིང་བཞི་མི་ཡི་བཅུད། །རྣམ་རྒྱལ་ཁང་བཟང་ནོར་གྱིས་འགེངས། །ཡིད་བཞིན་ནོར་གྱིས་གཡང་འབེབས་པ། །རེ་བ་སྐོང་ཞིང་ནོར་རྣམས་སྦྱིན། །ཞལ་ནས་གཡང་རབ་དམ་པ་འདོན། །ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མོ་བཻ་ཤྲ་མ་ཎ་ཡེ་མ་ཧཱ་རཱ་ཛཱ་ཡ། ཏདྱ་ཐཱ། སུ་མུ་སུ་མུ། ཙནྡྷ་ཙནྡྷ། ཙ་ར་ཙ་ར། ཀ་ར་ཀ་ར། ཀི་ལི་ཀི་ལི། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། སནྡྷ་བ་ཡེ། ཨད་མ་ནམ་ཉིད་ཏན། ཨན་དྷ་ར་དྷུ་ར་སྭཱ་ཧཱ། ན་མོ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ། དྷ་ན་དྷ་ཡེ་སྭཱ་ཧཱ། ན་མོ་ནརྣ་པ་རི་སྭཱ་ཧཱ། མི་ནོར་ཟས་གསུམ་ཐམས་ཅད་དྷི་ཤ་མ་ནེ་ཡེ་སཏྣ་རཏྣ་སིདྷི་སྭཱ་ཧཱ། རིན་ཆེན་རྒྱལ་བ་རྒྱས་ཤིང་འཕེལ། །སྒྱུ་མའི་བང་མཛོད་ནམ་མཁའ་མཉམ། །ཀར་ཤ་པ་ཎི་བརྒྱ་སྟོང་ཕྲག །ཉིན་རེ་བཞིན་


SPN002_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནང་བར་མཛོད། །མི་ཡི་འཁོར་ལོས་སྒྱུར་བ་དེ། །མི་རྣམས་ཀུན་ལ་མངའ་བརྙེས་པ། །སྐྱེ་བོ་མང་པོ་འཕེལ་ཞིང་རྒྱས། །དཀོན་མཆོག་ཡོན་བདག་མཛད་པ་ཡི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཁྱོད། །མི་རྣམས་བདེ་དང་སྐྱིད་པའི་དོན། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀུན། །བཀྲ་ཤིས་གནས་འདིར་གཡང་ལ་འདུས། །རིན་ཆེན་སྣ་བདུན་བདག་ལ་སྩོལ། །རྟ་ལྷ་ཨཱཪྱ་རེ་མནྟ། །རྔོག་ཆགས་ཀུན་ལ་དབང་བསྒྱུར་ཞིང་། །དགྲ་ལྷའི་མཆོག་སྟེ་ཉི་མའི་སྲས། །ཁྱོད་ནི་དགྲ་ལྷའི་མཆེད་ཡིན་ཏེ། །ཆིབས་སུ་སྔོན་པོ་སྒལ་ནག་ཆིབས། །བཞེངས་ན་སྟག་གཉིས་སྔོན་ལ་འགྲོ། །སེང་ཆེན་གཉིས་ནི་ཕྱི་ན་འབྲང་། །ཁྱུང་ཆེན་གཉིས་ནི་གླད་ལ་ལྡིང་། །འཕྲག་པར་ལྕགས་ཀྱི་བྱ་ཁྲ་འཕུར། །དཔལ་འབར་ལམ་ལྷ་ཚེ་བསྲུང་ཞིང་། །ལམ་དང་གཡུལ་གྱི་དགྲ་ལས་རྒྱལ། །ནོར་དང་འབྲུ་རྣམས་འཕེལ་བ་ཡི། །ནོར་གྱི་དངོས་གྲུབ་སྩོལ་བའི་ཕྱིར། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀུན། །བཀྲ་ཤིས་གནས་འདིར་གཡང་ལ་བྱོན། །འབྲུ་རྣམས་འཕེལ་བའི་དངོས་གྲུབ་སྩོལ། །ༀ་ཨཱཪྱ་རེ་མནྟ་གྷོ་ར་སིདྡྷི་རཏྣ་སིདྡྷི་ཧཱུྃ་ཧྲཱིཿཋཱ། ཕྱུགས་ལྷ་ཀུན་གྱི་རྒྱལ་པོ་ནི། །གླང་ཆེན་ས་ལ་རབ་


SPN002_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ཏེ། །ཁྱུ་མཆོག་ཀུན་ལ་མངའ་མཛད་པ། །ཕྱག་ན་གཡང་གི་ཞགས་པ་བསྣམས། །བེའུ་རྣམ་རྒྱལ་འཁོར་དང་བཅས། །ཕྱུགས་རྣམས་འཕེལ་ཞིང་རྒྱས་པའི་ཕྱིར། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀུན། །བཀྲ་ཤིས་གནས་འདིར་གཡང་ལ་འདུས། །ཕྱུགས་ཀྱི་དངོས་གྲུབ་བདག་ལ་སྩོལ། །ༀ་ཨ་བ་ཤ་རཏྣ་སིདྡྷི་ཕ་ལ་ཧཱུྃ་ཧྲཱིཿཋཱ། ལྷ་རྒྱལ་ཨཱཪྱ་ཙ་མུཎྜི། །ནོར་སྲུང་པརྣ་ཤ་བ་རི། །ཡོ་བྱད་གྱེན་དུ་བསྲུང་བའི་ལྷ། །ལྷ་དང་ཀླུ་དང་ལྷ་མ་ཡིན། །ཀླུ་རྒྱལ་ཆར་འབེབས་ལོ་ཏོག་བསྲུང་། །ཀླུ་རྒྱལ་འབྲུ་བཅུད་སྤེལ་མཛད་མ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀུན། །བཀྲ་ཤིས་གནས་འདིར་གཡང་ལ་འདུས། །ༀ་ཨ་ན་སིདྡྷི་ཧཱུྃ་ཧྲཱིཿཋཱ། །ཧཱུྃ་ཤར་གྱི་ཕྱོགས་ནས་གཡང་སྡུད་པ། །མ་ཧཱ་དེ་ཝ་ཡབ་སྲས་བཞི། །ཁྲོ་བོ་དཀར་གསལ་བརྗིད་པ་ལ། །ཕྱག་ན་དངུལ་གྱི་ལྕགས་ཀྱུ་བསྣམས། །མི་གཡང་ཐམས་ཅད་འགུགས་པར་བྱེད། །གཡོན་ན་གཡུ་ཡི་དྲིལ་བུ་གསིལ། །བར་ཆད་ཐམས་ཅད་སེལ་བར་མཛོད། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀུན། །བཀྲ་ཤིས་གནས་འདིར་གཡང་ལ་འདུས། །མི་ཡི་ཚེ་གཡང་བརྟན་པར་མཛད། །ལྷོ་ཡི་


SPN002_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས་གཡང་སྡུད་བ། །མ་ཧཱ་དེ་ཝ་སྲས་དང་བཅས། །ཁྲོ་བོ་སེར་པོ་མི་བཟད་པ། །ཕྱག་ན་གསེར་གྱི་ཕྲེང་བ་བསྣམས། །གསེར་དངུལ་རིན་ཆེན་དབང་དུ་སྡུད། །གཡོན་ན་གཡུ་ཡི་དྲིལ་བུ་འཛིན། །གནོད་བྱེད་ཐམས་ཅད་སྐྲག་པར་བྱེད། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀུན། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། །རིན་ཆེན་སྣ་བདུན་རྒྱས་པར་མཛོད། །ནུབ་ཀྱི་ཕྱོགས་ནས་གཡང་སྡུད་པ། །མ་ཧཱ་དེ་བ་ལྕམ་དྲལ་བ། །ཁྲོ་བོ་དམར་པོ་མི་བཟད་པ། །ཕྱག་ན་གཡང་གི་ཞགས་པ་བསྣམས། །ཕྱུགས་གཡང་ཐམས་ཅད་འགུགས་པར་བྱེད། །གཡོན་ན་གཡུ་ཡི་དྲིལ་བུ་འཛིན། །ཚེ་གཡང་ཐམས་ཅད་འགུགས་པར་བྱེད། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀུན། །བཀྲ་ཤིས་གནས་འདིར་གཡང་ལ་འདུས། །རྐང་བཞི་ནོར་གྱི་དངོས་གྲུབ་སྩོལ། །བྱང་གི་ཕྱོགས་ནས་གཡང་འགུགས་པ། །མ་ཧཱ་དེ་བ་ཡབ་ཡུམ་གཉིས། །ཁྲོ་བོ་སྔོ་སྐྱ་བརྗིད་པའི་སྐུ། །ཕྱག་ན་འབྲས་ཀྱི་སྙེ་མ་བསྣམས། །ལོ་གཡང་ཐམས་ཅད་སྡུད་པར་བྱེད། །གཡོན་ན་སྨན་གྱི་ལྷུང་བཟེད་འཛིན། །སྡུག་བསྔལ་ནད་ལས་ཐར་བར་བྱེད། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་


SPN002_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཀུན། །བཀྲ་ཤིས་གནས་འདིར་གཡང་ལ་འདུས། །འབྲུ་མཆོག་དངོས་གྲུབ་སྩལ་དུ་གསོལ། །ལི་ཁྲིས་ཁ་དོག་གསལ་བར་བྱེད། །དུང་ནི་སྨྲ་བསམ་བརྗོད་ལས་འདས། །བང་མཛོད་ནམ་མཁའི་མཛོད་དང་མཉམ། །འབྲས་དཀར་འབྲུ་བཅུད་ཀུན་གྱི་མཆོག །གི་ཝང་སྨན་མཆོག་ཀུན་གྱི་དངོས། །ཀུ་ཤ་བྱོལ་སོང་ཀུན་གྱི་གསོས། །ཡུངས་ཀར་ཁྲོ་བོ་ཀུན་གྱི་རྒྱལ། །བདུན་པོ་དེ་ཡང་གཡང་ལ་རྟེན། །འཁོར་ལོ་རིན་ཆེན་གླིང་བཞི་དབང་། །རྟ་མཆོག་རིན་ཆེན་སྤྲིན་གྱི་ཤུགས། །གླང་པོ་རིན་ཆེན་ཐེག་ཆེན་སྟོབས། །ནོར་བུ་རིན་ཆེན་དགོས་འདོད་རེ་བ་སྐོང་། །བཙུན་མོ་རིན་ཆེན་བདེ་མཆོག་ལྡན། །ཁྱིམ་བདག་རིན་ཆེན་དགོས་འདོད་སྦྱོར། །བློན་པོ་རིན་ཆེན་བློ་གྲོས་ལྡན། །དམག་དཔོན་རིན་ཆེན་ཚར་གཅོད་མཛད། །རྒྱལ་སྲིད་རིན་ཆེན་སྣ་བདུན་ཡང་། །དེ་རིང་བདག་ཅག་འཁོར་བཅས་ཀྱི། །ཕྱྭ་དང་གཡང་ལ་བརྟན་པར་ཤོག །ༀ་ཨཱཿཧཱུྃ་རཏྣ་ཙཀྲ་ཧཱུྃ་རཏྣ་སིདྡྷི་པྲཛྙཱ་མ་ཧཱ་མནྟ་མན་ཏིང་ཀ་སིདྡྷི་ཧཱུྃ་ཧྲཱིཿཋཱ། །ཞེས་འགུགས་ཤིང་བསྟིམ་མོ། གལ་ཏེ་གྲངས་གསོག་སྐབས། སྨན་བཙུན་ལྷ་ལྔའི་ཐུགས་ཀ་ནས། །སོགས། བདག་དང་མདུན་གྱི་ནས། ཀྱཻ་ཆོས་ཀྱི་རྒྱལ་པོ་སོགས་ནས། རྡོ་རྗེ་མི་འགྱུར་མ་འདོན། ཕུད་ཀྱིས་མཆོད་ནས། ཧཱུྃ་བཅོམ་ལྡན་ཕྱག་ན་རྡོ་རྗེ་ནས། ཧཱུྃ་ཧྲཱིཿཋཱ། བར་བརྗོད།


SPN002_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་རྗེས་མར་གསེར་སྐྱེམས་དྲག་བསྐུལ་སོགས་མཐར་ཆགས་སུ་འདོན། ཉེར་གསུམ་པ་གཡང་ལེན་པ་ནི། གཡང་བཤོས་ཚེ་གཏོར་ཚེ་རིལ་ཚེ་ཆང་མདའ་དར་འབྲང་རྒྱས་སོགས་དངོས་གྲུབ་ཀྱི་རྫས་རྣམས་གཏད་ལ། ཀྱེ་སྔོན་གྱི་བསྐལ་བའི་དང་པོ་ལ། །གཡང་གི་མི་རབས་མཆེད་བཞི་དེས། །གསེར་གྱི་ས་གཞིའི་སྟེང་དུ་ནི། །གཡང་གཞི་དཀར་པོ་དྲི་མེད་བཏིང་། །ཕྱག་ན་གཡང་ནས་སྔོན་པོ་བཀོད། །མེ་ཏོག་ཧ་ལོ་གཅལ་དུ་བཀྲམ། །ཕྱྭ་གཞི་གཡང་གཞིའི་སྟེང་དུ་ནི། །འདོད་འཇོ་དུང་གི་བ་དཀར་དང་། །རིན་ཆེན་མར་གྱི་ལུ་གུ་གཉིས། །འཕྱང་དང་དེ་ནི་རྦ་ན་འཛིན། །མི་རྣམས་ཀུན་གྱི་ཕྱྭ་ལོང་ལ། །ཕྱུགས་རྣམས་ཀུན་ལ་གཡང་ཁུགས་སོ། །དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས། །མི་རབས་མཆེད་བཞི་ཆེན་པོ་དེས། །འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར། །རིན་ཆེན་བདུན་ལ་ལོངས་སྤྱོད་པའི། །བྱིན་རླབས་ཕྱྭ་དང་གཡང་གི་སྟོབས། །བྱང་ཕྱོགས་དཔལ་རི་ལྷུན་པོ་ལ། །དཔལ་གྱི་སྦ་སྨྱུག་ལྡེམ་པ་སྐྱེས། །ཚིགས་བདུན་ཚིགས་དགུ་བཅུ་གསུམ་པ། །འཁོར་ལོས་སྒྱུར་བའི་གཡང་རྟེན་ལགས། །ད་ལྟ་ལོངས་སྤྱོད་རྒྱས་པ་ཡང་། །བཀྲ་ཤིས་སྦ་སྙུག་རྒྱས་པ་དེ། །འཁོར་ལོས་སྒྱུར་བའི་གཡང་ཕུར་བྱས། །རྒྱལ་པོ་ལོངས་སྤྱོད་རྒྱས་པ་ལྟར། །དེ་རིང་སྙུག་རྒོད་ཚིགས་གསུམ་པ། །


SPN002_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་བདག་འདི་ཡི་ཕྱྭ་གཡང་ལགས། །བཀྲ་ཤིས་ཕྱྭ་གཡང་ཕུར་ལ་རྟེན། །འཁོར་ལོས་སྒྱུར་བའི་རྟ་ཕུར་ལྟར། །ཡོན་བདག་ཕྱྭ་གཡང་ཕུར་ལ་རྟེན། །གཡང་མོ་ལུག་གི་གཡང་འདི་ནི། །ཨཱཪྱ་ཙ་མཎྜ་ལ་རྟེན། །འབྲས་ཟན་ཞལ་དཀར་ཕྱྭ་གཡང་རྟེན། །ཕྱུགས་གཡང་ཚེ་གཡང་ནོར་གཡང་རྣམས། །ཧུ་ཡེ་ཧུ་ལྡན་ཕྱྭ་ལྡན་ནོ། །མགོ་ནག་མི་ཡི་ཕྱྭ་ལོངས་ཤིག །དུད་འགྲོ་ཕྱུགས་ཀྱི་གཡང་ཁུགས་སོ། །གཡང་ལ་གཡང་འབྲོག་གནག་གི་གང་། །གཡང་ལ་གཡང་འཕེལ་ལུག་གིས་གང་། །གཡང་ལ་གཡང་འཕེལ་རྟ་ཡིས་གང་། །ནོར་ལ་གཡང་འཕེལ་བོང་བུས་གང་། །ནོར་ལ་གཡང་འཕེལ་ཕྱུགས་ཀྱིས་གང་། །ཁྱིམ་ལ་གཡང་འཕེལ་མི་ཡིས་གང་། །བང་མཛོད་གཡང་འཕེལ་འབྲུ་ཡིས་གང་། །ཚེ་ལ་གཡང་འཕེལ་ར་ཡིས་གང་། །ར་བ་གཡང་འཕེལ་ཕྱུགས་ཀྱིས་གང་། །དེ་ལྟར་བདག་ལ་བསྩལ་དུ་གསོལ། །དེ་ནས་ལྷ་རྣམས་གཡང་དུ་ལེན། །མི་རྗེ་མོན་དཀར་བྱ་བ་དེ། །དེ་རིང་ཕྱྭ་དང་གཡང་དུ་ལེན། །སྲས་རྗེ་འབྲི་ལྡོག་བྱ་བ་དེ། །དེ་རིང་ཕྱྭ་དང་གཡང་དུ་ལེན། །ལྷ་བུ་ལྷ་བྲན་བྱ་བ་དེ། །དེ་རིང་ཕྱྭ་དང་གཡང་དུ་ལེན། །ད་ནི་དཔལ་རྣམས་གཡང་དུ་བླན། །དཔལ་གྱི་མདའ་ནི་ལི་དམར་ལ། །གཡུ་ཡི་ཉི་མ་སྤུ་གྲི་རྒྱས། །བཏགས་པར་ཕྱྭ་དང་གཡང་དུ་བླན། །རྣ་ོམཚོན་


SPN002_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྲ་ཞིང་དཔལ་དུ་བྱོན། །དེ་རིང་ཧུ་ཡེ་ཧུ་ལྡན་ནོ། །དེ་རིང་ཕྱྭ་ཡེ་ཕྱྭ་ལྡན་ནོ། །ཕོ་ལྷ་གཡང་དུ་བླན་པ་ནི། །ཕ་ནི་བླ་རྗེ་དམར་པོ་ཡིན། །མ་ནི་དམ་སྲིའི་མ་ཡིན་ནོ། །བུ་ནི་ཕོ་ལྷ་དཀར་པོ་དང་། །མོ་ལྷ་དེ་ནི་དཀར་མོ་ཡིན། །དེ་རིང་ཕྱྭ་དང་གཡང་དུ་བླན། །ད་ནི་ཁྱིམ་ལྷ་གཡང་དུ་བླན། །ཕ་ནི་སྤྱི་ལྷ་གང་པོ་དང་། །མ་ནི་སྤྱི་གཙུག་རྒྱལ་མོ་ཡིན། །བུ་ནི་ཁྱིམ་ལྷ་གེ་ཐུང་ཡིན། །དེ་རིང་ཕྱྭ་དང་གཡང་དུ་བླན། །དེ་རིང་ཕྱྭ་ཡེ་ཕྱྭ་ལྡན་ནོ། །དེ་རིང་ཧུ་ཡེ་ཧུ་ལྡན་ནོ། །གསེར་གྱི་ཀ་བ་མ་ཆག་ཅིག །གཡུ་ཡི་གདུང་མ་མ་ཆག་ཅིག །འཐིང་བུ་ལྷོག་ལྷོག་མ་བྱེད་ཅིག །མུ་རུ་གཡུ་སྦྲང་མ་ཞར་ཅིག །དབྱར་གསུམ་སྦྲ་ལ་ཐོག་མ་ལྷུང་། །དགུན་གསུམ་གུར་ལ་མེ་མ་ཤོར། །དུང་གི་བྱ་ལག་མ་འཐོར་ཅིག །དངུལ་གྱི་ཆོན་ཐག་མ་ཆད་ཅིག །ཕྱི་སྒོ་ཕྱེ་བའི་ནང་ཤེད་ན། །རིན་ཆེན་གསེར་གྱི་མི་བོ་ཆེ། །གསེར་གྱི་སྦ་འཁར་ཕྱག་ན་བསྣམས། །ནང་སྒོ་ཕྱུག་མོ་བྱ་བ་ནི། །ལྕགས་ཀྱི་རྟེན་མཁར་ཕྱག་ན་བསྣམས། །ཕྱི་མི་སྐྱ་བོ་ནང་དུ་མ་བཏང་ཞིག །ནང་མི་སྨུག་པོ་ཕྱི་རུ་མ་འབུད་ཅིག །ལྷ་ལུག་གྲོ་མོ་ཐང་ལ་མ་འབུད་ཅིག །སྲིད་ཀྱི་གླང་ཆེན་ནང་ལ་མ་གཏོང་ཞིག །ཁྱིམ་ལྷ་ཕྱྭ་དང་གཡང་དུ་བླན། །ད་ནི་ཞིང་ལྷ་གཡང་དུ་བླན། །ཕ་ནི་སྤྲིན་སྟོང་ཡོངས་ཀྱི་


SPN002_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། །མ་ནི་བྱ་བཟང་མཐོང་གི་བཙུན། །སྲས་ནི་ཞིང་ལྷ་ཕ་ཝང་ཡིན། །ལོ་ལེགས་ལྗང་བུའི་དུས་ནས་ལེགས། །དེ་རིང་ཞིང་ལྷ་གཡང་དུ་བླན། །ཕྱུགས་ལྷ་གཡང་དུ་བླན་པ་ན། །ཕ་ནི་ཟླ་བཞི་ཕྱུག་པོ་ཡིན། །མ་ནི་ཉེར་བཞི་ཕྱུག་མོ་ཡིན། །སྲས་ནི་ཕྱུག་ལྷ་ཉེར་བུ་ཡིན། །དེ་རིང་ཕྱུག་ལྷ་གཡང་དུ་ལེན། །རྟ་ཡི་ལྷ་ནི་བྲེས་པོ་ཡིན། །འབྲི་ཡི་ལྷ་ནི་ཤམ་པོ་དང་། །གཡག་གི་ལྷ་ནི་དུང་ཕོ་དང་། །མཛོ་ཡི་ལྷ་ནི་གེ་གོད་དང་། །ལུག་གི་ལྷ་ནི་མན་བུ་དང་། །ར་ཡི་ལྷ་ནི་ཚེར་མོ་རྣམས། །དེ་རིང་ཕྱྭ་དང་གཡང་དུ་བླན། །ཐབ་ལྷ་གཡང་དུ་བླན་པ་ནི། །ཕ་ནི་བཙན་ལྷ་ཕུར་བུ་དང་། །མ་ནི་བྱ་ལྡན་བཙུན་མོ་ཡིན། །བུ་ནི་ཐབ་ལྷ་རོག་པོ་ཡིན། །དེ་རིང་ཐབ་ལྷ་གཡང་དུ་བླན། །རྒན་པ་རྣམས་ཀྱི་ཚེ་བསྲིངས་ལ། །གཞོན་པ་རྣམས་ཀྱི་དཔལ་སྐྱེད་ཅིག །དེ་རིང་ཧུ་ཡེ་ཧུ་ལྡན་ནོ། །དེ་རིང་ཕྱྭ་ཡེ་ཕྱྭ་ལྡན་ནོ། །ཞེས་པ་དང་། སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་སྐྱོང་རྣལ་འབྱོར་ཚེ་དཔལ་སྤེལ། །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །རྒས་མེད་ལང་ཚོ་ལྡན་པའི་ལུས་སྟོབས་རྒྱས། །མིག་ལ་ཡ་མཚན་ལྟད་མོའི་དགའ་བ་དང་། །རྣ་བར་རྟག་ཏུ་སྙན་པའི་གཏམ་ཐོས་ཤིང་། །དྲི་ཞིམ་ངད་


SPN002_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྣ་དང་མི་འབྲལ་བར། །ཟས་སྐོམ་འབྱོར་བས་རོ་འཛིན་ཚིམ་བྱེད་ཅིང་། །ལུས་ལ་རེག་བྱ་བདེ་བ་ཁོ་ནས་འཚོ། །ཡིད་ལ་རྣམ་པར་བཀྲ་བའི་ཤེས་རབ་དང་། །ཟག་མེད་བདེ་བས་ནམ་ཡང་ངོམ་པར་མཛོད། །ཁྱོད་གསོལ་ཁྱོད་བསྟེན་ཁྱོད་མཆོད་ཁྱོད་རྦད་ན། །མཐུ་རྩལ་མ་ཆུང་བརྩེ་གདུང་ཆེ་བར་མཛོད། །གཞི་ལ་བཀྲ་ཤིས་ཕུན་ཚོགས་ལོངས་སྤྱོད་ལྡན། །བྱེས་སུ་ལམ་འཕྲང་ཆུ་ལས་སྒྲོལ་འདོན་མཛོད། །འཇིགས་སར་དགྲ་ཇག་ཆོམ་རྐུན་འཚེ་བ་སྐྱོབས། །མདོར་ན་བསམ་དོན་ཆོས་བཞིན་འགྲུབ་པར་མཛོད། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །འགལ་རྐྱེན་བར་ཆད་མ་ལུས་ཞི་བ་དང་། །མཐུན་རྐྱེན་བསམ་དོན་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་དང་། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་ཤོག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །ཅེས་དང་བཀྲ་ཤིས་ཀྱི་


SPN002_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་སྐབས་སུ་གང་བབ་བརྗོད་ལ་ཡོན་བདག་རང་གནས་སུ་བཏང་། ཉེར་བཞི་པ་རྗེས་ཀྱི་ཆོ་ག་གཏང་རག་གི་ཚུལ་དུ་བསྐང་པ་བྱ་བ་ནི་མཆོད་རྫས་རྣམས་གསོ་དྲན་བྱས་ལ། རྗེ་ཆོས་ཀྱི་འབྱུང་གནས་ཀྱིས་བསྩལ་བ་ནི། ༀ་ཨཱཿབིགྷྣནྟ་ཀྲྀཏ་ཧཱུྃ་ཕཊ་ཀྱིས་བསངས། ༀ་སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་ཡེ་ཤེས་ཀྱི་བདུད་རྩི་དང་འདྲེས་པར་གྱུར་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང་། གཞན་ཡང་ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ་བཀྲ་ཤིས་པའི་རྫས་རྣམས་དང་རྟེན་རྫས་སྒྲུབ་རྫས་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་ནམ་མཁའི་དབྱིངས་ཐམས་ཅད་གང་བར་གྱུར། ༀ་ཨཱཿཧཱུྃ། གསུམ། ༀ་བཛྲ་སྥ་ར་ཎ་ཁཾ། ༀ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་ཨཱཿཧཱུྃ། གི་བར་བརྗོད་པས་བྱིན་གྱིས་བརླབས། ཧཱུྃ་མཁའ་དབྱིངས་བདེ་བ་ཆེན་པོའི་ཀློང། །འགྱུར་མེད་རང་རིག་འོད་གསལ་མདངས། །བདུད་རྩི་རཱ་ས་ཡ་ན་དངོས། །མཆོད་སྤྲིན་རྒྱ་མཚོ་དཀྲིགས་པ་འདི། །བདེ་ཆེན་ཞིང་མགོན་རྒྱལ་ཀུན་དངོས། །ཚེ་མཐའ་ཡས་པའི་ཐུགས་དམ་བསྐང་། །གྲུབ་པ་ཡོངས་ཀྱི་འཁོར་ལོས་སྒྱུར། །འཆི་མེད་པདྨ༴། རྒྱལ་བས་ལུང་བསྟན་སྤྱོད་པ་འཆང་། །ཀ་ཧྣ་པ་ཡི༴། བདེ་ཆེན་མཆོག་གི་དངོས་


SPN002_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བརྙེས། །བཞད་པ་རྡོ་རྗེའི༴ཤེས་རབ་བདག་ཉིད་ཡུམ་ཆེན་མོ། །རྡོ་རྗེ་བཙུན་མོའི༴། གང་སྤྲུལ་རྡོ་རྗེ་མཁའ་འགྲོ་ནི། །ཉི་ཟླ་ཐོད་ཕྲེང་༴། ལེགས་ལྡན་ཚོགས་ཀྱི་བདག་པོའི་ཡུམ། །དབང་མོ་ཆེ་ཡི༴། བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །སངས་རྒྱས་མཁའ་འགྲོའི་ངོ་བོ་ཉིད། །ལྷ་སྨན་རྒྱལ་མོའི༴། སྣང་སྲིད་ཀུན་ཤེས་དབང་ཕྱུག་མ། །རྡོ་རྗེ་ཁྲོས་མ་བདེ་ཆེན་ཡུམ། །རྡོ་རྗེ་མཁའ་འགྲོའི་ངོ་བོ་ཉིད། །མཐིང་གི་ཞལ་བཟང་༴། དགོས་འདོད་ནོར་གྱི་དབང་ཕྱུག་མ། །རྡོ་རྗེ་བཞད་མ་འདོད་སྦྱིན་ཡུམ། །རིན་ཆེན་མཁའ་འགྲོའི་ངོ་བོ་ཉིད། །མི་གཡོ་བློ་བཟང༴། ཁམས་གསུམ་དབང་སྡུད་དབང་ཕྱུག་མ། །རྡོ་རྗེ་དཔལ་མོ་ལོངས་སྤྱོད་ཡུམ། །པདྨ་མཁའ་འགྲོའི་ངོ་བོ་ཉིད། །ཅོད་པན་མགྲིན་བཟང༴། དྲག་པོའི་ལས་ཀྱི་དབང་ཕྱུག་མ། །རྡོ་རྗེ་གར་མཁན་ཕྲིན་ལས་ཡུམ། །ལས་ཀྱི་མཁའ་འགྲོའི་ངོ་བོ་ཉིད། །གཏད་དཀར་འགྲོ་བཟང༴ཡབ་གཅིག་ལྷོ་ལྷ་དེ་ཝ་དང་། །ཡུམ་མཆོག་འབྲོག་ཡུལ་སྨན་མོ་དང་། །ཇོ་བོ་སྒ་རུ་ལ་སོགས་པ། །མིང་པོ་བདུན་གྱི༴། བདུད་མོ་བཞི་དང་གནོད་སྦྱིན་བཞི། །སྨན་མོ་བཞི་དང་གངས་ཅན་ལྗོངས། །སྐྱོང་ཞིང་རྒྱལ་བསྟན་སྤེལ་མཛད་


SPN002_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །བརྟན་མ་བཅུ་གཉིས༴། གཞན་ཡང་འཁོར་དུ་གཏོགས་པ་ཡི། །མ་མོ་སྨན་མོ་འབུམ་སྡེ་དང་། །ལྷ་སྲིན་དྲེགས་པ་ཡང་འཁོར་བཅས། །མ་ལུས་འཁོར་བཅས༴། རྟག་ཏུ་བརྟེན་ཞིང་བསྒྲུབ་པའི་ཕྱིར། །གངས་རིའི་གཟུགས་དང་དར་དཀར་གུར། །མདའ་དར་རིན་ཆེན་པར་བུ་སོགས། །རྟེན་པའི་རྫས་ཀྱིས༴། མཆོད་ཅིང་དགྱེས་པ་བསྐྱེད་པའི་ཕྱིར། །དམ་རྫས་གཏོར་མ་འབྲང་རྒྱས་སྨན། །གསེར་སྐྱེམས་ཉེར་སྤྱོད་འདོད་ཡོན་སོགས། །མཆོད་པའི་རྫས་ཀྱིས༴། དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །ལྷ་སྔགས་ཏིང་འཛིན་འཕྲོ་འདུ་དང་། །འཕོ་མེད་དགའ་བཞིའི་རོལ་པ་དང་། །མི་ཤིགས་ཕྱག་རྒྱས༴། ཕྲིན་ལས་མྱུར་དུ་བསྒྲུབ་པའི་ཕྱིར། །དུས་སུ་མཆོད་བསྟོད་བསྐུལ་བ་དང་། །བཟླས་པ་སྔགས་ཀྱི་འཁྲུལ་འཁོར་སོགས། །ལས་བཞིའི་ལས་ཀྱིས༴། མི་འབྲལ་འགྲོགས་ཤིང་བཀྲ་ཤིས་ཕྱིར། །དམ་ཚིག་སྲོག་བཞིན་བསྲུང་བ་དང་། །ཕྱག་རྒྱ་ཆེ་དབྱིངས་བདེ་ཆེན་དང་། །དབྱེར་མེད་རྟོགས་པས་ཐུགས་དམ་བསྐང་། །བདག་ཅག་མ་རིག་དབང་གྱུར་པས། །ལྟ་སྒོམ་སྤྱོད་པ་དམན་པ་དང་། །བག་མེད་བརྩོན་པ་གཡེལ་བ་དང་། །མཆོད་གཏོར་དུས་ལས་འགྱང་བ་དང་། །དངོས་དམན་གཙང་སྦྲ་ཆུང་བ་སོགས། །རྩ་བ་ཡན་ལག་དམ་ཚིག་ལ། །ནོངས་པར་གྱུར་པ་


SPN002_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལགས་པ། །སྙིང་ནས་བཤགས་སོ་དག་ཚངས་སྩོལ། །ཆོས་ཀུན་གདོད་ནས་དག་པ་ལ། །འཁྲུལ་མཚན་མཐའ་དག་མི་དམིགས་ཕྱིར། །བསྐང་དང་བཤགས་བྱ་མ་མཆིས་ཀྱང་། །རྟེན་འབྲེལ་སྒྱུ་མ་ལྟ་བུ་ཡིས། །བསྐངས་ཤིང་བཤགས་པའི་རོལ་པ་འདིས། །རྩ་བ་གསུམ་དང་ཁྱད་པར་དུ། །ལྷ་སྨན་ལྷ་ཚོགས་དགྱེས་གྱུར་ནས། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །ཁྱད་པར་བདག་ཅག་འཁོར་བཅས་ལ། །དུས་དང་དུས་མིན་འཆི་བ་ལས། །རྣམ་རྒྱལ་བདུད་རྩིའི་བཅུད་ལེན་མཆོག །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །སྲིད་སྲུང་རིགས་རྒྱུད་སྤེལ་བ་དང་། །སྣང་གསལ་པྲ་ཡི་དངོས་གྲུབ་དང་། །རྨ་གཡང་ཟས་ཀྱིས་དངོས་གྲུབ་དང་། །བང་མཛོད་འབྲུ་ཡི་དངོས་གྲུབ་དང་། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་དང་། །གཞན་ཡང་ཕྱི་ནང་གསང་བ་ཡི། །དངོས་གྲུབ་རྒྱ་མཚོའི་སྤྲིན་ཕུང་གིས། །བདག་ཡིད་འདོད་པ་འཇོ་བར་མཛོད། །ནད་གདོན་བར་ཆད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་མངའ་ཐང་རྒྱས། །ཁམས་གསུམ་སྲིད་བཅུད་དབང་དུ་བསྡུས། །སྡང་དགྲ་གདོན་བགེགས་ཚར་ཆོད་ཅིག །སྒྲུབ་བརྒྱུད་མཆོག་གི་རིང་ལུགས་འདི། །ནུབ་མེད་ཕྱོགས་བཅུར་རྒྱས་པའི་གཟིས། །དྲེགས་ལྡན་མཐའ་དག་ཟིལ་གནོན་པའི། །རྣམ་རྒྱལ་རྒྱལ་མཚན་སྒྲེང་བར་མཛོད། །


SPN002_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་བརྒྱུད་བསམ་སྦྱོར་མི་བསྲུན་པའི། །བསྟན་དགྲ་དམ་སྲིའི་དཔུང་བཅས་རྣམས། །ཁ་ཕུང་རྗེས་མེད་རྡུལ་དུ་རློག །རྦོད་གཏོང་རང་གཤེད་རང་ལ་ཕོབ། །ངེས་དོན་བསྟན་པའི་སྙིང་པོ་འདི། །གང་དུ་གནས་པའི་རྒྱལ་ཁམས་སུ། །ནད་འཁྲུགས་མུ་གེའི་མིང་མེད་ཅིང་། །བདེ་སྐྱིད་ལོ་ལེགས་བཀྲ་ཤིས་མཛོད། །མདོར་ན་བསྟན་འགྲོར་སྨ-ན་བགྱིད་པའི། །བདག་ཅག་རྣམས་ཀྱིས་རང་གཞན་དོན། །མཐའ་དག་གེགས་མེད་མྱུར་འགྲུབ་པའི། །བཀྲ་ཤིས་མཆོག་གི་བདེ་ལེགས་སྩོལ། །ཞེས་བརྗོད། ལྷ་རྫས་ཡིད་དུ་འོང་བ་ཡིས། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་གྲུབ་རྣམ་གཉིས་སྩོལ་བྱའི་ཕྱིར། །དབང་ཕྱུག་བཞད་པ་རྡོ་རྗེ་དང་། །ལྷ་སྨན་འཁོར་དང་བཅས་ལ་འབུལ། །དགྱེས་པར་བཞེས་ནས་བདག་ལ་དགོངས། །ༀ་ཤྲི་མཱན་སོགས་ནས། ཤབྡའི་བར་བརྗོད། ཅེས་དང་། རྩ་བརྒྱུད་བླ་མ་བཞད་པ་རྡོ་རྗེ་དང་། །རྣལ་འབྱོར་མ་དཔལ་ཡི་དམ་མཁའ་འགྲོ་མ། །ཚེ་རིང་མཆེད་ལྔ་ཌཱ་ཀི་ཆོས་སྐྱོང་རྣམས། །ཐམས་ཅད་མ་ལུས་བདག་ལ་དགོངས་སུ་


SPN002_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །བདག་སོགས་མ་རིག་དབང་གྱུར་ནོངས་པའི་ཚོགས། །ཆད་ལྷག་ནོར་འཁྲུལ་གཏོར་མཆོད་དམན་པ་དང་། །དམ་ཚིག་མི་ལྡན་གསང་བ་སྨྲས་པ་སོགས། །མཐོལ་ལོ་བཤགས་སོ་བཟོད་པར་བཞེས་སུ་གསོལ། །བླ་མ་དམ་པས་བྱིན་གྱིས་རློབ་པ་དང་། །ཡི་དམ་ལྷ་ཡི་དངོས་གྲུབ་སྩོལ་མཛད་ཅིང་། །ཆོས་སྐྱོང་སྲུང་མས་བར་ཆད་སེལ་བ་དང་། །བསྟན་པ་དར་ཞིང་བཀྲ་ཤིས་ཆོས་འཕེལ་ཤོག །སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་སྐྱོང་རྣལ་འབྱོར་ཚེ་དཔལ་སྤེལ། །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །རྒས་མེད་ལང་ཚོ་ལྡན་པའི་ལུས་སྟོབས་ལྡན། །མིག་ལ་ཡ་མཚན་ལྟད་མོའི་དགའ་བ་དང་། །རྣ་བར་རྟག་ཏུ་སྙན་པའི་གཏམ་ཐོས་ཤིང་། །དྲི་ཞིམ་ངད་པ་སྣ་དང་མི་འབྲལ་བར། །ཟས་སྐོམ་འབྱོར་པས་རོ་འཛིན་ཚིམ་བྱེད་ཅིང་། །ལུས་ལ་རེག་བྱ་བདེ་བ་ཁོ་ནས་འཚོ། །ཡིད་ལ་རྣམ་པར་བཀྲ་བའི་ཤེས་རབ་དང་། །ཟག་མེད་བདེ་བས་ནམ་ཡང་ངོམ་པར་མཛོད། །ཁྱོད་གསོལ་ཁྱོད་བསྟེན་ཁྱོད་མཆོད་ཁྱོད་རྦད་ན། །མཐུ་རྩལ་མ་ཆུང་བརྩེ་གདུང་ཆེ་བར་མཛོད། །གཞི་ལ་བཀྲ་ཤིས་ཕུན་ཚོགས་ལོངས་སྤྱོད་ལྡན། །བྱེས་སུ་ལམ་འཕྲང་ཆུ་ལ་


SPN002_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་འདོན་མཛོད། །འཇིགས་སར་དགྲ་ཇག་ཆོམ་རྐུན་འཚེ་བ་སྐྱོབ། །མདོར་ན་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་དང་། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེར་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་ཤོག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་བཞེས། །རང་གནས་གཤེགས་སམ་རྟེན་ལ་ཅི་བདེར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་། ཉེར་ལྔ་པ་ཡི་དམ་གྱི་རྗེས་ཆོག་གི་རིམ་པ་ལ་མཆོད་པ་ཁ་གསོས་ལ། ༀ་ཨཱཿབིགྷཱན་གྱིས་བསངས། སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལར། །ཡངས་ཤིང་རྒྱ་ཆེ་རྣམས་ཀྱི་ནང་དུ་ཧཱུྃ། །དཔག་མེད་འོད་ཞུའི་ལྷ་རྫས་ལས་གྲུབ་པའི། །རྡོ་རྗེའི་མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་མཆོག་ཞལ་ཟས་སྒྲ་སྙན་སོགས། །དྭངས་ཤིང་ཐོགས་མེད་མཁའ་དབྱིངས་གང་བར་གྱུར། །ༀ་ཤྲཱི་བཛྲ་ཝཱ་ར་ཧཱི་བཛྲ་ཨརྒྷཾ་པྲ་ཏིཙྪ་


SPN002_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། །པུཥྤེ། ནས། ཤབྡའི་བར་དང་། པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། བཛྲ་མ་ཏཾ་གི་ཨཱཿཧཱུྃ། ཞེས་པས་མཆོད་ཅིང་། བསྟོད་པ་ནི། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཁམས་གསུམ་པོ་ཡི་ངོ་བོ་ཉིད། །བསྐལ་པའི་མེ་ལྟར་འབར་པའི་འོད། །རྡོ་རྗེ་རྣལ་འབྱོར་མ་ལ་འདུད། །བདེ་བའི་རང་བཞིན་མ་སྐྱེས་པ། །ཅི་བཞིན་ཉིད་དུ་རྟོགས་གྱུར་པས། །གཞན་དོན་མཐར་ཕྱིན་མཛད་པ་ཡི། །རྣལ་འབྱོར་མ་ལ་ཕྱག་འཚལ་འདུད། །བདེ་གཤེགས་སྐུ་ལ་གཉིས་མེད་དང་། །ཟག་མེད་བདེ་བས་སྐུ་ཉམས་བརྟས། །སེམས་ཅན་རྣམས་ལ་བདེ་སྟེར་མ། །ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དེ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་བ། །དེ་ཀུན་མགོན་ལ་བཟོད་པར་གསོལ། །གང་ཡང་བདག་བློ་རྨོངས་གྱུར་པས། །ལེགས་སྤྱད་འདི་ལ་ཉེར་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །དེ་ཀུན་མགོན་ཁྱོད་བཟོད་པར་གསོལ། །རྫོགས་སངས་རྒྱས་དང་ལྷ་རྣམས་དང་། །དེ་སྲས་རྣམས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་རྣམས་ཆོ་ག་འདིའི། །མ་ཚངས་མ་དག་བཟོད་པར་གསོལ། །ཞེས་ནོངས་པ་བཤགས་ཤིང་ཡིག་བརྒྱ་བརྗོད། ཐལ་མོ་སྦྱར་བས་འདོད་པའི་དོན་ལ་གསོལ་བ་བཏབ་ཅིང་། ལྷ་


SPN002_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུང་ཚིག་ཀྱང་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་ཡིས་ལྷ་མོ་མཆོག་གིས་ནི། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིང་། །རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཀྱེ་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཤུ་ཀྲ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །སེམས་ཅན་ཐམས་ཅད་སྡིག་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །གང་གི་ལམ་ནས་འགྲོ་བ་ཡི། །སངས་རྒྱས་ཉིད་དང་འཕྲད་པར་ཤོག །མ་བརྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་བདག་གིས་གྲོལ། །ད་ལྟ་ཉིད་དུ་རྗེས་བརྩེ་བས། །རྣལ་འབྱོར་བསྟན་བཅོས་གནས་ལ་དགོད། །ཅེས་དང་། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་རྒྱུན་པར་དང་། གྲོལ་དུས། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཞིང་དུ་གཤེགས་སུ་གསོལ། །སངས་རྒྱས་ཞིང་དུ་གཤེགས་ནས་ཀྱང་། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །སླར་ཡང་


SPN002_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོན་པར་མཛད་དུ་གསོལ། །བཛྲ་མུ༴། ཞེས་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས་ནས་དམ་ཚིག་པ་རྣམས་རང་གི་སྙིང་ཀའི་གནས་སུ་ༀ་ཨཱཿཧཱུྃ་གིས་བསྡུ། ཕྱི་རོལ་སྣོད་བཅུད་རྟེན་གཞལ་ཡས་ཁང་འཁོར་དང་བཅས་པ་བདག་ཉིད་ལ་འདུས། བདག་ཉིད་ཀྱང་སྤྱི་བོ་དང་ཞབས་མཐིལ་ནས་འདུས་ཏེ། གསང་གནས་ཀྱི་སྔགས་འཁོར་དང་ཧྲཱིཿལ་ཐིམ། དེ་ཡང་ཐིག་ལེ་དང་ནཱ་ད་ལས་འདས་ནས་དོན་དམ་སྟོང་པ་ཉིད་དོ། །ཞེས་ཅི་གནས་སུ་བཞག །སླར་ཡང་དེ་ཉིད་ཀྱི་ངང་ལས་སྟོང་བཞིན་དུ་ཉེ་བར་སྣང་བ་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་ཁྱད་པར་བྱས་པའི་ཟུང་འཇུག་གཟུགས་ཀྱི་སྐུ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་བསྣམས་པ་སྐུ་མདོག་དམར་མོ་ཕྱག་རྒྱ་ལྔས་བརྒྱན་པ་གསལ་བར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །ཡི་དམ་ལྷ་ཚོགས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བཀྲ་ཤིས་ནི། ཆོས་དབྱིངས་མཁའ་ལ་རྒྱལ་དང་རྒྱལ་སྲས་ཀྱི། །རྒྱུ་སྐར་སྣ་ཚོགས་དབུས་ན་རི་བོང་ཅན། །འཆི་མེད་ཚེ་ཡི་ཆ་ཤས་ཡོངས་གང་བའི། །མགོན་པོ་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག །གྲུབ་པའི་བཅུད་ལེན་མཆོག་གི་རོ་མྱོང་བས། །འཕོ་མེད་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ཅིང་། །གྲུབ་པ་བརྒྱད་ཀྱི་ནོར་གྱིས་ཡོངས་སུ་འབྱོར། །རྗེ་བཙུན་


SPN002_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་པ་རྡོ་རྗེའི་བཀྲ་ཤིས་ཤོག །སྟོང་དང་སྙིང་རྗེ་ཟུང་འཇུག་རོལ་རྩལ་ལས། །འཕགས་བཞི་སྐྱེད་ཡུམ་མཁའ་འདྲའི་ཆོས་ཀྱི་སྐུ། །པྲ་ཕབ་ལྟ་བུར་གཟུགས་ཀྱི་སྐུར་བཞེངས་པ། །རྡོ་རྗེ་རྣལ་འབྱོར་མ་ཡི་བཀྲ་ཤིས་ཤོག །དག་པ་གཉིས་ལྡན་ཟུང་འཇུག་བདེ་བ་ཆེ། །མངོན་དུ་བྱས་ཏེ་སྒྲུབ་བརྒྱུད་རིང་ལུགས་མཆོག །ཕྱོགས་བཅུར་སྤེལ་ཕྱིར་འཇིག་རྟེན་ཌཱ་ཀིའི་ཚུལ། །ཚེ་འཛིན་ལྷ་མོ་ལྔ་ཡི་བཀྲ་ཤིས་ཤོག །གནས་འདིར་ཉིན་མོར་བདེ་ལེགས་མཚན་བདེ་ལེགས། །སོགས་བརྗོད་ཅིང་མེ་ཏོག་འཐོར། བུམ་ཆུ་བཏུང་ཞིང་སིནྡྷུ་ར་གནས་གསུམ་དུ་བྱུག །ལྷག་མ་ཚགས་བྱ་ཞིང་གཡང་རྫས་རྣམས་ཕྱི་ལ་མི་འཁྱར་བ་བྱ། གཞན་དོན་ཡིན་ན་གཡང་གཏད་དུས་སྦྱིན་བདག་ཕོ་མོ་བོས་ནས་གཡང་རྫས་གཏད་པའི་གོང་དུ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར་བ་དང་། ཁྱད་པར་བླ་མེད་དམ་ཚིག་ཅན་ལ་ཌཱ་ཀི་ལྔ་ཡི་བཀའ་གཏད་ཆགས་མེད་རིན་པོ་ཆེའི་དབང་ཆོག་ལྟར་བསྐུར་ཀྱང་ལེགས་ཤིང་སྤྱི་ལ་ནི་དེ་དག་ཁྲོམ་ཆོས་སུ་མི་རུང་བ་ཡང་གནད་ཀྱི་ཞལ་གདམས་དང་། དུས་མཆོད་ལྟར་གཙོ་མོ་ལྔའི་གཏོར་མ་དང་། འབུལ་གཏོར་ཙམ་ལ་བརྟེན་ནས་བསྡུས་ཏེ་འདོན་པར་སྤྲོ་ན་བདག་བསྐྱེད་བླ་མ་ཡི་དམ་གྱི་བསྐྱེད་བཟླས་ཚར་ནས་ཚེ་རིང་མའི་མངོན་རྟོགས་ནས་བཟུང་མཐར་ཆགས་སུ་འདོན་ཅིང་། གཡང་འགུགས་རྣམས་བཞག །རྗེས་ཆོག་ཀྱང་དེ་མཚུངས་བསལ་འདོན་ཞེས་པར་བྱས་ཀྱང་ཆོག་གོ། །འདི་ཡི་དམ་ཚིག་ཏུ་བླ་མ་མི་ལའི་བཀའ་བརྒྱུད་ཡི་དམ་ལྷན་ཅིག་སྐྱེས་མ། བཀའ་སྲུང་ལྷ་སྨན་རྒྱལ་མོ་རྣམས་སྲོག་


SPN002_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐུག་རུང་མི་འདོར་བའི་ཅི་མཛད་ཁྱེད་ཤེས་ཀྱིས་བློ་བཀལ་བ་དང་། ཕྱག་རྒྱ་ཆེན་པོའི་དྲན་པ་རྒྱུན་ཆགས་ཤིན་ཏུ་གལ་ཆེ་ཞིང་། དེ་ལྟར་དམ་ཚིག་དང་ལྡན་པར་བསྒྲུབ་ན། བླ་མའི་རྣལ་འབྱོར། ཡི་དམ་སྒོམ་བཟླས། ཚེ་སྒྲུབ། ནོར་སྒྲུབ་སོགས་དགོས་པ་ཐམས་ཅད་ཚང་བས་བརྒྱུད་པ་འདི་ཡི་རྗེས་འཇུག་རྣམས་ཀྱིས་གཅེས་སྤྲས་སུ་བྱ་བར་རིགས་སོ། །ཅེས་པའང་། སི་ཏུ་པདྨ་ཉིན་བྱེད་དབང་པོས། དབོན་བསམ་གཏན་སྤྲུལ་པའི་སྐུ་ཀརྨ་ཐེག་མཆོག་ངེས་དོན་བསྟན་འཕེལ་གྱི་ཐུགས་བཞེད་ལྟར། རྗེ་ཀརྨ་ཆགས་མེད་རིན་པོ་ཆེའི་ལུང་གཞིར་བྱས་ནས་གསལ་བར་བཀོད་པ་བཀྲ་ཤིས་མི་ནུབ་བསྟན་པ་དར་རྒྱས་འགྲོ་ལ་བདེ་སྐྱིད་ཕན་བདེའི་དཔལ་དུ་ཤོག །སརྦ་མངྒ་ལམ། །

སྟོན་པ་མཆོག་དང་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་བཅས་མཆོད་ཅིང་གསོལ་བ་དང་སྨོན་ལམ་གདབ་པའི་ཆོ་ག་བྱང་ཆུབ་ཆེན་པོའི་སྤྱོད་པ་རབ་ཏུ་རྒྱས་པ།


SPN002_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་མཆོག་དང་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་བཅས་མཆོད་ཅིང་གསོལ་བ་དང་སྨོན་ལམ་གདབ་པའི་ཆོ་ག་བྱང་ཆུབ་ཆེན་པོའི་སྤྱོད་པ་རབ་ཏུ་རྒྱས་པ་ཞེས་བྱ་བ་བཞུགས་སོ། །


SPN002_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་ཟས་གཙང་སྲས་སོགས་སངས་རྒྱས་དང་། །རྒྱལ་སྲས་ཐུ་བོ་ཉན་ཐོས་ཚུལ་བཟུང་ནས། །དམ་ཆོས་སྐྱོང་བ་གནས་བརྟན་བཅུ་དྲུག་སོགས། །རྒྱལ་བ་སྲས་དང་བཅས་ལ་ཕྱག་བགྱིའོ། །བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་དང་འཕགས་པའི་གནས་བརྟན་འཁོར་བཅས་མཆོད་ཅིང་གསོལ་བ་གདབ་པ་ལ། སྔོན་གྱི་ཕྱག་བཞེས་རྣམས་སུ། རང་གཞན་གྱི་སྡིག་པ་སྦྱོང་བ། འཇིག་རྟེན་དུ་ཆོས་ཀྱི་བཤད་ཉན་དང་བསྟན་པ་དར་བ། རང་རྒྱུད་ལ་བསླབ་པ་གསུམ་སྐྱེ་བ་སྟེ་གསོལ་བ་འདེབས་པའི་ཐབས་གསུམ་དང་། སྐུ་གཟུགས་ཇི་ལྟར་བྱ་བ། མཎྜལ་དང་། གཏོར་མ་དང་། མཆོད་པ་ལ་བརྟེན་ཏེ་ཆོ་ག་བྱ་བའི་ཁྱད་པར་གསུམ། བསོད་ནམས་འཕེལ་བའི་ཕྱིར་གནས་བརྟན་རྣམས་སྤྱན་དྲངས་པའི་ཐབས་སོགས་ཡོད་ཅིང་སོ་སོར་ཕན་ཡོན་དགོས་ཁྱད་དུ་མ་དང་ལྡན་པ་ལས། འདིར་ལུང་རྟོགས་ཀྱི་བསྟན་པ་དང་དགེ་འདུན་འཕེལ་པའི་དགོས་དོན་གཙོ་བོ་བྱས། རང་གཞན་ལ་འདི་དང་གཏན་གྱི་ཕན་བདེ་འབྱུང་


SPN002_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བར་གསོལ་བ་གདབ་པའི་ཕྱིར། དུས་བཟང་མཆོད་པ་ལྟ་བུར་བྱ་སླ་བའི་དབང་དུ་བྱས་ཏེ། གཙུག་ལག་ཁང་ལ་སོགས་པའི་གནས་བྱི་དོར་བྱས་པའི་གུད་དུ་དཀོན་མཆོག་སྤྱིའི་རྟེན་དང་། ཁྱད་པར་ཤཱཀྱ་སེང་གེ་དང་གནས་བརྟན་འཁོར་བཅས་ཀྱི་སྐུ་གཟུགས་བཀྲམ་པའི་མདུན། སྟེགས་གཙང་མར་དྲི་བཟང་གིས་བྱུགས་པའི་མཎྜལ་རྒྱས་པར་ན། གཙོ་བོ་གནས་བརྟན་བཅུ་དྲུག་དྷརྨ་ཏཱ་བཅས་ལ་བཅོ་བརྒྱད་དང་། དེ་རེ་རེར་ཡང་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བར་ཚོམ་བུ་རེ་རེ་འགོད་པར་གསུངས་ཀྱང་། མ་འབྱོར་ན། མཎྜལ་ལ་རྡུལ་ཚོན་སོགས་ཀྱིས་པདྨ་འདབ་མ་བཅུ་དྲུག་པ་བྲིས་པའི་དབུས་སུ་འབྲས་སམ་ནས་ཀྱི་ཚོམ་བུ་གཅིག་དང་། འདབ་མ་རེ་ལ་ཚོམ་བུ་རེ་བཀོད་པའི་མཐའ་བསྐོར་དུ་གཙང་ཞིང་བཟང་བའི་མཆོད་པ་ཅི་འབྱོར་དང་། དུང་ཆོས་སམ་དངུལ་གྱི་བྱ་མ་བུམ་ལྟ་བུར་རྫས་བདུན་ལྡན་པའི་མཆོད་ཡོན་དང་སྦྲེང་བའི་བཟེད་ཞལ། ཆུ་གཙང་གི་ཞབས་བསིལ་ལ་དཱུརྦའི་ཆུན་པོ་མེ་ཏོག་གིས་བཅིངས་པ་བཅས། རྐང་རྟེན་ཆོལ་ཟངས་ཀྱི་རྣམ་པ། རིན་པོ་ཆེའི་ཁྲུས་བུམ། དཱུརྦའི་པིར། ཉེ་ཤིང་སྲན་


SPN002_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་སུག་པ་སོགས་སྦྱར་བའི་འདག་ཆལ། ཁྲུས་རས་ཀཱ་ཤི་ཀ། གོས་ཟུང་ངུར་སྨྲིག །ཉེར་སྤྱོད་ལྔ། ཁྱད་པར་དུ་སྔ་དྲོའི་ཆར་དུས་སུ་རུང་བ། ཙཱ་རུའི་བཟའ་བ་ལྷ་བཤོས་རྒྱན་དང་ལྡན་པ་སོགས་ཟན། འབྲས་ཆན། ལྡེ་གུ། དཀར་གསུམ། ཁུར་བ་སྟེ་བཟའ་བ་ལྔ་དང་། རྩ་བ། སྡོང་བུ། ལོ་མ། མེ་ཏོག །འབྲས་བུ་སྟེ་བཅའ་བ་ལྔ། ཕྱི་དྲོའི་ཆར་རྒུན་འབྲུམ་ལ་སོགས་པའི་ཁུ་བ། ཆུར་ཁུ། ཞོ་ཁ་ཆུ། བཟང་ཇ་ཙབ་མོ་སོགས་ཐུན་ཚོད་དུ་རུང་བའི་བཏུང་བ་བརྒྱད་རུང་ཆུ་གཙང་མ་བཏབ་པ། བུ་རམ། ཀ་ར། སྦྲང་རྩི། མངར་གསུམ་གྱི་ཏིང་ཁྲོལ། འབྲུ་མར་སོགས་ཞག་བདུན་པའི་སྨན། བཟང་པོ་དྲུག་སོགས་འཚོ་བཅང་གི་སྨན་རྣམས་དང་། དུས་ངེས་མེད་དུ་འབུལ་རུང་བ། བླ་བྲེ་འཕན་གདུགས་རྒྱལ་མཚན། ཆོས་གོས་རྣམ་གསུམ་སོགས་འཚོ་བའི་ཡོ་བྱད། ལྷུང་བཟེད། འཁར་གསིལ། སྤྱི་བླུགས། གྲི་གུ། ཁབ། རིག་པའི་གནས་ལྔའི་གླེགས་བམ་དང་། དེ་ལ་ཉེ་བར་མཁོ་བ་ཚོན་པིར། སྨན་སྣ། ས་གཞོང་། རྡུལ་བྱང་། སྣག་སྨྱུག་ཤོག་བུ་སོགས་མཁོ་བའི་ཡོ་བྱད། འདོད་ཡོན་ལྔ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་རྫས། རིན་ཆེན་སྨན་འབྲུ་དྲི་དང་སྙིང་པོ་སྟེ་ལྔ་ཕྲག་ལྔ་བཅས། ཉེར་སྤྱོད་ནས་འདི་ཡན་འབྱོར་བ་རབ་ཀྱིས་ཚར་བཅོ་བརྒྱད་རེ་འམ། ནུས་པ་མ་བསྲིས་པར་བཤམ། དེ་དག་གི་མདུན་དུ་དཀོན་མཆོག་སྤྱི་ལ་ཅོག་ཟླུམ་རྒྱན་ལྡན་གཅིག །


SPN002_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཆེན་བཞི་ལ་དཀར་གཏོར་བཞི་འམ་གཅིག །སྟེགས་ཅུང་དམའ་བར་རིགས་དྲུག་ལ་ཆངས་བུ་གཏོར་མ། གཞི་བདག་དཀར་གཏོར། ཆ་གསུམ་རྣམས་དཀར་མངར་སོགས་རང་རང་ལ་འོས་པའི་བཟའ་བཅའ་སྣ་ཚོགས་བཅས་ཏེ་བཤམས། མཎྜལ་འབུལ་བའི་ཆས་དང་། འཐོར་ནས་མེ་ཏོག །རོལ་མོའི་རིགས་འོས་པ་རྣམས་ཀྱང་འདུ་བྱ། བཤམས་བཀོད་དེ་ཙམ་མ་འབྱོར་ཚེ་སྒྲུབ་པའི་རྟེན་མཎྜལ་ཚོམ་བུ་བཅུ་བདུན་མ་དང་། ཆུ་གཉིས་ཉེར་སྤྱོད། ཁྲུས་དང་མཎྜལ་ཆས། འབུལ་གཏོར་རྣམས་ངེས་པར་དགོས་ཤིང་། གཞན་གང་འཛོམས་ཀྱིས་ཀྱང་རུང་། སྒྲུབ་པ་པོ་དགེ་སློང་དགེ་ཚུལ་དགེ་བསྙེན་གང་ཡང་རུང་བ་ཡིན་ན་རབ། ཁྱིམ་པ་ལྟ་བུར་ཚངས་སྤྱོད་ཀྱི་དགེ་བསྙེན་ནམ། བསྙེན་གནས་ཀྱི་སྡོམ་པ་ཕོག །དགོས་པ་འགའ་ཞིག་གི་ཕྱིར་དུ་གསོལ་བ་འདེབས་པ་ཡིན་ན་བཀྲ་ཤིས་པའི་གསོ་སྦྱོང་སྔོན་དུ་བཏང་བས་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །ཆོ་ག་དངོས་ལ་སྦྱོར་བ་སྐྱབས་སེམས་བྱིན་རླབས། དངོས་གཞི་སྤྱན་འདྲེན་ཚོགས་བསགས། རྗེས་ཀྱི་ལས་རིམ་བཅས་ཡོད་པ་ལས་ཐོག་མར་སྦྱོར་བ་སྐྱབས་སུ་འགྲོ་བ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །


SPN002_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་ནམ་ཉེར་གཅིག་སོགས་སྐབས་དང་བསྟུན་པར་བྱ་ཞིང་། སྤྲོ་ན། རྒྱུ་སྦྱོར་པ་སྦྱིན་པའི་བདག་པོས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་སུ་སོང་ནས་གཉིས་པ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །


SPN002_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་གྱིས་སེམས་བསྐྱེད་པ་གསལ་གདབ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ཅེས་ལན་གསུམ་གྱིས་ཚད་མེད་བཞི་བསྒོམ། གསུམ་པ་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། བྱིན་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཡོན་ཏན་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་དག་པའི་སྦྱོར་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་མཐུ་དང་། བདག་ཅག་རྣམས་ཀྱི་མོས་པའི་མཐུ་ལས་གནས་འདིར་ས་གཞི་རིན་པོ་ཆེ་སྣ་བདུན་པའི་རང་བཞིན་ལག་མཐིལ་ལྟར་མཉམ་པ་ཐ་གྲུ་ཆེ་ཞིང་ཡངས་པ། རེག་ན་འཇམ་ཞིང་བདེ་བ། ལྷའི་མེ་ཏོག་དྲི་ཞིམ་པོས་གཅལ་བཀྲམ་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུའི་མཚོ་དང་རྫིང་བུ་དང་ལྟེང་ཀ་རིན་པོ་ཆེའི་ཕྱེ་


SPN002_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲམ་བུར་གདལ་ཞིང་ནོར་བུའི་ཕ་གུས་མཐའ་བརྩིགས་པ། ཨུཏྤལ་དང་ཀུ་མུཏ་དང་པདྨ་དུ་མས་མཛེས་པ་དང་། ཆུ་བྱ་སྐད་སྙན་པར་སྒྲོག་པ་མང་པོས་གང་བ་རྣམས་དང་། རིན་པོ་ཆེའི་ཤིང་ལྗོན་པ་སྣ་ཚོགས་རྣམ་པར་རྒྱས་པ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྒྱན་དང་། བཀོད་པ་དང་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་གྱུར་ཅིག །དེའི་དབུས་སུ་གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཐའ་ཡས་པ་རྣམ་པར་གནས་པ། རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ། འཇིག་རྟེན་ལས་ཡང་དག་པར་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་


SPN002_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པས་ཉེ་བར་གནས་པ། ཉོན་མོངས་པའི་གནོད་པའི་དྲི་མ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པའི་དེ་བཞིན་གཤེགས་པའི་བཀོད་པའི་གནས། དྲན་པ་བློ་གྲོས་དང་རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་གི་བཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེ་པདྨའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོར་གྱུར། དེའི་དབུས་སུ་ལྷ་དང་ཀླུ་དང་མི་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པའི་ཁྲིའི་སྟེང་དུ་ལྷ་མིའི་གོས་རིན་ཐང་མེད་པ་བཏིང་བའི་སྟེང་དུ། གཙང་ཞིང་དྲི་མ་མེད་པའི་པདྨའི་གདན་སྣ་ཚོགས་པ་བཤམས་པ་སོ་སོར་གསལ་བར་གྱུར། ཁྲི་དེ་དག་གི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་དང་ལྷ་དང་མིའི་གོས་སྣ་ཚོགས་ལས་གྲུབ་པའི་གདུགས་དང་


SPN002_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བླ་རེས་དང་འཕན་དང་ལྡ་ལྡི་དང་ལྷའི་མེ་ཏོག་མན་དཱ་ར་བ་ལ་སོགས་པ་རྣམས་ཀྱི་ཆར་དང་། བླ་རེས་དང་གདུགས་དང་འཕན་དང་། ལྡ་ལྡི་ལ་སོགས་པ་མཛེས་པར་བྲེས་ཤིང་། ལོགས་རྣམས་ཀྱང་རིན་པོ་ཆེ་དང་། དར་དང་མེ་ཏོག་ལ་སོགས་པའི་དྲ་བ་དང་དྲ་ཕྱེད་དང་འཕན་དང་ལྡ་ལྡི་ལ་སོགས་པས་མཛེས་པ་དང་། ས་གཞིར་ལྷ་དང་མིའི་མེ་ཏོག་སིལ་མ་བཀྲམ་ཞིང་། མཆོད་ཡོན་མེ་ཏོག་གདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་ཕུང་པོ་གསུམ་པའི་མདོ་དང་བཟང་པོ་སྤྱོད་པའི་སྨོན་ལམ་ལས་འབྱུང་བ་ལྟ་བུའི་མཆོད་པའི་སྤྲིན་གྱི་རྒྱ་མཚོ་ཕུལ་དུ་བྱུང་ཞིང་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པར་རྒྱས་པར་གང་ཞིང་ཟད་མི་ཤེས་པ་དང་ལྡན་པར་གྱུར། དེ་དག་ཐུན་མོང་དུ་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། བྱིན་རླབས་དང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཡོན་ཏན་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་དག་པའི་སྦྱོར་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་མཐུ་དང་། བདག་ཅག་རྣམས་ཀྱི་མོས་པའི་མཐུ་ལས་དེ་དེ་བཞིན་ཏུ་གྱུར་ཅིག །


SPN002_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་མམ་བསྡུ་ན་ཚར་གཅིག་བཟླས། གཉིས་པ་དངོས་གཞི་ལས་སྤྱན་འདྲེན་པ་ནི་དགེ་འདུན་རྣམས་འགྲེང་པའམ་པུས་བཙུག་ཐལ་མོ་སྦྱར་ལ་སྤོས་ཐོགས། མེ་ཏོག་བཀྲམ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་དབང་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་དགེ་བསྙེན་དྷརྨ་ཏཱ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོ་ཆེན་པོ་བཞི་འཁོར་བཅས་སོགས་དམ་པའི་ཆོས་སྐྱོང་བའི་ཞབས་འབྲིང་རྒྱ་མཚོས་ཡོངས་སུ་བསྐོར་བ་ཐམས་ཅད། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཉེས་ལྟུང་གི་དྲི་མ་སྦྱང་ཞིང་བསོད་ནམས་ཀྱི་ཚོགས་སྤེལ་པའི་སླད་དུ་སྤྱན་འདྲེན་ཞིང་མཆིས་ན་ཐུགས་རྗེ་ཆེན་པོས་བསྐུལ་ཏེ་དེང་དུས་ལ་བབ་ཀྱིས་དགོངས་པར་མཛད་དུ་གསོལ། །ཞེས་དང་། ཀྱེ་དོན་ཐམས་ཅད་གྲུབ་པ་འདིར་གཤེགས་སུ་གསོལ། ཀྱེ་ལྷའི་ལྷ། ཀྱེ་ཁ་ལོ་སྒྱུར་བ། ཀྱེ་དགའ་ཞིང་བདེ་བ་དང་མཆོག་ཏུ་དགའ་བར་མཛད་པ། ཀྱེ་སྨན་པ་བླ་ན་མེད་པའི་གྲགས་པ་མངའ་བ། ཀྱེ་ཀུན་ནས་སྤྱན་མངའ་བ། ཀྱེ་མི་མཉམ་པ་དང་མཉམ་ཞིང་འགྲན་


SPN002_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་མེད་པའི་ཡོན་ཏན་དང་གཟི་བརྗིད་མངའ་བ། མཚན་དང་དཔེ་བྱད་བཟང་པོས་ཡང་དག་པར་བརྒྱན་པའི་སྐུ་མངའ་བ་འདིར་གཤེགས་སུ་གསོལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་བདག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲངས་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་


SPN002_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་དག་ལྷ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཞེས་དང་། ཚུལ་ཁྲིམས་རྣམ་དག་ཤེས་རབ་ཤིན་ཏུ་དག །དད་ལྡན་སྙིང་པོ་ཉན་ཐོས་ཆེ་རྣམས་ཀྱིས། །མགོན་མེད་གྱུར་པ་བདག་ལ་རྗེས་བཟུང་པའི། །དོན་མཛད་ཐུགས་རྗེས་དགོངས་པར་མཛད་དུ་གསོལ། །ཞེས་དང་། ལག་མཐིལ་ལྟར་མཉམ་རིན་ཆེན་རྒྱན་གྱིས་སྤྲས། །ལྗོན་ཤིང་ཆུ་མཚོས་བརྒྱན་པའི་ས་གཞིའི་དབུས། །རིན་ཆེན་ལས་གྲུབ་གྲུ་བཞི་སྒོ་བཞི་པ། །པདྨ་ཉི་ཟླས་བརྒྱན་པའི་གདན་སྟེང་དུ། །ཐུགས་རྗེས་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས། །རྣམ་གྲོལ་ལམ་ལ་འགོད་མཛད་འགྲོ་བའི་མགོན། །ཐུབ་པ་མཆོག་དང་གནས་བརྟན་ཆེན་པོ་རྣམས། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམ་ཞིང་། །རྣམ་གྲོལ་བསོད་ནམས་ཞིང་དུ་བཀས་སྡོད་པའི། །ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སོ་འཚལ། །


SPN002_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་སྦྱོང་མཆོད་པའི་གནས་སུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡི། །སངས་རྒྱས་བསྟན་པ་གང་གིས་ཕྱག་ཏུ་བཞུགས། །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པའི། །དགྲ་བཅོམ་གནས་བརྟན་ཆེན་པོ་བཞུགས་སོ་འཚལ། །དམ་ཆོས་སྤེལ་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཐུབ་པས་བཀའ་བགོས་བསྟན་པའི་རྒྱལ་མཚན་འཛིན། །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོའི་བུ་བཟང་པོ་དང་། །གསེར་བེའུ་བྷ་ར་དྷྭ་ཛ་གསེར་ཆེན་མཆོག །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །ལམ་ཕྲན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །ལམ་བརྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང་། །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་ཅིང་། །ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་པའི། །གནས་བརྟན་བཅུ་དྲུག་འདིར་སྤྱོན་གདན་ལ་བཞུགས། །བདེ་གཤེགས་བཀའ་ལུང་གཙོར་མཛད་བསྟན་པ་སྲུང་། །རང་དོན་དོར་ནས་འཁོར་པའི་ནགས་


SPN002_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་དུ། །གཞན་དོན་ལྷུར་མཛད་གནས་བརྟན་བཅུ་དྲུག་པོ། །དམ་བཅས་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས། །དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་ཉན་པ། །དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཆིས་སོ་འཚལ། །བསོད་ནམས་རིན་ཆེན་གླིང་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་བཤེགས་སུ་གསོལ། །ཞེས་སྤོས་བཏུལ། མེ་ཏོག་གཏོར། རོལ་མོ་བཅས་སྤྱན་དྲངས་ལ་བཞུགས་གསོལ་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཞེས་དང་། རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སངས་རྒྱས་སྲས་དང་བཅས་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་འཁོད་པར་ཤོག །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུའཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་


SPN002_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །མཆོད་ཡོན་གྱི་ཆུ་བཟེད་ཞལ་དུ་སྦྲེངས་ལ། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ལུས་ངག་ཡིད་གསུམ་གདུང་བ་སེལ་སླད་དུ། །ཡན་ལག་བརྒྱད་ལྡན་ཆུ་གཙང་ཡིད་དུ་འོང་བ་འདི། །བཞེས་ཤིག་བཞེས་ཤིག་བདག་གི་མཆོད་ཡོན་འདི་དག་གོ། །བཏུང་བ་ཕུལ་བའི་བསོད་ནམས་ཀྱིས། །ཉོན་མོངས་བཀྲེས་སྐོམ་ཞི་བ་དང་། །སྦྱིན་སོགས་ཡོན་ཏན་ལྡན་པ་ཡི། །སྐོམ་དད་མེད་པར་སྐྱེ་བར་ཤོག །ཆུ་དཱུརྦའི་ཆུན་པོས་བླངས་ཏེ་ཆོལ་ཟངས་སུ་ཞབས་བཀྲུ་བའི་ཚུལ་བྱ་ཞིང་། ངང་པའི་མཆོག་ལྟར་སོར་མོ་དྲ་བས་འབྲེལ། །འཁོར་ལོའི་མཚན་ཅན་མཛེས་པའི་ཞབས་ཟུང་ལ། །དག་བྱེད་ཕུལ་བས་སྐྱེ་བོ་མ་ལུས་པ། རྫུ་འཕྲུལ་རྐང་པ་མཆོག་དང་ལྡན་གྱུར་ཅིག །ཁྲུས་གསོལ་ནི། ཕྱག་ལེན་མཐོང་བརྒྱུད་ལྟར་བྱས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་


SPN002_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

འདས་འཕགས་པའི་དགེ་འདུན་འཁོར་དང་བཅས་པ་ལ་བདག་གིས་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་བར་བགྱིའོ། །ཞེས་སྙན་གསན་ནས་ཁྲུས་ཁང་བསྐྱེད་པ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དྲི་དང་བཅས་པའི་འདག་ཆལ་དཱུརྦས་བྱུག་ཅིང་། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་པ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཁྲུས་གསོལ་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་


SPN002_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །སྤྲོ་ན་དེ་དག་རེ་རེ་ལའང་ཐོག་མར་འདག་ཆལ་སྐམ་ཕྱེ་དང་སྣུམ་ཐིགས་དང་བཅས་པའི་ཆུས་བསྒོས་པའི་དཱུརྦས་བྱུགས་པ་དག །མཇུག་ཏུ་སྐམ་ཕྱེ་སྣུམ་ཐིགས་དང་བཅས་པས་བསྒོས་པའི་ཁྲུས་རས་དཀར་པོས་སྐུ་ཕྱི་ཞིང་། རྒྱལ་དང་རྒྱལ་བའི་སྲས་ཀྱི་སྐུ་རྣམས་ལ། །རས་དཀར་སྨན་དང་ལྡན་པས་སྐུ་ཕྱི་བས། །མི་ཤེས་སྒྲིབ་པ་མ་ལུས་ཀུན་བསལ་ནས། །ཉེས་པའི་ཚོགས་རྣམས་མ་ལུས་དག་གྱུར་ཅིག །ཡང་སྟོང་གསུམ་ཀུན་ཏུ་སོགས་འདག་ཆལ་སྔོན་དུ་འགྲོ་བས། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །སྐུ་ཕྱི་ཞིང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་བས་སྐུ་ཕྱིའོ། །གོས་ཟུང་ངུར་སྨྲིག་འབུལ་ཞིང་། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །


SPN002_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཅེས་སྤྱན་འདྲེན་ཡན་ལག་བཅས་སོང་ནས། ཚོགས་བསགས་པ་ལ་གསུམ་ལས། ཐོག་མར་ཡན་ལག་བདུན་པའི་སྒོ་ནས་བསོད་ནམས་ཀྱི་ཚོགས་བསགས་པའི་དང་པོ་ཕྱག་འཚལ་བ་ནི། འགྲེང་སྟེེ་གནས་ལྔ་ས་ལ་བཏུད་པ་དང་བཅས། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །འཕགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལས་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པ། གཟི་བརྗིད་མཚུངས་མེད་ཡོན་ཏན་ཕུང་པོ་གཅིག་ལ་ཕྱག་འཚལ་ལོ། །དྲང་སྲོང་


SPN002_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཀུན་མཁྱེན་ཡོན་ཏན་ཀུན་གྱི་ཕ་རོལ་གཤེགས། །ཐམས་ཅད་ཟིལ་གནོན་སྲིད་པ་གསུམ་གྱི་ཆགས་པའི་ལམ་ལས་འདས། །ཤཱཀྱའི་ཁྱུ་མཆོག་དྲི་བྲལ་ཟླ་བའི་ཞལ་ལ་ཕྱག་འཚལ་ལོ། །ཡང་མདོ་ལས། གང་གིས་འཆིང་རྣམས་ཡང་དག་རབ་བཅད་ཅིང་། །མུ་སྟེགས་ཚོགས་རྣམས་ཐམས་ཅད་ངེས་བཅོམ་སྟེ། །སྡེ་དང་བཅས་པའི་བདུད་ནི་བཏུལ་ནས་སུ། །བྱང་ཆུབ་འདི་བརྙེས་དེ་ལ་ཕྱག་འཚལ་ལོ། །ཡབ་སྲས་མཇལ་བ་ལས། གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །གང་ཚེ་ཐུབ་ཆེན་ཞིང་པའི་གྲོང་བཞུད་ཚེ། །ཛམ་བུའི་གྲིབ་མས་བཞུགས་པ་མ་བཏང་ཞིང་། །ལྷ་བུ་གཞོན་ནུ་དྲུག་གིས་བཏུད་གྱུར་པ། །དེ་ཚེ་མཆོད་འོས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་དང་། རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །


SPN002_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོའི་བུ་བཟང་པོ་དང་། །གསེར་བེའུ་བྷ་ར་དྷྭ་ཛ་གསེར་ཅན་མཆོག །འཕགས་པ་གནས་བརྟན་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །ལམ་ཕྲན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །ལམ་བརྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ། །དགྲ་བཅོམ་གནས་བརྟན་རྣམས་ལ་ཕྱག་འཚལ་ལོ། །མཚུངས་མེད་ལྟ་བས་མི་ངོམས་པ། །གསེར་གྱི་མདོག་ཅན་མཛེས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས། །ས་གནོན་མཉམ་བཞག་མཛད་ཕྱག་འཚལ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཞེས་པ་ཀུན་ལ་འགྲེའོ། །


SPN002_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གངས་རི་ཆེན་པོ་ཏི་སེ་ན། །འཕགས་པ་གནས་བརྟན་ཡན་ལག་འབྱུང་། །དགྲ་བཅོམ་སྟོང་དང་སུམ་བརྒྱས་བསྐོར། །སྤོས་ཕོར་རྔ་གཡབ་འཛིན་ཕྱག་འཚལ། །བསྟན་པ་རྒྱས༴དྲང་སྲོང་རི་ཡི་ཤེལ་ནགས་ལ། །འཕགས་པ་གནས་བརྟན་མ་ཕམ་པ། །དགྲ་བཅོམ་བརྒྱ་ཕྲག་གཅིག་གིས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །བསྟན་པ༴། ལོ་མ་བདུན་པའི་རི་ཕུག་ན། །འཕགས་པ་གནས་བརྟན་ནགས་ན་གནས། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །སྡིགས་མཛུབ་རྔ་གཡབ་འཛིན་ཕྱག་འཚལ། །བསྟན་པ༴། ཛམ་བུ་གླིང་གི་ཟངས་གླིང་ན། །འཕགས་པ་གནས་བརྟན་དུས་ལྡན་ཏེ། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །གསེར་གྱི་རྣ་ཀོར་འཛིན་ཕྱག་འཚལ། །བསྟན་པ༴། སིདྒ་ལ་ཡི་གླིང་ན་ནི། གནས་བརྟན་རྡོ་རྗེ་མོ་ཡི་བུ། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །སྡིགས་མཛུབ་རྔ་གཡབ་འཛིན་ཕྱག་འཚལ། །བསྟན་པ༴། ཆུ་བོ་ཡ་མུ་ནའི་གླིང་ན། །འཕགས་པ་གནས་བརྟན་བཟང་པོ་ནི། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །ཆོས་འཆད་


SPN002_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་བཞག་མཛད་ཕྱག་འཚལ། །བསྟན་པ༴། གནས་མཆོག་དམ་པ་ཁ་ཆེ་ན། །འཕགས་པ་གནས་བརྟན་གསེར་བེའུ། །དགྲ་བཅོམ་ཆེན་པོ་ལྔ་བརྒྱས་བསྐོར། །རིན་ཆེན་ཞགས་པ་འཛིན་ཕྱག་འཚལ། །བསྟན་པ༴། ནུབ་ཀྱི་བ་ལང་སྤྱོད་ན་ནི། །བྷ་ར་དྷྭ་ཛ་གསེར་ཆེན་མཆོག །དགྲ་བཅོམ་ཆེན་པོ་བདུན་བརྒྱས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། བསྟན་པ༴། བྱང་གི་སྒྲ་མི་སྙན་ན་ནི། །འཕགས་པ་གནས་བརྟན་བ་ཀུ་ལ། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །ཕྱག་གཡོན་ནེའུ་ལེ་འཛིན་ཕྱག་འཚལ། །བསྟན་པ༴། པྲི་ཡང་ཀུ་ཡི་གླིང་ན་ནི། །འཕགས་པ་གནས་བརྟན་སྒྲ་གཅན་འཛིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །རིན་ཆེན་པྲོག་ཞུ་འཛིན་ཕྱག་འཚལ། །བསྟན་པ༴། བྱ་རྒོད་ཕུང་པོའི་རི་བོ་ལ། །འཕགས་པ་གནས་བརྟན་ལམ་ཕྲན་བརྟན། །དགྲ་བཅོམ་སྟོང་དང་དྲུག་བརྒྱས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །བསྟན་པ༴། ཤར་གྱི་ལུས་འཕགས་གླིང་ན་ནི། །བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །དགྲ་བཅོམ་


SPN002_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྲག་གཅིག་གིས་བསྐོར། །གླེགས་བམ་ལྷུང་བཟེད་འཛིན་ཕྱག་འཚལ། །བསྟན་པ༴། ལྷ་གནས་སུམ་ཅུ་རྩ་གསུམ་ན། །འཕགས་པ་གནས་བརྟན་ལམ་བརྟན་ནི། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །གླེགས་བམ་ཆོས་འཆད་མཛད་ཕྱག་འཚལ། །བསྟན་པ༴། རི་ཡི་རྒྱལ་པོ་ངོས་ཡངས་ལ། །འཕགས་པ་གནས་བརྟན་ཀླུ་ཡི་སྡེ། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །བུམ་པ་འཁར་གསིལ་འཛིན་ཕྱག་འཚལ། །བསྟན་པ༴། རི་ཡི་རྒྱལ་པོ་བྷི་ཧུ་ལ། །འཕགས་པ་གནས་བརྟན་སྦེད་བྱེད་ནི། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །ཕྱག་གཉིས་གླེགས་བམ་འཛིན་ཕྱག་འཚལ། །བསྟན་པ༴། རི་ཡི་རྒྱལ་པོ་གངས་ཅན་ལ། །འཕགས་པ་གནས་བརྟན་མི་ཕྱེད་པ། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །བྱང་ཆེན་མཆོད་རྟེན་འཛིན་ཕྱག་འཚལ། །བསྟན་པ༴། འཕགས་པའི་དགེ་བསྙེན་དྷརྨ་ཏཱ། །རལ་པའི་ཐོད་བཅིངས་གླེགས་བམ་ཁུར། །སྣང་བ་མཐའ་ཡས་མདུན་ན་བཞུགས། །རྔ་གཡབ་བུམ་པ་འཛིན་ཕྱག་འཚལ། །བསྟན་པ༴། བརྩོན་པས་གོ་བགོས་མཐུ་སྟོབས་ཅན། །


SPN002_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བསྟན་པ་ལེགས་སྐྱོང་བའི། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཞེས་པ་ཙམ་མམ། སྤྲོ་ན་མཁན་ཆེན་མཆིམས་དང་སྤྱན་སྔ་ཐམས་ཅད་མཁྱེན་པ་སོགས་ཀྱིས་མཛད་པའི་བསྟོད་རྙིང་བྱིན་རླབས་ཅན་རྣམས་ཀྱིས་ཀྱང་ཕྱག་འབུལ་བར་བྱའོ། །མཆོད་པའི་ཡན་ལག་ཉེར་སྤྱོད་ནས་བསྟོད་པའི་བར་བཅུ་གསུམ་པོ་རིམ་བཞིན་འབུལ་བའི་དང་པོ་ཉེར་སྤྱོད་ནི། མཛེས་པའི་མེ་ཏོག་འདི་ཕུལ་བས། །མི་མཛེས་སྐྱོན་ཀུན་དག་གྱུར་ཏེ། །མཚན་དང་དཔེ་བྱད་ཡོངས་རྫོགས་ནས། །བྱང་ཆུབ་ཡན་ལག་རྒྱས་གྱུར་ཅིག །དྲི་ཞིམ་བདུག་སྤོས་འདི་ཕུལ་བས། །འཆལ་པའི་དྲི་མ་དག་གྱུར་ཏེ། །ཟག་མེད་དྲི་དང་ལྡན་གྱུར་ནས། །ཡེ་ཤེས་ཕུང་པོ་ལྔ་ཐོབ་ཤོག །སྣང་གསལ་སྒྲོན་མེ་འདི་ཕུལ་བས། །ཤེས་བྱའི་སྒྲིབ་པ་ཀུན་བྱང་ནས། །ཡེ་ཤེས་སྣང་བའི་རང་བཞིན་གྱིས། །སྤྱན་ལྔ་ཡོངས་སུ་དག་གྱུར་ཅིག །མཆོག་ཏུ་ལེགས་སྦྱར་དྲི་ཕུལ་བས། །འཆལ་བའི་ཤེས་རབ་དག་གྱུར་ཏེ། །ཤེས་བྱ་མ་ལུས་མཁྱེན་པ་ཡི། །ཤེས་རབ་ཕུན་སུམ་ཚོགས་པར་ཤོག །ཞལ་ཟས་རོ་མཆོག་འདི་ཕུལ་བས། །འགྲོ་དྲུག་སྲིད་པ་དག་


SPN002_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏེ། །བསམ་གཏན་ཏིང་འཛིན་ཟས་མཆོག་ལྡན། །གཉིས་སུ་མེད་པའི་དོན་རྟོགས་ཤོག །མཛེས་པའི་རོལ་མོ་འདི་ཕུལ་བས། །ཆོས་བརྒྱད་འཛིན་པ་དག་གྱུར་ཏེ། །ཟབ་མོའི་གདམས་པ་ལ་བརྟེན་ནས། །དུ་མ་རོ་གཅིག་རྟོགས་པར་ཤོག །གཉིས་པ་འདོད་ཡོན་ནི། རྒྱལ་བ་ཟག་མེད་འབྱོར་བ་མངའ་བསྒྱུར་ཡང་། །འགྲོ་བའི་དོན་དུ་འདོད་ཡོན་རྣམ་ལྔ་ཡིས། །མཆོད་པས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །བསོད་ནམས་མི་ཟད་གཏེར་ལ་སྤྱོད་པར་ཤོག །གསུམ་པ་རྒྱལ་སྲིད་ནི། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་དམིགས་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །བཞི་པ་རྫས་རྟགས་ནི། རིན་ཆེན་གདུགས་དང་གསེར་ཉ་པདྨ་དུང་། །བུམ་པ་རྒྱལ་མཚན་དཔལ་བེའུ་འཁོར་ལོ་སྟེ། །ལྷ་ཡི་དགའ་ཚལ་མཛེས་པར་བྱེད་པ་ཡི། །བཀྲ་ཤིས་རྟགས་བརྒྱད་དག་ནི་དབུལ་པར་བགྱི། །ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་བ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། །བཀྲ་ཤིས་རྫས་


SPN002_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དག་གིས་མཆོད་པར་བགྱི། །ལྔ་པ་མཛེས་བྱེད་དྲུག་ནི། ཐེག་མཆོག་བླ་བྲེས་གདུགས་དང་བ་དན་དང་། །བདུད་བཅོམ་རྒྱལ་མཚན་ལྷབ་ལྷུབ་ཏིང་འཛིན་འཕན། །གར་དང་རོལ་མོ་མཆོད་པའི་སྒྲ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པར་བརྒྱན་པར་བགྱི། །དྲུག་པ་མཎྜལ་ནི། ༀ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཞེས་ཡི་གེ་བརྒྱ་པ་བརྗོད་བཞིན་མཎྜལ་གྱི་རྡུལ་གཡས་བསྐོར་དུ་ཕྱིི། མེ་ཏོག་གི་ཚོམ་བུ་ཕྱག་བཞེས་ལྟར་འགོད་བཞིན། ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། །ཕྱི་ལྕགས་རིའི་ཁོར་ཡུག་གི་ར་བས་ཡོངས་སུ་བསྐོར་བའི་དབུས་སུ་རི་ཡི་རྒྱལ་པོ་རི་བོ་མཆོག་རབ། ཤར་ལུས་འཕགས་པོ། ལྷོ་ཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན།


SPN002_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་པའི་རྒྱལ་མཚན། དབུས་སུ་ལྷ་དང་མི་ཡི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ། རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་ལས་འདས་པ་མངོན་པར་བཀོད་དེ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །


SPN002_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་དང་། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །དུས་གསུམ་བདེར་གཤེགས་མ་ལུས་ལ། །གླིང་བཞི་རི་རབ་བཅས་པ་དང་། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་ཏེ། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་མཎྜལ་པཱུ་ཛ་མེ་གྷས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེར་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་མཉམ་པའི་འགྲོ་བ་སྒྲོལ་བར་ཤོག །ཅེས་པའི་བར་ཐམས་ཅད་སྦྲེལ་བའམ་ཚིགས་བཅད་རྣམས་ཁོ་ན་བརྗོད་པས་ཀྱང་འཐུས་སོ། །བདུན་པ་ཙཱ་རུའི་བཟའ་བ་ནི། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་


SPN002_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱིན་རླབས་ཏེ། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །བརྒྱད་པ་ལྔ་ཕྲག་ལྔ་ནི། བསོད་ནམས་ཡེ་ཤེས་སྐུ་ལྔ་བརྙེས་པ་ལ། །རིན་ཆེན་སྨན་འབྲུ་དྲི་དང་སྙིང་པོ་ལྔ། །ལྔ་ཕྲག་ལྔ་ལྡན་རྫས་མཆོག་དམ་པ་འབུལ། །འགྲོ་བས་བདེ་གཤེགས་སྙིང་པོ་ཐོབ་པར་ཤོག །དགུ་པ་མཁོ་བའི་ཡོ་བྱད་ནི། འགྲོ་བ་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །རིག་པའི་གནས་ལྔ་དག་ལ་བསླབ་བྱ་ཞེས། །ཇི་ལྟར་ཐུགས་དམ་རྒྱ་ཆེན་བཞེས་པ་ལ། །མཁོ་བའི་ཡོ་བྱད་རྣམས་ནི་དབུལ་བར་བགྱི། །བཅུ་པ་བདག་པོས་མ་བཟུང་བའི་མཆོད་པ་ནི། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་


SPN002_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་ཏུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང་། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི། །བདག་གིས་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །


SPN002_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་པ་ལུས་འབུལ་པ་ནི། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་བས་ཁྱེད་ཀྱི་འབངས་སུ་མཆི་པར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བ་ན། །སྲིད་ལ་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །བཅུ་གཉིས་པ་ཁྱད་པར་གྱི་མཆོད་པ་ནི། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡཱ་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་


SPN002_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། །གསེར་གྱི་པདྨ་ཚར་དུ་ུདངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དང་། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བྱ། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་བལྟ་ན་སྡུག་པ་བསྒྲེང་བ་ཡང་། རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་


SPN002_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་ུའབྱུང་གྱུར་ཅིག །བཅུ་གསུམ་པ་བསྟོད་པས་མཆོད་པ་ནི། ཐལ་མོ་སྦྱར་ཏེ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་པ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །པཎྜི་ཏ་པ་བྱང་ཆུབ་འབྱུང་གནས་དང་། །རིན་ཆེན་གསལ་དང་དགེ་བཤེས་ཤ་ར་བ། །བུག་པ་ཅན་དང་དགུ་ཚིག་པ་ལ་སོགས། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །གཞན་ཡང་འཆད་ཀ་བ་དང་སྤྱིལ་བུ་པ། །དྲེའུ་ལྷས་པ་དང་གསང་ཕུ་བ་དང་ནི། །མཆིམས་ཆེན་ནམ་མཁའ་གྲགས་ལ་སོགས་པ་ཡི། །བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་དང་། །མར་པ་མི་ལ་རྗེ་བཙུན་སྒམ་པོ་པ། །དུས་གསུམ་མཁྱེན་པ་སངས་རྒྱས་རས་ཆེན་དང་། །རྒྱལ་བ་སྤོམ་བྲག་གྲུབ་ཆེན་ཀརྨ་པ། །ཨོ་རྒྱན་པ་དང་རང་བྱུང་རྒྱལ་བ་གཡུང་། །རོལ་པའི་རྡོ་རྗེ་རྟོགས་


SPN002_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མཁའ་སྤྱོད་དབང་། །དེ་བཞིན་གཤེགས་པ་རིན་ཆེན་བཟང་པོ་དང་། །མཐོང་བ་དོན་ལྡན་ཀུན་མཁྱེན་འཇམ་དཔལ་བཟང་། །དཔལ་འབྱོར་དོན་གྲུབ་མི་ཕམ་མགོན་པོ་དང་། །སངས་རྒྱས་མཉན་པ་མི་བསྐྱོད་དགའ་བའི་དབྱངས། །དཀོན་མཆོག་ཡན་ལག་དབང་ཕྱུག་རྡོ་རྗེ་དང་། །ཆོས་ཀྱི་དབང་ཕྱུག་ཆོས་དབྱིངས་རྡོ་རྗེ་དང་། །ཡེ་ཤེས་སྙིང་པོ་ཡེ་ཤེས་རྡོ་རྗེའི་ཞབས། །ཆོས་ཀྱི་དོན་གྲུབ་བྱང་ཆུབ་རྡོ་རྗེ་དང་། །ཆོས་ཀྱི་འབྱུང་གནས་བདུད་འདུལ་རྡོ་རྗེ་འཆང་། །པདྨ་ཉིན་བྱེད་གཙུག་ལག་ཆོས་རྒྱལ་སོགས། །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཡོན་ཏན་རིན་ཆེན་མང་པོའི་ཚོགས་མངའ་ཞིང་། །མཚན་རབ་ཡེ་ཤེས་ཡོངས་སུ་དག་པའི་སྐུ། །གསེར་


SPN002_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མདོག་ཅན་ལྷ་དང་མིས་མཆོད་པ། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་དག་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །བརྩེ་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ནི། །མཉམ་པར་བཞག་ཅིང་དྲི་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །རྟེན་དང་བརྟེན་པ་བཤད་བྱ་དང་། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བ། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་ཀྱིས་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོད་ལ་ཕྱག་


SPN002_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དང་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ལེན་དང་གནས་དང་གཏོང་བ་དང་། །སྤྲུལ་དང་ཡོངས་སུ་སྒྱུར་བ་དང་། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཐབས་དང་སྐྱོབས་དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ལ་རབ་སླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །རང་གཞན་དོན་དུ་ཡེ་ཤེས་དང་། །སྤངས་དང་ངེས་འབྱུང་བགེགས་མཛད་པར། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་བརྫི་ཁྱོད་ལ་ཕྱག་འཚལ་ལོ། །བསྲུང་མེད་བསྙེལ་བ་མི་མངའ་བ། །འཁོར་གྱི་ནང་ན་བག་བརྐྱང་གསུང་། །ཀུན་ནས་ཉོན་མོངས་གཉིས་སྤངས་ལ། །འཁོར་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཁྱོད་ལ་རྒྱུ་བ་དང་། །གནས་པ་ཀུན་ལ་རྟག་པར་ནི། །ཀུན་མཁྱེན་མིན་སྤྱོད་མི་མངའ་སྟེ། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །སེམས་ཅན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་བས་།


SPN002_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་དང་། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །སྤྱོད་པ་དང་ནི་རྟོགས་པ་དང་། །ཡེ་ཤེས་དང་ནི་ཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་གསུམ་དག་གི་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ཅན་ཀུན་གྱི་ཐེ་ཚོམ་དག །གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །འཛིན་པ་མི་མངའ་ཉེས་མི་མངའ། །རྙོག་པ་མི་མངའ་མི་གནས་པ། །མི་གཡོ་ཆོས་རྣམས་ཐམས་ཅད་ལ། །སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་བསྟོད། །འགྲོ་བའི་ཉོན་མོངས་ཐམས་ཅད་ཞི་མཛད་ཅིང་། །མི་ཁོམ་གནས་སུ་དཀོན་མཆོག་གསུམ་སྒྲ་སྒྲོག །འཕགས་པ་རྒྱལ་སྲས་སྒྲ་གཅན་འཛིན་ལ་


SPN002_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །གནས་བརྟན་ཆེན་པོ་རྣམས་ལ་ཕྱག་འཚལ་བསྟོད། །གཞན་ཡང་ལྷ་མི་ལ་སོགས་འཇིག་རྟེན་ན། །བདེ་གཤེགས་སློབ་མ་དང་ནི་སྲས་གྱུར་པ། །མཆོད་འོས་ཡོན་ཏན་ཞིང་དུ་ུགང་གྱུར་པ། །དེ་དག་ཡོན་ཏན་དང་བས་བསྟོད་པར་བགྱི། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །མཆོད་པ་དེ་རྣམས་ཀྱི་བར་མཚམས་གང་འོས་སུ་བསོད་ནམས་ཆེར་འཕེལ་བའི་ཕྱིར་མཆོད་པའི་སྤྲིན་གྱི་གཟུངས་སྔགས་འདིའང་བརྗོད་དོ། །ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷུ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། དེ་ནས་བཤགས་པ་སོགས་ཀྱི་ཡན་ལག་ལྷག་མ་རྣམས་ནི། སྤྲོ་ན་ལྟུང་བཤགས་དང་། བདག་ཅག་རྣམས་ཀྱིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་འོས་པའི་ལས་ནི་བགྱིས། བགྱི་བར་འོས་


SPN002_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་ནི་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་སོ་སོ་སྐྱེ་བོའི་དགེ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ང་ོ། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མ་གང་དག་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བར་འཚལ་ལོ། །སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། །འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་དང་བཅས་པ་སྤྱན་དྲངས་ཏེ་ཕྱག་འཚལ་བ་དང་། མཆོད་ཅིང་དེ་དག་གི་སྨོན་ལམ་བཏབ་པ་དང་། དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པ་དང་། དེ་དག་གི་མཐུ་དཔལ་དང་བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་བདག་ཅག་གི་ཐོག་མ་མ་མཆིས་པའི་འཁོར་བ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་


SPN002_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ལུས་ལ་ནད་མེད་པ་དང་ཚེ་རིང་བར་གྱུར་ཅིག །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག །མཐར་ཚོགས་གཉིས་ཡོངས་སུ་རྫོགས་ནས་རྡོ་རྗེའི་སྐུ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་བརྙེས་པར་གྱུར་ཅིག །ཡུལ་ཁམས་ཐམས་ཅད་དུའང་མི་ནད་དང་ཕྱུགས་ནད་དང་ལོ་ཉེས་པ་དང་དགྲའི་གནོད་པ་ལ་སོགས་པ་བཀྲ་མི་ཤིས་པའི་བག་ཅི་ཡང་མི་འབྱུང་བར་གྱུར་ཅིག །ཆར་ཆུ་དུས་སུ་བབས་ཏེ་ལོ་ཕྱུགས་འཕེལ་ཞིང་རྒྱས་པ་དང་། བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱང་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ཏེ་ཚོགས་གཉིས་རྫོགས་ཏེ་སངས་རྒྱས་པར་གྱུར་ཅིག །ཁྱད་པར་དུ་ཡང་དམ་པའི་ཆོས་ཡུན་རིང་དུ་གནས་ཤིང་རྒྱས་པར་གྱུར་ཅིག །དགེ་འདུན་ཐམས་ཅད་ཀྱང་ཆོས་སྤྱོད་བཅུ་དང་འཁོར་ལོ་གཉིས་ལ་སོགས་པ་སྒོ་གསུམ་དགེ་བའི་བྱ་བ་ཁོ་ན་ལ་ཉིན་མཚན་ཐམས་ཅད་དུ་བརྩོན་པར་གྱུར་ཅིག །


SPN002_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་མཐུན་ཞིང་དགེ་འདུན་གྱི་དོན་ཐམས་ཅད་འགྲུབ་པར་གྱུར་ཅིག །འདུས་་པ་རྒྱ་མཚོའི་ཚོགས་དབྱར་གྱི་ཆུ་བོ་བཞིན་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །དེ་ནས་དགེ་འདུན་འདུ་བའི་དོན་ཁོ་ན་ཡིན་ན་སྨོན་ལམ་འདིའང་གདབ། དུས་རྒྱུན་མི་དགོས། རྒྱལ་བ་སྲས་བཅས་ཀུན་གྱི་ཐུགས་རྗེ་དང་། །འཇིག་རྟེན་སྐྱེ་དགུའི་བསོད་ནམས་དཔག་མེད་ཀྱི། །བདེན་པ་ཆེན་པོའི་ནུས་པ་ཚད་མེད་པས། །དགེ་འདུན་ཐམས་ཅད་གནས་འདིར་འདུ་གྱུར་ཅིག །གདྒཱའི་ཀླུང་གི་བྱེ་མའི་གྲངས་ལས་ཀྱང་། །ལྷག་པར་འཕགས་པའི་ཚོགས་ཀྱིས་རབ་གཏམས་ཏེ། །ཡོན་ཏན་རྒྱ་མཚོའི་དཔལ་ལ་སྤྱོད་པ་ཡི། །དགེ་འདུན་ཐམས་ཅད༴། ཐོས་པ་རྣམ་པར་དག་པའི་ཟླ་བ་ལ། །བསམ་སྒོམ་ཟུང་དུ་འཇུག་པའི་འོད་ཟེར་འཕྲོ། །བདེ་སྟོང་དབྱེར་མེད་བསིལ་བའི་རོལ་པ་ཅན། དགེ་འདུན་ཐམས་ཅད༴། ཨ་སོགས་དབྱངས་ཀྱི་བརྗོད་པ་དུ་མ་ལ། །ཐིག་ལེ་ཚེག་དྲག་གྲི་གུག་ལ་སོགས་པའི། །དབྱེ་བས་ཕྱེ་བའི་ཡི་གེ་ཕྲེང་བ་འཛིན། །དགེ་འདུན་ཐམས་ཅད༴། གཞལ་མེད་ཁང་དྲུག་བཀོད་པའི་རྒྱལ་པོ་ལས། །རབ་ཏུ་འབབ་པ་འདུས་པའི་ཆུ་བོ་ལས། །ལུང་དང་


SPN002_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པའི་རླབས་ཕྲེང་གཡོ་བ་ཅན། །དགེ་འདུན་ཐམས་ཅད༴། འདི་ནི་འཕགས་པ་འདུ་བའི་གཞི་ཡིན་ཞེས། །སྐྱེ་དགུ་ཀུན་གྱིས་མངོན་པར་བསྟོད་བྱེད་པ། །གྲགས་ལྡན་ཞིང་འདིར་འདྲེན་པ་དམ་པར་བསྔགས། །མཐུན་རྐྱེན་མངོན་པར་དར་བ་ཉིད་དུ་ཤོག །རབ་དཀར་ཆོས་སྤྱོད་བཅུ་དང་དགེ་བ་བཅུ། མཁས་པའི་བྱ་བ་གསུམ་དང་ཐོས་བསམ་སྒོམ། །བསླབ་པ་གསུམ་གྱི་དྲི་བསུང་རབ་འཕྲོ་བའི། །འདུས་པའི་པདྨོ་འདབ་སྟོང་ལྡན་པར་མཛོད། །ཚུལ་ཁྲིམས་འོད་སྟོང་འབར་བའི་གཟི་བྱིན་གྱིས། །ཆོས་དབྱིངས་མཁའ་ལ་རོལ་པའི་དཔལ་འབྱོར་ཅན། །ཟབ་གསལ་དགེ་འདུན་ནམ་མཁའི་ནོར་བུ་གང་། །གདུལ་བྱ་པདྨོའི་གཉེན་དུ་བཞད་པར་ཤོག །ལུགས་གཉིས་ཆུ་བོ་འཐུང་བའི་གཉིས་འཐུང་གཙོ། །ཕལ་རྒོལ་དམག་དཔུང་བཟློག་པའི་མཚོན་ཆ་ཅན། །བསོད་ནམས་རྒྱལ་པོར་འོས་པའི་དགེ་འདུན་གྱི། །གླང་པོའི་མཆོག་དེ་སྟོབས་བཅུའི་བདག་པོར་ཤོག །གནས་སྐབས་མཐར་ཐུག་རྣམ་པ་ཀུན་ཏུ་ཡང་། །བྱམས་དང་སྙིང་རྗེའི་བློ་གྲོས་ཟད་པ་མེད། །གང་གཱའི་རྒྱུན་ལ་འགྲན་


SPN002_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྱོར་བ་ཡིས། །དགེ་འདུན་འཕེལ་ཞིང་རྒྱས་བའི་བཀྲ་ཤིས་ཤོག །གཉིས་པ་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་སྒོ་ནས་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་གཉིས་ལས་དང་པོ་ལ་སྦྱོར་དངོས་མཇུག་གསུམ་གྱི་དང་པོ། སྐྱབས་འགྲོ་དང་ཚོགས་བསགས་ནི། ཕྱག་གསུམ་དང་པུས་བཙུགས་ཐལ་མོ་སྦྱར་བས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ། ཡན་ལག་བདུན་པ་རྒྱས་པར་ན་སྤྱོད་འཇུག་ལས་འབྱུང་བ། དུས་གསུམ་གཤེགས་པའི་སངས་རྒྱས་ཀུན། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པས་ནི་བདག་ཕྱག་འཚལ། །བྱང་ཆུབ་སེམས་ཀྱི་གཞི་རྣམས་དང་། །མཆོད་རྟེན་ཀུན་ལ་བདག་ཕྱག་འཚལ། །མཁན་པོ་དེ་བཞིན་སློབ་དཔོན་དང་། །བརྟུལ་ཞུགས་མཆོག་ལ་ཕྱག་འཚལ་ལོ། །གང་ལ་སེམས་ཀྱི་དམ་


SPN002_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་། །གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །ཞེས་པ་ནས། མགོན་པོ་སྲས་དང་བཅས་རྣམས་མཆོད་ཀྱི་བར་དང་། བདག་ནི་མི་ཤེས་གཏི་མུག་པས། །རང་བཞིན་ཁ་ན་མ་ཐོ་བའི། །བཅས་པའི་སྡིག་པ་གང་ཡིན་ལས། །གང་ཡང་རུང་བ་བགྱིས་པ་རྣམས། །མགོན་པོའི་སྤྱན་སྔར་མངོན་སུམ་དུ། །ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། །འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལགས་པར་བཟུང་དུ་ུགསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱིད། །སེམས་ཅན་ཀུན་གྱི་ངན་སོང་གི། སྡུག་བསྔལ་ངལ་གསོའི་དགེ་བ་དང་། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡི་རང་ངོ་། །ལུས་ཅན་འཁོར་བའི་སྡུག་


SPN002_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ལས། །ངེས་པར་ཐར་ལ་ཡི་རང་ངོ་། །སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང་། །རྒྱལ་སྲས་ས་ལ་ཡི་རང་ངོ་། །སེམས་ཅན་ཐམས་ཅད་ཕན་མཛད་པའི། །ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང་། །སེམས་ཅན་ཕན་པར་མཛད་པ་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །ཕྱོགས་རྣམས་ཀུན་གྱིས་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོང་པར་མི་འགོད་ཅིང་། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། །དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང་། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །ཅེས་དང་། ཡང་ན་བཟང་སྤྱོད་ཀྱི་བདུན་རྣམ་དག་སོགས་རྒྱས་བསྡུས་གང་རིགས་བྱ། དངོས་གཞི་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་


SPN002_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། རྗེས་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ུད་གྱུར་ཏོ། །རྒྱལ་པོ་བློན་པོ་ལས་དང་པོའི། །ལྟུང་བ་ལྔ་ལྔ་བརྒྱད་ལ་སོགས། །རྩ་བ་དང་ནི་ཡན་ལག་གི། ཉེས་ལྟུང་རྣམས་ཀྱིས་མ་གོས་པར། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམ་སྟེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །


SPN002_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་ཟབ་མོ་ལྟ་བརྒྱུད་པའི་ལུགས་སྲོལ་འགྲུབ་བོ། །རྒྱ་ཆེན་སྤྱོད་བརྒྱུད་པ་ལྟར་ན་བསམ་སྦྱོར་རང་བཞིན་གསུམ་ལས། དང་པོ་སྲིད་ཞི་གཉིས་ལ་མི་གནས་བའི་བྱང་ཆུབ་ལ་སྤྲོ་བ་བསྐྱེད་པའི་བསམ་པ་སྔོན་དུ་འགྲོ་བས། སྦྱོར་བ་སྨོན་འཇུག་སོ་སོར་སྦྱོར་དངོས་མཇུག་གསུམ་རེ་ཡོད་པའི་སྨོན་སྦྱོར་གསོལ་གདབ་ནི། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ། ལན་གསུམ། དེ་ནས་སྐྱབས་འགྲོ་ཁྱད་པར་ཅན་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་


SPN002_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ་དང་ཚོགས་བསགས་ཡན་ལག་ནི། ཇི་སྙེད་སུ་དག་སོགས་འདོན་པར་བྱའོ། །སྨོན་པའི་དངོས་གཞི་ནི་བྱམས་སྙིང་རྗེ་དྲག་པོས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང་ཚུལ་ཁྲིམས་ཀྱི་རང་བཞིན་དང་སྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་དང་། བགྱིད་དུ་བརྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ།


SPN002_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། །ལན་གསུམ་གྱིས་བླང་། སྨོན་པའི་རྗེས་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཉིན་མཚན་དུས་དྲུག་བྱང་སེམས་བསྒོམ། །འགྲོ་བློས་མི་སྤངས་ཚོགས་ལ་འབད། །དཀར་ནག་ཆོས་བཞི་བླང་དོར་བྱ། །བྱང་སེམས་ཕན་ཡོན་མི་བརྗེད་པར། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །བདག་གིས་དེ་རིང་སོགས་ཤླཽ་ཀ་གཅིག་བྱའོ། །འཇུག་པ་བྱང་ཆུབ་


SPN002_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སེམས་བསྐྱེད་བའི་སྦྱོར་བ་གསོལ་གདབ་ནི། ཕྱོགས་བཅུ་ུན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་བདག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་བ་ལེན་པར་འཚལ་གྱི་དེ་ལ་གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་གསན་ཅིང་སྩལ་བར་རིགས་སོ། །ལན་གསུམ། འདུན་པ་གསོ་བ་ནི། བདག་སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བ་དང། སངས་རྒྱས་ཀྱིས་གདུང་རྒྱུན་མི་ཆད་པར་འདོད་ཅིང་དེ་དག་ལ་བདག་སེམས་བསྐྱེད་པ་བརྟན་པ་དང་ཡི་དམ་བརྟན་པར་བགྱིའོ། །ལན་གཅིག །མྱུར་དུ་སྦྱིན་པར་གསོལ་བ་ནི། དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །བདག་པོས་ཡོངས་སུ་མ་བཟུང་དང་། །བླ་ན་མེད་པའི་མཆོད་པའི་ཚོགས། །མ་ལུས་བློ་ཡིས་བླངས་ཏེ་འབུལ། །བདག་གིས་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་


SPN002_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཀུན། །མ་ལུས་དཀོན་མཆོག་སྤྱན་སྔར་འབུལ། །འགྲོ་བའི་སྐྱབས་གྱུར་འཚང་རྒྱ་ཤོག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །ཞེས་དང་། ཙོག་བུར་ཐལ་མོ་སྦྱར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་མྱུར་དུ་སྩལ་དུ་ུགསོལ། ལན་གསུམ་བརྗོད། བར་ཆད་དྲི་བ་ནི། བླ་མ་ལས་ལེན་ན་དོན་ཚན་སོ་སོ་ནས་དྲི་དགོས་ཀྱང་རང་གིས་ལེན་ཚེ། བདག་མིང་འདི་ཞེས་བགྱི་བ་བྱང་ཆུབ་སེམས་དཔའ་ལགས་ཤིང་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་ལགས་ཏེ། བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དེ་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལས་བླང་བར་འཚལ་ལོ། །ཞེས་བརྗོད་ཅིང་ད་ལྟར་བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར་རོ་སྙམ་དུ་ུདགའ་བ་བསྒོམ། འཇུག་པའི་དངོས་གཞི་ནི། སེམས་ཅན་གྱི་དོན་


SPN002_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་དེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྐྱེན་ཅིས་ཀྱང་མི་འཕྲོག་པར་བསྲུང་སྙམ་པས་པུས་བཙུགས་ཐལ་མོ་སྦྱར་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བར་འཚལ་ཏེ། དེ་དག་གི་སྤྱན་སྔར་བདག་མིང་འདི་ཞེས་བགྱི་བ་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པ་དང་། སེམས་ཅན་གྱི་དོན་བྱ་པའི་ཚུལ་ཁྲིམས་གང་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པ་དང་། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པར་འགྱུར་བ་དང་། ཕྱོགས་བཅུ་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པ་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་དེ་ཐམས་ཅད་


SPN002_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཡང་དག་པར་བླང་ངོ་། །ལན་གསུམ། འཇུག་པའི་རྗེས་ཆོག་ལས། མཁྱེན་པར་གསོལ་བ་ནི། ཕྱོགས་བཅུར་ཕྱག་བྱ་ཞིང་། སྤོས་དང་མེ་ཏོག་ཕུལ་ནས་ཙོག་པུར་འདུག་སྟེ། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དཔང་དུ་གྱུར་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་བཞུགས་པའི་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་ཆོས་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། །ཞེས་ལན་གསུམ་བརྗོད་དེ་ཕྱག་བྱ། བླང་པའི་ཕན་ཡོན། དེང་དུས་བདག་ཚེ་འབྲས་བུ་ཡོད། །སོགས་ཤླཽ་ཀ་གཅིག །གསང་བར་གདམས་པ་དང་བསླབ་བྱ་བསྟན་པ། སྣོད་མིན་རྣམས་ལ་གསང་བྱ་ཞིང་། །ཕམ་འདྲ་བཞི་དང་ཉེས་བྱས་སོགས། །ལྟུང་བས་མ་གོས་ཚུལ་ཁྲིམས་གསུམ། །ལེགས་པར་བསྲུང་བའི་སྒོ་ནས་ནི། །ད་ནི་བདག་གིས་ཅི་ནམས་ཀྱང་། །སོགས་ཤླཽ་ཀ་གཉིས་བརྗོད། གཏང་རག་གི་མཆོད་བསྟོད་ནི། ཇི་ལྟར་འཇམ་དབྱངས་ལ་སོགས་པས་


SPN002_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཤླཽ་ཀ་གཉིས་དང་། ཕྱག་འཚལ་བ་དང་སོགས། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་པ་རྣམས་ཀྱིས་འཇུག་པའི་རྗེས་ཆོག་གྲུབ་བོ། །གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི། གཙོ་བོར་མཉམ་པར་བཞག་པ་ནི་ཡིན་མོད་ཀྱི། འདུན་པ་སྔོན་འགྲོའི་དབང་གིས་དཔང་ཀོང་ཕྱག་བརྒྱ་པའི་མདོའི་དགོངས་པ་སློབ་དཔོན་ཀླུའི་ཕྱག་བཞེས་ཇོ་བོའི་ཆོས་ཆུང་ལས་འབྱུང་བའི་དོན་བསྡུས། སྦྱོར་དངོས་མཇུག་གསུམ་ལས་དང་པོ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད། །འགྲོ་ལ་ཕན་


SPN002_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སངས་རྒྱས་ཤོག །ལན་གསུམ། དངོས་གཞི་ནི། ཕྱོགས་བཅུ་ུན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། །བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བགྱིའོ། །ལན་གསུམ། རྗེས་ནི། བསོད་ནམས་འདི་ཡིས་ནས། འགྲོ་བ་འདོན་པར་བགྱི། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་


SPN002_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་བྱ། གསུམ་པ་རྫོགས་སྨིན་སྦྱང་གསུམ་གྱི་བྱང་ཆེན་སྤྱོད་པ་དང་འབྲེལ་བར་སྨོན་ལམ་གདབ་པས་ཚོགས་བསགས་པ་མཐར་ཕྱིན་པར་ཡོངས་སུ་བསྔོ་བ་ལའང་། ཐོག་མར་གོ་བར་བྱ་བ་ནི། སྙིང་རྗེ་པད་དཀར་ལས་གསུངས་བའི་ཐུབ་དབང་གི་སྨོན་ལམ་ལྔ་བརྒྱ་པ་སོགས་དང་། བྱམས་པ་ལུང་བསྟན་གྱི་མདོ་ལས་གསུངས་པའི་གནས་བརྟན་བཅུ་དྲུག་གི་སྨོན་ལམ་སོགས་གཙོ་འཁོར་རང་རང་གི་དམ་བཅའ་བདེན་ཚིག་དཔག་ཏུ་མེད་ཅིང་ངོ་མཚར་བ་རྣམས་ཡིད་ལ་ངེས་ནས། དེ་འགྲུབ་པའི་ཆེད་


SPN002_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཉམས་སུ་བླངས་པ་ལ། སྤྱི་དང་ཁྱད་པར་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་བར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ༈སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་སྐྱོང་ཞིང་ལྷ་མི་ཀུན་གྱི་བསོད་ནམས་ཀྱི་དཔལ་གྱི་ཞིང་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བཀའ་བསྒོས་ཏེ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་ན་མངོན་སུམ་དུ་གཟིགས་ཤིང་བཀའ་ལུང་གི་རྗེས་སུ་བསྒྲུབས་པ་འཕགས་པའི་ཚིག་ངེས་པས་ཞལ་གྱིས་བཞེས་པ། ཞེས་པ་ཐམས་ཅད་ཀྱི་འགོར་སྦྱར་ནས། པྲི་ཡང་ཀུའི་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་སྒྲ་གཅན་ཟིན་འཁོར་དགྲ་བཅོམ་པ་སྟོང་ཆིག་བརྒྱས་བསྐོར་བའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱ་རྒོད་ཕུང་པོའི་རི་ལ་འཕགས་པའི་གནས་བརྟན་ཆེན་པོ་ལམ་ཕྲན་བརྟན་འཁོར་དགྲ་བཅོམ་སྟོང་དྲུག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས། སོགས་


SPN002_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་འགྲེའོ། །ཤར་གྱི་ལུས་འཕགས་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད། ལྷའི་གནས་སུམ་ཅུ་རྩ་གསུམ་ན་འཕགས་པའི་གནས་བརྟན་ཆེན་པོ་ལམ་བརྟན་འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ། རིའི་རྒྱལ་པོ་ངོས་ཡངས་ལ་འཕགས་པའི་གནས་བརྟན་ཆེན་པོ་ཀླུའི་སྡེ་འཁོར་དགྲ་བཅོམ་པ་སྟོང་ཉིས་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ། རིའི་རྒྱལ་པོ་བྷི་ཧུ་ལ་འཕགས་པའི་གནས་བརྟན་ཆེན་པོ་སྦེད་བྱེད་འཁོར་དགྲ་བཅོམ་པ་སྟོང་བཞི་བརྒྱས་བསྐོར་ཏེ་བཞུགས་པའི། གངས་ཅན་རིའི་རྒྱལ་པོ་ལ་འཕགས་པའི་གནས་བརྟན་ཆེན་པོ་མི་ཕྱེད་པ་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ། གངས་རི་ཆེན་པོ་ཏི་སེ་ན་འཕགས་པའི་གནས་བརྟན་ཆེན་པོ་ཡན་ལག་འབྱུང་འཁོར་དགྲ་བཅོམ་པ་སྟོང་སུམ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ། དྲང་སྲོང་རིའི་ངོགས་ཤེལ་ནགས་ན་འཕགས་


SPN002_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་བརྟན་ཆེན་པོ་མ་ཕམ་པ་འཁོར་དགྲ་བཅོམ་པ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ། རིའི་གནས་ཀྱི་ངོགས་ལོ་མ་བདུན་པ་ཞེས་བྱ་བའི་རི་ཕུག་ན་འཕགས་པའི་གནས་བརྟན་ཆེན་པོ་ནགས་ན་གནས་འཁོར་དགྲ་བཅོམ་པ་སྟོང་བཞི་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ། ཟངས་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་དུས་ལྡན་འཁོར་དགྲ་བཅོམ་པ་སྟོང་ཆིག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ། སིང་ག་ལའི་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་རྡོ་རྗེ་མོའི་བུ་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ། ཆུ་བོ་ཡ་མུ་ནའི་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་བཟང་པོ་འཁོར་དགྲ་བཅོམ་པ་སྟོང་ཉིས་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ། ཁ་ཆེའི་ཡུལ་ན་འཕགས་པའི་གནས་བརྟན་ཆེན་པོ་གསེར་བེའུ་འཁོར་དགྲ་བཅོམ་པ་ལྔ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ། ནུབ་ཀྱི་བ་ལང་སྤྱོད་ན་འཕགས་པའི་གནས་བརྟན་ཆེན་པོ་བྷ་ར་དྷྭ་ཛ་གསེར་ཆེན་མཆོག་འཁོར་དགྲ་བཅོམ་པ་བདུན་བརྒྱས་བསྐོར་ཏེ་བཞུགས༴བྱང་གི་སྒྲ་མི་


SPN002_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་ན་འཕགས་པའི་གནས་བརྟན་ཆེན་པོ་བ་ཀུ་ལ་འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། འཕགས་པའི་དགེ་བསྙེན་དྷརྨ་ཏཱ་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡང་ཕྱག་འཚལ་ལོ་ཞེས་པའི་དུས་སུ་མགོ་བོ་འདུད། མཆོད་དོ་ཞེས་པའི་དུས་སུ་མེ་ཏོག་འཐོར། སྐྱབས་སུ་མཆིའོ་ཞེས་པའི་དུས་སུ་ཐལ་མོ་སྦྱར། བྱིན་གྱིས་བརླབ་ཏུ་ུགསོལ་ཞེས་པའི་དུས་སུ་སོ་སོའི་སྨོན་ལམ་ལས་འབྱུང་བའི་བདེ་ལེགས་ཐམས་ཅད་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་ཤོག་སྙམ་པའི་འདུན་པ་བྱ་བ་སོགས་བསམ་སྦྱོར་ཟུང་དུ་འབྲེལ་བར་བྱའོ། །འདི་ནི་གསོལ་འདེབས་བསྙེན་པ་ཞེས་ཉམས་ལེན་དངོས་གཞི་ཡིན་པས་བརྒྱ་སྟོང་ཁྲི་འབུམ་གང་ལྕོགས་དང་། ཐ་ནའང་བདུན་ནམ་གསུམ་ལ་སོགས་པ་ངེས་པར་འདོན་ནོ། །དེ་ནས་སྔགས་བཟླ་བར་འདོད་ན། ༀ་ན་མོ་བྷ་ག་ཝ་ཏེ་ཤཱཀྱ་མུ་ུན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྷཱ་ཡ། ཏདྱ་ཐཱ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་གང་འགྲུབ་དང་། མུ་ུན་ཡེའི་རྗེས་སུ། སརྦ་སདྒྷ་པ་རི་པཱུ་ར་ཀ་སྭཱ་ཧཱཞེས་


SPN002_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་འཕེལ་བའི་ཤམ་བུའམ་སྤྲོ་ན་ཅི་རིགས་གདགས། གནས་བརྟན་གྱི་མཚན་སྔགས་བཟླ་བར་འདོད་ན། ༀ་ཨཱཪྱ་ཨངྒཱཀ་རཱ་ཡ་སྭཱ་ཧཱ། ཐོག་མཐའ་ཀུན་ལ་སྦྱར་ཏེ། ཨ་ཛི་ཏཱ་ཡ། བན་བཱ་སྭི། ཀཱ་ལོ་དཱ་ཡཱི། བཀྒཱི་པུ་ཏྲཱ་ཡ། བྷ་དྲཱ་ཡ། ཀ་ན་ཀལྤཏྶ་ཡ། བྷ་ར་དྷྭ་ཛཱ་ཡ། བ་ཀུ་ལཱ་ཡ། རཱ་ཧུ་ལཱ་ཡ། ཙུཎྜ་པནྠིཡ། པིཎྜོ་ལཱ་ཡ། པཱནྠ་ཀཱ་ཡ། ནཱ་ག་སེ་ནཱ་ཡ། གཽ་པ་ཀཱ་ཡ། ཨ་བྷེ་དྱ། ༀ་ཨཪྻ་དྷརྨ་ཏཱ་ཡ་སྭ་ཧཱ། ཞེས་སོ། །དེ་ནས་སྨོན་ལམ་གདབ་པ་དངོས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐུགས་བརྩེ་བ་ཆེན་པོས་དགོངས་སུ་གསོལ། ཁྱེད་ཀྱིས་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་མུན་པར་ཆུད་པའི་སེམས་ཅན་སྐྱོབ་པ་མ་མཆིས་པ། སྐྱབས་མ་མཆིས་པ། དཔུང་གཉེན་མ་མཆིས་པ། སྡུག་བསྔལ་གྱི་སྣོད་དུ་གྱུར་པའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་དྲུང་དུ་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་ཅིང་བྱང་ཆུབ་ཏུ་དམ་བཅའ་བར་མཛད་པ་དེའི་ཚེ་སྟོན་


SPN002_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཁོར་དང་བཅས་པས་ཀྱང་སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ཀྱིས་སྨོན་ལམ་བཏབ་པ་ལེགས་སོ་ལེགས་སོ། །ཞེས་སོགས་བསྔགས་པ་བརྗོད་ཅིང་ཁྱོད་ནི་མ་འོངས་པའི་དུས་ན་འཇིག་རྟེན་གྱི་ཁམས་མི་མཇེད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ལོ་བཞི་བཅུ་རྩ་ལྔས་སངས་རྒྱས་ཀྱི་མཛད་པ་དེ་ལྟ་བུ་མང་པོ་དག་བྱེད་པར་འགྱུར་རོ། །ཁྱོད་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ལོ་སྟོང་གནས་པར་འགྱུར་རོ། །དམ་པའི་ཆོས་ནུབ་ནས་ཀྱང་སྐུ་གདུང་རྣམས་ཀྱིས་སྨོན་ལམ་བཏབ་པ་དེ་ལྟར་འགྱུར་ཏེ་ཇི་སྐད་སྨོས་པ་དེ་བཞིན་ཏུ་ཡུན་རིང་པོར་སེམས་ཅན་རྣམས་འདུལ་བར་འགྱུར་རོ། །ཞེས་ལུང་བསྟན་པ་དེ་བཞིན་ཏུ་དེང་འདིར་ཡང་མཚན་ནས་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་འབུལ་ན། བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱང་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་སྨིན་པར་


SPN002_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་པའི་སླད་དུ། དགའ་ལྡན་གྱི་གནས་ལས་བབས་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རིགས་སུ་བཙུན་མོ་དམ་པའི་མངལ་ན་གནས་པ་ཉེ་བར་འཛིན་པ་ལ་སོགས་པ་མགོན་པོ་ཁྱོད་ཀྱིས་བཏབ་པའི་སྨོན་ལམ་ཆེན་པོ་དེ་ཐམས་ཅད་འགྲུབ་པར་གྱུར་ཅིག །ཅེས་པ་དང། འཕགས་པ་སྒྲ་གཅན་འཛིན་ལ་སོགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་པོ་རེ་རེ་ལ་དགྲ་བཅོམ་པ་དུ་མས་ཀུན་ནས་བསྐོར་ཏེ་འཚོ་ཞིང་གཞེས་པ་དག་དགོངས་སུ་གསོལ། དུས་ངན་པའི་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ་མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ་ངན་སོང་ནས་ངན་འགྲོར་འོག་ནས་འོག་ཏུ་ལྟུང་པར་འགྱུར་པའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ། སྔོན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱན་སྔར་མྱ་ངན་ལས་མི་འདའ་བར་འཇིག་རྟེན་དུ་མངོན་སུམ་བཞུགས་ཤིང་བཀའ་ལུང་གི་རྗེས་སུ་བསྒྲུབ་པར་འཕགས་པའི་ཚིག་བདེན་པས་ངེས་པར་ཞལ་གྱིས་བཞེས་པ་དམ་པའི་ཆོས་སྐྱོང་ཞིང་འགྲོ་བ་ཀུན་གྱི་བསོད་ནམས་ཀྱི་དཔལ་གྱི་ཞིང་དུ་གྱུར་པ་འཕགས་པའི་


SPN002_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་དང་བཅས་པའི་མཐུ་དང་བྱིན་གྱིས་བརླབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསུངས་པའི་དམ་པའི་ཆོས་མཐའ་དག་འཇིག་རྟེན་དུ་དར་ཞིང་རྒྱས་པར་གྱུར་ཅིག །གླེགས་བམ་ལ་བྲིས་ཏེ་འཆང་བ་དང་མཆོད་པ་དང་བཀུར་སྟི་བགྱིས་པ་དང་འཛིན་པ་དང་ཀློག་པ་དང་ཁ་ཏོན་བགྱིད་པ་དང་གཞན་དག་ལའང་རྒྱ་ཆེར་སྟོན་པར་གྱུར་ཅིག །ཉན་ཐོས་དང་ཐེག་པ་ཆེན་པོའི་གང་ཟག་ཐམས་ཅད་ཀྱང་རང་རང་གི་མཛད་པ་ཕྲིན་ལས་རྒྱས་པར་གྱུར་ཅིག །རྟག་ཏུ་སྡེ་སྣོད་དུ་མ་ཉན་པ་དང་འཆད་པ་དང་རྩེ་གཅིག་ཏུ་མོས་པ་དང་འཇིག་རྟེན་ཐམས་ཅད་དུ་བཀྲ་ཤིས་པ་དང་གཟི་བྱིན་ཆགས་པ་དང་བདེ་བ་དང་ལེགས་པ་ཐམས་ཅད་འབྱུང་བ་དང་ཅི་བསམ་པའི་དོན་ཐམས་ཅད་འགྲུབ་པར་གྱུར་ཅིག །ངན་སོང་ནས་ངན་འགྲོ་ལས་གྲོལ་ཏེ་རབ་ཏུ་དགའ་བ་རྒྱས་པར་འགྱུར་བ་དང་རིག་པའི་ཡེ་ཤེས་རྒྱས་པར་གྱུར་ཅིག །ནམ་མཁའ་རྣམ་པར་དག་པ་ལྟར་དཀར་པོའི་ཡོན་ཏན་ཐམས་ཅད་རྒྱས་པར་གྱུར་ཅིག །རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཅིག །


SPN002_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་སེམས་ཅན་ཐམས་ཅད་བསླབ་པ་གསུམ་གྱིས་མཛེས་པར་གྱུར་ཅིག །ཁྱད་པར་དུ་ཡང་རང་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་ཞི་བར་གྱུར་ཅིག །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་སྣ་ཚོགས་དཔག་ཏུ་མེད་པས་མཆོད་པར་གྱུར་ཅིག །ལྷག་པར་ཡང་གནས་བརྟན་ཆེན་པོ་སོ་སོ་རང་རང་གི་བདེན་པའི་སྟོབས་ཀྱི་བྱིན་གྱིས་བརླབས་པ་རྣམས་དང་། སོ་སོའི་བྱིན་རླབས་ཀྱི་ཁྱད་པར་གྱིས་སྡིག་པ་དང་སྡུག་བསྔལ་ཞི་ཞིང་དགེ་བ་དང་བདེ་ལེགས་འཕེལ་བའི་ཕན་ཡོན་ཇི་སྐད་གསུངས་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་གྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། སྤྱན་མི་བཟང་དང་རྣམ་ཐོས་སྲས་ལ་སོགས་པ་དམ་པའི་ཆོས་སྐྱོང་བ་ལྷའི་དགེ་བསྙེན་འཁོར་དང་བཅས་པ་དགོངས་སུ་གསོལ། སྔོན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱན་སྔར་ལྷའི་ཚིག་བདེན་པས་འཛམ་བུའི་གླིང་སོགས་ཡུལ་རྣམས་དང་། གྲོང་དང་ལྷ་དང་མི་དང་སྐྱེ་བོའི་ཚོགས་དང་། ཆོས་


SPN002_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆོས་སྨྲ་བ་དང་བཅས་པའི་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་སྐྱོང་བར་ཞལ་གྱིས་བཞེས་པ་བཞིན་ཏུ་ཕན་ཡོན་ཇི་སྐད་གསུངས་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའི་མཐར། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་། བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པ་སྐུ་དང་གསུང་དང་ཐུགས་ཀྱི་ཀུན་ཏུ་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱིས་ཐུགས་དམ་ངེས་པས་དེ་བཞིན་ཏུ་གྱུར་ཅིག །ཅེས་བརྗོད་ཅིང་མེ་ཏོག་འཐོར། དེ་དག་ནི་དངོས་གཞིའིི་ལས་རིམ་མོ། །གསུམ་པ་རྗེས་ཆོག་གི་ཐོག་མར་གཏོར་མ་འབུལ་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ༀ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བནྡྷ་བནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་བསངས། ༀ་སྭ་བྷཱ་ཝ་སོགས་ཀྱིས་སྦྱངས།


SPN002_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཨཱཿཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་ནས། ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། རྩ་བརྒྱུད་བླ་མ་མ་ལུས་དང་། །གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང་། །ཚངས་པ་དང་ནི་བརྒྱ་བྱིན་དང་། །འཇིག་རྟེན་སྐྱོང་བ་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་སྟོབས་ཆེན་དང་། །འཕྲོག་མ་བུ་དང་བཅས་རྣམས་དང་། །གང་དག་བར་སྣང་སྤྱོད་པ་རྣམས། །མེ་ཏོག་ལ་སོགས་མཆོད་པ་རྣམས། །སེམས་ཅན་དོན་དུ་རྣམ་ཀུན་གྱིས། །རྟག་ཏུ་བརྩེ་བས་བཞེས་སུ་གསོལ། །ཞེས་དཀོན་མཆོག་དང་ཆོས་སྐྱོང་བའི་དགེ་བསྙེན་རྣམས་ལ་སྤྱིར་འབུལ། བྱེ་བྲག་ཏུ། ༀ་དྷྲྀཥྚ་རཥྚ་ཡ། བཻ་རུ་ཌྷ་ཀཱ་ཡ། བིརཱུ་པཀྵ་ཡ། བཻ་ཤྲ་བ་ཎཱ་ཡ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་གྱིས་ཕུལ་ནས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པས་རྒྱལ་ཆེན་གཏོར་མ་གཙང་སར་ཕུལ། རིགས་དྲུག་གི་གཏོར་མ་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པས་བྱིན་གྱིས་བརླབ་སྟེ། འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ། །སྐྱེ་གནས་རྣམས་པ་བཞིས་བསྡུས་པའི། །མཁའ་མཉམ་སེམས་ཅན་ཐམས་


SPN002_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ། །བདུད་རྩི་གཏོར་མ་འདི་འབུལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན། རང་རང་སྡུག་བསྔལ་ལས་གྲོལ་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །གཞི་བདག་གཏོར་མ་ཡང་བྱིན་རླབས་སྔར་ལྟར་ལ། བརྟན་མ་བཅུ་གཉིས་གནོད་སྦྱིན་ལྔ། །རི་རབ་རི་བདུན་རོལ་མཚོ་སོགས། །འཇིག་རྟེན་འདིར་གནས་གཞི་བདག་དང་། །ཁྱད་པར་ཡུལ་དང་གྲོང་འདིའི་ལྷ། །རི་དང་ཆུ་ཀླུང་ངམ་གྲོག་ཐང་། །གཉུག་མར་གནས་པ་མ་ལུས་ལ། བདུད་རྩི་གཏོར་མ་འདི༴། ན་མཿསོགས། མཉེས་ཤིང་ཚིམས་ནས་ཡུལ་ཕྱོགས་ཀུན། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པ་འགྲུབ་པར་མཛོད། །དེ་ནས་ཆ་གསུམ་བྱ། མཆོད་བསྟོད་རྒྱས་པར་ན། མཛེས་པའི་མེ་ཏོག་སོགས་ཉེར་སྤྱོད་དང་། བསྟོད་པ་ཡང་གང་འོས་བྱ་ཞིང་། བསྡུ་ན། ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་


SPN002_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་པས་འགྲུབ། བཟོད་གསོལ་ནི། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས་མ་འཚལ་བ་དང་། ལུས་ངག་ཡིད་གསུམ་ཉོན་མོངས་པ་དང་འདྲེས་པ་དང་། མཆོད་པའི་དངོས་པོ་ཆུང་ཞིང་དམན་པ་དང་། །གཙང་སྦྲས་མ་ཕྱེད་པ་དང་། མདོ་ལས་བྱུང་བའི་ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཞིང་ནོངས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པར་གསོལ་ཞིང་མཆིས་ན། ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ཤིང་འཕྲལ་དང་ཡུན་དུ་བདག་ཅག་གི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། །གཤེགས་གསོལ་ནི། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བདག་ཅག་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ལགས་ཀྱི་སོ་སོའི་ཞིང་ཁམས་སུ་འཁོར་དང་བཅས་པ་གཤེགས་སུ་གསོལ་ལ། སླར་ཡང་སེམས་ཅན་དོན་ལ་ཐུགས་


SPN002_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འབྱོན་པར་ཞུ། སྐབས་འདིར་སྤྲོ་ན་སྨོན་ལམ་ལྔ་བརྒྱ་པའམ་བཟང་པོ་སྤྱོད་པ་སོགས་བཏོན་ཀྱང་རུང་། མ་གྲུབ་ཀྱང་སྨོན་ལམ་དངོས་གཞི་གོང་དུ་སོང་བས་འཐུས། དེ་ནས་བསྔོ་བ་ནི། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །བཀྲ་ཤིས་རྒྱས་པར་གང་སྤྲོ་དང་། བསྡུ་ན། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ཀྱི་བཀྲ་ཤིས་ཤོག །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སོགས། ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ཀྱི་བཀྲ་ཤིས་ཤོག །དུས་གསུམ་རྒྱལ་བ་རྒྱལ་སྲས་ཐུགས་རྗེ་ཡིས། །ཉན་ཐོས་ཚུལ་བཟུང་


SPN002_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་ཇི་སྲིད་བར། །བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་པ། །གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་ཤོག །ཟབ་ཅིང་རྒྱ་ཆེན་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ཡི་བཀྲ་ཤིས་ཤོག །ཅེས་བརྗོད་དེ་རོལ་མོ་ལྡིར་ཞིང་དགེ་ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་པར་བྱའོ། །གནས་ཆོག་འདིའི་ཕན་ཡོན་དཔག་ཏུ་མེད་པ་ནི་བྲི་ཡིས་མ་ལོངས་པས་ཡིག་རྙིང་རྣམས་དང་། ཆོག་གཞུང་ཆེན་མོ་བྱང་ཆུབ་རབ་གསལ་ལས་ཤེས་ཤིང་། མདོར་ན་སྟོན་པ་ཤཱཀྱ་ཐུབ་པའི་མཚན་ཙམ་ཐོས་པས་ཀྱང་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། གནས་བརྟན་ཆེན་མོ་རྣམས་ལ་གསོལ་བ་བཏབ་པས་འཇིག་རྟེན་དུ་སྐུ་གཟུགས། གླེགས་བམ། མཆོད་རྟེན་དང་མཆོད་པའི་ཚོགས་རྒྱ་ཆེར་འགྱུར། དེ་ལ་བརྟེན་ནས་དགེ་འདུན་གྱི་སྡེ་འཕེལ་ཞིང་སངས་རྒྱས་ཀྱིས་བསྟན་པ་དར། དེ་ལ་བདུད་ཀྱི་གླགས་མི་རྙེད་པས་བཤད་སྒྲུབ་རྣལ་མ་འཕེལ། སྐྱེ་བོའི་ཚོགས་དགེ་བཅུ་ལ་རང་བཞིན་གྱིས་སྤྱོད་པས་ནད་ཡམས་འཁྲུགས་རྩོད་ཞི་ཞིང་ཚེ་རིང་བ་དང་། ནད་ཉུང་བ་དང་། ལོ་ལེགས་པ་སོགས་འཕྲལ་ཡུན་གྱི་བདེ་


SPN002_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཐམས་ཅད་འབྱུང། ཁྱད་པར་སྒྲུབ་པ་པོ་རང་གིས་གང་འདོད་པའི་དོན་རྣམས་ཐོགས་མེད་དུ་འགྲུབ་པར་གསུངས་སོ། །ཞེས་པའང་གར་དབང་དྲུག་པས་བསྩལ་བའི་གནས་ཆོག་ཆེན་མོ་ལས་རྒྱུན་ཆོག་ཁྱེར་བདེ་སྔོན་དུས་ཀཾ་ཚང་གི་ཆོས་སྡེ་རྣམས་ཀྱི་ཕྱག་སྲོལ་ལ་འཕྲི་བསྣན་བཅོས་བསླད་མེད་པར་ཟུར་ཕྱུང་བལྟས་ཆོག་ཏུ། ༧སི་ཏུ་པདྨ་ཉིན་བྱེད་དབང་པོས་བསྟན་འགྲོར་སྨན་པའི་ཆེད་དུ་ཡིད་དགའ་ཆོས་འཛིན་གྱི་གདན་སར་སྤེལ་བ་སྙིང་པོའི་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །མདྒལཾ། འདིར་ཡང་བསྟན་འགྲོར་ཕན་བདེའི་རྒྱུར་དམིགས་ནས། །དཔལ་སྤུངས་ཆོས་གྲྭར་ཟླ་བཟང་སྤྲུལ་མིང་པས། །པར་དུ་བསྒྲུབས་དགེས་སངས་རྒྱས་བསྟན་བསྟན་འཛིན། །འགྲོ་བའི་བདེ་སྐྱིད་ཉི་ཟླ་ལྟར་གསལ་ཤོག །སརྦ་ཐཱ་ཀ་ལྱཱན་བྷ་བནྟུ། །

ཆོས་དྲུག་བདུད་རྩི་ཉིང་ཁུའི་སྔོན་འགྲོ་དངོས་གྲུབ་མྱུར་སྩོལ།


SPN002_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དྲུག་བདུད་རྩི་ཉིང་ཁུའི་སྔོན་འགྲོ་དངོས་གྲུབ་མྱུར་སྩོལ་བཞུགས། ༀ་སྭསྟི་སིདྡྷི་ཧཱུྃ། རབ་འབྱམས་དཀྱིལ་འཁོར་ཀུན་བདག་འཁོར་ལོའི་མགོན། །རྡོ་རྗེ་འཆང་དབང་དཔལ་ལྡན་ཀརྨ་པ། །རྣམ་ཀུན་འབྲལ་མེད་རིགས་ཀྱི་བདག་པོར་བརྟེན། །དགོངས་པ་འགྲོལ་ཞིང་རྗེས་སུ་གནང་བར་གསོལ། །དེ་ལ་འདིར་རྒྱལ་བ་ཀུན་གྱི་ཐུགས་བཅུད་རྡོ་རྗེ་ཐེག་པའི་ཉེ་ལམ་རྨད་དུ་བྱུང་པ་ཟབ་མོ་ནཱ་རོ་ཆོས་དྲུག་ཅེས་གྲུབ་པའི་དབང་ཕྱུག་རྣམས་ཀྱི་སྙན་ནས་སྙན་དུ་བརྒྱུད་པའི་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་གང་ཟག་ལས་དང་སྐལ་བར་ལྡན་པ་དག་གིས་ཉམས་སུ་ལེན་པའི་རིམ་པ་ལ། དང་པོ་ཐུན་མོང་གི་སྔོན་འགྲོ་དལ་འབྱོར་རྙེད་དཀའ་བསམ་པ། འཆི་བ་མི་རྟག་དྲན་པ། ལས་འབྲས་རྣམ་པར་སྨིན་ཚུལ། འཁོར་བའི་ཉེས་དམིགས་ལ་བློས་གཞིག་པ་བཅས་ངེས་འབྱུང་གི་བསམ་པ་བརྟན་པོ་སྔོན་དུ་བཏང་། དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། ཐོག་མར་སྐྱབས་སེམས་ནི། ༀ་སྭཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་གཟུང་འཛིན་སྣང་ཞེན་གྱི་ཆོས་རྣམས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཁམས་གསུམ་གྱི་ས་བོན་ནཱ་ད་སུམ་བརྩེགས་སྟེང་མ་དཀར་པོ་མར་མེ་མི་གཡོ་བ་ལྟ་བུ། བར་པ་དམར་པོ་རྩེ་མོ་ཕྱོགས་བཅུར་


SPN002_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བ་སྲིན་བུ་པད་པ་ལྟ་བུ། འོག་མ་སྔོན་པོ་ནས་འབྲུ་ལྟ་བུའི་དབྱིབས་ཤིན་ཏུ་གཡོ་ཞིང་སྒྲ་དང་བཅས་པར་གསལ་བའི། སྟེང་མ་བར་པ་ལ་ཐིམ་པས་རང་གི་སྤྱི་བོ་ནས་སྐྲ་མཚམས་ཡན་གྲུབ། འོག་མ་བར་པ་ལ་ཐིམ་པས་སྙིང་ག་ནས་རྐང་མཐིལ་གྱི་བར་གྲུབ། བར་པ་ལན་གསུམ་གཡོས་པས་སྐྲ་མཚམས་ནས་སྙིང་གའི་བར་གྲུབ་པར་བསྒོམ་ལ། སྟོང་ལས་ཁམས་གསུམ་ངོ་བོ་ནཱ་དཱའི་གཟུགས། །དཀར་དམར་སྔོ་བརྩེགས་ཡས་མན་འདུས་པ་ལས། །སྐྲ་མཚམས་ཡན་དང་སྙིང་ག་ཕྱིན་ཆད་གྲུབ། །བར་པ་གཡོས་པས་དེ་བར་གྲུབ་པའི་མདུན། །དེ་ནས་མདུན་དུ་རིན་པོ་ཆེའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་དབུས་སུ། སེང་གེའི་ཁྲི་པདྨ་ཉི་ཟླའི་གདན་ལ་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་ལ་བརྒྱུད་པའི་ཚོགས་ཀྱིས་བསྐོར་བ། མདུན་དུ་པད་ཉི་ལ་ཡི་དམ་འཁོར་ལོ་སྡོམ་པར་རྒྱུད་སྡེའི་ལྷ་ཚོགས་ཀྱིས་བསྐོར་བ། གཡས་སུ་པད་ཟླ་ལ་སངས་རྒྱས་ཤཱཀྱ་ཐུབ་པར་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ། རྒྱབ་ཏུ་པད་ཟླ་ལ་ཤེར་ཕྱིན་མར་ཆོས་དཀོན་མཆོག་གིས་བསྐོར་བ། གཡོན་དུ་པད་ཟླ་ལ་རྒྱལ་སྲས་དཔའ་བོ་རྣལ་འབྱོར་མ་སྲུང་མའི་ཚོགས་བཅས་བཞུགས་པར་བསྒོམ་ལ། གཞལ་མེད་ཁང་དབུས་


SPN002_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་ལྔ་ཚོམ་གསལ། །དེ་ལ་རྩེ་གཅིག་གུས་པས་སྐྱབས་འགྲོ་བྱ། །བདག་སོགས་མཁའ་མཉམ་སེམས་ཅན་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་བར། །དུས་གསུམ་གཤེགས་པའི་རྒྱན་འཁོར་ལྔ། །གཅིག་བསྡུས་ཆོས་ཕུང་བརྒྱད་ཁྲི་དང་། །བཞི་སྟོང་འབྱུང་གནས་འཕགས་པ་ཡི། །དགེ་འདུན་བདག་ཉིད་རྩ་བརྒྱུད་ཀྱི། །བླ་མ་རྣམས་ལ་སྐྱབས་སུ་མཆི། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །དཔའ་བོ་དང་ནི་དཔའ་མོའི་ཚོགས། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །ཞེས་ལན་མང་དུ་བརྗོད། དེ་ནས་སེམས་བསྐྱེད་པ་ནི། ༀ་བཛྲ་ས་ཏྭ་ༀ། ཞེས་བརྗོད་པས། རང་ཉིད་རྡོ་རྗེ་སེམས་དཔའ་སྐུར་གྱུར། ༀ་བཛྲ་སཏྭ་ཨཱཿཐུགས་ཀར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གསལ་བར་གྱུར། དེ་ནས་ཐུན་མོང་མིན་པའི་ཚངས་གནས་བཞི་འདོན་སྒོམ་སྦྲགས་པ་ནི། ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་ཆགས་པས་རྗེས་སུ་ཆགས་པར་གྱུར་ཅིག །ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་བསྡམ་པས་རྗེས་སུ་བསྡམ་པར་གྱུར་ཅིག །ༀ་


SPN002_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་རྡོ་རྗེ་བདེ་བ་ཆེན་པོས་ཡང་དག་པར་མྱོས་པར་གྱུར་ཅིག །ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་རྣལ་འབྱོར་སྦྱོར་བས་རྗེས་སུ་གྲོལ་བར་གྱུར་ཅིག །ཅེས་མང་དུ་བརྗོད། ༀ་བཛྲ་སཏྭ་ཧཱུྃ། ཟླ་གདན་གྱི་སྟེང་དུ་དོན་དམ་བྱང་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བའི་རྣམ་པར་གྱུར། དེ་ནས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །སངས་རྒྱས་ཀུན་གྱི་དམ་ཚིག་ཆེ། །ཨེ་ཝཾ་རང་བཞིན་འབའ་ཞིག་པ། །རྡོ་རྗེ་སྙིང་པོར་བདག་བསྐྱེད་དོ། །ཞེས་མང་དུ་བརྗོད་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་རྒྱ་ཆེན་པོ་འགྲུབ༴སོགས་དགེ་བསྔོ་བྱའོ། །རྡོར་སེམས་ནི། རང་གི་སྤྱི་བོར་ཟླ་གདན་གྱི་སྟེང་འོད་ཀྱི་གུར་ཁང་གི་དབུས་སུ་བླ་མ་རྡོ་རྗེ་སེམས་དཔའ་འོད་ཀྱི་སྐུ་ཅན་ཁ་དོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་ཀྱིས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན་ཅིང་། གཡོན་པས་དྲིལ་བུ་དཀུར་བརྟེན་པ་འགྱིང་བ་དང་བཅས་པས་བཞུགས་པ་ལ་མོས་གུས་དུང་བྱས་པས། དེའི་སྐུ་ལས་བདུད་རྩིའི་རྒྱུན་འོ་མ་ལྟ་བུ་བྱུང་རང་གི་ཚངས་བུག་ནས་ཞུགས། ལུས་ཐམས་ཅད་གང་བས་རྣམ་སྨིན་གྱི་ཕུང་པོ་གདོས་བཅས་ཀྱི་ཆ་སྦྲུལ་གྱི་ཤུན་པ་བརྗེས་པ་ལྟར་སོང་། ལུས་ཕྱི་


SPN002_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ནང་སྒྲིབ་མེད་ཤེལ་གོང་ཕྱིས་པ་ལྟར་གྱུར། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་པར་མོས་ལ་ངག་ཏུ། སྤྱི་བོར་ཟླ་གདན་འོད་ཀྱི་གུར་ཁང་དབུས། །བླ་མ་རྡོ་རྗེ་སེམས་དཔའ་རབ་དཀར་བ། །དེ་ལ་མོས་གུས་བྱས་པས་བདུད་རྩི་བབས། །རྣམ་སྨིན་ལུས་སྦྱངས་སྡིག་སྒྲིབ་དག་པར་གྱུར། །ཅེས་བརྗོད་པས་གསལ་བཏབ་ནས་ཡི་གེ་བརྒྱ་པ་མང་དུ་འདོན། མཐར་རྡོ་རྗེ་སེམས་དཔའ་རང་ཉིད་ལ་ཐིམ་པར་མོས་ཏེ་ཐུན་བསྡུའོ། །དེ་ནས་ཚོགས་གཉིས་རྫོགས་བྱེད་མཎྜལ་ནི། གནས་ཁང་མཛེས་པར་བརྒྱན། སྟེགས་ཀྱི་ཁར་རིན་པོ་ཆེ་སོགས་ཀྱི་མཎྜལ་སྐྱོན་མེད་དྲི་བཟང་དང་བཅས་པའི་མེ་ཏོག་ཚོམ་བུ་སོ་བདུན་མ་ལག་ལེན་ལྟར་བཀོད་པ་དང་། མཆོད་པ་ཅི་འབྱོར་ཡང་བཤམས། རང་ཉིད་ཧེ་རུ་ཀ་དཔའ་བོ་གཅིག་པའི་སྐུར་བསྒོམས་པའི་མདུན་དུ། སྐྱབས་ཡུལ་གྱི་སྐབས་ལྟར་དཀོན་མཆོག་ལྔ་ཚོམ་སྤྱན་དྲངས་ཏེ་བཞུགས་པར་མོས་པའི་དྲུང་དུ། སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་མའི་ངོ་བོ་ལྷ་མོ་བཅུ་དྲུག་ཏུ་གྱུར་པས། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེན་པོས་མཆོད་པར་བསམ་ལ། དེ་ཉིད་གསལ་གདབ་པ་ནི། རང་ཉིད་ཧེ་རུ་ཀར་གསལ་མདུན་གྱི་མཁར། །དཀོན་མཆོག་


SPN002_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་སྤྱན་དྲངས་བཞུགས་པའི་དྲུང་། །ཕྱི་ནང་གསང་བའི་མཆོད་ཚོགས་རབ་འབྱམས་ཀྱིས། །འགྲོ་ཀུན་མཆོད་ལྷར་གྱུར་པས་མཆོད་པར་གྱུར། །སངས་རྒྱས་ཀུན་འདུས་བླ་མའི་དྲུང་། །གླིང་བཞི་རི་རབ་བཅས་པ་དང་། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་བཅས། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །འགྲོ་ཚོགས་སྒོ་གསུམ་ལོངས་སྤྱོད་དང་། །དགེ་ཚོགས་འབུལ་གྱི་བཞེས་སུ་གསོལ། །ཁང་བཟང་རྟ་བབས་བསིལ་ཁང་དང་། །ཁྲུས་ཁང་སྲོ་ཁང་ལྡུམ་ར་དང་། །སྐྱེད་ཚལ་གདན་ཁྲི་བླ་བྲེས་གདུགས། །རྒྱལ་མཚན་བ་དན་རྔ་བསིལ་ཡབ། །ཆུ་བཞི་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་མཆོག །རོལ་མོ་སྐུ་ཁྲུས་ན་བཟའ་རྒྱན། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །གཟིམ་མལ་བང་མཛོད་གཏེར་ལོ་ཏོག །རྫིང་བུ་བ་མཆོག་དཔག་བསམ་ཤིང་། །བཞོན་པ་རྩེད་འཇོ་བཀྲ་ཤིས་བརྒྱད། །རིན་ཆེན་སྣ་བདུན་བཅས་པ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །སྟོང་ཆེན་རྟོགས་པར་བྱེད་པའི་རོ། །དྲི་ཆུ་དྲི་ཆེན་རཀྟ་དང་། །ཁུ་ཀླད་བདེ་ཆེན་འབར་བའི་རོ། །མི་རྟ་ཁྱི་བ་གླང་པོའི་ཤ། ཡེ་ཤེས་བདུད་རྩི་དག་པ་ཅན། །དཔལ་ལྡན་བླ་མ་མཆོག་ལ་འབུལ། །ཞེས་གྲངས་ཅི་


SPN002_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བརྗོད་ཅིང་། ཚོམ་བུ་ཁ་གསོ། དེ་ནས་བདུན་རྣམ་དག་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་གྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་འགྲུབ་ཤོག །ཅེས་བརྗོད། །ཚོགས་ཞིང་འོད་ཞུ་བདག་དང་དབྱེར་མེད་ཅིང་། །དགེ་བས་བདེ་ཆེན་རྡོ་རྗེའི་གནས་ཐོབ་ཤོག །ཅེས་བྱའོ། །དེ་ནས་བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་གྱི་རིམ་པ་སོགས་གཞུང་དུ་གསལ་བ་ལྟར་ཉམས་སུ་ལེན་པར་བྱའོ། །དེ་ལྟར་སྔོན་འགྲོའི་རིམ་པ་རྣམ་འདྲེན་དཔའ་བོ་རིན་པོ་ཆེའི་བཀས་བསྐུལ་ལྟར། རྗེ་ཆོས་ཀྱི་འབྱུང་གནས་ཀྱིས་བསྒྲིགས་པ་སོར་བཞག་ལ། སླར་ཡང་དང་པོའི་ལས་ཅན་རྣམས་འཇུག་བདེའི་ཕྱིར་ཅུད་ཟད་གསལ་བར་བཀོད་པ་པོ་ནི་སི་ཏུ་པདྨ་ཉིན་བྱེད་དབང་པོའོ། །མངྒ་ལམ།། །།

ཟབ་ལམ་ནཱ་རོ་ཆོས་དྲུག་གི། །འཁྲུལ་འཁོར་ཟིན་བྲིས་མཐོང་ཙམ་གྱིས། །ཁོང་ཆུད་དོན་དང་ལྡན་པ་ཡི། །གསུང་རྒྱུན་གོ་བདེ་རབ་གསལ།


SPN002_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་ནཱ་རོ་ཆོས་དྲུག་གི། །འཁྲུལ་འཁོར་ཟིན་བྲིས་མཐོང་ཙམ་གྱིས། །ཁོང་ཆུད་དོན་དང་ལྡན་པ་ཡི། །གསུང་རྒྱུན་གོ་བདེ་རབ་གསལ་བཞུགས། །


SPN002_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སྭསྟི་པྲ་ཛ་བྷྱཿམཆོག་ཏུ་མི་འགྱུར་ཆོས་དབྱིངས་ཡེ་ཤེས་ཁམས། །བདེ་བ་ཆེན་པོའི་རང་བཞིན་འདུས་མ་བྱས། །སྒྱུ་འཕྲུལ་རྡོ་རྗེའི་རྣམ་པར་རོལ་པ་ནི། །ཅིར་ཡང་སྟོན་པ་དོན་བརྒྱུད་བླ་མར་འདུད། །རྣམ་དག་ངེས་དོན་བཀའ་གསང་ཟབ་མོའི་ཆོས། །བླ་ན་མེད་པའི་རྒྱུད་སྡེའི་ཡང་སྙིང་གང་། །རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །ཡེ་ཤེས་མངོན་སུམ་རྒྱུད་སྨིན་གྲོལ་བ་ཡི། །རིམ་གཉིས་དངོས་གྲུབ་མྱུར་ལམ་མཐར་ཐུག་མཆོག །པཎ་ཆེན་ནཱ་རོའི་ཆོས་དྲུག་ཅེས་གྲགས་པ། །གྲུབ་ཐོབ་སྐར་ཚོགས་ལྟ་བུ་གཤེགས་པའི་ཤུལ། །སྐལ་ལྡན་ཚེ་གཅིག་སངས་རྒྱས་ཐོབ་པའི་ཐབས། །གཞུང་དོན་ཁྲིད་རིམ་སྔོན་བྱོན་གོང་མ་ཡི། །


SPN002_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ལས་གསལ་ཞིང་འདིར་ནི་ལུས་སྦྱོང་གི། །འཁྲུལ་འཁོར་ཕྱག་ལེན་ཁུངས་བཙུན་གོ་བདེ་བ། །རྡོ་རྗེའི་དམ་ཚིག་ལྡན་པའི་སློབ་མ་ལ། །ཕན་ཕྱིར་བཀོད་ལ་ཆོས་བདག་ཌཱ་ཀི་ཡིས། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །དེ་ཡང་བསམ་གཏན་ཚེར་མས་དབེན་པའི་གནས། །བདེ་བའི་གདན་འཁོད་དང་པོ་ཐུན་མོང་གི། །སྔོན་འགྲོར་བློ་སྦྱོང་དེ་ནས་ཐུན་མིན་གྱི། །སྔོན་འགྲོ་བསགས་སྦྱོང་ཆོས་རྣམས་ནན་ཏན་འབད། །དེ་ནས་དངོས་གཞི་གཏུམ་མོ་ལམ་གྱི་གཞུང་། །སྒྱུ་ལུས་ལམ་གྱི་བོགས་འདོན་རྨི་ལམ་ནི། །ལམ་གྱི་ཚོད་འཛིན་འོད་གསལ་ལམ་སྒྲོན་མེ། །དེ་ལྟར་རྩ་བ་བཞི་དང་ཡན་ལག་ནི། །བར་དོ་ལམ་གྱི་


SPN002_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སུན་མ་འཕོ་བ་ནི། །ལམ་གྱི་སྐྱེལ་མར་གསུངས་ཕྱིར་དེ་ཀུན་གྱི། །སྙིང་པོ་གཏུམ་མོའི་ཉམས་ལེན་གཞིར་བྱས་ཏེ། །རྩ་རླུང་ཐིག་ལེ་གནད་དུ་བསྣུན་པ་ཡིས། །ཟག་མེད་ཏིང་འཛིན་ཡེ་ཤེས་བསྐྱེད་ཕྱིར་དུ། །རྡོ་རྗེའི་ལུས་ལ་འཁྲུལ་འཁོར་འདི་ལྟར་བསྐོར། །སྔོན་འགྲོ་རླུང་སྐྱོན་སེལ་བའི་འཁྲུལ་འཁོར་ནི། །རླུང་བཟུང་མི་དགོས་ལུས་གནད་ཆོས་བདུན་བཅའ། །ལག་མཐིལ་གཉིས་ཀྱིས་རྐང་མཐིལ་ཤད་ཀྱིས་བྱུགས། །ལན་གསུམ་དང་བཅས་ལག་གཉིས་འཁྱུད་པའི་རྒྱ། །བཀྲོལ་དང་རྡོར་སྐྱིལ་བཤིགས་པ་དུས་མཉམ་བཅས། །ལག་གཉིས་བརླ་གཡས་དཔྱི་མགོར་ཐལ་བརྡེབ་བཅས། །ཕྱིར་བྱུག་རྐང་པ་བརྐྱང་ནས་ལོང་བུ་བསྡམ། །ནང་ནས་ཡར་བྱུག་རྐང་པ་བསྐུམ་པ་བཅས། །དེ་བཞིན་གཡས་གསུམ་དང་ནི་གཡོན་གསུམ་བྱ། །རྡོར་སྐྱིལ་དཔུང་བརྒྱང་ལག་གཉིས་ཐལ་རྡེབ་དང་། །འཕུར་བ་དང་བཅས་ལན་གསུམ་ལག་གཡས་ཀྱིས། །གཡོན་ངོས་ཕྲག་དཔུང་ཕྱིར་བྱུགས་ལག་མགོ་ནས། །ནང་ལ་མཆན་ཁུང་བར་དུ་ཡར་བྱུགས་འཕྲལ། །ལག་གཡས་ཤད་བརྐྱང་དེ་ལྟར་གཡོན་གསུམ་དང་། །གཡས་གསུམ་བྱ་ཞིང་ལག་གཉིས་རྡོར་སྐྱིལ་ཐད། །ཕྱིར་བསྟན་ཡར་ཁྱེར་མཆན་བརྡེབ་བརྒྱབ་ནས་སུ། །མདུན་དུ་བརྐྱང་ཞིང་ལག་གཡས་དཔྲལ་བ་དང་། །གཡོན་གྱིས་ལྟག་པ་


SPN002_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྐོར་སྔར་བཞིན་དུ། །མཆན་རྡེབ་དང་བཅས་ལན་གསུམ་མགོ་འཕུར་ཟེར། །ལག་མཐིལ་གདོང་ལ་ཕྱིར་བྱུག་ལྐོག་མའི་ཐད། །ཐལ་རྩེ་སྤྲད་པ་ཕྱིར་བསྟན་དེ་འདྲ་གསུམ། །ལག་མཐིལ་གཡས་སྟེང་གཡས་འོག་རེས་མོས་ཀྱིས། །ནུ་འཕུར་གཡས་གསུམ་གཡོན་གསུམ་ཁུ་ཚུར་གཉིས། །མདུན་རྒྱབ་རེས་མོས་ཕྱིར་བྱུག་གསུམ་བྱེད་པ། །དེ་ཡིས་དྲུག་ཚང་ཁུ་ཚུར་མཛུབ་བསྐོར་གྱིས། །གཡས་གཡོན་མཁལ་འཕུར་གསུམ་བྱ་དེ་ནས་རླུང་། ༈། འབུད་པ་དགུ་ཕྲུག་ཁུ་ཚུར་གཉིས་སྦུབས་ཤིང་། །བརླ་བཞག་ལག་གཡོན་པུས་སྟེང་ནས་ཡར་ཁྱེར། །མཆན་རྡེབ་མདུན་བརྐྱང་ཁུ་ཚུར་མཛུབ་བསྐོར་བཅས། །གྲུ་མོ་ཐད་བརྒྱང་མཛུབ་མོས་སྣ་གཡོན་བཀག །གཡས་ནས་རྔུབ་ཅིང་འབུད་པ་གསུམ་རེ་བྱ། །མཆན་རྡེབ་མདུན་བརྐྱང་བརླ་བཞག་དེ་བཞིན་དུ། །གཡས་ཀྱིས་ཚར་མཚམས་ཁུ་ཚུར་གཉིས་བརླར་སྦུབས། །སྣ་བུག་གཉིས་ནས་རྔུབ་དགང་འབུད་གསུམ་བྱ། །ཁུ་ཚུར་གྱེན་བསྟན་བུམ་ཅན་ཅི་ནུས་བཟུང་། །དེ་ནས་རྩ་ཁྲུས་ཡན་ལག་ལྔ་སྦྱོང་ནི། །ལུས་གནད་དང་བཅས་རླུང་བཟུང་ཁུ་ཚུར་གཉིས། །པུས་སྟེང་ཡར་ཁྱེར་མཆན་རྡེབ་མདུན་བརྐྱང་འཕྲལ། །བྲང་རྡེག་མཆན་རྡེབ་གོང་བཞིན་གསུམ་བྱ་ཞིང་། །ལག་གཡས་གཡོན་གྱིས་ཕྲག་དཔུང་ཕྱིར་བྱུག་ནས། །མཁྲིག་མའི་མཚམས་ནས་ནང་ལ་མཆན་


SPN002_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་བར། །ཡར་བྱུག་ལག་གཡས་ཤད་བརྐྱང་དེ་ལྟར་དུ། །གཡོན་གསུམ་གཡས་གསུམ་བྱ་ཞིང་ཐལ་བརྡེབ་འཕུར། །ལན་གསུམ་དང་ནི་པུས་སྟེང་ཐལ་མོ་གཉིས། །ཕྱིར་བསྟན་ཡར་ཁྱེར་མཆན་བརྡེབ་མདུན་དུ་བརྐྱང་། །ལག་གཡོན་དཔྲལ་བ་གཡོན་པས་ལྟག་པ་བསྐོར། །གོང་བཞིན་མཆན་བརྡེབ་དང་བཅས་ལན་གསུམ་བྱ། །མདུན་རྒྱབ་རེས་མོས་ཕྱིར་བྱུག་གསུམ་གྱི་རྗེས། །སྐྱིལ་ཀྲུང་བཤིག་ཅིང་ལག་གཉིས་བརླ་གཡས་ཀྱི། །དཔྱི་མགོར་ཐལ་བརྡེབ་དང་བཅས་ཕྱིར་བྱུག་ནས། །རྐང་བརྐྱང་མཐིལ་ནས་ནང་ལ་ཡར་བྱུག་དུས། །རྐང་པ་བསྐུམ་ཞིང་དེ་ལྟར་ལན་གསུམ་རྗེས། །ལག་གཡོན་རྐང་གཡས་རྒྱབ་དང་མཐིལ་ལ་བཟུང་། །ཁུ་ཚུར་གཡས་ཀྱིས་པུས་མོ་མནན་ནས་སུ། །མིག་གིས་གཡས་གཡོན་གྱེན་བལྟ་སྔར་ཇི་བཞིན། །གཡོན་ལའང་གོང་ལྟར་བྱས་རྗེས་རྡོར་སྐྱིལ་བཅའ། །ལག་གཉིས་སར་བཙུགས་རེས་ཀྱིས་འབེབས་ཆུང་གསུམ། །རྡོར་སྐྱིལ་བཀྲོལ་ཞིང་ཧ་སྤྲུགས་འཕུར་འདོན་བྱག །ནཱ་རོ་དྲུག་སྐོར་ལུས་གནད་རླུང་བཟུང་བཅས། །ལག་གཉིས་ཁུ་ཚུར་ཁ་སྦུབས་པུས་སྟེང་བཞག །ཕོ་བ་གཡས་གསུམ་གཡོན་གསུམ་བསྐོར་ནས་སུ། །ཁུ་ཚུར་སྔོན་ལྟར་དཔུང་བརྒྱང་རོ་སྟོད་གཡས། །གཡོན་བཅས་རེས་མོས་གཅུད་པ་ལན་དྲུག་བྱེད། །ཁུ་ཚུར་གྱེན་བསྟན་བརླར་བཞག་མགྲིན་པ་གཡས། །གཡོན་བཅས་གསུམ་གསུམ་བསྐོར་ཞིང་མགོ་


SPN002_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེ་སྒུ། །གསུམ་དང་རྡོར་སྐྱིལ་བཤིགས་ལ་གཞོག་གཡོན་ཕབ། །ལག་གཡོན་ཁུ་ཚུར་ནུ་ཐད་བཞག་ལག་གཡས། །གྱེན་བརྐྱང་བསྐུམ་དང་མཆན་བརྡེབ་མཉམ་བསྒྲིགས་ཀྱིས། །རྐང་གཡས་གྱེན་བརྐྱང་བསྐུམ་ནས་འཕང་བརྡེབ་བྱ། །དེ་ལྟར་ལན་གསུམ་དེ་ནས་གཞོགས་གཡས་ཕབ། །གོང་ལྟར་བྱས་རྗེས་རྡོར་སྐྱིལ་ཁུ་ཚུར་གཉིས། །མདུན་རྒྱབ་རེས་མོས་ཡར་བྱུག་གསུམ་མར་བྱུག །གསུམ་མཐར་འབེབས་ཆུང་གསུམ་དང་རྡོར་སྐྱིལ་བཤིགས། །ཧ་སྤྲུགས་སིལ་དང་འཕུར་འདོན་སོགས་བྱའོག །སོ་བདུན་མ་ལ་ལུས་གནད་བཅའ་རླུང་བཟུང་། །ལག་གཉིས་ཁུ་ཚུར་ཁ་སྦུབས་པུས་སྟེང་བཞག །ཕོ་བསྐོར་གཡས་གཡོན་གསུམ་རེ་པུས་གཡས་སྟེང་། །གཡས་ཀྱི་ཁུ་ཚུར་སྟེང་དུ་གཡོན་པ་བརྩེགས། །ཕོ་བསྐོར་གཡས་གཡོན་གསུམ་རེ་པུས་གཡོན་སྟེང་། །གཡོན་གྱི་ཁུ་ཚུར་སྟེང་དུ་གཡས་པ་བརྩེགས། །ཕོ་བསྐོར་གཡས་གཡོན་གསུམ་རེ་དང་ཁུ་ཚུར། །བརླར་བཞག་གྱེན་བསྟན་ལག་གཡས་མགོར་གཡོན་བསྐོར། །མཆན་བརྡེབ་མདུན་བརྐྱང་དེ་འདྲ་གསུམ་བྱ་ཞིང་། །གཡོན་གྱི་ཁུ་ཚུར་མགོ་ལ་གཡས་བསྐོར་གྱིས། །ཞགས་འཕེན་སྔར་ལྟར་རྗེས་ལ་མདུན་བརྐྱང་འཕྲལ། །གཡས་ཀྱི་ཐལ་མོས་གཡོན་མཐིལ་དཔུང་བྲང་བར། །བྱུགས་ནས་གཡོན་དཔུང་བརྒྱང་པ་མདའ་འགེངས་ཚུལ། །གཡས་མཆན་བརྡེབ་ནས་


SPN002_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་གཡས་མཐིལ་གྱིས། །བྲང་ནས་དཔུང་གཡོན་ལག་མཐིལ་བྱུགས་འཕྲལ་གཡས། །དཔུང་བརྒྱང་གཡོན་མཆན་བརྡེབ་སོགས་གོང་བཞིན་དུ། །དྲུག་གི་རྗེས་ལ་དཔུང་གཡོན་མདུན་བརྐྱངས་ལ། །དཔུང་ནང་གཡས་ཀྱི་ཁུ་ཚུར་ཡར་མར་ཤད། །གསུམ་དང་གཡས་ལའང་དེ་བཞིན་འབེབས་ཆུང་གསུམ། །རྡོར་སྐྱིལ་བཀྲོལ་ཞིང་ཧ་སྤྲུགས་འཕུར་འདོན་བྱེད། །སྐབས་འདིར་རླུང་བཟུང་འབེབས་ཆུང་གང་ནུས་བྱ། །དེ་ནས་ནཱ་རོའི་ཡན་ལག་ལྔ་སྦྱོང་ནི། །ལུས་གནད་དང་བཅས་རླུང་བཟུང་ཁུ་ཚུར་གཉིས། །ཁ་སྦུབས་པུས་སྟེང་བཞག་ལ་ཕོ་བསྐོར་གཡས། །གསུམ་དང་གཡོན་གསུམ་ཁུ་ཚུར་གྱེན་བསྟན་བརླར། །བཞག་ཅིང་མགྲིན་པ་གཡས་གསུམ་གཡོན་གསུམ་བསྐོར། །མགྲིན་པ་གཡས་ཀྱོག་གཡོན་ཀྱོག་གསུམ་གསུམ་དང་། །མགོ་བོ་དགྱེ་སྒུ་གསུམ་བཅས་ཁུ་ཚུར་གཉིས། །གྱེན་གཞལ་ཐད་བརྐྱང་གཡས་ཀྱི་ཁུ་ཚུར་གྱིསག །ཕྲག་གོང་བརྡེག་ལ་གཡོན་པའང་དེ་ལྟར་བརྡེག །སླར་ཡང་གཡས་ཀྱིས་བརྡེག་བཅས་ལག་གཉིས་ཀ། མཆན་བརྡེབ་མདུན་བརྐྱང་གསུམ་བྱ་ཐད་བརྐྱངས་ནས། །གཡོན་གཡས་ཕྲག་བརྡེག་མཆན་བརྡེབ་སོགས་སྔར་ལྟར། །རྡོར་སྐྱིལ་བཀྲོལ་འཕྲལ་ཙོག་པུར་ལག་གཡོན་པར། །བཙུགས་ནས་རྐང་གཡས་མཐེ་བོང་ལག་གཡས་ཀྱིས། །བཟུང་ནས་མདུན་བརྐྱང་བསྐུམ་པ་གསུམ་བྱས་ལ། །ལག་གཡས་སར་བཙུགས་གཡོན་


SPN002_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གྱིའང་དེ་ལྟར་བྱ། །ཙོག་པུར་རྐང་བསྣོལ་ལག་གཉིས་འཁྱུད་རྒྱའི་ཚུལ། །གྱེན་འཕག་ལག་གཉིས་ཐད་བརྐྱང་སེམས་སྐྱིལ་བྱ། །བར་འབེབས་གསུམ་མཐར་ཧ་སྤྲུགས་འཕུར་འདོན་ནོ། །དེ་ནས་མཻ་ཏྲིའི་ཡན་ལག་ལྔ་སྦྱོང་ནི། །ལུས་གནད་རླུང་བཟུང་ཁུ་ཚུར་གཉིས་ཁ་སྦུབས། །བརླར་བཞག་མགྲིན་པ་གཡས་གསུམ་གཡོན་གསུམ་སྐོར། །མགྲིན་པ་གཡས་ཀྱོག་གཡོན་ཀྱོག་གསུམ་གསུམ་དང་། །མགོ་བོ་དགྱེ་སྒུ་གསུམ་གསུམ་རྡོར་སྐྱིལ་བཀྲོལ། །པུས་མོ་བཙུགས་ལ་གྲུ་གཡོན་བརྒྱང་ཁུ་ཚུར། །ནུ་སྟེང་མནན་ལ་ལག་གཡས་ཞགས་འཕེན་དང་། །མཆན་བརྡེབ་སོགས་བཅས་ལན་གསུམ་སླར་ཡང་ནི། །གཡས་གཡོན་གོ་ལྡོག་དེ་ལྟར་ལན་གསུམ་བྱ། །ཙོག་པུར་ལག་གཉིས་སར་བཙུགས་རྐང་པ་གཡས། །ཐད་ལ་བརྐྱང་བསྐུམ་གསུམ་བྱེད་གཡོན་ལའང་འགྲེ། །བར་འབེབས་གསུམ་དང་ཧ་སྤྲུགས་འཕུར་འདོན་ནོ། །སྐབས་འདིར་རླུང་བཟུང་བར་འབེབས་ཅི་ནུས་བྱ། །རླུང་སྐྱོན་སེལ་དང་ཡན་ལག་ལྔ་སྦྱོང་དང་། །དྲུག་སྐོར་སོ་བདུན་མ་བཅས་རྩ་བ་བཞི། །ནཱ་རོ་མཻ་ཏྲིའི་ཡན་ལག་ལྔ་སྦྱོང་བཅས། །བསྣན་པས་རྩ་བ་དྲུག་ཅེས་ཡོངས་སུ་གྲགས། །ཉི་མ་དྲུག་སྐོར་ཙོག་པུར་འདུག་རླུང་བཟུང་། །རྐང་པ་གཉིས་བསྣོལ་ལག་གཉིས་བསྣོལ་ཕྱིར་བརྐྱང་། །རྐང་མཐིལ་འོག་ནས་ཡར་ལ་


SPN002_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མཐེ་བོང་བཟུང་། །ཕོ་བསྐོར་གཡས་དྲུག་གཡོན་དྲུག་རྐང་རྟིང་སར། །བཙུགས་ནས་འཕང་བཏེགས་རེས་མོས་དེ་འདྲ་དྲུག །དེ་བཞིན་གྱེན་འཕག་དྲུག་བཅས་སྣ་རླུང་བཏང་། །གཏུམ་མོ་ཞག་བདུན་ཙོག་པུར་འདུག་རླུང་བཟུང་། །རྐང་ལག་བསྣོལ་སོགས་གོང་བཞིན་རྐང་སྟེང་ནས། །མཐེ་བོང་བཟུང་ལ་ཕོ་བསྐོར་གཡས་གསུམ་གཡོན། །གསུམ་དང་རྟིང་པ་སར་བཙུགས་འཕང་བཏེགས་རེས། །གསུམ་བྱེད་ཡར་ལངས་ཐོག་འབེབས་ལག་གཉིས་ཀྱིས། །པུས་སྟེང་གྱེན་གཞལ་ཐད་བརྐྱང་ཕྲག་གོང་ཕྱིར། །གཞལ་ནས་ཁུ་ཚུར་གྱེན་བསྟན་བརླར་བཞག་འཕྲལ། །སེམས་སྐྱིལ་དང་བཅས་སླར་ཡང་ཙོག་པུར་འདུག །རྐང་མཐེབ་བཟུང་ཞིང་ཕོ་བསྐོར་འབེབས་ལ་སོགས། །སྔར་བཞིན་གསུམ་མཐར་ཧ་སྤྲུགས་འཕུར་འདོན་ནོ། །དེ་ནས་གཏུམ་མོ་བཅོ་བརྒྱད་དང་པོ་ལ། །རླུང་སྐྱོན་སེལ་བར་ལུས་གནད་རྐང་གཡོན་མཐིལ། །ལག་གཡས་ཕྱིར་སྦུབས་གཡོན་པ་མདུན་བརྐྱངས་ནས། །མཛུབ་བསྐོར་གྲུ་བརྒྱང་སྣ་གཡོན་བཀག་གཡས་ནས། །རྔུབ་ཅིང་འབུད་པ་གསུམ་མམ་རེ་རེ་བྱ། །མཆན་བརྡེབ་མདུན་བརྐྱང་ལག་གཡོན་གཡས་རྐང་མཐིལ། །སྟེང་སྦུབས་སྣ་གཡས་བཀག་སོགས་སྔོན་ལྟར་བྱ། །ཁུ་ཚུར་བརླར་སྦུབས་སྣ་གཉིས་རླུང་སྔོན་བཞིན། །གསུམ་དང་བུམ་པ་ཅན་རླུང་ཅི་ནུས་བཟུང་། །མེ་ཐབ་དྲུག་འཆིང་ཙོག་


SPN002_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པུར་རྐང་བསྣོལ་ནས། །པུས་སྟེང་གྲུ་བཙུགས་ལག་བསྣོལ་ཐལ་མོ་གཉིས། །དཔུང་པར་སྦྱར་ལ་བུམ་ཅན་ཅི་ནུས་བཟུང་། །ལྗོན་ཤིང་བསྣོལ་བར་ལག་པའི་མཁྲིག་མ་བསྣོལ། །བཟུང་ཞིང་པུས་མོའི་ཐད་འཁྱུད་རླུང་གོང་ལྟརག །སྐུ་གསུམ་བསྣོལ་བ་རྐང་བོལ་གཡོན་སྟེང་གཡས། །མཐིལ་གྱིས་མནན་ནས་ལག་གཉིས་དཔུང་བསྣོལ་བཟུང་། །པུས་མོའི་ཐད་འཁྱུད་རླུང་བཟུང་གོང་ལྟར་རོ། །བཙན་ཐབས་དྲོད་འབེབས་ཙོག་པུར་རྐང་མཐེབ་གཉིས། །ལག་གཉིས་བསྣོལ་འཛིན་རླུང་བཟུང་ཕོ་བསྐོར་གཡས། །གསུམ་དང་གཡོན་གསུམ་རྐང་མཐིལ་འཕང་བཏེགས་རེས། །གསུམ་དང་ཐད་བརྐྱང་གསུམ་མཐར་འབེབས་ཆེན་ནི། །ལང་ཞོར་འཁྱུད་རྒྱ་ཕྱིར་འབབ་ལག་ཐད་བརྐྱང་། །སེམས་སྐྱིལ་དེ་བཞིན་ཅི་ནུས་མཐར་རྡོར་འབེབས། །ཧ་སྤྲུགས་འཕུར་འདོན་སྐབས་འདིར་ངལ་གསོའོ། །མཁའ་ལྡིང་སྦྲུལ་འཛིན་ལུས་གནད་རླུང་བཟུང་འཕྲལ། །རྐང་གཉིས་མདུན་བརྐྱང་པུས་སྟེང་ལག་ཁུ་ཚུར། །སྦུབས་ལ་གྱེན་ལང་རྐང་ལག་རྩེ་སར་བཙུགས། །མགོ་བཀུག་མིག་གྱེན་བལྟ་ཞིང་གཞོགས་གཡས་གཡོན། །དགང་འདྲེན་གསུམ་གསུམ་འབེབས་ཆེན་སོགས་སྔར་ལྟར། །བྱིངས་སེལ་བྱ་རྒོད་འཕུར་ལ་ལུས་གནད་སོགས། །སྔར་ལྟར་བྱས་ལ་གྱེན་ལངས་རྐང་གཡས་བསྐུམ། །གཡོན་


SPN002_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་ལག་གཉིས་ཐད་བརྐྱང་ཕྲག་གོང་བརྡེག །རེས་མོས་ནཱ་རོའི་ཡན་ལག་ནང་ལྟར་གྱི། །མཆན་བརྡེབ་མདུན་བརྐྱང་སོགས་དང་རྐང་གཡོན་བསྐུམ། །གཡས་བརྐྱང་ལག་གཉིས་ཕྲག་རྡེག་སོགས་གོང་བཞིན། །དེ་མཐར་འབེབས་ཆེན་ལ་སོགས་སྔར་ལྟར་རོ། །རྒོད་སེལ་ཤེས་པ་བུམ་པར་བཟུང་ལུས་གནད། །རླུང་བཅས་ལྟ་སྟངས་སྨད་ལ་ལག་གཉིས་ཕྱིར། །བསྣོལ་མར་ཁ་སྦུབས་རྐང་གཉིས་མཐིལ་དུ་སྦྱར། །སྣ་ནས་རླུང་བཏང་སྤྱང་མོ་ཉལ་བ་ནི། །ལུས་གནད་རླུང་བཟུང་དེ་དང་གཞོག་གཡས་སར། །གཏད་ནས་རྐང་པ་གཉིས་བསྐུམ་པུས་བྲང་སྤྲད། །ལག་གཡས་གཡོན་གྱི་མཆན་སྟེང་བཀབ་གཡོན་པས། །པུས་མོ་གཉིས་འཁྱུད་ཉལ་མཐར་ལུས་གནད་བཅའ། །སྣ་ནས་རླུང་བཏང་མཁའ་ལ་དབབ་པ་ནི། །ལུས་གནད་རླུང་བཅས་དེ་ནས་གན་རྐྱལ་འདུག །ལག་གཉིས་ཁུ་ཚུར་རྐང་པ་གཉིས་བསྐུམས་ནས། །གྱེན་འཕག་རྐང་ལག་གྱེན་བརྐྱང་ཕྱིར་བསྐུམ་གསུམ། །ཐལ་མོ་བསྒྲད་བསྡོམ་གྱེན་འཕག་སོགས་སྔར་ལྟར། །གསུམ་མཐར་ལང་ནས་འབེབས་ཆེན་ཧ་སྤྲུགས་འཕུར། །ནེ་ལེ་རེས་འཇོག་ལུས་གནད་རླུང་བཟུང་ནས། །ཡར་ལང་ལག་གཡོན་ཁུ་ཚུར་དཀུར་བརྟེན་ནས། །རྐང་གཡོན་སར་བཙུགས་གཡས་ཀྱི་རྐང་ལག་གཉིས། །མདུན་ངོས་ཕྱིར་ལ་བརྐྱང་བསྐུམ་ལག་མཆན་བརྡེབ། །རྐང་རྟིང་འཕང་བརྡེབ་


SPN002_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་སྦྲགས་གཡོན་ལའང་། །དེ་ལྟར་བྱ་ཞིང་འབེབས་ཆེན་ཧ་སྤྲུགས་འཕུར། །ཐིག་ལེ་འདྲེན་བཞིར་རླུང་ནི་རང་བབ་ངང་། །དང་པོ་རི་རབ་འཕུར་བ་ལུས་གནད་བཅའ། །ཁུ་ཚུར་བརླར་བཞག་རོ་སྟོད་ལྷོད་ནས་སུ། །གཡོན་གཡས་དབུས་གསུམ་གྱེན་དྲང་ཁོང་སྒྲ་བཅས། །ཧཱུྃ་རིང་བཅུ་དང་ཧཱུྃ་ཐུང་བཅུས་ཡར་འདྲེན། །མིག་འབྲས་གྱེན་ལྡོག་ལྕེ་རྩེ་རྐན་ལ་སྦྱར། འདྲེན་བཞི་རིགས་འགྲེ་དགོས་། ལྟོ་བ་སྒལ་སྦྱར་རྗེས་ལ་ཧ་སྤྲུགས་བྱའོ། །ཝ་ཡི་བཞད་ཚུལ་ལུས་གནད་ཁུ་ཚུར་གཉིས། །ནུ་སྟེང་བཞག་ལ་གྲུ་བརྒྱང་རོ་སྟོད་ལྷོད། །ཧཱུྃ་གི་ཁོང་སྒྲས་གྱེན་དྲངས་སོགས་སྔོན་བཞིན། །ཡི་དྭགས་འདུག་སྟངས་རྐང་རྩེ་གཉིས་སར་བཙུགས། །རྟིང་སྤྲད་དཔུང་བརྒྱང་ཁུ་ཚུར་པུས་སྟེང་མནན། །ཕྱེད་ལང་ཙམ་བྱས་མིག་གྱེན་ལྡོག་བལྟ་སོགས། །གསུམ་དང་ཧིག་ཀ་རིང་ཐུང་གཉིས་ཀྱིས་གྱེན། །དྲངས་ཤིང་འཕང་དང་རྐང་རྟིང་རྡེབ་ཆུང་གསུམ། །སླར་ཡང་ཕྱེད་ལང་ལ་སོགས་སྔོན་ལྟར་དུ། །ལན་གཉིས་རྗེས་ལ་འབེབས་ཆེན་ཧ་སྤྲུགས་བྱའོ། །སེངྒེ་གྱེན་ལོགས་སྐྱིལ་ཀྲུང་བར་ལག་གཉིས། །ཁུ་ཚུར་མཐེབ་མཛུབ་གུང་གསུམ་སར་བཙུགས་ནས། །ཧཾ་ཀ་ར་བརྗོད་གཡས་གཡོན་དབུས་གྱེན་དྲང་། །རྡོར་སྐྱིལ་ཡར་བཀྱག་མདུན་བརྡེག་བཅས་དེ་ལྟར། །གསུམ་མཐར་ཧ་སྤྲུགས་


SPN002_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འཕུར་འདོན་སེང་གེ་རྩལ། །སྤྲུགས་ནི་ལུས་གནད་རླུང་བཟུང་རྡོར་སྐྱིལ་བཤིགས། །ཁུ་ཚུར་པུས་སྟེང་ཡར་ཁྱེར་བར་འབེབས་དང་། །མཆན་བརྡེབ་དུས་གཅིག་བྱས་ལ་གཡས་གཡོན་དབུས། །ཐལ་མོ་ཕྱེད་བཙུམ་དེ་བཞིན་ལན་གསུམ་མཐར། །ཕ་ཧ་ཧ་བརྗོད་རླུང་བཏང་བར་འབེབས་གསུམ། །སེངྒེ་རྣམ་རོལ་ལུས་གནད་རླུང་བཟུང་འཕྲལ། །ཁུ་ཚུར་པུས་སྟེང་ཡར་ཁྱེར་མཆན་བརྡེབ་འཕྲལ། །ཟད་བརྐྱང་ཚུར་བསྐུམ་སྲིན་ལག་མཐེའུ་ཆུང་གིས། །ཁ་བཀབ་གུང་མོས་སྣ་དང་མཛུབ་མོས་མིག །བཀབ་ཅིང་མཐེ་བོང་རྣ་བ་བཀབ་ནས་སུ། །རོ་སྟོད་གཡས་བསྐོར་གསུམ་དང་གཡོན་བསྐོར་གསུམ། །མ་ཧ་ཧ་བརྗོད་རླུང་བཏང་བར་འབེབས་གསུམ། །སྙན་བརྒྱུད་དྲུག་ལས་སེངྒེ་བརྩེ་བ་ནི། །རླུང་ནི་རང་བབས་སེམས་སྐྱིལ་ལག་གཉིས་བསྣོལ། །གཡོན་པས་རྐང་གཡས་ལོང་བུ་བསྡོམ་གཡས་པས། །བོལ་མཐིལ་ནས་བཟུང་རྐང་གཡོན་བསྐུམ་འོག་སྒོར། །བཞག་ལ་ཧ་འདྲེན་གྱེན་འཐེན་ལྷོད་ལན་གསུམ། །རྐང་ལག་གཡས་གཡོན་བརྗེས་ལ་གོང་ལྟར་བཅས། །ཧ་སྤྲུགས་འཕུར་འདོན་སྟག་མོ་སྐྱུག་པ་ནི། །རླུང་ནི་རང་བབ་རྡོར་སྐྱིལ་འོག་ལག་གཉིས། །ཕྱིར་བསྟན་སྦུབས་ལ་ཧ་སྤྲུགས་ཚུལ་རྡོར་སྐྱིལ། །མདུན་བརྡེབ་དང་བཅས་གསུམ་མཐར་རྡོར་སྐྱིལ་བཤིག །ཧ་སྤྲུགས་འཕུར་


SPN002_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་གླང་ཆེན་འགྱིང་ལུས་གནད། །རླུང་བཟུང་རྡོར་སྐྱིལ་བཤིགས་ལ་རྐང་པ་གཉིས། །མདུན་བརྐྱང་ལག་གཉིས་ཕྱིར་སྦུབས་བརྐྱངས་ནས་སུ། །རྐང་པའི་ལོང་བུའི་ཕྱི་ནས་ཡར་གཞལ་ལ། །ཡར་ལང་མཆན་བརྡེབ་རྐང་ལག་སར་བཙུགས་སྒུར། །རྐང་གཉིས་བར་ལ་མཁྱིད་གང་བཞག་ལག་གཡོན། །ཁུ་ཚུར་སྟེང་དུ་གཡས་བཞག་མགོ་རྒུར་ཞིང་། །གྱེན་འཐེན་གསུམ་དང་འཕང་ཚོས་རྐང་རྟིང་བརྡེག །གསུམ་བཅས་ཡར་ལོང་སྔར་ལྟར་རྒུར་སོགས་བཅས། །གསུམ་མཐར་འབེབས་ཆེན་ཧ་སྤྲུགས་འཕུར་འདོན་ནོ། །རུས་སྦལ་བསྐུམ་ནི་ལུས་གནད་སོགས་སྔར་བཞིན། །ཡར་ལངས་མཆན་བརྡེབ་རྐང་གཉིས་བར་ཁྲུ་གང་། །བཞག་ལ་ལག་གཉིས་བརླ་ནང་ཕྱིར་འཁྱུད་ནས། །རྐང་མཐེབ་བཟུང་ལ་དགང་འདྲེན་གཡས་གཡོན་དབུས། །འཐེན་ཞིང་ལུས་སྟོད་འཕར་འདར་གསུམ་འབེབས་ཆེན། །སྔར་ལྟར་བྱ་ཞིང་རྨ་བྱ་འཕུར་ལ་ཡང་། །ལུས་གནད་ལ་སོགས་གོང་བཞིན་ཡར་ལངས་ནས། །མདུན་ངོས་རྟིང་སིག་ཕྱིར་སྒུར་ལག་གཉིས་ཀྱིས། །རྐང་གཉིས་མཐེ་བོང་དམ་བཟུང་མགོ་བཀུག་ནས། འཕང་སར་བཙུགས་ནས་རྐང་གཉིས་དྲང་པོར་གྱེན། །བརྐྱང་ལ་བཟུང་ནས་དེ་ངང་ཡར་ལང་ནས། །ཕྱིར་སྒུར་ལ་སོགས་ལན་གསུམ་རྗེས་འབེབས་ཆེན། །སྔར་ལྟར་བྱས་ལ་བྱ་རྒོད་འཕུར་གོང་བཞིན། །


SPN002_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་གནད་རིགས་འགྲེའི་གཏུམ་མོ་བཅོ་བརྒྱད་ནང་། །བྱ་རྒོད་འཕུར་དང་མཚུངས་ཤིང་ལན་གསུམ་མཐར། །འབེབས་ཆེན་ཧ་སྤྲུགས་འཕུར་འདོན་ངལ་གསོ་ཞིང་། །མཉམ་བཞག་ངོ་བོ་སྐྱོང་སོགས་ཀུན་ལ་འགྲེའོ། །དེ་ནས་རྐྱང་འབེབས་ལུས་གནད་རླུང་བཟུང་ནས། །རྡོར་སྐྱིལ་བཤིགས་ལ་ཡར་ལང་རྐང་པ་གཤིབ། །ལག་གཉིས་ཐུར་བརྐྱང་ལུས་པོ་འཕངས་པའི་ཚུལ། །སར་བརྡབ་རྐང་བརྐྱང་ལུས་སྟོད་དྲང་པོའི་ངང་། །ཡར་ལ་ཕྱིར་འཕངས་དེ་ལྟར་གསུམ་གྱི་མཐར། །འབེབས་ཆེན་ཧ་སྤྲུགས་འཕུར་འདོན་སླར་ཡང་ནི། །འབེབས་ཆེན་ལུས་གནད་རླུང་བཟུང་ཡར་ལང་ནས། །རྐང་གཉིས་གཤིབ་པའི་འབེབས་ཆེན་ཅི་ནུས་དང་། །རྐང་གཉིས་བསྒྲད་པའི་འབེབས་ཆེན་ཅི་ནུས་དང་། །རྐང་གཉིས་བསྣོལ་བའི་འབེབས་ཆེན་ཅི་ནུས་བཅས། །ཧ་སྤྲུགས་འཕུར་འདོན་རླུང་གེགས་སེལ་བ་ནི། །ལུས་གནད་རླུང་བཟུང་ཁུ་ཚུར་བརླར་སྦུབ་ཅིང་། །མིག་གིས་གཡས་དང་གཡོན་བལྟ་གཡས་བལྟས་ལ། །ཧ་ཧ་ཧ་བརྗོད་དེ་བཞིན་གཡོན་གཡས་སོགས། །བཞིར་བྱས་རྡོར་སྐྱིལ་བཤིགས་ལ་ལག་གཉིས་ཀྱིས། །རྡོ་རྗེ་རྩེ་གཅིག་ཕྱག་རྒྱ་གྱེན་བརྐྱང་བསྐུམ། །བར་འབེབས་དང་སྦྲགས་ཧ་འདོན་དེ་ལྟར་དུ། །དྲུག་གམ་བདུན་མཐར་ཧ་སྤྲུགས་འཕུར་འདོན་ནོ། །ཡང་ན་གེགས་སེལ་སེམས་སྐྱིལ་པུས་མོའི་སྟེང་། །ཁུ་ཚུར་སྤུབས་ལ་གཞོགས་གཡས་


SPN002_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བཅས་དཀྱུ། །པུས་བྲང་འཕྲོད་ཙམ་དེ་བཞིན་གསུམ་ཙམ་བྱའོ། །རྗེས་རིམ་ཡན་ལག་ལྔ་སྦྱོང་བསྡུས་པ་དང་། །མཐའ་རྟེན་སེམས་སྐྱིལ་རྐང་གཡས་ལོང་བུའི་སྟེང་། །ཁུ་ཚུར་གཉིས་བརྩེགས་ཧཱུྃ་སྒྲས་ལན་གསུམ་དུ། །གྱེན་འདྲེན་དེ་མཐར་ཧ་སྤྲུགས་སིལ་སིལ་དང་། །ཡན་ལག་ཉིང་ལག་འཕུར་འདོན་དྲག་ཏུ་བྱ། །གཞན་ཡང་གེགས་སེལ་ནཱ་རོའི་གཟེར་ལྔ་དང་། །མར་པའི་ལྔ་བཅུ་པ་སོགས་ལས་གསལ་ཞིང་། །ཀུན་གྱི་སྙིང་པོ་གནས་ལུགས་གཉུག་མའི་དོན། །རང་སེམས་ངོ་བོ་སྐྱོང་བ་མཆོག་ཏུ་གསུངས། །དེ་ལྟར་རྡོར་འཆང་དགོངས་པའི་གནད་ཟབ་བཅུད། །འཕགས་ཡུལ་གྲུབ་བརྙེས་རིམ་བརྒྱུད་ལོ་ཙཱ་ཆེར། །གདམས་པའི་མན་ངག་ཡང་གཅེས་འཁྲུལ་འཁོར་གྱི། །ལུས་སྦྱོང་འབད་པས་རྩ་མདུད་རང་སར་གྲོལ། །རླུང་ལ་དབང་ཐོབ་ཐིག་ལེ་བརྟེན་ནས་སུ། །བདེ་སྟོང་ཡེ་ཤེས་ཟག་མེད་ཏིང་འཛིན་རྒྱས། །ཚེ་གཅིག་ཆོས་སྐུའི་གོ་འཕང་བདེ་བླག་ཏུ། །ཐོབ་བྱེད་ཚེགས་ཆུང་དོན་ཆེའི་གནས་སུ་ངེས། །ལམ་འདིར་ཞུགས་པའི་སྐལ་ལྡན་རྣམས། །ལམ་བཟང་མ་ནོར་འདིར་འབད་ནས། །ལམ་གྱི་མཐར་ཐུག་ཕྱག་རྒྱ་ཆེ་འི། །ལམ་མཆོག་མངོན་དུ་རྟོགས་གྱུར་ཅིག །ཅེས་པའང་གོང་མ་རྣམས་ཀྱི་གསུང་རྒྱུན་བཞིན། སི་ཏུ་པདྨ་ཉིན་བྱེད་དབང་པོས་ཟིན་ཐོར་སྤེལ་བ་དགེ། སརྦ་མངྒ་ལཾ། །

དཔལ་མཆོག་དང་པོའི་སངས་རྒྱས་ཀྱི་གསང་སྔགས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བྱིན་རླབས་བཀའ་བརྒྱུད་བླ་མར་གསོལ་འདེབས་བརྒྱུད་འཛིན་མཆོག་རྒྱན།


SPN002_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མཆོག་དང་པོའི་སངས་རྒྱས་ཀྱི་གསང་སྔགས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བྱིན་རླབས་བཀའ་བརྒྱུད་བླ་མར་གསོལ་འདེབས་བརྒྱུད་འཛིན་མཆོག་རྒྱན་ཞེས་བྱ་བ་བཞུགས་སོ། །


SPN002_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཨཱཿཧཱུྃ་ཧོཿམཆོག་གི་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །ཡན་ལག་བདུན་ལྡན་བཅོམ་ལྡན་དུས་འཁོར་ལོ། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །ཨེ་ཝྃ་རྡོ་རྗེ་འཆང་དབང་ཤཱཀྱ་ཐུབ། །རྒྱལ་བ་གཉིས་པ་གསང་བདག་ཟླ་བ་བཟང་། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །ས་བཅུའི་བྱང་ཆུབ་སེམས་དང་ཁྲོ་བོ་ཆེའི། །རྣམ་འཕྲུལ་ཆོས་རྒྱལ་རིགས་ལྡན་སུམ་ཅུ་ལྔར། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །གྲུབ་པ་ཡོངས་གཙོ་དུས་ཞབས་འཇམ་རྡོ་རྗེ། །མཁས་གྲུབ་དུས་འཁོར་བྷ་དྲ་པ་ཡབ་སྲས། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་


SPN002_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རློབས། །མཁས་ཤིང་མཆོག་གཟིགས་པཎ་ཆེན་ཟླ་བ་མགོན། །འཇིག་རྟེན་མིག་གྱུར་འབྲོ་ལོ་ཤེས་རབ་གྲགས། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །རྫོགས་སྦྱོར་ལམ་གྱི་གྲུབ་བརྙེས་དཀོན་མཆོག་སྲུང་། །མཁའ་འགྲོས་མཆོད་གྱུར་དཔའ་བོ་གནམ་ལ་བརྩེགས། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །འདུལ་འཛིན་ཡེ་ཤེས་ཆེ་བརྙེས་དད་པའི་རྒྱལ། །འཇམ་དཔལ་གཞོན་ནུའི་རྣམ་འཕྲུལ་ཆོས་དབང་ཕྱུག །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་


SPN002_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་རྣམ་ཐར་མཚུངས་བྱིན་རློབས། །ལྷག་ལྷས་རྗེས་བཟུང་མཁས་པ་ནམ་མཁའ་འོད། །མཁའ་སྤྱོད་ཡོངས་གཙོ་འཇའ་ལུས་ཇོ་འབུམ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །ས་བཅུའི་དབང་ཕྱུག་ནམ་མཁའ་རྒྱལ་མཚན་པ། །འཇམ་དཔལ་དཔའ་བོས་རྗེས་བཟུང་ཤེས་རབ་འོད། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །སངས་རྒྱས་རབ་གསལ་ངོ་བོ་ཆོས་འོད་ཟེར། །རིགས་ལྡན་རྣམ་འཕྲུལ་ཀུན་སྤངས་ཞང་བརྩོན་འགྲུས། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །བྱང་སེམས་ཆེན་པོ་རྒྱལ་བ་ཡེ་ཤེས་པ། །མཁས་བཙུན་བཟང་པོའི་མཐར་ཐུག་ཡོན་ཏན་མཚོ། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །པད་དཀར་འཆང་དངོས་ཀུན་མཁྱེན་དོལ་པོ་པ། །དེ་བསྟན་འཛིན་མཁས་ཕྱོགས་ལས་རྣམ་རྒྱལ་ཞབས། །གསོལ་


SPN002_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །སྨྲ་བའི་སེང་གེ་ཉ་དབོན་ཀུན་དགའ་དཔལ། །འཁྲུལ་ཞིག་རྣལ་འབྱོར་གྲུབ་ཆེན་ཀུན་བློ་གྲོས། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །ལུང་རྟོགས་བསྟན་པ་ཡོངས་རྫོགས་དཀོན་ཅོག་བཟང་། །ངེས་དོན་གསལ་སྒྲོན་ནམ་མཁའ་ཆོས་སྐྱོང་མཚན། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །གནས་ལྔ་རིག་པ་ནམ་མཁའ་དཔལ་བཟང་པོ། །འཕགས་པའི་རྣམ་འཕྲུལ་ཡོངས་གྲགས་རིན་ཆེན་བཟང་། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །འཇམ་མགོན་གྲུབ་པ་སྤྱོད་འཆང་གྲོལ་མཆོག་ཞབས། །འདུལ་འཛིན་མཁས་གྲུབ་ལུང་རིགས་རྒྱ་མཚོའི་སྡེ། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །འཇིགས་མེད་ཤིང་རྟ་ཀུན་སྙིང་རྡོ་རྗེ་འཆང་། །རྒྱལ་ཚབ་གནས་བརྟན་རིན་ཆེན་རྒྱ་མཚོའི་སྡེ། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །ཟབ་ལམ་བསྟན་པའི་སྲོག་འཛིན་བློ་གྲོས་རྒྱལ། །


SPN002_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་རྣལ་འབྱོར་ངག་དབང་ཕྲིན་ལས་དཔལ། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །སྦས་པའི་སངས་རྒྱས་ཆོས་རྗེ་ཀུན་བཟང་དབང་། །རྒྱལ་སྲས་རིག་འཛིན་ཚེ་དབང་ནོར་བུའི་སྡེ། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །མཉྫུ་ཤྲཱི་དངོས་ཆོས་ཀྱི་འབྱུང་གནས་ཞབས། །རྒྱལ་སྲས་ཐུ་བོ་ཐུགས་ཀྱི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །གདུལ་བྱར་ཐར་ལམ་མཆོག་གྱུར་ཕྱག་རྒྱ་ཆེ། །སྟོན་མཛད་མཚུངས་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །རྒྱུད་སྡེའི་མཐར་ཐུག་ཡི་དམ་ཡོངས་ཀྱི་གཙོ། །དུས་ཀྱི་འཁོར་ལོ་བཅོམ་ལྡན་རྡོ་རྗེ་སེམས། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །རྒྱུད་ཀྱི་བདག་མོ་རྣལ་འབྱོར་མ་རིགས་བརྒྱ། །བར་ཆད་སེལ་མཛད་སྲུང་མ་དྲུག་ཅུ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །དེ་ལྟར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཆེའི། །བརྒྱུད་པ་ཡིད་བཞིན་ནོར་བུར་


SPN002_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བཏབ་མཐུས། །གང་གི་ཐུགས་རྗེས་བདག་བློ་དད་པ་དང་། །ངེས་འབྱུང་ལྷག་བསམ་རྣམ་དག་སྡོམ་གསུམ་བརྟན། །བརྒྱུད་པ་འཛིན་མཐུས་གཞན་སྟོང་ལྟ་བའི་གནད། །ཇི་བཞིན་བློར་ཆུད་རྡོ་རྗེའི་རྣལ་འབྱོར་ལམ། །བསྒོམ་པས་ཚེ་གཅིག་ཉིད་ལ་དབང་བཞིའི་དོན། །མ་ནོར་རྡོར་སེམས་འབྲས་བུ་ཐོབ་བྱིན་རློབས། །ཞེས་པ་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་མན་ངག་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་བྱིན་རླབས་བརྒྱུད་པའི་བླ་མ་ལ་གསོལ་བ་བཏབ་པ་འདི་ཡང་རྒྱལ་ཁམས་པ་ཚེ་དབང་ནོར་བུས་ལྷོ་ཕྱོགས་ཀྱི་ཤམྦྷ་ལ་ཇོ་ནང་དཔལ་གྱི་རི་ཁྲོད་དུ་ཤིང་སྟག་ནག་ཟླའི་ཚེས་ཉེར་གསུམ་ལ་ཆོས་འཆད་པའི་ཐུན་སྐབས་གཅིག་ཏུ་བརྗོད་པའོ། །ཁ་སྐོང་པདྨ་ཉིན་བྱེད་དབང་པོས་སོ། །དགེའོ། །དགེའོ། །དགེའོ། །

དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་སྔོན་འགྲོ་ཆོས་སྤྱོད་ཀྱི་ངག་འདོན།


SPN002_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་སྔོན་འགྲོ་ཆོས་སྤྱོད་ཀྱི་ངག་འདོན་བཞུགས་སོ། །ན་མོ་གུ་ར་ཝེ། གང་ཞིག་སྲིད་དང་ཞི་བའི་དངོས་པོ་རྣམས། །མི་འགྱུར་བདེ་བ་ཆེན་པོའི་དབྱིངས་ཉིད་དུ། །རྒྱས་གདབ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཆོག །མངོན་པར་གསལ་སྟོན་དཔལ་ལྡན་བླ་མར་འདུད། །དུས་གསུམ་རྒྱལ་དང་རྒྱལ་སྲས་ཀྱི། །འཇུག་ངོགས་བླ་ན་མེད་པ་ཡི། །ཟབ་མོའི་ལམ་མཆོག་འདིར་གུས་རྣམས། །སྔོན་འགྲོའི་ཆོས་ལ་འབད་པར་རིགས། །དེ་ཡང་གང་ཟག་སྐལ་བ་མཆོག་དང་ལྡན་ཞིང་དད་མོས་དམ་ཚིག་ཅན་གྱིས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཉམས་སུ་ལེན་པ་ལ་རྒྱུད་སྣོད་རུང་དུ་བྱ་ཕྱིར་ཐུན་མོང་སྔོན་འགྲོ་ཆོས་སྤྱོད་ཀྱི་རིམ་པ་ལ་ལྔ་སྟེ།


SPN002_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་ཐེག་ཆེན་ལམ་གྱི་གཞི་རྟེན་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ། སྡིག་སྒྲིབ་བག་ཆགས་སྦྱོང་བྱེད་རྡོར་སེམས་བསྐྱེད་བཟླས། ཚོགས་གཉིས་མྱུར་དུ་རྫོགས་ཕྱིར་མཎྜལ་མཆོད་འབུལ། ཐུགས་རྗེས་རྒྱུད་གྲོལ་སྨིན་བྱེད་བླ་མའི་རྣལ་འབྱོར་བཅས་དང་། ཐུན་མོང་མིན་པའི་སྔོན་འགྲོ་རྫོགས་རིམ་གྱི་རྟེན་བསྐྱེད་རིམ་ལྷའི་རྣལ་འབྱོར་སོགས་ཀྱི་ངག་འདོན་མཐར་ཆགས་སུ་བསྟར་ལ། དང་པོ་དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་དཀྱུས་མཐུན་ཙམ་བཅས། སེམས་རྣལ་དུ་ཕབ་ནས། དག་པའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ལྷའི་གཞལ་ཡས་ཁང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་རྒྱ་ཁྱོན་བཀོད་ལེགས་དེའི་དབུས་སུ། དཔག་བསམ་ལྗོན་པ་རྩ་བ་བརྟན་ལ་ཡལ་ག་དང་ལོ་མ་མེ་ཏོག་དང་འབྲས་བུ་རྒྱས་པའི་སྟེང་དུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི། སྣ་ཚོགས་པདྨ་དང་ཉི་ཟླའི་སྟེང་དུ། ངོ་བོར་རང་གི་རྩ་བའི་བླ་མ་རྣམ་པ་རྡོ་རྗེ་འཆང་གི་སྐུ་ཅན་ལ་བརྒྱུད་པའི་བླ་མ་ཐམས་ཅད་སྤྲིན་ལྟར་གཏིབས་པ། དེ་ལ་ཡི་དམ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་བསྐོར་ཞིང་། ཕྱོགས་ཀྱི་ས་གཞི་ལ་སེང་ཁྲི་པདྨ་ཉི་ཟླའི་གདན་རེ་རེ་གསལ་བའི་མདུན་དུ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྤྲུལ་པའི་སྐུ་རྣམས་ཀྱིས་བསྐོར་བ་དང་། གཡས་སུ་འཕགས་པ་འཇམ་དཔལ་ཉེ་བའི་སྲས་བརྒྱད་སོགས་བྱང་སེམས་འཕགས་པའི་དགེ་འདུན་རྣམས་དང་། གཡོན་དུ་མཆོག་ཟུང་གཉིས་སོགས་ཉན་རང་འཕགས་པའི་དགེ་འདུན་གྱི་ཚོགས་དང་། རྒྱབ་ཕྱོགས་སུ་ཆོས་དཀོན་མཆོག་དམ་བའི་ཆོས་གསུང་རབ་གླེགས་བམ་གྱི་རྣམ་པ། གདན་


SPN002_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་རྣམས་ཀྱི་བར་མཚམས་སུ་ཡེ་ཤེས་ཆོས་སྐྱོང་རྣམས་དང་། དཔའ་བོ་མཁའ་འགྲོ་ལ་སོགས་པ་ཐམས་ཅད་སྲུང་སྐྱོབ་ཀྱི་ཚུལ་དུ་བཞུགས་པར་མོས་ལ། དེ་རྣམས་ཀྱི་དྲུང་དུ་ལྷན་ཅིག་མ་གྱུར་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས་སྐྱབས་ཡུལ་རྣམས་ཀྱིས་ཡོན་ཏན་དྲན་བཞིན་པའི་སྒོ་ནས་སྐྱབས་སུ་འགྲོ་བ་དང་། རིགས་དྲུག་སེམས་ཅན་གྱི་སྡུག་བསྔལ་ལ་སྙིང་རྗེས་ཀུན་ནས་བསླངས་ཏེ་ཐར་པའི་གནས་སུ་དྲང་བའི་འདུན་པ་དང་ལྡན་པས། མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴། དམ་པའི་ཆོས་རྣམས་ལ༴། འཕགས་པའི་དགེ་འདུན་རྣམས་ལ་༴། མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །དེ་ལྟར་ཚོགས་ཞིང་རྣམས་ལ་བློ་གཏད་ལིང་སྐྱུར་གྱིས་སྐྱབས་འགྲོ་ཅི་ནུས་བྱ་ཞིང་། མཐར། བླ་མ་དཀོན་མཆོག་རིན་པོ་ཆེ་ཁྱེད་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ། སྐྱབས་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་ཐིམ། ཅི་གནས་སུ་མཉམ་པར་བཞག །བསྔོ་བ་ནི། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་


SPN002_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་བརྗོད། འདི་སྐབས་ཉལ་བའི་རྣལ་འབྱོར་ནི། སྐྱབས་ཡུལ་རྣམས་བསྡུས་པར་བླ་མའི་སྐུའི་མདུན་ཕྱོགས་ཀྱི་ས་གཞིར་པད་ཟླའི་གདན་ལ་རང་ཉིད་ཉལ་བར་མོས་ཏེ། སྐྱབས་ཡུལ་ལ་མོས་གུས་བསྒོམ་བཞིན་པས་གཉིད་དུ་འགྲོ་བར་བྱའོ། །ཞར་བྱུང་གི་མན་ངག་གོ། །དེ་ནས་གཉིས་པ་སེམས་བསྐྱེད་ནི། ཕྱོགས་བཅུ་ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ལ་བློས་གཞིག་བཏང་ནས། བདག་གཞན་ཐམས་ཅད་བདེ་བ་ལྟར་སྣང་ཉི་ཚེ་བའི་ངང་ནས། སྡུག་བསྔལ་མཐའ་མེད་ཁོར་མོ་ཡུག་ཏུ་སྤྱོད་བཞིན་པ་ལ་ཡིད་སྐྱོ་ཤས་དང་བཅས་སྨོན་འཇུག་གི་སེམས་བསྐྱེད་པ་དང་། ཚད་མེད་བཞིའི་དོན་བསྒོམ་པ་རང་རྒྱུད་ལ་ཅི་འདྲེར་བྱ་ཞིང་ངག་ཏུ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཕྱིར་དུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བགྱིའོ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ངག་


SPN002_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཅི་ནུས་བརྗོད་མཐར་དགེ་བསྔོ་བཅས་བྱ། གསུམ་པ་རྡོར་སེམས་ནི། རང་གི་སྤྱི་བོར་པྃ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ལྟེ་བར་ཧོཿཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་བསྟིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ༀ་ཤྲི་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་


SPN002_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡ། ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ། ཅེས་ཅི་ནུས་བཟླ་ཞིང་། སྔགས་དོན་དང་མཐུན་པར་གསོལ་བ་གདབ་པ་ནི། ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་སྔགས་ཕྲེང་ཞལ་ནང་བསྟན་དེ་ལས་བདུད་རྩི་བབས། སྐུ་གང་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས། སྦྱོར་མཚམས་དང་སྐུའི་ཆ་རྣམས་ལས་བདུད་རྩིའི་འོ་རྒྱུན་བབས། རང་ལུས་ཤེལ་བུམ་གང་བ་ལྟར། ནད་གདོན་བག་ཆགས་དྲི་མ་ཕྱིར་ལུད་པར་དམིགས་ནས་མཐར། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱོབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་སྟེ་རང་ལ་ཐིམ། གནས་ལུགས་བསྐྱང་། བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་


SPN002_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སྡིག་སྒྲིབ་དག་པའ་ིརྟགས་ཀྱང་ཡང་ཡང་འབྱུང་ངོ་། །བཞི་པ་མཎྜལ་ནི། དངོས་འབྱོར་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འདི་སྐབས་དང་བླ་མའི་རྣལ་འབྱོར་བཅས་ལ་རྟེན་འབྱུང་གི་ཆེད་དུ་གཙོར་བཏོན་དགོས་པས། དཀོན་མཆོག་གི་རྟེན་བཀྲམ་པའི་དྲུང་། མཆོད་རྫས་གང་འབྱོར་ཚར་དུ་དངར་བ་དང་། མཎྜལ་རྒྱུ་རིན་པོ་ཆེ་ལས་གྲུབ་པ་སོགས་གང་རྙེད་དང་། དྲི་བཟང་གི་ཆུ་དང་། འབྲུ་སྣ་ལ་སོགས་པ་བཅས་འདུ་བྱས་ལ། མདུན་གྱི་ནམ་མཁར་གཞལ་མེད་ཁང་དང་སྐྱབས་ཡུལ་ཚོགས་ཞིང་རྣམས་སྔར་ལྟར་དམིགས་ལ། བདག་གཞན་སེམས་ཅན་གྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང་། གང་གི་བཀའ་དྲིན་འོད་ཀྱིས་གསལ་བྱས་བདག་ཉིད་ཀྱི། །དེ་ཉིད་རིན་ཆེན་འོད་ཀྱི་ཚོགས་ཀྱིས་མུན་བཅོམ་ནས། །མིག་སྐྱོན་མེད་རྣམས་རོལ་པར་བཅས་པས་སྟེང་དུ་ནི། །བལྟ་གྱུར་བླ་མ་ཉི་མ་དེ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། ཁྱོད་ནི་མ་དང་ཁྱོད་ནི་ཕ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ཡང་། །ཁྱོད་ནི་མགོན་པོ་ཁྱོད་ནི་བྱེད་པོ་ཕན་དང་སྡིག་འཕྲོག་ཁྱོད་ནི་གོ་འཕང་ཕུན་སུམ་ཚོགས་པ་ཡང་། །ཁྱོད་ནི་འབའ་ཞིག་


SPN002_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་ཁྱོད་ནི་ཡོན་ཏན་མཆོག་གི་གནས་ཏེ་སྐྱོན་རྣམས་བཅོམ་པ་ཁྱོད་ཉིད་དོ། །ཁྱོད་ནི་དམན་པ་རྣམས་ཀྱི་མགོན་དང་ཡིད་བཞིན་ནོར་བུ་རྒྱལ་བའི་དབང་པོ་ཁྱོད་ལ་བདག་ནི་སྐྱབས་སུ་མཆི། །ཞེས་པའམ། བསྡུ་ན། དཔལ་ལྡན་བླ་མ་དམ་པ་དུས་གསུམ་གྱི་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་པས་སྐྱབས་འགྲོ་བྱ། དེ་ནས་ལུས་ཀྱི་ལས་སུ་མཎྜལ་གྱི་ཚོམ་བུ་བཀོད། ཡིད་ཀྱི་དམིགས་པ། འོག་གཞི་འབྱུང་བ་བཞིའི་དཀྱིལ་འཁོར་ལ་བརྟེན་པའི་གླིང་བཞི་རི་རབ་འཁོར་ཡུག་དང་བཅས་པ། སྟེང་ཕྱོགས་སྲིད་པའི་རྩེ་མོ་མན་ཆད་ཁམས་གསུམ་ཡོངས་སུ་རྫོགས་པའི་འཇིག་རྟེན་གྱི་ཁམས་འདིར་རིན་པོ་ཆེ་སྣ་བདུན་ལ་སོགས་པ་ལྷ་དང་མིའི་དངོས་པོ་བཟང་ལ་གྱ་ནོམ་པས་གོ་མཚམས་མེད་ཅིང་ཕྱུར་བུར་བཀང་སྟེ་བླ་མ་དཀོན་མཆོག་རྣམས་ལ་ཕུལ། དེའི་རྗེས་སུ་བདག་མྱུར་དུ་སངས་རྒྱས་ཐོབ་པ་དང་། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཉམས་རྟོགས་སྐྱེ་བར་གསོལ་བ་འདེབས་པ་ཡིན། དེ་དག་གི་སྐབས་ངག་ཏུ། ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་འཁོར་ཡུག་གིས་བསྐོར་བའི་དབུས་སུ། ཧཱུྃ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། བྱང་སྒྲ་མི་སྙན། ནུབ་བ་ལང་སྤྱོད། སྒྲ་གཅན། ཉི་མ། ཟླ་བ། དུས་མེ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་


SPN002_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཡང་མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་ཏུ་མཆོད་པའི་ཚོགས་བཅས་ལ། །བློ་ཡིས་དམིགས་ནས་བླ་མ་དཀོན་མཆོག་རྣམས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའམ། ས་གཞི་སྤོས་སོགས་བརྗོད། ཚུལ་དེས་མཎྜལ་ཅི་ནུས་སུ་ཕུལ། ཐུན་འཇོག་ཁར། མཆོད་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་གཉིས་སུ་མེད་པར་ཐིམ། ངོ་བོ་བསྐྱང་ཞིང་དགེ་བསྔོ་སོགས་བྱའོ། །ལྔ་པ་བླ་མའི་རྣལ་འབྱོར་ནི། གནས་ཁང་དག་པའི་ཞིང་དུ་གསལ་བའི་དབུས་སུ། སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་བཟུང་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། རང་ལ་དགྱེས་པའི་ཞལ་འཛུམ་བག་དང་ལྡན་པ། འོད་དང་འོད་ཟེར་གྱི་ཚོགས་


SPN002_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་པ་འཕྲོ་བའི་སྐུ་ཅན། མཐའ་སྐོར་དུ་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་སེམས། འཕགས་པ་ཉན་རང་། ཆོས་སྐྱོང་སྲུང་མ་ཐམས་ཅད་བཞུགས་པར་གྱུར། སྤྲོས་པ་ལ་དགའ་ན་ཕྱག་མཆོད་ཡན་ལག་བདུན་པ་རྒྱས་པར་བྱ། བསྡུ་ན་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བསམ་གྱིས་མི་ཁྱབ་པ་བློས་ཕུལ་ཏེ། དཔལ་ལྡན་བླ་མ་དམ་པ་ལ་བདག་ཕྱག་འཚལ་ལོ། །མཆོད་དོ། །སྡིག་པ་བཤགས་སོ། །དགེ་བ་ལ་རྗེས་སུ་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །སྐྱབས་སུ་མཆིའོ། །བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བླ་ན་མེད་པའི་ལམ་བསྟེན་པར་བགྱིའོ། །བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །ཞེས་བརྗོད་ཅིང་དོན་བསམ། བར་འདིར་སྤྲོ་ན་རྩ་བརྒྱུད་ཀྱི་བླ་མའི་གསོལ་འདེབས་ལོགས་ན་ཡོད་པ་རྣམས་བྱ་ཞིང་། བསྡུས་པ་ལ་དགའ་ན་མ་བྱས་ཀྱང་ཆོག །ངེས་པར་གདུང་བ་དྲག་པོས་གསོལ་བ་འདི་ལྟར་གདབ་སྟེ། སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དེ་བཞིན་དུ་སྦྱར་ཏེ། སྐུ་བཞིའི་བདག་ཉིད་བླ་མ་རིན་པོ་ཆེ་ལ༴། སྐྱབས་མཆོག་མཚུངས་མེད༴། འདྲེན་མཆོག་མཚུངས་མེད༴། ཐར་པའི་ལམ་


SPN002_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན༴། དངོས་གྲུབ་འབྱུང་གནས༴། མ་རིག་མུན་སེལ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །བདག་རྩེ་གཅིག་སྒྲུབ་པ་ནུས་པར༴། སྒྲུབ་པ་ལ་བར་ཆད་མི་འབྱུང་བར༴། སྒྲུབ་པ་སྙིང་པོ་ཉམས་སུ་ལོངས་པར༴། སྒྲུབ་པ་རབ་ཀྱི་མཐར་ཕྱིན་པར༴། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་བར༴། ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ལ་དབང་ཐོབ་པར༴། ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར༴། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་མཐར་ཕྱིན་པར༴། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་རྒྱང་འབོད་གསོལ་འདེབས་སྣང་བ་འགྱུར་ངེས་ཅི་ནུས་ཀྱི་མཐར་བྱིན་རླབས་བསྡུ་བ་ནི། བླ་མའི་སྐུའི་དཔྲལ་བར་ༀ། མགྲིན་པར་ཨཱཿསྙིང་ཁར་ཧཱུྃ། ལྟེ་བར་ཧོཿརྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་བཞུགས། ༀ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས། ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་དག །གསང་བའི་དབང་


SPN002_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། །གསུང་གི་བྱིན་རླབས་ཞུགས། ཧཱུྃ་ལས་འོད་ཟེར་མཐིང་ནག་འཕྲོས། རང་གི་སྙིང་གར་ཐིམ། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས། ཧོཿལས་འོད་ཟེར་སེར་པོ་འཕྲོས། རང་གི་ལྟེ་བར་ཐིམ། ཆགས་རྟོག་གི་བག་ཆགས་དག །བཞི་པ་ཡེ་ཤེས་རྡོ་རྗེའི་དབང་ཐོབ། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། དབང་བཞི་ལེན་པ་གྲངས་གསོག་ཚེ། གོང་གི་བླ་མའི་སྐུ་སོགས་ནས་བསྐྱར་ཞིང་མཐར། སླར་ཡང་མོས་གུས་དུང་བ་དང་ཡིད་ཀྱིས་གསོལ་བ་བཏབ་པས་སངས་རྒྱས་བྱང་སེམས་འཁོར་གྱི་ཚུལ་དུ་བཞུགས་པ་རྣམས་བླ་མ་ཉིད་ལ་ཐིམ། དེ་ཉིད་ཤིན་ཏུ་དགྱེས་པའ་ིཚུལ་གྱིས་རང་གི་སྤྱི་བོར་བྱོན། འོད་ཟེར་རམ་བདུད་རྩིའི་ཚུལ་དུ་ཞུ་སྟེ་རང་ལ་ཐིམ། བླ་མ་དང་རང་སེམས་དབྱེར་མེད་པའི་ངང་ལ་ཅུང་ཟད་མཉམ་པར་བཞག །དགེ་བསྔོ་སོགས་བྱའོ། །གཞན་ཡང་། སྐྱེ་བ་ཀུན་ཏུ་སོགས་སྨོན་ལམ་རྣམ་དག་ཅི་རིགས་པའང་བརྗོད། སྔགས་ལམ་གྱི་ཉམས་རྟོགས་ཡོན་ཏན་ཐམས་ཅད་བླ་མའི་བྱིན་རླབས་ཁོ་ནས་ལམ་དུ་བྱེད་དགོས་པས་དེས་ན་བླ་མའི་མཚན་ཉིད་དང་བསྟེན་ཚུལ། མོས་གུས་དད་པའི་ཕན་ཡོན་སོགས་ངེས་པར་བྱས་ནས་ཉམས་སུ་ཅི་ནུས་ལེན་པ་གྲུབ་གཉིས་ཀྱི་རྩ་བ་མཆོག་སྟེ་གལ་ཆེའོ། །དམིགས་པ་འདིའི་ཡན་ལག་ཉལ་བའི་རྣལ་འབྱོར་ནི། རང་གི་སྙིང་པདྨ་འདབ་བརྒྱད་ཀྱི་


SPN002_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བ་ལ་བླ་མ་སྐུ་ཚད་ཚོན་གང་ཙམ་དགྱེས་པའི་འཛུམ་ཞལ་དུ་བཞུགས་པ་ལ་མོས་གུས་དུང་ངེ་བའི་ངང་ལས་གཉིད་དུ་འགྲོ་བར་བྱའོ། །དེ་ནས་ཐུན་མོང་མིན་པའི་སྔོན་འགྲོ་ལ་རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་ལྷན་སྐྱེས་ཉིད་བསྔགས་པས་དེའི་སྒོམ་ཚུལ་ནི། ༀ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་དུས་འཁོར་ལྷན་སྐྱེས་སུ་གྱུར་པ་ནི། འབྱུང་བཞི་རི་རབ་པད་ཟླ་ཉི་མ་སྒྲ་གཅན་རྣམས་བརྩེགས་པའི་གདན་ལ། བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་པ་དཀར་པོ་བསྐུམ་པས་དབང་ཕྱུག་དཀར་པོ་དང་། གཡས་པ་དམར་པོ་བརྐྱང་བས་འདོད་ལྷ་དམར་པོའི་སྙིང་གར་མནན་པ། རལ་པའི་ཐོར་ཚུགས་དང་ཡིད་བཞིན་གྱི་ནོར་བུ་དང་། ཟླ་བ་ཕྱེད་པས་དབུ་ལ་བརྒྱན་པ། རྡོ་རྗེའི་རྒྱན་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། ཕྱག་སོར་རྣམས་ཁ་དོག་ལྔ་པ་དང་། སོར་ཚིགས་རྣམས་ཁ་དོག་གསུམ་པ། རྡོ་རྗེ་སེམས་དཔས་དབུ་བརྒྱན་ཅིང་། མེ་རི་ཁ་དོག་སྣ་ལྔ་པའི་དབུས་ན་བཞུགས་པ། ཁྲོ་ཆགས་འདྲེས་པའི་ཉམས་ཅན་ནོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ་ཞལ་གཅིག་


SPN002_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་སྤྱན་གསུམ་མ། གཡས་གྲི་གུག་དང་། གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་ཅིང་། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཡབ་དང་སྦྱོར་བ། གཅེར་བུ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། དབུ་སྐྲ་ཕྱེད་གྲོལ་བའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ལྟེ་བར་ཧོཿགསང་གནས་སུ་སྭཱ། གཙུག་ཏོར་དུ་ཧཱ་རྣམས་འཁོད་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྣོད་ཐམས་ཅད་གཞལ་ཡས་ཁང་དང་། །བཅུད་ཐམས་ཅད་དུས་ཀྱི་འཁོར་ལོའི་ལྷ་ཚོགས་སུ་གྱུར། དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། ལྷ་སྐུ་གསལ་སྟོང་དེ་ལ་ཅི་ནུས་སུ་མཉམ་པར་བཞག །དེ་ལྟར་བསྒོམ་ཞིང་སྔགས་བཟླ་བ་ནི། ༀ་་སྭཱ་ཧཱ། ཅི་ནུས་དང་། མཐར། ཐུན་འཇོག་པའི་ཚེ། ལྷ་སྐུ་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །དེ་དག་ཇི་བཞིན་འགྲུབ་པའི་འདོད་དོན་གསོལ་གདབ་ནི། ལྷ་བདེར་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ཡིད་རྣམ་རྟོག་འགྱུ་བ་སོ་སོར་བཅོད། །ཉམས་འོད་གསལ་རྟགས་བཅུ་རྫོགས་གྱུར་ནས། །ལམ་སོར་སྡུད་འབྱོངས་


SPN002_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱིན་གྱིས་རློབས། །ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེར་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ཡིད་རླུང་སེམས་ངག་རྣམས་མི་གཡོ་ཞིང་། །ཉམས་ཤེས་རབ་རྟོག་དཔྱོད་དགའ་བདེ་འཕེལ། །ལམ་བསམ་གཏན་འབྱོངས་པར་བྱིན་གྱིས་རློབས། །ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེར་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །རྩ་རོ་རྐྱང་རླུང་བཅུ་དབུ་མར་ཚུད། །ཉམས་གཏུམ་མོ་འབར་བས་ཧཾ་ཡིག་ཞུ། །ལམ་སྲོག་རྩོལ་འབྱོངས་པར་བྱིན་གྱིས་རློབས། །ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེར་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ཁམས་འཛག་མེད་ཐིག་ལེ་དཔྲལ་བར་བརྟེན། །ཉམས་ཞུ་བདེ་འགྱུར་མེད་རྒྱུད་ལ་སྐྱེས། །ལམ་འཛིན་པ་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེར་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ལུས་རྩ་འདབ་བདེ་ཆེན་ཐིག་ལེས་གང་། །ཉམས་ཕྱག་རྒྱ་གསུམ་ལ་མངའ་བརྙེས་པ། །ལམ་རྗེས་དྲན་འབྱོང་བར་བྱིན་གྱིས་རློབས། །


SPN002_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེར་གཤེགས་སྙིང་པོའོ་བཀའ་དྲིན་གྱིས། །རྩ་འཁོར་ལོ་དྲུག་པོ་བདེ་བས་གང་། །ཉམས་སྤྲོས་པ་མེད་ལ་དབང་འབྱོར་བའི། །ལམ་ཏིང་འཛིན་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེར་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ལུས་བྱེད་བཅིངས་གནད་དང་མ་བྲལ་ཞིང་། །ཆོས་མ་ནོར་མན་ངག་ཟབ་མོ་ཡིས། །ལམ་སྦྱོར་དྲུག་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །དེ་ནས་བསྔོ་བ། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་སོགས། སྨོན་ལམ་ནི། རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་དུས་ཀྱི་འཁོར་ལོར་སྟོན། །བླ་མ་ལ་གུས་སྙིང་བརྩེ་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟ་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། །བདག་ལ་


SPN002_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །དེ་ལས་བྱུང་བའི་དགེ་བའི་འོད་ཟེར་གྱིས། །མཁའ་མཉམ་འགྲོ་བའི་བློ་ཡི་མུན་བསལ་ནས། །བདེ་ཆེན་ཐར་པའི་ལམ་ལ་འགོད་པ་དང་། །ཀུན་ཁྱབ་བདེ་ཆེན་སྙིང་པོ་མངོན་གྱུར་ཤོག །བཀྲ་ཤིས་ནི། སྐྱབས་གསུམ་འགྱུར་བ་མེད་པའི་དགེ་ལེགས་དང་། །དོན་དམ་རྟག་བརྟན་བདེ་བའི་ཕུན་ཚོགས་ཀྱིས། །ངེས་དོན་སྙིང་པོའི་རྒྱུད་རྒྱལ་དུས་འཁོར་ལོའི། །ཕྲིན་ལས་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་སྦྱོར་དྲུག་ཁྲིད་རིམ་གྱི་སྔོན་འགྲོའི་ངག་འདོན་གཞུང་ཇི་བཞིན་པ་ལ་ཅུང་ཟད་གསལ་བར་བྱས་པ་འདི་ལྟར་རྒྱལ་དབང་མཁྱེན་གཟིགས་རིན་པོ་ཆེའི་བཀའ་བསྩལ་ལྟར་སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་པ་འགྲོ་རྣམས་རྡོ་རྗེའི་རྣལ་འབྱོར་ཆེན་པོའི་གོ་འཕང་མངོན་དུ་ཐོབ་པའི་རྒྱུར་གྱུར་ཅིག །དགེ་ཞིང་བཀྲ་ཤིས། །

དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོའི་རྫོགས་རིམ་སྐོར་གྱི་ཟབ་ཁྲིད།


SPN002_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོའི་རྫོགས་རིམ་སྐོར་གྱི་ཟབ་ཁྲིད་བཞུགས་སོ།


SPN002_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཡས་རྒྱལ་བ་ཀུན་གྱི་གསང་བ་གསུམ། །གཅིག་གྱུར་སིནྡྷུའི་མཚོ་གླིང་པདྨའི་དབུས། །གསང་ཆེན་ཐེག་པའི་འབྱུང་གནས་སྤྲུལ་པའི་སྐུ། །ཡོན་ཏན་བསམ་མི་ཁྱབ་དེར་གུས་ཕྱག་འཚལ། །ཐེག་གསུམ་ལམ་རིམ་རྒྱ་མཚོའི་འཇིང་རུམ་ནས། །ཚེ་འདིར་གྲུབ་གཉིས་དབང་བསྒྱུར་ནོར་བུ་གང་། །ངེས་པར་བླངས་ནས་ཀུན་རྟོག་སྒྲིབ་པའི་ཚོགས། །འཕྲོག་བྱེད་མགོན་པོ་སྙིང་གི་པདྨོར་བཞུགས། །འདི་ན་མཆོག་གི་ཞལ་ལུང་གུ་རུ་ཡི། །དགོངས་རྒྱན་ཉིན་བྱེད་སྙིང་པོའི་རྫོགས་རིམ་སྐོར། །གང་གི་དྲིན་གྱིས་ལེགས་པར་འཆད་བྱེད་ན། །གནང་བ་སྩལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡང་བཀའ་རྫོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་པོ་ཡང་


SPN002_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་དཀོན་མཆོག་སྤྱི་འདུས་ཞེས་ཆོས་ཐམས་ཅད་བསྐྱེད་རྫོགས་གཉིས་སུ་བསྡུས་ནས། རྒྱུད་ལས་སྒྲུབ་ཐབས་སུ་བསྡུས། སྒྲུབ་ཐབས་མན་ངག་ཏུ་བསྡུས། མན་ངག་ལག་ལེན་དུ་བསྟན་ཏེ། བྱིན་རླབས་རྩ་བ་བླ་མ་བསྒྲུབ་པའི་མན་ངག་ཡང་གསང་དངོས་གྲུབ་མ་ལུས་པའི་འབྱུང་གནས་ཡིད་བཞིན་ནོར་བུ་ལྟ་བུའི་ཟབ་ཆོས་འདི་ཉིད་ཀྱི་གཞུང་ལས། ཡོ་ག་གསུམ་གྱི་སྒྲུབ་ཐབས་སྲོག་ཕུར་བཅས༔ མཐར་ཐུག་ལྟ་སྒོམ་སྤྱོད་འབྲས་ཁྲིད་རིམ་དང་༔ གཏུམ་མོ་འཕོ་བ་རྫས་དང་དམིགས་པ་ནི༔ སྐལ་ལྡན་ཚེ་གཅིག་བྱང་ཆུབ་བསྒྲུབ་ཕྱིར་གསུངས༔ ཞེས་ཌཱ་ཀི་ཡེ་ཤེས་མཚོ་རྒྱལ་གྱིས་ཐེམ་བྱང་འགོད་པར་མཛད་པའི་སྤྲུལ་སྐུ་ལམ་དུ་བྱེད་པ་སྐུ་རྡོ་རྗེ་མ་ཧཱ་ཡོ་ག་དང་རྗེས་སུ་འབྲེལ་བ་རྫོགས་དང་རྫོགས་


SPN002_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྱི་བརྡར་བཞག་པའི་ཨ་ནུ་ཡོ་གའི་ཉམས་ལེན་སོགས་བུམ་དབང་འབྲེལ་བ་བསྐྱེད་རིམ་ལྷ་ཁྲིད་ཕྱི་ནང་གསང་བ་དེ་བཞིན་ཉིད་སྒྲུབ་ལས་ཁ་ཚར་ཕྲིན་ལས་བཞི་དང་མཐའ་རྒྱས་ཚེ་སྒྲུབ་སོགས་ཀྱི་སྐོར་རྣམས་ཀཿཐོག་པ་རིག་འཛིན་ཚེ་དབང་ནོར་བུས་གཏེར་སྟོན་ཆེན་པོ་ལས་འཕྲོ་གླིང་པའི་ཡེ་ཤེས་ཀྱི་སྐུ་དང་མཇལ་ནས་རྗེས་སུ་གནང་བས་ཁྲིད་ཡིག་ཞིབ་རྒྱས་སུ་མཛད་གྲུབ་ཅིང་། རྫོགས་རིམ་སྐོར་ལ་དགོངས་པ་ལམ་ལུས་ལྟ་བུར་ཡིག་ཆ་མཛད་རྒྱུ་ནི་བསྟན་འགྲོའི་བསོད་ནམས་ཀྱི་སྐལ་བས་མ་བྱུང་སྣང་ཡང་། གཏེར་ཆེན་རིན་པོ་ཆེ་ནས་རིག་འཛིན་གཏེར་སྟོན་ཁོ་ནར་བརྒྱུད་པའི་བཀའ་སྲོལ་ཁྱད་པར་འཕགས་པ་ཉིད་སྐྱབས་མགོན་ཚེ་དབང་ནོར་བུ་མཆོག་གིས་འབྲུག་ཆེན་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ལ་གནང་བའི་གཏེར་གཞུང་གི་ཁྲིད་ལུང་དང་། སྨིན་བྱེད་ཟབ་མོ་མཆོག་ཏུ་གྱུར་པའི་བྱིན་རླབས་འཕོ་བའི་རིམ་པ་རིག་འཛིན་རྡོ་རྗེ་དྲག་པོའི་བཀའ་དྲིན་ལས་ཐོབ་པ་ཉིད་གཙོ་བོར་བྱས་ཏེ་རྫོགས་རིམ་གྱི་ཁྲིད་ཚུལ་ལྷག་པའི་བློ་ཡིས་ཇི་ལྟར་ནུས་བཞིན་འཆད་པ་ལ། གཏུམ་མོ། འཕོ་བ། ཀ་དག །ཐོད་རྒལ་གྱི་ཁྲིད་དང་བཞི་སྟེ། དེའང་རིམ་པ་བཞིའི་འགྲོས་དང་བསྟུན་ནས་མཚན་བཅས་མཚན་མེད་དམ་རྫོགས་དང་རྫོགས་ཆེན་གྱི་ཁྲིད་སྔོན་དུ་འཆད་ཅིང་། འཕོ་བ་དང་བར་དོ་ཞར་བྱུང་ལམ་གྱི་ཡན་ལག་ཏུ་འཆད་ན་གཞུང་གཞན་དང་མཐུན་ཞིང་འཇུག་པ་བདེ་བས། དེ་ལ་ལོངས་སྐུ་ལམ་དུ་བྱེད་པ་གསུང་རྡོ་རྗེ་ཨ་ནུ་ཡོ་ག་ལྟར་རྫོགས་རིམ་ཐབས་ལམ་


SPN002_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཙཎྜ་ལིའི་ཁྲིད་ལ། གནས་གྲོགས་དུས་དང་ཡོ་བྱད་ལ་སོགས་གསང་སྔགས་སྤྱི་ལྟར་མཐུན་རྐྱེན་ཚོགས་པར་བསགས། ཐུན་མོང་དང་ཐུན་མོང་མིན་པའི་སྔོན་འགྲོས་རྒྱུད་སྦྱངས། བསྐྱེད་རིམ་བརྟན་པོར་བསྒྲུབ་ཅིང་ལྷ་ཁྲིད་ལས་ཇི་ལྟར་བཤད་པའི་དུས་རྟགས་གྲངས་ཀྱི་བསྙེན་པ་ཚད་དུ་བསྐྱལ། རྫོགས་རིམ་ལ་འཇུག་པའི་སྔོན་དང་ཐུན་བར་སོགས་སུ་བླ་མ་ཡི་དམ་གྱི་ཚོགས་བསྐང་བ་བདག་འཇུག་ལ་སོགས་ནན་དུ་བླངས། ཌཱ་ཀི་དང་ཆོས་སྐྱོང་གཏེར་བདག་གཏོར་མཆོད་ཀྱིས་མཉེས་པར་བྱས་ནས། དངོས་གཞི་ལ། གཞུང་ལས། གཏུམ་མོ་བདེ་དྲོད་རང་འབར་ལ༔ སྟོང་ར་འོད་ཀྱི་སྐུ་ཅན་བསྒོམ༔ ཕོ་མོ་མ་ནིང་རླུང་རོ་འདོན༔ ལུས་གནད་བཅས་ཤིང་ལྟེ་འོག་བཟུང༔ ཞེས་གསུངས་པས། སྟན་བདེ་བ་ལ་ལུས་གནད་རྣམ་སྣང་ཆོས་བདུན་དུ་གྲགས་པ་སྤྱི་འགྲོ་ལྟར་བཅས། རླུང་རོ་ལན་གསུམ་དོར་བ་ཁོག་པར་ཅུང་ཟད་རེ་སྐྱིལ་ནས་མཐར་རླུང་ཤུགས་ཤིན་ཏུ་ཆུང་བ་མི་འདོན་པའི་ཚུལ་དུ་འབུད་པ་མཉམ་པ་སྟེ་མ་ནིང་དང་། དེ་ལས་ཅུང་ཟད་དྲག་པ་འཇམ་རིང་མོ་རླུང་དང་། མཐར་ཐུང་ཞིང་འབུད་བ་སྒྲ་ཅན་ཕོ་རླུང་གི་རྣམ་པ་སིར་སྒྲ་དང་བཅས་ལྷག་མེད་དུ་འབུད། ལམ་གྱི་མངོན་པར་རྟོགས་པ་རྒྱུད་ལ་སྐྱེ་བའི་མི་མཐུན་ཕྱོགས་རྒྱུ་དང་འབྲས་བུར་བཅས་པ་ཐམས་ཅད་སྣོད་བཀྲུ་བཤལ་བྱས་པ་བཞིན་རོ་རྐྱང་གི་ལམ་ནས་རླུང་གི་རྣམ་པར་ལྷག་མེད་དུ་ཐོན་པར་བསམ། དེ་ནས་སྟོང་རའམ་རང་བྱིན་གྱིས་བརླབ་པ་


SPN002_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རང་ལུས་པདྨ་འོད་འབར་གྱི་སྐུ་སྣང་སྟོང་ཆུ་ཟླ་ལྟ་བུ། རྣམ་པ་སྔར་བསྐྱེད་རིམ་གྱི་སྐབས་སུ་བཤད་པ་ཇི་ལྟ་བ་ནང་ཐམས་ཅད་སྟོང་སང་ངེ་བ་ཕྲུ་མ་ཕུས་བཏབ་པ་ལྟ་བུར་བསྒོམ་མོ། །སྟོང་ར་ལ་རྩེ་གཅིག་ཏུ་དམིགས་པ་གཏད་ན་འདི་སྐབས་ནས་དུ་བ་ལ་སོགས་པའི་རྟགས་སྣང་རེ་གཉིས་འཆར་བར་སྔགས་གསར་མའི་ཆོས་དྲུག་ལས་བཤད་པས་དེ་ལྟ་བུའི་བརྩོན་འགྲུས་དྲག་པོས་བསྒོམ། དེ་ནས་རྩ་སྦྱང་བ་ནི། སྐུའི་དབུས་སུ་རྩ་དབུ་མ་ཁ་དོག་སྔོན་པོ། སྦོམ་ཕྲ་མདའ་སྨྱུག་ཙམ་ཡར་སྣ་ཚངས་བུག་ཏུ་ཟུག་ཅིང་། མར་སྣ་ལྟེ་འོག་སུམ་མདོར་ཡོད་པ་གཉིས་ཀ་ཁ་བྱེ་བ། གཡས་རོ་མ་དམར་པོ། གཡོན་རྐྱང་མ་དཀར་པོ་གཉིས་ཚངས་བུག་ནས་མདུན་དུ་འཁྱོགས་ཏེ་ཡར་སྣེ་སྣ་བུག་གཉིས་སུ་ཡོད་པ། མར་སྣ་ཡི་གེ་ཆའི་འཕང་ལྟ་བུར་བཀུག་ནས་དབུ་མའི་ནང་དུ་ཆུད་པ་སྦོམ་ཕྲ་གྲོ་སོག་ཙམ་པ། གསུམ་ཀའང་ནང་སྟོང་པ་སུམ་མདོར་རོ་རྐྱང་གི་སྣེ་དབུ་མའི་ནང་དུ་ཉི་གདན་རེག་བྱ་ཚ་ཞིང་བསྲེག་པ་ཅན་གྱི་དབུས་སུ་ཨ་ཤད་མེའི་རང་བཞིན་དམར་པོ། ཡི་གེ་གཟབ་ཀྱི་ཤད་ལྟ་བུ་ལ། རྩ་བ་ཅུང་ཟད་ཕྲ་ཉམས་ཅན། རྩེ་མོ་ཤིན་ཏུ་ཕྲ་ཞིང་སུམ་འཁྱོག་གི་རྣམ་པར་གསལ་ནན་གྱིས་གདབ་བོ། །སྤྱི་བོ་ལ་སོགས་པའི་གནས་གསུམ་དུ་དབུ་མ་ལས་ཡལ་ག་ཕྱོགས་བཞི་དང་དེ་ལས་ཀྱང་ཕྱོགས་མཚམས་སུ་གྱེས་པའི་རྣམ་པས་སྤྱི་བོར་རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ་ཁ་དོག་སྔོན་པོ་རྩ་འདབ་སོ་གཉིས་པ། མགྲིན་


SPN002_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

པར་རོ་འདུས་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པ་ཁ་དོག་སེར་པོ། སྙིང་གར་དྲན་འཛིན་གྱི་འཁོར་ལོ་ཁ་དོག་དམར་པོ་རྩ་འདབ་བརྒྱད་པ། ལྟེ་བར་སྤྲུལ་པའི་འཁོར་ལོ་ཁ་དོག་ལྗང་གུ་རྩ་འདབ་དྲུག་ཅུ་རྩ་བཞི། སྤྱི་འཁོར་གྱི་དབུས་སུ་དབུ་མར་ཟླ་གདན་སྲན་མ་ཕྱེད་གཤག་ཙམ་ཐུར་གྱུའི་ངོས་སུ་ཧཾ་ཡིག་མགོ་ཐུར་བསྟན་དུ་བསྒོམ། དེ་ནས་རླུང་སྦྱང་བ་ནི། སྣ་སྒོ་ནས་རླུང་དལ་གྱིས་རྔུབ་ལ་ལྟེ་འོག་ཏུ་མེར་གྱིས་དགང་། སྲིན་ཞལ་བསྐུམ། འོག་རླུང་ཅུང་ཟད་འཐེན། སླར་ཡང་མནན་ནས་ཁ་སྦྱོར་དུ་བཟུང་། དམིགས་པ་སྟེང་རླུང་རོ་རྐྱང་གི་ལམ་བརྒྱུད། འོག་རླུང་དང་ལྷན་ཅིག་ཕོག་པས་ཨ་ཤད་ཀྱི་མེ་དེ་དམར་ལམ་གྱིས་སོང་བར་བསམ། རླུང་སེམས་དེ་ཁོ་ན་ལ་དྲག་ཏུ་གཏད། མི་ཐུབ་ན་རྔུབ་ཆུང་བརྩེགས། གཡས་གཡོན་དབུས་ནས་གཞིལ། སླར་ཡང་མི་ཐུབ་པ་ན་སེང་སྒྲ་དང་བཅས་ལྷག་མེད་དུ་སྣ་ནས་འབུད། དམིགས་པ་རླུང་སྔོ་དྭངས་ཀྱི་རྣམ་པ་མདའ་གང་ཙམ་དུ་སོང་བར་བསམས་ནས་ཕྱི་འཛིན་ཅུང་ཟད་བྱ། དེ་ལྟ་བུ་བསྐྱར་ཞིང་མ་བརྟན་གྱི་བར་དུ་བསྒོམ། མེ་དམིགས་ཆུང་བ་འདིས་དྲོད་ཀྱི་ཡོན་ཏན་མ་སྐྱེས་པར་འབར་འཛག་སྔས་ན་གེགས་སུ་འགྱུར་བས་ཤིན་ཏུ་གོམས་པ་གལ་ཆེ། དེ་ལ་གོམས་པ་དང་སྟེང་འོག་གི་རླུང་ཕོག་པའི་རྐྱེན་གྱིས་གཏུམ་མོའི་མེ་སོར་ཕྱེད་ཙམ་འབར། དེ་ནས་ཀྱང་རླུང་གི་གནད་སྔར་ལྟར་ལ་རླུང་ཁུག་ཇི་ལྟར་རིགས་པས་ཐོག་མར་ལྟེ་འཁོར་གྱི་རྩེ་ཚུན། དེ་ནས་སྙིང་ག །དེ་ནས་


SPN002_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པ་དང་ལག་སོར་གྱི་རྩེ་ཚུན། དེ་ནས་སྤྱི་བོའི་འཁོར་ལོ་ཡོངས་རྫོགས་ཀྱི་བར་གཏུམ་མོའི་མེས་གང་བར་བསམ། དེ་ནས་མཐར་སྤྱི་བོའི་ཧཾ་ཡིག་ལ་རེག་པས་བདེ་བའི་ཉམས་སྐྱེས་ཏེ་ཆིལ་ཆིལ་ཁོལ་བར་བསྒོམ། དེ་ནས་དྲོད་ཀྱི་ནུས་པས་བདེ་བ་ཚད་དུ་ཕེབ་པར་བྱ་ཕྱིར་ཐིག་ལེ་སྦྱང་བ་ནི། གཏུམ་མོའི་མེས་སྤྱི་བོའི་ཧཾ་ཡིག་ཞུ་ནས་བྱང་སེམས་ཐིག་ལེ་བཅུ་དྲུག་འཛག་པས་སྤྱི་བོའི་འཁོར་ལོ་ཡོངས་རྫོགས་ཁེངས་པས་དགའ་བའི་ཡེ་ཤེས་སྐྱེས་པར་བསམ། ལུས་གནད་དང་རླུང་གི་གནད་སྔར་དང་འདྲ་ཞིང་རླུང་ཁུག་པ་ཇི་ལྟར་རིགས་པ་དང་བསྟུན། ཐིག་ལེ་དེའི་ཕྱེད་ཀྱི་ཆ་སྟེ་བརྒྱད་མགྲིན་པར་བབས་ནས་རྩ་འདབ་ཐམས་ཅད་གང་བས་མཆོག་དགའི་ཡེ་ཤེས་སྐྱེས། དེའི་ཕྱེད་ཀྱི་ཆ་སྟེ་བཞི་སྙིང་གར་བབས། རྩ་འདབ་ཐམས་ཅད་གང་ནས་དགའ་བྲལ་གྱི་ཡེ་ཤེས་སྐྱེས། དེའི་ཕྱེད་ཀྱི་ཆ་གཉིས་ལྟེ་བར་བབས། ལྟེ་བའི་རྩ་འདབ་ཐམས་ཅད་གང་། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྐྱེས། འཁོར་ལོ་བཞིའི་དབུས་སུ་གནས་པའི་སྤྲུལ་སྐུ་དྲུག་གི་ས་བོན་དྭངས་མའི་ཐིག་ལེ་བཅུ་དྲུག་འབར་ཞུའི་རྣམ་པས་ལུས་སེམས་ཐམས་ཅད་བདེ་དྲོད་དམ། བདེ་སྟོང་གིས་ཁྱབ་པའི་ཡེ་ཤེས་ལ་མཉམ་པར་བཞག །དེ་ལྟ་བུའི་སྐྲ་ཤད་འཛིངས་པ་ལྟ་བུ་དང་འབྲོས་དེད་སོགས་འབར་འཛག་གི་དམིགས་པ་ཡང་ཡང་བསྒོམ་ཞིང་། ཐུན་བར་དུ་དཀར་དམར་འདྲེས་པའི་ཐིག་ལེས་ལུས་ཀྱི་བ་སྤུའི་མཐར་ཐུག་པར་གང་བར་བསམ་ལ་ལུས་སྤྲུགས་


SPN002_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཕུར་བསྲུབ་དྲག་ཏུ་བྱ། ཧ་ཅང་བདེ་བ་རྒྱས་དྲགས་ན་བྱང་ཆུབ་ཀྱི་སེམས་ལུགས་ལྡོག་གི་རྣམ་པས་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་ནས་སྤྱི་བོའི་ཧྃ་ཡིག་ལ་བསྟིམ། གཏུམ་མོའི་མེ་རྣམས་ཨ་ཤད་ཉིད་ལ་བསྟིམ། སྟོང་ར་རྩ་འཁོར་ལ་སོགས་པའི་རྣམ་པ་ཡང་དམིགས་མེད་སྤྲོས་བྲལ་གྱི་ངང་དུ་བསྡུས་ནས་གནས་ལུགས་ཀ་དག་གི་དབྱིངས་སུ་མཉམ་པར་བཞག་ཅིང་བསྔོ་སྨོན་གྱི་རྒྱས་གདབ་པར་བྱའོ། །དེ་ལྟར་གནས་པ་རྩ་ལ་དམིགས་པ་གཏད་ཙམ་ནས་སྟོང་ར་རྩ་འཁོར་བཅས་གསལ་ཐེབས་པ། གཡོ་བ་རླུང་ལ་བུམ་ཆེན་འབྱོངས་ཚད་གསར་རྙིང་གི་གཞུང་གཞན་དང་མཐུན་ཞིང་དྲོད་ཀྱིས་རས་རྐྱང་ཐུབ་པ། བརྟན་པ་བྱང་ཆུབ་ཀྱི་སེམས་ལ་དྲན་ཙམ་ནས་ལུས་སེམས་བདེ་ཕྲིལ་གྱིས་འགྲོ་ཐུབ་པའི་བར་དུ་སྦྱང་བར་བྱ་དགོས་ཤིང་། དེ་ལྟ་མ་ཡིན་པའི་ཐོས་ཙམ་དང་བསྒོམ་ཙམ་གྱིས་ནི་དགོས་དོན་མི་འགྲུབ་པས་ན་ཤིན་ཏུ་གོམས་ཤིང་འདྲིས་པར་སྦྱང་བ་དང་། རྫས་སྔགས་དམིགས་པ་ཟས་དང་སྤྱོད་ལམ་སོགས་ཀྱིས་སྤང་བླང་མ་ནོར་བས་རྒྱུའི་ཐིག་ལེ་མ་ཉམས་པར་བསྲུངས་ནས། རང་བཞིན་རྫོགས་པ་ཆེན་པོ་ལ་ཉམས་ལེན་བྱས་པས་ལས་རླུང་ཡེ་ཤེས་ཀྱི་རླུང་དུ་དག །རྩ་མདུད་གྲོལ་ཞིང་ཕུང་པོ་ལྔ་དང་དུག་ལྔའི་ས་བོན་སྤངས་ཏེ་མཆོག་ཐུན་མོང་གི་ཡོན་ཏན་ཐམས་ཅད་མེ་ཏོག་རླན་གྱིས་བྲན་པ་ལྟར་འབྱུང་ངོ་། །རང་ལུས་ཐབས་ལྡན་ལ་བརྟན་


SPN002_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐོབ་ནས་གཞན་ལུས་སྦྱང་ཐབས་འོག་སྒོ་བདེ་བ་ཆེན་པོའི་ཆོས་སྐོར་ཡང་རྫོགས་ཆེན་གཞན་དང་མཐུན་ནོ། །ཞེས་གསུངས་པས། གསང་སྔགས་སྤྱི་ལྟར་དབང་གསུམ་པ་དང་འབྲེལ་བ་ཕོ་ཉའི་ལམ་ལ་འཇུག་པར་སྤྲོ་ན། བླ་མ་དང་མཁའ་འགྲོས་རྗེས་སུ་གནང་བའི་མཚན་ལྡན་གྱི་རིག་མ་ལ་བརྟེན་ནས་བདེ་སྟོང་དབྱེར་མེད་ཀྱི་ཉམས་ལེན་ཏེ། དེའང་རླུང་ལས་སུ་རུང་བའི་རྟགས་ཐོབ་པ་དང་། ཁྱད་པར་བསྐྱེད་རིམ་བརྟན་པོས་ཐ་མལ་གྱི་སྣང་བ་འགོག་ནུས་ཤིང་ཊཱ་ཀི་བདུད་བབས་ཀྱི་གོལ་ས་རུ་མི་ལྷུང་ངེས་པའི་རྣལ་འབྱོར་པའི་སྤྱོད་ཡུལ་ལས་གཞན་གྱིས་མི་རུང་བས། དེ་ལྟ་བུའི་གནད་ཤེས་ཤིང་དྲོད་ཚད་ལྡན་ན་ཁྲིད་ཚུལ་དངོས་རིག་འཛིན་ཆེན་པོ་འཇའ་ཚོན་པ་ཉིད་ཀྱི་ཟབ་གཏེར་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་ཆོས་སྐོར་དང་། ཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་སོགས་སུ་བཞུགས་ཀྱང་བརྒྱུད་པ་འདི་ལ་ཕྱག་ལེན་ཁྲིད་རྒྱུན་ཉམས་བཞེས་ཀྱི་སྲོལ་ནི་མེད་དེ། ཨུ་རྒྱན་རིན་པོ་ཆེས། དུག་གི་ལྟོ་ཡོང་བ་རྨ་བྱ་ལས་མེད། དཔེ་དེ་བཞིན་དུ་ལམ་འདིའང་རྣལ་འབྱོར་པ་དབང་པ་ཡང་རབ་ཀྱི་སྤྱོད་ཡུལ་ཡིན་ཞེས་གསུངས་པས་ན་རླུང་སྦྱོར་གྱིས་ཐིག་ལེ་འཆིངས་ནུས་པ་ཙམ་ཁོ་ནས་སྔགས་ལ་ཁ་གཡར་བའི་སྦྱོར་སྒྲོལ་དུ་རློམ་པའི་དུག་ལྔ་འཇོལ་ཉོག་ཏུ་སྤྱད་ནས་རྒྱལ་བསྟན་ལ་རྨ་འབྱིན་ཅིང་རང་ཉིད་མངལ་གྱི་སྲིན་བུ་སོགས་ངན་སོང་མི་བཟད་པར་སྐྱེ་བའི་ལས་མི་བསགས་པར་སྙིང་ནས་གདམས་སོ། །གཞན་ཡང་གེགས་སེལ་བོགས་འདོན་གྱི་རིགས་


SPN002_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་གཏེར་མ་ཚད་ལྡན་གྱི་གཞུང་གང་ལ་བསྟུན་ཀྱང་འགལ་བ་མེད་ཅིང་། དབང་པོ་ཐ་མའི་དོན་དུ་རྫས་ཀྱི་གཏུམ་མོ་གསུངས་མོད་ཀྱང་། ཆོས་ཟབ་མོ་འདི་ལྟ་བུ་ལ་བླ་མའི་མན་ངག་གིས་ཟིན་པའི་གང་ཟག་གིས་དད་བརྩོན་དྲག་པོས་ཉམས་སུ་བླངས་ན་དེ་འདྲ་ལ་ལྟོས་པ་འཆའ་མི་དགོས་པས་ན་འདིར་མ་བཀོད་ལ། དུས་ཀུན་ཏུ་མེ་དམིགས་མི་བརྗེད་པར་མཉམ་བཞག་སེམས་འཛིན་གྱི་རྟེན་དུ་བྱ་སྟེ་དེས་ནི་ཡོན་ཏན་འཕྲལ་དུ་འབྱུང་ཞིང་གསར་མའི་རླུང་སེམས་གཉིས་མེད་ཀྱི་གནད་དང་ཡང་མཐུན། བདེ་བ་ལ་སྟོང་པས་རྒྱས་འདེབས་ཤིང་བདེ་སྟོང་དབྱེར་མེད་རྡོ་རྗེ་འཆང་གི་གོ་འཕང་དོན་དུ་གཉེར་བས་ཚོར་བདེ་ལམ་དུ་མ་སློང་བའི་གེགས་དབང་དུ་མི་ཤོར་ཞིང་བདེ་ཆེན་ལམ་གྱི་བོགས་འདོན་སྙིང་པོ་ཡིན་ནོ། །དབང་པོ་རྟུལ་བའི་རིགས་ཀྱིས་ཉམས་སུ་ལེན་ཚེ་སྟོང་ར་རྩ་དང་འཁོར་ལོ་མེ་དམིགས་སོགས་རེ་རེ་ལའང་ཐུན་དང་ཞག་གི་གྲངས་མང་པོར་ནན་གྱིས་བསྒོམ་ཡང་ཤིན་ཏུ་ལེགས་པ་ཉིད་དོ། །བདེ་སྟོང་གཏུམ་མོའི་ཉམས་ལེན་གྱི་དམིགས་ཐུན་ལེགས་པར་བཤད་ཟིན་ཏོ། །དེ་ནས་ཆོས་སྐུ་ལམ་དུ་བྱེད་པ་ཐུགས་རྡོ་རྗེ་ཨ་ཏི་ཡོ་ག་ལྟར་རྫོགས་ཆེན་ཀ་དག་ཁྲེགས་ཆོད་ཀྱི་ཁྲིད་ལ། ཁྲིད་ཚུལ་གཞན་ལྟར་ན་འཁོར་འདས་རུ་ཤན་དབྱེ་བ་སོགས་ཡོད་ཀྱང་གཏེར་གཞུང་དང་། ཡང་འགྲེལ་དུ་དེ་འདྲའི་སྒྲོས་མི་འབྱུང་ཞིང་། ལྷག་པར་ཡང་འགྲེལ་དུ་འདི་ནི་དབང་པོ་ཡང་རབ་ལ་དགོངས་པའི་ཆོས་གོ་དཀའ་ཞིང་ཧར་མཆོངས་ལྟ་བུ་ཞིག་འདུག་


SPN002_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། འདི་ལ་ཡང་དགོས་པ་ཆེ་བ་ཞིག་ཡོད་དམ་སྙམ། ཞེས་སོགས་གསུངས་ཕྱིར་འདིར་མ་སྤྲོས་ཀྱང་རྫོགས་པ་ཆེན་པོའི་ཁྲིད་བཀའ་གཞན་དག་ལས་གསལ་བར་འབྱུང་བ་ཇི་བཞིན་ཉམས་སུ་ལེན་པར་སྤྲོ་ནའང་མི་རུང་བ་མེད་ཅིང་ཤིན་ཏུ་ལེགས་པར་སེམས་ལ། མ་གྲུབ་ཀྱང་ཆད་སྐྱོན་ནི་མེད། སྐབས་འདིར་དངོས་བསྟན་ལག་ཏུ་ལེན་བྱ་ནི། དེའང་གཙོ་བོ་དབེན་པ་གསུམ་དང་ལུས་གནད་ལ་བརྩོན་པར་བྱའོ། །ཞེས་གསུངས་པའི་དོན། དབེན་གསུམ་གྱི་ལུས་དབེན་ཆགས་སྡང་གཉིས་གཙོ་བོར་གྱུར་པའི་རྣམ་རྟོག་དང་། དེའི་རྗེས་སུ་འབྲངས་ནས་འགྲོ་སྡོད་ལ་སོགས་པའི་བྱ་བཞག་མང་པོའི་གཡེང་བས་ཉམས་ལེན་མི་འགྲུབ་པས། དབེན་གནས་རི་ཁྲོད་ལྟ་བུར་འདུག་པ་ནི་ཕྱིའི་དབེན་པ་དང་། དེར་ཡང་ལུས་གནད་རྣམ་སྣང་གི་ཆོས་བདུན་ཁོ་ན་མ་གཏོགས། དགེ་སྡིག་ལུང་མ་བསྟན་གྱི་སྤྱོད་ལམ་གང་ཡང་མི་བྱ་བ་ནང་གི་ལུས་དབེན། ངག་གི་ལོང་གཏམ་དང་རྩེད་མོ་སོགས་གཞན་ལྟ་ཅི་སྨོས། འདོན་བརྗོད་ལྟ་བུའི་སྤྲོས་པ་ཡང་མེད་པར་རྩོལ་མེད་རང་བབ་ཀྱི་རླུང་འབྱུང་འཇུག་གནས་གསུམ་གྱི་ངང་དུ་བཞག་པ་ངག་དབེན། སེམས་དུས་གསུམ་གྱི་སྤྲོས་པ་བཅད་ནས་རྟོག་མེད་བཟོ་བཅོས་བྲལ་བའི་ངང་དུ་འཇོག་པ་སེམས་དབེན་ཏེ། དེ་ལྟ་བུས་དབེན་གསུམ་ལ་ཐོག་མར་བསླབ། དེ་ནས་ཞི་གནས་བསྒྲུབ་པའི་ཕྱིར། ལས་དང་པོ་པས་མདུན་དུ་དམིགས་རྟེན་དྷེའུ་འམ་ཤིང་བུ་གང་རུང་ཞིག་བཞག །རི་བོ་ཅོག་བཞག་ལུས་


SPN002_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཆོས་བདུན་གྱི་སྟེང་ནས་རྒྱ་མཚོ་ཅོག་བཞག་མིག་གིས་ལྟ་སྟངས་དང་བཅས། རིག་པ་ཅོག་བཞག་སེམས་དུས་གསུམ་ཀྱི་སྤྲོས་པ་གཞན་བཅད་ནས་དྷེའུ་ཧྲིལ་ལེ་བའམ། ཤིང་བུ་ཀྲོང་ངེ་བའི་རྣམ་པ་ལམ་ལམ་པ་དེ་ཁོ་ན་ལ་བཟོ་བཅོས་མེད་པར་རྩེ་གཅིག་ཏུ་སེམས་འཛིན། དེ་ཉིད་བརྗེད་ནས་གཞན་དུ་ཡེངས་ན་མི་རུང་བས་འཕྲོ་བཅད་ནས་དེ་ཁོ་ན་ལ་བློ་བཞག །དྷེའུ་ཤིང་བུ་དེ་ཉིད་ལའང་ལེགས་ཉེས་དང་དབྱིབས་ཁ་དོག་སོགས་ནང་ཚན་གྱི་བྱེ་བྲག་ལ་དཔྱད་པའི་བསམ་བློ་མི་བཏང་བར་རྣམ་པ་སྤྱི་མ་བརྗེད་ཙམ་དེ་ལ་སེམས་གནས་པ་ཅུང་ཟད་མ་འགྲུབ་ཀྱི་བར་དུ་ནན་ཏན་གྱིས་བསྒོམ། དེ་ནས་དེའི་ཚབ་ཏུ་ཡི་དམ་གྱི་ལྷའི་སྐུ་གསུང་ཐུགས་ལ་དམིགས་རྟེན་བཅས་ནས་བསྒོམ་དགོས་པ་ལས། དང་པོ་གུ་རུ་པདྨའི་སྐུ་རྒྱན་ཆ་ལུགས་རྫོགས་པའམ། ཡང་ན་རྟེན་འབྲེལ་དབང་གི་ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་སྔོན་པོ་རྒྱན་སྤངས་པ་ཕྱག་མཉམ་བཞག་དང་། ཞབས་སྐྱིལ་ཀྲུང་ཐིག་ལེའི་དབུས་སུ་པད་ཟླ་ལ་བཞུགས་པ་ཞིག་བསྒོམ་ཀྱང་ལེགས་པས། ལྷ་སྐུ་གང་རུང་དེ་ཉིད་སྔར་གྱི་དྷེའུ་ཤིང་བུའི་ཚབ་ཀྱི་དམིགས་རྟེན་དུ་བྱ། ལུས་གནད་སེམས་གནད་ཐམས་ཅད་སྔ་མ་ལྟར་བྱས་ནས་བསྒོམ། དེ་ལ་གོམས་པ་དང་ལྷ་སྐུ་དེ་ཉིད་སྙིང་དབུས་སུ་བསྒོམ་ནས་སེམས་ཀྱི་འཇོག་ཐབས་སྔ་མ་ལྟར་བྱ། ཡང་ལྷ་སྐུའི་ཚབ་ཏུ་གསུང་ཡིག་འབྲུ་ༀ་དཀར་པོ་ཨཱཿདམར་པོ་ཧཱུྃ་སྔོན་པོ་སུམ་བརྩེགས་


SPN002_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་མདུན་དུ་བསྒོམ། དེ་ལ་སྔར་བཞིན་གནས་པ་བསྐྱང་། གོམས་ནས་སྤྱི་བོ་མགྲིན་པ་སྙིང་གར་ཡིག་འབྲུ་གསུམ་བསྒོམ་ལ་སེམས་གནད་སྔར་བཞིན་བྱ། ཡང་མདུན་དུ་ཡིག་འབྲུའི་ཚབ་རྡོ་རྗེ་རྩེ་ལྔ་པའམ། ཡང་ན་ཐིག་ལེ་དཀར་དམར་སྔོ་བ་གསུམ་བརྩེགས་ལ་སེམས་འཛིན། གལ་ཏེ་ཐིག་ལེ་ལ་སེམས་འཛིན་ན་འདི་དང་གོང་གི་འབྲུ་ུགསུམ་གཉིས་འདྲ་སྟེ་གཅིག་ཆར་དུ་གསལ་ཐེབས་ན་གསུམ་ཀ་མཉམ་དུ་བསྒོམ། མ་ཐེབས་ན་རེ་རེ་ནས་རིམ་པས་གསལ་བཏབ་སྟེ་བསྒོམ་ནའང་རུང་། ཡང་གོམས་ནས་སྙིང་གར་རྡོ་རྗེ་བསྒོམ་པའམ། ཐིག་ལེ་ཡིན་ན་སྤྱི་མགྲིན་སྙིང་གར་གཅིག་ཆར་རམ། རིམ་ཅན་གྱིས་དམིགས་པ་གཏད་ནས་བསྒོམ། དེས་རྟེན་ཅན་ལ་སེམས་འཛིན་པ་སོང་ནས། རྟེན་མེད་ལ་ཐོག་མར་རླུང་རྡོ་རྗེའི་བཟླས་པ་བསྟན་པ་ནི་ལུས་གནད་ཆོས་བདུན་ཐོག་རླུང་རང་བབས་ཀྱི་འབྱུང་འཇུག་གནས་པའི་རང་བཞིན་ནང་དུ་འཇུག་པ་ཨོཾ། གནས་པ་ཨཱཿདབྱུང་བ་ཧཱུྃ་དུ་ཤེས་པའི་ངང་ནས་རླུང་དང་ཤེས་པ་མཉམ་འགྲོགས་ཀྱི་ཚུལ་དུ་བྱས་ནས་བསྒོམ་མོ། །དེ་ནས་རླུང་རོ་དོར་བ་སྔོན་དུ་འགྲོ་བས་ཐོག་མར་འཇམ་རླུང་དང་། དེ་ནས་དྲག་རླུང་ལ་བརྟེན་ནས་སེམས་ཀྱི་གནས་པ་བསྒྲུབས་ཏེ། འདི་གཉིས་ཀྱི་སྐབས་སུ་སེམས་གནད་རྟོག་མེད་ཀྱི་ངང་དུ་བཅས་བཅོས་མེད་པར་འཇོག་པ་ཡིན་གྱིས། རྡོར་བཟླས་ལྟ་བུའི་རླུང་དང་ཤེས་པ་མཉམ་འགྲོགས་མི་དགོས།


SPN002_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དེ་རྣམས་ལ་བརྟེན་ནས་ལུས་སོག་ཕོན་ཐག་པ་ཆད་པ་ལྟ་བུ། ངག་པི་ཝང་གི་རྒྱུན་ཐག་ཆད་པ་ལྟ་བུ། སེམས་རང་འཐག་གི་ཆུ་ཆད་པ་ལྟ་བུ། དེ་ཁོ་ན་ཉིད་མར་མེ་རླུང་གིས་མི་བསྐྱོད་པ་ལྟ་བུར་ངོ་འཕྲོད་ཀྱི་བར་དུ་སྒོམ་གྱི་རྩ་བ་ཞི་གནས་བརྟན་པོར་བསྒྲུབ་པ་གལ་ཆེ། དེ་ནས་ལྷག་མཐོང་ནི། གཞུང་ལས། དེ་ནས་འགྱུ་བ་དང་གནས་པ་གཅིག་ཏུ་སོང་ན་དབྱིབས་ཁ་དོག་ལ་སོགས་རྩད་གཅོད་བཏང་སྟེ༔ བསྒོམ་བྱ་སྒོམ་བྱེད་མེད་པར་གཉིས་འཛིན་གྱི་དྲི་མ་དག་པར་བྱའོ༔ ཞེས་གསུངས་པས་དང་པོ་རྟོག་པ་རྩད་བཅད་པ་ནི། འཁོར་བར་འཁྱམས་ཤིང་བདེ་སྡུག་མྱོང་མཁན་འདི་ལུས་ངག་ཡིད་གསུམ་གང་ཡིན་བརྟགས་པས་བྱེད་པོ་སེམས་སུ་ཤེས་པར་ངེས་སོ། །བར་དུ་མཚང་བཙལ་བ་ནི། དེ་ལྟར་རྟོག་བྱེད་ཀྱི་སེམས་དང་ལུས་ངག་གཉིས་གཅིག་གམ་ཐ་དད་དུ་འདུག་བརྟགས་པས། གཅིག་ན་སེམས་ངོས་བཟུང་མེད་པ་བཞིན་ལུས་ངག་ཀྱང་ངོས་བཟུང་མེད་པར་འགྲོ་ལ། ངག་སྒྲ་དང་ཚིག་ཏུ་ཡོད་ཅིང་། ལུས་རེག་གཟུགས་སུ་གྲུབ་པ་ལྟར་སེམས་ཀྱང་དེ་འདྲར་འགྱུར་བའི་སྐྱོན་ཡོད། ཐ་དད་ན་དངོས་པོ་རག་པ་ལྟར་དབྱེ་བའི་རྫས་སུ་གྲུབ་དགོས་ཤིང་། གཅིག་ཐ་དད་ལྷན་ཅིག་ནི་མི་སྲིད་པར་འགལ་བ་དང་། དེ་དག་གང་ཡང་མ་ཡིན་པ་ནི་མི་འབྱུང་ངོ་ཞེས་དེ་ལྟར་བརྟགས་པས་ད་ལྟ་ལུས་ངག་ཡིད་གསུམ་དུ་འདུག་གོ་སྙམ་ན། གསུམ་དུ་འདུག་གོ་སྙམ་པ་སུས་ཤེས་བརྟགས་པ་ན་


SPN002_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དེས་ཤེས་སོ་སྙམ་ན། དེས་ན་བདག་གཞན་དགྲ་གཉེན། གཅིག་ཐ་དད། ཡོད་མེད། ཡིན་མིན་ཐམས་ཅད་མེད་བཞིན་དུ་རང་གི་སེམས་ཀྱི་རྟོག་པས་བཟོས་པ་ཡིན་ལ། བཟོས་ཀྱང་དེ་ཉིད་དུ་མ་གྲུབ་སྟེ་ཐམས་ཅད་བརྡ་ཙམ། བཏགས་པ་ཙམ་ལས་བདེན་པར་གྲུབ་པ་ཅི་ཡང་མེད་པར་རྟོགས་པ་ནི་སེམས་ཀྱི་མཚང་བཙལ་བའོ། །ཐ་མ་བྱུང་གནས་འགྲོ་གསུམ་ལ་བརྟགས་ཏེ། སེམས་འདི་དང་པོ་གང་ནས་བྱུང་། བར་དུ་གར་གནས། མཐར་གང་དུ་འགྲོ་བར་འདུག་བརྟགས་པས་གསུམ་ཀའི་ཡུལ་འདི་ཞེས་ངོས་བཟུང་མི་རྙེད་དེ་སྐྱེ་འགགས་གནས་མེད་རང་གྲོལ་མཉམ་ཉིད་ཆེན་པོར་གཏན་ལ་ཕེབས་པར་བྱའོ། །དེ་ལྟར་སེམས་ཚོལ་གྱི་དཔྱད་པ་སྣ་ཚོགས་པས་གཏན་ལ་ཕབ་པས་མཐར་གནས་པ་དང་འགྱུ་བ་སོ་སོ་མ་ཡིན་པར་གནས་པ་སེམས་ཀྱི་རྒྱན་དུ་འཆར་ཞིང་འགྱུ་བ་སེམས་ཀྱི་རོལ་པར་རྟོགས་པས་དགག་སྒྲུབ་བླང་དོར་མེད་པར་རང་རིག་རྗེན་པ་ཚོགས་དྲུག་མ་འགགས་བཞིན་དུ་ཤར་བ། ཤར་བཞིན་སྟོང་པ། གསལ་སྟོང་དབྱེར་མེད། ཐ་དད་མ་ཡིན་པ་དོན་གཅིག་ཏུ་མ་གྲུབ་པ། ཁ་ནས་བརྗོད་མི་ཤེས་པ། ཡིད་ལ་བསམ་དུ་མེད་པ། མཐོང་བའི་ཡུལ་དང་བྲལ་བ་འདི་ཀ་ལ་པདྨ་འབྱུང་གནས་ཞེས་ཐ་སྙད་ཙམ་དུ་བཏགས་པའོ། །ཞེས་གསུངས་པ་ལྟར་དང་། སེམས་ཞེས་བྱ་བ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། དངོས་པོ་ཡང་མ་ཡིན། དངོས་མེད་ཀྱང་མ་ཡིན། མཐའ་གཉིས་ལ་མི་གནས་པའི་


SPN002_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ། ངོས་བཟུང་དང་བྲལ་བའི་གསལ་སྟོང་། རང་བཞིན་ཤེས་པའི་རྗེན་པ་ཧྲིག་གེ་བ། ལྷན་ནེ་བ། འདི་ཞེས་བརྗོད་པ་དང་བྲལ་བ། ཡེ་རྫོགས། ཡེ་ཤེས། ཡེ་དག །བསམ་བརྗོད་མེད་པ་འདི་ཁོ་ན་སངས་རྒྱས་ཀྱི་ཐུགས། སེམས་ཅན་གྱི་སེམས། བདེ་སྡུག་མྱོང་མཁན་ཐམས་ཅད་འདི་ཁོ་ནའོ་ཞེས་ངོ་སྤྲད། ཅེས་གསུངས་པ་ལྟར་དང་། དུག་ལྔ་དང་སྒོ་ལྔ་ཚོགས་དྲུག་སོགས་རང་གྲོལ་ཆོས་ཉིད་ཀྱི་རོལ་པར་ངོ་སྤྲད། ཁྱད་པར་ནམ་མཁའ་དྭངས་དུས་ཉི་མ་ལ་རྒྱབ་ཀྱི་ཕྱོགས་ནས་ལྟ་སྟངས་གཅུན་ནས་བལྟས་པས་དཔེ་ཕྱིའི་ནམ་མཁའ་སྟོང་མདངས་ཀྱི་གོ་ཕྱེས་ནས་དཔེ་ཅན་ནང་གི་ཤེས་པ་རྣམ་པར་དག་པ་ལས། གསང་བ་འོད་གསལ་རྡོ་རྗེ་སྙིང་པོའི་ནམ་མཁའ་གསལ་སྟོང་མཐའ་དབུས་ཐམས་ཅད་ལས་འདས་པའི་ཆོས་ཉིད་སྐད་ཅིག་ལ་འཆར་བ་ནམ་མཁའ་སུམ་སྤྲུགས་ཀྱི་གདམས་པ་སོགས་ཀྱིས་སྤྱོད་ལམ་ཀུན་ཏུ་བསྲེ་ཞིང་རྩལ་སྦྱོང་བ་དང་། བྱིང་རྒོད་ཀྱི་སྐྱོན་བསལ་ཏེ་གང་ཤར་ལ་སྤང་བླང་དང་རེ་དོགས་མེད་པར་རྫོགས་པ་ཆེན་པོ་ཤར་གྲོལ་དུས་མཉམ། ཕྱི་ནང་དབྱེར་མེད། ཕྱོགས་བཅུ་གཅིག་ཆར། འཁོར་གསུམ་ཡང་དག །ཡེ་ཤར་ཡེ་གྲོལ། སངས་རྒྱས་ཀྱི་ཐུགས་དང་སེམས་ཅན་ཀྱི་སེམས་དབྱེར་མེད་གཉིས་སུ་མ་གྲུབ་པ་ད་ལྟའི་ཤེས་པ་གསལ་སྟོང་རྗེན་པ་འདི་ཀའི་ཐོག་ཏུ་བཅས་བཅོས་གང་ཡང་མེད་པར་དྲན་ཙམ་རིག་ཙམ་མ་བརྗེད་ཙམ་དུ་བསྐྱངས་ཏེ་བཞག་ཐབས་རྣམས་སུ་སོ་མ། ལྷུག་པ།


SPN002_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཅོས་པ། མཉམ་བཞག་སོགས་མིང་མང་དུ་བཏགས་ཀྱང་དོན་ཧྲིལ་གྱིས་དྲིལ་ན་སྒོམ་མེད་བསྒོམ་པའི་དོན་ལ་སྐད་ཅིག་ཙམ་དུ་ཡང་མ་ཡེངས་པར་བྱེད་པ་འདི་ལས་དུས་ནམ་དུའང་འདའ་བ་མེད་དོ། །ཞི་གནས་དང་ལྷག་མཐོང་གི་ངོ་སྤྲོད་འདི་ནི་ཉམས་ལེན་གྱི་གཞི་དང་སྙིང་པོ་ཡིན་པས་གནད་དུ་ཁེལ་ངེས་བྱ་དགོས་ཏེ། དེ་ལྟར་མིན་པར་ཐོད་རྒལ་ལ་འཇུག་པ་སྔས་ཀྱང་དབྱིངས་རིག་དབྱེར་མེད་འོད་གསལ་རྡོ་རྗེ་སྙིང་པོའི་གནད་ལ་རེག་པར་མི་སྲིད་དོ། །འདི་དག་གི་དོན། གཞུང་འགྲེལ་དུ་སྔོན་ལ་ལྟ་བ་ངོ་སྤྲོད་དེ་དེ་ཐོག་ནས་བསྒོམ་པ་བཙལ་བ་ནི་ངོ་འཕྲོད་དཀའ་བ་ཡིན། འདི་ནི་སྔོན་ལ་སྒོམ་པ་གཏན་ལ་དབབ་ནས་དེ་ཐོག་ཏུ་ལྟ་བ་ངོ་སྤྲད་པས་མི་འཕྲོད་པ་མི་སྲིད་ཅེས་སོགས་རྒྱ་ཆེར་གསུངས་སོ། །དེས་ནི་ཨ་ཏི་ཡོ་ག་ལས་ཀ་དག་གི་ཁྲིད་རྒྱས་པར་བཤད་ཟིན་ཏོ། །དེ་ནས་ངོ་བོ་ཉིད་སྐུ་ལམ་དུ་བྱེད་པ་ཚིག་དབང་རིན་པོ་ཆེ་དང་འབྲེལ་བ་ཡེ་ཤེས་ཡང་གསང་བླ་མེད་རྡོ་རྗེ་སྙིང་པོ་ལྟར་ལྷུན་གྲུབ་འོད་གསལ་ཐོད་རྒལ་གྱི་ཁྲིད་ནི། ལེའུ་དྲུག་པར། དེ་ནས་ལྟ་སྒོམ་སྤྱོད་གསུམ་ཡང༔ ཞེས་པའི་ནང་ཚན་ཐོད་རྒལ་བསྒོམ་ན། ལུས། སེམས། སྒོ། ཡུལ། རླུང་དང་རིག་པའི་གནད་ལྔ་ལས། དང་པོ་ཁྲེགས་ཆོད་ལ་གཞི་བྱས་ཏེ་ཞེས་པ་ནས། རང་རིག་རྗེན་པ་སྐྱེ་མེད་དུ་གཏན་ལ་དབབ་ཅིང་ཐག་ཆོད་པར་བྱའོ། །ཞེས་པའི་བར་དེ་དང་། རྒྱ་ནག་སྤྲུལ་སྐུའི་དྲིས་ལན་ལས། ཐོད་རྒལ་བསྒོམ་ཐབས་མང་དུ་འདུག་ཀྱང་ཉམས་


SPN002_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་དངོས་གཞི་ནི་ཞེས་པའི་ཡིག་ཆ་གཉིས་ལ་ཅུང་ཟད་བརྟེན་ཅིང་གཙོ་ཆེར་ཞལ་རྒྱུན་མན་ངག་གཞིར་བཞག་སྤྲོས་ཏེ་བཤད་པ་ནི་ཁྲེགས་ཆོད་ཀྱི་ཉམས་ལེན་གོང་དུ་བཤད་པ་ལ་མྱོང་བ་ཐོན་པའི་གང་ཟག་ཐོད་རྒལ་ལ་སྔར་མ་ཞུགས་པ་ལས་དང་པོ་པར་གྱུར་པ་ལ་འཆད་ཅིང་ཉམས་སུ་ལེན་བྱ། སྤྲིན་མེད་པའི་ཉི་མ་དང་། སྔ་དྲོ་དང་དགོང་ཀ་ཟེར་གཉིས་ཀྱི་དུས་སོགས་མཐུན་རྐྱེན་འཛོམས་པའི་སྐབས། དབེན་པའི་གནས་སུ་ལུས་ཀྱི་ཀུན་སྤྱོད་སྣ་ཚོགས། ཕྱག་བསྐོར། རྣམ་གཡེང་འདུ་འཛི། ངག་གི་འཁྲུལ་གཏམ། སྔགས་བཟླས། སྨྲ་བརྗོད། ཡིད་ཀྱི་འཁྲུལ་རྟོག །བསྐྱེད་རིམ་སེམས་འཛིན། རྣམ་རྟོག་སྣ་ཚོགས་ཏེ་ལུས་ངག་ཡིད་ཀྱི་བྱ་བ་དགུ་ཕྲུགས་སུ་བཏང་ནས་དལ་བར་གནས། ལུས་ཀྱི་གནད་བཞུགས་སྟངས་གསུམ་ལ་གནས་པར་བྱ་སྟེ། དེའང་། ཆོས་སྐུ་སེང་གེའི་འདུག་སྟངས། ལོངས་སྐུ་གླང་ཆེན་གྱི་འདུག་སྟངས་དང་། སྤྲུལ་སྐུ་དྲང་སྲོང་གི་འདུག་སྟངས་ཞེས་གསུངས་པས་དེ་གསུམ་ཀ་མི་དགོས་ཀྱང་། གང་རུང་ཞིག་ལ་བརྟེན་དགོས་པས། དེ་ཡང་ཆོས་སྐུའི་འདུག་སྟངས་ནི། འཕོངས་ས་ལ་བཞག་རྐང་མཐིལ་གཉིས་སྤྲད། རྐང་བའི་ནང་ནས་ལག་གཉིས་ཁུ་ཚུར་ས་ལ་གཏད་པ་སེང་གེའི་འདུག་སྟངས་དང་། ལོངས་སྐུ་གླང་པོ་ཆེའི་འདུག་སྟངས་ནི། རྐང་པ་གཉིས་བསྐུམ། བྱིན་པ་དང་བརླ་སྦྱར། རྐང་མཐིལ་གཤང་སྒོའི་ཕྱོགས་སུ་འོང་བར་བྱས། ལག་པའི་གྲུ་མོ་གཉིས་པུས་མོའི་མདུན་དུ་ས་ལ་


SPN002_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བཙུག །ལག་གཐིལ་གཡས་གཡོན་གྱིས་མགྲིན་པའི་ལྐོག་མ་ནས་གྱེན་དུ་འདེགས་པ་དེ་ཡིན། སྤྲུལ་སྐུ་དྲང་སྲོང་གི་འདུག་སྟངས་ནི། འཕོངས་ས་ལ་བཞག །རྐང་པ་གཡས་སེམས་སྐྱིལ་ཅི་ལྟ་བ་བྱས། གཡོན་པའི་པུས་མོ་བསླངས། རྐང་མཐིལ་བཙུགས་ནས་པུས་མོ་གཡོན་བསླངས་པའི་སྟེང་དུ་ལག་པ་གཡོན་ཁ་སྦུབ་ཏུ་བཞག །དེའི་སྟེང་དུ་གཡས་ཁ་སྦུབ་ཏུ་བརྩེགས། ལུས་ཀྱི་དཀུ་གཡོན་པ་བརླ་ལ་ཅུང་ཟད་བརྟེན་པ་དེའོ། །སེམས་གནད་ནི། ལྟ་སྟངས་ཡུལ་ལ་ཅུང་ཟད་གཏད་ཅིང་གཞན་རྟོག་མེད་སྤྲོས་བྲལ་སྔར་ཀ་དག་སྐབས་ཀྱི་ལྷག་མཐོང་དེའི་ངང་དུ་འཇོག །སྒོ་ཡི་གནད་ནི། མིག་གི་ལྟ་སྟངས་ཧ་ཅང་གདང་བ་དང་ཧ་ཅང་བཙུམ་པ་གཉིས་ཀ་མ་ཡིན་པར་མིག་ལྤགས་ཕྱེད་བཙུམ་གྱི་རྣམ་པ་ལ། མིག་འབྲས་ཅུང་ཟད་གྱེན་དུ་ལྡོག་པའོ། །དེའི་དགོས་ཁྱད་རྩ་བྷ་སནྟུ་ཞེས་པའི་རྟེན་འབྲེལ་གྱིས་དབང་པོ་སྒོ་ལྔའི་ནང་ནས་མིག་གི་དབང་པོ་རང་ལ་མངོན་སུམ་དབྱིངས་རིག་རྡོ་རྗེ་ལུག་རྒྱུད་འཆར་བའི་གནད་ཡོད་པར་གསུངས། ཡུལ་གནད་ནི། ལས་དང་པོ་པས་ཐོག་མར་ཉི་ཁྲིད་ལ་བསླབ་པ་ལེགས་ཤིང་། དེ་ཡང་ཉི་མའི་དཀྱིལ་འཁོར་དངོས་ལ་ལྟ་སྟངས་གཏད་ན་མིག་ལ་ཤིན་ཏུ་གནོད་པ་དང་། ཉི་མའི་དཀྱིལ་འཁོར་དང་ཧ་ཅང་འགྱངས་པ་ཡང་རྟགས་སྣང་མི་འཆར་བ་མང་བས་དེ་གཉིས་ཀ་མ་ཡིན་པར། ཉི་མའི་དཀྱིལ་འཁོར་དངོས་ཀྱི་འོག་གི་ཉི་ཟེར་མདངས་མིག་ལ་འཆར་ཞིང་། དཀྱིལ་འཁོར་དངོས་མིག་


SPN002_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ལྤགས་ཀྱིས་བསྒྲིབ་པས་མིག་འབྲས་ཀྱིས་ཅུང་མི་མཐོང་པའི་ས་དེར་འདུག་སྟངས་གསུམ་པོ་གང་རིགས་ཀྱི་ཐོག་ནས་ལྟ་སྟངས་གཏོད་དེ་བསྒོམ་པ་ཡིན། རླུང་གནད་ནི། རང་བབས་ཀྱི་འབྱུང་འཇུག་གནས་གསུམ་ཤིན་ཏུ་དལ་ཞིང་འཇམ་པར་བྱེད། དེ་ལྟ་བུའི་གནད་དང་མ་བྲལ་བའི་ངང་ནས་ཐུན་ཆུང་ལ་གྲངས་མང་བར་བྱས་ནས་ཡུན་བསྲིངས། དེའི་སྐབས་སུ་རིག་པའི་གནད། ཕྱིའི་དབྱིངས་མེ་ལོང་དང་འདྲ་བར། ནང་གི་དབྱིངས་སྒྲོན་མ་བྱད་དང་འདྲ་བ་འཇའ་ཚོན་ལྟ་བུའི་འོད་ལྔའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་ནང་དུ་རྡོ་བོར་བའི་རི་མོ་ལྟར་སྣང་བ་སོགས་རྟགས་སྣང་འོད་མདངས་ཅི་ལྟར་ཤར་བ་དེ་ཉིད་གཡས་གཡོན་དུ་ཕར་འགྲོ་ཚུར་འགྲོ་འཁྱུགས་པའི་རྣམ་པ་བྱུང་ན་ཡང་། ལྟ་མཁན་གྱི་རིག་པར་རང་གི་ངོ་བོ་ལྟ་ཤེས་ཙམ་ལས་ལྟ་སྟངས་སྔར་གྱི་དེར་གཡོ་མེད་དུ་གཏད་པ་ཡིན། འདུག་སྟངས་ནི་ལས་དང་པོ་པས་ཐོག་མའི་སྐབས་དེར་སྔར་བཤད་པ་བཞིན་དུ་བྱེད་པ་ཡིན་ལ། ཕྱིས་ནས་ལུས་གནད་རྣམ་སྣང་ཆོས་བདུན་རང་ལེགས། གཞན་རྣམས་རྒྱུན་དུ་སྔར་དང་འདྲ་བའི་སྟེང་ནས་རྟགས་སྣང་ལྟ་སྟངས་གཏད་ཙམ་ནས་འཆར་བ་བྱུང་ན་སྔར་གྱི་ས་ལས་ཅུང་ཟད་ཕབ་སྟེ་ཉི་མའི་དཀྱིལ་འཁོར་ལས་བར་ཐག་ཅུང་ཟད་འགྱངས་པར་བྱ། དེ་ཡང་རིམ་པར་རྟགས་སྣང་འཆར་མི་འཆར་གྱི་མཚམས་ལ་རིམ་པས་ཇེ་ཕབ་ཀྱི་ཚུལ་དུ་བྱ་བ་ཡིན་གྱི་དང་པོ་ནས་ཕབ་ཆེས་ན་རྟགས་སྣང་


SPN002_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིབ་པའི་ཉན་ཡོད་ཅིང་། མཐར་གོམས་པ་ན་དར་སེང་སྲབ་མོས་མིག་དཀྲིས་ཏེ་ཉི་མ་བལྟ་བ་སེང་རས་ཀྱི་ཁྲིད་དང་། ཤེལ་རྡོ་དང་ཟླ་འོད་སྒྲོན་མེའི་འོད་ལ་བརྟེན་པ་སོགས་ཀྱིས་ཀྱང་འོད་ལྔའི་སྣང་བ་རྩིབས་ཤར་གྱེན་འགྲེང་ལ་སོགས་པའི་རྟགས་སྣང་འཆར་ཞིང་། དེ་ལ་གོམས་པ་ན་མུན་ཁང་ལ་ཞུགས་ཏེ་ཐོག་མར་སྐར་ཁུང་ལ་ཉི་མའི་མདངས་ཤར་བ་ལ་བརྟེན་ནས་རྟགས་སྣང་འོད་མདངས་མ་ལུས་རླུང་དམིགས་སྔར་བཤད་པ་བཞིན་གྱིས་དྲངས། དེ་ལ་གོམས་ནས་སྐར་ཁུང་བཀག་སྟེ་སྣང་བ་ཅུང་ཟད་མེད་པའི་མུན་པ་ནག་ཐིང་ངེ་པ་ལ་བསྒོམ་མོ། །ཚུལ་འདི་དང་། དེ་ནས་ཉིན་མཚན་ཁྱད་མེད་དུ་ཉམས་སུ་བླངས་པས་ཟླ་བ་ཕྱེད་ཀྱིས་འབྱོངས་པར་འགྱུར་ཞེས་གསུངས་པའི་མཚན་མོའི་རྣལ་འབྱོར་སོགས་སྦྱོར་དྲུག་དང་རྟ་ཕག་ཡིད་བཞིན་ནོར་བུའི་མུན་ཁྲིད་འོད་གསལ་ཁོར་ཡུག་ཅེས་པར་གསལ། དེ་ལྟར་རྒྱལ་མོའི་འོད་མདངས་ཉི་ཟེར་སྒྲོན་མེ་ཤེལ་རྡོ་ལ་སོགས་པའི་ཟེར་ལ་བརྟེན་ནས་བསྒོམ་པས། དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། རིག་པ་སྐུའི་རྟགས་སུ་ལུ་གུ་རྒྱུད་ཕྲ་བ་རྟ་རྔ་དཀྱུས་པ་ལྟ་བུ། དེ་རྣམས་གནས་ལུགས་ཙིཏྟ་ཤ་ཡི་སྒྲོན་མ་ཞེས་སྙིང་གི་དཀྱིལ་ན་བུམ་ནང་གི་མར་མེ་ལྟར་གནས། དེ་ཉིད་དཀར་འཇམ་རྩ་ཡི་སྒྲོན་མའི་ལམ་ལས་དབང་པོའི་དྭངས་མ་མིག་ལ་མངོན་སུམ་དུ་འཆར་རོ། །རྣ་བ་ཨུ་ཏའི་སྒྲ་ལ་སེམས་བཟུང་ནས་རྣ་


SPN002_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མངོན་ཤེས་ལ་སོགས་པ་ནས་གཞོམ་མེད་ཀྱི་སྒྲ་ཡི་བར་དུ་སྒྲུབ་ཐབས་ཐོག་མར་རྣ་བ་གཉིས་ཀ་འབེར་གྱིས་བཀག་ནས་ཞག་ཤས་ལ་སྒྲ་གཞན་མི་ཐོས་པར་རྣ་བ་ཉིད་ཀྱི་རང་སྒྲ་ལ་སེམས་བཟུང་ནས་རིམ་གྱིས་སློབ་པ་ཡིན་ཅིང་། ཚུལ་འདི་བླ་མ་དགོངས་འདུས་ལས་རྒྱས་པར་གསལ། དེ་ལྟར་སྒྲ་འོད་ཟེར་གསུམ་ལ་བརྟེན་ནས་བསྒོམས་པས་རྟགས་སྣང་གི་ཉམས་ཤར་བ་ཀུན་དུས་དེར་བླ་མ་ལ་ཞུས་ནས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྐུ་དང་ཡེ་ཤེས་ཀྱི་རང་མདངས་འོད་དང་ཐིག་ལེར་སྣང་བ་འདི་སྐུ་ལྔ་ཡེ་ཤེས་ལྔ་རིགས་ལྔ་འོད་ལྔ་རླུང་ལྔ་ཤེས་རབ་ལྔ་སོགས་རྫོགས་ཆེན་གཞན་ལྟར་གང་ཟག་སོ་སོའི་ཉམས་འཆར་ལུགས་དང་བསྟུན་ནས་བླ་མ་ཉམས་མྱོང་ཅན་གྱིས་རིམ་གྱི་ངོ་སྤྲོད་དགོས་པ་ཡིན་གྱི། ད་ལྟ་ནས་འདི་བཞིན་འཆར་ཡོང་ཞེས་བཤད་ན་ཉམས་འཆར་བ་ལ་གནོད་པས་རྒྱས་པར་མ་བཤད་དོ། །འོན་ཀྱང་ཕྱོགས་ཙམ་ནི། རྒྱང་ཞག་ཆུ་ཡི་སྒྲོན་མ་ཙཀྵུའི་ལམ་ལས། དབྱིངས་རྣམ་པར་དག་པའི་སྒྲོན་མ་ཆུ་འཛིན་གྱིས་མ་གཡོགས་པའི་ནམ་མཁའ་ལ། ཐིག་ལེ་སྟོང་པའི་སྒྲོན་མ་སྣང་བའི་ནང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསལ་བ་ལ་བལྟས་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷག་གེར་སྐྱེ་བའི་ངང་ལ་མཉམ་པར་བཞག་པའི་ཤེས་པ་གསལ་དྭངས་ཀ་དག་དང་ལྷུན་གྲུབ་གཉིས་སུ་མེད་པ་དེ་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་ལ། དེའང་རྩིབས་ཤར་གྱེན་འགྲེང་ལ་སོགས་


SPN002_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཐོང་བ་འདི་དག །ལས་དང་པོ་པའི་རྐྱེན་ལ་ལྟོས་པ་ཙམ་ཡིན་གྱི། གཞན་འཁྲུལ་སྣང་ཡིན་པ་ལྟ་ཞོག །ཆོས་ཉིད་ཡོངས་གྲུབ་བདེ་གཤེགས་སྙིང་པོའི་ཆ་ཤས་མངོན་སུམ་དུ་མན་ངག་གི་གནད་ཟབ་མོ་འདི་ལ་བསྟེན་ནས་ལས་དང་པོ་པས་ཀྱང་མཐོང་བ་ཡིན་ཕྱིར་ཆོས་ཉིད་མངོན་སུམ་ཞེས་བྱ། དེ་ལ་རིམ་གྱིས་གོམས་པ་ན་དབྱིངས་ཐིག་ལེའི་དབུས་སུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཆུབ་པའི་སྐབས་སུ་དབྱིངས་རིག་དབྱེར་མེད་དུ་རྟོགས་པ་སྟེ། དེའང་དང་པོ་དབྱིངས་རིག་རེས་གསལ། རེས་མི་གསལ་བ་འབྱུང་། དེ་ནས་དབྱིངས་རིག་དབང་པོ་དངོས་དང་བྲལ་ཏེ་ཐིག་ལེ་རྣམས་སྲན་མ་ཙམ་དུ་འཆར། འོད་ལྔའི་སྣང་བ་དུམ་བུར་ཆད་དེ་གྱེན་འགྲེང་དང་། རྩིབས་ཤར། ཆིག་རྐྱང་། ལྕགས་ཐག་ལྟ་བུ་དང་། ལུ་གུ་རྒྱུད་དང་མདུང་རྩེ་ལྟ་བུར་འགྱུར། ཐིག་ལེ་ཡང་མེ་ལོང་ཙམ་དུ་འགྱུར། དེ་ནས་དབྱིངས་ཀྱི་སྣང་བ་ལ་འོད་ཀྱི་དྲྭ་བ་དང་། མིག་མང་རིས་དང་། མཆོད་རྟེན་ལ་སོགས་པའི་རྣམ་པར་འཆར། འོད་ཀྱང་རང་གནས་པའི་ལུང་པ་ཁེངས་པ་ཙམ། ཐིག་ལེ་ཡང་ཕུབ་ཙམ་དུ་འགྱུར་ཏེ་ཉིན་མཚན་ཁྱད་མེད་དུ་རྟགས་སྣང་འཆར། ཐིག་ལེའི་ནང་དུ་ལྷ་སྐུ་རྐྱང་པ་དང་། ཕྱེད་སྐུ། ཟུར་ཞལ་སོགས་མཐོང་བ་དེ་ཉམས་གོང་འཕེལ་ཞེས་བྱ། འདི་ཙམ་ན་བར་དོའི་སྣང་བ་རང་སར་གྲོལ་ལོ། །ཉམས་སྣང་དེས་སྣང་སྲིད་སྣོད་བཅུད་ཀུན་ལ་རྒྱས་གདབ་སྟེ་ཐ་མལ་གྱི་ཞེན་པ་ལྡོག་པས་ཉམས་ཀྱི་རྟགས་སྣང་གོང་འཕེལ་


SPN002_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོང་ནས་ཐིག་ལེའི་ནང་དུ་རིགས་ལྔ་ཡབ་ཡུམ་ཚོམ་བུ་རང་ལུས་དང་འབྲེལ་བར་སྣང་བ་ནི་རིག་པ་ཚད་ཕེབས་ཞེས་བྱ་སྟེ་འདི་ཙམ་ནས་མ་བསྒོམ་ཡང་རང་བཞིན་ལོངས་སྐུའི་ཞིང་དུ་གྲོལ་བར་ཐེ་ཚོམ་མེད་དོ། །དེ་ལྟ་བུའི་ཉམས་ཀྱི་སྣང་བ་ཐམས་ཅད་ཀྱང་ཆོས་ཉིད་བདེ་གཤེགས་སྙིང་པོའི་རང་མདངས་གཤིས་ཀྱི་རང་བཞིན་དུ་ཐིམ་པས་ཉམས་ཀྱི་རྣམ་པའི་ཡུལ་ཅན་གྱི་སྣང་བ་ཟད་ནས། དོན་དམ་བདེ་གཤེགས་སྙིང་པོའི་རྒྱལ་ཁམས་སུ་འབྲས་བུ་གཞི་ཐོག་ན་སླེབས་ཏེ་ཉམས་ཀྱི་འཕེལ་བ་ཟད། སྣང་ཉམས་དག་ནས་འཛིན་པའི་ངོ་བོ་མེད་ཅིང་། འཁྲུལ་རྟོག །གྲུབ་མཐའ། བྱས་ཆོས་ཐམས་ཅད་ཟད་པ་ན་ཆོས་ཉིད་ཟད་པའི་སྣང་བ་ཞེས་ཐ་སྙད་ཙམ་དུ་བཏགས་པའོ། །ཅི་ཡང་མེད་པ་ཆད་ལྟ་ལྟ་བུ་མིན་པར་མཁྱེན་བརྩེ་ནུས་མཐུ་མཛད་ཕྲིན་ཡོན་ཏན་བརྗོད་མི་ནུས་པ་མངོན་དུ་འགྱུར་ཞིང་། ཟག་བཅས་ཀྱི་ཕུང་པོ་མེད་པར་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་གྲོལ་ཏེ་ནམ་མཁའ་ཇི་སྲིད་འགྲོ་དོན་རྒྱུན་མི་འཆད་པར་འབྱུང་བའོ། །སྐབས་འདིར་འདི་ལྟར་གོ་དགོས་ཏེ། རིག་པ་དང་དབྱིངས་སྣང་བཞི་པོ་ལ་བརྟན་པ་ཐོབ་ཀྱང་། སྔར་རླུང་སེམས་ལ་སྦྱོར་བ་དམན་ཞིང་ཉེ་རྒྱུའི་སྤྱོད་པ་སོགས་མ་གྲུབ་པས་སྙིགས་མ་རྣམ་སྨིན་གྱི་ལུས་སྦྱོང་མ་བཏུབ་ན། ཚེ་འཕོས་མ་ཐག་ཟུང་འཇུག་གི་སྐུ་ཕྱག་ཆེན་གྱི་རིག་འཛིན་འགྲུབ་པར་འགྱུར་གྱི། རླུང་སེམས་ལ་རང་དབང་མ་ཐོབ་པ་རྣམས་ཀྱིས་ཚེ་འདིར་ལྷག་མེད་འོད་ལུས་འགྲུབ་


SPN002_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཤད་པ་མེད་དོ། །དེ་བས་ན་འོད་ལུས་ཟག་མེད་འགྲུབ་པར་འདོད་པ་དང་། གནས་སྐབས་སུ་ལས་བཞི་གྲུབ་པ་བརྒྱད་སོགས་ལམ་རྟགས་ཀྱི་ཡོན་ཏན་ཐོབ་པར་འདོད་པ་དག་གིས་རྩ་རླུང་ཐིག་ལེའི་ཉམས་ལེན་གནད་དུ་སྨིན་པ་ཤིན་ཏུ་ནས་ཀྱང་གཅེས་སོ། །དེས་རྫོགས་ཆེན་གྱི་སྣང་བཞི་ཚད་དུ་ཕྱིན་པ་ཡིན་ནོ། །དེའང་ནང་གི་རིག་པ་རང་ཚོ་ཐུབ་ཅིང་ལྷུན་གྲུབ་ཀྱི་སྣང་བ་ཅི་ལྟར་ཤར་ཡང་སྣང་སྟོང་དབྱེར་མེད་དུ་བསྒོམ་པ་མ་གཏོགས་ཆོས་ཉིད་མངོན་སུམ་གྱི་སྐབས་སུ་ཕྱི་རོལ་གྱི་ཐིག་ལེ་ཐིག་ཕྲན་ལྷ་སྐུ་སོགས་ལ་ཞེན་ཅིང་འཐས་ན་གཟུགས་ཁམས་སུ་སྐྱེ་བའི་རྟེན་བྱེད་པས་ཞེན་པ་མེད་པར་མ་ཟད་དབྱིངས་སྣང་དང་ལས་སྣང་བསྲེ་ཞིང་བསྡུ་བ་སོགས་གལ་ཆེ་སྟེ། དོན་དུ་རིག་པ་དེ་ཕྱི་རུ་ཤར་བ་ལྟར་སྣང་ཡང་ནང་རྒྱང་ཞག་ཆུ་ཡི་སྒྲོན་མ་ཞེས་མིག་གི་ནང་དུ་འཆར་བས་ཕྱི་དོན་དུ་འཛིན་པར་མི་བྱའོ། །རྒྱ་ནག་སྤྲུལ་སྐུའི་དྲིས་ལན་དུ། རྣ་བ་ཨུ་ཏའི་སྒྲ་ལ་བྱུང་གནས་འགྲོ་གསུམ་རྩད་བཅད། རྒྱལ་མོའི་འོད་མདངས་ལ་མཐོང་བྱ་མཐོང་བྱེད་གཉིས་འདུག་གམ་མི་འདུག་བརྟགས་སོགས་གསུངས་པ། སྒྲ་འོད་ཟེར་གསུམ་ཀའི་རྟགས་སྣང་ཤིན་ཏུ་བརྟན་པ་ན། སྤྲོས་མཐའ་གཅོད་པའི་ཕྱིར་དེ་ལྟར་བྱ་དགོས་པའི་སྐབས་ཡོད་པ་ལ་དགོངས་ནས་གསུངས་པ་ཙམ་ཡིན་གྱི་ཐོག་མའི་སྐབས་འདིར་རྟོག་མེད་ཀྱི་ངང་དུ་བློ་བཞག་པ་གལ་ཆེ་བ་མ་གཏོགས་འདི་ལྟ་བུའི་དཔྱད་པ་མང་པོ་མི་ལེགས་ཤིང་། མཐའ་རྟེན་སོགས་རྒྱས་པར་རྫོགས་ཆེན་གཞན་ནས་


SPN002_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྐོང་བ་ནི། མི་འགུལ་བ་གསུམ་གྱིས་གཞི་བཅའ་བ་ཞེས་དུས་ཀུན་ལུས་བཞུགས་སྟངས་གསུམ་གང་རུང་ལ་གནས་པ་སྟེ། ལུས་མི་འགུལ་བས་མིག་མི་འགུལ། མིག་མི་འགུལ་བས་རྩ་མི་འགུལ། རྩ་མི་འགུལ་བས་རླུང་མི་འགུལ། རླུང་མི་འགུལ་བས་སེམས་མི་འགུལ། དེ་ཉིད་ཀྱིས་འགྱུ་བྱེད་རྒྱུན་ཆད་ནས་རིག་པ་གཡོ་མེད་དུ་གནས་པའི་དགོས་པ་ཡོད་དོ། །མིག་གཟིགས་སྟངས་གསུམ་དང་མི་འབྲལ་བར་བྱ་སྟེ། ཆོས་སྐུའི་གཟིགས་སྟངས་གྱེན་དང་། ལོངས་སྐུའི་ཟུར་ཁྲིད། སྤྲུལ་སྐུའི་གཟིགས་སྟངས་ཐུར་ཕབས་སམ་མདུང་ཚུགས་སུ་ཉི་མ་ལ་བལྟས་པས་ཕྱི་ནང་གི་དབྱིངས་རིག་མཐོང་སྟེ། རིག་པའི་གནད་རྩ། རྩའི་གནད་སྒོ། སྒོའི་གནད་སྒྲོན་མའོ། །དེ་ཡང་མི་འགུལ་པ་གསུམ་གྱིས་རྟོག་ཚོགས་འབྱུང་མི་སྲིད་ཅིང་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ། །སྡོད་པ་གསུམ་གྱི་ཚད་བཟུང་བ་ནི། དབྱིངས་རིག་ལ་ཡུན་རིང་བར་གནས་པས་བརྟན་པའི་ཚད་སྡོད་པ་གསུམ་སྟེ། ཕྱི་སྣང་བ་སྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་སྐྱོད་བྱེད་ཀྱི་རླུང་ཟད་པས་རྟོག་པ་འགྱུ་མི་སྲིད་པར་སྡོད་པའོ། །འདི་དག་ཏུ་ཚད་རྨི་ལམ་གྱིས་བཟུང་བ་དང་། རྟགས་ལུས་ངག་ཡིད་གསུམ་ལ་འཆར་ཏེ། རབ་རྨི་ལམ་རྒྱུན་


SPN002_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཆད། འབྲིང་འོད་གསལ་དུ་འཆར། ཐ་མ་ལ་རྨི་ལམ་རྨི་ལམ་དུ་ངོ་ཤེས། ཆོས་ཉིད་མངོན་སུམ་གྱི་རྟགས། ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར་བྱ་བྱེད་གཡོ་འགུལ་མེད་པར་གནས། ངག་ལྐུགས་པ་ལྟར་སྨྲ་མི་འདོད། སེམས་འདབ་ཆགས་རྙིས་ཟིན་པ་ལྟར་འཕྲོ་བ་བཞིན་སྣང་ཡང་གར་གཏད་དུ་ཟིན་པའོ། །ཉམས་སྣང་གོང་འཕེལ་གྱི་རྟགས། ལུས་སྐྱེས་བུ་ནད་ཀྱིས་ཐེབས་པ་ལྟར་བྱི་དོར་དང་རྒྱན་ཆའི་སྒེག་འཆོས་བྲལ། ངག་སྨྱོ་བ་ལྟར་ཅལ་ཅོལ་དུ་སྨྲ། སེམས་སྐྱེས་བུ་རྩི་དུག་གིས་ཟིན་པ་ལྟར་ཁམས་གསུམ་དུ་ཕྱིར་མི་ལྡོག་པར་ཐག་ཆོད་དོ། །རིག་པ་ཚད་ཕེབས་ཀྱི་རྟགས། ལུས་གླང་ཆེན་འདམ་དུ་བྱིང་བ་ལྟར་སྐད་ཅིག་མ་ལ་འབྱུང་བ་ལྔ་ལ་ཐལ་བྱུང་དུ་འགྲོ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་ཅི་སྨྲས་གཞན་ལ་ཕན། སེམས་སྐྱེས་བུ་འབྲུམ་ནད་བྱང་བ་ལྟར་འཁོར་བར་མི་ལྡོག་པའི་གདེང་ཐོབ་པའོ། །ཆོས་ཉིད་ཟད་པའི་རྟགས། ལུས་དུར་ཁྲོད་ཀྱི་རོ་ལྟར་གཤེད་མ་བརྒྱས་མཐའ་བསྐོར་ཡང་། ཡ་ང་བག་ཚ་མེད། ངག་བྲག་ཆ་ལྟར་གཏམ་གྱི་ཟུངས་ཟད་པས་གཞན་གྱི་རྗེས་ཟློས་བྱེད། སེམས་བར་སྣང་གི་ན་བུན་ལྟར་སྐད་ཅིག་མ་ལ་བག་ཆགས་ཀྱི་ཕུང་པོ་མི་སྣང་བར་སངས་རྒྱའོ། །ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། སྐྱེ་བ་ལ་རང་དབང་ཐོབ་པས་གདོས་བཅས་ཀྱི་ཕུང་པོ་མི་སྣང་ཞིང་། སེམས་ཅན་གྱི་དོན་བྱ་བར་འདོད་ན། ཆུ་ཟླ་ལྟ་བུར་


SPN002_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་གཟུགས་ཀྱིས་སེམས་ཅན་གྱི་དོན་བྱེད། འཇུག་པ་ལ་རང་དབང་ཐོབ་པས་བེམ་པོ་ལ་རིག་པ་བཅུག་ཀྱང་འགུལ་བ་དང་སྐད་འབྱིན་པར་ནུས། རླུང་སེམས་ལ་རང་དབང་ཐོབ་པས་རླུང་ལས་སུ་རུང་བ་སོགས་ཡོན་ཏན་ཐམས་ཅད་འབྱུང་ཞིང་སེམས་ཅན་གཞན་ཚེ་འཕོ་བའི་དུས་སུ་དེ་ལ་རིག་པ་བཅུག་པས་མཚམས་མེད་ལྔ་སྤྱད་པ་དག་ཀྱང་རང་དང་མཉམ་དུ་སངས་རྒྱས་པར་ནུས་ཏེ། ལས་ལ་བཟང་ངན་མེད་པའི་གནད་ཀྱིས་སོ། །གདེང་བཞིའི་དྲོད་ཚད་བསྟན་པ་ནི། རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པས་དཀོན་མཆོག་གསུམ་གྱི་ཡོན་ཏན་ཐོབ་ཏུ་རེ་བ་དང་། མ་ཐོབ་དོགས་པ་མེད་པ་སྟེ་ཡར་གྱི་གདེང་གཉིས་དང་། རྣམ་རྟོག་དབྱིངས་སུ་ཐིམ་པས་འཁོར་བར་ལྟུང་མཁན་མ་གྲུབ་པས་འགྲོ་དྲུག་གི་ཚེ་ཚད་སྡུག་བསྔལ་ཐོས་ཀྱང་ལྟུང་གིས་དོགས་པ་དང་། མི་ལྟུང་བའི་རེ་བ་མེད་པ་མར་གྱི་གདེང་གཉིས་སོ། །དེ་ལྟར་སྣང་བཞིའི་ཡོན་ཏན་ཐམས་ཅད་རྫོགས་ནས་གདེང་བཞིའི་དྲོད་ཚད་ཚེ་འདིར་ཐོབ་པས་གདོས་བཅས་འོད་ལུས་སུ་འགྱུར་ཏེ་སངས་རྒྱས་པ་ནི་འབྲས་བུ་མཐར་ཕྱིན་པའོ། །དེ་དག་གིས་དབང་པོ་རབ་ཚེ་འདིར་གྲོལ་པའི་གདམས་པ་རྒྱས་པར་བཤད་ནས། དབང་པོ་འབྲིང་བར་དོར་གྲོལ་པའི་ཚུལ་ནི། སྐྱེ་གནས་ཀྱི་བར་དོ་ལ་དེད་དཔོན་གསེར་གླིང་དུ་འགྲོ་བ་ལྟ་བུ་སྟེ། དཔེར་ན་རྒྱ་མཚོར་ནོར་བུ་ལེན་པ་ན་བྱ་རོག་དང་དུང་ལ་སོགས་པས་ཆུ་སྲིན་ཡིན་མིན་གྱི་


SPN002_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་འདོགས་ལེགས་པར་བཅད་ནས་འགྲོ་བ་ལྟར་བླ་མ་དམ་པའི་དྲུང་དུ་ཐོས་བསམ་གྱི་སྒྲོ་འདོགས་ལེགས་པར་བཅད་ནས་བར་དོའི་འོད་གསལ་ལ་འཇུག་སྟེ། དེའང་རབ་ཀྱི་ཐ་མའི་དབང་དུ་ཆབ་རོམ་ཆུར་ཞུ་བ་ལྟར་གདམས་ངག་ཉམས་སུ་བླངས་པས་རིམ་གྱིས་འཁྲུལ་པ་རང་སྣང་དུ་ངོ་ཤེས་ཏེ་གྲོལ་བའོ། །འཆི་ཁའི་བར་དོ་ལ་རྒྱལ་པོའི་བཀའ་ཕྲིན་བསྐུར་བ་བརྗེད་ན་ཆད་པས་བཅད་དོགས་ཀྱི་ཡིད་ལ་གསལ་བཞིན། རང་ཉིད་འཁོར་བར་སྐྲག་པས་གདམས་པ་མི་བརྗེད་པ་སྟེ། དེའང་འབྲིང་གི་ཐ་མའི་དབང་དུ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་ལུས་ལྕི་ཞིང་ལྡང་མི་ཐུབ་པ་དང་མིག་གྱེན་དུ་ལྡོག་པ་སོགས་ཀྱི་རྟགས་བྱུང་བ་དང་སྔར་བསྒོམ་པའི་བསྐྱེད་རྫོགས་ཀྱི་གདམས་ངག་གང་ལ་མྱོང་བ་ཐོན་པ་རྣམས་སྐབས་འདིར་བློ་ལ་གསལ་ཐེབས་པར་བྱ། ཆོས་ཉིད་ཀྱི་བར་དོ་ལ་ཡིད་ཆེས་པ་མ་པང་དུ་བུ་རྒྱུག་པ་ལྟ་བུའི་གདམས་པ་ནི་དབང་པོ་ཐ་མའི་རབ་རྣམས་བུམ་པ་ཆག་པ་ལྟར། རླུང་རྣམ་ཤེས་ལ་ཐིམ་པས་ནང་དབུགས་ཆད། རྣམ་ཤེས་ནམ་མཁའ་ལ་ཐིམ་པས་སེམས་དབྱིངས་སུ་ཐིམ་སྟེ་དར་ཅིག་བརྒྱལ། དེ་སངས་ནས་ཆོས་སྐུ་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་ཞིག་འཆར་བ་དེ་ཉིད་ངོས་ཟིན་པ་ཙམ་གྱིས་ཀ་དག་གི་གཞི་ལ་རང་གྲོལ་བའོ། །དེ་ནས་རང་གི་མིག་གཉིས་ནས་འོད་ཀྱི་ཟེར་ཐག་ནམ་མཁའི་མཐོངས་སུ་ཤར་བ་ལ་རིག་པ་གཏད་པས་ཟང་ཐལ་དུ་གྲོལ་ལོ། །དེ་ངོས་མ་ཟིན་ན་ཟེར་


SPN002_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་དེ་ལས་མཆེད་པའི་འོད་ཟེར་དང་ཞི་ཁྲོའི་ལྷ་ཚོགས་འཆར་ཏེ། དེའི་ཚེ་སྣང་བ་མཆེད་པ་དེ་རྣམས་ངོ་ཤེས་པས་རང་ཤར་རང་གྲོལ་དུ་འགྱུར་ཏེ་དབང་པོ་ཐ་མའི་འབྲིང་གི་གྲོལ་ལུགས་སོ། །ཤིན་ཏུ་དབང་པོ་ཐ་མའི་ཐ་མ་ནི་གྲོལ་བའི་གདེང་མ་རྙེད་པས་རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེའོ། །སྲིད་པ་བར་དོ་ལ་ལས་བཟང་པོའི་འཕྲོ་མཐུད་ཡུར་བ་ཆད་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ནི། དེ་ལྟར་ལྷུན་གྲུབ་ཀྱི་སྣང་བ་ནུབ་ནས་སྲིད་པའི་བར་དོར་རྨི་ལམ་གྱི་སྣང་བ་ལྟར་དབང་པོ་ཚང་ཞིང་ལས་ཀྱི་རྫུ་འཕྲུལ་དང་ལྡན་པའི་ཡིད་ལུས་འགྲུབ་སྟེ། བར་དོར་ཅི་ཙམ་གནས་པའི་ཕྱེད་སྔ་མའི་དང་། ཕྱེད་ཕྱི་མ་གང་དུ་སྐྱེ་བའི་ལུས་དང་བག་ཆགས་ལྡན་པ་འཆར་བ། དེའང་ལྷ་དང་མིར་སྐྱེ་ན་འོད་དཀར་པོ་འདོམ་གང་བས་བརྒྱན་ཅིང་མགོ་བོ་གྱེན་དུ་བསྟན། ལྷ་མིན་དང་དུད་འགྲོར་འོད་སེར་པོ་དང་མགོ་བོ་འཕྲེད་དུ་བལྟ། དམྱལ་བ་དང་ཡི་དྭགས་འོད་ནག་པོ་དང་མགོ་ཐུར་དུ་བསྟན་སྙམ་བྱེད། སྐྱེ་གནས་སུ་འཇུག་དུས་ལྷར་སྐྱེ་ན་ལྷ་ཁང་སྐྱེད་ཚལ། ལྷ་མིན་ལ་འོད་ཀྱི་འཁོར་ལོ། མིར་སྐྱེ་བོ་མང་པོ་འཚོགས་པ་མཐོང་ཞིང་། དུད་འགྲོར་ས་ཕུག་དང་སྤྱིལ་པོ། ཡི་དྭགས་གྲོག་སྟོང་དང་ཕུག་རྡུག །དམྱལ་བར་མུན་ནག་དང་ཁ་ཆར་གྱིས་དེད་པའི་སྣང་བ་སོགས་འབྱུང་བའི་དུས། རབ་ཀྱི་མིའི་མངལ་སོགས་བདེན་མེད་དུ་ཤེས་པའམ་ཞེན་ལོག་གིས་བཀག་ནས་སངས་


SPN002_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཞིང་ཡིད་ལ་བྱེད་པས་ཁེགས། འབྲིང་གི་སྒྱུ་མ་ལྟ་བུའི་ལྷ་ཡི་འཁྱེར་སོ་གསུམ་ལ་མཉམ་པར་བཞག་པས་ཡི་དམ་ལྷའི་སྐུར་འགྱུར་བས་ཁེགས། ཐ་མས་མངལ་ཆོས་འབྱུང་དུ་བསམ་པའི་ནང་དུ་པདྨ་ཉི་མའི་སྟེང་ན་ༀ་ཨཱཿཧཱུྃ་སོགས་ཡི་དམ་གྱི་ས་བོན་གསལ་བཏབ་ནས་རྣམ་ཤེས་དེ་ལ་འཇུག་ཅིང་ཕ་མ་ཡི་དམ་གྱི་ལྷར་བསྐྱེད་པ་སོགས་ཀྱིས་ཆོས་ལ་སྤྱོད་པའི་མི་ལུས་ཐོབ་པ་ནི་མངལ་གདམ་པའོ། །ཡང་ཐ་རྣམས་ནི་སྣང་བ་དེ་དག་ཤར་བའི་དུས་སུ་བླ་མ་དང་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་འགྲོ་བྱ་ཞིང་སྨོན་ལམ་ཁྱད་པར་ཅན་བཏབ་པས་བདེ་འགྲོར་སྐྱེ་བར་འགྱུར་རོ། །འདི་དག་ནི་ཆོས་ཉིད་མངོན་སུམ་གྱི་དོན་མ་མཐོང་བར་ཚེའི་དུས་བྱས་པ་རྣམས་ཀྱ་ིདབང་དུ་བྱས་ཏེ། དེའང་ད་ལྟ་ནས་ལྷ་བསྒོམ་སྔགས་བཟླ་སོགས་དང་། ཐ་མལ་གྱི་ཟ་འཆག་ཉལ་འདུག་ཅི་བྱེད་ཐམས་ཅད་བར་དོར་བསམ་ཞིང་གདམས་ངག་རྣམས་གོམས་ཤིང་འདྲིས་པར་སྦྱངས་བས་དགོས་དོན་འགྲུབ་བོ། །བརྩོན་འགྲུས་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ་བར་དོ་མེད་པར་གྲོལ་བའི་ཚུལ་ནི། ཚེ་འདིར་ཆོས་ཉིད་མངོན་སུམ་གྱི་དོན་མཐོང་ཡང་བསྒོམ་ལོང་མ་བྱུང་བས། བར་དོའི་གྲོལ་ཚད་དང་མི་ལྡན་པ་རྣམས་ཆོས་ཉིད་ཀྱི་བར་དོ་ཤར་ཡང་ངོས་མ་ཟིན་ཏེ། སྲིད་པའི་བར་དོ་རྨི་ལམ་གྱི་ཆ་ཙམ་དུ་སྣང་བ་ལས་ཆོས་ཉིད་བདེན་པའི་བྱིན་རླབས་དང་། རིག་འཛིན་གྱི་སློབ་དཔོན་པདྨཱ་ཀ་རའི་ཐུགས་


SPN002_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་རྨི་ལམ་སད་པའི་ཆ་ཙམ་ལ་པདྨ་འོད་ལ་སོགས་པར་རང་སྣང་དག་པ་རིགས་ལྔའི་ཞིང་ཁམས་བཀོད་པ་ཕུན་སུམ་ཚོགས་པ་རྣམས་སུ་བརྫུས་ཏེ་སྐྱེ་ཞིང་ཨོ་རྒྱན་རྡོ་རྗེ་འཆང་སོགས་བདེ་གཤེགས་རིགས་ལྔའི་ཞལ་མཐོང་གདམས་པ་ནོད་པས་ཉོན་མོངས་པའི་འཆིང་བ་ཀུན་ལས་གྲོལ་ནས་མཐར་ཐུག་སྟེང་གི་ནམ་མཁའ་མི་མཇེད་བརྩེགས་པར་དུར་ཁྲོད་མེ་རི་འབར་བ་ཁྲོ་བོའི་ཞིང་ཁམས་མཐོང་སྟེ་གདོད་མའི་གཞི་ལ་སྐད་ཅིག་དེ་ཉིད་ལ་གྲོལ་ནས་ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པར་བཞུགས་ནས་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་གང་ལ་གང་འདུལ་གྱི་སྐུར་མངོན་པར་སྣང་བས་འཁོར་བ་མ་སྟོང་གི་བར་དུ་ཐུགས་རྗེ་རྒྱུན་མི་ཆད་པ་རང་བཞིན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་ལྟར་འགྲོ་བའི་ཡིད་དང་མཐུན་པར་སྣང་ཞིང་མཐར་ཐུག་གདོད་མའི་མགོན་པོ་ཀུན་བཟང་པདྨ་འབྱུང་གནས་ཀྱི་གོ་འཕང་མཆོག་ལ་འགོད་པར་མཛད་དོ། །དེ་དག་ནི་རྫོགས་ཆེན་དཀོན་མཆོག་སྤྱི་འདུས་ཀྱི་བཀའ་འགྲེལ་རི་རྒྱལ་ལྷུན་པོར། བར་དོ་ནི༔ ཡེ་ནས་སྟོང་པ་ནམ་མཁའ་ལྟ་བུ་དང༔ གཏིང་ནས་སྟོང་པ་རྒྱ་མཚོ་ལྟ་བུ་དང༔ གསལ་ལ་སྟོང་པ་ཉི་མ་ལྟ་བུ་དང༔ ཀུན་ཀྱང་སྒྱུ་མ་ལྟ་བུའི་གསལ་སྟོང་བསྒོམ༔ ཞེས་གསུངས་པའི་དོན་ཅུང་ཟད་བཀྲལ་བའོ། །དེ་ལྟར་སྔོན་འགྲོ་


SPN002_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་རྗེས་དང་བཅས་པས་ཐོད་རྒལ་གྱི་ལམ་ལྷུན་གྲུབ་ཡེ་ཤེས་ཡིད་དཔྱོད་དུ་མ་ལུས་པར་ཆོས་ཉིད་མངོན་སུམ་མཐོང་བའི་ཁྲིད་དང་ལམ་གྱི་ཡན་ལག་བར་དོ་ལམ་ཁྱེར་གྱི་རིམ་པ་དང་བཅས་བཤད་ཟིན་ཏོ། །དེ་ནས་ལེའུ་བརྒྱད་པའི་དོན་འཕོ་བ་ནི། གཞུང་རྩ་བར། འཕོ་བ་སྐར་ཁུང་མདའ་འཕང་ནི༔ འོད་ཀྱི་གོང་བུ་སྒྲ་ཡིས་འཕོ༔ ཡང་ཡང་སྦྱངས་པས་རྟགས་མྱུར་ཐོན༔ ཅེས་དང་། རྒྱ་ནག་སྤྲུལ་སྐུའི་དྲིས་ལན་དུ། འཕོ་བ་ཡང་དབང་པོ་རབ་ལ་འཕོ་བྱ་འཕོ་བྱེད་མེད་པར་རང་སེམས་མ་བཅོས་ལྷུག་པ་ནི་ཆོས་སྐུའི་འཕོ་བའོ་ཞེས་གསུངས་པ་ལྟར་མངོན་དུ་གྱུར་ན་ཐབས་ཚུལ་གཞན་ལ་མི་ལྟོས་ཤིང་། འབྲིང་ལ་ཡི་དམ་ལྷའི་བསྐྱེད་རིམ་དང་རླུང་སེམས་དམིགས་པ་ལ་བརྟེན་ནས་འཕོ་བའོ། །ཞེས་གསུངས་པའི་དོན་ལག་ལེན་དུ་སྟོན་པ་ནི། བདེ་བའི་སྟན་ལ་ལུས་གནད་ལེགས་པར་བཅས་ནས་པདྨ་འོད་འབར་གྱི་བསྐྱེད་རིམ་གསལ་དྭངས་རྙོག་པ་མེད་པ་སྣང་ཞིང་སྟོང་། སྟོང་ཞིང་གསལ་བ་ཆུ་ཟླ་ལྟ་བུར་བསྒོམ་པའི་སྐུའི་དབུས་སུ་རྩ་དབུ་མ་མདའ་སྨྱུག་ཙམ་ཁ་དོག་དཀར་ཞིང་གསལ་ལ་དྭངས་བ། མར་སྣ་ལྟེ་འོག་སོར་བཞིར་སླེབས་པ། སྨྱུག་ཚིག་བཞིན་རང་འགགས་སུ་སོང་བ། ཡར་སྣ་སྤྱི་བོ་ཚངས་པའི་བུ་གར་ཐོན་པ། སྙིང་གར་རང་གི་རྣམ་པར་ཤེས་པ་རྡོ་རྗེ་དཀར་པོ་འོད་ལྷག་གེ་བ་གཅིག་དབུ་མའི་ནང་དབུས་སུ་གསལ་བཏབ། སྤྱི་བོར་པད་ཟླའི་གདན་


SPN002_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་སངས་རྒྱས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཆོས་གོས་རྣམ་པ་གསུམ་གསོལ་ཞིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་མཉམ་བཞག་གི་ཕྱག་རྒྱ་ཅན་དུ་བཞུགས་པའི་ཐུགས་ཀ་ནས་ཁ་དོག་ལྔ་ལྡན་གྱི་འོད་ཟེར་བྱུང་བས་དབུ་མའི་ཡར་སྣ་རྒྱ་མཐོངས་ཕྱེས་པ་ལྟར་གྱུར་པའི་ནང་ནས་བརྒྱུད་དེ་སྙིང་གའི་རྡོ་རྗེ་ལ་ཟུག་པར་བསྒོམས་ལ་འཕོ་བའི་གསོལ་འདེབས་བྱ་སྟེ། ༀ་ཨཱཿཧཱུྃ་ཧྲཱིཿཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བས་མཁའ་ལ་སྤྱོད་པ་དང་། །རྣམ་ཤེས་དབུ་མའི་སྦུབས་ནས་ཐོན་གྱུར་ཏེ། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །ཟབ་ལམ་སོགས་འགྲེའོ། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །མཁའ་འགྲོ་མཐིང་འོད་འབར་མ་ལ༴། རྗེ་འབངས་ཉི་ཤུ་རྩ་ལྔ་ལ༴། གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ༴། གར་དབང་འཇའ་ཚོན་སྙིང་པོ་ལ༴། བདུད་འདུལ་ནུས་ལྡན་རྡོ་རྗེ་ལ༴། གཏེར་ཆེན་ཀློང་གསལ་སྙིང་པོ་ལ༴། པདྨ་བདེ་ཆེན་གླིང་པ་ལ༴། རིག་འཛིན་ཚེ་དབང་ནོར་བུ་ལ༴། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ལ༴། རིག་འཛིན་རྡོ་རྗེ་དྲག་པོ་ལ༴། དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །སོགས་བརྗོད་ལ། དེ་ནས་རླུང་གནད་སྔར་གཏུམ་མོའི་སྐབས་བཞིན་


SPN002_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དལ་བུས་རྔུབ། ལྟེ་འོག་ཏུ་མེར་གྱིས་བཀང་། སླར་ཡང་ཁོང་པའི་ནང་ནས་སྟེང་རླུང་གནོན་ཆུང་བྱས་ཏེ་གཞིལ། འོག་རླུང་ཅུང་ཟད་འཐེན་ནས་ཁ་སྦྱོར་དུ་བཟུང་། སེམས་སྙིང་གའི་རྡོ་རྗེ་ལ་རྩེ་གཅིག་ཏུ་གཏད་རླུང་མི་ཐུབ་པ་སྙམ་ན་རྔུབ་ཆུང་བརྩེགས་ཏེ་གཞིལ། བཏང་བའི་སྐབས་སུ་ཧིཀ་ཅེས་བླ་མའི་ཐུགས་ཀར་སེམས་གཏད། ཕཊ་ཅེས་པས་སྙིང་གའི་རྡོ་རྗེ་དེ་རྩལ་ཆེན་གྱིས་མདའ་འཕངས་པའི་ཤུགས་ལྟར་དབུ་མའི་ནང་ནས་འཇའ་འོད་ཀྱི་ལམ་བརྒྱུད་དེ་བླ་མ་སྣང་བ་མཐའ་ཡས་ཀྱི་སྐུ་འཇའ་ཚོན་ལྟ་བུ་ལ་ཐལ་བྱུང་སྒྲིབ་ཐོགས་མེད་པར་སོང་ནས་ཐུགས་ཀར་སླེབས་པར་མོས། སེམས་རྩེ་གཅིག་ཏུ་གཏད་ནས་རླུང་ཕྱི་འཛིན་ཅུང་ཟད་བྱ། ཡང་རླུང་རྔུབ་པའི་སྐབས་རྡོ་རྗེ་དེ་སྔར་གྱི་གནས་ནས་རིམ་པར་ཕབ་སྟེ་སྙིང་གར་གནས་པ་ལ་སེམས་གཏད། ཀ་ཞེས་རླུང་སྔར་བཞིན་འཛིན། དབྱུང་བ་ན་རླུང་གནད་སྒྲ་གདངས་དམིགས་པ་བཅས་སྔར་བཞིན་བྱས། རྡོ་རྗེ་དེ་བླ་མ་སྣང་མཐའི་ཐུགས་ཀར་སླེབས་ཅིང་། རླུང་ཕྱིར་འཛིན་སྐབས་དེར་མཐར་ཐུག་གི་དོན་དུ་འཕོ་བྱ་འཕོ་བྱེད་འཕོ་བའི་ཡུལ་མ་གྲུབ་པའི་མཚོན་བྱེད་རྟོག་མེད་ཀྱི་ངང་དུ་ཅུང་ཟད་རེ་འཇོག །དེ་ལྟ་བུ་ནན་ཏན་དུ་བསྒོམ་ཞིང་། མཐར་ཐུན་འཇོག་པའི་ཚེ་དགེ་བ་བསྔོའོ། །རླུང་དང་སྦྲགས་པའི་འཕོ་བ་འདི་གཞན་ལས་རྟགས་མྱུར་བའི་ཕྱིར། སྤྱི་བོ་སྐྲངས་པ། འཕྲིགས་པ་དང་། ཆུ་སེར་ཐོན་པ་སོགས་འོང་བས་དེ་བར་དུ་ནན་གྱིས་བསྒོམ།


SPN002_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་དང་སྦྲགས་ཚེ་ཧིཀ་དང་ཕཊ་ཅེས་ཡིད་ཀྱིས་བསམ་པ་ལས་བརྗོད་མི་བདེ་ཡང་རླུང་དང་མི་སྦྲགས་ན་ཡར་སྔར་དུས་ཧིཀ་ཕཊ་དང་མར་དབབ་དུས་ཀ་ཞེས་བརྗོད། ཡང་ལ་ལ་ཞིག་ཚངས་བུག་མེད་པའི་དོན་གྱིས་སྦྱངས་སྐབས་སུ་མགོ་བོ་ན་བ་དང་། ཀླད་ཡུ་འཁོར་བ་འོང་རིགས་ཀྱང་ཡོད་པས་གེགས་སེལ་དུ་སྤྱི་བོའི་བླ་མ་མཐོ་བར་བཏེགས་ནས་ཚངས་བུག་ཆེར་ལངས་པ་ནས་རྣམ་ཤེས་ཐོན་པར་བསྒོམས་པས་སེལ་ཞིང་། འབྱོངས་ཆེས་པས་ཚེ་ལ་གཟན་གྲས་བྱུང་ན་དམིགས་པ་འོག་ཏུ་གཏད་པ་དང་ཚེ་བསྙེན་སོགས་བྱའོ། །དེ་ནས་ལས་ལ་སྦྱོར་བའི་དུས་ནི་འཆི་ལྟས་ལྡོག་ཏུ་མེད་པ་ཤར་པའི་སྐབས་སུ་ཡིན་གྱི་དུས་མིན་དུ་ཉེས་པར་འགྱུར་བས་མི་བྱ། རྟགས་ཐོན་ནས་ཀྱང་མ་བརྗེད་ཙམ་རེ་མ་བྱས་ན་དགོས་པའི་སྐབས་སུ་འཕོ་མི་བཏུབ་པས་ཉམས་ལེན་ནར་མར་བྱ། ཧ་ཅང་ཐལ་དྲགས་ན་ཚེ་ལ་གཟན་པས་ཚོད་འཛིན། ལས་ལ་སྤྱོད་དུས་རླུང་ཀུམ་བྷ་ཀ་ལ་རང་དབང་ཐོབ་ན་དཀའ་ཚེགས་མེད་ཀྱང་གལ་ཏེ་རྩོལ་བ་ཞན་པས་ལན་གཅིག་གིས་འཕོ་མ་ནུས་ནའང་ལན་ཁ་ཤས་བསྐྱར་བས་འཕོའོ། །འཕོས་ནས་མར་མི་དབབ་པར་བླ་མ་སྣང་བ་མཐའ་ཡས་དེ་ཉིད་ཐོག་མར་དཔག་ཚད་ཙམ་དང་། དེ་ནས་སྟེང་ཕྱོགས་ཀྱི་ལྷ་གནས་ཐམས་ཅད་ལས་བརྒལ་ཏེ་འོག་མིན་གྱི་ཞིང་ཁམས་སམ། བདེ་བ་ཅན་དུ་གཤེགས་པར་མོས། གཞན་ལ་འདེབས་དུས་རང་ཉིད་


SPN002_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ལྷར་གསལ་ཞིང་། ཁྱད་པར་སྔར་སྦྱངས་པའི་སྐབས་ཅི་ལྟ་བར་ཚེ་འདས་ཀྱི་ཕུང་པོར་སྟོང་ར་དབུ་མ་རྣམ་ཤེས་ཀྱི་རྟེན་དང་སྤྱི་བོའི་བླ་མ་བསྒོམས་ནས་གསོལ་འདེབས་བྱས་ལ། ཀ་ཧིཀ་ཕཊ་ཅེས་བརྗོད་པས་ཀ་ཞེས་ཚེ་འདས་ཀྱི་སྙིང་གའི་རྣམ་ཤེས་ལ་སེམས་གཏད། ཧིཀ་ཅེས་དབུ་མའི་ལམ་ལས་སྣང་མཐའ་ཐུགས་ཀར་བསྟིམ། ཕཊ་ཅེས་པས་བདེ་བ་ཅན་དུ་སྤར་རོ། །དེ་ལྟར་སྐྲ་ནས་འཐེན་ཅིང་རྟགས་མ་ཐོན་བར་གསོལ་འདེབས་དང་དམིགས་པ་བསྐྱར་མཐར་བསྔོ་སྨོན་བྱ། ཤི་ནས་ཞག་གྲངས་སོང་བ་ལ་ནི་ཕུང་པོར་རྣམ་ཤེས་བཀུག་ནས་འདེབས་པར་བཤད་ཀྱང་ལུས་ལས་རྣམ་ཤེས་ཐོན་ཚར་ནས་འཕོ་བ་བཏབ་པ་དོན་མེད་པས་ངན་སོང་སྦྱང་ཐབས་གཞན་ལ་འབད་པར་བྱའོ། །རང་ཉིད་ཀྱང་འཆི་ཁར་དངོས་སུ་འཕོ་མ་ནུས་ཀྱང་དམིགས་པ་རྣམས་བསྒོམས་ན་ཕན་ཡོན་ཤིན་ཏུ་ཆེའོ། །འོག་མིན་གྱི་གནས་ཞེས་པ་སྤྱིར་ནི་ཆོས་ཀྱི་དབྱིངས་གཅིག་པུ་གདུལ་བྱའི་དཔལ་དུ་རྣམ་པ་ཐམས་ཅད་པྲ་ཕབ་ལྟ་བུར་བཤད་པས་སྐུ་དང་ཞིང་ཁམས་གཅིག་ཏུ་ངོས་བཟུང་བྱར་མེད་ཀྱང་། འོག་མིན་ཆེན་པོ་ནི་སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་སྟུག་པོ་བཀོད་པ་ན་བཞུགས་པར་བཤད་པའི་གནས་དེ་ཡིན་ཞིང་། རྣམ་སྣང་གངས་ཅན་མཚོའི་ཞིང་ལ་ཕལ་ཆེན་ལས་རྒྱ་ཚད་སོགས་ཆེས་ཆེ་བར་གསུངས་པས་འོག་མིན་འབྲིང་པོ་དང་། ཆུང་ངུ་ནི་གནས་གཙང་མའི་འོག་


SPN002_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཞེས་པ་དེར་འདོད་དགོས་ཤིང་། མཁའ་སྤྱོད་ཀྱི་གནས་ཆུང་དུ་ཙཱ་རི་སོགས་ཀྱི་སྟེང་གི་ཆ་དང་། ཆེན་པོ་ནི་ཨོ་རྒྱན་ལ་སོགས་པར་སྔགས་ཀྱི་རྣལ་འབྱོར་པ་རྣམས་འདོད་གཟུགས་ཀྱི་ལུས་རྟེན་ཅན་གྱི་རིག་པ་འཛིན་པའི་ཚུལ་དུ་བཞུགས་པའི་གནས་དེ་དག་གོ། །དབང་པོ་ཐ་མ་ནི། རང་གར་སྐྱེ་འདོད་པའི་གནས་ལ་དམིགས་ཏེ་དགེ་བའི་རྩ་བ་རྣམས་བསྔོ་ཞིང་སྨོན་ལམ་ཤུགས་དྲག་པོ་བཏབ་པས་དེ་རུ་སྐྱེ་ནུས་པའོ། །ཡང་ཐ་རྫས་ཀྱི་འཕོ་བའང་སྒོ་ཁྱད་པར་ཅན་དུ་རླུང་སེམས་དོན་ནུས་བའོ། །ཞེས་གསུངས་པས། རྒྱ་མགྲོན་སྦྲུམ་མ་བསྲེགས་ཐལ་དང་། སྦྲང་རྒོད། རྡོ་ཁབ་ལེན། རྒྱ་ཚྭ། ལྕེ་ཚའི་མེ་ཏོག་སྦྱར་ནས་སྤྱི་བོར་བྱུགས་པར་གཏེར་གཞུང་ནས་གསུངས་ཀྱང་ལག་ལེན་གྱི་སྲོལ་མེད་དོ། །ཡུན་ནི་དབང་པོ་རབ་ལ་ཞག་གཅིག །འབྲིང་གསུམ། ཐ་མས་བདུན་གྱིས་འབྱོངས་ངེས་ཤིང་། དེས་ཀྱང་མ་འབྱོངས་ན་རང་གིས་གསང་སྔགས་ཀྱི་དབང་བསྐུར་ཞུས་པའི་བླ་མ་དང་དམ་ཚིག་འགལ་ན་འཕོ་བ་དང་ལྷ་བསྒོམ་སྔགས་བཟླས་སོགས་ཀྱི་རེ་ལྟོས་བྱས་ཀྱང་ཕན་པ་གཏན་ནས་མེད་པར་མར་གྱི་ཟང་ཐལ་ཉིད་དུ་གསུངས་ཤིང་། དེ་ལྟར་མ་ཡིན་པར་ཚེ་འདིར་སོ་ཐར་གྱི་སྡོམ་པ་ཉམས་པ་ཙམ་དང་། སྡིག་པ་ཆེན་པོ་བྱས་སམ། སྔོན་གྱི་ལས་སྒྲིབ་ཚན་ཆེ་བ་ཡིན་ན་རྡོར་སེམས་བསྒོམ་བཟླས་ཚོགས་བསྐང་ལ་སོགས་བཤགས་སྦྱང་ལ་འབད་ཅིང་། སླར་ཡང་ཉམས་ལེན་


SPN002_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་བསྲིངས་པས་དགོས་དོན་འགྲུབ་བོ། །དེས་ནི་འཕོ་བ་ལམ་གྱི་སྐྱེལ་མའི་དམིགས་ཁྲིད་བཤད་ཟིན་ཏོ། །གཞན་ཡང་རྫོགས་པ་ཆེན་པོ་སྤྱི་དང་བྱེ་བྲག་གི་བརྒྱུད་པའི་ལོ་རྒྱུས། གདམས་པའི་བབས་ལུགས་སོགས་དང་ཐུན་མོང་གི་སྔོན་འགྲོ། གེགས་སེལ་བོགས་འདོན་ལ་སོགས་པའི་སྐོར་རྣམས་རྒྱས་པར་གཞན་དུ་ཤེས་ཤིང་། མདོར་བསྡུས་བཀའ་འགྲེལ་དང་ཉང་བན་ཏིང་འཛིན་བཟང་པོ་ལ་གུ་རུ་རིན་པོ་ཆེ་ཉིད་ཀྱིས་གདམས་པར་མཛད་པའི་ཞུས་ལན་སོགས་ལ་གཟིགས་ནས་ཁོང་དུ་ཆུད་པར་བྱའོ། །དེ་ནས་རྫོགས་པ་ཆེན་པོ་འཆད་ཅིང་སྤེལ་བའི་རིག་འཛིན་གོང་མ་དག་གི་ཕྱག་བཞེས་བཀའ་རྩིས་ཀྱི་རྒྱས་གདབ་པ་ནི། གཏེར་གཞུང་ལས། ཨེ་མ་ཧོ༔ དཀོན་མཆོག་སྤྱི་འདུས་དམ་ཆོས་ཡང་སྙིང་འདི༔ དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པ་འདུས༔ ཐེག་པའི་ཡང་རྩེ་རྩོལ་མེད་ཨ་ཏི་ཆེ༔ རྒྱུ་དྲུག་འཁོར་བའི་སེམས་ཅན་འདྲེན་པའི་ཆོས༔ མ་འོངས་རྩུབ་འགྱུར་བཞི་བཅུའི་དུས་ཀྱི་ཚེ༔ འགྲོ་བ་ཕལ་ཆེར་ཆོས་མིན་ལས་ལ་སྤྱོད༔ ལྷ་མི་སྐྱེ་འགྲོ་མཐའ་དབུས་འཁྲུགས་པའི་དུས༔ ལས་ཅན་སྦྱངས་པ་ཅན་དང་འཕྲད་པར་ཤོག༔ འཕྲད་ནས་འབྲེལ་ཚད་ཐར་ལམ་འདྲེན་གྱུར་ཅིག༔ མཁའ་འགྲོ་སེང་གེའི་གདོང་ཅན་གྱིས་སྐྱོངས་ཤིག༔ མཚོ་སྨན་ཀླུ་བདུད་གཉིས་ཀྱིས་སྲུངས་ཤིག༔ ཅེས་ཡེ་ཤེས་ཀྱི་ཌཱ་ཀི་དང་འཇིག་རྟེན་གྱི་སྲུང་མར་གཉེར་དུ་གཏད་ཕྱིར་རང་བཞིན་རྫོགས་པ་


SPN002_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་སྣོད་དུ་རུང་བར་མཁའ་འགྲོའི་ལུང་བསྟན་བྱུང་བའི་བུ་ལ་གཅིག་བརྒྱུད་དུ་གདམས་ཤིང་། དེས་ཀྱང་མངོན་ཞེན་ལེ་ལོ་སྤངས་ནས་ཚུལ་བཞིན་ཉམས་སུ་ལེན་དགོས་སོ། །དེའང་ཆོས་འདི་ལ་སྔོན་སྦྱངས་དང་མི་ལྡན་པར་སྟེས་དབང་གིས་འཕྲད་པར་མི་འགྱུར་ཏེ། གཏེར་གཞུང་ཉིད་ལས། ལུང་ཟིན་སྐྱེས་བུ་རྣམས་ལས་མང་དུ་འཕེལ༔ ཚེ་གཅིག་གྲུབ་ཐོབ་སུམ་ཅུ་རྩ་བརྒྱད་འབྱུང༔ ཕྱིར་མི་ལྡོག་པ་བརྒྱ་དང་རྩ་བརྒྱད་འབྱུང༔ ལམ་སྣ་ཟིན་པ་སྟོང་དང་ཁྲི་ཕྲག་ལྔཿའབྲེལ་ཐོགས་བྱེ་བ་གསུམ་དང་འབུམ་ཕྲག་འབྱུང༔ དེ་ནས་མ་གཅིག་ཌཱ་ཀི་སེང་ཧ་ཡིས༔ བོད་ཡུལ་འདི་ན་ཆོས་འདིའི་དཔེ་མི་བཞག༔ ཨོ་རྒྱན་མཁའ་འགྲོའི་ཞིང་དུ་གདན་དྲངས་སོ༔ ཞེས་དང་། ཁྱད་པར་ང་ཡི་གཏེར་ཆོས་ཟབ་མོ་དང༔ འཕྲད་དང་འབྲེལ་ཚད་སྦྱངས་པ་སྔོན་སོང་ཡིན༔ དི་ཕྱིར་ལས་སད་སྐྱེས་བུ་མ་གཏོགས་པ༔ རྟོག་གེ་ཐ་སྙད་མཁན་དང་ཚིག་ཕྱིར་འབྲང༔ བསགས་མེད་ཕལ་པའི་འགྲོ་བས་མོས་མི་འགྱུར༔ དེ་ཕྱིར་ང་ཡི་གཏེར་ཆོས་སུ་མོས་པ༔ ཉམས་སུ་སུས་བླངས་ཚེ་གཅིག་མི་གྲོལ་རེ༔ ཁྱད་པར་ཐུགས་སྒྲུབ་ཀུན་གྱི་སྙིང་པོ་ནི༔ ཡང་ཟབ་དཀོན་མཆོག་སྤྱི་འདུས་མན་ངག་འདི༔ ཆོས་ཉིད་དོན་རྫོགས་འདུས་པའི་ཡང་སྙིང་ཡིན༔ རང་གི་སྒྲུབ་ཐབས་རང་གིས་མཛད་པའོ༔ ལས་ཅན་མ་གཏོགས་གཞན་ལ་སྤེལ་མི་རུང༔ ཞེས་བསླུ་མེད་རྡོ་རྗེའི་བཀའ་ཡིས་ཆེད་དུ་བརྗོད་ཕྱིར་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་


SPN002_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྟར་དཀོན་ཞིང་ངོ་མཚར་ཆེས་ཆེ་བའི་ཟབ་མོའི་གདམས་པར་ཡིད་ཆེས་པས་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་ནས་རང་གཞན་འབྲེལ་ཐོགས་ཐམས་ཅད་ཞིང་ཁམས་གཅིག་ཏུ་ཐུགས་ཡིད་འདྲེས་པའི་འོད་གོང་ཁྱབ་བརྡལ་ལྷུན་གྲུབ་ཏུ་སངས་རྒྱས་ཤིང་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་འཚལ། སྨྲས་པ། གསང་ཆེན་ཟབ་རྒུར་མཆོག་གི་དངོས་གྲུབ་ཉིད། །མངོན་དུ་བྱེད་ལ་བླ་མར་རག་ལས་ཚུལ། །བཤད་མོད་ཐུབ་པའི་རྒྱལ་ཚབ་འཛམ་གླིང་གི། །སྔགས་ཀྱི་སྟོན་མཆོག་གུ་རུ་རྗེ་དེ་ཡི། །སྒྲུབ་ཐབས་དངོས་གྲུབ་མཆོག་གི་ཉེ་ལམ་གང་། །མང་ཡང་དཀོན་མཆོག་རྩ་གསུམ་ལྷ་ཡི་ཚོགས། །མཐའ་ཀླས་སྤྱི་ཡི་དོན་འདས་སྒྲུབ་ཐབས་ཕུལ། །འདི་ནི་མདོ་སྔགས་ཀུན་གྱི་སྙིང་པོར་ངེས། །ལྷ་སྔགས་ཏིང་འཛིན་གསུམ་པོ་དབྱེར་མེད་པ། །ལམ་དུས་མངོན་རྟོགས་རྒྱུད་ལ་སྦྱོར་བའི་ཚུལ། །འོད་གསལ་བདེ་གཤེགས་སྙིང་པོ་གཏེར་བཞད་རྩལ། །གང་དེའི་གསུང་གསང་གུ་རུའི་དགོངས་རྒྱན་ཞེས། །དོན་འགྲེལ་པདྨ་དཀར་པོའི་ཚལ་ཆེན་དེར། །ལྷག་བསམ་ཉིན་མོར་བྱེད་པའི་དབང་པོ་ཡིས། །ཉེ་བར་རྩེན་མཐུས་ཕྱིན་ཅི་མ་ལོག་པའི། །ལེགས་བཤད་སྦྲང་རྩི་སྐལ་བཟང་བཅུད་དུ་སྨིན། །རབ་འབྱམས་ལས་ལ་དབང་བྱེད་བསྐྱེད་རིམ་དང་། །མཆོག་དངོས་བདེ་བླག་ཐོབ་བྱེད་རྫོགས་རིམ་ཞེས། །ཟུང་འཇུག་ལམ་ཉིད་སྲས་བཅས་རྒྱལ་བས་བསྔགས། །དེ་ཕྱིར་འབད་པས་ལམ་སྲོལ་གསལ་བར་ཕྱེས། །ཟབ་མོའི་གནད་ལ་


SPN002_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་གེའི་འོལ་ཚོད་ཀྱི། །འདོམ་གྱིས་གཞལ་བས་དོན་ལ་འགོངས་ནས་སླར། །ལེགས་པར་བཤད་རློམ་དོན་བྲལ་ཡི་གེའི་ཚོགས། །འགའ་དང་འདི་ཉིད་མཚུངས་སམ་བརྟག་ཅིང་དཔྱོད། །དགེ་དེས་རྒྱལ་ཀུན་སྤྱི་གཟུགས་པད་འབྱུང་གི། །རིང་ལུགས་སྲིད་པའི་མཐར་ཡང་ཉམས་མེད་ཅིང་། །འགྲོ་རྣམས་ཐེག་ཆེན་ཟབ་མོའི་ལམ་མཆོག་ལ། །བརྟེན་ནས་རྣམ་གྲོལ་འབྲས་བུ་ཐོབ་ཕྱིར་བསྔོ། །ཞེས་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོའི་རྫོགས་རིམ་བཤད་པའི་སྐབས་ཏེ་གསུམ་པའོ། །དེས་ནི་ཁྲིད་ཀྱི་རིམ་པ་ཡོངས་སུ་རྫོགས་པ་ཡིན་ནོ། །ཚུལ་འདི་ནི་ཡོངས་འཛིན་སྐུ་ཞབས་མཆོག་དང་། སྐྱབས་རྗེ་འབྲུག་པ་རིན་པོ་ཆེའི་ཞབས་འབྲིང་པ་དད་དམ་ཕུན་ཚོགས་བསླབ་གསུམ་རྒྱན་ལྡན་ལྡེ་འཆང་མི་ཕམ་བཀའ་བརྒྱུད་དཔལ་ལྡན་གྱིས་ཀྱང་བསྐུལ་བའི་ངོར་གཏེར་གཞུང་དང་། ཡང་འགྲེལ་སོགས་རྡོ་རྗེའི་གསུང་རྣམས་ཁྲིགས་སུ་བསྡེབས་པར་རིག་འཛིན་བརྒྱུད་པའི་ཞལ་ལུང་མན་ངག་གིས་བརྒྱན་ཅིང་འཇུག་བདེར་༧སི་ཏུ་པདྨ་ཉིན་བྱེད་དབང་པོས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་བཀོད་པ་དགེ། དགེའོ། །དགེའོ། །

རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཀྱི་སྔོན་འགྲོའི་འདོན་ཆ་རབ་གསལ།


SPN002_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཀྱི་སྔོན་འགྲོའི་འདོན་ཆ་རབ་གསལ་བཞུགས།


SPN002_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲ་ཝཱ་ཀ་ར་ཡ། གདོད་ནས་དྲི་བྲལ་རང་བྱུང་འགྱུར་མེད་གཤིས། །ཀུན་ཁྱབ་ཀུན་ཏུ་སྣང་བའི་ཡེ་ཤེས་རྩལ། །བདེ་ཆེན་བདེ་བའི་ངོ་བོར་ཡོངས་གྲུབ་པ། །མཚོ་སྐྱེས་རྡོར་འཆང་པདྨའི་ཞབས་ལ་འདུད། །སྲིད་འགྲོ་རྒྱ་མཚོར་བྱིང་བ་ཡི། །ཐར་འདོད་ངེས་འབྱུང་བློ་ཅན་རྣམས། །ཟབ་ལམ་གྲུ་རྫིངས་འདིར་འཇུག་པས། །ཡང་དག་ནོར་བུ་གང་དྲིན་སྙེད། །དེ་ལྟར་འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཀྱི་ཉམས་ལེན་རིམ་པ་ལ། དང་པོ་ཐུན་མོང་གི་སྔོན་འགྲོ་ནི། དལ་འབྱོར་གྱི་རྟེན་རྙེད་པར་དཀའ་བའི་ཚུལ་དང་དེ་དག་ཀྱང་མི་རྟག་སྒྱུ་མའི་རང་བཞིན། ལས་དང་འབྲས་བུ་མི་འཆོལ་བར་རྒྱུད་ལ་སྨིན་ལུགས། འཁོར་བ་ངན་སོང་གི་སྡུག་བསྔལ་


SPN002_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་ཚུལ་སོགས་དཔྱད་གཞིག་ཡང་ཡང་བཏང་ནས། དེ་ཡང་ཐོ་རེངས་ལ་སོགས་པའི་དུས་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་ཅིང་རླུང་རོ་དགུ་ཕྲུགས་སུ་བསལ། ཨཱ་ལི་ཀ་ལི་ཡིག་བརྒྱ་སྦྲེལ་མ་ཚར་གསུམ་བརྗོད་པས་ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་ལྟུང་དང་ཁྱད་པར་ངག་གི་ཉེས་སྐྱོན་ཐམས་ཅད་བྱང་དག་ཆེན་པོར་གྱུར་པར་བསམ་ནས། ཀྱེ་མ་བདག་ནི་འཁོར་བའི་གནས་འདིར་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་སྡུག་བསྔལ་འཁྲུལ་པའི་སྣང་བ་དོས་དྲག་ལ་ཡུན་རིང་བ་འདི་ལྟ་བུའི་དུཿཁ་བཟོད་མེད་ཀྱིས་གཙེས་ཤིང༔ འདི་ལྟར་བདག་ཉིད་གཅིག་པུར་མ་ཟད་བདག་གི་ཕ་མ་སེམས་ཅན་འདི་ཀུན་ཀྱང་སྡུག་བསྔལ་འདི་འདྲ་འབའ་ཞིག་ལ་སྤྱོད་ཅིང་༔ ད་


SPN002_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དུང་སྡུག་བསྔལ་དུ་མི་ཤེས་པ་སྨྱོན་པ་བཙན་དུག་ཟ་བ་ལྟར་རང་གིས་རང་འཕུང་བསྒྲུབ་པ་འདི་ཚོ་ཨ་རེ་སྡུག༔ སྙིང་རེ་རྗེ༔ འདི་རྣམས་བདེ་བ་དང་ལྡན༔ སྡུག་བསྔལ་བཟོད་དུ་མེད་པ་འདི་དང་བྲལ་བའི་ཐབས་ཤིག་བདག་གིས་བསྒྲུབ་པ་ཞིག་ཅི་མ་རུང༔ དེ་གྲུབ་པར་བྱེད་པ་ལ་བདག་འཁོར་བ་འདི་ལས་ཐར་ཏེ་བདེ་ཆེན་བྱང་ཆུབ་སེམས་ཀྱི་བཙན་ས་ཟིན་པ་ཞིག་བྱས་ཏེ། ད་གདོད་ཁམས་གསུམ་འཁོར་བ་འདི་ན་ཁྱམས་པའི་ཕ་མ་སེམས་ཅན་འདི་ཀུན་གྱི་དོན་བྱ༔ དེའི་ཕྱིར་བདག་དུས་ད་ནས་བཟུང་སྟེ་ཇི་སྲིད་སངས་རྒྱས་རང་རྒྱུད་ལ་མ་ཐོབ་ཀྱི་བར་དུ་དཀོན་མཆོག་སྐྱབས་ཡུལ་རྣམས་ལ་སྐྱབས་སུ་མཆིའོ༔ ཞེས་སྙིང་ཐག་པ་ནས་བསམ་ཞིང་ངག་ཏུ་ཡང་བརྗོད། དེ་ནས་ཐུན་མོང་མིན་པའི་སྔོན་འགྲོ་ལ་སྐྱབས་འགྲོ་དང་སེམས་བསྐྱེད་པ་སྟེ། ཐོག་མར་སྐྱབས་ཡུལ་རྣམས་གསལ་བཏབ་པ་ནི། རང་ཐ་མལ་པར་གསལ་བའི་མདུན་གྱི་ནམ་མཁར་དཔག་བསམ་ཤིང་རབ་ཏུ་རྒྱས་པའི་སྙིང་པོ་ཡལ་འདབ་བཞིར་གྱེས་པའི་དབུས་ཀྱི་ལྟེ་བར་བླ་མ་རྡོ་རྗེ་འཆང་ལ་བརྒྱུད་པ་གསུམ་ལྡན་གྱི་བླ་མས་བསྐོར་བ༔ མདུན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་ཞི་བ་དང་ཁྲག་འཐུང་གི་ལྷ་ཚོགས་ཀྱིས་བསྐོར་བ༔ གཡས་སུ་དུས་གསུམ་སངས་རྒྱས༔ རྒྱབ་ཏུ་ཆོས་སྐུ་ཡུམ་ཆེན་མོ་ལ་རྒྱལ་བའི་གསུང་རབ་གླེགས་བམ་གྱི་རྣམ་པ༔ གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན༔ ཕྱི་སྐོར་


SPN002_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཀའ་སྲུང་དམ་ཅན་རྒྱ་མཚོས་བསྐོར་བ་དང་བཅས་པའི་སྐྱབས་ཡུལ་རྣམས་གསལ་བར་གྱུར༔ ཞེས་འདོན་སྒོམ་སྦྲགས། དེ་ལྟ་བུས་སྐྱབས་ཡུལ་རྣམས་ལ་སྙིང་ཐག་པ་ནས་བློ་ཁེལ་ངེས་པའི་གདུང་ཤུགས་བསྐྱེད་དེ་སྐྱབས་འགྲོ་ནི། ན་མོ༔ སངས་རྒྱས་ཀུན་དངོས་ཡང་དག་ལམ་སྟོན་པའི༔ བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ དུས་གསུམ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ༔ ཐེག་གསུམ་ལུང་རྟོགས་ཡི་གེའི་རིས་སུ་བྱོན༔ ཆགས་བྲལ་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ༔ ས་དང་ལམ་ཞུགས་དག་པའི་ཞིང་མཆོག་སྐྱོང༔ ཚོགས་མཆོག་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ༔ མཆོག་དང་ཐུན་མོང་དངོས་གྲུབ་ཉེ་བར་སྩོལ༔ ཞི་ཁྲོ་ཡི་དམ་ལྷ་ལ་སྐྱབས་སུ་མཆིའོ༔ བར་ཆད་ཀུན་སེལ་ཆོས་མཐུན་ཕྲིན་ལས་བསྒྲུབ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མར་སྐྱབས་སུ་མཆིའོ༔ ཞེས་བརྒྱ་སྟོང་ཉེར་གཅིག་སོགས་ཅི་འགྲུབ་བྱ། དེ་ནས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ཅིང་ཞར་ལ་ཚད་མེད་བཞི་བསྒོམ་པ་ནི། སེམས་བསྐྱེད་ཀྱི་རྟེན་ཁམས་གསུམ་འཁོར་བ་འདི་ན་གནས་པའི་ཕ་མ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཚད་མེད་དུ་བསྐྱེད་ཅིང་བསམ་སྦྱོར་མཐུན་པས་ནམ་མཁར་བཞུགས་པའི་སྐྱབས་ཡུལ་རྣམས་དཔང་པོར་བྱས་ཏེ། བདག་གི་ཕ་མ་ཁམས་གསུམ་འགྲོ་བ་ཀུན༔ ཐོག་


SPN002_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུས་ནས་སྡུག་བསྔལ་མཐའ་མེད་མྱོང༔ སྙིང་རྗེའི་རང་བཞིན་འདི་དག་དོན་བྱེད་ཕྱིར༔ བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ སྡུག་བསྔལ་མཚོ་ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན། ལས་མ་བསྒྲལ་བདག་གིས་བསྒྲལ༔ ཐེག་ཉན་ཐོས། མཆོག་དབུགས་མ་ཕྱུང་རྣམས་བདག་གིས་དབྱུང་༔ ཞི་རང་རྒྱལ། བདེར་གནས་པའི་སེམས་པ་མྱང་འདས་འགོད༔ བླ་མེད་བྱང་ཆུབ་སེམས་དེའི་ཕན་ཡོན་གྱིས༔ སེམས་བྱམས་པ་ཚད་མེད། ཅན་བདེ་དགའི་ལམ་ལ་སྤྱོད་པ་དང་༔ སྡུག་སྙིང་རྗེ་ཚད་མེད། བསྔལ་མི་དགེའི་ལམ་ལས་རབ་བཟློག་སྟེ༔ སྡུག་བསྔལ་ཡོངས་དགའ་བ་ཚད་མེད། བྲལ་བདེ་བ་དམ་པ་ཡིས༔ གཉིས་བཏང་སྙོམས་ཚད་མེད། མེད་བྱང་ཆུབ་སེམས་སུ་གནས་གྱུར་ཅིག༔ ལན་གསུམ་བརྗོད་མཐར། སྐྱབས་ཡུལ་རྣམས་བདག་ལ་ཐིམ་པས་དཀོན་མཆོག་སྐྱབས་ཡུལ་རྣམས་དང་དབྱེར་མེད་དུ་གྱུར༔ ཐུགས་རྗེའི་བྱིན་རླབས་ཞུགས་པས་ཆོས་ཆོས་སུ་འགྲོ་ཞིང་བར་ཆད་མེད་པར་བསམ་མོ། །དེ་ནས་སྒྲིབ་སྦྱོང་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་ལ་བར་དུ་གཅོད་པའི་འགལ་རྐྱེན་སྡིག་སྒྲིབ་ཡིན་པས་དེ་ཉིད་སྦྱོང་དགོས་ཏེ། རང་ཐ་མལ་པའི་སྤྱི་གཙུག་ཏུ་པད་དཀར་དང་ཟླ་བའི་གདན་ལ་ཧཱུྃ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལ་ཕོ་ཚོས་བསྐུས་པ་ལྟར་དཀར་ལ་དམར་བའི་མདངས་དང་ལྡན་པ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་


SPN002_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ༔ མཚན་དཔེས་བརྒྱན་པའི་རྡོ་རྗེའི་སྐུ་དར་དང་རིན་པོ་ཆེས་མཛེས་པར་སྤྲས་པ༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དྲི་མ་དང་བྲལ་བའི་སྙིང་པོར་ཧཱུྃ་ཡིག་གི་ཐ་མར་ཡི་གེ་བརྒྱ་པས་བསྐོར་བ༔ བཟླས་པ་ཙམ་གྱིས་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ལས་ཡེ་ཤེས་ཀྱི་བདུད་རྩི་འོ་མའི་རྒྱུན་ལྟར་དཀར་ཞིང་བསིལ་བ་རེག་ན་བདེ་བ་བབས༔ བདག་གི་སྤྱི་གཙུག་ཚངས་པའི་བུ་ག་ནས་མར་ཞུགས༔ ལུས་ཀྱི་ཆ་ཐམས་ཅད་ནས་ཐེམ་མེར་གྱིས་གང་སྟེ་སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ་སངས་ཀྱིས་དག༔ ཤེལ་བུམ་ཕྱིས་པ་འོ་མས་བཀང་བ་ལྟ་བུར་གྱུར་པར་མོས་ལ༔ ༀ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡ༔ ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ་བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ། ཞེས་ཡིག་བརྒྱ་བཟླ་བ་དང་། ཡང་སྙིང་ཡང་བཟླས་མཐར། རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་བདག་དང་རོ་གཅིག་ཏུ་གྱུར༔ པར་མོས། དེ་ཡང་སྦྱང་བྱའི་སྡིག་སྒྲིབ། སྦྱོང་བྱེད་ཀྱི་ཐབས། སྦྱོང་མཁན་སྒྲུབ་པ་པོ་གསུམ་ག་མི་དམིགས་པ་སྟེ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་རྒྱས་འདེབས་


SPN002_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་ཡང་བསྒོམ་བྱའི་སྙིང་པོའོ། །དེ་ནས་ཚོགས་གཉིས་རྫོགས་པར་བྱ་ཕྱིར་མཎྜལ་འབུལ་བ་ནི། སྒྲུབ་པའི་མཎྜལ་སྟེགས་ཀྱི་ཁར་འབྲུ་གསུམ་བརྗོད་པའི་ཚོམ་བུ་ལྔ་ཚོམ་བཀོད། སྐྱབས་ཡུལ་བཞིན་དུ་བསྒོམ། མཆོད་པའི་མཎྜལ་ལག་ཏུ་ཐོགས་དེ་ཡང་རྒྱུ་རིན་པོ་ཆེ་ལས་གྲུབ་པ་གས་ཆག་མེད་པ་མཐོ་གང་ལས་མི་ཆུང་བ་ཚོམ་བུའང་རིན་པོ་ཆེ་དང་འབྲུ་སྨན་སོགས་ཅི་འབྱོར་གྱིས་བྱ་ཞིང་། དགོད་པའི་ཚུལ་ནི་མཎྜལ་དྲི་བཟང་གིས་བྱུགས་ཤིང་ལས་སྔགས་ཀྱིས་བསངས། སྐུ་གསུམ་མཎྜལ་ལས་དང་པོ་འབྲུ་སིལ་མའི་མེ་ཏོག་གཅལ་དུ་བཀྲམ་ལ། ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་འཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ་ལས་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཤར་དུ་ལུས་གཡས་དང་ལུས་འཕགས་གཡོན། ལྷོར་རྔ་ཡབ་གཡས་དང་རྔ་ཡབ་གཞན་གཡོན། ནུབ་ཏུ་གཡོ་ལྡན་གཡས་དང་ལམ་མཆོག་འགྲོ་གཡོན། བྱང་དུ་སྒྲ་མི་སྙན་གཡས་དང་སྒྲ་མི་སྙན་གྱི་ཟླ་གཡོན། གླང་པོ་རིན་པོ་ཆེ་ཤར། བློན་པོ་རིན་པོ་ཆེ་ལྷོ། རྟ་མཆོག་རིན་པོ་ཆེ་ནུབ། བཙུན་མོ་རིན་པོ་ཆེ་བྱང། དམག་དཔོན་རིན་པོ་ཆེ་ཤར་ལྷོ། འཁོར་ལོ་རིན་པོ་ཆེ་ལྷོ་ནུབ། ནོར་བུ་རིན་པོ་ཆེ་ནུབ་བྱང། གཏེར་ཆེན་པོའི་བུམ་པ་བྱང་ཤར། ཉི་མ་ཤར། ཟླ་བ་ནུབ། ལྷ་མིའི་འདོད་ཡོན་


SPN002_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཚང་བ་མེད་པ་བདག་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་ཐམས་ཅད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །བཞེས་ནས་སྨིན་གྲོལ་བྱིན་གྱིས་བརླབ་ཏུ་གསོལ། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན༔ འདོད་དགུའི་འབྱོར་པ་དཔག་མེད་དང་ལྡན་པའི༔ དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས༔ འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག༔ གཉིས་པ་ནི་མེ་ཏོག་གཅལ་དུ་ུབཀྲམ་ལ། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་དུ་གྱུར། འབྲུ་གསུམ་བརྗོད་པས་མེ་ཏོག་དབུས་དང་ཕྱོགས་མཚམས་ཏེ་དགུར་བཀོད་ལ། དཔལ་རྡོ་རྗེ་སེམས་དཔའ་ལ་སྒེག་སོགས་འདོད་ཡོན་གྱི་ལྷ་མོ་བརྒྱད་ཀྱིས་བསྐོར་བ་མཆོད་པའི་སྤྲིན་རབ་འབྱམས་ནམ་མཁའ་གང་བར་གྱུར། འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང༔ སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་རེ་ཅན༔ ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས༔ འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ གསུམ་པ་ནི་འབྲུ་གསུམ་བརྗོད་པས་ཚོམ་བུ་ལྔ་ཚོམས་སུ་བཀོད་ལ། དབུས་སུ་རྣམ་པར་སྣང་མཛད་ཀྱི་


SPN002_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འོག་མིན་གྱིས་གྲུབ་པ། ཤར་དུ་མི་བསྐྱོད་རྡོ་རྗེའི་ཞིང་མངོན་པར་དགའ་བ། ལྷོར་རིན་ཆེན་འབྱུང་ལྡན་གྱི་ཞིང་དཔལ་དང་ལྡན་པ། ནུབ་ཏུ་སྣང་བ་མཐའ་ཡས་ཀྱི་ཞིང་བདེ་བ་ཅན། བྱང་དུ་དོན་ཡོད་གྲུབ་པའི་ཞིང་ལས་རབ་རྫོགས་པ་ཐམས་ཅད་ཀྱང་ཆོས་ཉིད་བདེ་གསལ་གྱི་རང་བཞིན་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་གྱི་སྣང་ཆ་ཡེ་ཤེས་ལྔའི་རང་འོད་དུ་འཚེར་བ་འཁོར་འདས་རོ་མཉམ་ཆོས་ཀྱི་དབྱིངས་སུ་འབྱམས་ཀླས་པར་གྱུར། པར་མོས་ལ། འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང༔ སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི༔ རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས༔ ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ དེ་ལྟ་བུའི་མཎྜལ་རྣམས་ཚིག་བརྗོད་ཅིང་ཚོམ་བུ་གསོ་བ་དང་། དམིགས་པ་གསལ་འདེབས་པ་རྣམས་སུམ་ཕྲུགས་སུ་བྱའོ། །དངོས་སུ་མཎྜལ་མེ་ཏོག་སོགས་མ་འབྱོར་ན། ཡིད་བྱུང་གིས་སྤྲོས་ཏེ་འབུལ་བ་ཡིན་ནོ། །དེ་ནས་མོས་གུས་བྱིན་རླབས་ཀྱིས་རྟོགས་པའི་ཡེ་ཤེས་མངོན་སུམ་དུ་བྱ་ཕྱིར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་བྱ་བ་ནི། རང་ཉིད་སྐད་ཅིག་གིས་གར་དབང་རྩ་གསུམ་ཡོངས་འདུས་སུ་གསལ་བའི་སྤྱི་བོར་སེང་གེས་བཏེགས་པའི་ཁྲི་པདྨ་དང་ཟླ་བའི་གདན་ལ་བདག་ལ་བཀའ་ལུང་དབང་དང་མན་ངག་སྩལ་ཞིང་བདག་རྒྱུད་ལ་ཡོད་པའི་ཡེ་ཤེས་དྲི་མེད་རང་གསལ་གཅེར་མཐོང་དུ་ངོ་སྤྲོད་པར་མཛད་པའི་ཆོས་རྗེ་སངས་རྒྱས་བཀའ་དྲིན་ཅན༔


SPN002_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་བླ་མ་དེ་ཉིད་ཡིན་པ་ལ་རྣམ་པ་བཅོམ་ལྡན་འདས་ཁྱབ་བདག་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་རིན་པོ་ཆེ་ཨིནྡ་ནི་ལའི་སྙིང་པོ་ལྟར་གསལ་ཞིང་འཚེར་བ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་དམར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ༔ ཡབ་ཡུམ་གཉིས་ཀའང་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་ནས་བདག་ལ་རྗེས་སུ་བརྩེ་བའི་ཞལ་འཛུམ་པ་དང་བཅས་པ༔ གསལ་སྟོང་འོད་ལྔའི་ལམ་དུ་བཀྲ་ལམ་མེར་བཞུགས་པའི་དབུ་གཙུག་ཏུ་རིག་འཛིན་ཐུགས་ཀྱི་རྡོ་རྗེ། དེའི་དབུ་གཙུག་ཏུ་འཇམ་མགོན་ཆོས་ཀྱི་འབྱུང་གནས། དེའི་དབུ་གཙུག་ཏུ་གུ་རུ་ཆོས་ཀྱི་དབང་པོ། དེའི་དབུ་གཙུག་ཏུ་རྒྱལ་དབང་བྱང་ཆུབ་རྡོ་རྗེ། དེའི་དབུ་གཙུག་ཏུ་གཏེར་ཆེན་ཆོས་རྗེ་གླིང་པ། དེའི་དབུ་གཙུག་ཏུ་རྒྱལ་སྲས་མཆོག་གྲུབ་རྒྱལ་པོ། དེའི་དབུ་གཙུག་ཏུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས༔ དེའི་དབུ་གཙུག་ཏུ་རིག་འཛིན་ཆེན་པོ་ཤྲཱི་སེང་ཧ༔ དེའི་དབུ་གཙུག་ཏུ་སྤྲུལ་སྐུ་དགའ་རབ་རྡོ་རྗེ༔ དེའི་དབུ་གཙུག་ཏུ་ལོངས་སྐུ་རྡོ་རྗེ་སེམས་དཔའ༔ དེའི་དབུ་གཙུག་ཏུ་རྒྱལ་བ་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོ་མཁའ་དབྱིངས་ཁྱབ་པའི་སྐུ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན༔ གཞན་ཡང་བརྒྱུད་པ་གསུམ་གྱི་བླ་རབས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་གྱུར༔ དེ་ལྟ་བུའི་བླ་མ་བརྒྱུད་པའི་མཁྱེན་པའི་ཡེ་ཤེས། བརྩེ་


SPN002_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ལ་བསམས་ཏེ། སྐྱོན་རྟོག་གི་བློ་ངན་སྤངས་ལ་དད་པ་དང་མོས་གུས་སྙིང་ཐག་པ་ནས་ལུས་འདར་བ་དང་མཆི་མ་གཡོ་བ་ཙམ་དུ་བསྐྱེད་ཅིང་གསོལ་བ་འདེབས་པ་ནི། ཨེ་མ་ཧོ༔ ཆོས་དབྱིངས་འདུས་མ་བྱས་པའི་མཁའ་དབྱིངས་སུ༔ ཁྱབ་བདག་དང་པོའི་མགོན་པོ་ཀུན་ཏུ་བཟང༔ བློ་འདས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ འོག་མིན་རབ་འབྱམས་ཐིག་ལེ་འོད་ལྔའི་ཀློང་༔ ཟུང་འཇུག་ཡེ་ཤེས་ལྔ་རྫོགས་རྡོ་རྗེ་སེམས༔ བླ་མ་ལོངས་སྤྱོད་རྫོགས་སྐུ་ལ༴གསེར་གླིང་ཧེ་ཆེན་གདལ་བའི་དུར་ཁྲོད་དུ༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ༴དུར་ཁྲོད་རྩུབ་འགྱུར་ཚལ་གྱི་གནས་མཆོག་ཏུ༔ དགའ་རབ་རྗེས་བཟུང་རྫོགས་ཆེན་བརྡའ་དོན་རིག༔ རིག་འཛིན་ཤྲཱི་སིདྷ་ལ༴རྒྱ་བོད་གནས་དང་རྔ་ཡབ་གླིང་དབུས་སུ༔ རྡོ་རྗེའི་སྐུ་བརྙེས་སངས་རྒྱས་འདུས་པའི་སྐུ༔ ཨོ་རྒྱན་རིན་པོ་ཆེ༴ཟན་ཡངས་གནས་དང་གཡུ་རུ་ཁྲ་འབྲུག་ཏུ༔ པདྨས་རྗེས་བཟུང་བཀའ༔ དུས་གདམས་པའི་བདག༔ རྒྱལ་སྲས་ཆོས་ཀྱི་རྗེ་ལ༴བདེ༵་བ༵འི་རང་བཞིན་སྟོང་ཉིད་རྡོ༵་རྗེ༵་ཅན། དབྱེར་མེད་ཟུང་འཇུག་ཡེ༵་ཤེ༵ས་རོ༵ལ་པ༵་རྩ༵ལ། གཏེར་ཆེན་དྷརྨ་སྭཱ་མི་ལ༴འགྲོ་འདུལ་ཐུགས་རྗེའི་དབྱིངས་ལས་རྣམ་པར་འཕྲུལ། །ཚད་མེད་ཕྲིན་ལས་རྣམ་བཞི་འཁོར་ལོས་


SPN002_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར། །རྒྱལ་དབང་བོ་དྷི་བཛྲ་ལ༴འཆི་མེད་རྟག་པ་རྡོ་རྗེའི་རྒྱལ་སྲིད་ཆེ། །ཡོངས་གྲུབ་དོན་དམ་རྣལ་འབྱོར་མངའ་དབང་ཕྱུག །གུ་རུ་དྷརྨེནྡྲ་ལ༴རྒྱལ་བསྟན་ཡོངས་རྫོགས་ཆོ༵ས་ཀྱི་༵འབྱུ༵ང་གན༵ས་གཏེར། །མཁྱེན་སྟོབས་ངག་དབང་གྲུབ་པའི་རྒྱན་གཅིག་པུ། །འཇམ་མགོན་དྷརྨཱ་ཀ་ར་ལ༴རང་སྣང་རྣམ་དག་པདྨ་འོད་ཞིང་དུ། །རང་གསལ་མ་འགགས་ཆོས་སྒོ་རྒྱ་མཚོའི་བདག །རང་བྱུང་ཙིཏྟ་བཛྲ་ལ༴སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་དུ༔ བཀའ་སྩལ་ལུང་འབོགས་ཆོས་ཉིད་མངོན་སུམ་སྤྲོད༔ དྲིན་ཆེན་རྩ་བའི་བླ་མ་ལ༴དམར་གསལ་ཟླ་གམ་ཚེ་ཡི་ཕོ་བྲང་དུ༔ འཆི་མེད་དབང་དང་དངོས་གྲུབ་ཉེར་སྩོལ་བའི༔ གར་དབང་རྩ་གསུམ་ཡོངས་འདུས་ལ༴རྨ་ལུང་ཟག་མེད་འཇའ་ཚོན་ཕུག་པ་ན༔ རྒྱལ་བའི་གསེང་ལམ་མཆོག་གསང་ཨ་ཏིའི་ཆོས༔ བློ་འདས་རྫོགས་པ་ཆེན་པོ་ལ༴རང་བཞིན་གནས་དང་ལྷུན་གྲུབ་ཞིང་ཁམས་སུ༔ མཆོག་གི་བདེ་སྟེར་དམ་ཚིག་ཌཱ་ཀི་ནི༔ བསྟན་སྐྱོང་སྔགས་ཀྱི་བདག་མོ་ལ༴དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ ཀ་དག་རིག་སྟོང་རང་ངོ་འཕྲོད་པ་དང༔ ཐོད་རྒལ་ལྷུན་གྲུབ་སྣང་བ་མཐར་ཕྱིན་ཏེ༔ ཟབ་མོའི་ལམ་ལ་སྐལ་ལྡན་འདྲེན་གྱུར་ཅིག༔ ཅེས་པའི་བརྒྱུད་འདེབས་དང་། ཕུར་ཚུགས་སུ་གསོལ་


SPN002_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས་པ་ནི། བཀའ་དྲིན་མཉམ་པ་མེད་པ་དང་ལྡན་པ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ༔ བདག་རྒྱུད་ཆོས་དང་མཐུན་པར་བྱིན་གྱིས་རློབས་ཤིག༔ ཆོས་རྒྱུད་ཐོག་ཏུ་འབྱོར་བར༴ལྟ་སྤྱོད་ཉོན་མོངས་པའི་གཉེན་པོར་ལྷོངས་པར༴ཉོན་མོངས་པ་ཡེ་ཤེས་སུ་འཆར་བར༴ཐ་མལ་གྱི་ཤེས་པའི་མཚང་རིག་སྟེ་བློ་འདས་ཆོས་སྐུའི་རང་ཞལ་གཞི་ཐོག་ཏུ་ཐེབས་པར༴ཚེ་གཅིག་ལུས་གཅིག་ལ་བློ་འདས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་བདེ་བླག་ཏུ་རྟོགས་པར་བྱིན་གྱིས་རློབས་ཤིག༔ ཅེས་ཚར་ཅི་མང་དུ་བྱ་ཞིང་དེ་ལྟ་བུའི་གསོལ་འདེབས་ཀྱི་བརྗོད་ཚུལ་ཡང་། གསང་འདུས་ལེའུ་འབུམ་པ་ལས། བླ་མ་ལ་གུས་སློབ་མ་ཡིས༔ སྒྲ་རིང་བ་དང་གསལ་བ་དང༔ སྐད་གཟེངས་མཐོན་པོས་གསོལ་འདེབས་ན༔ དེ་ལ་བདག་གིས་དངོས་གྲུབ་སྟེར༔ ཞེས་གསུངས། ཁྱད་པར་དུ་ཏིང་ངེ་འཛིན་གྱིས་དབང་བཞི་ཞུ་བ་ནི། དེ་ལྟར་གསོལ་བ་བཏབ་པ་ལ་བརྟེན་ནས་བླ་མ་བརྒྱུད་པ་དང་བཅས་པ་རྩ་བའི་བླ་མ་ཉིད་ལ་ཐིམ༔ བླ་མའི་སྤྱི་བོ་ༀ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ། དེ་གསུམ་ལས་བྱིན་རླབས་འོད་ཟེར་གྱི་རྣམ་པར་འཕྲོས་པ་དག་གི་གནས་གསུམ་དུ་ཐིམ༔ སྐུ་བུམ་པ༔ གསུང་གསང་བ༔ ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་བྱིན་རླབས་ཐོབ༔ མཐར་བླ་མ་ཡབ་ཡུམ་


SPN002_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དུ་ཞུ་སྟེ་རང་ལ་ཐིམ་པས་བླ་མའི་ཐུགས་དང་རང་སེམས་གཉིས་མེད་དུ་གྱུར༔ དེའི་རང་ངོ་ལ་བལྟས་པས་བློ་འདས་བདེ་བ་ཆེན་པོ་ངོ་བོ་ཉིད་སྐུ་བླ་མའི་རང་ཞལ་མཇལ༔ སྐུ་གསུམ་བླ་མ་མཆོག་གི་གོ་འཕང་ཐོབ་པར་གྱུར༔ ཞེས་ལམ་དུས་ཀྱི་དབང་བཞི་ཡང་ཡང་བླང་བར་བྱ་ཞིང་། ཚུལ་འདི་ནི་མཚན་བཅས་ཀྱི་དབང་བཞི་རྣམས་ལས་ཁྱད་པར་དུ་གྱུར་པ་སྟེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། སྐྱེ་མེད་རྣམ་དག་སེམས་ཀྱི་དབང་ཐོབ་ནས༔ རང་བཞིན་བཅུ་ཡི་དབང་ལ་སེམས་མི་ཆགས༔ སྔགས་དང་ཕྱག་རྒྱའི་དབང་ལ་རེ་མི་འཇོག༔ རྫས་དང་མཚན་མའི་དབང་ལ་རྩོལ་མི་དགོས༔ ༔ ཞེས་གསུངས་སོ། །དེ་ལྟར་སྒོ་གསུམ་རྩེ་གཅིག་མོས་པས་ལྷུར་ལེན་བྱའོ། །དེ་ནས་བསྐྱེད་རིམ་ལྷའི་རྣལ་འབྱོར་ཁྱེར་བདེ་སྔོན་དུ་འགྲོ་བའི་སྒོ་ནས་དངོས་གཞི་རྫོགས་རིམ་ལ་འཇུག་པ་སོགས། གཞུང་ལྟར་རིམ་པར་ཉམས་ལེན་ལ་འཇུག་པར་བྱའོ། །ཞེས་པའང་༧རྒྱལ་དབང་ཕྱག་པད་འཆང་པའི་བཀའ་གནང་ལྟར། གཞུང་སོར་བཞག་ལ་ཅུང་ཟད་ལྷན་ཐབས་ཀྱི་ཚུལ་དུ་སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་པ་སྟེ། ནོངས་པའི་ཚོགས་གང་མཆིས་ཀུན་བཟང་ཀློང་དུ་བཤགས་ཤིང་དགེ་བས་འགྲོ་རྣམས་ཚེ་གཅིག་འཇའ་ལུས་འགྲུབ་པའི་རྒྱུར་བསྔོའོ། །སརྦ་མངྒ་ལམ། དགེའོ། །

རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཀྱི་ཁྲིད་ལས་མན་ངག་བླ་མའི་ཞལ་ཤེས་ཀྱི་ཟིན་བྲིས།


SPN002_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཀྱི་ཁྲིད་ལས། མན་ངག་བླ་མའི་ཞལ་ཤེས་ཀྱི་ཟིན་བྲིས་བཞུགས། སངས་རྒྱས་ཀུན་གྱི་སྤྱི་མེས་རྡོ་རྗེ་སེམས། །སྙིགས་དུས་གདུལ་དཀའི་ངོ་བོར་གང་འདུལ་སྐུ། །ཀུན་མཁྱེན་གྲུབ་པའི་དབང་ཕྱུག་རི༵ག་འཛི༵ན་རྗེ། །རྒྱལ་ཀུན་འདུས་ཞལ་ཚེ༵་དབ༵ང་ནོ༵ར་བུ༵ར་འདུད། །ཁྱེད་ཀྱི་ཐུགས་དགོངས་རྒྱ་མཚོ་ལྟ་བུ་ལས། །ལེགས་འོང་ཆོས་ཀྱི་བདུད་རྩི་གངྒཱའི་ཆབ། །འཛད་མེད་ཡིད་བཞིན་འཇོ་བས་གདུལ་བྱའི་ཚོགས། །ཐེག་པ་གསུམ་ལ་འགོད་མཛད་མཆོག་དེར་འདུད། །ཁྱད་པར་བདག་སོགས་རྨོངས་པའི་འགྲོ་བ་རྣམས། །ཐབས་མཁས་ཐུགས་རྗེས་ཀུན་བཟང་དགོངས་པའི་སར། །འཁྲིད་མཁས་བཀའ་དྲིན་འཁོར་མེད་རིན་པོ་ཆེ། །རྡོ་རྗེ་འཆང་དབང་ཁྱོད་ལ་ཕྱག་འཚལ་ལོ། །སྟག་ཤམ་རྡོ་རྗེ་ཆོས་སྐུའི་ཀློང་ཡངས་ལས། །ཆོས་རྗེ་གླིང་པ་ལོངས་སྐུའི་དཀྱིལ་འཁོར་རྒྱས། །ཚེ་དབང་ནོར་བུ་སྤྲུལ་སྐུའི་མཚན་དཔེ་འབར། །རང་རྩལ་རིག་པའི་ཀློང་དུ་འབྲལ་མེད་ཤོག །ཅེས་མཆོད་པར་བརྗོད་ནས། དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་འདུས་པའི་བདག་ཉིད་འདྲེན་མཆོག་འཁོར་ལོའི་མགོན་པོ་རིག་འཛིན་ཚེ་དབང་ནོར་བུའི་ཞབས་ཀྱིས་པད་མོར་སྒོ་གསུམ་གུས་པས་བཏུད་དེ་འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཀྱི་ཁྲིད་


SPN002_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་ཁྲིད་བཀའ་དྲིན་དུ་སྩལ་བར་དམིགས་རྐང་རེའི་ནང་ཁོང་གི་ཚིག་རེ་རེ་བཞིན་དུ་ལྗགས་བཤད་ཞིབ་རྒྱས་སུ་གནང་ཡང་། དེ་དག་ཐོས་པའི་བསོད་ནམས་ལས་ཐམས་ཅད་ཡིད་དུ་འཇགས་པ་ཞིག་མ་གྱུར་མོད། འོན་ཀྱང་བསྒོམ་བྱའི་སྙིང་པོར་རང་གི་བློས་གང་ཟིན་བརྗེད་ཐོ་ཟིན་བྲིས་སུ་བཏབ་པར། དང་པོ་བྱིན་རླབས་སྒོ་དབྱེ་བླ་མ་མོས་གུས་ཀྱི་ཁྲིད་ལ། བི་མ་སྙིང་ཐིག་དང་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་གཉིས་དགོངས་པ་གཅིག་ཏུ་མཐུན་པས་དེས་ན་བི་མ་སྙིང་ཐིག་གི་ནང་བཞིན་ལས། བླ་མའི་རྣལ་འབྱོར་ལ་སེམས་སྦྱངས་པ་ནི། སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་བྱས་ནས་རང་ཐ་མལ་པའི་སྤྱི་བོར་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་དེ་ཉིད་གསལ་བཏབ། དེ་ལ་བརྒྱུད་པའི་བླ་མ་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པས་རྩ་བའི་བླ་མ་དེ་ཉིད་བཞད་ཡལ་ལེ། འོད་དང་འོད་ཟེར་དུ་འཁྱིལ་ལེར་བཞུགས་པའི་མཐའ་སྐོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པས་བསྐོར་བར་བསམས་ལ། ཡིད་ཀྱིས་ཕྱག་འཚལ་བ་དང་། ཕྱི་ནང་གི་མཆོད་པ་འབུལ་བ། ཐོག་མེད་ནས་བསགས་པའི་སྡིག་པ་བཤགས་པ་སོགས་བླ་མེད་སྤྱི་མཐུན་གྱི་ཡན་ལག་བདུན་པ་ཕུལ་ལ། བླ་མ་རིན་པོ་ཆེ་སེམས་ཉིད་རང་ངོ་ཤེས་པར་


SPN002_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས། །བདག་འཛིན་འཁྲུལ་པ་ཞིག་པར་བྱིན་གྱིས་རློབས། །འོད་གསལ་ནང་ནས་འཆར་བར་བྱིན་གྱིས་རློབས། །ཞེས་པ་ལ་སོགས་པའི་ཚིག་བརྗོད་ལ་སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་གྲངས་མེད་དུ་བཏབ། མཐར་བདག་དང་བླ་མ་གཉིས་ཀ་འོད་དུ་ཞུ། དེ་ཡང་ཆུ་སྣ་འཕྲད་པ་ལྟར་གཉིས་སུ་མེད་པར་གྱུར་བའི་ངང་ལ་དར་ཅིག་གློད་དེ་བཞག །རྨི་ལམ་སྒྱུ་མའི་ཚུལ་གྱིས། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བ་བསྔོ་བར་བྱའོ། །དེས་ནི་བྱིན་རླབས་ལྷུན་གྲུབ་ཏུ་འབྱུང་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པའི་དགོས་པ་ཡོད་པས། དེས་ན་ཐུན་ཐམས་ཅད་ཀྱི་འགོར་གྲངས་ཇི་ལྟར་རིགས་པ་མ་ཆགས་པར་བྱས་ནས་གསོལ་བ་སྙིང་ཁུང་རུས་པའི་གཏིང་ནས་འདེབས་དགོས་སོ། ༼༡༽དེ་ནས་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་འབྲས་མི་འཆོལ་བར་སྨིན་ལུགས། འཁོར་བའི་ཉེས་དམིགས། ཞི་བ་མྱ་ངན་ལས་འདས་པའི་ཕན་ཡོན་བཅས་རེ་རེ་བཞིན་ནས་རྟགས་ཚད་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་གཞུང་བཞིན་བསྒོམ། ༼༡༽དེ་ནས་སྟན་བདེ་བ་ལ་ལུས་གནད་བཅས། འདུག་སྟེ་རླུང་རོ་དགུ་ཕྲུགས་སུ་བསལ། ཨཱ་ལི་ཀཱ་ལི་ཡིག་བརྒྱ་


SPN002_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲེལ་མ་ཚར་གསུམ་བརྗོད། དེའི་དམིགས་པ་ནི། ཐོ་རངས་གཉིད་སད་པའི་ཚེ་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་བདག་མ་རིག་པའི་གཉིད་ལས་བསླང་ཕྱིར་ཌཱ་དྲིལ་རོལ་མོ་སོགས་དང་རུས་པའི་རྒྱན་དྲུག་གི་དྲིལ་བུའི་སྐད་དང་བཅས་པ་ཐམས་ཅད་ལས་ཨཱ་ལི་ཀཱ་ལིའི་སྒྲ་སྒྲོག་ནས་གཉིད་སད་བྱུང་སྙམ་དུ་བསྒོམ་པ་ཡིན། དེ་ནས་མི་རྟག་རྒྱུད་བསྐུལ་གཞུང་བཞིན་བྱས་ཏེ། སྐྱབས་འགྲོའི་སྐབས་མདུན་གྱི་ནམ་མཁར་དཔག་བསམ་གྱི་ཤིང་དེ། མདུན་གྱི་གསེར་གྱི་ས་གཞི་ནས་སྐྱེས་པའམ་ཡང་ན་བར་སྣང་ནས་པ་ཏྲ་ལྟ་བུར་འཁྱིལ་ནས་སྐྱེས་པ་གང་བདེ་བྱེད། དཔག་བསམ་གྱི་ཤིང་དེ་ཡང་རྒྱུ་རིན་པོ་ཆེ་ཁོ་ན་ལས་གྲུབ་པ། ལོ་མ་ཐམས་ཅད་ལྷའི་གོས་པཉྩ་ལི་ཀའི་དར་གྱི་ལྡ་ལྡི། མེ་ཏོག་ཐམས་ཅད་གསེར་དང་དངུལ། འབྲས་བུ་ཐམས་ཅད་ནོར་བུ་རིགས་མི་འདྲ་བ་བསྒོམ། རྩ་བའི་བླ་མ་རྡོ་རྗེ་འཆང་ནི་རུས་པའི་རྒྱན་དྲུག་གསོལ་བ། གདན་གྱི་པདྨ་ནི་པདྨ་འདབ་མ་གྲངས་མེད་པ་བརྩེགས་པར་བསྒོམ་པ་ནི་བསོད་ནམས་ཚད་མེད་པ་ཡིན་པས། གསེར་གྱི་པདྨ་འདབ་མ་གྲངས་མེད་བརྩེགས་པར་བསྒོམ། དེ་ལ་བརྒྱུད་པ་གསུམ་གྱི་བླ་མ་ཞེས་པ། རྒྱལ་བ་དགོངས་བརྒྱུད་ནི་སངས་རྒྱས་ཤ་དག །རིག་འཛིན་བརྡའ་བརྒྱུད་ནི་ས་ལ་གནས་པའི་རིག་འཛིན་དང་། གང་ཟག་སྙན་བརྒྱུད་ནི་ས་དང་པོ་ལ་གནས་པའི་གྲུབ་ཐོབ་ཤ་དག་གོ། གཡས་


SPN002_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དུས་གསུམ་གྱི་སངས་རྒྱས་ནི། གཙོ་བོ་ཀུན་ཏུ་བཟང་པོ། འོད་དཔག་མེད། ཤཱཀྱ་ཐུབ་པ་དེ་གསུམ་ལ་སངས་རྒྱས་སྟོང་རྩ་གྲངས་མེད་པས་བསྐོར་བ་ཡིན། དེ་ཡང་ཟབ་ཆོས་འདི་ཉིད་ཚེ་དཔག་མེད་ཀྱི་ཆོས་སྐོར་ཡིན་པས། སངས་རྒྱས་འོད་དཔག་མེད་གཙོ་བོར་བྱས་ཀྱང་འཐུས། ཆོས་སྐུ་ཡུམ་ཆེན་མོ་ནི། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན་ཞེས། སྐུ་གཟུགས་སུ་གྲུབ་པའང་མེད་པར་བཤད། འོན་ཀྱང་ཀུན་རྫོབ་ཀྱི་སྣང་ངོར་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་རྩ་ཕྱག་གཉིས་མཉམ་བཞག །གཡས་འོག་མས་གསེར་གྱི་རྡོ་རྗེ། གཡོན་འོག་མས་བརྒྱད་སྟོང་གླེགས་བམ་བསྣམས་པ་དང་། ཡང་ལུགས་གཅིག་ལ། སྐུ་མདོག་སྔོ་སངས་ཕྱག་གཉིས་མཉམ་བཞག །ཕྱག་གི་མཐིལ་གཉིས་ནས་མེ་ཏོག་སྐྱེས་པའི་ཡལ་ག་སྐུ་ཡི་མདུན་རྒྱབ་གཡས་གཡོན་ཐམས་ཅད་དུ་གྱེས་པ་ལས་མེ་ཏོག་མང་པོ་ཁ་བྱེ་བའི་སྟེང་དུ་གླེགས་བམ་རེ་རེ་བཞུགས་པ་དང་། ཡང་སྐུ་མེད་པ་གླེགས་བམ་ཁོ་ནས་གང་བར་བསྒོམ་པས་ཀྱང་ཆོག །ཐེག་པ་ཆེ་ཆུང་གི་དགེ་འདུན་གྱི་གཙོ་བོ་ནི། འགྲོ་དོན་དང་ཐུགས་རྗེ་ཆེ་བར་འདོད་ན་སྤྱན་རས་གཟིགས། ཤེས་རབ་ཆེ་བར་འདོད་ན་འཇམ་དཔལ་དབྱངས། མཐུ་སྟོབས་ཆེ་བར་འདོད་ན་ཕྱག་རྡོར། ཚུལ་ཁྲིམས་གཙང་བར་འདོད་ན་བྱམས་པ། བྱང་ཆུབ་ཀྱི་སེམས་འབྱོངས་པར་འདོད་ན་


SPN002_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་སྙིང་པོ། ཚོགས་གཉིས་རྫོགས་པར་འདོད་ན་ཀུན་ཏུ་བཟང་པོ་སྟེ། གཙོ་བོ་གང་འདོད་ལ་ཉེ་བའི་སྲས་བརྒྱད་གྲངས་མེད་པ་ནི་ཐེག་པ་ཆེན་པོའི་དགེ་འདུན་ནོ། །འཕགས་པའི་གནས་བརྟན་བཅུ་དྲུག་དང་། ཉན་ཐོས་རང་སངས་རྒྱས་དགྲ་བཅོམ་པ་རྣམས་ནི་ཐེག་པ་ཆུང་ངུའི་དགེ་འདུན་ཡིན། མདུན་ཡི་དམ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་ནི་ཆོས་སྐུ་ཤ་དག་ཡིན། དེ་ཡང་རང་ཐ་མལ་མིན་པ་ལྷར་མི་བསྐྱེད། རང་ཐ་མལ་པའི་པུས་མོ་གཡས་གཡོན་གཉིས་ཀྱི་ཐད་དུ་ཚེ་འདི་ཡི་ཕ་མ་གཉིས་ཡོད་པར་བསྒོམ། དེ་བཞིན་དུ་ངན་འགྲོ་གསུམ་པོ་སྙིང་རྗེའི་གནས་ཡིན་པས་རང་གི་མདུན་དུ་བསྒོམ། མཐོ་རིས་གསུམ་རྒྱབ་ཏུ་བསྒོམ། ས་གཞིའང་གསེར་གྱི་ས་གཞི། མནན་ན་ནེམ་པ། སྟེགས་ན་འཕར་བ་ཞིག་ཏུ་བསྒོམ་པ་ནི་མཐར་ཐུག་དོན་གྱི་སྙིང་པོ་ཞིང་ཁམས་སྐྱེ་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པར་བསྒྲིགས་པ་ཡིན་ནོ། །སྐྱབས་སུ་འགྲོ་བའི་སྐབས། སངས་རྒྱས་ནི་མ་རིག་པ་ཐམས་ཅད་སངས། ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་རྒྱས། མྱ་ངན་ལས་འདས་པའི་ས་ལ་འཁོད་པ་ཡིན་གྱིས། གཟུགས་སྐུ་ལ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་དོན་སྙིང་པོ་ལ་ཡིན་གྱིས་ཚིག་ལ་མ་ཡིན་ནོ། །དེ་བཞིན་དུ་དགེ་འདུན་ཀྱང་རང་རང་གི་ས་དང་། ལམ་དང་། ཡོན་ཏན་ཐོབ་པའི་


SPN002_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་ཡིན་གྱིས། གཟུགས་ལ་མ་ཡིན་ནོ། །བླ་མ་ནི་དེ་དག་ཐམས་ཅད་ལས་ཀྱང་ལྷག་པའོ། །དེ་ཡང་རང་གི་མོས་པ་ཇི་ལྟར་ཡོད་པ་དེ་བཞིན་དུ་རིགས་དྲུག་གི་ཕ་མ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཡོད་པར་བསམས་ལ། རང་གིས་བྱང་འདྲེན་པ་ལྟ་བུ་བྱས་ནས་ཐམས་ཅད་ཀྱིས་སྐྱབས་འགྲོ་འུར་ལྡིར་ལྡིར་འདོན་ཡོད་བསམ་པ་དགོས། བསྡུ་བའི་སྐབས། དགེ་འདུན་ནས་ཡུམ་ཆེན་མོ། ཡུམ་ཆེན་མོ་ནས་སངས་རྒྱས། སངས་རྒྱས་ནས་རྡོ་རྗེ་སེམས་དཔའ། དེ་རྩ་བའི་བླ་མ། བླ་མ་རང་ལ་ཐིམ་ནས་རང་སེམས་དང་གཉིས་སུ་མེད་པར་བསྒོམ། ཡང་མི་བསྡུ་བར་སྐྱབས་ཡུལ་གསལ་རུང་བསྒོམ་ཀྱང་བསྲུང་བའི་མཆོག་དམ་པའོ། །༼༡༽སེམས་བསྐྱེད་སྐབས། བྱམས་པ་ཚད་མེད་པ་ནི། བྱ་མོས་བྱེའུ་རུམ་པ་ལྟ་བུ་སྟེ། དཔེ་བྱ་མོའི་བྱེའུ་མང་ཉུང་ཇི་ཙམ་ཡོད་པ་དེ། འདི་ལ་དྲོད་སྟེར། འདི་ལ་མི་སྟེར། འདི་དཀྱིལ་དུ་འཇུག །འདི་མཐའ་ལ་ཕུད་བསམ་པའི་རྟོག་པ་མེད་པ་ཀུན་ལ་བྱམས་པ་ལྟ་བུའོ། །སྙིང་རྗེ་ཚད་མེད་པ་ནི། ཕ་མ་གཉིས་མེ་དོང་དུ་འཚིག་པ་ལྟ་བུའི་སེམས་ཀྱིས་མི་བཟོད་པ་ལྟ་བུས་སྙིང་རྗེ་དེ་ཀུན་ལ་སེམས་དགོས་པའོ། །དགའ་བ་ཚད་མེད་པ་ནི་བུ་གཅིག་དམག་གམ་བྱེས་སུ་ཕྱིན་པ་ཁམས་བཟང་བ་གཏམ་ཁས་གྲགས་རྒྱུ་ནོར་བཟང་པོ་དང་བཅས་ཏེ་ཁྱིམ་དུ་ལོག་པས་ཕ་མ་དགའ་བ་


SPN002_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་འབྱུང་བ་ལྟ་བུའོ། །བཏང་སྙོམས་ཚད་མེད་ནི་དགྲ་དང་གཉེན་ལ་ཉེ་རིང་མེད་པ་བརྒྱ་ལམ་ལྟ་བུའོ། །༼༡༽རྡོར་སེམས་སྐབས་གཙོ་བོ་ནི་རང་དང་དེ་བཞིན་དུ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་སྤྱི་གཙུག་ཏུ་རྡོ་རྗེ་སེམས་དཔའ་རེ་རེ་བསྒོམ། དེའི་ཐུགས་ཀར་ཟླ་བ་ནི་ཀུནྡ་བྱང་ཆུབ་ཀྱི་སེམས་ཡིན། དེ་ཡང་ཟླ་བ་སྐུ། ཡིག་འབྲུ་གསུང་། ཐུགས་སྲོག་ཧཱུྃ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་འདུས་པ་ཡིན། དམ་ཚིག་སེམས་དཔའ་ནི་རྡོ་རྗེ་སེམས་དཔའི་སྐུ་གསལ་བ་ཡེ་ཤེས་སེམས་དཔའ་ནི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར། ཏིང་འཛིན་སེམས་དཔའ་ནི་ཐུགས་སྲོག་ཧཱུྃ། སྔགས་བགྲང་དུས་སྔགས་ཀྱི་ཡིག་འབྲུ་ཐམས་ཅད་ཀྱིས་རང་རང་གི་སྒྲ་འབྱིན་པ་སྟེ། གསལ་ལ་དག་པ་ལྡི་རི་རི་བཟླའོ། །སྦྱང་བྱའི་སྒྲིབ་པ་ནི། སྤྱིར་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ། གསང་སྔགས་ཀྱི་དམ་ཚིག་ས་ཡ་འབུམ་སྡེ། དེ་དག་ཉམས་ཆག་ཏུ་གྱུར་པའི་ཡེ་ཤེས་ལ་བསྒྲིབ་པས་ཐམས་ཅད་བྱང་དགོས། འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང་། བྱང་ཆུབ་སེམས་དཔའི་བསླབ་སྡོམ་ནི་གོ་སླ་ལ། གསང་སྔགས་ཀྱི་དམ་ཚིག་ས་ཡ་འབུམ་སྡེའི་དཔེ་ནི་ཤིང་སྣེ་ལྟ་བུ་སྟེ། རྩ་བའི་ས་བོན་ནི་ཏིལ་འབྲུ་བརྒྱད་བཤགས་ཙམ་ལ། སྡོང་པོ་རིང་ཐུང་དཔག་


SPN002_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་གཅིག །ཡལ་ག་ཡང་དཔག་ཚད་གཅིག་སྟེ། དེ་ལ་དཔག་པའི་ལོ་མའི་གྲངས་སུ་དཔེ་བཞག་པ་ཡིན་པས། དེས་ནི་གྲངས་སུ་མི་ཆོད་དེ། དཔེར་ན་སྔ་དྲོ་རྡུལ་ཕྱགས་ནས་གཙང་ཞིང་གཙང་མར་བྱས་ཀྱང་ཕྱི་དྲོ་རྡུལ་ཆགས་པ་དེ་ལྟ་བུའོ། །དེ་ཡང་སྐྱེས་པའི་རྩ་བ་སྒོ་གསུམ་ལས་འབྱུང་བས་གཏི་མུག་གི་རང་བཞིན་ཤ། འདོད་ཆགས་ཀྱི་རང་བཞིན་ཁྲག །ཞེ་སྡང་གི་རང་བཞིན་རུས་པ་སྟེ་ཐམས་ཅད་འདུ་རུ་རུ་ཞུ་བར་བསམ། དེ་ཡང་སྡིག་པ་ལ་ནག་པོ་དང་། དགེ་བ་ལ་དཀར་པོར་འཇུག་པས་ན། སྡིག་སྒྲིབ་ཐམས་ཅད་ནག་འདུར་འདུར་དང་སྡིག་པ་ར་ཙའི་གཟུགས་སུ་ཐོན། གདོན་ཐམས་ཅད་སྲོག་ཆགས་ཀྱི་གཟུགས་སུ་ཐོན། ནད་ཐམས་ཅད་རྣག་ཁྲག་ཁ་དོག་སྔོ་དམར་གྱི་རྣམ་པར་ཐོན། ཤ་རུས་ཐམས་ཅད་ཞུ་ནས་རང་སེམས་གཉུག་མའི་ལྷ་སྐུ་རྡོ་རྗེ་སེམས་དཔའ་མ་ཤར་གྱི་བར་དུ་བསྒོམ། མཐར་བསྡུས་ནས་བསྒྲུབ་བྱ་སྒྲུབ་བྱེད་ཐམས་ཅད་མི་དམིགས་པའི་ངང་ལ་བཞག་གོ། །༼༡༽མཎྜལ་ནི་རྒྱུ་རིན་པོ་ཆེ་ལས་གྲུབ་པ་གས་གྲུམ་མེད་པ་མཐོ་གང་ལས་མི་ཆུང་བ་དགོས། ཚོམ་བུའང་ཚེ་དང་བསོད་ནམས་འཕེལ་ཕྱིར་གསེར་དངུལ་གཡུ་སོགས་རིན་པོ་ཆེ་སྣ་ལྔ། ནད་ཞི་ཕྱིར་སྨན་ལྔ། ལོངས་སྤྱོད་འཕེལ་ཕྱིར་འབྲུ་ལྔ་སྟེ། སྤྲུལ་སྐུའི་ཞིང་དུ་དམིགས་ནས་བླ་མ་སྤྲུལ་པའི་


SPN002_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་འབུལ་བ་ནི། སྤྲུལ་སྐུའི་ཞིང་ལ་དབང་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་བསྒྲིག་པ་ཡིན། ལོངས་སྐུའི་མཎྜལ་ནི། ཡེ་ཤེས་རང་མདངས་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཁྱོན་དང་ཡོན་ཏན་ཚད་བཟུང་མ་མཆིས་ཀྱང་། གནས་སྐབས་སུ་དེ་ལྟ་བུ་དམིགས་སུ་གྲུབ་པ་ཞིག་ཕུལ་བས་མཐར་ཐུག་ལོངས་སྐུའི་ཞིང་ལ་དབང་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་བསྒྲིག་པ་ཡིན། ཆོས་སྐུའི་མཎྜལ་ནི། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སྐུ་དང་ཐིག་ལེའི་རང་བཞིན་དུ་གྱུར་པ་ཐིག་ལེ་ཐིག་ཕྲན་རེ་རེའི་ནང་ནའང་སྐུ་དང་ཞིང་ཁམས་དཔག་ཏུ་མེད་པ་སྟེ། དེ་ལྟར་བློས་བཅས་སུ་གྲུབ་སྟེ་ཕུལ་བས་ཆོས་སྐུའི་ཞིང་ལ་དབང་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་བསྒྲིག་པའོ། །མཐར་ཚོགས་ཞིང་དང་མཎྜལ། བདག་སྒྲུབ་པ་པོ་དང་བཅས་པ་ཐམས་ཅད་སེམས་ཐོགས་མེད་གཅིག་ཏུ་བཟླུམས་པ་དེའི་ངང་ལ་མཉམ་པར་འཇོག་པ་ནི། དེ་ཁོ་ན་ཉིད་ཀྱི་མཎྜལ་ཏེ་སྔོན་མ་གསུམ་ལས་ཕན་ཡོན་འབུམ་འགྱུར་གྱིས་ཆེ་བའོ། །༼༡༽བླ་མའི་རྣལ་འབྱོར་སྐབས་བཅོམ་ལྡན་འདས་ཁྱབ་བདག་རིགས་དྲུག་པ་རྡོ་རྗེ་འཆང་ལ། རིགས་དྲུག་ཞེས་པ་ནི། བུདྡྷའི་གདུང་། རྡོ་རྗེའི་གདུང་། རནྟའི་གདུང་། པདྨའི་གདུང་། ལས་ཀྱི་གདུང་ལ་རྒྱུ་དང་འབྲས་བུ་གཉིས་སུ་ཕྱེ་བའི་རྒྱུ་རྡོ་རྗེ་སེམས་དཔའ་ལ་འབྲས་


SPN002_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མི་བསྐྱོད་པ་ཐེ་བས་དྲུག་པའོ། །དབང་བཞིའི་སྐབས། བུམ་དབང་གསང་དབང་གི་སྟེགས། གསང་དབང་ཤེར་དབང་གི་སྟེགས། ཤེར་དབང་ཚིག་དབང་གི་སྟེགས་ཏེ་འོག་མ་ལས་གོང་མ་རིམ་བཞིན་གྱིས་གཉན་ནོ། །དེ་ལྟར་བུམ་དབང་ཐོབ་པས་ས་བརྒྱད་པ་ཐོབ། གསང་དབང་ཐོབ་པས་ས་དགུ་པ་ཐོབ། ཤེར་དབང་ཐོབ་པས་ས་བཅུ་པ་ཐོབ། ཚིག་དབང་ཐོབ་པས་ངོ་བོ་ཉིད་སྐུ་བླ་མའི་ས་སྟེ། ས་བཅུ་རྫོགས་ནས་ཡེ་ཤེས་བླ་མའི་ས་ཞེས་པ་དེའོ། །གནས་གསུམ་གྱི་ༀ་ཨཱཿཧཱུྃ་གསུམ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཏེ་བདེར་གཤེགས་ཐམས་ཅད་ཀྱི་སྐུ་འདུས་པ་ༀ། གསུང་འདུས་པ་ཨཱཿཐུགས་འདུས་པ་ཧཱུྃ་སྟེ་བདེར་གཤེགས་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འགུགས་པའི་ནུས་པ་དང་ལྡན་པ། བྱེད་ལས་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་ཐུབ་པ། བསྐྱེད་པ་ཡང་རྡོ་རྗེ་གསུམ་གྱི་ངོ་བོ་ཡང་རིགས་འགྲེ་བས་དེ་ལྟར་དུ་ནུས་པའོ། །བསྡུ་བའི་སྐབས་བླ་མ་བརྒྱུད་པ་དང་བཅས་པ་རིམ་པ་བཞིན་རྩ་བའི་བླ་མ་ལ་ཐིམ། རྩ་བའི་བླ་མ་གཡས་བསྐོར་དང་བཅས་ཏེ་སྤྱི་བོའི་ཚངས་བུག་ནས་མར་ཞུགས། རང་གི་སྙིང་ཁར་ཐིམ་སྟེ། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་གྱུར་བ་དེའི་ངོ་བོར་མཉམ་པར་འཇོག་པ་ཡང་བསྒོམ་བྱའི་སྙིང་


SPN002_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

པོའོ། །༼༡༽ལྷ་ཁྲིད་སྐབས་ཐོག་མར་སེམས་ལས་སུ་རུང་བ་བྲིས་སྐུ་ལ་བརྟེན་ནས་ལྷ་ཡི་སྣང་ཆ་གསལ་བ་ནི། ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བྲིས་སྐུ་མཚན་ཉིད་དང་ལྡན་པ་གཅིག་མདུན་དུ་བཀྲམ་སྟེ། དེ་ལ་སེམས་མ་ཡེངས་པར་བྱས་ཏེ། མིག་ཡུན་རིང་དུ་བལྟ། ལྷ་དེའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཅི་ཡོད་པ་ཐམས་ཅད་དཔེ་རང་ལ་བཀབ་ནས་བྲིས་སྐུར་མིག་མི་བལྟ་བར་བསྒོམ། མི་གསལ་ན་ད་དུང་བྲིས་སྐུར་ནན་དུ་བལྟ། གསལ་ན་གསལ་ཐོག་དེ་ཉིད་དུ་བརྟེན་པ་མ་ཐོབ་ཀྱི་བར་དུ་བསྒོམ། དེ་ཡང་གདོས་བཅས་ཀྱི་ལུས་འདི་རང་བཞིན་དངོས་མེད་དུ་ཡལ་ནས་སེམས་ལྷ་སྐུ་བསྒོམ་པ་ཡིན། ལུས་ལྷ་རུ་བསྒོམ། སེམས་ཐ་མལ་དུ་འཁྱམས་པས་བར་དོ་མི་གྲོལ་ལ། བསྐྱེད་རིམ་འབྱོངས་པའི་ཚད་ནི་ཕྱིའི་ཚོན་བཀྲག་ལྔ་པོ་ཇི་ལྟར་ལེགས་ཀྱང་ཟིལ་གྱིས་གནོན་མི་ཐུབ་པ་སྟེ། དཔེར་ན་ལྷ་པདྨའི་རིགས་དམར་པོ་བསྒོམ་མཁན་ཞིག་གི་བྱུ་རུ་སྤུས་ལེགས་ཞིག་ཡོད་ཀྱང་། ལྷ་སྐུའི་གསལ་སྣང་གི་བྱུ་རུ་དེ་མདོག་སྐྱ་བའམ། མོག་པའམ། ནག་པ་ཞིག་ཏུ་འགྱུར་ནས་ཡིད་མི་ངོམ་པ་བྱུང་ན་འབྱོངས་པའི་ཚད་ཡིན། དེ་བཞིན་དུ་ལྷ་གཞན་ལའང་རིགས་འགྲེའོ། །ཏིང་འཛིན་རྣམ་གསུམ་གྱི་དང་པོ་དེ་བཞིན་ཉིད་ཀྱི་ཏིང་འཛིན་ལས། ཧཱུྃ་ཆོས་དབྱིངས་སྤྲོས་དང་བྲལ་བ་ལས་ཞེས་ཕྱི་རི་རབ་ཁང་ཁྱིམ་ཡང་སྟོང་པར་ཡལ། ནང་བཅུད་ཀྱི་སེམས་ཅན་བདག་ལུས་དང་བཅས་པ་ཡང་སྟོང་པར་ཡལ། སྔར་


SPN002_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་རྣམ་རྟོག་ཡང་མེད། མ་འོངས་པའི་རྣམ་རྟོག་ཀྱང་མེད། ད་ལྟའི་རྣམ་རྟོག་ཀྱང་མ་ཤར་བར་སྟོང་སངས་ངེར་བཞག་མ་ཐུབ་ན། ཧཱུྃ། ཆོས་དབྱིངས་ཞེས་ཚིག་གིས་གསལ་བཏབ་ནས་ཡང་ཡང་ཐུན་ཐུང་ལ་གྲངས་མང་བར་བསྒོམ། དེ་ཡང་ཧཱུྃ་ཞེས་པ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཐུགས་ཀྱི་སྙིང་པོ་ཧཱུྃ་སྟེ་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་ལས་ཞེས། གདོད་མའི་ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ་ཞེས་ཡིད་དཔྱོད་འཛིན་པ་རང་སར་དག །ཞེས་གཉིས་འཛིན་གྱི་སྣང་བ་བདེ་བསྙག་ནས་འཛིན་མེད་བློ་འདས་ཀྱི་ངང་ལ་སྟོང་སངས་ངེར་བཞག །རང་རིག་ཡེ་ཤེས་གསལ་བའི་ངང་ཞེས་སྟོང་གསལ་གྱི་དྲན་པ་དེ་ལ་མ་ཡེངས་པ་དང་པོའི་སྟོན་པས་དེ་སྐད་སྨྲ་ཞེས། དོན་དེ་ལྟ་བུ་ནི་ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ་ཡིན་པ་ཞལ་ནས་གསུངས། ༼༡༽ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ལ་ཨཱཿཡེ་ནས་ཐམས་ཅད་ལྟ་བུར་ཞེས། ཁམས་གསུམ་སྲིད་པ་གསུམ་གྱི་སེམས་ཅན་ལ་བདེར་གཤེགས་སྙིང་པོའི་རྒྱུ་དེས་ཁྱབ་པས། ཡིན་ཀྱང་གཉིས་སུ་འཛིན་པས་བསྒྲིབ་ཅེས་བདེར་གཤེགས་སྙིང་པོའི་རྒྱུ་དེ་གཟུང་འཛིན་ནམ་གཉིས་འཛིན་ཆགས་སྡང་གི་དྲི་མས་བསྒྲིབས་པས། གཉིས་འཛིན་མ་རྟོགས་པའི་འགྲོ་བ་རྣམས་ལ་ཞེས་གཉིས་འཛིན་གྱི་སྒྲིབ་པས་བསྒྲིབས་ནས་ཀུན་ཁྱབ་ཆོས་སྐུའི་ངོ་བོ་མ་རྟོགས་པའི་འགྲོ་བ་


SPN002_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ། བཅོས་མིན་སྙིང་རྗེས་འོད་ཟེར་སྤྲོ། །ཞེས་བཅོས་མ་མ་ཡིན་པའི་སྙིང་རྗེ་སྟེ་ཁམས་གསུམ་སྲིད་པ་གསུམ་ན་གནས་པའི་འགྲོ་བ་འདི་དག་ཁམས་གསུམ་དུ་འཁོར་བའི་རྐྱེན་གཉིས་འཛིན་ཆགས་སྡང་གི་ལན་པས་ན་སྙིང་རེ་རྗེ་བསམ་པའི་འོད་ཟེར་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བསྒོམ། ༼༡༽རྒྱུ་ཡི་ཏིང་འཛིན་ལ། སྟོང་དང་སྙིང་རྗེ་ཟུང་འཇུག་ལས། །ཞེས་གོང་གི་སྟོང་ཉིད་སྙིང་རྗེ་གཉིས་ཏེ། སྟོང་པ་ཉིད་སྤྲོས་དང་བྲལ་བ་ལ་སྙིང་རྗེས་ཁྱབ་པ། སྙིང་རྗེས་འོད་ཟེར་ཀུན་ལ་ཁྱབ་པར་ནི་སྟོང་ཉིད་ཀྱིས་ཁྱབ་པ་དེ་ལྟ་བུས་སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་ཏེ། སྟོང་པ་ཡུམ་སྟེ་བསྐྱེད་པའི་གཞི། །སྙིང་རྗེ་ཡབ་སྟེ་བསྐྲུན་པའི་རྐྱེན། །དེ་ལྟ་བུ་ལས། གསལ་དང་རིག་པའི་སྙིང་པོ་ནི། །ཞེས་རྒྱུ་བདེར་གཤེགས་སྙིང་པོ་དེ་གཉིས་འཛིན་བག་ཆགས་ཀྱིས་མ་གོས་པའི་གསལ་དྭངས་ཅན་དེ། སྲིད་བཅུད་དྭངས་མ་ཡི་གེ་ཧྲཱིཿཞེས་སྲིད་པ་གསུམ་གྱི་བཅུད་ལས་གྲུབ་པའི་དྭངས་མའི་ཡི་གེ་ཧྲཱིཿདམར་གསལ་མདངས་ཅན་རྒྱུ་དང་རྐྱེན་གྱིས་མ་གོས་པའི་རང་འོད་དམར་བ་ཡེ་ཤེས་ལྔའི་རང་བཞིན་ཅན། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་དང་བཅས་པར་


SPN002_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཕོག །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་ཧྲཱིཿལ་ཐིམ། དེ་ལས་གངས་ཞུན་ཐིགས་བཞིན་ཆགས་ཞེས། ཧྲཱིཿདེ་ལས་འོད་ཟེར་གངས་ཞུན་གྱི་ཐིགས་པ་ལྟ་བུར་ཆགས་པ་དེ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་གྱུར་པའི་ལྟེ་བར་ཧྲཱིཿས་མཚན་པར་སེམས་གཏད་པའམ་ཧྲཱིཿརྐྱང་ལ་སེམས་བཟུང་ཡང་རུང་། ༼༡༽དཀྱིལ་འཁོར་གཞལ་ཡས་ཁང་ལྷ་དང་བཅས་པ་བསྐྱེད་པ་ནི། ཧྲཱིཿལས་འོད་ཟེར་གངས་ཞུན་གྱི་ཐིགས་པ་ལྟ་བུར། ཡི་གེ་ཨེ་མཐིང་ནག་གཅིག་ཆད་པ་ལས་ནམ་མཁའ་ཆགས། ནམ་མཁའ་དེ་ཡང་ཆོས་འབྱུང་གི་དབྱིབས་སུ་བྱེད་པའང་སྣང་སྟེ། ནམ་མཁའ་ཡིན་ཕྱིར་ཆོས་འབྱུང་ཁོ་ན་བསྒོམ་དགོས་པའི་ཐ་སྙད་མེད་དེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ནམ་མཁའ་ལ་ཆགས་པས་ཆོས་འབྱུང་ཞེས་པའི་སྒྲ་འབྱུང་བ་ཡིན། ནམ་མཁའ་དེ་ནི་དབྱིངས་ཕྱུག་མའི་ངོ་བོ། དེ་ནས་ཡི་གེ་ཡཾ་ལྗང་གུ་ཞིག་ཆད་པས་རླུང་གི་དཀྱིལ་འཁོར་ཟླུམ་པོ་ཞིག་ཆགས་པ་འདི་ནི་དམ་ཚིག་སྒྲོལ་མའི་ངོ་བོ་ཡིན། དེ་ནས་ཡི་གེ་བཾ་དཀར་པོ་ཞིག་ཆད་པ་ཆུའི་དཀྱིལ་འཁོར་མཐའ་ལ་འོད་ཟེར་འབར་བ་དེ་ཡང་ཟླུམ་པོར་ཆགས། འདི་སངས་རྒྱས་སྤྱན་མའི་ངོ་བོ་ཡིན། དེ་ནས་ལཾ་སེར་པོ་ཞིག་ཆད་པ་ས་ཡི་དཀྱིལ་འཁོར་གྲུ་བཞིར་རྡོ་རྗེ་ཕྱེད་པས་མཚན་པ་ཞིག་ཆགས།


SPN002_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་མ་མཱ་ཀིའི་ངོ་བོ་ཡིན། དེ་ཡི་སྟེང་དུ་རི་རབ་མཆོད་རྟེན་གྱི་བང་རིམ་ལྟ་བུ་སྟེ། རྒྱུ་རིན་པོ་ཆེ། ཤར་ཤེལ། ལྷོ་བཻ་ཌཱུཪྱ། ནུབ་པདྨ་རཱ་ག །བྱང་ཨིནྡྲ་ནཱི་ལ། ཕྱོགས་མཚམས་ཀྱི་ལྕགས་གསེར་ལས་གྲུབ་པ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ལྟེ་བ་གྲུ་བཞི་རི་རབ་ཀྱི་སྟེང་དུ་བསྙལ་ཞིང་རྭ་བཞིས་རི་རབ་ཀྱི་ཕྱེད་བར་ཁྱབ་པས་ཆ་བཏགས་པ་དེ། ཟླུམ་པོར་བསྐོར་བའི་སྟེང་རྡོ་རྗེ་ཕྲ་མོས་གཏམས་པའི་ས་གཞི། དེའི་ཕྱིར་སྣ་ཚོགས་པདྨའི་ཕྲེང་བ། དེའི་ཕྱིར་རྡོ་རྭ་སྟེ་ཕྱོགས་མཚམས་ཐམས་ཅད་དུ་རྡོ་རྗེ་ཕྲེད་ལ་བཞག་པའི་ལྟེ་བ་ནས་ཡར་རྡོ་རྗེ་རེ་རེ་གྱེན་དུ་བསྒྲེངས་པ་དེ་ལ་རྡོ་རྗེའི་དྲྭ་བ་ཐུར་དུ་ཕུབ་པ། དེའི་ཕྱིར་མེ་ལྗང་གུ། དེའི་ཕྱིར་སྔོན་པོ། དཀར་པོ། སེར་པོ། དམར་པོ། སླར་ཡང་ལྗང་ཁུ་སྟེ་མེའི་གུར་ཁང་ཏུ་འབར་བ། རྡོ་རའི་ནང་དུ་སྣ་ཚོགས་པདྨ་སྟེ་འདབ་མ་སྟོང་ལྡན་གྱི་དབུས་སུ་རྡོ་རྗེ་ཕྲ་མོས་གཏམས་པའི་ས་གཞིའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ། རྡོ་རྗེའི་ལྟེ་བ་གྲུ་བཞིར་བྱས་པའི་སྟེང་པདྨ་ཉི་མའི་གདན་དེའི་སྟེང་དུ་གཞལ་ཡས་ཁང་བྱས་པ་ཡང་ཡོད། ཡར་པད་མ་ཉི་མ་བྱས་པ་རྡོ་རྗེའི་ལྟེ་བ་གྲུ་བཞི་དེ་ཁའི་སྟེང་གཞལ་ཡས་ཁང་བྱས་པ་ཡང་ཡོད། གཉིས་ཀ་འགལ་བ་མེད། སྣ་ཚོགས་རྡོ་རྗེ། ཤར་དཀར། ལྷོ་སེར། ནུབ་


SPN002_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དམར། བྱང་ལྗང་བ་དེ་ངོ་བོ་བདུད་བཞི་ཟིལ་གྱིས་གནོན་པའི་ཕྱིར་དང་། རྭ་གསུམ་བྱས་པ་ནི་རྟེན་འབྲེལ་བཅུ་གཉིས་སུ་མཚོན་པ་དང་། རྭ་ལྔ་རུ་བྱས་པ་ནི་དག་པ་རྣམ་པ་ཉི་ཤུར་མཚོན་པ་དང་། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་སྟེ་རྟ་བབ་སྣམ་བུ་བཞི་པ་ཆོས་འཁོར་གདུགས་རི་དྭགས་ཏེ། དེ་ཡང་འདོད་སྣམ། རྩིག་པ། ཕ་གུ། དྲཱ་ཕྱེད། མདའ་ཡབ། པུ་ཤུ། དབུས་ཕྱུར་བུའི་རྩེ་མོར་པདྨའི་ཏོག །སྒོ་བཞིར་སྒོ་བ་བཞི། གྲུ་ཆད་བཞིར་མགྱོགས་མ་བཞི། དབུས་འདོད་སྣམ་དམར་པོའི་སྟེང་དུ་པདྨ་འདབ་བཞིའི་ལྟེ་བ་ཟེའུ་འབྲུའི་སྟེང་དུ་ཉི་ཟླའི་གདན། དེའི་སྟེང་དུ་ཟླ་གམ་དམར་པོ་སྒོ་གཅིག་སྟེང་ཐོག་མེད་པ་སྐྱོང་ར་ལྟ་བུའོ། །བཞུགས་ཁྲིའི་རྒྱབ་ཡོལ་གཡས་གཡོན་དུ་འཁྱུད་པ་ལྟ་བུ། མདུན་དུ་སྒོ་འཁྱུད་བྱས་པའི་ནང་དུ་རྟ་མགྲིན་སྐུ་དོག་དམར་པོ་ཤིན་ཏུ་ཁྲོས་པ་ཕྱག་གཡོན་གདོན་བགེགས་འཇོམས་པའི་དབྱུག་ཐོ། དོན་དམ་པར་ཀུནྡ་བྱང་ཆུབ་ཀྱི་སེམས་དབུ་མའི་རང་བཞིན། ཕྱག་གཡས་ཞགས་པ་སྟེ་བགེགས་ཐམས་ཅད་འཆིང་བར་བྱེད་པའི་ཞགས་པའམ། དོན་དམ་པར་ཨ་ཤད་ལས་ཐོབ་པ་མེའི་ཞགས་པ་ཟླ་གམ་སྒོ་གཅིག་གི་ནང་དབུས་སུ། རྨ་བྱ། སེང་། གླང་། རྟ། ཁྱུ་མཆོག་རྣམས་ཀྱིས་བཏེགས་པའི་པདྨ་རཱ་གའི་ཁྲིའོ། །དེ་ཡང་། དབང་ཕྱུགཔདྨོ། བརྒྱ་བྱིན།


SPN002_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ། ཁྱབ་འཇུག །ཚངས་པ་རྣམས་ཀྱིས། རང་རང་གི་ཞོན་པ་ཕུལ་བ་སྟེ། པདྨོས་སེངྒེ། དབང་ཕྱུག་གིས་ཁྱུ་མཆོག །བརྒྱ་བྱིན་གྱིས་གླང་ཆེན། ཉི་མས་རྟ། ཁྱབ་འཇུག་གིས་ཤང་ཤང་ཁྱུང་ཡང་ཤང་ཤང་གི་རིགས་ཡིན། མཆན། ཚངས་པས་རྨ་བྱ་སྟེ། གཞན་ཐམས་ཅད་གོ་སླ་ཡང་ཁྱུ་མཆོག་ཅེས་པ་ནི། མ་ཧེའི་ཕྲུ་གུ་སེངྒེའི་འོ་མས་གསོས་པ་དེ་མ་ཧེ་གཞན་ལས་སྟོབས་ཤུགས་ལྷག་པར་དུ་ཆེ་བར་འབྱུང་བ་དེ་ཡིན། དེ་ལྟར་གྱི་ཁྲིའི་སྟེང་དུ་ཉི་ཟླ་པདྨའི་གདན་གྱི་སྟེང་དུ་རང་རིག་རྩ་གསུམ་དྲིལ་སྒྲུབ་ནི་རྩ་ཞལ་དམར་པོ་ཆགས་པའི་ཉམས། གཡས་ཞལ་དཀར་པོ་ཞི་བའི་ཉམས། གཡོན་མཐིང་ཁྲོ་ཞལ་གཏུམ་པའི་ཉམས། རྩ་ཕྱག་གཉིས་མཉམ་བཞག་ཚེ་བུམ་ཚེ་བཅུད་ཀྱིས་བཀང་བ། བར་པ་གཉིས་པདྨ་རཱ་གའི་ཕྲེང་བ་དང་མེ་ཏོག་ཨུཏྤལ། ཐ་མ་གཉིས་བདུད་བཞིས་སྙིང་རྩ་འདྲེན་པའི་གྲི་གུག་དང་། བདུད་བཞིས་སྙིང་ཁྲག་གིས་བཀང་བའི་ཐོད་པ། རྒྱན་ཆ་ལུགས་ནི་གོ་སླ་ལ། རྟ་མགོ་ནི་དབུའི་མཚོག་མའི་ཐད་ནས་གདོང་ཞལ་ཐད་སོར་ཕྱུང་བའོ། །ཡུམ་གསང་བ་ཡེ་ཤེས་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་གསང་བ་ཡེ་ཤེས། དེ་ཡང་མནྡ་ར་བ་སྟེ་བོད་སྐད་དུ་ཡིད་འཛིན་ཟེར་རྒྱུ་ཡིན། དེ་དང་གཉིས་སུ་མེད་པར་འཁྲིལ་བ་དབུ་གཙུག་


SPN002_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕག་ཞལ་ཕྱུང་བ་དེ་ལྟ་བུའི་ལྷ་སྐུ་སྣང་ལ་རང་བཞིན་མེད་པ། ཟླ་གམ་ཕྱི་རོལ་པད་འདབ་བཞིར་གཡས་སུ་འཇམ་དབྱངས། ནུབ་ཏུ་སྤྱན་རས་གཟིགས། བྱང་དུ་ཕྱག་རྡོར་ལྗང་ཁུ། ཤར་དུ་བདེ་འབྱུང་ཡབ་ཡུམ་མཐིང་ཁའོ། །ནུབ་ཀྱི་སྤྱན་རས་གཟིགས་དཀར་པོ། དེ་ཡང་ནུབ་ཀྱི་པདྨའི་རིགས་ཀྱི་སྐུ་མདོག་དབུས་སུ་འཕོས་པས། དེས་ན་སྤྱན་རས་གཟིགས་དཀར་པོ་བསྒོམ་པ་ཡིན། དེ་ནས་གཙོ་མཆོག་གི་ཐུགས་ཀར་སྤྱི་བོའི་ཧྃ་གི་བཅུད་ལས་མར་འབབ་པའི་ཟླ་བའི་གའུ་ནི་ཀུནྡ་བྱང་ཆུབ་ཀྱི་སེམས་དཔའ་འམ་ཟླ་བ་བདུད་རྩིའི་རང་བཞིན་ཡིན་པས་ཅུང་ཆེ་བར་བསྒོམ། ཨ་ཤད་ཀྱི་དམར་ཆའི་དྭངས་མ་གྱེན་དུ་བྱུང་བ་ཉི་མའི་གའུ་སྟེ་ཉི་མར་དུག་ཡོད་པས་ཆུང་བར་བསྒོམ། དེ་གཉིས་སྟེང་འོག་ཁ་སྦྱོར་བ་ལྟ་བུ་ནང་སྟོང་པ། དེའི་དབུས་སུ་རང་སེམས་དྭངས་མའི་ཐུགས་སྲོག་ཧྲཱིཿཡིག་མར་མེ་འབར་པ་ལྟ་བུ་དེ་ཏིང་འཛིན་སེམས་དཔའ་ཡིན། ཉི་ཟླའི་གའུ་ཁ་སྦྱོར་ལ་ཡེ་ཤེས་སེམས་དཔའི་སྒྲ་ཡང་འཇུག་པས་ཡེ་ཤེས་སེམས་དཔའ་ཡང་ཡིན། དེའི་སྔགས་འབྲུ་རྣམས་ཐིག་ལེ་ལུ་གུ་རྒྱུད་དུ་སྦྲེལ་བའི་ནང་དུ་ཡིག་འབྲུ་རེ་རེ་གསལ་བས་ཧྲཱིཿལ་གཡས་བསྐོར་དུ་བསྐོར་བ། བར་མཚམས་སྟེང་འོག་ཐམས་ཅད་དུ་ཐིག་ལེ་ཁ་དོག་ལྔ་པ་ལུ་གུ་རྒྱུད་དུ་འབྲེལ་བའི་དབུས་སུ་ཧྲཱིཿདང་མཐའ་བསྐོར་དུ་ལུག་རྒྱུད་ཕྲ་


SPN002_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མོར་འབྲེལ་བའི་ནང་དུ་སྔགས་འབྲུ་རེ་རེ་སྟེ་སྔགས་ཚང་མས་བསྐོར་བ་ཡིན། ལུག་རྒྱུད་ཞེས་པ་ནི་ལྕགས་ཐག་ལྟ་བུར་འཁྱུད་ནས་སྦྲེལ་བའོ། །འོད་ཟེར་སྤྲོ་བསྡུ་ནི་གཞན་དང་འདྲ་བ་ལས་གཙོ་མཆོག་ལྗགས་ཀྱི་པདྨོའི་དཀྱིལ་དུ་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་སྙིང་པོ་ཡི་གེ་ཨཱཿདམར་པོ་དེ་ལ་སྔགས་འབྲུ་རྣམས་གཡས་བསྐོར་ལན་གཅིག་བྱས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ངག་གི་སྒྲིབ་པ་ཐམས་ཅད་དག་པར་བསམ་སྟེ། རྟ་ཞལ་ནས་ཕྱིར་དོན་པ་སོགས་ཡིན། ཡུམ་གྱི་པདྨ་ནི་པདྨ་དམར་པོ་འདབ་མ་བཞིར་བསམ་པའི་དབུས་སུ་ཆོས་འབྱུང་ཨེས་མཚན་པ། ཡབ་ཀྱི་རྡོ་རྗེ་རྩེ་ལྔ་པ་རྩེ་མོའི་བུག་པར་ཧཱུྃ་གིས་མཚན་པ་ནི་མཁའ་གསང་བྱིན་རླབས་སྤྱི་མཐུན་ཡིན། ༼༡༽གསང་བའི་རྡོ་རྗེ་ནི་དབུ་མའི་རྩ་ངོ་མ་ཡིན། ཡི་གེ་བསྒོམ་པ་ནི་རྡོ་རྗེ་བུ་གའི་ནང་དུ་ཡིག་མགོ་གྱེན་ལ་བསྟན། ཧཱུྃ་གི་ཞབས་ཀྱུ་ལྕགས་ཀྱུ་ལྟར་གུག་པ་དེས་པདྨའ་བཅུད་འཐེན་པའི་རྟེན་འབྲེལ་ལོ། །བུག་པ་མ་བཀག་པ་རྡོ་རྗེ་བུ་གའི་མཇུག་ཏུ་ཕཊ་སེར་པོ། ཡུམ་གྱི་གསང་བའི་པདྨོ་ནི་ཕྱི་པདྨ་དམར་པོ་འདབ་མ་བཞི་པ་ལྟེ་བ་ཟེའུ་འབྲུའི་བུག་པ་དེ་ཆོས་འབྱུང་གི་དབྱིབས་སུ་ཡོད་པ་དེ་ཀ་ཆོས་འབྱུང་དུ་བསྒོམ་པ་ཡིན། བུག་པ་དེ་ཁ་ཁ་མུ་ཁའི་རྩ་སྣ་ངོ་མ་ཡིན། རྩ་ཡི་བུ་ག་དེ་


SPN002_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཨེའི་གཟུགས་སུ་ཡོད་པ་ནི་ན་ག་རའི་ཡི་གེ་ནི་ཨེ་གྲུ་གསུམ་དུ་ཡོད། ཡང་ཆོས་འབྱུང་གྲུ་གསུམ་རྩེ་མོ་ཐུར་དུ་བསྟན་ནས་འཕེལ་ཀ་གྱེན་དུ་ཡོད་པའི་སྟེང་དུ་ཨེ་བསྒོམ་པ་ཡང་ཡིན་ནོ། །༼༡༽རྫོགས་རིམ་མཚན་བཅས་གཏུམ་མོ་རྩ་སྦྱངས་བའི་ཁྲིད་དེ་འདིའི་སྐབས་སུ་རྫོགས་རིམ་ཡིན་པས་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་དང་བཅས་པ་བསྒོམ་མི་དགོས་ཏེ། ཕྱི་སྣོད་ཀྱི་ཞིང་འདི་པདྨ་འོད་ཀྱི་གཞལ་ཡས་ཁང་ངམ། བདེ་བ་ཅན། དབང་ཆེན་འབར་བའི་ཞིང་ཁམས་དངོས་ཡིན་བསམ་པ་དང་། རང་གི་བློ་ཚོད་དང་བསྟུན་པའི་རྒྱ་ཁྱོན་ལ་རྡོ་རྗེའི་ས་གཞི་ར་བ་དྲ་བ་གུར་དུ་ཕུབ་པའི་མེ་དཔུང་གིས་ཧྲིལ་རེ་བསྟུམ་ནས་མེ་འུར་འུར་འབར་བའི་མེ་སྟག་རྣམས་ཐོག་དང་མཚོན་ཆའི་རང་བཞིན་གྱི་ཆར་འབེབས་བསམ་པ་ནི་བར་ཆད་གང་གིས་ཀྱང་མི་ཚུགས་པའི་སྲུང་འཁོར་རོ། །དེ་དུས་སུ་རང་ཉིད་ལུས་རྣམ་སྣང་ཆོས་བདུན་བྱས་ཏེ། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅས་པས་ཐུར་སེལ་གྱི་རླུང་དབུ་མར་ཚུད། ལག་མཉམ་བཞག་ལྟེ་འོག་ཏུ་བཅས་པས་མེ་མཉམ་གྱི་རླུང་དབུ་མར་ཚུད། མགྲིན་པ་ལྕགས་ཀྱུ་ལྟར་གུག་པས་གྱེན་རྒྱུའི་རླུང་དབུ་མར་ཚུད། དཔུང་པ་རྒོད་གཤོག་ལྟར་བརྒྱངས་ཤིང་། སྒལ་ཚིགས་དོང་རྩེ་ལྟར་བརྩེགས་པས་ཁྱབ་བྱེད་ཀྱི་རླུང་དབུ་མར་ཚུད། མིག་སྣ་རྩེར་ཕབ་པས་སྲོག་འཛིན་གྱི་རླུང་དབུ་མར་


SPN002_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཚུད་པ་སོགས་ཡིན་པས་ལུས་གནད་ཡང་དག་པར་བྱ། དེ་ནས་དམིགས་པ་ནི། པདྨ་དམར་པོ་ཟེའུ་འབྲུའི་སྟེང་ཉི་ཟླའི་དཀྱིལ་འཁོར་གྱི་གདན་ལ་རང་ཉིད་རྩ་གསུམ་དྲིལ་སྒྲུབ། དེ་ཡང་བསྐྱེད་རིམ་གྱི་སྐབས་སུ་སྐུ་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ནམ་ཤེལ་དམར་པོ་དྭངས་མ་ལྟ་བུ་ཡིན། འདིར་རླུང་གི་སྐབས་སུ་སྐུ་སྟོང་ར་སྟེ། གཏི་མུག་གི་རང་བཞིན་ཤ་ཡང་མེད། ཞེ་སྡང་གི་རང་བཞིན་རུས་པའང་མེད། འདོད་ཆགས་ཀྱི་རང་བཞིན་ཁྲག་ཀྱང་མེད་དེ་ཕྲུ་མ་ཕུས་བཏབ་པའམ། དར་དམར་གྱི་གུར་ཕུབ་པ་ལྟ་བུར་བསྒོམ། དེའི་སྐུ་དབུས་དྲང་པོར་དབུ་མ་ཕྲ་སྦོམ་མདའ་སྙུག་ཙམ་པ་ཨ་ཤད་ཡན་ནས་ཧྃ་བར་ལ་མདུད་པ་སྐུད་པའི་འགྱུར་ཁུག་ལྟ་བུ་སུམ་ཅུ་རྩ་གཉིས། མདུད་པའི་བར་དུ་སྟོང་སོར་རེ་རེ་ཡོད་པ་གཡས་གཡོན་ནས་རོ་རྐྱང་གྲོ་སོག་ཙམ་པ་གཉིས་མར་སྣ་འདུས་མདོར་ཟུག་པ་ཡར་སྣ་སྣ་བུག་གཉིས་སུ་ཟུག་པ་དང་། རླུང་རོ་འབུད་དུས་སྐྱེས་པའི་སྣ་གཡས་དང་། བུད་མེད་ཀྱི་གཡོན་ནས་འབུད། འབུད་དུས་ལག་གཡས་མཛུབ་མོས་སྣ་གཡོན་བཀག་ནས་འབུད། ཡང་། ལག་གཡོན་མཛུབ་མོའི་སྣ་གཡས་བཀག་ནས་འབུད། གཡས་ཉི་མ་མེའི་དུག་ཅན་ཡིན་པས་ཤུགས་ཆེ་བར་འབུད། དམིགས་པ་ནི་རླུང་མཁྲིས་བད་ཀན་གསུམ་གྱི་འདུས་ནད་ཐམས་ཅད་དབུ་མའི་


SPN002_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ནས་ཕྱིར་ཐོན། རོ་མའི་ནང་བརྒྱུད་སྣ་ནས་ཐོན་ཏེ་བསྲུང་པའི་མེ་ནང་དུ་ཐུལ་གྱིས་ཚིག་པར་བསམ། གཡོན་ཟླ་བ་བདུད་རྩིའི་རང་བཞིན་ཡིན་པས་དལ་བུས་རན་པར་འབུད། སྟེང་གདོན་གཟའ་དང་། བར་གདོན་བཙན། འོག་གདོན་ཀླུ་གསུམ་ཕྱིར་ཐོན། སྲུང་འཁོར་གྱི་མེ་ནང་དུ་ཚིག་པར་བསམ། མཉམ་པོར་འབུད་དུས་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་ངན་པ་དང་། ཡེ་ཤེས་ལ་སྒྲིབ་པ་ཐམས་ཅད་སངས་སོང་བར་བསམས་ལ་ཤེད་ཆེ་བར་གཏིང་ཕུལ་དང་བཅས་ནས་འབུད། དེ་ཡང་དབུ་རྐྱང་རོ་གསུམ་གྱི་ནང་དུ་ནད་གདོན་སྡིག་སྒྲིབ་རྣམས་དུད་པའི་རྣམ་པར་བསམ་པ་རླུང་རོ་འབུད་ཐེངས་རེ་ལ་ཕྱིར་སངས་སོང་ནས་ཇེ་གསལ་ཇེ་གསལ་དུ་སོང་བར་བསམ། ཚུར་རྔུབ་དུས་སྲིད་ཞིའི་དྭངས་བཅུད་ཚེ་དཔལ་རྒྱལ་བའི་ཐུགས་རྗེ་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རོ་རྐྱང་ལམ་བརྒྱུད། དབུ་མའི་ནང་ནས་སྤྱི་བོའི་ཧ ྃ་ལ་སིབ་སིབ་ཐིམ་པར་བསམ། ཕྱིའི་དབུ་མ་ནམ་མཁའ། ནང་གི་དབུ་མ་རྩ་དབུ་མ་ཡིན་པས་རླུང་ཕྱིར་འབུད་དུས་བཏང་མ་འཕྲལ་ཚུལ་མི་བསྡུ་བར་ཕྱི་ལ་རླུང་སེམས་གཉིས་ཀ་ཡུན་གང་རིང་འཇོག །ནང་དུ་རྔུབ་དུས་རྔུབ་མ་འཕྲལ་ཕྱིར་མི་འབུད་པར་ནང་དུ་ཡུན་གང་རིང་རླུང་སེམས་བཟུང་། མཐར་རླུང་རོ་འབུད་ཚར་ནས།


SPN002_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་དལ་བུས་བཟུང་ལ་དམིགས་པ་གོང་དང་ལྡན་པར་བསམས་ལ་ཡང་ཡང་སྒོམ་པ་ནི་རྩ་སྦྱངས་པ་ཡིན། ༼༡༽དམིགས་པ་གོང་གསལ་ལྟར་ལས། འཁོར་ལོ་བཞི་ལ་བརྟེན་པའི་གསང་སྔགས་སྤྱི་མཐུན་གྱི་འབར་འཛག་ལས་དང་པོ་དམིགས་པ་སྒོམ་པ་ནི། རྩ་གསུམ་གསལ་བཏབ་པའི་སྤྱི་བོའི་ཧྃ་གི་འོག་ཙམ་དུ་རྩ་འདབ་སུམ་ཅུ་རྩ་གཉིས། མགྲིན་པར་རོ་འདུས་ཀྱི་རྩ་འདབ་བཅུ་དྲུག །སྙིང་ག་དྲན་བཀོད་ལ་རྩ་འདབ་བརྒྱད། ལྟེ་བར་དྲུག་ཅུ་རྩ་བཞི། དབུ་མའི་ཡར་སྣེ་ལ་ཟླ་བས་ཁྲིག་གེ་བཀག་པའི་ཟླ་དཀྱིལ་ནས་ཧྃ་མགོ་ཐུར་དུ་འཕྱང་པ་སྟེ། རྩ་འདབ་ལ་མ་མདུན་དུ་གཏད་པ། གཡས་གཡོན་གྱི་ཟུར་གཉིས་རོ་རྐྱང་ཕྱོགས་སུ་བསྟན་པ་རྒྱབ་ཏུ་ལེབ་བསྟན་པ་དབུ་མའི་བར་སྣང་དུ་ལྷན་ནེར་བསྒོམ། བར་སྣང་དུ་ཡོང་བ་བསྒོམ་ལ་བདེ་ན་ཉི་མའི་དཀྱིལ་འཁོར་བསྒོམ་པའི་སྟེང་དུ་ཨ་ཤད་ལངས་བར་བསྒོམ། དེ་ཡང་ཉི་མའི་དཀྱིལ་འཁོར་ནི་ལས་ཀྱི་མེ་ཨ་ཤད་ནི་ཡེ་ཤེས་ཀྱི་མེ་སྟེ་དུས་རྒྱུན་ཨ་ཤད་ལ་སེམས་བཟུང་བས་བདེ་དྲོད་འབར་བ་ཡིན། སྤྱི་བོའི་ཧྃ་ནི་རྒྱུན་དུ་


SPN002_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པས་ཚེ་བསྲིང་བ་ཡིན། ཧྃ་ཞུ་ནས་མེད་པར་གྱུར་པ་བསྒོམ་ན་ཚེ་ལ་ངེས་པར་གནོད། ཧྃ་ལ་སྐྱོན་མེད་པ་ནས་བདུད་རྩི་བ་ཡི་ནུ་མ་ནས་འོ་མ་འབབས་པ་ལྟར་དགོས་གསུངས། དེས་ན་རླུང་རོ་འབུད་དེ་འཇམ་རླུང་བཟུང་བ་ནི་སྣ་ནས་ཕར་སོར་མོ་བཅུ་གཉིས་ཀྱི་ས་ན་ཡེ་ཤེས་ཀྱི་རླུང་ཡོད་པས་དེ་ཟིན་དགོས། ཐུར་སེལ། གྱེན་རྒྱུ། མེ་མཉམ། སྲོག་འཛིན། ཁྱབ་བྱེད་དེ། ཐུར་སེལ་ནི་དྲི་ཆེན་གྱི་འབྱིན་སྡོམ་བྱེད་མཁན་དེ་ཡིན། གྱེན་རྒྱུ་ནི་ཁ་སྣ་ནས་རྒྱུ་བའི་རླུང་དེ་ཡིན། མེ་མཉམ་ནི་གྱེན་རྒྱུ་ཐུར་སེལ་གྱི་མཚམས་ཕོ་བའི་མེ་དྲོད་སྐྱེད་མཁན་དེ་ཡིན། སྲོག་འཛིན་ནི་ཚེ་བསྲིང་བའི་རླུང་ཡིན། ཁྱབ་བྱེད་ནི་ལུས་སྤྱི་ལ་ཁྱབ་པའི་རླུང་ཡིན། དེ་ནས་རླུང་རོ་འབུད་དུས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དབུ་མའི་ནང་ནས་རོ་རྐྱང་གི་ལམ་བརྒྱུད་ཕྱི་རོལ་སངས་ཀྱིས་སོང་སྟེ་སྲུང་བའི་འཁོར་ལོའི་མེ་ནང་དུ་ལྷག་མེད་ཐུལ་གྱིས་འཚིག་པར་བསམ། དེ་ནས་འཇམ་རླུང་དལ་བུས་བཟུང་ལ་གཟུང་འཛིན་གྱི་ལམ་བརྒྱུད་འདུས་མདོར་སླེབས་པ་དང་ཨ་ཤད་ལ་མེ་བུས་པ་ལྟར་དམར་སི་རི་རི་སོར་ཕྱེད་འབར། ཡང་རླུང་བཟུང་སོར་ཕྱེད་འབར། དེ་ལྟ་བུ་རིམ་པས་ལྟེ་བའི་རྩ་འཁོར་ལ་མ་སླེབས་ཀྱི་བར་དུ་སོར་ཕྱེད་ཕྱེད་ལ་རླུང་ཐེངས་རེ་རེ་བཟུང་། དེ་


SPN002_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྟེ་བའི་རྩ་འདབ་བུག་སྟོང་མེས་ཁེངས། དེ་ནས་འཁོར་ལོ་རེ་རེའི་མཚམས་སུ་རླུང་ཐེངས་གསུམ་ལྔ་གང་རིགས་ནས་སྙིང་ཁའི་རྩ་འཁོར་ཁེངས། དེ་ནས་མགྲིན་པའི་རྩ་འཁོར་ཁེངས། དེ་ནས་སྤྱི་བོའི་རྩ་འཁོར་ཁེངས། རྩ་འདབ་ཐམས་ཅད་ནི་གདུགས་རྩིབས་ལྟར་བསྒོམ་པ་ཡིན། དེ་ཡང་སྤྱི་བོ་དང་མགྲིན་པའི་རྩ་འཁོར་མར་ཅུང་ཟད་གུག་པ་གསང་གནས་ལྟེ་བའི་རྩ་འཁོར་ཅུང་ཟད་ཁ་བསྟན་པ་བསྒོམ། རྩ་ཆགས་ལུགས་རིགས་མང་ཡང་ཆགས་ལུགས་ལྟར་མི་བསྒོམ། གདུགས་རྩིབས་ལྟར་བསྒོམ་པ་ཡིན་པས་དེས་རྩ་འབྱོང་སླ། རྩ་གེགས་མེད། དེ་ནས་མེ་འུ་རུ་རུ་ལུས་ཀྱི་སྤྱི་བོའི་ཧྃ་ལ་མ་རེག་ཙམ་མ་གཏོགས་གཞན་མ་སྟོང་རའི་ནང་། སོར་མོའི་རྩེ་མོ་དང་རྣ་བའི་རྩེ་མོའི་ནང་ཚུན་ཆད་མེ་དམར་ལྷང་ལྷང་འབར། དེ་ནས་སྟོང་ར་དྲྭ་བ་མིག་མང་ལྟར་གསལ་བའི་བུ་ག་ནས་མེ་ཕྱིར་ཐོན་འུ་རུ་རུ་འབར། དེ་ནས་ལྟེ་བར་གཡས་གསུམ་གཡོན་གསུམ་བསྐོར་བས་རྩ་མི་འགུལ། མེ་ཐམས་ཅད་རྩ་བུག་ནང་ནས་གཡས་གཡོན་དུ་འུ་རུ་རུ་འཁོར། འོག་སྒོ་ནས་མེ་ཕྱིར་ཐོན། མེའི་གདན་བཏིང་། འབེབས་ཆུང་སྦྱང་ཕྲག་ལུས་གཅུས་དང་བཅས་ཏེ་རླུང་ཕྱིར་སྤྲུགས། དེ་ནས་མེ་ཐམས་ཅད་ནང་དུ་ཐིམ་


SPN002_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་མེ་རྣམས་སྤྱི་བོ་ནས་རིམ་པར་མར་མར་ཐིམ་ནས། ཨ་ཤད་མི་བསྡུ། དེའི་རང་ངོ་ལ་ཅི་གནས་མཉམ་པར་ཡུན་རིང་དུ་འཇོག་གོ། ༼༡༽། རླུང་གི་གནད་བླ་མའི་ཞལ་ཤེས་ལས། རླུང་རོ་འབུད་པ་དང་། དབུ་མའི་མདུད་པ་གྲོལ་སྐབས་རྩ་གསུམ་གྱི་མདོག་སེར་སྐྱ་མོག་གེ་བ་ཞིག་བསྒོམ། མཐར་རྙོགས་མ་མེད་པ་དྭངས་སང་ངེར་སོང་བར་རྩ་ཆོས་བཞི་ལྡན་དུ་བསྒོམ། རླུང་དངོས་གཞིའི་སྐབས་དབུ་མ་དེ་ལྕགས་ཀྱི་སྦུ་གུ་སྲབ་མོ་མེས་འཚིག་པའི་མདོག་ལྟར་དམར་སངས་སངས་ལ་ཤུན་པ་དང་རྙོགས་མ་མེད་པ་དྭངས་སངས་ངེར་བསྒོམ། རླུང་རོ་འབུད་སྐབས་གཡས་པ་འབུད་དུས་ཐོག་འཕང་པ་ལྟར་འབུད། གཡོན་པ་འབུད་དུས་བྱང་ཐང་ལ་དམག་གཤར་བ་ལྟར་འབུད། གཉིས་མཉམ་འབུད་དུས་གླག་མོ་གཟན་ལ་འཇུམ་པ་ལྟར་རྟིང་ཕུལ་དང་བཅས་ནས་འབུད། འབུད་དུས་རླུང་ཞབས་མ་ལུས་པ་ལྟོ་བ་སྒལ་ཚིགས་ལ་འབྱར་སོང་བསམ་པ་བྱས་ནས་འབུད། དངོས་གཞི་བུམ་ཅན་གྱི་སྐབས་རླུང་ཕྱིར་འབུད་དུས་ལྟོ་བའི་རླུང་མ་ཤོར་བར་ལྟོ་བ་ལྡིར་རེར་ཡོད་པ་བྱས་ནས་འབུད། སྲིན་ཞལ་འོག་མ་ནས་མི་བསྡམ། རླུང་ཚུར་རྔུབ་ནས་ལྟེ་བར་གཞིལ་སྐབས་སྲིན་ཞལ་ཅུང་ཟད་བསྡམ། དེ་ལ་བུམ་ཅན་ཁ་སྦྱོར་ཟེར། མིག་ཀྱང་རླུང་ཚུར་རྔུབ་དུས་མིག་རང་བབས་ཀྱིས་བསྒྲད། ཕྱིར་


SPN002_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

འབུད་དུས་མིག་ཟིམ་བུས་བལྟ། དེས་ཡེ་ཤེས་ཀྱི་རླུང་དྭངས་མ་དེ་ལྟེ་བར་གནས་ནས་མ་དག་པའི་རླུང་ངམ། རླུང་གི་སྙིགས་མ་དེ་ལྦུ་བ་ལྟར་ཕྱིར་ལུད་འགྲོ་བ་ཡིན། བསྡུ་རིམ་སྐབས་བ་སྤུའི་བུ་ག་ནས་ཕྱིར་ཐོན་པའི་མེ་དང་གདན་དུ་གཏིང་བའི་མེ་བཅས་འཛིན་རྟོག་མེད་པའི་ངང་ལ་བཞག་པ་མ་གཏོགས་ནང་དུ་མི་བསྡུ་བ་རྙིང་མ་པ་རང་གི་ཁྱད་ཆོས་ཡིན། རྐེད་འཁོར་ནི་རླུང་དངོས་གཞིའི་སྐབས་ཡང་ཡང་བྱ་ཆོག །རླུང་སྤྲུགས་ནི་རྫོགས་རིམ་བསྡུས་པའི་མཇུག་ཏུ་བྱེད། དེ་བྱེད་པའི་དུས་ཕྱི་ནང་གི་འཛིན་རྟོག་དམིགས་པ་སོགས་གང་ཡང་ཡིད་ལ་མི་བྱེད་པ་ཡིན། རྫོགས་རིམ་སྐབས་རླུང་བུམ་ཅན་རེ་རེ་བཟུང་བ་དང་སྦྲགས་ནས་སྤྱི་འཁོར་གྱི་མེ་སྙིང་འཁོར་ལ་ཐིམ། སྙིང་འཁོར་གྱི་མེ་ལྟེ་འཁོར་ལ་ཐིམ། ལྟེ་འཁོར་གྱི་མེ་ཨ་ཤད་ལ་ཐིམ། ཨ་ཤད་ནི་ནམ་ཡང་མི་བསྡུ། མཐར་བདེ་བའི་རང་ངོ་ལ་ཅི་གནས་ནས་མཉམ་པར་འཇོག །མགོ་ན་བྱུང་ན་རླུང་བཟུང་ནས་འཕོང་བརྡེབ་ཡང་ཡང་བྱས་པས་ཕན། དེ་ཡན་ནི་ལས་ཀྱི་གཏུམ་མོའོ། །༼༡༽དེ་ནས་ཡེ་ཤེས་ཀྱི་གཏུམ་མོ་ནི། རླུང་རོ་འབུད་པ་དང་། རྩ་འཁོར་གསལ་བ་སོགས་གོང་ལྟར་ལས། དངོས་གཞི་རླུང་ཚུར་རྔུབ་དུས་ཨ་ཤད་ལས་མེ་འབར། ལྟེ་བའི་རྩ་འཁོར་ཁེངས། དེ་


SPN002_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མེ་ཡར་བྱུང་། བདུད་རྩི་མར་བྱུང་སྙིང་ཁར་དཀར་དམར་འཕྲད། དེ་ཡང་རིམ་པས་ཡར་མར་འདྲེས་ནས་སྙིང་ཁ་མན་གྱི་རྩ་འཁོར་ཐམས་ཅད་ཀྱི་བདུད་རྩི་དང་མེ་གཉིས་མེ་ཤས་ཆེ་བའི་དམར་སྐྱར་བསྒོམ། སྙིང་ཁ་ཡན་བདུད་རྩི་ཤུགས་ཆེ་བའི་དཀར་དམར་མདངས་ཅན་དུ་བསྒོམ། མཐར་རྩ་སྦུག་ཐམས་ཅད་ནས་ཕྱིར་འབར། ལུས་ཐམས་ཅད་ཁེངས་པར་བསམ། ཧ་སྤྲུགས་དང་བསྡུ་རིམ་ནི་གོང་དང་འདྲ། འདི་དག་གསང་སྔགས་སྤྱི་མཐུན་ཡིན། ཁྲིད་ཆེན་འདི་རང་གི་གཞུང་ཚིག་ཏུ་ཟིན་པའི་མན་ངག་ཁྱད་པར་རྫོགས་ཆེན་རང་དང་མཐུན་པ་ནི། ཐོག་མར་རླུང་བཟུང་ནས་ཨ་ཤད་ལས་མེ་ཏལ་གྱིས་ཕྲ་ཁྱུར་དབུ་མའི་ནང་དུ་སོང་། སྙིང་ཁར་སླེབས། ཧྃ་ལས་བདུད་རྩི་སྡོམ་པ་ཐོག་ལྟར་བབས་ནས་སྙིང་ཁར་སླེབས། བདུད་རྩི་ཤུགས་ཆེ་བས་མེ་མར་བརྡས་ནས་ཨ་ཤད་ལ་ཕོག །བདུད་རྩི་ཨ་ཤད་ལ་ཕོག་པས་མེ་ལ་མར་ཁུ་བླུགས་པ་ལྟར་མེ་ཡར་འབར་བས་བདུད་རྩི་ཡར་བྲོས། ཧྃ་ལ་ཕོག །ཧྃ་མེའི་མར་ཞུ་བ་ལྟར་ཡར་མར་བྱུང་། དེ་ལྟ་བུའི་དཀར་དམར་འབྲོས་འདེད་ལ་སེམས་བཟུང་ནས་བུམ་ཅན་ཁ་སྦྱོར་དུ་བསྒོམ་པ་དོན་དམ་པའི་ཕྱག་རྒྱ་ཆེན་པོ་ཡིན། མཐར་རྩ་འཁོར་ཐམས་ཅད་དཀར་དམར་གྱིས་ཁེངས་པ་དང་བསྡུ་རིམ་སོགས་


SPN002_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དང་འདྲ། དེ་ལས་ཡང་ཆེས་ཟབ་པ་སྐྲ་ཤད་འཛིངས་པ་ལྟ་བུ་ནི་ཡང་རླུང་བཟུང་བས་ཨ་ཤད་ལས་མདུན་ནས་ཡར་མེ་ལྕེ་སྐུད་པ་ལྟ་བུ་ཞིག་ཧྃ་ལ་ཕོག །ཧྃ་ལས་བདུད་རྩི་སྐུད་པ་ལྟ་བུ་ཞིག་རྒྱབ་ཏུ་བྱུང་ནས་ཨ་ཤད་ལ་ཐིམ། དེ་རྒྱུན་མི་ཆད་པ་ལ་སེམས་བཟུང་ནས་བུམ་ཅན་ཁ་སྦྱོར་དུ་འཆིངས། མཐར་རྩ་འཁོར་དང་ལུས་ཐམས་ཅད་ཁེངས་པ་སོགས་བསྡུ་རིམ་ནི་གོང་དང་འདྲ། ༼༡༽དེ་ནས་གསང་སྔགས་སྤྱི་མཐུན་འཁོར་ལོ་བཞིའི་དམིགས་པ་གོང་ལྟར་ལས། རྫོགས་ཆེན་རང་སྐད་ཀྱི་འཁོར་ལོ་ལྔ་སྟེ་གསང་གནས་ཀྱི་རྩ་འཁོར་ཀྱང་གསལ་བཏབ་ཚེ་ལྷ་ཡབ་ཡུམ་ལྔ་སོགས་གཞུང་བཞིན་གསལ། ཁྱད་པར་ནི། སྤྱི་བོའི་རྩ་འཁོར་དང་གསང་གནས་རྩ་འཁོར་གྲངས་འདྲ་བ་ནི། སྤྱི་བོའི་བདེ་ཆེན་དང་གསང་གནས་བདེ་སྐྱོང་གཉིས་ཐབས་ཤེས་ཡིན་པས་དོན་གཅིག །གསང་གནས་བདེ་སྐྱོང་འཁོར་ལོ་ནི་སྤྱི་བོ་བདེ་ཆེན་འཁོར་ལོའི་འབབས་སྟེགས་ཡིན་གསུངས། ༼༡༽རྡོར་བཟླས་སྐབས་འཁོར་ལོ་ལྔ་སྤངས་པའི་རྩ་གསུམ་གསལ་བཏབ། དང་པོར་རླུང་བཟུང་ནས་རླུང་རྔུབ་པ་འཕང་པ་ཕྱི་ནང་དུ་གནས་པ་སྟེ་ཚན་པ་བཞི་པོ་རླུང་ཡུན་འདྲ་འདྲར་བྱས་ནས་གྲུ་བཞིར་འོངས་པར་བྱས་ནས་སྦྱངས། དེ་ཆེར་གོམས་པ་དང་། རླུང་བུམ་ཅན་བཟུང་


SPN002_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚུར་རྔུབ་དུས་རོ་རྐྱང་གི་ལམ་བརྒྱུད་འདུས་མདོའི་ཨ་ཤད་ལ་ཕོག །ཨ་ཤད་འོད་དུ་ཞུ་ནས་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བདག་ཉིད་དུ་གྱུར་པ་ཡི་གེ་ཨཱཿདམར་པོ་གཅིག་བསམ། ཡང་རླུང་བཟུང་ནས་ཕྱིར་འབུད་དུས་ཨཱཿལས་འོད་ཟེར་ཁ་དོག་སྣ་ལྔ་ཟ་འོག་གི་སྐུད་པ་རྐྱང་པ་ལྟ་བུའི་སྣེར་ཧཱུྃ་མཐིང་ག་འཕྲོས་རོ་མ་ནས་བརྒྱུད། སྣ་སྒོ་གཡས་སུ་ཐོན་ནས་འདོམ་གང་ཐད་སླེབས་པ་དང་ཧཱུྃ་ལ་ཤེས་པ་གཏད། ཚུར་རྔུབ་དུས་ༀ་དཀར་པོ་འོད་ཟེར་བ་ཐག་དང་བཅས་པ་བྱུང་ནས་སྣ་གཡོན་ནས་ཞུགས། རྐྱང་མའི་ལམ་བརྒྱུད་འདུས་མདོའི་ཨ་ལ་ཐིམ། གནས་ཚད་དུ་སེམས་ཨ་ལ་བཟུང་། དེ་ལྟར་གནས་དུས་སེམས་ཕྱི་རུ་ཧཱུྃ་དང་ནང་དུ་ཨ་ལ་ཤེས་པ་གཏད། རྔུབ་དུས་ༀ་ལ་ཤེས་པ་གཏད་ནས་ༀ་ཨཱཿཧཱུྃ་ཡིད་ཀྱིས་བཟླས་ཤིང་བུམ་ཅན་ཁ་སྦྱོར་དུ་བཟུང་། དེ་ལ་བརྟན་པ་ཐོབ་ནས་བར་རླུང་ལ་བརྟེན་ཏེ་གོང་བཞིན་ཉམས་སུ་བླངས། ཁྱད་པར་ནི་ཨཱཿལས་ཨ་འཕྲོས། དབུ་མའི་ནང་བརྒྱུད་སྤྱི་བོའི་ཧྃ་ལ་ཕོག །ཧྃ་ལས་ཧྃ་བབས། འདུས་མདོའི་ཨ་ལ་ཐིམ་པར་བསམས་ལ། ཨཱཿཧྃ་ཨཱཿཧྃ་ཞེས་ཡིད་ཀྱིས་བཟླས་པ་བྱེད། རླུང་བར་རླུང་ལ་བརྟེན་ནོ། །འགྲོ་འདུག་སྤྱོད་ལམ་ཐམས་ཅད་དུ་དྲན་པས་སླེབས་པར་བྱེད། དེ་ནས་


SPN002_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་རུ་ཤན་དབྱེ་བ་ནི། རྫོགས་ཆེན་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ། ཡང་གསང་བླ་ན་མེད་པའི་སྡེ་བཞི་སྟེ་ཕྱི་སེམས་སྡེ་ཡབ་ཀུན་ཏུ་བཟང་པོའི་དགོངས་པ། ནང་ཀློང་སྡེ་ཀུན་བཟང་ཡུམ་གྱི་དགོངས་པ། གསང་བ་མན་ངན་གི་སྡེ་ཡབ་ཡུམ་གཉིས་སུ་མེད་པ། ཡང་གསང་གཉིས་སུ་མེད་པ་ནི་དེ་ལས་དགོངས་པ་ཆེས་ཆེར་ཟབ་པ་ཨ་ཏི་སྟེ། དེ་ཡང་རྫོགས་པ་ཆེན་པོ་རང་སྐད་ཀྱི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཡང་དག་པ་སྟེ། སྔར་གྱི་གྲུབ་ཐོབ་གོང་མ་རྣམས་ཀྱིས་ལོ་རེར་ལན་རེ་ཆགས་མེད་དུ་ཉམས་ལེན་མཛད་པ་གསང་སྔགས་བླ་ན་མེད་པ་རྫོགས་པ་ཆེན་པོའི་ཉམས་ལེན་ཡང་དག་པ་ཡིན། དེ་ཡང་སྤྱིར་འཁོར་འདས་ཞེས་པ་ཆོས་འདི་ལ་མ་འཇུག་ཕན་ཆོད་འཁོར་བ་ཡིན། ཉམས་སུ་ལེན་ཚུན་ཆད་མྱ་ངན་ལས་འདས་པའི་བདེ་བའི་ལམ་ལ་སླེབས་པ་ཡིན། འཁོར་བ་དང་མྱང་འདས་ཀྱི་རུ་ཤན་དུས་དེ་རིང་ནས་ཕྱེ་བ་ཡིན། དེ་ཇི་ལྟར་ཉམས་སུ་ལེན་ན་མི་མེད་ལུང་སྟོང་ལ་ཕྱིན་ཏེ། ལུས་གཅེར་བུར་བྱས་པའི་མདུན་དུ་དཀར་གཏོར་གསུམ་བཤམས། བྱིན་གྱིས་བརླབས་ལ་དང་པོ་བླ་མ་ཡི་དམ་ལ་ཕུལ། གཉིས་པ་མཁའ་འགྲོ་ཆོས་སྐྱོང་ལ་ཕུལ། གསུམ་པ་ཡུལ་ལྷ་གཞི་བདག་ལ་འབུལ། བདག་གི་འཁོར་འདས་རུ་ཤན་


SPN002_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བའི་སྤྱོད་པ་ལ་འཇུག་པ་འདི་ལ། བླ་མས་བྱིན་གྱིས་བརླབས། ཡི་དམ་གྱིས་དངོས་གྲུབ་སྟེར། མཁའ་འགྲོ་ཆོས་སྐྱོང་གིས་བར་ཆད་སེལ། ཡུལ་ལྷ་གཞི་བདག་གིས་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་བསམ་པ་འགྲུབ་པའི་ཕྲིན་ལས་བཅོལ། དེ་ནས་བདག་གི་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རིགས་དྲུག་གི་སྡུག་བསྔལ་མྱོང་ནས། ཕྱིན་ཆད་བདག་དང་སེམས་ཅན་ཐམས་ཅད་རིགས་དྲུག་གི་དུཿཁ་ལས་ཐར་ཏེ་མྱ་ངན་ལས་འདས་པའི་ས་ལ་འཁོད་བར་བྱའོ་སྙམ་པའི་སེམས་བསྐྱེད། དེ་ནས་རང་དང་པོ་དམྱལ་བའི་སྡུག་བསྔལ་ཐམས་ཅད་བསམས་ནས་སེམས་ཀྱི་སྡུག་བསྔལ་དེ་དག་མྱོང་བར་བསམ། ན་ར་ཀ་ཞེས་པ་ཡང་ཡང་བརྗོད། དམྱལ་བའི་སྡུག་བསྔལ་དེ་དག་ལ་ཞེན་པ་གཏིང་ནས་ལོག་པ་དང་། བདག་གིས་དམྱལ་བའི་སྡུག་བསྔལ་མྱོང་བ་འདིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དམྱལ་བར་སྐྱེ་བའི་གོ་དེ་རིང་ནས་ཆོད་དེ། དེང་ཕྱིན་ཆད་བདག་སོགས་སེམས་ཅན་ཐམས་ཅད་དམྱལ་བའི་སྡུག་བསྔལ་མི་མྱོང་བར་འཁོར་བ་དང་མྱང་འདས་ཀྱི་རུ་ཤན་ད་རེས་ནས་རྦད་དེ་ཆོད་པར་ཤོག་སྙམ་པའི་སྨོན་ལམ་གྱི་རྒྱས་འདེབས། ཐང་ཆད་པ་དང་ལུས་གནད་བསྲང་། བདུད་འདུལ་གྱི་ཕྱག་རྒྱ་བྱས་ནས། སྔར་འདས་ཀྱི་རྗེས་ཐམས་


SPN002_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ནམ་མཁའི་བྱ་ལམ་ལྟར་བསམས་ནས་མནོ་བསམ་མི་སྤྱད། མ་འོངས་པའི་བྱ་བྱེད་ཐམས་ཅད་སྔར་འདས་ཀྱི་བྱ་བ་འདྲ་བ་སྙིང་པོ་མེད་པས་སྔུན་མི་བསུ། ད་ལྟ་ཅི་ཡང་ཡིད་ལ་མི་བྱེད་པར་ཐང་ཆད་པའི་སེམས་ཀྱིས་གནས་ལུགས་དེ་ཁ་ལ་ཅི་གནས་མཉམ་པར་བཞག་གོ། དཔེ་དེ་དང་རིགས་སུ་མཚུངས་པ། ཡི་དྭགས། དུད་འགྲོ། མི། ལྷ་མིན། ལྷ་རྣམས་ཏེ་རེ་རེ་ལ་ཞག་གསུམ་རེའམ་རེ་རེ་ངེས་པར་བསྒོམ། དེ་ནས་དམྱལ་བའི་སྐབས་བདུད་འདུལ་གྱི་ཕྱག་རྒྱ་ཞེས་གཡས་ས་གནོན་གཡོན་མཉམ་བཞག །ཡི་དྭགས་སྐབས་སྣང་མཐའི་ཕྱག་རྒྱ་ལག་གཉིས་མཉམ་བཞག །དུད་འགྲོའི་སྐབས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ལག་གཉིས་ཁུ་ཚུར་གཡོན་པས་གཡས་པའི་མཛུབ་མོ་འཛིན་པ། མིའི་སྐབས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་མཛུབ་མོ་བསྒྲེང་པ་གཡས་ཐུགས་ཀ་དང་། གཡོན་སྟ་ཟུར། ལྷ་མིན་དོན་ཡོད་གྲུབ་པའི་ཕྱག་རྒྱ་གཡས་སྐྱབས་སྦྱིན་གཡོན་མཉམ་བཞག །ལྷ་རིན་འབྱུང་ཕྱག་རྒྱ་གཡས་མཆོག་སྦྱིན་གཡོན་མཉམ་བཞག་ཡིན། ༼༡༽དཀོན་མཆོག་གསུམ་གྱི་སྤྱོད་པའང་སྤྱད་ཞེས་པ། དང་པོར་བླ་མའི་མོས་གུས་གསོལ་འདེབས་སྔོན་དུ་འགྲོ་བས་ལུས་གནད་བསྲང་ལ་སྐད་ཅིག་གིས་བདེར་གཤེགས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བདག་ཉིད་སངས་རྒྱས་རྣམ་པར་སྣང་མཛད་སྐུ་


SPN002_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དཀར་པོ་གངས་ལ་ཉི་མ་ཤར་བའམ་ཤེལ་དཀར་གྱི་གོང་བུ་ལྟ་བུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་སྤྲས་པ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་སྣང་ལ་རང་བཞིན་མ་གྲུབ་པ་ཞིག་གསལ་བཏབ་ལ། དེའི་རང་ངོ་ལ་བལྟ་བཞིན་པས་ༀ་བུདྡྷ་ས་ཏྭ་ས་མ་ཡ་ཞེས་པའི་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ཡང་བཟླས། དེ་ཡང་སེམས་ཀྱི་ལྷ་སྐུ་ཇི་ལྟར་བྱས་ནས་བསྒོམ། སེམས་ཀྱི་ལྷ་སྐུ་ལ་བལྟས་ནས་སེམས་ལྷ་སྐུར་འདྲེས་འདུག་གམ་མི་འདུག་བལྟ། ལྷ་སྐུ་སེམས་སུ་ཚུར་བལྟས་ནས་སེམས་དང་འདྲེས་ཨེ་འདུག་མི་འདུག་བལྟ། དེ་ལྟར་བྱས་པ་ལ་དགོས་པ་གང་འདུག་བལྟ། མཐར་རྫོགས་རིམ་བསྡུ་བ་སོགས་མ་བྱས་པར་སྣང་མེད་དུ་ཆམ་དེ་བསྐྱུར་ནས་འདས་མ་འོངས་ད་ལྟའི་རྟོག་པ་འཕྲོ་འདུ་གང་ཡང་ཡིད་ལ་མི་བྱེད་པར་དགག་སྒྲུབ་མེད་པར་ལྷང་ངེར་བསྐྱུར་ནས་འཇོག །དེས་ནི་རྒྱུ་ཞེ་སྡང་ལས་འབྲས་བུ་དམྱལ་བར་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་དག་ནས་མེ་ལོང་ཡེ་ཤེས་མངོན་དུ་གྱུར་པ་ཡིན། ཡང་ལུས་གནད་བཅས་ལ་བདེར་གཤེགས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་སྣང་བ་མཐའ་ཡས་དམར་པོ་ལོངས་སྤྱོད་རྫོགས་སྐུ་མཚན་དཔེས་སྤྲས་པ་སོགས་གོང་བཞིན་བསྒོམ་ལ། ངག་ནས་ༀ་པདྨ་སཏྭ་ས་མ་ཡ་སོགས་བརྗོད། མཐར་འཇོག་ལུགས་གོང་དང་འདྲ། དེས་རྒྱུ་སེར་སྣ་ལས་སྐྱེས་པའི་འབྲས་བུ་ཡི་དྭགས་སུ་གྱུར་པའི་ལས་དང་བག་ཆགས་ཐམས་ཅད་དག་ནས་སོ་སོར་རྟོག་པའི་ཡེ་ཤེས་


SPN002_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་གྱུར་པར་བསམ། ཡང་གོང་གི་རིགས་འགྲེ་བས། བདེར་གཤེགས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་བདག་ཉིད་མི་བསྐྱོད་པ་ལོངས་སྐུ་སྐུ་མདོག་སྔོན་པོ་བསྒོམ། སྔགས། ཧཱུྃ་བཛྲ་སཏྭ་སོགས་བརྗོད། གཞན་ཐམས་ཅད་གོང་དང་འདྲ་བ་ལས། རྒྱུ་གཏི་མུག་ལས་འབྲས་བུ་བྱོལ་སོང་དུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་དག་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར་པར་བསམ། ཡང་བདེར་གཤེགས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད་གཅིག་ཏུ་གྱུར་པ་དོན་ཡོད་གྲུབ་པ་བསྒོམ། སྔགས། ཧ་ཀརྨ་སཏྭ་སོགས། ཐམས་ཅད་སྔར་དང་འདྲ་བ་ལས། འབྲས་བུ་ལྷ་མིན་དུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བྱང་ནས་བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་གྱུར་པར་བསམ། ཡང་བདེར་གཤེགས་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད་དུ་གྱུར་པ་རིན་ཆེན་འབྱུང་ལྡན་བསྒོམ། སྔགས། སྭཱ་རཏྣ་སཏྭ་སོགས་བརྗོད། གཞན་སྔར་དང་འདྲ་བ་ལས། བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུ་ང་རྒྱལ་ལ་བརྟེན་ནས་འབྲས་བུ་ལྷའི་གནས་སུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་དག་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར་པར་བསམ། ཡང་རིགས་དྲུག་འདུས་པའི་བདག་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོར་བསྒོམ།


SPN002_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས། ཨོཾ་ཨཱྃཿཧཱུྃ་སྭཱ་ཧཱ། ༀ་བཛྲ་སཏྭ་ས་མ་ཡ་ཞེས་པ་ནས་ཧཱུྃ་ཕཊ་བཏགས་པ་ཧེ་རུ་ཀ་ཡི་ཡིག་བརྒྱར་གྱུར་པ་བརྗོད། གཞན་གོང་དང་འདྲ་བ་ལས། བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུ་མ་རིག་པ་དུག་གསུམ་ལ་བརྟེན་པའི་འབྲས་བུ་མིའི་གནས་སུ་སྐྱེ་བའི་སྡུག་བསྔལ་ལས་དང་བག་ཆགས་ཐམས་ཅད་དག །རྡོ་རྗེ་གསུམ་གྱི་གོ་འཕང་མངོན་དུ་གྱུར་པར་བསམ། དེ་ནས་རྩ་བ་རྒྱུའི་ཧེ་རུ་ཀ་དམར་པོ་ཕྱག་གཡས་རྡོ་རྗེ་ནམ་མཁར་གདེངས་པ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པའམ་ཡང་ན་ཐུགས་ཀར་རྡོ་རྗེས་བྷན་དམར་དཀྲུགས་པ་གང་བདེ། སྐུ་ལ་དུར་ཁྲོད་གྱི་ཆས་བརྒྱད་ཀྱིས་སྤྲས་བར་བསྒོམ། ངག་ནས། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿགྲངས་མེད་བརྗོད། དེ་བཞིན་ལྷ་ཁྲོ་བོ་རིགས་ལྔ་གཞན་ལའང་རིགས་འགྲེ་བས་བདག་ཉིད་རྩ་བ་རྒྱུའི་ཧེ་རུ་ཀ་ཞེས་པ་དེའོ། །༼༡༽རིགས་དྲུག་བསྲེག་སྦྱངས་སྐབས་ཆུ་སྦྱིན་གཏོར་མ་སྔོན་དུ་འགྲོ་བས་བླ་མའི་རྣལ་འབྱོར་མོས་གུས་ཚད་མེད་པ་བསྒོམ་ལ་བཏབ། དེ་ནས་རང་ལུས་གནད་བསྲང་། སྤྱི་བོའི་བླ་མ་འོད་དུ་ཞུ་ནས་མར་བྱོན་། དབུ་མའི་ནང་གི་སྤྱི་བོར་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བདག་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར་པ་ཡི་གེ་ༀ་དཀར་པོ་འོད་ཟེར་ཀུན་ཏུ་འཕྲོ་བ་གཅིག་བསམ།


SPN002_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དབུ་མའི་ནང་གི་མགྲིན་པར་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་པ་ཡི་གེ་ཨཱཿདམར་པོ་འོད་ཟེར་ཀུན་ཏུ་འཕྲོ་བ་གཅིག་བསམ། ཡང་དེ་བཞིན་དུ་དབུ་མའི་ནང་གི་སྙིང་ཁར་དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་བདག་ཉིད་ཆོས་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར་པ་ཡི་གེ་ཧཱུྃ་སྔོན་པོ་འོད་ཟེར་ཀུན་ཏུ་འཕྲོ་བ་གཅིག་བསམ། དེ་ལྟར་དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད་འབྲུ་གསུམ་པོ་དེ་ནི་གཞོམ་མེད་རྡོ་རྗེ་གསུམ་གྱི་རང་བཞིན་དུ་ལྷུན་གྱིས་གྲུབ་ཅིང་། བྱེད་ལས་ཕྲིན་ལས་རྣམ་པ་ལྔ་མྱུར་དུ་འགྲུབ་པར་བྱེད་པའི་ནུས་པ་དང་ལྡན་པར་བསམ། དེ་ལྟར་གསལ་བའི་དབུ་མའི་ཕྱི་རོལ་ལུས་ཀྱི་ནང་གནས་ལྔ་རྐང་མཐིལ་གཉིས་དང་བཅས་པར་རིགས་དྲུག་ཏུ་སྐྱེ་བའི་ས་བོན་སྡུག་བསྔལ་བག་ཆགས་དང་བཅས་པ་གསུམ་ལྷན་སྐྱེས་སུ་གནས་པ་ནི་སྤྱི་བོ་ལྷ་ཡི་ས་བོན་ཨ་དཀར་པོ། མགྲིན་པ་ལྷ་མིན་ས་བོན་སུཾ་སེར་པོ། སྙིང་ཁར་མི་ཡི་ས་བོན་ནྲྀ་སྔོ་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་སྐྱ། གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་ལྗང་ནག །རྐང་མཐིལ་གཉིས་སུ་གཡས་ཚ་དམྱལ་དང་། གཡོན་གྲང་དམྱལ་གྱི་ས་བོན་དུཿནག་པོ་རེ་གསལ། དེ་ནས་གནས་


SPN002_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་འབྲུ་གསུམ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་མུ་མེད་པ་ལ་ཕོག །དེ་དག་ལས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་ཚུར་འདུས། འབྲུ་གསུམ་ལ་ཐིམ། འོད་དང་འོད་ཟེར་གྱི་གོང་བུ་ཆེས་ཆེར་གྱུར་པར་བསམ། འབྲུ་གསུམ་པོ་དེ་ལས་མ་ལས་བུ་ཆད་པ་ལྟ་བུ་ༀ་དཀར་པོ། ཨཿདམར་པོ། ཧཱུྃ་སྔོན་པོ་གསུམ་འོད་ཟེར་ཐམས་ཅད་མེ་ཡི་རང་བཞིན་དུ་གྱུར་པ་ཞིག་འཕྲོས་ནས་ཐོག་མར་རྐང་མཐིལ་གྱི་དུཿགཉིས་ཀྱི་སྟེང་དུ་བབས། ཐུགས་རྗེའི་འོད་ཀྱི་མེས་དུཿལྷག་མེད་དུ་ཐུལ་གྱིས་འཚིག་ནས་སྟོང་པར་བསམས་ལ་འབྲུ་གསུམ་གྱི་བསྙེན་པ་བྱེད། དེ་བཞིན་དུ། གསང་གནས། ལྟེ་བ། སྙིང་ཁ། མགྲིན་པ། སྤྱི་བོ་སོགས་སུའང་རིགས་འགྲེ། མཐར་འབྲུ་གསུམ་གྱི་མེས་ལུས་མེར་གྱིས་གང་ནས་རིགས་དྲུག་གི་ས་བོན་ཤུལ་ཙམ་ཡང་མེད་པ་ལྷག་མེད་དུ་དག་ནས་ལུས་ཤེལ་གོང་གཡའ་དག་པ་ལྟ་བུ་གྱུར་བར་བསམ། དེ་ནས་དམིགས་མེད་ཀྱི་ངང་ལ་ཅི་གནས་སུ་མཉམ་པར་འཇོག་པའོ། །༼༡༽སྒོ་གསུམ་གྱི་སྔོན་འགྲོ་ཐུན་མོང་མ་ཡིན་པ་ཡང་དག་པའི་ལམ་ལུས་ངག་ཡིད་གསུམ་དུ་ཤན་དབྱེ་བ་སྟེ། ལུས་འཁོར་འདས་རུ་ཤན་དབྱེ་བ་རྡོ་རྗེའི་འདུག་སྟངས་ཏེ། ཇི་ལྟར་བྱེད་ནས་འཁོད་སྙོམས་པ་རྡོ་ཤིང་གད་ཐེམ་སོགས་བརྡབ་ས་མེད་པ།


SPN002_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ལྡན་ཡིན་ན་རྒྱབ་ཏུ་འབོལ་གདན་འཐུག་ལ་རིང་བ་ཞིག་བཏིང་ལ། རང་ཉིད་ཐལ་མོ་སྤྱི་བོར་སྦྱར། གྲུ་མོ་ཕྱིར་བརྒྱང་། རྐང་པའི་མཐིལ་སྦྱར། སོར་མོ་བཅུ་ས་ལ་བཙུགས་པུས་མོ་ཕྱིར་བརྒྱང་། སྒལ་ཚིགས་དྲང་པོར་བསྲང་། མགྲིན་པ་ཨོལ་མདུད་ནོན་པར་བྱས་ལ་ཉ་བཞི་བསྒྲིམས་ཏེ་ལུས་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བཅའ། དམིགས་པ་ནི། རང་ལུས་རྡོ་རྗེ་རྩེ་གསུམ་པར་བསྒོམ་པ་སྟེ། རྡོ་རྗེའི་མདོག་ཁ་རྩིས་ཀྱི་མཐུན་གསུམ་གྱ་ིལོ་ཁམས་དང་བསྟུན་པ་ཡོད་ནའང་ཐམས་ཅད་ནམ་མཁའ་ལ་འདུས་པས་རྡོ་རྗེ་སྔོན་པོ་བསྒོམ་པས་རུང་། དེ་ཡང་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བ་ཞིག་ཏུ་བསྒོམ། ཁྱད་པར་གྱི་དམིགས་པ་ནི། རང་ལུས་རྡོ་རྗེ་རྩེ་ལྔ་པར་གསལ་བའི་རྡོ་རྗེའི་ལྟེ་བའི་དབུ་མའི་ལྟ་བུ་ཞིག་བསྒོམ། དེས་རླུང་དབུ་མར་ཚུད་པའི་མན་ངག་ཞལ་ཤེས་ཡིན། ལུས་ལ་ན་ཚ་ཟུག་གཟེར་ཅི་ལྟ་བུ་ཞིག་བྱུང་ཡང་བསྲན་བསྐྱེད། མཐར་མི་ཐུབ་པར་གྱུར་པ་དང་རླུང་ཕྱིར་བཏང་སྟེ་ཕུད་ནས་གན་རྐྱལ་དུ་ལིངས་སེ་ལོག་ལ་མིག་ནམ་མཁའ་ལ་ཧར་རེ་གཏད་དེ་འཛིན་རྟོག་གང་ཡང་མེད་པའི་ངང་ལ་ཅི་གནས་སུ་བཞག །ཐང་ཆད་སོང་པ་དང་རྣམ་རྟོག་གྱ་གྱུ་བྱུང་ཚེ་ཧར་རེ་ལངས། སྔར་བཞིན་རྡོ་རྗེའི་འདུག་སྟངས་


SPN002_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་གོ། གོང་གསལ་སྔོན་འགྲོ་འདི་དག་ཐམས་ཅད་ལ་དངོས་གཞིའི་གནས་ལུགས་དང་འབྲེལ་རུང་། སྒོམ་པ་ནི་མཐར་དངོས་གཞིའི་སྐབས་ངོ་སྤྲོད་པས་ཆོག་པ་དེ་བླ་མའི་ཞལ་ཤེས་ཁྲིད་ལུང་མན་ངག་གི་གནད་ཡིན་ནོ། །རྡོ་རྗེའི་འདུག་སྟངས་ཀྱི་ཕན་ཡོན་ནི་གནས་སྐབས་སུ་སྡིག་སྒྲིབ་དག །སྲུང་བའི་འཁོར་ལོར་གྱུར་པས་གདོན་བགེགས་ཀྱིས་མི་ཚུགས། མཐར་ཐུག་འཇའ་ལུས་འགྲུབ་པའི་དགོས་པ་ཡོད་པ་སོགས་ཞིབ་ཆ་ཁྲིད་གཞུང་རྒྱས་པ་རྣམས་སུ་གསལ་ལོ། །༼༡༽ངག་གི་སྔོན་འགྲོའི་སྐབས་བླ་མ་ལ་གསོལ་བ་གདབ། ཐོག་མེད་ནས་བསགས་པའི་ངག་གི་སྒྲིབ་པ་ཐམས་ཅད་དག་པར་གྱུར་ཅིག་བསམས་ལ་ལུས་རྣམ་སྣང་ཆོས་བདུན་བཅས་ཏེ་གཞུང་བཞིན་སྙིང་ཁར་ཧཱུྃ་བསྒོམ། གསལ་སྣང་ཐོན་པ་དང་ཧཱུྃ་ཧཱུྃ་ཧཱུྃ་ཞེས་སྐད་འབོད་ལ་སྒྲ་སྐད་དག་པ་དལ་བྲེལ་རན་པ་བརྗོད་པ་དང་སྦྲགས། དམིགས་པ་ནི་སྙིང་ཁའི་ཧཱུྃ་ལས་ཧཱུྃ་བར་མ་ཆད་པ་འཕྲོས་སྣ་བུག་གཡས་ནས་ཐོན། རང་གི་འདུག་མལ་གྱི་ཁང་པ་ཁེངས། དེ་ལས་ཆེར་འཕེལ་འཇུག་ཡུལ་ཁེངས། དེ་ལས་ཆེར་འཕེལ་ཡུལ་ལུང་པ་ཁེངས། དེ་བཞིན་གླིང་བཞི་གླིང་ཕྲན་བྱེ་བ་ཕྲག་བརྒྱ་སོགས་བློས་གང་ཐུབ་ཀྱི་སར་ཁྱབ་པར་འགུལ་བསྐྱོད་མི་ཐུབ་པ་ལྟ་བུའི་ཧཱུྃ་གིས་སྣོད་ཀྱི་ཞིང་


SPN002_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཐམས་ཅད་མེར་གྱིས་ཁེངས་པར་བསམ། མི་བདེ་སྙམ་བྱུང་བ་དང་རང་སར་ལྷོད་དེ་བཞག །དེས་ཕྱི་སྣང་བ་གདོས་བཅས་ཀྱི་འཛིན་པ་དག་ནས་སྣང་བ་སྒྱུ་མར་འཆར་བ་ཡིན། ཡང་རླུང་ཚུར་རྔུབས་པ་དང་སྦྲག་དབུགས་ཀྱི་འགྲོས་ལྟར་ཧཱུྃ་ཞེས་རླུང་རྔུབ་རིང་དམིགས་པ་ལས་ཧཱུྃ་མི་བསྒྲང་། ཡང་ཧཱུྃ་ཞེས་རླུང་རྔུབ། དམིགས་པ་ནི། རླུང་རྔུབ་དུས་ཕྱི་རོལ་གྱི་ཧཱུྃ་ཐམས་ཅད་གཅིག་ལ་གཅིག་ཐིམ་དུ་ཚུར་བྱུང་ནས་རང་གི་སྣ་བུག་གཡོན་ནས་ཞུགས། ཁོང་པའི་ནང་ཐམས་ཅད་སྲན་མ་དོས་པོ་བརྒྱད་པ་ལྟར་སྟིང་ངེ་ཁེངས་པར་བསམ། པགས་པ་ཡང་རལ་ལ་ཁད་དུ་ཡོད་བསམ་པའི་མི་བདེ་སྙམ་བྱུང་བ་དང་ངལ་གསོ། དེས་ནང་འཛིན་པའི་སེམས་དག་ལུས་ལ་ཆགས་ཞེན་མེད་པར་སྟོང་གསལ་དུ་རྟོགས་པའི་དགོས་པ་ཡོད་དོ། །༼༡༽ཡང་རྣམ་སྣང་ཆོས་བདུན་བཅས་བླ་མའི་རྣལ་འབྱོར་ལ་མོས་གུས་ཚད་མེད་པས་གསོལ་བ་ཁ་སྙིང་སྤྲད་དེ་བཏབ། བླ་མ་འོད་དུ་ཞུ། རང་གི་སྨིན་མཚམས་ནས་མར་ཞུགས་སྙིང་ཁར་ཧཱུྃ་མཚན་ཉིད་བཞི་ལྡན་ཏེ། རྣོ་བ། ངར་བ། ཚ་བ། རྩུབ་པ་ལྕགས་མེ་ལ་བསྲེག་པའི་ཚ་ངར་ལྟ་བུ་ཞིག་གསལ་གདབ། ངག་ནས་ཧཱུྃ་དྲག་པོ་ཤུགས་དང་ལྡན་པ་དལ་བྲེལ་སྙོམས་པར་བརྗོད་པ་དང་སྦྲགས་སྙིང་ཁའི་ཧཱུྃ་ལས་ཧཱུྃ་


SPN002_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་བྲེང་མ་ཆད་པ་བྱུང་སྟེ་སྣ་བུག་གཡས་ནས་ཐོན་ནོ། །ཧཱུྃ་རྡོ་རྗེ་ལྟ་བུར་རྒྱུག་པ་དང་། མདའ་ལྟར་འཕང་བ་གཉིས་ཀའམ་གང་བདེ་བྱས་པའི་ཕྱི་རོལ་གྱི་རི་རབ་ཁང་ཁྱིམ་ཐམས་ཅད་ཕུག །དངོས་པོ་ཆེན་པོ་ལ་དེ་དང་འཚམས་པའི་ཧཱུྃ་ཆེན་པོར་གྱུར་ནས་ཕུག །ཆུང་ངུ་ལ་ཧཱུྃ་ཆུང་ངུས་ཕུག །དེ་ཡང་ཧཱུྃ་དེ་ཚ་བ་ངར་དང་ལྡན་པས་དཔེར་ན་ཤོག་བུ་ལ་སྤོས་ཚུགས་ནས་ཕུག་པ་ཡང་བརྟོལ་ཏེ་ཚ་བའི་ངད་ཀྱིས་བུག་པ་གཉིས་འབྲེལ་ནས་བུག་པ་ཆེན་པོར་འགྲོ་བ་དེ་ལྟ་བུས་ཕྱི་རོལ་གྱི་གདོས་བཅས་ས་རྡོ་རི་བྲག་ཐམས་ཅད་ཕུག་ནས་ཁྲལ་ཁྲོལ་དུ་གྱུར་པ་དེ་ཚོའང་ཚ་བའི་ངད་ཀྱིས་འབྲེལ་ནས་ཡལ་ཏེ་མཐར་ཐམས་ཅད་ནམ་མཁའི་རང་བཞིན་སྟོང་པར་གྱུར་ནས་ཧཱུྃ་གིས་གང་བར་བསམ། དེས་ཕྱི་གདོས་བཅས་ཀྱི་སྣང་བ་ནུབ། ཡང་རླུང་བུམ་ཅན་བཟུང་། བུམ་ཅན་མ་ཤོར་བའི་ངང་ནས་རླུང་ཚུར་རྔུབ་ཧཱུྃ་ཞེས་དྲག་པོར་ཤུགས་དང་ལྡན་པ་བརྗོད། ཧཱུྃ་བརྗོད་དུས་ལྟེ་བའི་རླུང་མ་ཤོར་བར་བྱེད། དམིགས་པ་ནི་ཧཱུྃ་དེ་བརྗོད་ཚར་བ་དང་རླུང་ཚུར་རྔུབ་པ་གཉིས་སྤེལ་མར་བྱས་ལ་རླུང་རྔུབ་དུས་ཕྱི་རོལ་གྱི་ཧཱུྃ་ཐམས་ཅད་ནུར་ནུར་ཚུར་འདུས། རང་གི་ལུས་ལ་ཤ་རུལ་ལ་སྦྲང་མ་ཐིམ་པ་ལྟར་བྱས་ནས་ཕྱིའི་ཧཱུྃ་གིས་ལུས་ཕྱི་ནས་ཚུར་ཕུག །ནང་གི་ཧཱུྃ་གིས་ཕར་ཕུག །དེ་ཡང་གདོས་བཅས་ལུས་ཤ་ཁྲག་རུས་གསུམ་གྱི་རང་བཞིན་འདི་ཉིད་


SPN002_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོལ་མ་ལྕགས་ཚགས་ལྟ་བུར་གྱུར། ཚ་བའི་ངད་ཀྱིས་བུག་པ་ཐམས་ཅད་འབྲེལ་ནས་མཐར་ཐལ་བ་ལྷག་ལུས་ཙམ་ཡང་མེད་པར་སྟོང་སང་ངེར་གྱུར་པ་ལ་ཅི་གནས་སུ་མཉམ་པར་བཞག །དེས་ལུས་གདོས་བཅས་ཀྱི་སྣང་བ་ནུབ། མཐར་ཐུག་མཆོག་གི་དངོས་གྲུབ་ཐོབ། སྣང་བཞི་ནི་ཟད་སར་འཁྱོལ། བློ་ཟད་ཆོས་ཟད་ཀྱི་ལ་ཟླ། ཕུང་པོ་འོད་ལུས་འགྲུབ་པའི་དགོས་པ་ཡོད། འདིས་ཐུན་མོང་གི་དངོས་གྲུབ་ཀྱང་ཞོར་ལ་འབྱུང་སྟེ་ལུས་ཀྱི་ནད་གདོན་ལས་ཐར། ཐོགས་བཅས་ཐོགས་མེད་ཀྱི་བདུད་ཀྱིས་ཚུགས་མི་སྲིད། ནད་པ་འདྲེ་དང་གདོན་ཅན་གྱིས་བསྐྱོད་པ་ལའང་དམིགས་པ་འདི་བཞིན་དུ་བྱས་པས་ནད་གདོན་ལས་གྲོལ། ཁྱད་པར་རྒྱལ་པོ་དང་ས་བདག་གི་གནོད་པ་ལ་མཆོག་ཏུ་གྱུར་གསུངས། ཧཱུྃ་རྡོ་རྗེ་ལྟ་བུར་འགྲོ་བ་ནི་བྲི་ཆ་ལྟར་ཧཱུྃ་འགྲེང་ནས་འགྲོ་བ་ཡིན། ཧཱུྃ་མདའ་ལྟར་འཕང་བ་ནི་ཧཱུྃ་རྩེ་མོ་ཕར་བསྟན་ནས་འཕྲེད་ལ་འགྲོ་བ་ཡིན། ༼༡༽ཡང་ལུས་རྣམ་སྣང་ཆོས་བདུན་བཅའ། བླ་མའི་མོས་གུས་ཚད་ཐུབ་ཀྱིས་གསོལ་བ་བཏབ། བླ་མ་འོད་དུ་ཞུ། སྙིང་ཁར་ཧཱུྃ་སྔོན་པོ་བཻ་ཌཱུཪྱའི་མདོག་ལྟ་བུ་ཞིག་གསལ། དེ་ནས་རླུང་རོ་འབུད། རང་གི་མདུན་དུ་ཁྲུ་གང་ངམ་ཁྲུ་དོ་ཙམ་གྱི་སར་ཤིང་ཕྲ་སྦོམ་མདའ་སྙུག་ཙམ་མམ་མཛུབ་མོ་ཙམ་གང་རུང་ཤིན་ཏུ་དྲང་བ་ཡལ་ག་འཛེར་སོགས་མེད་པ་རིང་བ་ཁྲུ་


SPN002_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ནི་ཚོགས་བདུན་མཚོན་བྱེད། ཡང་ན་ཁྲུ་གསུམ་རེ་གཞི་ལམ་འབྲས་གསུམ་མཚོན་བྱེད། ཡང་ན་ཁྲུ་དོ་སྟེ་དག་པ་གཉིས་ལྡན་མཚོན་བྱེད། ཡང་ཁྲུ་རིང་བ་རང་ལངས་བའི་ལུས་ཚད་དམ། ཡང་ན་སྐྱིལ་ཀྲུང་དུ་བསྡད་པའི་ལུས་ཚད་དེ་གང་བདེ་ཡིན། འོན་ཀྱང་བསྡད་པའི་ཚད་ཙམ་བྱས་ན་བསྒོམ་པ་བདེ། དེ་ཡང་ཧཱུྃ་གི་གླུ་རིང་པོར་བརྗོད་པ་དང་སྦྲགས་སྙིང་ཁའི་ཧཱུྃ་ལས་ཧྃ་གཅིག་ཏལ་གྱིས་འཕྲོས། མདུན་གྱི་ཤིང་གི་རྩེ་མོར་བྱ་ཁུ་བྱུག་བབས་པ་ལྟར་བབ། དེ་ལ་སེམས་མ་ཡེངས་པར་རླུང་དང་རིག་པ་ཧཱུྃ་གསུམ་གཅིག་ཏུ་བསྲེས་ལ་བཞག །རྣམ་རྟོག་འཕྲོ་ཉམས་ཤར་བ་དང་ཧཱུྃ་དེ་ཚུར་བྱུང་། སྙིང་ཁའི་ཧཱུྃ་ལ་ཐིམ། སྙིང་ཁའི་ཧཱུྃ་ལ་རླུང་གཅིག་ཏུ་དྲིལ་ནས་མཉམ་པར་བཞག །ཡང་རྣམ་རྟོག་འཕྲོ་ན་ཧཱུྃ་སྔར་ལྟར་ཕར་འཕྲོ། ཡང་ཚུར་བསྡུ་བ་སོགས་བྱ། དེ་ལ་བརྟན་པ་ཅུང་ཟད་ཐོབ་ནས་སྙིང་ཁའི་ཧཱུྃ་ལས་ཧཱུྃ་གི་ཕྲེང་བ་བར་མ་ཆད་པ་འཕྲོས་ཏེ་མདུན་གྱི་ཤིང་གི་རྩ་བ་ནས་ཡར་སྦྲུལ་དཀྲིས་པ་ལྟར་འཁྲིལ་ཏེ་རྩེ་མོར་སླེབས་པ་དང་བློ་འདས་འཛིན་མེད་ཀྱི་ངང་ལ་མཉམ་པར་བཞག་ལ་རྣམ་རྟོག་གང་ཡང་མི་འཕྲོ་བ་ངལ་གསོ། ཡང་རྣམ་རྟོག་འགྱུ་གྲབ་འདུག་པ་དང་ཧཱུྃ་ལ་སེམས་བཟུང་ནས་ཧཱུྃ་རྣམས་རིམ་པར་རྩེ་མོ་ནས་མར་གཅིག་ལ་གཅིག་ཐིམ། ཤིང་གི་རྩ་བར་སླེབས་པ་དང་


SPN002_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པར་སྙིང་ཁའི་ཧཱུྃ་ལ་བསྡུ་ནས་འཛིན་རྟོག་མེད་པར་སྙིང་ཁའི་ཧཱུྃ་ལ་ཤེས་པ་གཏད་ལ་མཉམ་པར་བཞག །དེ་ལྟར་རླུང་སེམས་ཧཱུྃ་གསུམ་གཅིག་ཏུ་བྱས་ནས་ཕྱི་ནང་གི་འགྲོ་ལྡོག་སྦྱངས་པས་རྣམ་རྟོག་ངར་ཞི་སྟེ་སེམས་ཤིན་ཏུ་སྦྱངས་པ་ཐོབ་ནས་དམིགས་པ་གང་ཡང་བསྒྱུར་ཐུབ་པས་དམིགས་པའི་གཉེན་བཙལ་བའོ། །སེམས་ཤིན་སྦྱངས་ཐོབ་པ་དང་གཉེན་བཙལ་བ་དེ་ལྟ་བུ་གང་ཡིན་ཞེ་ན། བསྐྱེད་རིམ་བསྒོམ་པའི་སྐབས་རང་ལུས་ལྷར་རེས་གསལ། རེས་མི་གསལ། རེས་བདེ། རེས་མི་བདེ། དཔེ་དེ་བཞིན་དུ་མདུན་བསྐྱེད་ལྟ་བུར་རེས་གསལ་རེས་མི་གསལ། རེས་སེམས་འཁྲུགས་པ་དང་། རྣམ་རྟོག་ལོག་པ་གཟུགས་བརྙན་གང་སྡུག་སྡུག་འཆར། བསྒོམ་པའི་ལྷ་མི་གསལ། མི་དགོས་པའི་རྣམ་རྟོག་གི་རང་གཟུགས་མང་པོ་འཆར། དཔེ་དེ་བཞིན་དུ་རྫོགས་རིམ་ཐུགས་དམ་ལྟ་བུ་ལའང་། ཐ་མལ་མི་མང་གི་ཁྲོད་དུ་སྡོད་དུས་སྒོམ་ཡོད་རྒྱུ་གནས་རྒྱུ་འདྲ་མོ་ལ། རི་ཁྲོད་མཚམས་ཁང་དུ་སྒོམ་ཡེ་ནས་མ་རྙེད་པ་ཧལ་པོར་འགྲོ་བ། རེས་སྒོམ་ཡིན་པ་འདྲ། རེས་མིན་པ་འདྲ་བ་སོགས་རྨི་ལམ་དུའང་དཔེར་ན་ནམ་མཁའ་ལ་འཕུར་སྙམ་ཡོད་ཀྱང་འཕུར་རྒྱུ་མེད་པ་དང་། རྨི་ལམ་སྔོན་གྱི་འཕྲོ་མཐུད་རྒྱུ་མེད་པར་རྨི་ལམ་ནས་རྨི་ལམ་འཁྲུལ་བ་གཞན་དུ་འགྲོ་བ་སོགས་འདི་དག་ཐམས་ཅད་


SPN002_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་ཀོ་བ་སྐམ་པོ་ལ་བཟོ་བཅོས་གང་བྱས་ཀྱང་ཡང་ན་ཆག་འགྲོ། ཡང་ན་རལ་འགྲོ། གང་ཡང་བཟོ་མི་ཐུབ་པ་ལྟ་བུ་དེ་སེམས་ཤིན་སྦྱངས་རྩོལ་བས་མཉེན་བཙལ་བ་ནི་གླ་ལྤགས་སམ་ཁ་ཤ་ལྤགས་པ་ལྟ་བུ་མཉེད་ལེགས་པར་དུ་སོང་བས་མཐར་བཟོ་གང་བཅོས་ཀྱང་ཐུབ། མདུད་པའང་ཐེབ་པ་ལྟ་བུ་སྟེ་དེས་ན་སེམས་མཉེན་བཙལ་བས་བསྐྱེད་རིམ། རྫོགས་རིམ། རྨི་ལམ་ལ་སོགས་པ་ཐམས་ཅད་རང་གང་འདོད་དུ་བསྒྱུར་ཐུབ་པས་འདི་ལ་ཤིན་ཏུ་བརྟན་པ་ཐོབ་པ་གལ་ཆེ་སྟེ། བསྐྱེད་རྫོགས་རྨི་ལམ་འོད་གསལ་འཕོ་བ་བར་དོ་ཐམས་ཅད་ལས་སུ་རུང་བའོ། །ཡང་ས་དཔྱད་བཞི་པ་ནི། གོང་བཞིན་ཕྱི་ཐུན་མོང་གི་སྔོན་འགྲོ་རྣམས་གོང་བཞིན་ལས་ཁྱད་པར་དུ་བླ་མའི་མོས་གུས་གསོལ་འདེབས་རྩེ་གཅིག་ཏུ་བྱ་ཞིང་ལུས་གནད་བྱས་ལ་རླུང་རོ་འབུད། དེ་ནས་རང་གི་རྣམ་སྨིན་གདོས་བཅས་ཀྱི་ལུས་འདིས་ཕུང་པོ་དེ་ཞིག་ནས་ཡལ། སེམས་གཉུག་མའི་ལུས་དེ་རླུང་སེམས་གཅིག་ཏུ་འདྲེས་པའི་ལུས་ཡི་གེ་ཧཱུྃ་སྔོན་པོ་ཁྲུ་གང་པ་རང་འོད་ཅན་གཅིག་ཏུ་བསྒོམ། ངག་ཏུ་ཧཱུྃ་ཞེས་གླུ་རིང་པོར་བརྗོད་པར་བྱ། རང་ལུས་ཧཱུྃ་དེ་རང་སྡོད་སའི་མལ་དེ་ནས་ཕར་སྲིན་མོ་འགྲོས་སམ་རོ་ལངས་འཁྱོག་འགྲོས་ཀྱིས་སོང་། དང་པོ་རང་གི་སྡོད་སའི་སྐོར། དེ་ནས་དེའི་ལུང་པ། དེ་ནས་རང་གར་འགྲོ་


SPN002_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་ས། དེ་ནས་འགྲོ་མ་མྱོང་བའི་མཐའ་དག །དེ་ནས་རིགས་དྲུག་གི་གནས་སོགས་བསམ་ཚད་དུ་འགྲོ། དེ་བཞིན་དུ་བར་དོ་ལའང་འགྲོ། བར་དོ་དེ་གང་ཞེ་ན། འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ཞེས་པ་འགྲོ་བ་རིགས་དྲུག་གི་ཁར་བར་དོ་ཐེ་བས་བདུན་ཡིན། བར་དོ་ལ་གཟུགས་མེད་བག་ཆགས་སམ་གཉུག་མའི་ལུས་དེ་ཡོད། ཚོར་བ་ཡོད། འདུ་ཤེས་ཡོད། རྣམ་པར་ཤེས་པ་ཡོད། གནས་ངེས་པ་མེད་དེ་རིགས་དྲུག་ཐམས་ཅད་ཀྱི་གནས་ལ་འགྲོ། གྲོགས་ངེས་པ་མེད་དེ་ངོ་ཤེས་པ་དང་མི་ཤེས་པ་དང་ལྷ་དང་འདྲེ་བར་དོའི་ཡིད་ལུས་ཐམས་ཅད་དང་འཕྲད། གྲོགས་ཟས་ངེས་པ་མེད་དེ་དྲན་ཚད་སྲིད་ཚད་ཟ། བདེ་སྡུག་སྣ་ཚོགས་འཆར། དེ་ལྟ་བུའི་བར་དོའི་ཡིད་ལུས་དེ་ནི་ལྷ་ཡི་དབང་པོའི་སྤྱན་གྱིས་མིན་པར་སུས་ཀྱང་མི་མཐོང་གསུངས། དེ་ཡང་ཡེངས་ནས་རྒྱ་འབྱམས་འགྲོ་གྲབ་འདུག་ན་ཁྱོག་མཚམས་སུ་ལུས་དང་རླུང་སེམས་གཅིག་ཏུ་དྲིལ་བ་ལ་སེམས་བཟུང་ནས་ངལ་གསོ་ཡང་འགྲོ། གདོས་བཅས་ཀྱི་ལུས་ཤུལ་དུ་ཡོད་པའི་བག་ཆགས་གཏན་ནས་མ་ཤོར་བར་བྱས་ནས་ཧཱུྃ་དེ་གར་སླེབས་རང་གི་ལུས་དེ་སླེབས་པའི་སྣང་བ་བརྟན་པོ་མངོན་སུམ་ལྟ་བུར་གསལ་ཡང་ཚུར་སྲིན་འགྲོས་ཀྱིས་ལོག་ནས་རང་སྡོད་ཡུལ་གྱི་མལ་དུ་སླེབས། རླུང་སེམས་ཧཱུྃ་


SPN002_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གཅིག་ཏུ་དྲིལ་བའི་གཉུག་མའི་ཡེ་ཤེས་དེ་ག་ལ་ཅི་གནས་སུ་མཉམ་པར་འཇོག །ཡང་གོང་བཞིན་སྦྱངས་པ་ཡིན་ནོ། །དེས་གཟུང་འཛིན་གྱི་ཞེན་པ་དགབར་དོ་འབྱོང་། རིགས་དྲུག་གི་སྐྱེ་སྒོ་འགགས་པ་ཡིན། སྤྱིར་རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས་ཞེས། ལུས་འཁོར་འདས་རུ་ཤན་དབྱེ་བའི་འདུག་སྟངས་ཀྱི་ལུས་ཀྱི་སྒྲིབ་པ་བག་ཆགས་ཐམས་ཅད་དག །མཐར་ཐུག་སྐུ་རྡོ་རྗེ་འགྲུབ་ནས་སྤྲུལ་སྐུར་སངས་རྒྱས་པ་ཡིན། ངག་འཁོར་འདས་རུ་ཤན་དབྱེ་བ་རྒྱས་གདབ། རྩལ་སྦྱངས་མཉེན་བཙལ་ལམ་ཞུགས་བཞི་ཡིས་ངག་གི་སྡིག་སྒྲིབ་བག་ཆགས་ཐམས་ཅད་དག །མཐར་ཐུག་གསུང་རྡོ་རྗེ་འགྲུབ། ལོངས་སྐུར་སངས་རྒྱས་པ་ཡིན། འདི་གསུམ་ནི་སྔ་རབས་ཀྱི་གྲུབ་ཐོབ་གོང་མ་རྣམས་ཀྱིས་ལོ་རེར་ཆགས་མེད་གནང་བ་ཡིན། ༼༡༽དེ་ནས་སེམས་བྱུང་གནས་འགྲོ་གསུམ་བརྟག་པ་ལ། དང་པོ་ལུས་གནད་བཅའ། རླུང་རོ་དགུ་ཕྲུགས་བསལ་ལ། བླ་མ་ལ་མོས་གུས་ཚད་མེད་པའི་སྒོ་ནས་གསོལ་བ་གདབ། དབང་བཞི་ལེན། དེའི་ངང་ལ་དར་གཅིག་བཞག །དེ་ནས་འདི་ལྟར་དུ་བསམས་ཏེ། ག་རེ་སེམས་ཞེས་བྱ་བ་ཡིན་ཡིན་པོ། རིག་རིག་པོ་ཐམས་ཅད་ལ་ཐེ་ཞིང་ཉུལ་བ། ཡར་སངས་རྒྱས་ཀྱི་ས་ལ་འགྲོ་མཁན། མར་ངན་སོང་གི་ས་ལ་འགྲོ་མཁན། མི་


SPN002_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་དགུ་དྲན་བྱ་བ་འདི། ཕྱི་ནང་སྣོད་བཅུད་དེ་ཕྱི་ས་རྡོ་རི་བྲག་གང་ལས་བྱུང་ངམ། འབྱུང་བ་ལྔ་ལས་བྱུང་ངམ། ནང་བཅུད་ཀྱི་སེམས་ཅན་ལས་བྱུང་ངམ། ཝལ་གྱིས་འགྱུས་པ་དང་རྣམ་རྟོག་དེ་ག་ནས་བྱུང་རྩད་ལྷག་པར་དུ་ལེགས་པར་བཅད་དགོས་སོ། །གཉིས་པ་གནས་པ་ལ་བརྟག་པ་ནི། སྔར་བཞིན་ཕྱི་ནང་སྣོད་བཅུད་གང་ལ་གནས། ལུས་ཤ་ཁྲག་རུས་པ་དབང་ལྔ་དོན་ལྔ་སྐྲ་དང་བ་སྤུ་གང་ལ་གནས་བལྟ། དེ་ལྟར་བལྟས་པས་སེམས་ཐང་ཆད་ནས་བལྟ་བའི་ཡུལ་ལ་མ་གྲུབ་པས་ཧ་རེར་རྣམ་རྟོག་འགགས་པ་དེ་ལ་མཉམ་པར་བཞག་ཅི་ཐུབ་བྱེད། ཡང་སེམས་ཐང་ཆད་པ་སོས་ནས། རྣམ་རྟོག་འགྱུ་ན་སྔར་བཞིན་དཔྱད་ལ་བསྒོམ། འདི་གསར་མའི་ཕྱག་ཆེན། དགེ་ལུགས་ཀྱི་དབུ་མ། རྙིང་མའི་ཀ་དག་སྟེ་གཞི་གཅིག །རྙིང་མ་རང་སྐད་དུ་ཐུན་མོང་གི་ཀ་དག་དང་ཐུན་མོང་མ་ཡིན་པའི་ཀ་དག་གཉིས་ལས། འདི་ཐུན་མོང་དུ་ཡིན། ཐུན་མོང་མ་ཡིན་པའི་ཀ་དག་ནི་ཁྲེགས་ཆོད་ཀྱི་ལམ་དངོས་འཇུག་པའོ། །གསུམ་པ་འགྲོ་ས་ལ་བརྟག་པ་ནི། དང་པོ་སེམས་རྣམ་རྟོག་ཝལ་གྱིས་ཤར་མཁན་དེ་ག་ནས་བྱུང་། དེ་གར་སོང་བལྟས་པས་ཝལ་གྱིས་ཡལ་སོང་ན་ཡལ་བ་དེ་དཔེར་ན་དུད་པའམ་སྨུག་པའམ་གང་ཡིན་ཀྱང་ཡལ་ནས་སླར་ལྡོག་རྒྱུ་


SPN002_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

མེད། འོ་ན་ཡལ་བའི་རྗེས་སུ་སླར་རྣམ་རྟོག་གཅིག་ཝལ་གྱིས་ཤར་ནས་འགྱུ་ུབ་དེ་གང་ནས་བྱུང་། ག་རུ་ཡལ། ག་རུ་སོང་ལེགས་པར་རྩད་བཅད། དེ་བཞིན་དུག་ལྔའི་རྣམ་རྟོག་གཅིག་ཤར་བྱུང་ན། དེ་ག་ནས་བྱུང་གར་གནས་གར་ཡལ། དེ་བཞིན་དུ་དད་པ་དང་སྙིང་རྗེ་གཉིས་ཤར་བྱུང་ན་དེ་ག་ནས་བྱུང་གར་གནས་གར་སོང་ལེགས་པར་དཔྱད་དོ། །འདི་ནི་གློ་བུར་གྱི་དྲི་མ་དེ་ཕུད་ནས་རང་རིག་པའི་ཡེ་ཤེས་སངས་རྒྱས་ཀྱི་རྒྱུ་དེ་མཐོང་དགོས་རྒྱུ་ཡིན། དཔེར་ན་རྫོགས་པའི་སངས་རྒྱས་དང་བདུད་ལྷས་སྦྱིན་གཉིས་ཡང་དག་པའི་དོན་དུ་ཡེ་ཤེས་ཀྱི་རྒྱུ་ལ་ཁྱད་པར་མེད། སངས་རྒྱས་ཀྱི་ཐུགས་དེ་ལ་གློ་བུར་གྱི་དྲི་མ་ཕྲ་མོས་ཀྱང་མ་གོས་པས་སངས་རྒྱས་སུ་འགྱུར་པ་ཡིན། ལྷས་སྦྱིན་གྱི་སེམས་དེ་ལ་དུག་གསུམ་བག་ཆགས་རྣམ་རྟོག་གི་དྲི་མ་མཐུག་པོས་བཏུམས་པས་ན་བདུད་དུ་འགྱུར་བ་ཡིན་པས་རྣམ་རྟོག་གློ་བུར་གྱི་དྲི་མ་དེ་དག་ངོ་ཤེས་པར་བྱེད་དགོས། དེ་བྱེད་པ་ལ་སེམས་བྱུང་གནས་འགྲོ་གསུམ་ལ་ལེགས་པར་དཔྱད་དགོས། ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་འདི་ལ་ལོ་གསུམ་གྱི་དཔྱད་གཞིག་མཛད་པ་ཡིན། རིག་པ་གཅེར་བུ་ཐེར་ལ་མ་བུད་བར་སྒོམ་ཡོད་ཡོད་ཟེར། དེ་རེས་ཡོད་པ་འདྲ། རེས་མེད་པ་འདྲ་ལ་གནད་ཐོག་ཏུ་མཛུབ་མོ་བཙུག་རྒྱུ་མ་བྱུང་ན་སངས་རྒྱས་མི་ཐོབ་སྟེ། རྒྱུ་སེམས་ཅན་ལས་འདའ་ས་མེད། དཔེར་ན་


SPN002_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དེ་ལ་ལྷ་ས་ལྟ་བུ་ཞིག་ཝལ་གྱིས་ཤར་ན། ལྷ་སའི་བྱ་བྱེད་ཐམས་ཅད་མིག་ལམ་དུ་འགྲུབ་པ་ཞིག་དགོས། དེ་སེམས་ཀྱིས་མཐོང་ངམ་རྣམ་རྟོག་གིས་མཐོང་། སེམས་དང་རྣམ་རྟོག་གཉིས་ཀ་གཅིག་གམ་ཐ་དད་གཅིག་ན་རྣམ་རྟོག་འགྱུ་བའི་ཡུལ་དང་འགྱུ་མཁན་གཉིས་བྱུང་། མི་གཅིག་ན་རྣམ་རྟོག་གསར་པ་སྐྱེ་དུས་སྔ་མ་དེ་མེད་འགྲོ་བ་དེ་གང་ཡིན་སོགས་ཞིབ་མོར་དཔྱད་པར་བྱའོ། །འདི་ལ་ཞག་གསུམ་ཙམ་བསྒོམ་དུ་བཅུག་ལ་དེ་ནས་རེ་རེ་བཞིན་རྟོགས་འབུལ་བྱེད་དུ་འཇུག །རྟོགས་པ་ཅུང་ཟད་རྙེད་པ་ལ་དེ་དང་མཐུན་པའི་སྒོམ་ལུགས་བསླབ། དཔེར་ན་བུ་ཆུང་གི་ལྟོས་དར་མ་མི་འགྲངས། དར་མའི་ཟས་བུ་ཆུང་གིས་ཟ་མི་ཐུབ། གལ་ཏེ་ཟོས་ཀྱང་མི་འཇུ་བས་ན་སོ་སོའི་སྒོམ་གྱི་འཆར་ཚུལ་དང་བསྟུན་པའི་ཁྲིད་མཁས་པར་བྱེད་གསུངས། སེམས་བྱུང་གནས་འགྲོ་གསུམ་བརྟག་པ་ཡན་ནི་རྫོགས་ཆེན་རང་སྐད་ཀྱི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཡིན། ལམ་དངོས་གཞི་མཛུབ་ཚུགས་ཀྱི་ལམ་དངོས་ནི་མ་ཡིན། ད་སེམས་རྣལ་དུ་དབབ་པ་སྟེ། འདི་ལ་ཡང་ད་དུང་སྒོམ་འབྱུང་བའི་རྒྱུ་ཞི་གནས་ཕུན་སུམ་ཚོགས་པ་བསྒྲུབ་པ་ལས་ལམ་དངོས་གཞིའི་ངོ་སྤྲོད་ལྟ་བུ་ནི་མ་ཡིན། ཞི་གནས་འདི་ལ་ཡང་འཇིག་རྟེན་པའི་ཞི་གནས་དང་།


SPN002_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་ཞི་གནས་གཉིས་ཡོད། འཇིག་རྟེན་པའི་ཞི་གནས་ནི་བྱུང་ཚོར་གང་ཡང་མེད་ཅིང་དེ་ཡང་ཧ་མ་གོ་བའི་རྟོག་འགགས་དེ་ཡིན། དོན་གྱི་ཞི་གནས་ནི་ལམ་དངོས་གཞི་སྒྲུབ་པའི་རྒྱུ་ཕུན་སུམ་ཚོགས་པ་ཡིན། དེ་ཡང་བསྒོམ་ལུགས་ཇི་ལྟར་གསར་བུ་བ་རྣམས་རང་གི་སྐྱིལ་ཀྲུང་མདུན་མཚམས་འཇལ་བའི་ཁྲུ་གང་ངམ། ཁྲུ་ཕྱེད་གང་བདེའི་སར་རྡེའུ་དཀར་པོ་བཞག་པར་གསུངས་ཀྱང་དཀར་ཆ་འདི་མིག་ལ་གནོད་པས་སྔོན་པོ་ཞིག་བཞག །དེ་ཡང་ཤེལ་སྔོན་པོ་བྱུང་ན་ལེགས། ཆེ་ཆུང་ནི་སྲིན་མཛུབ་ཀྱི་ཚིགས་དང་པོ་ཙམ་ཡིན། དེ་ལྟ་བུ་དམིགས་རྟེན་དེ་མདུན་དུ་བཞག་ལ། ལུས་སོག་མའི་ཕོན་ཐག་ཆད་པ་ལྟ་བུར་ཤིག་གེར་བཞག །ངག་པི་ཝཾ་གི་རྒྱུན་ཐག་ཆད་པ་ལྟ་བུར་བཞག །དེ་ཡང་མཆུ་སོ་ནས་གང་གི་མ་རེག་ཙམ་བྱས་ལ་དབུགས་ཀྱི་འགྱུ་བ་མི་མངོན་པ་ལྟ་བུར་བཞག །སེམས་འདས་མ་འོངས་ད་ལྟ་དུས་གསུམ་གྱི་རྣམ་རྟོག་དྲན་འཛིན་འཕྲོ་འདུ་གང་ཡང་མེད་པར་དམིགས་རྟེན་ལ་གཏད། གྲིམ་ཆེས་ན་རྡེའུ་ཁྲིག་པ་དང་འགུལ་བ་ལ་སོགས་པ་དང་། རྣམ་རྟོག་ཐོལ་སྐྱེས་བྱུང་ཚེ་བཀག་ཀྱང་མི་བཀག །བདག་འཛིན་ཀྱང་མི་བྱེད། དགའ་སྡུག་བློ་གཏད་མེད་པར་རང་སར་ཙམ་དེར་བསྐྱུར་ནས་བཞག་གོ། །རྡེའུ་ཤིང་བུའི་དམིགས་རྟེན་འདི་ལ་གསར་མའི་ཕྱོགས་ནས་མི་འཐད་ཟེར་མི་ཡོད་ཀྱང་ས་ར་ཧས་མདའ་ལ་སེམས་


SPN002_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ནས་བསྒོམ་པས་མི་རྟོག་པ་འཁྲུངས་པ་ཡིན། མཁའ་འགྲོ་མ་སུ་ཀ་སིདྡྷིས་ཆུ་ལེན་པར་ཕྱིན་པས་བུམ་པ་ས་ལ་ལྷུང་ནས་ཞིག་པས་བདག་འཛིན་གྱི་འཁྲུལ་པ་ཐམས་ཅད་ཞིག་ནས་མི་རྟོག་པ་འཁྲུངས་པའི་དོན་རྟོགས་པ་ཡིན། དཔེ་དེ་ལྟ་བུ་ཡང་དམིགས་རྟེན་གྱི་རྡེའུ་དང་འདྲ་བས་བཀག་པ་མི་ཐུབ། དེ་དག་ཐམས་ཅད་དོན་གཅིག་པ་ཡིན། ལར་སྒོམ་གྱི་ཐོབ་ས་གསུམ་ཡང་འདི་ཡིན། ཤོར་ས་གསུམ་ཡང་འདི་ཡིན། གོལ་ས་གསུམ་ཡང་འདི་ཡིན། སྟོང་པ་ལ་གོལ་ན་གཟུགས་མེད་ཁམས་སུ་སྐྱེ། གསལ་བ་ལ་གོལ་ན་ཚངས་རིས་སུ་སྐྱེ། མི་རྟོག་པ་ལ་གོལ་ན་འདོད་ཁམས་སུ་སྐྱེ། དེར་སྐྱེ་བ་དེ་དག་ཐམས་ཅད་དཔེར་ན་དགེ་བས་མཐོ་རིས་སུ་སྐྱེ་བའི་དཔེ་ལྟར་བསྒོམ། དེ་དག་བསྒོམ་པའི་ཕན་ཡོན་ཡིན། འབྲས་བུ་ཡང་དག་པའི་ལམ་དེ་ཁོ་ན་ཉིད་མ་མཐོང་བས་ན་མཐར་ལྟུང་རྒྱུ་ཡོད་པས་སངས་རྒྱས་སུ་མི་འགྱུར། འབྲས་བུ་ཡེ་ཤེས་ཀྱི་ཚོགས་སུ་ནི་གྱུར། དེས་ན་ལམ་ཕྱིན་ཅི་ལོག་ཏུ་མི་ཤོར་པ་ནི་བླ་མའི་དྲུང་དུ་སྙེམས་ཐག་ལེགས་པར་གཅོད་དགོས། སྒོམ་དངོས་གཞི་འབྱུང་བའི་རྒྱུ་ལམ་ཡང་དག་པ་ཡང་འདི་ཡིན་ནོ། །སེམས་རྣལ་དུ་དབབ་པ་དང་པོར་འཇུག་པ་ནི། ཞི་གནས་རྙོག་མ་ཅན་དང་། ཞི་གནས་དྭངས་པ་དང་། ཞི་གནས་དྭངས་ཅན་


SPN002_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་བསམ་གཏན་ལ་རིགས་མང་དུ་ཆེ་བའི་ཕར་ཕྱིན་དྲུག་དང་སྦྱར་བ་ཞིག་གི་ལྗགས་བཤད་དོན་བཟང་པོ་ཚིག་འབྲུ་བཟང་པོ་བློའི་ར་བ་ལས་བརྒལ་བ་ཞིག་གསུངས་ནའང་། གསུང་དུས་གང་ཡིན་སོ་སོར་མ་འདྲེས་པ་ཞིག་གོ་བས་ཐེབ་བྱུང་ཡང་། མཐར་ཐོས་བའི་བསོད་ནམས་ལས་བརྗེད་བྱང་དུ་འཁོད་པ་ཞིག་མ་བྱུང་བས་སྣོད་མཐིལ་རྡོལ་ལྟ་བུར་གྱུར་ཀྱང་། དོན་གྱི་སྙིང་པོ་སེམས་རྣལ་དུ་དབབ་པ་ལ། ལུས་གནད་བསྲང་། རླུང་རོ་འབུད་ནས་ཉན་ཐོས་ཞི་བའི་ལྟ་སྟངས་ཏེ། མིག་རང་བབ་ཀྱི་སྣ་རྩེ་ནས་མར་ཐུར་དུ་མཐོ་གང་གཞལ་བའི་བར་སྣང་ལ་མིག་ལྷུག་གེར་ལྟ། སེམས་འདས་མ་འོངས་དུས་གསུམ་གྱི་རྟོག་པ་དང་བྲལ་བ་ལྷན་ནེར་བཞག །སེམས་བྱིངས་འཐིབས་ཀྱི་ངང་ལ་ཤོར་ན། ཆུའི་རྦ་རླབས་ཞི་ཡང་ཆུ་རྙོག་མ་ཅན་དང་འདྲ། དེ་ལྟ་བུ་མ་ཡིན་པ་སེམས་རྣམ་རྟོག་དང་བྲལ་བ་ནི་ཆུའི་རྦ་རླབས་ཞི་བ་ལྟ་བུ་ཡིན། སེམས་གསལ་སྟོང་དེར་འཛིན་མེད་པར་བཞག་པ་ནི་ཆུ་དྭངས་བ་ལ་ཆུ་ནང་གི་སྲོག་ཆགས་ཆེ་འབྲིང་ཆུང་ངུ་ཐམས་ཅད་མངོན་པ་ལྟ་བུ་ཡིན། རྣམ་རྟོག་གང་ཤར་བ་བཟང་ངན་གྱི་བདག་འཛིན་མེད་པ་ནི་ཆུ་ནང་གི་སེམས་ཅན་རྣམས་འདི་འདྲ་འདུག་འདི་འདྲའོ། །ཞེས་པའི་དཔྱད་གཞིག་མེད་པ་ཡིན་པས་མིག་གིས་མཐོང་བ་ཡིན་པ་དེ་ལྟ་བུ་ཞིག་ཏུ་མཉམ་པར་འཇོག་རྒྱུ་


SPN002_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། དཔེར་ན་མི་གཅིག་འགྲོ་རྒྱུ་ཡིན་ན་གོས་ཀྱི་སྣེ་མོ་ནས་ཚར་གྱིས་བཟུང་ན་མི་དེ་འགྲོ་བར་སེམས་ཀྱང་འགྲོ་དབང་མེད་པ་དཔེ་དེ་ལྟ་བུས་རང་སེམས་རྣལ་དུ་དབབ་དགོས་རྒྱུ་ཡིན། དང་པོར་འཇུག་པ་ལ་ཡང་ལྗགས་བཤད་རྒྱས་པར་ཐོབ་ཀྱང་བླུན་པོ་སྣོད་ཞབས་རྡོལ་དུ་སོང་བས་ཡིད་ལ་མ་འཇག །འོན་ཀྱང་མོས་པ་རྩེ་གཅིག་གིས་མ་འོངས་པའི་དོན་གྱི་འབྲས་བུའི་ས་བོན་ནི་ཐེབས། ཡང་ཏིག་སྒོམ་རྒྱུར་སེམས་མི་གནས་པ་གནས་པར་བྱེད་པ། གནས་པ་བརྟན་པར་བྱེད་པ། བརྟན་པ་གྲོལ་བར་བྱེད་པ་སྟེ་སྔར་བཞིན་ལུས་གནད་བསྲང་ནས་བྱང་ཆུབ་སྟེ། འདི་ལའང་རྣམ་གྲངས་མང་བར་ཡོད་ཀྱང་ད་ལམ་གྱི་སྐབས་འདིར། མིག་ཐད་ཀའི་བར་སྣང་ལ་རང་བབས་སུ་བལྟ། དཔེར་ན་གླང་ཆེན་ཆང་གིས་མྱོས་པའི་མིག་གི་ལྟ་ལུགས་ལྟ་བུ་ཡིན། སེམས་ནི་དུས་གསུམ་གྱི་རྟོག་པ་གང་གིས་ཀྱང་མ་བསླད་པར་ལྷང་ངེར་བཞག །དེ་ཐོག་རྣམ་རྟོག་ག་འདྲ་ཞིག་འཆར་ཡང་གང་ཤར་དེ་ཁའི་ངོ་བོ་སྒོམ་དུ་བཅོལ་ནས་བཞག །རྣམ་རྟོག་མི་འགྱུ་བ་ལྷན་ནེར་གནས་ན་གནས་ཐོག་ཏུ་བཞག །གང་ལྟར་ཡང་། གནས་འགྱུ་གང་བྱུང་ཡང་སྟོང་པ་ཡིན་ནོ་བསམ་པའི་རྒྱས་འདེབས་པའམ་བློས་དཔྱད་དུ་མ་གྱུར་པ་གང་ཤར་ལ་གསལ་ཧྲིག་གེར་འཇོག །དེ་ཡང་དཔེར་མཚོན་ན།


SPN002_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

དམག་དཔུང་ཆེན་པོ་གཡོ་འགུལ་མེད་པ་ཡང་བག་ཚ་མེད་པ་གཅིག་ཡོད་ན། དེ་དག་གི་མིག་གི་མཐོང་དུ་མི་གཅིག་ཁུར་པོ་ཁུར་མི་བྱུང་ན། དམག་མིའི་བསམ་པ་ལ་མི་དེའི་ཆས་ནོམ་པ་གང་ཡོད་ལེན་རྒྱུ་ཡོད་བསམ་པ་དང་། ཡང་དེ་ལས་ཆེར་དགའ་ཚོར་ཆེ་བར། དཔེར་ན་ཚོང་པ་སྟོབས་ཆེན་ཞིག་བྱུང་ན་དེ་དག་རྣམས་ཀྱི་ནོམ་པ་ཇི་སྙེད་ཐོབ་བོ་བསམ་པའི་དགའ་ཚོར་ཆེན་པོ་འབྱུང་བ། དཔེ་དེ་བཞིན་དུ་རྣམ་རྟོག་ཆེ་ཆུང་གང་སྐྱེས་ཀྱང་དེ་མི་སྤང་བ་སྒོམ་དུ་ཁྱེར་བ་ཡིན། རྣམ་རྟོག་ཁོ་རང་ལ་སྒོམ་པ་ཡིན། དུག་ལྔའི་རྣམ་རྟོག་གང་ཤར་སྒོམ་དུ་ཁྱེར་ནས་དེའི་རང་ངོ་ལ་བལྟས་པས་གཟུང་འཛིན་གྱི་རྣམ་རྟོག་དེ་དག་ནས་ཡེ་ཤེས་ལྔར་གྲོལ་བ་ཡིན། དེ་ཡང་ལས་དང་པོ་པ་གང་ཟག་གསར་བུ་བས་རྣམ་རྟོག་བཀག་པ་ཡིན། ལམ་ཞུགས་དུས་རྣམ་རྟོག་མི་བཀག །རྣམ་རྟོག་སྐྱོན་དུ་མི་ལྟ་བར་བསྒོམ་པས་མཐར་རྣམ་རྟོག་དེ་ཟད་ནས་རང་རིག་གི་ཆོས་སྐུ་དེ་རྟོགས་པ་ཡིན། དཔེ་ཇི་ལྟར་ན་མེ་ཆས་ཟིན་པའི་སྤྲ་བའི་མེ་དེ་ལ་རླུང་ཕོག་ན་ད་ལྟ་ཉིད་དུ་དག་ནས་མེ་དེ་ཤི་འགྲོ། ནགས་ཚལ་ཆེན་པོ་ལ་མེ་འབར་ན་དེ་ལ་རླུང་ཆེན་པོ་བྱུང་ན་མེའི་གྲོགས་སུ་གྱུར་ནས་མེ་དེ་ཆེས་ཆེར་འབར་བ་ཡིན། དཔེ་དེས་མཚོན་པས་ལས་དང་པོ་པས་རྣམ་རྟོག་བཀག །དེ་ནས་ལམ་ཞུགས་དུས་རྣམ་རྟོག་མ་


SPN002_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བཀག་པས་རྣམ་རྟོག་ཁོ་རང་སྒོམ་གྱི་གྲོགས་སུ་འགྱུར་བ་ཤེས་པར་བྱས་ནས་བསྒོམ་རྒྱུ་ཡིན་གསུངས། ཀ་དག་འདི་ཉིད་ཁྲེགས་གཅོད་ཀྱི་ངོ་བོར་གསོར་དུ་འཇུག་པ་ལ། སེམས་མི་གནས་པ་གནས་པར་བྱེད་པ་ཉན་ཐོས་ཞི་བའི་ལྟ་སྟངས། གནས་པ་བརྟན་པར་བྱེད་པ་བྱང་ཆུབ་སེམས་དཔའི་ལྟ་སྟངས། བརྟན་པ་ཐོབ་ནས་གྲོལ་བར་བྱེད་པ་ཁྲོ་བོའི་ལྟ་སྟངས་ཏེ་གོང་མ་གཉིས་སོང་ནས་ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ལ། །ལུས་གནད་བཅའ། རླུང་རོ་འབུད། སྔོན་འགྲོ་བླ་མའི་རྣལ་འབྱོར་ལ་ཡང་དག་པར་འབད། དེ་ནས་མཉམ་བཞག་གི་སེམས་འདས་མ་འོངས་ད་ལྟ་དུས་གསུམ་གྱི་རྣམ་པར་རྟོག་པ་བདག་འཛིན་དང་བྲལ་བ་གསེར་བསླད་ཐོན་པའི་ལྷིང་མའི་འོད་ལྷང་ངེའམ་དངུལ་སྤུར་དག་པ་ཟླ་བའི་དཀྱིལ་འཁོར་ལྟ་བུ་དང་ཁྱིལ་ལེར་ཅི་གནས་སུ་མཉམ་པར་བཞག །མིག་ནམ་མཁར་འབུར་ཚུགས་སུ་ལྟ། དེའི་ངང་ལ་མ་ཡེངས་པ་ཧར་རེ་ལངས་ནས་གོམ་པ་གྱ་ཚོམས་སུ་འདོར་ཞིང་ལག་པ་སྡིགས་མཛུབ་བསྒྲེངས་བ་དང་བཅས་ཏེ། ཧ་ཧ། ཧི་ཧི། ཧཱུྃ་ཧཱུྃ། ཞེས་བརྗོད། དེ་ལྟར་བྱས། མཉམ་བཞག་ཏུ་བསྡད་པའི་སེམས་དང་། ལངས་ནས་ལྟ་གདེངས་ཧ་ཧི་བརྗོད་པའི་སྐབས་གཉིས། ཀ་དག་གི་ངོ་བོར་གནས་ལུགས་གཅིག་གམ་ཐ་དད་འདུག་ལྟ། ཐ་དད་


SPN002_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་གོང་གི་སྔོན་འགྲོ་རྣམས་ལ་གནད་དུ་མ་ནོན་ལམ་དུ་མ་འབྱོངས་པ་ཡིན། གཅིག་ན་ལམ་འབྱོང་བ་ཡིན། ཡང་སྔར་ལྟར་མཉམ་པར་བཞག །དུག་ལྔའི་རྣམ་རྟོག་ལས་དཔེར་ན་ཞེ་སྡང་ལྟ་བུ་ཞིག་ཤར་ཚེ་དེ་སྤང་ཀྱང་མི་སྤང་། རྗེས་མཐུད་ཀྱིས་བསྒྲུབ་ཀྱང་མི་བསྒྲུབ་པར་ཞེ་སྡང་ལྷང་ངེར་ཤར་བ་དེ་ཁའི་རང་ངོ་ལ་བལྟ་བ་དང་ཕཊ་དྲག་པོ་བརྗོད་པ་དང་སྦྲགས། ཧར་རེ་ལངས་ནས་ཁྲོ་བོའི་གད་མོ་དང་། ལྟ་སྟངས་མཆོངས་རྒྱུག་སོགས་བྱེད། འགྲོ་སྡོད་ལ་ཁྱད་མེད་པའི་ཞེ་སྡང་རང་སར་དག་ན་འབྱོང་བ་ཡིན། དཔེ་དེ་ལྟ་བུ། འདོད་ཆགས། གཏི་མུག །ང་རྒྱལ། ཕྲག་དོག་ཐམས་ཅད་ལ་འགྲེ། དུག་ལྔའི་རྟོག་པ་གང་བྱུང་ཡང་སོ་སོར་དྲན་པས་སླེབས་པའི་སོར་ཆུད་ན། རྟོགས་བ་སྐྱེ། སློབ་མ་འདུ་བ། གདུལ་བྱ་རྒྱས་པ། ལྷ་འདྲེ་མི་གསུམ་དབང་དུ་ུའདུ་བ། དགྲ་བགེགས་སྒྲོལ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་འབྱུང་། དེ་ལྟ་བུ་ཆེད་དུ་བསྒོམ་པ་ནི་ཨ་ཅང་ཡང་ཆེ་སྟེ། དུས་རྒྱུན་དུ་སྡོད་པ། འགྲོ་བ། ཟ་འཐུང་སོགས་སྒོ་གསུམ་གྱི་བྱ་བྱེད་ཅི་དང་གང་བྱེད་ཀྱང་གོང་བཞིན་དྲན་པས་སླེབས་པ་དང་། དེ་ཐམས་ཅད་ལ་སེམས་སོ་སོར་མེད་པ་གཅིག་ཏུ་རྟོགས་པ་ཨེ་འདུག་ཡང་ཡང་ཞིབ་དཔྱད་བྱེད། དེ་དག་ཐམས་ཅད་


SPN002_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

རང་ས་རང་ངོས་ཟིན་ཅིང་སོ་སོར་ཐ་དད་དུ་མ་གྱུར་ན་ལམ་མ་ནོར་བར་བརྟན་པ་ཐོབ་པ་ཡིན་ནོ། །འདི་ཡན་ནི་རྫོགས་ཆེན་རང་སྐད་ཀྱི་སྔོན་འགྲོ་ཡིན། ཆོས་གཞན་གྱི་ནི་ཉམས་ལེན་མཐིལ་ཐུག་པ་ཡང་དག་པ་ཡིན་ནོ། །འདི་ཡན་རྫོགས་པ་ཆེན་པོའི་སྔོན་འགྲོ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་རྣམས་ལེགས་པར་གྲུབ་བོ། །དངོས་གཞི་ཁྲེགས་ཆོད་ཀྱི་ལམ་གནས་ལུགས་ཀ་དག་སྤྲོས་བྲལ་དུ་སྟོན་པ་དང་། ཐོད་རྒལ་ལྷུན་གྲུབ་ཡེ་ཤེས་མངོན་སུམ་སྟོན་པ་གཉིས་ཏེ། འདི་མན་ཤིན་ཏུ་ལས་ཀྱང་ཆེས་གསང་བ་རྫོགས་པ་ཆེན་པོའི་རང་སྐད་ཡིན་པས། བརྒྱུད་པ་འཛིན་ངེས་ཤེས་པའི་སློབ་མ་མ་གཏོགས་གཞན་ལ་མི་ཤོད། གཞན་ལ་ཤོད་དུས་ཤད་ཁྲིད་ཙམ་མ་གཏོགས་ཞིབ་སེལ་བའི་སྲོལ་མེད་དོ་གསུངས་པས་གསང་རྒྱ་ཡོད། དང་པོ་ཁྲེགས་ཆོད་ཞེས་པ་གཞི་ཨ་འཐས་སྲ་ཞིང་མཁྲེག་པ་འདི་དག་སྟོང་པ་ཉིད་ཀྱིས་ཆོད་དགོས་པའི་དོན་ཡིན་པས། སེམས་གནས་ན་གནས་འདུག་བསམ་མཁན་དང་། གནས་མཁན་གཉིས་བྱུང་བས་དེ་གཅིག་གམ་སོ་སོ་ཐ་དད་ཡིན། དཔེ་དེ་བཞིན་དུ། འགྱུ་བ་དང་། འགྱུ་བ་ངོས་ཟིན་མཁན། སྒོམ་བྱེད་པ་དང་། བསྒོམ་བྱེད་ཡོད་བསམ་མཁན། ལྷ་སྒོམ་པ་པོ་དང་སྒོམ་མཁན་དེ་དག་


SPN002_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སོ་སོར་ཡིན་ནམ་གཅིག་ཏུ་ཡིན། ཐམས་ཅད་སྟོང་པ་ཡིན་ན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་སྡིག་སྤྱོད་རྒྱུ་འདུག །གཟུགས་སུ་གྲུབ་པ་ཞིག་ཡིན་ན་སྟོང་པ་ཟེར་བ་ཁོ་རང་ཡང་སྟོང་རྒྱུ་ཞིག་དགོས། དེ་ཡང་ལུས་ཀྱི་བྱེད་ལས། ངག་གི་བྱེད་ལས། སེམས་ཀྱི་སེམས་ལས་ཐམས་ཅད་གཅིག་གམ་ཐ་དད། སྟོང་ངམ་མི་སྟོང་། སྟོང་ན་བདེ་སྡུག་ཐམས་ཅད་སེམས་ཀྱིས་མྱོང་དགོས་འདུག །རོ་ལ་བདེ་སྡུག་མི་འབྱུང་། མི་སྟོང་ན་སྲ་ཞིང་འཐས་པའི་ལུས་ཀྱང་འཇའ་ལུས་ཡལ་རྒྱུ་འདུག །དེ་ལྟར་ལུས་ངག་ཡིད་གསུམ་ལ་དཔྱད་འཇུག་ཞིབ་ཏུ་བྱེད། གང་ལའང་ངོས་བཟུང་མེད་པ་ཞིག་ཤར་ཚེ་དེ་ལ་ཕུར་ཚུགས་སུ་བསྒོམ་གསུངས། འདི་ཡན་རྟོག་པ་རྩད་གཅོད་ལུགས་ཡིན། སེམས་ཀྱི་མཚང་བཙལ་བ་ལ་དམིགས་རྐང་གསུམ་སྟེ། དང་པོ་སེམས་འདིས་ལྷ་ས་ལྟ་བུ་ཞིག་ཝལ་ཏེ་ཤར་དུ་བཅུག །དེ་རང་སེམས་མེ་ལོང་ལྟ་བུ་ལ་ཚུར་ཤར་བ་ཡིན་ནམ། སེམས་ཁོ་རང་ཕར་སླེབས་པ་ཡིན་ནམ། སླེབས་པ་ཡིན་ན་ལྷ་སའི་བྱ་བྱེད་ཐམས་ཅད་ཀྱང་ཤེས་དགོས་ཏེ། སླར་དཔྱད་ཞིབ་བྱས་ན་མ་གཏོགས་མི་འབྱུང་། ཚུར་ཤར་བ་ཡིན་ན་ཤར་བའི་ཡུལ་ཞིག་དགོས་བྱུང་བས་ན་རྩད་བཅད། དེ་ཡན་དམིགས་རྐང་གཅིག་ཡིན། ཡང་དཔེར་ན་མདུན་དུ་


SPN002_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱི་ཕུང་པོ་ཞིག་ཡོད་ན། དེ་སེམས་ཀྱིས་མཐོང་ངམ། མིག་གིས་མཐོང་། སེམས་ཀྱིས་མཐོང་ན་ནས་ཀྱི་ཕུང་པོ་འདུག་སྙམ་པ་ལས་གྲངས་སུ་མི་ཐེབས་པ་ཡིན་ཀྱང་། དེ་དཔྱད་གཞིག་མ་བྱས་པར་དང་པོ་མཐོང་དུས་དེ་ནས་གྲངས་སུ་ཐེབས་པ་ཞིག་དགོས་མོད། དེ་བཞིན་དུ་མི་མང་པོ་དང་། ནགས་ཚལ་ཆེན་པོ་མཐོང་བ་ཡང་གོང་དང་མཚུངས། དམིགས་རྐང་གཉིས། ཡང་དྲིལ་བུ་ཞིག་བཀྲོལ་ན་དེ་ལུས་ཀྱིས་བཀྲོལ་ལམ་སེམས་ཀྱིས་བཀྲོལ། ལུས་ཀྱིས་བཀྲོལ་དུས་སྐད་ཐམས་ཅད་ཀྱིས་ཐོས་པ་ཡོད་ཀྱི། སེམས་ཀྱིས་བཀྲོལ་དུས་ཀྱང་སྐད་ཐོས་རྒྱུ་ཡོད་དགོས་བྱུང་། དེ་སྐད་ཐོས་རྒྱུ་ཡོད་མིན་དཔྱད་ཞིབ་མ་བྱས་པར་མི་ཤེས། དེ་ལྟར་ཞིབ་མོར་དཔྱད་པ་ནི་དམིགས་རྐང་གསུམ་པའོ། ༼༡༽། ད་སེམས་བྱུང་གནས་འགྲོ་གསུམ་བརྟག་པ་ལ། འདི་ལན་གཉིས་བྱུང་བ་ནི། སྔ་མ་ནི་ཡུལ་ལ་བརྟག་པ་ཡིན་ལ། འདི་ནི་ཡུལ་ཡུལ་ཅན་ལ་བརྟག་པ་ཡིན། དེ་ཡང་བརྟག་ལུགས་ཇི་ལྟར་བརྟག་ན་བླ་མའི་མོས་གུས་ཀྱིས་སེམས་བཟུང་། ལུས་རྣམ་སྣང་ཆོས་བདུན་བྱས་ལ། དཔེར་ན་དགྲ་ལྟ་བུ་ཞིག་མིག་གིས་མཐོང་ནས་ཞེ་སྡང་གི་སེམས་རྟོག་ཝལ་གྱིས་ཤར་བྱུང་ན། ཞེ་སྡང་དེ་རང་ལས་བྱུང་ངམ་ཕ་རོལ་དགྲ་ལས་བྱུང་། རང་ལས་བྱུང་ན་སྙིང་མིག་རྣ་བ་


SPN002_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཚོགས་དྲུག་གང་ལས་བྱུང་། གཟུགས་དང་ཁ་དོག་ཇི་ལྟར་འདུག །ཕ་རོལ་དགྲ་ལས་བྱུང་ན་དགྲ་དེའི་ཕྱི་ནང་མགོ་མཇུག་གང་ལས་བྱུང་། གཟུགས་ཁ་དོག་ཇི་ལྟར་འདུག་ཞིབ་ཏུ་དཔྱད་ནས་བརྟག་དཔེ་དེས་རིགས་འགྲེ་བས། འདོད་ཆགས། ང་རྒྱལ། ཕྲག་དོག །གཏི་མུགསྙིང་རྗེ། དད་པ། མོས་གུས་ཐམས་ཅད་ལ་བརྟག་ནས་སེམས་དེ་གར་ལྟ། དེ་ཡན་དམིགས་རྐང་ལེ་ཚན་གཅིག་བྱེད། འ་ོན་སེམས་དེ་ག་རང་ལས་བྱུང་ན། དེ་གནས་ས་ཞིག་མེད་པའི་ཐབས་མེད་པས་མགོ་མཇུག་ཚོགས་དྲུག་གང་ལ་གནས། ཕྱིའི་དགྲ་ལ་གནས་ན་དགྲ་དེའི་ལུས་མགོ་མཇུག་ཕྱི་ནང་གང་དུ་གནས། གནས་དུས་འདུག་ཚུལ་སོགས་ཇི་ལྟར་བྱས་ནས་སྡོད་འདུག །དེས་རིགས་འགྲེ་བས། འདོད་ཆགས། ང་རྒྱལ། ཕྲག་དོག །གཏི་མུག །སྙིང་རྗེ། དད་པ། མོས་གུས་ཐམས་ཅད་ལ་བརྟག་ནས་སེམས་དེ་གནས་ཚུལ་ག་འདྲ་འདུག་བལྟ། འདིས་དམིགས་རྐང་གཅིག་བྱེད། ཡང་འགྲོ་ས་ལ་བརྟག་དུས་སེམས་ཞེ་སྡང་ལང་ནས་འགྲོ་དུས་རང་གི་དབང་པོའི་སྒོ་ནང་ནས་འགྲོ། རྐང་ཚུགས་ནས་འགྲོ་འམ། འཕུར་ནས་འགྲོ། འགྲོ་ས་གར་འགྲོ། སྡོད་ས་གར་སྡོད། ཕྱི་རོལ་དགྲ་ལས་ཚུར་བྱུང་ན་འོང་ལུགས་ཇི་ལྟར་བྱས་ནས་འོང་། འོང་ནས་གར་སྡོད། ཡང་གར་


SPN002_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བཅས། དེས་རིགས་འགྲེ་བས་དུག་ལྔ་དང་དད་པ་སྙིང་རྗེ་མོས་གུས་གསུམ་སོགས་ལའང་དཔྱད་ནས་འགྲོ་ཡུལ་ལ་བལྟའོ། །ད་ངོ་སྤྲོད་ཀྱི་སྔོན་འགྲོ་ལ། གཞུང་བཞིན་ལས་བླ་མ་ལ་མཎྜལ་ལན་གསུམ་འབུལ་རྗེས་བླ་མ་བརྒྱུད་པའི་བླ་མའི་བྱིན་འབེབས་གནང་། དེ་ནས་བརྒྱུད་པའི་བླ་མ་རྣམས་རིམ་པར་གཅིག་ལ་གཅིག་ཐིམ་ནས་རྩ་བའི་བླ་མ་ལ་བསྡུ། རྩ་བའི་བླ་མའི་གནས་གསུམ་ནས་འོད་ཟེར་བྱུང་། རང་གི་གནས་གསུམ་དུ་ཐིམ་པས་སྐུ་བུམ་པ། གསུང་གསང་བ། ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དེ་ནས་བླ་མ་འོད་དུ་ཞུ། རང་གི་སྙིང་ཁར་ཐིམ་པས་རང་སེམས་དང་བླ་མའི་ཐུགས་བསྲེས་ནས་དེས་རང་ངོ་ལ་ཅི་གནས་མཉམ་པར་འཇོག །ཡང་མདུན་གྱི་ཐད་ཁྲུ་གང་ཙམ་གྱི་ས་ལ་མིག་གཏད་དེ། འཛིན་རྟོག་མེད་པར་ཧ་རེར་བཞག །ཡང་མིག་བར་སྣང་ལ་འདོམ་གང་ཙམ་གྱི་དཀྱིལ་དུ་ཧ་རེར་གཏད་ལ་དེར་འཛིན་མེད་པར་འཇོག །ཡང་རང་སེམས་བླ་མར་ཚུར་གཏད་ནས་དེར་འཛིན་བློས་བཅས་བཅོས་མེད་པར་ཆམ་མེར་འཇོག །དེ་ལྟར་ཚར་གསུམ་བྱེད་དོ། །དངོས་གཞི་གནས་ལུགས་ལྟ་ཐོག་ནས་ངོ་སྤྲོད་ལ་ས་བཅད་བདུན་ལས། དང་པོ་རྣམ་རྟོག་སེམས་སུ་ངོ་སྤྲོད་པ་ནི། རྣམ་རྟོག་ཀྱང་སེམས་ཡིན་ལ། རྣམ་རྟོག་ལས་གཞན་


SPN002_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་མེད་དེ། དཔེར་ན་རྒྱ་མཚོ་ཆེན་པོ་ཆུ་རླབས་དང་བཅས་པ་སྟེ། རྒྱ་མཚོ་ཡང་ཆུ་ཡིན་ལ་རླབས་ཀྱང་ཆུ་ལས་མ་འདས་ཏེ། རྦ་རླབས་དེ་དག་བྱུང་ཡང་ཆུ་ལས་བྱུང་། ཐིམ་ཡང་ཆུ་རང་ལ་ཐིམ། དེ་གཉིས་འབྱེད་དུ་མི་གཏུབ། རི་རབ་གླིང་བཞི་གླིང་ཕྲན་ནས་ཆུ་བོ་ཇི་སྙེད་གྲངས་ལས་འདས་པ་འབབ་པའང་། རྒྱ་མཚོར་ཐམས་ཅད་རོ་གཅིག་པའོ། །གཉིས་པ་སེམས་སྟོང་པར་ངོ་སྤྲོད་པ་ལ། སྟོང་པ་ལ་བེམ་སྟོང་དང་རིག་སྟོང་གཉིས་ཡོད་པས། བེམ་སྟོང་ནི་ནམ་མཁའ་སྟོང་པ། རྫ་མ་སྟོང་བ། ཕད་བུ་སྟོང་པ་སྟེ། དེ་དག་གི་སྟོང་རྒྱུ་དང་རིག་རྒྱུ་དང་། གསལ་རྒྱུ་དང་། ཡང་སྟོང་རྒྱུ་སོགས་མེད་པས་བེམ་སྟོང་ཡིན། སེམས་སྟོང་པ་ལ་སྣ་ཚོགས་འཆར་རྒྱུ་ཡོད། གསལ་རྒྱུ་ཡོད། མྱོང་རྒྱུ་ཡོད། རིག་རྒྱུ་ཡོད། དེ་དག་ཐམས་ཅད་སྟོང་གསལ་བདག་མེད་འགྲོ་རྒྱུ་ཡོད། བེམ་སྟོང་ལ་སྟོང་རྐྱང་ལས་ངོ་བོ་མེད་པའོ། །གསུམ་པ་སྟོང་པ་སྣང་བར་ངོ་སྤྲད་པ་ལ། སྟོང་པའི་ངང་ལས་སྣང་བ་རྣམ་རྟོག་སྣ་ཚོགས་སུ་ཤར་བ་དེའི་རང་ངོ་ལ་བལྟས་པས་འདི་ཞེས་མཚོན་དུ་མེད་པ་སྟོང་ཉིད་དེ་ཀའི་ངོ་བོར་འགྲོ། སླར་ཡང་འཆར་སྒོ་ཇི་ལྟར་སྣང་བ་ཐམས་ཅད་ཀྱང་ཅིར་ཡང་སྣང་བ་སྟེ་བརྗོད་དུ་མེད་པའི་ངོ་བོ་སྟོང་ཉིད་ཁོ་རང་ལས་བྱུང་


SPN002_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །བཞི་པ་སྣང་སྟོང་གཉིས་མེད་དུ་ངོ་སྤྲོད་པ་ལ། སྣང་དུས་ན་སྟོང་པ་མེད་ལ། སྟོང་དུས་ན་སྣང་བ་མེད་པ་དེ་ནི་རྒྱུ་དང་འབྲས་བུའི་དུས་གནས་པ་སྟེ། རྒྱུ་མེད་ན་འབྲས་བུ་མི་འབྱུང་བས། དེས་ན་རིག་མ་རིག་གི་ཁྱད་པར་ཡིན་ལ། རིག་དུས་ན། སྟོང་པ་ལས་སྣང་བ་འབྱུང་། སྣང་བ་སྟོང་པར་གྲོལ་བས་ན་སྣང་སྟོང་མེད་པའོ། །ལྔ་པ་གཉིས་མེད་རང་གྲོལ་དུ་ངོ་སྤྲོད་པ་ལ། སྣང་སྟོང་དབྱེར་མེད་ཀྱི་ངོ་བོ་དེ་ནི། ཡེ་གདོད་མ་ནས་སེམས་ཉིད་ཀྱི་ངོ་བོ་ཆོས་སྐུ། དེའི་རང་རྩལ་ལས་འཕྲོ་འདུ་སྣ་ཚོགས་སུ་འཆར་བ་ནི་སྤྲུལ་སྐུ་འཆར་བའི་ཡུལ་དང་འཆར་གཞི་གཉིས་སོ་སོ་ཐ་དད་མ་ཡིན་པ་ཟུང་འཇུག་ཏུ་གནས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྐུ་གསུམ་རང་ཐོག་ཏུ་གནས་པའོ། །དྲུག་པ་དུག་ལྔ་རང་གྲོལ་དུ་ངོ་སྤྲོད་པ་ལ། དཔེར་ན་མདུན་དུ་དགྲ་གཅིག་ཅེར་རེ་བྱུང་ན་དེ་ལ་ཞེ་སྡང་དྲག་པོས་གྲི་ཕྱུང་སྟེ་གསོད་པའི་བསམ་པ་སྐྱེས་པ་དེ་ཞེ་སྡང་ངོ་ཐོག་ཁོ་རང་ཡིན། ད་མི་འདི་བསད་ན་མི་ཡང་སྡིག་ཆེ་བསམ་པ་དེ་མདོ་ལུགས་ལྟར་ཞེ་སྡང་སྤངས་པ་ཡིན་ཡང་དགྲ་དེ་ལ་སྙིང་རྗེ་ཚད་མེད་པ་སྐྱེས་ནས་ལན་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན། ཞེ་སྡང་དྲག་པོ་ཅུ་ཧྲིལ་ཧྲིལ་ཤར་དུས་སྤང་ཀྱང་མི་སྤང་། བསྒྱུར་ཡང་མི་བསྒྱུར།


SPN002_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཡང་མི་འབྲང་བར་ཞེ་སྡང་དེ་ཁའི་རང་ངོ་ལ་གཅེར་གྱིས་བལྟས་པས་འདི་ཞེས་མཚོན་དུ་མེད་པ་རིག་པ་རང་གསལ་གྱི་ངང་དུ་གྲོལ་བ་ནི་མེ་ལོང་ཡེ་ཤེས་ཏེ། ཞེ་སྡང་དང་མེ་ལོང་ཡེ་ཤེས་ནི་རྒྱུ་དང་འབྲས་བུའི་ཚུལ་ཡང་ཡིན། དཔེར་ན་ཤིང་ལ་མེ་འབར་བ་དང་འདྲ་སྟེ། ཤིང་གིས་བསྲེག་པ་ཡང་མི་ནུས། ཚ་བའི་ངད་ཀྱང་མེད། མེ་ལ་ཤིང་མེད་པར་མེ་འབར་རྒྱུ་ཡང་མེད། ཤིང་ལ་སྡོང་པོ་ཡལ་ག་མེ་ཏོག་འབྲས་བུ་འབྱུང་གི། མེ་ལ་དེ་བཞིན་ཚ་བའི་ངད་དང་བསྲེག་པའི་ནུས་པ་ཡོད་ཀྱི་ཤིང་མེད་པར་མེ་མི་འབྱུང་བས། དཔེར་ན་ཞེ་སྡང་ནི་ཤིང་ལྟ་བུ། མེ་ནི་མེ་ལོང་ཡེ་ཤེས་ལྟ་བུ་ཡིན་ནོ། །དཔེ་དེས་མཚོན་པའི། ང་རྒྱལ། འདོད་ཆགས། གཏི་མུག །ཕྲག་དོག་སོགས་ལ་རིགས་འགྲེ་བས་དུག་ལྔ་མ་སྤང་ཡེ་ཤེས་ལྔ་རུ་གྲོལ་བ་དེའོ། །དེ་བཞིན་རྩ་ཉོན་ཉེ་ཉོན་ཉི་ཤུ་སོགས་མི་དགེ་བའི་རྟོག་པ་ཐམས་ཅད་རང་ཤར་རང་གྲོལ་དུ་ཤེས་དགོས་པའོ། །བདུན་པ་ཚོགས་དྲུག་རང་གྲོལ་དུ་ངོ་སྤྲོད་པ་ནི། མིག་གི་ཡུལ་དུ་གཟུགས་མཛེས་མི་མཛེས། རྣ་བའི་ཡུལ་དུ་སྒྲ་སྙན་མི་སྙན། སྣ་ཡི་ཡུལ་དུ་དྲི་ཞིམ་མི་ཞིམ། ལྕེ་ཡི་ཡུལ་དུ་རོ་མངར་མི་མངར། ལུས་ཀྱི་རེག་བྱ་འཇམ་རྩུབ་སྟེ་དེ་དག་ཐམས་ཅད་ཚོར་བ་ཡོད་པ་ལ་འཛིན་པ་མེད་པ་སྟེ། དཔེར་ན་བུ་ཆུང་གི་ལྷ་ཁང་མཐོང་བ་


SPN002_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་དགོས། དེ་ཇི་ལྟར་མཐོང་ན། བུ་ཆུང་ཞིག་ལྷ་ཁང་ཁྲ་མོ་ཞིག་གི་ནང་དུ་སླེབས་ཚེ། བུ་ཆུང་དེས་མིག་གིས་ཐམས་ཅད་ནི་མཐོང་། ལྟད་མོ་ནི་ཆེ་སྟེ། དོན་ལ་ལྷ་འདི་ཞི་བ་རེད། འདི་ཁྲོ་བོ་རེད། འདི་བླ་མ་རེད། འདི་བྱང་སེམས་རེད་བསམ་པའི་རྟོག་པ་མེད། དེ་བཞིན་དུ་འདི་མཚལ་རེད། མཐིང་རེད། བ་བླ་རེད། གསེར་རེད། དངུལ་རེད་བསམ་པའི་རྟོག་པ་གང་ཡང་མེད་པར་ཁྲ་ཆ་ལེར་མཐོང་བ་ལྟ་བུ་སྟེ། ཚོགས་དྲུག་གི་དུས་སུ་ཞེན་འཛིན་གྱི་རྗེས་སུ་ུམ་འབྲང་བར་རང་ངོ་བལྟ་བའོ། །ཉམས་མྱོང་སྒོམ་ཐོག་ནས་ངོ་སྤྲོད་པ་ལ། དང་པོ་བསམ་གཏན་རང་ངོ་ལ་ངོ་སྤྲོད་པ། རི་བོ་ཅོག་བཞག་ཅེས་སློབ་བུ་རྣམས་ལུས་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་གྱིས་ལུས་མི་གཡོ་བར་འཆིང་དུ་བཅུག །རྒྱ་མཚོ་ཅོག་བཞག་ཅེས་སེམས་དུས་གསུམ་གྱི་རྣམ་རྟོག་གང་གིས་ཀྱང་མ་བསླད། ད་ལྟའི་ཤེས་པ་གསལ་ཧྲིག་གེར་འཛིན་མེད་ཀྱི་ངང་ལས་འདའ་བ་མེད་པར་འཇོག་ཏུ་བཅུག །དེ་ནི་དྲི་མ་མེད་པའི་སངས་རྒྱས་ཞེས་པ་དེ་རང་རིག་ཆོས་སྐུ་འགྱུར་མེད་གསལ་ལེ་སིང་ངེ་ཝལ་ལེ། ཡང་ཁྲོལ་ལེ། སྤྲིན་མེད་སྟོན་ཀའི་ནམ་མཁའི་རང་བཞིན་ཅན་དེ་ཀ་དག་ཁྲེགས་ཆོད་ཀྱི་གནས་ལུགས་ཡང་དག་པའོ། །ཞེས་ངོ་སྤྲོད།


SPN002_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གསལ་དྭངས་དེ་ཁ་མ་ཡེངས་པའི་ངང་ནས་ཕཊ་དྲག་པོ་ཞིག་བརྗོད་དུ་བཅུག །དེ་བརྗོད་པའི་རྐྱེན་གྱིས་མི་རྟོག་པའི་ངང་དེ་ཞིག་ཀྱང་རྟོག་པ་དེར་འཛིན་མེད་པ་ཕྱལ་ལེ་བ་ཞིག་འཆར་ཡང་དེའི་རང་ངོ་ནས་ཕཊ་ཅིག་བརྗོད་དུ་བཅུག་ལ་དེའི་རང་ངོ་དེ་འཛིན་མེད་བསམ་གཏན་གྱི་རང་ངོ་ཡིན་པར་ངོ་སྤྲོད། གནས་པ་གཅིག་པོས་འཚང་མི་རྒྱ་སྟེ། དེས་འཚང་རྒྱ་ན་བསམ་གཏན་སྒོམ་པའི་ལྷ་གནས་ཐམས་ཅད་སངས་རྒྱས་ཚར། དེས་སངས་མི་རྒྱ་དེ་མཐར་ལྷུང་རྒྱུ་ཡོད། དེ་བཞིན་དུ་འགྱུ་བ་གཅིག་པོས་སངས་མི་རྒྱ་སྟེ་རིགས་དྲུག་གི་སེམས་ཅན་ཐམས་ཅད་འགྱུ་བ་ཤ་དག་ཡིན་པས་སངས་རྒྱ་རྒྱུ་མེད། རིག་པ་གཅིག་པོས་སངས་མི་རྒྱ་སྟེ། དམྱལ་བའི་སེམས་ཅན་རྣམས་ཀྱིས་ན་བ་ཡང་རིག །ཚ་བ་ཡང་རིག །དེས་ན་གནས་འགྱུ་རིག་གསུམ་པོ་དེ་འཛིན་མེད་བློ་འདས་ཀྱི་ངང་ལ་ངོས་ཟིན་པ་ཞིག་དགོས། དེ་ངོས་ཟིན་ཕན་ཆད་ཤེས་པ་གནས་འགྱུ་བཟང་ངན་གྱི་རྟོག་པ་གང་ལྟ་བུ་ཞིག་ཤར་ཡང་རང་ངོ་ལ་ཅེར་གྱིས་བལྟས་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་འཆར་ཏེ་རྩོལ་མེད་ལྷུན་གྲུབ་ཀྱི་སྒོམ་པ་ཆུ་བོ་ལྟ་བུ་ལ་བརྟན་པ་ཐོབ་དགོས་ཏེ། དེ་ཐོབ་ཕྱིན་ཆད་ཚོགས་དྲུག་གི་སྣང་བ་ཇི་ལྟར་ཤར་ཡང་སྒོམ་པ་ཆུ་བོ་དང་འདྲེས། མཉམ་རྗེས་མེད། རིས་མེད། ཉིན་


SPN002_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བར་མེད། བླང་དོར་མེད། བསྒོམ་བྱ་སྒོམ་བྱེད་དང་བྲལ་བ་བློ་ཟད་ཆོས་ཟད་དུ་ལ་ཟླ་བ་ནི་ཀ་དག་ཁྲེགས་ཆོད་ཀྱི་གནས་ལུགས་སྙིང་པོ་ཡང་དག་པའོ། །དེ་དཔེ་ཇི་ལྟར་ན་རྒྱ་མཚོའི་ནང་ན་ཉི་ཟླ་གཟའ་སྐར་ཤར་བ་དང་འདྲ་སྟེ། རྒྱ་མཚོའི་ནང་དུ་ཉི་ཟླ་གཟའ་སྐར་ཐམས་ཅད་གསལ་ལ་མ་འདྲེས་པ་བཀྲ་ལམ་མེར་ཤར། ཤར་བ་དེ་རྒྱ་མཚོ་ལ་བཟང་ངན་གྱི་རྟོག་པ་མེད། དཔེ་དེས་ན་བདག་རྒྱ་མཚོ་ལྟ་བུ། ཕྱི་ཚོགས་དྲུག་གི་སྣང་བ་ཐམས་ཅད་རང་ལ་འཆར་བ་སྟེ། ཉི་ཟླ་གཟའ་སྐར་ལྟ་བུ་རྒྱ་མཚོ་ལ་དེར་འཛིན་གྱི་རྟོག་པ་མེད་པ་དེ་ལྟ་བུ་ཚོགས་དྲུག་གི་སྣང་བ་ཅི་ཤར་ཡང་གསལ་ལ་མ་འདྲེས་དེར་འཛིན་གྱི་རྟོག་པས་མ་བསླད་པ་ཞིག་དགོས་པའོ། །ཅེས་པ་འདི་ཕྱག་མཛོད་རྡོ་རྗེས་ཟིན་བྲིས་སུ་བཏབ་པ་ཡིན་འདུག་གོ། །སརྦ་མདྒ་ལམ། འདི་ཞྭ་དམར་པའི་ཕྱག་མཛོད་སྐྱེས་མཆོག་ཞུ་བ་དེ་རེད་ཅེས་མཆན་དུ་བཏབ་འདུག་སྟེ། ཁྲིད་འདི་སྔོན་འགྲོའི་གྲལ་དུ་བཀའ་འབུམ་ནང་འཇོག་རྒྱུ་མཛད་ཐོགཁྲིད་ལུང་ཡང་རྒྱུན་མ་ཉམས་པར་དེ་བཞིན་སྟབས་གཅིག་ཏུ་ཡོད་འདུག་པས་སྔོན་འགྲོ་དངོས་གཞི་ལྷན་ཅིག་ཆ་ཚང་བ་ལ་དགོངས་པ་ཡིན་འདུག་པ་ལྟར་གནད་ཤིན་ཏུ་ཆེ་སྟབས་སོར་བཞག་བྱེད་རྒྱུ་ལས་འོས་མ་མཆིས། གང་ལྟར་ཡང་རིག་འཛིན་ཚེ་དབང་ནོར་བུའི་


SPN002_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་རྒྱུན་ལྷད་མེད་ངོ་མ་ཡིན་ངོ་ཤེས་པ་ངོ་མཚར་བ་མེད་དུ་མི་རུང་བ་ཞིག་འདུག་པའང་ཀུན་གྱི་ཤེས་པར་བྱ་བའི་གནས་སོ། །

རྩ་གསུམ་འཆི་མེད་དྲིལ་སྒྲུབ་རྒྱུན་བསྙེན།


SPN002_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་འཆི་མེད་དྲིལ་སྒྲུབ་རྒྱུན་བསྙེན་བཞུགས་སོ། །ན་མོཿཏྲི་མཱུ་ལ་ཨཱ་ཡུརྡེ་ཝཿབདེ་གཤེགས་རྩ་གསུམ་འཆི་མེད་དྲིལ་སྒྲུབ་ལས་དཀྱིལ་འཁོར་བཤམས་བཀོད་དང་མ་འབྲེལ་བའི་རྒྱུན་བསྙེན་ཁོ་ནའི་ཚེ་ན་ཐུན་འགོར། ཧཱུྃ༔ བདག་ཉིད་དབང་ཆེན་འབར་བའི་ཐུགས་ཀ་ནས༔ ལྔ་ལྡན་ཡེ་ཤེས་རྡོ་རྗེ་ལུག་རྒྱུད་ཀྱི༔ ཟེར་ཐག་ཕྱོགས་དང་ཕྱོགས་མཚམས་སྟེང་འོག་ཟུག༔ ཕྱི་ནང་མེད་པར་འཇའ་ཟེར་འོད་ཀློང་འཁྱིལ༔ ཛྙཱ་ན་བཛྲ་རཀྵ་ཧཱུྃ༔ ཞེས་པའི་སྲུང་འཁོར་དང་། ན་མོ་འཆི་མེད་ལྷ་ཚོགས་ཐུགས་རྗེ་ཅན༔ རྒྱལ་བ་རྒྱ་མཚོ་འདུས་པའི་སྐུར༔ བདག་གཞན་འཆི་མེད་ཐོབ་བྱའི་ཕྱིར༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། མཁའ་མཉམ་སྐྱེ་རྒ་ན་འཆི་ཡི༔ སྡུག་བསྔལ་མཚོ་ལས་བསྒྲལ་བྱའི་ཕྱིར༔ འཆི་མེད་འཇའ་ལུས་བསྒྲུབ་ནས་ཀྱང༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ ཞེས་པས་སྐྱབས་སེམས་དང་། ཧཱུྃ། ཆོས་རྣམས་སྤྲོས་དང་བྲལ་བ་ལས༔ བཅོས་མིན་སྙིང་རྗེའི་འོད་ཟེར་འཕྲོ༔ གསལ་དྭངས་རིག་པའི་སྙིང་པོ་ཧྲཱི༔ ཧྲཱིཿཡིག་གནས་འགྱུར་དྲན་རྫོགས་སུ༔ རང་རིག་རྩ་གསུམ་དྲིལ་


SPN002_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་སྐུ༔ ཐུགས་རྗེ་ཆགས་པས་སྐུ་མདོག་དམར༔ རྩ་ཞལ་དམར་པོ་སྒེག་བཞད་ཆགསཿགཡས་ཞལ་དཀར་པོ་ཞི་ཞིང་འཛུམ༔ གཡོན་མཐིང་ཁྲོ་ཞལ་གཏུམ་ལ་རྔམས༔ དབུ་སྐྲ་སྣུམ་འབོལ་གྱེན་དུ་འཁྱིལཿདར་གྱི་ཅོད་པན་ནོར་བུས་བརྒྱན༔ སྤྱི་གཙུག་རྟ་གདོང་ཧཱུྃ་སྒྲ་ལྡིར༔ ཕྱག་དྲུག་དང་པོ་མཉམ་གཞག་སྟེང༔ ༔ འཆི་མེད་ཚེ་ཡི་བུམ་པས་བརྒྱན༔ བར་གཉིས་པད་ཕྲེང་ཨུཏྤལ་དམར༔ མཐའ་གཉིས་གྲི་གུག་ཐོད་ཁྲག་འཛིན༔ རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ རཏྣ་དམར་པོའི་རྒྱན་ཕྲེང་དང་༔ ༔ ལེ་བརྒན་ན་བཟའ་ཡུག་གོས་ཅན༔ གསང་བ་ཡེ་ཤེས་མནྡྷར༔ སྤྱི་གཙུག་ཕག་གདོང་ཕེཾ་སྒྲ་ངུར༔ གྲི་ཐོད་འཛིན་པས་མགུལ་ནས་འཁྱུད༔ ཡབ་ཡུམ་གཉིས་མེད་རོལ་པར་བཞུགས༔ ཞེས་གཙོ་མཆོག་ཡབ་ཡུམ་ལས་གཞལ་ཡས་ཁང་འཁོར་སོགས་བསྐྱེད་མི་དགོས་ཤིང་། རང་ལྷར་གསལ་པའི་ངང་ནས། བདག་ཉིད་བཅོམ་ལྡན་གཙོ་མཆོག་ཐུགས་ཀ་རུ༔ ཉི་ཟླའི་གའུ་ཁ་སྦྱོར་དེའི་ནང་དུ༔ སྐྱེ་མེད་ཐུགས་སྲོག་བཅུད་ཕུར་ཡི་གེ་ཧྲཱི༔ དེ་ལས་ལྔ་ལྡན་འོད་ཟེར་ཟེར་ཐག་ནི༔ རྡོ་རྗེ་ལུ་གུ་རྒྱུད་དུ་འབྲེལ་བའི་ནང༔ སྔགས་ཀྱི་ཡིག་འབྲུ་


SPN002_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བུང་བ་བཅུད་ལ་འཁོར༔ རང་གདངས་གྲག་སྟོང་འགྱུར་ཁུག་དི་རི་རི༔ ༀ་ཨཱཿཧཱུྃ་ཧྲཱིཿགུ་རུ་དེ་ཝ་ཌཱ་ཀི་ནི་པདྨ་རཱ་ཱགཱ་བྷྱ་ཨཱ་ཡུཿསིདྡྷི་ཚེ་བྷྲཱུྃ་ཧཱུྃ་ནྲྀ་ཛཿཤམ་བུར། ཚེ་བསོད་རྒྱས་དབང་དུ་གྱུར་ཅིག་པུཥྚིཾ་ཀུ་རུ་ཡེ་སྭ་ཧཱ༔ དེ་ལས་སྔགས་ཕྲེང་ཐིག་ལེ་ཟེར་ཐག་སྒྲེང༔ ལུ་གུ་རྒྱུད་དུ་ལྗགས་ཀྱི་པདྨོར་ཨཱཿདེ་ལ་གཡས་སྐོར་རྟ་གདོང་ཞལ་ནས་ཐོན༔ ཕྱི་རོལ་ནམ་མཁའ་ས་ཆུ་མེ་རླུང་དང༔ ནང་བཅུད་སྐྱེ་འགྲོའི་ཚེ་བསོད་དྭངས་མའི་བཅུད༔ གསང་བ་སྐུ་དང་ཞིང་ཁམས་མཐུ་བྱིན་ཀུན༔ འོད་ཟེར་སྔགས་ཕྲེང་ལུག་རྒྱུད་རྣམ་པར་བསྡུས༔ ཕག་གདོང་ཞལ་ནས་ཡུམ་གྱི་སྐུ་དབྱིབས་བརྒྱུད༔ མཁའ་དབྱིངས་གང་བ་རྡོ་རྗེའི་ལམ་ནས་རྔུབས༔ མས་ཡར་སྤྱན་དྲངས་ཚེ་ཡི་ག་འུར་བསྟིམ༔ ཚེ་ཡི་དངོས་གྲུབ་ཡར་བ་ཐམས་ཅད་བཀུག༔ བླ་ཚེ་ཉམས་གསོས་བརྟན་གཡོ་སྲིད་བཅུད་ཀྱི༔ ཚེ་དཔལ་ཀུན་བསྡུས་བདུད་རྩི་དྭངས་མར་སྤར༔ དེ་ཡང་འཛག་མེད་བདེ་བ་ཆེན་པོར་བསྐྱིལ༔ འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་གྲུབ་གྱུར༔ ཅེས་མོས་ལ་བསྙེན་པ་བཟླ། ཐུན་གྱི་མཐར། སེམས་ཀྱི་སྒྱུ་འཕྲུལ་ཙམ་དུ་སྣང་བའི་དལ༔ མི་དམིགས་


SPN002_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་མའི་སྟོང་ཆེན་ངང་དུ་ཐིམ༔ སྐྱེ་བ་མེད་ལས་སྐྱེ་བའི་ཚུལ་དུ་སླར༔ འགག་མེད་མདངས་རྩལ་གློ་བུར་ལྷ་རུ་ལྡང༔ ས་མ་དྷི་ཧཱུྃཿརྫོགས་རིམ་དང་ཐུན་མཚམས་ལ་འཇུག །རྒྱལ་དབང་མཆོག་གི་གཟིགས་མོར་ཆོས་རྗེ་གླིང་གྲགས་བྷན་ཅན་སྤུ་སུད་དེས་ཤར་རིས་སྲིན་རྗེས་འདྲ་བ་བྲིས་ཡོད་ལགས། སྔོན་འགྲོའི་མཇུག་ཏུ་འདི་ཡང་བཞག་མཛད་འདུག་པ་སྔོན་འགྲོ་ཁྲིད་གཞུང་གཉིས་ལ་ཕན་པའི་ཆ་ཚང་བ་ལ་དགོངས་པ་ཡིན་འདུག་པ་ལྟར་ཁྲིད་འདི་ཡི་མཇུག་ཏུ་བཀོད་རྒྱུ་བྱས་སོ། །

རབ་ཏུ་གནས་པའི་ཆོ་ག་མདོར་བསྡུས།


SPN002_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གནས་པའི་ཆོ་ག་མདོར་བསྡུས་བཞུགས་སོ། །


SPN002_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་ཏྲ་ཡ་ཡ། རབ་གནས་མདོར་བསྡུས་ཅུང་ཟད་རྒྱས་པར་སྤྲོ་ན། རྟེན་གསར་པའི་དྲུང་མཆོད་པ་སྣ་ཚོགས་གང་འབྱོར་དང་། མཎྜལ་ཚོམ་བུས་བརྒྱན་པ་སོགས་བཀོད་ལ། ལས་བུམ་བཅའ་ཞིང་། གོས་ཟུང་འདག་ཆལ་སོགས་དང་། འཐོར་ནས། ཡུངས་ཀར། གུ་གུལ། སྦྱང་ཆས་རྣམས་བཅས་འདུ་བར་བྱས་ནས། དང་པོ་གསོལ་འདེབས་གང་འོས་དང། སངས་རྒྱས་ཆོས་དང་ཚོགས་སོགས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ལན་གསུམ་རེ། དེ་ལྟར་སྐྱབས་སེམས་སྔོན་དུ་སོང་ནས། ལས་བུམ་བསྐྱེད་ཆོག་ནི། སྭ་བྷཱ་ཝས་སྦྱངས། ལས་བུམ་མི་དམིགས་སྟོང་པའི་ངང་ཉིད་ལས། །རིན་ཆེན་ལས་གྲུབ་མཚན་ཉིད་ཡོངས་རྫོགས་དབུས། །པདྨ་ཉི་མའི་སྟེང་དུ་ཧཱུྃ་ཡིག་


SPN002_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་ཡི་མདོག །ལྗང་སྔོན་ཕྱག་གཡས་རྡོ་རྗེའི་དབྱུག་པ་དང་། །གཡོན་པ་སྡིགས་མཛུབ་ཁྲོ་ཆས་ཡོངས་སུ་རྫོགས། །ཐུགས་ཀར་ཉི་དཀྱིལ་ལྟེ་བར་ཧཱུྃ་ཡིག་གི། །མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། །ༀ་བཛྲ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླ། ཁྲོ་བོ་ཁྱེད་ཀྱིས་བགེགས་བཟློག་མཛད་ནས་ནི། །འོད་ཞུ་བདུད་རྩིའི་བུམ་པ་གང་པར་གྱུར། །སྙམ་དུ་བསམ། དེ་ནས་མེ་ཏོག་བྱིན་རླབས་ནི། འབྲུ་རྣམས་རྟེན་འབྲེལ་གྱི་ཡིག་འབྲུའི་རང་བཞིན་དུ་གྱུར། པར་བསམ་ལ། ༀ་ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མོ་སདྒྷ་ཡ། ༀ་ཡེ་དྷརྨ་སོགས་བརྒྱའམ་ཉེར་གཅིག་བཟླས་ལ།


SPN002_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་བྱ། ཡུངས་ཀར་ལ། ཡུངས་ཀར་ཁྲོ་བོའི་ཚོགས་ཀྱི་རང་བཞིན་དུ་གྱུར། ༀ་བཛྲ་ཨ་མྲ་ྀཏ༴སུམ་བྷ་ནི་སྦྲེལ་མ་བདུན་ནམ་ཉེར་གཅིག་བརྗོད་པར་ཕུས་གདབ། དེ་ནས་རྟེན་གསར་པ་རྣམས་ཀྱི་དྲུང་དུ་སྦྱོང་གཏོར་བཤམས་ལ། ༀ་ཨ་ཀཱ་རོ་ཡིས་བྱིན་བརླབས། ༀ་སརྦ་བིགྷྣན་ན་མཿསརྦ་སོགས་ཀྱིས་ཞི་སྦྱང། ༀ་སརྦ་བིགྷྣཱན་ན་མཿསརྦ་སོགས་དང་། སུམ་བྷ་ནི་སྦྲེལ་མས་ཞི་དྲག་ཕྱེད་མས་སྦྱང་བ་དང་མཐར། སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པ་ལ་བར་དུ་གཅོད་པའི་གདོན་བགེགས་ཞི་དྲག་ཕྱེད་མས་སྦྱང་བར་འོས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་རང་རང་གནས་སུ་སོང་ཤིག །གལ་ཏེ་མི་འགྲོ་བ་དེ་དག་རྡོ་རྗེ་མེ་ལྕེས་བརླག་པར་འགྱུར་རོ། །ཞེས་ཀྱང་བརྗོད་དེ་ཕྱིར་བཏང་། དེ་ནས་དྲག་པོས་སྦྱོང་བ་ནི། ལྷ་ཡི་ང་རྒྱལ་དང་ལྡན་པས། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་པར་གྱུར། དྲིལ་སྟབས་དབྱངས་དང་བཅས། ཧཱུྃ། ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེགས། །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོའི་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སུ་གསོལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཕྱིར་གཤེགས་སུ་གསོལ། །བཛྲ་ས་མ་


SPN002_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿༀ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ༴པུཥྤེ༴ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམས་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ༴ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ༴བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱིས་སྡང་མིག་གིས། །བགེགས་དཔུང་བསྲེགས་པར་མཛད་ལ༴གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམས་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ༴ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཅན། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་


SPN002_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་ཕྱག་འཚལ་ལོ། །ཧཱུྃ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་རབ་ཏུ་གནས་པར་བྱེད། །ཁྱོད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱ་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །ནས་བཀའ་བསྒོས་ནས། ༀ་བཛྲ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། སུམ་བྷ་ནི་སོགས་བརྗོད་ཅིང་རྟེན་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ་ལ་བགེགས་བསྐྲད་བྱ། ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྲུང་འཁོར་བསྒོམ། དེ་ནས་སྡིག་སྦྱངས་ནི། སྙིང་ཁར་ཀཾ་ལས་སྡིག་སྒྲིབ་ཀྱི་ངོ་བོ་སྡིག་པའི་གཟུགས་སུ་གྱུར་པ་ལྟེ་བར་ཧཱུྃ་ལས་རྡོ་རྗེ་གནོད་སྦྱིན་དུ་གྱུར་པའི་སྣ་སྒོའི་ལམ་ནས་དེད་ཅིང་མདུན་གྱི་ཏིལ་ལ་ཐིམ་པར་གྱུར། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པ་པཾ་ད་ཧ་ན་བྷསྨིན་ཀུ་རུ་ཧཱུྃ་ཕཊ་སྭཱ་ཧཱ། གཡས་སུ་ཡེ་ཤེས་ཀྱི་མེར་བསྲེག །གཡོན་དུ་རྒྱ་མཚོ་ཆེན་པོར་དོར་བས་བྱང་ཞིང་དག་པར་གྱུར། ཅེས་བརྗོད་ལ་ཕྱིར་དོར། དེ་ནས་རྟེན་རྣམས་ལ་ལས་བུམ་གྱི་ཆུས་བསངས་ལ། ཨ་མྲྀ་ཏ་སོགས། སྭ་བྷ་ཝས། སྟོང་པའི་ངང་ལས་རྟེན་རྣམས་སྐད་ཅིག་གིས། །སེང་གེའི་ཁྲི་མཆོག་མཐོ་ཞིང་རྒྱ་ཆེའི་སྟེང་། །པད་ཟླའི་གདན་ལ་


SPN002_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་བདག་པོ་མཆོག །གསེར་སྦྱངས་བཙོ་མའི་མདོག་ལས་ལྷག་པའི་མཆོག །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་སྤྲས། །ཕྱག་གཡས་ས་གནོན་གཡོན་པས་མཉམ་བཞག་མཛད། །ངུར་སྨྲིག་རྣམ་གསུམ་ན་བཟའི་རྒྱན་གྱིས་མཛེས། །འོད་ཀྱིས་སྟོང་གསུམ་ཁྱབ་པ་དེའི་དཔྲལ་བར། །ༀ་དང་མགྲིན་པར་ཨཱཿསྟེ་ཐུགས་ཀར་ཧཱུྃ། །གིས་མཚན་དེ་ལས་འོད་འཕྲོས་ཡེ་ཤེས་སེམས། །ཐོགས་མེད་སྤྱན་དྲངས་བཛྲ་ས་མ་ཛཿདེ་ནས་ཐམས་ཅད་འགྲེང་སྟེ་གུས་པ་ཆེན་པོས་སྤོས་རོལ་དང་བཅས་ཏེ། མ་ལུས་སེམས་ཅན་ཀུན་གྱི་མགོན་སོགས་ནས། གཤེགས་སུ་གསོལ། བར། ཇི་ལྟར་སངས་རྒྱས་རྣམས་ནི་དགའ་ལྡན་ན། །སྤྲུལ་པ་དམ་པ་ཏོག་དཀར་ལྷ་ཡི་བུས། །མི་ཕམ་མགོན་ལ་རྒྱལ་ཚབ་དབང་བསྐུར་ནས། །གཟིགས་པ་རྣམ་བཞིས་འཛམ་བུའི་གླིང་གཟིགས་ཏེ། །གླང་ཆེན་ཐལ་དཀར་ལྟར་གཤེགས་ལྷུམས་ཞུགས་ནས། །རྡོ་རྗེ་རིན་ཆེན་པདྨའི་རིགས་མཆོག་དང་། །ལས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་རིགས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས། །དུས་འདིར་བདག་གི་དད་པས་སྤྱན་འདྲེན་ནས། །རྟེན་མཆོག་འདི་ལ་འབྱོན་པར་མཛད་དུ་གསོལ། །ལན་བདུན་ནམ་ཉེར་གཅིག་བརྗོད་དོ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །སོགས། བཞུགས་


SPN002_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ། བར། སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་པའང་བརྗོད། ཛཿཧཱུྃ་བྃ་ཧོ། གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་དེ་དག་ལས། །འོད་འཕྲོས་རིགས་ལྔ་འཁོར་བཅས་སྤྱན་དྲངས་ཏེ། །ༀ་ཨ་བྷི་ཥིཉྩ་ཏུ་མཾ། ༀ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་ཡར་ལུད་རྣམ་སྣང་དབུ་བརྒྱན་པའི། །དཔྲལ་བར་ༀ་དཀར་མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་ཡིག་དེ་དག་མཚན་པར་གྱུར། །ཞེས་བརྗོད་ཅིང་སྤྱན་དབྱེ་བའི་དམིགས་པས། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ༀ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤྭ་དྷ་ནི་སྭཱ་ཧཱ། ཞེས་བརྗོད། སྐབས་འདིར་ཁྲུས་གསོལ་ཅུང་ཟད་རྒྱས་པར་སྤྲོ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་


SPN002_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་བདག་གིས་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ནི་སྭཱ་ཧཱ། འདག་ཆལ་བྱུག །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་༴སོགས། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ༀ་སརྦ་ཏ་ཐཱ་ག་སོགས། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་པས། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་བི་ཤྭ་དྷ་ནི་ཧཱུྃ། རྒྱས་པར་ན། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་


SPN002_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྦྱང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་གསོལ་ལོ། །ན་མཿསརྦ་ཏ་ཐཱ་ག༴འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ༴ཚུལ་ཁྲིམས་དྲི་ཡིས༴ཁྲུས་ལེགས་མཛད་ཀྱིས་༴འདི་ནི་བཟོད་པའི་རང་བཞིན༴ཁོང་ཁྲོའི་དྲི་མ༴བཟོད་པ་དྲི་ཡིས༴ཁྲུས་ལེགས་མཛད་ཀྱིས༴འདི་ནི་བརྩོན་འགྲུས་རང་༴ལེ་ལོའི་དྲི་མ༴བརྩོན་འགྲུས་དྲི་ཡིས༴ཁྲུས་ལེགས༴འདི་ནི་བསམ་གཏན༴རྣམ་གཡེང་དྲི་མ༴བསམ་གཏན་དྲི་ཡིས༴ཁྲུས་ལེགས་མཛད༴འདི་ནི་ཤེས་རབ་རང་བཞིན༴ཤེས་འཆལ་དྲི་མ་སྦྱང༴ཤེས་རབ་དྲི་ཡིས་ལེགས༴ཁྲུས་ལེགས་མཛད་ཀྱིས་༴ན་མཿསརྦ་ཏ་ཐཱ༴སོགས། ཆུ་བོ་དྲུག་གི་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱང་ནས་ནི། །གང་ལ་ཉེས་པ་མི་མངའ་བའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱང་མཛད་ཅིང་། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །སྔགས་བརྗོད། དེ་བཞིན་གཤེགས་པ་


SPN002_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་གང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ༀ་ན་མཿསརྦ་ཏ་ཐཱ་སོགས་བརྗོད། སྟོན་མཆོག་དམ་པ་ལྷ་མིའི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ༴ཆོས་ལ་ཕྱག་འཚལ་དེང་༴སེམས་ཅན་གང་དག༴དེ་དག་ཐམས་ཅད༴ཚོགས་ཀྱི་དམ་པ་ལྷ་མིའི་མཆོད༴དགེ་འདུན༴ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱི་བདེ་ལེགས་ཤོག །གོས་ཟུང་འབུལ་ལ། རྒྱལ་དང་རྒྱལ་བའི་སྲས་ཀྱི་སྐུ་རྣམས་ལ། །རས་དཀར་སྨན་དང་ལྡན་པས་སྐུ་ཕྱིས་བས། །མི་ཤེས་སྒྲིབ་པ་མ་ལུས་ཀུན་བསལ་ནས། །ཉེས་པའི་ཚོགས་རྣམས་མ་ལུས་དག་གྱུར་ཅིག །ༀཿཧཱུྃཿཏྲཱཾ་ཧྲཱིཿཨཱཿཞེས་བརྗོད་ཅིང་ཁྲུས་རས་ལ་ས་བོན་དེ་ལྔ་མཚོན་བྱེད་ཀྱི་དྲི་ཡི་ཐིག་ལེ་ལྔ་བྱས་ལ། ཀ་ཡ་བི་ཤྭ་དྷ་ནི་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་གཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་


SPN002_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །ༀ་བཛྲ་ཝསྟྲ་ཨཱཿཧཱུྃ། སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ༀ་བཛྲ་ཝསྟྲ་ཨཱཿཧཱུྃ། ལྷག་བསམ་དག་པའི་ན་བཟའ་འདི་ཕུལ་བས། །ལུས་ལ་ངུར་སྨྲིག་གོས་གྱོན་སེམས་ལ་ནི། །ངོ་ཚ་ཁྲེལ་ཡོད་བཟོད་པའི་གོས་གྱོན་ནས། །རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཅེས་བརྗོད་པར་བྱའོ། །མཎྜལ་ནི། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པ་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པ། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་


SPN002_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པ་ཀུན་ཏུ་འབྱུང་གྱུར་ཅིག །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས། སོགས་ཚང་བར་འདོན། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །བར། ༀ་བཛྲ་སཏྭ་ས་མ་ཡཱ། སོགས་བརྗོད། ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་སོགས་ཚང་བར་བརྗོད། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང། ས་གཞི་སྤོས་ཆུས་སོགས། རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཞེས་དང། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །དུས་གསུམ་བདེ་གཤེགས་མ་ལུས་ལ། །གླིང་བཞི་རི་རབ་བཅས་པ་དང་། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་ཏེ། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་མཎྜལ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། མཉེས་བྱེད་མཎྜལ་བཟང་པོ་སོགས།


SPN002_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་སྒྲོལ་བར་ཤོག །བར་རོ། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་དུ་འཚང་རྒྱ་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོའི་གཟེབ་ལས་གྲོལ། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་སོགས་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །དེ་ནས་མཆོད་པ་བྱིན་རླབས་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་སྟོབས་དང་། བདག་གི་བསོད་ནམས་དང་སྨོན་ལམ་གྱི་སྟོབས་དང་། རིགས་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྣམས་ལ་མཆོག་ཏུ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལས་མངོན་པར་མཐོ་བའི་མཆོད་པའི་སྤྲིན་ཆེན་པོ་རབ་ཏུ་འཕྲོ་བར་གྱུར་ཅིག །ན་མཿསརྦ་བུདྷ་བོདྷི་སཏྭཱ་ནཱཾ། སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ཞེས་ལན་བརྒྱད་བཏོན་ལ་བྱིན་བརླབས་ནས། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡཱེ་ཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད༴ཞབས་བསིལ་ཇི༴བདག་གིས་གུས།


SPN002_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་སྲས༴ན་མཿསརྦ་ཏ་ཐཱ་ག་ཏ་པདྱཾ་པྲ༴འཇིག་རྟེན་ཁམས་ནི་དཔག༴མེ་ཏོག༴བདག་གིས༴རྒྱལ་བ༴ན་མཿསརྦ་ཏ་ཐཱ་ག་ཏ་པུཥྤེ༴འཇིག་རྟེན་ཁམས་ནི་དཔག༴བདུག་སྤོས༴བདག་གིས༴རྒྱལ་བ་སྲས་དང་༴ན་མཿསརྦ་ཏ་ཐཱ་ག་ཏ་དྷཱུ་པེ༴འཇིག་རྟེན་ཁམས་ནི་དཔག༴སྣང་གསལ༴བདག་གིས༴རྒྱལ་བ༴ན་མཿསརྦ་ཐཱ་ག་ཏ་ཨ་ལོ་ཀཻ༴འཇིག་རྟེན་ཁམས་ནི་དཔག་མེད༴དྲི་ཆབ༴བདག་གིས༴རྒྱལ་བ་སྲས༴ན་མཿསརྦ་ཏ་ཐཱ་ག་ཏ་གྷནྡྷེ༴འཇིག་རྟེན་ཁམས་ནི་དཔག༴ཞལ་ཟས་ཇི༴བདག་གིས་གུས༴རྒྱལ་བ་སྲས་དང་༴ན་མཿ་སརྦ་ཏ་ཐཱ་ག་ཏ་ནཻ་ཝིདྱ༴འཇིག་རྟེན་ཁམས་ནི་དཔག༴སྒྲ་སྙན་ཇི་སྙེད༴བདག་གིས་གུས་པས༴རྒྱལ་བ་སྲས་དང་བཅས་རྣམས་མཆོད། ན་མཿསརྦ་ཏ་ཐཱ་ག་ཏ་ཤབྡ་པྲ་ཏིཙྪ་པཱུ་ཛ་མེ་གྷ༴ཞེས་རྐང་འཐོན་དུ་འབུལ། རྡོ་རྗེ་སེམས་དཔའ་བསྡུས་པ་ན། ༀ་བཛྲ་སཏྭ་སུ་སྃ་གྲ་ཧ། ༀ་བཛྲ་ལཱ་སྱ་ཧཱུྃ། རྡོ་རྗེ་རིན་ཆེན་བླ་ན་མེད། ༀ་བཛྲ་རཏྣ་མ་ནུཏྟ་རཾ། ༀ་བཛྲ་མ་ལེ་ཏྲཾ། རྡོ་རྗེ་ཆོས་ཀྱི་གླུ་བླངས་པས། ༀ་བཛྲ་དྷརྨ་ཀཱ་ཡ་ནི། ༀ་བཛྲ་གཱིརྟི་ཧྲཱིཿརྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ༀ་བཛྲ་ཀརྨ་ཀ་རོདྒྷ་ཝེ། ༀ་བཛྲ་ནྲྀཏྱེ་ཨཱཿདེ་བཞིན་དུ། རྡོ་རྗེ་སེམས་དཔའ་བསྡུས་པ་ན། །ༀ་བཛྲ་དྷཱུ་པེ་ཧཱུྃ། རྡོ་རྗེ་རིན་ཆེན་བླ་ན་


SPN002_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ༀ་བཛྲ་པུཥྤེ་ཏྲྃ། རྡོ་རྗེ་ཆོས་ཀྱི་གླུ་བླངས་པས། །ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿརྡོ་རྗེ་ལས་ཀུན་བྱེད་པར་གྱུར། །ཨོ་བཛྲ་གནྡྷེ་ཨཱཿབཅས་སྒེག་སོགས་བརྒྱད་ཀྱིས་མཆོད། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་འབུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། དེ་བཞིན་དུ། རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེས་ཤིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ནི་རཏྣ༴བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་སྟྲཱི་རཏྣ༴བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་པུ་རུ་ཥ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པར་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཧསྟི་རཏྣ༴རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་


SPN002_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཏུ་ུརདྒ་ཨ་ཤྭ་རཏྣ༴དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཁདྒ་རཏྣ་པཱུ་ཛི༴རྒྱལ་སྲིད་སྣ་བདུན་དང་། རིན་ཆེན་གདུགས་དང་གསེར་ཉ་པདྨ་དུང། །བུམ་པ་དཔལ་བེའུ་རྒྱལ་མཚན་འཁོར་ལོ་སྟེ། །ལྷ་ཡི་དགའ་ཚལ་མཛེས་པར་བྱེད་པ་ཡི། །བཀྲ་ཤིས་རྟགས་བརྒྱད་རྣམས་ནི་འབུལ་བར་བགྱི། །ན་མཿསརྦ་ཏ་ཐཱ་ག་ཏ་ཨཥྚ་ཧེ་ཏུ་མདྒ་ལ་པྲ་ཏཱི་ཙྪ་ཨཱཿཧཱུྃ། ཞེས་པས་བཀྲ་ཤིས་རྟགས་བརྒྱད་རྣམས་ཕུལ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ནས་གཟུགས་མཆོག་ཅི་མཆིས་པ། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀཱ་མཱ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། ཕྱོགས་དུས་ཀུན་ནས་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཡིད་འོང་ལྡན། །མོས་བློས༴བཞེས་ནས༴ༀ་སརྦ་ཏ་ཐཱ་ག་ཏ་ཤབྡ༴ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་ཀར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །མོས་བློས༴བཞེས་ནས༴ༀ་སརྦ་ཏ་ཐཱ་ག་ཏ་གནྡྷེ༴


SPN002_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས་རྒྱལ༴བཞེས་ནས༴ༀ་སརྦ་ཏ་ཐཱ་ག་ཏ་ར་ས༴ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱ་ཁྱད་པར་འཕགས་པ་ཅི་མཆིས་པ། །མོས་བློས་རྒྱལ༴བཞེས་ནས་བླ་མེད༴ༀ་སརྦ་ཏ་ཐཱ་ག་ཏ་སྤཪྴེ་པྲ་ཏིཙྪ༴སོགས་འདོད་ཡོན་ལྔས་མཆོད། བསྟོད་པ་ནི། རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ། །རྒྱལ་བ་ཉི་མ་འོད་ཟེར་སྟོང་གི་འོད། །རྒྱལ་བ་པདྨ་དྲི་མ་མེད་པའི་སྤྱན། །རྒྱལ་བ་མེ་ཏོག་པད་རྩ་རྡུལ་མེད་ཚེམས། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་སྟེ། །རིན་པོ་ཆེ་ནི་དུ་མའི་འབྱུང་གནས་གྱུར། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཆུ་ཡིས་གང་། །ཏིང་འཛིན་བརྒྱ་ཕྲག་སྟོང་གིས་ཀུན་ཏུ་གང་། །རྒྱལ་བའི་ཞབས་ནི་འཁོར་ལོ་བྲིས་པ་སྟེ། །ཁོར་ཡུག་མུ་ཁྱུད་དེ་བཞིན་རྩིབས་མ་སྟོང་། །ཕྱག་དང་ཞབས་ནི་དྲྭ་བས་སྤྲས་པ་སྟེ། །ཞབས་ཀྱི་དྲྭ་བ་ངང་པའི་དབང་པོ་བཞིན། །གསེར་གྱི་རི་བོ་ལྟ་བུར་རབ་ཏུ་གདའ། །རྒྱལ་བ་དྲི་མེད་གསེར་གྱི་རི་དབང་པོ། །ཡོན་ཏན་ཐམས་ཅད་རི་དབང་འདྲ་བ་སྟེ། །སངས་རྒྱས་རི་དབང་རྒྱལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ཆུ་ཟླ་འདྲ། །ནམ་མཁའ་དང་ཡང་མཚུངས་ཤིང་འདྲ་བ་སྟེ། །སྒྱུ་མ་སྨིག་རྒྱུ་ལྟ་བུར་ཆགས་པ་མེད། །རྒྱལ་བ་དྲི་མ་མེད་ལ་ཕྱག་


SPN002_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །བསྟོད་པ་དང་། ཡང་ན། མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཆེན་ཁྱེད་ལ་ཕྱག་འཚལ་ལོ། །མི་མཆོག་འདུལ་བ་ཁ་ལོ་སྒྱུར་མཛད་ཅིང་། །ཀུན་སྦྱོར་འཆིང་བ་གཅོད་མཛད་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང་། །གང་དུ་བྱང་ཆུབ་ལ་རེག་དང་། །ཞི་བའི་འཁོར་ལོ་བསྐོར་བ་དང་། །


SPN002_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་མྱ་ངན་འདས་པ་དང་། །བདེ་གཤེགས་གང་དུ་བཞུགས་པ་དང་། །འཆག་པ་དང་ནི་བཞེངས་པ་དང་། །སེདྒེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ཡང་ཕྱག་འཚལ་ལོ། །སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །བསྟོད་ཕྱག་འབུལ་བར་བྱའོ། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་སེམས་ཐམས་ཅད་པ། །བདག་ལ་བརྩེ་བས་དགོངས་སུ་གསོལ། །བཅོམ་ལྡན་ཐུབ་པ་ཆེན་པོ་ཉིད། །ཇི་སྲིད་ནམ་མཁའི་མཐའ་མཉམ་པའི། །འགྲོ་བ་སེམས་ཅན་མཐའ་དག་ནི། །མི་གནས་མྱང་འདས་མ་ཐོབ་པར། །བརྟན་པར་བཞུགས་ནས་བྱེ་བྲག་ཏུ། །འབྱུང་བཞིའི་གནོད་པས་མ་གོས་པར། །བརྟན་པར་མཛད་དེ་བཞུགས་སུ་གསོལ། །ལན་གསུམ་བརྗོད། དེ་ནས་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་འོད་དུ་ཞུ་བ་ལས་བྱུང་བའི་སྐུ་གསུང་ཐུགས་ཀྱི་རྟེན་སོ་སོའི་རྣམ་པར་གྱུར། །པར་བསམ་ལ་གསུང་རྟེན་དང་གསུང་རབ་སོགས་གསང་གསུམ་རྟེན་རྣམས་དེ་བཞིན་དུ་གྱུར་པར་བསམ་ནས། དེ་ནས་རྟེན་རྣམས་ལ་བྱིན་གྱིས་བརླབ། མེ་ཏོག་འཐོར་ལ། ༀ་ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་


SPN002_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སདྒཱ་ཡ། ༀ་ཡེ་དྷརྨ་ཧེ་ཏུ་པྲ༴ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་ཅི་ནུས་བརྗོད། མཐར། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས། འབྲུ་དང་ཐ་དད་མེད་པར་བྱོན་ནས་རྟེན་སོ་སོ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། །པར་མོས་ལ། དེ་ནས་བཅོམ་ལྡན་འདས་ཀྱི་ཁྱིམ་བདག་དེས་པ་ལ་གསུངས་ཏེ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདི་ཉིད་བརྗོད་པར་བྱའོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་བདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་རླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །གཞན་ཡང་བཀྲ་ཤིས་དང་། ཐབས་མཁས་ཐུགས་རྗེ་ཤཱཀྱའི་སོགས། རྒྱ་གར་པཎ་ཆེན་སོགས། འཇིག་རྟེན་འདྲེན་སོགས། བདག་གི་ཚེ་རབས་སོགས། དཔལ་ལྡན་ལྷ་མོ་སོགས། དུས་གསུམ་རྒྱལ་བ་སོགས། ཤེས་བྱའི་མཁའ་ལ་སོགས། རྒྱལ་མཚན་རྩེ་མོ་སོགས། མི་


SPN002_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལྷུན་པོ་སྐུ་ཡི་སོགས། ཕྱོགས་བཅུར་བཞུགས་སོགས། བྱ་སྤྱོད་རྣལ་འབྱོར་རྒྱུད་སོགས། བཅོམ་ལྡན་འདས་ཀྱི་སྤྱན་སོགས། ཟབ་ཅིང་རྒྱ་ཆེ་སོགས། འབད་དང་རྩོལ་བ་སོགས། འབྱུང་པོ་གང་དག་སོགས། གནས་སྐབས་སུ་ཡང་སོགས། ལོ་བརྒྱ་འཚོ་ཞིང་སྟོན་སོགས། བསོད་ནམས་རི་བོ་སོགས། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་སོགས། གནས་འདིར་ཉིན་མོ་བདེ་ལེགས་སོགས། སྐབས་ཐོབ་རྒྱས་བསྡུས་གང་བདེ་བརྗོད་པར་བྱའོ། །དེ་ནས་བསྔོ་སྨོན་ནི། སྐུ་མཆོག་མཚན་དང་དཔེ་བྱད་ལྡན་པ་ནི། །རྣམ་དཀར་དགེ་བའི་འབྲས་བུའི་མཆོག་དེ་ཡིན། །སྦྱིན་པའི་བདག་པོས་བསྐྲུན་པའི་བཟོ་བོ་བཅས། །འདི་ནས་བྱང་ཆུབ་སྙིང་པོ་མ་ཐོབ་པར། །བླ་མ་དཀོན་མཆོག་གསུམ་གྱིས་རྗེས་བཟུང་སྟེ། །ཐོག་མེད་ནས་བསགས་ཐར་པའི་གེགས་གྱུར་པ། །བདག་འཛིན་སྒྲིབ་ཚོགས་སྤྲིན་གྱིས་རབ་འཐུམས་ཏེ། །མ་ནོར་ལམ་སྟོན་རྩ་བའི་བླ་མ་ཡི། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཕྱི་ནང་གསང་། །ཉི་ཤུ་རྩ་བདུན་དང་ནི་སོ་སོ་ཐར། །བྱང་སེམས་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བསླབ། །གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་ཆེ། །འགལ་ཉམས་ལྟུང་བ་མཐའ་དག་ཅི་མཆིས་པ། །སྙིང་ནས་འགྱོད་སེམས་དྲག་པོས་མཐོལ་ཞིང་བཤགས། །རྒྱལ་བསྟན་མཆོག་ལས་གཞན་སྟོང་དབུ་མའི་ལམ། །ཉམས་ལེན་མཐར་ཕྱིན་བསྟན་པ་འཛིན་སྐྱོང་སྤེལ། །ཚེ་རིང་ནད་མེད་དཔལ་འབྱོར་ལང་ཚོ་


SPN002_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས། །དུས་གསུམ་དགེ་ཚོགས་གཅིག་ཏུ་བཟླུམས་བྱས་ནས། །མཁའ་མཉམ་མ་རྒན་བྱང་ཆུབ་ཆེན་པོར་བསྔོ། །དེ་ལྟར་དགེ་ཚོགས་འབྲས་བཟང་ཡོན་ཏན་ལས། །བག་ཆགས་རྣམ་རྟོག་རྒྱུན་ཆད་ཡེ་ཤེས་ཀྱི། །གནས་ལུགས་ཁོར་མོ་ཡུག་ཏུ་འཆར་བ་ཡིས། །འགྲོ་ཀུན་ཐར་པའི་ལམ་དུ་འདྲེན་བྱེད་པའི། །བསླུ་མེད་དེད་དཔོན་མཆོག་ཏུ་གྱུར་པར་ཤོག །གཞན་ཡང་འཇིག་རྟེན་ཁམས་འདིར་རྟག་པ་རུ། །ནད་མུག་འཁྲུགས་རྩོད་མིང་ཡང་མི་གྲགས་ཤིང་། །ཆར་ཆུ་དུས་འབབས་ལོ་འབྲས་ཕུན་ཚོགས་རྒྱས། །ཐམས་ཅད་བསམ་དོན་ཆོས་བཞིན་ཡོངས་འགྲུབ་ཤོག །ན་མོ་རཏྣ་ཏྲ་ཡ་ཡ། ཏདྱ་ཐཱ། པཉྩ་པྲི་ཡ་ཨ་ཝ་བྷོ་ཏ་ན་ཡ་སྭཱ་ཧཱ། རྗེས་ཆོག་གི་མཆོད་བསྟོད་ནི། དང་པོ་མཆོད་པ་ནི། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པའི་བདུག་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པ་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །


SPN002_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་རྒྱས་པ་བྱས་ན། མཉམ་མེད་མི་གཡོ་མཉམ་མེད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་ཆོས་མཆོག་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགགས་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགགས་པར་ཡོང་མི་འགྱུར། །ཨེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་མཆོག་གསུམ་


SPN002_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱས་པ་སྟེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་དང་། བསྡུ་ན། བསྟོད་པ་འོས་པ་སོགས་ཀྱིས་བསྟོད། དེ་ནས་བཟོད་གསོལ་ནི། མ་འབྱོར་པ་དང་ཉམས་པ་དང་། སོགས། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། མཆོད་སྦྱིན་གནས་འདིར་གང་སོགས། དཀོན་མཆོག་རིན་ཆེན་གསུམ་ལ་སོགས། ཆོས་དབྱིངས་བྱང་ཆུབ་སེམས་དཀྱིལ་འཁོར་དུ། །བདག་སོགས་སོགས་བརྗོད་པར་བྱའོ། །ཞེས་པ་འདི་ཤཱཀྱའི་དགེ་སློང་ཀརྨ་པ་བདུད་ཚོགས་འདུལ་བའི་རྡོ་རྗེས་གནས་མདོ་བའི་དགེ་བཤེས་ལུང་རྟོགས་ཡོན་ཏན་དུ་མའི་མངའ་བདག་ཤེས་བྱ་ལ་བློ་གྲོས་རྒྱས་པ་སྟེ། དེ་ཕྱིར་ཡོན་ཏན་བློ་གྲོས་ཞེས་བྱས་བསྐུལ་པའི་དོན་བཞིན་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་མཉམ་མེད་ཐུབ་པ་མཆོག་གིས་ཆོས་འཁོར་བསྐོར་བའི་དུས་ཆེན་ལ་བྲིས་པ་ཤུ་བྷ་པུཥྚིཾ། དེ་ལྟར་རྒྱལ་མཆོག་བཅུ་གསུམ་པས་མཛད་པའི་རབ་གནས་བྱིན་རླབས་ཆར་འབེབས་ཀྱི་ཞལ་རྒྱུན་ལྟ་བུ་ཅུང་ཟད་རྒྱས་པ་རང་གཞན་ཀུན་ལ་སྨན་ཆེད། སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་པ་འགལ་བ་མཆིས་ན་དག་ཚངས་སྩོལ། །དགེ་བས་བསྟན་འགྲོ་བཀྲ་ཤིས་སྩོལ། །མདྒ་ལམ། །

སྨོན་ལམ་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཐར་ལམ་བདུད་རྩིའི་གཏེར་མཛོད།


SPN002_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཐར་ལམ་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།


SPN002_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་གྱི་རིམ་པ་བྱང་ཆུབ་མཆོག་གི་གྲུ་གཟིངས་ཞེས་བྱ་བ་བཞུགས་སོ། །ཞིང་ཁམས་རྒྱ་མཚོ་མངའ་མཛད་པའི། །རྒྱལ་བ་རྒྱ་མཚོ་ཉན་རང་ཚོགས། །རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་ལྷ། །ཆོས་སྐྱོང་རྒྱ་མཚོ་དགོངས་སུ་གསོལ། །འདི་ལྟར་བསོད་ནམས་དཔག་མེད་ལས་གྲུབ་པའི། །རྨད་བྱུང་བྱང་ཆེན་དགེ་འབྲས་བླ་ན་མེད། །སྔོན་གྱི་སྐྱེས་བུ་དམ་པའི་ཟླ་མེད་སྲོལ། །མི་ཡི་སེང་གེ་ལྷར་བཅས་མཆོད་གནས་གྱུར། །ཨེ་མ་བོ་དྷི་ས་ཏྭའི་བསླབ་པ་རྣམས། །ཉམས་མེད་གོང་ནས་གོང་དུ་འཕེལ་བ་དང་། །བྱང་ཆུབ་སེམས་མཆོག་འབྲལ་བ་མེད་བཞིན་དུ། །ལོག་ཕྱོགས་བདུད་ཀྱི་ལས་རྣམས་སྤང་བར་ཤོག །བརྩེ་ཆེན་བྱམས་པའི་ཐུགས་དང་ལྡན་རྣམས་ཀྱི། །གཞན་དོན་ཚད་མེད་ཇི་ལྟར་འབྱུང་བ་


SPN002_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བདེ་གཤེགས་སྟོན་པ་མཆོག་གི་དགོངས་པའི་དོན། །མ་གྱུར་མཁའ་མཉམ་འགྲོ་ལ་འབྱུང་གྱུར་ཅིག །མངོན་ཤེས་དྲུག་ལྡན་རྒྱལ་དང་རྒྱལ་བའི་སྲས། །ཆོས་མཆོག་རིག་གྲོལ་བསླབ་ལྡན་དགེ་འདུན་ཚོགས། །མཆོག་གསུམ་བཀྲ་ཤིས་མཁའ་དབྱིངས་ཀློང་ཡངས་ནས། །རྣམ་ཀུན་བདེ་ལེགས་ཉིན་བྱེད་གསལ་གྱུར་ཅིག །ཅེས་པའང་འགྲོ་བའི་མགོན་གྱུར་སྒྲུབ་བརྒྱུད་རིན་པོ་ཆེའི་ལམ་སྲོལ་རྗེས་སུ་སློབ་པའི་ཡིད་ཅན་རྣམ་དག་ཚུལ་ཁྲིམས་རྒྱན་སྤྲས་གནས་མཚུངས་ཀརྨ་མཚན་བཟང་གིས་འདི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སློབ་པའི་སྐབས། ཀྭན་ཏིང་ཏཱ་ཡི་སི་ཏུས་སྨོན་ལམ་ཤིས་བརྗོད་རྟེན་འབྱུང་གི་ཆེད་དུ་བྲིས་པ་སྟེ་དགེ་ལེགས་སུ་གྱུར་ཅིག །ཀྱེ་མ་དེང་དུས་སྙིགས་མ་ལྔ་བདོ་བའི། །རང་མདངས་ཆེས་ཆེར་སྟོན་པའི་སྐབས་འདིར་ཡང་། །བྱང་ཆེན་སྤྱོད་པའི་རྗེས་སུ་


SPN002_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་འདི་དག །ལེགས་སོ་ལེགས་སོ་བསྐལ་བཟང་མཆོག་ཏུ་གྱུར། །རྒྱལ་ཀུན་ངོ་བོ་པདྨ་འབྱུང་། །གཉིས་མེད་ཡེ་ཤེས་རྣམ་རོལ་བ། །གདུལ་དཀའ་སྒྲོལ་མཛད་དཔལ་ཆེན་པོ། །གྲུབ་པའི་དབང་ཕྱུག་པཀྴི་རྗེ། །སྣང་སྟོང་འགྱུར་མེད་རྡོ་རྗེའི་སྐུ། །ཚངས་དབྱངས་གྲག་སྟོང་ལྡན་པའི་གསུང་། །མཁའ་ལྟར་ཡངས་པའི་བདེ་སྟོང་ཐུགས། །སྐུ་གསུམ་ཡོན་ཏན་ཡོངས་རྫོགས་པ། །སྒྲུབ་བརྒྱུད་བསྟན་པའི་ཉི་མ་ཆེ། །འགྲོ་དྲུག་མ་རིག་མུན་པ་སེལ། །ལེགས་པའི་ལམ་མཆོག་གསལ་སྟོན་པ། །གྲུབ་པའི་འཁོར་ལོས་སྒྱུར་བ་པོ། །དཔལ་ལྡན་ཀརྨ་ཀ་ཞེས་གྲགས། །འཛམ་གླིང་བྱེ་བ་ཕྲག་བརྒྱའི་ཞིང་། །དེ་སྙེད་རྗེས་འཛིན་མགོན་པོ་མཆོག །བསྟན་འགྲོའི་ངལ་བ་རིང་བསྐྲད་པའི། །སྙིང་རྗེ་ཚད་མེད་སྐུར་བཞེངས་པ། །སྤྲུལ་པའི་སྐྱེས་མཆོག་ཕྲེང་བ་ལས། །བཅུ་གསུམ་བདུད་འདུལ་རྡོ་རྗེའི་ཞབས། །རྒྱལ་ཀུན་ངོ་བོ་ཐུགས་རྗེ་ཅན། །སྙིགས་དུས་གདུལ་བྱའི་བསོད་ནམས་ཞིང་། །དཔལ་ཡོན་བཟང་པོར་ཡོངས་སུ་གྲུབ། །རྣམ་པར་འདྲེན་པ་མཆོག་གང་ལ། །བདག་ལུས་རྡུལ་སྙེད་སྤྲུལ་ནས་ནི། །དད་པའི་བློ་ཡི་གདུང་ཤུགས་ཀྱིས། །ཡན་ལག་ས་ལ་གུས་བཏུད་དེ། །འཁོར་ལོའི་མགོན་ལ་ཕྱག་འཚལ་ལོ། །ལུས་དང་ལོངས་སྤྱོད་དུས་གསུམ་གྱི། །དགེ་ཚོགས་གཅིག་ཏུ་བསྡུས་ནས་ནི། །རྨད་བྱུང་དྲི་མེད་མནྜལ་འདི། །འབུལ་ལོ་བཞེས་ནས་བྱིན་གྱིས་རློབས། །ཐོག་མེད་དུས་ནས་ད་ལྟའི་


SPN002_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

བར། །ལུས་ངག་ཡིད་ཀྱི་མི་དགེའི་ལས། །ནོངས་པར་གྱུར་པའི་ཚོགས་ཇི་སྙེད། །བཤགས་སོ་དག་ཚངས་དངོས་གྲུབ་སྩོལ། །རྒྱལ་རྣམས་ཐུགས་བསྐྱེད་དཔག་དཀའ་བའི། །ཟབ་མོ་རྒྱ་ཆེན་ཕྲིན་ལས་ཀྱིས། །མཐོང་ཐོས་དྲན་རེག་སྨིན་གྲོལ་བའི། །གཞན་དོན་ཚད་མེད་རྗེས་ཡི་རངས། །མཁའ་དང་མཉམ་པའི་སེམས་ཅན་རྣམས། །སྐལ་བར་འཚམས་པའི་དམ་ཆོས་ཀྱི། །འཁོར་ལོ་རིམ་པ་གསུམ་གྱི་དོན། །བསྐོར་བར་གསོལ་ལོ་ཐུགས་རྗེ་ཅན། །ཟླ་མེད་མཚན་དཔེ་འབར་བའི་སྐུ། །ཡན་ལག་དྲུག་ཅུའི་གསུང་གི་མཛོད། །ཇི་སྙེད་མཁྱེན་པའི་ཐུགས་མངའ་བ། །གསང་གསུམ་འགྱུར་མེད་རྡོ་རྗེའི་སྐུ། །མི་ཤིགས་རྡོ་རྗེ་མི་འགྱུར་བ། །གཡུང་དྲུང་མི་འཇིགས་སེང་གེ་ཁྲིར། །གཡོ་མེད་རྟག་པར་བརྟན་བཞུགས་ནས། །འོད་མི་འགྱུར་བཞིན་ཞབས་བརྟན་གསོལ། །བདག་གིས་དགེ་བའི་ལས་བགྱིས་དང་། །བགྱིད་དུ་སྩལ་བའི་དགེ་བ་དེས། །འཁོར་བའི་དུཿཁར་སྤྱོད་པ་རྣམས། །མྱང་འདས་ཆེན་པོར་འགོད་པར་ཤོག །བདག་ནི་ཚེ་རབས་ཀུན་ཏུ་ཡང་། །བླ་མ་དཔལ་ལྡན་ཀརྨ་པ། །ནམ་ཡང་འབྲལ་མེད་གུས་མཆོད་ཅིང་། །དམ་པའི་བདུད་རྩིའི་དཔལ་སྤྱོད་ནས། །རང་བྱུང་ལྷན་སྐྱེས་དོན་དམ་པ། །གཉུག་མའི་ཡེ་ཤེས་མངོན་གྱུར་ནས། །བླ་མེད་སྐུ་བཞིའི་རྒྱལ་ས་ཆེ། །མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །ཇི་སྲིད་དེ་མ་ཐོབ་ཀྱི་བར། །གཉིས་འཛིན་འཁྲུལ་པའི་ལས་དབང་གི། །མི་མཐུན་


SPN002_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་འཚེ་བདུད་རིགས་ཀྱིས། །རློམ་པའི་ལས་རྣམས་སྤང་བར་ཤོག །དེ་ལྟར་ཡིད་ཀྱི་པདྨོ་ལས། །བྱུང་བའི་དྲི་བསུང་ངད་ལྡང་བ། །དད་པའི་སེར་བུས་བསྐུལ་བྱས་ཏེ། །རྫོགས་སངས་རྒྱས་ཀྱི་གཞིར་གྱུར་ཅིག །རྒྱལ་དང་དེས་གསུང་ཆོས་དགེ་འདུན། །མཆོག་གསུམ་བྱིན་རླབས་སྟོབས་ཆེན་པོས། །དེང་འདིར་སྨོན་ལམ་དགེ་ཚོགས་རྣམས། །མ་ལུས་ལུས་མེད་འགྲུབ་གྱུར་ཅིག །བཀའ་བརྒྱུད་རིན་ཆེན་གྲུབ་པའི་དབང་། །རྒྱུད་བཞིར་འབྲེལ་བའི་ཡི་དམ་ལྷ། །དཔལ་མགོན་དམ་ཅན་སྲུང་མའི་ཚོགས། །རྩ་གསུམ་བཀྲ་ཤིས་འབྱུང་གྱུར་ཅིག །ཅེས་པའང་བསམ་གཏན་མཆོག་གླིང་གི་བྱ་བཏང་བ་དགེ་སློང་མཛེས་ལྡན་གྱི་ཐུགས་བཞེད་ལྟར། སི་ཏུ་སྤྲུལ་སྐུ་པདྨ་ཉིན་བྱེད་དབང་པོས་སྒྲ་རྒྱལ་འབྲུག་གི་ལོ་ས་ཟླའི་ཡར་ཚེས་ཀྱི་དཀར་ཕྱོགས་ལ་ཐུབ་བསྟན་གླིང་ནས་བྲིས་པ་སྟེ། ལར་སྨོན་ལམ་གསོལ་འདེབས་སོགས་རྒྱལ་མཆོག་ཡབ་སྲས་རྣམས་ཀྱིས་བསྩལ་བའི་སྡེ་ཚན་དང་། ཁྱད་པར་མདོ་སྡེ་ཕལ་ཆེན་ལས་བྱུང་བའི་སྨོན་ལམ་སོགས་གསུང་གི་བདེན་ཚིག་འགྲུབ་པའི་འཕགས་པ་རྣམས་ཀྱིས་བཀྲལ་བ་དག་གི་རྗེས་སུ་སློབ་པར་ཞུ་ཞིང་། བདག་ལྟ་སོ་སྐྱེས་སྨོས་པའི་རང་བཞིན་གཏད་མེད་ཀྱི་ཚིག་གིས་ཕན་པ་ཆེར་མི་མངོན་པས་དེ་ལྟར་ཐུགས་མཚོར་བསྟིམ་པ་ཞུ་ཞུ།། ༈ །།བདེ་བ་ཅན་གྱི་སྨོན་ལམ་མཁའ་ལྡིང་ཤུགས་འཆང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨ་མི་ཏ་བྷ་ཡ། དེ་བཞིན་གཤེགས་པ་ལྷ་རྣམས་ཀུན་གྱི་ལྷ། །སྟོབས་བཅུའི་མངའ་བདག་སངས་རྒྱས་བཅོམ་


SPN002_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས། །ཚེ་དང་ཡེ་ཤེས་དཔག་མེད་འོད་མཐའ་ཡས། །རྒྱལ་དང་རྒྱལ་བའི་མཆོག་དེར་གུས་པས་འདུད། །གང་ཚེ་མཉན་ཡོད་རྒྱལ་བྱེད་སྐྱེད་མོས་ཚལ། །མགོན་མེད་ཟས་སྦྱིན་ཀུན་དགའ་ར་བ་རུ། །སྟོན་པ་དོན་ཀུན་ཡོངས་གྲུབ་ཤཱཀྱའི་ཏོག །འཁོར་དུ་བྱང་སེམས་ཉན་ཐོས་དཔག་མེད་དང་། །ལྷ་མིའི་འཁོར་ཚོགས་དུ་མས་ཡོངས་བསྐོར་དབུས། །ཤེས་རབ་མཆོག་ལ་གདམས་ཏེ་བསྔགས་པའི་གནས། །ནུབ་ཕྱོགས་ཞིང་ཁམས་བྱེ་བ་ཁྲག་ཁྲིག་འབུམ། །དེ་ཡི་ཕ་རོལ་བདེ་ཅན་པདྨོ་བཀོད། །གཟི་བརྗིད་རྒྱལ་པོ་འོད་དཔག་མེད་པའི་ཞིང་། །ཕུན་ཚོགས་ལྔ་ལྡན་དཔལ་གྱི་ཡོན་ཏན་བརྒྱན། །ཀུན་ནས་རྣམ་པར་སྣང་བའི་འོད་ཀྱིས་གསལ། །རྨད་བྱུང་མཐའ་ཡས་བཀོད་པ་བླ་ན་མེད། །བསམ་བརྗོད་བྲལ་བའི་ཞིང་གི་སྟོན་མཆོག་དེར། །རྟག་པར་རྒྱུན་གྱི་ཕྱག་འཚལ་སྒོ་གསུམ་འདུད། །དངོས་དང་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་འབུལ། སྒྲིབ་གཉིས་བག་ཆགས་དབང་གྱུར་ཉེས་བཤགས་སྡོམ། །ཐེག་ཆེན་བྱང་ཆུབ་སྤྱོད་ལ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་རྣམས་ཆོས་འཁོར་བསྐོར་བར་བསྐུལ། །བགྲང་ཡས་བསྐལ་པར་འགྲོ་དོན་བཞུགས་གསོལ་འདེབས། །དུས་གསུམ་དགེ་ཚོགས་ཆོས་དབྱིངས་ཆེན་པོར་བསྔོ། །བདག་དང་བདག་ལ་འབྲེལ་བའི་ལུས་ཅན་རྣམས། །ནམ་ཞིག་སྒྱུ་མའི་གཡར་ཁང་འཇིག་ཉེའི་དུས། །ཅི་བྱ་གཏོལ་བྲལ་ངང་དུ་གནས་པའི་


SPN002_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། །བློ་གཏད་ལིང་སྐྱུར་རྩེ་གཅིག་གསོལ་འདེབས་ན། །བླ་མ་དང་ནི་དབྱེར་མེད་བདེ་ལྡན་མགོན། །སྟོན་པ་མཆོག་ཉིད་ཡིད་ངོར་མངོན་སུམ་དུ། །རྟོགས་པའི་ཚད་མེད་བྱིན་རླབས་འབྲེལ་བ་དང་། །སྔོན་ཚེ་ཞལ་བཞེས་བྱང་ཆུབ་ཐུགས་བསྐྱེད་ལྟར། །བདེ་བ་ཅན་དེར་ཏ་ལེར་འཕོ་ནུས་ཤོག །དེ་ལྟའི་སྨོན་ལམ་འབྲེལ་པ་མཐའ་བཙན་ཕྱིར། །དེང་བཟུང་ཇི་སྲིད་འཚོ་བའི་བར་དུ་ཡང་། །སྐྱབས་མེད་སྐྱོབ་པའི་མགོན་དུ་ཁྱོད་ལ་གསོལ། །ཉོན་མོངས་བག་ཆགས་མཐུག་པོའི་དབང་གིས་ནི། །ཐར་པའི་ལམ་བཟང་སྒྲིབ་པར་སྲིད་ན་ཡང་། །བརྩེ་ཆེན་མགོན་གྱི་ཐུགས་རྗེས་འདོར་རམ་ཅི། །མྱུར་བར་ཕྱག་གིས་འདྲེན་པར་མཛད་དུ་གསོལ། །གཞན་ཡང་ཕྱོགས་བཅུའི་ཞིང་བཞུགས་བཅོམ་ལྡན་འདས། །མི་འཁྲུགས་རྒྱལ་བ་ཉི་ཟླའི་སྒྲོན་མ་དང་། །མཐའ་ཡས་མགོན་པོ་འོད་འཕྲོ་ཕུང་པོ་ཆེ། །སེང་གེ་ཚངས་པའི་དབྱངས་ལྡན་ལ་སོགས་པ། །བདེ་གཤེགས་ཀུན་གྱི་དབུགས་དབྱུང་བདེན་པའི་གསུང་། །གང་ཞིག་ཇི་ལྟར་དེ་ཉིད་ཡོངས་སྨིན་ཅིང་། །ཕྱིར་མི་ལྡོོག་པ་བདེ་ཆེན་ཞིང་བགྲོད་ནས། །རྒྱལ་བས་དབང་བསྐུར་ལུང་བསྟན་ཐོབ་པར་ཤོག །དེ་ལྟར་སྨོན་ལམ་མཚམས་སྦྱོར་དག་པ་དང་། །བདག་སོགས་དུས་གསུམ་བསགས་པའི་དགེ་བ་རྣམས། །ཞིང་མཆོག་འཇུག་ཕྱིར་ཡོངས་སུ་བསྔོ་བར་བགྱི། །ཀུན་ཀྱང་བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག །ཅེས་པའང་ཧོར་སྒྲུབ་ཆེན་ཀརྨ་མི་ཕམ་བཤེས་གཉེན་དཔལ་བཟང་པོས་


SPN002_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བའི་ངོར་སི་ཏུ་པས་སྤེལ་བ་མངྒ་ལཾ། ༈ །བདེ་ཆེན་ཞིང་སྨོན་ཐར་འདོད་དད་བའི་ལྕགས་ཀྱུ་ཞེས་པ་བཞུགས། བདག་གི་དུས་གསུམ་དགེ་བའི་རྩ་བ་རྣམས། །དཀོན་མཆོག་རིན་ཆེན་གསུམ་ལ་འབུལ་བར་བགྱི། །དེ་ཡི་ལེགས་བྱས་ཇི་སྙེད་མཆིས་སོ་ཅོག །མར་གྱུར་ནམ་མཁའི་མཐའ་མཉམ་ཡོངས་ལ་བསྔོ། །སྡུག་བསྔལ་ཀུན་འབྱུང་རྒྱུ་བཅས་དག་གྱུར་ཅིག །རབ་དཀར་དགེ་ཚོགས་ཚོགས་གཉིས་རྒྱ་མཚོ་ཡི། །བྱང་ཆུབ་སྤྱོད་པའི་ལྷག་བསམ་སྟོབས་དག་གིས། །བདག་དང་བདག་ལ་འབྲེལ་བའི་ཡིད་ཅན་རྣམས། །མི་རྟག་གཡར་ཁང་འཇིག་པར་ཉེན་པ་ན། །སྐྱབས་གནས་ཐུགས་རྗེ་ཅན་གྱི་བདེ་བར་གཤེགས། །བཅོམ་ལྡན་འོད་སྣང་དཔག་ཏུ་མེད་བའི་མགོན། །ལྷ་ཚོགས་རྣམས་ལ་རྩེ་གཅིག་གསོལ་བ་འདེབས། །ལས་སྣང་གཉིས་འཛིན་འཁྲུལ་པའི་གཡུལ་ངོ་ཟློག །གཉུག་མའི་འོད་གསལ་བདེ་ཆེན་ཡེ་ཤེས་ཀྱི། །རང་རིག་དོན་དམ་ངོ་བོ་འཕྲོད་གྱུར་ནས། །བདེ་བླག་ཉིད་དུ་ལམ་སྣ་དྲང་དུ་གསོལ། །ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་ཤོག །སྟོན་པ་སངས་རྒྱས་བླ་མ་ཚེ་མཐའ་ཡས། །དངོས་སུ་ཞལ་མཐོང་བདུད་རྩི་དམ་པ་བརྙེས། །ཕྱོགས་བཅུའི་རྒྱལ་རྣམས་མཆོད་ཅིང་འཇིག་རྟེན་ཁམས། །འདྲེན་པའི་དེད་དཔོན་ཉིད་དུ་འགྲུབ་པར་ཤོག །མཆོག་གསུམ་རྩ་གསུམ་ཡོངས་འདུས་རིགས་ཀུན་བདག །སྣང་མཐའ་ཡས་པ་ཆོས་གྲུབ་རྒྱ་མཚོ་ཡིས། །དེང་


SPN002_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཇི་ལྟར་སྨོན་ལམ་འགྲུབ་པ་ཡི། །བླ་མེད་བདེན་པ་དམ་པས་སྐྱོང་གྱུར་ཅིག །ཏདྱ་ཐཱ། པཉྩ་པྲི་ཡ་ཨ་བ་བྷོ་དྷ་ན་ཡ་སྭཱ་ཧཱ། ཞེས་སྨོན་ལམ་བརྗོད་པར་བྱའོ། །དེ་ལྟར་ཚུལ་འདིར་སྨོན་ལམ་གྱི་བློ་ཅན་དད་གསུམ་ལྡན་པ་སྒྲུབ་ཆེན་ངེས་ལེགས་མཐར་ཕྱིན་གྱི་ངོར། སི་ཏུ་པས་སྤེལ་བ་དོན་ལྡན་དུ་གྱུར་ཅིག །བཀྲ་ཤིས། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་འོད་དཔག་མེད། །མཆོག་གི་ཞིང་ཁམས་བདེ་ལྡན་པདྨོ་བཀོད། །བདག་སོགས་འབྲེལ་བཅས་སྐྱེ་གཞན་བར་མ་ཆོད། །བརྫུས་འཁྲུངས་སྟོན་པའི་ཞལ་མཐོང་ལུང་བསྟན་ཐོབ། །བྱང་ཆུབ་སྤྱོད་པ་མཐར་ཕྱིན་འགྲོ་བའི་དོན། །ཡོངས་འགྲུབ་མཐར་ཐུག་རྫོགས་སངས་རྒྱས་ཐོབ་ཤོག །ལྷ་མགར་ཀརྨ་བཟང་པོའི་ངོར་སྤེལ་བ་དགེག །ན་མོ་ཨ་མི་ཏ་བྷ་ཡེ། དུས་གསུམ་སངས་རྒྱས་ཀུན་འདུས་རྒྱལ་བའི་རྒྱལ། །འདྲེན་པ་ཚེ་འོད་དཔག་མེད་མགོན་པོ་ལ། །སྒོ་གསུམ་ཕྱག་འཚལ་མཆོད་ཅིང་ཉེས་ཀུན་བཤགས། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །རང་གཞན་དགེ་ཚོགས་བྱང་ཆུབ་ཐོབ་ཕྱིར་བསྔོ། །གནས་སྐབས་ཆོས་མཐུན་བསམ་དཔྱོད་ལེགས་འགྲུབ་ཅིང་། །ནམ་ཞིག་བདེ་ཆེན་དག་པའི་ཞིང་ཁམས་སུ། །སྐྱེ་གཞན་བར་མ་ཆོད་པར་བརྫུས་སྐྱེས་སུ། །སྟོན་པ་མཆོག་གི་ཞལ་མཐོང་ས་ལམ་གྱི། །ཡོན་ཏན་ཡོངས་རྫོགས་སྤྲུལ་པས་འགྲོ་ཀུན་གྱི། །མགོན་དུ་འགྱུར་ཅིང་མ་གྱུར་སེམས་ཅན་རྣམས། །བླ་མེད་རྫོགས་སངས་གོ་འཕང་ཐོབ་གྱུར་ཅིག །ཀརྨ་དོན་དམ་ངོར་སྤེལ་བ་དགེ། །


SPN002_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ལྡན་ཞིང་གི་མགོན་པོ་ཡི། །བྱིན་རླབས་ཐུགས་རྗེའི་འོད་སྣང་གིས། །འགྲོ་བློའི་སྒྲིབ་མུན་གཏན་བཅིལ་ནས། །ཡང་དག་ཐར་པའི་ལམ་འགོད་ཤོག །ཅེས་དགེ་སློང་ལའོ།། །།བདེ་བ་ཅན་གྱི་ཞིང་མགོན་འོད་མི་འགྱུར། །སྲས་དང་སློབ་མར་བཅས་ལ་གུས་ཕྱག་འཚལ། །དུས་གསུམ་དགེ་ཚོགས་སེམས་ཅན་དོན་ཕྱིར་བསྔོ། །ཀུན་ཀྱང་བདེ་ལྡན་པདྨོ་བཀོད་ཞིང་དུ། །སྐྱེས་ཏེ་རྒྱལ་བའི་ཞལ་མཐོང་བླ་མེད་ཀྱི། །ལུང་བསྟན་མཆོག་ཐོབ་སླར་ཡང་ཕྱོགས་བཅུ་ཡི། །སངས་རྒྱས་ཞིང་བགྲོད་སྤྲུལ་པ་དུ་ུམ་ཡིས། །འགྲོ་རྣམས་ཕྱིར་མི་ལྡོག་པའི་སར་བཀོད་ཤོག །ཡ་གྲི་དབང་རྒྱལ་ངོར་སྤེལ། །ཡོན་ཏན་བསམ་བརྗོད་བྲལ་བ་བདེ་ཅན་ཞིང། །སྟོན་པ་སངས་རྒྱས་འོད་མི་འགྱུར་བའི་སྐུ། །སྲས་དང་སློབ་བཅས་ཐུགས་རྗེས་དེང་དགོངས་ལ། །བདག་དང་འབྲེལ་གྱུར་སེམས་ཅན་ཇི་སྙེད་པའི། །དུས་གསུམ་དགེ་ཚོགས་བྱང་ཆུབ་ཐོབ་ཕྱིར་བསྔོ། །དེ་མཐུས་མཆོག་གི་ཞིང་ཁམས་དམ་པ་རུ། །སྐྱེས་ཏེ་བླ་མེད་ལུང་བསྟན་མྱུར་ཐོབ་ནས། །སྤྲུལ་བསྒྱུར་དུ་མས་འགྲོ་བའི་མགོན་གྱུར་ཅིག །ཀརྨ་ཆོས་ལྡན་ངོར་སྤེལ། །དཔལ་ལྡན་སྟོབས་བཅུའི་མངའ་བདག་བདེ་བར་གཤེགས། །མ་ལུས་འདུས་པའི་ཐུགས་རྗེའི་རང་བཞིན་ཅན། །བཅོམ་ལྡན་སངས་རྒྱས་འོད་སྣང་མཐའ་ཡས་ལ། །མི་ཕྱེད་དད་པས་ཀུན་ཏུ་ཕྱག་འཚལ་ལོ། །རྣམ་དག་མཆོད་ཕུལ་ཉེས་


SPN002_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ནོངས་པ་བཤགས། །དགེ་ལ་ཡི་རང་ཆོས་ཀྱི་འཁོར་ལོ་བསྐོར། །མྱ་ངན་མི་འདའ་བཞུགས་གསོལ་དུས་གསུམ་གྱི། །བསགས་པའི་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །མཐའ་བྲལ་ཡོན་ཏན་བརྗོད་པར་དཀའ་བ་ཡི། །དག་པའི་ཞིང་མཆོག་བདེ་ཆེན་པདྨོ་བཀོད། །སྟོན་པ་གཟི་བརྗིད་རྒྱལ་པོ་ཚེ་འོད་མགོན། །ལྷ་དང་ལྷ་མོ་དཔག་མེད་ཀྱིས་བསྐོར་བ། །བདག་དང་བདག་གི་འབྲེལ་ཐོགས་སེམས་ཅན་རྣམས། །ནམ་ཞིག་རྒྱལ་བའི་ཞལ་མཐོང་ལུང་བསྟན་ཐོབ། །བླ་ན་མེད་པ་ཕྱིར་མི་ལྡོག་པ་ཡི། །གོ་འཕང་དམ་པ་བདེ་བླག་ཉིད་ཐོབ་ཤོག །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་རིན་ཆེན་རྣམ་གསུམ་གྱི། །ཚད་མེད་བདེན་པའི་བྱིན་རླབས་ཀྱིས། །སྨོན་ལམ་ཇི་བཞིན་འགྲུབ་པར་ཤོག །ཏདྱ་ཐཱ་པཉྩ་བྲི་ཡ་ཨ་བ་བྷོ་དྷ་ན་ཡེ་སྭཱ་ཧཱ། ཞེས་ལྷ་བྲིས་པ་ཀརྨ་རྣམ་དག་ངོར་སྤེལ། །འཁོར་འདས་ཀུན་ཁྱབ་གདོད་མའི་མགོན། །ཨོ་རྒྱན་སྣང་མཐའི་ཐུགས་རྗེ་ཡིས། །འགྲོ་རྒྱུད་སྒྲིབ་གཉིས་དྲུངིས་ཕྱུང་སྟེེ། །བསམ་དོན་ལྷུན་གྲུབ་གཏན་འདུན་གྱི། །ཆོས་རྣམས་གེགས་མེད་ཡོངས་སྨིན་ནས། །སྐུ་ལྔའི་བདག་ཉིད་ཆེན་པོ་ཡི། །གོ་འཕང་བདེ་བླག་ཉིད་ཐོབ་ནས། །ཀུན་ཀྱང་བདེ་ཆེན་སར་འགོད་ཤོག །ཅེས་བླ་མ་ལེགས་བཤད་ངོར་སྤེལ། །འོད་སྣང་མཐའ་ཡས་སྒྱུ་འཕྲུལ་ལས། །འཁྲུངས་པའི་སྟོན་མཆོག་


SPN002_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཞྭ་དམར་གྱི། །ཅོད་པན་འཆང་བ་བཅུ་པ་མཆོག །མི་ཕམ་ཆོས་གྲུབ་རྒྱ་མཚོ་ལ། །རྣམ་ཀུན་གསོལ་འདེབས་གུས་ཕྱག་འཚལ། །སྐྱེ་ནས་སྐྱེ་བར་འབྲལ་མེད་ཅིང་། །པདྨོ་བཀོད་པའི་ཞིང་ཁམས་དེར། །ཚེ་འཕོས་གྱུར་ཚེ་སྐྱེ་བར་ཤོག །སྐྱེས་ནས་འགྲོ་བའི་དོན་འབྱུང་ཤོག །ཅེས་བརྩོན་འགྲུས་ངོར་སྤེལ། །བདེ་ལྡན་པདྨོ་བཀོད་པར་འོད་དཔག་མགོན། །ཨོ་རྒྱན་ཡུལ་དུ་སྤྲུལ་སྐུ་པདྨ་འབྱུང་། །གངས་ཅན་ལྗོངས་སུ་ཞྭ་དམར་ཅོད་པན་འཛིན། །རབ་འབྱམས་ཞིང་གི་བདག་པོ་གང་དེར་འདུད། །དེང་བཟུང་བྱང་ཆུབ་སྙིང་པོར་གྱུར་གྱི་བར། །དལ་བརྒྱད་འབྱོར་བཅུའི་ཡོན་ཏན་ཡོངས་རྫོགས་ནས། །དཔག་མེད་བརྗོད་བྲལ་དག་པའི་ཞིང་ཁམས་དེར། །རྒྱལ་བའི་གསུང་གི་དབང་ཕྱུག་ཐོབ་པར་ཤོག །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་སྲས་དང་བཅས། །རྒྱལ་བ་རབ་འབྱམས་ཐུགས་རྗེ་ཀུན་འདུས་པ། །བདེ་ལྡན་ཞིང་གི་མགོན་པོ་འོད་མི་འགྱུར། །དབྱེར་མེད་དཔལ་ལྡན་ཆོས་གྲུབ་རྒྱ་མཚོའི་ཞབས། །བདག་སོགས་དུས་གསུམ་དུས་མེད་འགྲོ་བ་ཡིས། །ཕྱག་འཚལ་གསོལ་འདེབས་དགེ་ཚོགས་བྱང་ཆེན་བསྔོ། །རྣམ་གྲོལ་ལམ་བཀོད་བླ་མེད་འཕགས་པ་ཡི། །སྨོན་པའི་འདོད་དོན་ལྷུན་གྲུབ་བྱིན་རློབས་ལ། །པདྨོ་བཀོད་པའི་ཞིང་མཆོག་དེར་སྐྱེས་ནས། །ཕྱིར་མི་ལྡོག་པ་སངས་རྒྱས་སར་འགོད་ཤོག །ཅེས་ཁྲ་ཕུག་སྤྲུལ་སྐུས་བསྐུལ་ངོར་སྤེལ། །


SPN002_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མཁས་གང་འདུལ་དེར་སྣང་སྟོན་མཛད་ཅིང་། །སྲིད་མཚོའི་འཇིགས་སྒྲོལ་ཡང་དག་ལམ་བཟང་པོའི། །གོ་འཕང་དམ་པར་མངོན་དུ་སྦྱོར་བའི་དཔལ། །བདེ་ལྡན་ཞིང་གི་རྒྱལ་རྣམས་ལ་ཕྱག་འཚལ། །བདག་ལུས་ཕྲ་རབ་རྡུལ་གྱི་གྲངས་འདས་སུ། །སྤྲུལ་ནས་དུས་གསུམ་རང་གཞན་དགེ་ཚོགས་ཀུན། །ཐམས་ཅད་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཕྱིར། །དངོས་དང་ཡིད་སྤྲུལ་དག་པའི་སྣང་བ་ཡི། །རང་མདངས་ངང་ལས་མཆོད་པ་ཆེན་མོ་འབུལ། །རིག་པའི་རང་རྩལ་གཉུག་མའི་དྲན་ཤེས་ཀྱིག །ཡིད་བྱེད་སྣ་ཚོགས་འཕྲོ་འདུའི་སྣང་བ་ཀུན། །གཞི་རྩ་བྲལ་བའི་སྤྲོས་བྲལ་ཡེ་ཤེས་ཀྱི། །གནས་ལུགས་ངོ་བོ་མཐོང་བར་བྱིན་གྱིས་རློབས། །ཚེ་རབས་ཀུན་ཏུ་དམ་ཆོས་སྙིང་པོའི་དོན། །མ་ནོར་འབྲས་བུ་མངོན་དུ་སྤྱོད་པར་ཤོག །དུས་གསུམ་དགེ་ཚོགས་རྒྱ་མཚོས་ཡོངས་བསྐུལ་ཏེ། །བདེ་ལྡན་པདྨོ་བཀོད་པའི་ཞིང་ཁམས་མཆོག །བྱང་ཆུབ་སེམས་དཔའ་ཆོས་གྲུབ་རྒྱ་མཚོ་ནི། །སངས་རྒྱས་འོད་དཔག་ཚུལ་དུ་སྟོན་པ་དེའི། །ཞལ་མཐོང་བླ་མེད་མྱང་འདས་ཆེན་པོ་ཡི། །དབུགས་དབྱུང་ཐོབ་ཅིང་སླར་ཡང་ཇི་སྲིད་དུ། །སྲིད་པ་དེ་སྲིད་འགྲོ་སྒྲོལ་དེད་དཔོན་དུ། །འཁོར་བའི་གཡང་ལས་སྐྱོབ་པའི་མཐུ་ལྡན་ཞིང། །འཁོར་བ་དོང་སྤྲུགས་ཀུན་ཀྱང་སངས་རྒྱས་ཤོག །གྲ་ལྔ་ཚེ་བརྟན་ངོར་སྤེལ། །བདེ་ལྡན་ཞིང་གི་འདྲེན་པ་འོད་དཔག་མེད། །དབྱེར་མེད་


SPN002_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་འཕྲུལ་རོལ་པ་རིགས་ཀྱི་བདག །པདྨ་གར་དབང་དབང་གི་ཅོད་པན་ཅན། །མི་ཕམ་ཆོས་གྲུབ་རྒྱ་མཚོའི་ཞབས་པདྨོ། །དེང་བཟུང་བླ་མེད་བྱང་ཆེན་མ་ཐོབ་བར། །འབྲལ་མེད་རྗེས་འཛིན་སྒྱུ་ལུས་ཆུ་བུར་ལུས། །ཡལ་མ་ཐག་དེར་བདེ་ལྡན་ཞིང་ཁམས་སུ། །པདྨའི་སྦུབས་སུ་བརྫུས་ཏེ་སྐྱེ་བར་ཤོག །རྒྱལ་བའི་ཞལ་མཐོང་ཕྱིར་མི་ལྡོག་པ་ཡི། །གོ་འཕང་རིན་ཆེན་བདེ་བླག་ཐོབ་གྱུར་ཅིག །དཔལ་སྦས་ངོར་སྤེལ། །ཨེ་མ་ཧོཿགདོད་མའི་སངས་རྒྱས་འོད་མི་འགྱུར་བ་དངོས། །དབང་གི་ཅོད་པན་འཆང་བ་བཅུ་པ་མཆོག །མི་ཕམ་ཆོས་གྲུབ་རྒྱ་མཚོའི་ཞབས་པདྨོ། །བྱང་ཆུབ་བར་དུ་འབྲལ་མེད་ཐུགས་རྗེས་སྐྱོང་། །བདེ་ལྡན་དག་པའི་ཞིང་ཁམས་དམ་པ་རུ། །བརྫུས་ཏེ་སྐྱེས་ནས་སྟོན་པའི་ཞལ་མཐོང་ཞིང་། །ཕྱོགས་བཅུ་དུས་གསུམ་རྒྱལ་བའི་ལུང་བསྟན་ཐོབ། །སྤྲུལ་པས་འགྲོ་བ་འདྲེན་པའི་དཔལ་གྱུར་ཅིག །བཅས་དར་རྒྱས་ངོར་སྤེལ། །ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་བདག་ཉིད་མཆོག །རྒྱལ་བའི་ཞིང་ཁམས་ཡོངས་ཀྱི་དཔལ་འཛིན་པ། །ནུབ་ཕྱོགས་བདེ་ལྡན་པདྨོ་བཀོད་པ་ཡི། །སྟོན་པ་འོད་མི་འགྱུར་ལ་ཕྱག་འཚལ་འདུད། །བླ་མེད་སྙིང་རྗེའི་དབང་གིས་ཉམ་ཐག་འགྲོ། །ཡལ་བར་མ་དོར་ཐུགས་རྗེའི་མཁའ་དབྱིངས་ནས། །འཆར་བའི་སྒྱུ་འཕྲུལ་དབང་གི་ཅོད་པན་ཅན། །ཕྲིན་ལས་འོད་སྟོང་ལྡན་དེར་ཕྱག་འཚལ་འདུད། །ཟབ་མོའི་མཁྱེན་བརྩེ་


SPN002_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པའི་དབང་ཕྱུག་གིས། །སྲིད་ཞིའི་མུན་པ་རིང་པོར་མཐར་བྱེད་ནས། །དོན་གཉིས་པདྨའི་མྱུ་གུ་བསྐྱེད་ནུས་པའི། །ཐུགས་རྗེ་མཐའ་ཡས་མགོན་དེར་ཕྱག་འཚལ་འདུད། །དེ་ལྟར་སྒོ་གསུམ་དད་པའི་མོས་བློ་ཡིས། །གྲངས་མེད་རྡུལ་སྙེད་ལུས་རབ་ཡོངས་སྤྲུལ་ཏེ། །ཕྱོགས་བཅུའི་ཞིང་བཞུགས་རྒྱལ་བ་སྲས་བཅས་དང་། །སྟོན་མཆོག་འོད་ཀྱི་སྣང་བ་མཐའ་ཡས་ལ། །ཕྱག་འཚལ་མཆོད་ཅིང་བཤགས་དང་རྗེས་ཡི་རང་། །བསྐུལ་ཞིང་གསོལ་འདེབས་དུས་གསུམ་རབ་དཀར་དགེའི། །ལྷག་བསམ་ཕུང་པོ་གཅིག་ཏུ་བཟླུམས་བྱས་ནས། །བདག་སོགས་འཁོར་བའི་འདམ་ལས་བསྒྲལ་ཕྱིར་བསྔོ། །དེ་མཐུས་བདག་ཀྱང་ཨ་འཐས་སྒྱུ་མའི་ལུས། །ཆུ་བུར་གྱུར་བའི་འདུས་བྱས་སྟོང་པའི་ཚེ། །བཅོམ་ལྡན་སྟོན་མཆོག་འོད་དཔག་མེད་མགོན་གྱི། །མཐའ་ཀླས་ཟབ་མོའི་ཐུགས་རྗེ་རྒྱུད་བསྐུལ་ཏེ། །སྐད་ཅིག་དེ་རུ་མགོན་དེའི་ཞིང་ཁམས་སུ། །སྐྱེ་གཞན་བར་མ་ཆོད་པར་བརྫུས་སྐྱེས་ནས། །རྒྱལ་བའི་ཞལ་མཐོང་ཆོས་ཀྱི་བདུད་རྩི་ཐོབ། །སླར་ཡང་མགོན་མེད་རྣམས་ཀྱི་དེད་དཔོན་དུ། །སྤྲུལ་པ་དུ་མར་འདྲེན་པའི་དཔལ་གྱུར་ཤོག །དེ་ལྟར་རྩེ་གཅིག་ཡིད་ཀྱི་མོས་བློ་ཡིས། །བདེ་ཆེན་ཞིང་བདག་མགོན་དེར་གསོལ་བཏབ་མཐུས། །དེ་བཞིན་ཉིད་དུ་འགྲུབ་པར་བྱིན་རློབས་ཤིག །སྐུ་གསུམ་བདག་ཉིད་འཆི་མེད་པདྨ་འབྱུང་། །ཡི་དམ་ལྷ་དང་སྲུང་མའི་ཐུགས་རྗེའི་མཐུས། །ཇི་ལྟར་དེ་ལྟར་བདེ་བླག་ཉིད་འགྲུབ་


SPN002_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

པར། །སྨོན་ལམ་ཡིད་ལ་འདོད་འཇོའི་དཔལ་གྱུར་ཅིག །ཅེས་པའང་ཁམས་སྨྱོན་དབོན་པོ་བླ་མ་དགེ་ལེགས་ཀྱི་བཞེད་ལྟར་སྤེལ། །ཧྲཱིཿཕྱོགས་དུས་རྒྱལ་བ་རབ་འབྱམས་ཞིང་གི་བདག །མ་ལུས་ཇི་སྙེད་འདུས་པའི་གཏེར་ཆེན་པོ། །བདེ་ལྡན་པདྨོ་བཀོད་པའི་དཀྱིལ་འཁོར་གྱི། །སྟོན་མཆོག་དམ་པ་སངས་རྒྱས་སྣང་མཐའ་ཡས། །གསུང་གི་དབང་ཕྱུག་དམ་པའི་ཕྲིན་ལས་ཀྱི། །སྒྱུ་འཕྲུལ་དྲྭ་བའི་རྣམ་པར་རོལ་པ་ནི། །རཱ་གའི་ཅོད་པན་འཆང་བའི་ཕྲེང་བ་ལས། །ཚར་དུ་དངར་བ་དྷརྨ་སིརྡྷནྡྷ། །གང་གི་གསང་གསུམ་ཡོན་ཏན་མི་བཟད་པར། །བདག་ལུས་བྱེ་སྙེད་ལུས་སྤྲུལ་ཕྱག་འཚལ་ཞིང་། །མཆོད་ཅིང་བཤགས་སོ་ཡི་རང་བསྐུལ་གསོལ་འདེབས། །དུས་གསུམ་བསགས་དགེ་མཁའ་ཁྱབ་སེམས་ཅན་ཀུན། །བྱང་ཆུབ་ཆེན་པོ་མྱུར་ཐོབ་ཕྱིར་བསྔོའོ། །བདག་ནི་སྐྱེ་ནས་སྐྱེ་བ་ཐམས་ཅད་དུ། །སྤྱན་རས་གཟིགས་དངོས་དཔལ་ལྡན་ཀརྨ་པ། །མཐའ་ཡས་རོལ་པ་དབང་གི་ཅོད་པན་ཅན། །འབྲལ་མེད་རྗེས་འཛིན་ཆོས་མཐུན་བསམ་པ་ཀུན། །དབྱར་མཚོ་ལྟར་འཕེལ་ཉིད་དུ་འགྱུར་བར་ཤོག །ཆོས་མིན་བསླུ་ཆོས་མཁན་དང་མི་འཕྲད་ཅིང་། །སྡིག་པའི་གྲོགས་པོའི་དབང་དུ་མི་འགྱུར་ཤོག །ནམ་ཞིག་སྒྱུ་ལུས་འཁྲུལ་པའི་དུས་བྱུང་ཚེ། །སངས་རྒྱས་རྒྱལ་བ་འོད་སྣང་མཐའ་ཡས་ཀྱི། །སྔོན་གྱི་ཐུགས་དམ་གཉེན་པོས་བསྐུལ་བཞིན་དུ། །བདེ་ལྡན་པདྨོ་བཀོད་


SPN002_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞིང་ཁམས་སུ། །པདྨའི་སྦུབས་སུ་བརྫུས་ཏེ་སྐྱེས་ནས་སུ། །ཞལ་མཐོང་གསུང་གི་བདུད་རྩིའི་གསང་བ་ཐོབ། །སྤྲུལ་པས་སེམས་ཅན་གངྒཱའི་ཀླུང་བྱེ་སྙེད། །དེ་སྙེད་རྣམས་ཀྱི་འདྲེན་པའི་དཔལ་གྱུར་ཤོག །བླ་མེད་མཆོག་གསུམ་བདེན་པའི་བྱིན་རླབས་དང་། །རྩ་གསུམ་བསླུ་མེད་བདེན་པའི་ཐུགས་རྗེའི་མཐུས། །ཇི་ལྟར་གསོལ་བའི་སྙིང་པོའི་རྣམ་པ་གང་ག །བདེ་བླག་ཉིད་དུ་འགྲུབ་པའི་རྒྱུར་གྱུར་ཅིག །དེ་ཡང་རྡོ་རྗེའི་ཚིག་ལྡན་སྔོན་བྱོན་གོང་མ་རྣམས་ཀྱིས་བསྩལ་བའི་བདེ་སྨོན་རིགས་མང་དུ་སྣང་བས་ན་དེ་མཐུས་འཁོར་མཚོ་ལས་བསྒྲལ་ནུས་པ་ནི་ཚད་མ་ཉིད་དུ་གྱུར་བའོ། །འདི་ལྟ་བུ་ཁོ་བོ་སོ་སྐྱེའི་བཀོད་པ་ནི་དགོས་པ་ནམ་ཡང་དབེན་ཅིང་ཉི་མ་དང་མེ་ཁྱེར་ལྟ་བུར་གྱུར་ཀྱང་ཡོར་སྟོད་སྔགས་རིགས་ཚད་མའི་རིགས་ཆོས་བརྒྱུད་འཛིན་དགེ་སློང་ཀརྨ་དར་རྒྱས་ཀྱི་ངོ་མ་ལྡོག་ཙམ་དུ་ཀརྨའི་གདན་སར་སྤེལ་བ་དགེ་ལེགས་འཕེལ། །ཐོག་མའི་མགོན་པོ་ཀུན་བཟང་འོད་དཔག་མེད། །དེང་བཟུང་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་གིས་དུས་གསུམ་དགེ་ཚོགས་གང་བསགས་པ། །འགྲོ་དྲུག་སེམས་ཅན་སངས་རྒྱས་ཐོབ་ཕྱིར་བསྔོ། །སྒྱུ་ལུས་མི་རྟག་ཆོས་ཉིད་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་སྐྱེས་སྟོན་པ་མཆོག །ཞལ་མཆོད་གསུང་གི་བདུད་རྩིས་རྒྱུད་སྨིན་ཅིང་། སྤྲུལ་པས་འགྲོ་བ་སྒྲོལ་བའི་དཔལ་དུ་ཤོག །རག་ཤུལ་བ་ེཧུའི་དྲའི་སངས་ཚེ་རྒྱལ་ངོར་སྤེལ། །རང་སྣང་རྣམ་དག་བདེ་ཆེན་པདྨོ་བཀོད། །རང་རིག་ཆོས་སྐུ་སངས་རྒྱས་


SPN002_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཔག་མེད། །རང་བྱུང་སྤྱན་རས་གཟིགས་དངོས་ཀརྨ་པ། །རང་གསལ་མ་འགགས་བྱང་སེམས་ཉན་རང་འཁོར། །དུ་མས་ཡོངས་བསྐོར་ཞིང་མཆོག་དམ་པ་དེར། །སྐྱེ་གཞན་བར་མ་ཆོད་པར་བརྫུས་སྐྱེས་ནས། །རྒྱལ་དང་རྒྱལ་སྲས་ཞལ་མཐོང་ལུང་བསྟན་ཐོབ། །སྤྲུལ་པས་འབྲེལ་ཚད་འདྲེན་པའི་དེད་དཔོན་ཤོག །རྗེ་བཙུན་མའི་བཞེད་ངོར་སྤེལ། །སངས་རྒྱས་རྐང་གཉིས་གཙོ་དང་ཆགས་བྲལ་བ། །དམ་ཆོས་རིག་དང་གྲོལ་པའི་སར་གནས་ཚོགས། །བླ་མེད་མཆོག་གསུམ་འདི་ནས་བྱང་ཆུབ་བར། །སྐྱབས་གནས་རྟག་ཏུ་འབྲལ་བ་མེད་གྱུར་ནས། །ཚེ་དཔལ་ཡེ་ཤེས་ཆོས་ལྡན་ལོངས་སྤྱོད་རྒྱས། །དད་དང་དམ་ཚིག་རྣམ་དག་ཚུལ་ཁྲིམས་ལྡན། །ལྷར་བཅས་བསྔགས་འོས་མཆོད་པའི་ཞིང་གྱུར་ནས། །འགྲོ་ཀུན་འདྲེན་པའི་དཔལ་ལ་དབང་འབྱོར་ཤོག །ནམ་ཞིག་གཡར་ཁང་བོར་མ་ཐག་ཉིད་དུ། །བཅོམ་ལྡན་སྣང་མཐའི་ཞལ་མཐོང་ལུང་བསྟན་ཐོབ། །སྤྲུལ་པས་འགྲོ་འདྲེན་ཕྱིར་མི་ལྡོག་ནས་སུ། །རྫོགས་སངས་རྒྱས་ཀྱི་གོ་འཕང་མངོན་གྱུར་ཤོག །ཅེས་བརྩོན་འགྲུས་ངོར་སྤེལ། །ཕྱོགས་དུས་རྒྱལ་བ་རབ་འབྱམས་ཐུགས་རྗེ་གཏེར། །ཨོ་རྒྱན་ཆེན་པོ་པདྨ་ཀཱ་ར་མཆོག །བརྩེ་ཆེན་དབྱིངས་ནས་དགོངས་ཤིག་དེང་འདི་རུ། །སྨོན་ལམ་བདེན་པའི་བདེན་འགྲུབ་བྱིན་གྱིས་རློབས། །བདག་སོགས་རྣམས་ཀྱི་དུས་


SPN002_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བསགས་ཡོད་ཀྱི། །དགེ་རྩ་འཛད་མེད་ཆུ་བོ་རྣམ་བཞིའི་རྒྱུནག །རྫོགས་སངས་རྒྱས་ཀྱི་རྒྱ་མཚོར་འཇུག་གྱུར་ནས། །སྲིད་ཞིའི་གདུང་སེལ་བདུད་རྩིར་འགྱུར་བར་ཤོག །དེ་མ་ཐོབ་ཀྱི་ཚེ་རབས་སྐྱེ་ཀུན་ཏུ། །དལ་རྟེན་མཆོག་ཐོབ་དགེ་བའི་བཤེས་དང་མཇལ། །ལྟ་གྲུབ་ཚད་མའི་བསྟན་སྒོར་ཞུགས་ནས་ཀྱང་། །རྒྱལ་བསྟན་རིན་ཆེན་གསལ་བའི་གཉེན་གྱུར་ཤོག །མཁའ་ཁྱབ་སེམས་ཅན་རྣམས་ཀྱི་བདེ་དགེའི་གཞི། །ཇི་ལྟར་བསམ་དོན་ཆོས་བཞིན་ལྷུན་གྲུབ་པའི། །མཐུ་དང་ནུས་པས་ཡིད་སྲུབ་དཔུང་གཞོམ་སྟེ། །བྱམས་པའི་གོ་བགོས་སྙིང་རྗེའི་བསྒྲལ་འདྲེན་ཤོག །གང་ཞིག་རྒྱལ་བ་མཆོག་རྣམས་གཤེགས་པའི་ཤུལ། །ཟབ་དོན་སྙིང་པོ་གསང་སྔགས་བླ་མེད་ཀྱི། །ཆོས་ཚུལ་ཕྱག་རྫོགས་ཟུང་འཇུག་དབྱེར་མེད་པས། །བདག་རྒྱུད་སྨིན་སྒྲོལ་གཞན་ཕན་སྟོན་ནུས་ཤོག །ལྷར་བཅས་སྐྱེ་དགུའི་མཆོད་སྡོང་རིན་པོ་ཆེ། །སངས་རྒྱས་བསྟན་པ་ཡིད་བཞིན་དབང་གི་རྒྱལ། །འགྲོ་བློ་མོས་པའི་རྒྱལ་མཚན་རྩེར་མཆོད་ནས། །ནམ་མཁའ་ཅི་སྲིད་བར་དུ་མཐའ་རྒྱས་ཤོག །ངེས་དོན་བསྟན་འཛིན་བྱེད་པོ་གང་ཡིན་པ། །ཀུན་ཀྱང་ཕྲིན་ལས་རྣམ་བཞིའི་སྟོབས་རྒྱས་ཤིང་། །འགྲོ་དོན་ཐུགས་བསྐྱེད་དམ་བཅའ་ཇི་བཞིན་པར། །བསྙེལ་མེད་ཞབས་བརྟན་བཞེད་དོན་ཡོངས་གྲུབ་ཤོག །ལྔ་བདོའི་སྙིགས་མཐའ་འདིར་ཡང་ལེགས་བྱས་ཀྱི། །རྒྱུར་གྱུར་དགྲ་བཅོམ་རྗེས་སློབ་འདུས་པའི་ཚོགས།


SPN002_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་མཐུན་ཆོས་བཅུ་འཁོར་ལོ་གཉིས་དང་ལྡན། །འདུལ་སྡོམ་རྣམ་དག་དགེ་འདུན་སྡེ་རྒྱས་ཤོག །ཚངས་དབང་རྒྱལ་ཆེན་ལ་སོགས་དཀར་ཕྱོགས་སྐྱོང་། །བསྟན་ལ་རབ་གུས་མངོན་པར་འདུད་པ་རྣམས། །དཔུང་ཚོགས་སྟོབས་ཀྱི་མི་འཇིགས་དཔའ་བ་ཡི། །ནག་པོའི་ཕྱོགས་ཀྱི་གཡུལ་ལས་རྣམ་རྒྱལ་ཤོག །ཆོས་མིན་ཆོས་ལྟར་བཅོས་པའི་བསླུ་ཆོས་མཁན། །ལྟར་སྣང་བཟང་པོའི་ཚུལ་འཆོས་བདུད་རློམ་པའི། །ལོག་བཤེས་རྣམས་ཀྱང་རྟག་ཏུ་སྙེམས་བྲལ་ཞིང་། །ཚུལ་བཞིན་ཡང་དག་བསྟན་ལ་གུས་པར་ཤོག །དམྱལ་མེའི་བུད་ཤིང་སྒྲུབ་ལ་མངོན་འདོད་ཅིང་། །ལས་ཀྱི་བླང་དོར་ཕྱིན་ཅི་ལོག་སེམས་པའི། །དགེ་མིན་སྤྱོད་ལ་བརྩོན་པའི་རྗེ་བོ་དག །ལས་འབྲས་ཆོས་ལ་ཇི་བཞིན་བདེན་མཐོང་ཤོག །སྔོན་ཚེ་སྨོན་མཐུའི་འབྲས་རྙེད་དགེ་བཅུ་ཡི། །རྗེས་མཐུན་སྒྲུབ་བརྩོན་འབྲེལ་ཐོགས་ཇི་སྙེད་ཀུན། །ཚེ་རིང་ནད་བྲལ་བསམ་དོན་འབད་མེད་འགྲུབ། །རྟག་ཏུ་དགེ་ཞིང་དམ་པའི་ཆོས་ལྡན་ཤོག །འཇིག་རྟེན་ཁམས་འདིར་འབྱུང་པོའི་གནོད་པ་ཞི། །ལོ་ལེགས་སྐྱ་རྒྱལ་ཆར་ཆུ་དུས་འབེབས་ཤིང་། །ནད་མུག་མཚོན་འཁྲུགས་བསྐལ་ངན་འཇིགས་ཆེན་བྲལ། །རྫོགས་ལྡན་དང་པོའི་དཔལ་ལ་འགྲན་ནུས་ཤོག །མདོར་ན་བདག་གི་འབྲེལ་གྱུར་མཆིས་སོ་ཅོག །དགྲ་གཉེན་བར་མ་ཀུན་གྱིས་ཐོག་དྲངས་པ། །མ་གྱུར་འགྲོ་བ་ནམ་མཁའི་མཐའ་མཉམ་པའི། །སེམས་ཅན་ཐམས་ཅད་ཚད་མེད་བཞི་


SPN002_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཤོག །ཀུན་ཀྱང་འདུས་བྱས་སྒྱུ་ལུས་བོར་མ་ཐག །ནུབ་ཕྱོགས་བདེ་ཆེན་པདྨོ་བཀོད་ཞིང་དུ། །སྐྱེས་ནས་འོད་དཔག་མེད་ཀྱི་ཞལ་མཐོང་ཞིང་། །དབུགས་དབྱུང་ཕྱིར་མི་ལྡོོག་པའི་སར་གནས་ཤོག །གང་ཞིག་ཕྱོགས་བཅུའི་རྒྱལ་བ་སྲས་དང་ནི། །སློབ་མར་བཅས་པའི་ཐུགས་བསྐྱེད་སྨོན་ལམ་གྱི། །རྗེས་སུ་སློབ་པའི་དེང་འདིར་སྨོན་འདུན་ཀུན། །ད་ལྟ་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས། །ཅེས་པའང་སྐྱབས་ཆེ་བླ་མ་བསོད་ནམས་ཆོས་འཕེལ་ནས་དད་གསུམ་རྣམ་པར་དག་པའི་མོས་བློས་བསྐུལ་བའི་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་དགེ་བར་གྱུར་ཅིག །ན་མོ་རཏྣ་ཏྲ་ཡཱ་ཡ། ཀུན་བཟང་པད་འབྱུང་ཨཪྱ་ཏཱ་རེ་ཡུམ། །དབྱེར་མེད་ཀརྨ་ཀ་དང་དཔལ་འབྲུག་པ། །མཆོག་གསུམ་རྩ་གསུམ་ཀུན་འདུས་དཀྱིལ་འཁོར་ལ། །གསོལ་འདེབས་སྨོན་ལམ་ཡོངས་འགྲུབ་བྱིན་གྱིས་རློབས། །བདག་དང་བདག་ལ་འབྲེལ་བའི་ལྟོས་བཅས་ཀྱི། །མ་གྱུར་འགྲོ་བའི་བསམ་སྦྱོར་རྣམ་དག་གི། །ཟག་བཅས་ཟག་མེད་དུས་གསུམ་དགེ་བའི་ཚོགས། །བླ་མེད་བྱང་ཆུབ་གོ་འཕང་ཐོབ་ཕྱིར་བསྔོ། །བསྟན་འཛིན་ཞབས་བརྟན་དགེ་འདུན་ཐུགས་མཐུན་ཞིང་། །འཇིག་རྟེན་བདེ་དང་རང་གཞན་ཚེ་བསོད་དཔལ། །འཕེལ་ཞིང་རྣམ་དག་བདེ་ཆེན་ཞིང་ཁམས་སུ། །སྟོན་མཆོག་ཞལ་མཐོང་རྗེས་སུ་འཛིན་གྱུར་ཅིག །འཛི་སྒར་རྒྱལ་སྲས་བླ་མ་པདྨ་དབང་དྲག་བཞེད་ལྟར་སྤེལ། ཤུ་བྷཾ། །ༀ་སྭ་སྟི། ཀུན་བཟང་དགོངས་པ་ཐེག་དགུའི་


SPN002_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྙིང་བཅུད། །པདྨ་ཀཱ་རའི་བཞེད་གཞུང་དགོངས་པའི་མཐིལ། །བརྒྱུད་པ་དྲུག་ལྡན་ལམ་རིམ་ཀུན་འདུས་པ། །ཆོས་རྒྱལ་ཡབ་སྲས་བཀའ་བབས་གསང་ཆེན་ཆོས། ༡། ཚེ་གཅིག་ཐར་ལམ་བསྙེགས་འདོད་སྐལ་ལྡན་ལ། །མེད་དུ་མི་རུང་བྱིན་རླབས་དྲོད་ཚད་ལྡན། །དུས་བབས་མཁའ་འགྲོའི་གཏད་རྒྱ་སླར་བབས་པའི། ཟབ་ཆོས་འདི་ནི་ཡིད་བཞིན་ནོར་ལས་འཕགས། ༢། སྔོན་བསགས་རྣམ་པར་དཀར་པའི་ཆུ་ཤེལ་སྣོད། །སྤངས་རྟོགས་ཡོན་ཏན་རྒྱ་མཚོའི་བཅུད་ཀྱིས་གཏམས། །མདོ་རྒྱུད་ལུང་རིགས་རྣམ་དཔྱོད་རྒྱན་ལྡན་པའི། །འདོད་འབྱུང་བུམ་བཟང་བློ་གྲོས་མཐའ་ཡས་རྒྱལ། ༣། དུས་གསུམ་རྒྱལ་བའི་གསུང་རབ་མཐའ་དག་གི། །ཐུགས་རྗེ་ནུས་པ་མཚུངས་ཞེས་རྡོ་རྗེའི་བཀའ། །དེས་ན་བསོད་ནམས་ཚོགས་ཀྱང་དེ་སྙེད་ཀྱི། །ཡོན་ཏན་མཐའ་དག་དེང་འདིར་རྫོགས་གྱུར་ཅིག༤། འདི་བཞེངས་དགེ་བས་རྒྱལ་བསྟན་སྤྱི་བྱེ་བྲག །ཁྱད་པར་རྡོ་རྗེ་སྙིང་པོའི་རིང་ལུགས་གང་། །ནུབ་མེད་ཕྱོགས་བཅུར་དར་ཞིང་རྒྱས་པ་དང་། །དེ་འཛིན་མཆོག་རྣམས་རྟག་བརྟན་འཚོ་གྱུར་ཅིག༥། འཇིག་རྟེན་ཁམས་སུ་ཉེར་འཚེ་ཀུན་ཞི་ཞིང་། །ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས། །རྫོགས་ལྡན་བདེ་སྐྱིད་དཔལ་ལ་སྤྱོད་བཞིན་དུ། །ཆོས་ལྡན་སྣང་བས་ཕྱོགས་མཐར་ཁྱབ་གྱུར་ཅིག༦། རྟེན་འདི་བཞེངས་པོ་དོན་གཉིས་ལྷུན་གྱིས་གྲུབ། །འགྲོ་དོན་ཕྲིན་ལས་ནམ་མཁའི་མཐར་ཁྱབ་ཅིང་། །གདོད་མའི་ཡེ་


SPN002_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མངོན་གྱུར་རང་རིག་རྩལ། །པདྨ་བཛྲ་མཆོག་དང་དབྱེར་མེད་ཤོག །༧མཆོག་གསུམ་རྩ་བ་གསུམ་གྱི་བདེན་སྟོབས་དང་། །རྣམ་དཀར་དགེ་བ་འདིས་མཚོན་དུས་གསུམ་གྱི། །ལེགས་བྱས་ཇི་སྙེད་མཆིས་ཀུན་གཅིག་བསྡུས་ཏེ། །ཀུན་ཀྱང་རྫོགས་སངས་གོ་འཕང་ཐོབ་ཕྱིར་བསྔོ། ༨། ཅེས་ཀོང་པོ་པས་སྟེང་སྤྲུལ་སྐུ་མཁས་མཆོག་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས། བླ་མ་དགོངས་འདུས་གསེར་ཆོས་པུ་སྟི་བཅུ་གསུམ་བཞེངས་གྲུབ་སྐབས་སྨོན་ལམ་བཞེད་ལྟར་སྤེལ་བ་ཛ་ཡནྟུ། །སྭསྟི། ཕྱོགས་བཅུའི་རྒྱལ་དང་རྒྱལ་སྲས་འཕགས་པའི་ཚོགས། །བདེན་པ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །བདག་དང་ཕ་མས་གཙོར་བྱས་རིགས་དྲུག་གི། །སེམས་ཅན་སྡུག་བསྔལ་མཚོ་ལས་བསྒྲལ་དུ་གསོལ། །རང་གཞན་རྣམས་ཀྱི་དུས་གསུམ་དུས་མེད་ཀྱི། །དགེ་བའི་རྩ་བ་མཆོག་གསུམ་རྩ་གསུམ་ལྷའི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྟེན་མཆོག་རྣམས། །བཞེངས་པའི་ལེགས་བྱས་བྱང་ཆུབ་ཆེན་པོར་བསྔོ། །དེ་མ་ཐོབ་པར་ཚེ་རབས་ཀུན་ཏུ་ཡང་། །དལ་རྟེན་ཐོབ་ཅིང་མཚན་ལྡན་བླ་མ་མཇལ། །གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །སྨིན་ཅིང་གྲོལ་བའི་ལམ་བཟང་ཐོབ་པར་ཤོག །ཆོས་དང་ཆོས་མིན་མ་ནོར་ཇི་བཞིན་པར། །གནས་སྐབས་ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། །ནད་གདོན་བར་ཆད་མི་མཐུན་ཉེར་འཚེ་ཞི། །རང་བྱུང་ལྷན་སྐྱེས་འོད་གསལ་ཕྱག་རྒྱ་ཆེ། །གཉུག་མ་ཆོས་སྐུའི་རྒྱལ་སར་དབང་འབྱོར་ཤོག །ནམ་ཞིག་བདེ་ཆེན་པདྨོ་


SPN002_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་ཞིང་དུ། །བརྫུས་ཏེ་སྐྱེས་ནས་སངས་རྒྱས་ཞལ་མཐོང་ཞིང་། །བླ་མེད་ལུང་བསྟན་དབུགས་དབྱུང་ཐོབ་ནས་སུ། །ཕྱིར་མི་ལྡོག་པའི་གོ་འཕང་ཐོབ་གྱུར་ཅིག །དད་གསུམ་འགྱུར་མེད་ཆོས་ཚུལ་ལྡན་པ་ཀརྨའི་བཞེད་ངོར་སྤེལ་བ་དགེ་བར་གྱུར་ཅིག །མངྒ་ལཾ་བ་ཝནྟུ། །མཆོག་གསུམ་ངོ་བོ་དཔལ་ལྡན་ཀརྨ་པ། །བདུད་འདུལ་རྡོ་རྗེ་སྙིང་གི་ཐིག་ལེ་རུ། །བྱང་ཆུབ་བར་དུ་འདུ་འབྲལ་མེད་བཞིན་དུ། །རང་བྱུང་ལྷན་སྐྱེས་ཆོས་སྐུ་མངོན་གྱུར་ཤོག །དགེ་བ་འདིས་མཚོན་དུས་གསུམ་དགེ་ཚོགས་རྣམས། །དེང་འདིར་ལེགས་བྱས་རྣམ་དག་རྒྱ་མཚོ་ཆེར། །འཇུག་ནས་ཐར་པའི་གོ་འཕང་བདེ་བླག་ཏུ། །ཐོབ་ཅིང་དམིགས་ཡུལ་སྒྲིབ་གཉིས་བྱང་གྱུར་ནས། །ས་དང་ལམ་གྱི་ཡོན་ཏན་གོང་འཕེལ་ཞིང་། །གདོད་མའི་བདེ་གཤེགས་རྡོ་རྗེ་འཆང་ཆེན་དང་། །དབྱེར་མེད་སེམས་ཉིད་སྤྲོས་བྲལ་བདེ་བ་ཆེ། །དབྱིངས་དང་ཡེ་ཤེས་རོ་གཅིག་སངས་རྒྱས་ཤོག །ཅེས་པའང་ལང་འགྲོ་ལོ་ཙཱའི་རྣམ་འཕྲུལ་དབོན་སྤྲུལ་དབང་གི་རྡོ་རྗེས་བཀའ་གནང་ལྟར་གང་གི་དབོན་པོ་དད་གསུམ་རྣམ་པར་དག་ཅིང་ལྷག་པའི་བསམ་པ་ཟླ་སྣང་ལྟར་དཀར་བ་ཚེ་དབང་ནོར་བུ་འདའ་ཀ་མར་སྨོན་ལམ་དུ་སྤེལ་བ་དགེག །གདོད་མའི་སངས་རྒྱས་ཀུན་བཟང་པདྨ་འབྱུང་། །དབྱེར་མེད་གྲུབ་པའི་སྤྱི་མེས་ཀརྨ་ཀ། བདུད་ཚོགས་འདུལ་པའི་རྡོ་རྗེ་འཆང་ཆེན་པོ། །དེང་བཟུང་བྱང་ཆུབ་བར་དུ་འབྲལ་མེད་ཤོག །ལྷར་བཅས་སྐྱེ་དགུས་མཆོད་པའི་ཞིང་གྱུར་པ། །ངེས་དོན་སྙིང་པོ་སྒྲུབ་བརྒྱུད་


SPN002_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཀཾ་ཚང་གི། །བསྟན་པ་རིང་ལུགས་སྲོལ་བཟང་འཛིན་བྱེད་པའི། །ཡང་དབེན་བསམ་གྲུབ་རི་ཁྲོད་ཅེས་བྱ་བར། །བསྟི་བའི་ལས་ཅན་སྐལ་པར་ལྡན་པ་རྣམས། །སྒོ་གསུམ་ཉེས་པའི་དྲི་ཡིས་མ་སྦགས་པར། །ཕ་རོལ་ཕྱིན་བཅུའི་གནས་ལ་སློབ་ནས་སུ། །རང་གཞན་དགེ་ལ་སྦྱོར་བར་བྱེད་པར་ཤོག །འཁོར་ཆོས་སྒྱུ་མའི་འཕྲུལ་ལ་ཡིད་སྐྱོ་ཤས། །ངེས་འབྱུང་བློས་བསྐུལ་དམ་ཆོས་སྙིང་པོ་ལ། །རྟག་ཏུ་བརྩོན་ཞིང་རང་བྱུང་ཡེ་ཤེས་ཆེའི། །རྩལ་རྫོགས་གཞི་ལམ་འབྲས་བུའི་ཡོན་ཏན་གང་། །འཕེལ་ཞིང་རྒྱས་ནས་གཞན་དོན་ཕྲིན་ལས་ཀྱིས། །འགྲོ་ཀུན་ཐར་པའི་ལམ་དུ་འཇུག་བྱེད་པའི། །དེད་དཔོན་དམ་པར་དབང་བསྒྱུར་བྱིན་གྱིས་རློབས། །ཞེས་སི་ཏུ་པདྨ་ཉིན་བྱེད་དབང་པོས་རི་མགུལ་སྤྲུལ་པའི་སྐུ་ནས་བཀའ་བརྒྱུད་གོང་མའི་རིང་སྲོལ་ཇི་བཞིན་དབེན་རིར་སྒྲུབ་སྡེ་གསར་འཛུགས་སྐབས་ཤིས་བརྗོད་སྨོན་ལམ་བཞེད་ངོར་སྤེལ་བ་དགེ་ལེགས་དར་རྒྱས་འཕེལ། མངྒ་ལཾ། །དཀྱིལ་འཁོར་ཡོངས་ཀྱི་གཙོ་མཆོག་དཔལ། །གྲུབ་པའི་སྤྱི་མེས་ནཱ་རོ་པའི། །རྣམ་འཕྲུལ་དཔལ་ལྡན་འབྲུག་པ་ཞེས། །ས་གསུམ་སྙན་པར་གྲགས་པ་ཅན། །བཀའ་བརྒྱུད་བསྟན་བའི་རྒྱལ་མཚན་འཛིན། །མཆོག་གི་སྒྲུབ་བརྒྱུད་ངེས་དོན་གྱི། །ཟབ་དོན་སྙིང་པོ་ལྷུར་ལེན་པའི། །རྣལ་འབྱོར་དབང་ཕྱུག་སྤྲུལ་པའི་སྐུ། །སྔོན་བསྐལ་སྨོན་བཟང་འབྲེལ་བའི་མཐུས། །པདྨས་ལུང་ཟིན་དགེ་སྦྱོང་དང་། །ཙནྡྲ་ནིརྨ་ཀཱ་ལ་བཅས། །ཚོམ་བུ་གཅིག་གིས་སྨིན་གྲོལ་


SPN002_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། །མཐོང་ཐོས་གྲོལ་ལམ་མྱུར་ཐོབ་པ། །བགོ་སྐལ་ཉིད་དུ་ནོད་པ་ཡིས། །བསྟན་པའི་བཙས་དང་གདུལ་བྱའི་འགྲོ། །དོན་གཉིས་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་མཚོ་འཇུག་སྤྲུལ་སྐུ་བསྟན་འཛིན་ལྷུན་གྲུབ་ལ་ཤིས་བརྗོད་དགེ། ཤུ་བྷཾ། །དཔལ་རིགས་བརྒྱའི་ཁྱབ་བདག་ཀརྨ་པ། །མཆོག་དཀྱིལ་འཁོར་ཀུན་གཙོ་འབྲུག་པའི་ཞབས། །དོན་དབྱེར་མེད་རྡོ་རྗེ་དྲག་པོ་རྩལ། །སྐྱེ་བ་ནས་ཚེ་རབས་ཕྲེང་བ་རུ། །འབྲལ་མེད་ཅིང་དམ་ཆོས་ཟབ་མོའི་དོན། །མཐར་ཕྱིན་ནས་དོན་གཉིས་འབྲས་ཐོབ་ཤོག །མཆོག་གསུམ་རྩ་གསུམ་འདུས་པའི་ངོ་བོ་ཉིད། །ཨོ་རྒྱན་སློབ་དཔོན་པདྨཱ་ཀ་ར་མཆོག །དབྱེར་མེད་འཁོར་ལོའི་མགོན་པོ་བཀའ་དྲིན་ཅན། །བདག་སྙིང་པདྨོར་བྱང་ཆུབ་བར་བཞུགས་གསོལ། །རྒྱལ་བ་རབ་འབྱམས་ཕྱོགས་བཅུའི་ཞིང་བདག་པོ། །མ་ལུས་ལུས་མེད་བརྩེ་བས་འདིར་དགོངས་ལ། །ཇི་ལྟར་སྨོན་པའི་བདེན་ཚིག་འགྲུབ་གྱུར་པའི། །ཐུགས་རྗེའི་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །མཁའ་མཉམ་སེམས་ཅན་མ་རྒན་རིགས་དྲུག་པོ། །ཕྲ་རབ་རྡུལ་གྱི་གྲངས་འདས་འགྲོ་བ་དང་། །ཁྱད་པར་ནོར་སྐྱོང་སྐལ་ལྡན་ལས་ཅན་འདི། །ཚེ་འདིར་བདེ་སྐྱིད་བསམ་དོན་ལྷུན་གྲུབ་ཅིང་། །འདུས་བྱས་སྒྱུ་མའི་འཁྲུལ་འཁོར་འཇིག་པའི་ཚེ། །སྐྱེ་གཞན་བར་མ་ཆོད་པ་ཨོ་རྒྱན་གྱི། །མཁའ་སྤྱོད་པདྨ་འོད་ཀྱི་ཞིང་ཁམས་སུ། །སྟོན་མཆོག་པདྨ་འབྱུང་དང་མི་གཉིས་པའི། །


SPN002_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནོར་ལམ་སྟོན་ཚེ་རབས་འབྲེལ་བའི་མགོན། །དཔལ་ལྡན་བླ་མའི་ཞལ་མཐོང་ལུང་བསྟན་ཐོབ། །སྤྲུལ་པས་འཁོར་བའི་མཚོ་ཆེན་མྱུར་སྐེམ་ནས། །ཕྱིར་མི་ལྡོག་པའི་ས་ལ་འགོད་གྱུར་ཅིག །ཅེས་ཁྱབ་བདག་དམ་པ་འཛི་སྒར་རིན་པོ་ཆེའི་སྐུ་མདུན་གྱི་རྒྱ་ཁྱི་སེང་ཕྲུག་སྤུ་ར་ལ་སྨོན་ལམ་དུ་སི་ཏུས་བྲིས་པ་འགྲུབ་པར་གྱུར་ཅིག །བདེ་ལྡན་ཞིང་གི་མགོན་པོ་ཡི། །བྱིན་རླབས་ཐུགས་རྗེའི་འོད་སྣང་གིས། །འགྲོ་བློའི་སྒྲིབ་མུན་གཏན་བཅིལ་ནས། །ཡང་དག་ཐར་པའི་ལམ་འགོད་ཤོག །ཅེས་དགེ་སློང་ལའོ། །རྒྱལ་ཀུན་མཁྱེན་བའི་རང་གཟུགས་མཆོག །དཔལ་ལྡན་བླ་མ་རྡོ་རྗེ་འཛིན། །གང་གི་ཐུགས་རྗེའི་ཟླ་སྣང་གིས། །བདག་རྒྱུད་སྒྲིབ་གཉིས་བྱང་གྱུར་ཅིག །ཁྱབ་བརྡལ་ལྷུན་གྲུབ་ལ་སྤེལ། །སྟོན་མཆོག་དེས་གསུང་ཆོས་དགེ་འདུན། །རྣམ་གསུམ་ཐུགས་རྗེའི་མཁའ་ཀློང་ནས། །བྱིན་རླབས་ཆུ་ཁུར་ཕྲེང་བ་དཀྲིགས། །གདུལ་བྱ་མོས་བློའི་ས་གཞི་རུ། །བྱང་ཆུབ་སེམས་གཉིས་པད་ཚལ་རྒྱས། །ཐར་པ་དོན་ལྡན་འབྲས་སྨིན་ཅིང་། །འགྲོ་ལ་ཕན་བདེའི་དཔལ་ཀུན་བསྐྱེད། །རྫོགས་སངས་རྒྱས་ཐོབ་ཉིད་དུ་ཤོག །སྦྱིན་པ་མཐར་ཕྱིན་ངོར་སི་ཏུས་སྨྲས་པ་ཤུ་བྷཾ། །དགེ་བ་འདིས་མཚོན་དུས་གསུམ་བསགས་ཡོད་ཀྱི། །དགེ་ཚོགས་ཐམས་ཅད་གཅིག་ཏུ་བཟླུམས་བྱས་ཏེ། །དགེ་ལེགས་འབྱུང་གནས་དཀོན་མཆོག་གསུམ་ལ་འབུལ། །དགེ་དེས་འབྲེལ་ཐོགས་གྱུར་པའི་སེམས་ཅན་དང་། །ཁྱད་པར་


SPN002_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཡུལ་དེ་དག་སྒྲིབ་གཉིས་ཀྱི། །ཁྱད་པར་ལས་ཀྱིས་སྙེམས་པའི་དབང་གིས་ནི། །ཁྱད་པར་རྩ་བ་ཡན་ལག་དམ་ཉམས་པ། །ཁྱད་པར་ལས་གྱུར་ཇི་སྙེད་སྡོམ་པའི་ཚོགས། །བླ་མེད་མཆོག་གསུམ་དྲུང་དུ་མཐོལ་བཤགས་ནསག །བླ་མེད་བརྩེ་བའི་སྤྱན་གྱིས་ཡོངས་དཀྱུད་དེ། །བླ་མེད་མཆོག་གི་ཚངས་པར་བསྩལ་ནས་ཀྱང་ག །བླ་མེད་སྐུ་བཞིའི་གོ་འཕང་མངོན་གྱུར་ཤོག །ཅེས་ཡར་གླིང་བླ་རྒན་ཀརྨ་མཆོག་དགའ་ནས་སྤུན་ཟླ་གཤིན་པོ་དབུ་ཕྱག་གཉིས་དང་འབྲེལ་ཐོགས་རྣམས་ཀྱི་དགེ་རྩར་བསྐུལ་བཞིན་འཕེན་གྱི་རྒྱབ་བྱང་དུ་སི་ཏུས་སྤེལ། །སྐྱབས་གནས་དཀོན་མཆོག་བྱང་སེམས་འཕགས་པའི་ཚོགས། །ཕྱོགས་བཅུའི་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ། །བདག་ནི་ཐོག་མེད་དུས་ནས་ད་ལྟའི་བར། །ལུས་ངག་ཡིད་ཀྱིས་མི་དགེའི་ལས་སྤྱོད་པ། །རང་བཞིན་ཁ་ན་མ་ཐོའི་སྤྱོད་པ་ཀུན། །ཐར་མེད་འཇིག་རྟེན་ལས་ངན་བསགས་པའི་རྒྱུས། །མི་དགེའི་ལས་གྱུར་ཐམས་ཅད་མཐོལ་ལོ་བཤགས། །སྔར་བྱས་སྡིག་པ་མ་ལུས་བཤགས་པར་བགྱི། །ཕྱིན་ཆད་མི་བགྱིད་དམ་བཅའ་སྙིང་ནས་བཟུང་། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །མ་ནོར་ལམ་སྟོན་བླ་མ་དམ་པ་དང་། །འབྲལ་བ་མེད་པར་དམ་ཆོས་སྒོར་ཞུགས་ནས། །སྐྱེ་བ་འདི་ནས་ཚེ་རབས་ཕྲེང་བ་ཀུན། །རྣམ་པར་དག་པའི་ཚུལ་ཁྲིམས་གཙང་མར་གནས། །ཆོས་སྤྱོད་བཅུ་ཡི་སྒྲུབ་པ་མཐར་ཕྱིན་ནས། །རྣམ་མཁྱེན་སངས་རྒྱས་གོ་


SPN002_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་ཐོབ་གྱུར་ཅིག །ཅེས་པ་འདི་ཀུན་དགའ་ཡེ་ཤེས་ནས་བཤགས་སྡོམ་རྒྱུན་ཁྱེར་འདོད་དོན་བཞིན་སི་ཏུས་སྤེལ་བ་དགེ། བཅོམ་ལྡན་འདས་མ་ཏཱ་རེ་ཡི། །བྱིན་རླབས་འོད་དཀར་འདུད་རྩིའི་རྒྱུན། །ཉོན་མོངས་གདུང་སེལ་སྩོལ་བའི་མཐུས། །ཚེ་དཔལ་ཡེ་ཤེས་སྣང་བ་རྒྱས། །མཆོག་ཐུན་དངོས་གྲུབ་དམ་པ་ཐོབ། །གཏན་བདེའི་འབྲས་བུ་སྨིན་གྱུར་ཅིག །ཅེས་ཡ་ཀྲེ་མཆོག་སྦྱིན་སོགས་ཀྱི་ངོར་སྤེལ་བ་ཛ་ག་ཏཾ། །རྒྱལ་ཀུན་ངོ་བོ་ཀརྨ་པ། །མཐོན་མཐིང་ཅོད་པན་འཆང་བ་པོ། །མཱ་ར་ད་མ་ཀ་བཛྲ། །ཚེ་རབས་ཀུན་ཏུ་མི་འབྲལ་ཞིང་། །ཟབ་དོན་ཆོས་ཀྱི་འདུད་རྩི་ཡིས། །སྨིན་ཅིང་གྲོལ་བའི་ལམ་འགོད་ནས། །བླ་མེད་སྐུ་བཞིའི་རྒྱལ་ས་ཆེ། །རིང་མིན་མྱུར་དུ་ཐོབ་པར་ཤོག །བི་ཛ་ཡས་བསྐུལ་ལྟར་སི་ཏུ་པས་དགེག །ཡིད་བཞིན་འཁོར་ལོ་བཅོམ་ལྡན་མ། །འཕགས་མ་སྒྲོལ་མའི་མཐུ་དཔལ་གྱིས། །ངག་དབང་ཡོན་ཏན་ཞེས་བྱ་བ། །ཚེ་བརྟན་དཔལ་འབྱོར་ཆོས་ལྡན་ཞིང་། །འདོད་དོན་ཡིད་བཞིན་ལྷུན་གྱིས་གྲུབ། །ནམ་ཞིག་མི་གནས་གྱུར་བའི་ཚེ། །ལོངས་སྐུའི་ཞིང་ཁམས་པོ་ཊ་ལར། །པདྨའི་སྤུབས་སུ་འཁྲུངས་གྱུར་ནས། །ཞིང་དེའི་སྟོན་མཆོག་འཇིག་རྟེན་མགོན། །ཞལ་མཐོང་ཆོས་ཀྱི་བདུད་རྩི་ཡིས། །རྒྱུད་གྲོལ་འགྲོ་ལ་སྙིང་རྗེའི་མཐུསག །ཐར་ལམ་སྟོན་ནུས་དེད་དཔོན་ཤོག །ཅེས་ཤོར་ཕུ་ངག་དབང་ཡོན་ཏན་ངོར་སྤེལ། །སྟོབས་བཅུའི་མངའ་བདག་བདེ་བར་གཤེགས། །ཐུབ་མཆོག་བསྟན་


SPN002_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མངའ་བདག་མགོན། །རྣམ་པར་འདྲེན་པ་ཀརྨ་ཀ། གང་གི་ཐུགས་རྗེའི་འོད་རིས་ཀྱིས། །སྲིད་པའི་མུན་སྟུག་རབ་བསལ་ཏེ། །གང་འདིར་མི་མཐུན་ཀུན་གཞིལ་ནས། །ཚེ་དཔལ་ཡེ་ཤེས་སྣང་བ་རྒྱས། །ཡིད་བཞིན་འདོད་དོན་ཡོངས་གྲུབ་པའི། །མྱང་འདས་མྱུར་ཐོབ་བྱིན་གྱིས་རློབས། །ཅེས་མང་ཀྭ་དབང་རྒྱལ་ངོར་ཨ་སྒྲེ་ལ་སྨོན་ལམ་དུ་སྤེལ་བ་སུ་ཛ་ཡནྟུ། །རྩ་གསུམ་སྤྱི་མེས་པདྨ་འབྱུང་། །གང་གི་མཉམ་མེད་བྱིན་རླབས་མཐུས། །ལོག་ཕྱོགས་བདུད་སྡེའི་དཔུང་ཚོགས་ཀྱིས། །གླགས་ལྟར་གྱུར་པའི་བསམ་སྦྱོར་ཞི། །བདེ་ལེགས་དཔལ་ལ་ལོངས་སྤྱོད་ཅིང་། །དོན་གཉིས་མཐར་ཕྱིན་འབྲས་ཐོབ་ནསག །བླ་མེད་སྐུ་བཞིའི་རྒྱལ་ས་ཆེར། །འགོད་པའི་སྐལ་བཟང་ཐོབ་གྱུར་ཅིག །ཅེས་མང་ཀྭ་དབང་རྒྱལ་ནས་བསྐུལ་བཞིན་དཔལ་འབྱོར་ལ་སྨོན་ལམ་དུ་སྤེལ་བ་དགེག །རྒྱལ་བ་ཀུན་གྱི་ཐུགས་བསྐྱེད་མཁའ་ཀློང་ནས། །འཁྲུངས་པའི་རྒྱལ་བསྟན་ཡོངས་རྫོགས་འཛིན་པའི་བདག །སྲིད་གསུམ་མུན་སེལ་དཔལ་ལྡན་ཀརྨ་པ། །ཡི་དམ་ལྷ་དང་ཆོས་སྲུང་མཐུ་བྱིན་གྱིས། །གང་ཞིག་ཉེས་པའི་སྨག་རུམ་རྩད་འབྱིན་ཏེ། །ཡང་དག་ཡེ་ཤེས་པདྨོའི་ཚལ་ཆེན་རྒྱས། །མཆོག་ཐུན་དངོས་གྲུབ་རིང་མིན་མངོན་དུ་གྱུར། །གདོད་མའི་མགོན་པོའི་གོ་འཕང་ཐོབ་པར་ཤོག །ཅེས་པའང་མང་ཀྭ་བསོད་ནམས་ལགས་ཀྱི་ངོར་སྤེལ།


SPN002_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ལྷ་ཡི་ལྷར་གྱུར་བཅོམ་ལྡན་འདས། །འཇིག་རྟེན་མགོན་པོས་ཐུགས་རྗེས་ཉེར་དགོངས་ལ། །སྡུག་བསྔལ་དུཿཁའི་རྒྱ་མཚོར་བྱིང་བ་ཡི། །འགྲོ་དྲུག་སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །དེང་ནས་བཟུང་སྟེ་བླ་མེད་བྱང་ཆུབ་བརག །དལ་རྟེན་བཟང་ཐོབ་དམ་པའི་རྗེས་སུ་ཞུགས། །གསང་སྔགས་རྡོ་རྗེ་ཐེག་མཆོག་སྒོར་འཇུག་ཅིང་། །སྐུ་བཞིའི་དབང་ཕྱུག་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་ལི་ཡུལ་བ་ཨ་ཧྱའི་ངོར་སྤེལ། །ༀ་སྭསྟི། སྟོན་པ་མཚུངས་མེད་ཤཱཀྱའི་རྒྱལ། །དེས་གསུང་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་རིན་ཆེན་རྣམ་གསུམ་གྱི། །བདེན་པའི་བདེན་ཚིག་ཟབ་མོའི་མཐུས། །ངེས་པ་དོན་གྱི་སྙིང་པོ་ཡི། །རིང་ལུགས་དྲི་མེད་ཡུན་དུ་གནས། །དར་རྒྱས་སྲིད་པའི་སྐྱེ་འགྲོ་ཡི། །བསོད་ནམས་དཔལ་དུ་གྱུར་ནས་སུ། །ལྷ་དབང་སྲུང་མའི་མཐུ་སྟོབས་ཀྱིས། །ལོག་ཕྱོགས་བདུད་སྡེ་ཕ་མཐར་བསྐྲད། །ཆོས་ཀྱི་རྒྱལ་མཚན་སྲིད་རྩེར་བསྒྲེང་། །བཀྲ་ཤིས་ལྷུན་གྲུབ་དཔལ་ལྡན་ཤོག །ཅེས་པའང་ཆོས་ཉིད་སྤྲུལ་སྐུས་བསྐུལ་བཞིན་རྒྱལ་བསྟན་འཕེལ་རྒྱས་ཀྱི་སྨོན་ལམ་དུ་སི་ཏུས་སྤེལ་བ་མངྒ་ལཾག །དཀོན་མཆོག་རྩ་གསུམ་ཐུགས་རྗེ་ཡིས། །དེང་འདིར་བསླབ་གསུམ་རྒྱན་ལྡན་པ། །གང་ཁྱོད་ཚེ་རབས་ཐམས་ཅད་དུ། །རྒྱལ་བསྟན་སྙིང་པོའི་སྒོར་ཞུགས་ཤིང་། །མཁའ་ཁྱབ་འགྲོ་བ་ཇི་སྙེད་པ། །


SPN002_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་བའི་དེད་དཔོན་གྱུར་ནས་སུ། །ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི། །གོ་འཕང་དམ་པར་འགོད་གྱུར་ཅིག །ཅེས་པའང་དགེ་རྒྱས་རྟོགས་ལྡན་རབ་འབྱོར་ལ་སྨོན་ལམ་དུ་སྤེལ་བའོ། །འཕགས་མ་དོན་ཀུན་སྒྲུབ་བྱེད་ཀྱི། །བྱིན་རླབས་རི་བོང་འཛིན་པ་ཡིས། །དེང་འདིར་མོས་ལྡན་ཀུ་མུད་ཏ། །བཀྲ་ཤིས་དགེ་བའི་དཔལ་སྤྱོད་པའི། །ཆོས་མཐུན་བསམ་པ་འགྲུབ་པ་དང་ག །དོན་གཉིས་ལྷུན་གྲུབ་འབྲས་ཐོབ་པའི། །རང་བྱུང་དོན་དམ་ལྷན་སྐྱེས་ཀྱི། །གནས་ལུགས་ངོ་བོ་མཐོང་བར་ཤོག །ལི་ཡུལ་མཆོག་སྦྱིན་པའི་དཔལ་ལ་སྨོན་ལམ་དུ་སྤེལ་བ་དགེག །སྐྱབས་ཡུལ་མཆོག་གསུམ་དམ་པའི་མགོན། །བདེ་གཤེགས་ལྷ་རྣམས་ཀུན་གྱི་ལྷ། །རྣམ་འདྲེན་རྒྱལ་དང་དེ་སྲས་ལ། །དང་བའི་ཡིད་ཀྱིས་ཕྱག་འཚལ་ནས། །བླ་མེད་མཆོད་སྤྲིན་རྒྱ་མཚོ་འབུལ། །ནོངས་པར་གྱུར་པའི་ལས་རྣམས་འཆགས། །གཞན་ཕན་སྤྱོད་ལ་རྗེས་ཡི་རངས། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །བདག་ནི་དེང་བཟུང་བྱང་ཆེན་བར། །ངེས་པ་དོན་གྱི་རིང་ལུགས་ཀྱི། །སྒོར་ཞུགས་ལམ་སྟོན་བླ་མ་ཡིས། །རྗེས་བཟུང་སྨིན་ཅིང་གྲོལ་གྱུར་ནས། །མཁའ་དང་མཉམ་པའི་སེམས་ཅན་རྣམས། །བྱང་གྲོལ་ལམ་ལ་འགོད་གྱུར་ཅིག །ཅེས་སྔགས་རྒྱུད་སྦྱིན་པའི་ངོར་སྨྲས་པ་ཛ་ཡནྟུ། །


SPN002_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་གཅིག་བསྡུས་ངོ་བོ་ཉིད། །པདྨཱ་ཀ་རའི་ཐུགས་བསྐྱེད་ལས། །འཁྲུངས་པའི་རྒྱལ་བསྟན་ཡོངས་རྫོགས་འཛིན། །པད་དཀར་འཆང་བ་ཐམས་ཅད་མཁྱེན། །གང་གི་ཐུགས་རྗེའི་འོད་ཟེར་གྱིས། །སྐལ་ལྡན་བློ་ཡི་སྐྱེད་ཚལ་དུ། །བྱང་ཆུབ་སེམས་གཉིས་འདབ་རྒྱས་ཤིང་། །བདེ་གཤེགས་སྙིང་པོའི་དོན་རྟོགས་ཤོག །ཅེས་བརྩོན་འགྲུས་ཞེས་པའི་ངོར་སྤེལ་བ་དགེ། སྐྱབས་གསུམ་ཐུགས་རྗེའི་ཀློང་ཡངས་ནས། །བྱིན་རླབས་འོད་སྟོང་ལྡན་པ་འཕྲོག །འགྲོ་བའི་ལས་ཉོན་སྒྲིབ་མུན་བཅོམ། །སྐལ་ལྡན་མོས་པའི་སྐྱེད་ཚལ་དུ། །དད་གསུམ་རྣམ་དག་པད་དཀར་བཀྲ། །བསླབ་གསུམ་རྣམ་དག་དྲི་བསུང་ཅན། །ཀརྨ་རྣམ་དག་ཆོས་ཚུལ་ལྡན། །མོས་གུས་རྣམ་དག་འབྱོངས་པར་ཤོག །དེང་ནས་བྱང་ཆེན་མ་འགོད་བར། །ཡོངས་འཛིན་དམ་པས་རྗེས་བཟུང་སྟེ། །སྨིན་གྲོལ་ལམ་བཟང་མྱུར་ཐོབ་ནས། །སྐུ་བཞིའི་བདག་ཉིད་འགྱུར་བར་ཤོག །དཀོན་མཆོག་རྒྱ་མཚོའི་བདེན་སྟོབས་དང་། །ཆོས་དབྱིངས་དོན་དམ་བདེན་བའི་མཐུས། །སྨོན་ལམ་འབྲས་བུ་ཇི་སྙེད་པ། །རིང་པོར་མི་ཐོགས་འགྲུབ་གྱུར་ཅིག །ཅེས་སྨུག་པོ་གནས་ཀྱི་ཀུན་སྤོང་དཀོན་སྐྱབས་ངོར། རྣམ་དག་ལ་སྨོན་ལམ་དུ་སྤེལ་བ་ཛ་ག་ཏཾ། །སྲིད་ཞིའི་དཔལ་གྱུར་མགོན་པོ་མཆོག །དཔག་དཀའི་ཕྲིན་ལས་འོད་སྟོང་ཅན། །དཔལ་ལྡན་རྗེ་བཙུན་ཀརྨ་པའི། །ཐུགས་རྗེའི་བྱིན་རླབས་མི་


SPN002_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བཟད་པས། །ཐར་འདོད་སྐལ་བཟང་པདྨོའི་ཚལག །ལོག་ཕྱོགས་སྨག་རུམ་དྲུངས་ཕྱུང་ནས། །དགེ་ཚོགས་འདབ་སྟོང་སྤྲོ་བཞིན་དུ། །རྣམ་ཀུན་རྗེས་སུ་འཛིན་པར་ཤོག །ཅེས་པའང་ཀརྨ་ཚེ་བརྟན་ལ་སྤེལ། །རབ་འབྱམས་རྒྱལ་བའི་མཐུ་བྱིན་གྱིས། །ཚེ་རབས་གཏན་དགེའི་དཔལ་ཐོབ་སྟེ། །ཟབ་མོ་ཆོས་ཀྱི་སྨིན་གྲོལ་ཐོབ། །སྐྱེ་དགུ་ཡོངས་ལ་སྨན་གྱུར་ཅིག །མཆོག་གསུམ་འདུས་ཞལ་ཀརྨ་པ། །རྩ་གསུམ་ལྷ་ཡི་བདེན་པ་དང་། །ཆོས་དབྱིངས་བསམ་མི་ཁྱབ་བའི་མཐུས། །དེ་ལྟར་སྨོན་ལམ་མྱུར་འགྲུབ་ཤོག །ཅེས་པའང་ཨ་ཁྱིང་ཞེས་པའི་ངོར་སྤེལ་བ་སརྦ་ཛ་ག་ཏཾ། །དཀོན་མཆོག་རྒྱ་མཚོའི་བྱིན་རླབས་ཀྱིསག །མཐའ་ཀླས་སེམས་ཅན་མ་ལུས་ཀུན། །འདྲེན་པའི་གཉེན་དུ་གྱུར་ནས་སུ། །བསྟན་འགྲོའི་བཙས་སུ་སྨིན་པ་ཡི། །ཇི་ལྟར་ཡིད་ལ་གང་འདོད་པ། །མ་ལུས་འགྲུབ་པའི་རྒྱུར་གྱུར་ཅིག །ཚ་ཀོ་བ་ཁྲོ་ཆུ་དགེ་སློང་ཡེ་ཤེས་ལའོ། །རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་ཉིད། །དཔལ་ལྡན་སངས་རྒྱས་གཉིས་པ་མཆོག །འཆི་མེད་རིག་འཛིན་པདྨ་འབྱུང་། །གང་གི་གསང་གསུམ་མི་ཟད་པ། །དཔག་མེད་ཡོན་ཏན་སྟོབས་དག་གིས། །སྐྱེ་འགྲོ་ཕན་དང་བདེ་བའི་གཞིར། །ངེས་དོན་སྙིང་པོའི་རིང་ལུགས་ཀུན། །མི་ནུབ་ཕྱོགས་མཐར་ཁྱབ་གྱུར་ཅིག །ཅེས་ཕན་བདེ་ལ་སྨོན་ལམ་དུ་སྤེལ། །


SPN002_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུར་བཞུགས་པའི་རྒྱལ་བ་ཡི། །གསང་གསུམ་གཅིག་བསྡུས་ཀརྨ་པ། །མགོན་དེའི་བརྩེ་ཆེན་ཡེ་ཤེས་ཀྱི། །ཐབས་མཁས་ཟབ་མོའི་སྣང་བ་ཡིས། །སྐལ་ལྡན་འཁོར་མཚོ་བརྒལ་འདོད་དག །ངེས་འབྱུང་མོས་གུས་རྫིང་ལ་བརྟེན། །དག་པའི་ཁང་བཟང་རིན་ཆེན་གླིང་། །སྐུ་བཞིའི་ནོར་བུ་ཐོབ་པར་ཤོག །ཇི་སྲིད་དེ་མ་ཐོབ་ཀྱི་བར། །དཔལ་ལྡན་ཀརྨ་ཀཾ་ཚང་གི། །བསྟན་པའི་སྒོར་ཞུགས་ཡང་དག་གི། །ལམ་སྟོན་རྡོ་རྗེ་སློབ་དཔོན་དང་། །མི་འབྲལ་སྒོ་གསུམ་ཆོས་སྤྱོད་ཀྱི། །སྒྲུབ་པ་མཐར་ཕྱིན་སྐྱེ་དགུ་རྣམས། །ལེགས་པའི་ལམ་ལ་དཀྲི་བ་ཡི། །ཕྲིན་ལས་རྒྱ་ཆེར་སྟོན་ནུས་ཤོག །ཅེས་པའང་འཇང་རི་སྨུག་པོའི་རྟོགས་ལྡན་པ་དཀོན་མཆོག་སྐྱབས་ནས་བསྐུལ་བཞིན་སི་ཏུས་སྤེལ་བ་མངྒ་ལཾ། །དཔལ་ལྡན་སྟོབས་བཅུ་མངའ་བ་དེ་བཞིན་གཤེགས། །ཞི་བ་ཆགས་བྲལ་དམ་པའི་ཆོས་མཆོག་དང་། །བསླབ་ལྡན་ངུར་སྨྲིག་འཆང་དབང་སཾ་གྷ་ཤྲཱིི། །བླ་མེད་དཀོན་མཆོག་གསུམ་གྱི་བདེན་པ་ཡིས། །ཡུལ་རིས་ས་ཕྱོགས་གྲོང་རྡལ་འདིར་གནས་པའི། །དཔའ་བོ་ཌཱ་ཀི་གནས་སྲུང་ཡུལ་ལྷར་བཅས། །མ་ལུས་རྒུད་པའི་མཚན་མ་གཏན་ནས་ཞི། །སངས་རྒྱས་བསྟན་དང་སྐྱེ་དགུའི་དཔལ་ཡོན་ཚོགས། །གོང་དུ་འཕེལ་ཞིང་སྐྱོང་བའི་རྩལ་དྲག་ལྡན། །དེ་ཡི་མཐུ་ལས་གནས་ལྗོངས་འདི་ཉིད་དུ། །མི་ཕྱུགས་ནད་དང་ལོ་ཉེས་འཁྲུགས་རྩོད་ཞི། །ཆར་ཆུ་དུས་འབབ་


SPN002_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་བཅུད་ལོ་ཏོག་འཕེལ། །བསྟན་པའི་སྙིང་པོ་སྒྲུབ་བརྒྱུད་དར་ཞིང་རྒྱས། །ལོག་འདྲེན་བདུད་རིས་ཐལ་བར་བརླག་གྱུར་ཅིག །མདོར་ན་སེམས་ཅན་རྣམས་ནི་མ་ལུས་པ། །བྱང་ཆུབ་སེམས་དང་ནམ་ཡང་འབྲལ་མེད་ཤོག །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་གྱུར་ཅིང་། །རྣམ་པར་དག་པའི་དགེ་ལ་གཞོལ་བ་དང་ག །མཐར་ཐུག་སྐུ་བཞིའི་བདག་ཉིད་འགྲུབ་གྱུར་ནས། །རྣམ་ཀུན་བཀྲ་ཤིས་སྣང་བས་ཁྱབ་གྱུར་ཅིག །ཅེས་ཡ་ཀྲེ་མང་ཀྭ་དང་ཏེ་པུའི་ཡུལ་མི་རྣམས་ཀྱིས་གནས་གང་ལ་ཡང་དགེ་བའི་སྨོན་ལམ་བསྐུལ་བར་བརྟེན། མཆུ་ཟླའི་དཀར་ཕྱོགས་བཟང་པོར་ཐུབ་བསྟན་ཆོས་གླིང་ནས་སྤེལ་བར་དགེ་ལེགས་འཕེལ། །ཨཱཪྱ་ཏཱ་རེའི་ཐུགས་རྗེའི་མཁའ་ཀློང་ནས། །རྨད་བྱུང་བྱིན་རླབས་ཆུ་འཛིན་ཕྱོགས་བཅུར་གཡོ། །དགེ་ལེགས་འདོད་པ་འཇོ་བའི་ཆར་ཆེན་འབེབས། །དེང་འདིར་སྐལ་ལྡན་འཛིན་མའི་གཞི་འདི་རུག །ཕན་དང་བདེ་བའི་རྐང་འཐུང་རྒྱས་གྱུར་ཏེ། །བྱང་གྲོལ་ལམ་གྱི་འབྲས་བུ་ཡོངས་སུ་སྨིན། །ཡིད་ཅན་འགྲོ་བའི་གཉེན་དུ་གྱུར་ནས་སུ། །རྒྱལ་བསྟན་གསལ་བར་བྱེད་པའི་གསོས་སུ་ཤོག །ཅེས་ཁྲ་འབུ་མང་ཀྭ་བའི་འདོད་དོན་ལྟར་ཆོ་འཕྲུལ་ཅན་གྱི་ཡར་ཚེས་ལ་སྤེལ། །རིགས་ཀུན་གཙོ་བོ་དྲུག་པ་རྡོ་རྗེ་འཆང་། །པྲཛྙཱ་བྷ་དྲ་ནཱ་རོ་པཎ་ཆེན་སོགས། །ཟུང་འཇུག་ཕྱག་རྒྱ་ཆེན་པོ་བཀའ་བརྒྱུད་ཀྱི། །གྲུབ་པའི་དབང་པོ་མཆོག་རྣམས་ཐུགས་རྗེའི་མཐུས། །ཀརྨ་དར་རྒྱས་དེང་བཟུང་


SPN002_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་བར། །དལ་བརྒྱད་འབྱོར་བཅུ་ལྡན་པའི་ལུས་བཟང་ཐོབ། །ཡང་དག་ལམ་སྟོན་ཡོངས་འཛིན་དམ་པ་མཇལ། །ཟབ་དོན་ཆོས་ཀྱི་བདུད་རྩིར་ལོངས་སྤྱོད་ནས། །གདོད་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི། །རང་བྱུང་གཉུག་མའི་ངོ་བོ་གནས་མཐོང་ཞིང་། །གཞན་ཕན་བྱང་སེམས་སྤྱོད་པ་རྒྱ་ཆེན་གྱིས། །སྲིད་མཚོ་བརྒལ་བའི་དེད་དཔོན་ཉིད་གྱུར་ཅིག །ཅེས་ལི་ཡུལ་པ་ཀརྨ་དར་རྒྱས་ངོར་སྤེལ་བ་དགེ་ཚོགས་ཡར་ཟླ་ལྟར་འཕེལ་རྒྱས་སུ་གྱུར་ཅིག །རྒྱལ་ཀུན་ངོ་བོ་གུ་རུ་རྗེག །སློབ་དཔོན་པདྨ་སཾ་བྷ་ཝའི། །བྱིན་རླབས་ཉིན་བྱེད་འོད་སྟོང་གིས། །སྐལ་ལྡན་སྙིང་གི་པདྨོའི་ཚལ། །གསལ་བར་བྱས་སོ་ཐུགས་རྗེའི་བདག །དེང་བཟུང་བླ་མེད་བྱང་ཆུབ་བར། །བརྩེ་བས་རྗེས་འཛིན་མཆོག་གི་ལམ། །འགོད་པའི་སྐལ་བཟང་ལྡན་གྱུར་ཅིག །ཅེས་དབང་རྒྱལ་ལགས་ཀྱི་ཐང་སྐུའི་རྒྱབ་ཟུང་དུ་སྤེལ་བ་དགེ། སྟོན་མཆོག་ཐུགས་རྗེའི་ཀློང་ཡངས་ནས། །བསྟན་བའི་སྣང་བྱེད་ཀརྨ་པ། །དངོས་གྲུབ་ཆུ་འཛིན་ཝཱ་ར་ཧི། །མ་ཧཱ་ཀཱ་ལ་དབྱར་རྔའི་བདག །ནོར་འཛིན་ཞིང་གི་ཁྱོན་ཡངས་པོར། །རྒྱལ་བསྟན་པདྨོའི་ཚལ་ཇི་སྙེད། །རབ་རྒྱས་མོས་ལྡན་བུང་བའི་ཚོགས། །དམ་པའི་རྩི་ཡིས་འཚོ་གྱུར་ཅིག །ཅེས་ལི་ཡུལ་བ་དགེ་སློང་སྒྲུབ་མཆོག་ངོར་ཐང་ཀའི་རྒྱབ་ཟུང་དུ་སྤེལ། །བཅོམ་ལྡན་རྒྱལ་བ་རྣམ་སྣང་མཛད། །ལྷ་ཚོགས་མ་ལུས་འཁོར་བཅས་ཀྱིས། །མཁའ་ཁྱབ་འགྲོ་བའི་ལས་


SPN002_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ལས། །བྱུང་བའི་ངན་སོང་སྦྱོང་དུ་གསོལ། །བདེ་བར་གཤེགས་དང་རྒྱལ་སྲས་ཚོགས། །སློབ་མར་བཅས་པའི་ཐུགས་རྗེའི་འོད། །བདག་སོགས་ནོངས་པའི་སྨག་རུམ་རྣམས། །རབ་ཏུ་བསལ་བའི་དབུགས་དབྱུང་སྩོལ། །ཅེས་དགེ་སློང་སྐལ་བཟང་གི་བྱིན་རྟེན་ཐང་ཀ་ལའོ། །སྟོན་མཆོག་རྒྱལ་དང་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་དགེ་འདུན་བླ་མེད་མཆོག་གསུམ་གྱི། །དཀྱིལ་འཁོར་རྒྱ་མཚོ་ཡོངས་ཀྱི་གཙོ་མཆོག་དཔལ། །དེང་འདིར་བརྩེ་བས་ཉེར་དགོངས་གསན་དུ་གསོལ། །བསྟན་དང་འགྲོ་བའི་བཙས་གྱུར་སྤྲུལ་པའི་སྐུ། །ཕན་བདེ་ཆོས་སྤྱོད་བཅུ་ཡི་སྒྲུབ་པ་འཕེལ། །རྒྱལ་བའི་རིང་ལུགས་སྙིང་པོར་སྲི་ཞུ་སོགས། །མཐར་ཕྱིན་རྟག་པར་གེགས་མེད་འབྱུང་གྱུར་ཅིག །ཅེས་ཁམས་སྨྱོན་སྤྲུལ་སྐུའི་བཞེད་ལྟར་སི་ཏུས་སྤེལ། །དཀོན་མཆོག་གསུམ་གྱི་བྱིན་རླབས་མཐུས། །དུས་གསུམ་བསགས་པའི་དགེ་ཚོགས་ཀྱི། །བསྟན་འཛིན་ཞབས་བརྟན་འགྲོ་བ་རྣམས། །བྱང་ཆུབ་ཆེན་པོ་ཐོབ་ཕྱིར་བསྔོ། །ལྷ་རྡོག་ངོར་སྤེལ། །དཀོན་མཆོག་ཀུན་འདུས་ཐུགས་རྗེའི་འོད། །སྣང་བྱེད་དམ་པས་དེང་འདི་རུ། །སྒྲིབ་གསུམ་བག་ཆགས་རྩད་འབྱིན་ནས། །བྱང་གྲོལ་ལམ་བཟང་ཐོབ་གྱུར་ཅིག །དཔལ་སྦས་ལའོ། །སྐྱབས་ཡུལ་དམ་པའི་མཐུ་དཔལ་ལས། །དེང་བཟུང་བྱང་ཆུབ་མ་ཐོབ་བར། །


SPN002_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མཐུན་དགེ་བའི་སེམས་ལྡན་ཞིང་། །གྲུབ་པའི་རྗེས་འཛིན་སངས་རྒྱས་ཤོག །སྔགས་འཆང་པདྨ་རྒྱལ་པོ་ལ་སྤེལ། །བདེ་ཆེན་འཁོར་ལོར་རྟག་བཞུགས་པའི། །གངས་ཅན་མགོན་པོ་ཀརྨ་ཀ། མི་འབྲལ་བརྩེ་བས་རྗེས་བཟུང་སྟེ། །བྱང་ཆུབ་སེམས་ལ་དབང་འབྱོར་ཤོག །དབང་ཕྱུག་ངོར་སྤེལ། །ནམ་མཁའ་མཛོད་བཞིན་ལོངས་སྤྱོད་ཀྱིག །དབང་ཕྱུག་དབང་སྒྱུར་རྣམ་ཐོས་སྲས། །རེ་མནྟ་ཡི་མཐུ་དཔལ་གྱིས། །དེང་འདིར་ཉེར་འཚེ་ཀུན་བྲལ་ཤོག །ཨ་ལྷུན་ངོར་སྤེལ། །རྒྱལ་ཀུན་སྤྱི་གཟུགས་པདྨའི་ཐུགས་རྗེའི་འོདག །དེང་འདིར་འགྲོ་བློའི་རྒྱུད་ཀྱི་མུན་པའི་ཚོགས། །ཕ་མཐར་བསྐྲད་ཅིང་ཐར་པ་ལམ་བཟང་གི། གོ་འཕང་དམ་པ་ཚེགས་མེད་ཐོབ་གྱུར་ཅིག །ཅེས་བཀའ་བརྒྱུད་ཆོས་འཕེལ་ངོར་སྤེལ། །རྒྱལ་ཀུན་སྤྱི་མེས་པདྨ་འབྱུང་། །གང་དེའི་ཐུགས་རྗེའི་འོད་སྣང་གིས། །སྐལ་ལྡན་ཉོན་མོངས་སྒྲིབ་ཚོགས་རྣམས། །དྲུངས་ནས་ཕྱུང་སྟེ་རྣམ་པར་གྲོལ། །ཐར་པ་མཆོག་གི་ལམ་བཟང་ལ། །མྱུར་དུ་འགོད་པའི་དཔལ་ཐོབ་ཅིང་། །འགྲོ་བའི་དེད་དཔོན་དམ་པ་རུ། །དབུགས་དབྱུང་ཡོངས་སུ་ཐོབ་པར་ཤོག །དཔོན་དགེ་ལེགས་ངོར་སྤེལ། །རྒྱལ་ཀུན་ཕྲིན་ལས་མཛོད་འཛིན་པ། །པད་འབྱུང་སྒྱུ་འཕྲུལ་རོལ་པ་ལས། །གྲུབ་པའི་དབང་ཕྱུག་ཡོངས་ཀྱི་རྒྱན། །རྡོ་རྗེ་དྲག་པོའི་ཞབས་པདྨོ། །བདེ་ཆེན་འཁོར་ལོར་


SPN002_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་མེད་པར། །བརྩེ་བས་རྗེས་འཛིན་ཐར་མཆོག་གི། ལམ་བཟང་དམ་པར་མྱུར་བ་རུ། །འགོད་པའི་སྐལ་བཟང་ཐོབ་གྱུར་ཅིག །གདོང་ངེ་བན་ཆུང་ངོར་སྤེལ། །སྐུ་གསུམ་སྟོན་པ་པདྨ་འབྱུང་། །གང་གི་ཐུགས་རྗེའི་མཁའ་དབྱིངས་ལས། །འཆར་བའི་ཕྲིན་ལས་རོལ་པ་མཆོག །འདྲེན་པའི་དཔལ་གྱུར་ཀརྨ་པ། །རྗེ་བཙུན་བདུད་འདུལ་རྡོ་རྗེའི་ཞབས། །སྐྱེ་ཀུན་འབྲལ་བ་མེད་པ་དང་། །ངེས་འབྱུང་བྱང་ཆུབ་སེམས་ལྡན་ཞིང་། །སྒྲུབ་པ་མཐའ་རུ་ཕྱིན་པ་དང་། །ཚེ་དཔལ་མཐའ་རུ་ཕྱིན་པ་དང་། །རང་གཞན་དོན་གཉིས་མཐར་ཕྱིན་ཞིང་། །སྐུ་བཞིའི་གོ་འཕང་མཐར་ཕྱིན་ཤོག །དགེ་སློང་ཀརྨ་མཐར་ཕྱིན་ངོར་སྤེལ། །རྒྱལ་བའི་ཐུགས་བསྐྱེད་རྨད་བྱུང་བས། །དེང་འདིར་དགེ་བའི་ཚོགས་འཕེལ་ཞིང་། །རྣམ་ཀུན་སྙིང་རྗེས་རྒྱུད་བརླན་ཅིང་། །བསྟན་འགྲོའི་དོན་ཆེན་འགྲུབ་གྱུར་ཅིག །སངས་རྒྱས་བླ་མའི་ངོར་སྤེལ། །རྒྱལ་ཀུན་སྤྱི་དཔལ་པད་འབྱུང་གི། །ཐུགས་རྗེའི་འཇུག་པ་ཟབ་མོ་ཡི། །དམ་པའི་བདུད་རྩིས་འཚོ་གྱུར་ཏེ། །སྐུ་བཞིའི་གོ་འཕང་མངོན་དུ་ཤོག །བླ་མ་རིག་བྱེད་ངོར་སྤེལ། །འཕགས་མའི་ཐུགས་རྗེའི་གཏེར་ཆེན་ལས། །བྱུང་བའི་འོད་དཀར་བདུད་རྩིའི་ཆར། །སྐལ་ལྡན་རྒྱུད་ལ་མྱུར་སྨིན་ནས། །ཚེ་དང་ཡེ་ཤེས་དཔལ་ཐོབ་ཤོག །འབྲོང་པ་བླ་མའི་ངོར་སྤེལ། །བླ་མ་ཡི་དམ་ཆོས་སྲུང་ཚོགས། །


SPN002_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་ལྷ་ཡི་བདེན་པ་ཡིས། །དེང་འདིར་མི་ནོར་དུས་རྟག་ཏུག །བདེ་བའི་དཔལ་ལ་སྤྱོད་གྱུར་ཅིག །ཅེས་པ་ཧོར་ཚང་ངོར་སྤེལ། །སྐྱབས་གནས་བསླུ་མེད་རྒྱལ་དབང་པདྨ་འབྱུང་། །ཐུགས་རྗེའི་བྱིན་རླབས་ཀློང་ཡངས་དམ་པ་ནས། །གཞན་ཕན་སྙིང་རྗེའི་ཆུ་ཁུར་ཕྲེང་བ་ཡིས། །དེང་འདིར་འགྱུར་མེད་ཡེ་ཤེས་འབྲས་སྨིན་ནས། །སྐུ་བཞིའི་གོ་འཕང་ཚེགས་མེད་ཉིད་ཐོབ་ཤོག །སྐྱིད་ཕུག་སྤྲུལ་སྐུའི་བཞེད་ལྟར་སྤེལ། །དབྱིངས་ཀྱི་ཁྲོ་རྒྱལ་ཧེ་རུ་ཀ། པདྨ་ཐོད་ཕྲེང་བྱིན་རླབས་ཀྱིས། །དེང་འདིར་ཉེར་འཚེ་ཀུན་བྲལ་ནས། །ཆོས་སྐུའི་བདག་ཉིད་ཐོབ་པར་ཤོག །ཆོས་རྒྱལ་ངོར་སྤེལ། །རྒྱལ་བའི་ཡུམ་གྱུར་ཏཱ་རེ་མས། །འཁོར་བའི་འཇིགས་ལས་བསྒྲལ་བ་དང་། །ཡེ་ཤེས་ཚེ་དཔལ་དབང་འབྱོར་ཞིང་། །དོན་གཉིས་ལྷུན་གྱིས་གྲུབ་གྱུར་ཏེ། །པོ་ཊ་ལ་ཞིང་དག་པའི་གནས། །ཚེགས་མེད་བདེ་བླག་ཉིད་བགྲོད་ནསག །འཕགས་མའི་སྲས་སུ་དབང་བསྐུར་བའི། །ངེས་ལམ་མཐར་ཐུག་ཐོབ་པར་ཤོག །དགེ་སློང་ཀརྨ་ཆོས་འཛིན་ངོར་སྤེལ། །དཔག་ཡས་རྒྱལ་བའི་ཐུགས་བསྐྱེད་ཀྱི། །འཇུག་པ་ཟབ་མོའི་དཔལ་དམ་པས། །རང་བྱུང་ཡེ་ཤེས་ཕྱག་རྒྱ་ཆེའི། །གནས་ལུགས་ཇི་བཞིན་རྟོགས་གྱུར་ཅིག །གནས་མདོ་བླ་ཆུང་བཞེད་ལྟར་སྤེལ། །རྒྱལ་ཀུན་ཐུགས་རྗེའི་འོད་སྣང་གིསག །དེང་འདིར་སྒྲིབ་པའི་མུན་ཚོགས་རྣམས། །རབ་


SPN002_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་དོན་དམ་དེ་ཁོ་ནའི། །ངོ་བོ་མངོན་དུ་གྱུར་པར་ཤོག །ནུས་ལྡན་ནས་བསྐུལ་བཞིན་སྤེལ། །བཀའ་བརྒྱུད་ཡོངས་ཀྱི་གྲུབ་པའི་འབྱུང་གནས་མཆོག །བཞད་པ་རྡོ་རྗེའི་ཞབས་པད་བྱང་ཆུབ་བར། །འབྲལ་མེད་མཆོད་དོ་དུས་རྣམས་ཀུན་ཏུ་སྐྱོངས། །ཆོས་སྐུ་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ཡི། །གནས་ལུགས་ངོ་བོ་འཁྲུལ་མེད་ཉིད་དུ་རྟོགས། །སྒྲིབ་གཉིས་བག་ཆགས་མ་ལུས་དྲུངས་ཕྱུང་སྟེ། །ཡང་དག་རྫོགས་སངས་རྒྱས་པའི་དཔལ་ཐོབ་ནས། །སྐྱེ་དགུའི་དེད་དཔོན་མྱུར་བ་ཉིད་འགྲུབ་ཤོག །རྟོགས་ལྡན་ཆོས་དབང་དང་དར་རྒྱས་ཟུང་ལ་སྤེལ། །དཔལ་ལྡན་རིགས་ཀུན་ངོ་བོ། །དྲུག་པ་རྡོ་རྗེ་འཆང་ཆེན། །མི་འབྲལ་སྙིང་གི་དབུས་བཞུགས། །འཕགས་ཡུལ་གྲུབ་བརྙེས་དབང་ཕྱུག །ས་ར་ཧ་ཞེས་གྲགས་དེ། །བདེ་ཆེན་འཁོར་ལོར་གུས་མཆོད། །གདོད་ནས་ལྷན་སྐྱེས་སེམས་ཉིད། །གནས་ལུགས་གཉུག་མ་ཆོས་སྐུའི། །རང་ཞལ་མངོན་དུ་གྱུར་ནས། །སྐུ་བཞིའི་གོ་འཕང་རིན་ཆེནག །བདེ་བླག་ཉིད་དུ་ཐོབ་ཅིང་། །རྫོགས་སངས་རྒྱས་ཀྱི་དཔལ་ཤོག །ཅེས་པའང་བསྟན་འཛིན་རིན་པོ་ཆེས་བཞེད་ལྟར་སི་ཏུས་སྤེལ། །སྐྱབས་གསུམ་ཀུན་འདུས་བདག་ཉིད་ཀརྨ་པ། །མ་འོངས་བསྐལ་བཟང་རྣམ་འདྲེན་དྲུག་པ་མཆོག །སེང་གེའི་རྣམ་འཕྲུལ་སྲིད་པ་ཇི་སྲིད་བར། །འགྲོ་བའི་སྐྱབས་སུ་སྒྱུ་འཕྲུལ་རྡོ་རྗེའི་གར། །རིམ་པར་


SPN002_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་པ་རྣམས་ཀྱི་ཐུགས་བསྐྱེད་ལས། །འཁྲུངས་པའི་དགེ་ལེགས་བྱེ་བའི་ཆར་རྒྱུན་གྱིས། །དེང་འདིར་ངེས་འབྱུང་ཐར་པའི་ཞིང་ས་རུ། །བླ་མེད་སྐུ་བཞིའི་ས་བོན་སྨིན་གྱུར་ཏེ། །རྫོགས་སངས་རྒྱས་ཀྱི་ལམ་ལ་འགོད་གྱུར་ཅིག །ཅེས་པ་འདི་ཆགས་མེད་རིན་པོ་ཆེའི་མཆོག་སྤྲུལ་ཀརྨ་བསྟན་འཛིན་ཕྲིན་ལས་ནས་བཞེད་ལྟར་སི་ཏུས་སྤེལ། །རིགས་རྣམས་ཀུན་གྱི་བདག་པོ་མཆོག །བླ་མ་དཔལ་ལྡན་རྡོ་རྗེ་འཛིན། །ཤྲཱི་ཙིཏྟ་བཛྲ་ཞབས། །འབྲལ་མེད་དེང་བཟུང་བྱང་ཆུབ་བར། །སྐྱེ་དང་སྐྱེ་བར་རྗེས་འཛིན་ནས། །དག་པའི་ཞིང་མཆོག་པདྨ་འོད། །རིག་འཛིན་དཔའ་བོ་མཁའ་འགྲོ་ཡི། །ཞལ་མཐོང་བདུད་རྩི་མཉེས་པར་ཤོག །པད་ཆོས་ངོར་སྤེལ། །རྒྱལ་དབང་ཀརྨ་པ་མཆོག་གི། །བྱིན་རླབས་མཐུ་ཡིས་རང་བྱུང་གིག །ཡེ་ཤེས་དོན་དམ་དེ་ཉིད་ཀྱི། །གནས་ལུགས་ཇི་བཞིན་ཉིད་རྟོགས་ཤོག །ཐེག་འཕེལ་ངོར་སྤེལ་བའོ། །དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱི། །ཆར་ཆེན་དབབ་བའི་མཐུ་བྱིན་ལག །བརྟེན་ནས་གདུལ་བྱའི་ཐར་ལམ་ལྗོན། །བསྐྱེད་བསྲིང་བླ་མེད་འབྲས་ཐོབ་ཤོག །ཉི་མའི་ངོར་སྤེལ། །འཆི་མེད་པདྨཱ་ཀ་ར་ཡི། །ཕྲིན་ལས་མི་བཟད་འོད་སྟོང་གིས། །བདུད་བཞི་རྩད་ནས་གཞོམ་པ་དང་། །ཚེ་དཔལ་ཡེ་ཤེས་སྣང་བ་རྒྱས། །རྒྱལ་བསྟན་དྲི་མེད་རིན་པོ་ཆེརག །གསོས་སུ་སྨིན་པའི་བསམ་དོན་ཀུན། །འབད་པ་མེད་པར་འགྲུབ་པ་དང་། །ཕྱག་རྒྱ་ཆེན་པོ་


SPN002_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་གྱུར་ཅིག །སྔགས་འཆང་གུར་དྲག་ངོར་སྤེལ། །གངས་ཅན་མགོན་པོ་པད་དཀར་ཅནག །དབྱེར་མེད་དཔལ་ལྡན་ཀརྨ་པ། །ཆོས་ཀྱི་རྒྱལ་པོ་སྲིད་ཞིའི་མགོན། །མཆོག་གི་ཐུགས་རྗེའི་ཟླ་སྣང་གིས། །མ་རིག་སྒྲིབ་པའི་མུན་བཅོམ་ནས། །ཡང་དག་དོན་གྱི་ལམ་མཐོང་ཞིང་ག །སྐུ་བཞིའི་གོ་འཕང་མྱུར་ཐོབ་ནས། །འགྲོ་བའི་དེད་དཔོན་ཉིད་གྱུར་ཅིག །ཀརྨ་ནོར་བུའི་ངོར་སྤེལ། །སྐྱབས་གསུམ་འདུས་པའི་བདག་ཉིད་མཆོག །རྒྱལ་དབང་ཀརྨ་པ་ཞེས་པ། །ཉི་ཟླ་ལྟར་གྲགས་གང་དེ་ཡིས། །སྐྱེ་ནས་སྐྱེ་བར་རྗེས་འཛིན་ཤོག །ལྷུན་གྲུབ་ངོར་སྤེལ། །རྒྱལ་བའི་ཐུགས་བསྐྱེད་རོལ་པ་ཡིས། །དེང་འདིར་ཉེར་འཚེ་ལས་གྲོལ་ཏེ། །རྣམ་མཁྱེན་ཕྱིར་མི་ལྡོག་པ་ཡི། །གོ་འཕང་བདེ་བླག་ཐོབ་གྱུར་ཅིག །ཆོས་དབྱིངས་ངོར་སྤེལ། །རྒྱལ་བ་ཤཱཀ་ཐུབ་ཐུགས་རྗེའི་འོད། །ཕྱོགས་མཐར་ཁྱབ་པའི་ལེགས་བྱས་ཀྱིས། །འདུལ་བ་ཁྲིམས་ལྡན་དགེ་འདུན་རྣམས། །ཚུལ་ཁྲིམས་ཆོས་ཀྱི་རྒྱལ་མཚན་མཆོག །ཉམས་མེད་གོང་ནས་འཕེལ་བ་དང་། །དེ་མཐུས་ལྷ་ཀླུ་འབྱུང་པོའི་ཚོགས། །ཐམས་ཅད་བདེ་ལྡན་སྡུག་བསྔལ་བྲལ། །མི་རྣམས་སྐྱེ་རྒ་ན་འཆི་ཡི། །ཆུ་བོ་བཞི་ལས་གྲོལ་བ་དང་། །བྱང་གྲོལ་ལམ་ལ་འགོད་གྱུར་ཅིག །དབུ་དཔལ་ལྡན་ངོར་སྤེལ། །ཐུགས་རྗེ་ཐབས་མཁས་སྟོན་པ་ལ། །མི་ཕྱེད་གསོལ་བ་བཏབ་པའི་མཐུས། །བདག་ནི་ཚེ་


SPN002_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

རབས་ཐམས་ཅད་དུ། །སོ་ཐར་བསྟན་པའི་སྒོར་ཞུགས་ནས། །མ་ནོར་སངས་རྒྱས་ལམ་སྟོན་པའི། །བླ་མ་མཆོག་དང་འབྲལ་མེད་ཅིང་། །ཚེ་གཅིག་དམ་ཆོས་ཕྱག་རྒྱ་ཆེ། །ཆོས་སྐུའི་རང་ཞལ་མངོན་གྱུར་ནས། །མཁའ་སྤྱོད་དག་པའི་ཞིང་ཁམས་སུག །ཚེགས་མེད་བདེ་བླག་བགྲོད་གྱུར་ཅིག །དབུ་མཛད་ཆོས་འཛིན་ངོར་བྲིས། །རྒྱལ་དབང་མཚོར་འཁྲུངས་པདྨ་འབྱུང་། །མདོ་སྔགས་གཉིས་ལྡན་སྟོན་མཆོག་ལ། །གསོལ་བཏབ་བདེན་པས་དེང་འདི་རུ། །རྒྱལ་ཁམས་ནད་མུག་འཁྲུགས་རྩོད་དང་། །ཆོས་མིན་བསླུ་བྲིད་ཐར་པའི་གེགས། །ལུས་མེད་རྒྱུད་བསྐུལ་མདའ་ལྔ་པའི། །དབང་གིས་ཉོན་མོངས་དུག་ལྔ་རྣམས། །ཀ་དག་དབྱིངས་སུ་རང་ཡལ་ནས། །ཡེ་ཤེས་སྐུ་རུ་ལྷུན་གྲུབ་ཤོག །བློ་གྲོས་ངོར་སྤེལ། །འདྲེན་པ་མཉམ་མེད་པདྨ་འབྱུང་། །གང་དེའི་བརྩེ་ཆེན་ཐུགས་བསྐྱེད་ལས། །བྱུང་བའི་ཡེ་ཤེས་གངྒཱའི་རྒྱུན། །རྨད་བྱུང་མི་བཟད་འབབས་པའི་མཐུས། །བདག་གཞན་རྒྱུད་ཀྱི་ལས་ཉོན་ལས། །བསྐྱེད་པའི་སྒྲིབ་བཞི་དག་གྱུར་ཏེ། །འབྲས་བུ་སྐུ་བཞིའི་གོ་འཕང་མཆོག །ཚེགས་མེད་བདེ་བླག་ཉིད་ཐོབ་ཤོག །སྒྲུབ་བརྒྱུད་ངོར་བྲིས། །སྟོན་པ་རྒྱལ་དབང་ཀརྨ་པའི། །ཐུགས་རྗེ་ཆེན་པོས་བཟུང་བའི་མཐུས། །ཁ་བ་ཅན་ལྗོངས་སྐྱེ་དགུའི་ཚོགས། །ཀུན་ཀྱང་བྱམས་པའི་སེམས་


SPN002_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞིང་། །རྟག་ཏུ་དམ་ཆོས་སྙིང་པོར་བསྒྲུབ། །དེ་མཐུས་རིགས་དྲུག་ལམ་རྒྱུད་ལྔར། །གནས་པའི་འགྲོ་བ་ཐམས་ཅད་ཀྱང་། །དགེ་དེས་བླ་མེད་མཆོག་ཐོབ་ཤོག །འདུས་བཟང་ངོར་སྤེལ། །མཆོག་གསུམ་བསླུ་མེད་ངོ་བོ་ཉིད། །སངས་རྒྱས་གཉིས་པ་པདྨ་འབྱུང་། །རྒྱལ་བ་གཞན་ལས་ཆེས་འཕགས་པའི། །མཁྱེན་དང་བརྩེ་བའི་རང་བཞིན་ཅན། །གང་དེས་གཞན་ཕན་བྱང་ཆུབ་ཀྱི། །ཐུགས་བསྐྱེད་ལྷ་ལམ་ཡངས་པོ་ནས། །འཆར་བའི་སྒྱུ་འཕྲུལ་རྣམ་རོལ་པ། །རྒྱུ་སྐར་ཕྲེང་ཚོགས་ལྟ་བུ་དང་། །དེ་དབུས་ཕུན་ཚོགས་ལྔ་ལྡན་གྱི། །ཡོན་ཏན་ཆ་ཤས་ཡོངས་གང་བག །སྲིད་འདིའི་སྒྲིབ་པའི་མུན་སེལ་གཉེན། །ཉི་ཟླ་ལྟར་གྲགས་ཀརྨ་པ། །རྒྱལ་མཆོག་བདུད་འདུལ་རྡོ་རྗེ་ཡི། །བྱིན་རླབས་འོད་དཀར་སྤེལ་བའི་མཐུས། །བདག་གཞན་རྒྱུད་ཀྱི་ཉོན་མོངས་པའིག །བག་ཉལ་མུན་པ་དྲུངས་ཕྱུང་སྟེ། །ཚེ་གཅིག་ཕྱག་རྒྱ་ཆེན་པོ་ཡི། །གོ་འཕང་མྱུར་བ་ཉིད་ཐོབ་སྟེ། །གྲུ་འཛིན་ཞིང་མཆོག་དེར་བགྲོད་ནས། །བླ་མེད་ལུང་བསྟན་ཐོབ་གྱུར་ཅིག །དགོན་གསར་ཀརྨ་ཚེ་བརྟན་ངོར་བགྱིས། །རྒྱལ་ཀུན་སྐྱེད་ཡུམ་འཕགས་མ་སྒྲོལ། །གང་དེའི་བྱིན་མཐུས་ཚེ་དཔལ་རྒྱས། །ཆོས་ལྡན་བསམ་དོན་འབད་མེད་འགྲུབ། །རང་བྱུང་ཡེ་ཤེས་ངོ་བོ་ཉིད། །ཆོས་སྐུའི་རང་ཞལ་མངོན་གྱུར་ཏེ། །པོ་ཊ་


SPN002_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡི་ཞིང་མཆོག་ཏུ། །འཕགས་མས་རྗེས་འཛིན་བྱང་ཆུབ་ཆེའི། །འབྲས་བུ་མངོན་དུ་འགྱུར་པར་ཤོག །ཀརྨ་ཆོས་དབྱིངས་ངོར་སྤེལ། །དེ་ལྟར་དགེ་ཚོགས་ནམ་མཁའི་མཐའ་འགེངས་པའི། །ལེགས་བྱས་རྒྱ་མཚོའི་རླབས་ལས་དྲངས་པ་ཡིས། །སྨོན་པའི་བསམ་དོན་ཡིད་བཞིན་དབང་རྒྱལ་ལྟར། །འབད་མེད་ཉིད་དུ་འགྲུབ་པར་གྱིས་རློབས། །རྒྱལ་བསྟན་སྙིང་པོར་གྱུར་པའི་ཀཾ་ཚང་གི། །ངེས་དོན་རིང་ལུགས་ཕྱོགས་མཐར་ཁྱབ་ཡུན་གནས། །དེ་འཛིན་རྣམས་ཀྱང་ཕྲིན་ལས་རབ་འཕེལ་ཞིང་། །གང་འདིར་ཚེ་བསོད་ཡེ་ཤེས་རབ་ཏུ་རྒྱས། །སྐྱེ་ཀུན་སྙིང་པོའི་བསྟན་པ་སྤེལ་ནུས་པའི། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རྒྱུད་སྨིན་ནས། །སྐལ་ལྡན་འགྲོ་སྒྲོལ་མཐར་ཐུག་སངས་རྒྱས་ཀྱི། །གོ་འཕང་དམ་པ་མྱུར་ཐོབ་བྱིན་རློབས་ཤོག །ལྷ་བཟོ་སྤྲུལ་སྐུ་པའི་བཞེད་ལྟར་སྤེལ། །མཆོག་གསུམ་རྒྱལ་བའི་ཐུགས་བསྐྱེད་ཀྱི། །དཔག་བསམ་ལྗོན་པ་ལ་བརྟེན་ནས། །འགྲོ་བའི་ཉོན་མོངས་ཚ་གདུང་དག །བྱམས་པའི་བསིལ་གྲིབ་དམ་པ་ཡིས། །བདེ་ནས་བདེ་བར་འཚོ་གྱུར་ཅིག །ནམ་ཡང་སྐྱེ་བ་བརྒྱུད་མ་རུ། །རྒྱལ་དབང་ཀརྨ་པ་དེ་ཡིས། །རྗེས་འཛིན་མྱ་ངན་འདས་ཐོབ་ཤོག །བདེ་དགའི་ངོར་སྤེལ། །གངས་ཅན་ལྷ་གཅིག་སྤྱན་རས་གཟིགས། །ཐ་མི་དད་པ་ཀརྨ་པ། །ཕྱོགས་དུས་རྒྱལ་བའི་གསང་གསུམ་གྱི། །ཡོན་ཏན་འཛིན་ལ་དབང་སྒྱུར་


SPN002_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །མགོན་དེས་སྐྱེ་དང་སྐྱེ་བ་ནས། །ཐུགས་རྗེས་འབྲལ་མེད་སྐྱོང་བ་དང་། །ཆོས་ལྡན་དཔལ་འབྱོར་ལྷུན་གྲུབ་ཅིང་ག །མཐར་ཐུག་བྱང་གྲོལ་ལམ་འགོད་ཤོག །རྒྱ་མཚོའི་ངོར་སྤེལ། །རྩ་གསུམ་ཐུགས་རྗེའི་འོད་སྣང་གིས། །དེང་འདིར་ཉེས་གསུམ་མུན་གཞོམ་ནས། །སྒོ་གསུམ་སྒྲིབ་ཚོགས་རྩད་འབྱིན་ཅིང་། །མཐར་ཐུག་སྐུ་གསུམ་ཡོངས་ཐོབ་ཤོག །ཅེས་པའམ་དབང་འཛིན་ངོར་སྤེལ། །གངས་ཅན་ལྷ་གཅིག་པདྨ་ཅན། །གང་གི་བྱང་ཆུབ་རླབས་ཆེན་གྱིས། །རིགས་དྲུག་སེམས་ཅན་སྡུག་བསྔལ་ལས། །སྒྲོལ་ཏེ་ལམ་བཟང་འགོད་གྱུར་ཅིག །འཇང་ཚེ་དབང་མགོན་པོས་བསྐུལ་བཞིན་སྤེལ། །བདེ་ཆེན་ཞིང་མགོན་འཆི་མེད་ཚེ་མཆོག་བདག །བཅོམ་ལྡན་མགོན་པོ་ཚེ་འོད་དཔག་མེད་ལ། །ཕྱག་འཚལ་མཆོད་འབུལ་ནོངས་འཆགས་ཡི་རང་ངོ་། །འགྲོ་བའི་དོན་བསྐུལ་གསོལ་འདེབས་དགེ་ཚོགས་ཀུན། །བདག་གཞན་ཐར་པའི་གྲོང་མཆོག་ཉམས་དགའ་བར། །འཇུག་པའི་ཕྱིར་བསྔོ་སྐྱེ་དང་སྐྱེ་བ་ནས། །ཕྱིན་དྲུག་དང་ལྡན་དོན་ལ་རབ་གནས་ཏེ། །སྐྱེ་རྒ་ན་འཆིའི་འཇིགས་ལས་གྲོལ་བར་ཤོག །སྦྱིན་པའི་སྟོབས་རྫོགས་རྣམ་ཐོས་སྲས་པོ་ཡི། །འདོད་དགུའི་དཔག་བསམ་མྱུར་དུ་སྨིན་པ་དང་། །ཉེར་འཚེ་ལས་གྱུར་མི་མཐུན་སྡེ་རིས་བཅས། །ཚར་གཅོད་རྗེས་འཛིན་ཕྲིན་ལས་མཛད་དུ་གསོལ། །ལྷ་བྲིས་ཚེ་དབང་དར་རྒྱས་ངོར་སྤེལ། །ཀྱེ་མ། རྣམ་པར་སྨིན་པའི་ལས་


SPN002_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དྲག་བོ་ཡིས། །གང་ཞིག་དུས་འདིར་དེར་སྣང་བྱོལ་སོང་ལུསག །བདག་གིས་བཟུང་དང་མ་བཟུང་ཇི་སྙེད་པ། །ཀུན་ཀྱང་མི་རྟག་ཆུ་བུར་ཡལ་མ་ཐག །བདེ་བ་ཅན་ཞེས་སྣང་མཐའི་ཞིང་ཁམས་སུ། །བརྫུས་ཏེ་སྐྱེས་ནས་སྟོན་མཆོག་ཞལ་མཐོང་ཤོག །དེ་མ་ཐོབ་བར་སྐྱེ་དང་ཚེ་རབས་སུ། །བདེ་དགའི་དཔལ་སྤྱོད་དལ་འབྱོར་རྟེན་བཟང་ཐོབ། །སྒྲུབ་བརྒྱུད་རིན་ཆེན་བསྟན་པའི་སྒོར་ཞུགས་ནས། །རྣམ་དག་བསླབ་པ་གསུམ་གྱི་དོན་སྤྱོད་ཅིང་ག །བདེར་གཤེགས་སྙིང་པོའི་རང་ཞལ་མངོན་སུམ་མཐོང་། །མཐའ་ཀླས་སེམས་ཅན་འདྲེན་པའི་གཉེན་གྱུར་ཅིག །དེ་ལྟར་སྐྱབས་ཡུལ་ཀུན་འདུས་དམ་པའི་མགོན། །ཨོ་རྒྱན་སློབ་དཔོན་ཆེན་པོ་པདྨ་འབྱུང་། །མཆོག་གི་བརྩེ་ཆེན་ཐུགས་བསྐྱེད་རྒྱ་ཚོ་ལས། །བྱིན་རླབས་དགོས་འབྱུང་ནོར་བུ་དཔག་བསམ་དབང་། །བདག་སོགས་མོས་པས་གསོལ་བཏབ་ཇི་བཞིན་དུ། །དེ་བཞིན་ཐོགས་མེད་ལྷུན་གྱིས་གྲུབ་པ་དང་། །ངེས་གསང་རྡོ་རྗེ་སྙིང་པོའི་རིང་ལུགས་གང་། །མཐའ་ཀླས་ཀུན་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག །ཅེས་བདག་ཏུ་བཟུང་དང་མ་བཟུང་བའི་དུད་འགྲོའི་རིགས་སྤྱི་དང་བྱེ་བྲག་རྣམས་ཀྱིས་མཚོན་འགྲོ་དྲུག་ཕན་བདེའི་དགའ་སྟོན་སྤེལ་བར་སྨོན་ལམ་འདི་བཞིན་སི་ཏུ་པ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་མངྒ་ལཾ། །སྲས་བཅས་རྒྱལ་བ་རྒྱ་མཚོའི་ཚོགས། །དབྱེར་མེད་པདྨ་ཐོད་ཕྲེང་གི། །བྱིན་མཐུས་གུ་རུ་ཛྙཱ་ན་ཉིད། །གསང་གསུམ་ཟླ་བ་ཆ་གང་


SPN002_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །མི་མཐུན་ཉེས་པའི་ཆུ་འཛིན་ཞི། །གདུལ་བྱའི་རྫིང་བུ་རྙོགས་བྲལ་བར། །དམ་ཆོས་བདུད་རྩིའི་ཆར་འབེབས་ཏེ། །ཐར་ལམ་ལྗོན་ཤིང་འཁྲུངས་པར་ཤོག །ཅེས་གཅོད་པ་ཡེ་ཤེས་དགོངས་བཞེད་ལྟར་སྤེལ་པའོ། །འཇིག་རྟེན་དབང་ཕྱུག་པད་དཀར་འཆང་དབང་པོ། །སྒྲུབ་བརྒྱུད་གཙུག་རྒྱན་དཔལ་ལྡན་ཀརྨ་པའི། །ཕྲིན་ལས་གྲུ་ཆེན་འདེགས་པའི་སྨོན་ལམ་ཅན། །ཀརྨ་སི་ཏུ་འདི་བཟུང་བྱང་ཆུབ་བར། །རྟག་ཏུ་འབྲལ་མེད་ཆོས་མཐུན་བསམ་འགྲུབ་ཅིང་། །བསྐལ་བཟང་རྣམ་འདྲེན་ལྔ་པའི་ཞབས་པདྨོར། །བསྙེན་ནས་འདུས་པ་དང་པོར་དབུགས་དབྱུང་སྟེ། །བླ་མེད་རྫོགས་པའི་འབྲས་བུ་མངོན་གྱུར་ཤོག །ལྷ་བཟོ་སྤྲུལ་སྐུའི་བཞེད་ལྟར་མཚུར་ཕུར་སྤེལ་བའོ། །བཅོམ་ལྡན་རྒྱལ་བ་ཡང་དག་རྫོགས་སངས་རྒྱས། །བདེ་གཤེགས་སྨན་གྱི་བླ་མ་བཻ་ཌཱུཪྱའི། །འོད་ཀྱི་སྣང་བ་དཔག་མེད་མཆོག་དེ་ཡི། །སྔོན་གྱི་སྨོན་ལམ་ཆེན་པོ་དེ་བཞིན་ཏུ། །གང་འདིར་ཡང་ནི་ཕན་བདེ་ཉེར་འཚོའི་གཞི། །གསོ་བ་རིག་པའི་བརྒྱུད་འཛིན་གང་སུ་དག །དེ་རྣམས་ཀྱི་ནི་རིག་པའི་བློ་གྲོས་ཀྱི། །ཉིན་བྱེད་འོད་ཀྱི་སྣང་བ་སྤྲོ་བཞིན་ནས། །སྐྱེ་འགྲོའི་འབྱུང་འདུས་འཁྲུགས་པའི་ཁྲི་མུན་བཅོམ། །འཆི་མེད་མཆོག་གི་པད་ཚལ་རྩ་བ་བརྟན། །དཔལ་འབྱོར་བཟང་པོའི་ལོ་འདབ་ཀུན་ཏུ་རྒྱས། །མཐར་ཐུག་ཞིང་ཁམས་དམ་པར་བགྲོད་གྱུར་ཅིག །ཅེས་གར་


SPN002_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རིན་པོ་ཆེས་གསུང་ངོར་སི་ཏུ་པས་དཔལ་སྤུངས་ཡང་དབེན་དུ་བྲིས། །མཆོག་གསུམ་ཐུགས་རྗེའི་མཁའ་དབྱིངས་དམ་པ་ནས། །རྨད་བྱུང་ཕྲིན་ལས་འོད་སྟོང་ཀུན་ཏུ་གསལ། །འགྲོ་ཚོགས་ལས་ཉོན་སྒྲིབ་མུན་དྲྭ་བ་བསལ། །ཡང་དག་ཡེ་ཤེས་པདྨོ་རབ་རྒྱས་ཤོག །དུས་གསུམ་བསགས་པའི་དགེ་བ་ཇི་སྙེད་པ། །དུས་གསུམ་རྒྱལ་བའི་དྲུང་དུ་མཆོད་ཅིང་འབུལ། །དུས་གསུམ་སེམས་ཅན་ཡོངས་ཀྱི་དོན་དུ་བསྔོ། །དུས་གསུམ་མཁྱེན་པའི་མངའ་དབང་ཐོབ་པར་ཤོག །བདེ་ལྡན་པདྨོ་བཀོད་པའི་ཞིང་ཁམས་སུ། །ནམ་ཞིག་མི་རྟག་ཆུ་བུར་ཡལ་མ་ཐག །སྐྱེ་གཞན་མ་ཆོད་ནུབ་ཕྱོགས་དག་ཞིང་དུ། །བརྫུས་ཏེ་སྐྱེས་ནས་སྟོན་མཆོག་བཅོམ་ལྡན་འདས། །འཛམ་གླིང་སྤྲུལ་སྐུའི་བཀོད་པས་རྣམ་རོལ་ནི། །མི་ཕམ་ཆོས་གྲུབ་རྒྱ་མཚོའི་དཔལ་ཞེས་པ། །འོད་སྣང་མཐའ་ཡས་དཔག་མེད་རྒྱལ་པོ་སྟེ། །མཆོག་གི་ཞལ་མཐོང་བྱང་ཆུབ་དབུགས་འབྱིན་ཞིང་ག །བླ་མེད་ལུང་བསྟན་པ་ཡང་ཐོབ་པར་ཤོག །དེ་ལྟར་སྨོན་པའི་འདོད་དོན་ཡོངས་གྲུབ་པའི། །རྩ་གསུམ་ངོ་བོ་དཔལ་ལྡན་ཀརྨ་པ། །མགོན་དེས་ཚད་མེད་དམ་བཅའི་ཁུར་ཟབ་མོས། །དེང་འདིར་ཇི་བཞིན་དོན་ཀུན་སྨིན་གྱུར་ཅིག །ཅེས་པ་རྟོགས་ལྡན་སྒྲུབ་བརྒྱུད་ཀྱིས་བསྐུལ་བཞིན་སི་ཏུ་པས་ཡང་དབེན་སྒྲུབ་བརྒྱུད་དར་རྒྱས་གླིང་དུ་བྲིས་པ་སརྦ་མངྒ་ལཾ་སུ་ཛ་ཡ། །རྒྱལ་ཀུན་འདུས་པའི་སྤྱི་དཔལ་མཆོག །ཧེ་རུ་ཀ་དཔལ་འཁོར་ལོས་སྒྱུར། །


SPN002_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཡོངས་གཙོ་རྒྱལ་བའི་སྲས། །ཚེ་དབང་ནོར་བུའི་ཞབས་པདྨོ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བསྙེན་ཅིང་རྡོ་རྗེ་བཞིའི། །བྱིན་རླབས་སྐུ་བཞིའི་འབྲས་ཐོབ་ནས། །དེ་མཐུས་བསྟན་འགྲོའི་གསོས་གྱུརཤོག །ཅེས་པའང་རྒྱལ་རིགས་སྦས་པའི་ངང་ཚུལ་གྱི་བརྟུལ་ཞུགས་འཆང་བ་སྒྲུབ་པ་བ་ཤེས་རབ་ངོར་སྤེལ། །བླ་མེད་བླ་མར་གྱུར་པ་ཀརྨ་ཀའི། །བྱིན་རླབས་འོད་བརྒྱའི་སྣང་བས་དེང་འདི་རུ། །བསྐལ་མུན་བསགས་པའི་སྒྲིབ་མུན་བག་ཆགས་རྣམས། །མྱུར་དུ་གཞིལ་ཏེ་ཡང་དག་ཡེ་ཤེས་ཀྱི། །པད་ཚལ་ཆེན་པོ་རབ་ཏུ་གྲོལ་གྱུར་ཅིག །དེ་ལས་བྱུང་བའི་ཉམས་ལེན་གདམས་པའི་བཅུད། །འགྲོ་ཀུན་བུང་བ་དམུས་ལོང་ཚོགས་ཇི་སྙེད། །རང་བྱུང་ལྷན་སྐྱེས་བརྗོད་མེད་རྟོགས་གྱུར་ཅིག །རང་བཞིན་ངོར་སྤེལ། །ལྷ་མིའི་སྟོན་མཆོག་བླ་ན་མེད། །བདེར་གཤེགས་ཀུན་མཁྱེན་ཤཱཀྱའི་ཏོག །འདྲེན་པ་མཉམ་མེད་གང་དེ་ལ། །ལུས་དང་ལོངས་སྤྱོད་དུས་གསུམ་གྱི། །དགེ་ཚོགས་གཅིག་ཏུ་བསྡུས་ནས་ནི། །རྒྱལ་བ་ཁྱོད་ལ་འབུལ་བར་བགྱི། །སྲིད་པའི་མིག་གཅིག་བླ་ན་མེད། །རིགས་ཀུན་ཁྱབ་བདག་ཀརྨ་ཀ། བསྐལ་བརྒྱའི་བར་དུ་ཞབས་པད་བརྟན། །ཕྲིན་ལས་སྣང་བ་རྒྱས་གྱུར་ནས། །སྒྲུབ་བརྒྱུད་རིན་ཆེན་དར་ཞིང་རྒྱས། །རིགས་དྲུག་འཁོར་བ་དོང་སྤྲུགས་ཤོག །བཅོམ་ལྡན་འདས་མ་ཏུཏྟཱ་རེའི། །བྱིན་རླབས་འོད་དཀར་


SPN002_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ཡིསག །ཚེ་དཔལ་བསོད་ནམས་ལོངས་སྤྱོད་འཕེལ། །དོན་གཉིས་མཐར་ཕྱིན་སངས་རྒྱས་ཤོག །ཅེས་ཡ་ཀྲེའི་བུ་མོ་ལྔ་ལ་སྨོན་ལམ་དུ་སྤེལ། །དཀོན་མཆོག་རྩ་གསུམ་ཀུན་འདུས་པདྨ་འབྱུང་། །གང་གི་བྱིན་རླབས་རྒྱུད་ལ་སིམ་པའི་མཐུས། །ཆོས་མཐུན་བསམ་དོན་ཡིད་བཞིན་འགྲུབ་པ་དང་ག །གནས་ལུགས་ཟབ་དོན་མངོན་གྱུར་སངས་རྒྱས་ཤོག །ཅེས་པའང་དབོན་སྤྲུལ་ཀརྨ་རབ་སྒྲུབ་བཞེད་ངོར་དགེག །ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །ནུས་མཐུ་བྱིན་རླབས་གཏེར་ཆེན་པོསག །དེང་འདིར་ཉེར་འཚེ་ཀུན་བྲལ་ཞིང་། །ཚེ་དཔལ་ཡེ་ཤེས་དབང་འབྱོར་བའི། །རྨད་བྱུང་འདོད་དོན་ཡོངས་གྲུབ་ནས། །འདུས་བྱས་སྣང་བ་ནུབ་མ་ཐག །བདེ་ལྡན་བཀོད་པའི་ཞིང་བགྲོད་ནསག །རྒྱལ་བའི་ཞལ་མཐོང་དབུགས་དབྱུང་ཤོག །ཅེས་རྒྱ་རྡོ་རྗེ་དབང་ཕྱུག་ལ་སྤེལ། །འཕགས་མཆོག་ཐུགས་རྗེའི་གཏེར་ཆེན་འཇིག་རྟེན་མགོན། །དབྱེར་མེད་རྗེ་བཙུན་བདུད་འདུལ་རྡོ་རྗེའི་ཞབས། །དཔལ་ལྡན་འབྲུག་པའི་རྗེས་བཟུང་པདྨའི་གཉེན། །ཉིན་བྱེད་དབང་པོའི་རྒྱལ་བསྟན་གསལ་ལ་འདུད། །རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །སྙིང་པོ་དོན་གྱི་བརྒྱུད་པའི་གདམས་ཟབ་རྒྱུན། །ལྷན་སྐྱེས་ཡེ་ཤེས་རང་བྱུང་ངོ་བོ་ཉིད། །དོན་དམ་ཆོས་སྐུའི་གནས་ལུགས་མ་བཅོས་ངང་། །འཁྲུལ་མེད་ལྟ་བའི་གདེང་ལྡན་ཞེན་མེད་ཀྱི། །སྒོམ་པ་འཛིན་མེད་དེ་ཡི་ངང་ཉིད་ལས། །བླང་དོར་བྲལ་


SPN002_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྤྱོད་པ་སྐྱོང་བཞིན་དུ། །འབྲས་བུ་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །དུས་གསུམ་དགེ་ཚོགས་བསགས་པའི་ལེགས་བྱས་ཀྱིས། །བླ་མའི་ཞབས་བརྟན་རྒྱལ་བསྟན་འཕེལ་ཡུན་གནས། །དགེ་འདུན་སྡེ་རྒྱས་བདག་དང་བདག་འབྲེལ་བའི། །ཐོག་མེད་དུས་ནས་ཕ་མར་གྱུར་པ་ཡི། །རིགས་དྲུག་སེམས་ཅན་འཁོར་བའི་དུཿཁ་ལས། །སྒྲོལ་ནས་བྱང་ཆུབ་སྙིང་པོ་མངོན་གྱུར་ཤོག །དེ་མ་ཐོབ་བར་ཚེ་རབས་ཐམས་ཅད་དུ། །སྡུག་བསྔལ་མིང་མེད་དགའ་བདེས་འཚོ་བཞིན་པར། །ཆོས་མིན་བཤེས་བྲལ་ཆོས་བཞིན་སྤྱོད་འཇུག་ནསག །མཐར་ཐུག་བླ་མེད་རྫོགས་སངས་རྒྱས་ཐོབ་ཤོག །ཅེས་འབྲུག་མཚོ་མཇུག་སྤྲུལ་སྐུ་ཀར་བརྒྱུད་བསྟན་འཛིན་ལྷུན་གྲུབ་ཀྱི་བཞེད་ངོར་སྤེལ། །བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱའི་རྒྱལ། །དེས་གསུང་ཐེག་པ་གསུམ་གྱི་དམ་པའི་ཆོས། །ཉན་ཐོས་བཅུ་དྲུག་ལ་སོགས་དགེ་འདུན་ཏེ། །བླ་མེད་མཆོག་གསུམ་བདེན་པའི་བྱིན་རླབས་ཀྱིས། །ཕན་བདེ་མ་ལུས་འབྱུང་བའི་གནས་གཅིག་པུ། །ལུང་དང་རྟོགས་བའི་བསྟན་པ་རིན་པོ་ཆེ། །ཡུན་གནས་དེ་འཛིན་མཆོག་རྣམས་ཞབས་བརྟན་ཞིང་། །རྫོགས་ལྡན་དགེ་བའི་ལང་ཚོ་རྒྱས་གྱུར་ཅིག །ཁྱད་པར་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཆེ། །སྐྱེས་མཆོག་མར་པའི་བཀའ་བརྒྱུད་ཡ་བཞི་དང་། །ཟུང་བརྒྱད་ཁྱད་པར་སྒྲུབ་བརྒྱུད་མཐར་ཐུག་པ། །ཀརྨ་ཀཾ་ཚང་ཞེས་གྲགས་སྙིང་པོའི་བསྟན། །སྤྲིན་བྲལ་མཁའ་ལ་ཉི་འོད་འབུམ་


SPN002_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

བརྡལ་བཞིན། །འཛམ་གླིང་མཐའ་དབུས་ཁྱབ་བའི་ལྷག་བསམ་གྱི། །མཐུན་རྐྱེན་མཐའ་དག་འབད་མེད་ཡོངས་གྲུབ་ནས། །བཀྲ་ཤིས་དགེ་བའི་དཔལ་དང་ལྡན་གྱུར་ཅིག །ཅེས་དཔལ་ལྡན་དུས་གསུམ་མཁྱེན་པའི་གདན་ས་འོག་མ་ཤར་ཀཾ་པོ་གངས་ར་དང་རྗེས་སུ་འབྲེལ་བའི་ཀུན་ཏུ་བཟང་པོའི་ནགས་ཁྲོད་གཉིས་པར་གྲགས་པ་འདོབ་སྤང་ཕུག་འབྲུག་རྗེ་དར་རྒྱས་གླིང་པའི་འདུས་སྡེ་རྣམས་ཀྱི་བཞེད་ངོར་སྤེལ་བ་དགེག །སྐྱབས་གསུམ་ཀུན་འདུས་དཔལ་ལྡན་ཀརྨ་ཀ། ཡི་དམ་ཆོས་སྐྱོང་སྲུང་མའི་བྱིན་རླབས་ཀྱི། །ཆུ་འཛིན་འཐུག་པོར་གཏིབས་ལས་མཆོག་ཐུན་དང་། །ལས་བཞིའི་གྲུ་ཆར་འབེབས་པས་དད་གསུམ་གྱི། །ཞིང་སར་བདེ་ལེགས་འབྲས་བཟང་ཡོངས་སྨིན་པས། །གནས་སྐབས་མཐར་ཐུག་དགོས་དགུ་འགྲུབ་པ་དང་། །རང་རིག་བཅོས་མིན་ལྷན་སྐྱེས་ཕྱག་རྒྱ་ཆེག །གདོད་མའི་གཞི་དབྱིངས་མངོན་པར་བྱང་ཆུབ་ཤོག །འབྲུག་རྗེ་གླིང་དགེ་སློང་དཀོན་མཆོག་རྒྱ་མཚོའི་ངོར་སྤེལ། །དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་ན། །རྗེ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །བསྐལ་བཟང་གི་འདྲེན་པ་འཁོར་བ་འཇིག །རྣམ་འཕྲུལ་མཆོག་རྡོ་རྗེ་རྒྱལ་པོ་ཡི། །བྱིན་རླབས་ཀྱི་ཉིན་བྱེད་འབུམ་བརྡལ་བས། །དེང་འདི་རུ་སྐལ་ལྡན་པདྨའི་ཚལ། །དོན་གཉིས་ཀྱི་འདབ་སྟོང་རྒྱས་བ་དང་། །བྱང་ཆུབ་ཀྱི་ལོ་འདབ་གཡོ་བཞིན་པར། །རང་གཞན་ཀུན་ཐར་པའི་ལམ་བཀོད་པའི། །སྐུ་ལྔ་ཡི་བདག་ཉིད་མཆོག་ཐོབ་ཤོག །ཅེས་འདབ་ཆགས་ནེ་ཙོའི་འདོད་ངོར་སྤེལ་


SPN002_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བའི་ཆོས་སོ། །སྐུ་གསུམ་བདག་ཉིད་འཆི་མེད་པདྨ་འབྱུང་། །ལྔ་བདོའི་དུས་འདིར་རྒྱལ་བ་གཞན་ཀུན་ལས། །ཆེས་ཆེར་འཕགས་པའི་ཐུགས་རྗེ་རྨད་བྱུང་བརག །རྣམ་ཀུན་གསོལ་བ་བཏབ་བའི་མཐུ་ལས་ནི། །ནམ་ཞིག་སྒྱུ་མའི་འཁྲུལ་འཁོར་ཡལ་བའི་ཚེ། །དག་པ་མཁའ་སྤྱོད་ཨོ་རྒྱན་ཞིང་དམ་པ། །པདྨ་འོད་དུ་མྱུར་བར་བགྲོད་ནས་སུ། །རིག་འཛིན་སློབ་དཔོན་ཆེན་པོའི་ཞལ་མཐོང་ནས། །གསང་བ་སྔགས་ཀྱི་དམ་ཚིག་ལ་གནས་ཏེ། །བླ་ན་མེད་པའི་ལུང་བསྟན་ཐོབ་པར་ཤོག །དེ་ལྟར་སྨོན་པ་ཡིད་བཞིན་འགྲུབ་པའི་ཕྱིར། །མཆོག་གསུམ་རྩ་གསུམ་རྒྱ་མཚོའི་བདེན་པ་དང་། །ཆོས་དབྱིངས་བསམ་མི་ཁྱབ་པའི་བདེན་པ་ཡིས། །ཇི་བཞིན་མྱུར་བ་ཉིད་དུ་འགྲུབ་གྱུར་ཅིག །ཅེས་པའང་སྤོང་བ་པ་ཀརྨ་དྷརྨ་ཤྲཱིའི་ངོར་སི་ཏུ་པདྨ་ཉིན་བྱེད་དབང་པོས་དཔལ་རི་རྩེ་ནས་སྤེལ་བའོ། །ཧྲཱིཿཕྱོགས་བཅུ་དུས་གསུམ་རྒྱལ་ཀུན་འདུས་པའི་སྐུག །བདེ་ལྡན་པདྨོ་བཀོད་པའི་ཞིང་བདག་མཆོག །སྟོན་པ་སངས་རྒྱས་འོད་སྣང་མཐའ་ཡས་ལག །བདག་དང་འགྲོ་ཀུན་ཕྱག་འཚལ་མཆོད་ཅིང་བཤགས། །རྗེས་སུ་ཡི་རངས་བསྐུལ་ཞིང་གསོལ་བ་འདེབས། །དུས་གསུམ་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །ཨ་འཐས་སྒྱུ་མའི་ལུས་རྟེན་བོར་མ་ཐག །བཅོམ་ལྡན་འོད་དཔག་མེད་ཀྱི་གནས་དམ་པ། །ཕུན་ཚོགས་ལྔ་ལྡན་ཞིང་ཁམས་དམ་པ་རུ། །བརྫུས་སྐྱེས་རྒྱལ་བའི་ཞལ་མཐོང་


SPN002_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་ཀྱི། །ལུང་བསྟན་མཆོག་ཐོབ་འགྲོ་བའི་དེད་དཔོན་དུ། །གྱུར་ཏེ་ཁམས་གསུམ་སྒྲོལ་བའི་དཔལ་དུ་ཤོག །ཅེས་དད་ནོར་གྱིས་མངོན་པར་མཛེས་པ་རྒྱ་བཀྲ་ཤིས་དབང་ཕྱུག་དང་དར་རྒྱས་ཟུང་གི་ངོར་སྤེལ་བ་ཛ་ཡནྟུ། །སྐྱབས་གསུམ་ངོ་བོ་ཨོ་རྒྱན་རྗེ། །ཀརྨ་པ་ཡི་ཐུགས་རྗེའི་མཐུས། །གདོད་ནས་རང་བྱུང་སེམས་ཉིད་འདི། །གཞི་མེད་རྩ་བྲལ་དོན་རྟོགས་ཤིང་། །སྤྲོས་བྲལ་ཡེ་ཤེས་ཆོས་ཀྱི་སྐུ། །ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནསག །ཟུང་འཇུག་རྡོ་རྗེ་འཆང་དབང་གི། །གོ་འཕང་དམ་པ་མྱུར་ཐོབ་ཤོག །ཅེས་པའང་ཟབ་མོའི་རྣལ་འབྱོར་རས་ཆུང་སྤྲུལ་ནས་བཞེད་ལྟར་སྤེལ། །རྒྱལ་ཀུན་འདུས་པ་པདྨ་ཐོད་ཕྲེང་རྩལ། །དབྱེར་མེད་དཔལ་ལྡན་བླ་མ་རྡོ་རྗེ་ཅན། །གང་ཁྱོད་སྙིང་གི་པདྨོར་རྟག་བཞུགས་ནསག །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་པ། །བླ་མེད་གསང་ཆེན་ཐེག་པའི་དོན་རྟོགས་ཤིང་། །སྲིད་པའི་འཇིགས་ཚོགས་མ་ལུས་ཀུན་སྒྲོལ་ནས། །གདོད་མའི་སངས་རྒྱས་ས་ལ་འགོད་གྱུར་ཅིག །ཅེས་རྡོ་རྗེ་དྲག་པོའི་གསོལ་འདེབས་འདི་བཞིན་ཅོག་རོ་སྤྲུལ་སྐུའི་བཞེད་ལྟར་བྲིས་པ་ཛ་ཡ། །རིགས་དྲུག་སྡུག་བསྔལ་རྒྱུ་བཅས་ཀུན། །རྩད་འབྱིན་ཐུགས་རྗེའི་འོད་དཀར་ཅན། །སྤྱན་རས་གཟིགས་ཀྱིས་ཚེ་རབས་སུ། །རྗེས་འཛིན་ཆོས་དང་དཔལ་འབྱོར་གྱི། །སྣང་བས་འཚོ་ཞིང་པོ་ཊ་ལའི། །ཞིང་མཆོག་དམ་པར་སྤྱོད་གྱུར་ཅིག །པདྨའི་བྱིན་རླབས་རྡོ་རྗེ་རྩེ་བརྒྱ་པས། །ལོག་ཕྱོགས་བདུད་རིགས་


SPN002_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་གཞོམ་མཆོག་ཐུན་གྱི། །དངོས་གྲུབ་དམ་པ་བདེ་བླག་ཉིད་ཐོབ་ནས། །མཐར་ཐུག་སྐུ་ལྔའི་བདག་ཉིད་ཐོབ་པར་ཤོག །ཕྱོགས་བཅུའི་རྒྱལ་དང་བྱང་སེམས་ཐུགས་རྗེའི་འཕྲུལ། །དེང་འདིར་ལས་ཉོན་སྒྲིབ་གཉིས་བག་ཆགས་ཀྱི། །དྲྭ་བ་སྟུག་པོ་རྩད་ནས་གཞོམ་པ་དང་། །ཡང་དག་ལེགས་པའི་ལམ་བཟང་ཐོབ་གྱུར་ཅིག །མཆོག་གསུམ་རྒྱ་མཚོའི་བདེ་ལེགས་ཀྱིས། །གང་ཞིག་ཡིད་ལ་འདོད་འཇོ་བའི། །ཆོས་མཐུན་བསམ་པ་འགྲུབ་པ་དང་། །ཡེ་ཤེས་ཆེན་པོ་མངོན་གྱུར་ཤོག །ཕྱོགས་བཅུའི་སངས་རྒྱས་ཀུན་འདུས་པ། །མཚོ་སྐྱེས་རྡོ་རྗེ་འཆང་ཆེན་གྱི། །མཚན་དཔེ་འོད་ཟེར་སྟོང་འཕྲོ་བས། །མི་མཐུན་སྒྲིབ་གཉིས་མ་ལུས་ཞི། །ཚེ་དཔལ་དོན་གཉིས་ལྷུན་གྱིས་གྲུབ། །རང་བྱུང་ཡེ་ཤེས་དོན་རྟོགས་ཤོག །ཅེས་རབ་སྣང་ངོར་སྤེལ། །བླ་མེད་བླ་མ་ཀརྨ་པ། །བཅུ་གསུམ་ཕྲེང་བ་རིམ་བྱོན་ལས། །མཚུངས་མེད་བདུད་འདུལ་རྡོ་རྗེ་འཆང་། །འབྲལ་མེད་བདེ་ཆེན་འཁོར་ལོ་རུ། །རྟག་པར་རིགས་དཀྱིལ་བདག་པོར་བཞུགས། །བྱིན་རླབས་དངོས་གྲུབ་ཡོངས་སྨིན་ནས། །གནས་སྐབས་བསམ་དོན་ཆོས་བཞིན་འགྲུབ། །བར་ཆད་བདུད་བཞིའི་གཡུལ་ལས་རྒྱལ། །རྣམ་གྲོལ་ཐར་པ་བྱང་ཆུབ་ཀྱི། །གོ་འཕང་བདེ་བླག་ཉིད་ཐོབ་ཤོག །ཅེས་བླ་མ་ཕྲིན་ལས་རབ་རྒྱས་ཀྱི་ཐུགས་བཞེད་ལྟར་སྤེལ། །


SPN002_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུ་དུས་གསུམ་ཞིང་ཁམས་རབ་འབྱམས་ན། །རྒྱལ་བ་སྲས་དང་སློབ་མར་བཅས་པའི་ཚོགས། །མ་ལུས་ཇི་སྙེད་བཞུགས་པ་དེ་དག་ལ། །ཕྱག་འཚལ་མི་དགེ་ནོངས་བའི་ལས་རྣམས་བཤགས། །བླ་མེད་བྱང་གྲོལ་གོ་འཕང་རིན་པོ་ཆེ། །བདེ་བླག་ཉིད་དུ་ཐོབ་པའི་ཕྱིར་དུ་བསྔོ། །སྐྱེ་ནས་སྐྱེ་བར་དམ་པས་རྗེས་བཟུང་ཞིང་། །ཆོས་སྤྱོད་བཅུ་ཡི་སྒྲུབ་པ་མཐར་ཕྱིན་ཤོག །བསྟན་དར་ངོར་སྤེལ། །གངས་ཅན་སྐྱེ་དགུའི་འདྲེན་པ་དཔལ་ཆེན་པོ། །རྒྱལ་བ་མཆོག་དངོས་ཁྱབ་བདག་ཀརྨ་ཀ། སྙན་པའི་བ་དན་སྲིད་གསུམ་ཀུན་ཁྱབ་པའི། །བདུད་འདུལ་རྡོ་རྗེའི་ཞབས་ལ་གུས་ཕྱག་འཚལ། །སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི། །གསང་སྔགས་ཐེག་པའི་སྟོན་པ་བླ་ན་མེད། །རྡོ་རྗེ་སློབ་དཔོན་ཙིཏྟ་བཛྲ་ཞབས། །སྤྱི་བོས་གུས་མཆོད་འདི་ནས་བྱང་ཆེན་བར། །རྗེས་སུ་འཛིན་ཅིང་དམ་ཆོས་སྙིང་པོ་ཡི། །སྒོར་ཞུགས་རྒྱལ་བསྟན་རིན་ཆེན་སྲི་ཞུ་དང་། །མ་གྱུར་མཁའ་མཉམ་རྫོགས་སངས་རྒྱས་ཐོབ་པའི། །གྲུབ་པ་རྣམ་གཉིས་མཐར་ཕྱིན་ལྷུན་གྲུབ་ཤོག །ཅེས་པའང་ལས་རྡོར་ཀར་བརྒྱུད་རབ་རྒྱས་ངོར་སྤེལ། །སྐྱེ་བ་ཀུན་ཏུ་མ་ནོར་ལམ་སྟོན་པའི། །རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་དབང་ཕྱུག་མཆོག །འབྲལ་མེད་རྒྱལ་བསྟན་དྲི་མེད་རིན་པོ་ཆེར། །གཅེས་སྤྲས་འཛིན་པའི་མཐུ་དབང་ཐོབ་པར་ཤོག །དཀོན་མཆོག་རྣམ་


SPN002_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཐུགས་རྗེ་ཡིས། །དེང་འདིར་དཀར་པོ་དགེ་བའི་ཆོས། །ལྷུན་གྱིས་གྲུབ་པའི་ཡོན་ཏན་རྫོགས། །མཐར་ཐུག་ཆོས་ཀྱི་སྐུ་ཐོབ་ཤོག །དབོན་དཔལ་ལུའི་ངོར་སྤེལ། །པདྨ་འབྱུང་གནས་ཐུགས་རྗེའི་འོད། །སྣང་བས་དེང་འདིར་བཀྲ་ཤིས་པའི། །བདེ་ལེགས་དཔལ་དང་འབྱོར་པ་ཡིས། །ཀུན་ནས་ཀུན་ཏུ་དགེ་གྱུར་ཅིག །གྲུ་འཛིན་ཕྲེང་བ་རིམ་བྱོན་པའི། །ཀརྨ་པ་ཞེས་ཉི་ཟླ་ལྟར། །གྲགས་དེའི་བྱིན་མཐུས་འགྲོ་བ་ཀུན། །བདེ་ཆེན་ཐར་པའི་སྣང་བྱེད་ཤོག །བསྟན་འཛིན་ནོར་བུའི་ངོར་སྤེལ། །རྒྱལ་ཀུན་འདུས་གཟུགས་པདྨ་འབྱུང་། །གང་དེའི་བླ་མེད་བྱིན་རླབས་ཀྱིསག །དེང་འདིར་ཚེ་དཔལ་ཡོན་ཏན་རྒྱས། །ལྷན་སྐྱེས་ཡེ་ཤེས་ཆོས་ཀྱི་སྐུའི། །གནས་ལུགས་མངོན་གྱུར་རྫོགས་སངས་རྒྱས། །གོ་འཕང་བདེ་བླག་ཉིད་ཐོབ་ནསག །། འཁོར་བ་སྲིད་པའི་རྒྱ་མཚོ་ལས། །སྒྲོལ་བའི་མགོན་དང་གཉེན་གྱུར་ཅིག །ཅེས་པའང་སྒྲུབ་པ་གཟི་བརྗིད་ངོར་སྤེལ། །སྲིད་ཞིའི་དཔལ་ཡོན་ཀརྨ་པ། །རྒྱལ་ཀུན་ཕྲིན་ལས་འཛིན་པའི་བདག །བཅུ་གསུམ་བདུད་འདུལ་རྡོ་རྗེ་ཡིས། །སྐྱེ་དང་ཚེ་རབས་རྗེས་འཛིན་ཤོག །ཆོས་དབྱིངས་ངོར་སྤེལ། །འཆི་མེད་དཔལ་ཀུན་སྟེར་བའི་མགོན། །ཨོ་རྒྱན་ཆེན་པོའི་བྱིན་རླབས་ཆར། །དེང་འདིར་དད་པའི་ཞིང་ས་རུ། །རྣམ་དག་འབྲས་བུ་བསྐྱེད་བསྲིང་ཤོག །


SPN002_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་སྙིང་རྗེའི་དབང་ཕྱུག་མཆོག །དངོས་སྣང་བདུད་འདུལ་རྡོ་རྗེ་འཆང་། །གང་དེས་སྐྱེ་དང་ཚེ་རབས་ཀུན། །རྗེས་བཟུང་བྱང་ཆུབ་ལམ་འགོད་ཤོག །ཀརྨ་བཟང་སྐྱོད་ངོར་སྤེལ། །སངས་རྒྱས་གཉིས་པ་པདྨ་འབྱུང་། །དབྱེར་མེད་བདེ་ཆེན་འཁོར་ལོའི་མགོན། །རྡོ་རྗེ་དྲག་པོའི་ཐུགས་རྗེའི་འོད། །སྣང་བས་དེང་བཟུང་བྱང་ཆུབ་བར། །རྗེས་བཟུང་ཆོས་མཐུན་བསམ་པ་འགྲུབ། །ཆོས་མིན་ལོག་རྟོག་དུག་ལྔ་ཡི། །གཡུལ་ལས་རྣམ་རྒྱལ་བདེ་བ་ཆེ། །པདྨ་འོད་ཞིང་བགྲོད་ནུས་ཤོག །སྐྱབས་རྗེ་འཛི་སྒར་རིན་པོ་ཆེའི་གསོལ་སྨོན་འདི་བཞིན་སྟོང་ནག་ཡང་དག་ཆེད་དུ་སྤེལ། །སྟོབས་བཅུའི་མངའ་བདག་དུས་གསུམ་རྒྱལ་དང་སྲས། །ཉན་ཐོས་གནས་བརྟན་དགྲ་བཅོམ་ཆེ་རྣམས་དང་། །གསང་སྔགས་རྒྱ་མཚོའི་འབྱུང་གནས་ཨོ་རྒྱན་རྗེ། །ངེས་དོན་མཐར་ཐུག་བསྟན་པའི་རྒྱལ་མཚན་འཛིན། །སངས་རྒྱས་ཀུན་གྱི་ཕྲིན་ལས་དབང་བསྒྱུར་བ། །ཀརྨ་པ་ཞེས་ཉི་ལྟར་རབ་གསལ་བའི། །རྗེ་བཙུན་བདུད་ལས་རྣམ་པར་རྒྱལ་བ་དེའི། །ཐུགས་བསྐྱེད་ཟབ་མོའི་འཇུག་ངོགས་མཐའ་ཡས་པར། །དོན་གཉིས་ནོར་བུའི་དཔལ་ལ་དབང་འབྱོར་ཕྱིར། །གཞན་ཕན་སེམས་བསྐྱེད་དམ་བཅའི་དྲི་བཞོན་གྱིས། །བསྐུལ་ཏེ་ལྷག་བསམ་གྲུ་རྫིངས་ལ་བརྟེན་ནས། །སྙིང་པོའི་རིང་ལུགས་ཕྱོགས་མཐར་སྤེལ་བྱེད་པའི། །ལྷུན་གྲུབ་ཡིད་ལ་འདོད་འཇོའི་དགེ་ལེགས་སྩོལ། །


SPN002_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱིས་བསླད་པའི་གཉིས་འཐུང་ལྟ་བའི་ལམ། །གཡང་ས་ཆེན་པོ་དག་ལས་སྒྲོལ་ནས་སུ། །ཐར་པ་མཆོག་གི་ཞིང་དེར་བགྲོད་པར་ཤོག །འབྲོང་པ་བླ་མ་ཀརྨ་ཡོན་ཏན་ལྷུན་གྲུབ་ནས་བསྐུལ་བཞིན་སྤེལ་བ་བསྟན་པ་དར་རྒྱས་སུ་གྱུར་ཅིག །ཛཡནྟུ། །སྟོབས་བཅུའི་མངའ་བདག་དེ་བཞིན་གཤེགསག །ཤཱཀྱ་སེང་གེའི་ཞལ་སྐྱིན་མཆོག །དཔལ་ལྡན་ཀརྨ་པ་ཞེས་པའི། །མཚན་སྙན་ཉི་ཟླ་ལྟར་གསལ་བའི། །སྐྱེས་རབས་ཕྲེང་བ་བཅུ་གསུམ་པ། །རྗེ་བཙུན་བདུད་འདུལ་རྡོ་རྗེ་ཡིས། །འགྲོ་རྒྱུད་མ་རིག་ལས་ཉོན་གྱིས། །འཐུམས་བྱེད་མུན་པའི་དྲྭ་བ་རྣམས། །ཡེ་ཤེས་ཆེན་པོའི་གཟི་ཡིས་བཅོམ། །རྣམ་ཀུན་མཆོག་དང་ལྡན་པ་ཡི། །དོན་དམ་དེ་ཉིད་གནས་མཐོང་ཤོག །ཀརྨ་ཡེ་ཤེས་ངོར་སྤེལ། །རྒྱལ་ཡུམ་འཕགས་མ་ཚེ་སྦྱིན་དཔལ། །གཏེར་འཛིན་དབང་མོའི་ཐུགས་བསྐྱེད་མཐུས། །དེང་འདིར་ཟག་བཅས་དངོས་ཀུན་གྱི། །དཔལ་འབྱོར་རབ་རྒྱས་ཟག་མེད་ནིག །འཆི་མེད་མཆོག་གྲུབ་གཉུག་མའི་སེམས། །སྤྲོས་བྲལ་ལྷན་སྐྱེས་མྱུར་རྟོགས་ཤོག །ཉི་མའི་ངོར་སྤེལ། །ཚད་མེད་ཐུགས་རྗེའི་བདག་ཉིད་ཅན། །ཨོ་རྒྱན་ཆེན་པོ་པདྨ་འབྱུང་། །གང་དེའི་གསང་གསུམ་ཡེ་ཤེས་ཀྱི། །བྱིན་རླབས་དབང་བཞི་མཆོག་ཐོབ་ཤོག །དེ་ལྟར་སྨིན་པའི་དགེ་ལེགས་ཀྱི། །བསམ་དོན་ལྷུན་གྲུབ་དཔལ་དང་འབྱོར། །


SPN002_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་གྲགས་ཆོས་སྲིད་དབང་ཐང་རྒྱས། །ཉེར་འཚེ་ཀུན་བྲལ་བདེ་ལྡན་ཤོག །དེ་ལྟར་བདེན་པའི་བྱིན་རླབས་གང་། །དཀོན་མཆོག་རྒྱ་མཚོའི་བདེན་སྟོབས་ཀྱིས། །ཇི་བཞིན་ཡོངས་གྲུབ་སྐུ་བཞི་ཡི། །གོ་འཕང་མཆོག་ལ་འགོད་གྱུར་ཅིག །གུ་རུ་བསྟན་སྐྱོང་བཞེད་ངོར་སྤེལ། །གྲུ་འཛིན་ཕྲེང་བ་འཛིན་པའི་མཆོག །རྒྱལ་མཆོག་སྟོབས་བཅུ་མངའ་བརྙེས་པ། །མཱ་ར་ད་མ་ཀ་བཛྲ། །དེང་འདིར་མྱང་འདས་ཆེན་པོའི་བར། །འབྲལ་མེད་ཐུགས་རྗེས་ཉེར་བཟུང་ནས། །རང་རིག་ཡེ་ཤེས་དོན་དམ་པའི། །གནས་ལུགས་གཉུག་མ་ཆོས་ཀྱི་སྐུའི། །ངོ་བོ་ཇི་བཞིན་མཐོང་གྱུར་ཅིག །བློ་གྲོས་ངོར་སྤེལ། །རིགས་བདག་སྣང་མཐའ་འོད་དཔག་མེད། །དབྱེར་མེད་ཆོས་གྲུབ་རྒྱ་མཚོ་མཆོག །ཚེ་རབས་ཀུན་ཏུ་འབྲལ་མེད་ཅིང་། །མཐར་ཐུག་གདོད་མའི་གནས་ལུགས་མཆོག །ཇི་ལྟར་ཉིད་དུ་ཚེགས་མེད་མཐོང་། །ཟུང་འཇུག་སྐུ་དང་ཡེ་ཤེས་ཀྱི། །བདག་ཉིད་ཆེན་པོར་དབང་འབྱོར་ནསག །འགྲོ་སྒྲོལ་སྤྲུལ་བསྒྱུར་སྟོན་ནུས་ཤོག །ཀརྨ་བསམ་འགྲུབ་ངོར་སྤེལ། །ཨོ་རྒྱན་གུ་རུ་པདྨ་འབྱུང་། །མཆོག་གི་གསང་གསུམ་ཡེ་ཤེས་ཀྱི། །ཉི་འོད་འབུམ་འཕྲོའི་མཐུ་དཔལ་ལས། །གདུལ་བྱ་སྐལ་ལྡན་པདྨོའི་ཚལ། །ཐར་པའི་ལམ་བཟང་འདབ་བརྒྱ་བཞད། །ཚེ་བསོད་འབྱོར་དང་གྲགས་པ་ཡི། །ལོ་འདབ་ཕྱོགས་ཀུན་ཁྱབ་པ་དང་། །ཀ་དག་ལྷུན་གྲུབ་ཐོད་རྒལ་གྱི། །


SPN002_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལམ་འབྲས་བུ་ཡོངས་སྨིན་ནས། །སྐུ་ལྔའི་བདག་ཉིད་ཆེན་པོ་མཆོག །ཐོག་མའི་སངས་རྒྱས་ཀུན་བཟང་དང་། །དགོངས་པ་མཉམ་ཉིད་ཀློང་ཡངས་སུ། །གཉིས་མེད་སྤྲུལ་བསྒྱུར་དུ་མ་ཡིས། མཐའ་ཡས་འགྲོ་བ་སྒྲོལ་བར་ཤོག །ཚེ་འབར་ངོར་སྤེལ། །ཕྱོགས་བཅུའི་སངས་རྒྱས་ཀུན་འདུས་ངོ་བོ་ཉིད། །སྐུ་བཞིའི་དབང་ཕྱུག་ཁྱབ་བདག་རིགས་ཀུན་གཙོ། །རྗེ་བཙུན་བདུད་འདུལ་རྡོ་རྗེ་གར་གྱི་དབང་། །ཆོས་གྲུབ་རྒྱ་མཚོ་དམ་ཆོས་ཉི་མའི་སྡེ། །རྡོ་རྗེ་དྲག་པོ་ཚེ་དབང་དཔལ་དར་སོགས། །གྲུབ་པ་མཆོག་སྟེར་རྩ་བརྒྱུད་བླ་མ་ལ། །བདག་ལུས་གངྒཱའི་བྱེ་སྙེད་ལུས་སྤྲུལ་ཏེ། །ཕྱག་འཚལ་མཆོད་ཅིང་ཉེས་བཤགས་ཡི་རང་ངོ་། །ཆོས་སྟོན་བཞུགས་གསོལ་དུས་གསུམ་དགེ་ཚོགས་རྣམས། །མཁའ་ཁྱབ་འགྲོ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཐར་པའི་ལམ་སྟོན་འདྲེན་པ་མཆོག་རྣམས་ཀྱི། །བྱིན་རླབས་དབང་བཞིས་བདག་རྒྱུད་སྨིན་གྱུར་ཅིག །ཅེས་པའང་རྟོགས་ལྡན་རབ་འབྱོར་ངོར་སྤེལ། །སྟོན་པ་མཚུངས་མེད་དཔལ་ལྡན་ཀརྨ་པ། །གུ་རུའི་རྣམ་འཕྲུལ་ཚེ་དབང་ནོར་བུ་དང་། །དབྱེར་མེད་རྡོ་རྗེ་གཙུག་ལག་དགའ་བའི་དབང། །ཧྱ་གྲི་ཝ་ཙིཏྟ་བཛྲ་ཞབས། །ཀརྨ་རྣམ་རྒྱལ་རྡོ་རྗེ་རབ་བརྟན་སོགས། །བྱང་གྲོལ་ལམ་གྱི་འདྲེན་པ་མཆོག་རྣམས་ལ། །བདག་ལུས་ཞིང་རྡུལ་སྤྲུལ་ནས་ཕྱག་འཚལ་ལོ། །དེང་བཟུང་བླ་མེད་སྙིང་པོར་མཆིས་ཀྱི་བར། །


SPN002_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་གསུམ་དང་ལྡན་གདམས་བའི་བཅུད་ཐོབ་ནས། །ས་དང་ལམ་གྱི་ཡོན་ཏན་མ་ལུས་རྫོགས། །བདེ་ལྡན་ཞིང་གི་མགོན་པོའི་ཞལ་མཐོང་ནས། །འགྲོ་བའི་དེད་དཔོན་ཉིད་དུ་འགྱུར་བར་ཤོག །ཀརྨ་བརྩོན་འགྲུས་ཀྱི་འདོད་དོན་བཞིན་སྤེལ། །མཆོག་གི་དངོས་གྲུབ་བརྙེས་པའི་དཔལ། །མཁའ་འགྲོའི་དབང་ཕྱུག་མི་ལ་རས། །གང་དེར་གསོལ་བཏབ་སྨིན་པའི་མཐུས། །རང་བྱུང་རིག་པའི་ཡེ་ཤེས་ཀྱི། །ངོ་བོ་གཅེར་མཐོང་ཕྱག་རྒྱ་ཆེའི། །གོ་འཕང་གེགས་མེད་ཉིད་ཐོབ་ནས། །མ་རྣམས་འཁོར་བའི་གཅོང་རོང་ལས། །འདྲེན་པའི་མགོན་དུ་དེང་གྱུར་ཅིག །ཅེས་སྒྲུབ་པ་ཆོས་དབང་ཕུན་ཚོགས་ངོར་སྤེལ། །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ངོ་བོ་ཉིད། །ཨོ་རྒྱན་སློབ་དཔོན་པདྨ་ཀཱ་ར་ཡི། །ཐུགས་རྗེའི་བདེན་པས་དེང་འདིར་སྐལ་ལྡན་གྱི། །སྒྲིབ་གཉིས་བག་ཆགས་མུན་པ་དྲུངས་ཕྱུང་ནས། །ས་ལམ་ཡོན་ཏན་གོང་དུ་རབ་གསལ་བའི། །བླ་མེད་མཆོག་གི་སྣང་བས་སྐྱོང་གྱུར་ཅིག །ཅེས་པའང་རྟོགས་ལྡན་ཟུང་གི་ངོར་སྤེལ། །སྟོན་མཆོག་ཤཱཀྱའི་རྒྱལ་པོ་དང་། །ཉན་ཐོས་གནས་བརྟན་བྱང་སེམས་ཚོགསག །རིག་འཛིན་གྲུབ་པའི་འཁོར་ལོས་སྒྱུར། །འཆི་མེད་པདྨཱ་ཀ་ར་དང་། །གསར་རྙིང་རྩ་བརྒྱུད་བླ་མའི་ཚོགས། །རྒྱུད་སྡེ་བཞི་འབྲེལ་ཡི་དམ་ལྷ། །དཔའ་བོ་ཌཱ་ཀི་ཡེ་ཤེས་དང་། །ལས་གྲུབ་འཇིག་རྟེན་ཆོས་སྐྱོང་ཚོགས། །བརྩེ་བས་འདིར་དགོངས་རྒྱལ་བའི་


SPN002_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། །ཕྱོགས་ཀུན་ཁྱབ་ཅིང་ནུབ་མེད་པ། །སྲིད་མཐར་གནས་པར་བྱིན་གྱིས་རློབས། །བདུད་རིགས་ལོག་ཕྱོགས་བསླད་པ་ཡི། །ཆོས་མིན་ཆོས་ལྟར་བཅོས་པ་རྣམས། །ཞི་ཞིང་ཡང་དག་ངེས་པའི་ལམ། །བླ་མེད་འོད་གསལ་ཕྱག་རྫོགས་ཀྱི། །ཟུང་འཇུག་བསྟན་པ་དར་རྒྱས་ཤོག །ཚོགས་གཉིས་ངོར་སྤེལ། །བཅོམ་ལྡན་བདེར་གཤེགས་དོན་ཀུན་གྲུབ། །ཤཱཀྱའི་རྒྱལ་དང་མཚོ་སྐྱེས་ཀྱི། །སངས་རྒྱས་པདྨ་ཀཱ་ཱར་ཡི། །ཐུགས་རྗེའི་གར་གྱི་སྒྱུ་འཕྲུལ་བ། །བསྟན་འཛིན་ཆོས་ཀྱི་རྒྱལ་ཐབས་མཆོག །དྲི་མེད་རྡོ་རྗེ་སྙིང་པོ་ཡི། །རྒྱལ་མཚན་གྲགས་དཀར་བསྒྲེངས་པའི་བདག །མཐོན་མཐིང་ཅོད་པན་འཆང་བ་པོ། །དཔལ་ལྡན་དུས་གསུམ་མཁྱེན་པ་ནས། །རྗེ་བཙུན་བདུད་འདུལ་རྡོ་རྗེ་འཆང་། །བཅུ་གསུམ་ཡིད་བཞིན་ནོར་བུའི་ཕྲེང་། །ཆུ་ཟླའི་གར་གྱི་རོལ་པ་ཡིས། །སྐྱེ་དགུའི་ངན་སོང་མུན་གཞོམ་ཞིང། །བླ་མེད་ཡེ་ཤེས་སྣང་བ་ཆེ། །ཡང་དག་རང་བྱུང་རིག་སྟོང་པ། །སྐུ་བཞིའི་དབང་ཕྱུག་གོ་འཕང་མཆོག །དངོས་གྲུབ་ཆར་རྒྱུན་བསིལ་བའི་བདག །ཐུགས་རྗེ་ཕན་བདེའི་རང་བཞིན་གྱི། །ཕུན་ཚོགས་དཔལ་ཡོན་རབ་རྒྱས་ཤིང་། །རིང་ལུགས་ཉིན་མོར་བྱེད་པའི་འོད། །རབ་གསལ་ཕྱོགས་དེར་རྒུད་པའི་མུན། །དྲྭ་བ་གཏན་བཅོམ་མཐར་ཐུག་ཏུ། །བྱང་ཆེན་ལམ་མཆོག་དམ་པ་རུ། །མངོན་པར་རྫོགས་སངས་རྒྱས་པར་


SPN002_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཅེས་ལི་ཡུལ་ལྕང་ར་སྨུག་པོའི་ལྗོངས་སུ་བཀའ་བརྒྱུད་བསྟན་པའི་གསལ་བྱེད་བླ་མ་སྤྲུལ་སྐུ་ུརྣམ་རྒྱལ་གྱིས་བསྐུལ་ལྟར་སྤེལ། །པདྨ་འབྱུང་གནས་ཐུགས་རྗེའི་འོད། །སྣང་བས་དེང་འདིར་བཀྲ་ཤིས་པའི། །བདེ་ལེགས་དཔལ་དང་འབྱོར་བ་ཡིས། །ཀུན་ནས་ཀུན་ཏུ་དགེ་གྱུར་ཅིག །གྲུ་འཛིན་ཕྲེང་བ་རིམ་བྱོན་པའི། །ཀརྨ་པ་ཞེས་ཉི་ཟླ་ལྟར། །གྲགས་དེའི་བྱིན་མཐུས་འགྲོ་བ་ཀུན། །བདེ་ཆེན་ཐར་པའི་སྣང་བྱེད་ཤོག །བསྟན་འཛིན་ནོར་བུའི་ངོར་སྤེལ། །མཆོག་གསུམ་གསང་གསུམ་རྟེན་མཆོག་གི། །བསྟི་གནས་འོག་མིན་ཀརྨ་ཡི། །ཐུགས་རྗེས་དེང་འདིར་འགྲོ་བ་ཀུན། །རྡོ་རྗེ་འཆང་གི་སྐུ་ཐོབ་ཤོག །དུས་གསུམ་རྒྱལ་ཀུན་འདུས་པའི་རང་གཟུགས་མཆོག །སྟོབས་བཅུ་མངའ་བ་ཤཱཀྱ་ཐུབ་པའི་དབང་། །སྐུ་གསུམ་བདག་ཉིད་སངས་རྒྱས་གཉིས་པ་མཆོག །ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་དང་། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཚོགས་བཅས་དང་ག །གཏེར་ཆེན་བརྒྱ་རྩ་གཏེར་ཕྲན་སྟོང་རྩ་གཉིས། །གསར་རྙིང་བརྒྱུད་པའི་བླ་མ་དམ་པ་དང་ག །བདེ་དགྱེས་གསང་འདུས་རྒྱུད་སྡེ་བཞིར་འབྲེལ་བའི། །ཡི་དམ་རབ་འབྱམས་དཔའ་བོ་ཌཱ་ཀི་དང་། །བེར་ཅན་ཕྱག་བཞི་མ་ནིང་རང་བྱུང་རྒྱལ། །ཕོ་རྒྱུད་མོ་རྒྱུད་ཡེ་ཤེས་ལས་འཇིག་རྟེནག །སྲུང་མ་དམ་ཅན་མ་ལུས་ཇི་སྙེད་པ། །དེང་འདིར་ཐུགས་རྗེ་ཆེན་པོས་


SPN002_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེར་དགོངས་ལག །ཆོས་མཐུན་བསམ་པ་ལྷུན་གྲུབ་ཚེ་མཐར་ཕྱིན། །དཔལ་དང་གྲགས་སྤེལ་རྣམ་ཀུན་བཀྲ་ཤིས་ཤིང་། །སྣང་ཞིང་སྲིད་པའི་སྡེ་བརྒྱད་འབྱུང་པོའི་ཚོགས། །ཀུན་ཀྱང་བྱམས་པའི་སེམས་ལྡན་དཀར་ཕྱོགས་སྐྱོང་། །མཐུན་རྐྱེན་གྲུབ་པའི་གྲོགས་སུ་འགྱུར་པ་དང་། །བདུད་དང་བདུད་ཀྱི་རིགས་གྱུར་ཉེར་འཚེའི་རིགས། །རང་སར་རང་གྲོལ་ཀ་དག་ཀློང་ཡངས་སུ། །མཁའ་ལ་སྤྲིན་ཐིམ་བཞིན་དུ་དག་གྱུར་ཅིག །དེ་ལྟར་མཆོག་གསུམ་རྩ་གསུམ་རིན་པོ་ཆེ། །བདེན་གསུང་བདེན་གྲུབ་རྣམས་ཀྱི་མཐུ་དཔལ་གྱིས། །ལྷུན་གྱིས་གྲུབ་པའི་བཀྲ་ཤིས་རབ་རྒྱས་ཤོག །ཅེས་བཟོ་རིགས་གནས་མདོ་བླ་མའི་བཞེད་ལྟར་སྤེལ། །གསང་སྔགས་ཐེག་པའི་མཐར་ཐུག་ཟབ་མོའི་ལམག །བསྐྱེད་རྫོགས་སྨིན་གྲོལ་གདམས་པའི་གཏེར་མཛོད་མཆོག །སྐུ་གསུམ་བདག་ཉིད་པདྨ་འབྱུང་གནས་ཀྱི། །ཟག་མེད་འོད་གསལ་དབང་བསྒྱུར་མྱང་བན་ཆེར། །དབང་བསྐུར་བཀའ་གཏད་ལུང་བསྟན་མཚམས་སྦྱར་ནས། །ཧམ་ཕྲང་ལྕགས་ཀྱི་སྒོ་མོར་རྒྱ་ཡིས་བཏབ། །སླར་ཡང་སྨོན་ལམ་མཐུ་ཡིས་སྤྲུལ་པའི་སྐུ། །ཨོ་རྒྱན་ལས་འཕྲོ་གླིང་པས་སྤྱན་དྲངས་པའི། །ཡང་ཟབ་བླ་མེད་དཀོན་མཆོག་སྤྱི་འདུས་ཀྱི། །གྲོལ་བྱེད་ཁྲིད་རིམ་རིག་འཛིན་འཁོར་ལོས་སྒྱུར། །ཚེ་དབང་ནོར་བུའི་དཔལ་གྱི་ཞལ་བདུད་རྩི། །བསྟན་འགྲོ་རྒུད་པའི་


SPN002_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་གདུང་གཞིལ་སླད་དུག །འཕྲུལ་གྱི་སྤར་ཡིག་ངོགས་སུ་སྤེལ་བའི་མཐུས། །མཁའ་ཁྱབ་སེམས་ཅན་ཕྲ་རབ་རྡུལ་གྱི་གྲངས། །ཡང་དག་ལྟ་བ་འཁྲུལ་མེད་ཉིད་དུ་རྟོགས། །སྤྲོས་བྲལ་ཡེ་ཤེས་ཆོས་ཀྱི་སྐུ་ཐོབ་ཤོག །ཅེས་དབོན་སྤྲུལ་ཀརྨ་རཏྣས་ཡང་ཟབ་ཁྲིད་རིམ་སྤར་དུ་བཞེངས་སྐབས་གང་དེའི་བཞེད་ལྟར་སྤེལ། །རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་པ། །མཚོ་སྐྱེས་པད་འབྱུང་རྡོ་རྗེ་འཆང་། །གང་དེས་སྐྱེ་དང་ཚེ་རབས་ཀུན། །རྗེས་བཟུང་ཡང་དག་ཟབ་མོའི་ལམ། །བགེགས་མེད་མྱུར་དུ་བགྲོད་གྱུར་ནསག །འཁོར་འདས་ཡེ་གྲོལ་མཉམ་ཉིད་ཀློང་། །རང་རིག་ཡེ་ཤེས་ཆོས་ཀྱི་སྐུ། །ཀུན་ཏུ་བཟང་དང་དབྱེར་མེད་ཤོག །ལྷོ་ཆུང་ཚང་དམ་པའི་བླ་མཆན་ཀརྨ་ཚེ་བརྟན་དཔལ་དབང་ནས་བཞེད་ལྟར་སྤེལ། །སྐུ་གསུམ་བདག་ཉིད་བཅོམ་ལྡན་འདས། །ལུང་རྟོགས་ཡོན་ཏན་དམ་པའི་ཆོས། །རིག་གྲོལ་འཕགས་པའི་དགེ་འདུན་སྡེ། །སྐྱབས་གནས་གཞར་ཡང་བསླུ་མེད་པ། །མཆོག་གི་བྱིན་རླབས་བདུད་རྩིའི་ཆར། །བསྙིལ་བའི་ལེགས་བྱས་དགེ་ལེགས་ཀྱིས། །དེང་འདིར་ཐར་པའི་ས་བོན་གྱིག །སྐྱེད་བསྲིང་བླ་མེད་སངས་རྒྱས་ཤོག །རི་པ་བླ་མ་ཀརྨ་ཀུན་བཟང་ནས་བཞེད་ལྟར་སྤེལ། །དུས་གསུམ་རྒྱལ་ཀུན་འདུས་པའི་སྐུ། །ཨོ་རྒྱན་ཆེན་པོའི་གསང་གསུམ་གྱི། །ཡོན་ཏན་མཐའ་ཀླས་ཐུགས་རྗེའི་མཐུས། །བསམ་དོན་ཆོས་བཞིན་ཡོངས་འགྲུབ་


SPN002_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཚེ་དཔལ་ཡེ་ཤེས་འབྱོར་བ་རྒྱས། །བདུད་བཞིའི་གཡུལ་རྒྱལ་སྒྲིབ་གཉིས་བྱང་། །བསོད་ནམས་ཚོགས་གཉིས་རབ་རྫོགས་ནས། །ཐར་པའི་གོ་འཕང་འགོད་ནུས་ཤོག །ཅེས་པ་བན་ཆེན་བླ་མའི་ངོར་སྤེལ། །དཀོན་མཆོག་རྒྱ་མཚོའི་མཐུ་དཔལ་གྱི། །ཆོས་ལྡན་བསམ་དོན་མྱུར་འགྲུབ་ཅིང་། །ཡང་དག་བདེ་ཆེན་མཆོག་གི་ལམ། །མ་ནོར་གསལ་བར་མཐོང་གྱུར་ནས། །བླ་མེད་སྐུ་ལྔའི་གོ་འཕང་ལ། །བདེ་བླག་ཉིད་དུ་བགྲོད་པར་ཤོག །ཅེས་མགོན་ཁང་པའི་ངོར་སྤེལ། །མཉམ་མེད་དོན་ཀུན་ཡོངས་གྲུབ་པ། །ཤཱཀྱའི་རྒྱལ་དང་མཚོ་སྐྱེས་ཀྱི། །བླ་མ་པད་འབྱུང་རྡོ་རྗེ་འཆང་། །གང་གི་བྱིན་རླབས་མཁའ་དབྱིངས་ལས། །ཐུགས་རྗེས་མ་རིག་མུན་སེལ་བའི། །ཉིན་བྱེད་འོད་སྟོང་ཕྱོགས་མཐར་འཕྲོ། །འགྲོ་བ་ཀུན་མཁྱེན་རྒྱལ་བ་ཡི། །ཞིང་ཁམས་པདྨོའི་དགའ་ཚལ་རྒྱསག །བླ་མེད་རང་བྱུང་ཡེ་ཤེས་ཀྱི། །འབྲས་བུ་མངོན་པར་བྱང་ཆུབ་ཆེའི། །གོ་འཕང་ཡོངས་ཐོབ་སངས་རྒྱས་ཤོག །ཅེས་པའང་དགེ་སློང་ཚུལ་ཁྲིམས་དང་དཔལ་འབྱོར་བཅས་ཀྱི་ངོར་སྤེལ། །མགོན་པོ་མཉམ་མེད་ཐུགས་རྗེ་ཅན། །རླབས་ཆེན་འགྲོ་བའི་དོན་སྤྱོད་པའི། །ཕྲིན་ལས་གཞན་དྲིང་མི་འཇོག་པ། །མཚོ་སྐྱེས་པདྨཱ་ཀ་ར་ཡི། །བྱིན་མཐུས་མཁའ་དབྱིངས་ཀློང་ཡངས་ནསག །དངོས་གྲུབ་འོད་སྟོང་རབ་གསལ་བས། །འགྲོ་རྒྱུད་


SPN002_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་གཉིས་མུན་པ་གཞོམ། །རྣམ་གྲོལ་རང་བྱུང་ཡེ་ཤེས་ཀྱི། །པད་ཚལ་ཆེས་ཆེར་རྒོད་གྱུར་ཏེ། །སྐུ་བཞི་བླ་མེད་འབྲས་བུ་མཆོག །ཆགས་མེད་ཐོབ་པར་བྱིན་གྱིས་རློབས། །ཞེས་ལྷ་བྲིས་པ་དབང་རྒྱལ་ངོར་སྤེལ། །པདྨཱ་ཀ་རའི་ཐུགས་རྗེའི་འོད། །དེང་འདིར་སྣང་བའི་བྱིན་རླབས་ཀྱིས། །ཡང་དག་སྣང་བའི་ལམ་གསལ་ནསག །བདེ་ཆེན་ཡེ་ཤེས་རབ་རྒྱས་ཤོག །ཐར་པའི་ངོར་སྤེལ། །ཨཱཪྱ་ཏཱ་རེ་ཡུམ་གྱུར་མའི། །ཐུགས་རྗེའི་འོད་དཀར་བསིལ་རྒྱུན་གྱིས། །སྲིད་འགྲོའི་ཉོན་མོངས་གདུང་བཅིལ་ནས། །དོན་གཉིས་ཀུནྡའི་ཚལ་རྒྱས་ཤོག །ཨ་བའི་ངོར་སྤེལ། །རབ་འབྱམས་མཐའ་ཀླས་བདེ་བར་གཤེགས་ཀུན་གྱི། །ཐུགས་རྗེའི་གོང་བུ་གཅིག་བསྡུས་འཇིག་རྟེན་མགོན། །དངོས་སྣང་མི་བསྐྱོད་རིགས་ཀྱི་ཅོད་པན་ཅན། །ཀརྨ་པ་མཆོག་བདུད་འདུལ་རྡོ་རྗེ་ཡིས། །རྣམ་ཀུན་རྗེས་བཟུང་དབང་བཞི་ཡོངས་ཐོབ་ནས། །སྐུ་བཞིའི་བདག་ཉིད་ཆེན་པོར་དབང་གྱུར་ཤོག །ཀརྨ་ཡིད་འོང་ངོར་སྤེལ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཐུགས་རྗེ་བླ་མེད་བཅོམ་ལྡན་རྫོགས་སངས་རྒྱས། །ལུང་རྟོགས་ཞི་བ་ཆགས་བྲལ་ཆོས་ཀྱི་མཆོག །རྣམ་དག་བསླབ་གསུམ་འཕགས་པའི་དགེ་འདུན་སྡེ། །དེང་འདིར་བདེན་འགྲུབ་ཤིས་པའི་དཔལ་ཀུན་སྩོལ། །དུས་གསུམ་རྒྱལ་བའི་མཐུ་བྱིན་མ་ལུས་པའིག །གསང་གསུམ་ཡོན་ཏན་བྱེ་བས་མངོན་མཐོ་


SPN002_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

བ། །འཇིག་རྟེན་དབང་ཕྱུག་ཕྱག་ན་པད་དཀར་འཆང་། །གངས་ཅན་ལྗོངས་འདིར་མཐོན་མཐིང་ཅོད་པན་འཆང་། །སྐྱེས་རབས་ཕྲེང་བ་ཚར་དུ་དངར་བ་ལས། །བཅུ་གསུམ་བདུད་ཚོགས་འདུལ་བའི་རྡོ་རྗེ་འཆང་། །གང་དེའི་གསུང་གསང་དད་དང་ངེས་པའི་དོན། །དམ་ཆོས་ནོར་བུ་རིན་ཆེན་འདོད་འཇོའི་གཏེར། །ཆུ་ཟླའི་གར་གྱི་རོལ་རྩེད་ཇི་བཞིན་པར། །བསྟན་དང་འགྲོ་བའི་གསོས་སུ་འགྱུར་བའི་ཆེད། །རྣམ་དཔྱོད་བློ་གྲོས་ཐོགས་མེད་ཤེས་རབ་ཀྱི། །ཟབ་མོའི་གནས་ལ་གཟིགས་པའི་སྤྱན་ཡངས་པ། དབོན་སྤྲུལ་ཀརྨ་རཏྣའི་ཐུགས་བསྐྱེད་ཀྱི། །ལེགས་བྱས་ཁྱུང་སྔོན་སྐྱེས་ཀྱིས་དྲངས་ནས་སུ། །རྒྱལ་བའི་བཀའ་མཆོག་ཉིན་མོར་བྱེད་པ་ཡིས། །མོས་ལྡན་པདྨའི་དགའ་ཚལ་བཞད་པའི་ཕྱིརག །དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཉིད་དུ། སྤར་དུ་བཀོད་པའི་དགེ་འབྲས་གང་ཐོབ་དེས། །བསྟན་འཛིན་ཞབས་བརྟན་དགེ་འདུན་འདུས་པ་འཕེལ། །འགྲོ་རྣམས་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཅིང་། །རང་བྱུང་གདོད་མའི་གནས་ལུགས་མངོན་གྱུར་ནས། །བྱང་ཆུབ་ཆེན་པོར་རྫོགས་སངས་རྒྱས་ཐོབ་ཤོག །ཅེས་པའང་གང་དེའི་ཐུགས་བཞེད་ལྟར་སི་ཏུ་པས་སྤེལ་བ་ཛ་ཡནྟུ། །ན་མ་ཤྲཱི་གུ་ར་ཝེ། དུས་གསུམ་རྣམ་འདྲེན་གྲུབ་པའི་རྒྱན་གཅིག་བུ། །ཀརྨ་པ་མཆོག་སྐྱེས་རབས་ཕྲེང་བ་ལས། །བཅུ་གསུམ་འདུད་འདུལ་རྡོ་རྗེ་འཆང་ཆེན་པོ། །འདི་ནས་བྱང་ཆུབ་བར་དུ་སྤྱི་


SPN002_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བོས་མཆོད། །མ་རིག་འཁོར་བའི་སྡུག་བསྔལ་མེ་འོབས་ལས། །ཐར་བར་འདོད་པའི་བློ་ལྡན་མགོན་མེད་བདག །མགོན་ཁྱོད་ཐུགས་རྗེའི་བྱིན་རླབས་འོད་དཀར་གྱིག །སྣང་བའི་ཟེར་མ་བདུད་རྩིའི་རྒྱུན་བཟང་པོས། །རང་རྒྱུད་ཡོངས་སུ་སྨིན་པར་བྱིན་གྱིས་རློབསག །གདོད་ནས་དྲི་བྲལ་བདེ་བའི་རང་བཞིན་ཅན། །བླ་མེད་ཐེག་པ་མཆོག་གི་ཡང་སྙིང་དོན། །ཟབ་གསང་རྡོ་རྗེའི་གནད་ཀྱི་ལམ་བཟང་པོ། །མོས་གུས་དད་པའི་རྩལ་ཤུགས་ལ་བརྟེན་ནས། །རང་བྱུང་ཡེ་ཤེས་ངོ་བོ་ལྷུན་གྱིས་གྲུབ། །སྐུ་བཞིའི་དབང་ཕྱུག་རྒྱུད་ལ་སྨིན་པར་ཤོག །བདག་གི་དགེ་ཚོགས་ཆུ་རྒྱུན་ཇི་སྙེད་པ། །འགྲོ་རྣམས་མྱང་འདས་རྒྱ་མཚོར་འཇུག་ཕྱིར་བསྔོ། །འཁོར་གསུམ་མི་དམིགས་སྨོན་ལམ་མཐུ་ཡིས་ནི། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །ཅེས་པ་འདི་ཡང་མཉན་པའི་དབོན་པོ་བླ་མ་ཀརྨ་འཆི་མེད་ཀྱི་དགོངས་བཞེད་ལྟར་སྤེལ། །སྐུ་གསུམ་ངོ་བོ་འདུས་པའི་དཔལ། །དཔལ་ལྡན་མཚོ་སྐྱེས་རྡོ་རྗེ་མཆོག །མཆོག་དངོས་གྲུབ་པའི་འབྲས་སྩོལ་མགོནག །མགོན་དེས་ཚེ་རབས་ཀུན་ཏུ་ཡང་། །ཡང་སྲིད་ལས་ཉོན་སྒྲིབ་ཚོགས་དག །དག་པའི་ཞིང་ཁམས་བགྲོད་ནུས་ཤོག །ཅེས་ཀརྨ་རབ་གསལ་ངོར་སྤེལ། །དུས་གསུམ་རྒྱལ་བ་ཡོངས་ཀྱི་ཐུགས་རྗེའི་འཕྲུལ། །དབྱེར་མེད་གཅིག་དྲིལ་སྲིད་དང་ཞི་བའི་དཔལ། །ཀོ་ཤའི་མཚོར་འཁྲུངས་འཆི་མེད་པདྨ་འབྱུང་། །སྒོ་གསུམ་ཕྱག་འཚལ་ཡིད་སྤྲུལ་


SPN002_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པས་མཆོད། །ནོངས་བཤགས་རྗེས་སུ་ཡི་རང་ཆོས་འཁོར་བསྐོར། །གསོལ་བ་འདེབས་སོ་དེང་འདིར་སྐལ་ལྡན་གྱིག །སྒྲིབ་གཉིས་བག་ཆགས་མ་ལུས་དྲུངས་ཕྱུང་ནས། །ཡང་དག་རང་བྱུང་ཡེ་ཤེས་ངོ་བོ་ཉིདག །གནས་ལུགས་མངོན་གྱུར་ཚེ་གཅིག་གདོད་མའི་མགོན། །གོ་འཕང་དམ་པ་བདེ་བླག་ཉིད་ཐོབ་ཤོག །དེ་ལྟར་བདེན་ཚིག་བདེན་པའི་མཐུ་ལྡན་པ། །བཀའ་བརྒྱུད་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་དང་། །རབ་འབྱམས་རྒྱུད་སྡེར་འབྲེལ་བའི་ཡི་དམ་ལྷ། །དཔའ་བོ་ཌཱ་ཱཀི་ཡེ་ཤེས་ལས་འཇིག་རྟེན། །དྲེགས་བྱེད་དམ་ཅན་ཚོགས་ཀྱི་མཐུ་ནུས་ལས། །ཇི་ལྟར་སྨོན་བཞིན་དེ་ལྟར་ལྷུན་གྲུབ་ཤོག །ཅེས་ན་མདའ་དབོན་མོ་ཚངས་སྤྱོད་དཔལ་མོས་བསྐུལ་བཞིན། སི་ཏུ་པདྨ་ཉིན་བྱེད་དབང་པོས་རྡོ་སྨད་མི་རྗེའི་མཁར་གྱི་ཡང་རྩེའི་ལྷ་ཁང་ནས་སྤེལ་བ་མངྒ་ལཾ། །ཕྱོགས་བཅུ་དུས་གསུམ་རྒྱལ་ཀུན་འདུས་པའི་སྐུ། །འཆི་མེད་དབང་བཅུ་ཡོངས་སུ་རྫོགས་པའི་དཔལ། །སྐུ་དང་ཞིང་ཁམས་མ་ལུས་ལྷུན་གྱིས་གྲུབ། །དྲི་མེད་མཚོ་སྐྱེས་པདྨ་ལས་འཁྲུངས་པའི། །ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ལ། །རྣམ་ཀུན་ཕྱག་འཚལ་གསོལ་བཏབ་བདེན་པའི་མཐུས། །ལྔ་བདོས་བསླད་པའི་བསྟན་དང་འགྲོ་བ་ཀུན། །ཆོས་མིན་ཆོས་ལྟར་བརྫུ་བའི་གཡང་ས་དང་། །དུག་ལྔས་རྒྱུད་བསྐུལ་ཐར་ལམ་འགོག་བྱེད་པའི། །


SPN002_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་འཛིན་ཞེན་ཆགས་འཁོར་བའི་འཁྲུལ་འཁོར་རྣམསག །བདེན་མེད་རང་སར་ཞི་ཞིང་སྐྱེ་བ་ཀུན། །དཀར་པོ་དགེ་བཅུའི་བསམ་པ་ལྷུན་གྲུབ་ནས། །མ་ནོར་ལམ་སྟོན་ཆོས་དང་འཕྲད་པར་ཤོག །ཅེས་སྐྱོ་བྲག་དབོན་མོའི་ངོར་སྤེལ། །དཔལ་ལྡན་ཀརྨ་ཀ་ཡི་ཐུགས་རྗེའི་འོད། །ཀུན་ཏུ་སྣང་བའི་ལེགས་བྱས་རབ་གསལ་བས། །གང་འདིར་སྐལ་ལྡན་མོས་གུས་རྩ་བ་བརྟན། །ཞེན་ལོག་སྒོམ་གྱི་འདབ་བརྒྱ་རབ་གྲོལ་ནས། །མི་རྟོག་ཏིང་འཛིན་འབྲས་བུ་མཆོག་བརྙེས་ཤིང་། །བླ་མེད་སྐུ་བཞིའི་དབང་ཕྱུག་མངོན་གྱུར་ཤོག །ཅེས་རྟོགས་ལྡན་འཇམ་དབྱངས་ངོར་སྤེལ། །གནས་སྐབས་བདུད་བཞིའི་བར་ཆད་གཡུལ་ལས་རྒྱལ། །རྣམ་པར་དག་པའི་ངེས་དོན་གསང་བ་མཆོག །སྙིང་པོའི་བརྟན་ཐོབ་རང་གཞན་སྨིན་ཅིང་གྲོལ། །སྐུ་བཞིའི་གོ་འཕང་མྱུར་དུ་ཐོབ་པར་ཤོག །ཅེས་པའང་བསམ་སྤྲུལ་ལ་སྨོན་ལམ་དུ་སི་ཏུས་སྤེལ། །མཆོག་གསུམ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས། །མི་མངོན་དབྱིངས་བཞུགས་ཡེ་ཤེས་སྤྱན་ལྡན་རྣམས། །ཐུགས་རྗེ་ཆེན་པོས་དགོངས་ཤིང་བསྐྱབ་ཏུ་གསོལ། །བདག་གི་རྣམ་པར་དཀར་བའི་དགེ་འབྲས་རྣམས། །བྱང་ཆུབ་ཆེན་པོའི་རྒྱུ་རུ་ཡོངས་བསྔོས་པས། །སངས་རྒྱས་བསྟན་པ་དར་རྒྱས་བསྟན་འཛིན་རྣམས། །ཞབས་པད་ཡུན་བརྟན་འགྲོ་རྣམས་བདེ་སྐྱིད་ལྡན། །ཀུན་བཟང་ཐར་


SPN002_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་སྣ་ཟིན་གྱུར་ཏེ། །ཕྱིར་མི་ལྡོག་པར་བདེ་ཆེན་ཞིང་བགྲོད་ཤོག །ཇ་དགོན་དོན་གཉིས་ལྷུན་གྲུབ་ངོར་སྤེལ། །སྲིད་པའི་མཚོ་ལས་སྒྲོལ་བའི་ཡུམ། །འཕགས་མཆོག་བཅོམ་ལྡན་འདས་མ་གང་། །འདི་ནས་བྱང་ཆུབ་ཐོབ་ཀྱི་བར། །ལྷག་པའི་ལྷར་གྱུར་ཐུགས་རྗེས་སྐྱོངས། །རང་གྲོལ་ངོར་སྤེལ། །སྭསྟི། ཕྱོགས་བཅུའི་རྒྱལ་དང་རྒྱལ་སྲས་འཕགས་པའི་ཚོགས། །བདེན་པ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །བདག་དང་ཕ་མས་གཙོར་བྱས་རིགས་དྲུག་གི། །སེམས་ཅན་སྡུག་བསྔལ་མཚོ་ལས་བསྒྲལ་དུ་ུགསོལ། །རང་གཞན་རྣམས་ཀྱི་དུས་གསུམ་དུས་མེད་ཀྱི། །དགེ་བའི་རྩ་བ་མཆོག་གསུམ་རྩ་གསུམ་ལྷའི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྟེན་མཆོག་རྣམས། །བཞེངས་པའི་ལེགས་བྱས་བྱང་ཆུབ་ཆེན་པོར་བསྔོ། །དེ་མ་ཐོབ་བར་ཚེ་རབས་ཀུན་ཏུ་ཡང་། །དལ་རྟེན་ཐོབ་ཅིང་མཚན་ལྡན་བླ་མ་མཇལ། །གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །སྨིན་ཅིང་གྲོལ་བའི་ལམ་བཟང་ཐོབ་པར་ཤོག །ཆོས་དང་ཆོས་མིན་མ་ནོར་ཇི་བཞིན་པར། །གནས་སྐབས་ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། །ནད་གདོན་བར་ཆད་མི་མཐུན་ཉེར་འཚེ་ཞི། །རང་བྱུང་ལྷན་སྐྱེས་འོད་གསལ་ཕྱག་རྒྱ་ཆེ། །གཉུག་མ་ཆོས་སྐུའི་རྒྱལ་སར་དབང་འབྱོར་ཤོག །ནམ་ཞིག་བདེ་ཆེན་པདྨོ་བཀོད་ཞིང་དུ། །བརྫུས་ཏེ་སྐྱེས་ནས་སངས་རྒྱས་ཞལ་


SPN002_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཞིང་། །བླ་མེད་ལུང་བསྟན་དབུགས་དབྱུང་ཐོབ་ནས་སུག །ཕྱིར་མི་ལྡོག་པའི་གོ་འཕང་ཐོབ་གྱུར་ཅིག །དད་གསུམ་འགྱུར་མེད་ཆོས་ཚུལ་ལྡན་པ་ཀརྨའི་བཞེད་ངོར་སྤེལ་བ་དགེ་བར་གྱུར་ཅིག །མངྒ་ལཾ་བྷ་ཝནྟུ། །སྭ་སྟི་ཛ་ཡནྟུ། བཅོམ་ལྡན་ལྷ་ཡི་ལྷར་གྱུར་རྗེ་བཙུན་མ། །འཕགས་མ་སྒྲོལ་མའི་བྱིན་རླབས་ཀློང་ཡངས་ནས། །ཐུགས་རྗེའི་ཟླ་གཞོན་བདུད་རྩིའི་དཔལ་ཡོན་གྱིས། །དེང་འདིར་བདེ་ལེགས་དོན་ཀུན་གྲུབ་གྱུར་ཅིག །འཇིག་རྟེན་བཀྲ་ཤིས་ཕན་དང་བདེ་བའི་གནས། །ཐམས་ཅད་ལྷུན་གྲུབ་ཡིད་བཞིན་འདོད་འཇོ་ཞིང་། །འཇིག་རྟེན་འདས་པའི་དངོས་གྲུབ་ལ་སོགས་པ། །ཐོགས་མེད་འགྲུབ་ཅིང་ཚེ་དཔལ་ཡེ་ཤེས་རྒྱསག །བྱང་ཆུབ་སྙིང་པོ་མཆོག་གི་རྩ་བ་བརྟན། །རང་བྱུང་གདོད་མའི་ལྷན་སྐྱེས་ཆོས་ཀྱི་སྐུ། །གནས་ལུགས་ཇི་བཞིན་མངོན་གྱུར་མཐར་ཐུག་པ། །རྫོགས་སངས་རྒྱས་ཀྱི་ས་ལ་འགོད་ནུས་ཤོག །ཅེས་པའང་དབོན་སྤྲུལ་ཀརྨ་འབྱུང་གནས་བཞེད་ལྟར་སྤེལ། །དཀོན་མཆོག་འདུས་པའི་བདག་ཉིད་མཆོག །རྒྱལ་དབང་པདྨཱ་ཀ་ར་ཡི། །ཐུགས་རྗེའི་ཆར་གྱིས་སྐལ་ལྡན་རྣམས། །མི་མཐུན་འགལ་རྐྱེན་མ་ལུས་ཞི། །རང་བྱུང་སྟོང་གསལ་འགྱུར་མེད་ཀྱི། །རང་གདངས་གཤིས་ཀྱི་གནས་ལུགས་དོན། །གང་ཤར་ཆོས་སྐུའི་ཀློང་ཡངས་སུ། །རིག་སྟོང་ངང་དུ་གྲོལ་གྱུར་ཅིག །ཅེས་པའང་རབ་དགའི་ངོར་སྤེལ། །སྐུ་གསུམ་བདག་ཉིད་པདྨ་འབྱུང་། །


SPN002_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཐུགས་རྗེའི་ཉི་འོད་ཀྱིས། །འགྲོ་རྒྱུད་སྒྲིབ་གཉིས་བསྲེག་གྱུར་ནས། །རྣམ་གྲོལ་ལམ་མཆོག་མྱུར་གསལ་ཞིང་ག །མཁའ་སྤྱོད་པདྨ་འོད་ཞིང་དུ། །རིག་འཛིན་རྒྱལ་བའི་སྲས་དབང་བསྐུར། །སྤྲུལ་པས་མཐའ་ཡས་སེམས་ཅན་ཀུན། །སྒྲོལ་བའི་གཉེན་དུ་དེང་གྱུར་ཅིག །ཅེས་པའང་ཀརྨ་ཆོས་རྒྱལ་ངོར་སྤེལ། །རྒྱལ་བ་རྒྱ་མཚོའི་ཐུགས་རྗེའི་དཔལ་ཡོན་ཀུན། །གཅིག་གྱུར་ཨོ་རྒྱན་ཆེན་པོ་པདྨ་འབྱུང་ག །གང་འདུལ་ཞི་དང་ཁྲོ་བོའི་གར་རོལ་པ། །སྣ་ཚོགས་ཐབས་ཀྱིས་འགྲོ་འདུལ་རྫུ་འཕྲུལ་ཅནག །གང་གི་བྱིན་རླབས་འོད་སྟོང་གཟི་བྱིན་གྱིས། །དེང་འདིར་ཉེས་གསུམ་ཁྲི་མུན་གཏན་བཅིལ་ནསག །ཐར་པ་དམ་པའི་གོ་འཕང་བླ་མེད་པར། །རིང་མིན་ཉིད་དུ་འགོད་པའི་སྐལ་ལྡན་ཤོག །ཅེས་ས་ཐམ་མཆོག་ཐུབ་ངོར་སྤེལ། །སྭསྟི། རྒྱལ་ཡུམ་ཚེ་སྦྱིན་ཏཱ་རེ་མས། །དེང་འདིར་རྣམ་ཀུན་ཤིས་གྱུར་བའི། །བདེ་ལེགས་ཡོངས་འདུའི་ཆར་རྒྱུན་གྱིས། །ཚེ་དང་དཔལ་གྲགས་ཡེ་ཤེས་གཟིའི། །སྣང་བ་རབ་རྒྱས་དོན་གཉིས་པོ། །ཡོངས་གྲུབ་འདི་གཏན་སྨན་པ་ཡི། །བསོད་ནམས་རྡུལ་བརྩེགས་ལྷུན་པོ་ལྟར། །སྲིད་རྩེར་ལྷམ་མེར་འབར་གྱུར་ཅིག །ཅེས་པའང་དགྱེས་མཛད་ངོར་སྤེལ། །དཔལ་ལྡན་ཕྱོགས་དུས་བདེ་བར་གཤེགས་རྣམས་ཀྱི། །ཐུགས་རྗེའི་གོང་བུ་གཅིག་བསྡུས་འཇིག་རྟེན་མགོན། །མངོན་སྣང་


SPN002_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྐྱོད་རིགས་ཀྱི་ཅོད་པན་ཅན། །ཀརྨ་ཀ་དེས་དེང་འདིར་དགེ་ལེགས་སྩོལ། །རྣམ་དག་བསླབ་པའི་རྩ་བ་རབ་བརྟན་ཅིང་། །ཚུལ་ཁྲིམས་ཕུན་ཚོགས་ཡལ་འདབ་ཀུན་ཏུ་ཁྱབ། །བསྡུ་དངོས་བཞི་ཡི་པད་ཚལ་དྲི་བསུང་ལྡན། །ཡོངས་འདུའི་ལྗོན་བཞིན་དགེ་འདུན་སྡེ་འཕེལ་ཤོག །ཆོས་སྤྱོད་བཅུ་དང་འཁོར་ལོ་རྣམ་གཉིས་ཀྱི། །བསྟན་པའི་རྒྱལ་མཚན་ཡོངས་སུ་བསྒྲེང་བཞིན་པར། །དཀར་ཕྱོགས་ལྷ་ཀླུ་ཡིས་ཀྱང་སྲུང་བྱེད་ནསག །སྙིང་པོའི་རིང་ལུགས་ཡུན་གནས་དར་རྒྱས་ཤོག །དེ་ལྟར་བྱིན་མཐུས་འགྲོ་དྲུག་སེམས་ཅན་ཚོགས། །སྲིད་མཚོ་ལས་བརྒལ་མྱང་འདས་གོ་འཕང་ཐོབ། །བྱང་ཆུབ་ཆེན་པོར་མངོན་སངས་རྒྱས་པ་ཡི། །རྒྱལ་རྣམས་སྨོན་པ་ཡོངས་གྲུབ་དབུགས་དབྱུང་སྩོལ། །ཅེས་འཇང་ཡུལ་ཐར་པའི་ལམ་འཛིན་གླིང་གི་བླ་མ་མཐར་ཕྱིན་ནས་བསྟན་པ་རྒྱས་པའི་སྨོན་ལམ་བསྐུལ་ངོར་སྤེལ། །འཇང་ཡུལ་གྱི་དགེ་སློང་འགའ་ཞིག་གི་བཞེད་ངོར་སྨོན་ལམ་གསོལ་འདེབས་སོ་སོར་སྤེལ་པ་ནི། མཆོག་ཏུ་འགྱུར་མེད་བདེ་ཆེན་ཁམས། །མི་འགྱུར་སྒྱུ་འཕྲུལ་དྲྭ་བ་ཅན། །དཔལ་ལྡན་སྡོམ་པ་དེང་ནས་བཟུང་། །བྱང་ཆུབ་བར་དུ་འབྲལ་མེད་ཤོག །ལྷུན་གྲུབ་གདོད་མའི་སངས་རྒྱས་ཆེ། །ཀུན་བཟང་འོད་མི་འགྱུར་བ་ཡི། །ཐུགས་རྗེས་འདི་བཟུང་བྱང་ཆུབ་བར། །ནམ་ཡང་མི་བཏང་རྗེས་འཛིན་མཛོད། །ཁྱབ་


SPN002_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རིགས་དཀྱིལ་འཁོར་ལོའི་མགོན། །དཔལ་ལྡན་ཀརྨ་ཀ་མཆོག་དེས། །འདི་ནས་བྱང་ཆུབ་ཆེན་པོའི་བར། །འབྲལ་མེད་རྗེས་བཟུང་བྱིན་གྱིས་རློབས། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །དཀྱིལ་འཁོར་ཀུན་གཙོ་འཁོར་ལོ་སྡོམ། །འབྲལ་མེད་མི་རྟོག་ཡེ་ཤེས་ཆེའི། །འབྲས་བུ་མངོན་བྱང་ཆུབ་པར་ཤོག །རྒྱལ་ཀུན་ཐུགས་རྗེའི་གར་རོལ་བ། །འཁོར་ལོའི་དབང་ཕྱུག་ཀརྨ་ཀ། འདི་ནས་བླ་མེད་བྱང་ཆུབ་བར། །མི་འབྲལ་བདེ་ཆེན་གཙུག་རོལ་མཛོད། །དུས་གསུམ་སྟོན་པ་བདེ་བར་གཤེགས། །ཡོངས་ཀྱི་སྤྱི་གཟུགས་ཀརྨ་པ། །རྣམ་ཀུན་མི་འབྲལ་སྐལ་ལྡན་གྱི། །ཡིད་ཀྱི་པདྨོར་འབྲལ་མེད་ཤོག །མཁའ་ཁྱབ་ཐུགས་རྗེའི་གཏེར་འཆང་བ། །མཐའ་བྲལ་ཕྲིན་ལས་རང་བཞིན་ཅན། །རྗེ་བཙུན་ཀརྨ་ཀ་མཆོག་གིས། །སྐྱེ་དང་སྐྱེ་བར་རྗེས་འཛིན་ཤོག །ལྷུན་གྲུབ་ཡེ་ཤེས་སྣང་བ་ཅན། །ཁྱབ་བདག་བདེ་ཆེན་འཁོར་ལོའི་མགོན། །རྩ་བའི་བླ་མ་རིན་པོ་ཆེ། །སྐྱེ་དང་ཚེ་རབས་འབྲལ་མེད་ཤོག །སྟོན་མཆོག་སྟོབས་བཅུའི་བདག་ཉིད་ཅན། །དུས་གསུམ་རྒྱལ་ཀུན་གསང་གསུམ་གྱི། །ཕྲིན་ལས་མཛོད་འཆང་ཀརྨ་ཀས། །རྣམ་ཀུན་རྗེས་འཛིན་བྱིན་གྱིས་རློབས། །དུས་གསུམ་རྒྱལ་ཀུན་འདུས་པའི་


SPN002_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །སྐུ་གསུམ་ལྷུན་གྲུབ་ཡོངས་རྫོགས་དཔལ། །དཔལ་ལྡན་རྡོ་རྗེ་ཅན་ཞབས་མཆོག །མཆོག་གིས་དེང་འདིར་སྨིན་གྲོལ་མཛོད། །རྒྱལ་ཀུན་ཕྲིན་ལས་མཛོད་འཆང་བ། །དཔལ་ལྡན་ཀརྨ་པ་མཆོག་དེས། །རྗེས་འཛིན་བྱང་ཆུབ་གོ་འཕང་ལ། །འགོད་པར་བྱིན་གྱིས་བརླབ་ཏུ་གསོལ། །བདེ་གཤེགས་གསང་གསུམ་གཏེར་མངའ་བ། །ཐུགས་རྗེའི་བདག་ཉིད་རྒྱལ་བའི་དབང་། །གང་དེས་ཚེ་རབས་ཕྲེང་བ་རུ། །རྗེས་འཛིན་ཕྱིར་མི་ལྡོག་པར་ཤོག །སྲས་བཅས་རྒྱལ་ཀུན་འདུས་བའི་སྐུ། །འཆི་མེད་པདྨ་འབྱུང་གནས་ཀྱི། །ཐུགས་རྗེའི་བདེན་པས་བྱིན་བརླབ་ནས། །སྨིན་གྲོལ་དབང་བཞི་མཆོག་ཐོབ་ཤོག །ཚེ་ཡི་མཆོག་སྦྱིན་འཕགས་མ་ཡུམ། །རྣམ་ཀུན་ལྷག་ལྷར་བསྙེན་བའི་མཐུསག །ཚེ་དང་ཡེ་ཤེས་འབྱོར་པ་རྒྱས། །བཀྲ་ཤིས་དོན་ཀུན་འགྲུབ་པར་ཤོག །ཆོས་སྐུ་མཁའ་དབྱིངས་ཡངས་པ་ལས། །ལོངས་སྐུ་འགག་མེད་སྣ་ཚོགས་འཆར། །སྤྲུལ་སྐུ་འགྲོ་དོན་ཕྲིན་ལས་ཅན། །ཀརྨ་ཀ་དེས་སྐྱོང་གྱུར་ཅིག །ཕྲིན་ལས་སྣ་ཚོགས་ཆུ་ཟླ་ཡི། །རོལ་པས་དུས་གསུམ་འགྲོ་སྒྲོལ་བ། །དཔལ་ལྡན་ཀརྨ་ཀ་མཆོག་དེ། །བྱང་ཆུབ་བར་དུ་འབྲལ་མེད་ཤོག །བུ་རམ་ཤིང་པའི་བསྟན་མཆོག་གི། །ཕྲིན་ལས་འདོད་


SPN002_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

དགུར་བསྒྱུར་མཛད་པ། །རྗེ་བཙུན་བདུད་འདུལ་རྡོ་རྗེ་གང་། །འདུ་འབྲལ་མེད་པ་གཅིག་ཏུ་སྨོན། །ཤེས་བྱའི་མཁའ་དབྱིངས་ཡངས་པ་ལ། །བློ་གྲོས་ཉི་མ་འབུམ་བརྡལ་བས། །རྒྱལ་བསྟན་ཡོངས་རྫོགས་འཛིན་པའི་གཙོག །དྷརྨཱ་ཀཱ་རས་རྗེས་བཟུང་མཛོད། །རྣམ་བཞིའི་ཕྲིན་ལས་ཐམས་ཅད་པ། །ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན། །དྲག་པོ་མངོན་སྤྱོད་ཧེ་རུ་ཀ། རྡོ་རྗེ་བེར་གྱིས་སྐྱོང་གྱུར་ཅིག །རབ་གསལ་ཐུགས་རྗེའི་ཟླ་རིས་ཀྱིས། །རབ་སྣང་ལས་ཉོན་དྲི་མ་བསལ། །རབ་བསིལ་བྱམས་པའི་ཆུ་རྒྱུན་ཅན། །རབ་དགྱེས་མགོན་དེས་སྐྱོང་གྱུར་ཅིག །བདེ་ཆེན་རྡོ་རྗེའི་གར་རོལ་བ། །ཨེ་ཝྃ་ཟུང་འཇུག་བདག་ཉིད་ཅན། །དཔལ་ལྡན་སྡོམ་པ་དེང་ནས་བཟུང་། །བྱང་ཆུབ་བར་དུ་འབྲལ་མེད་ཤོག །སྙིང་རྗེ་ཚད་མེད་ཕྲིན་ལས་ཀྱི། །ཡེ་ཤེས་རང་གཟུགས་འཇིག་རྟེན་མགོན། །མཆོག་གིས་སྐྱེ་བར་རྗེས་བཟུང་ནས། །སྐུ་བཞི་མངོན་དུ་འགྱུར་བར་ཤོག །ཚེ་དང་འོད་སྣང་མཐའ་ཡས་པ། །པདྨ་འབྱུང་གནས་ཐུགས་རྗེའི་འོད། །རབ་གསལ་སྣང་བས་འཇིག་རྟེན་གྱི། །ཁམས་རྣམས་བདེ་དགེའི་དཔལ་རྒྱས་ཤོག །ཚེ་ཡི་མཆོག་སྦྱིན་ཏཱ་རེ་མའི། །ཐུགས་རྗེའི་འོད་སྣང་དཀར་པོ་ཡིས། །དེང་འདིར་འཛུམ་ཕྲེང་རབ་གཡོས་པས། །ཀུན་ནས་


SPN002_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་ཤིས་གྱུར་ཅིག །སྟོན་མཆོག་མཉམ་མེད་ཤཱཀྱའི་ཏོག །གང་དེའི་བསྟན་པའི་སྙིང་པོ་སྟེ། །ངེས་དོན་སྒྲུབ་བརྒྱུད་ལམ་འཇུག་རྣམས། །ཆོས་སྤྱོད་བྱ་བ་འཕེལ་རྒྱས་ཤོག །ཨོ་རྒྱན་སངས་རྒྱས་པདྨ་སྐྱེས། །མཆོག་གི་བྱིན་རླབས་འོད་ཕྲེང་གིསག །སྐལ་ལྡན་སྒྲིབ་གཉིས་ཁྲི་མུན་གཞིལ། །སྐུ་གསུམ་བདག་ཉིད་ཆེ་ཐོབ་ཤོག །རྒྱལ་ཀུན་སྐྱེད་ཡུམ་འཕགས་མ་སྒྲོལ། །གང་གི་ཐུགས་རྗེའི་བདུད་རྩི་ཡིས། །དེང་འདིར་རྒྱུད་སྨིན་ཚེ་དཔལ་དང་། །ཡེ་ཤེས་སྣང་བ་རབ་རྒྱས་ཤོག །རྒྱལ་བ་རྒྱལ་བའི་དཀྱིལ་འཁོར་གྱི། །གཙོ་མཆོག་སངས་རྒྱས་པདྨ་འབྱུང་། །གང་དེའི་བྱིན་རླབས་སྨིན་གྱུར་ནས། །སྣང་སྲིད་དབང་བསྒྱུར་ནུས་ཐོབ་ཤོག །མངོན་ཤེས་ལྔ་ལྡན་བདེ་བར་གཤེགས། །དོན་ཀུན་གྲུབ་པས་ཚེ་རབས་ཀུན། །རྗེས་བཟུང་སོ་སོར་ཐར་སྒོར་ཞུགས། དགྲ་བཅོམ་འབྲས་ཐོབ་སངས་རྒྱས་ཤོག །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །རྡོ་རྗེ་བཙུན་མོས་རྗེས་འཛིན་ནསག །མཆོག་ཏུ་འགྱུར་མེད་ཕྱག་རྒྱ་ཆེའི། །གོ་འཕང་དམ་པ་མྱུར་ཐོབ་ཤོག །ཡེ་ཤེས་དབྱིངས་ལས་ཁྲོ་བོའི་སྐུ། །སྙིང་རྗེའི་ཐབས་ཀྱིས་གདུག་པ་འདུལ། །མ་ཧཱ་ཀཱ་ལ་རྡོ་རྗེ་བེར། །འབྲལ་མེད་ཕྲིན་ལས་བཞི་འགྲུབ་ཤོག །ཀུན་བཟང་ཐུགས་རྗེའི་གར་རོལ་པ། །


SPN002_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་བསྒྱུར་སྣང་བ་རྩ་བརྒྱུད་ཀྱི། །བླ་མ་རྣམས་ཀྱིས་རྗེས་བཟུང་ནས། །མི་རྟོག་ཡེ་ཤེས་མངོན་གྱུར་ཤོག །རྒྱལ་དབང་མཚོར་འཁྲུངས་པད་འབྱུང་གི། །བྱིན་རླབས་འོད་ཕྲེང་ཐུགས་རྗེའི་ཟེར། །གང་ཞིག་དད་ལྡན་སྒོ་གསུམ་ལ། །དབང་བཞི་མྱུར་སྩོལ་རྒྱུད་སྨིན་ཤོག །དཔལ་ལྡན་བསྟན་སྲུང་རྡོ་རྗེ་བེར། །མཆོག་གི་མཐུ་སྟོབས་གཟི་འབར་བས། །ལོག་འདྲེན་ཐལ་བར་བསྲེག་པ་ཡི། །ལས་བཞིའི་ཕྲིན་ལས་དེང་སྒྲུབས་མཛོད། །ཚེ་དབང་དངོས་གྲུབ་འདོད་འཇོའི་གཏེརག །ལྷ་སྨན་རྒྱལ་མོས་དེང་འདི་རུ། །རྟག་ཏུ་སྲུང་སྐྱོབ་མགོན་དུ་ནི། །འབྲལ་མེད་བུ་བཞིན་བརྩེ་བར་མཛོད། །ཤྲཱི་ཤྲཱི་སྭ་སྟི། སྲིད་གསུམ་ཀུན་དགར་བྱེད་པ་ཡི། །མཆོག་གསུམ་ཐུགས་རྗེའི་ཉིན་བྱེད་འོད། །གང་འདིར་གསལ་བས་འགྲོ་རྣམས་ལ། །དགེ་ལེགས་སྣང་བས་སྐྱོང་གྱུར་ཅིག །དངོས་གྲུབ་བདུད་རྩིའི་འབྱུང་གནས་གཏེར། །རྩ་གསུམ་བྱིན་རླབས་ཆུ་ཤེལ་དབང་། །དེང་འདིར་སིམ་པའི་ཡོན་ཏན་གྱིས། །བཀྲ་ཤིས་འཛུམ་ཕྲེང་རྒོད་གྱུར་ཅིག །ལྷ་ཆེན་འཇིག་རྟེན་སྐྱོང་བ་ཡི། །དཀར་པོའི་སྡེ་རིས་དཔུང་ཚོགས་རྣམས། །སྐལ་ལྡན་བུ་བཞིན་བསྲུང་བ་ཡིས། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ཛ་ཡ་ཛ་ཡ་སུ་ཛ་ཡ། །ཞེས་བླ་མ་མཐར་ཕྱིན་པར་སྨོན་ལམ་དུ་སྤེལ། །རྒྱལ་ཀུན་སྐྱེད་ཡུམ་


SPN002_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྦྱིན་མ། །འཕགས་མར་གསོལ་བཏབ་ཐུགས་རྗེ་ཡིས། །ཚེ་དཔལ་ཡེ་ཤེས་སྣང་བ་རྒྱས། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་སྩོལ། །འཕགས་མཆོག་ལོ་ཀི་ཤྭ་ར་ཡི། །བྱིན་རླབས་བདུད་རྩིའི་དཔལ་ཡོན་གྱིས། །དེང་འདིར་བསམ་དོན་ཆོས་འཕེལ་ཞིང་། །སྐུ་བཞིའི་འབྲས་བུ་མྱུར་ཐོབ་ཤོག །འཇམ་དཔལ་དཔའ་བོ་བརྩེ་ཆེན་གྱི། །ཐུགས་བསྐྱེད་ཟབ་མོའི་འོད་སྣང་གིས། །སྐལ་ལྡན་སྒྲིབ་གཉིས་མུན་བཅོམ་ནས། །ཡང་དག་ཡེ་ཤེས་ཀུན་གསལ་མཛོད། །གསང་བདག་མཐུ་སྟོབས་རྡོ་རྗེ་འཛིནག །མཆོག་གི་བདེན་པས་སྐྱོང་གྱུར་ནས། །གང་འདིར་ཉེར་འཚེ་ཡོངས་བྲལ་ཏེ། །དཀར་པོའི་འདོད་དོན་ལྷུན་གྲུབ་ཤོག །སྟོབས་བཅུའི་མངའ་བདག་བཅོམ་ལྡན་འདས། །ལུང་རྟོགས་དམ་པའི་ཆོས་ཀྱི་མཆོག །རིག་གྲོལ་འཕགས་ཚོགས་དགེ་འདུན་སྡེ། །མཆོག་གསུམ་ཐུགས་རྗེའི་འོད་དཀར་གྱིས། །ཉེ་བར་སིམ་པའི་ལེགས་བྱས་མཐུས། །ཚེ་དཔལ་ཀུ་མུཏ་རྣམ་པར་རྒྱས། །ཆོས་མཐུན་བསམ་པ་ལྷུན་གྲུབ་ཅིང་། །བདེ་དགའ་རྒྱ་མཚོས་འཚོ་གྱུར་ཅིག །མང་ཀྭ་སྐལ་བཟང་ངོར་སྤེལ། །སྟོབས་བཅུའི་སྟོབས་མངའ་བཅོམ་ལྡན་ཤཱཀྱ་ཐུབ། །ཆོས་ཉིད་རང་བཞིན་སྨྲ་བསམ་བློ་འདས་ཡུམ། །རིག་དང་གྲོལ་བའི་སར་གནས་འཕགས་དགེ་འདུན། །རིན་


SPN002_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རྣམ་གསུམ་སྐྱབས་སུ་བསྟེན་པའི་མཐུས། །འཕྲལ་སྣང་ཉོན་མོངས་མུན་སྟུག་རྒྱང་བསྲིང་ཞིང་། །བླ་མེད་ཐར་པ་བདེ་བའི་འོད་སྣང་གི། །སེམས་ཉིད་ཆོས་སྐུའི་ཉིན་བྱེད་འཆར་གྱུར་ནསག །རང་གཞན་རྣམ་མཁྱེན་གོ་འཕང་སྦྱོར་ནུས་ཤོག །བསྟན་འཕེལ་ངོར་སྤེལ། །ཀརྨ་པ་ཡི་བསྟན་ལ་ཚུལ་བཞིན་དུ། །ཞུགས་འདི་སྔོན་བསགས་བསོད་ནམས་འབྲས་བུར་ངེས། །དེས་ན་བཀའ་བརྒྱུད་བླ་མའི་རྣམ་ཐར་བཞིན། །སྡོམ་པ་གསུམ་གྱིས་རང་རྒྱུད་སྨིན་གྱུར་ཅིག །ཀརྨ་ཚེ་དབང་ལེགས་པའི་ངོར་སྤེལ། །རྒྱལ་ཀུན་སྤྱི་མེས་མཚོ་སྐྱེས་རྡོ་རྗེ་འཆང་། །དབྱེར་མེད་འདྲེན་མཆོག་རྩ་བའི་བླ་མའི་ཞབས། །རྣམ་ཀུན་མི་ཕྱེད་འདུན་པས་གསོལ་བ་འདེབས། །ཐུགས་ཡིད་གཅིག་འདྲེས་མཆོག་ཐུན་དངོས་གྲུབ་སྩོལ། །བདག་གི་རྣམ་ཀུན་བསམ་སྤྱོད་ཇི་སྙེད་པ། །ཆོས་མིན་གེགས་གྱུར་ནམ་ཡང་མི་འབྱུང་ཞིང་། །རྡོ་རྗེ་ཐེག་པའི་མྱུར་ལམ་ཟབ་མོ་ཡི། །ཟུང་འཇུག་འཕོ་བདེའི་ཡེ་ཤེས་བརྙེས་པར་ཤོག །རིག་འཛིན་སྔགས་ཀྱི་དམ་ཚིག་རྩ་བ་ནི། །རང་ལུས་ལྷ་སྐུ་འཛིན་མེད་གསལ་བ་དང་། །ངག་གི་སྔགས་བཟླས་ཡིད་ཀྱི་ཏིང་འཛིན་སྒོམ། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་འབྲལ་མེད་ཤོག །རང་སེམས་ཡེ་ནས་སྐྱེ་འགགས་གནས་གསུམ་བྲལག །སྤང་བླང་ཡུལ་མེད་ཆོས་སྐུའི་གར་བསྒྱུར་ཚེ། །


SPN002_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་ཀྱི་དམ་ཚིག་ལྟ་བས་བསྐང་ག །སྲུང་དུ་མེད་པའི་དམ་ཚིག་ལ་གནས་ཤོག །གནས་སྐབས་དྲན་པས་མ་ཟིན་རྐྱེན་དབང་གིག །འཁྲུལ་དྲིས་བསླད་པའི་ཉོན་མོངས་རྟོག་ཚོགས་ཀུན། །ཡེ་ནས་མ་གྲུབ་རང་སེམས་རིག་པའི་མདངས། །ཡིན་ལ་ངོ་ཤེས་ནོངས་པ་ཀ་དག་ཤོག །ཆོས་ཀུན་འདུན་པའི་རྩེ་ལ་གནས་གྱུར་པས། །ཟག་བཅས་ཟག་མེད་དགེ་རྩ་བྱས་སོ་ཅོག །ཐམས་ཅད་འགྲོ་ཀུན་སངས་རྒྱས་ཐོབ་པའི་རྒྱུར། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་བགྱི། །དེ་ལྟར་བསྔོས་པའི་མཐུ་ནུས་དགེ་རྩ་ཡིས། །བླ་མའི་ཞབས་བརྟན་བཤད་སྒྲུབ་བསྟན་པ་རྒྱས། །འགྲོ་རྣམས་དགེ་སྤྱོད་བདག་དང་འབྲེལ་བཅས་ཀུན། །ཀུན་ཏུ་བཟང་པོའི་གོ་འཕང་མྱུར་ཐོག་ཤོག །ཅེས་པའང་ལྷ་ལྕམ་བདེ་ཆེན་དབང་གི་རྒྱལ་མའི་བཞེད་ངོར་སྤེལ་བ་མངྒ་ལཾ།། །།

ཐུགས་དམ་ནང་གི་གཏོར་བསྔོས།


SPN002_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་ནང་གི་གཏོར་བསྔོས་གསང་སྔགས་ནང་གཏོར་ཀུན་གྱི་དོན་བསྡུས་དམིགས་རིམ་ཞོར་ལ་གསལ་བའི་ཁྱད་ཆོས་ཏིང་འཛིན་སྔགས་ཕྱག་རྒྱ་གྱེར་སྒོམ་གྱི་བསྔོ་ལུགས་བཞི་ཀ་ཚང་བའོ། །


SPN002_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ༀ། རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །རྃ་ཡྃ་ཁྃ་གསུམ་མེ་ཆུ་རླུང་གསུམ་གྱུར། །གཏོར་རྫས་མི་གཙང་དྲི་མ་བསྲེག་གཏོར་བཀྲུས། །གདོད་ནས་དག་པ་སྐྱེ་མེད་སྟོང་པ་ཉིད། །སྐྱེ་བའི་ཆོ་འཕྲུལ་རཾ་ཡཾ་ཀཾ་ཨ་ལས། །རླུང་མེ་ཐོད་སྒྱེད་སྟེང་དུ་ཀ་པཱ་ལ། །ཕྱི་དཀར་ནང་དམར་ཉི་ཟླའི་རང་བཞིན་སྣོད། །ཡངས་ཤིང་རྒྱ་ཆེའི་ནང་གི་ཕྱོགས་མཚམས་དབུས། །དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཤ་ཆེན་ལྔ། །དབུགས་སོང་དྲོད་མ་བྲལ་བ་ཆེ་ཞིང་ཚོ། །ཡེ་ཤེས་གསལ་བའི་སྒྲོན་མེ་བདུད་རྩི་ལྔ། །དྲོད་དང་མ་བྲལ་རླངས་པ་འཕྱུར་བའོ། །དེ་སྟེང་འབྲུ་གསུམ་ཡི་གེ་དཀར་དམར་མཐིང་། །རླུང་


SPN002_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་མེ་གཡོས་མེ་དཀྱིལ་དྲུག་ཏུ་འབར། །ཐོད་པ་དྲོས་ནས་དམ་རྫས་བཅུ་པོ་ཞུ། །དམ་ཚིག་བདུད་རྩིའི་རྒྱ་མཚོས་བྷནྡྷ་ཁེངས། །མཁའ་སྤྱོད་དག་པའི་ཞིང་ཁམས་ཐམས་ཅད་ནས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་གཉིས་མེད་ཐིམ། །ཧཱུྃ་ཞུ་ཐིམ་པས་ཐུགས་ཀྱི་བདུད་རྩི་སྔོ། །ཨཱཿཞུ་ཐིམ་པས་གསུང་གི་བདུད་རྩི་དམར། །ༀ་ཞུ་ཐིམ་པས་སྐུ་ཡི་བདུད་རྩི་དཀར། །ཧ་ཞེས་བརྗོ་པས་ཁ་དོག་མུ་ཏིག་མདོག །ཧོཿཞེས་བརྗོད་པས་དྲི་བཟང་དཔག་མེད་འཐུལ། །ཧྲཱིཿཞེས་བརྗོད་པས་རོ་བཅུད་ཕུན་སུམ་ཚོགས། །སྭཱ་ཞེས་བརྗོད་པས་དགོས་འདོད་ལྷུན་གྱིས་གྲུབ། །ཧཱ་ཞེས་བརྗོད་པས་མགྲོན་


SPN002_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དགྱེས་པ་བསྐྱེད། །ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿསྭཱ་ཧཱ། བདུད་རྩིའི་རླངས་པར་མཆོད་པའི་ལྷ་མོ་ནི། །བྱེ་བ་དུང་ཕྱུར་སངས་རྒྱས་ཞིང་ཀུན་ཁྱབ། །ཕྱག་ན་རིན་ཆེན་ལས་གྲུབ་བྷནྡྷའི་སྐྱོགས། །ཉི་ཟླའི་ཚད་ཙམ་བསྣམས་པས་བདུད་རྩི་གཅུས། །ལྷ་ཚོགས་སོ་སོའི་མདུན་དུ་བཏེགས་ཙམ་གྱིས། །ལྗགས་ལས་འོད་ཟེར་སྦུ་གུས་བདུད་རྩི་གསོལ། །མཉེས་ཤིང་ཚིམ་ནས་སྐུ་ལུས་བཀྲག་རྒྱས་གྱུར། །དེ་ནི་དམིགས་པས་བསྔོ་བའོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི་སརྦ་དྷརྨ་པཱ་ལ་ཨི་དཾ་བ་ལིངྟི་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནི་སྔགས་ཀྱིས་བསྔོ་བའོ། །བསྡུ་ན་དེས་ཆོག །རྒྱས་པར་སྤྲོ་ན་བཛྲ་གུ་རུ་སོགས་དང་། ༀ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙ་ན་དྷརྟུ་ཨཱཿༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ། དཔེ་གཅིག་ནང་འདི་བཞིན་འདུག །མཆན། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་རྩ་སྔགས་ལ་ཨི་དཾ་བ་ལིངྟ་ཁཱ་ཧི་བཏགས། ལག་པར་ཐལ་མོ་སྦྱར་ལ་ཁ་གྱེན་དུ་བསྟན་ནས་ཕྱེ་ལ་བྷནྡྷའི་དབྱིབས་བྱ། ཁཱ་ཧི་ཟེར་བ་ཙམ་ནས་སེ་གོལ་རེ་བཏབ། དེ་ནི་ཕྱག་རྒྱས་བསྔོ་བ་ཡིན། དེ་ནས་གྱེར་གྱི་བསྔོ་བ་ནི། ཧྲཱིཿཆོས་སྐུ་སྣང་བ་མཐའ་ཡས་ཚེ་དཔག་མེད། །ཚེ་བདག་རིགས་ལྔ་ཡབ་ཡུམ་ལྷ་མོ་ལྔ། མགྱོགས་མ་བཞི་དངསྒོ་མ་བཞི་ལ་སོགས། །འཆི་མེད་ཚེ་ཡི་ལྷ་ཚོགས་ཐམས་ཅད་ཀྱིས། །མ་ཧཱ་བ་ལིངྟ་ཡི་གཏོར་མ་འདི་ལ་དཔེ་གཅིག་ནང་འདུག །མཆན།


SPN002_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས། །འཆི་མེད་ཚེ་དང་ནད་མེད་བདེ་བ་སྩོལ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཡབ་ཡུམ་སྲས་འཁོར་བསྐལ་བཟང་སངས་རྒྱས་སྟོང་། །ཐུགས་རྗེས་འགྲོ་འདུལ་ལྷ་ཚོགས་ཐམས་ཅད་ཀྱིས། །ཡེ་ཤེས་བདུད་རྩིའི་གཏོར་མ་འདི་བཞེས་ལ། །འབྲེལ་ཚད་དོན་ལྡན་འཁོར་བ་དོང་སྤྲུགས་མཛོད། །སྤྲུལ་སྐུ་པདྨ་འབྱུང་གནས་ཐོད་ཕྲེང་ལྔ། །མཚན་བརྒྱད་འཕྲུལ་མཚན་བཞི་བཅུ་ཐམ་པ་དང་། །ཨོ་རྒྱན་བྱེ་བ་ཕྲག་བརྒྱ་ལ་སོགས་པའི། །པད་འབྱུང་ཞི་བའི་ལྷ་ཚོགས་ཐམས་ཅད་ཀྱིས། །མ་ཧཱ་བ་ལིངྟ་ཡི་གཏོར་མ་བཞེས། །སྐྱེ་འཆི་མེད་པའི་དངོས་གྲུབ་སྩལ་དུ་གསོལ། །དགའ་རབ་ཤྲཱི་སེང་རྒྱ་གར་རིག་འཛིན་བརྒྱད། །རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་བརྒྱད། །མཚུངས་མེད་རཱ་ག་ཨསྱ་ལ་སོགས་པ། །དབང་ལུང་མན་ངག་གང་ནས་བརྒྱུད་པ་ཡི། །རིག་འཛིན་སློབ་དཔོན་ལྷ་ཚོགས་ཐམས་ཅད་ཀྱིས། །ཡེ་ཤེས་བདུད་རྩིའི་གཏོར་མ་འདི་བཞེས་ལ། །བྱིན་རླབས་འཛད་མེད་ཆུ་བོའི་རྒྱུན་བཞིན་སྩོལ། །དམར་ནག་མེ་ཕྲེང་ཡབ་ཡུམ་གོ་ཆའི་ལྷ། །དྲག་པོ་རིགས་བཞི་མཁའ་འགྲོ་སྡེ་བཞི་དང་། །ཕྲིན་ལས་ལྷ་བཞི་ཁྲོ་བཅུ་སྒོ་བར་བཅས། །རིག་འཛིན་ཁྲོས་པའི་ལྷ་ཚོགས་ཐམས་ཅད་ཀྱིས། །མ་ཧཱ་ཱབ་ལིངྟ་ཡི་གཏོར་མ་བཞེས། །ལུས་ངག་ཡིད་གསུམ་བསྲུང་ཞིང་བསྐྱབ་ཏུ་གསོལ། །


SPN002_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་རིགས་ལྔ་ཞི་བ་བཞི་བཅུ་གཉིས། །ཁྲག་འཐུང་རིགས་དྲུག་འབར་བ་ལྔ་བཅུ་བརྒྱད། །སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཀྱིས། །མ་ཧཱ་བ་ལིངྟ་ཡི་གཏོར་མ་བཞེས། བར་དོར་རང་སར་གྲོལ་བར་མཛད་དུ་གསོལ། །ཆེ་མཆོག་དཔལ་དགུའི་དཀྱིལ་འཁོར་ལྷ་ཚོགས་ནི། །བདུན་བརྒྱ་ཉི་ཤུ་རྩ་ལྔ་ཐམས་ཅད་ཀྱིས། །མ་ཧཱ་བ་ལིངྟ་ཡི་གཏོར་མ་བཞེས། །ཕྱི་ནང་གསང་བའི་བར་ཆད་ཞི་བར་མཛོད། །བླ་མ་དགོངས་འདུས་རྩ་གསུམ་སྲུང་མའི་ཚོགས། །རྒྱུད་སྡེ་བཞི་དང་ཐེག་དགུའི་ལྷ་ཚོགས་ཀྱིས། །ཡེ་ཤེས་བདུད་རྩིའི་བ་ལིང་འདི་བཞེས་ལ། །སྲུང་སྐྱོབ་ཚེ་དབང་མཆོག་གི་དངོས་གྲུབ་སྩོལ། །རྡོར་སེམས་རྣམ་འཇོམས་དཀར་པོ་གསང་བའི་བདག །རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་མཆོག་བཞི། །ཁྲོ་བཅུ་ཡབ་ཡུམ་ཁྲག་འཐུང་ཕུར་སྲུང་སོགས། །བདུད་འདུལ་ཕུར་བའི་ལྷ་ཚོགས་ཐམས་ཅད་ཀྱིས། །མ་ཧཱ་བ་ལིངྟ་ཡི་གཏོར་མཆོད་བཞེས། །བདུད་དགྲ་དམ་སྲི་འདུལ་བའི་ཕྲིན་ལས་མཛོད། །རྡོ་རྗེ་འཇིགས་བྱེད་དུག་ཧྲུལ་ཡུམ་དང་བཅས། །དགྲ་ནག་གཤེད་དམར་ཕྱག་རྒྱ་ཟིལ་གནོན་སོགས། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐམས་ཅད་ཀྱིས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །འཆི་བདག་གཤིན་རྗེའི་བར་ཆད་བཟློག་པར་མཛོད། །ཁྲོ་ཆུ་དུག་གདོང་ལས་གཤིན་དྲུག་དང་བཅས། །ཀིང་


SPN002_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཀང་དམར་ནག་འཆར་ཀ་ནག་གྱད་ཆེན། །མ་ཧཱ་ཱབ་ལིངྟ་ཡི་གཏོར་མ་བཞེས། །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །དབང་ཆེན་དམར་ནག་རིགས་བཞི་ཡུམ་དང་བཅས། །མེ་དབལ་གནོད་སྦྱིན་ལྕགས་སྡིག་བྱ་ཁྱུང་སོགས། །པདྨ་གསུང་གི་ལྷ་ཚོགས་ཐམས་ཅད་ཀྱིས། །དམ་རྫས་བ་ལིང་མཆོད་པ་འདི་བཞེས་ལ། །སྣང་སྲིད་ཟིལ་གྱིས་གནོན་པའི་དངོས་གྲུབ་སྩོལ། །ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་པ་ཅན། །ཕག་ཁྲོས་ལ་སོགས་ཌཱ་ཀི་བྱེ་བ་འབུམ། །རི་རབ་སོ་གཉིས་རྡུལ་མཉམ་མཁའ་འགྲོ་དང་། །རིན་ཆེན་མཁའ་འགྲོ་དོན་གྲུབ་ལྷ་ལྔ་རྣམས། །དམ་ཚིག་རྫས་ཀྱི་བ་ལིང་འདི་བཞེས་ལ། །རྟེན་འབྲེལ་སྣ་ཚོགས་འཆར་བའི་ཕྲིན་ལས་མཛོད། །མ་ནིང་སྡེ་ལྔ་སྲོག་བདུད་དཔལ་འབར་མ། །ཡང་འཁོར་བརྒྱད་དང་བདུད་དམག་བྱེ་བ་འབུམ། །མགོན་ཆེན་བཞི་བཅུ་རྩ་ལྔ་ཐམས་ཅད་ཀྱིས། །མ་ཧཱ་བ་ལིངྟ་ཡི་གཏོར་མ་བཞེས། །ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ་པར་མཛོད། །རེ་ཏི་མཆེད་གསུམ་དུད་སོལ་དམག་ཟོར་རྒྱལ། །སྲིད་པ་མོ་རྒྱུད་ཀུན་འདུས་སྲུང་མའི་གཙོ། །མ་ཧཱ་བ་ལིངྟ་ཡི་གཏོར་མ་བཞེས། །ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ་པར་མཛོད། །སེང་གདོང་ཡབ་ཡུམ་བམ་རོ་སྡེ་བརྒྱད་དང་། །ནག་པོ་སྟོང་དང་ཤ་ཟ་འབུམ་གྱི་ཚོགས། །མ་མོ་བྱེ་བ་གནོད་སྦྱིན་ཁྲི་ཕྲག་རྣམས། །


SPN002_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

དུར་བདག་མགོན་དཀར་ངས་ནུས་སྤྱང་ཞོན་མཆེད། །དམ་རྫས་བ་ལིང་མཆོད་པ་འདི་བཞེས་ལ། །གསང་སྔགས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །རྣམ་སྲས་ཛམ་དམར་ཛམ་ལྷ་སེར་ནག་དཀར། །ནོར་ལྷ་ཕོ་དགུ་མོ་དགུ་ཚོགས་བདག་དང་། །ལྷ་མོ་དཔལ་ཆེན་མ་ཧཱ་དེ་ཝ་དང་། །ཆོས་ཀྱི་སྒྲོན་མ་ཚེ་རིང་མཆེད་ལྔ་དང་། །ཞང་བློན་སྤོམ་ར་ཨཱཪྱ་རེ་མནྟ། །ནོར་ལྷ་རྒྱ་མཚོར་གཏོར་མའི་མཆོད་པ་འབུལ། །ལོངས་སྤྱོད་ཆར་ལྟར་འབེབས་པའི་དངོས་གྲུབ་སྩོལ། །ཨ་ཏི་བླ་མེད་བཀའ་ཡི་བྱ་ར་མ། ཨེ་ཀ་ཛ་ཊི་གཟའ་མཆོག་རཱ་ཧུ་ལ། །དགྲ་འདུལ་སྐྱེས་མཆོག་བཛྲ་ཐིག་ལེ་རྩལ། །བཀའ་སྲུང་གསུམ་པོས་དམ་རྫས་བ་ལིང་བཞེས། །རྫོགས་ཆེན་ཉམས་རྟོགས་འཕེལ་བའི་གྲོགས་མཛོད་ཅིག །སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་དང་། །བཙན་བདུད་ཀླུ་མགོན་སྤུ་གྲི་མཆེད་གསུམ་པོ། །དགེ་བསྙེན་ཉེར་གཅིག་གདོང་ལྷ་མཆེད་གསུམ་དང་། །རིགས་མཚུན་ལྷ་སྲུང་རྡོ་རྗེ་དགྲ་འདུལ་རྩལ། །དམག་རྒྱལ་སྤུན་གསུམ་འཁོར་བཅས་གཏོར་མ་བཞེས། །བདག་གི་ལས་ཀུན་འགྲུབ་པའི་གྲོགས་མཛོད་ཅིག །ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་དང་། །སྨྱོ་ཁ་མཁར་ནག་ཐང་ལྷ་ལ་སོགས་པའི། །གནས་བརྒྱད་མཚན་བརྒྱད་ལྡན་པའི་མཐུ་བོ་ཆེ། །ས་བརྒྱད་སེམས་དཔའ་ཆེན་པོས་མཆོད་གཏོར་བཞེས། །


SPN002_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་འགོང་དམ་སྲིའི་བར་ཆད་བསྲུང་བར་མཛོད། །པདྨ་གསུང་གི་བཀའ་སྲུང་ཆེན་མོ་དང་། །གནོད་སྦྱིན་གཞན་གྱིས་མི་ཐུབ་པ་དང་ནི། །ཡེ་ཤེས་གྲགས་དང་སྐྱེས་བུ་ལུང་བཙན་གཉེན། ནོར་བསྙག་ལ་སོགས་གསང་སྔགས་བསྟན་སྲུང་རྣམས། །མ་ཧཱ་བ་ལིངྟ་ཡི་གཏོར་མ་བཞེས། །རྣལ་འབྱོར་བསམ་དོན་ལྷུན་གྲུབ་ཕྲིན་ལས་མཛོད། །ལྷ་སྲིན་ཀུན་གྱི་ནང་ནས་དམ་ཚིག་ཅན། །མཁའ་རི་ལྕམ་དྲལ་འཁོར་བཅས་གཏོར་མཆོད་བཞེས། །རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ། །བདག་དང་ཨོ་རྒྱན་མཇལ་བའི་མཇལ་ཁ་མཛོད། །སློབ་དཔོན་ཆེན་པོ་པདྨའི་སྤྱན་སྔ་རུ། །འཇིག་རྟེན་བོད་ཁམས་སྐྱོང་བར་ཞལ་བཞེས་པའི། །རྡོ་རྗེ་གཡུ་སྒྲོན་བསྟན་མའི་ཚོགས་དང་བཅས། །དཔལ་མགོན་བདུན་ཅུ་ཡུལ་ལྷ་གཞི་བདག་ཚོགས། །དམ་རྫས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །བདག་གི་ཕྲིན་ལས་ཀུན་འགྲུབ་མཐུན་རྐྱེན་མཛོད། །ཧཱུྃ། རིན་ཆེན་སྣོད་དམ་རང་བྱུང་བྷནྡྷའི་སྣོད། །རྩ་གསུམ་ཀུན་འདུས་གཏོར་མ་རིན་ཆེན་འབར། །ལོག་གསུམ་ནོར་བུ་རྩ་གསུམ་ལྷ་ཚོགས་མཉེས། །ཟུར་གསུམ་ཕོ་རྒྱུད་མོ་རྒྱུད་མ་ནིང་མཉེས། །གཏོར་སྨད་ཟླུམ་པོས་འཇིག་རྟེན་མགྲོན་ཀུན་མཉེས། །པད་འདབ་བཞིས་བསྐོར་རིགས་བཞི་མ་མོ་མཉེས། །ཀྱུ་གུ་བཞིས་མཚན་ཕྲིན་ལས་རྣམ་བཞི་འགྲུབ། །


SPN002_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་རྩི་དམར་རྩི་ཐབས་ཤེས་འདུ་འབྲལ་མེད། །མཆོད་པའི་སྤྲིན་འཕྲོས་སངས་རྒྱས་ཞིང་ཀུན་ཁྱབ། །དངོས་འབྱོར་བཤམས་པའི་རྟེན་འབྲེལ་དམ་རྫས་འདི། །རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཕྱི་སྣོད་འཇིག་རྟེན་ཡངས་པའི་གཏོར་གཞོང་དུ། །ནང་བཅུད་སེམས་ཅན་ཐམས་ཅད་གཏོར་མར་བཤམས། །རི་རབ་བྱེ་བ་ཕྲག་བརྒྱའི་དཔལ་བཤོས་ལ། །ཉི་ཟླ་བྱེ་བ་ཕྲག་བརྒྱས་གཏོར་རྒྱན་སྤྲས། །གླིང་བཞི་བྱེ་བ་ཕྲག་བརྒྱའི་མཐེབ་ཀྱུས་བསྐོར། །ལྷ་ཀླུ་མི་ཡི་ལོངས་སྤྱོད་གཏོར་མའི་བཅུད། །སྣང་སྲིད་གཞིར་བཞེངས་རང་བྱུང་བ་ལིངྟ། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་ལྷ་ལ་འབུལ། །བླང་དོར་མེད་པའི་ཚུལ་གྱིས་བཞེས་ནས་ཀྱང་། །བདག་དང་འགྲོ་ཀུན་ཚོགས་རྫོགས་སྒྲིབ་སྦྱངས་ཏེ། །ཁམས་གསུམ་འཁོར་བ་སྟོང་པའི་ཕྲིན་ལས་མཛོད། །ༀ་ཨཱཿཧཱུྃ་ཧྲཱིཿམ་ཧཱ་བ་ལིངྟ་ཁཱ་ཧི། ཞེས་ཨ་མཆོད་ཡོན་ཏན་གྱིས་བསྐུལ་ནས་རཱ་ག་ཨ་སྱེས་རྟ་ལོ་ཐ་སྐར་ཟླ་བའི་སྔ་དྲོའི་ཐུན་ལ་སྨྲས། ཡི་གེ་པ་ནི་ཤཱཀྱའི་དགེ་སློང་པདྨ་ཐབས་མཁས་ཀྱིས་བྲིས་པའོ། །ཆོས་སྐྱོང་གྲིབ་མ་བཞིན་འཁོར་བར་ཤོག །ཅེས་རྗེ་ཀརྨ་ཆགས་མེད་ཞབས་ཀྱིས་མཛད་པ་ལ། གཏོར་མགྲོན་དམིགས་བསལ་ཁ་ཤས་འཛུད་དགོས་ཞེས། གར་དབང་རིན་པོ་ཆེ་མཆོག་གིས་


SPN002_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གནང་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་བགྱིས་པ་འགལ་བ་མཆིས་ན་རྩ་གསུམ་ལྷ་ལ་བཤགས་ཤིང་། དགེ་བས་འགྲོ་རྣམས་ཀུན་བཟང་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གྱུར་ཅིག །། །

གཏོར་བསྔོས་ཁྱེར་བདེའི་རིགས་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཕྲིན་ལས་བདུད་རྩིའི་གཏེར་མཛོད།


SPN002_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བསྔོས་ཁྱེར་བདེའི་རིགས་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཕྲིན་ལས་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །


SPN002_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷཱ་ཝས་སྦྱངས། སྟོང་ལས་ཡེ་ཤེས་ཀ་པཱ་ལར། །འབྲུ་གསུམ་འོད་ཞུ་ཟག་མེད་པའི། །བདེ་ཆེན་བདུད་རྩིའི་ངོ་བོར་གྱུར། །མཆོད་ཡུལ་སྐྱབས་གནས་ཀུན་འདུས་པ། །དྲན་མཆོག་མགོན་པོ་རྡོ་རྗེ་ཅན། །རྩ་བའི་བླ་མའི་ཞལ་དུ་འབུལ། །དགྱེས་བཞེས་མཆོག་དང་ཐུན་མོང་གི། །དངོས་གྲུབ་བདེ་བླག་ཉིད་སྩོལ་ཞིང་། །ཕྱི་ནང་བར་ཆད་ཉེར་འཚེ་ཞི། །བསམ་དོན་ཆོས་བཞིན་འགྲུབ་བྱིན་རློབས། །ཞེས་པ་གནས་མདོ་ཀརྨ་རྣམ་རྒྱལ་ལ་སྤེལ། །རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། རང་ཉིད་ལྷར་གསལ་ཐུགས་ལས་འོད་འཕྲོས་པས། །མཆོད་རྫས་ཟག་མེད་ཡེ་ཤེས་བདུད་རྩིར་གྱུར། །ཀུན་


SPN002_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པད་འབྱུང་རྩ་བརྒྱུད་བླ་མ་དང་། །ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །དྲན་མཆོག་བླ་མའི་ངོ་བོར་གསལ་བ་ལ། །མཆོད་པ་འབུལ་བཞེས་མཆོག་གཉིས་དངོས་གྲུབ་སྩོལ། །སྡིག་སྒྲིབ་ཀུན་བྱང་བདེ་ཆེན་དག་ཞིང་དུ། །སྐྱེས་ནས་ཕྱིར་མི་ལྡོག་པར་སངས་རྒྱས་ཤོག །ཅེས་སི་ཏུ་པས་དད་གསུམ་ལྡན་པ་བསོད་ནམས་བཀྲ་ཤིས་པའི་བཞེད་ངོར་སྤེལ་བ་དགེ། རབ་འབྱམས་མཐའ་ཡས་གཏོར་གཞོང་དུ། །སྣང་སྲིད་དངོས་ཀུན་མཆོད་རྫས་གཏམས། །འབྲུ་གསུམ་བྱིན་བརླབ་སྦྱང་སྤེལ་ནས། །ཡེ་ཤེས་བདེ་ཆེན་སྐྱེད་བྱེད་གྱུར། །ༀ་ཨཱཿཧཱུྃ། ལན་གསུམ། ཧྲཱིཿཕྱོགས་དུས་


SPN002_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཐུགས་རྗེའི་འཕྲུལ། །གདོད་ནས་ལྷུན་གྲུབ་སྐུ་གསུམ་གྱི། །བདག་ཉིད་ཆེན་པོ་པདྨ་འབྱུང་། །རིག་འཛིན་རྒྱ་མཚོའི་ཚོགས་བཅས་དང་། །འགྲོ་རྣམས་འཁོར་བ་ལས་སྒྲོལ་བའི། །ཡང་དག་དོན་བཀོད་བཅོམ་ལྡན་འདས། །ཡིད་བཞིན་འཆི་མེད་མཆོག་སྩོལ་མ། །འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས། །རང་བཞིན་དབྱིངས་ལས་རྗེས་དགོངས་ལ། །དེང་འདིར་མཆོད་ཕྱིར་གནས་འདིར་བྱོན། །སྲིད་ཞིའི་དངོས་ཀུན་མི་བཟད་པ། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ཟག་མེད་བདུད་རྩིའི་རྒྱ་མཚོ་ལ། །ཐུགས་བརྩེར་བཞེས་ལ་དགྱེས་པར་རོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བཀའ་ཡི་སྲུང་མར་དམ་བཅས་པའི། །ལྷ་སྨན་རྒྱལ་མོ་མཆེད་ལྔ་པོ། །འདིར་གཤེགས་དམ་རྫས་གཏོར་མ་དང་། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །རྩ་བརྒྱུད་བླ་མའི་བཀའ་བཞིན་དུ། །བསྟན་དང་བསྟན་འཛིན་སྲུང་སྐྱོབ་མཛོད། །རྣལ་འབྱོར་ལས་བཞིའི་ཕྲིན་ལས་སྒྲུབས། །ནོངས་པར་གྱུར་རྣམས་དག་ཚངས་གསོལ། །གནས་སྐབས་མཐར་ཐུག་བདེ་ལྡན་ཞིང་། །མཆོག་ཏུ་མི་འགྱུར་སྐུ་བརྙེས་ནས། །རྟག་པར་བཀྲ་ཤིས་ཀུན་ཁྱབ་ཤོག །ཅེས་པའང་ཀརྨ་ཕུན་ཚོགས་ངོར་སྤེལ། །སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རྡོ་རྗེའི་བྲག །པད་ཉི་ཞིང་ཆེན་བསྣོལ་བའི་


SPN002_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་། །ཧཱུྃ་ཡིག་མཐིང་ནག་འབར་བ་ལས། །དོན་གཉིས་བྱས་ཏེ་ཡོངས་གྱུར་པས། །དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། །དུད་ཁ་མུན་ཆེན་མདོག་ལྟར་གནག །རྔམས་བརྗིད་སྲིན་པོ་ཁྲོས་པའི་ཞལ། །ལྗགས་འདྲིལ་མཆེ་གཙིགས་ཧཱུྃ་ཕེཾ་སྒྲོགས། །དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན། །ཁྲོ་གཉེར་སྤྱན་གསུམ་ཕྱག་གཉིས་ཀྱི། །གྲི་གུག་བྷནྡྷ་ཁྲག་བཀང་གསོལ། །སྐུ་ལ་འཇོལ་བེར་དགུ་བརྩེགས་དང་། །སྟག་ཤམ་གསེར་སྐེད་རིན་ཆེན་མཛེས། །མགོ་རློན་དོ་ཤལ་དུག་སྦྲུལ་བརྒྱན། །ཞབས་གཉིས་འདོར་སྟབས་ཡེ་ཤེས་ཀྱི། །མེ་རི་འབར་བའི་ཀློང་དུ་གསལ། །གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས། །རང་བཞིན་ཡེ་ཤེས་དབྱིངས་དཀྱིལ་འཁོར། །བྱང་ཕྱོགས་དུར་ཁྲོད་ཆེན་པོ་ནས། །མ་ཧཱ་ཀཱ་ལ་ལྕམ་དྲལ་ཚོགས། །འཁོར་བཅས་སྤྱན་དྲངས་དབྱེར་མེད་གྱུར། །ༀ་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿཞེསསྤྱན་དྲངས་ལ། མཆོད་པ་འབུལ་བ་ནི། སྟོང་ལས་རླུང་མེ་ཐོད་སྒྱེད་སྟེང་། །ཐོད་པར་ཤ་ལྔ་བདུད་རྩི་ལྔ། །འོད་འཕྲོས་དམ་ཡེ་དབྱེར་མེད་པའི། །བདུད་རྩིར་བྱིན་རླབས་རྒྱ་མཚོར་གྱུར། །ཧཱུྃ། བཀའ་བརྒྱུད་བླ་མ་ཡི་དམ་དཔའ་བོ་དང་། །མཁའ་འགྲོ་དམ་ཅན་སྲུང་མ་འཁོར་ཚོགས་བཅས། །མཆོད་པར་འོས་པའི་མཆོད་འོས་རྒྱ་མཚོ་རྣམས། །


SPN002_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་མཁར་སྤྲིན་བཞིན་བཞུགས་ལ་མཆོད་པ་འབུལ། །རྩ་བརྒྱུད་ཀུན་འདུས་མ་ཧཱ་ཀཱ་ལ་མཆོད། །ཡི་དམ་ཀུན་འདུས་རྡོ་རྗེ་བེར་ཅན་མཆོད། །དཔའ་བོ་ཌཱ་ཀི་དམ་ཅན་ཀུན་འདུས་པའི། །ཆོས་དབྱིངས་གདོད་མའི་ཧེ་རུ་ཀ་དཔལ་མཆོད། །དངོས་སུ་འབྱོར་དང་ཡིད་ལས་སྤྲུལ་པ་ཡི། །ཕྱི་ནང་གསང་མཆོད་རྟེན་སྐོང་སྒྲུབ་པའི་རྫས། །མ་ཚང་མེད་པའི་མཆོད་པ་སྣ་ཚོགས་ཀུན། །མཆོད་བྱ་མཆོད་བྱེད་བྲལ་བའི་ངང་ནས་མཆོད། །བསྟན་ལ་མི་སེམས་རང་རྒྱུད་འཁྲུལ་དབང་གིས། །སྲུང་མ་བསྐུལ་ཞིང་རྩ་བ་དང་ཡན་ལག །དམ་ཚིག་ཉམས་ཆག་བཤགས་སོ་དག་གྱུར་ཅིག །ཡེ་ཤེས་ལས་དང་འཇིག་རྟེན་ཅིར་ཡང་སྒྱུར། །སངས་རྒྱས་བསྟན་པ་སྲུང་བའི་ཆོས་སྐྱོང་རྒྱལ། །འཁོར་བཅས་བསྟོད་དོ་གང་བཅོལ་ཕྲིན་ལས་མཛོད། །ཁྱད་པར་བདེ་ཆེན་བྱང་ཆུབ་བསྒྲུབ་པ་ལ། །སྡོང་གྲོགས་སྨིན་ཅིང་གྲོལ་བར་རྒྱུད་བྱིན་རློབས། །བསྟན་དང་བསྟན་འཛིན་རྣལ་འབྱོར་ལ་འཚེ་བའི། །ནག་པོའི་རྩ་ལག་ཕ་མཐར་བསྐྲད་པ་ཡི། །མངོན་སྤྱོད་དྲག་པོའི་མཐུ་རྩལ་བསྟན་དུ་གསོལ། །བདག་ཅག་ཚེ་དཔལ་འབྱོར་རྒྱས་ཆོས་མཐུན་གྱི། །ཡིད་ལ་རེ་བའི་འབྲས་གང་འཕེལ་བ་ཡི། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །དེ་ལྟར་མཆོད་བསྟོད་དགེ་བས་རྣམ་པ་ཀུན། །


SPN002_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྲལ་འགྲོགས་ཤིང་ཉེར་འཚེའི་གཡུལ་རྒྱལ་ནས། །བསྟན་པ་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་སེ་ཚ་བླ་མ་ཀརྨ་ཆོས་རྒྱལ་གྱི་བཞེད་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་དགེ། མཆོག་གསུམ་ཀུན་འདུས་ངོ་བོ་ནག་པོ་ཆེ། །རྡོ་རྗེ་བེར་ཅན་ལྕམ་དྲལ་བཀའ་འཁོར་བཅས། །རྣལ་འབྱོར་དམ་ཚིག་ཅན་ལ་དགོངས་སུ་གསོལ། །དེང་དུས་སྙིགས་ལྔའི་ལས་དབང་གྱུར་པ་ཡིས། །བསྟན་དང་བསྟན་འཛིན་ཡོངས་ལ་འཚེ་བྱེད་པའི། །མ་རུང་ལོག་འདྲེན་གཟུགས་ཅན་གཟུགས་མེད་རྣམས། །སྙིང་རྗེས་བསྒྲལ་བའི་ཐབས་ཀྱིས་རྗེས་བཟུང་ནས། །སངས་རྒྱས་བསྟན་པ་དྲི་མེད་རིན་པོ་ཆེ། །དེ་འཛིན་བྱེད་དང་དགེ་འདུན་གཙུག་ལག་བཅས། །སྐྱོང་བའི་ཐུགས་རྗེའི་ཐུགས་དམ་མ་གཡེལ་བར། །རྣམ་པ་ཀུན་ཏུ་སྐྱབས་སུ་བརྟེན་ལགས་ན། །ཡལ་བར་འདོར་མེད་ཕྲིན་ལས་དྲག་པོ་ཡི། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛད་དུ་གསོལ། །ཅེས་པའང་རྟ་རྣ་བླ་མ་ཀརྨ་ཐུབ་བསྟན་གྱི་བཞེད་ལྟར། སི་ཏུས་སྤེལ་བ་མདྒ་ལཾ། །ༀ་ཨཱ་བིགྷྣན་གྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་གྱུར་དེའི་ངང་ལས། །རླུང་མེས་མཚན་པའི་ཐོད་སྒྱེད་སྟེང་། །ཨཱ་ལས་ཡེ་ཤེས་ཀཱ་པ་ལར། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །རླུང་གཡོས་མེ་སྦར་


SPN002_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་དྲོས། །ༀ་ཨཱཿཧཱུྃ་ལས་འོད་འཕྲོས་པས། །ཡེ་ཤེས་བདུད་རྩི་ཆར་ལྟར་བབས། །དམ་ཡེ་དབྱེར་མེད་བདུད་རྩི་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། ཧཱུྃ། བྱང་ཕྱོགས་དུར་ཁྲོད་འཇིགས་རུང་བཟོད་དཀའ་དང་། །བྱང་ཤར་ཆོས་དབྱིངས་ཕོ་བྲང་དམ་པ་ནས། །ཡེ་ཤེས་མགོན་པོ་མ་ཧཱ་ཀཱ་ལ་ཆེ། །དཔལ་ལྡན་སྲས་མཆོག་རྡོ་རྗེ་བེར་ནག་ཅན། །ཡུམ་མཆོག་དབྱིངས་ཀྱི་རྒྱལ་པོ་སྲིད་གསུམ་བདག །འདོད་ཁམས་དབང་ཕྱུག་ལྷ་མོ་རེ་མ་ཏི། །དབུགས་ལེན་བཅུ་དྲུག་ཕྱོགས་བཅུ་སྐྱོང་བའི་མགོན། །དྲེགས་པ་དོན་གཉིས་རྩལ་ལྡན་དྲེགས་པ་གསུམ། །མ་མོ་བདུན་དང་སྲིང་བཞི་འབར་མ་དགུ། །དུས་བཞི་ལྷ་མོ་དམག་གི་རྒྱལ་མོ་བཞི། །དབང་མོ་ཉེར་བརྒྱད་བརྟན་མ་བཅུ་གཉིས་དང་། །འཁོར་དང་སྤྲུལ་པ་ཡང་སྤྲུལ་བྱེ་བ་འབུམ། །སྔོན་གྱི་ཐུགས་དམ་དབང་གིས་འདིར་གཤེགས་ཤིག །རི་བོ་རལ་ཞིང་ཆུ་གཏེར་འཁྲུགས་པའི་ཀློང་། །བསྐལ་པའི་མེ་འབར་དྲག་པོའི་ཧཱུྃ་སྒྲ་སྒྲོགས། །སྐད་ཅིག་ཡུད་ཙམ་སྤྱན་འདྲེན་གཤེགས་སུ་གསོལ། །ༀ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། སོགས་སྤྱན་འདྲེན་སྔགས་བརྗོད། སྲ་བརྟན་ལྷུན་ཆགས་བྲག་སྟེང་པདྨས་བརྒྱན། །ཉི་རོས་མཚན་པའི་གདན་དང་ཕྱོགས་ཀུན་ཏུ། །རྣོ་དབལ་མཚོན་ཆས་གཏམས་པའི་གཞལ་ཡས་སུ། །ཅི་ལྟར་


SPN002_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་ངང་དུ་བཞུགས་སུ་གསོལ། །ཧཱུྃ། ཡི་དམ་ཀུན་འདུས་རྩ་བའི་བླ་མ་མཆོད། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་མཆོད། །ཆོས་སྐྱོང་ཀུན་འདུས་རྩ་བའིི་བླ་མ་མཆོད། །ཁྱད་པར་ཆོས་སྐྱོང་བེར་གྱི་ན་བཟའ་ཅན། །དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ནི། །མཆེད་ལྕམ་འཁོར་དང་བཅས་ལ་མཆོད་པར་བགྱི། །ཧཱུྃ། སྣོད་བཅུད་སྣང་སྲིད་ཟག་མེད་མཆོད་པའི་སྤྲིན། །དངོས་འབྱོར་རྒྱ་ཆེན་བློ་ཡིས་བླངས་ནས་སུ། །དཀོན་མཆོག་ཀུན་འདུས་ངོ་བོ་ནག་པོ་ཆེ། །ལྕམ་དྲལ་བྲན་གཡོག་འཁོར་དང་བཅས་ལ་འབུལ། །ༀ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས། ཧཱུྃ། ཆོས་དབྱིངས་ཀློང་ནས་མི་བཟད་གཏུམ་པོའི་སྐུ། །དུས་མཐའི་མེ་ལྟར་འབར་བའི་དྲག་ཤུལ་ཅན། །ནག་པོ་ཡོངས་ཀྱི་གཙོ་མཆོག་ཁྱོད་ལ་བསྟོད། །རྡོ་རྗེ་དྲག་མོ་ཀུན་གྱི་གཙོ་མོ་སྟེ། །མ་ཅིག་ལྷ་མོ་འཁོར་དང་བཅས་ལ་བསྟོད། །སྔོན་ཚེ་ཐོག་མེད་དུས་ནས་ཐུགས་བསྐྱེད་པའི། །ཞལ་བཞེས་ཐ་ཚིག་གཉེན་པོ་དགོངས་མཛོད་ཅིག །རིག་འཛིན་པདྨ་ཐོད་ཕྲེང་དཔལ་ཆེན་པོ། །ཀརྨ་པཀྴི་རྩ་བརྒྱུད་བླ་མ་ཡི། །དམ་ཚིག་མ་གཡེལ་ཕྲིན་ལས་མྱུར་སྒྲུབས་མཛོད། །བསྟན་དགྲ་ཐལ་བའི་རྡུལ་ལྟར་བརླག་པ་དང་། །གང་བཅོལ་ཐོགས་མེད་མྱུར་བ་ཉིད་འགྲུབ་ཅིང་། །རྒྱལ་བསྟན་


SPN002_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཕྱོགས་མཐར་སྤེལ་བ་དང་། །འགྲོ་རྣམས་ཆོས་ལྡན་ལེགས་པའི་ལམ་གནས་ཤིང་། །བཀྲ་ཤིས་ཀུན་ཁྱབ་རྫོགས་ལྡན་དཔལ་སྤྱོད་པའི། །བཀྲ་ཤིས་དམ་པའི་བདུད་རྩིས་སིམ་གྱུར་ཅིག །ཡེ་ཤེས་པ་གཤེགས། ཞེས་པའང་ཟབ་མོའི་གཏེར་འཆང་ཀརྨ་རྣམ་རྒྱལ་རྡོ་རྗེ་རབ་བརྟན་ནས་ལྷ་རྫས་བཅས་བསྐུལ་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་ཛ་ཡནྟུ། །ༀ་སྭ་བྷཱ་ཝས་སྦྱངས། སྟོང་ལས་རླུང་མེ་ཐོད་སྒྱེད་སྟེང་། །ཤ་ལྔ་བདུད་རྩི་ལྔ་ཡི་དངོས། །དམ་ཚིག་བདུད་རྩིའི་རྒྱ་མཚོར་གྱུར། །ཡེ་ཤེས་ཆེན་པོར་བྱིན་བརླབ་ནས། །ཧཱུྃ། ཆོས་དབྱིངས་སྐྱེ་བ་མེད་པའི་ཀློང་། །འགགས་མེད་སྤྲུལ་བསྒྱུར་དུ་མ་ཡི། །རོལ་གར་རྩ་བརྒྱུད་བླ་མ་དང་། །རྒྱུད་སྡེ་བཞིར་འབྲེལ་ཡི་དམ་ལྷ། །གནས་གསུམ་དཔའ་བོ་ཌཱ་ཀིའི་ཚོགས། །ཁྱད་པར་རྩ་གསུམ་འདུས་པའི་དཔལ། །མ་ཧཱ་ཀཱ་ལ་རྡོ་རྗེ་བེར། །ལྷ་མོ་དམ་ཞིང་ལ་སོགས་པ། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་དང་། །རྡོ་རྗེ་གདན་མཆོག་ཀརྨ་པའི། །གནས་བདག་དགེ་བསྙེན་འཁོར་དང་བཅས། །ལྷ་ཀླུ་གཞི་བདག་དཀར་ཕྱོགས་སྐྱོང་། །མཆོད་སྦྱིན་འདི་བཞེས་སྐྱབས་ཡུལ་རྣམས། །དགྱེས་བསྐང་བླ་མེད་ཐོབ་པར་མཛོད། །འཇིག་རྟེན་སྐྱོང་རྣམས་ཚིམ་པའི་མཐུས། །ཡིད་ལ་གང་བསམ་


SPN002_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དོན་ཀུན། །གེགས་མེད་འགྲུབ་པའི་སྟོངས་གྲོགས་མཛོད། །རྩ་གསུམ་འདུས་པ་ནག་པོ་ཆེ། །གང་དེས་ཚེ་རབས་ཐམས་ཅད་དུ། །རྗེས་འཛིན་བྱང་ཆུབ་ཆེན་པོ་ཡི། །འབྲས་བུ་མངོན་དུ་བྱེད་གྱུར་པའི། །བདེ་ལེགས་ཉི་ལྟར་རབ་གསལ་ཤོག །ཅེས་ལྷ་བྲིས་པ་སྦྱིན་པའི་ངོར་སྤེལ། སརྦ་མདྒ་ལཾ། །ༀ་སྭ་བྷཱ་ཝས་སྦྱངས། སྟོང་ལས་ཐོད་སྣོད་ཡངས་ཤིང་རྒྱ་ཆེའི་ནང་། །ཧཱུྃ་ཡིག་མང་པོ་འོད་ཞུ་མཆོད་བའི་རྫས། །ཀུན་བཟང་མཆོད་སྤྲིན་རྒྱུན་མི་ཆད་པར་གྱུར། །མཆོད་ཡུལ་དཀོན་མཆོག་ཀུན་འདུས་ངོ་བོ་ཉིད། །ཡེ་ཤེས་མགོན་པོ་རྡོ་རྗེ་བེར་ནག་ཅན། །ཡབ་ཡུམ་འཁོར་བཅས་འདིར་བྱོན་གནས་འདིར་བཞུགས། །སྒྲུབ་རྫས་མཆོད་རྫས་བརྟེན་རྫས་བསྐང་བའི་རྫས། །དངོས་པོའི་བྱེ་བྲག་སྣ་ཚོགས་སྣང་སྲིད་ཀུན། །འགེངས་པའི་མཐའ་ཀླས་བརྗོད་བྲལ་དགྱེས་མཆོད་འབུལ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་འགལ་བ་བཤགས། །ཆོས་དབྱིངས་གདོད་མའི་དྲག་པོ་ཧེ་རུ་ཀ། མ་ཧཱ་ཀཱ་ལ་འཁོར་དང་བཅས་ལ་བསྟོད། །རྒྱལ་བའི་བསྟན་དང་བསྟན་འཛིན་བརྒྱུད་པར་བཅས། །ཞབས་བརྟན་འགྲོ་ལ་ཕན་


SPN002_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

བདེའི་ཆར་ཆེན་སྩོལ། །གནོད་བྱེད་ཚོགས་ཀྱི་གཡུལ་ལས་རྣམ་རྒྱལ་པའི། །བཀའ་དྲིན་དམ་པའི་བདུད་རྩིས་འཚོ་གྱུར་ཅིག །ཀརྨ་སྦྱིན་པ་མཐར་ཕྱིན་ངོར་སྤེལ། །མགོན་པོ་བེར་གྱི་བཞེས་འབོད་གནམ་ལྕགས་ཐོག་མདའ་བཞུགས། ཧོ། དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྐྱེ་བ་མེད་པའི་ངང་ལས། མ་འགགས་ཐུགས་རྗེའི་རང་རྩལ་ལས་གྲུབ་པའི་ཡེ་ཤེས་ཆོས་སྐྱོང་ཀུན་གྱི་མཐུ་སྟོབས་གཅིག་ཏུ་བསྡུས་པ། དཔལ་ཆེན་ཧེ་རུ་ཀ་འབར་བའི་ཁྲོ་བོ་ཆེན་པོ། ཤྲཱི་མ་ཧཱ་ཀཱ་ལ་འཇིགས་བྱེད་རྡོ་རྗེ་བེར་ནག་པོ་ཅན་དང་། །འདོད་པ་ཁམས་ཀྱི་དབང་ཕྱུག་མ་རང་བྱུང་སྲིད་པའི་རྒྱལ་མོ་དཔལ་ལྡན་ལྷ་མོ་ལྕམ་དྲལ་ཡབ་ཡུམ། གཞན་ཡང་དམ་ཅན་རྡོ་རྗེ་ལེགས་པ། ཞིང་སྐྱོང་ཀུན་དགའ་གཞོན་ནུ་ལ་སོགས་པ་ཡེ་ཤེས་ལས་དང་འཇིག་རྟེན་གྱི་མགོན་པོ། དམ་པ་ཆོས་ཀྱི་བཀའ་སྲུང་དྲེགས་པའི་གཙོ་བོ། དམ་ཅན་རྒྱ་མཚོའི་ཚོགས། ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། འཁོར་དང་ཡང་འཁོར་དང་བཅས་པ་ཁྱེད་རྣམས་ལ་ཕྲིན་ལས་སུ་བཅོལ་བའི་མདོ་ནི། སྤྱིར་དཀོན་མཆོག་གསུམ་གྱི་བསྟན་པ་བཤིགས་པ། ཆོས་


SPN002_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གཉན་པོའི་དབུ་འཕང་སྨད་པ། གསང་སྔགས་སྟོན་པའི་བརྒྱུད་པ་བཅད་པ། འདུས་པའི་དགེ་འདུན་གྱི་སྡེ་བཤིགས་པ། མཚམས་མེད་ལྔ་དང་མི་དགེ་བཅུའི་སྡིག་ལ་རྔམས་པ། ཁྱད་པར་དུའང་དཔལ་ལྡན་ཀརྨ་པའི་བསྟན་པ་བསྟན་འཛིན་བརྒྱུད་པར་བཅས་པ་རྣམས་དང་། བྱེ་བྲག་ཏུ་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་བདག་ཅག་སློབ་མར་བཅས་པའི་སྐུ་ལ་བསྡོ་ཞིང་ཚད་བཙུགས་པ། ཡ་བཟུང་ཞིང་སྨ་འབེབས་པ། སྔ་དགྲ་ལག་བརྡར་གྱིས་སྦྱོར་རྩུབ་བྱས་པ། ད་དགྲ་ཐད་བཙུག་གིས་བསམ་ངན་ལོག་ལྟ་འཆང་བ། ཕྱི་དགྲ་ཞེ་ལ་གནོན་པའི་གཡོ་སྒྱུ་མགོ་བསྐོར་གྱིས་སེལ་འཇུག་ཕུང་སེམས་ཤོམས་པ། དཔའ་བའི་དཔུང་བསྐུལ། འགྲས་ཚོལ་བསྙད་འདོགས་ཀྱི་སྡང་སེམས་དང་ལྡན་པ། དམ་ཉམས་པའི་དགྲ་བོ། སངས་རྒྱས་བསྟན་པའི་སྤྱི་དགྲ། རྣལ་འབྱོར་སྒྲུབ་པ་པོ་བདག་གི་སྒོས་དགྲ། གཞན་ཡང་གནོད་བྱེད་འབྱུང་པོའི་རིགས་སུ་གྱུར་པ་རྣམས་དང་། ཕ་རོལ་གྱི་བྱད་ཀ། ཕུར་ཁ། རྦོད་གཏོང་། སྦྱོར་ངན་བཏང་པའི་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་རང་གཤེད་རང་ལ་ཕོབ་ཅིག །རང་སྲོག་རང་གིས་བཅད་


SPN002_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསམ་པ་ཕྱིན་ཅི་ལོག་ཏུ་ཐོང་ཞིག །དམ་ཉམས་པའི་དགྲ་པོ་འདི་རྣམས་ཀྱི་ཉེ་དུ་ཉེ་འབྲེལ་རིགས་རྒྱུད་ཀྱི་རྒྱབ་བརྟེན་སྲུང་སྐྱོབ་དང་བཅས་པའི་གནས་ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་དང་བཅས་པ་ཐམས་ཅད། བཀའ་སྲུང་དམ་ཅན་རྒྱ་མཚོ་ཁྱེད་རྣམས་ལ་གཉེར་དུ་གཏད་དོ། །སྔོན་གྱི་ཞལ་བཞེས་ཐུགས་དམ་ཐ་ཚིག་རྗེས་སུ་དྲན་པར་མཛོད་ལ། བསྟན་དགྲ་དམ་ཉམས་མ་རུངས་པ་འདི་རྣམས་ཀྱི་མིང་རུས་རྗེས་ཤུལ་ཙམ་ཡང་མེད་པར་ད་ལྟ་ཉིད་དུ་ཐལ་བའི་རྡུལ་ཕྲན་རླུང་གིས་གཏོར་བ་བཞིན་དུ་རྨེག་ནས་མེད་པར་རྡུལ་དུ་བརླག་པའི་ཕྲིན་ལས་དམ་པ་མ་གཡེལ་བར། དྲག་པོ་དཔལ་གྱི་གཏོར་ཆེན་དྲེགས་ཅན་བྱེ་བ་འབུམ་གྱི་དམག་ཚོགས་རྣམས་དང་། ནད་མཚོན་བུ་ཡུག་གནམ་ལྕགས་ཐོག་སེར་གྱི་རྣམ་པ་འདི་ཡི་མཐུ་རྩལ་ནུས་པའི་རྔམས་ཟེར་རྫུ་འཕྲུལ་རྡོ་རྗེའི་མེ་ཆར་དྲག་པོ་དང་བཅས་ཏེ། དམ་ཉམས་དགྲ་བོ་འདི་རྣམས་ཀྱི་སྟེང་དུ་ཕོབ་ཅིག །མྱུར་དུ་ཚར་གཅོད་པའི་ཕྲིན་ལས་མཛོད། ཅེས་སྟོང་ནག་སྤྲུལ་སྐུ་ཕུན་ཚོགས་རབ་བརྟན་གྱིས་བཞེད་ལྟར། སི་ཏུ་པས་སྤེལ་བ་ཀུན་ཏུ་ཛ་ཡ། སརྦ་མདྒ་ལཾ། །ན་མོ་ཤཱཀྱ་མུ་ན་ཡེ། འདིར་གནོད་སྦྱིན་ངལ་བསོ་


SPN002_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་རྒྱུན་གཏོར་ཁྱེར་བདེ་ཉུང་ངུར་བྱ་བ་འདོད་པ་དག་གིས། དཀར་གསུམ་ལ་སོགས་པའི་མཆོད་རྫས་ཚོགས་པར་བྱས་ནས་འདི་སྐད་དོ། །ༀ་ལས་རིན་ཆེན་ལས་གྲུབ་པའི། །སྣོད་མཆོག་ཡངས་ཤིང་རྒྱ་ཆེའི་ནང་། །གཏོར་མ་འདོད་ཡོན་ལྔ་ལྡན་པའི། །རྒྱ་ཆེན་ཟད་མི་ཤེས་པར་གྱུར། །ཨ་ཀཱ་རོས་བྱིན་གྱིས་བརླབ། བཻ། བྱང་ཕྱོགས་མངའ་དབང་བསྒྱུར་མཛད་པའི། །གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །འདིར་བཤམས་པདྨའི་གདན་ལ་བཞུགས། །ཁྱོད་ལ་མཆོད་པའི་བྱེ་བྲག་ནི། །བདག་པོས་བཟུང་དང་མ་བཟུང་བའི། །ཀུན་བཟང་སྨོན་ལམ་ལས་གྲུབ་པ། །ཟག་མེད་རབ་འབྱམས་མཆོད་པའི་སྤྲིན། །ནོར་བདག་ཡབ་ཡུམ་འཁོར་བཅས་ལ། །དགྱེས་པའི་རྫས་མཆོག་ཕུལ་བའི་མཐུས། །སྟོན་པའི་བསྟན་པ་རྒྱས་པ་དང་། །རྒྱལ་ཁམས་ལོ་ལེགས་ཆོས་དང་ལྡན། །རྣལ་འབྱོར་བདག་གི་འདོད་པའི་འབྲས། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་བཞིའི་ཕྲིན་ལས་གང་ཡིན་པ། །མྱུར་དུ་འགྲུབ་པར་མཛད་དུ་གསོལ། །ས་བརྒྱད་དབང་ཕྱུག་


SPN002_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཆེན་པོ། །བཙུན་མོ་སྲས་འཁོར་བསྟོད་པར་འོས། །ནོངས་པར་གྱུར་ཀུན་དག་ཚངས་སྩོལ། །བཀྲ་ཤིས་དགེ་བའི་དཔལ་ལྡན་ཤོག །བཛྲ་མུཿཞེས་གཤེགས་གསོལ་བྱ། བསྔོ་བ་སྨོན་ལམ་སྤྱི་མཐུན་བྱའོ། །ཞེས་གནོད་སྦྱིན་དབང་པོའི་མཆོད་ཕྲེང་འདི་བཞིན་བསླབ་པ་གསུམ་ལྡན་ལྕོག་རོ་སྤྲུལ་སྐུ་ཀརྨ་བདེ་ཆེན་རབ་འཕེལ་གྱིས་བསྐུལ་བ་ལྟར་པདྨ་ཉིནབྱེད་དབང་པོས་འཕྲལ་དུ་བྲིས་པ་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བར་གྱུར་ཅིག །ཛ་ཡནྟུ། །དེ་ནས་རྒྱལ་ཆེན་རྣམ་སྲས། ཇོ་བོ་སྔགས་བདགསྲིན་མགོན་རྣམས་ཀྱི་མངའ་གསོལ་ནི། ཐོག་མར་རྣམ་སྲས་ལ། མཆོད་རྫས་རྣམས། ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ནས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ཡིད་དུ་འོང་བ་རྣམས་ཀྱི་ནང་དུ། གཏོར་མ་དཀར་གསུམ་མངར་གསུམ་ལྷ་ཀླུ་མིའི་དཔལ་འབྱོར་སྣ་ཚོགས་པ་དག་ཅིང་གཙང་ལ་ཟད་མི་ཤེས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་གྱུར། རྡོར་ཐལ་ཁ་གྱེན་བསྟན། ༀ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ།


SPN002_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བཻ་ཤྲ་བ་ཎཱ་ཡ། ཨི་དཾ་བ་ལིཾ་གྲིཧྞན་ཏུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ། མ་མ་སརྦ་ཀརྨ་སིདྡྷི་ཨ་མོ་གྷ་སྭཱ་ཧཱ། ལན་གསུམ། འཁོར་རྣམས་ལ། ༀ་ཨཥྚ་ཱནཱ་ག་ཤ་དྷུ་ཏ་སཱ་ཏ་སྲ་ཀོ་ཊི་ཡཀྵ་རཀྵ་ས་སྭཱ་ཧཱ། གོང་བཞིན་ཨི་དཾ་བཏགས་ལ་ཕུལ། བཻ། བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱི། །རྣམ་འཕྲུལ་ས་བརྒྱད་སེམས་དཔའ་མཆོག །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །ཁམས་གསུམ་དབང་བསྒྱུར་ལྷ་ཡི་ལྷ། །རྒྱལ་ཆེན་རྣམ་མང་ཐོས་ཀྱི་སྲས། །བཙུན་མོ་བཞི་དང་སྲས་བཞི་དང་། །བཀའ་ཉན་ནོར་བདག་ཆེན་པོ་བརྒྱད། །ལྷ་ཀླུ་གནོད་སྦྱིན་སྲིན་པོའི་ཚོགས། །འཁོར་བཅས་དམ་ཚིག་དབང་གིས་ནི། །འདིར་གཤེགས་མངའ་གསོལ་མཆོད་པ་བཞེས། །སྲིད་པ་གསུམ་གྱི་ལོངས་སྤྱོད་ལས། །ལྷག་པའི་ཕྱི་ནང་གསང་བ་ཡི། །མཆོད་སྤྲིན་ནམ་མཁའི་མཐའ་མཉམ་པ། །ཞིང་ཁམས་རྒྱ་མཚོར་རྒྱས་འགེངས་པའི། །དངོས་འབྱོར་མཆོད་པའི་བྱེ་བྲག་ཚོགས། །སྤྱན་གཟིགས་དཀོར་ཆས་དཔག་མེད་རྣམས། །ཡིད་སྤྲུལ་བློ་ཡིས་བླངས་ནས་སུ། །འབུལ་བཞེས་དགྱེས་པ་བསྐང་གྱུར་ཅིག །


SPN002_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་བདེ་སྐྱིད་འབྱུང་བ་དང་། །རྣལ་འབྱོར་ཚེ་དཔལ་ཡེ་ཤེས་སྤེལ། །མི་མཐུན་རྐྱེན་སོལ་མཐུན་རྐྱེན་སྒྲུབས། །འདོད་དགུ་ལྷུན་གྲུབ་འབྱོར་པ་རྒྱས། །ཕུན་སུམ་ཚོགས་པའི་བཀྲ་ཤིས་སྩོལ། །གསོལ་ལོ་མཆོད་དོ། །རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས། རི་རབ་བྱང་ཕྱོགས་ཀྱི་མངའ་བདག་ཆེན་པོ། གནོད་སྦྱིན་ནོར་ལྷ་ཡོངས་ཀྱི་རྗེ་བོ། བཙུན་མོ་སྲས་དང་བཀའ་ཉན་སྡེ་བརྒྱད། ལྷ་ཀླུ་སྲིན་པོ་ལ་སོགས་འཁོར་དང་བཅས་པ་རྣམས་ལ་གསོལ་ལོ་མཆོད་དོ། །གསོལ་ཞིང་མཆོད་པའི་མཐུས། བླ་མའི་སྐུ་ཚེ་བསྲིང་ཞིང་བསྟན་པ་བསྲུང་བ་དང་། སྒྲུབ་པའི་མཐུན་རྐྱེན་འདོད་དགུའི་ལོངས་སྤྱོད་དཔལ་འབྱོར་ཐམས་ཅད་ཆར་བཞིན་འབེབས་པའི་དངོས་གྲུབ་དམ་པ་སྩལ་དུ་གསོལ། སྔགས་བདག་ནི། ཀླུ་སྨན་སོགས་མཆོད་རྫས་རྣམས་འདུ་བྱས་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། བཅུད་ལྷ་དང་མི་ཡི་ལོངས་སྤྱོད་སྣ་ཚོགས་ཀྱིས་གང་བར་གྱུར། ༀ་ཨ་མྲྀ་ཏེ་ཧཱུྃ། ལན་གསུམ། དམ་ཚིག་གི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། ཡེ་ཤེས་ཀྱི་བདུད་རྩི་ཆར་བཞིན་དུ་བབ་ཅིང་དམ་ཚིག་གི་བདུད་རྩི་དང་འདྲེས་པས་ཟག་པ་མེད་པའི་བདེ་བ་སྐྱེད་པར་བྱེད་པའི་ཡེ་ཤེས་ཀྱི་བདུད་


SPN002_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨ་ཀཱ་རོས་ལན་གསུམ་བྱིན་བརླབ་ལ། ཧཱུྃ། རི་རབ་ལྷོ་ཕྱོགས་མ་དྲོས་ན། །རིན་ཆེན་བརྩེགས་པའི་ཁྲི་སྟེང་ནས། །ཀླུ་ཡི་རྒྱལ་པོ་སོག་མ་མེད། །ཀླུ་ཆེན་མང་པོའི་འཁོར་དང་བཅས། །བདག་གིས་མཆོད་ཕྱིར་སྤྱན་འདྲེན་ན། །དམ་ཚིག་དབང་གིས་གཤེགས་ནས་ཀྱང་། །རིན་ཆེན་པདྨའི་ཁྲི་སྟེང་དུ། །བརྗིད་ཅིང་འགྱིང་བར་བཞུགས་སུ་གསོལ། །ཧཱུྃ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷ་རྫས་དགེ་བའི་མཆོད་གཏོར་འདི། །ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །དག་གསལ་དྲི་ཞིམ་ལེགས་ལྡན་པའི། །དྲི་ཆབ་བདུག་སྤོས་མེ་ཏོག་སོགས། །ཀླུ་རྒྱལ་ཁྱོད་ལ་འབུལ་ལགས་ན། །བདག་གི་ལས་རྣམས་གྲུབ་པར་མཛོད། །ཡིད་འོང་ལེགས་སྦྱར་རོ་ལྡན་པའི། །སྦྲང་རྩི་དང་ནི་ཤིང་ཏོག་སོགས། །ཀླུ་རྒྱལ་ཁྱོད་ལ་འབུལ་ལགས་ན། །བདག་ཅག་འཁོར་བཅས་བཀྲ་ཤིས་མཛོད། །ཕུན་ཚོགས་དབྱིབས་ལེགས་ཡིད་འོང་དང་། །ཡིད་འཛིན་སྒྲ་སྙན་རོལ་མོ་དང་། །དྲི་ཞིམ་ཡིད་འོང་ཕུན་སུམ་ཚོགས། །འབྲས་ཆན་ལ་སོགས་ཞལ་ཟས་དང་། །འཇམ་མཉེན་མཛེས་པའི་ན་བཟའ་སོགས། །ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ། །


SPN002_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་བསམ་པ་འགྲུབ་པ་དང་། །སངས་རྒྱས་བསྟན་པ་དར་བར་མཛོད། །གསོལ་ལོ། མཆོད་དོ། མངའ་གསོལ་ལོ། ཇོ་བོ་སྔགས་ཀྱི་བདག་པོ། འཇིག་རྟེན་མཐུ་ཆེན། སྲིད་གསུམ་ཚར་གཅོད། འགྲོ་དྲུག་དབང་སྡུད། ཁམས་གསུམ་བདག་པོ། གསོད་བྱེད་ཆེན་པོ། སྦྲུལ་མགོ་བདུན་པ། །ཟུར་ཕུདལྔ་པ། ཁྱེའུ་ཆུང་གཞོན་ནུ། གཞོན་ནུ་མཛེས་པ། གཞོན་ནུ་ུགཏུམ་པོ། ནག་པོ་ཆེན་པོ། བདུད་པོ་ཆེན་པོ། ཀླུ་རྒྱལ་སོག་མ་མེད། ལས་མཁན་ཆེན་པོ། བྲན་པོ་ཆེན་པོ། །གཡོག་པོ་ཆེན་པོ། །ཁོལ་པོ་ཆེན་པོ། ཁྱོད་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ། །བདག་གི་བྲན་པོའི་ཚུལ་གྱིས་ཤིག །བདག་གི་གཡོག་པོའི་ཚུལ་གྱིས་ཤིག །བདག་གི་ལས་མཁན་གྱི་ཚུལ་གྱིས་ཤིག །སྔགས་ཀྱི་བདག་པོ་ཁྱོད་ཀྱིས་བདག་གིས་བསྒོ་བ་བཞིན་གྱིས་ཤིག །ནཱ་ག་ར་ཛཱ་དགའ་བ་དང་དགྱེས་པར་གྱུར་ཅིག །ཅེས་འབུལ། སྲིན་མགོན་ནི། མཆོད་རྫས་རྣམས། ༀ་ཨཱཿབི་གྷྣཱན་གྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་སྟེ། ༀ་ཧ་ཧོཿཧྲཱིཿལན་གསུམ། དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་


SPN002_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། ཨ་ཀཱ་རོས་ལན་གསུམ་བྱིན་བརླབ་ལ། བྷྱོ། ཉི་མ་ལྷོ་ཕྱོགས་ཕ་གི་ན། །ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས། །བསྟན་པའི་བཀའ་སྲུང་མཐུ་རྩལ་ཅན། །ཐོད་ཕྲེང་ཡབ་ཡུམ་གཤེགས་སུ་གསོལ། །སྲིན་པོ་བྱེ་བའི་འཁོར་དང་བཅས། །སྔོན་གྱི་ཐུགས་དམ་དབང་གིས་ནི། །དམ་ལས་མ་འདའ་ད་ཚུར་བྱོན། །དགྱེས་པ་ཆེན་པོས་བཞུགས་སུ་གསོལ། །ༀ། དཔལ་ཆེན་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་འདིར། །ལེགས་པར་བརྒྱན་ཅིང་བཤམས་པའི་མཆོད་གཏོར་རྣམས། །མཐུན་རྫས་འདོད་པའི་ལོངས་སྤྱོད་བསམ་མི་ཁྱབ། །དབང་པོ་ལྔ་ཡི་ཚིམ་བྱེད་བདུད་རྩིའི་གཏེར། །རྒྱ་ཆེན་ཟད་མི་ཤེས་པ་ནམ་མཁའི་མཛོད། །ཟག་མེད་བདེ་བ་བསྐྱེད་པའི་མཆོད་སྤྲིན་དུ། །ཏིང་འཛིན་ཕྱག་རྒྱ་སྔགས་ཀྱིས་བྱིན་བརླབས་ནས། །རྣལ་འབྱོར་གུས་པའི་ཡིད་ཀྱིས་འབུལ་ལགས་ན། །ཐོད་ཕྲེང་ཡབ་ཡུམ་འཁོར་བཅས་སྤྱན་ལམ་དུ། །ཅི་འདོད་མཁོ་དགུའི་ལོངས་སྤྱོད་སྣ་ཚོགས་པ། །ཆོས་ཉིད་རྣམ་དག་ལྷག་བསམ་བདེན་པའི་མཐུས། །རྒྱུན་དུ་ཐོགས་པ་མེད་པར་འབྱུང་གྱུར་ཅིག །གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །དཔལ་མ་ཧཱ་ཀཱ་ལ་སྲིན་མགོན་ཐོད་པའི་ཕྲེང་བ་ཅན། རིག་འཛིན་གྱི་སྲོག་ཤིང་། རྣལ་འབྱོར་གྱི་དགྲ་བླ། བསྟན་པའི་བཀའ་སྲུང་ཆེན་པོ།


SPN002_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་ཟིལ་གྱིས་གནོན་ཅིང་། མ་རུངས་ཐལ་བར་བརླག་པ། ཡུམ་སྲིན་མོ་འཇིགས་བྱེད་འབར་མ་དམར་མོ། ཐོགས་མེད་མཐུ་རྩལ་སྟོབས་དང་ལྡན་ཅིང་། ཤ་ལ་དགའ་ཞིང་ཁྲག་ལ་རྔམས་པ། འཁོར་དུ་སྲིན་མོ་ཟ་བྱེད་རྔམས་པའི་ཆ་བྱད་ཅན་བྱེ་བ་འབུམ་གྱིས་བསྐོར་ནས་ཁམས་གསུམ་ཁྱབ་པར་རྒྱུག་ཅིང་གང་ལ་དམིགས་པ་སྐད་ཅིག་ཙམ་གྱིས་རླག་པར་བྱེད་པ་ཁྱེད་རྣམས་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས་སྒྲུབ་བརྒྱུད་ངེས་དོན་སྙིང་པོའི་བསྟན་པ་རིན་པོ་ཆེ་སྲུང་བ་དང་། སྤེལ་བ་དང་། རྣལ་འབྱོར་པ་བདག་གི་བཅོལ་པའི་ཕྲིན་ལས་རྣམ་པ་བཞི་ཐོགས་པ་མེད་པར་བསྒྲུབ་པའི་ཕྲིན་ལས་མཛད་དུ་གསོལ། རྒྱལ་དབང་རིན་པོ་ཆོ་མཆོག་གི་བཀའ་བསྩལ་རྟེན་འབྱུང་ཆེད་དུ་བཀོད་པའོ། །དེ་ནས་དམ་ཞིང་དང་། ཏྲཀྴད་མངའ་གསོལ་དང་སྤྲོ་ན་འདིར་མཁར་ནག་སོགས་བྱའོ། །སྙིགས་མའི་འགྲོ་ལ་བརྩེ་ཆེན་ཡེ་ཤེས་ཀྱི། །ཚད་མེད་ཕྲིན་ལས་ཐུགས་རྗེའི་སྙིང་པོ་ཅན། །གདུལ་བྱར་ཡང་དག་ལམ་སྟོན་སྤྲུལ་པའི་སྐུ། །དཔལ་ལྡན་ཡེ་ཤེས་སྙིང་པོའི་ཐུགས་དམ་བསྐང། །ཡེ་ཤེས་ཆེན་པོའི་རྣམ་པར་རོལ་པའི་འཕྲུལ། །རྡོ་རྗེ་གསུམ་ལྡན་སྐུ་བརྙེས་རྒྱལ་ཀུན་གྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པའི་རྗེ་བཙུན་མཆོག །མཚུངས་མེད་ཡེ་ཤེས་རྡོ་རྗེའི་ཐུག་དམ་བསྐང་། །ཆོས་ཀྱི་


SPN002_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་སྒྱུར་པའི་བདག་ཉིད་ཆེ། །དོན་ཀུན་གྲུབ་པའི་རིང་ལུགས་རྒྱས་པའི་གཉེན། །དོན་གཉིས་སྩོལ་བའི་མཆོག་དངོས་སྦྱིན་མཛད་པ། །དཔལ་ཆེན་ཆོས་ཀྱི་དོན་གྲུབ་ཐུགས་དམ་བསྐང་། །བྱང་ཆུབ་མངོན་པར་རྫོགས་སངས་རྒྱས་གྱུར་ཀྱང་། །རྡོ་རྗེ་ལྟ་བུའི་གཟུགས་སྐུའི་རོལ་པ་ཅན། །བསྟན་དང་འགྲོ་བའི་རྒྱན་གྱུར་དམ་པའི་མགོན། །རྒྱལ་དབང་བྱང་ཆུབ་རྡོ་རྗེའི་ཐུགས་དམ་བསྐང་། །ཡོངས་རྫོགས་ཆོས་ཀྱི་གཞུང་ལུགས་མ་ལུས་པའི། །གཙུག་ལག་ཀུན་གྱི་འབྱུང་གནས་ཐམས་ཅད་མཁྱེན། །སྙིགས་དུས་བསྟན་པའི་སྒྲོན་མེ་སི་ཏུ་པ། །ཀརྨ་བསྟན་པའི་ཉིན་བྱེད་ཐུགས་དམ་བསྐང་། །བདུད་འདུལ་བྱམས་པའི་གོ་ཆ་རབ་བརྟན་ཅིང་། །རྡོ་རྗེ་གདེངས་པས་སྣང་སྲིད་ཟིལ་གནོན་པ། །ངུར་སྨྲིག་ཚུལ་འཛིན་བྱང་ཆུབ་སེམས་དཔའི་དཔལ། །རྗེ་བཙུན་བདུད་འདུལ་རྡོ་རྗེའི་ཐུགས་དམ་བསྐང་། །ཆོས་རྒྱལ་གྲུབ་པ་ཡོངས་གཙོ་ཕྲིན་ལས་ཀྱིས། །རྒྱ་མཚོའི་གོས་ཅན་ཁྱབ་ལ་དབང་བསྒྱུར་པ། །གར་གྱི་དབང་པོ་རཱ་གའི་ཅོད་པན་ཅན། །མི་ཕམ་ཆོས་གྲུབ་རྒྱ་མཚོའི་ཐུགས་དམ་བསྐང་། །ཆོས་དབྱིངས་ཟབ་གསལ་རང་མདངས་ལས། །ལྷུན་གྲུབ་བདེ་ཆེན་ངོ་བོ་ཉིད། །ཡེ་ཤེས་སྙིང་པོའི་ཐུགས་དམ་བསྐང་། །ཀུན་ཁྱབ་སྤྲོས་དང་བྲལ་བ་ལས། །རང་བཞིན་


SPN002_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སྐུའི་རྣམ་རོལ་པ། །ཡེ་ཤེས་རྡོ་རྗེའི་ཐུགས་དམ་བསྐང་། །འགྱུར་མེད་འོད་གསལ་རང་བྱུང་ལས། །གདོད་མའི་སངས་རྒྱས་རྡོ་རྗེ་འཆང་། །ཆོས་ཀྱི་དོན་གྲུབ་ཐུགས་དམ་བསྐང་། །སྒྱུ་འཕྲུལ་དྲྭ་བའི་རང་བཞིན་ལས། །སྤྲུལ་སྒྱུར་གར་གྱི་རོལ་པ་ཅན། །བྱང་ཆུབ་རྡོ་རྗེའི་ཐུགས་དམ་བསྐང་། །ཟབ་དོན་ཆོས་ཀྱི་གཏེར་ཆེན་པོ། །སྙིགས་མའི་བསྟན་འཛིན་ཟླ་བྲལ་བ། །ཆོས་ཀྱི་འབྱུང་གནས་ཐུགས་དམ་བསྐང་། །ལྔ་བདོའི་གདུལ་བྱར་རྗེས་དགོངས་ནས། །བརྩེ་ཆེན་ཡེ་ཤེས་ཐུགས་རྗེའི་བདག །བདུད་འདུལ་རྡོ་རྗེའི་ཐུགས་དམ་བསྐང་། །གདུལ་དཀའ་འགྲོ་བའི་སྣང་ངོ་རུ། །སྣ་ཚོགས་ཕྲིན་ལས་སྒྱུར་བའི་དཔལ། །ཆོས་གྲུབ་རྒྱ་མཚོའི་ཐུགས་དམ་བསྐང་། །བཀའ་བརྒྱུད་བསྐང་ཆེན་གྱི་ཁ་འགེངས་སུ་སྐྱབས་ཆེ་དགེ་སློང་ཚེ་དཔག་ནས་བསྐུལ་ངོར་སྤེལ། །ༀ་སྭ་བྷཱ་ཝས་སྦྱངས། སྟོང་ལས་བྱུང་བའི་ཐོད་པའི་སྣོད། །ཡངས་ཤིང་རྒྱ་ཆེའི་ནང་རོལ་དུ། །ༀ་ཨཱཿཧཱུྃ་ལས་བྱུང་བ་ཡི། །ཕྱི་ནང་གསང་བའི་འདོད་ཡོན་ཚོགས། བརྟེན་རྫས་བསྐང་རྫས་བསྒྲུབ་པའི་རྫས། །རབ་འབྱམས་ནམ་མཁའི་མཐའ་ཀླས་གྱུར། །ཧཱུྃ། ཆོས་ཀྱི་དབྱིངས་ལས་ཁྲོ་བོའི་སྐུ། །གཏུམ་པོ་དྲེགས་ཅན་འདུལ་མཛད་པའི། །མངོན་སྤྱོད་


SPN002_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་དྲག་པོའི་སྐུ། །མ་ཧཱ་ཀཱ་ལ་ཕྱག་བཞི་པ། །ཡབ་ཡུམ་འཁོར་དང་བཅས་པ་རྣམས། །ཐུགས་དམ་བསྐང་བའི་རྫས་མཆོག་ནི། །འདོད་ཡོན་ཟག་མེད་མཆོད་པའི་སྤྲིན། །བདག་པོས་བཟུང་དང་མ་བཟུང་བའི། །དངོས་འབྱོར་ཡིད་སྤྲུལ་འདི་དག་ཀུན། །ལྷ་ཆེན་འཁོར་བཅས་དགྱེས་པར་རོལ། །བསྟན་དགྲ་ཐལ་བར་བརླག་པ་དང་། །བསྟན་པ་མི་ནུབ་རྒྱལ་མཚན་བསྒྲེངས། །རྣལ་འབྱོར་ཕྲིན་ལས་གང་བཅོལ་བ། །ཐོགས་མེད་ཡིད་བཞིན་བསྒྲུབ་ཏུ་གསོལ། །བསླུ་ཆོས་བདུད་པོའི་ཡིད་ཅན་གྱིས། །འགྲོ་ལ་འཚེ་བའི་བར་གཅོད་རྣམས། །མིང་མེད་རྗེས་ཤུལ་མེད་པར་མཛོད། །མདོར་ན་རྡོ་རྗེ་སློབ་དཔོན་གྱི། །བཀའ་དང་དམ་ལས་མ་འདའ་བར། །དཔལ་འབྱོར་སྲིད་ཞིའི་དགེ་ལེགས་ཀྱི། །བཀྲ་ཤིས་ཆར་ཆེན་སྩོལ་བར་མཛོད། །ཅེས་པའང་བརྩོན་འགྲུས་ནས་བསྐུལ་ཕྱིར་སྤེལ། །ན་མོ་པདྨཱ་ཀ་ར་ཡེ། འདིར་དགོངས་གཏེར་ལྷ་ཐམས་ཅད་ཀྱི་གཏོར་བསྔོས་བྱེད་པར་སྤྲོ་ན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ལས་རླུང་མེ་ཐོད་སྒྱེད་སྟེང་། །ཨ་ལས་མཚན་ལྡན་ཀ་པཱ་ལ། །ནང་དུ་ཤ་ལྔ་བདུད་རྩི་ལྔ། །སོ་སོའི་ས་བོན་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་བདུད་རྩི་བཀུག །དམ་ཚིག་བདུད་རྩིར་དབྱེར་མེད་གྱུར། །ༀ་ཨཱཿ


SPN002_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཧ་ཧོཿཧྲཱིཿལན་གསུམ་གྱིས་བྱིན་གྱིས་བརླབས་ལ། རང་ཉིད་ལྷར་གསལ་ཐུགས་ལས་འོད་ཟེར་འཕྲོས། །ཆོས་དབྱིངས་བདེ་ཆེན་རང་བཞིན་དཀྱིལ་འཁོར་དང་། །དག་པ་མཁའ་སྤྱོད་ས་སྤྱོད་ཞིང་ཁམས་ནས། །འཇིག་རྟེན་འདས་དང་མ་འདས་ལྷ་ཚོགས་རྣམས། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །མདུན་མཁར་དགྱེས་པའི་གདན་ལ་བཞུགས་པར་གྱུར། །ཧྲཱིཿསྐྱེ་མེད་ཆོས་སྐུ་འོད་སྣང་ཚེ་མཐའ་ཡས། །གོས་དཀར་ཡུམ་བཅས་ལོངས་སྐུ་འགགས་མེད་འཕྲུལ། །སྤྱན་རས་གཟིགས་དབང་སྤྲུལ་སྐུ་ཐུགས་རྗེའི་རྩལ། །པདྨ་འབྱུང་གནས་ཁྲི་སྲོང་ལྡེའུ་བཙན། །དམ་པ་སངས་རྒྱས་ཐུགས་ཀྱི་རྡོ་རྗེ་མཆོག །རྩ་བརྒྱུད་བླ་མ་བཀའ་བབས་ཆོས་བདག་དང་། །ཆེ་མཆོག་དབང་དྲག་པདྨ་ཀཱི་ལ་ཡ། །གསང་བདག་ཧྱ་གྲྀ་ཝ་སྒྲོལ་དཀར་ལྗང་། །སེར་དམར་དོན་གྲུབ་ལྷ་ལྔ་ལོ་གྱོན་མ། །འོད་ཟེར་ཅན་དང་ཁྱུང་ཆེན་ཛཾ་ལྷ་ནག །ཀིང་ཀང་དམར་པོ་དབང་ཕྱུག་ཡབ་ཡུམ་དང་། །ལེགས་ལྡན་ཚོགས་བདག་དཔལ་མགོན་མ་ནིང་ནག །ཨ་ཕྱི་བཀྲ་ཤིས་ཚེ་རིང་དཔལ་ལྷ་མོ། །གེ་སར་སྤོམ་ར་ཐང་ལྷ་སྤྲག་བཙན་གཉེན། །ཇག་མེ་རྡོར་ལེགས་ཡེ་བརྫུ་ཀླུ་དགའ་པོ། །མདོ་རྒྱལ་ལ་སོགས་བཀའ་གཏེར་སྲུང་མའི་ལྷ། །འཁོར་དང་ཡང་འཁོར་སྤྲུལ་དང་ཡང་སྤྲུལ་ཚོགས། །ཁྱེད་རྣམས་དགྱེས་


SPN002_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཆོད་པ་འབུལ་བ་ནི། །ཉེར་སྤྱོད་འདོད་ཡོན་ལ་སོགས་ཕྱི་མཆོད་དང་། །སྨན་གཏོར་རཀྟ་གསང་བ་བདེ་སྟོང་མཆོད། །དམིགས་མེད་བརྗོད་བྲལ་དེ་བཞིན་ཉིད་ཀྱི་མཆོད། །སྣང་སྲིད་འཁོར་འདས་ཡེ་དག་རང་བྱུང་བའི། །ཀུན་བཟང་གདོད་མའི་རོལ་གར་རིག་རྩལ་ལས། །ཅིར་ཡང་ཤར་བའི་སྣ་ཚོགས་རྫུ་འཕྲུལ་གྱི། །སྐུར་བཞེངས་ཡེ་ཤེས་དང་ནི་ལས་འཇིག་རྟེན། །དཔག་མེད་སྤྲུལ་པའི་མཆོད་འོས་རྒྱ་མཚོར་བསྟོད། །མ་རིག་གཉིས་འཛིན་འཁྲུལ་སྣང་བཟོད་པར་གསོལ། །བསྟན་པ་ཡུན་གནས་བསྟན་འཛིན་འཚོ་གཞེས་གསོལ། །དགེ་འདུན་སྡེ་རྒྱས་འགྲོ་རྣམས་བདེ་ལྡན་ཞིང་། །རྣལ་འབྱོར་ཡང་དག་བྱང་ཆུབ་བསྒྲུབ་པ་ལ། །ས་ལམ་ཡོན་ཏན་གོང་འཕེལ་ཚེ་བསོད་རྒྱས། །ལས་བཞིའི་ཕྲིན་ལས་གང་བཅོལ་གཡེལ་མེད་སྒྲུབས། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་བསྩལ་དུ་གསོལ། །མི་མཐུན་འགལ་རྐྱེན་ཕྱི་ནང་བར་ཆད་ཟློག །ཟབ་དོན་སྙིང་པོའི་སྒྲུབ་པ་མཐར་ཕྱིན་པའི། །རྣམ་ཀུན་བཀྲ་ཤིས་དཔལ་དང་ལྡན་པར་ཤོག །མཆོད་ཡུལ་རྣམས་རང་གནས་སུ་གཤེགས་པའམ། རྟེན་ལ་བཞུགས་གསོལ་བྱ། འཇིག་རྟེན་པ་རྣམས་རང་གནས་སུ། སརྦ་བྷཱུ་ཏ་གཙྪཿབརྗོད་ལ་གཤེགས་གསོལ་བྱེད། ཅེས་པའང་འཇང་ལ་ཤྲཱི་རྟོགས་ལྡན་དཔལ་འབར་གྱིས་བསྐུལ་བ་ལྟར་


SPN002_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

སི་ཏུ་པས་བགྱིས་པ་དགེ་ལེགས་འཕེལ། །ལྷ་རྒྱལ་ནི། དབང་དྲག་ཁྲོ་བོ་རོལ་པའི་མངོན་སྤྱོད་ཀྱི། །ཕྲིན་ལས་མཐུ་ཡིས་ཉོན་མོངས་དུག་ལྔ་ཡི། །ཆོ་འཕྲུལ་དགྲ་དཔུང་བདུད་ཀྱི་གཡུལ་ངོ་ལས། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་འཁོར་དང་བཅས། །དཀར་ཕྱོགས་ཀུན་ཀྱང་རྒྱལ་ལོ་སུ་ཛ་ཡ། །མཆོག་གསུམ་བསྟན་པའི་རྒྱལ་མཚན་རྒྱལ་གྱུར་ཅིག །ཅེས་དགོངས་གཏེར་བླ་མ་དྲག་པོའི་ལྷ་རྒྱལ་སི་ཏུ་པདྨ་ཉིན་བྱེད་དབང་པོས་བརྗོད་པའོ། །ན་མོ་པདྨཱ་ཀ་ར་ཡེ། གནས་ཆེན་སེང་གནམ་བྲག་གི་རྩ་གསུམ་གསོལ་སྐོང་སྤྲོ་བ་དག་གིས། མཆོད་རྫས་གཙང་ཞིང་ཡིད་འོང་འདུ་བར་བྱས་ལ་ལྷའི་ང་རྒྱལ་དང་ལྡན་པས། ཧྲཱིཿརང་ཉིད་སྐད་ཅིག་པདྨ་ཐོད་ཕྲེང་རྩལ། །གསལ་བའི་ཐུགས་ལས་འོད་འཕྲོས་མཆོད་རྫས་རྣམས། །རྒྱ་ཆེན་ཟད་མི་ཤེས་པ་ནམ་མཁའི་མཛོད། །ཀུན་བཟང་སྨོན་ལམ་ཇི་བཞིན་སྤྲིན་སྤྲོ་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབས་ལ། ཀྱཻ། འཕགས་མཆོག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གནས། །གདོད་ནས་རང་བཞིན་ལྷུན་གྲུབ་གཞལ་ཡས་ནས། །རྩ་གསུམ་ལྷ་ཚོགས་རབ་འབྱམས་དཔག་མེད་རྣམས། །དེང་འདིར་མཆོད་པའ་ིགནས་འདིར་གཤེགས་སུ་གསོལ། །


SPN002_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་ལྡིར། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །ཕྱི་ནང་གསང་བའི་མཆོད་པ་སྣ་ཚོགས་དང་། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་དཀོར་ཆས་རིགས། །བདག་པོས་བཟུང་དང་མ་བཟུང་ཇི་སྙེད་པའི། །རྒྱ་ཆེན་ལོངས་སྤྱོད་མཐའ་ཡས་ཞིང་ཁམས་ཀུན། །གང་བར་དམིགས་ནས་འབུལ་གྱིས་དགྱེས་པར་རོལ། །ལྷ་ཚོགས་གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །བསྐང་ངོ་བསྐལ་པར་ཐུགས་དམ་གཉེན་པོ་བསྐང་། །བདག་ཅག་མ་རིག་འཁྲུལ་པའི་དབང་གྱུར་པས། །རྩ་བ་ཡན་ལག་དམ་ལས་འགལ་གྱུར་རྣམས། །མི་འཆབ་མི་སྦེད་མཐོལ་བཤགས་བཟོད་པར་བཞེས། །ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །རྨད་བྱུང་ཐུགས་རྗེའི་རང་བཞིན་མི་བཟད་པ། །རྒྱན་གྱི་འཁོར་ལོའི་བདག་ཉིད་འཆང་དེ་ཡི། །ས་གསུམ་འགྲོ་བ་མ་ལུས་སྐྱབས་པའི་གཉེན། །ལྷ་ཚོགས་འཁོར་དང་བཅས་ལ་བསྟོད་པར་བགྱི། །དེ་ལྟར་མཆོད་བསྟོད་བཤགས་པའི་བསོད་ནམས་ཀྱིས། །སངས་རྒྱས་བསྟན་དང་བསྟན་འཛིན་དབུ་འཕང་བསྟོད། །དགེ་འདུན་སྡེ་འཕེལ་རྒྱལ་ཁམས་ཡོངས་ལ་དགེ། །སྙིགས་ལྔའི་རྒུད་པ་མ་ལུས་བསལ་བ་དང་། །


SPN002_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ཚེ་བསྲིང་དཔལ་བསྐྱེད་ལོངས་སྤྱོད་རྒྱས། །ལས་བཞིའི་ཕྲིན་ལས་གང་བཅོལ་འགྲུབ་པར་མཛོད། །རྒྱལ་ཁམས་བདེ་ཞིང་ནད་མུག་མཚོན་འཁྲུགས་ཞི། །ཆར་ཆུ་དུས་བབ་ལོ་ལེགས་འབྲུ་རྣམས་འཕེལ། །ཕྱི་ནང་བར་ཆད་མ་ལུས་ཞི་བ་དང་། །མདོར་ན་བསམ་དོན་ཆོས་བཞིན་ཡོངས་འགྲུབ་པའི། །བཀྲ་ཤིས་མཆོག་གིས་རྣམ་ཀུན་ཁྱབ་གྱུར་ཅིག །དེ་ནས་གཏོར་མགྲོན་རྟེན་ལ་བཞུགས་གསོལ། བདག་དང་འགྲོ་ལ་སོགས་དང་། མཆོད་སྤྱིན་གནས་སོགས། བསྔོ་བ་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །དད་ལྡན་སྔགས་འཆང་ཨ་བཀྲའི་ངོར་སྤེལ་བ་དགེ། །། ༈ཡུལ་གཞིིའི་བདག་པོར་མཆོད་གསོལ་བྱ་བར་སྤྲོ་ན། མཆོད་རྫས། ཨ་ཀཱ་རོས་བྱིན་བརླབ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་སོགས་ཀྱིས་བསྔོས་ལ། ཀྱཻ། རྡོ་རྗེ་འཛིན་མཆོག་རྩ་བརྒྱུད་བླ་མ་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས་བཅས་རྣམས། །དད་མོས་གདུང་བས་སྤྱན་འདྲེན་གཤེགས་སུ་གསོལ། །རིན་ཆེན་སེང་ཁྲི་པད་ཟླའི་གདན་ལ་བཞུགས། །བསྟན་པ་བསྲུང་ལ་མི་འདའི་དམ་ཚིག་ཅན། །ནུས་པའི་རྩལ་ལྡན་སྒྲུབ་པའི་སྡོང་གྲོགས་མཁན། །སྔོན་གྱི་ཁས་བླངས་དམ་བཅའ་དྲན་མཛོད་ལ། །མ་ཐོགས་མྱུར་བར་གནས་འདིར་གཤེགས་སུ་གསོལ། །གུ་རུ་དྷེ་བ་དྷཱ་ཀྐི་ན་དྷརྨ་པཱ་ལ་ཨུ་པ་སི་ཀ་ས་པ་རི་ཝཱ་ར་བཛྲ་


SPN002_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ས་མཱ་ཛཿབཛྲ་ཨརྒྷཾ་སོགས་ཀྱིས་མཆོད་ལ། བྱང་ཆུབ་སྒྲུབ་པའི་བར་ཆད་ཞི་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་པ་དང་། དེ་ནས་དགེ་བསྙེན་ལ་གཏོར་མ་འབུལ་བ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཨ་ལས་ཐོད་སྣོད་ཡངས་ཤིང་རྒྱ་ཆེའི་ནང་། །ངོ་བོ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །རྣམ་པ་འདོད་ཡོན་ལྔ་ལྡན་བ་ལིང་ཏ། །བརྗིད་ལྡན་དྲག་པོའི་རྫས་ཀྱིས་བརྒྱན་པ་འདི། །བསྟན་སྲུང་དགེ་བསྙེན་འཁོར་དང་བཅས་ལ་འབུལ། །དགྱེས་པར་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །ཨུ་པ་སི་ཀ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཆོས་ཀྱི་སྦྱིན་པ་ནི། ཆོས་རྣམས་ཐམས་ཅད་སོགས། སྡིག་པ་ཅི་ཡང་མི་བྱ་སོགས། བསྐུལ་བ་ནི། ཧཱུྃ་བསྐུལ་ལོ་བསྐུལ་ལོ་བསྟན་སྲུང་དམ་ཅན་བསྐུལ། །དྲག་པོའི་སྐུར་བཞེངས་རྣོ་བའི་མཚོན་ཐོགས་བསྐུལ། །བསྟན་དགྲ་དམ་སྲི་ཕོ་མོ་བསྒྲལ་ཕྱིར་བསྐུལ། །ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་ཅིག །སྒྲུབ་བརྒྱུད་སྙིང་པོའི་བསྟན་དང་བསྟན་འཛིན་ལ། །དངོས་བརྒྱུད་བསམ་སྦྱོར་གནོད་འཚེ་བྱེད་པ་ཀུན། །སྲོག་ཆོད་སྙིང་ཕྱུང་དབང་པོ་ཉམས་པར་གྱིས། །གལ་ཏེ་ཁྱོད་ཀྱིས་བརླག་པར་མི་ནུས་པའི། །དམ་ལོག་དམོད་པའི་མཐུ་ལྡན་ཡོད་སྲིད་ན། །གསང་བདག་ཁྲོ་རྒྱལ་རྡོ་རྗེ་


SPN002_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཁྲོས་ནས། །མཐུ་སྟོབས་ནུས་པས་ཁྱོད་ལ་བྱིན་བརླབས་མཐུས། །བན་བོན་མཐུ་ཆེན་རང་གཤེད་རང་ལ་ཕོབ། །མིང་རུས་རྗེས་ཤུལ་མེད་པར་རྡུལ་དུ་རློག །གྲུབ་པའི་དབང་ཕྱུག་དཔལ་ལྡན་ཀརྨ་པའི། །རྡོ་རྗེའི་བཀའ་གསང་རིན་ཆེན་ཅོད་པན་མཆོག །ཁྱོད་ཀྱི་སྤྱི་བོའི་རྒྱན་དུ་བཀོད་པ་ཡི། །ཇི་སྲིད་གཡར་དམ་མ་བསྙེལ་དམ་ཚིག་ཅན། །སྒྲུབ་བརྒྱུད་བསྟན་པ་བསྲུང་པའི་དུས་ལ་བབས། །སྲུང་སྐྱོབ་མེལ་ཚེ་མ་གཡེལ་དུས༴ཞིང་བཅུ་དགྲ་བོ་སྒྲོལ་བའི་དུས་ལ༴མཐུ་རྩལ་རྫུ་འཕྲུལ་བསྟན་པའི་དུས་ལ༴ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །གཏོར་མ་གཙང་སར་འབུལ་ལ། སརྦ་གཙྪཿརང་གནས་གཤེགས། ཞེས་སི་ཏུ་པས་ཆོས་མཛད་བླ་མ་ཀརྨ་བསྟན་པ་དར་རྒྱས་པའི་བཞེད་ངོར་སྤེལ་བ་དགེ། ཀྱཻ། དཔལ་ཆེན་འཁོར་ལོ་སྡོམ་པ་ཡི། །གནས་མཆོག་ཀརྨའི་ཆོས་འཁོར་གྱི། །བཀའ་སྲུང་རྡོ་རྗེའི་དམ་ཚིག་ཅན། །དགེ་བསྙེན་དཔལ་ལྡན་ཤེས་རབ་ནི། །འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་བཅས། །འདིར་གཤེགས་བརྒྱན་པའི་མཆོད་གཏོར་ཚོགས། །སྐོང་རྟེན་སྒྲུབ་རྫས་མ་ལུས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་རྣམས། །འབུལ་གྱི་དགྱེས་པ་ཆེན་པོར་རོལ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་ཀྱི། །


SPN002_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཞིའི་འདོད་དོན་གང་གསོལ་བ། །མ་གཡེལ་མ་འདའ་ལས་མཛོད་ཅིག །ཉིན་མཚན་རྟག་པར་སྡོང་གྲོགས་དང་། །སངས་རྒྱས་བསྟན་པའི་རྒྱལ་མཚན་ཕྱོར། །སྐྱེ་དགུ་བདེ་ཞིང་སྐྱིད་པ་ཡི། །བཀྲ་ཤིས་ཡོངས་ལ་ཁྱབ་པར་ཤོག །ཅེས་གདན་ས་ཆེན་པོ་འོག་མིན་ཀརྨའི་བླ་མ་སྤྲུལ་སྐུ་པས་བསྐུལ་བ་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་བགྱིས་པ་དགེ། ཀྱཻ། རྒྱལ་བསྟན་ཆོས་འཁོར་འདི་ཉིད་ཀྱི། །གནས་བདག་ཡུལ་ལྷ་ཟོ་དོར་གཉེན། །དཀར་པོ་ལྷ་ཡི་སྡེ་དཔོན་ཆེ། །དཀར་ལྡེམ་དཔལ་རྩེ་སྲས་ཡུམ་འཁོར། །ཡང་སྤྲུལ་དཔུང་ཚོགས་མ་ལུས་དང་། །མདུད་ལུང་དགེ་བསྙེན་ལ་སོགས་པ། །ལེགས་དང་རྒྱལ་ཁ་བཏོད་པ་ཡི། །ཡུལ་རིས་ས་ཕྱོགས་འདི་ཉིད་ལ། །གནས་པའི་ལྷ་ཀླུ་གཞི་བདག་རྣམས། །འདིར་གཤེགས་གཏོར་མ་འདོད་ཡོན་གྱི། །སྤྲིན་ཕུང་ཟག་མེད་རྒྱ་ཆེན་པོ། །འབུལ་བཞེས་དགྱེས་བསྐང་ནོངས་པ་ཀུན། །བཟོད་བཞེས་རྣལ་འབྱོར་བསམ་པའི་དོན། །འབད་མེད་ཡིད་བཞིན་ལྷུན་གྲུབ་མཛོད། །ཅེས་སྐྱབས་ཆེ་དགེ་བསྐོས་དར་རྒྱས་སོགས་འདུས་པ་འགའ་ཞིག་གི་ངོར་སི་ཏུས་སྤེལ། །ཧྲཱིཿསྣང་སྲིད་དབང་བསྒྱུར་རྫུ་འཕྲུལ་ཅན། །ལྷ་ཆེན་


SPN002_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་དགྱེས་བསྐང་ཕྱིར། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །མཁའ་དབྱིངས་གང་བའི་འོད་འཕྲོ་བ། །ཡན་ལག་བརྒྱད་ལྡན་མཆོད་ཡོན་དང་། །ཆུ་སྐྱེས་ཐང་སྐྱེས་མེ་ཏོག་དམར། །ཨ་དཀར་ཙནྡན་བདུག་པའི་སྤོས། །རབ་གསལ་སྣང་བྱེད་ཉི་ལྟར་འཚེར། །དག་བྱེད་དྲི་ཆབ་ཀུན་ཏུ་དཀྲིགས། །རོ་ལྡན་ཞལ་ཟས་ཚར་དུ་དངར། །གྲག་སྟོང་དབྱངས་སྙན་རོལ་མོ་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་ལྔ་དང་བཀྲ་ཤིས་རྫས། །རིན་ཆེན་གདུགས་དང་གསེར་ཉ་དང་། །དུང་དཀར་བུམ་པ་བཟང་པདྨ། །དཔལ་བེའུ་འཁོར་ལོ་རྒྱལ་མཚན་ཏེ། །མི་དབང་རྒྱལ་སྲིད་བདུན་ལ་སོགས། །གླིང་བཞི་གླིང་ཕྲན་དཔལ་འབྱོར་རྣམས། །ཐམས་ཅད་བློ་ཡིས་བླངས་ཏེ་འབུལ། །ཁྱད་པར་སྐོང་སྒྲུབ་བརྟེན་པའི་རྫས། །ཚང་ཞིང་ཡིད་འོང་གཙང་སྦྱར་འདི། །དབང་ཕྱུག་མ་ཧཱ་དེ་ཝ་དང་། །ལྷ་མོ་ཨུ་མ་དེ་ཝཱི་སོགས། །འཁོར་དང་བཅས་ཀུན་དགྱེས་པར་རོལ། །ཐུགས་འགལ་ཉེས་པའི་ནོངས་པ་རྣམས། །བཤགས་སོ་ཚངས་པར་སྩོལ་བ་དང་། །ཁམས་གསུམ་སྲིད་པའི་མེས་པོ་མཆོག །མཆོད་ཅིང་ཐུགས་དམ་བསྐང་བའི་མཐུས། །རྒྱལ་བསྟན་སྲིད་མཐར་གནས་པ་དང་། །འགྲོ་བ་ལོག་པར་གོལ་བ་རྣམས། །


SPN002_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ལམ་ལ་དཀྲི་བའི་ཕྱིར། །བདག་ཅག་སྒྲུབ་པོར་མཐུ་ནུས་ཀྱི། །རྩལ་རྫོགས་བསམ་དོན་ཆོས་བཞིན་དུ། །འགྲུབ་པའི་ཡིད་ཀྱི་འདོད་འཇོར་མཛོད། །ནད་གདོན་བར་ཆད་མི་མཐུན་ཞི། །ཚེ་བསོད་ཡེ་ཤེས་རྒྱས་པ་དང་། །ཁམས་གསུམ་སྲིད་བཅུད་དབང་དུ་གྱུར། །ཞིང་བཅུ་ཐལ་བར་བརླག་པར་མཛོད། །རྟག་པར་མངའ་ཐང་དཔལ་འབྱོར་པ། །རབ་རྒྱས་བདེ་ལེགས་ཆར་ཆེན་ཕོབ། །ཅེས་པའང་བླ་མ་ཚེ་རིང་ནས་བསྐུལ་བཞིན་དགོངས་གཏེར་ལྷ་ཆེན་མཆོད་ཕྲེང་དུ་སི་ཏུས་སྤེལ་བ་ཛ་ཡནྟུ།། །།

སྔགས་ཡིག


SPN002_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བི་ག་ཏ་རཱ་ག་མཻ་ཏྲེ་ཡ་སིཾ་ཧ་ལོ་ཙ་ནེ་སྭཱ་ཧཱ། གོང་བསྙེན་ཁྲི་ཕྲག་བརྒྱད་དེ་ཞོག་རེ་བརྒྱ་རྩ་བརྒྱད་རེ་བཟླས་པའི་སྔགས་ཆུ་མིག་ལ་བྱུག་ན་མིག་མི་འགྲིབ་ཞིང་གསལ་བར་འགྱུར་རོ། །ཟ་ཡིག་ཕྱོགས་བཅུ་མ་ནི། བྷཿནཿདྷཿནཿཀུཿདྷཿནཿཡཿདཿནཿརྒྱ་ཤོག་ལ་རྒྱ་སྣག་གིས་བྲིས་ལ། ཚེ་སྒྲུབ་དང་བསྲུང་བཟློག་ལ་བདུད་རྩི་ཆོས་སྨན་དང་། ཡང་ཚེ་སྒྲུབ་ལ་བཟང་དྲུག །རྒྱལ་པོར་གུ་གུལ། ཀླུ་ལ་གླ་རྩི། བཙན་ལ་ཤུ་དག །གཉན་ལ་ཁྱུང་ལྔ། དུག་ལ་རྨ་བྱའི་སྒྲོ་མདོངས། མཚོན་ལ་པདྨ་རཀྟ། ཡམས་ལ་སྤུ་ནག་སོགས། གཉེན་པོ་སོ་སོར་བྱུགས་ནས་ཡར་ལ་སྒྲིལ། གཟའ་ལ་སྤོས་དཀར་བྱུག་ནས་འགོ་ནས་མར་དྲིལ་ལོ། །ཟ་ཡིག་སྤྱི་ཁྱབ་རྫས་ནི་ཆོས་སྨན་ནོ། །དེ་ནས་རབ་གནས་ནི། རང་ཡི་དམ་དུ་བསྒོམ། ནམ་མཁར་ཨོ་རྒྱན་ཡབ་ཡུམ་བསྒོམ། གསོལ་བ་བཏབ། བཛྲ་གུ་རུ་བཟླས། ཛཿཧཱུྃ་བྃ་ཧོཿཞེས་པས་ཨོ་རྒྱན་ཡབ་ཡུམ་ཟ་ཡིག་ལ་ཐིམ་པར་བསྒོམ། གོང་དུ་ཞི་དྲག་གི་སྙིང་པོ་བརྒྱ་རྩ་དང་། ཡེ་དྷརྨས་རབ་གནས་ཀྱང་བྱ་དགོས། ཟ་དུས་མདུན་གྱི་ནམ་མཁར་ཨོ་རྒྱན་བསྒོམ། གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས། ཕྱོགས་བཅུའི་ཞིང་ན་སངས་རྒྱས་བྱང་སེམས་སྤྱན་དྲངས་ཨོ་རྒྱན་ལ་ཐིམ། ཨོ་རྒྱན་འོད་ཞུ་ཟ་ཡིག་ལ་ཐིམ། མགོ་ཕྱིར་དང་འཕང་ཤམ་བསྟན་མིད། སྙིང་ཁའི་ཐད་སླེབས་གུ་རུ་དྲག་པོར་གྱུར། སྐུ་ལས་མེ་འབར་ནད་གདོན་བསྲེག་པར་བསྒོམ། ཚེ་སྒྲུབ་སྲུང་བ་ཉི་མ་རྩེ་


SPN002_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ལ་བྱ། གཞན་རྣམས་སྲོད་ལ་བྱའོ། །༈ༀ་ཐི་མ་ཐ་ར་ཏི་ས་དུན་ཏེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ། རང་ཉིད་ཕག་ཏུ་བསྒོམ་ནས་སྣ་བུག་གཡོན་དུ་ཕུས་འདེབས་རིམས་སྲུང་ངོ་། །ༀ་པདྨ་ཤ་ཝ་རི་ཕཊ། ནན་པ་ཏ་དཔེ་གཅིག་ལ་ཏ་ལ་གི་གུ་ཡོད་ཤིག །ན་ག་ནན། ཏདྱ་ཐཱ། སརྦ་བི་རི་ཏ་དཔེ་གཉིས་ལ་ཏ་ལ་གི་གུ་ཡོད། ཧ་ན་ཧ་ན་བཛྲ་ན། རཀྵ་རཀྵ་ཡེ་སྭཱ་ཧཱ། རིམས་སྲུང་ནད་བརྒྱ་སྔགས་གཅིག་འདི། དཔེ་ཁུངས་བཙུན་བཞི་ལ་གཏུག་ནས་བྲིས་པ་ཡིན། གོང་བསྙེན་འབུམ་ཕྲག་གསུམ་བཟླས་ཏེ། དུ་བ་སྣ་སྒོར་མ་སོང་གོང་ཉེར་གཅིག་བཟླ་ལ་སྣ་སྒོར་ཕུ་བཏབ་བོ། །གཟའ་དང་དུག་དང་རིམས་ལ་སྔགས་ཆུས་ཕན། སྤྱིར་ནད་རིགས་བཞི་བརྒྱ་རྩ་བཞི་ལ་ཕན། ཕྱི་མ་འཇའ་ལུས་ཐོབ་པར་བཤད། མི་ལའི་མིག་གི་སྔགས་ནི། ༀ་ལྷང་ཡུལ་ཁང་སྭཱ་ཧཱ། ཏེ་ར་ཝ་ལའི་དྲུག་སྔགས་ནི། ཧྲིཾ་ནི་ལ་ཀུ་ལ་ཁ་ཁྲ་ཁྲ། ལོ་རས་པའི་དུག་སྔགས་ནི། བི་ཤ་འོང་། བྷི་ཀེ་བྷུན་ཛུ། བྷི་ཤ་ཀེ་རོ་ལི་འོང་། བཛྲ་བྷ་བྷི་ཤ་ས་འོང་། ཏི་ནི་བུམ་པ་ན་ར་ཀ་འོང་། ཨི་ན་ཏི་རི་ཀི་རི། མི་ན་དྷི་ཀི་རི། སཾ་པ་ལོ་ས་ནོ་ས་ཏེ། ཨ་པ་ཚ་ལོང་། སཾ་པ་ན་ས་ཏ་ལ། བྷ་སྭ་ཀི་ཙ་ལོང་། ཨན་ཏིར་ཏིར་ཙ་ལོང་། ཤི་བྷིར་ཨ་ཤོ་རི་བྷིས། གུ་རུ་ལ་བྷུདྡྷོ། ཏ་ཀ་ར། གོང་བསྙེན་སྟོང་ཚོ་གཅིག་སོང་བ་དང་། ལྟོ་སྟོང་ལ་བདུན་ནམ་ཉེར་གཅིག་བཟླས། ཧ་ཀ་ར།


SPN002_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་ཐེངས་རེ་ལ་ཐུབ་ཚད་བཟླས། ཐོ་རངས་བྱ་སྐད་མ་ཆོད་པ་གལ་ཆེ། ཨ་སྤྲའི་སྔགས་ཡིན་པར་ཁྲོ་ལོ་ལོ། ཐང་ཆེན་པོའི་དབུས་སུ་ཙནྡན་ཡལ་ག་གསུམ་གྱི་དབུས་སུ་རང་ཉིད་ལྷ་མོའི་ཆ་བྱད་རྐང་གཡས་གཡོན་ཡལ་གའི་སྟེང་ལྷ་མོ་གཉིས་ཀྱི་གླིང་བུ་འབུད་པ་བསྒོམ། དེས་མཐོང་ང་ོ། །མུ་སྟེགས་རྦད་བཞི་མ་ནི། རང་ཉིད་དབང་ཕྱུག་ཆེན་པོ་སྐུ་མདོག་དུད་ཁ་ཞལ་གཅིག་ཕྱག་གཉིས། གཡས་ཀྱིས་རྩེ་གསུམ་དང་། གཡོན་ཐོད་ཁྲག་འཛིན་པ། ཡ་མཆུ་ལ་མེ། མ་མཆུ་ལ་རླུང་། ལྗགས་ལ་མེའི་ཚྭ་ཚྭ་འཕྲོ་བ། རལ་པ་ས་གཞི་ལ་ཁྱབ་པ། ལྟོ་བ་ངན་སྔགས་ཀྱི་རྒྱ་མཚོ་འཁྱིལ་བར་བསྒོམ་ལ། ནག་པོ་རྦད། དུ་ན་ཡ་དཔེ་གཉིས་ལ་ཡ་ལ་འགྲེང་པོ་མི་འདུག །དཔེ་གཉིས་ལ་ཡ་ལ་འགྲེང་པོ་འདུག་རྦད། མ་ཧཱ་པཉྩ་རྦད། ཐུན་རིལ་ཛ་རྦད། གོང་བསྙེན་སྟོང་ཕྲག་དྲུག་དེ་ནས་ཞག་རེར་ཉེར་གཅིག་རེ་མ་ཆག་པ་དམ་ཚིག་གོ། །གཉན་ལྷོག་སྐྲང་རིགས་ལ་སྔགས་འདེབས། སོ་སྲིན་ལ་ཚྭ་ལ་སྔགས་ཏེ་སོ་བར་འཛིན། ཚྭ་སྲིན་ལ་ཚྭ་ལ་བཏབ་ཏེ་ཆུ་བཀོལ་དབུལ། གྲང་སྲིན་ཆུ་གྲང་གིས་ཕུལ། ཡ་མ་ལ་ཡ་ཁུང་དུ་འདེབས། ལིང་ཏོག་ལ་ཕུས་འདེབས་ཡལ་བ་བསམ། ཡང་ན་ཕོ་རོག་སྒྲོ་ལ་བཏབ་མིག་ཆུ་ནང་དུ་བལྟས་ལ་སྒྲོས་བྱབ་བོ། །ཤུ་བ་ལ་མར་རྙིང་ལ་བཏབ་ནས་བྱུག་ཉི་མར་བསྲོ། རྨ་འབྲས་ལ་སྣུམ་རྙིང་པར་འདེབས་སོ། །ཁྲག་ཆོད་ལ་ཐེབ་ཆེན་ལ་སྔགས་ནས་བརླན་ནོ། །རྨ་ལ་ཡང་ཕན་ནོ། །ཡང་གྲོག་ལ་བཏབ་ནས་བརླན་ན་རྨ་ཕྱོགས་མེད་པ་ཕན་ནོ། །སྣུམ་


SPN002_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

གང་རིགས་ནང་རས་བཅོས་ཏེ་ཁྱི་རྨ་ལ་བླན་ན་ཕན་ནོ། །ཡང་ཁྱི་སྤུ་ལ་སྔགས་ཁྱི་སྤུ་མེར་བསྲེག་པའི་གཞོབ་དེ་མ་ཐག་རྨ་ལ་བརླན། དེ་སྟེང་རེ་བ་ནག་པོས་བཀབ། སྐུད་པ་དཀར་པོས་རྒྱ་གྲམ་དུ་བཅིང་ཞག་གསུམ་ནས་ལྟའོ། །ལྤགས་ནད་ལ་སྒྱེད་པུ་གསུམ་གྱི་དྲེག་ནག་དང་མར་རྙིང་ཞོ་ཤ་རྙིང་པ་ལ་བསྲེས་ཏེ་སྔགས་བཏབ་ལ་ཉི་མ་ལ་བསྲེག་གོ། གྲང་གཉན་ལ་ཆང་ལ་བཏབ་ཁོང་དུ་བཏང་བས་ཕན་ནོ། །སྐྱེས་པའི་དཀར་ཆ་འཛག་པ་ལ། ཁྱི་ནག་པོའི་སྤུ་ཐེ་གུ་གསུམ་སྒྲིལ་ལ་རྡོ་རྗེའི་མདུད་པ་གསུམ་རྒྱབ་ལ། མདུད་པ་རེ་རེ་ལ་སྔགས་སྟོང་ཚོ་རེ་འདེབས། སྐེད་པར་བཅིངས་པས་ཆད་དོ། །འགོས་ནད་བསྲུང་ན་དྲི་ཆུ་ལ་བཏབ་ལྟོ་སྟོང་ལ་བཏང་ངོ་། །ཐོར་པ་སྲུང་ན་སྲན་མ་ལ་བཏབ་སྐེ་ལ་འདོག་གོ་མཚལ་དཀར་བཀོལ་བ་ལ་སྔགས་ཁྲི་ཚོ་བཏབ་པ་ཁོང་དུ་བཏང་ན་འཕྲལ་དུ་བཤལ་ཡོང་། ཡུངས་ཀར་ནང་མར་རྙིང་ལ་བཏབ་ན་བྱིས་པ་ཐོན་ནོ། །ཡང་རྒྱུ་གཟེར་ལ་སྔགས་ཆུ། དམར་ནད་ལ་གླ་རྩིའི་ཆུ། ཆམ་པ་ལ་གངས་ཆུར་བཏབ་ནས་སྐར་མ་མ་གྱེས་གོང་བཏང་། ཞོ་ཉེས་ལ་རྡེའུ་དཀར་ནག་ལ་བཏབ་སྣོད་དུ་བླུག་གོ། །གི་ཝཾ་ལ་བཏབ་ནས་དཔྲལ་བར་ཐིག་ལེ་བྱས་ན་དབང་དུ་འགྱུར་རོ། །དེ་བཞིན་སིནྡྷུ་རས་སྙིང་དུ་སྡུག་གོ། ཡུངས་ཀར་ལ་བཏབ་ནས་ཐུན་གྱིས་བྲབ་ན་འབྱུང་པོ་ཀུན་བྲོས་སོ། །ཐལ་ཆེན་དང་ཡུངས་ཀར་ལ་བཏབ་ནས་གཏོར་ན་སེར་བ་ཐུབ་བོ། །ཡང་ན་རང་དབང་ཕྱུག་ཆེན་པོ་ཐལ་མདོག །རལ་པ་སྟོང་གསུམ་ཁེངས་པ་བསྒོམ། ཡུལ་དང་བསྲུང་བྱ་ཐམས་ཅད་རལ་པའི་འོག་ཏུ་མནན་པར་བསམས་ཏེ་སྡིགས་


SPN002_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

མཛུབ་བྱས་པས་ཐུབ་བོ། །སོར་མོ་ལྔ་ལ་བཏབ་ནས་ཁུ་ཚུར་བཅང་ནས་ཕྱིན་ན་སུའི་རྗེས་ཀྱང་ཟིན་ནོ། །ཨ་ཊེ་བ་ཊེ་ན་ཊེ་ཀུ་ན་ཊེ་ཊ་ཀེ་ཋ་ཀེ་ཐ་ར་ཀེ་ཨུ་རུ་མ་ཏི་རུ་རུ་མ་ཏི་རུ་རུ་ཧི་ལི་མི་ལི་སཔྤ་ཛྙོ་དུ་པ་དགྒ་ན་མོ་སཔྤ་སམྨཱ་སི་བུཛྫྷཱ་ཎཾ་ཛྫྷནྟུ་མེ་མནྟྲ་པ་དཱཿསྭཱ་ཧཱ། སྒྲ་མི་སྙན་གྱི་ཚེ་གཟུངས་སོ། །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། སྒྲོལ་མ་དཀར་མོའི་སྙིང་པོའོ། །དབང་པོ་རྟུལ་བའི་རིགས་ལ། བཅོམ་ལྡན་འདས་ཀྱི་ལམ་བར་གནང་བའི་ཚིགས་འདི་གཉིས། རྡུལ་སྤང་ངོ་། །དྲི་མ་སྤང་ངོ་། །ཞེས་བརྗོད་པས་སྔོན་ཚིག་གཅིག་མི་ཤེས་ཀྱང་ཕྱིས་མཁས་པ་དགྲ་བཅོམ་པ་ཆེན་པོར་གྱུར་པའོ། །དམ་ཆོས་མཐར་ཕྱིན་གྱིས། སྟོང་ཉིད་ཀྱི་ངང་ནས་ནཱ་ག་རཀྵའི་སྔགས། ༀ་ལཾ་ལཾ་ཧཱུྃ། རྐྱང་བ་བཏོན་པས་ཀླུ་གདོན་ལས་གྲོལ་བ་ཡིན་གསུངས་སོ། །ༀ་མཉྫུ་ཤྲཱི་ཡ་མནྟ་ཀཿཧ་ཡ་གྲཱྀ་ཝཿབཛྲ་པཱ་ཎིཿདུ་ཏྲི་ཡ་མ་ར་ཙཿཡ་མ་རཀྵཿཀྲོ་དྷ་ས་ཙ་མཿཀཱ་ལ་རུ་པཿཨ་ཀྲོ་ར་ཙཿཡ་མ་ར་ཙཿས་མ་ཡ་ཛ་ཛཿབདག་དང་བསྲུང་བྱ་རྣམས་ལ་སྲུངས་ཤིག་ནྲྀ་བྷྲཱུྃ་བཛྲ་རཀྵ་རཀྵཿཟློག་སྔགས་ནི༔ དུ་ཏྲི་ཡ་མ་ར་ཙཿཡ་མ་རཀྵཿཀྲོ་ཏ་པ་ཙ་ལ་ཏིཿཨ་ཡ་མ་དུ་རུ་ཙ་ཤ་ནཿགནོད་བྱེད་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་བྷྱོཿབྷྱོཿབཟློག་བཟློགཿདགེའོ།། །།

ཇོ་བོ་སྔགས་ཀྱི་བདག་པོའི་གཡང་སྐྱབས་དངོས་གྲུབ་འབྱུང་བའི་རྒྱ་མཚོ།


SPN002_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་བོ་སྔགས་ཀྱི་བདག་པོའི་གཡང་སྐྱབས་དངོས་གྲུབ་འབྱུང་བའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།


SPN002_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོའི་རིམ་པ་ལ་དང་པོ། བུམ་པ་རྫས་ལྡན་དང་། འོ་དཀར། ཐུན་རྡོ་ལ་སོགས་འདུ་བྱས་ལ། བདག་བསྐྱེད་ཟིན་པའི་རྗེས་སུ། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཚན་ཉིད་ཡོངས་རྫོགས་པའི། །ལས་བུམ་དབུས་སུ་པདྨ་ཉི་མའི་སྟེང་། །ཧཱུྃ་ཡིག་ཡོངས་གྱུར་བཅོམ་ལྡན་བདུད་རྩི་འཁྱིལ། །ལྗང་སྔོན་ཁྲོ་བོའི་ཆས་རྫོགས་ཕྱག་གཉིས་ཀྱིས། །རྒྱ་གྲམ་བསྣམས་ཤིང་སྡིགས་མཛུབ་ཞབས་འདོར་སྟབས། །ཡེ་ཤེས་མེ་དཔུང་འཕྲོ་བའི་ཀློང་དུ་གསལ། །གནས་གསུམ་འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་སྤྱན་དྲངས་ནས། །བུམ་པའི་ལྷར་ཐིམ་མཆོད་པས་མཉེས་པར་བྱས། །སླར་ཡང་ཐུགས་ཀར་ཧཱུྃ་ཡིག་སྔོན་པོའི་མཐར། །སྔགས་ཕྲེང་འཁོར་ཞིང་སྐུ་ལས་དག་


SPN002_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རྒྱུན། །བབས་པས་བུམ་པ་བདུད་རྩིས་གང་བར་གྱུར། །ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། བཟླ་ཞིང་རྡོ་ཐུན་ལའང་སྔགས་བཏབ་ལ་མཐར། ༀ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད་ལ། སེམས་ཅན་ཉོན་མོངས་བདུད་བཞིའི་གཡུལ་ངོ་ལས། །རྣམ་པར་རྒྱལ་བའི་མཐུ་སྟོབས་ཐོགས་པ་མེད། །འཇིགས་བྱེད་ཁྲོ་བོའི་རྒྱལ་པོ་ཡོངས་ཀྱི་གཙོ། །བདུད་རྩི་འཁྱིལ་པའི་ལྷ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ཁྲོ་བོས་བགེགས་བཟློག་མཛད་དུ་གསོལ། །བུམ་ལྷ་འོད་ཞུ་བདུད་རྩིའི་རང་བཞིན་གྱུར། །ཅེས་བསྟོད། གཉིས་པ་བགེགས་རིགས་རྣམས་ལ་ལན་ཆགས་བསྔོ་བ་ནི། སྣོད་བོར་ཆོག་ཞིག་གི་ནང་དུ་ངར་མི་དང་ཏིང་ལོ་བཅའ། ཡོན་བདག་གི་ཆངས་བུ་དང་། འབྲུ་དཀར་ནག་


SPN002_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

དར་ཚོན། ཡོས་བཀྲ། ཡུངས་ལོ་དང་སྙེ་མ། རམ་པ། སྦང་མ། ཞོ་ལད། འོ་རུལ། ཇ་ལོ། སྒོག་བཙོང་། ཕྱུགས་རྣམས་ཀྱི་སྤུ་རིགས། སླས་དང་ཞིང་གི་ས་སྣ་ལ་སོགས་པ་གླུད་རྫས་རྣམས་ཚང་བར་བཀོད་ལ། ཧཱུྃ། ང་ནི་གསང་བདག་རྡོ་རྗེ་འཛིན། །སྤྲུལ་པ་ཡང་སྤྲུལ་ཁྲོ་བོ་དང་། །ཁྲོ་མོའི་ཚོགས་ཀྱིས་གནམ་ས་གང་། །མ་རུང་འདུལ་བའི་གཉེན་པོར་གསལ། །ཧཱུྃ་ཉོན་ཅིག་ལན་ཆགས་བགེགས་རིགས་དང་། །ཀླུ་ཐེལ་བསེ་རག་འགོང་པོ་རྣམས། །མཆོད་སྦྱིན་གཏོར་མ་ལེན་པའི་ཕྱིར། །ཐམས་ཅད་མ་ལུས་འདིར་འདུས་ཤིག །ཡིད་མཐུན་སྣོད་ཀྱི་ནང་དུ་ནི། །གླུད་གཏོར་འདོད་ཡོན་ལྔ་ལྡན་པ། །ཡིག་འབྲུ་གསུམ་གྱིས་བྱིན་བརླབས་ནས། །གང་འདོད་ཟད་མེད་རང་བཞིན་གྱུར། །ཐལ་མོ་སྦྱར་ལ། བདེ་བར་གཤེགས་པ་གཟུགས་མཛེས་འབྱམས་ཀླས་དང་། །འཇིགས་བྲལ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །མཆོག་སྦྱིན་པའི་ཕྱག་རྒྱ་དང་བཅས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན་བརྗོད། གང་ཡང་འདིར་འདུས་འབྱུང་པོའི་ཚོགས། །དམ་སྲི་ལྟོག་འགོང་བསེ་རག་དང་། །ཀླུ་ཐེལ་དབུལ་སྲི་གོད་འདྲེ་དང་། །གྲི་བོ་གྲི་མོ་རྒབ་འདྲེའི་རིགས། །ཀུན་ཀྱང་རྒྱལ་བའི་བཀའ་ལ་ཉོན། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་


SPN002_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །བདེན་ཚིག་བཀའ་ལས་མ་འདའ་ཞིག །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཚིམ་ཞིང་དགའ་མགུ་ལྡན་གྱུར་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་དང་། །ཚེ་རབས་ཐོག་མེད་ནས་བསགས་པའི། །ལན་ཆགས་བུ་ལོན་ཤ་མཁོན་བྱང་། །སོ་སོའི་མཐུན་རྫས་འདི་ཁྱེར་ལ། །ཁྱིམ་སྒོ་ལམ་སྲང་འདི་ཉིད་དུ། །མ་གནས་རྒྱ་མཚོའི་ཕ་རོལ་ན། །གསེར་གྱི་ས་གཞི་བརྡལ་བ་དེར། །མྱུར་བ་ཉིད་དུ་ཕྱིར་དེངས་ཤིག །སརྦ་བིགྷྣཱན་གཙྪ། གླུད་གཏོར་རྒྱང་རིང་བར་བསྐྱལ། དེ་ནས་ཐུན་གྱིས་བྲབ་ལ། ཨ་མྲྀ་ཏ་དང་སུམྦྷ་ནི་བརྗོད་ཁྱིམ་དང་ཕྱུགས་སླས་རྣམས་ལ་རྡོ་ཐུན་བྲབ་པ་དང་། གུ་གུལ་བདུག །སྲུང་འཁོར་ནི། ཧཱུྃ། རང་ཉིད་གསང་བདག་ཐུགས་ཀ་ནས། །འོད་ཟེར་ཡེ་ཤེས་མེ་དཔུང་དང་། །ཁྲོ་ཆུང་སྤྲུལ་པ་དཔག་མེད་སྤྲོས། །ཕྱོགས་མཚམས་ཁོར་ཡུག་བར་མེད་གཏམས། །ༀ་བཛྲ་མ་ཧཱ་ཀྲོ་དྷཱ་རཀྵ་རཀྵ་ཧཱུྃ་ཧཱུྃ། གསུམ་པ་ཁྱིམ་ཁྲུས་བྱ་བ་ལས་བུམ་ཐོགས་ལ། མེ་ལོང་ཁྲུས་གསོལ་ནི། ཇི་


SPN002_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བལྟམས་པ་སོགས་དང་། འདི་ནི་ཁྲུས་མཆོག་སོགས་ཁྲུས་སྔགས་དང་བཅས། བདུད་བཞི་བཅོམ་པའི་མཐུ་སྟོབས་ཀྱི། །ཡེ་ཤེས་ལྔ་ལྡན་ཁྲོ་བོའི་རྒྱལ། །བདུད་རྩི་འཁྱིལ་པའི་བྱིན་རླབས་ཀྱི། །ཡེ་ཤེས་བདུད་རྩིའི་རང་བཞིན་ལས། །ཉོན་མོངས་དག་བྱེད་ཆུ་རྒྱུན་གྱིས། །དེང་འདིར་ཁྲུས་གསོལ་བདེ་ལེགས་ཤོག །ཁྲུས་སྔགས་བརྗོད། ཁྱིམ་ལྷ་ཕུག་ལྷ་ཐབ་ལྷ་སོགས། །འགོ་པའི་ལྷ་དང་ཕ་མཚུན་ལྷ། །གཡང་གི་ལྷ་སོགས་ཞིང་ནོར་ལྷ། །དེང་འདིར་ཁྲུས་གསོལ༴ཁྲུས་སྔགས། གང་དག་མི་གཙང་དྲི་མ་ཡིས། །ཁྱེད་རྣམས་མནོལ་ཞིང་གུད་པ་དང་། །ཉམས་གྲིབ་མ་ལུས་དག་གྱུར་ཅིག །དེང་འདིར་ཁྲུས་གསོལ༴ཁྲུས་སྔགས། གནས་ཡུལ་ཁང་ཁྱིམ་མི་ནོར་ལ། །ཐབ་མཁོན་སེལ་ཡུག་རྨེ་ནལ་གྲིབ། །ཟས་གོས་རོ་བག་གྲིབ་རིགས་དང་། །སྡིག་སྒྲིབ་བག་ཆགས་ཉེས་པའི་ཚོགས། །ཐམས་ཅད་བྱང་ཞིང་དག་གྱུར་ཅིག །དེང་འདིར་ཁྲུས་གསོལ་བདེ་ལེགས་ཤོག །ཁྲུས་སྔགས་དང་། ཨ་མྲྀ་ཏ་དང་། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་སྔགས་བརྗོད་བཞིན་ཁྱིམ་དང་ནོར་སླས་རྣམས་ལ་འོ་དཀར་ཤུག་ལོས་འཐོར་བར་བྱའོ། །དེ་ནས། སངས་རྒྱས་བསོད་ནམས་མཐུ་དག༴སོགས་ལ་ཤླཽ་ཀ་གསུམ་གྱིས་ཤིས་བརྗོད་མེ་ཏོག་འཐོར་ཞིང་།


SPN002_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཡང་སྒྲུབ་མདུན་བསྐྱེད་ལ་འཇུག་པར་བྱའོ།། །།ༀ་སྭ་སྟི། གདོད་ནས་ཀུན་ཁྱབ་ཀུན་བཟང་གཉུག་མའི་གཤིས། །གཤིས་ལུགས་མི་གཡོ་མི་ཕམ་རྒྱལ་བའི་སྲས། །གྲུབ་པ་གྲུབ་པ་ཀུན་ལས་ཆེས་འཕགས་པ། །རྒྱལ་བ་ཀུན་དངོས་ཀརྨ་ཀ་དེ་རྒྱལ། །ཞེས་མཆོད་པར་བརྗོད་ནས། འདིར་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཐུན་མོང་མིན་པའི་བཀའ་སྲུང་ཇོ་བོ་སྔགས་ཀྱི་བདག་པོའི་སྒོ་ནས་གཡང་སྐྱབས་བྱ་བ་ནི། སྟེགས་ཀྱི་ཁར་རིན་པོ་ཆེའི་སྣོད་དུ་དཀར་གསུམ་མངར་གསུམ་ཀླུ་སྨན་གྱིས་སྦགས་པའི་གཡང་བཤོས་ནོར་བུ་འབར་བའི་དབྱིབས་ཅན་དང་། མདུན་དུ་མཆོད་གཏོར་སྦྲུལ་དཀྲིས་ཅན། གཞན་ཡང་ཉེར་སྤྱོད་བདུན། གསེར་སྐྱེམས། མདའ་དར་སོགས་གཡང་རྫས་སྤྱི་མཐུན་གཙང་ཞིང་རྒྱ་ཆེ་བ་བཤམས་ལ། ཟླ་བ་གང་ཡང་རུང་བའི་དཀར་ཕྱོགས་ཀྱི་རྒྱལ་ཕུར་འཛོམས་པའི་དུས་སམ་གཟའ་སྐར་ཚེས་གྲངས་བཟང་བར། རྣལ་འབྱོར་པ་ཤ་ཆང་སོགས་སྤངས་ནས་ཁྲུས་དང་གཙང་སྦྲ་ལྡན་བཞིན་པའི་ཐོག་མར་སྐྱབས་སེམས་སྤྱི་ལྟར་སྔོན་དུ་འགྲོ་བས། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་མདངས་རང་རིག་ཧཱུྃ་མཐིང་ཀ། ཡོངས་གྱུར་རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་པ། །བཅོམ་ལྡན་གསང་བའི་བདག་པོ་སྐུ་མདོག་མཐིང་། །ཞལ་གཅིག་སྤྱན་གསུམ་ཁྲོ་བོའི་ཆས་རྣམས་རྫོགས། །འདོར་སྟབས་


SPN002_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་རྡོ་རྗེ་གཡོན་སྡིགས་མཛུབ། །མེ་ཡི་ཞགས་པས་ལོག་འདྲེན་གཞོབ་ཐུལ་བསྲེགས། །གནས་གསུམ་འབྲུ་གསུམ་འོད་ཀྱིས་ཡེ་ཤེས་པ། །སྤྱན་དྲངས་གཉིས་མེད་གྱུར་པའི་ཐུགས་ཀར་ནི། །ཉི་སྟེང་ཧཱུྃ་མཐར་སྔགས་ཀྱིས་བསྐོར་བར་གྱུར། །ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ། །ཅེས་ཅི་ནུས་བཟླས། ཨརྒྷཾ་སོགས། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་སོགས་ཀྱིས་བསྟོད། དེ་ནས་མདུན་བསྐྱེད་ཀྱི་རྟེན་རྣམས་བསངས་སྦྱངས་ཤིང་བསྐྱེད་པ་ནི། ༀ་ཨཱཿབིགྷྣཱན་སོགས་དང་། ༀ་སྭ་བྷཱ་ཝ་སོགས། རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་མདུན་དུ་ཕྱི་མཐའི་རྒྱ་མཚོ་ཆེན་པོ་ལ། ནང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་གདན་གྱི་སྟེང་དུ་ཡི་གེ་ཕུཿསེར་པོ། དེ་འོད་དུ་ཞུ་བ་ལས་ཇོ་བོ་སྔགས་ཀྱི་བདག་པོ། སྐུ་སྟོད་མི་རུ་འདུག་པ། སྐུ་སྨད་སྦྲུལ་དུ་འདུག་པ། སྐུ་མདོག་སེར་ཞིང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཞོན་ནུ་མཛེས་པའི་ཆ་བྱད་ཅན། དབུ་ལ་སྦྲུལ་མགོ་བདུན་གྱི་གདེངས་ཀ་དང་ལྡན་པ། སྐུ་ཡིས་སྲིད་པ་གསུམ་ལ་ཁྱབ་པ། དེ་ཡི་ཕྱི་རིམ་པད་འདབ་བརྒྱད་ལ་ཟླ་བའི་སྟེང་དུ་ཡི་གེ་ཕུཿབརྒྱད་ཡོངས་


SPN002_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་པ་ལས། ཤར་དུ་མཐའ་ཡས་དཀར་པོ་ཨུཏྤལ་འཛིན་པ། ལྷོར་པདྨ་དམར་པོ་པདྨ་འཛིན་པ། ནུབ་ཏུ་འཇོག་པོ་དམར་པོ་དགྲ་སྟྭ་འཛིན་པ། བྱང་དུ་ནོར་རྒྱས་སེར་པོ་བུམ་པ་འཛིན་པ། བྱང་ཤར་དུ་པད་ཆེན་དཀར་པོ་སྦྲུལ་ཞགས་འཛིན་པ། ཤར་ལྷོར་དུང་སྐྱོང་སེར་པོ་དུང་ཕོར་འཛིན་པ། ལྷོ་ནུབ་ཏུ་ཀརྐོ་ཊ་ནག་པོ་སྦྲུལ་ཞགས་འཛིན་པ། ནུབ་བྱང་དུ་རིགས་ལྡན་དཀར་པོ་རིན་པོ་ཆེའི་རྐྱལ་བུ་འཛིན་པ་སྟེ། ཐམས་ཅད་ཀྱང་ལྟེ་བ་ཡན་ཆད་ཁྱེའུའི་གཟུགས་ཅན། ལུས་སྨད་ལྟོ་འགྲོའི་མཇུག་མ་དང་། མགོ་བོ་གདེངས་ཀ་དང་ལྡན་ཞིང་། རིན་པོ་ཆེའི་རྒྱན་གྱིས་མཛེས་པ། བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་གནས་པ་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་ཡི་གེ་ཕུཿགསལ་བ་དེ་ལས་འོད་ཟེར་འཕྲོས་པས་རི་རབ་ལྷུན་པོའི་ལྷོ་ཕྱོགས་མ་དྲོས་རྒྱ་མཚོ་ཆེན་པོ་དང་། རོལ་པའི་མཚོ་བདུན་ལ་སོགས་པ་ནས། ཇོ་བོ་སྔགས་ཀྱི་བདག་པོ་ལ་བཙུན་མོ་སྲས་དང་ཀླུ་ཆེན་བརྒྱད་སོགས་འཁོར་ཀླུ་རིགས་བྱེ་བ་དུང་ཕྱུར་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་པར་གྱུར། ཧཱུྃ་རི་རབ་ལྷོ་ཕྱོགས་མ་དྲོས་ན། །རིན་ཆེན་བརྩེགས་པའི་ཁྲི་སྟེང་ནས། །ཀླུ་ཡི་རྒྱལ་པོ་སོག་མ་མེད། །ཀླུ་ཆེན་མང་པོའི་འཁོར་དང་བཅས། །


SPN002_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་མཆོད་ཕྱིར་སྤྱན་འདྲེན་ན། །དམ་ཚིག་དབང་གིས་གཤེགས་ནས་ཀྱང་། །རིན་ཆེན་པདྨའི་ཁྲི་སྟེང་དུ། །བརྗིད་ཅིང་འགྱིང་བར་བཞུགས་སུ་གསོལ། །ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ནས། ༀ་ཕུཿཏ་ཕུཿཏ་མ་ཧཱ་ཀྲོ་དྷ་ཧཱུྃ། སིདྡྷཱི་སིདྡྷི་སྥོ་ཊ་ཡ་ཧཱུྃ། ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨཱ་ཀཪྵ་ཡ་ཛཿཛཿཧཱུྃ་བྃ་ཧོཿཧྲཱིཿཛཿཨརྒྷཾ་སོགས། ཛཿཧཱུྃ་བྃ་ཧོཿདམ་ཚིག་པ་དང་དབྱེར་མེད་དུ་གྱུར། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་བྱུང་སྟེ་སྔགས་བདག་གི་ཐུགས་ཀར་འཁོར་བས་ཐུགས་དམ་གྱི་རྒྱུད་བསྐུལ་བར་གྱུར། ༀ་ཕུཿཏ་ཕུཿཏ་མ་ཧཱ་ཀྲོ་དྷ་ཧཱུྃ། སིདྡྷི་སིདྡྷི་སྥོ་ཊ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླས། ཨཥྚ་ནཱ་ག་ས་པ་རི་ཝཱ་ར་སརྦ་སིདྡྷི་ཕ་ལ་བྷྲཱུྃ། ཞེས་པའི་བཟླས་པའང་བྱ། དེ་ནས་མཆོད་གཏོར་རྣམས། བིགྷྣན་གྱིས་བསངས། སྭཱ་བྷཱ་ཝས་སྦྱངས། བྷཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། བཅུད་ལྷ་དང་མིའི་ལོངས་སྤྱོད་འདོད་པའི་ཡོན་ཏན་སྣ་ཚོགས་ཀྱིས་གང་བར་གྱུར། ༀ་ཨ་མྲྀ་ཏེ་ཧཱུྃཿལན་གསུམ། དམ་ཚིག་གི་བདུད་རྩིའི་རྒྱ་མཚོ་ཆེན་པོར་ༀ་ཨཱཿཧཱུྃ། ལན་གསུམ། ཡེ་ཤེས་ཀྱི་བདུད་རྩི་ཆར་བཞིན་དུ་བབ་ཅིང་དམ་ཚིག་གི་བདུད་རྩི་དང་འདྲེས་པས་ཟག་པ་མེད་པའི་བདེ་བ་སྐྱེད་པར་བྱེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར།


SPN002_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཀཱ་རོ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ལ། ཧཱུྃ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷ་རྫས་དགེ་བའི་མཆོད་གཏོར་འདི། །ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ། བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །དག་གསལ་དྲི་ཞིམ་ལེགས་ལྡན་པའི། །དྲི་ཆབ་བདུག་སྤོས་མེ་ཏོག་སོགས། །ཀླུ་རྒྱལ་ཁྱོད་ལ་འབུལ་ལགས་ན། །བདག་གི་ལས་རྣམས་འགྲུབ་པར་མཛོད། །ཡིད་འོང་ལེགས་སྦྱར་རོ་ལྡན་པའི། །སྦྲང་རྩི་དང་ནི་ཤིང་ཏོག་སོགས། །ཀླུ་རྒྱལ་ཁྱོད་ལ་འབུལ་ལགས་ན། །བདག་ཅག་འཁོར་བཅས་བཀྲ་ཤིས་མཛོད། །ཕུན་ཚོགས་དབྱིབས་ལེགས་ཡིད་འོང་དང་། །ཡིད་འཛིན་སྒྲ་སྙན་རོལ་མོ་དང་། །དྲི་ཞིམ་ཡིད་འོང་ཕུན་སུམ་ཚོགས། །འབྲས་ཆེན་ལ་སོགས་ཞལ་ཟས་དང་། །འཇམ་མཉེན་མཛེས་པའི་ན་བཟའ་དང་། །ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ། །བདག་གི་བསམ་པ་འགྲུབ་པ་དང་། །སངས་རྒྱས་བསྟན་པ་དར་བར་མཛོད། །ནཱ་ག་རཱ་ཛ་ཨཥྚ་ནཱ་ག་ནཱ་གི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡའི་བར་གྱིས་མཆོད་ནས། ཀླུ་རྒྱལ་འཁོར་དང་བཅས་པ་རྣམས་ཀྱི་ལྗགས་འོད་ཟེར་གྱི་ཚུལ་དུ་གཏོར་མ་ལ་ཟུགས་ནས་གསོལ་བས་མཉེས་ཤིང་དགྱེས་པ་བསྐྱེད་པར་གྱུར། ༀ་ཕུཿཏ་ཕུཿཏ་མ་ཧཱ་ཀྲོ་དྷ་ཧཱུྃ་


SPN002_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། སིདྡྷི་སིདྡྷི་སྥོ་ཊ་ཡ་ཧཱུྃ། ཨི་དམ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བདུན་ནམ་ཉེར་གཅིག་བརྗོད། ༀ་ཨ་ནན་ཏ་བ་སུ་ཀི་ཏ་ཀྵ་ཀ། ཀརྐོ་ཊ་ཀ། པདྨ། མ་ཧཱ་པདྨ། ཤཾ་ཁ་པཱ་ལ། ཀུ་ལི་ཀ། ༀ་བྷཀྵ་བྷཀྵ་ཨཱ་གཙྪ་ཨཱ་གཙྪ། མ་ཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུར་བྷུ་ཝ་ཕྲུཾ་ཕུ་སྭཱ་ཧཱ། ཞེས་གཏོར་མ་ཕུལ། དེ་ནས་བཀའ་བསྒོ་བ་དང་ཕྲིན་ལས་བཅོལ་བ་ནི། སྔགས་ཀྱི་བདག་པོ། འཇིག་རྟེན་མཐུ་ཆེན་སྲིད་གསུམ་ཚར་གཅོད། འགྲོ་དྲུག་དབང་སྡུད། ཁམས་གསུམ་བདག་པོ། གསོད་བྱེད་ཆེན་པོ། སྦྲུལ་མགོ་བདུན་པ། ཟུར་ཕུད་ལྔ་པ། ཁྱེའུ་ཆུང་གཞོན་ནུ། གཞོན་ནུ་མཛེས་པ། གཞོན་ནུ་གཏུམ་པོ། ནག་པོ་ཆེན་པོ། བདུད་པོ་ཆེན་པོ། ཀླུ་རྒྱལ་སོག་མ་མེད། ལས་མཁན་ཆེན་པོ། གཡོག་པོ་ཆེན་པོ། ཁོལ་པོ་ཆེན་པོ། སྲས་དང་བཙུན་མོ། ཀླུ་ཆེན་བརྒྱད་དང་། གཞན་ཡང་ས་བདག་ཀླུ་གཉན་འཁོར་ཚོགས་བྱེ་བ་འབུམ་སྡེའི་ཚོགས་རྣམས་ཀྱིས། མཆོད་པ་དམ་པ་འདི་བཞེས་ལ། བདག་གི་བྲན་པོའི་ཚུལ་གྱིས་ཤིག །བདག་གི་གཡོག་པོའི་ཚུལ་གྱིས་ཤིག །བདག་གི་ལས་མཁན་གྱི་ཚུལ་གྱིས་ཤིག །སྔགས་ཀྱི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱིས་བདག་གིས་བསྒོ་


SPN002_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞིན་གྱིས་ཤིག །ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་དགའ་བ་དང་དགྱེས་པར་གྱུར་ཅིག །བསྟོད་པ་བྱ་བ་ནི། ཀླུ་ཡི་རྒྱལ་པོ་སོག་མ་མེད། །གསེར་གྱི་མདོག་ཅན་གཞོན་ནུའི་གཟུགས། །སངས་རྒྱས་སྟོང་གི་ཕྲིན་ལས་མཛད། །སྔགས་བདག་སྐུ་ལ་ཕྱག་འཚལ་བསྟོད། །ཀླུ་ཡི་རྒྱལ་པོ་སོག་མ་མེད། །སྐལ་བཟང་བྱང་ཆུབ་སེམས་དཔའ་སྟེ། །གཞོན་ནུ་གཏུམ་པོ་སྦྲུལ་མགོ་ཅན། །ཕྲིན་ལས་ཀུན་འགྲུབ་ཕྱག་འཚལ་བསྟོད། །ཀླུ་ཡི་རྒྱལ་པོ་སོག་མ་མེད། །རི་རབ་ལྷོ་ཕྱོགས་མ་དྲོས་ན། །གཞོན་ནུ་གཏུམ་པོ་མདངས་དང་ལྡན། །སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། །རྒྱ་མཚོ་ཆུ་ཀླུང་ལྟེང་ཀ་སོགས། །ཀུན་ལ་དབང་བསྒྱུར་ཀླུ་ཆེན་བརྒྱད། །ཀླུ་རིགས་བྱེ་བ་འབུམ་སྡེའི་ཚོགས། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་དང་། ཧཱུྃ། ཕྱག་ན་རྡོ་རྗེའི་བཀའ་ཉན་གསུང་སྡོད་པའི། །ཐུགས་རྗེ་རྣམ་དག་པད་ཟླའི་གདན་སྟེང་ན། །སྐུ་མདོག་དམར་སེར་ཕྱག་གཉིས་ཐུགས་ཀར་སྦྱར། །སྐུ་ལ་རིན་ཆེན་སྣ་ཚོགས་མཛེས་པས་བརྒྱན། །དབུ་ལ་སྦྲུལ་མགོ་བདུན་གྱི་གདེངས་ཀ་ལ། །བརླ་གཉིས་ལྟོ་འཕྱེའི་མཇུག་མས་རྒྱན་དུ་དཀྲིས། །རྣལ་འབྱོར་དབང་ཕྱུག་སྐྱོང་བའི་གང་


SPN002_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གི། །བར་ཆད་སེལ་ཞིང་ཅི་འདོད་སྒྲུབ་པོ་ཞེས། །རྡོ་རྗེ་འཛིན་པའི་སྤྱན་སྔར་འདུད་པའི་ཚུལ། །སྔགས་ཀྱི་བདག་པོ་འཇིག་རྟེན་མཐུ་བོ་ཆེ། །སྲིད་གསུམ་ཚར་གཅོད་འགྲོ་དྲུག་དབང་དུ་སྡུད། །ཁམས་གསུམ་བདག་པོ་གསོད་བྱེད་ཆེན་པོ་སྟེ། །སྦྲུལ་མགོ་བདུན་དང་ཟུར་ཕུད་ལྔ་ཡིས་བརྒྱན། །གཞོན་ནུ་མཛེས་པ་ཁྱེའུ་ཆུང་གཞོན་ནུའི་ཚུལ། །གཞོན་ནུ་གཏུམ་པོ་ནག་པོ་ཆེན་པོ་སྟེ། །བདུད་པོ་ཆེན་པོ་ཀླུ་རྒྱལ་སོག་མ་མེད། །བྲན་པོ་ཆེན་པོ་ལས་མཁན་ཆེན་པོ་སྟེ། །ཁོལ་པོ་ཆེན་པོ་ཐུགས་རྗེས་གཡོག་པོའི་ཚུལ། །ཁྱོད་ལ་འབུལ་ལོ་མཆོད་པ་འདི་བཞེས་ལ། །རྣལ་འབྱོར་བདག་གི་བྲན་དང་གཡོག་པོར་མཛོད། །ལས་མཁན་ཆེན་པོ་ཁོལ་པོའི་ཚུལ་གྱིས་སྒྲུབས། །འདོད་པའི་དོན་རྣམས་ཐམས་ཅད་འགྲུབ་པར་མཛོད། །ཅེས་དང་། གཡང་འགུགས་ནི། ཧཱུྃ། ཆོས་དབྱིངས་ཡེ་ཤེས་ཆེན་པོའི་ཀློང་། །འགྱུར་མེད་མཐའ་བྲལ་ཞིང་ཁམས་ནས། །བླ་མེད་དཀོན་མཆོག་རིན་ཆེན་གསུམ། །རབ་འབྱམས་རྒྱལ་བའི་ལྷ་ཚོགས་ཀྱི། །ཐུགས་རྗེ་བྱིན་རླབས་ནུས་པའི་རྩལ། །སྤྱན་ལྔ་མངོན་པར་ཤེས་པ་ལྔ། །ལས་བཞི་གྲུབ་པ་ཆེན་པོ་བརྒྱད། །བྲལ་སྨིན་ཡོན་ཏན་བྱེ་བའི་ཚོགས། །མཆོག་དང་ཐུན་


SPN002_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

མོང་གྲུབ་པ་གཉིས། །བསམ་གྱིས་མི་ཁྱབ་ཕྱྭ་དང་གཡང་། །བདག་དང་ཡོན་བདག་འདི་ཉིད་ལ། །དུས་འདི་ཉིད་ལ་བསྩལ་དུ་གསོལ། །སྟེང་ཕྱོགས་འདོད་ལྷ་རིགས་དྲུག་དང་། །གཟུགས་ཁམས་གཟུགས་མེད་ཁམས་ཀྱི་གནས། །འདོད་པའི་ཡོན་ཏན་སྣ་ཚོགས་ཀྱི། །ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་དང་། །བསམ་གཏན་ནང་གི་དགའ་བདེ་ཅན། །འཆི་མེད་བདུད་རྩིའི་བཏུང་བ་ལ། །རྟག་པར་སྤྱོད་པའི་ཕྱྭ་དང་གཡང་། །སྤྲིན་ཕུང་གཏིབས་པ་ཇི་བཞིན་དུ། །བདག་དང་ཡོན་བདག༴། དུས་འདི༴། བར་ཕྱོགས་འཛམ་གླིང་ལས་ཀྱི་ས། །རི་གླིང་རོལ་མཚོ་ཉི་ཟླས་བརྒྱན། །ས་ཆུ་མེ་རླུང་འབྱུང་ལྔ་ཡིས། །ཡོན་ཏན་སྲ་གཤེར་དྲོད་དང་གཡོ། །རྩི་སྨན་རིན་ཆེན་གཏེར་གྱི་ཚོགས། །མ་རྨོས་ལོ་ཏོག་དཔག་བསམ་ཤིང་། །ལྷ་ཀླུ་གཉན་གྱི་ཕོ་བྲང་སོགས། །སྣོད་ཀྱི་འཇིག་རྟེན་ཕྱྭ་དང་གཡང་། །སྦྲང་ཆར་བབས་པ་ཇི་བཞིན་ཏུ། །བདག་དང་༴དུས་འདི༴ནང་བཅུད་སྐྱེ་འགྲོའི་ཚེ་བསོད་དང་། །དཔལ་འབྱོར་དགེ་བཅུ་སྤྱོད་པའི་འབྲས། །ཁྱད་པར་འཁོར་ལོས་བསྒྱུར་པའི་སྲིད། །མཆོག་གི་རིན་ཆེན་སྣ་བདུན་དང་། །ཉེ་བའི་རིན་ཆེན་རྣམ་པ་བདུན།


SPN002_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་རྫས་རྟགས་བརྒྱད་ལ་སོགས། །མདོར་ན་བཅུད་ཀྱི་སེམས་ཅན་གྱི། །ལོངས་སྤྱོད་དཔལ་འབྱོར་ཕྱྭ་དང་གཡང་། །ན་བུན་གཏིབས་པ་ཇི་བཞིན་དུ། །བདག་དང་༴དུས་འདི༴འོག་ཕྱོགས་གདེངས་ཅན་ཀླུ་ཡི་ཡུལ། །རྒྱ་མཚོ་ཆེ་དང་ཆུ་ཀླུང་སོགས། །ཀླུ་ཡི་ཕོ་བྲང་སྐྱེད་མོས་ཚལ། །ཁང་བཟང་ནོར་བུའི་ཁྲི་སྟན་དང་། །ཡིད་བཞིན་བསམ་འཕེལ་ནོར་བུའི་རིགས། །བསམ་གྱིས་མི་ཁྱབ་སྤུངས་པའི་གནས། །སྣ་ཚོགས་རྫུ་འཕྲུལ་སྟོབས་ཀྱི་བདག །འཛམ་བུའི་གླིང་དུ་ཆར་གྱི་རྒྱུན། །འབེབས་མཛད་རྒྱལ་རིགས་རྗེའུ་རིགས་དང་། །བྲམ་ཟེ་གདོལ་པ་ཀླུ་རིགས་བཞིའི། །དངོས་གྲུབ་ལོངས་སྤྱོད་ཕྱྭ་དང་གཡང་། །རྒྱ་མཚོ་འཁྱིལ་བ་ཇི་བཞིན་དུ། །བདག་དང་༴། དུས་འདི༴། གཞན་ཡང་རབ་འབྱམས་རྒྱལ་བའི་ཞིང་། །སྟོང་གསུམ་སྟོང་ཆེན་མི་མཇེད་ཁམས། །གླིང་བཞི་བྱེ་བ་ཕྲག་བརྒྱ་སོགས། །ལྷ་ཀླུ་མི་ཡི་དབང་པོ་ཡི། །ལོངས་སྤྱོད་ཚེ་དཔལ་བསོད་ནམས་སྟོབས། །འཁོར་འདས་རབ་འབྱམས་སྣོད་བཅུད་ཀྱི། །ཕུན་ཚོགས་ཡོན་ཏན་ཕྱྭ་དང་གཡང་། །བདག་དང་༴། དུས་འདི༴། བདག་དང་རྒྱུ་སྦྱོར་ཡོན་བདག་བཅས། །ཚེ་དཔལ་


SPN002_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་ལྟ་བུར་བརྟན། །སྙན་གྲགས་ལྷ་ཡི་རྔ་བཞིན་སྒྲོགས། །ལོངས་སྤྱོད་དཔག་བསམ་འབྲས་ལྟར་རྒྱས། །ཆོས་བརྒྱུད་ཆུ་བོའི་གཞུང་བཞིན་རིང་། །བུ་སློབ་གཟའ་སྐར་གྲངས་བཞིན་འཕེལ། །ཀླུང་རྟ་མངའ་ཐང་སྟོབས་རྩལ་རྒྱས། །དཔལ་འབྱོར་ལོངས་སྤྱོད་གུད་མེད་ཅིང་། །མི་མཆོག་འཁོར་ལོས་སྒྱུར་རྒྱལ་བཞིན། །སྦྱིན་པའི་ཕར་ཕྱིན་ཡོངས་རྫོགས་ཏེ། །གཏན་བདེ་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་བདེ་བླག་འགྲུབ་པ་ཡི། །སྡོང་གྲོགས་མགོན་སྐྱབས་དཔུང་གཉེན་རྣམས། །ཀླུ་རྒྱལ་འཁོར་དང་བཅས་རྣམས་ཀྱིས། །ཐོགས་པ་མེད་པར་བསྒྲུབ་ནས་ཀྱང་། །ཕྲིན་ལས་ཕྱོགས་མཐར་རྒྱས་པར་མཛོད། །ཅེས་བརྗོད། གྲངས་བསགས་ན་མཆོད་གཏོར་བྱིན་རླབས་མན་ཆད་མཐར་ཆགས་སུ་འདོན། གྲོལ་ཉིན་གཡང་གཏད་བྱ་བའམ་མིན་ཀྱང་གཏོར་མ་མཛོད་དུ་སྦ་ཞིང་། ཧཱུྃ། གསང་བདག་རྡོ་རྗེ་འཛིན་པའི་བཀའ་སྡོད་ཆེ། །ལས་མཁན་ཇོ་བོ་མཐུ་ཆེན་སྔགས་ཀྱི་བདག །ཡབ་ཡུམ་སྲས་འཁོར་སྤྲུལ་དང་ཡང་སྤྲུལ་རྣམས། །མཆོད་བསྟོད་ལས་ཀྱིས་དགྱེས་པ་བསྐང་བའི་མཐུས། །འཁོར་འདས་རབ་འབྱམས་སྟོང་གསུམ་འཇིག་རྟེན་གྱི། །ལྷ་ཀླུ་མི་ཡི་ཚེ་དཔལ་བསོད་ནམས་དང་།


SPN002_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱྭ་གཡང་དངོས་གྲུབ་བསམ་གྱིས་མི་ཁྱབ་ཀུན། །དེང་འདིར་རྣལ་འབྱོར་བདག་ལ་བསྩལ་ནས་ཀྱང་། །འཛམ་གླིང་སྤྱི་དང་ཁྱད་པར་ཡུལ་ཕྱོགས་འདིར། །ལོ་དགྲ་བཙའ་སད་སེར་བ་འབུ་སྲིན་སོགས། །རྟག་པར་རྒྱུན་ཆད་ཆར་ཆུ་དུས་སུ་འབེབས། །ལོ་ལེགས་སྐྱ་རྒྱལ་འབྲུ་རྣམས་འཕེལ་བར་མཛོད། །མི་རྣམས་བཙན་ཕྱུག་དཔའ་ཞིང་རྟ་རྣམས་མགྱོགས། །རྐང་བཞི་གནག་ལུག་འཕེལ་ཞིང་རྒྱས་པ་སོགས། །ཡིད་ལ་རེ་བའི་འབྲས་བཟང་རྫོགས་པ་དང་། །ལས་བཞིའི་ཕྲིན་ལས་གང་བརྩམ་མྱུར་འགྲུབ་ཅིང་། །མི་མཐུན་གཡུལ་ལས་རྣམ་པར་རྒྱལ་བ་ཡི། །རྒྱལ་མཚན་མི་ནུབ་སྲིད་མཐར་སྒྲེང་བར་མཛོད། །རྒྱལ་བའི་བསྟན་པ་ལུང་དང་རྟོགས་པའི་ཆོས། །ཕྱོགས་དུས་ཀུན་ཏུ་ནུབ་མེད་དར་ཞིང་རྒྱས། །ཁྱད་པར་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི། བསྟན་དང་བརྒྱུད་པའི་བསྟན་འཛིན་བུ་སློབ་ཚོགས། །ཐུགས་ཀྱི་བཞེད་པའི་དོན་རྣམས་ལྷུན་གྲུབ་ཅིང་། །ཆོས་དང་ལོངས་སྤྱོད་འཁོར་སློབ་རྒྱས་པར་མཛོད། །མདོར་ན་བདག་གིས་ཅི་ལྟར་བཅོལ་པའི་ལས། །མ་ལུས་གེགས་མེད་མྱུར་དུ་འགྲུབ་པ་ཡི། །ཕྲིན་ལས་དུས་ལ་བབ་པོ་དམ་ཚིག་ཅན། །རིག་འཛིན་ཆེན་པོ་པདྨཱ་ཀ་ར་དང་། །གྲུབ་མཆོག་


SPN002_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་པཀྵིའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅའ་དེ་བཞིན་དུ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་དང་། མེ་ཏོག་འཐོར་བཞིན་བཀྲ་ཤིས་བརྗོད་པ་ནི། རྡོ་རྗེ་འཆང་ཆེན་ཆོས་དབྱིངས་དག་པའི་མཁར། །ཏཻ་ལོ་པ་སོགས་བཀའ་བརྒྱུད་གྲུབ་བརྙེས་ཀྱི། །རྣམ་འཕྲུལ་ཉི་ཟླའི་འོད་ཟེར་འབུམ་སྤྲོ་བས། །གདུལ་བྱའི་པད་ཚལ་རྒྱས་པའི་བཀྲ་ཤིས་ཤོག །ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་སྡེ་བཞིའི། །རྒྱ་མཚོ་མཆོག་ལས་རིམ་གཉིས་ནོར་བུ་གང་། །སྐལ་ལྡན་དེད་དཔོན་དག་གིས་གུས་བླངས་པས། །མཆོག་ཐུན་དངོས་གྲུབ་ཀུན་སྩོལ་བཀྲ་ཤིས་ཤོག །ཡེ་ཤེས་སྒྱུ་མའི་རོལ་པ་མཐའ་ཡས་ཀྱི། །རྡོ་རྗེའི་མེ་ཆར་དྲག་པོ་རྟག་འབེབས་པས། །ལོག་འདྲེན་འཐག་བྱེད་ཆོས་སྲུང་རྒྱ་མཚོ་ཡི། །མྱུར་མགྱོགས་ཕྲིན་ལས་ཟབ་མོའི་བཀྲ་ཤིས་ཤོག །བདུད་བཞི་ལས་རྒྱལ་རྒྱལ་བའི་ཕྲིན་ལས་པ། །ཀརྨ་པ་བསྟན་བསྟན་པའི་སྙིང་པོ་ནི། །ཕྱོགས་མཐར་ཀུན་ཁྱབ་ཁྱབ་ཅིང་རྒྱུན་མི་ཆད། །རྟག་པར་རབ་འཕེལ་འཕེལ་བའི་བཀྲ་ཤིས་ཤོག །ཅེས་སོགས་བརྗོད་དེ་སྦྱིན་བདག་རང་གནས་སུ་བཏང་། ཕྱེ་མར་དྲངས། གཡང་རྫས་རྣམས་མཛོད་དུ་སྦས་ཏེ་ཕྱི་ལ་མི་འཁྱར་བ་བྱ། རྗེས་ནི།


SPN002_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ་སོགས། བསྟོད་པར་འོས་པ་སོགས། མ་འབྱོར་པ་དང་སོགས་ཡི་གེ་བརྒྱ་པ་ལན་གསུམ་བརྗོད། ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །སོགས་དང་། བསྔོ་བ་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །སྨྲས་པ། སྦྱིན་པའི་འབྲས་རབ་རྫོགས་བྱས་ནས། །སྲིད་པའི་ཁམས་ཀུན་གཏོང་མིན་པའི། །གཏན་བདེའི་དབྱིག་གི་ཆར་ཆེན་གྱི། །འདོད་གཏེར་བུམ་པ་བཟང་པོའོ། །ཞེས་པའང་སྒྲུབ་བརྒྱུད་མཆོག་གི་རིང་ལུགས་ལ་མི་ཕྱེད་པའི་འདུན་པ་དང་ལྡན་པ་ཀརྨ་བདེ་དགའ་ཞེས་བྱས་བསྐུལ་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་ཕྱོགས་དུས་ཀུན་ཏུ་དགེ་ལེགས་དཔལ་ཡོན་ཡོངས་སུ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལམ།། །།

ཀླུ་ཆོག་གདེངས་ཅན་འདོད་འཇོ།


SPN002_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་ཆོག་གདེངས་ཅན་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །ན་མཿཤྲི་གུ་ར་ཝེ། འདིར་བདེ་ཕག་ལྟ་བུའི་སྤྲོས་བཅས་སྒྲུབ་མཆོད་ཀྱི་རིམ་པ་རྫོགས་ནས་རྡུལ་ཚོན་ཆུ་བོར་གཤེགས་པའི་ལག་ལེན་མདོ་ཙམ་སྤེལ་བ་ལ་སྦྱོར་བ་ཡོ་བྱད་ཀྱི་གཤོམས་དང་། དངོས་གཞི་ཆོ་གའི་བྱ་བའོ། །དང་པོ་ནི། རྡུལ་ཚོན་གྱི་བུམ་པ་དང་མཆོད་པ་ལ་སོགས་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ནས་སློབ་དཔོན་སློབ་མར་བཅས་པས་དྲིལ་སྤོས་ཀྱིས་སྣ་དྲངས་པའི་བཀུར་བསྟི་དང་བཅས་ཏེ་རྒྱ་མཚོར་འབབ་པའི་ཆུ་བོའམ། མཚོ་དང་ཆུ་མིག་སོགས་སྐམ་པར་མི་འགྱུར་བར་རྒྱུན་དུ་གནས་པའི་ཆུ་ུའགྲམ་དུ་མཎྜལ་ལྟ་བུའི་གཞིའམ་རྡོ་ལེབ་ལ་དྲི་དང་ཚོན་དཀར་པོས་པདྨ་འདབ་བརྒྱད་བྲིས་པའི་དབུས་དང་འདབ་མ་ལ་མེ་ཏོག་གི་ཚོམ་བུ་བཀོད། མཐར་ཆུ་གཉིས་ཉེར་སྤྱོད་ལྔ། ཀླུ་སྨན་བཏབ་པའི་འོ་མ། སྦྲང་རྩི་སོགས་དཀར་མངར་གྱིས་སྦགས་པའི་གཏོར་མ་དང་། དེའི་རྒྱབ་མདུན་གང་འོས་ཀྱི་སྟེགས་བུ་མཐོ་བ་ལ་རྡུལ་ཚོན་བཞུགས་སུ་གསོལ་ལ། རང་ཉིད་ཐུན་མཚམས་ཀྱི་ལྷའི་ང་རྒྱལ་ལ་གནས་པས་མཆོད་པ་རྣམས་༼བདེ་མཆོག་སྐབས་ཁཎྜརོས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་སོགས་ནས་ཨརྒྷཾ་ནས། ཤབྡའི་བར་གྱིས་བྱིན་གྱིས་བརླབ་དགོས། མཆན། ༽བིགྷྣཱན་གྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་སོགས་ནས། རྒྱུན་མི་འཆད་པར་འབྱུང་བའི་རང་བཞིན་དུ་གྱུར། ༀ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། བར་གྱིས་བྱིན་གྱིས་བརླབས་ནས།


SPN002_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་རྟེན་བསངས་སྦྱངས། སྟོང་པའི་ངང་ལས་ཝཾ་ལས་བྱུང་བའི་རྒྱ་མཚོ་རིན་པོ་ཆེ་དང་མེ་ཏོག་གིས་གང་བའི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿལས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་གསལ་ཞི་ཞིང་འཛུམ་པའི་ཉམས་ཅན་གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བ་སེམས་སྐྱིལ་གྱིས་བཞུགས་པའོ། །ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། འདབ་མ་བརྒྱད་ལ་འཁོད་པ་ནི། ཤར་དུ་མཐའ་ཡས་དཀར་པོ་ཨུཏྤལ་འཛིན་པ། ལྷོར་པདྨ་དམར་པོ་པདྨ་འཛིན་པ། ནུབ་ཏུ་འཇོག་པོ་དམར་པོ་དགྲ་སྟ་འཛིན་པ། བྱང་དུ་ནོར་རྒྱས་སེར་པོ་བུམ་པ་འཛིན་པ། བྱང་ཤར་དུ་པད་ཆེན་དཀར་པོ་སྦྲུལ་ཞགས་འཛིན་པ། ཤར་ལྷོ་དུང་སྐྱོང་སེར་པོ་དུང་ཕོར་འཛིན་པ། ལྷོ་ནུབ་ཏུ་ཀརྐོ་ཊ་ནག་པོ་སྦྲུལ་འཛིན་པ། ནུབ་བྱང་དུ་རིགས་ལྡན་དཀར་པོ་རིན་པོ་ཆེའི་རྐྱལ་བུ་འཛིན་པ་སྟེ། ཐམས་ཅད་ཀྱང་ལྟེ་བ་ཡན་ཆད་ཁྱེའུའི་གཟུགས་ཅན། ལུས་སྨད་ལྟོ་འགྲོའི་མཇུག་མ་དང། མགོ་བོར་གདེངས་ཀ་དང་ལྡན་ཞིང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་འཁོར་དང་བཅས་པ་གསལ་བར་གྱུར། ༀ་མ་ཏི་པདྨེ་ཧཱུྃ། ཨཥྚ་ནཱ་ག་ཨ་དྷི་པ་ཏི་ས་


SPN002_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ལག་གཡོན་གདེངས་ཀའི་ཚུལ་དང་། གཡས་མཆོག་སྦྱིན་གྱི་རྒྱས། ༀ་ཨ་ནན་ཏ། བ་སུ་ཀི། ཏཀྵ་ཀ། ཀརྐོ་ཊ་ཀ། པདྨ། མ་ཧཱ་པདྨ། ཤཾ་ཁ་པཱ་ལ། ཀུ་ལི་ཀ། དེ་བ་ཏཱི། མ་ཧཱ་དེ་བ་ཏཱི། སོ་མ་ཤི་ཁི། མ་ཧཱ་ཤི་ཁི། དཎྜ་དྷ་ར། མ་ཧཱ་དཎྜ་དྷ་ར། ཨ་བ་ལཱ་ལ། ཧུ་ལུ་ན་ཏ། ནན་ད། ཨུ་པ་ནན་ད། སཱ་ག་ར། མ་ཧཱ་སཱ་ག་ར། ཏཔྟ། མ་ཧཱ་ཏཔྟ། ཤྲཱི་ཀཱན་ཏི། མ་ཧཱ་ཀཱན་ཏི། རཏྣ་ཀཱནྟི། སུ་རཱུ་པ། མ་ཧཱ་སུ་རཱུ་པ། བྷ་དྲ་ཧི་ཀ། མ་ཧོ་ར་ག །ཤི་ལི། མ་ཧཱ་ཤི་ལི། ༀ་བྷཀྵ་བྷཀྵ་ཨཱ་གཙྪ་ཨ་གཙྪ། མ་ཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུར་བྷུ་ཝ་ཕྲུཾ་ཕུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ནས། གོང་བཞིན་མཆོད་བསྟོད་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་དང། ཀླུའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས། དེང་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་རིན་པོ་ཆེའི་རང་བཞིན་འདི་རྣམས་བདག་གིར་མཛད་ནས་མཆོད་པ་དང་། འཇིག་


SPN002_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་ཁམས་སྤྱི་དང་ཁྱད་པར་ས་ཕྱོགས་འདི་དག་ཏུ་བདེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། །ཞེས་སོགས་སྐབས་སུ་བབ་པའི་ཕྲིན་ལས་གསོལ་ནས། ཆེ་བའི་ཆེ་མཆོག་གམ། ༀ་ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱིས་ཤིས་པ་བརྗོད། ཡིག་བརྒྱ་དང་། མ་འབྱོར་པ་དང་༼བདེ་མཆོག་སྐབས་གང་ཡང་བདག་བློ་སོགས་མཆན། ༽སོགས་ཀྱིས་བཟོད་པར་གསོལ། ༀ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། གཙྪ་གཙྪ་སྭ་བྷཱ་ཝ་ནཱཾ། ༀ་ཨཱཿཧཱུྃ་མུཾཿཞེས་པས་རོལ་མོའི་སྒྲ་དང་བཅས་པས་ཀླུ་རྣམས་གཤེགས། ཛཿཧཱུྃ་བྃ་ཧོཿས་ཐུགས་རྗེ་ཆེན་པོ་རང་ལ་བསྟིམ། རྡུལ་ཚོན་དང་མཆོད་གཏོར་རྣམས་རིམ་བཞིན་ཆུར་དོར། གཞིའི་མཎྜལ་གྱི་ཚོམ་བུ་རྣམས་ཚུར་གཤེགས་ཤིང་རེ་ཁཱ་ཡང་འཁྲུ། ཚོན་སྣོད་ཀྱི་བུམ་པ་ཆུ་གཙང་གིས་བཀང་ནས། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་སྤྱན་མའི་སྔགས་བཟླ་བཞིན་དཀྱིལ་འཁོར་ཁང་པ་སོགས་ལ་བཀྲ་ཤིས་པའི་ཕྱིར་བསང་གཏོར་བྱ་ཞིང་ཕྱོགས་ཐམས་ཅད་དུ་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པར་བྱའོ། །ཞེས་ཀླུ་ཆོག་གདེངས་ཅན་འདོད་འཇོ་ཞེས་བྱ་བ་འདི་ནི་ཁུངས་ལྡན་ཡིག་རྙིང་གི་དགོངས་པ་བཞིན་སི་ཏུ་པདྨའི་མིང་གིས་དོན་གཉེར་ཅན་འགའ་ཞིག་གི་ངོར་དཔལ་སྤུངས་ཡང་དབེན་ནས་སྤེལ་བ་མངྒ་ལམ།། །།

པར་བྱང་སྨོན་ཚིག


SPN002_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བུདྡྷ་བཛྲ་དྷ་ར་ཡེ། ཟག་བྲལ་རང་བཞིན་འདུས་མ་བྱས་པ་དོན་དམ་ཆོས་ཉིད་ལྷུན་གྲུབ་འགྱུར་བ་མེད་པའི་རྩལ་དང་མདངས། །ཟག་བཅས་འགྲོ་བའི་འདུས་བྱས་ཀུན་རྫོབ་ཡིད་ཀྱི་དབང་པོར་གདོད་ནས་ལས་སྨོན་ཇི་བཞིན་གསལ་བ་ནི། །ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་དབང་གང་འདུལ་རོལ་པར་དུས་མེད་རྒྱུན་གྱི་འཁོར་ལོ་ཤར་བ་ཉིད། །དག་གཙང་མོས་གུས་སེམས་བསྐྱེད་ལས་འཁྲུངས་བརྒྱུད་པའི་བྱིན་རླབས་ཚོགས་གཉིས་ཡེ་ཤེས་གནས་ལུགས་གཞི་ལ་འཁྲུངས། །རབ་འབྱམས་མཐའ་ཡས་ཞིང་ཀུན་ཏུ། །རྫོགས་པའི་སངས་རྒྱས་བགྲང་ཡས་ཀྱང་། །ཞིང་འདིའི་རྣམ་འདྲེན་བཞི་པ་ནི། །བདག་སོགས་གདུལ་བྱའི་སྐྱབས་ཀྱི་མཆོག །ཉིད་ཀྱི་ཟབ་གསལ་དམ་པའི་ཆོས། །གང་འདུལ་དེར་སྣང་མཐའ་ཡས་པ། །བརྒྱུད་འཛིན་པཎ་གྲུབ་ཚོགས་རྣམས་ཀྱིས། །ཐེག་པ་གསུམ་དུ་བསྡུས་ཏེ་སྤེལ། །ཉན་ཐོས་ཐེག་པའི་ལྟ་སྒོམ་སྤྱོད། །རྣམ་གྲངས་མང་ཡང་སྙིང་པོའི་དོན། །སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ། །ཞི་ལྷག་ཟུང་འཇུག་ཉམས་ལེན་ཉིད། །ཐེག་ཆེན་ཟབ་མོ་ལྟ་བ་དང་། །རྒྱ་ཆེན་སྤྱོད་པ་སྟོང་རྟེན་འབྱུང་། །སྨོན་འཇུག་སེམས་བསྐྱེད་ཚད་མེད་ཀུན། །ཕ་རོལ་ཕྱིན་པ་དྲུག་ཏུ་འདུས། །རྡོ་རྗེ་ཐེག་པའི་གཞི་ལམ་འབྲས། །རྒྱུད་སྡེ་བཞི་དྲུག་བསྐྱེད་རྫོགས་ཀུན། །སྙིང་པོ་ཕྱག་རྫོགས་མན་ངག་དང་། །ཡང་སྙིང་ཟུང་འཇུག་རྣལ་འབྱོར་ཆེ། །སྔར་བྱོན་མེས་པོ་བཀའ་དྲིན་ཅན། །རྒྱ་བལ་པཎ་གྲུབ་ཆེ་རྣམས་དང་། །བོད་ཀྱི་སྐྱེས་ཆེན་ལོ་ཙཱ་བ། །ཆོས་རྒྱལ་དད་འབངས་བཅས་པ་ཀུན། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །བཀའ་དང་དེ་འབྲེལ་བསྟན་བཅོས་ཚོགས། །གཞུང་རྒྱུད་ཁྲིད་དང་མན་ངག་བཅས། །


SPN002_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་བར་ཕྱི་མར་བསྒྱུར་ཅིང་ཞུས། །རྒྱལ་བའི་གདུང་འཚོབ་འཚོ་སྐྱེས་རྗེ། །གྲུབ་པའི་དབང་ཕྱུག་དུ་མ་ཡི། །གསར་རྙིང་གཏེར་ཁ་ལས་འཁྲུངས་པའི། །ཟབ་ཆོས་ཉེ་བརྒྱུད་དུས་སུ་སྨིན། །རྙིང་མ་ལམ་འབྲས་བཀའ་གདམས་པ། །མར་པ་བཀའ་བརྒྱུད་ཤངས་པ་དང་། །ཞི་བྱེད་སྦྱོར་དྲུག་རྡོ་རྗེ་བསྙེན། །ཤིང་རྟ་བརྒྱད་ཀྱི་བརྒྱུད་པ་འཁྲུངས། །སྟོད་ཀྱི་མངའ་རིས་སྐོར་གསུམ་དང་། །བར་གྱི་དབུས་གཙང་རུ་བཞི་དང་། །སྨད་ཀྱི་མདོ་ཁམས་སྒང་དྲུག་ཏུ། །བསྟན་པའི་རྩ་བ་ཟབ་ཅིང་བརྟན། །སྟོན་མཆོག་ཐུབ་པའི་དབང་པོ་དང་། །གུ་རུའི་ལུང་བཞིན་སྒྱུ་འཕྲུལ་གར། །རྒྱལ་ཚབ་བྱམས་མགོན་ཆོས་ཀྱི་རྗེ། །མངའ་བདག་མར་པ་ལོ་ཙཱ་བྱོན། །རྒྱ་གར་འཕགས་པའི་ཡུལ་དུ་ཕེབས། །ན་རོ་མཻ་ཏྲི་ལ་སོགས་བསྟེན། །གདམས་ངག་ཟབ་དགུ་མ་ལུས་པ། །བོད་དུ་སྤྱན་དྲངས་སློབ་ཚོགས་བསྐྱངས། །ཡང་སྤྲུལ་འགྲོ་མགོན་རས་ཆེན་དང་། །རྒྱལ་བའི་དབང་པོ་ཀརྨ་ཀ། དམ་ཚིག་གོང་བུ་གཅིག་ཏུ་བརྒྱུད། །གདན་ས་ཀརྨ་རིན་ཆེན་གླིང་། །གྲུབ་ཆེན་ཆོས་ཀྱི་རྒྱལ་མཚན་ཉིད། །གོང་མ་གཡུང་ལོས་གཙུག་ཏུ་བཀུར། །སྐུ་ཡི་ཕྲེང་བ་བརྒྱད་པ་ནི། །ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་འཁྲུངས། །བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་གི། །མགར་བློན་རིག་པ་ཅན་གྱི་རྒྱུད། །སྡེ་དགེ་ཆོས་རྒྱལ་ཆེན་པོ་ཡིས། །དབུ་ཡི་མཆོད་གནས་གཙུག་ན་འཛིན། །མདོ་སྔགས་རྒྱུད་ལུང་མན་ངག་དང་། །གཞུང་ལུགས་རིག་གནས་མ་ལུས་པའི། །ཆུ་མགོ་ཀུན་ཕན་འཛམ་གླིང་རྒྱན། །དཔལ་ཀུན་སྤུངས་པའི་གདན་ས་བཏབས། །༧གོང་ས་བསྐལ་བཟང་རྒྱ་མཚོའི་དབུས། །བསྟན་འཛིན་སྐྱེས་ཆེན་དུ་མ་དང་། །ཐུགས་ཡིད་བསྟན་པའི་རྒྱན་དུ་གཅིག །མཐའ་དབུས་རྒྱལ་བློན་


SPN002_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་བཅས་བཀུར། །པདྨའི་ལྗགས་ལྡན་ཉིན་བྱེད་དབང་། །འགྲོ་མགོན་མཁྱེན་ཀོང་མཆོག་གསུམ་གྱིས། །བསྟན་པའི་ཉི་མ་དགུང་ལ་བསྟོད། །ཕྲིན་ལས་ཐ་གྲུ་ཀུན་ཏུ་རྒྱས། །དགོན་ལག་བརྒྱ་དང་བརྒྱད་ཅུ་དང་། །དགོན་ཕྲན་སྟོང་དང་རྩ་གཉིས་སོགས། །ཆོས་སྡེ་ཆེན་པོ་བཅུ་གསུམ་བཅས། །བོད་དང་བོད་ཆེན་ལྗོངས་ཀུན་ཁྱབ། །དུས་རབས་ཉི་ཤུའི་གཞུང་གི་མཐར། །འདུས་བྱས་ཆོས་ཉིད་མི་རྟག་བཞིན། །གངས་ལྗོངས་རྒྱལ་བསྟན་སྤྱི་བྱེ་བྲག །སྣུམ་ཟད་མར་མེ་བཞིན་དུ་གྱུར། །སྟོན་པའི་ཐུགས་བསྐྱེད་ཚད་མེད་སྟོབས། །བསྟན་པའི་ཕྲིན་ལས་མ་རྫོགས་ཤིང་། །གདུལ་བྱའི་བསོད་ནམས་མ་ཟད་པས། །ལུང་རྟོགས་བསྟན་པའི་ཉི་མ་ཤར། །སྤྱན་རས་གཟིགས་དབང་ཐམས་ཅད་མཁྱེན། །རྒྱལ་བའི་དབང་པོ་རྡོ་རྗེ་འཆང་། །རང་བྱུང་རིག་པའི་རྡོ་རྗེ་རྩལ། །ཁོ་བོའི་རིགས་ཀྱི་བདག་པོར་བཞུགས། །སངས་རྒྱས་དངོས་སྣང་ཆོས་ཀྱི་རྗེས། །སོ་བྱང་སྔགས་ཀྱི་གདམས་པ་དང་། །ཟུང་འཇུག་མན་ངག་ཡང་ཟབ་ཀུན། །བུམ་པ་གང་བྱོའི་ཚུལ་དུ་བསྩལ། །གསུམ་ལྡན་རྡོ་རྗེ་འཛིན་པ་ཡི། །སྐྱེས་ཆེན་མཁན་སློབ་དུ་མའི་དྲུང་། །རིག་གཞུང་དབང་ལུང་མན་ངག་ཚོགས། །རང་བློ་ཚིམས་པའི་བཀའ་དྲིན་ཐོབ། །རྒྱ་མཚོ་ཆུ་ཐིགས་དཔེ་ཇི་བཞིན། །འཕགས་ཡུལ་བྱང་ཕྱོགས་དབེན་གནས་སུ། །གདན་ས་དཔལ་སྤུངས་ཤེས་རབ་གླིང་། །གོང་མའི་མཛད་རྗེས་བསྐྱང་ཕྱིར་བཏབས། །བཤད་སྒྲུབ་ལས་ཀྱི་འཁོར་ལོ་གསུམ། །ངལ་བ་བརྒྱ་ཕྲག་ཁུར་ཁྱེར་ཏེ། །ལྟོས་བཅས་རྗེས་འཇུག་ལྷག་བསམ་ཅན། །གདུང་ཤུགས་ཕྱར་བ་གྲུ་འདེགས་བྱས། །རྒྱལ་བའི་བསྟན་པ་ལུང་རྟོགས་གཉིས། །དེ་འཛིན་བཤད་དང་སྒྲུབ་པའི་སྡེ། །


SPN002_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་གསུང་རབ་དམ་པའི་ཆོས། །ཡང་སྙིང་དམ་གཙང་བརྒྱུད་པ་ཉིད། །གསུང་རབ་བཀའ་དང་བསྟན་བཅོས་དང་། །རིག་གནས་རྒྱལ་རབས་ཆོས་འབྱུང་སོགས། །ཉམས་པ་གསོ་ཞིང་སྤེལ་བ་ནི། །བསྟན་འགྲོའི་དོན་ཆེན་ཡིན་པར་མཐོང་། །དཔལ་སྤུངས་ཆོས་ཀྱི་བང་མཛོད་དུ། །བཞུགས་པའི་མདོ་སྔགས་རིག་གཞུང་ཀུན། །དུས་རབས་གསར་བའི་ལག་རྩལ་གྱིས། །ཕྱི་མོ་ཉིད་དུ་པར་བསྐྲུན་བྱས། །འབད་བརྩོན་ལྷག་བསམ་ཞབས་འདེགས་ཀུན། །དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་། །སྤྲོ་བཞིན་བསྒྲུབས་པའི་འགན་འཛིན་དང་། །ལས་བྱེད་ཡོངས་ཀྱིས་འབད་དེ་བསྒྲུབས། །བཟང་པོའི་བྱ་བ་འདིར་འབྲེལ་ཀུན། །འདི་ཕྱི་ཀུན་ཏུ་དགེ་བ་དང་། །བསྟན་དང་འགྲོ་ལ་ཕན་པའི་ཕྱིར། །སྐྱབས་གནས་དམ་པས་དགེ་ལེགས་སྩོལ། །གང་ཞིག་སྔོན་ཚེ་འཕགས་མཆོག་ཀུན་ཏུ་བཟང་པོའི་སྨོན་ལམ་བཞིན། །རྒྱལ་དང་དེ་སྲས་མཁས་གྲུབ་དགོངས་བཅུད་གསུང་རབ་སྤེལ་བ་འདིས། །བསྟན་པ་རིན་ཆེན་འདི་ཉིད་དར་རྒྱས་ཡུན་དུ་གནས་པ་དང་། །འགྲོ་ཀུན་བདེ་བའི་ལམ་བཟང་མཐོང་བའི་མིག་ཏུ་འགྱུར་བར་ཤོག །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་བདུད་རྩིའི་ཆར་རྒྱུན་རིགས་དྲུག་འགྲོ་བའི་གཙུག་ན་བབས། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་ལ་སོགས་ལྷ་ཡི་ཚོགས་ཀྱིས་སྨན་སྤྲིན་མེ་ཏོག་མཛེས་པས་ལྗོངས་ཀུན་གཏམས། །སྐྱེ་འགྲོ་ཡོངས་ཀྱི་སེམས་རྒྱུད་གདོད་ནས་དག་པའི་བྱིན་རླབས་ཡེ་ཤེས་བཟང་པོ་ལྷུན་གྲུབ་ནང་ནས་གྲོལ། །འཇིག་རྟེན་ཁམས་ཀུན་ཟག་པ་མེད་པའི་སྐལ་བཟང་དགའ་སྟོན་རྫོགས་ལྡན་ཞིང་མཆོག་རྟག་ཏུ་མངོན་གྱུར་ཤོག །ཅེས་པ་འདི་ཉིད་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་


SPN002_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རྣམ་པར་རྒྱལ་བའི་གླིང་གི་གསུང་རབ་ཉམས་གསོ་ཁང་ནས་རྒྱལ་བའི་བཀའ་དང་དེ་འབྲེལ་བསྟན་བཅོས། མཁས་གྲུབ་རྣམས་ཀྱི་གསུང་རབ་ཁྲིད་ཡིག །བཀའ་འབུམ། གཏེར་ཆོས། གདངས་དབྱངས། གར་འཆམ། མཆོད་བཞེངས་སོགས་ཆོ་ག་ཕྱག་ལེན། རིག་གནས། རྒྱལ་རབས་ཆོས་འབྱུང་སོགས་ཡོད་དོ་ཅོག་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཆེད་པར་བསྐྲུན་བགྱིད་རྒྱུའི་ཐོག་མར་གདན་ས་ཆེན་པོ་ཤར་སྡེ་དགེ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་པར་ཁང་དམ་ཆོས་བང་མཛོད་དུ་བཞུགས་པའི་དཔེ་ཆ་ཡོངས་རྫོགས་པར་བསྐྲུན་བྱེད་པའི་སྐབས་པར་བྱང་སྨོན་ཚིག་ཏུ་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་གི་བྱང་ཆུབ་ཆེན་པོའི་གཙུག་ལག་ཁང་དུ་ཀྭན་ཏིང་ཏཱའི་སི་ཏུ་པས་བོད་རབ་བྱུང་༡༧པའི་ཤིང་བྱ་ཟླ་༥ཚེས་༤ཡེ་ལོ་༢༠༠༥ཟླ་༧ཚེས་༡༠ཉིན་ཤར་མར་བྲིས་པ་དགེ་ལེགས་འཕེལ། ཤྲཱི་བི་ཛ་ཡནྟུ།། །