cover

སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།

པོད། ཧཱུྃ༽

སི་ཏུ་པདྨ་ཉིན་བྱེད།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བསྟན་པའི་བཀའ་སྲུང་ཨ་ཕྱི་ཆེན་མོའི་མཆོད་ཕྲེང་བཀྲ་ཤིས་ཆར་འབེབས།


SPN003_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་བཀའ་སྲུང་ཨ་ཕྱི་ཆེན་མོའི་མཆོད་ཕྲེང་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།


SPN003_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་དེ་ཝ་ཌཱ་ཀི་ནི་ཡེ། འདིར་ཡེ་ཤེས་ཀྱི་མཁའ་འགྲོ་མ་དྷརྨ་ཏཱ་རའི་མཆོད་ཕྲེང་ལས་བྱང་གི་རིམ་པ་སྤེལ་བ་ལ། ཐོག་མར་དུར་ཁྲོད་ལ་སོགས་པ་ཉེར་བཞིའི་གནས་སམ། གྲུབ་ཐོབ་བླ་མས་བྱིན་གྱིས་བརླབས་པའི་གནས་སམ་ཡིད་དང་མཐུན་པའི་གནས་དབེན་པར། ཚེས་བཅུ་ལ་སོགས་པའི་དུས་ཚེས་མཁའ་འགྲོ་འདུ་བའི་གཟའ་སྐར་དུས་སྦྱོར་བཟང་པོ་ལ་གཙང་སྦྲ་ལེགས་པར་བྱས་ལ། རྩ་བ་གསུམ་གྱི་རྟེན་དང་། ཁྱད་པར་ཨ་ཕྱི་དང་། ཚེ་རིང་མའི་ཐང་སྐུ་དང་སྐུ་འབག་ལ་སོགས་པ་དང་། དར་སྣ་སྟག་གཟིག་དཀོར་ནོར་སྤྱན་གཟིགས་ཀྱང་ཅི་འབྱོར་པས་བརྒྱན་ཅིང་། ལྷ་གྲངས་དང་མཉམ་པའི་ཚོམ་བུའམ། ཡང་ན་ལྔ་ཚོམ། འབྲུ་དཀར་གྱི་ཕྱེ་མ་རྩི་


SPN003_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཀྱིས་སྦྲུས་ཏེ་གཏོར་མ་ཟླུམ་པོ་ལྔ། འཇའ་འོད་བཀྲ་བའི་རྒྱན་དང་། རྩ་བ་གསུམ་གྱི་གཏོར་མ་དང་། སྨན་གཏོར་དང་། བསྐུལ་གྱི་དམར་གཏོར་གཉིས་དང་། ཆད་མདོ། བརྟན་སྐྱོང་། ཕྱོགས་སྐྱོང་གཏོར་མ། སྔོན་འགྲོ་གཏོར་མ་སོགས་དང་། སྤྲོ་ན། བསྐང་གཏོར་བང་རིམ་གཞིའི་སྟེང་། དབུས་མར་ཨ་ཕྱི་གཙོ་འཁོར་ལྔའི་ཟླུམ་གཏོར་དང་། མཚམས་བཞིར་ཐུགས་སྤྲུལ་གསུམ་དང་སྤུ་གྲི་མ་བཞིའི་གཏོར་མ་ཟུར་གསུམ་བཞི། དེ་ཕྱིར་ཚེ་རིང་མཆེད་ལྔའི་ཟླུམ་གཏོར། མདུན་དུ་ཁྲོ་མོའི་གཏོར་མ་ཟུར་གསུམ་ལིངྒས་མཚན་པ། གཉིས་པར་བརྟན་མ་བཅུ་གཉིས་ལ་བཤོས་བུ་ཟུར་གསུམ་བཅུ་གཉིས། དེ་མཐར་དབང་ཕྱུག་ཉེར་བརྒྱད་ལ་རྐང་ཟོར་གྱི་རྣམ་པ་རང་མདོག་གིས་བསྐོར་


SPN003_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལོག་བཞིར་ཚོགས་ཀྱི་རྣམ་པ་བཞི་དང་། མཐར་མཐེབ་ཀྱུས་བསྐོར། གསུམ་པ་མདུན་ནས་གཡོན་སྐོར་དུ། མདའ་དར་མེ་ལོང་བརྒྱན་པ། ཐོད་ཌཱར། ནོར་བུ་འབར་བ། ཐོད་ཁྲག །སྨན་ཐོད། རྡོ་རྗེ། ཁ་ཊཱྃ་ག །ན་བཟའ། རུས་ཐོད་དང་རྒྱན་ཕྲེང་། རྐང་གླིང་། སྦ་ལྕག །རིན་པོ་ཆེ། གསེར་ཌཱར། ལྕགས་ཀྱུ། གྲི་གུག །མགོ་ཕྲེང་། ནེའུ་ལེ། ཐོད་པ་ནོར་བུས་གང་བ། བེར། དུར་ཁྲོད་ཆས་བརྒྱད། རལ་གྲི། སྙིང་། ནད་རྐྱལ། བཞི་པ་རྟ་སྔོ་སེར་དམར་ནག་སྒ་ཆས་ལྡན། འབྲོང་། མཁའ་ལྡིང་། བོང་བུ། སྤྲེའུ། སྤྱང་ཀི། སེང་གེ། སྟག་འབྲུག །གླ་བ། གསེར་ཤ་ཡུ་མོ། རྐྱང་། ཁྲུང་ཁྲུང་། གཞན་ཡང་དཀོར་ནོར་རིགས་གང་འབྱོར་བཀོད། ཕྱོགས་བཞིར་ཁྲུང་ཁྲུང་རྒྱལ་མཚན། མདའ་དར་མེ་ལོང་གིས་བརྒྱན་པ་རྣམས་བཙུགས། མཐར་མཆོད་པ་སྣ་ཚོགས་དང་མཆོད་གཏོར་རྣམས་བཤམས། ནང་མཆོད་རྩ་བརྒྱད་སྦྱར་བའི་བདུད་རྩི་དང་། འབྲུ་སྨན་རིན་པོ་ཆེས་སྦྲུས་པའི་གཏོར་མ་དང་རཀྟ་སོགས་ཀྱང་བཤམས། ཚོགས་གཏོར་དང་དཀར་མོའི་ལག་གཡས། འབྲུ་ཡི་ཆང་གི་ཉིང་ཁུ། གཞན་ཡང་འབྲུ་སྣ། སྨན་སྣ། དར་ཚོན། ཟས་སྣ་ཤིང་ཐོག་གསེར་སྐྱེམས་ལ་སོགས་པ་བཤམས་ནས་རང་ཉིད་བདེ་བའི་སྟན་ལ་འཁོད་ནས་ཐོག་མར་སྔོན་འགྲོ་སྐྱབས་སེམས་ཀྱི་རིམ་པ་ནི། ན་མོ། མཆོག་གསུམ་རྩ་གསུམ་རབ་འབྱམས་ལ། །རྩེ་གཅིག་སྒོ་གསུམ་དད་པའི་བློས། །དང་བའི་ཡིད་ཀྱིས་སྐྱབས་


SPN003_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མཆི། །འགྲོ་ཀུན་ཕྱིར་མི་ལྡོག་པ་ཡི། །བྱང་ཆུབ་གོ་འཕང་ཐོབ་པར་ཤོག །ལན་གསུམ། དེ་ནས་གནས་བདག་དང་ལན་ཆགས་ལ་གཏོར་མ་བསྔོ་བ་ནི། ༀ་ཨ་ཀཱ་རོ་ལན་གསུམ་བྱིན་གྱིས་བརླབས་ལ། ཧཱུྃ། ཕྱོགས་སྐྱོང་ཡུལ་ལྷ་སྡེ་བརྒྱད་རྣམས། །མཆོད་གཏོར་བཟང་པོ་འདི་ལོངས་ལ། །དཀར་ཕྱོགས་ཀུན་གྱིས་མཐུན་རྐྱེན་སྤེལ། །ནག་པོའི་ཕྱོགས་གྱུར་འབྱུང་པོའི་རིགས། །བསེ་རག་བྲེལ་འཕོངས་ཐེའུ་རང་སོགས། །སོ་སོར་མོས་པའི་བཟའ་དང་བཏུང་། །ལན་ཆགས་གླུད་གཏོར་འདི་ཁྱེར་ལ། །མཐའ་མེད་གནས་སུ་ཕྱིར་དེངས་ཤིག །གལ་ཏེ་མི་ཉན་འཚེ་བྱེད་ན། །ང་ཉིད་རྡོ་རྗེ་སྲིན་པོའི་སྐུ། །དབང་ཆེན་ཁྲོས་པའི་རྔམས་ཟེར་གྱིས། །བགེགས་ཚོགས་ཐལ་བར་བརླག་ཏ་རེ། །ༀ་པདྨན་ཏ་ཀྲིཏྟ་ཧཱུྃ་ཕཊ། ༀ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་བརྗོད་ཡུངས་ཀར་བྲབ་ལ་གུ་གུལ་འདུག །སྲུང་འཁོར་ནི། རང་གི་ཐུགས་ཀའི་འོད་ཟེར་གྱི། །ཡེ་ཤེས་མེ་དཔུང་རྡོ་རྗེ་དང་། །ལྕགས་སྡིག་ཕུར་བུའི་ཚོགས་སྤྲོས་པས། །སྲ་བརྟན་གཞོམ་བྲལ་སྲུང་འཁོར་གྱུར། །བཛྲ་རཀྵ་རཀྵ་སྭཱ་ཧཱ། དེ་ནས་མཆོད་རྫས་རྣམས་བསང་སྦྱང་སྤེལ་བ་དང་བྱིན་གྱིས་བརླབ་པ་ནི། ༀ་པདྨན་ཏ་ཀྲི་ཏ་ཧཱུྃ་ཕཊ་ཀྱིས་བསངས་ལ། སྭ་བྷཱ་ཝས་སྦྱངས ། སྟོང་པར་གྱུར་པའི་ངང་


SPN003_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས། །བྷཱུྃ་ལས་རིན་ཆེན་པདྨའི་སྣོད། །ཡངས་ཤིང་རྒྱ་ཆེ་རྣམས་ཀྱི་ནང་། །མཆོད་པའི་རྫས་གྱུར་ཡིད་དུ་འོང། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི། །རོ་བཅུད་རེག་བྱ་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །སྨན་དང་རཀྟ་བ་ལིང་ཏ། །བསྐང་རྟེན་སྒྲུབ་རྫས་ཕུན་སུམ་ཚོགས། །འབྲུ་གསུམ་འོད་དུ་ཞུ་བ་ལས། །ཟག་མེད་ཡེ་ཤེས་བདུད་རྩི་དངོས། །ཕྱོགས་ཀུན་རྒྱས་པར་འགེངས་པ་ཡི། །ནམ་མཁའི་མཛོད་བཞིན་ལོངས་སྤྱོད་ཚོགས། །རྒྱ་ཆེན་རྒྱུན་མི་ཆད་པར་གྱུར། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པདྱཾ། པཥྤེ། དྷུ་པེ། ཨ་ལོ་ཀཻ། གནྡྷེ། ནེ་ཝི་དེ། ཤབྡ། རཱུ་པ། ཤབྡ། གནྡྷེ། ར་ས། སྤཪྵེ་ཨཱཿཧཱུྃ་སྭཱ་ཧཱ། སརྦ་པཉྩ་ཨ་མྲྀ་ཏ་ཨཱ་ཧཱུྃ་སྭཱ་ཧཱ། མ་ཧཱ་རཀྟ་ཛྭ་ལ་ཨཱཿཧཱུྃ་སྭཱ་ཧཱ། མ་ཧཱ་བ་ལིང་ཏ་ཨཱཿཧཱུྃ་སྭཱ་ཧཱ། དེ་ནས་རང་ཉིད་ལྷ་བསྐྱེད་པའི་རིམ་པ་ནི། ༀ་ཤཱུ་ནྱ་ཏ་ཛྙཱ་ཎ་བཛྲ་སྭཱ་བྷཱ་ཝ་ཨདྨ་ཀོ྅ཾ། སྣང་སྲིད་དངོས་ཀུན་ཆོས་ཐམས་ཅད། །སྟོང་པ་ཉིད་གྱུར་དེའི་ངང་ལས། །པད་དཀར་ཟླ་ཉིའི་གདན་སྟེང་དུ། །ཧྲཱིཿལས་འོད་འཕྲོས་སངས་རྒྱས་མཆོད། །སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས། །ཚུར་འདུས་རང་ཉིད་སྐད་ཅིག་གིས། །ཨོ་རྒྱན་སློབ་དཔོན་


SPN003_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་འཛིན། །པདྨ་ཐོད་ཕྲེང་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ། །གཡོན་པས་ཐོད་པ་བཅུད་བཀང་དང་། །ཁ་ཊཱྃ་དཀུར་བརྟེན་ཟ་འོག་གི། །ཆོས་གོས་རྣམ་གསུམ་ཕོད་ཀ་དང་། །པད་ཞྭ་རིན་ཆེན་རྒྱན་སྤྲས་གསོལ། །སྙན་ཆ་མགུལ་རྒྱན་ཕྱག་ཞབས་གདུབ། །དར་དཔྱངས་ཅོད་པན་ལྷབ་ལྷུབ་གཡོ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན། །འོད་འཕྲོས་ཆོས་དབྱིངས་དག་ཞིང་ནས། །བླ་མ་སྐུ་གསུམ་འདུས་པའི་དཔལ། །མཚོ་སྐྱེས་དྲི་མེད་རྡོ་རྗེ་འཆང་། །རྒྱལ་བ་སྲས་དང་བཙུན་མོར་བཅས། །ལྔ་ལྡན་འཇའ་འོད་ཐིག་ལེ་དང་། །ཐིག་ཕྲན་མེ་ཏོག་ཆར་ཆེན་དབུས། །དཔའ་བོ་མཁའ་འགྲོ་གིང་གི་ཚོགས། །སྤྲིན་ཆེན་རླུང་གིས་བསྐྱོད་བཞིན་དུ། །དམ་ཚིག་ཡེ་ཤེས་དབྱེར་མེད་པར། །ཆུ་ལ་ཆུ་བཞག་ལྟ་བུར་གྱུར། །སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། །ལྷ་དང་ལྷ་མོའི་ཚོགས་སྤྲོས་ནས། །གསང་གསུམ་དགྱེས་པ་བསྐྱེད་པའི་ཕྱིར། །མཆོད་པའི་བྱེ་བྲག་དུ་མ་ཡིས། །མཆོད་ཅིང་སྙན་པའི་དབྱངས་ཀྱིས་བསྟོད། །ཐུགས་ཀར་རྡོ་རྗེ་རྩེ་ལྔའི་ལྟེར། །ཧྲཱིཿམཐར་སྔགས་ཕྲེང་གཡས་སུ་འཁོར། །འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་སེམས་བླ་མ་ཡི་དམ་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཐུགས་རྗེའི་དངོས་གྲུབ་ཆར་


SPN003_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་གྱུར། །ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ། །སྒྲ་གྲག་སྔགས་ཀྱི་རང་སྒྲ་ལྡིར། །དྲན་རྟོག་ཏིང་འཛིན་གསལ་བའི་ངང་། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཞེས་བསྙེན་པ་ཅི་ནུས་སུ་བཟླས་ལ། མ་ཡེངས་པའི་ངང་ནས་ཁྱེར་སོ་གསུམ་དང་མ་བྲལ་བར་བྱའོ། །དེ་ནས་རང་ཉིད་ལྷག་པའི་ལྷ་ཡི་ང་རྒྱལ་ལ་གནས་བཞིན་པ་དེ་ཡི་མདུན་དུ་མཁའ་འགྲོ་རྣམས་གསལ་བཏབ་ཅིང་བསྐྱེད་པ་ནི་འདི་སྐད་དོ། ། ཧྲཱིཿ རང་ཉིད་ལྷར་གསལ་མདུན་གྱི་ས་གཞིའི་དབུས། །འཇའ་ཟེར་འོད་ཀྱི་མདངས་འཚེར་ཀུན་ཏུ་དཀྲིགས། །ཤེལ་གྱི་གུར་ལ་གཡུ་ཡི་ཆོན་ཕུར་བཏབ། །མུ་མེན་འཕྲུལ་གྱི་པ་ཏྲ་རིས་བསྐོར་ཞིང་། །ཀ་ན་ཀ་ཡི་རྒྱན་གྱིས་མཛེས་པ་ཡི། །ཡིད་འོང་བསྟི་གནས་འཆི་མེད་ཞིང་བདག་པོའི། །སྐྱེད་ཚལ་ལས་ཀྱང་ཆེས་ཆེར་རྨད་བྱུང་བའི། །ལེགས་པའི་དཔལ་གྱི་ཡོན་ཏན་ཕུལ་དུ་གྱུར། །དེ་དབུས་ཆུ་འཛིན་དྲ་བ་སྤེལ་བའི་ནང་། །ཉི་ཟེར་པདྨ་རྒྱས་པའི་གདན་སྟེང་དུ། །ཏི་ཡིག་ཡོངས་གྱུར་མྱུར་མགྱོགས་ཤུགས་ལྡན་པའི། །ཅང་ཤེས་དུང་མདོག་གཡུ་རྔོག་དར་སྟན་ཅན། །གསེར་སྒ་གཡུ་ཡི་སྲབ་མཐུར་ཤེལ་ཡོབ་དང་། །རིན་ཆེན་གསེར་དངུལ་ལ་སོགས་དུ་མ་ཡི། །རྒྱན་ལྡན་སྟེང་དུ་ཧྲཱིཿཡིག་ཡོངས་གྱུར་ལས། །དཔལ་གྱི་ལྷ་མོ་མཁའ་འགྲོ་ཀུན་གྱི་གཙོ། །མ་གཅིག་དབང་ཕྱུག་ཆོས་ཀྱི་སྒྲོལ་མ་ནི། །ཉ་རྒྱས་ཆུ་ཤེལ་འོད་ཀྱི་སྐུ་མདོག་ལ། །དབུ་སྐྲ་ལྕང་ལོ་ཐོར་ཚུགས་དུང་ཐོད་


SPN003_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ཞི་མ་ཁྲོ་འཛུམ་ཞལ་གཅིག་སྤྱན་གསུམ་ལྡན། །ཕྱག་གཉིས་གཡས་ཀྱིས་ཐོད་པའི་ཅང་ཏེའུ་འཁྲོལ། །གཡོན་གྱིས་ཐོད་པ་མཚན་ལྡན་ནོར་བུ་ཡིས། །བཀང་པ་བསྣམས་ཞིང་དར་དཀར་དྲི་མེད་ཀྱི། །ན་བཟའ་བཀྲ་ཤིས་རེ་ཁཱ་བཀྲ་བ་ཅན། །ལྷབ་ལྷུབ་དར་སྣ་ལྔ་ཡི་ཅོད་པན་དང་། །གསེར་དང་ཨིནྡྲ་ནཱི་ལ་མུ་ཏིག་གཡུ། །མཐོན་ཀ་མརྒད་ཕ་ལམ་ཀེ་ཀེ་རུ། །པདྨ་རཱ་ག་ལ་སོགས་རིན་ཆེན་དང་། །མཆོག་གི་ནོར་བུ་བསམ་འཕེལ་འདོད་འབྱུང་གིས། །དབུ་རྒྱན་སྙན་ཆ་མགུལ་ཆུ་སྐ་རགས་དང་། །དོ་ཤལ་སེ་མོ་དོ་དང་ཕྱག་ཞབས་ཀྱི། །གདུ་བུ་དངུལ་གྱི་གཡེར་ཁའི་ཕྲེང་བས་བརྒྱན། །གསང་གསུམ་ཡོན་ཏན་རབ་རྫོགས་སྐུ་ཅན་གྱུར། །སྤྲུལ་པའི་ཚུལ་སྟོན་ཡེ་ཤེས་ཌཱ་ཀི་མ། །འབྲོང་ཆེན་ལ་ཞོན་གཙུག་ན་ནོར་བུ་ནི། །དཀར་སེར་ཞལ་གཅིག་ཕྱག་གཉིས་རིན་ཆེན་དང་། །ཐོད་པ་ནོར་བུས་བཀང་འཛིན་དར་བེར་ལྗང་། །གསོལ་ཞིང་རྒྱན་རྣམས་ཀུན་གྱིས་རྣམ་པར་བཀླུབས། །ཅང་ཤེས་མཚལ་བུ་ལ་ཞོན་དམ་ཚིག་གི། །མཁའ་འགྲོ་ཡིད་བཞིན་དམར་སྐྱ་ཞལ་གཅིག་པ། །ཕྱག་གཉིས་ནེའུ་ལེ་ཐོད་པར་རིན་ཆེན་གཏམས། །དར་དམར་བེར་གསོལ་མཛེས་པའི་རྒྱན་གྱིས་སྤྲས། །མཁའ་ལྡིང་ལ་ཆིབས་དབང་གི་མ་མོ་ནི། །ཁམས་གསུམ་གཟི་འཕྲོག་དམར་མོ་ཞལ་གཅིག་པ། །ཕྱག་


SPN003_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཟངས་གྲི་ལྕགས་ཀྱུ་དར་བེར་གསོལ། །ཐོད་པ་སྐམ་རློན་རིན་ཆེན་རྒྱན་གྱིས་སྤུད། །བོང་བུ་གྭ་དམར་ལ་ཞོན་ཤ་ཟ་མོ། །ཀརྨ་ཌཱ་ཀི་མཐིང་ནག་རྔམ་ཞལ་གཅིག །ཕྱག་གཉིས་རལ་གྲི་བྷནྡྷ་ཙིཏྟ་རོལ། །གླང་ཀོ་ཞིང་ལྤགས་དུར་ཁྲོད་དཔའ་ཆས་བརྗིད། །ཀུན་ཀྱང་མཐུ་སྟོབས་གཟི་མདངས་གསལ་བར་བསྐྱེད། །ཧྲཱིཿ སྨན་བཙུན་ཌཱ་ཀི་ཆོས་སྲུང་ཡོངས་ཀྱི་གཙོ། །བཀྲ་ཤིས་ཚེ་རིང་དཔལ་སྟེར་ལྷ་མོ་ནི། །གངས་སེང་དཀར་མོ་གཡུ་རལ་ལ་ཆིབས་པ། །པུཎྜ་རི་ཀའི་མདོག་ཅན་ཞལ་གཅིག་པ། །ཕྱག་གཉིས་གསེར་གྱི་རྡོ་རྗེ་ཚེ་ཡི་བུམ། །དཔལ་བེའུ་གཡུང་དྲུང་དགའ་བ་འཁྱིལ་པས་མཚན། །ལྷ་རྫས་ཀཻ་ལ་ཤ་ཡི་ཁ་དོག་ཅན། །ན་བཟའ་ལྷབ་ལྷུབ་དབང་པོའི་གཞུ་འདྲ་བའི། །རིན་ཆེན་རྒྱན་རྣམས་ཀུན་གྱིས་མཛེས་པར་སྤྲས། །ཞི་འཛུམ་མཚར་སྡུག་ལང་ཚོའི་དཔལ་དུ་འབར། །མཁའ་འགྲོ་ཆེན་མོ་མཐིང་གི་ཞལ་བཟང་མ། །མི་གཡོ་བློ་བཟང་ཅོད་པན་མགྲིན་བཟང་དང་། །གཏད་དཀར་འགྲོ་བཟང་ལ་སོགས་སྐུ་མདོག་ནི། །སྔོ་སེར་དམར་ལྗང་ཕྱག་ན་མེ་ལོང་དང་། །བ་དན་ལྷ་ཡི་ཞལ་ཟས་ནེའུ་ལེ། །ནོར་བུ་རིན་ཆེན་སྒྲོམ་དང་དུར་ཝའི་རྩ། །ལྟོ་འགྲོའི་ཞགས་བསྣམས་རྒྱན་ལྡན་དར་བེར་གསོལ། །ཆིབས་སུ་རྐྱང་བུ་རྒྱ་སྟག་སྨན་ཤ་དང་། །གཡུ་འབྲུག་སོགས་ལ་རོལ་པའི་སྟབས་ཀྱིས་བཞུགས། །ཚེ་རིང་


SPN003_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་ཀྱི་ལྷ་ལྔ་གསལ་བར་གྱུར། །གཞན་ཡང་མཁའ་འགྲོ་ཆེན་མོ་སོ་སོ་ཡི། །སྤྲུལ་པ་ཡང་སྤྲུལ་བྲན་དང་ཕོ་ཉའི་ཚོགས། །དཀར་ཕྱོགས་སྐྱོང་བའི་མཐུ་ལྡན་ཡུལ་ལྷ་རྣམས། །མ་ངེས་རྣམ་འགྱུར་སྣ་ཚོགས་ཅིར་ཡང་བསྒྱུར། །བསྟན་ལ་གུས་དང་རྣལ་འབྱོར་གྲོགས་མཛད་ཅིང་། །ཕྲིན་ལས་འདོད་དགུར་བསྒྱུར་བའི་མཐུ་ལྡན་གྱུར། །ཀུན་གྱི་གནས་གསུམ་འབྲུ་གསུམ་ས་བོན་དང་། །རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། །རྩ་གསུམ་དཀྱིལ་འཁོར་རབ་འབྱམས་རྒྱ་མཚོ་དང་། །ཁྱད་པར་བསྐྱེད་པ་ལྟ་བུའི་ཌཱ་ཀིའི་ཚོགས། །དམ་ཚིག་གཉེན་པོའི་ཐ་ཚིག་དྲན་བཞིན་དུ། །རང་བཞིན་གནས་ནས་འཁོར་བཅས་སྤྱན་དྲངས་གྱུར། །བདུག་སྤོས་འཐུལ་ཞིང་རོལ་མོ་ལྡིར་ལ། ༀ་ཨཱཿཧཱུྃ། སྣང་སྲིད་ཆོས་སྐུའི་ཞིང་ཁམས་ནས། །བཀའ་བརྒྱུད་བླ་མས་བྱིན་ཕོབ་ཅིག །དག་པ་ལོངས་སྐུའི་ཞིང་ཁམས་ནས། །ཡི་དམ་ལྷ་ཚོགས་བྱིན་ཕོབ་ཅིག །གང་འདུལ་སྤྲུལ་པའི་ཞིང་ཁམས་ནས། །དཔའ་བོ་མཁའ་འགྲོའི་ལྷ་ཚོགས་དང་། །བཀའ་དང་དམ་ཚིག་ཕོ་བྲང་ནས། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །བྱིན་ཆེན་ཕོབ་ལ་དངོས་གྲུབ་སྩོལ། །སྣང་བ་དབང་སྡུད་ཕྱི་ནང་གི། །བར་ཆད་རྐྱེན་བཟློག་ཕྲིན་ལས་བཞི། །མྱུར་དུ་འགྲུབ་ཕྱིར་གཤེགས་


SPN003_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ། །འོག་མིན་བདེ་ཆེན་དག་པའི་ཞིང་། །མ་ཚོགས་སྤྲིན་ལྟར་འདུ་བའི་གནས། །དུས་གསུམ་རྒྱལ་ཀུན་སྐྱེད་པའི་ཡུམ། །གཙོ་མོ་རྡོ་རྗེ་ཕག་ཞལ་ཅན། །སིངྷ་མུ་ཁའི་ཀློང་ཡངས་ནས། །སྒྱུ་འཕྲུལ་གར་གྱི་རོལ་རྩེད་ཀྱི། །དཔལ་འབར་སྤྲུལ་པའི་ལྷ་མོ་ཆེ། །དྷརྨ་ཏཱ་ར་འཁོར་བཅས་དང་། །བཀྲ་ཤིས་ཚེ་རིང་ལྷ་མོ་ལྔ། །ཉི་མ་འབུམ་གྱི་གཟི་མདངས་ལྡན། །རྣལ་འབྱོར་དམ་ལྡན་སྒྲུབ་པ་པོས། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །དགྱེས་པའི་སྙན་འགྱུར་གླུ་སྒྲ་ལྡིར། །བརྩེ་བའི་སྤྱན་ཟུང་བུང་བ་གཡོ། །མ་ཐོགས་སྐད་ཅིག་ངང་ཉིད་ལ། །ནུབ་ཕྱོགས་ཨོ་རྒྱན་མཁའ་སྤྱོད་དང་། །ཡུལ་ཆེན་སོ་གཉིས་དུར་ཁྲོད་བརྒྱད། །གང་དུ་བཞུགས་པའི་གནས་མཆོག་ནས། །མཁའ་འགྲོ་ཆེན་མོ་འཁོར་དང་བཅས། །བུ་ཡུག་འཚུབས་བཞིན་གཤེགས་སུ་གསོལ། །ༀ་ཤྲཱི་མཱན་གུ་རུ་དེ་ཝ་དྷརྨ་ཏཱ་ར་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨི་ཛི་དྷ་རི་པཉྩ་ཌཱ་ཀི་བཛྲ་ས་མ་ཡ་ཛ་ཛ། ཞེས་སྤྱན་དྲངས་ཞིང་སྙན་པའི་དབྱངས་ཀྱིས་དྲངས་ཏེ་མདུན་བསྐྱེད་དམ་ཚིག་པར་སིབ་སིབ་མཚོ་ལ་ཆར་བབས་པ་བཞིན་དམིགས་ནས། ཛཿཧཱུྃ་བྃ་ཧོཿགཉིས་མེད་གྱུར། །ཧོ། འདིར་བཤམས་དར་དང་རིན་ཆེན་གྱི། །ཁྲི་མཆོག་དྲི་མེད་པདྨ་དཀར། །འདབ་སྟོང་གེ་སར་རྒྱས་པའི་སྟེང་། །ཉི་ཟླའི་དཀྱིལ་འཁོར་གསལ་འཚེར་བར། །འཁོར་བཅས་བདེ་བར་


SPN003_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཨ་ཏི་པཱུ་ཧོ། དེ་ལྟར་གདན་འབུལ་དང་ཕྱག་འཚལ་ནས། ཧྲཱིཿ དབྱིངས་ཀྱི་ཡུམ་ཆེན་འཁོར་དང་བཅས། །སྔོན་ཚེ་དཀྱིལ་འཁོར་གཙོ་མཆོག་དཔལ། །རིག་འཛིན་པདྨ་སམ་བྷ་ཝའི། །བཀའ་དང་དམ་ཚིག་རྗེས་དགོངས་ལ། །རྩ་བ་བརྒྱུད་པའི་བླ་མ་དང་། །མཉམ་མེད་འཇིག་རྟེན་གསུམ་མགོན་པོས། །རྡོ་རྗེའི་བཀའ་ལས་མ་འདའ་བར། །དེང་འདིར་བརྒྱུད་འཛིན་སྒྲུབ་པ་པོ། །བསྟན་དང་བསྟན་འཛིན་གང་ཟག་ལ། །སྲུང་སྐྱོབ་མི་འབྲལ་རྟག་པར་སྐྱོངས། །མ་ཧཱ་བཛྲ་ས་མ་ཡ། མ་ཏི་ཀྲ་མ་ཏི་ས་མ་ཡ་རཀྵནྟུ། ཞེས་སྔོན་གྱི་ཐ་ཚིག་གཡར་དམ་རྗེས་སུ་དྲན་ནས་རྣལ་འབྱོར་པའི་དམ་ལ་གནས་པར་མོས་ལ། མཆོད་པ་ནི། བྷྲཱུྃ་ལས་རཏྣའི་སྣོད་ཡངས་པར། །གཏོར་རྫས་སྨན་དང་རཀྟ་དང་། །མཆོད་ཡོན་དག་བྱེད་ཀ་མ་ལ། །དྲི་ལྡན་མདངས་གསལ་བྱུགས་པའི་ངད། །རོ་བཅུད་སྙན་པའི་སིལ་ཁྲོལ་རྣམས། །རྩ་གསུམ་དཀྱིལ་འཁོར་ལྷ་ཡི་ཚོགས། །དྷརྨ་ཏཱ་ར་འཁོར་བཅས་དང། །བཀྲ་ཤིས་ཚེ་རིང་མཆེད་ལྔ་འཁོར། །སྤྲུལ་པར་བཅས་ལ་འབུལ་བར་བགྱི། །ཟག་མེད་བདེ་བ་ཆེན་པོར་རོལ། །གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནེ་ཝི་དེ། ཤབྡ། པཉྩ་ཨ་མྲྀ་ཏ། མ་ཧཱ་རཀྟ། བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།


SPN003_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བསྟོད་པ་ནི། སྙན་པའི་དབྱངས་ཀྱི་གླུ་ཡིས་དྲངས་ཏེ། ༀ་ཨཱཿཧཱུྃ་ཧོ། ཆོས་སྐུ་དྲི་མེད་མཁའ་ལྟར་ཁྱབ། །ལོངས་སྐུ་གསལ་མདངས་ལྷུན་གྱིས་གྲུབ། །སྤྲུལ་སྐུ་ཉིན་བྱེད་དབང་པོ་ལྟར། །གང་འདུལ་དེར་སྣང་པད་ཚལ་གྱི། །དགེ་ལེགས་འདབ་སྟོང་གྲོལ་བའི་གཉེན། །བཀའ་བརྒྱུད་བླ་མ་ཡི་དམ་དང་། །ཆོས་སྐྱོང་སྲུང་མའི་ཚོགས་བཅས་བསྟོད། །ཛྙཱ་ན་ཌཱ་ཀི་ཡོངས་ཀྱི་གཙོ། །དབྱིངས་ཕྱུག་མ་མོ་འཁོར་བཅས་དང་། །ཞིང་སྐྱོང་མཁའ་འགྲོ་མཆེད་ཟླ་ལྔ། །སྤྲུལ་དང་ཡང་སྤྲུལ་དཀར་ཕྱོགས་སྐྱོང་། །མཐུ་ལྡན་རྣམས་ལ་བསྟོད་པར་བགྱི། །གྲུབ་པ་བརྒྱད་དང་ཕྲིན་ལས་བཞི། །མཆོག་དང་ཐུན་མོང་ལ་སོགས་པ། །གང་བཅོལ་ཐོགས་མེད་ཉིད་དུ་སྒྲུབས། །དེ་ནས་བཟླས་པ་བྱ་བ་ནི། མདུན་བསྐྱེད་གཙོ་མོའི་ཐུགས་ཀ་རུ། །ཟླ་སྟེང་ཧྲཱིཿཡིག་དཀར་པོ་གསལ། །མཁའ་འགྲོ་བཞི་ཡི་ཐུགས་ཀར་ཡང་། །ཧ་རི་ནི་སས་མཚན་པར་གྱུར། །ཧྲཱིཿམཐར་སྔགས་ཕྲེང་མུ་ཏིག་མདོག །གཡོན་དུ་འཁོར་ལས་འོད་འཕྲོས་པས། །མཆོག་གསུམ་རྩ་གསུམ་མཆོད་པས་མཉེས། །སེམས་ཅན་ཀུན་གྱི་སྒྲིབ་གཉིས་སྦྱངས། །ཐུགས་དམ་རྒྱུད་བསྐུལ་འོད་ཟེར་གྱིས། །ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས་དང་། །རྩ་གསུམ་རིག་འཛིན་དཔའ་བོ་དང་། །ཌཱ་ཀི་དམ་ཅན་མཐུ་ནུས་སྟོབས། །སྐུ་དང་འབྲུ་གསུམ་ཕྱག་མཚན་དང་། །འོད་ཀྱི་རྣམ་པར་སྤྱན་དྲངས་ནས། །རང་དང་མདུན་བསྐྱེད་ལ་ཐིམ་གྱུར། །


SPN003_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་སྔགས་ནི། ༀ་ཛྙཱ་ཎ་ཌཱ་ཀི་ནཱི་ཡེ་ཧ་རི་ནི་ས་ཧཱུྃ། རྩ་བའི་སྔགས་ནི། ༀ་གྷ་མུ་ཨ་ཙི་ཏ་ཤྭ་ར་དྷརྨ་ཏཱ་ར་མ་མ་ཙཀྲ་སྭཱ་ཧཱ། ཡར་འདུས། སརྦ་འདུས། མ་མ། ཛྙཱ་ན་ཏཱ་ར་འདུས། གྷ་མུ་ས་མ་ཡ་ཏཱ་ར་དེ་མ་ཌཱ་ཀི་ནི་སརྦ་མ་མ་འདུས་འདུས་ཧཱུྃ་ཕཊ། དེ་ལྟར་སྔགས་ཕྲེང་གསལ་བར་བསྒོམ། །སྤྲོ་བསྡུ་དང་པོས་རྒྱལ་རྣམས་མཆོད། །གཉིས་པས་བྱིན་རླབས་དངོས་གྲུབ་བསྡུ། །སྙིང་པོ་ཅི་ནུས་བགྲངས་པའི་མཐར། །སྤྲོ་བསྡུ་གསུམ་པ་འདི་ལྟར་དམིགས། །མདའ་དར་གཡབ་ཅིང་སྤོས་བསྲེགས་ལ། །སླར་ཡང་བདག་མདུན་ཐུགས་ཀ་ནས། །འོད་འཕྲོས་ལས་བཞི་མཁའ་འགྲོ་དང་། །བཀྲ་ཤིས་ཚེ་རིང་འཁོར་བཅས་ཀྱི། །ཐུགས་རྒྱུད་བསྐུལ་ཏེ་འོད་ཟེར་དང་། །རང་རང་ཕྱག་མཚན་སྤྲོས་པ་ལས། །འབྱུང་ལྔའི་བཅུད་དང་སྲིད་གསུམ་གྱི། །ལྷ་ཀླུ་གནོད་སྦྱིན་མི་མ་ཡིན། །མི་བདག་འབྱོར་པས་དྲེགས་རྣམས་ཀྱི། །ཚེ་དང་བསོད་ནམས་དཔལ་དང་གྲགས། །དབང་ཐང་ཟས་ནོར་ལོངས་སྤྱོད་ཀུན། །ཁབ་ལེན་རྡོ་ཡིས་ལྕགས་བསྡུས་ལྟར། །འོད་ཟེར་ཕྱག་མཚན་རྣམས་ལ་བསྡུས། །ཁམས་གསུམ་གླིང་བཞི་ཁོར་ཡུག་བཅས། །དབང་སྡུད་མངའ་དབང་བསྒྱུར་བར་གྱུར། །ཀུན་གྱི་སྙིང་པོའི་ཡང་བཅུད་རྣམས། །བདག་དང་མདུན་བསྐྱེད་གཙོ་མོ་ལ། །འབུལ་བཞེས་དཔལ་འབྱོར་འདོད་དགུའི་ཆར། །དངོས་གྲུབ་མཚོ་ལ་ཆར་བབས་གྱུར། །ༀ་གྷ་མུ་ཨ་ཙི་ཏ། ཤྭ་ར་དྷརྨ་ཏཱ་ར། མ་མ་ཙཀྲ་སྭཱ་ཧཱ། ཡར་འདུས།


SPN003_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་འདུས། རཱ་ཛ་རཱ་ཛ་འདུས། མ་མ་ཛྙཱ་ན་ཏཱ་ར་འདུས། གྷ་མུ་ས་མ་ཡ་ཏཱ་ར། དེ་མ་ཌཱ་ཀི་ནི་ཡེ། མ་མ་ཨཱ་ཡུ་པུཎྱེ་པུཥྚིཾ་ལོ་ཀ་ཝ་ཤང ཀུ་རུ་སརྦ་རཏྣ་སིདྡྷི་ཕ་ལ་ཛཿཧཱུྃ། ཞེས་འདོད་གསོལ་སྤེལ་ཚིག་ཅན་གྱི་བསྙེན་པ་ལ་འབད་པར་བྱའོ། །འཁོར་རྣམས་འོད་ཟེར་སྤྲོ་བསྡུ་ལ་འདྲེན་པ་ཙམ་ལས་སྔགས་ཟུར་དུ་མེད་པ་ནི། གཙོ་མོ་ཉིད་ལ་གནད་དུ་བསྣུན་པས་འཁོར་རྣམས་ཤུགས་ཀྱིས་འགྲུབ་པར་འགྱུར་བ་ནི་གནད་ཐུན་མོང་མ་ཡིན་པའོ། །འདི་ཉིད་འགྲུབ་པའི་རྟགས་ནི། བུད་མེད་ཆས་བཟང་གིས་ཟས་ནོར་སྟེར་བ་དང་། ཉི་མ་འཆར་བ་དང་། རི་ལ་ཕྱིན་པ། མེ་ཏོག་འཐུ་བ། འཇའ་ཤར། འབྲུ་ཡི་རིགས་སྨིན་པ་དང་སྐྱེ་བ་རྨིས་ན་དངོས་གྲུབ་ཉེ་བའི་ལྟས་དང་། སེམས་འཚུབས། ཏིང་འཛིན་མི་གསལ། བྱིངས་རྨུགས། རྨི་ལམ་དུ་བུད་མེད་ཁྲོ་བ། གོས་ངན་ཅན་དང་མཛེ་མོའི་གཟུགས་དང་མཚན་མ་སྟོན་པ་སོགས་བྱུང་ན། ཉམས་གྲིབ་ཀྱི་རྟགས་དང་མཆོད་པ་དམན་པ་ཡིན་པས། མདུན་བསྐྱེད་ཀྱི་སྤྱི་བོར་རྡོར་སེམས་བསྐྱེད་ལ་ཡིག་བརྒྱ་བཟླ། འདི་ཉིད་ཀྱི་སྐོང་བ་དང་བཤགས་པ་ནན་ཏན་དུ་འབད་པར་རིགས་སོ། །དེ་ནས་མཆོད་པའི་རིམ་པ་ལ། །བྱིན་རླབས་བསངས་སྦྱངས་སྤེལ་བ་རྣམས། །སྔོན་དུ་སོང་ཞིང་མཆོད་པའི་རྫས། །ཡིད་འོང་ཀུན་ཏུ་བཟང་པོ་ཡི། །སྨོན་ལམ་ཇི་བཞིན་བསྐྱེད་ལ་ཕུལ། །ༀ་ཨཱཿཧཱུྃ། ཆོས་སྐུ་ཀུན་ཏུ་བཟང་པོ་དང་། །ལོངས་སྐུ་ཁྱབ་བདག་རྡོ་རྗེ་འཆང་། །སྤྲུལ་སྐུ་རྒྱལ་དབང་པདྨ་འབྱུང་། །ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་ནས། །སངས་རྒྱས་བྱང་སེམས་སྲས་དང་བཅས། །རྣལ་འབྱོར་དབང་ཕྱུག་ཏེ་ལོ་


SPN003_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ནཱ་རོ་མར་མི་སྒམ་པོ་པ། །དུས་མཁྱེན་ཕག་གྲུ་རས་ཆེན་ཞབས། །ཀརྨ་པ་སོགས་ཀཾ་ཚང་གི། །སྙིང་པོ་དོན་གྱི་བརྒྱུད་རྣམས་དང་། །ཨ་མེས་ཚུལ་ཁྲིམས་རྒྱ་མཚོ་དང་། །སྲས་བཞི་ཀྱུ་རའི་གདུང་བརྒྱུད་ཀྱི། །སྐྱེས་མཆོག་འཇིག་རྟེན་གསུམ་མགོན་པོ། །འབྲི་གུང་རིན་ཆེན་སྒྲུབ་བརྒྱུད་ཀྱི། །གྲུབ་བརྙེས་བླ་མ་རིམ་བྱོན་དང་། །བདེ་དགྱེས་གསང་འདུས་མཱ་ཡཱ་དང་། །རྣལ་འབྱོར་མ་སོགས་རྒྱུད་སྡེ་བཞིའི། །རབ་འབྱམས་དཀྱིལ་འཁོར་ལྷ་ཡི་ཚོགས། །གནས་གསུམ་སྐྱོང་བའི་དཔའ་བོ་དང་། །ཌཱ་ཀི་ཆོས་སྲུང་དཔལ་མགོན་པོ། །ཡབ་གཅིག་ལེགས་ལྡན་བིང་བེར་ནག །གུར་དང་ཞལ་བཞི་རང་བྱུང་རྒྱལ། །རྣམ་སྲས་ཛཾ་ལྷ་དཔལ་མོ་སོགས། །ཕོ་རྒྱུད་མོ་རྒྱུད་དམ་ཅན་ཚོགས། །སྤྱན་དྲངས་མདུན་མཁར་གསལ་བར་གྱུར། །ཧྲཱིཿ ལྷ་སྨན་མཁའ་འགྲོའི་གཙོ་མཆོག་མ། །ཨ་ཕྱི་ཆོས་ཀྱི་སྒྲོལ་མ་དང་། །ཞི་རྒྱས་དབང་དྲག་མཁའ་འགྲོ་བཞི། །ཚེ་རིང་མཆེད་ལྔ་ལ་སོགས་པ། །དབང་ཕྱུག་མ་མོ་ཉི་ཤུ་བརྒྱད། །བརྟན་མ་བཅུ་གཉིས་སྐྱོང་མ་དང་། །ཟ་གསོད་འཕྲོག་བྱེད་གཏུམ་མོ་དང་། །སྲོག་གི་སྤུ་གྲི་ཤ་ཟ་མོ། །སྤྲུལ་དང་ཡང་འཁོར་བསམ་འདས་རྣམས། །ཕྱོགས་མཚམས་བཀའ་སྡོད་ཕྱག་གཉན་མ། །མུ་རན་སྐྱོང་བར་ཁས་བླངས་ཤིང་། །སངས་རྒྱས་བསྟན་ལ་འདུད་པ་དང་། །རིག་འཛིན་པདྨའི་དམ་ཚིག་ཅན། །ཁྱེད་རྣམས་མཆོད་པའི་བྱེ་བྲག་ནི། །ཁམས་


SPN003_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྣོད་བཤམས་ནང་བཅུད་ཀྱི། །སྣང་སྲིད་འདོད་ཡོན་རི་ལྟར་སྤུངས། །མཚོ་ལྟར་བསྐྱིལ་ཞིང་ཉི་ལྟར་གསལ། །ཀུན་བཟང་སྨོན་ལམ་ཇི་བཞིན་དུ། །ཟག་མེད་ཡེ་ཤེས་བདུད་རྩི་དངོས། །སྦྱངས་སྤེལ་བསྒྲུབ་པའི་མཆོད་པའི་སྤྲིན། །མཁའ་དབྱིངས་གང་བར་འཕྲོ་བར་གྱུར། །དེ་ནས་དང་པོ་ཕྱི་མཆོད་འབུལ་བ་ནི། ཧོ། །དཔལ་མགོན་གྱུར་བླ་མ་ཡི་དམ་དང་། །ཆོས་སྐྱོང་དང་མཁའ་འགྲོ་རྒྱ་མཚོའི་གཙོ། །མ་ཆོས་ཀྱི་སྒྲོལ་མ་འཁོར་བཅས་ལ། །ཆུ་ཡན་ལག་བརྒྱད་ལྡན་ཡིད་འོང་འདིར། །དགྱེས་པ་དང་བརྩེ་བའི་ངང་དུ་རོལ། །ༀ་ཤྲཱི་མཱན་གུ་རུ་དེ་ཝ་དྷརྨ་པཱ་ལ་ཌཱ་ཀི་ནི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། འདི་རིགས་འགྲེའོ། །དཔལ་མགོན་གྱུར༴ ཆོས་སྐྱོང་དང་༴ མ་ཆོས་ཀྱི༴ ཞབས་བསིལ་བྱེད་དལ་འབབས་ཟེགས་མ་སྦྲེང་། །དགྱེས་པ་དང་༴ ༀ་ཤྲཱི་མཱན་སོགས་ནས། བཛྲ་པདྱཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དཔལ་མགོན༴ ཆོས་སྐྱོང་༴ མ་ཆོས་ཀྱི༴ མདངས་ལྡན་གྱི་པདྨའི་ཚལ་ཆེན་འདི། །དགྱེས་པ༴ ༀ་ཤྲཱི་མཱན་སོགས། བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དཔལ་མགོན༴ ཆོས་སྐྱོང་༴ མ་ཆོས་ཀྱི༴ བསུང་ངད་ལྡན་སྤོས་སྤྲིན་དྲྭ་བ་འཐུལ། །དགྱེས་པ༴ ༀ་ཤྲཱི་མཱན་སོགས། བཛྲ་དྷུ་པེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དཔལ་མགོན༴ ཆོས་སྐྱོང་༴ མ་ཆོས་༴ སྣང་གསལ་བྱེད་ཉི་ཟླའི་འོད་ལྟར་འཚེར། །དགྱེས་པ༴


SPN003_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཤྲཱི་མཱན་སོགས། བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དཔལ་མགོན༴ ཆོས་སྐྱོང་༴ མ་ཆོས་ཀྱི༴ དྲི་གུར་གུམ་གེ་སར་བྱུགས་པའི་ཆབ། །དགྱེས་པ།༴ ༀ་ཤྲཱི་མཱན་སོགས། བཛྲ་གནྡྷེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དཔལ་མགོན༴ ཆོས་སྐྱོང་༴ མ་ཆོས་ཀྱི༴ བཅུད་ལྷ་ཡི་ཞལ་ཟས་རོ་བ རྒྱ་ལྡན། །དགྱེས་པ༴ ༀ་ཤྲཱི་མཱན་སོགས། བཛྲ་ནཻ་ཝིདྱ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དཔལ་མགོན་གྱུར༴ ཆོས་སྐྱོང་༴ མ་ཆོས༴ སྒྲ་སྙན་པའི་རིག་བྱེད་སྣ་ཚོགས་ལྡིར། །དགྱེས་པ༴ ༀ་ཤྲཱི་མཱན་སོགས། བཛྲ་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། རོལ་མོའི་རིགས་འབུད་བརྡུང་དཀྲོལ་བར་བྱའོ། །འདོད་ཡོན་ལྔ་འབུལ་བ་ནི། རྨད་བྱུང་མཚར་སྡུག་ལང་ཚོ་བཀྲ། །སྙན་དབྱངས་ཀ་ལ་པིངྐའི་འགྱུར། །གདུང་སེལ་ཧ་རི་ཙནྡན་དྲི། །རྩི་བཅུད་དྭངས་མའི་ཟས་མཆོག་བཤམས། །དབང་གཞུ་ལྟར་མཛེས་ལྷའི་རེག་བྱ། །འདོད་ཡོན་ལྔ་ཡི་མཆོད་པ་ཡང་། །འབུལ་གྱི་དགྱེས་བརྩེས་རོལ་པར་མཛོད། །ༀ་ཤྲཱི་མཱན་སོགས་སྔགས་གོང་དང་འདྲ། བཛྲ་རཱུ་པ། ཤབྡ། གནྡྷེ། ར་ས། སྤཪྴེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་ནས་བཀྲ་ཤིས་པའི་རྟགས་བརྒྱད་འབུལ་བ་ནི། རིན་ཆེན་མུ་ཏིག་ཟ་འོག་བརྒྱན་པ་ཡི། །ནོར་བུའི་ཏོག་ཅན་གདུགས་བཟང་གསེར་ཉ་འཁྱུགས། །དགོས་འདོད་འབྱུང་བའི་བུམ་པ་ཆུ་སྐྱེས་ཀྱི། །པདྨ་འདབ་སྟོང་སྐྱེ་བ་


SPN003_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པའི་དུང་། །དཔལ་བེའུ་མི་ནུབ་རྒྱལ་མཚན་ལྷབ་ལྷུབ་གཡོ། །གསེར་གྱི་འཁོར་ལོ་བཀྲ་ཤིས་རྟགས་བརྒྱད་འབུལ། །ༀ་ཤྲཱི་མཱན་སོགས། ཨཥྚ་མངྒ་ལམ་ཧེ་ཏུ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། བཀྲ་ཤིས་པའི་རྫས་བརྒྱད་འབུལ་བ་ནི། སྒྲིབ་མེད་རྙོག་པ་དང་བྲལ་མེ་ལོང་རབ་ཏུ་གསལ། །ཉོན་མོངས་དུག་གསུམ་འཆིང་བ་སེལ་བྱེད་གི་ཧཾ་དང་། །རྩི་དང་བཅུད་ཀྱི་སྙིང་པོ་རྣམ་པར་དག་གཙང་ཞོ། །ཚེ་གྲངས་མེད་པར་འཕེལ་འགྱུར་སྔོ་འཇམ་དུར་ཝའི་རྩྭ། །ཡིད་ལ་འདོད་འཇོ་ལྷུན་གྱིས་གྲུབ་སྟེར་བིལ་བའི་འབྲས། །ཆོས་ཀྱི་སྒྲ་དབྱངས་སྲིད་ན་ལྡིར་བའི་གཡས་འཁྱིལ་དུང་། །བརྟན་གཡོ་མ་ལུས་དབང་དུ་སྤེལ་བྱེད་ལི་ཁྲི་སྟེ། །བདུད་བཞིའི་དཔུང་གཞོམ་ཡུངས་ཀར་བཀྲ་ཤིས་རྫས་མཆོག་རྣམས། །འབུལ་གྱི་ཐུགས་རྗེས་བརྩེ་དགོངས་དགྱེས་པར་རོལ་པར་མཛོད། །ༀ་ཤྲཱི་མཱན་སོགས། ཨཥྚ་མངྒ་ལམ་དྲ་བྱ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། རྒྱལ་སྲིད་སྣ་བདུན་འབུལ་བ་ནི། གླིང་བཞིར་དབང་བསྒྱུར་འཁོར་ལོ། །དགོས་འབྱུང་ཡིད་བཞིན་ནོར་བུ། །བདེ་སྟེར་བཙུན་མོ་རིན་ཆེན། །ཟབ་ཡངས་འཕྲུལ་ལྡན་མི་བདག །སྟོབས་བཅུ་ལྡན་པ་གླང་པོ། །རྫུ་འཕྲུལ་རྩལ་ལྡན་རྟ་མཆོག །ཕས་རྒོལ་ཚར་གཅོད་དམག་དཔོན། །རྒྱལ་སྲིད་རིན་ཆེན་བདུན་ཡང་། །འབུལ་གྱི་དགྱེས་བརྩེར་རོལ་ཅིག །ༀ་ཤྲཱི་མཱན་སོགས། སབྟ་རཏྣ་པྲ་ཏཱིཙྪ་ཡེ་


SPN003_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། ཞེས་ཕྱི་མཆོད་ཀྱི་རིམ་པ་རྣམས་གྲུབ་ནས། ནང་མཆོད་སྨན་གྱི་བདུད་རྩི་འབུལ་བ་ནི། ༀ། ཐོད་པ་མཚན་ལྡན་ཡངས་པའི་ནང་། །རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི། །སྨན་མཆོག་ཡེ་ཤེས་བདུད་རྩི་དངོས། །འབུལ་གྱི་དགྱེས་བརྩེར་དགོངས་ཤིང་རོལ། །ༀ་ཤྲཱི་མཱན་སོགས། པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། རཀྟའི་མཆོད་པ་འབུལ་བ་ནི། ཨཱཿ ལྕང་ལོར་བཅས་པའི་ཀ་པཱ་ལར། །རྒྱུ་དྲུག་བསྒྲལ་བའི་དམར་ཆེར་བསྐྱིལ། །ཆགས་མེད་རཀྟའི་རྦ་རླབས་སྦྲེངས། །འབུལ་གྱི་དགྱེས་བརྩེར་དགོངས་ཤིང་རོལ། །ༀ་ཤྲཱི་མཱན་སོགས་དང་། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། གཏོར་མའི་མཆོད་པ་ནི། ཧཱུྃ། ཨཱིནྡྲ་ནཱི་ལའི་པད་སྣོད་ནང་། །འབྲུ་བཅུད་རིན་ཆེན་སྨན་སྦྱར་བའི། །དཀར་དམར་རྒྱན་མཛེས་བདུད་རྩིས་བྲན། །གཏོར་ཆེན་འབུལ་གྱི་དགྱེས་བརྩེར་རོལ། །ༀ་ཤྲཱི་མཱན་སོགས་དང་། །མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧི། དེ་ནས་གསང་མཆོད་འབུལ་བ་ནི། ཧྲཱིཿ ཐབས་ཤེས་གཉིས་མེད་ཟུང་འཇུག་སྦྱོར། །བདེ་ཆེན་དགའ་བཞི་ཡེ་ཤེས་དངོས། །བླ་མེད་གསང་བའི་མཆོད་པ་སྟེ། །ཟག་མེད་བདེ་བའི་ངང་དུ་རོལ། །ༀ་ཤྲཱི་མཱན་སོགས་དང་། མ་ཧཱ་སུ་ཁ་ཨཱཿཧཱུྃ་སྭཱ་ཧཱ། དེ་ནས་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཆེན་པོ་ནི། ཧོ། ཆོས་ཀུན་གདོད་ནས་སྟོང་པ་ལ། །བློས་བྱས་གཉིས་འཛིན་ཆོས་རྣམས་ཀྱང་། །ཡེ་ཤེས་རང་སྣང་རྩལ་ལས་


SPN003_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། །མ་འགགས་རང་གསལ་ངང་དུ་འབུལ། །ༀ་ཤྲཱི་མཱན་སོགས་ནས། དྷརྨ་དྷརྟུ་ཤུནྱཱ་ཏ་ཛྙཱ་ན་གརྦྷ་ཨཿཧཱུྃ། དེ་ལྟར་མཆོད་པ་ཕུལ་བ་ཡིས། །རྩ་གསུམ་སྐུ་གསུང་ཐུགས་མཉེས་ནས། །བདག་གཞན་བསོད་ནམས་ཚོགས་རྫོགས་ཤིང་། །མ་ཚོགས་མཆོད་པས་དགྱེས་གྱུར་ནས། །རྣམ་བཞིའི་ཕྲིན་ལས་དངོས་གྲུབ་ཀྱི། །ཆར་གྱི་དཔལ་འབྱོར་རྒྱས་པར་བསམ། །དེ་ནས་ལྷ་ཚོགས་མ་ལུས་པར། །སྙན་དབྱངས་ཡན་ལག་རྒྱ་མཚོ་ཡིས། །ཕྱག་འཚལ་བསྟོད་པར་འཇུག་པ་ནི། ༀ་སྐྱེ་འགགས་གནས་བྲལ་རང་བཞིན་ཀློང་ཡངས་ནས། །སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དང་། །དཔའ་བོ་མཁའ་འགྲོ་ཆོས་ཀྱི་སྲུང་མའི་ཚོགས། །ཐུགས་རྗེའི་སྣང་བྱེད་འོད་ཀྱིས་ཞིང་ཀུན་ཁྱབ། །རྨད་བྱུང་བྱིན་རླབས་སྤྲིན་ཕུང་ཐིབས་སེ་ཐིབ། །མཆོག་ཐུན་དངོས་གྲུབ་ཆར་རྒྱུན་སི་ལི་ལི། །གུས་པས་ཐལ་སྦྱར་ཀུ་མུཏ་ཟུམ་བྱས་ནས། །རྩ་གསུམ་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ། །དོན་དམ་ཆོས་ཀྱི་དབྱིངས་ཀྱི་ངང་ཉིད་ལས། །མ་འགགས་རང་རྩལ་སྒྱུ་འཕྲུལ་གར་སྟོན་པའི། །དུ་མ་རོ་གཅིག་སྣང་སྟོང་བདེ་ཆེན་སྐུ། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད། །གདོད་ནས་དོན་གྱི་ཡེ་ཤེས་མངོན་གྱུར་ཀྱང། །སྙིང་རྗེས་འགྲོ་ལ་རྗེས་ཆགས་བྱང་སེམས་བློས། །ཐབས་མཁས་གང་འདུལ་སྤྲུལ་པའི་སྐུར་བཞེངས་མ། །བཅོམ་ལྡན་དྷརྨ་ཏཱ་རར་ཕྱག་འཚལ་བསྟོད། །ཐུགས་རྗེ་གཏིང་མཐའ་མེད་པའི་


SPN003_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་ལས། །སྲིད་ཞིའི་གདུང་སེལ་རིག་འཛིན་ཡིད་བཞིན་དབང་། །དགོས་འདོད་བྱང་ཆུབ་ནོར་གྱི་མཆོག་རྣམས་ཀྱི། །སྐྱེད་པའི་ཡུམ་གྱུར་མ་ལ་ཕྱག་འཚལ་བསྟོད། །ལྟ་བས་མི་ངོམས་གཟུགས་སྐུ་མཚན་བཟང་བཀྲ། །ཚངས་པའི་དབྱངས་ལྡན་ཟབ་ཞི་སྤྲོས་བྲལ་ཐུགས། །ཚད་མེད་རྣམ་བཞིས་འགྲོ་བའི་དོན་མཛད་མ། །ཨ་ཕྱི་ཆོས་ཀྱི་སྒྲོལ་མར་ཕྱག༴ ཉོན་མོངས་ལས་ཀྱི་ནད་གདོན་ཞི་མཛད་ཅིང་། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་བྱེད་མ། །སྣང་སྲིད་དབང་སྡུད་གདུག་པའི་དགྲ་བགེགས་བསྒྲལ། །མཆེད་ཟླ་མཁའ་འགྲོ་སྡེ་བཞིར་ཕྱག༴ དཔུང་གི་ཤུགས་འཆང་ཟ་བྱེད་དཔའ་མོའི་གཙོ། །བསྟན་དང་བསྟན་འཛིན་ཕྲིན་ལས་སྤེལ་བའི་གྲོགས། །རིགས་ཀྱི་ཡུམ་ཆེན་ལྔ་ལ་ཕྱག༴ དམ་ཚིག་རྗེས་གཅོད་བཀའ་ཡི་བྱ་ར་བ། །དབང་མོ་ཉེར་བརྒྱད་བརྟན་མ་སྐྱོང་རྣམས་དང་། །ཟ་གསོད་འཕྲོག་བྱེད་ཕོ་ཉ་ཤན་པའི་ཚོགས། །མཐུ་དང་རྩལ་ལྡན་རྣམས་ལ་བསྟོད་པར་བགྱི། །དེ་ལྟར་བསྟོད་ནས། རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ། །དགྱེས་མཆོད་ཁྱད་པར་རྨད་བྱུང་བ། །གསང་པ་དམ་རྫས་ཚོགས་འཁོར་ལོ། །འབུལ་བའི་རིམ་པ་བསྟན་པར་བྱ། །དང་པོ་ཚོགས་སྦྱངས་སྤེལ་ནི། ཧྲཱིཿ རང་ཉིད་བླ་མར་གསལ་བ་ཡི། །ཐུགས་ལས་འོད་ཟེར་སྐར་ལྟར་འཕྲོས། །ཞལ་ཟས་འདོད་ཡོན་ཚོགས་ལ་ཐིམ། རྃ་ཡྃ་ཁྃ་གིས་བསྲེག་གཏོར་བཀྲུས། །སླར་ཡང་ༀ་ཨཱཿཧཱུྃ་འཕྲོས་ནས། །ཟག་མེད་


SPN003_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་བདུད་རྩིར་བསྒྱུར། །ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་བ རླབས་ལ། ཚོགས་དང་པོ་འབུལ་བ་ནི། ཧྲཱིཿ བླ་མེད་བླ་མ་རྒྱལ་དང་སྲས། །ཡི་དམ་ཆོས་སྐྱོང་ཌཱ་ཀིའི་ཚོགས། །དམ་རྫས་ཚོགས་ཀྱི་འཁོར་ལོ་ཡི། །མཆོད་བཞེས་དབང་དང་དངོས་གྲུབ་སྩོལ། །གྷ་ན་ཙཀྲ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧཱི། ཞེས་ཚོགས་ཕུད་ཕུལ་ནས། བར་པ་བསྐང་བཤགས་ནི། ཚོགས་དང་བསྐང་གཏོར་མཆོད་པ་རྣམས་གསོ་བྲན་ལེགས་པར་བྱས་ཏེ། སྨན་གཏོར་རཀྟ་སྦྲེང་ཞིང་སྤོས་བསྲེག །རོལ་མོ་ལྡིར་ལ་འདི་སྐད་དོ། །ཧྲཱིཿ ཕྱི་སྣོད་སྣང་སྲིད་རབ་འབྱམས་ཞིང་། །ཀུན་བཟང་མཆོད་པའི་སྤྲིན་སྤྲོ་བའི། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །ལྷ་ཚོགས་དགྱེས་པ་སྐོང་བྱེད་གྱུར། །ༀ་སརྦ་དྷརྨ་སུ་ཙ་པཉྩ་རཏྣ་ཀ་ཡ་གོ་ཏེ་བི་བྷ་བ་ཀཿསྭ་བྷཱ་ཝ་ཤུདྡྷ྅ཾ། ཧྲཱིཿ ཡེ་ནས་མ་བཅོས་རང་བྱུང་སྤྲོས་བྲལ་དབྱིངས། །ཆོས་སྐུ་ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང། །རང་མདངས་མ་འགགས་རྩལ་ལས་ལོངས་སྤྱོད་སྐུ། །ལྔ་ལྡན་རྡོ་རྗེ་འཆང་ཆེན་ཐུགས༴ གང་འདུལ་སྤྲུལ་བསྒྱུར་གར་གྱི་རོལ་རྩེད་ཅན། །ཨོ་རྒྱན་པདྨཱ་ཀ་རའི༴ ཕྱོགས་བཅུའི་ཞིང་བཞུགས་དུས་གསུམ་འགྲོ་ལ་གཟིགས། །སངས་རྒྱས་བྱང་སེམས་རྣམས་ཀྱི༴ རབ་འབྱམས་ཡེ་ཤེས་དཀྱིལ་འཁོར་ཀློང་ཡངས་ནས། །ཡི་དམ་རྒྱུད་སྡེ་བཞི་ཡི༴ གནས་གསུམ་རང་བཞིན་དག་པའི་ཞིང་ཁམས་ནས། །གྲུབ་ཆེན་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་། །ཡེ་ཤེས་ལས་དང་འཇིག་རྟེན་ཆོས་སྲུང་མ། །དྲེགས་བྱེད་དམ་ཅན་རྒྱ་མཚོའི་


SPN003_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐང་། །བྷྱོ། བཅོམ་ལྡན་རྡོ་རྗེ་བཙུན་མོའི་རྣམ་པར་འཕྲུལ། །རིག་འཛིན་གསང་བའི་དགྱེས་སྡེ་དབྱིངས་ཕྱུག་མ། །བསྟན་སྐྱོང་མཁའ་འགྲོའི་གཙོ་མོ་དཔལ་འབར་མ། །མ་གཅིག་དྷརྨ་ཏཱ་རའི་ཐུགས་དམ་བསྐང་། །ཡེ་ཤེས་ཌཱ་ཀི་གཙུག་ན་ནོར་བུ་དང་། །དམ་ཚིག་མཁའ་འགྲོ་ཆེན་མོ་ཡིད་བཞིན་ནོར། །དབང་གི་ལྷ་མོ་ཁམས་གསུམ་གཟི་འཕྲོག་ཕྱེད། །གཏུམ་མོ་ལ་སོགས་སྡེ་བཞིའི་ཐུགས་དམ་བསྐང་། །ལྷ་སྨན་རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །རྡོ་རྗེ་ཁྲོས་མ་རྡོ་རྗེ་བཞད་པ་མོ། །རྡོ་རྗེ་དཔལ་མོ་རྡོ་རྗེ་གར་མཁན་མ། །བཀྲ་ཤིས་ཚེ་རིང་མཆེད་ལྔའི་ཐུགས་དམ་བསྐང་། །གཞན་ཡང་དབང་ཕྱུག་རྣལ་འབྱོར་ཉེར་བརྒྱད་དང་། །བརྟན་མ་བཅུ་གཉིས་ཟ་གསོད་འཕྲོག་བྱེད་ཀྱི། །ཤ་ཟ་མཁའ་འགྲོ་སྤྲུལ་དང་ཡང་སྤྲུལ་ཚོགས། །དམ་ལྡན་བཀའ་ཉན་ཡོངས་ཀྱི་ཐུགས་དམ་བསྐང་། །ཧཱུྃ། ཐུགས་དམ་བསྐང་བའི་དམ་རྫས་ནི། །ཡོན་ཆབ་བདུག་སྤོས་སྣང་གསལ་དྲི། །ཞལ་ཟལ་རོལ་མོ་འདོད་ཡོན་ལྔ། །བཀྲ་ཤིས་རྟགས་བརྒྱད་རྫས་མཆོག་བརྒྱད། །རྒྱལ་སྲིད་རིན་ཆེན་སྣ་བདུན་དང་། །རི་རབ་ལྷུན་པོ་གླིང་བཞི་དང་། །གླིང་ཕྲན་རོལ་མཚོ་ཁོར་ཡུག་བཅས། །ཕྱི་ཡི་མཆོད་པས་ཐུགས་དམ་བསྐང་། །ཡེ་ཤེས་ལྔ་ལྡན་ཨ་མྲྀ་ཏ། །འཁོར་བ་ཡོངས་བསྒྲལ་རཀྟ་དང་། །འབྲུ་སྨན་རིན་ཆེན་གཏོར་མར་སྦྱར། །ནང་གི་


SPN003_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པས་ཐུགས་དམ་བསྐང་། །ཁྱད་པར་བསྐང་བའི་དམ་རྫས་ནི། ཟག་མེད་བདུད་རྩིར་བྱིན་བརླབས་པའི། །ཚོགས་གཏོར་ཤ་ལྔ་བདུད་རྩི་ལྔས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང། །གཞན་ཡང་ནོར་དབྱིག་ལོངས་སྤྱོད་མཛོད། །མདའ་དར་རྒྱན་ལྡན་རྟེན་གཏོར་དང་། །ཟ་ལེ་ཤེལ་སྒོང་ཅང་ཤེས་འབྲོང་། །དཀོར་ནོར་སྣ་ཚོགས་ཕྱི་ཡི་རྟེན། །ཁྲུང་ཁྲུང་དཀར་མོ་དུང་མདོག་ཅན། །ཡིད་འོང་རྒྱལ་མཚན་ནང་གི་རྟེན། །མཛེས་པའི་སྐུ་འབག་སྦ་ལྕག་དང་། །སྙིང་པོ་ཛབ་བཟླས་བསྟོད་པའི་དབྱངས། །རྡོ་རྗེའི་གླུ་བསྐུལ་སྙན་པའི་སྒྲ། །དངུལ་དཀར་དྲི་མེད་ཨཱ་དཪྴ། །སྐུ་གསུང་ཐུགས་ཀྱི་རྟེན་རྫས་དང་། །སྨན་སྤོས་སྣ་ཚོགས་སིལ་སྙན་དང་། །རོལ་མོའི་བྱེ་བྲག་ཡོན་ཏན་དང་། །ཕྲིན་ལས་རྟེན་གྱི་ཐུགས་དམ་བསྐང་། །མི་འབྲལ་ཕྲིན་ལས་ཀུན་བསྒྲུབ་ཕྱིར། །རྟེན་དང་རྒྱུན་གྱི་གཏོར་མ་དང་། །ཕུད་གཙང་གསེར་སྐྱེམས་ཤེལ་སྣོད་བཤམས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་གཉེན་པོ་བསྐང་གྱུར་ཅིག། རྩ་གསུམ་ལྷ་ཚོགས་ཐུགས་དམ་བསྐང་། །ཡུམ་གྱུར་མ་ཡི་ཐུགས་དམ་བསྐང་། །དྷརྨ་ཏཱ་རའི༴ མཁའ་འགྲོའི་གཙོ་མོའི༴ བསྟན་སྲུང་ཆེན་མོའི༴ སྨན་བཙུན་ཆེན་མོའི༴ བཀའ་སྲུང་ལྷ་མོའི་ཐུགས་དམ་བསྐང་། །མ་ཚོགས་མཁའ་འགྲོ་བྱེ་བ་འབུམ། །


SPN003_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཆོས་སྲིད་དཔལ་གྲགས་ལོངས་སྤྱོད་རྒྱས། །སྣང་སྲིད་དབང་བསྒྱུར་བྲན་དུ་ཁོལ། །ནད་གདོན་བར་ཆད་ཞི་བ་དང་། །བྱད་ཕུར་རྦོད་གཏོང་ཆགས་ཆེ་ཟློག །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །ཅེས་ལྷ་ཚོགས་ཐུགས་དམ་བསྐང་ཞིང་། བཤགས་པ་ནི། ཧོཿ དཀོན་མཆོག་རྩ་གསུམ་ཡེ་ཤེས་ཀྱི། །སྤྱན་དང་ལྡན་རྣམས་དགོངས་སུ་གསོལ། །མ་ཚོགས་མཁའ་འགྲོ་རྒྱ་མཚོའི་ཚོགས། །རྣལ་འབྱོར་བདག་ལ་གསན་དུ་གསོལ། །སྐུ་གསུང་ཐུགས་དང་རྩ་བ་དང་། །ཡན་ལག་དམ་ཚིག་འགལ་ཞིང་ཉམས། །དམ་རྫས་མ་ཚང་ཏིང་འཛིན་གཡེལ། །མཆོད་གཏོར་ལོ་ཟླར་འགྱང་བ་དང་། །སྣོད་མིན་རྣམས་ལ་གསང་སྒྲོག་དང་། །ལུས་དང་ངག་ཡིད་འཆོལ་བར་སྤྱོད། །མི་དགེའི་ལས་གྱུར་ཐར་པའི་གེགས། །ཀུན་ཀྱང་བྱང་དག་ཚངས་པར་སྩོལ། །ༀ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། ༀ་བཛྲ་ས་ཏྭ་ས་མ་ཡཱ་སོགས་ཡིག་བརྒྱ་ལན་གསུམ་བརྗོད། དེ་ནས་ཚོགས་ཐ་མ་བསྒྲལ་བསྟབ་ནི། ན་མོ། རྩ་བ་གསུམ་དང་མཁའ་འགྲོ་མ། །འཁོར་བཅས་བཀའ་ཡི་བདེན་པའི་མཐུས། །བསྟན་དང་རྣལ་འབྱོར་འཚེ་བྱེད་པའི། །དགྲ་བགེགས་བྱད་མ་འདིར་ཁུག་ཅིག། ཨ་ཀཪྵ་ཡ་ཛཿཛཿ ལན་གསུམ། བྷྱོ། ཤ་ཟ་ཌཱ་


SPN003_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཀིའི་དུས་ལ་བབས། །ཟ་གསོད་འཕྲོག་བྱེད་གཏུམ་མོའི་ཚོགས། །མཚོན་ཆ་སྣ་ཚོགས་ཐོགས་པ་ཡིས། །གནོད་བྱེད་ཕུང་ཁམས་རྡུལ་དུ་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྟིམས། །སརྦ་དུཥྚཾ་ཤ་ཏྲུཾ་མཱ་ར་ཡ་རྦད། ཀྱིས་བསྒྲལ་ནས་ཞལ་བསྟབ་ནི། དགྲ་བགེགས་ཤ་ཁྲག་དོན་སྙིང་རྣམས། །ཡེ་ཤེས་བདུད་རྩིར་བསྒྱུར་བྱས་ནས། །རྩ་གསུམ་དཀྱིལ་འཁོར་རྒྱ་མཚོ་དང་། །མ་ཚོགས་བྱེ་བ་འབུམ་སྡེ་ཡི། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་དོན་སྙིང་རྣམ་ལྔ་བཞེས་སུ་གསོལ་ཁཱ་ཧི། ཞེས་ཕུལ་ནས། སྐབས་འདིར་ཚོགས་ལ་ལོངས་སྤྱོད་ཅིང་ལྷག་མ་རྣམས་བྲན་ལ། ༀ་ཨཱཿཧཱུྃ་གིས་བྱིན་བརླབས་ནས་རྐང་གླིང་དང་བཤུག་པའི་སྒྲས་ལྷག་སྡུད་རྣམས་བཀུག་པ་ནི། བྷྱོ། དཀྱིལ་འཁོར་མུ་རན་སྐྱོང་བ་ཡི། །ཤར་ལྷོ་ནུབ་བྱང་དབང་ཕྱུག་མ། །རྣལ་འབྱོར་དཀར་སེར་དམར་ལྗང་མདོག །མགོ་བརྙན་ཕྱག་མཚན་སྣ་ཚོགས་སྟོན། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །ནད་གདོན་ཞི་ཞིང་ཚེ་བསོད་རྒྱས། །ཁམས་གསུམ་དབང་སྡུད་དགྲ་བགེགས་སྒྲོལ། །ལས་བཞིའི་ཕྲིན་ལས་ཐོགས་མེད་དུ། །མྱུར་དུ་སྒྲུབས་ཤིག་ས་མ་ཡ། །ཨུཙྪིཥྚ་བྷཀྵ་སི་སྭཱ་ཧཱ། ཞེས་འབུལ་ནས་བཤལ་ཆུ་ཤིན་ཏུ་ལྷག་མ་ལ་དབང་བ་རྣམས་ལ་སྦྱིན་ནོ། །དེ་ནས་ཐུགས་དམ་བསྐུལ་བ་ནི། བྷྱོ། མཁའ་དབྱིངས་ཨཱིནྡྲ་ནཱི་ལའི་མདངས་འཚེར་བའི། །


SPN003_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་གསལ་འོད་འབར་སྲ་བརྟན་གཡུ་ཡི་བྲག །གཏེར་སྒྲོམ་ཤེལ་གྱི་ཕོ་བྲང་ནང་ཤེད་ནས། །ཆེ་ཞེས་སྲིད་པའི་རྒྱལ་མོ་མཐུ་ཆེན་མ། །རིག་འཛིན་རྒྱུད་ཀྱི་སྲུང་མ་ཐུགས་དམ་ཅན། །རྣལ་འབྱོར་དགྲ་ལྷ་ཆེན་མོ་འཁོར་དང་བཅས། །རྒྱལ་བའི་བསྟན་པ་བསྲུང་ཕྱིར་དབྱིངས་ནས་བསྐུལ། །སྒྲུབ་པའི་བར་ཆད་བསལ་ཕྱིར་དབྱིངས༴ ལས་བཞིའི་ཕྲིན་ལས་བཅོལ་ཕྱིར༴ བྱད་མ་རྦོད་གཏོང་བཟློག་ཕྱིར༴ འདིར་གཤེགས་དམ་རྫས་གཏོར་མ་འདི་བཞེས་ལ། །འཁོར་བཅས་ཐུགས་དམ་གཉན་པོའི་དུས་ལ་བབས། །དཀར་ཕྱོགས་སྡེ་དཔུང་ཀུན་གྱི་གཙོ་མོ་སྟེ། །བཀྲ་ཤིས་ཚེ་རིང་མཆེད་ལྔ་འཁོར་བཅས་ཀྱང་། །བསྙེན་ཅིང་སྒྲུབ་པའི་སྲུང་མ་གཡར་དམ་ཅན། །ཡེ་ཤེས་ལས་དང་འཇིག་རྟེན་ཌཱ་ཀིའི་ཚོགས། །སངས་རྒྱས་བསྟན་སྲུང་རྣལ་འབྱོར་ཚེ་དཔལ་སྤེལ། །རྐྱེན་ངན་བར་ཆད་བཟློག་ཕྱིར་དབྱིངས༴ བསྟན་དགྲ་སྒོས་དགྲ་བསྒྲལ་ཕྱིར་དབྱིངས་ནས༴ འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གཡེལ་མེད་བསྒྲུབ་པར་མཛོད། །ཅེས་བསྐུལ་ཏེ་དམར་གཏོར་གཉིས་དབུལ་བར་བྱའོ། །དེ་ནས་ཆད་ཐོ་ནི། བྷྱོཿ སྔོན་ཚེ་ཆོས་དབྱིངས་དག་པའི་དཀྱིལ་འཁོར་དུ། །བཅོམ་ལྡན་ཀུན་ཏུ་བཟང་མོའི་སྤྱན་སྔ་རུ། །བླ་མེད་དོན་དམ་བྱང་ཆུབ་སེམས་བསྐྱེད་ལྟར། །ཚད་མེད་སྙིང་རྗེ་ཆེན་པོས་བརྩེར་དགོངས་ནས། །མཆོག་ཐུན་དངོས་གྲུབ་སྩོལ་བར་མ་ཆད་དམ། །


SPN003_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་བཅུད་བྱིན་རླབས་འབེབས་པར་མ་ཆད་དམ། །དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོད། །དེ་འོག་གནས་མཆོག་གཏེར་སྒྲོམ་ཤེལ་བྲག་ཏུ། །ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་གི། །སྤྱན་སྔར་ལས་ཀྱི་མ་མོའི་སྐུར་བསྟན་ནས། །གསང་སྔགས་དཀྱིལ་འཁོར་སྐྱོང་བར་གཡར་དམ་བཅས། །དྲི་མེད་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན། །ཕྱོགས་མཐར་ཁྱབ་ཅིང་སྤེལ་བའི་ཕྲིན་ལས་གྲོགས། །ཞལ་བཞེས་ཐ་ཚིག་གཉན་ལ་མ་འདའ་བར། །མཆོད་གཏོར་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །དེ་འོག་ལྗོངས་འདིར་གཟུགས་སྐུའི་རྫུ་འཕྲུལ་གྱིས། །རིགས་སྲས་གདུང་རྒྱུད་སྤེལ་ཞིང་འགྲོ་དོན་སྐྱོངས ། །མཉམ་མེད་འཇིག་རྟེན་མགོན་པོའི་བཀའ་བསྒོས་བཞིན། །བཀའ་བརྒྱུད་བསྟན་པ་སྲུང་བར་མ་ཆད་དམ། །མ་འོངས་རྗེས་འཇུག་སྐྱོབ་པར་མ་ཆད་དམ། །ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཕྱི་ནང་བར་ཆད་རྐྱེན་ཟློགས་འགལ་རྐྱེན་སོལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོད། །ད་ལྟ་སྒྲུབ་པའི་བརྒྱུད་འཛིན་རྣལ་འབྱོར་གྱིས། །རྩ་གསུམ་དཀྱིལ་འཁོར་ཞལ་ཕྱེས་མཁའ་འགྲོའི་ཚོགས། །བསྙེན་ཅིང་བརྟེན་ནས་མཆོད་བསྟོད་བསྐུལ་བའི་ཚེ། །ཇི་ལྟར་དམ་ཚིག་བརྩེ་གདུང་འབྲལ་མེད་པར། །རྣལ་འབྱོར་སྲུང་ཞིང་སྐྱོབ་པར་མ་ཆད་དམ། །འཁོར་གྱི་ཕྲིན་ལས་ལྷ་མོ་བཞི་དང་ནི། །ཚེ་རིང་མཆེད་


SPN003_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་མ་ཚོགས་བྱེ་བ་འབུམ། །གཙོ་མོ་བཀའ་བཞིན་དམ་ཚིག་རྗེས་དྲན་ནས། །སྙིང་པོའི་བསྟན་པ་སྤེལ་དང་སྐྱོང་བ་དང་། །ལས་བཞིའི་དངོས་གྲུབ་སྩོལ་བར་མ་ཆད་དམ། །དམ་ཉམས་དགྲ་བགེགས་བྱད་མ་རྦོད་གཏོང་དང་། །ལྟས་ངན་ཆོ་འཕྲུལ་བཟློག་པར་མ་ཆད་དམ། །ཤ་ཁྲག་དམར་གྱི་གཏོར་མ་འདི་ལོངས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོད། །ཅེས་རོལ་ཆེན་དང་བཅས་གཏོར་མ་ཕུལ་ནས། གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་དང་། ཡུལ་ལྷ་སོགས་ལ་དཀར་གསུམ་ལྡན་པའི་གཏོར་འབུལ་ནི། ཨ་ཀཱ་རོས་བདུད་རྩིར་བྱིན་གྱིས་བརླབས་ལ། ཧཱུྃ་བྷྱོ། སྔོན་ཚེ་པདྨ་སམ་བྷཱ་ཝས། །དབང་བསྐུར་བཀའ་དང་དམ་ཚིག་ཅན། །ཚངས་དབང་བརྒྱ་བྱིན་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་བཅུ་དང་ལྷ་ཆེན་བརྒྱད། །ཀླུ་བརྒྱད་གཟའ་བརྒྱད་གནོད་སྦྱིན་བརྒྱད། །རྒྱུ་སྐར་ལྷ་མོ་ཉེར་བརྒྱད་དང་། །ལྷ་སྲིན་སྡེ་བརྒྱད་གཞི་བདག་དང་། །གཉུག་མར་གནས་པའི་འབྱུང་པོའི་ཚོགས། །མཆོད་སྦྱིན་གཏོར་མ་འདོད་ཡོན་ལྔ། །བཞེས་ནས་སངས་རྒྱས་བསྟན་པ་སྲུང་། །རྣལ་འབྱོར་སྐྱོང་ཞིང་ལས་བཞི་དང་། །ཐུན་མོང་དངོས་གྲུབ་འདོད་དགུའི་གཏེར། །མྱུར་དུ་འགྲུབ་པའི་སྡོང་གྲོགས་མཛོད། །གཞན་ཡང་བཅོལ་བའི་ཕྲིན་ལས་ཀུན། །ཐོགས་མེད་བདེ་བླག་བསྒྲུབ་ཏུ་གསོལ། །ཞེས་དཀར་གཏོར་ཕུལ། དེ་ནས་བརྟན་མ་སྐྱོང་བ་ནི། བྷྱོ།


SPN003_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་བལ་བོད་ཡུལ་ལྗོངས་སུ། །གནས་པའི་སྐྱོང་མ་ཡལ་གམ་ཅན། །རྡོ་རྗེ་ཀུན་གྲགས་ཡ་མ་སྐྱོང་། །ཀུན་བཟང་མ་དང་བགེགས་ཀྱི་གཙོ། །རྡོ་རྗེ་དཔལ་ལྡན་ཁྱུང་བཙུན་མ། །དྲག་མོ་རྒྱལ་དང་མཁའ་ལྡིང་མ། །ཀོང་བཙུན་རྡོ་རྗེ་སྨན་གྱི་ཡུམ། །གཡར་མོ་བསིལ་དང་ཟུ་ལེ་མ། །བདུད་མོ་གནོད་སྦྱིན་སྨན་མོ་སྟེ། །སྔོན་ཚེ་མཆིམས་ཕུའི་དབེན་གནས་སུ། །སློབ་དཔོན་པདྨ་ཐོད་ཕྲེང་དང་། །གླང་རི་དཔལ་གྱི་སེངྒེ་ཡིས། །དབང་བསྐུར་དཀྱིལ་འཁོར་མཐའ་སྐྱོང་བར། །ཁས་བླངས་ཐ་ཚིག་དྲན་པར་གྱིས། །བཀའ་ཡི་གཏོར་མ་འདི་ལོངས་ལ། །བསམ་པ་སྒྲུབས་ལ་ཚེ་བསོད་སྤེལ། །བར་ཆད་རྐྱེན་ཟློགས་ནད་ཡམས་ཀྱི། །དལ་ཁ་བསྒྱུར་ལ་མཚོན་རྩེ་ཐུལ། །བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོད། །མ་མ་ཧྲིང་ཧྲིང་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཞེས་གཏོར་མ་དང་བཤལ་ཆུ་ཕུལ། དེ་ནས་རྗེས་ཀྱི་རིམ་པ་ལ། གཏང་རག་གི་མཆོད་པ་འབུལ་བ་ནི། མཆོད་རྫས་རྣམས་གསོ་བྲན་ལེགས་པར་བྱས་ཏེ། བྷྲཱུྃ་ལས་རིན་ཆེན་སྣོད་རྣམས་སུ། །མཆོད་རྫས་ཡིད་འོང་ཕུན་སུམ་ཚོགས། །ༀ་ཨཱཿཧཱུྃ་གིས་བྱིན་བརླབས་ནས། །ཟག་མེད་བདེ་ཆེན་སྐྱེད་བྱེད་གྱུར། །ཧོ། བླ་མ་ཡི་དམ་ཆོས་སྐྱོང་དང་། །མ་གཅིག་མཁའ་འགྲོ་འཁོར་བཅས་ལ། །གཙང་བྱེད་མཆོད་ཡོན་ཞབས་བསིལ་དང་། །ཡིད་འོང་མེ་ཏོག་བདུག་པའི་སྤོས། །རྨད་བྱུང་སྣང་གསལ་དྲི་ཆབ་གཏམས། །


SPN003_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་ཞལ་ཟས་རོལ་མོ་ལྡིར། །གཟུགས་སྒྲ་དྲི་རོ་རེག་བྱ་སྟེ། །གསང་གསུམ་དགྱེས་པ་བསྐྱེད་པའི་ཕྱིར་། །སྨན་དང་གཏོར་མ་རཀྟའི་ཚོགས། །སྣང་སྲིད་ཡོངས་བསྐང་མཆོད་པའི་སྤྲིན། །འབུལ་གྱི་ཐུགས་བརྩེར་དགྱེས་དགོངས་ལ། །བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །ༀ་ཤྲཱི་མན་གུ་རུ་དེ་ཝ་དྷརྨ་པཱ་ལ་ཌཱ་ཀི་ནི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ། པ་དྱཾ། པཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤབྡ་པྲ་ཏིཙྪ་ཡེ་སྭཱ་ཧཱ། རཱུ་པ། ཤབྡ། གནྡྷེ། ར་ས། སྤཪྴེ་ཨཱཿཧཱུྃ། མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་ཁ་ཁ་ཁཱ་ཧི། ཞེས་ཕུལ། དེ་ནས་གསོལ་ཀ་ཕུལ་བ་ནི། གཏོར་མ་དཀར་གསུམ་བརྒྱན་པའམ། ཕུད་ཕོར་པད་སྣོད་ཅན་དུ་བདུད་རྩི་དང་གསེར་སྐྱེམས་བཤམས་ལ་སྐབས་སུ་སྦྲེང་ཞིང་། ༀ། ཤེལ་དཀར་དྲི་མེད་གསལ་ལ་མདངས་འཚེར་བའི། །པད་སྣོད་ཡངས་ཤིང་རྒྱ་ཆེའི་ནང་རོལ་དུ། །འབྲུ་བཅུད་སྟོང་སྦྱར་ལྷ་ཡི་བདུད་རྩི་དྭངས། །རིན་ཆེན་གསེར་སྐྱེམས་ཡིད་འོང་རྒྱ་མཚོར་གྱུར། །ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱི། ལན་གསུམ་བརྗོད་ནས། ཧོ། སྐུ་གསུམ་སྟོན་པ་སངས་རྒྱས་བྱང་སེམས། །བཀའ་བརྒྱུད་བླ་མ་ཡི་དམ་ཆོས་སྐྱོང་། །གནས་གསུམ་དཔའ་བོ་དཔའ་མོའི་ཚོགས་དཔོན། །དབང་ཕྱུག་ཆོས་ཀྱི་སྒྲོལ་མ་ཡུམ་དང་། །ཕྲིན་ལས་བཞི་ཡི་ངོ་བོར་སྣང་བའི། །ཡེ་ཤེས་དམ་ཚིག་དབང་དང་ལས་ཀྱི། །མཁའ་འགྲོ་མ་ཚོགས་སྤྲུལ་པ་ཡང་སྤྲུལ། །དཔུང་གི་


SPN003_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་ལྡན་དཔལ་གྱི་ལྷ་མོ། །བཀྲ་ཤིས་ཚེ་ཡི་དབང་ཕྱུག་མཆེད་ལྔ། །ཞིང་སྐྱོང་མཁའ་འགྲོ་བྱེ་བ་འབུམ་སྡེ། །འཁོར་དང་བཅས་རྣམས་གསོལ་ལོ་མཆོད་དོ། །ཨུ་རྒྱན་ཆེན་པོའི་བཀའ་ཡི་གཉེར་གཏད། །བསྐལ་བཟང་སངས་རྒྱས་སྟོང་གི་བསྟན་སྲུང་། །ཚུལ་བཞིན་སྒྲུབ་པའི་དམ་ལྡན་གྲོགས་བྱེད། །དམ་མེད་ལོག་ལྟ་བདུད་ཀྱིས་བསླུས་པའི། །ཆོས་མིན་ཚར་གཅོད་རྗེས་འཛིན་ཕྲིན་ལས། །མཐུ་རྩལ་མྱུར་མགྱོགས་ལྡན་པའི་སྲུང་མ། །འཁོར་དང་བཅས་རྣམས་གསོལ་ལོ་མཆོད་དོ། །ཁྱེད་རྣམས་གསོལ་དང་མཆོད་པ་ལ་བརྟེན། །བཅོམ་ལྡན་ཤཱཀ་ཐུབ་པད་མ་ཀཱ་རའི། །རིང་ལུགས་སྙིང་པོ་དོན་གྱི་ཡང་བཅུད། །ངེས་གསང་བླ་མེད་བསྟན་པ་རིན་ཆེན། །ཕྱོགས་མཐར་ཁྱབ་དང་སྤེལ་བའི་གྲོགས་མཛོད། །ཡེ་ནས་རྒྱལ་བས་ལུང་ཟིན་བསྟན་འཛིན། །སྤྲུལ་པའི་སྐྱེས་མཆོག་འགྲོ་དོན་རྒྱས་ཤིང་། །འདུས་པའི་སྡེ་ཚོགས་དབྱར་མཚོ་ལྟར་འཕེལ། །ཆོས་བཞིན་སྤྱོད་པའི་སྐྱེ་དགུ་ཀུན་ཀྱང་། །སྲུང་དང་སྐྱོབ་དང་སྦ་བར་མཛོད་ཅིག །མ་གཅིག་བརྟེན་ཅིང་སྒྲུབ་པའི་རྣལ་འབྱོར། །ཚེ་མཐར་ཕྱིན་ཅིང་དགེ་ཚོགས་ཇི་སྙེད། །ཡིད་བཞིན་ལྷུན་གྲུབ་དཔལ་དང་འབྱོར་རྒྱས། །སྙན་གྲགས་དབང་ཐང་བསོད་ནམས་ཡེ་ཤེས། །མི་ནུབ་རྒྱལ་མཚན་བཞིན་དུ་བསྒྲེང་བའི། །


SPN003_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་བཀའ་ལས་མ་འདའ་ཚུལ་བཞིན། །སྒྲུབས་ཤིག་སྤེལ་ཅིག་བཅོལ་བའི་ཕྲིན་ལས། །ད་ལྟ་ཉིད་དུ་འགྲུབ་པར་མཛོད་ཅིག །ཅེས་རིན་ཆེན་བདུད་རྩིའི་སྐྱེམས་ནམ་མཁའི་དབྱིངས་སུ་མཆོད་ནས། བསྟོད་པ་ནི། ཧྲཱིཿ སྒྲུབ་བརྒྱུད་བསྟན་སྲུང་ཕྲིན་ལས་མྱུར་མགྱོགས་མ། །རྡོ་རྗེ་ཅན་གྱི་བཀའ་དང་དམ་ཚིག་ཅན། །མཆོག་རྣམས་བསྐྱེད་པའི་རྒྱལ་ཡུམ་འཕགས་མ་སྟེ། །ཨ་ཕྱི་ཆོས་ཀྱི་སྒྲོལ་མར་ཕྱག་འཚལ་བསྟོད། །གཙོ་མོ་ལས་སྤྲུལ་མཁའ་འགྲོ་ཆེན་མོ་བཞི། །གཞན་ཡང་སྤྲུལ་པ་ཡང་འཁོར་ཚོགས་རྣམས་བསྟོད། །གྲུབ་པའི་དགྱེས་སྡེ་སྨན་བཙུན་དཔལ་གྱི་ཡུམ། །ཚེ་རིང་མཆེད་ལྔ་བྲན་གཡོག་དམ་ཅན་ཚོགས། །དང་བའི་ཡིད་ཀྱིས་རབ་ཏུ་བསྟོད་པར་བགྱི། །ཞེས་མཆོད་དང་བསྟོད་པས་འཁོར་བཅས་རབ་ཏུ་དགྱེས་ཤིང་ཚིམ་པར་མོས་ལ། ཕྱྭ་གཡང་འགུག་པའི་འདོད་གསོལ་སོགས་སྤྲོ་ན་འདིར་བྱ་ཞིང་། དེ་མིན་མཆོད་ཕྲེང་ལྟ་བུ་ལ་སྐབས་འདིར་དངོས་གྲུབ་བླང་བའི་དམིགས་པ་ནི། རྩ་བ་གསུམ་གྱི་སྐུ་ལས་དངོས་གྲུབ་ཀྱི་ཆར་དང་། འཁོར་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དངོས་གྲུབ་ཀྱི་ཚུལ་དུ་གཙོ་མོ་ལ་ཐིམ། དེ་ཉིད་ཀྱི་སྐུ་ཡི་ཆ་ནས་མི་ཟད་པའི་ལོངས་སྤྱོད་འདོད་ཡོན་ཆར་བཞིན་བབས་ནས་རང་ཉིད་དང་རྟེན་རྫས་རྣམས་ལ་ཐིམ་པར་བསྒོམས་ཤིང་། ཧྲཱིཿ མ་གཅིག་མཁའ་འགྲོ་ཆེན་མོ་ཡིས། །དངོས་གྲུབ་སྩོལ་བའི་དུས་ལ་བབས། །རྩ་གསུམ་དཀྱིལ་འཁོར་ལྷ་


SPN003_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང་། །འཁོར་གྱི་ཌཱ་ཀིའི་ཐུགས་ཀ་ནས། །འོད་ཟེར་འཕྲོས་ནས་གཙོ་མོར་ཐིམ། །སྐུ་ཡི་ཆ་ནས་མི་ཟད་པའི། །རིན་ཆེན་ནོར་བུ་འདོད་དགུའི་ཆར། །ལྷ་ཀླུ་མི་ཡི་ལོངས་སྤྱོད་བསྡུས། །བདག་དང་སྒྲུབ་རྫས་རྣམས་ལ་ཐིམ། །དཔལ་དང་འབྱོར་པ་ལྷུན་གྲུབ་གྱུར། །ༀ་ཌཱ་ཀི་ནི་སརྦ་མ་ཎི་རཏྣ་སིདྡྷི་ཕ་ལ་ཧཱུྃ། གསུམ་མམ་ཉེར་གཅིག་བཟླའོ། །དེ་ནས་ནོངས་པ་བཟོད་གསོལ་ནི། ཧོ། དབྱིངས་ཕྱུག་སྤྲུལ་པའི་ཡུམ་ཆེན་འཁོར་བཅས་དགོངས། །སྣང་སེམས་གདོད་ནས་ཀུན་བཟང་རོལ་པ་ལ། །གཉིས་འཛིན་འཁྲུལ་པའི་དྲི་མས་བསླད་པ་ཡི། །སྐུ་ཡི་དམ་ཚིག་ཉམས་པ་བཟོད་པར་གསོལ། །གྲག་སྟོང་ངོ་བོ་གསུང་གི་ཆ་ཤས་ལས། །སྙིང་པོ་སྔགས་ཀྱི་ཛབ་བཟླས་སྒྲ་ཟུར་ཆག །བག་མེད་ཉེས་པའི་རྡུལ་ཕྲན་ཆ་བསགས་པ། །གསུང་གི་དམ་ཚིག་ཉམས་པ་བཟོད་པར་གསོལ། །ལྷ་བསྐྱེད་ཟབ་མོའི་ཏིང་འཛིན་གཡེལ་བ་དང་། །སྤྲོ་བསྡུའི་དམིགས་པ་འཐིབ་ཅིང་དོན་མ་རྟོགས། །མ་རིག་ལོག་རྟོག་ཉོན་མོངས་འཕྲོ་རྒོད་ཀྱིས། །ཐུགས་ཀྱི་དམ་ཚིག་ཉམས་པ་བཟོད་པར་གསོལ། །བླ་མ་ལྷ་དང་རྡོ་རྗེ་སྤུན་གྲོགས་དང་། །ཕ་མར་བརྙས་ཤིང་སྡང་སེམས་ཚིག་བརླང་སོགས། །སྣོད་མིན་ཉམས་པ་ཅན་ལ་གསང་བ་བསྒྲགས། །མཚམས་མེད་ལས་བགྱིས་ཐམས་ཅད་བཟོད་པར་གསོལ། །གཞན་ཡང་མཆོད་གཏོར་མ་ཚང་ཕུད་ཉམས་


SPN003_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པ། །རྒྱུད་དང་དུས་ཀྱི་གཏོར་མ་ལོ་ཟླར་འགྱང་། །ཚུལ་བཞིན་མི་ལྡན་ལེ་ལོའི་དབང་གྱུར་པའི། །ནོངས་པ་ཅི་མཆིས་བཤགས་སོ་དག་ཚངས་སྩོལ། །ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱ་ལན་གསུམ་བརྗོད། ཆད་ལྷག་བསྐང་ནས་འདོད་དོན་གསོལ་བ་ནི། ཧྲཱིཿ བདེ་ཆེན་དགའ་སྟེར་རྒྱལ་ཀུན་ཡུམ་གྱུར་མ། །རྡོ་རྗེ་མཁའ་འགྲོ་ཆེན་མོ་འཁོར་བཅས་རྣམས། །བསྟེན་ཅིང བསྒྲུབ་དང་མཆོད་བསྟོད་བསྐུལ་བའི་མཐུས། །བསྟན་པ་དར་རྒྱས་འགྲོ་ལ་ཕན་བདེ་སྤེལ། །རྣལ་འབྱོར་བསམ་དོན་ལྷུན་གྱིས་གྲུབ་པ་དང་། །བླ་མེད་བྱང་ཆུབ་ཆེན་པོ་མངོན་གྱུར་ནས། །ཨུ་རྒྱན་མཁའ་སྤྱོད་བཅོམ་ལྡན་རྣམ་སྣང་མའི། །དབྱིངས་དང་ཡེ་ཤེས་དབྱེར་མེད་རོ་གཅིག་ཤོག །ཅེས་སྨོན་ལམ་བཏབ་ལ། དེ་ནས་མདུན་མཁར་བསྐྱེད་པའི་རྩ་གསུམ་རྣམས་རང་ལ་ཐིམ་པར་མོས་ཤིང་། ཧོ། རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས། །འོད་ཟེར་དཀར་དམར་མཐིང་ཀ་དང་། །འབྲུ་གསུམ་ངོ་བོར་འོད་ཞུ་ནས། །རང་ཉིད་ལྷར་གསལ་གནས་གསུམ་ལ། །ཐིམ་པས་སྒོ་གསུམ་སྒྲིབ་དག་ནས། །སྐུ་གསུམ་འབྲས་བུ་མངོན་དུ་གྱུར། །ༀ་ཨཱཿཧཱུྃ། ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་ཛྙཱ་ཎ་སརྦ་སིདྡྷི་ཧཱུྃ། ལན་གསུམ་མམ་ཉེར་གཅིག་བརྗོད། མདུན་བསྐྱེད་གཙོ་འཁོར་རྣམས་རྟེན་གཏོར་རམ། སྐུ་བརྙན་སོགས་ལ་དབྱེར་མེད་དུ་བསྟིམ་པ་ནི། བསྐྱེད་


SPN003_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀྱིལ་འཁོར་མཁའ་འགྲོའི་ཚོགས། །རྟེན་འདིར་བརྟན་པར་བཞུགས་ནས་ཀྱང་། །མ་ཡིས་བུ་བཞིན་སྐྱོང་བ་ལྟར། །རྟག་ཏུ་བརྩེ་བར་བཞུགས་སུ་གསོལ། །ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ལ། ཤིས་པ་བརྗོད་པ་ནི། སྙན་པའི་དབྱངས་དང་མེ་ཏོག་གི་ཆར་བསྙིལ་ཞིང འདི་སྐད་དོ། །ༀ། བཀྲ་ཤིས་གང་ཞིག་ཆོས་དབྱིངས་ནམ་མཁའི་ཀློང་། །མཐའ་བྲལ་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །ཆོས་སྐུའི་བཀྲ་ཤིས་དེང་འདིར་ཁྱབ་གྱུར་ནས། །བཀྲ་ཤིས་དེས་ཀྱང་བསྟན་པ་མཐའ་རྒྱས་ཤོག །བཀྲ་ཤིས་གང་ཞིག་བདེ་ཆེན་ཉིན་མོར་བྱེད། །ཡེ་ཤེས་ལྔ་ལྡན་བདེ་གཤེགས་རྡོ་རྗེ་འཆང་། །ལོངས་སྐུའི་བཀྲ་ཤིས་དེང་འདིར་རབ་ཏུ་གསལ། །བཀྲ་ཤིས་དེས་ཀྱང་བསྟན་འཛིན་འཚོ་གཞེས་ཤོག །བཀྲ་ཤིས་གང་ཞིག་རང་རྩལ་ཟླ་སྣང་དཀར། །ཐབས་མཁས་གར་གྱི་རྣམ་རོལ་པདྨ་འབྱུང་། །སྤྲུལ་སྐུའི་བཀྲ་ཤིས་དེང་འདིར་ཀུན་སྣང་ནས། །བཀྲ་ཤིས་དེས་ཀྱང་སྒྲུབ་པ་མཐར་ཕྱིན་ཤོག །བཀྲ་ཤིས་གང་ཞིག་བྱིན་རླབས་སྐར་ཚོགས་འཆར། །ངེས་པའི་དོན་སྟོན་བཀའ་བརྒྱུད་གྲུབ་ཐོབ་ཚོགས། །བླ་མའི་བཀྲ་ཤིས་དེང་འདིར་རྣམ་པར་བཀྲ། །བཀྲ་ཤིས་དེས་ཀྱང་དམ་ཆོས་དར་བར་ཤོག །བཀྲ་ཤིས་གང་ཞིག་ཐུགས་རྗེ་སྤྲིན་ལྟར་གཏིབས། །རབ་འབྱམས་རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་ལྷ། །ཡི་དམ་བཀྲ་ཤིས་དེང་འདིར་ཕྱོགས་བཅུར་


SPN003_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ། །བཀྲ་ཤིས་དེས་ཀྱང་དགེ་འདུན་སྡེ་རྒྱས་ཤོག །བཀྲ་ཤིས་གང་ཞིག་ཕྲིན་ལས་འབྲུག་སྟོང་ལྡིར། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །ཆོས་སྐྱོང་བཀྲ་ཤིས་དེང་འདིར་སྲིད་གསུམ་སྒྲོག །བཀྲ་ཤིས་དེས་ཀྱང་བདུད་ལས་རྣམ་རྒྱལ་ཤོག །བཀྲ་ཤིས་གང་ཞིག་དངོས་གྲུབ་འདོད་དགུའི་ཆར། །དྷརྨ་ཏཱ་ར་ཌཱ་ཀི་བྱེ་བ་འབུམ། །མཁའ་འགྲོའི་བཀྲ་ཤིས་དེང་འདིར་ཆར་རྒྱུན་འབེབས། །བཀྲ་ཤིས་དེས་ཀྱང་ལས་བཞི་ལྷུན་གྲུབ་ཤོག །བཀྲ་ཤིས་གང་ཞིག་ཕྱི་སྣོད་འབྱུང་བ་བཞི། །ནང་བཅུད་སྲིད་ཞིའི་དཔལ་གྱི་ཡོན་ཏན་ཀུན། །སྐྱེ་དགུའི་བཀྲ་ཤིས་ཉིན་མཚན་དཔལ་འབར་བའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མངྒ་ལཾ་ཤྲཱི་ཛ་ཡ་ཛ་ཡ་སུ་ཛ་ཡ། ཞེས་བརྗོད་ཅིང་། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །སོགས་ཀྱིས་འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་ཤིང་། བསྔོ་བ་སྨོན་ལམ་ཡང་དཀྱུས་ལྟར་བྱའོ། །རྗེས་ནི། བདག་ཉིད་བསྐྱེད་པའི་དཀྱིལ་འཁོར་པ། །རིམ་བཞིན་འོད་ཞུ་ཧྲཱིཿལ་ཐིམ། །དེ་ཡང་དམིགས་མེད་བློ་འདས་ཀྱི། །ཁྱབ་བདལ་ཆེན་པོའི་ཀློང་དུ་བཞག །ཅེས་དུས་གསུམ་སྤྲོས་པ་དང་བྲལ་བ་རང་གསལ་བརྗོད་མེད་མ་བཅོས་རྫོགས་པ་ཆེན་པོའི་ངང་དུ་མཉམ་པར་བཞག་ནས། ཅི་སྣང་ཅི་ཤར་གྱི་ཆོས་ཉིད་ཐམས་ཅད་ཡེ་ཤེས་ལྔ་ཡི་རོལ་པར་སྤྱོད་པར་བྱའོ། །དེ་ལྟར་རྒྱལ་ཡུམ་མཁའ་འགྲོའི་


SPN003_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་མོ་འདི་ཉིད་ཀྱི་ཆེ་བའི་ཡོན་ཏན་ཟུར་ཙམ་བརྗོད་ན། ཕྱི་ལྟར་ན་མདོ་སྔགས་ཀྱི་ཚད་མར་གྱུར་བའི་རིང་ལུགས་ཡོངས་དང་། ཁྱད་པར་སྒྲུབ་བརྒྱུད་སྙིང་པོའི་བསྟན་པ་རིན་པོ་ཆེའི་བཀའ་སྲུང་གཙོ་མོར་བསྔགས་ཤིང་། ནང་ལྟར་ན་ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་དུ་ཀུན་ཏུ་བཟང་མོའི་རོལ་པ་སྟེ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ། གསང་བ་ལྟར་ན་ཨོ་རྒྱན་རང་བྱུང་གནྡྷོ་ལར་ཌཱ་ཀིའི་ཚོགས་དཔོན་ཆེན་མོ་སྟེ། ཡེ་ཤེས་ལས་དང་འཇིག་རྟེན་གྱི་སྤྲུལ་བསྒྱུར་དུ་མས་འགྲོ་བ་རྣམས་ལེགས་པའི་ལམ་ལ་བཀོད་ཅིང་། མཆོག་དང་ཐུན་མོང་གི་དངོས་གྲུབ་སྟེར་བ་དང་། ཚེ་དཔལ་སྤེལ་ཅིང འདོད་དགུ་དབང་དུ་བསྒྱུར་བ་དང་། བསྟན་དགྲ་ཐལ་བར་བརླག་པ་སོགས་དམ་ཚིག་ཅན་ལ་སྙིང་ཉེ་ཞིང་། བཀྲ་ཤིས་ལ་བྱིན་ཆགས་པ། ཕྲིན་ལས་རྣོ་ལ་ཐུགས་རྗེ་མྱུར་བ། མཐར་ཐུག་ཨོ་རྒྱན་མཁའ་སྤྱོད་ཀྱི་ཞིང་དུ་འདྲེན་པར་ནུས་པའི་མཐུ་དང་བྱིན་རླབས་ཆེས་ཁྱད་པར་འཕགས་པ་དང་། མཉམ་མེད་འབྲི་གུང་བ་ཆེན་པོ་འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་སོགས་པ་དང་། །གར་དབང་རྡོ་རྗེ་འཆང་ཆེན་དྷརྨཱ་ཤྭ་ར་སོགས་བསྟན་པའི་བདག་པོ་རྣམས་ཀྱང་། ཀྱུ་རའི་གདུང་ཞེས་ཆོས་དང་སྲིད་ཀྱི་དབང་འབྱོར་པ། སྣ་ནམ་བཟའ་ཨ་ཕྱི་ཆོས་ཀྱི་སྒྲོལ་མའི་རིགས་སྲས་ཀྱི་གདུང་བརྒྱུད་དྲི་མེད་ལས་འབྱོན་པར་གྲགས་པའི། དེང་གི་བར་གྲུབ་བརྙེས་གོང་མ་རྣམས་ཀྱི་བཀའ་དམ་ལ་གནས་པའི་རིགས་ཆོས་རྒྱུད་ཀྱི་སྲུང་མ་ཐུན་མོང་མ་ཡིན་པ་མངོན་སུམ་ཚད་མར་གྲུབ་ཅིང་། ཞི་སྒྲུབ་ཕལ་ཆེར་ལ་གཙོ་འཁོར་བཞེངས་སྟབས་ཅན་ལས་ཞོན་པ་སོགས་མེད་ཀྱང་། འདིར་ནི་ཕྲིན་ལས་


SPN003_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་མགྱོགས་རྩལ་ལྡན་གྱི་རྟེན་འབྲེལ་ཆེད་དུ་བསྔགས་ཤིང་། འཁོར་དུ་ཚེ་རིང་མཆེད་ལྔ་བསྐྱེད་པའང་དཔའ་དང་དཔུང་གི་ཚུལ་གྱི་དགོས་པ་ཁྱད་པར་ཅན་དུ། སྔོན་གྱི་རྗེ་བཙུན་གོང་མ་རྣམས་ཀྱི་རྡོ་རྗེའི་བཀའ་གསང་ལས་བྱུང་བ་དང་། འདི་ཉིད་བསྙེན་ཅིང་བརྟེན་པའི་རྣལ་འབྱོར་པས་བྱམས་སྙིང་རྗེ་སེམས་བསྐྱེད་དམ་ཚིག་དང་ལྡན་པའི་སྒོ་ནས་བསྒྲུབ་ན་ཇི་བཞིན་ངེས་ཤེས་སྐྱེ་བའི་རྟགས་མཚན་ངོ་མཚར་ཅན་འཆར་བ་ཡིན་ནོ། །དེ་ལྟར་བསྟན་པའི་བཀའ་སྲུང་ཆེན་མོའི་མཆོད་ཕྲེང་འདི་ཡང་དབོན་སྤྲུལ་ཀརྨ་འཆི་མེད་ཀྱིས་བསྐུལ་བར་བརྟེན། སི་ཏུ་སྤྲུལ་སྐུ་པདྨ་ཉིན་བྱེད་དབང་པོས་དཔལ་སྤུངས་ཆོས་འཁོར་གྱི་ཡང་དབེན་དུ་སྤེལ་བ་བསྟན་འགྲོ་ཕན་བདེའི་དགེ་ལེགས་ཀྱིས་ཁྱབ་པར་གྱུར་ཅིག །སརྦ་མངྒ་ལམ། །

མཆོད་ཕྲེང་བཀྲ་ཤིས་ཆར་འབེབས་ཀྱི་གུད་སྦས་ནོར་སྒྲུབ།


SPN003_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཕྲེང་བཀྲ་ཤིས་ཆར་འབེབས་ཀྱི་གུད་སྦས་ནོར་སྒྲུབ་བཞུགས་སོ། །ན་མོ་པདྨཱ་ཀ་ར་དྷེ་ཝ་ཌཱ་ཀི་ནི་ཡེ། རྩ་གསུམ་ལྷ་ཚོགས་བཀའ་ཡི་གནང་བ་སྩོལ། འདིར་བསྟན་པའི་བཀའ་སྲུང་ཆེན་མོ་རིག་འཛིན་རྒྱུད་ཀྱི་སྲུང་མ་ཆོས་སྐྱོང་ཕྲིན་ལས་མྱུར་མགྱོགས་ཨ་ཕྱི་ཆེན་མོའི་སྒོ་ནས་ཚེ་གཡང་དངོས་གྲུབ་འགུགས་པའི་རིམ་པ་ལ། མཆོད་གཏོར་བཤམས་བཀོད་སོགས་གཞུང་གིས་འཐུས་ཤིང་། ཐོད་པ་མཚན་ལྡན་གྱི་ནང་དུ་རིན་པོ་ཆེ་སྣ་ལྔ་དང་འབྲུ་སྣ་སྨན་སྣ་སོགས་ཀྱིས་བསྐང་བ་དང་། མདའ་རྒོད་སྒྲོ་མ་ལ། དངུལ་གྱི་མེ་ལོང་། རིན་ཆེན་སྣ་ལྔ། དར་སྣ་སྟག་རས་ཀྱིས་བརྒྱན་པ་དང་། གཞན་ཡང་གཡང་རྫས་


SPN003_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གང་འབྱོར་སྟེགས་ཀྱི་ཁར་བཤམས་ལ། སྔོན་དུ་རང་ཉིད་ལྷ་ཡི་ང་རྒྱལ་གྱི་ཏིང་ངེ་འཛིན་དང་ལྡན་པའི་སྒོ་ནས། མཁའ་འགྲོ་འཁོར་བཅས་ཀྱི་བསྐྱེད་བཟླས་མཆོད་ཕྲེང་ཚོགས་དང་སྐོང་བཤགས་སོགས་དང་། བསྐུལ་ཆད་ཐོ་བརྟན་སྐྱོང་གྲུབ་ནས། གཏང་རག་མཆོད་འབུལ་དང་། གསོལ་ཀ་དང་བསྟོད་པ་ཚར་ནས་དངོས་གྲུབ་ལེན་ཆོག་དང་སྟབས་གཅིག་འདིར་འཇུག་པར་བྱ་སྟེ། མ་ཡེངས་ངང་ནས་མདའ་དར་གཡབ་ཅིང་བདུག་སྤོས་བསྲེགས་ལ་འདི་སྐད་དོ། །ༀ། མ་གཅིག་ཡོན་ཏན་ཀུན་འབྱུང་གནས། །དཔག་བསམ་ཡོངས་འདུའི་ལྗོན་བཟང་བཞིན། །ཡིད་ལ་འདོད་འཇོའི་དཔལ་སྟེར་མ། །ཁྱོད་ཀྱི་ཐུགས་དམ་དབྱིངས་ནས་བསྐུལ། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །མ་ཁྱོད་མཆོད་ཅིང་བསྟེན་པའི་མཐུས། །དངོས་གྲུབ་སྩོལ་བའི་དུས་ལ་བབས། །སྐུ་ཡི་དཀྱིལ་འཁོར་བསྟན་དུ་གསོལ། །ཐུགས་རྗེའི་ཐུགས་དམ་མ་གཡེལ་ཅིག །བརྩེ་བ་ཆེན་པོས་རྗེས་དགོངས་ནས། །དཔལ་འབར་གཙོ་མོ་ཡུམ་གྱུར་མའི། །ཐུགས་ཀའི་ས་བོན་ལས་འཕྲོས་པའི། །ཕྱྭ་གཡང་ནོར་བདག་དབང་ཕྱུག་མ། །རྒྱས་བྱེད་ལྷ་མོ་གསེར་མདོག་ཅན། །ཞི་འཛུམ་ཞལ་གཅིག་ཕྱག་གཉིས་གཡས། །ནེའུ་ལེ་གཡོན་པས་ཀ་པཱ་ལ། །ཡིད་བཞིན་ནོར་བུས་ཕྱུར་བུར་བཀང་། །ཟ་འོག་བེར་སེར་ལྷབ་ལྷུབ་གསོལ། །འཁྱུགས་


SPN003_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེམ་གར་སྟབས་ལིངས་སེ་ལིང་། །རིན་ཆེན་སྣ་ཚོགས་རྒྱན་ལྡན་གསལ། །མདུན་བསྐྱེད་རྩ་གསུམ་སྐུ་ལས་ཀྱང་། །འོད་འཕྲོས་ཚེ་ལྷ་རིགས་ལྔ་དང་། །སྒྲོལ་མ་ནོར་རྒྱུན་ལྷ་མོའི་ཚོགས། །རྣམ་སྲས་རྨུགས་འཛིན་ཛམ་ལྷའི་རིགས། །སྐུ་དང་ཕྱག་མཚན་དངོས་གྲུབ་ཀྱི། །འདོད་དགུའི་ལོངས་སྤྱོད་སྤྲིན་ལྟར་གཏིབས། །རྒྱས་བྱེད་དཔལ་མོར་གཉིས་མེད་ཐིམ། །འཁོར་ཚོགས་མཁའ་འགྲོ་མ་ཀུན་གྱི། །ཐུགས་ལས་འོད་ཟེར་སྣ་ཚོགས་དང་། །ཕྱྭ་གཡང་དངོས་གྲུབ་ཀུན་བསྡུས་ནས། །སྤྲུལ་པའི་ལྷ་མོར་ཐིམ་པར་གྱུར། །དེ་ལས་དངོས་གྲུབ་ནམ་མཁའི་མཛོད། །ཇི་བཞིན་རྒྱ་ཆེན་མཐའ་ཀླས་པ། །ལྷ་ཀླུ་མི་ཡི་ཕྱྭ་གཡང་གི། །ཚེ་བསོད་དཔལ་གྲགས་ལོངས་སྤྱོད་ཀྱི། །དྭངས་བཅུད་ཡིད་བཞིན་ནོར་བུའི་ཆར། །ཕྱྭ་དང་གཡང་གི་དངོས་གྲུབ་ནི། །ཉི་མ་བཞིན་དུ་ཀྱི་ལི་ལི། །ཟླ་བ་བཞིན་དུ་སྒ་ར་ར། །སྐར་ཚོགས་བཞིན་དུ་སྤུངས་སེ་སྤུངས། །བར་མཚམས་མེད་པར་གང་བར་གྱུར། །ཅེས་དམིགས་ནས། ༀ་ཛྙ་ན་ཌཱ་ཀི་ནི་ཡེ་ཧ་རི་ནི་ས་ཧཱུྃ་ཕཊ། ༀ་གྷ་མུ་ཨ་ཙི་ཏ་ཤྭ་ར་དྷརྨ་ཛྙ་ན་ས་མ་ཡ་ཏ་ར་དི་མ་ཌཱ་ཀི་ནི་ཡེ། སརྦ་མ་ཎི་རཏྣ་སིདྡྷི་ཕ་ལ་ཧཱུྃ། སྔར་བཞིན་མདུན་བསྐྱེད་གཙོ་བོའི་ཐུགས་ཀའི་སྔགས་འཁོར་ལ་དམིགས་ནས་བཟླས་པ་བྱའོ། །རྩ་བ་གསུམ་གྱི་སྐུ་ལས་དངོས་གྲུབ་ཀྱི་ཆར་དང་། མདུན་བསྐྱེད་གཙོ་འཁོར་རྣམས་དང་། སྤྲུལ་པའི་


SPN003_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོའི་སྐུ་ཡི་ཆ་ནས་ཕྱྭ་གཡང་ཟས་ནོར་ཐམས་ཅད་སིབ་སིབ་བབས་ནས་གནས་ལུས་ལོངས་སྤྱོད་དཀོར་ནོར་སོགས་ལ་ཐིམ་ཞིང་ཆིལ་གྱིས་གང་བར་དམིགས་ཏེ་སྔགས་བཟླའོ། །སླར་རང་གི་ཐུགས་ཀ་ནས་མཆོད་པའི་ཚོགས་སྤྲོ་བར་དམིགས་ནས། ༀ་དྷརྨ་ཏཱ་ར་རཏྣ་ཌཱ་ཀི་ནི་ཡེ་བཛྲ་ཨརྒྷཾ། པདྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་པཱུ་ཛ་ཧོ་ཡིས་མཆོད་ནས་བསྟོད་པ་ནི། ཧྲཱིཿ རཏྣ་ནོར་གྱི་དཔལ་གཡང་ཅན། །རྒྱས་བྱེད་ལྷ་མོ་དབང་ཕྱུག་མ། །རིན་ཆེན་མཁའ་འགྲོ་གཏེར་བདག་ཡུམ། །ཡིད་བཞིན་ལྷ་མོར་ཕྱག་འཚལ་བསྟོད། །ཕྱོགས་བཅུའི་རྒྱལ་དང་རྩ་གསུམ་གྱི། །ཐུགས་རྗེ་བསྐུལ་བའི་མཐུ་སྟོབས་ལས། །འཆི་མེད་ཚེ་མཐར་ཕྱིན་པ་དང་། །འཛད་མེད་ལོངས་སྤྱོད་ཐོབ་པར་གྱུར། །ཅེས་བརྗོད་ནས། །ལྷ་མོ་དེ་ཉིད་ཞི་འཛུམ་དགྱེས་པའི་མདངས་དང་མཚར་སྡུག་འོད་དང་ལྡན་པའི་ངང་ནས་སྐུ་རྟེན་ནམ། གཞན་ཡང་། རྟེན་རྫས་ཁྱད་པར་ཅན་སོགས་ལ་ཡང་ཡང་ཐིམ་པར་བསམ། སླར་གྲངས་སོགས་གསོག་ན། མཆོད་པ་གསར་དུ་བརྗེ་བའམ། ཁ་གསོ་བ་དང་། གསེར་སྐྱེམས་ཕུད་མཆོད་ཀྱང་བཤམས་ལ། གོང་གི་གཏང་རག་མཆོད་པ་དེ་དང་། གསོལ་ཀ་བཅས་དང་། བསྟོད་པ་གྲུབ་མཚམས་གཡང་འགུགས་དམིགས་པ་སྔགས་བཟླ་བ་སོགས་ཀྱིས་ཐུན་ཚོད་བཟུང་ཞིང་། །མཐར་ཐུན་རྗེས་མ་ནི་གཞུང་གི་དངོས་གྲུབ་ལེན་པ་དེ་བཞག་ནས། དེ་མིན་ནོངས་པ་བཟོད་གསོལ་སོགས་ལ་དཀྱུས་


SPN003_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འཇུག་པར་བྱའོ། །དེ་ལྟར་ཡེ་ཤེས་མཁའ་འགྲོའི་ལས་ཚོགས་ཀྱི། །ཚེ་གཡང་འགུགས་པའི་ཐབས་གནད་སྤེལ་བ་ལ། །ནོངས་པ་མཆིས་ན་ཌཱ་ཀིས་བཟོད་པར་མཛོད། །དགེ་བས་བསྟན་འགྲོར་བཀྲ་ཤིས་ཁྱབ་གྱུར་ཅིག །ཅེས་པའང་དབྱིངས་ཕྱུག་ཆོས་ཀྱི་སྒྲོལ་མའི་མཆོད་ཕྲེང་བཀྲ་ཤིས་ཆར་འབེབས་ཀྱི་ཡང་ཟབ་གུད་སྦས་འདི་ཡང་པདྨའི་མིང་ཅན་གྱིས་ཡིད་མཚོ་ནས་ཕྱུང་བའི་ནོར་བུ་སྟེ། སྐལ་ལྡན་རེ་སྐོང་གི་ཆེད་དུའོ། །ཤུ་བྷཾ། །

བསང་མཆོད་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཕན་བདེ་བདུད་རྩིའི་གཏེར་མཛོད།


SPN003_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བསང་མཆོད་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཕན་བདེ་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།


SPN003_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། རིན་ཆེན་ལས་གྲུབ་སྣོད་ཡངས་པར། །འདོད་ཡོན་ལྔ་ལྡན་གཏོར་མ་ནི། །ཟད་མི་ཤེས་པ་ནམ་མཁའི་མཛོད། །རྒྱ་ཆེན་རྒྱུན་མི་ཆད་པར་གྱུར། །ཀྱཻ། ཆོས་དབྱིངས་སྐྱེ་བ་མེད་པ་ལས། །ལོངས་སྐུ་འགག་མེད་ཅིར་ཡང་འཆར། །སྤྲུལ་པས་འཁོར་བ་དོང་སྤྲུགས་མཛོད། །འཕགས་མཆོག་འཇིག་རྟེན་མགོན་པོ་བསང་། །གང་འདུལ་ཐབས་ཀྱི་སྐུར་བཞེངས་པའི། །ཚེ་དཔལ་ཡེ་ཤེས་སྐྱེད་པ་མོ། །རྒྱལ་བ་ཀུན་གྱི་ཡུམ་གྱུར་མ། །རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་བསང་། །རྒྱལ་བའི་བསྟན་པ་བསྲུང་བའི་ཕྱིར། །འདུལ་དཀའ་དྲེགས་ཅན་འཇོམས་མཛད་པ། །


SPN003_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་མི་ནུབ་རྒྱལ་མཚན་བསྒྲེངས། །རྡོ་རྗེ་བེར་ཅན་ལྕམ་དྲལ་བསང་། །གཞན་ཡང་སྙིང་པོའི་བསྟན་སྲུང་བ། །རང་ཕྱོགས་བསྲུང་ཞིང་ཕས་རྒོལ་འཇོམས། །དམ་ཚིག་བཀའ་ཡི་མནའ་བོར་བ། །ཇོ་བོ་མ་ཀི་རྒོད་མགོ་བསང་། །གནས་ཆེན་ཉེར་བཞི་དུར་ཁྲོད་བརྒྱད། །ཡུལ་ཆེན་སོ་གཉིས་ལ་གནས་པའི། །དཀར་ཕྱོགས་སྐྱོང་བར་ཞལ་བཞེས་པའི། །མཐུ་ཆེན་ཆོས་ཀྱི་སྲུང་མ་བསང་། །ཁྱེད་རྣམས་མཆོད་པའི་ཡོན་ཏན་གྱིས། །གངས་ཅན་སྐྱབས་གཅིག་ཀརྨ་པའི། །ཕྲིན་ལས་ལྷུན་གྲུབ་བསྟན་པ་སྤེལ། །འགྲོ་རྣམས་དཔལ་འབྱོར་རྒྱས་པར་མཛོད། །བསྟོད་པར་འོས་པ་སོགས་བརྗོད་ནས།


SPN003_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་འཁྲུལ་པའི་དབང་གྱུར་ཏེ། །ཉེས་པར་གྱུར་པའི་ཚོགས་རྣམས་བཤགས། །ཐམས་ཅད་རང་གི་གནས་སུ་གཤེགས། །དུས་སུ་སླར་ཡང་འབྱོན་པར་གསོལ། །གཙྪས་གཤེགས། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན། །མངའ་རིས་རྒྱལ་ཁམས་བོད་ཀྱི་ཡུལ། །ཁ་བ་ཅན་གྱི་བྱང་ཕྱོགས་སུ། །ཆོས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བར་ཤོག །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །འཛམ་གླིང་བདེ་བར་མཛད་དུ་གསོལ། །ཞེས་ཤིས་བརྗོད་དང་། བསྔོ་སྨོན་བྱ། ཞེས་པ་གནས་མདོའི་དགེ་སློང་ཀརྨ་རྣམ་རྒྱལ་གྱིས་རྟེན་དང་བཅས་བསྐུལ་བར་བརྟེན། སི་ཏུའི་མིང་འཛིན་གྱིས་དཔལ་གྱི་མཚུར་བུའི་གནྡྷོ་ལར་བྲིས་པ་སྐྱེ་འགྲོ་ཐམས་ཅད་ལ་དགེ་བར་གྱུར་ཅིག །

མགོན་ཁང་རྒྱུན་བསང་ལས་བཞི་མྱུར་གྲུབ།


SPN003_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཁང་རྒྱུན་བསང་ལས་བཞི་མྱུར་གྲུབ་ཅེས་པ་བཞུགས། རྩ་གསུམ་འདུས་ཞལ་རྡོ་རྗེ་ནག་པོ་ཆེན་པོ་ལ་ན་མཿ འདིར་ཡེ་ཤེས་མགོན་པོ་བེར་ཅན་ལྕམ་དྲལ་འཁོར་དང་བཅས་པ་མངའ་གསོལ་ཞིང་བསང་མཆོད་འབུལ་བ་མདོར་བསྡུས་ཀྱི་རིམ་པ་ནི། དམ་ཚིག་དང་ལྡན་པའི་སྒྲུབ་པ་པོས། རྟེན་བཤམས་པའི་དྲུང་དུ། དམ་རྫས་གཏོར་མ། སྨན་དང་རཀྟའི་ཨརྒཾ། ཉེར་སྤྱོད་མཆོད་པ། ཕྱེ་མར་འབྲུ་སྣ་དང་སྨན་སྣ། ཕུད་སྣ་དར་སྣ་ཚོགས། རིན་ཆེན་ཕྱེ་མ། གཞན་ཡང་སྤྱན་གཟིགས་དཀོར་ཆས་ཀྱི་རིགས་དང་། དར་ནག་གི་བ་དན་བསྒྲེང་། དྲི་བཟང་པོ་བདུག་པའི་བྱེ་བྲག་དང་། གསུར་ཆེན་གྱི་དུད་པ་བཏང་ལ། དང་པོ་མཆོད་རྫས་བྱིན་


SPN003_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་ནི། རང་ལྷར་གསལ་བའི་ངང་། ༀ་ཨཱ་བིགྷྣན་སོགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས་ལ། སྟོང་པའི་ངང་ལས་ཡྃ་ལས་རླུང་དཀྱིལ་སྟེང་། །རྃ་ལས་མེ་དཀྱིལ་ཀྃ་ལས་ཐོད་སྒྱེད་གསུམ། །དེ་དབུས་ཨ་ལས་བྷནྡྷའི་སྣོད་ཡངས་པར། །གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང་། །བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། །སོ་སོར་ཡི་གེ་དེ་དག་མཚན་པའོ། །རླུང་མེའི་སྦྱོར་བས་རྫས་ཀྱི་ཉེས་སྐྱོན་སྦྱངས། །འབྲུ་གསུམ་འཕྲོ་འདུས་ཡེ་ཤེས་བདུད་རྩིར་གྱུར། །ༀ་ཨཱ་ཧཱུྃ། ལན་གསུམ། རོལ་ཆེན་དང་བཅས། གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ༀ་མ་ཧཱ་ཀ་ལ་ཀཱ་ལ་ཡ། དེ་ཝ་རཀྵ་ཛཿཧཱུྃ་བྃ་ཧོཿ འདིར་ཤོག་འདིར་ཤོག །ཨ་གཙྪ་ཡ་ཨ་གཙྪ་ཡ། ཧཱུྃ་ཡ་ཛཿ ཧཱུྃ་ཡ་ཛཿ རྔ་འགྲིགས་དབྱངས་དང་བཅས། ཧཱུྃ། ཆོས་དབྱིངས་རྣམ་དག་ཕོ་བྲང་ནས། །སྐྱབས་གནས་བཀའ་བརྒྱུད་བླ་མ་རྣམས། །རྣལ་འབྱོར་གདུང་བས་སྤྱན་འདྲེན་ན། །འདིར་གཤེགས་མངའ་གསོལ་མཆོད་པ་བཞེས། །རང་བཞིན་ལྷུན་གྲུབ་ཞིང་ཁམས་ནས། །ཡི་དམ་དཔའ་བོ་ཌཱ་ཀིའི་ཚོགས། །རྣལ་འབྱོར༴ འདིར་གཤེགས༴ འོག་མིན་བྱང་ཕྱོགས་དུར་ཁྲོད་ནས། །དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། །རྣལ་འབྱོར༴ འདིར་གཤེགས༴ བྱང་ཤར་ཐོད་མཁར་བརྩེགས་པ་ནས། །རྡོ་རྗེ་ནག་མོ་རེ་མ་ཏི། །རྣལ་


SPN003_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར༴ འདིར་གཤེགས༴ ཕྲིན་ལས་རྣམ་བཞིའི་དཀྱིལ་འཁོར་ནས། །དཔལ་མགོན་ཕྱག་བཞི་བྱ་རོག་གདོང་། །རྣལ་འབྱོར༴ འདིར་གཤེགས༴ འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཆོས་སྐྱོང་སྲུང་མ་མ་ལུས་པ། །རྣལ་འབྱོར༴ འདིར་གཤེགས༴ མི་འགྱུར་བཀའ་གསང་རྡོ་རྗེ་ཡི། །དམ་ཚིག་གཉན་པོའི་གཞལ་ཡས་ནས། །རྒྱལ་ཆེན་རྣམ་མང་ཐོས་སྲས་མཆོག །དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས། །ག་ཡ་དྷ་ར་ཡབ་ཡུམ་འཁོར། །སྲིན་མགོན་ནག་པོ་ཐོད་ཕྲེང་ཅན། །རྣལ་འབྱོར༴ འདིར་གཤེགས༴ ཀླུ་རྒྱལ་ཇོ་བོ་སྔགས་ཀྱི་བདག །དགེ་བསྙེན་བཛྲ་རཱ་ཛ་ཆེ། །དབྱིངས་ཕྱུག་ཨ་ཕྱི་ཆོས་ཀྱི་སྒྲོན། །བཀྲ་ཤིས་ཚེ་ཡི་དཔལ་སྟེར་མ། །ལྷ་སྨན་རྒྱལ་མོ་མཆེད་ལྔ་དང་། །བོད་ཁམས་སྐྱོང་མ་བཅུ་གཉིས་ཀྱང་། །རྣལ་འབྱོར༴ འདིར་གཤེགས༴ བཙན་རྒོད་རྡོ་རྗེ་དབང་དྲག་འབར། །ས་བརྒྱད་སེམས་དཔའ་ལྷ་ཆེན་གཙོ། །ཐང་ལྷ་ཡར་ཞུར་སྲས་འཁོར་བཅས། །རྨ་རྒྱལ་སྤོམ་ར་མཆེད་ལྕམ་དཔུང་། །སྐུ་ལྷ་གེར་མཛོ་འབྲི་གཉན་ལྡང་། །ཟིལ་ཕྲོམ་རྡོ་རྒྱལ་མུ་ནམ་སོགས། །རྣལ་འབྱོར༴ འདིར་གཤེགས༴ ཐུབ་བསྟན་ཆོས་འཁོར་གཉན་སྲུང་བ། །ཟོ་དོར་དབུ་ཆེ་བྲག་དཀར་ནི། །རྡོ་རྗེ་དཔལ་སྐྱོང་རྩལ་ཞེས་གྲགས། །དགྱེས་སྡེ་སྲས་འཁོར་སྒོ་


SPN003_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞི། །སྨུག་སངས་རྩེ་རྒྱལ་ཞལ་ད་སོགས། །དཀར་ཕྱོགས་གཞི་གནས་ཡུལ་བདག་རྣམས། །རྣལ་འབྱོར༴ འདིར་གཤེགས༴ ཞེས་དང་། དེ་ནས་བསང་ཁང་དུ་ཕྱེ་མར་ལ་སོགས་འབྲུ་སྨན་གྱི་རིགས་རྣམས་གསུམ་ཆ་འབུལ་ཞིང་། གཏོར་མ་དང་གསེར་སྐྱེམས་ནམ་མཁར་མཆོད་ལ། ཀྱཻ། འཁོར་འདས་མཉམ་ཉིད་སྤྲོས་བྲལ་ཀློང་། །སྐྱེ་མེད་ཆོས་སྐུའི་རང་གདངས་རྩལ། །འགགས་མེད་ལོངས་སྐུའི་དཀྱིལ་འཁོར་ཤར། །གནས་མེད་སྤྲུལ་པའི་རོལ་པ་ལས། །འབྱུང་ལྔ་རྣམ་དག་ཡུམ་ལྔའི་དབྱིངས། །ཁམས་ལྔ་འདུས་པའི་རྟེན་འབྲེལ་གྱིས། །སྣང་སྲིད་སྣོད་བཅུད་ལྷུན་གྱིས་རྫོགས། །རབ་འབྱམས་འཇིག་རྟེན་བཀོད་པ་གསལ། །ཛམྦུ་བྲྀཀྵས་མཚན་པའི་ཞིང་། །སངས་རྒྱས་ཆོས་ཀྱི་དཔལ་གཡང་ལྡན། །བྱང་ཕྱོགས་གངས་རིའི་ཕྲེང་བསྐོོར་བའི། །སྨན་ལྗོངས་སྣ་ཚོགས་སྐྱེད་ཚལ་མཛེས། །དྲི་བསུང་སྤོས་ངད་ལྡང་པ་ཡི། །བདུད་རྩི་ཅན་ཤིང་རྣམ་མང་པོ། །རིན་ཆེན་བསང་ཁང་ཟླུམ་འཁྱིལ་དབུས། །འབར་གཡོའི་འཕྲུལ་གྱི་དུད་པའི་སྤྲིན། །ཕྱོགས་ཀྱི་གོ་སྐབས་འཕྲོག་བྱེད་པའི། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །མཐོ་རིས་དབང་པོའི་ལོངས་སྤྱོད་ཀྱི། །ལེགས་བྱས་རང་གཟུགས་ཅི་ཡང་འཆར། །དག་གཙང་ཡིད་འོང་ཉེར་སྤྱོད་བདུན། །མཐའ་ཀླས་རྒྱས་པར་འགེངས་པ་དང་། །ཨཱིནྡྲ་


SPN003_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སྙིལ་གྱི་ཡོལ་གོ་རུ། །ཛ་གད་དང་སྦྱར་གསེར་གཡུའི་སྐྱེམས། །བཅུད་ལྡན་དཀར་མངར་བདའ་དགུའི་ཕུད། །ཚེ་གལ་མཐུན་བསྡེབས་དཔང་རེ་མཐོ། །དར་སྣ་བལ་ཚོན་མདངས་རེ་གསལ། །སྤྱན་གཟིགས་དཀོར་ཆས་རྔམས་ཤིང་བརྗིད། །ཤ་ཆེན་གཏོར་མ་རི་ལྟར་སྤུངས། །ཁྲག་ཆེན་ཨརྒྷཾ་མཚོ་ལྟར་བསྐྱིལ། །གསུར་ཆེན་དུད་པ་སྤྲིན་ལྟར་གཏིབས། །འདོད་ཡོད་སྣ་ཚོགས་གཅལ་དུ་བཀྲམ། །དར་ནག་རྒྱལ་མཚན་བ་དན་བསྒྲེངས། །རོལ་མོ་སིལ་སྙན་འབྲུག་སྟོང་ལྡིར། །ཏིང་འཛིན་མཆོད་པ་བསམ་མི་ཁྱབ། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །ཀྱཻ། འགྲོ་བའི་མགོན་གྱུར་ཐུགས་རྗེའི་བདག། དཀོན་མཆོག་ཀུན་འདུས་ངོ་བོ་ཉིད། །རྩ་བརྒྱུད་བླ་མ་མངའ་གསོལ་ལོ། །ཡི་དམ་ལྷ་ཚོགས༴ ། དཔའ་བོ་མཁའ་འགྲོ༴ །ཡེ་ཤེས་མགོན་པོ༴ མ་ཧཱ་ཀཱ་ལ༴ །ལྷ་ཆེན་དཔལ་འབར༴ །ལེགས་ལྡན་ནག་པོ༴ །མཁའ་འགྲོའི་གཙོ་བོ་མངའ༴ །རིག་འཛིན་སྲུང་མ་མངའ༴ །རྣལ་འབྱོར་དགྲ་ལྷ༴ །དམ་ཉམས་སྲོག་གཅོད༴ །འཇིགས་བྱེད་ཆེན་མོ༴ །མ་གཅིག་ལྷ་མོ༴ །ཟ་བྱེད་ཆེན་མོ༴ །དབུགས་ལེན་བཅུ་དྲུག༴ །ཕྱོགས་བཅུ་མགོན་པོ༴ །དྲེགས་པ་དོན་གཉིས༴ །དྲེགས་པ་རྣམ་གསུམ༴ །མ་བདུན་སྲིང་བཞི༴ །འབར་དུས་ལྷ་མོ༴ །དམག་གི་རྒྱལ་མོ༴ །དབང་ཕྱུག་


SPN003_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་བརྒྱད༴ བརྟན་མ་བཅུ་གཉིས༴ །སྤྲུལ་དང་ཡང་སྤྲུལ༴ །ཧཱུྃ། དཔལ་མགོན་ཕྱག་བཞི་མངའ་གསོལ་ལོ། །ལས་མགོན་བྱ་གདོང༴ །རྒྱལ་ཆེན་རྣམ་སྲས༴ །བཛྲ་སདྷུ༴ །དཔལ་ལྡན་ཞིང་སྐྱོང་༴ །སྲིན་མགོན་ཐོད་ཕྲེང༴ །མ་དྲོས་བདག་པོ༴ །ཀླུ་རྒྱལ་མཁར་ནག༴ །དྷརྨ་ཏཱ་ར༴ །ཚེ་རིང་མཆེད་ལྔ༴ །བཙན་རྒོད་འབར་བ༴ ། དྲི་ཟའི་རྒྱལ་པོ༴ །རྨ་རྒྱལ་སྤོམ་ར༴ །གེར་མཛོ་གཉན་པོ༴ རྡོ་རྗེ་བློ་གྲོས། །རྡོ་རྗེ་གཡུང་དྲུང༴ །མུ་ནམ་མཆེད་བརྒྱད༴ །རྡོ་རྗེ་དཔལ་སྐྱོང༴ །སྨུག་སངས་དགེ་བསྙེན༴ །རྩེ་རྒྱལ་ཞལ་ད༴ །གཞན་ཡང་ཡུལ་རིས་ས་ཕྱོགས་འདིར། །གནས་པའི་ས་བདག་ཀླུ་གཉན་ཚོགས། །གཉུག་གནས་གློ་བུར་ལྷགས་པ་རྣམས། །མངའ་གསོལ་བསང་མཆོད་དགྱེས་པར་རོལ། །གསོལ་དང་མཆོད་པའི་བྱིན་རླབས་ཀྱིས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བར་དུ་གཅོད་པ་མཐའ་དག་སེལ། །དངོས་གྲུབ་མ་ལུས་ཀུན་སྩོལ་ཅིག །དེ་ནས་འདོད་དོན་གསོལ་ཞིང་ཕྲིན་ལས་བཅོལ་བ་ནི། སྐྱེམས་ཕུད་འཐོར་བཞིན་པས། ཀྱཻ། གསོལ་ལོ་མཆོད་དོ། །དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཔའ་བོ་རྣལ་འབྱོར་མའི་ཚོགས་རྣམས་དང་། དཔལ་ཡེ་ཤེས་ཀྱི་མགོན་


SPN003_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མ་ཧཱ་ཀཱ་ལ། བདུད་འདུལ་རྡོ་རྗེའི་དེད་དཔོན། འཇིགས་བྱེད་ཆེན་པོ་བེར་ནག་པོ་ཅན། ཡེ་ཤེས་ཀྱི་མགོན་པོ། ལས་ཀྱི་མགོན་པོ། འཇིག་རྟེན་གྱི་མགོན་པོ། ཡབ་ལེགས་ལྡན་ནག་པོ། སྐུ་ཡི་མགོན་པོ། གསུང་གི་མགོན་པོ། ཐུགས་ཀྱི་མགོན་པོ། ཡོན་ཏན་གྱི་མགོན་པོ། ཕྲིན་ལས་ཀྱི་མགོན་པོ། དཔལ་ལྡན་ལྷ་མོ་རང་བྱུང་གི་རྒྱལ་མོ། འདོད་པ་ཁམས་ཀྱི་དབང་ཕྱུག་མ། རེ་མ་ཏི། རེ་མ་ཛ། རེ་མ་ཛུ། དབུགས་ལེན་གྱི་ཤན་པ་ཡབ་ཡུམ་བཅུ་དྲུག །ཕྱོགས་སྐྱོང་བའི་མགོན་པོ་བཅུ། དྲེགས་པའི་གཙོ་བོ་བདུན་ཅུ་རྩ་གཉིས། མྱུར་མགྱོགས་ཀྱི་དྲེགས་པ་རྐྱ་གསུམ། མ་བདུན་སྲིང་བཞི། འབར་མ་དགུ། དུས་ལ་འཆར་བའི་ལྷ་མོ་བཞི། དམག་གི་རྒྱལ་མོ་ཆེན་མོ་བཞི། དབང་ཕྱུག་མ་ཉེར་བརྒྱད། རྡོ་རྗེའི་བརྟན་མ་བཅུ་གཉིས། གཞན་ཡང་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དམ་ཅན་རྒྱ་མཚོའི་དམག་ཚོགས་འཁོར་དང་བཅས་པ་རྣམས་གསོལ་ལོ་མཆོད་དོ། །དཔལ་ཁྲག་འཐུང་གི་རྒྱལ་པོ་ཕྱག་བཞི་པ། ལས་མགོན་བྱ་རོག་གི་མཚན་ཅན། རྒྱལ་ཆེན་ངལ་བསོས་པོ། སྐྱེས་བུ་བཛྲ་ཐིག་ལེ་རྩལ། ཞིང་སྐྱོང་ཀུན་དགའ་གཞོན་ནུ། ལངྐ་དུར་ཁྲོད་བདག་པོ། ཀླུ་རྒྱལ་སོག་མ་མེད། དགེ་བསྙེན་རྡོ་རྗེ་རྒྱལ་པོ། སྣ་ནམ་ལྷའི་ལྕམ་མོ། །བཀྲ་ཤིས་ཚེ་རིང་མ་མཆེད་ལྔ། མཐུ་


SPN003_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རྡོ་རྗེ་བྲག་བཙན་ལ་སོགས་ཡབ་ཡུམ་སྲས་འཁོར་བཀའ་སྡོད་ཕོ་ཉའི་ཚོགས་དང་བཅས་པ་རྣམས་གསོལ་ལོ་མཆོད་དོ། །གངས་ཅན་བོད་ཀྱི་བསྟན་སྲུང་ཁྱབ་འཇུག་གནམ་མཚོའི་བདག་པོ། ས་བརྒྱད་དབང་ཕྱུག་རྨ་རྒྱལ་རྡོ་རྗེ་བདུད་འཇོམས། སྲིད་པའི་ལྷ་ཆེན་ཨ་བོ་གེར་མཛོ། འབྲི་གཉན་ལྡང་བཛྲ་མ་ཏི་ལ་སོགས་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་ཟོ་དོར་མཐུ་བོ་ཆེ་རྣམས་དང་། གདན་ས་གནས་མཆོག་འདི་ཉིད་ཀྱི་ཡུལ་དང་གཞིའི་བདག་པོ་དབུ་ཆེ་བྲག་དཀར་གཉན་པོ་ལ་སོགས་པ་རང་ལ་རིགས་ཀྱི་འགོ་བའི་ལྷ་དང་སྲུང་མ་བྱམས་པའི་སེམས་དང་ལྡན་པ་རྣམས་གསོལ་ལོ་མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་རྡོ་རྗེ་སློབ་དཔོན་སྐུ་ཚེ་རིང་བར་གྱུར་ཅིག །མཆེད་དང་ལྕམ་དྲལ་ལ་ན་ཚ་མེད་པར་གྱུར་ཅིག །སྒྲུབ་པ་པོ་བདག་ཅག་གི་སྦྱིན་པའི་ཟས་ཟོ། བཅོལ་བའི་ལས་གྱིས། གདམས་པའི་ངག་ཉོན། དགོས་པའི་དོན་སྒྲུབས། སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་ཟློག །སྡོད་སའི་གནས་མལ་སྲུངས། མཁོ་བའི་ཡོ་བྱད་སྲུངས། བརྒྱུད་འཛིན་གྱི་སློབ་མ་སྲུངས། ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་ལ། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་ཅིག །ཅེས་བརྗོད།


SPN003_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་གྲངས་བཏོན་ན་སླར་ཡང་གོང་གི་བསང་གཞུང་དང་ཕྲིན་བཅོལ་བཅས་ཀྱི་གྲངས་འཛིན་ལ། རྗེས་མར་ཡང་སྐྱེམས་ཕུད་ཕྱེ་མར་འབུལ་ཞིང་འདོད་གསོལ་སྤྱི་འགྲོ་འདིའང་བྱ་སྟེ། སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་སྐྱོངས་རྣལ་འབྱོར་ཚེ་དཔལ་སྤེལ། །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །རྒས་མེད་ལང་ཚོ་ལྡན་པའི་ལུས་སྟོབས་རྒྱས། །མིག་ལ་ཡ་མཚན་ལྟད་མོའི་དགའ་བ་དང། །རྣ་བར་རྟག་ཏུ་སྙན་པའི་གཏམ་ཐོས་ཤིང་། །དྲི་ཞིམ་ངད་པ་སྣ་དང་མི་འབྲལ་བར། །ཟས་སྐོམ་འབྱོར་པས་རོ་འཛིན་ཚིམ་བྱེད་ཅིང་། །ལུས་ལ་རེག་བྱ་བདེ་བ་ཁོ་ནས་འཚོ། །ཡིད་ལ་རྣམ་པར་བཀྲ་བའི་ཤེས་རབ་དང་། །ཟག་མེད་བདེ་བས་ནམ་ཡང་ངོམ་པར་མཛོད། །ཁྱོད་གསོལ་ཁྱོད་བརྟེན་ཁྱོད་མཆོད་ཁྱོད་རྦད་ན། །མཐུ་རྩལ་མ་ཆུང་བརྩེ་གདུང་ཆེ་བར་མཛོད། །གཞི་ལ་བཀྲ་ཤིས་ཕུན་ཚོགས་ལོངས་སྤྱོད་ལྡན། །བྱེས་སུ་ལམ་འཕྲང་ཆུ་ལ་སྒྲོལ་འདོན་མཛོད། །འཇིགས་སར་དགྲ་ཇག་ཆོམ་རྐུན་འཚེ་བ་སྐྱོབས། །མདོར་ན་བསམ་དོན་ཡིད་བཞིན་གྲུབ་པར་མཛོད། །ཅེས་དང་། བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །འགལ་རྐྱེན་བར་ཆད་མ་ལུས་ཞི་བ་དང་། །མཐུན་


SPN003_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་བསམ་དོན་ལྷུན་གྱིས་གྲུབ་པར་མཛོད། །ཅེས་དང་། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་ཤོག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་བཞེས། །ཡེ་ཤེས་རྟེན་བཞུགས་འཇིག་རྟེན་རང་གནས་གཤེགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །ཅེས་བདེ་ལེགས་ཀྱི་མེ་ཏོག་འཐོར་བར་བྱའོ། །ཞེས་པའང་མགོན་ཁང་ཆེན་མོར་རྒྱུན་བསང་ཁྱེར་བདེ་འདི་བཞིན། རྗེ་མཁའ་སྤྱོད་པས་མཛད་པའི་མངའ་གསོལ་བྱིན་རླབས་ཀྱི་ཁྱད་པར་གཞིར་བཀོད་ནས། མཆོད་འོས་ཁ་སྐོང་སོགས་ཀྱི་སྐོར་རྣམས་སི་ཏུ་པས་དགེ་བསྐོས་ཀརྨ་ལྷས་སྐྱབས་ཀྱི་བཞེད་ངོར་སྤེལ་བ་དགེ་བར་གྱུར་ཅིག་ཛ་ཡནྟུ། །

དབུ་ཆེའི་བསང་དགོས་འདོད་ཆར་འབེབས།


SPN003_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ཆེའི་བསང་དགོས་འདོད་ཆར་འབེབས་བཞུགས། ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ་གྱིས་བྱིན་བརླབས་ལ། ལྷ་རྫས་འདོད་དགུའི་ལོངས་སྤྱོད་ཀྱི། །བསང་མཆོད་ཟག་མེད་བདེ་ཆེན་གྱུར། །


SPN003_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ལྷར་གསལ་ཐུགས་ཀ་ནས། །འོད་འཕྲོས་གནས་བདག་ཚོགས་སྤྱན་དྲངས། །བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ ཀྱཻ། ཛམྦུ་བྲྀཀྵའི་བྱང་རོལ་ན། །གངས་ཅན་མདོ་ཁམས་གླིང་ཁྲི་སྨད། །འབྲི་རྒྱལ་ཆོས་ཕྱུག་སྐྱོང་བའི་ཡུལ། །དལ་འགྲོ་གསེར་ལྡན་ཀླུང་གི་ངོགས། །སྦས་གནས་ཨ་ཏ་རོང་གི་ཆར། །ཐུབ་བསྟན་ཤྲཱི་ནི་ཀཱ་ར། །བསྲུང་བར་སྨོན་ལམ་ལས་གྲུབ་ལྷ། །རབ་དཀར་སྟོན་ཟླ་ཆ་གང་བ། །འོད་འཚེར་ལྟ་བུའི་སྲ་བརྟན་གྱི། །ལྷུན་ཆགས་རྡོ་རྗེ་ཕ་ལམ་བྲག །ཀཻ་ལ་ཤ་ཡི་མདངས་འཕྲོག་པ། །ཕྱི་ལྟར་མཐོང་བ་ཀུན་སྨོན་ཞིང་། །ནང་ལྟར་ལྷ་ཀླུའི་རིན་ཆེན་གྱི། །ཕོ་བྲང་ཡིད་འོང་ལྟ་ན་སྡུག །གསང་ལྟར་རྒྱལ་བ་རྒྱ་མཚོ་ཡི། །དཀྱིལ་འཁོར་གདོད་ནས་རང་བྱུང་གྲུབ། །གནས་ཞིང་སྐྱོང་བའི་ཟོ་དོར་གཉེན། །དབུ་ཆེ་རྡོ་རྗེ་དཔལ་སྐྱོང་རྩལ། །དར་ཐོད་དར་བེར་གཡས་བ་དན། །གཡོན་པར་གཏེར་བུམ་ཕྱྭ་གཡང་འགུགས། །གཡས་གཡོན་དཔའ་ཆས་དགྲ་ལ་རྔམ། །ཅང་ཤེས་དུང་མདོག་རླུང་ཤུགས་བཅིབ། །དགྱེས་སྡེ་སྲས་དང་སྒོ་སྲུང་བཞི། །དཀར་པོ་ལྷ་ཡི་དཔུང་ཚོགས་བསྐོར། །ཁྱུང་འབྲུག་སྟག་སེང་ལྡིང་དང་འཕྱོ། །སྤྲིན་དང་ན་བུན་དབྱར་རྔ་ལྡིར། །རིན་ཆེན་ཨཱིནྡྲའི་མདངས་ལྡན་པའི། །རྫ་བྲག་རི་དབང་གནས་འཆའ་བའི། །སྨུག་སངས་མཚོ་སྨན་


SPN003_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་དང་། །མར་གད་ཞུན་མ་དང་མཚུངས་པའི། །ས་འཛིན་དཔལ་གཡང་ཅན་གྱི་བདག །རྩ་རྒྱལ་ཞལ་ད་སྲས་ཡུམ་འཁོར། །ཀུན་ཀྱང་དམ་ཚིག་རྡོ་རྗེ་ཡི། །བཀའ་བསྒོས་རྗེས་དྲན་འདིར་གཤེགས་བཞུགས། །དགྱེས་རྫས་མཆོད་པ་འབུལ་བ་ནི། །བཟང་ཤིང་རིགས་དགུའི་བསང་དུད་ལས། །མཆོད་པའི་བྱེ་བྲག་ཅི་ཡང་སྤྲུལ། །བཀྲ་ཤིས་རྫས་རྟགས་འདོད་ཡོན་ལྔ། །དཀར་གསུམ་མངར་གསུམ་རིན་ཆེན་སྨན། །འབྲུ་སྣ་ཕྱེ་མར་གསེར་སྐྱེམས་རྫས། །ཛ་གད་ཕུད་སྣ་གོ་ཁྲབ་དང་། །དར་གོས་རྒྱན་ཆས་རྐང་འགྲོའི་རིགས། །གནོད་སྦྱིན་དཀོར་བས་ཆེས་ལྷག་པ། །ཕྱོགས་ཀྱི་གོ་སྐབས་འགོག་བྱེད་པའི། །བདུག་སྤོས་སྤྲིན་ཆེན་གཡོ་བ་དང་། །རང་བཞིན་རྣམ་དག་བསུང་ངད་ལྡང་། །ཕྱི་སྣོད་ནང་བཅུད་དྲི་མ་བསང་། །ཉམས་གྱུར་ཉེས་ཚོགས་བྱང་གྱུར་ཅིག །མཐུ་སྟོབས་རྩལ་གྱིས་ཕ་རོལ་གནོན། །ལྷ་ཡི་དགེ་བསྙེན་འཁོར་བཅས་བསྟོད། །སྔོན་ཚེ་པད་འབྱུང་བྱང་ཆུབ་གླིང་། །གྲུབ་ཆེན་པཀྵི་ཆོས་ཀྱི་འབྱུང་། །སྤྱན་སྔར་དམ་མནོས་ཡལ་གམ་ཅན། །དེང་འདིར་ཐ་ཚིག་བརྩེར་དགོངས་ལ། །སྒྲུབ་བརྒྱུད་བསྟན་དང་བསྟན་འཛིན་སྐྱོངས། །རྣལ་འབྱོར་བསམ་དོན་ལྷུན་གྲུབ་པར། །ལེགས་པའི་རྒྱལ་ཁ་བསྟོད་པ་དང་། །སྡོང་གྲོགས་རྒྱབ་


SPN003_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་མེལ་ཚེ་མཛོད། །མི་འབྲལ་རྟག་པར་སྲུང་ཞིང་སྐྱོབས། །རྣམ་བཞིའི་ཕྲིན་ལས་མ་གཡེལ་སྒྲུབས། །རྒྱལ་བསྟན་མི་ནུབ་རྒྱལ་མཚན་མཆོག །སྲིད་རྩེར་བསྒྲེང་པའི་བཀྲ་ཤིས་ཀྱི། །ཉི་ཟླ་དཔལ་དུ་འབར་བ་ཡི། །རྣམ་ཀུན་ཕུན་ཚོགས་ཁྱབ་གྱུར་ཅིག། སརྦ་བྷཱུ་ཏ་གཙྪ། ཞེས་པའང་སི་ཏུ་པདྨ་ཉིན་བྱེད་དབང་པོས། དགེ་བཤེས་ཀརྨ་ཚེ་རིང་བཞེད་ལྟར་སྤེལ། སརྦ་མངྒ་ལམ། །

འབྲི་རྒྱལ་གཉན་ལྡང་དང་མུ་ནམ་བཅས་ཀྱི་བསང་མཆོད་རིན་ཆེན་ཆར་འབེབས།


SPN003_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

འབྲི་རྒྱལ་གཉན་ལྡང་དང་མུ་ནམ་བཅས་ཀྱི་བསང་མཆོད་རིན་ཆེན་ཆར་འབེབས་ཞེས་པ་བཞུགས། ན་མོ་མ་ཧཱ་གུ་རུ་རཏྣ་པདྨཱ་ཀ་ར་ཡེ། འདིར་དཀར་པོ་ལྷའི་སྡེ་དཔོན་རིགས་ཆོས་རྒྱུད་སྲུང་འབྲི་རྒྱལ་གཉན་པོ་དང་། རྡོ་རྒྱལ་བཅས་ལ་བསང་མཆོད་སྤྲོ་བས་དང་པོ་དཀོན་མཆོག་གི་རྟེན་དྲུང་དུ་བསང་གཞུང་གང་ཡིན་དེའི་དགོས་ཆས་སྤྱི་དང་བྱེ་བྲག་པ་གང་དགོས་རྣམས་འདུ་བྱས་ལ། དམིགས་བསལ་གཞི་དཀར་པོའི་སྟེང་དུ་འབྲུ་དཀར་གྱིས་གཡུང་དྲུང་གཡས་འཁྱིལ་གཉིས་ཕན་ཚུན་དུ་བཀོད། དེ་སྟེང་མཉྫི་ལྟ་བུའི་ཁར་དཀར་བཤོས་གཙོ་འཁོར་ལྔ་ཚོམ་ཅན། རྩེར་ཉི་ཟླས་བརྒྱན་བ་གཉིས་ལ། དར་སྣ། སྟག་གཟིག་རས་མོ། ཁྱུང་དང་སེང་གེ་གཡུ་འབྲུག །བྱ་དང་རི་དྭགས་གཡུང་དྭགས་ལ་སོགས་དཀོར་ནོར་གཟུགས་འགྲོས་རིགས་སྤར་དུ་བཏབ་པ་མང་པོས་བརྒྱན་ཅིང་བསྐོར། མཆོད་ཡོན་སོགས་ཉེར་སྤྱོད་ཀྱི་མཆོད་པ་དང་། གྲངས་ཅི་ཙམ་འདོན་ན་དེ་ལ་དཀར་གཏོར་གཉིས་རེ་དང་། ཕུད་ཕོར་གཙང་མར་གསེར་སྐྱེམས།


SPN003_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཕྱེ་མ། སྨན་སྣ། འབྲུ་སྣ། ཟས་སྣ། ཡོས་བཀྲ། ཕྱེ་མར། ཇ་ཆང་། དཀར་ཕུད་སོགས་བཤམས། བསང་ཁང་དུ་བཟང་ཤིང་སྤོས་སྨན་གང་འཛོམས་ཀྱི་རིགས་རྣམས་སྤུངས་ཤིང་། བསང་གཞུང་སྤྱི་ལྟར་བཏོན་ལ་སྐབས་མཚམས་ཞིག་ཏུ། སླར་ཡང་མཆོད་རྫས་རྣམས། ༀ་བཛྲ་ཨ་མྲི་ཏས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་ཆེན་བསང་ཁང་བཟང་། །རབ་དཀར་ཟླུམ་འཁྱིལ་དེ་དབུས་དྲི་བསུང་ངད། །རྨད་བྱུང་སྨན་སྤོས་བདུད་རྩི་ཅན་གྱི་ཤིང་། །རྣམ་མང་བདུག་པའི་སྤྲིན་ཕུང་ཕྱོགས་ཀུན་ཁྱབ། །གཞན་ཡང་སྐབས་གསུམ་གདེངས་ཅན་མིའི་འགྲོ་བའི། །ལོངས་སྤྱོད་མཁོ་དགུའི་ཡོ་བྱད་དཔག་ཏུ་མེད། །མཆོད་རྫས་དངོས་པོ་བཟང་ཞིང་རྒྱ་ཆེ་བ། །མཐའ་ཀླས་ཟད་མི་ཤེས་པ་ནམ་མཁའི་མཛོད། །ཀུན་བཟང་ཏིང་འཛིན་སྨོན་ལམ་ལས་གྲུབ་པའི། །འདོད་པའི་ཡོན་ཏན་བསམ་མི་ཁྱབ་པར་གྱུར། ༀ་ཨ་ཀ་རོས་ལན་གསུམ་བྱིན་བརླབས་ལ། ཀྱཻ། སྐྱབས་གནས་ཐུགས་རྗེའི་བདག་ཉིད་ཅན། །སྐལ་བཟང་ཞིང་གི་འདྲེན་པ་མཆོག །སྟོང་དང་རྩ་གཉིས་འབྱོན་པའི་གནས། །ལྷོ་རྒྱལ་ཛམ་གླིང་དབུས་འགྱུར་འཆང་། །རྒྱ་གར་འཕགས་ཡུལ་རྡོ་རྗེ་གདན། །བྱང་གི་ཆར་བརྟེན་གངས་ཅན་ལྗོངས། །འཇིག་རྟེན་དབང་ཕྱུག་གདུལ་བྱའི་ཞིང་། །བོད་ཆེན་མདོ་ཁམས་གླིང་ཁྲི་སྨད། །འབྲི་རྒྱལ་ཆོས་


SPN003_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཕེན་ཕྱུག་གིས། །སྐྱོང་བའི་སྦས་ཡུལ་ཨ་ཏ་རོང་། །རྗེས་འབྲེལ་ཆུ་བོ་གསེར་ལྡན་ངོགས། །རིན་ཆེན་ས་འཛིན་མར་གད་མདངས། །མཐོ་ལ་བརྗིད་ཅིང་རྫ་དང་བྲག། སྲ་བརྟན་གཞོམ་བྲལ་རྡོ་རྗེའི་རྫོང་། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །བདུད་བཏུལ་གསང་སྔགས་ཆོས་འཁོར་བསྐོར། །བར་དུ་པདྨ་ཐོད་ཕྲེང་གིས། །བྱིན་གྱིས་བརླབས་ཤིང་ཟབ་གཏེར་སྦས། །ཐ་མར་ལས་ཅན་ཆོས་བདག་གིས། །གནས་གཏེར་སྒོ་འབྱེད་འགྲོ་དོན་སྐྱོང་། །གདོད་ནས་རྣམ་དག་ས་སྤྱོད་ཞིང་། །མཐོང་ཐོས་རེག་པ་ཙམ་གྱིས་ཀྱང་། །བདེ་ཆེན་ཐར་པའི་ལམ་ལ་སྦྱོར། །རྩ་བ་བརྒྱུད་པའི་བླ་མ་རྣམས། །ཐུགས་རྗེའི་ཆུ་འཛིན་ཐིབས་སེ་ཐིབ། །ཡི་དམ་ཌཱ་ཀིའི་དཀྱིལ་འཁོར་གསལ། །དངོས་གྲུབ་སྦྲང་ཆར་སི་ལི་ལི། །ཆོས་སྐྱོང་དམ་ཅན་གཞི་གནས་བདག །མྱུར་མགྱོགས་ཕྲིན་ལས་སྤྲིན་སྒྲ་སྒྲོགས། །ངོ་མཚར་མངོན་འཕགས་བཀོད་ལེགས་ཀྱི། །དགེ་མཚན་རེ་ཁཱ་ཅི་ཡང་འཆར། །སྣ་ཚོགས་རིན་ཆེན་ལས་གྲུབ་པའི། །ཕོ་བྲང་གཞལ་ཡས་ཉམས་རེ་དགའ། །ས་གསུམ་དཔལ་འབྱོར་འདོད་དགུའི་མཛོད། །གནོད་སྦྱིན་ནོར་དབང་འགྲན་བཟོད་པ། །དཀར་པོ་ལྷ་ཡི་སྡེ་དཔོན་ཆེ། །སངས་རྒྱས་བསྟན་སྲུང་ཕས་རྒོལ་འཇོམས། །རི་དབང་སྤུན་དགུའི་ཡ་གྱལ་དུ། །གྲགས་ལྡན་ཆོས་ཀྱི་བདེན་


SPN003_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ། །འབྲི་རྒྱལ་རྡོ་རྗེ་བློ་གྲོས་ནི། །རབ་དཀར་སྟོན་ཟླ་དང་མཚུངས་པ། །མཐོ་རིས་བདག་པོའི་ཁེངས་འཕྲོག་བྱེད། །ཞི་འཛུམ་སྒེག་པའི་ཉམས་དང་ལྡན །དར་དཀར་ཐོད་བཅིངས་རིན་པོ་ཆེའི། །སྙན་རྒྱན་མགུལ་རྒྱན་དོ་ཤལ་འཕྱངས། །ཕྱག་གཡས་བ་དན་དཀར་པོ་འཕྱར། །བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེང་། །གཡོན་པས་བཅུད་བཀང་རིན་ཆེན་བུམ། །སྒྲུབ་ལ་དངོས་གྲུབ་ཆར་ལྟར་འབེབས། །ལྷ་ཡི་རེག་བྱ་ཀུནྡའི་མདོག། ལྷབ་ལྷུབ་དར་གྱི་ན་བཟའ་དང་། །མདངས་ལྡན་རྨ་བྱའི་བེར་ཐུལ་གསོལ། །ཞབས་ཟུང་རིན་ཆེན་མཆིལ་ལྷམ་མཛེས། །དར་སྟན་གསེར་སྒ་རིན་ཆེན་རྒྱན། །ཅང་ཤེས་ངང་དཀར་རྩལ་ལྡན་ཆིབས། །ཕྱི་ནང་གསང་བའི་དགྱེས་སྡེ་དང་། །སྲས་ལྕམ་མཆེད་འཁོར་སྤྲུལ་པ་དང་། །ཡང་སྤྲུལ་དཔུང་གི་ཚོགས་དང་བཅས། །རིགས་མཐུན་རྒྱན་དང་ཆ་ལུགས་རྣམས། །མ་ངེས་སྣ་ཚོགས་སོ་སོར་སྟོན། །སྔོན་གྱི་ཐུགས་དམ་དྲན་མཛོད་ལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཀྱཻ། སངས་རྒྱས་ཆོས་ཀྱི་བཀའ་ཉན་པ། །ཤར་ཕྱོགས་མངའ་རིས་དབང་བསྒྱུར་ཞིང་། །སྟོབས་ཀྱི་དཔུང་པས་ལེགས་བརྟེན་པའི། །རྡོ་རྒྱལ་མུ་ནམ་མཆེད་བརྒྱད་པོ། །ཀཻ་ལཱ་ཤ་ཡི་ལྷུན་པོ་ལ། །གནས་བཅས་ལྷ་ཡི་དགའ་ཚལ་བཞིན། །


SPN003_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་འཐུང་ལྗོན་པ་སྨན་དང་ནི། །མེ་ཏོག་མཚོ་རྫིང་ཉལ་འགྲོའི་རྒྱུན། །དུས་བཞིར་ལས་བཞིའི་ཁ་དོག་བསྒྱུར། །འདབ་ཆགས་རི་དྭགས་སྤུ་སྡུག་རྣམས། །འཚེ་བ་དང་བྲལ་བག་ཡངས་རྒྱུ། །ནང་ལྟར་རིན་ཆེན་ཁང་བཟང་མཛེས། །དབྱིབས་ལེགས་ཡིད་འོང་ལྟ་ན་སྡུག །དེར་བཞུགས་ལྷ་ཡི་དགེ་བསྙེན་ནི། །རྡོ་རྗེ་གཡུང་དྲུང་དཔའ་རབ་འབར། །མདོག་དཀར་དགྱེས་པའི་འཛུམ་ཞལ་གཡོ། །སྐུ་ལ་དུང་ཁྲབ་དར་བེར་བཀླུབས། །དུང་རྨོག་ཁྱུང་དར་སྟག་འཕྲུ་ལྡེམ། །སྣ་ཚོགས་རིན་ཆེན་ཕྲེང་བས་བརྒྱན། །ཕྱག་གཡས་དར་དཀར་བ་དན་དང་། །གཡོན་པས་རཏྣའི་གཞོང་པ་བསྣམས། །སྟག་གདོང་གཟིག་ཤུབས་རལ་གྲི་སོགས། །འཁོར་གསུམ་སྐེད་བསྐོར་ཟ་འོག་གི། །ལྷམ་གསོལ་དུང་རྟ་གཡུ་རྔོག་ཅན། །རིན་ཆེན་སྒ་སྲབ་དར་སྟན་མཛེས། །རླུང་གི་རྩལ་ལྡན་ཆིབས་སུ་བཅིབས། །མཆེད་དང་བཙུན་མོ་སྲས་འཁོར་རྣམས། །རྣམ་འགྱུར་ཅིར་ཡང་སྟོན་ཅིང་བསྒྱུར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །མ་ཐོགས་མྱུར་བར་གཤེགས་སུ་གསོལ། །ༀ་བྷཱུ་མི་པ་ཏི་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཞེས་སྙན་པའི་དབྱངས་དང་རོལ་མོ་བཅས་ཀྱིས་སྤྱན་འདྲེན་ལ། དེ་ནས་བཞུགས་སུ་གསོལ་བ་ནི། ཀྱཻ། སྐུ་མཁར་འཕྲུལ་གྱི་ལྡིང་ཁང་རྒྱ་རེ་ཆེ། །སྣ་ཚོགས་རིན་ཆེན་ཁྲི་བཤམས་བཀོད་རེ་ལེགས། །པདྨ་འདབ་རྒྱས་ཟླ་


SPN003_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གདན་མདངས་རེ་གསལ། །སྤྱན་གཟིགས་དཀོར་ཆས་རྣམས་ནི་ལྷབ་མ་ལྷུབ། །དགྱེས་རྫས་འདོད་ཡོན་ལོངས་སྤྱོད་སྤུངས་སེ་སྤུངས། །ལྷ་ཆེན་འཁོར་བཅས་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། དེ་ནས་རང་ཡི་དམ་དུ་གསལ་བའི་ངང་ནས་སྤྱི་བོར་རྡོ་རྗེ་བཞག་པར་དམིགས་ནས་དམ་ལ་བཞག་པ་ནི། ཧྲཱིཿ སྔོན་ཚེ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀས། །དཀྱིལ་འཁོར་དབང་བསྒྱུར་བཀའ་ཡི་སྲུང་མར་བསྐོས། །བར་དུ་མཚོ་སྐྱེས་པདྨ་རྒྱལ་པོའི་དྲུང་། །ཁས་བླངས་དམ་བཅས་ཟབ་གཏེར་གཉེར་ཁ་གཏད། །ཐ་མར་རིག་འཛིན་རྩ་བརྒྱུད་བླ་མ་ཡི། །སྤྱན་སྔར་བཀའ་བསྒོས་དམ་ལ་བཞག་པའི་ཚེ། །སངས་རྒྱས་བསྟན་པ་སྲུང་བར་མ་ཆད་དམ། །སྒྲུབ་མཆོག་སྐྱོང་བར་ཞལ་བཞེས་མ་ལགས་སམ། །རྡོ་རྗེའི་ཐ་ཚིག་མ་གཡེལ་རྗེས་དགོངས་ལ། །དེང་འདིར་ཆོས་ཀྱི་བརྒྱུད་འཛིན་རྣལ་འབྱོར་པས། །དམ་ཚིག་དབང་གིས་གནས་འདིར་སྤྱན་འདྲེན་གྱི། །བཤམས་པའི་གདན་ལ་དགྱེས་པར་བཞུགས་ནས་ཀྱང་། །མཉེས་པའི་མཆོད་པ་དམ་པ་འབུལ་ལགས་ན། །ཡལ་གམ་གཉན་ལ་མ་འདའ་ས་མ་ཡ། །བྷཱུ་མི་པ་ཏི་ས་པ་རི་ཝཱ་རེ་བྷྱཿས་མ་ཡ་རཀྵནྟུ། དེ་ནས་མཆོད་པ་འབུལ་བ་ནི། ཐལ་མོ་སྦྱར་ནས་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་བཞིན་པས། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་དུ།


SPN003_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མཛེས་དམ་པ་ལ༴ སྐུ་འབྱམས་ཀླས་ལ༴ འཇིགས་པ་ཐམས་ཅད་དང་བྲལ་བ་ལ༴ མཆོད་སྦྱིན་གྱི་ཕྱག་རྒྱ་དང་བཅས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ་གྱིས་བསྔོ་ཞིང་། ཀྱེ་ཧོ། ལྷ་ཡི་དགེ་བསྙེན་ཆེན་པོ་སྨན་བཙུན་སྡེ། །སྲས་ལྕམ་སྤྲུལ་འཁོར་བཅས་པ་ཐམས་ཅད་དང་། །ཟོ་དོར་མུ་ནམ་མཆེད་བརྒྱད་རང་རིགས་སྡེ། །ཆུ་ཤེལ་ནོར་བུའི་འཛུམ་དཀར་རབ་འཚེར་བའི། །དགྱེས་ཞལ་འོད་སྣང་ཕྲེང་བ་ངོམས་པར་མཛོད། །འཆི་མེད་བདུད་རྩི་ཅན་ཤིང་རྣམ་མང་པོ། །མ་ལ་ཡ་ཀླུང་དྲི་བཞོན་དང་མཚུངས་པ། །འབར་གཡོའི་འདུ་བྱེད་མཁའ་ཡི་གླང་པོ་དང་། །དབང་གཞུ་ལྟར་བཀྲའི་ཟེར་མ་རེ་རེ་ལས། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རྒྱལ་སྲིད་བདུན། །ཉེ་བའི་རིན་ཆེན་འདོད་ཡོན་རྣམ་པ་ལྔ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་ནས་སུ། །ཟག་མེད་བདེ་བ་ཆེན་པོ་སྐྱེད་བྱེད་པའི། །མཆོད་པའི་སྤྲིན་ཕུང་རབ་འབྱམས་མཐའ་ཀླས་པ། །ཀུན་ཏུ་དཀྲིགས་པས་ཞིང་རྣམས་བཀང་བྱས་ཏེ། །བསང་མཆོད་དགྱེས་པ་ཆེན་པོས་བཞེས་སུ་གསོལ། །རོལ་མཚོ་བདུན་གྱི་དཔལ་ལ་ཅོ་འདྲི་བའི། །ཡིད་ལ་སིམ་པ་སྟེར་བའི་དལ་འབབ་རྒྱུན། །དག་གཙང་དྲི་མེད་ཡན་ལག་བརྒྱད་ལྡན་ཆབ། །འབུལ་གྱི་ཐུགས་དམ་དབང་གིས་བཞེས་སུ་གསོལ། །མཐོ་རིས་མེ་ན་ཀ་ཡི་སྤྱོད་ཡུལ་ལས། །ཁྱད་འཕགས་


SPN003_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་འཐུང་རྣམ་པ་སྣ་ཚོགས་པ། །འདབ་རྒྱས་གེ་སར་བཞད་པའི་སྐྱེད་ཚལ་རྣམས། །འབུལ་གྱི་ཟག་མེད་བདེ་བས་ཚིམ་པར་མཛོད། །ཧ་རི་ཙནྡན་ལྗོན་པའི་ནགས་ཀླུང་ངོགས། །སྐྱི་བསེར་དལ་བུས་བསྐུལ་འདྲའི་ངད་ལྡང་བ། །དྲི་བསུང་ཕུན་ཚོགས་སྤོས་ཀྱི་བྱེ་བྲག་འཐུལ། །འབུལ་བཞེས་གྲིབ་དང་མི་གཙང་སེལ་གྱུར་ཅིག །ཕྱོགས་ཀྱི་གོ་སྐབས་གསལ་བར་བྱེད་པ་ཡི། །རིན་ཆེན་སྒྲོན་མེའི་བྱེ་བྲག་ཇི་སྙེད་པ། །སྲིད་པའི་སྣང་བྱེད་འོད་ཟེར་དང་མཚུངས་འདི། །འབུལ་གྱི་དགྱེས་པ་ཆེན་པོས་རོལ་པར་མཛོད། །གང་ཞིག་རེག་པས་བདེ་བའི་དཔལ་སྟེར་བྱེད། །ག་བུར་ཙནྡན་སིཧླ་གུར་གུམ་དང་། །ཨ་ག་རུ་སོགས་བྱུག་པའི་རྣམ་པ་གང་། །འབུལ་བཞེས་ཉམས་ཆག་བསྐང་ཞིང་དག་གྱུར་ཅིག །ལྷ་མིའི་ཞལ་ཟས་རོ་བཅུད་བརྒྱ་ལྡན་པའི། །བཟའ་བཏུང་བཅའ་བ་བལྡག་གཞིབ་མཆིས་སོ་ཅོག །རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ་བ་འདི། །འབུལ་གྱི་གཡར་དམ་གཉེན་པོ་བསྐང་གྱུར་ཅིག །གནྡྷར་དཔལ་མོའི་དབྱངས་ལ་སྙེམས་སྟེར་ཞིང་། །མིའམ་ཅི་ཡི་སྐད་གདངས་ཟིལ་གནོན་པའི། །སྒྲ་སྙན་རོལ་མོའི་བྱེ་བྲག་ཅི་ཡང་ལྡིར། །ཐོས་འཛིན་དཔྱིད་དུ་དགྱེས་བརྩེར་རོལ་པར་མཛོད། །ༀ་མ་ཧཱ་དེ་ཝ་ཨུ་པ་སི་ཀ་ས་པ་རི་ཝཱ་ར་ཨརྒྷཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནེ་ཝིདྱ། ཤབྡ་


SPN003_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ། ཞེས་རོལ་མོའི་རིགས་རྣམས་གང་ཡོད་བསྒྲགས་ལ། དེ་ནས་སྐྱེམས་དང་ཕྱེ་མར་གཏོར་མ་ལ་སོགས་མཐུན་རྫས་རྣམས་འབུལ་བ་ནི། ཧོ། རིན་ཆེན་བཻ་ཌཱུཪྱ་ཡི་ཡོལ་གོ་རུ། །ཛ་གད་དཔའ་བོའི་ཉིང་ཁུ་རྒྱ་མཚོར་འཁྱིལ། །གསེར་དངུལ་གཡུ་སོགས་རིན་ཆེན་འབྲུ་སྣ་སྨན། །རྨད་བྱུང་བཅུད་ལེན་ལྟ་བུར་དགྱེས་པར་རོལ། །རིན་ཆེན་ཨཱིནྡྲ་ནཱི་ལའི་སྣོད་ཡངས་པར། །རྩི་བཅུད་ཡོངས་འདུ་དཀར་ཕུད་གཙང་མ་དང་། །ཙཱི་ནའི་ལྗོན་འདབ་ལས་བྱུང་ཕུད་རྒོད་སྐྱེམས། །འབུལ་བཞེས་ཐུགས་ཀྱི་དགྱེས་པ་བསྐང་གྱུར་ཅིག །བ་ལིཾ་དཀར་བཤོས་རི་ལྟར་ཟངས་སེ་ཟང། །རྩེ་རྒྱན་ཉི་ཟླའི་མདངས་འོད་ཏ་ལ་ལ། །དར་སྣ་སྟག་རས་གཟིག་རས་ལྷབས་སེ་ལྷབ། །ཁྱུང་འབྲུག་འདབ་ཆགས་རྣམས་ནི་འཕུར་ལྡིང་འཕྱོ། །གདོང་ལྔའི་དབང་དང་སྟག་གཟིག་གཅན་གཟན་རྣམས། །གཏུམ་ཞིང་རྔམ་པའི་ངར་སྐད་སྒྲོག་ཅིང་རྒྱུ། །རི་དྭགས་གནག་ཕྱུགས་ཁྱུ་ཆེན་མེ་རེ་རེ། །ཕྱེ་མར་ཟས་ཕུད་རྣམས་ནི་སྤུངས་སེ་སྤུངས། །ནམ་མཁའ་མདའ་འཕང་རྒྱང་བུ་ལྡེམས་སེ་ལྡེམ། །ཤེལ་ཚིག་ཁྲི་དཀར་སྟོང་ནག་རྐང་འགྲོས་རིགས། །རྟ་གཡག་ར་ལུག་དུ་མར་སྤྲུལ་པ་དང་། །གོ་མཚོན་དཔའ་རྟགས་རྔམ་ཆས་སྐྱི་གཡའ་བར། །གཞན་ཡང་ལྷ་མིའི་དཀོར་ནོར་བསམ་ཡས་པ། །བཀོད་ལེགས་ཚར་དུ་དངར་བ་ལྟ་ན་སྡུག །


SPN003_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་རྒྱུན་མི་ཆད་པར་བློས་བླངས་ནས། །རྣམ་དག་ཐུགས་དམ་གཉན་པོ་བསྐང་ཕྱིར་འབུལ། །ཁྱད་པར་ཞི་བ་བསང་གིི་དུད་སྤྲིན་འདིས། །དཀར་ཕྱོགས་ལྷ་ཀླུ་སྡེ་བརྒྱད་ཐམས་ཅད་ལ། །སྙིགས་ལྔའི་དུས་ཀྱི་སེམས་ཅན་སྤྱོད་ངན་དབང་། །གནས་དང་གཞི་ཡི་བདག་རྣམས་ཉམས་ཤིང་གུད། །འཁྲུལ་དྲིས་ནོངས་པས་བསླད་པའི་དམ་གྲིབ་དང་། །མཁོན་གྲིབ་དམེ་གྲིབ་དག་གཙང་སངས་གྱུར་ཅིག །ཕོག་ཐུག་འགལ་བར་གྱུར་པ་གང་མཆིས་པ། །བཟོད་པར་བཞེས་ལ་བྱང་དག་ཚངས་པར་སྩོལ། །ༀ་བྷཱུ་མི་པ་ཏི་མ་ཧཱ་དེ་ཝ་ས་པ་རི་ཝ་ར་ཨི་དཾ་བ་ལིཾ་གྲྀཧྣ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་སརྦ་ཀརྨ་སིདྡྷི་མྨེ་པྲ་ཡཙྪ་ཧཱུྃ། ཞེས་རོལ་མོ་དང་བཅས་བསང་རྫས་མཆོད་པ་རྣམས་ཕུལ་ལ། ཞལ་ནས་གསུངས་པའི་ཚིགས་སུ་བཅད་པའི་ཆོས་ཀྱི་སྦྱིན་པའང་བྱ་སྟེ། ཐལ་སྦྱར་དྲིལ་གསིལ་དང་བཅས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་སོ། །དེ་ནས་བསྟོད་པ་ནི་རོལ་མོ་དང་བཅས། ཀྱེ་ཧོ། སྲིད་པའི་ལྷ་ཆེན་མཐུ་ལྡན་དྲེགས་པའི་ཚོགས། །ཀུན་གྱི་རྗེ་བོར་ལེགས་བྱས་བྱེ་བ་བརྒྱས། །མངོན་པར་འཕགས་པའི་བསྟན་སྐྱོང་ཁྱོད་ཀྱི་ཚུལ། །མཐོང་ནས་རབ་སྙན་དབྱངས་ཀྱིས་བསྟོད་པར་བགྱི། །མ་


SPN003_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཏ་ཀའི་ཞུན་མས་ལེགས་བཀྲུས་པའི། །བཻ་ཌཱུཪྱ་ཡི་ས་འཛིན་དྭངས་བའི་ངོགས། །དུས་བཞིའི་ངོ་མཚར་འཆར་བའི་ཨཱ་དཪྴ། །ལྕང་ལོ་ཅན་གྱི་ཕོ་བྲང་ཉིད་དང་མཚུངས། །འཆི་མེད་ལྷ་ཡི་བཏུང་པའི་ཡོན་ཏན་གང་། །བློ་ལྡན་བློ་ལ་རི་མོར་འདྲིར་བཟོད་པའི། །ཡན་ལག་བརྒྱད་ལྡན་དལ་གྱིས་འབབས་པ་དང་། །གཡའ་སྤང་སྨན་ལྗོངས་མེ་ཏོག་ཚལ་ཆེན་པོར། །དྲི་ཟའི་གླུ་ཡིས་མགྲིན་པར་མཛེས་པ་ཡི། །སྦྲང་རྩིའི་ཆང་མྱོས་དགའ་བའི་གཤོག་རྩལ་སྒྱུར། །སྣ་ཚོགས་རྐང་འཐུང་ལྗོན་པའི་ཡལ་འདབ་རྩེར། །འདབ་ཆགས་རྣམས་ཀྱང་རྩེ་འཇོའི་འཕུར་ལྡིང་གཡོ། །རི་སྐྱེས་རྐང་བཞི་པ་རྣམས་བག་ཕེབས་ཤིང་། །མཐོ་རིས་བདག་པོའི་དཀོར་ནོར་བཞིན་དུ་རྒྱུ། །མདོར་ན་ཛམ་བུས་མཚན་པའི་གླིང་མཆོག་གི། །ཕུན་ཚོགས་དཔལ་ཀུན་གཅིག་ཏུ་སྤུངས་པ་བཞིན། །ཕྱི་ལྟར་ཡིད་ཅན་མིག་ལ་སིམ་པ་བསྐྱེད། །ནང་ལྟར་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི། །རང་བཞིན་དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་པ། །དཔའ་བོ་མཁའ་འགྲོ་རྟག་ཏུ་འདུ་བའི་ཞིང་། །ཨོ་རྒྱན་རང་བྱུང་གནས་མཆོག་གཉིས་པ་སྟེ། །གསང་བ་དོན་དམ་ཧེ་རུ་ཀ་ཡི་གནས། །དངོས་ཀུན་ཉེར་ཞི་རྡོ་རྗེ་བཙུན་མོའི་མཁའ། །མཐའ་ཡས་ཞིང་གི་ཡོན་ཏན་ཇི་སྙེད་པ། །ཅིག་ཆར་རྫོགས་པའི་ངོ་མཚར་བརྗོད་ལས་འདས། །


SPN003_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དེར་བསྟི་བའི་ལྷ་མཆོག་དགེ་བསྙེན་ཆེ། །བསྟན་ལ་རབ་གུས་རྣལ་འབྱོར་སྐྱོང་བའི་བློ། །དཀར་བ་ཐུན་མོང་ཉིད་གྱུར་སྐུ་མདོག་དང་། །ཆ་ལུགས་ཞོན་པ་འཁོར་ཚོགས་བགྲང་ཡས་རྣམས། །གང་ཞིག་མཆོད་ཅིང་བསྙེན་ལ་རེ་བའི་ཡིད། །ཤིང་རྟ་འགེངས་ཤིང་མཐུ་སྟོབས་གཟི་བྱིན་གྱིས། །བཀའ་འདས་ཉམས་པའི་ལོག་འདྲེན་དགྲ་བགེགས་རྣམས། །རྩད་ནས་གཅོད་ཅིང་ཐལ་བར་རློག་བྱེད་པ། །ཆོས་ཀྱི་སྲུང་མ་འཁོར་དང་བཅས་ལ་བསྟོད། །ཅེས་དང་། ཀྱཻ། ཕྱི་ལྟར་གངས་ཅན་རི་བོ་ལ། །དོ་ཟླར་བྱེད་པའི་ཁ་བའི་རྡུལ། །རབ་བརྩེགས་བཀྲ་ཤིས་རྟགས་ཀྱི་གྲངས། །མཐོ་ལ་བརྗིད་ཅིང་དགུང་དུ་བསྙེགས། །ནང་ལྟར་རིན་ཆེན་ལས་གྲུབ་པའི། །སྐུ་མཁར་གཞལ་ཡས་བཀོད་ལེགས་ཤིང་། །རྣམ་པར་རྒྱལ་བའི་ཕོ་བྲང་ནི། །ལྗོངས་འདིའི་དཔྱིད་དུ་འཕོས་པ་བཞིན། །དེར་གནས་དཀར་ཕྱོགས་སྐྱོང་བ་དང་། །རྒྱལ་བསྟན་སྲུང་བའི་མེལ་ཚེ་མཁན། །དམ་ལྡན་རྣལ་འབྱོར་བཀའ་ཉན་ཞིང་། །དམ་ཉམས་བསྟན་དགྲའི་དཔུང་གཞོམ་པ། །རྡོ་རྒྱལ་མུ་ནམ་མཆེད་བརྒྱད་ནི། །ལྷ་ཡི་རྫིང་རིང་མཛེས་པའི་གཉེན། །རྒྱུ་སྐར་བདག་པོའི་ཁེངས་འཕྲོག་པའི། །སྐུ་མདོག་ཕྱག་མཚན་བཞོན་པར་བཅས། །སྲེད་མེད་བུ་དང་གདོང་བཞི་པའི། །སྒྱུ་རྩལ་རང་དབང་ཉིད་གྱུར་པ། །མྱུར་མགྱོགས་མཐུ་


SPN003_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་སྟོབས་དང་ལྡན། །རིགས་མཐུན་སྤྲུལ་དང་ཡང་སྤྲུལ་ཚོགས། །མ་ལུས་འཁོར་དང་བཅས་རྣམས་ལ། །དང་བའི་ཡིད་ཀྱིས་བསྟོད་པར་བགྱི། །གྲངས་འདོན་པའི་ཚེ། གོང་གི་དེ་བཞིན་གཤེགས་པའི་མཚན་ནས་མཐར་ཆགས་སུ་བཏོན་ལ། ཚར་རྗེས་མར་མཆོད་གཏོར་ལྔ་ཚོམ་ཅན་གཉིས་དེ་ཡང་འབུལ་ནས། འདོད་དོན་གསོལ་ཞིང་ཕྲིན་ལས་བཅོལ་བ་ནི། ཀྱཻ། གསོལ་ལོ། མཆོད་དོ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྲུང་ཞིང་། རྣལ་འབྱོར་སྒྲུབ་པ་པོའི་སྡོང་གྲོགས་མཛད་པར་ཞལ་གྱིས་བཞེས་པའི་དཀར་པོ་ལྷ་ཡི་སྡེ་རིས་ཡོངས་ཀྱི་གཙོ་བོ། རིགས་ཆོས་རྒྱུད་ཀྱི་སྲུང་མ་གཉན་པོ། སྲིད་པའི་ལྷ་ཆེན་རྡོ་རྗེ་བློ་གྲོས་རྩལ་སྨན་བཙུན་དགྱེས་སྡེ་མ་མོའི་ཚོགས་དང་། ལྷ་རིགས་ཀྱི་སྲས་ལྕམ་རྣམས་དང་། ཕྱི་ནང་བཀའ་ཡི་ལས་བྱེད་བློན་འཁོར་ཕོ་ཉ་སྤྲུལ་དང་ཡང་སྤྲུལ་ལྷ་ཀླུ་གཉན་གྱི་དཔུང་ཚོགས་ཡན་ལག་བཞི་དང་ལྡན་པ་ཁྱེད་རྣམས་གསོལ་ལོ་མཆོད་དོ། །བསྟོད་དོ། །བསྔགས་སོ། །སྒྲུབ་པོ། །བརྟེན་ནོ། །ཀྱཻ། ལྷ་ཡི་དགེ་བསྙེན་དམ་པ་ཆོས་ཀྱི་སྲུང་མ། ཤར་གྱི་ཕྱོགས་སྐྱོང་རྡོ་རྒྱལ་མུ་ནམ་གཉན་པོ་རྡོ་རྗེ་གཡུ་དྲུང་དཔལ་འབར་དུང་གི་མི་ཕོ་ཆེན་པོ་མཆེད་ཟླ་བརྒྱད། ལྷ་སྨན་བཙུན་མོ་སྲས་དང་འཁོར་ཚོགས་ལས་མཁན་སྤྲུལ་པ་སྡེ་དཔུང་བསམ་གྱིས་མི་ཁྱབ་པ་ཁྱེད་རྣམས་གསོལ་ཞིང་མཆོད་


SPN003_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །བསྟོད་ཅིང་བསྔགས་སོ། །སྒྲུབ་ཅིང་བརྟེན་ནོ། །གནས་དང་ཡུལ་གྱི་བདག་པོ་ཁྱེད་རྣམས་ལ་བཅོལ་པའི་ཕྲིན་ལས་སུ་བྱ་བ་ནི། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། གྲུབ་པའི་དབང་ཕྱུག་ཀརྨ་པཀྴི། བདུད་འདུལ་ནུས་ལྡན་རྡོ་རྗེ་ལ་སོགས་པ་རིག་འཛིན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བསྒོས་དམ་ཚིག་གཉན་ལས་མ་འདའ་བར། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། ཁྱད་པར་དུ་སྒྲུབ་བརྒྱུད་བསྟན་པའི་སྙིང་པོ་ཀརྨ་ཀཾ་ཚང་གི་རིང་ལུགས་རྒྱལ་མཚན་སྲིད་ན་མངོན་པར་མཐོ་ཞིང་བསྒྲེང་བ་དང་། དེ་འཛིན་གྱི་སྐྱེས་མཆོག་རྣམས་ཀྱང་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང་། འཕགས་ཚོགས་དགེ་འདུན་གྱི་སྡེ་རྣམས་དར་ཞིང་རྒྱས་ལ་བཤད་དང་སྒྲུབ་པའི་འཁོར་ལོས་ས་སྟེང་ཁྱབ་ཅིང་ཡུན་རིང་དུ་གནས་པ་དང་། མི་དབང་ས་སྐྱོང་སྡེ༵་བཞི་མངོན་མཐོའི་ཆབ་སྲིད་བརྟན་ཅིང་དཀར་པོ་དགེ༵་བཅུའི་ཚུལ་ལ་རྟག་ཏུ་གཞོལ་བ་དང་། མཐའ་བཞིའི་དྲེགས་ལྡན་རྣམས་ཀྱང་བློ་དམ་པའི་ཆོས་ལ་བསྒྱུར་ནུས་པ་དང་། མངའ་རིས་ཡུལ་ལྗོངས་རྣམས་སུ་བདེ་སྐྱིད་དཔལ་འབྱོར་དབྱར་གྱི་མཚོ་ལྟར་རྒྱས་ཤིང་།


SPN003_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་ཆུ་དུས་སུ་འབབ། ལོ་ཕྱུགས་རྟག་ཏུ་ལེགས། ནད་དང་མུ་གེ་མཚོན་འཁྲུགས་ཀྱི་བསྐལ་བ་ངན་པ་མི་མཐུན་པའི་རིགས་ཐམས་ཅད་ཞི་ཞིང་རྫོགས་ལྡན་གསར་པའི་ལང་ཚོ་བཞད་པ་དང་། བཀའ་ལས་འདས་པའི་དམ་སྲི་དམ་ལོག་གདུག་འདྲེ་རྒྱལ་འགོང་མི་བསྲུན་པ་དངོས་ཅན་དང་དངོས་མེད་ཐམས་ཅད་དྲག་པོའི་སྟོབས་ཀྱི་ཚར་བཅད་ཅིང་ཕ་མཐར་བསྐྲད་པ་དང་། ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛད་དུ་གསོལ། རྣལ་འབྱོར་སྒྲུབ་པ་པོ་བདག་གིས་བཅོལ་པའི་ལས་དང་དགོས་པའི་དོན་རྣམས་སྒྲུབས། སྡང་བའི་དགྲ་དང་གནོད་པའི་བགེགས་རྣམས་ཐུལ། བར་གཅོད་ཀྱི་རྐྱེན་ཟློག །རྟག་ཏུ་སྲུང་སྐྱོབ་མཛོད། ཚེ་དང་བསོད་ནམས་དཔལ་དང་གྲགས་པ་ཐམས་ཅད་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། མདོར་ན་གང་བཅོལ་པའི་འདོད་དོན་མཐའ་དག་ཐོགས་མེད་ཡིད་བཞིན་དུ་འགྲུབ་པའི་སྟོངས་གྲོགས་དམ་པ་མཛོད་ཅིག །མ་ཧཱ་ས་མ་ཡ་མ་ནུ་སྨ་ར་ཧྲཱིཿ ཞེས་རོལ་མོ་དང་བཅས་གསེར་སྐྱེམས་ནམ་མཁར་མཆོད་དོ། །དེ་ནས་ནོངས་པ་བཟོད་གསོལ་ནི། རྗེ་བཙུན་གོང་མས་བསྙེན་ཅིང་བརྟེན་པའི་ལྷ། །རིགས་ཆོས་བསྟན་སྐྱོང་མ་གྲུབ་རང་འཁོར་


SPN003_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །རྟག་ཏུ་འགོ་ཞིང་སྲུང་སྐྱོབ་སྡོང་གྲོགས་མཁན། །རྡོ་རྗེའི་དམ་ཅན་ཁྱེད་རྣམས་དགོངས་སུ་གསོལ། །བདག་ཅག་གཉིས་འཛིན་ཀུན་རྟོག་འཁྲུལ་དབང་གིས། །དེང་འདིར་གཏོར་མཆོད་དམན་དང་གཙང་སྦྲ་ཆུང་། །ལེ་ལོ་བག་ཉལ་དབང་གིས་ཉེས་པའི་ཚོགས། །ཐུགས་དང་འགལ་བར་གྱུར་རྣམས་བཟོད་པར་གསོལ། །རྒྱལ་བསྟན་སྲི་ཞུར་ལྷག་པའི་འདོད་དོན་གང་། །ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲ་ཤིས་ཤོག །དེ་ནས་བསང་གཞུང་གང་ཡིན་དེ་ལ་འཇུག་པར་བྱའོ། །འདི་ཉིད་ཁོ་ནའི་ཚེ་རྗེས་བསྡུ་ནི། ལྷ་རྣམས་རང་རང་གནས་སུ་བདེར་གཤེགས་ལ། །དུས་དང་དུས་སུ་སླར་ཡང་འབྱོན་པ་དང་། །རྣམ་ཀུན་དཔག་བསམ་ཡོངས་འདུ་དགེ་བའི་ཆར། །ཡིད་ལ་འཇོ་བའི་བཀྲ་ཤིས་མཛད་དུ་གསོལ། །ས་པ་རི་ཝཱ་ར་སྭ་སྦཱ་ནཾ་གཙྪ། ཞེས་པའང་ལྷ་ཆེན་པོ་ཟུང་གིས་དེང་འདིར་ལྷག་པར་ཕྲིན་ལས་ཀྱི་འོད་སྣང་ཆེས་ཆེར་སྤྲོ་བའི་ཆེད་དུ། སྔར་སྲོལ་ཡོད་བཞིན་པའི་བགྲང་བྱ་བསྟར་ཆགས་སུ་གཏང་རག་གི་བསང་མཆོད་སྐབས་འདོན་ཆ་ཁྲིགས་སུ་བསྡེབས་པ་འདི་ནི། སི་ཏུ་པདྨའི་མིང་ཅན་གྱིས་བཀོད་པ་སརྦ་མངྒ་ལམ། །

གཉན་ཆེན་ཐང་ལྷའི་བསང་མཆོད་འདོད་དོན་ལྷུན་གྲུབ།


SPN003_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ཆེན་ཐང་ལྷའི་བསང་མཆོད་འདོད་དོན་ལྷུན་གྲུབ་བཞུགས་སོ། །གཉན་ཆེན་ཐང་ལྷའི་བསང་བྱ་བར་འདོད་པ་དག་གིས། ༀ་བཛྲ་ཨ་མྲྀཏ་སོགས་ཀྱིིས་བསངས་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷཱུྃ་ལས་རིན་པོ་ཆེའི། །སྣོད་མཆོག་ཡངས་ཤིང་རྒྱ་ཆེ་རྣམས་ཀྱི་ནང་། །ལྷ་ཡི་ཞལ་ཟས་ཀུན་ཏུ་བཟང་པོ་ཡི། །རྣམ་ཐར་ཇི་བཞིན་ཟད་མི་ཤེས་པར་གྱུར། །ཀྱཻ། འཛམ་གླིང་ཉི་མ་བྱང་ཕྱོགས་ན། །ཤར་གྱི་རི་བོ་ལྟ་ན་སྡུག། འཆི་མེད་ཞིང་གི་ཕོ་བྲང་བཞིན། །དགེ་ལེགས་བཀྲ་ཤིས་ཀུན་འབྱུང་བའི། །གནས་མཆོག་དམ་པ་དེར་བཞུགས་པའི། །ས་བརྒྱད་བྱང་ཆུབ་སེམས་དཔའ་ཆེ། །ཟུར་ཕུད་ལྔ་པ་ཞེས་བྱ་བ། །འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་རྣམས། །ཐུགས་དམ་དབང་གིས་གནས་འདིར་གཤེགས། །འདིར་བཤམས་ཟ་འོག་རིན་ཆེན་ཁྲིར། །ལྷ་དབང་འཁོར་བཅས་བརྟན་པར་བཞུགས། །ཟག་མེད་མཆོད་སྤྲིན་དམ་པ་རོལ། །སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་དང་། །གྲུབ་མཆོག་དཔལ་ལྡན་རྗེ་བཙུན་ཀརྨ་པའི། །བསྟན་སྐྱོང་ཆོས་ཀྱི་སྲུང་མ་དམ་ཚིག་ཅན། །སྲིད་པའི་ལྷ་ཆེན་རྡོ་རྗེ་འབར་བ་རྩལ། །དྲི་མེད་སྐུ་མདོག་ཆུ་ཤེལ་ཕུང་པོ་ལ། །རབ་དཀར་ཆུ་འཛིན་དང་མཚུངས་རེག་བྱས་བཀླུབས། །ཕྱག་གཡས་སྦ་ལྕག་གཡུ་འབྲས་ཅན་བསྣམས་ནས། །བར་ཆད་བདུད་སྡེའི་ཚོགས་ཀུན་


SPN003_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པར་བྱེད། །གཡོན་པས་ལྷ་ཡི་བ་དན་དཀར་པོ་འཕྱར། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས། །ཆིབས་སུ་རྟ་ཕོ་ངང་ཞུར་གཡུ་རྔོག་ཅན། །རྫུ་འཕྲུལ་རླུང་གི་རྩལ་ལྡན་ཆིབས་སུ་བཅིབས། །རྒྱལ་བའི་བསྟན་སྲུང་ཆེན་པོ་མངའ་གསོལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡིས། །སྣང་སྲིད་ཡོངས་བསྐང་མཆོད་གཏོར་རྒྱ་ཆེན་པོ། །འདོད་པའི་ལོངས་སྤྱོད་སྤྲིན་ལྟར་གཏིབ་པ་འདི། །ལྷ་ཆེན་འཁོར་བཅས་དགྱེས་པ་ཆེན་པོར་རོལ། །ཁྱད་པར་བདུད་རྩི་ཤིང་སྣའི་དུད་པ་འདིས། །སྐུ་ལྷ་གཉེན་པོ་ཡབ་ཡུམ་སྲས་འཁོར་ལ། །མི་གཙང་གྲིབ་ཀྱིས་ཕོག་པ་ཐམས་ཅད་སོལ། །རྣལ་འབྱོར་བདག་ཅག་བྱང་ཆུབ་སྤྱོད་པ་ལ། །ཉེས་པའི་ལོག་འདྲེན་བར་ཆད་ཀུན་ལས་གྲོལ། །ལས་བཞིའི་ཕྲིིན་ལས་གང་འདོད་ཡིད་བཞིན་དུ། །ཐོགས་པ་མེད་པར་ཐུགས་དམ་དབྱིངས་ནས་བསྐུལ། །བདག་ཅག་མ་རིག་འཁྲུལ་པའི་དབང་གྱུར་པས། །ཐུགས་འགལ་ཉེས་ཚོགས་ཐམས་ཅད་བཟོད་པར་བཞེས། །བཀྲ་ཤིས་བདེ་ལེགས་དཔལ་འབྱོར་ཆེན་པོ་ཡིས། །ཡོངས་སུ་འགེངས་པའི་ཕྲིན་ལས་མཛད་དུ་གསོལ། །གཙྪས་གཤེགས། ཞེས་པ་འདི་ཀརྨ་སི་ཏུས་ཆུ་གླང་ལོར་དད་བརྩོན་ལྡན་པ་འབྲུག་པ་བླ་མ་སྐྱིད་ཕུག་པ་དང་། ཀརྨ་བརྩོན་འགྲུས་བཅས་ཀྱི་དགོངས་བཞེད་ལྟར། འདམ་གྱི་བཀྲ་ཤིས་ཆོས་སྒར་ནས་བྲིས་པ་མངྒ་ལམ། །

སྤོམ་ར་ལ་གསེར་སྐྱེམས་འབུལ་བར།


SPN003_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྤོམ་ར་ལ་གསེར་སྐྱེམས་འབུལ་བར་སྤྲོ་ན། བྷཱུྃ་ལས་རིན་ཆེན་ཨཱིནྡྲའི་སྣོད་མཆོག་ཏུ། །སྣང་སྲིད་རོ་བརྒྱ་ལྡན་པའི་བཏུང་པའི་ཚོགས། །དེང་འདིར་ཀུན་བཟང་མཆོད་པའི་སྤྲིན་སྤྲོ་བས། །ལྷ་ཡི་དགེ་བསྙེན་ཆེན་པོ་འཁོར་དང་བཅས། །དགྱེས་པ་བསྐྱེད་ཕྱིར་འབུལ་གྱི་བཞེས་སུ་གསལ། །དེ་ལྟར་ཕུལ་བའི་རྨད་བྱུང་མཐུ་དཔལ་གྱིས། །ཡིད་བཞིན་རེ་བསྐང་ཡོངས་འདུའི་ལྗོན་པ་བཞིན། །རྣལ་འབྱོར་འདོད་དོན་ཇི་ལྟར་ལྷུན་གྲུབ་ནས། །ཀུན་ཏུ་དགེ་བའི་བཀྲ་ཤིས་སྩོལ་གྱུར་ཅིག །བླ་མ་ཚེ་རིང་ངོར་སི་ཏུ་པས་སྤེལ། །

གེར་མཛོ་གཉན་པོའི་བསང་མཆོད།


SPN003_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨཱ་ཀ་ར་ཡེ། འདིར་གེར་མཛོ་གཉན་པོའི་བསང་མཆོད་རིམ་པ་འབུལ་བ་ནི། གཙང་སྦྲ་དང་ལྡན་པའི་མཆོད་གཏོར་དང་། གཞན་ཡང་སྤྱན་གཟིགས་དཀོར་ཆ་འདུ་བར་བྱས་ཏེ། ཧོ། སྐྱབས་ཡུལ་དམ་པ་མཆོག་གསུམ་དང་། །རྩ་བ་གསུམ་ལ་སྐྱབས་སུ་མཆི། །དེང་འདིར་མཆོད་སྦྱིན་དགེ་བའི་མཐུས། །འགྲོ་ཀུན་བླ་མེད་སངས་རྒྱས་ཤོག །སྭ་བྷཱ་ཝས་སྦྱངས། ཆོས་ཀུན་སྟོང་པ་ཆེན་པོའི་ངང་། །པད་ཟླར་ཧྲཱིཿཡིག་ཡོངས་གྱུར་ལས། །རང་ཉིད་མཚོ་སྐྱེས་པདྨ་རྒྱལ། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཐོད། །ཕོད་ཀ་ཆོས་གོས་ཟབ་བེར་གསོལ། །ཁ་ཊཱྃ་མཆན་བཅུག་སྐྱིལ་ཀྲུང་བཞུགས། །གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན། །ཡེ་ཤེས་འོད་ལྔའི་ཀློང་དུ་


SPN003_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་པར། །འབྲུ་གསུམ་འོད་ཞུ་བསང་མཆོད་རྫས། །ཟད་མི་ཤེས་པ་ནམ་མཁའི་མཛོད། །འདོད་ཡོན་ལྔ་དང་ལྡན་པར་གྱུར། །ཀྱཻ། འཛམ་གླིང་སྐྱོང་བའི་སྐྱེས་གཅིག་པུ། །དགྲ་བླ་ཡོངས་ཀྱི་རྗེ་བོ་སྟེ། །གེར་མཛོ་གཉན་པོ་འཁོར་བཅས་རྣམས། །དེང་འདིར་རྣལ་འབྱོར་སྒྲུབ་པ་པོས། །དམ་ཚིག་དབང་གིས་སྤྱན་འདྲེན་ན། །སྔོན་གྱི་ཐུགས་དམ་མ་གཡེལ་བར། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །འདིར་བཤམས་གདན་ལ་བཞུགས་སུ་གསོལ། །སྐུ་མདོག་ཉ་རྒྱས་ཟླ་ལྟར་དཀར། །ལྷོ་སྤྲིན་འཁྱུད་འདྲའི་འཇོལ་བེར་གསོལ། །ཕྱག་གཡས་རིན་ཆེན་གཞོང་པ་བསྣམས། །དགོས་འབྱུང་ལྷུན་གྲུབ་ཆར་ཆེན་འབེབས། །གཡོན་པས་དར་དཀར་བ་དན་འཕྱར། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་བསྒྲེངས། །ཆིབས་སུ་རྟ་མཆོག་རླུང་ཤུགས་ཅན། །དཀར་པོ་འཕུར་ཤེས་རྒྱན་ལྡན་ཆིབས། །མཐུ་ཆེན་དགྲ་བླའི་དཔུང་ཚོགས་རྣམས། །རྒྱུ་སྐར་ཕྲེང་བ་ལྟ་བུས་བསྐོར། །མཁའ་དབྱིངས་གང་བའི་མཆོད་པའི་རྫས། །ཀུན་བཟང་མཆོད་སྤྲིན་ཟག་མེད་ཀྱི། །བདུད་རྩི་ཤིང་གི་དུད་པ་ལ། །ཉེར་སྤྱོད་འདོད་ཡོན་དཀོར་ནོར་དང་། །རྒྱལ་སྲིད་བདུན་དང་བཀྲ་ཤིས་བརྒྱད། །


SPN003_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་མར་ཛ་གད་ཨ་མྲི་ཏ། །འབྲུ་སྣ་རིན་ཆེན་སྨན་སྣ་དང་། །དར་ཟབ་གོ་མཚོན་ལ་སོགས་པ། །སྐོང་རྫས་སྒྲུབ་རྫས་མཐའ་ཡས་པས། །ལྷ་ཆེན་དགྲ་བླ་་འཁོར་བཅས་ལ། །མཆོད་དོ་འབུལ་ལོ་དགྱེས་པར་རོལ། །བསང་ངོ་བརྔན་ནོ་མངའ་གསོལ་ལོ། །བཞེས་ནས་ལས་བཞིའི་ཕྲིན་ལས་སྒྲུབས། །ཐོགས་མེད་མཐུ་ལྡན་སྐུ་ལྷ་ཁྱོད། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ །ལྷ་མཆོག་རྡོ་རྗེ་གཞོན་ནུ་དང་། །རྒྱལ་དབང་པདྨ་འབྱུང་གནས་ཆེ། །སྣང་སྲིད་ཟིལ་གནོན་ཀརྨ་པ། །གྲུབ་པའི་དབང་ཕྱུག་པཀྵི་ཡིས། །བཀའ་བསྒོས་དམ་བཞག་མ་བསྙེལ་བར། །དམ་ཚིག་གཉན་པོ་རྗེས་དྲན་མཛོད། །སྲིད་པའི་ལྷ་ཆེན་དགྲ་བླའི་རྒྱལ། །མཐུ་སྟོབས་རྫུ་འཕྲུལ་ཅི་ཡང་སྟོན། །དཀར་པོ་ལྷ་ཡི་དགེ་བསྙེན་ཆེ། །ཡུལ་བདག་འཁོར་བཅས་བསྟོད་པར་འོས། །ཁྱོད་ལ་བཅོལ་པའི་ཕྲིན་ལས་ནི། །སངས་རྒྱས་བསྟན་པ་བསྲུང་བ་དང་། །སྐྱེས་མཆོག་ཞབས་པད་བསྐལ་བརྒྱར་བརྟན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །མཐུན་རྐྱེན་སྒྲུབས་ལ་འགལ་རྐྱེན་སོལ། །དཔལ་དང་འབྱོར་པ་སྙན་གྲགས་སྤེལ། །བདེ་ཞིང་དགེ་བའི་སྟོངས་གྲོགས་མཛོད། །མི་མཐུན་ཉེར་འཚེའི་བདུད་རིགས་རྣམས། །རྨེག་མེད་ཐལ་བར་བརླག་པ་དང་། །མཐའ་བཞིའི་


SPN003_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་ལྡན་ཁེངས་པ་ཅན། །ཐམས་ཅད་དབང་དུ་གྱུར་ནས་སུ། །ཆོས་ཀྱི་རྒྱལ་མཚན་འཛུགས་པ་ཡི། །མ་གཡེལ་མ་འདའ་ཐུགས་དམ་ཅན། །རྣལ་འབྱོར་བདག་གི་བཅོལ་བའི་ལས། །ཐོགས་པ་མེད་པར་འབྱུང་བ་ཡི། །ཕྲིན་ལས་རྣམ་བཞི་བསྒྲུབ་པར་མཛོད། །ཀྱཻ། །སྲིད་ཞིའི་བདེ་ལེགས་གཡང་དུ་ལེན། །ཕྱེ་མར་འདི་ལ་བཅུད་གཡང་ཕོབ། །ཕྱྭ་དང་གཡང་གི་དངོས་གྲུབ་རྣམས། །འབད་མེད་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་མདའ་དར་གཡབ་ཅིང་ཕྱེ་མར་དྲངས། བཤགས་པ་དང་བསྔོ་སྨོན་བཀྲ་ཤིས་ནི། འགལ་འཁྲུལ་ལྷག་ཆད་ནོངས་པ་བཤགས། །བྱང་དག་ཚངས་པར་མཛད་ནས་ཀྱང་། །འཁོར་བཅས་རང་གནས་ཅི་བདེར་གཤེགས། །དུས་སུ་སླར་ཡང་འབྱོན་པར་མཛོད། །གཙྪས་གཤེགས། དེ་ལྟར་མཆོད་བསྟོད་དགེ་བ་དེས། །འགྲོ་ཀུན་གཏན་བདེའི་གོ་འཕང་ཐོབ། །བཀྲ་ཤིས་དོན་གཉིས་འགྲུབ་པ་ཡི། །དགེ་ལེགས་དམ་པར་སྤྱོད་གྱུར་ཅིག །ཅེས་ཡུལ་ལྷ་གེར་མཛོའི་བསང་མཆོད་འདི་བཞིན་ཉེ་གནས་པ་དབོན་དྲུང་མཛོད་པ་ཀརྨ་ཕྲིན་ལས་ཡེ་ཤེས་ཀྱིས་བསྐུལ་ལྟར་སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་སརྦ་མངྒ་ལམ། །

ཨོ་ཆུང་གིས་བསྐུལ་ངོར།


SPN003_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏས་བསངས།སྭ་བྷཱ་ཝས་སྦྱངས་ལ། སྟོང་ལས་བསང་ཁང་ཡིད་འོང་ནང་། །འབྲུ་གསུམ་འོད་ཞུ་མཆོད་


SPN003_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫས། །ཟག་མེད་བདེ་ཆེན་སྐྱེད་བྱེད་པའི། །བདུག་སྤོས་སྤྲིན་ཆེན་གཡོ་བར་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ་གྱིས་སྤེལ་ལ། ཀྱཻ། བླ་མེད་དཀོན་མཆོག་རིན་ཆེན་གསུམ། །བླ་མ་ཡི་དམ་མཁའ་འགྲོ་དང་། །དཔའ་བོ་དམ་ཅན་ཆོས་སྐྱོང་ཚོགས། །ཏི་སེ་ཐང་ལྷ་སྤོམ་ར་གཉན། །ཟིལ་ཕྲོམ་གཉེན་ལྡང་ལ་སོགས་པ། །དཀར་ཕྱོགས་སྐྱོང་བའི་ཡུལ་གཞིས་བདག །གནས་བདག་དགེ་བསྙེན་ཞལ་ད་དང་། །དབུ་ཆེ་བྲག་དཀར་སྨུག་སངས་སོགས། །སྒྲུབ་པའི་སྟོངས་གྲོགས་མཛད་པ་ཡི། །གཉུག་མར་གནས་པའི་ཟོ་དོར་དང་། །ལྷ་ཀླུ་གཉན་དང་ས་བདག་རྣམས། །འདིར་བྱོན་དགྱེས་པའི་གདན་བཞུགས་ལ། །ཡིད་སྤྲུལ་མཆོད་པའི་རྣམ་པ་ཀུན། །བློ་ཡིས་བླངས་ཏེ་ཀུན་བཟང་གི། །རྣམ་ཐར་མཆོད་སྤྲིན་ཇི་བཞིན་པར། །མཆོད་འོས་སོ་སོར་མཐུན་རྫས་ཀྱི། །ལོངས་སྤྱོད་རྒྱ་ཆེན་ཟད་མེད་པ། །འབུལ་བཞེས་དངོས་གྲུབ་དམ་པ་སྩོལ། །ལེགས་དང་རྒྱལ་ཁ་བཏོང་པ་དང་། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །གཞི་བྱེས་ཀུན་ཏུ་བསྲུང་ཞིང་སྐྱོབས། །ཚེ་རིང་ནད་མེད་བདེ་ཞིང་སྐྱིད། །ཆོས་ལྡན་འབྱོར་པ་རྒྱས་པ་དང་། །བར་ཆད་ཉེར་འཚེ་འགལ་རྐྱེན་ཚོགས། །མི་མཐུན་ཕྱོགས་ཀུན་བསྒྱུར་དུ་གསོལ། །ཁྱེད་རྣམས་ཐུགས་


SPN003_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དང་གང་འགལ་བ། །བཟོད་བཞེས་ཕྲིན་ལས་རྣམ་པ་བཞིར། །དབང་བསྒྱུར་མཐུ་རྩལ་ཅན་རྣམས་བསྟོད། །དུས་ཀུན་དགེ་བའི་བཀྲ་ཤིས་ཀྱི། །དཔལ་དུ་འབར་བས་ཁྱབ་པ་དང་། །རང་བཞིན་གནས་གཤེགས་སླར་ཡང་ནི། །དུས་སུ་འབྱོན་པར་མཛད་དུ་གསོལ། །ཞེས་པའང་ཨོ་ཆུང་གིས་བསྐུལ་ལྟར་སྤེལ། །

ཚེ་རིང་མ།


SPN003_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏས་བསངས།སྭ་བྷཱ་ཝས་སྦྱངས། ཆོས་ཀུན་དམིགས་མེད་སྟོང་ཉིད་གྱུར། །སྟོང་བའི་ངང་ལས་བསང་མཆོད་རྫས། །འདོད་ཡོན་རྣམ་མང་བཀོད་པའི་ཚོགས། །ནམ་མཁའ་མཉམ་པའི་རང་བཞིན་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ་གྱིས་བྱིན་བརླབས་ལ། ཧྲཱིཿ རང་ཉིད་ཡི་དམ་ལྷར་གསལ་བའི། །ཐུགས་ལས་འོད་འཕྲོས་བསྟན་སྲུང་གཙོ། །དཔལ་འབར་བཀྲ་ཤིས་ཚེ་རིང་མ། །རྡོ་རྗེ་མི་འགྱུར་ལྷ་མོ་ནི། །དབུས་འགྱུར་གནྡྷོའི་བྱང་གི་ཆར། །བལ་བོད་མཚམས་ཀྱི་གནས་ཀྱི་མཆོག །འབྲོག་ཆེན་ལ་ཕྱིའི་གངས་ཀྱི་ལྗོངས། །ཤེལ་དཀར་སྤུངས་དང་ཟླ་ཞུན་ཟེར། །ས་འཛིན་ཀེ་ལ་ཤ་ཡི་ངོགས། །དབང་གཞུ་ལྟར་བཀྲའི་དར་གུར་གྱི། །ངོ་མཚར་ལྷ་ཡི་ཕོ་བྲང་ནས། །ཡེ་ཤེས་ལས་དང་འཇིག་རྟེན་པའི། །སྲིད་གསུམ་མཁའ་འགྲོའི་ཚོགས་ཀྱི་རྗེ། །འཁོར་དང་སྤྲུལ་པ་ཡང་འཁོར་བཅས། །སྔོན་ཚེ་རིག་


SPN003_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གསང་བའི་བདག །སྤྱན་སྔར་ཞལ་བཞེས་རྗེས་དྲན་ནས། །དམ་ཚིག་གཉན་པོའི་དབང་གིས་ནི། །སྐད་ཅིག་ཐོགས་མེད་རྫུ་འཕྲུལ་གྱིས། །སྨན་བཙུན་རྒྱལ་མོ་མཆེད་ལྔ་པོ། །འདིར་གཤེགས་འདིར་བྱོན་སྤྱན་འདྲེན་ནོ། །གནས་འདིར་དགྱེས་པར་པདྨ་དང་། །ཉི་ཟླའི་གདན་ལ་བཞུགས་སུ་གསོལ། །ཀྱཻ། ཁྱེད་ལ་མཆོད་པ་འབུལ་བ་ནི། །རབ་དཀར་ལྷུན་སྡུག་མུ་ཏིག་མདངས། །འོད་འཚེར་ཡིད་འོང་བསང་ཁང་ནང། །དྲི་བསུང་ཕུན་ཚོགས་རྐང་འཐུང་གི། །རྣམ་པ་ཇི་སྙེད་མ་ལ་ཡའི། །རླུང་བསྐྱོན་ཙནྡན་ཧ་རི་ལྗོན། །ངད་ལྡན་ལས་ཀྱང་ཆེར་ལྷག་པའི། །བདུག་སྤོས་སྤྲིན་ཕུང་མཁའ་དབྱིངས་གང། །འོད་ཀྱི་ཟེར་མའི་འདུ་འཕྲོ་ལས། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་བདུན། །རྫས་བརྒྱད་རི་རབ་མཚོ་གླིང་བཀོད། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །དམ་ཚིག་རྫས་མཆོག་བ་ལིངྟ། །འདོད་དགུའི་དཔལ་འབྱོར་ཅིར་ཡང་འཆར། །ཕྱེ་མར་ཛ་གད་ཕུད་སྣ་ཚོགས། །རྟ་ཕྱུགས་རྐང་འགྲོས་འདབ་ཆགས་རིགས། །གཞན་ཡང་ཕྱི་ནང་གསང་བ་ཡི། །སྐོང་རྟེན་སྒྲུབ་པའི་ཡོ་བྱད་རྣམས། །སྐབས་གསུམ་པ་དང་རྨུགས་འཛིན་དབང་། །གདེངས་ཀ་ཅན་གྱི་ལོངས་སྤྱོད་ལས། །ཁྱད་པར་འཕགས་པའི་མཆོད་པའི་རྫས། །དངོས་འབྱོར་སྤྲུལ་པ།


SPN003_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་ལྷེབ་གཅིག་མི་ཚང་།

ས་སྤྱོད་གསུང་གི་གནས་མཆོག་ཀརྨ་རི་གླིང་གི་ཆོས་གྲྭ་ཆེན་པོའི་བླ་མ་དགེ་ལེགས་ཀྱིས་བསྐུལ་པའི་ངོར།


SPN003_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་ལྷེབ་གཅིག་མི་ཚང་།


SPN003_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་སྦྲུས་པའི་མཆོད་གཏོར་ཕྱེ་མར། དར་ཟབ་སྣ་ཚོགས། འབྲུ་སྣ། སྨན་སྣ། རིན་ཆེན་ཕྱེ་མ། ཇ་ཕུད། ཆང་ཕུད། དཀར་ཕུད། གསེར་སྐྱེམས། ཉེར་སྤྱོད་ལྔ་སོགས་དང་། དར་དཀར་བ་དན། གོ་ཁྲབ་མཚོན་ཆ་དཀོར་ཆས་གཟུགས་འགྲོས་སོགས་རྒྱས་པར་བཤམས་ལ། རང་ཉིད་ལྷའི་ང་རྒྱལ་དང་ལྡན་བཞིན་པས་མཆོད་རྫས་རྣམས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཞིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོ་ཆེན་པོ་དང་། བསང་མཆོད་དུད་པའི་སྤྲིན་ཕུང་གི་ཟེར་མ་ལས་འཕྲོ་བའི་མཁོ་དགུའི་ཡོ་བྱད་ལྷ་མིའི་དཔལ་འབྱོར་ཡིད་དུ་འོང་བས་ཡོངས་སུ་གང་བ་དང་། གཞན་ཡང་སྤྱན་གཟིགས་དཀོར་ཆས་གཟུགས་འགྲོས་ལ་སོགས་པ་ས་དང་བར་སྣང་ཁྱབ་པ་སོ་སོར་མོས་པའི་ལོངས་སྤྱོད་མི་ཟད་པ་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་འཆར་བར་གྱུར། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱིས་བརླབས། ཀྱཻ། བསྐལ་པ་བཟང་པོའི་ཞིང་ཁམས་འདིར། །བཅོམ་ལྡན་རྒྱལ་བ་སྟོང་འབྱུང་བའི། །སངས་རྒྱས་དྲུག་པ་སེངྒེ་ཡི། །རྣམ་འཕྲུལ་དཔལ་ལྡན་དུས་གསུམ་མཁྱེན། །སྐྱེས་རབས་ཕྲེང་བ་བཅུ་གསུམ་དང་། །རྣམ་འདྲེན་ལྔ་པ་མི་ཕམ་པ། །བྱམས་པ་མགོན་པོའི་གར་རོལ་པ། །འགྲོ་


SPN003_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་རས་ཆེན་ལ་སོགས་པ། །ཀཾ་ཚང་སྙིང་པོ་དོན་བརྒྱུད་ཀྱི། །ངོ་མཚར་སྒྲུབ་གནས་བྱིན་རླབས་ཅན། །རང་བཞིན་གདོད་ནས་ལྷུན་གྱིས་གྲུབ། །སྔོན་ཚེ་ཤཱཀྱ་སེངྒེ་ཡིས། །ཐུགས་རྗེའི་འོད་ཟེར་བསྟིམ་པ་ལས། །ས་སྤྱོད་གསུང་གི་དཀྱིལ་འཁོར་ཆེ། །འཁོར་ལོ་སྡོམ་པའི་ཕོ་བྲང་མཆོག །རིག་འཛིན་མཁའ་འགྲོ་འདུ་པའི་ཞིང་། །ཀརྨ་རི་གླིང་ཆོས་འཁོར་གྱི། །གནས་དང་གཙུག་ལག་བཀའ་སྲུང་བ། །ལྷ་ཡི་དགེ་བསྙེན་ཆེན་པོ་ཡི། །སྐུ་མཁར་རི་དབང་རབ་བརྗིད་པ། །ཕྱི་ལྟར་གཡའ་སྤང་ས་འཛིན་མཐོ། །དབྱར་སྐྱེས་སྒྲ་སྒྲོགས་ཆུ་ཁུར་འཁྲིགས། །ནང་ལྟར་བཀོད་པ་དཔག་ཏུ་མེད། །བསམ་བརྗོད་བྲལ་བའི་རང་བཞིན་ཅན། །རྨད་བྱུང་ལྷ་ཡི་གཞལ་ཡས་ཁང་། །ནོར་བུ་རིན་ཆེན་སྤུངས་པ་དང་། །ཟ་འོག་འཕན་དར་ལྷབ་མ་ལྷུབ། །སྣ་ཚོགས་འཇའ་འོད་ཁྱུགས་སེ་ཁྱུག །དེ་ལྟར་ལྷ་ཆེན་འཁོར་དང་བཅས། །གནས་འདིར་མཆོད་ཕྱིར་སྤྱན་འདྲེན་ན། །དམ་ཚིག་དབང་གིས་གཤེགས་ནས་ཀྱང་། །རང་རང་དགྱེས་དགུར་རོལ་པ་ཡི། །གདན་ལ་ཅི་ལྟར་བདེ་བར་བཞུགས། །འདིར་བཤམས་གཙང་ཞིང་ཡིད་འོང་བའི། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །དཀར་མངར་རོ་བརྒྱ་ལྡན་པ་ཡི། །མཆོད་གཏོར་རི་ལྟར་སྤུངས་སེ་སྤུང་། །


SPN003_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་གད་ཕུད་སྣ་ཚོགས་པ་ཡི། །རྒྱ་མཚོ་རྦ་རླབས་ཁྲུགས་སེ་ཁྲུག །རིན་ཆེན་གསེར་གཡུའི་སྐྱེམས་བཟང་དང་། །སྤྱན་གཟིགས་དཀོར་ཆས་དཔག་ཏུ་མེད། །འཕན་དར་རྒྱལ་མཚན་བ་དན་དཀར། །གོ་ཁྲབ་དར་སྣ་སྟག་གཟིག་རྒྱན། །གསེར་རྟ་དུང་ལུག་ཤེལ་གྱི་ར། །བྱ་ེབ་དུང་ཕྱུར་གྲངས་ལས་འདས། །ཁྱད་པར་བདུད་རྩི་ཅན་གྱི་ཤིང་། །སྣ་དགུའི་དུད་པའི་དྲི་བཞོན་དཀྲིགས། །སྲིད་གསུམ་མ་ལུས་འགེངས་ནུས་པའི། །དུད་པའི་ཆ་ཤས་རེ་རེ་ལས། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །འཆི་མེད་སྐབས་གསུམ་ལོངས་སྤྱོད་ལས ། །ལྷག་པའི་དགྱེས་བསྐང་མཐུན་པའི་རྫས། །སོ་སོར་མོས་པའི་འདོད་ཡོན་གྱིས། །ས་དང་བར་སྣང་ཀུན་ཁྱབ་པ། །ཟག་མེད་ཡེ་ཤེས་བདུད་རྩི་དངོས། །ངོ་བོར་སྦྱང་སྤེལ་བསྒྱུར་བྱས་ཏེ། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ནམ་མཁའ་མཛོད་བཞིན་སྤེལ་བ་འདིས། །མཆོག་གསུམ་རྩ་གསུམ་ལྷ་ཡི་ཚོགས། །ཞི་དང་ཁྲོ་བོའི་སྐུར་སྟོན་དང་། །དཔལ་ཆེན་བདེ་མཆོག་འཁོར་ལོ་སྡོམ། །རྡོ་རྗེ་ཕག་མོ་ལ་སོགས་པ། །མཁའ་སྤྱོད་ས་སྤྱོད་འདུ་བ་ཡི། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས། །ཡེ་ཤེས་མགོན་པོ་བེར་ནག་ཅན། །དཔལ་ལྡན་ལྷ་མོ་རང་བྱུང་མ། །རྒྱལ་ཆེན་རྣམ་སྲས་གསེར་ཕྲེང་ཅན། །ཀུན་དགའ་གཞོན་ནུ་རྡོ་རྗེ་


SPN003_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས། །སྲིན་མགོན་ཇོ་བོ་སྔགས་ཀྱི་བདག །མཁར་ནག་ལ་སོགས་ཆོས་སྐྱོང་བ། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་རྣམས། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །གསོལ་དང་མཆོད་པ་ལ་བརྟེན་ནས། །བདག་རྒྱུད་བྱིན་གྱིས་བརླབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞི་རྒྱས་དབང་དང་དྲག་པོ་ཡི། །གང་བཅོལ་ཕྲིན་ལས་ཀུན་འགྲུབ་མཛོད། །ཀྱེ་ཧོ། ལྷ་ཆེན་གཉན་པོ་ཡོངས་ཀྱི་གཙོ། །དཔལ་ལྡན་ཤེས་རབ་ཅེས་བྱ་བ། །མདོག་དཀར་སྟོན་ཟླའི་ཁ་དོག་འཆང་། །འོད་ཟེར་རབ་འཕྲོ་མངའ་གསོལ་ལོ། །ཞི་འཛུམ་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་དར་དཀར་བ་དན་འཕྱར། །གཡོན་པས་ནོར་བུ་བསམ་འཕེལ་བསྣམས། །དགོས་འདོད་ཆར་འབེབས་མངའ༴ སྐུ་ལ་དར་དཀར་རལ་ག་གསོལ། །ལ་ཐོད་དཀར་པོ་དབུ་ལ་མཛེས། །རིན་ཆེན་སྣ་ཚོགས་དུ་མ་ཡི། །རྒྱན་གྱིས་སྤྲས་པ་མངའ༴ སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཐབས་ཤེས་མདའ་གཞུ་གློག་འོད་འཁྱུག། ཟ་འོག་རིན་ཆེན་མཆིལ་ལྷམ་གསོལ། །དགེ་བསྙེན་ཆེན་པོ་མངའ༴ ཆིབས་སུ་ལྷ་རྟ་ངང་ཞུར་ནིིི། །ཡ་མཚན་མྱུར་མགྱོགས་རླུང་ཤུགས་ཅན། །དར་སྟན་གསེར་སྒ་འོད་དུ་འཚེར། །གཡུ་མཐུར་གསེར་སྲབ་དྲིལ་གཡེར་བརྒྱན། །མུ་མེན་ཡོབ་ལ་པ་ཏྲ་རིས། །གཞན་ཡང་དར་དང་རིན་པོ་


SPN003_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས། །རྔམས་ཤིང་བརྗིད་ལྡན་མངའ༴ དཔའ་རྩལ་སྟག་གཟིག་གཡས་གཡོན་འདུར། །བར་སྣང་གཡུ་འབྲུག་གློག་འོད་འཁྱུག །ཆུ་འཛིན་འཇའ་ཚོན་ཐིབས་སེ་ཐིབས། །དངོས་གྲུབ་ཆར་གྱིས་ས་གཞི་གང་། །ལྷ་སྨན་བཙུན་མོ་དམ་པ་ནི། །ཚང་མང་རྨ་བྱ་ལྡེམ་ཡག་དང་། །ནང་བློན་བཞི་དང་བར་བློན་བཞི། །ཕྱི་བློན་བཞི་དང་རུ་འདྲེན་བཞི། །དྲག་རྩལ་ཀླུ་བཙན་རྐྱ་བདུན་དང་། །སྒོ་སྲུང་བཞི་དང་ར་བ་ལྔ། །རྫིའུ་སྡེ་ལྔ་ལ་སོགས་པ། །འཁོར་ཚོགས་ཡང་སྤྲུལ་མངའ་གསོལ་ལོ། །དེ་ལྟར་དཀར་པོའི་ཕྱོགས་སྐྱོང་རྣམས། །མངའ་གསོལ་དགེ་བའི་མཚན་མ་ཡིས། །བདེ་ལེགས་བསམ་དོན་ལྷུན་གྲུབ་ཅིང་། །ཕུན་ཚོགས་དཔལ་ལ་སྤྱོད་གྱུར་ཅིག །ཀྱེ། སངས་རྒྱས་བསྟན་པ་བསྲུང་པའི་ཕྱིར། །གནས་མཆོག་སྐྱོང་བར་ཞལ་བཞེས་པའི། །ལྷ་ཡི་དགེ་བསྙེན་ཆེན་པོ་ནི། །དཔལ་ལྡན་ཤེས་རབ་གཉེན་པོ་བསང་། །བཀའ་བརྒྱུད་ཡོངས་ཀྱི་སྲུང་མ་བསང་། །སྒྲུབ་བརྒྱུད་སྒོས་ཀྱི་སྲུང༴ དོན་བརྒྱུད་སྙིང་པོའི་སྲུང་༴ རྣལ་འབྱོར་ཕྲིན་ལས་ཀུན་སྒྲུབ་༴ རིག་འཛིན་སྒྲུབ་པའི་གྲོགས་བྱེད་༴ གཙུག་ལག་གནས་ཀྱི་སྲུང་༴ དམ་ཚིག་ལྡན་པའི་སྲུང་༴ བཙུན་མོ་བློན་པོ་སྤྲུལ་འཁོར་ཚོགས། །ཡང་འཁོར་དཀར་ཕྱོགས་སྡེ་སྐྱོང་བ། །ཐམས་ཅད་མ་ལུས་


SPN003_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བསང་ངོ་བརྔན། །གསོལ་ལོ་མཆོད་དོ་དགྱེས་གྱུར་ཅིག །ༀ་ཤྲཱི་མཱན་པྲ་ཛྙཱ་སྱ་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་མཆོད་གཏོར་འབུལ་ནས་ཕྲིན་ལས་བཅོལ་བ་ནི། ཀྱཻ། སྔོན་ཚེ་ཨོ་རྒྱན་ཆེན་པོ་དང་། །དུས་མཁྱེན་པཀྴི་རང་བྱུང་རྗེ། །འགྲོ་མགོན་རས་ཆེན་ལ་སོགས་པ། །བཀའ་བརྒྱུད་བླ་མའི་སྤྱན་སྔ་རུ། །ཁས་བླངས་དམ་བཅས་བ ཀའ་བསྒོས་བཞིན། །དེང་འདིར་ཐ་ཚིག་རྗེས་དྲན་ནས། །སངས་རྒྱས་བསྟན་པ་རིན་པོ་ཆེ། །དྲི་མེད་ངེས་གསང་བླ་མེད་པ། །རྡོ་རྗེ་ཐེག་པའི་དོན་གྱི་བཅུད། །སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི། །རིང་ལུགས་མི་ནུབ་རྒྱལ་མཚན་ཕྱོར། །བསྟན་འཛིན་སྤྲུལ་པའི་སྐྱེས་མཆོག་རྣམས། །ཞབས་བརྟན་ཕྲིན་ལས་ཕྱོགས་བརྒྱར་སྤེལ། །དགེ་འདུན་འདུས་པའི་སྡེ་རྒྱས་ཤིང་། །བཤད་དང་སྒྲུབ་པའི་འོད་སྣང་གིས། །འཛམ་གླིང་ཁྱབ་པར་གསལ་བ་དང་། །གཙུག་ལག་ཆོས་ཀྱི་འཁོར་ལོའི་གཞི། །དཔལ་གྱི་ཀརྨའི་གནས་མཆོག་འདི། །རྟག་བརྟན་འགྱུར་མེད་ལྷུན་གྲུབ་ཅིང་། །བསྟན་པ་དར་ཞིང་རྒྱས་པར་མཛོད། །བསྟན་ལ་ཉེར་འཚེ་གནོད་བྱེད་ཀྱི། །གཟུགས་ཅན་གཟུགས་མེད་རྡུལ་དུ་རློགས། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །དུས་དང་གནས་སྐབས་ཀུན་ཏུ་ཡང་། །ནད་གདོན་བགེགས་ཀྱི་བར་ཆད་ཞི། །ཚེ་བསོད་དཔལ་འབྱོར་སྙན་


SPN003_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་རྒྱས། །ཁམས་གསུམ་སྲིད་བཅུད་དབང་སྡུད་ཅིང་། །མངོན་སྤྱོད་དྲག་པོའི་ཕྲིན་ལས་སོགས། །འགྲུབ་པའི་སྟོངས་གྲོགས་མཛད་དུ་གསོལ། །ཡུལ་ལྗོངས་སྤྱི་དང་བྱེ་བྲག་གི། །སེམས་ཅན་རྣམས་ནི་མ་ལུས་པ། །རྟག་པར་དཀར་པོའི་ཆོས་མཐུན་ནས། །ཡིད་ཀྱི་འདོད་པ་འཇོ་བར་མཛོད། །ལོ་ལེགས་འབྲུ་འཕེལ་སྐྱ་རྒྱལ་ཞིང་། །ཆར་ཆུ་དུས་སུ་འབབས་པ་དང་། །ནད་མུག་མཚོན་གྱི་བསྐལ་པ་ཞི། །མདོར་ན་བསྟན་འགྲོར་སྨན་པ་ཡི། །གང་བཅོལ་ཐོགས་མེད་བདེ་བླག་ཏུ། །མྱུར་དུ་སྒྲུབ་ཅིག་ས་མ་ཡ། །མ་གཡེལ་མ་འདའ་ལྷ་ཆེན་པོ། །རྫུ་འཕྲུལ་སྣ་ཚོགས་དབང་བསྒྱུར་ཞིང་། །ཁམས་གསུམ་གུང་གཉིས་ཁྱབ་པར་རྒྱུ། །རྒྱལ་བའི་བཀའ་ཉན་དམ་ཚིག་ཅན། །བསྟན་དང་བསྟན་འཛིན་གྲོགས་བྱེད་ཅིང་། །རང་ཕྱོགས་སྲུང་ཞིང་ཕས་རྒོལ་འཇོམས། །དཀར་པོ་ལྷ་ཡི་སྡེ་དཔོན་ཆེ། །བཀའ་བརྒྱུད་བསྟན་པའི་སྲུང་མ་སྟེ། །དགེ་བསྙེན་འཁོར་དང་བཅས་ལ་བསྟོད། །ཁྱེད་རྣམས་ཐུགས་དང་འགལ་བ་ཡི། །ཕོག་ཐུག་ཉེས་པ་ཅི་མཆིས་དང་། །མཆོད་གཏོར་ལོ་ཟླར་འདས་པ་དང་། །དངོས་འཛིན་འཁྲུལ་པས་བསྒྲིབས་པ་ཡིས། །བག་མེད་ནོངས་པར་གྱུར་པ་རྣམས། །བཤགས་སོ་ཚངས་པར་སྩལ་ནས་ཀྱང་། །རང་གནས་ཉམས་དགའི་སྐྱེད་ཚལ་དུ། །


SPN003_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བདེ་བའི་ངང་དུ་གཤེགས། །སླར་ཡང་མཆོད་ཕྱིར་བསྐུལ་བའི་ཚེ། །དུས་སུ་འབྱོན་པར་མཛད་དུ་གསོལ། །སརྦ་བྷུ་ཏ་གཙྪཿ གཞི་བདག་འཁོར་བཅས་རང་གནས་སུ་གཤེགས་ལ། བཀྲ་ཤིས་འཛམ་གླིང་ཁྱོན་ཡངས་པོར། །འཆི་མེད་སྐབས་གསུམ་ཞིང་གི་བདག །ལྷ་དབང་ཤིས་པའི་མེ་ཏོག་ཆར། །སྐྱེ་དགུ་ཡོངས་ལ་བསྙིལ་གྱུར་ཅིག །དེ་ལྟར་འཇིག་རྟེན་སྐྱོང་བའི་ཚོགས། །མཆོད་ཅིང་བསྟོད་དང་བསྐུལ་བའི་མཐུས། །གདན་ས་ཡུལ་ལྗོངས་འདི་ཉིད་དུ། །རྫོགས་ལྡན་ལང་ཚོ་རྒྱས་པར་ཤོག། ཅེས་གཞན་ཡང་བསྔོ་བ་སྨོན་ལམ་ཤིས་བརྗོད་ཅི་ལྟར་རིགས་པར་བྱའོ། །དེ་ལྟར་ཀརྨ་པ་རབས་བཅུ་གསུམ་གྱི་གདན་ས་གོང་འོག་བར་གསུམ་ལས། ས་སྤྱོད་གསུང་གི་གནས་མཆོག་ཀརྨ་རི་གླིང་གི་ཆོས་གྲྭ་ཆེན་པོའི་བླ་མ་དགེ་ལེགས་ཀྱིས་བསྐུལ་པའི་ངོར་ས་ག་ཟླ་བའི་དཀར་པོའི་ཚེས་ལ་སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་ཀུན་ཏུ་ཛ་ཡ།། །།

རྒྱལ་དབང་མཆོག་སྤྲུལ་རིན་པོ་ཆེས་བཀའ་སྩལ་ལྟར།


SPN003_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མོ་པདྨཱ་ཀ་ར་ཡེ། ཡུལ་གནས་གཞི་བདག་དགྱེས་སྐོང་ཕྱིར། །བསང་མཆོད་སྤྲོ་ན་གཡུ་ཤུག་སོགས། །སྨན་སྤོས་ཕྱེ་མར་ཛ་གད་སྐྱེམས། །སྤྱན་གཟིགས་དཀོར་ཆས་འདུ་བྱས་ལ། །ཧྲཱིཿ ཡེ་ནས་མ་བཅོས་གཉུག་མའི་རང་མདངས་ལས། །རང་བྱུང་ལྷུན་གྲུབ་དཔལ་ཆེན་ཧེ་རུ་ཀ །གསལ་བའི་ཐུགས་ལས་འོད་འཕྲོས་མཆོད་རྫས་རྣམས། །གཉིས་འཛིན་མ་དག་རྟོག་ཚོགས་སྦྱང་བྱས་ནས། །ཀུན་བཟང་མཆོད་པའི་སྤྲིན་ཕུང་རྒྱ་ཆེར་སྤེལ། །ༀ་ཨ་


SPN003_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་རོས་བྱིན་བརླབས་ལན་གསུམ། ཀྱཻ། ཆོས་དབྱིངས་གདོད་ནས་སྐྱེ་མེད་ངང་། །བདེ་ཆེན་ཡེ་ཤེས་སྣང་ཆ་ལས། །བདེ་སྟོང་ཟུང་འཇུག་འཁོར་ལོ་སྡོམ། །དབྱེར་མེད་བཀའ་བརྒྱུད་བླ་མ་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །རྟག་ཏུ་འདུ་ཞིང་དགྱེས་རོལ་པའི། །ས་ལ་སྤྱོད་པའི་གནས་ཀྱི་མཆོག །འོག་མིན་ཀརྨའི་གནྡྷོ་ལ། །ཆོས་འཁོར་སྐྱོང་ཞིང་སྲུང་པ་ཡི། །དཀར་ཕྱོགས་ལྷ་ཡི་སྡེ་དཔོན་ཆེ། །དཔལ་ལྡན་ཤེས་རབ་འཁོར་བཅས་དང་། །ཡུལ་ལྗོངས་དགེ་བའི་སྟོབས་རྩལ་གྱི། །དཔུང་ཚོགས་ཡན་ལག་བཞི་ལྡན་པའི། །མངའ་དབང་འབྱོར་དང་རིགས་ཀྱི་ལྷ། །ཟོ་དོར་ཡོངས་ཀྱི་རྗེ་བོ་སྟེ། །རྡོ་རྗེ་སྨན་དཔལ་མཆོག་རབ་རྩལ། །འཆི་མེད་བདུད་རྩིའི་གཏེར་འཆང་བ། །གཞན་ཡང་སྟོབས་ལྡན་དགྲ་འདུལ་དང་། །རྡོ་རྗེ་རྩལ་ལྡན་དཔལ་རབ་དབང་། །རིན་ཆེན་གཏེར་སྤུངས་སྨན་བཙུན་རྒྱལ། །མཐུ་སྟོབས་ལྡན་པ་ལ་སོགས་དང་། །ཤེལ་དཀར་ལྡེམ་ཡག་དྲི་མེད་འོད། །དཀར་མོ་བདེ་སྐྱོང་ལྷ་དཀར་མཛེས། །རྡོ་རྗེ་དབང་མོ་ཀླུ་དཔལ་སྦྱིན། །སྲས་དང་དགྱེས་སྡེ་འཁོར་ཡང་འཁོར། །ཁྱེད་རྣམས་སྔོན་ཚེ་གསང་བའི་བདག། རིག་འཛིན་པདྨ་ཐོད་ཕྲེང་རྩལ། །དཔལ་ལྡན་ཀརྨ་པ་སོགས་ཀྱིས། །བཀའ་བསྒོས་དམ་ཚིག་རྗེས་དྲན་ལ། །རང་རང་གནས་ནས་གཤེགས་སུ་གསོལ། །འདིར་བཤམས་


SPN003_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་བཞུགས་ནས་ཀྱང་། །བཀྲམ་པའི་མཆོད་པ་རྒྱ་ཆེན་པོ། །ཕྱི་དང་ནང་དང་གསང་བ་ཡི། །དངོས་འབྱོར་ལྷ་ཀླུ་མིའི་ལོངས་སྤྱོད། །འདོད་ཡོན་རྒྱལ་སྲིད་བཀྲ་ཤིས་ཀྱི། །རྫས་རྟགས་བརྒྱད་དང་དཀོར་ཆས་རིགས། །སྤྱན་གཟིགས་ཚར་དུ་དངར་བ་དང་། །ཕྱེ་མར་ཇ་ཕུད་ཛ་གད་སྐྱེམས། །རིན་ཆེན་ལྔ་དང་སྤོས་སྨན་སྣ། །ལྷ་ཤིང་གཡུ་ལོའི་དྲི་བསུང་ལས། །དུད་པའི་སྤྲིན་ཚོགས་དབང་གཞུ་ལྟར། །བཀྲ་ཤིས་རེ་ཁཱ་འབར་བ་དང་། །གང་འདོད་མཆོད་པའི་ཆར་ཆེན་པོ། །ནམ་མཁའ་མཛོད་བཞིན་སྤྲོ་བ་ཡིས། །ཡུལ་གཞི་གནས་བདག་སྐུ་ལྷའི་ཚོགས། །དགྱེས་བསྐང་ཟག་མེད་བདེ་བ་ཆེའི། །རང་བཞིན་ཉིད་དུ་རོལ་པར་མཛོད། །སྙིགས་མའི་སྐྱེ་བོ་མི་བསྲུན་པས། །བརླང་སྤྱོད་དབང་གིས་ཉམས་གྲིབ་མནོལ། །ཀུན་ཀྱང་ཞི་ཞིང་བདེ་ལེགས་ཤོག །རིགས་མཚུན་ལྷ་སྲུང་ཡལ་གམ་ཅན། །བདེན་པ་མཐོང་ཞིང་དམ་ཚིག་ལྡན། །རྣལ་འབྱོར་སྐྱོང་བར་ཞལ་བཞེས་པ། །ཐོགས་མེད་རྩལ་ལྡན་རྣམས་ལ་བསྟོད། །ནོངས་པར་གྱུར་ཀུན་བཟོད་པར་བཞེས། །བཅོལ་པའི་ཕྲིན་ལས་ཁྱད་པར་ནི། །ཐུབ་མཆོག་བསྟན་པ་རིན་པོ་ཆེ། །ནུབ་མེད་ཕྱོགས་བཅུར་སྤེལ་བ་དང་། །སངས་རྒྱས་གཉིས་པ་པད་འབྱུང་གི། །ངེས་གསང་བླ་མེད་རྫོགས་པ་ཆེ། །དྲི་མེད་སྙིང་པོའི་རིང་ལུགས་གང་། །དར་རྒྱས་ཡུན་


SPN003_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དེ་འཛིན་གྱི། །སྐྱེས་བུ་ཞབས་པད་བསྐལ་བརྒྱར་བརྟན། །འགྲོ་དོན་ཕྲིན་ལས་ལྷུན་གྲུབ་ཅིང་། །དགེ་འདུན་འདུས་པ་འཕེལ་ཞིང་རྒྱས། །ཐུགས་མཐུན་དམ་ཚིག་ལ་གནས་ཤིང་། །རྒྱལ་པོ་ཆོས་ལྡན་སྐྱེ་དགུ་རྣམས། །བྱམས་དང་སྙིང་རྗེས་རྒྱུད་བརླན་ནས། །དཀར་པོ་དགེ་ལ་སྤྱོད་པ་དང་། །ཆར་ཆུ་དུས་འབབ་ལོ་ཏོག་ལེགས། །ནད་འཁྲུགས་དབུལ་ཕོངས་བསྐལ་པ་ཞི། །རྫོགས་ལྡན་དུས་བཞིན་བདེ་སྐྱིད་སྤེལ། །མདོར་ན་གང་བཅོལ་ལས་འགྲུབ་པའི། །སྡོང་གྲོགས་མེལ་ཚེ་མ་གཡེལ་བར། །རྣམ་ཀུན་བཀྲ་ཤིས་ཕུན་སུམ་ཚོགས། །དོན་གཉིས་དཔལ་འབར་དགེ་ལེགས་ཤོག །བྷཱུ་ཏ་གཙྪ། ཞེས་རྒྱལ་དབང་མཆོག་སྤྲུལ་རིན་པོ་ཆེས་བཀའ་སྩལ་ལྟར་སི་ཏུ་པདྨ་ཉིན་བྱེད་དབང་པོས་ཕུལ་བ་དགེ། །

ཆགས་མེད་རིན་པོ་ཆེའི་བཞེད་ངོར།


SPN003_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཀཱ་རོས་བྱིན་བརླབས། ཀྱེ་ཧོཿ རྒྱལ་དབང་མཚོ་སྐྱེས་རྒྱལ་པོ་ཡི། །བཀའ་མཉན་དཀར་པོའི་སྡེ་སྐྱོང་བའི། །ལྷ་བཙན་རྡོ་རྗེ་ཐོགས་མེད་རྩལ། །སྔོན་ཚེ་ཡལ་གམ་རྗེས་དགོངས་ལ། །འདིར་གཤེགས་ཞི་བ་བསང་མཆོད་རྫས། །དགྱེས་མཆོད་མོས་པའི་རང་བཞིན་གྱི། །འདོད་ཡོན་རྒྱ་མཚོ་དཀྲིགས་པ་འདི། །བཞེས་ཤིག་རོལ་ཅིག་པུ་ཛ་ཧོ། །བདག་ཅག་དཔོན་སློབ་གཞི་བྱེས་ཀུན། །དགེ་ཞིང་ལེགས་པའི་སྡོང་གྲོགས་དང་། །ཁ་འཛིན་རྒྱབ་བརྟེན་མ་གཡེལ་མཛོད། །


SPN003_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་རྐྱེན་ལས་བསྲུང་ཞིང་སྐྱོབས། །དམ་ལས་མ་འདའ་ས་མ་ཡ། །ཞེས་ཆགས་མེད་རིན་པོ་ཆེའི་བཞེད་ལྟར་སི་ཏུ་པས་སྤེལ་བ་མངྒ་ལམ། །

བསྟན་འཛིན་རིན་པོ་ཆེ་མཆོག་གིས་བསྐུལ་ངོར།


SPN003_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷཱ་ཝས་སྦྱངས། སྟོང་ལས་རིན་ཆེན་སྣོད་ཡངས་པར། །འདོད་ཡོན་སྣ་ཚོགས་ཀུན་ཏུ་དཀྲིགས། །བདུག་སྤོས་དྲི་ལྡན་ཟེར་མ་ལས། །ཉེར་སྤྱོད་རྣམ་མང་ཆར་འབབས་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ཀྱཻ། སྔོན་ཚེ་ཨོ་རྒྱན་ཆེན་པོ་གསང་བའི་བདག །གྲུབ་ཆེན་ཀརྨ་པཀྴི་ལ་སོགས་པའི། །སྤྱན་སྔར་རྡོ་རྗེའི་ཐ་ཚིག་གཡར་དམ་ཅན། །ཟོ་དོར་སྟབ་རྒྱལ་ངང་པ་སེང་སེང་དང་། །འབུམ་རྫོང་ཡུལ་གཞི་གནས་བདག་དགེ་བསྙེན་ཆེ། །དཔའ་ཁམས་དཔལ་རྒྱལ་སྤོར་ནེ་རྩེ་རྒྱལ་དང་། །ཀ་ན་ཡངས་རྩེ་ཚྭ་སྨན་གཡུང་དྲུང་དཀར། །འཁོར་དང་ཡང་འཁོར་སྣང་སྲིད་གཞི་བདག་ཚོགས། །མ་ལུས་འཁོར་བཅས་འདིར་གཤེགས་གདན་ལ་བཞུགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་རྣམས། །ནམ་མཁའ་མཛོད་བཞིན་རྒྱ་ཆེན་སྤེལ་བ་འདིས། །ཡུལ་ལྷ་གནས་བདག་དཀར་ཕྱོགས་སྐྱོང་རྣམས་ལ། །འབུལ་ལོ་དགྱེས་བཞེས་ཁྱད་པར་བསང་མཆོད་མཐུས། །ཉམས་གྲིབ་དམེ་གྲིབ་མཁོན་གྲིབ་མུན་པའི་དཔུང་། །བསང་མཆོད་འོད་ཟེར་འདོད་ཡོན་འབུམ་འཕྲོ་བས། །རྨུགས་པ་སངས་ཤིང་བདེ་དང་ལྡན་གྱུར་ཅིག །ས་བདག་མཐུ་ཆེན་སོ་སོ་རང་རང་གིས། །སྐྱོང་བའི་


SPN003_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྗོངས་ཕན་བདེའི་དཔལ་ཡོན་གྱི། །རྫོགས་ལྡན་གསར་པའི་དགའ་སྟོན་སྤེལ་བ་དང་། །བསྟན་འགྲོར་ཉེར་འཚེ་བགེགས་དཔུང་རྩད་ནས་བཅོམ། །ཆར་ཆུ་དུས་འབབས་ལོ་ལེགས་འབྲུ་འཕེལ་ཞིང་། །སྐྱེ་དགུ་དཀར་པོའི་ཆོས་ལ་བཀོད་པ་དང་། །འབྱུང་པོའི་རྒྱུད་བསྐུལ་བསླུ་བྲིད་ཆོས་མིན་གཞིག། སྔོན་གྱི་དམ་བཅའ་གཡེལ་མེད་ཕྲིན་ལས་ཀུན། །ལྷུན་གྱིས་གྲུབ་པའི་སྡོང་གྲོགས་མཛད་དུ་གསོལ། གཙྪ། ཞེས་བསྟན་འཛིན་རིན་པོ་ཆེ་མཆོག་གིས་བསྐུལ་བཞིན། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ། སརྦ་མངྒ་ལམ། །

བཙན་ནེ་སྐལ་བཟང་ནས་བསྐུལ་ངོར།


SPN003_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། རིན་ཆེན་སྣོད་མཆོག་རྒྱ་ཆེའི་ནང་། །མཆོད་རྫས་གཙང་ཞིང་ཡིད་འོང་བ། །ནམ་མཁའ་མཛོད་བཞིན་སྤྲིན་གཏིབས་གྱུར། །དེང་འདིར་མཆོད་འོས་སྐྱབས་གསུམ་དང་། །ཡུལ་ལྷ་ཟོ་དོར་གཉན་པོའི་ཚོགས། །ཁྱད་པར་གནས་བདག་དགེ་བསྙེན་ཆེ། །གཉུ་རྒྱལ་ར་ལ་བྱ་ཁྱུང་ལྷ། །དགྱེས་པའི་མཆོད་འབུལ་བཞེས་སུ་གསོལ། །ཐུགས་འགལ་བཟོད་གསོལ་མཐུ་ཆེན་གྱི། །རྩལ་ལྡན་དཀར་པོའི་སྡེ་སྐྱོང་བ། །འཁོར་བཅས་བསྟོད་འོས་བསྔགས་པར་བགྱི། །དེ་ལྟར་བསང་མཆོད་ཕུལ་བའི་མཐུས། །པདྨ་ཐོད་ཕྲེང་ཧེ་རུ་ཀའི། །དམ་ལ་མ་འདའ་བསྟན་འགྲོ་ལ། །བདེ་ལེགས་རྒྱུན་མི་ཆད་པར་སྩོལ། །དུས་ཀུན་བཀྲ་ཤིས་


SPN003_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ལྡན་གྱི། །དཔལ་ལ་སྤྱོད་བཞིན་ཆོས་འཕེལ་ཤོག །ཅེས་པ་འདི་བཙན་ནེ་སྐལ་བཟང་ནས་བསྐུལ་བཞིན་སི་ཏུས་བྲིས་པའོ། །

ཁང་སར་ཚེ་འཕེལ་གྱིས་བསྐུལ་ངོར།


SPN003_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། སྔོན་ཚེ་མ ཚོ་སྐྱེས་པད་འབྱུང་གི། །བསྟན་པ་སྐྱོང་བར་ཁས་བླངས་པའི། །ཟིལ་ཕྲོམ་རྡོ་རྗེ་གཡུ་དྲུང་རྩལ། །དམ་ཚིག་དབང་གིས་གནས་འདིར་གཤེགས། །དགྱེས་པའི་གདན་བཞུགས་འདིར་བཤམས་ཀྱི། །མཆོད་རྫས་དཀོར་ནོར་བསམ་མི་ཁྱབ། །འབུལ་གྱི་དགྱེས་པར་བཞེས་སུ་གསོལ། །ཡུལ་བདག་འཁོར་བཅས་རབ་ཏུ་བསྔགས། །རྒྱལ་པའི་བསྟན་པ་རིན་པོ་ཆེ། །མི་ནུབ་རྒྱལ་མཚན་སྲིད་རྩེར་བསྒྲེངས། །རྣལ་འབྱོར་བདག་གི་མཐུན་རྐྱེན་སྒྲུབས། །འགལ་རྐྱེན་སོལ་ལ་བར་ཆད་ཟློག། བསམ་པ་ཡིད་བཞིན་འགྲུབ་པ་དང་། །སྐྱེ་དགུ་བདེ་ལ་གཞོལ་བ་ཡི། །ཕྲིན་ལས་ཐོགས་པ་མེད་པར་སྒྲུབས། །རྟག་པར་བཀྲ་ཤིས་བདེ་ལེགས་སྩོལ། །གཙྪས་གཤེགས། ཞེས་པའང་ཁང་སར་ཚེ་འཕེལ་གྱིས་བསྐུལ་ལྟར་སི་ཏུས་སྤེལ་བ་མངྒ་ལམ། དགེའོ། །

ཀརྨ་ཨ་མཱ་རའི་ངོར།


SPN003_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བཛྲ་ཨ་མྲི་ཏ་སོགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ལས་རིན་ཆེན་སྣོད་ཡངས་པར། །ཀུན་བཟང་མཆོད་པའི་སྤྲིན་ཕུང་གི། །ཟག་མེད་བདེ་ཆེན་བསྐྱེད་པའི་རྫས། །རྒྱ་ཆེན་རྒྱུན་མི་ཆད་པར་གྱུར། །


SPN003_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཀཱ་རོས་བྱིན་བརླབས་ལ། ཀྱཻ། སྐྱབས་ཡུལ་མཆོག་གསུམ་རྩ་གསུམ་པོ། །ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །བླ་མེད་གསར་རྙིང་བརྒྱུད་པ་བསང་། །རྒྱུད་བཞིར་འབྲེལ་བའི་ཡི་དམ་ལྷ། །གནས་གསུམ་དཔའ་བོ་ཌཱ་ཀི་བསང་། །ཡེ་ཤེས་མགོན་པོ་བེར་ནག་ཅན། །རང་བྱུང་རྒྱལ་མོ་རྣམ་ཐོས་སྲས། །ཞིང་སྐྱོང་སྲིན་མགོན་དམ་ཅན་མགར། །སྔགས་བདག་རྡོ་རྗེ་རྒྱལ་པོ་བསང་། །དཔལ་ལྡན་ཨ་ཕྱི་མཆེད་ལྔ་འཁོར། །ཚེ་རིང་མཆེད་ལྔ་ཐང་ལྷ་དང་། །སྤོམ་ར་ནོར་བདག་ཐམས་ཅད་བསང་། །ཡུལ་ཕྱོགས་འདིར་གནས་གཞི་ཡི་བདག །སོ་སོར་མཐུན་པའི་རྫས་ཀྱིས་བསང་། །དེ་ལྟར་མཆོད་པ་ལ་བརྟེན་ནས། །རྣལ་འབྱོར་བསམ་དོན་ལྷུན་གྱིས་གྲུབ། །ཚེ་བསོད་དཔལ་གྲགས་མཐུ་སྟོབས་རྒྱས། །བསྟན་དང་འགྲོ་བའི་བདེ་སྐྱིད་དང་། །བསྟན་འཛིན་འདུས་སྡེ་འཕེལ་རྒྱས་ཤིང་། །སྐྱེ་དགུ་ཀུན་ཀྱང་བདེ་དང་ལྡན། །ཉིན་མཚན་གུང་ལ་བཀྲ་ཤིས་ཀྱི། །ཉི་ཟླས་རྣམ་ཀུན་གསལ་གྱུར་ཅིག །ཅེས་ཀརྨ་ཨ་མཱ་ར་ཞེས་པའི་གསུང་ངོར་སྤེལ། །

བསྟན་སྙིང་མཆོག་སྤྲུལ་གྱི་བཞེད་ངོར།


SPN003_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཆོས་ཀུན་སྟོང་པའི་ངང་ཉིད་ལས། །རིན་ཆེན་ལས་གྲུབ་བསང་ཁང་བཟང་། །སྤོས་ཀྱི་དུད་སྤྲིན་ཆ་ཤས་ལས། །རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད། །འདོད་ཡོན་ལྔ་དང་ལྷ་མི་ཡི། །སྲིད་


SPN003_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཞིའི་དཔལ་འབྱོར་ཕུན་སུམ་ཚོགས། །ཟག་མེད་བདེ་ཆེན་སྐྱེད་བྱེད་པའི། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས། །ཇི་ལྟར་ནམ་མཁའ་མཛོད་དུ་གྱུར། །ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབས། ཀྱཻ། མགོན་གྱུར་སྐྱབས་གནས་ཐུགས་རྗེ་ཅན། །དུས་གསུམ་སངས་རྒྱས་སྟོང་རྩ་གཉིས། །གསར་རྙིང་གྲུབ་ཐོབ་རིག་འཛིན་ཚོགས། །ཡི་དམ་རྒྱུད་སྡེ་རབ་འབྱམས་དང་། །གནས་གསུམ་སྐྱོང་བའི་ཌཱ་ཀིའི་ཚོགས། །ཡེ་ཤེས་ལས་དང་འཇིག་རྟེན་པའི། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་དང་། །ཡུལ་ལྷ་གནས་བདག་མགྲོན་རིགས་རྣམས། །གནས་འདིར་གཤེགས་ལ་བཤམས་པའི་གདན། །རྣམ་པར་བཀྲ་བར་བཞུགས་སུ་གསོལ། །འདིར་བཤམས་མཆོད་རྫས་ཡིད་དུ་འོང་། །དཔལ་འབྱོར་དམ་པའི་ལོངས་སྤྱོད་རྫས། །བདག་པོས་བཟུང་དང་མ་བཟུང་བའི། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན། །སོ་སོའི་མཐུན་རྫས་ཇི་སྙེད་པ། །དཀོན་མཆོག་རྩ་གསུམ་ལྷ་ལ་འབུལ། །སྐུ་གསུམ་ལྷུན་གྲུབ་དངོས་གྲུབ་སྩོལ། །ཁྱད་པར་ཡེ་ཤེས་མགོན་པོ་ཆེ། །ཕྱག་བཞི་ཡབ་ཡུམ་འཁོར་བཅས་དང་། །བེར་ཆེན་རྡོ་རྗེ་གུར་གྱི་མགོན། །འདོད་ཁམས་དབང་ཕྱུག་རེ་མ་ཏི། །དམག་ཟོར་རྒྱལ་སོགས་ལྷ་མོའི་ཚོགས། །ཞིང་སྐྱོང་ཏྲཀྴད་རྣམ་ཐོས་སྲས། །རེ་མནྟ་དང་དཔལ་ལྷ་མོ། །གཟའ་བདུད་དམ་ཅན་མགར་བ་དམར། །ཐང་ལྷ་ཡར་ཞུར་


SPN003_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྤོམ་ར་གཉེན། །ཇག་མེ་གནས་བརྒྱད་དགེ་བསྙེན་དང་། །རྡོ་རྗེ་ངས་ནུས་ལ་སོགས་པའི། །ཨོ་རྒྱན་ཆེན་པོའི་བཀའ་དང་དམ། །གནས་པའི་དཀར་པོའི་ཕྱོགས་སྐྱོང་བ། །ཡུལ་འདིར་གཉུག་མར་རྒྱུ་བ་ཡི། །མཆོད་པར་འོས་པའི་མགྲོན་རྣམས་ལ། །མཆོད་པའི་སྤྲིན་ཚོགས་ནམ་མཁའ་གང་། །འདོད་ཡོན་ལྔ་ལྡན་ཟད་མི་ཤེས། །རང་རང་དགྱེས་དགུར་རོལ་པ་རུ། །འབུལ་བཞེས་ཚིམ་ཞིང་མཉེས་པའི་མཐུས། །རིག་འཛིན་པདྨ་འབྱུང་གནས་ཀྱི། །ཡང་ཟབ་བསྟན་པ་ཕྱོགས་བཅུར་རྒྱས། །བསྟན་དང་བསྟན་འཛིན་འཚོ་གཞེས་ནས། །འགྲོ་དོན་ཕྲིན་ལས་ལྷུན་གྱིས་གྲུབ། །ཡུལ་རིས་ས་ཕྱོགས་འདི་ཉིད་དུ། །ཆར་ཆུ་དུས་འབབ་ལོ་ལེགས་ཤིང་། །རྫོགས་ལྡན་གསར་པའི་ལང་ཚོ་ལྟར། །བཀྲ་ཤིས་བདེ་ལེགས་མཁའ་དབྱིངས་སུ། །ཕུན་ཚོགས་ལྔ་ལྡན་ཉི་འོད་འབར། །བསྟན་འགྲོ་ཕན་བདེའི་པདྨོའི་ཚལ། །ཇི་བཞིན་བསམ་པའི་འདོད་དོན་ཀུན། །གེགས་མེད་ཡོངས་གྲུབ་བཀྲ་ཤིས་ཤོག །གཙྪས་གཤེགས། ཞེས་པའང་བསྟན་སྙིང་མཆོག་སྤྲུལ་གྱི་བཞེད་ལྟར་སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་དགེ། །

ཀརྨ་ཡན་ལག་དང་རབ་རྒྱལ་བཅས་ཀྱི་བཞེད་ངོར།


SPN003_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷཱ་ཝས་བསངས། སྟོང་པའི་ངང་ལས་བསང་རྫས་ལྷ་མིའི་འདོད་ཡོན་ནམ་མཁའ་མཛོད་བཞིན་རྒྱ་ཆེན་རྒྱུན་མི་ཆད་པའི་རང་བཞིན་དུ་གྱུར། ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ།


SPN003_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ལྷར་གསལ་ཐུགས་ཀ་ནས། །འོད་འཕྲོས་མཆོད་འོས་མགྲོན་རིགས་རྣམས། །སྤྱན་དྲངས་དགྱེས་པའི་གདན་ལ་བཞུགས། །ཀྱཻ། སྔོན་ཚེ་ཨོ་རྒྱན་སློབ་དཔོན་ཆེ། །པདྨ་ཐོད་ཕྲེང་ཀརྨ་པ། །ལ་སོགས་རྡོ་རྗེ་འཛིན་རྣམས་ཀྱི། །སྤྱན་སྔར་ཞལ་བཞེས་དམ་བཅས་བཞིན། །ཐ་ཚིག་གཉེན་ལས་མ་འདའ་བར། །དཀར་པོའི་ཕྱོགས་རྣམས་སྐྱོང་བ་ཡི། །དཔལ་ཟོ་ཡབ་ཡུམ་སྲས་འཁོར་དང་། །གཞན་ཡང་ཡུལ་རིས་ལྗོངས་རྣམས་སུ། །གནས་པའི་མགོན་སྐྱོབ་བྱེད་པ་ཡི། །ལྷ་ཀླུ་གཉན་རིགས་ཟོ་དོར་དང་། །དགེ་བསྙེན་སྨན་མོ་ལ་སོགས་པའི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་ལ། །སོ་སོར་མོས་པའི་འདོད་ཡོན་ཚོགས། །བཀྲ་ཤིས་རྟགས་ཀྱི་ཕྱག་རྒྱ་དང་། །དཀར་གསུམ་མངར་གསུམ་སྨན་ཕུད་གཏོར། །སྤྱན་གཟིགས་དཀོར་ཆ་རྟེན་དང་སྒྲུབ། །མཆོད་རྫས་ཡིད་འོང་ཕུན་ཚོགས་ཅན། །རྒྱ་ཆེན་ཟད་མེད་མཆོད་པའི་སྤྲིན། །དུད་པའི་ཟེར་གྱི་ཆ་ཤས་ལས། །སོ་སོར་མོས་ཐོབ་ཚིམ་ཞིང་དགྱེས། །ཞི་དང་བྱམས་པའི་སེམས་ལྡན་ཤོག །ཁྱེད་རྣམས་མཆོད་པའི་དགེ་ལེགས་ཀྱིས། །བསྟན་པ་དར་རྒྱས་ཡུལ་ཕྱོགས་འདིར། །ལོ་ལེགས་སྐྱ་རྒྱལ་ཆར་ཆུ་འབེབས། །ནད་མེད་བསམ་དོན་ཆོས་བཞིན་འགྲུབ། །རྣལ་འབྱོར་བར་ཆད་སེལ་བ་དང་། །མཐུ་དང་སྡོང་གྲོགས་རྒྱབ་བརྟེན་མཛོད། །


SPN003_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རིས་ཕྱོགས་ལས་རྣམ་རྒྱལ་ཞིང་། །བཀྲ་ཤིས་རྫོགས་ལྡན་དགའ་སྟོན་ལྟར། །ལྷུན་གྲུབ་ཡིད་ལ་འདོད་འཇོར་ཤོག །སརྦ་བྷཱུ་ཏ་གཙྪས་གཤེགས། ཞེས་ཀརྨ་ཡན་ལག་དང་རབ་རྒྱལ་བཅས་ཀྱི་བཞེད་ལྟར་སྤེལ། །

ཟླ་རྒྱལ་བསང་བླ་མ་རབ་འབྱོར་ངོར།


SPN003_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཨམྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས ། སྟོང་ལས་བསང་ཁང་རིན་ཆེན་སྣོད་ཡངས་པར། །ལྷ་མིའི་འདོད་ཡོན་ཀུན་བཟང་མཆོད་སྤྲིན་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ཀྱཻ། སྔོན་ཚེ་གསང་བདག་ཐོད་ཕྲེང་གི། །བཀའ་དང་དམ་གནས་དགེ་བསྙེན་ཆེ། །ཟླ་རྒྱལ་གཉེན་པོ་ཡབ་ཡུམ་སྲས། །རང་འཁོར་ཚོགས་བཅས་འདིར་གཤེགས་ལ། །དགྱེས་པའི་བསང་མཆོད་འབུལ་བ་ནི། །སྐབས་གསུམ་ལོངས་སྤྱོད་མཁོ་དགུའི་ཚོགས། །དཔག་ཡས་བདུག་པའི་སྤྲིན་ཕུང་ལས། །གང་འདོད་ཡིད་བཞིན་འཆར་བ་ཡི། །བསང་མཆོད་དམ་པ་འདི་བཞེས་ཤིག །པད་འབྱུང་རྩ་བརྒྱུད་བླ་མ་ཡི། །བཀའ་དང་ཐ་ཚིག་དྲན་མཛོད་ལ། །སངས་རྒྱས་ཆོས་ཀྱི་བསྟན་པ་སྲུངས ། །དེ་འཛིན་སྐྱེས་བུའི་ཕྲིན་ལས་སྤེལ། །རྣལ་འབྱོར་བདག་གིས་གང་བཅོལ་ལས། །ཐོགས་མེད་ཡིད་བཞིན་མྱུར་སྒྲུབ་ཅིང་། །རྒྱལ་ཁམས་བདེ་ཞིང་བཀྲ་ཤིས་རྒྱས། །རྫོགས་ལྡན་དུས་ལྟར་དགེ་ལེགས་ཀྱི། །དཔལ་ཀུན་ཡོངས་སུ་ཁྱབ་པར་ཤོག །གཙྪས་རང་


SPN003_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གཤེགས། ཟླ་རྒྱལ་བསང་འདི་བླ་མ་རབ་འབྱོར་ངོར་སྤེལ། །

སྤྱི་ཕུག་བླ་མ་སྐུ་ཆེན་པས་བསྐུལ་ངོར་ཡུལ་ལྷའི་བསང་མཆོད།


SPN003_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཡུལ་ལྷའི་བསང་མཆོད་བྱེད་པར་སྤྲོ་ན། མཆོད་རྫས་བསང་ཤིང་སོགས་འདུ་བགྱིས་ནས། སྭ་བྷཱ་ཝ་སོགས། སྟོང་པར་གྱུར་པའི་ངང་ཉིད་ལས། །བསང་ཁང་ཡིད་འོང་རྒྱ་ཆེའི་ནང་། །སྨན་སྤོས་དྲི་ངད་བདུག་པའི་ཚོགས། །སྤྲིན་ཕུང་གཏིབས་པ་ལྟ་བུ་དང་། །དེ་ལས་འདོད་ཡོན་དཔག་མེད་པ། །རབ་འཕྲོས་ས་དང་བར་སྣང་གི། །ཕྱོགས་ཀུན་རྒྱས་པར་འགེངས་པ་དང་། །གཞན་ཡང་མཆོད་རྫས་ཉེར་སྤྱོད་དང་། །སྤྱན་གཟིགས་དཀོར་ཆ་ལ་སོགས་པ། །ལྷ་མིའི་ལོངས་སྤྱོད་ལས་ལྷག་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ་བརྗོད། ཀྱཻ། སྐྱབས་གནས་རྩ་གསུམ་ཐུགས་རྗེ་ཅན། །མཆོག་གསུམ་སྤྱི་དཔལ་པདྨ་འབྱུང་། །གསར་རྙིང་རྒྱུད་སྡེའི་ལྷ་རབ་འབྱམས། །ཇི་སྙེད་རྒྱལ་བ་སྲས་བཅས་རྣམས། །བསང་ངོ་མཆོད་དོ་དགྱེས་པར་རོལ། །ཐང་ལྷ་ཡར་ཞུར་སྤོམ་ར་གཉེན། །དགེ་བསྙེན་ཆེན་པོ་ཐམས་ཅད་དང་། །མདོ་ཁམས་སྒང་དྲུག་ཁྱད་པར་དུ། །ཟལ་མོའི་སྒང་དུ་གནས་པ་ཡི། །སྐུ་རྒྱལ་ཤེ་ནེ་འཁོར་བཅས་དང་། །ཆོས་འཁོར་འདི་ཉིད་སྐྱོང་བྱེད་པའི། །གནས་བདག་ཡུལ་ལྷ་གཞི་བདག་རྣམས། །ཟོ་དོར་སྟོན་རྒྱལ་གཉན་པོ་དང་། །རྒྱལ་ཆེན་གྲུ་གུ་ལ་སོགས་པ། །ཐམས་ཅད་འདིར་གཤེགས་བསང་ལ་བྱོན། །སྔོན་ཚེ་ཨོ་རྒྱན་ཆེན་པོ་དང་། །


SPN003_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ཡི། །སྤྱན་སྔར་ཐ་ཚིག་མནའ་བོར་ལྟར། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །རྣལ་འབྱོར་སྒྲུབ་པོའི་དམ་ལ་འདུས། །འདིར་བཤམས་ཡིད་འོང་བསང་མཆོད་རྫས། །མ་ལ་ཡ་ཡི་ནགས་རླུང་གི། །དྲི་བཞོན་དཀྲིགས་པ་དང་མཚུངས་དང་། །སྐབས་གསུམ་འཆི་མེད་ལོངས་སྤྱོད་ལས། །ཕུལ་གྱུར་རྨད་བྱུང་འདོད་ཡོན་རྣམས། །སོ་སོར་མོས་པའི་རང་བཞིན་དག །རྒྱ་ཆེན་རྒྱུན་མི་ཆད་པ་དང་། །རྒྱལ་སྲིད་བཀྲ་ཤིས་རྫས་རྟགས་དང་། །ནོར་བུ་རིན་ཆེན་དར་སྣ་དང་། །སྤྱན་གཟིགས་དཀོར་ཆས་གཟུགས་འགྲོས་སོགས། །གསེར་གཡུའི་སྐྱེམས་བཟང་ཛ་གད་ཕུད། །སྣ་ཚོགས་འབྲུ་སྣ་སྨན་སྣ་སོགས། །མདོར་ན་དགྱེས་བསྐང་མཐུན་པའི་རྫས། །བློ་ཡིས་དངོས་སྤྲུལ་འབུལ་གྱི་བཞེས། །བསང་ངོ་མཆོད་དོ་མངའ་གསོལ་ལོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས། །རྣམ་དག་དྲི་མེད་རྒྱལ་བའི་བསྟན། །བཀའ་བརྒྱུད་རིང་ལུགས་ཕྱོགས་མཐར་ཁྱབ། །བསྟན་འཛིན་དགེ་འདུན་རྒྱ་མཚོ་རྣམས། །འཕེལ་ཞིང་དར་རྒྱས་ཡུན་ཏུ་གནས། །གཟུགས་ཅན་གཟུགས་མེད་བདུད་ཀྱི་སྡེ། །ཆོས་འཁོར་གཉན་ལ་བར་གཅོད་པའི། །བསམ་སྦྱོར་ལོག་འདྲེན་བྱེད་པ་རྣམས། །ཚར་གཅོད་རྗེས་འཛིན་ཕྲིན་ལས་ཀྱི། །མེལ་ཚེ་མ་གཡེལ་དམ་ཚིག་ཅན། །རྣལ་འབྱོར་བདག་


SPN003_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་འཁོར་བཅས་ཀྱི། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །མཐུན་རྐྱེན་ཡིད་བཞིན་འབད་མེད་དུ། །མྱུར་དུ་འགྲུབ་ཅིང་མི་མཐུན་པའི། །ནད་གདོན་འགལ་རྐྱེན་བཟློག་པ་དང་། །ཉིན་མཚན་དུས་རྣམས་ཀུན་ཏུ་ཡང་། །ལྷ་སྲུང་མགོན་བྱེད་མཆོད་བསྟོད་ན། །ཅི་ལྟར་བཅོལ་པའི་འདོད་དོན་ཀུན། །རེ་བའི་ཤིང་རྟ་འགེངས་པར་མཛོད། །མཐུ་སྟོབས་རྫུ་འཕྲུལ་མངའ་དབང་ཕྱུག །ལས་བཞིའི་ཕྲིན་ལས་བདག་པོ་སྟེ། །དཀར་ཕྱོགས་སྐྱོང་བའི་ལྷ་ཆེན་པོ། །ཡུལ་བདག་དགེ་བསྙེན་ཚོགས་བཅས་བསྟོད། །ཆོས་དང་ལོངས་སྤྱོད་དཔལ་འབྱོར་གྱི། །ཕྱྭ་གཡང་དངོས་གྲུབ་མ་ལུས་རྣམས། །ཐམས་ཅད་དབང་དུ་གྱུར་ནས་ཀྱང་། །བཀྲ་ཤིས་ཡིད་བཞིན་དཔག་བསམ་ཤིང་། །དགོས་འདོད་ལྷུན་གྲུབ་མཆོག་ཐུན་གྱི། །ཕུན་སུམ་ཚོགས་པའི་གཏེར་གང་ཞིང་། །བདེ་ལེགས་དབྱར་མཚོ་མཐའ་རྒྱས་ཤོག །གཙྪས་གཤེགས། ཞེས་སྤྱི་ཕུག་བླ་མ་སྐུ་ཆེན་པས་བསྐུལ་ངོར་སྤེལ། །

རྫ་རྒྱལ་འཕེན་པོའི་བསང་།


SPN003_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨཱ་ཀ་ར་ཡ། འདིར་རྫ་རྒྱལ་འཕེན་པོའི་བསང་བྱ་བར་འདོད་པ་དག་གིས། གསེར་སྐྱེམས་དང་མཆོད་པའི་རྫས་རྣམས་འདུ་བར་བྱ་སྟེ། རང་ཉིད་ལྷ་ཡི་ང་རྒྱལ་ལ་གནས་བཞིན་པས། ༀ་ཨཱཿཧཱུྃ་གིས་བྱིན་བརླབས། བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་པར། །འབྲུ་གསུམ་ལས་བྱུང་འདོད་ཡོན་ཚོགས། །


SPN003_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་རབ་འབྱམས་ཀུན་བཟང་གི། །སྨོན་ལམ་ལས་གྲུབ་མཆོད་སྤྲིན་གྱུར། །མགྲོན་སྤྱན་དྲངས་པ་ནི། ཀྱཻ། མགོན་གྱུར་སྐྱབས་གནས་ཐུགས་རྗེ་ཅན། །སངས་རྒྱས་བྱང་སེམས་བླ་མ་དང་། །ཡི་དམ་དཔའ་བོ་མཁའ་འགྲོ་ཚོགས། །ཆོས་སྲུང་ནོར་ལྷའི་ཚོགས་བཅས་བསང་། །ཁྱད་པར་རིགས་ཀྱི་སྲུང་མ་ཆེ། །གནོད་སྦྱིན་ཡོངས་ཀྱི་རྗེ་བོ་སྟེ། །རྫ་རྒྱལ་འཕེན་པོ་འཁོར་དང་བཅས། །གནས་འདིར་སྤྱན་འདྲེན་བཞུགས་སུ་གསོལ། །སྐུ་མདོག་དཀར་སྨུག་དུང་རྨོག་གསོལ། །སྐུ་ལ་གསེར་ཁྲབ་འཁོར་གསུམ་རྫོགས། །ཕྱག་གཉིས་མདུང་དར་ཞགས་པ་བསྣམས། །ཆིབས་སུ་རྐྱང་བུ་སྨུག་ནག་ཆིབས། །ཤ་བ་རྒྱ་འཛོང་རོལ་དུ་ཁྲིད། །སྣང་སྲིད་ཡོངས་བསྐང་མཆོད་པ་བཞེས། །གསོལ་ལོ་མཆོད་དོ་ཕྲིན་ལས་སྒྲུབས། །ཡབ་གཅིག་གནམ་གཉེན་དཀར་པོ་དང་། །ཡུམ་མཆོག་ལྷ་མོ་དུང་སྐྱོང་དཀར། །ཕུ་བོ་གཉན་རྒྱལ་གངས་སྔོན་པོ། །གཅུང་པོ་ཚ་ལ་བྱ་ཞུར་དང་། །ལྕམ་སྲིང་ལྷ་ལྕམ་དཀར་མོ་ལ། །ལྷ་ཀླུ་གཉན་བདུད་ཚོགས་ཀྱིས་བསྐོར། །སྐུ་ཞང་རྡོ་རྗེ་འབར་བ་ལ། །གཉན་དམག་འབུམ་བསྐོར་རྒྱབ་བརྟེན་ཆེ། །རྨ་རྒྱལ་སྤོམ་ར་དགེ་བསྙེན་ཚོགས། །སྡོང་གྲོགས་གེར་མཛོ་དགྲ་ལྷས་བསྐོར། །བླ་མཆོད་སྒྱོགས་ཆེན་གདོང་ར་དང་། །གཉན་ཟླ་འབྲི་ཆེན་གདོང་ངུར་ལ། །འབྲོག་གནས་


SPN003_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འབྲི་ཀླུང་གཞི་བདག་སྐོར། །སྣང་སྲིད༴ གསོལ་ལོ༴ རྒྱལ་མོ་གཉེན་སྲས་ལྕམ་མོ་དང་། །དམག་དཔོན་དྭང་མོ་དིལ་དཀར་པོ། །ཁ་འཛིན་རི་མོ་དབང་གཞུ་དང་། །དར་འཛིན་ངང་ཡག་ལྷ་རྩེ་གཉན། །བློ་འཛིན་མཆོག་རྒྱབ་རི་བཀྲ་བ། །བློན་པོ་ཕྱག་དཀར་སྙིང་འབུམ་དང་། །ཀླུ་རངས་མདུང་རྩེ་སྟག་ར་རྒོད། །ཡོན་པོ་དགྲ་འདུལ་རམ་རམ་མཆེད། །རི་ནག་ཞལ་དཀར་ཝ་དིལ་དང་། །གཅོད་བྱེད་འཆོངས་བྱེད་ལྡིང་བྱེད་ཆེ། །མགྱོགས་བྱེད་སྟོན་བྱེད་རྣོ་བར་བྱེད། །བཙུན་བྱེད་ཡང་མཛད་ལག་རིང་དང་། །སྟོན་པ་འགལ་ཆེན་དཔའ་བར་བྱེད། །སྐུ་ལྷ་སྒོ་བ་སྒོ་སྲུང་སོགས། །གཞན་ཡང་གཞི་བདག་དཀར་ཕྱོགས་སྐྱོང་། །སྣང་སྲིད༴ གསོལ་ལོ༴ ནོངས་པ་བཤགས་སོ་བཟོད་པར་བཞེས། །སྔོན་ཚེ་པདྨ་འབྱུང་གནས་དང་། །གྲུབ་དབང་ཀརྨ་པཀྴི་ཡི། །དམ་ཚིག་གཉན་པོ་རྗེས་དྲན་མཛོད། །སངས་རྒྱས་བསྟན་པ་རིན་པོ་ཆེ། །སྙིང་པོ་དོན་གྱི་རིང་ལུགས་འདི། །སྲིད་པའི་རྩེ་མོར་བསྒྲེངས་བ་དང་། །བསྟན་འཛིན་འགྲོ་དོན་ཕྲིན་ལས་རྒྱས། །འགྲོ་རྣམས་དམ་པའི་ཆོས་ལྡན་ཞིང་། །དགེ་ལེགས་ལྷག་བསམ་འགྲུབ་པ་དང་། །ལོག་འདྲེན་བདུད་ཀྱི་གཡུལ་ངོ་ལས། །ཡོངས་སུ་རྣམ་པར་རྒྱལ་གྱུར་ཅིག །རྣལ་འབྱོར་བདག་གིས་བཅོལ་བའི་ལས། །ཡིད་བཞིན་ཕྲིན་ལས་བསྒྲུབ་ཏུ་


SPN003_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ། །མགྲོན་རྣམས་རང་གི་གནས་སུ་གཤེགས། །དུས་སུ་སླར་ཡང་འབྱོན་པར་མཛོད། །གཙྪས་གཤེགས། མངྒ་ལཾ་སིདྡྷི་ཛ་ཡ་ཨ་ལ་ལ་ཧོ། བཀྲ་ཤིས་གང་རིགས་བརྗོད། ཅེས་པ་འདི་ཞེ་འཛོང་བླ་མ་རྣམ་གཉིས་ཀྱི་ཐུགས་བཞེད་བསྐང་བའི་ཕྱིར་ཤིང་ཡོས་ལོར་སི་ཏུ་པས་ཐུབ་བསྟན་ཆོས་འཁོར་གླིང་དུ་སྤེལ་བའོ། །

ལྷ་བྲག་དཀར་པོའི་བསང་མཆོད།


SPN003_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི། ལྷ་བྲག་དཀར་པོའི་བསང་མཆོད་སྤྲོ་ན། མཆོད་རྫས་རྣམས་གཙང་ཞིང་བཟང་བ་འདུ་བར་བྱས་ལ་རང་ལྷའི་ང་རྒྱལ་དང་ལྡན་པས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས ། སྟོང་པའི་ངང་ལས་སྣང་སྲིད་ཀྱི། །ཆོས་རྣམས་གཟུང་འཛིན་བྲལ་བའི་ངང་། །རིན་ཆེན་བསང་ཁང་ནང་དུ་ནི། །མཆོད་སྤྲིན་རབ་འབྱམས་ཆར་འབེབས་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ༀ་ཨཱཿཧཱུྃ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས། ཀྱཻ། ཛམ་བུ་བྲྀཀྴས་མཚན་པའི་བྱང་། །བསིལ་བའི་ལྗོངས་ཀྱི་མདོ་ཁམས་སྨད། །བོད་ཆེན་སྨར་ཁམས་སྒང་གི་ཆ། །བྱེ་བྲག་གྲུ་གུའི་གནས་མཆོག་གི །རིན་ཆེན་ཤེལ་གྱི་ལྡིང་ཁང་ན། །རིག་འཛིན་པདྨའི་དགེ་བསྙེན་ཆེ། །སངས་རྒྱས་ཆོས་ཀྱི་སྲུང་མ་སྟེ། །བཀའ་དང་ཟབ་གཏེར་གཉན་གྱི་བདག །ཡུལ་ལྷ་ཟོ་དོར་ཀུན་གྱི་གཙོ། །ལྷ་བྲག་རྡོ་རྗེ་འབར་བ་རྩལ། །ཞི་འཛུམ་རིན་ཆེན་རྒྱན་དང་ལྡན། །དར་


SPN003_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་གསེར་གྱི་པྲོག་ཞུ་མཛེས། །སྐུ་མདོག་དཀར་ལ་བེར་དཀར་གསོལ། །གཡས་པས་དར་དཀར་བ་དན་དང་། །གཡོན་པས་རིན་ཆེན་རྒྱལ་མཚན་བསྣམས། །བསྟན་པ་སྐྱོང་དང་རྣལ་འབྱོར་སྲུང་། །དགྲ་བགེགས་འདུལ་བའི་རྟགས་ཀྱིས་བརྒྱན། །རཏྣའི་སྒ་སྲབ་རབ་བརྗིད་པའི། །མགྱོགས་འགྲོ་འཕུར་ཤེས་རྟ་དཀར་བཅིབས། །སྲས་དང་བཙུན་མོ་བློན་འཁོར་བཅས། །ས་བདག་གཏེར་བདག་ཡུལ་གནས་བདག །ལྷ་ཀླུ་གཉན་གྱི་སྡེ་རིས་བསྐོར། །གནས་འདིར་དམ་ཚིག་དབང་གིས་གཤེགས། །རང་རང་དགྱེས་པའི་གདན་ལ་བཞུགས། །འདིར་བཤམས་ཕྱི་ནང་མཆོད་པའི་ཚོགས། །རྣམ་མང་བཀོད་ལེགས་ཡིད་དུ་འོང་། །སྤྱན་གཟིགས་དཀོར་ཆས་རྟ་ཕྱུགས་དང་། །འཕུར་དགུ་འཛུལ་བཅུའི་གཟུགས་འགྲོས་དང་། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །ཉེ་བའི་རིན་ཆེན་འདོད་ཡོན་ལྔ། །ཉེར་སྤྱོད་སྣ་ཚོགས་མཆོད་པའི་རྫས། །སོ་སོའི་ཡིད་བཞིན་འཆར་བ་ཡི། །ཟག་མེད་ནམ་མཁའི་མཛོད་ཇི་བཞིན། །ཀུན་ཏུ་བཟང་པོའི་སྨོན་ལམ་ལྟར། །བདུག་སྤོས་སྤྲིན་གྱི་ཕུང་པོ་ཡི། །འོད་ཀྱི་དྲྭ་བའི་ཆ་རྣམས་ལས། །གྲུ་ཆར་བཞིན་དུ་སྤུངས་སེ་སྤུང་། །ཆུ་འཛིན་འཁྲིགས་ལྟར་ཐིབས་སེ་ཐིབ། །གསེར་མངལ་ཅན་དང་ཀུ་བེ་ར། །ཀླུ་དབང་ལ་སོགས་རྣམ་དཔྱོད་འཕྲུལ། །ཟིལ་གནོན་ཡ་མཚན་


SPN003_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་སྤྲུལ་གྱིས། །སྟོང་གསུམ་འཇིག་རྟེན་ཀུན་བཀང་འབུལ། །དགྱེས་པ་ཆེན་པོས་བཞེས་སུ་གསོལ། །བརྩེ་བས་དགོངས་ཏེ་རོལ་པར་མཛོད། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །མཐུ་སྟོབས་རྫུ་འཕྲུལ་ཅིར་ཡང་བསྒྱུར། །དཀར་ཕྱོགས་སྲུང་ཞིང་ནག་ཕྱོགས་གཞོམ། །ཐོགས་མེད་རྩལ་ལྡན་སྐུ་ལྷ་གཉན། །འཁོར་དང་བཅས་ལ་བདག་བསྟོད་དོ། །སེངྒེ་བྲག་གི་ཡང་རྫོང་དུ། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ །པདྨ་ཐོད་ཕྲེང་ལ་སོགས་དང་། །དྲག་པོ་ནུས་ལྡན་རྡོ་རྗེ་ཡི། །སྤྱན་སྔར་ཞལ་བཞེས་གཡར་དམ་གྱི། །ཐ་ཚིག་གཉན་པོ་དྲན་མཛོད་ལ། །རིག་འཛིན་བྱང་ཆུབ་བསྒྲུབ་པ་ཡི། །བར་ཆད་ཉེར་འཚེ་བདུད་དཔུང་རྣམས། །ཕ་མཐར་བསྐྲད་ཅིང་གནས་སྐབས་སུ། །བསམ་དོན་ལྷུན་གྲུབ་ཚེ་བསོད་རྒྱས། །འཁོར་སློབ་མངའ་ཐང་དབྱར་མཚོ་ལྟར། །རྒྱས་ཤིང་གཞི་བྱེས་རྟག་པར་སྐྱོངས། །སངས་རྒྱས་བསྟན་པ་དར་བ་དང་། །གསང་བ་སྔགས་ཀྱི་ཟབ་ཆོས་གང་། །ཕྱོགས་མཐར་ཁྱབ་ཡུན་གནས་པར་མཛོད། །བསྟན་འཛིན་འཚོ་བརྟན་རྒྱལ་ཁམས་བདེ། །ནད་འཁྲུགས་དབུལ་ཕོངས་ཞི་བ་སོགས། །མདོར་ན་ལེགས་པའི་དཔལ་ཡོན་རྣམས། །རབ་དཀར་ཆུ་ཤེལ་རི་བོང་འཛིན། །ཡར་ངོའི་ཆ་གང་ལྟར་འཕེལ་བའི། །སྡོང་གྲོགས་


SPN003_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཡེལ་ཕྲིན་ལས་ཀུན། །བདེ་བླག་ཉིད་དུ་འགྲུབ་པར་མཛོད། །བདག་སོགས་མ་ཤེས་འཁྲུལ་དབང་གིས། །ནོངས་པར་གྱུར་རྣམས་བཟོད་པར་བཞེས། །བཀྲ་ཤིས་ལྗོན་བཟང་རྒྱལ་བའི་བསྟན། །འཕེལ་ཞིང་དེ་འཛིན་ལོ་འདབ་རྒྱས། །རྣལ་འབྱོར་བསམ་དོན་རེ་བའི་འབྲས། །ཡོངས་སུ་སྨིན་པའི་བཀྲ་ཤིས་ཤོག། གཙྪས་གཤེགས་པའམ། རྟེན་ལ་བསྟིམ་པར་བྱའོ། །ཞེས་པའང་ཀུན་མཁྱེན་སྤྲུལ་པའི་སྐུའི་བཞེད་པ་ལྟར་སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་དགེ་བར་གྱུར་ཅིག །ཤུབྷཾ། །

བླ་མ་བསོད་ནམས་ཆོས་འཕེལ་བཞེད་ངོར།


SPN003_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཨམྲྀ་ཏས་བསངས།སྭ་བྷཱ་ཝས་སྦྱངས། སྟོང་ལས་བསང་ཁང་ཡིད་འོང་ནང་། །བདུག་སྤོས་མཆོད་སྤྲིན་མི་ཟད་པ། །ནམ་མཁའ་མཛོད་བཞིན་འདོད་ཡོན་ཚོགས། །རྒྱ་ཆེན་རྒྱུན་མི་ཆད་པར་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ཀྱཻ། སྔོན་ཚེ་རིག་འཛིན་པདྨ་འབྱུང་། །སྤྱན་སྔར་ཞལ་བཞེས་དམ་ཚིག་ཅན། །ལྷ་ཡི་དགེ་བསྙེན་ཆེན་པོ་ནི། །འཛི་རྒྱལ་དགའ་བྲོ་སྲས་ཡུམ་འཁོར། །གཅིག་ཏུ་མ་ངེས་སྣ་ཚོགས་སུ། །རྫུ་འཕྲུལ་རོལ་པ་བསམ་ལས་འདས། །དཀར་པོའི་སྡེ་སྐྱོང་ཡུལ་ལྷའི་གཙོ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་པའི་རྫས། །མཐུན་པའི་དངོས་འབྱོར་ཡིད་སྤྲུལ་པ། །འབུལ་གྱི་དགྱེས་པར་བཞེས་སུ་གསོལ། །ཁྱད་


SPN003_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསང་མཆོད་དམ་པ་འདིས། །མི་གཙང་ཉམས་གྲིབ་དག་གྱུར་ནས། །ལྷ་ཞལ་ཟླ་བཞིན་གསལ་གྱུར་ཅིག །རྩ་བརྒྱུད་བླ་མའི་བཀའ་བཞིན་དུ། །ཡལ་གམ་གཉན་ལས་མ་འདའ་བར། །རྣལ་འབྱོར་ལས་བཞིའི་ཕྲིན་ལས་ཀུན། །གང་བཅོལ་འགྲུབ་པའི་སྡོང་གྲོགས་མཛོད། །གཞི་བྱེས་ཀུན་ཏུ་སྲུང་ཞིང་སྐྱོབས། །སངས་རྒྱས་བསྟན་པའི་སྙིང་པོ་སྤེལ། །བསྟན་འཛིན་ཞབས་བརྟན་དགེ་འདུན་རྒྱས། །ཡུལ་ཁམས་བདེ་ལྡན་རྣམ་ཀུན་ཏུ། །བཀྲ་ཤིས་ཀུན་ཏུ་ཁྱབ་པ་ཡི། །དགེ་ལེགས་དུ་མས་སྐྱོང་གྱུར་ནས། །ཐུགས་འགལ་དག་ཚངས་དངོས་གྲུབ་སྩོལ། །ཅེས་པའང་བླ་མ་བསོད་ནམས་ཆོས་འཕེལ་བཞེད་ངོར། ཡུལ་ལྷ་གཉན་པོས་སྐྱོང་བའི་ཆོས་སྒར་དུ་སྤེལ་བ་མངྒ་ལཾ། །།

ལྷ་བྲིས་རྟ་མགྲིན་ངོར།


SPN003_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏས་བསངས སྭ་བྷཱ་ཝས་སྦྱངས། བསང་མཆོད་བདུག་པའི་སྤྲིན་ཕུང་ཟག་མེད་ཀྱི། །བདུད་རྩིའི་རང་བཞིན་ནམ་མཁའི་མཛོད་བཞིན་གྱུར། །ཀྱཻ། རབ་དཀར་ཀཻ་ལ་ཤ་ཡི་ས་འཛིན་ནི། །མཐོ་རིས་གནས་སུ་བསྙེགས་འདྲའི་སྐུ་མཁར་ནས། །ཟོ་དོར་ཡོངས་ཀྱི་གཙོ་མཆོག་ཟིལ་ཕྲོམ་ཞེས། །རྡོ་རྗེ་གཡུ་དྲུང་སྲས་ལྕམ་འཁོར་དང་བཅས། །འདིར་བྱོན་འདོད་ཡོན་སྣ་ཚོགས་བསང་བརྔན་རྫས། །དགྱེས་དགུར་རོལ་ལ་རྣལ་འབྱོར་བསམ་དོན་ཀུན། །ཡིད་བཞིན་འགྲུབ་པའི་སྡོངས་


SPN003_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་དམ་པ་དང་། །ཁ་འཛིན་སྲུང་སྐྱོབ་གཡེལ་མེད་ཕྲིན་ལས་ཀུན། །ཆོས་བཞིན་སྨིན་པར་མཛོད་ཅིག་ལྷ་ཆེན་པོ། །མཐུ་རྩལ་རྫུ་འཕྲུལ་ལྡན་ལ་བསྟོད་པར་བགྱི། །ནོངས་པར་གྱུར་བཤགས་ཚངས་པར་བསྩལ་དུ་གསོལ། །རྣམ་ཀུན་བཀྲ་ཤིས་དཔལ་དང་ལྡན་གྱུར་ཅིག །གཙྪས་གཤེགས། ཞེས་ལྷ་བྲིས་རྟ་མགྲིན་ངོར་སི་ཏུས་སྤེལ། །

ལི་ཡུལ་གྱི་ཆ་བཀྲ་ཤིས་ཆོས་གླིང་སྐྱོང་བའི་ལྷ་རྣམས་ལ་འདོད་གསོལ་མཆོད་ཕྲེང་།


SPN003_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཨཱཿཧཱུྃ། ཞེས་འབྲུ་གསུམ་གྱིས་མཆོད་རྫས་བྱིན་བརླབས་ལ། ཀྱཻ། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད། །དག་པ་ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས། །དངོས་ཀུན་སྣང་བ་སྣ་ཚོགས་རྟེན་འབྲེལ་གྱི། །སྒྱུ་མ་ཙམ་དུ་རང་རིག་གསལ་བའི་ངང་། །ཚུལ་ཁྲིམས་རྣམ་དག་དྲི་བསུང་ངད་ལྡང་ཞིང་། །ལྷ་མིའི་འབྱོར་པ་མཆོད་པའི་བྱེ་བྲག་ཚོགས། །འདོད་དགུའི་ལོངས་སྤྱོད་དཔག་མེད་སྤྲིན་ལྟར་གཏིབས། །མཆོག་གསུམ་རྩ་གསུམ་ལྷ་ལ་མཆོད་པ་འབུལ། །ཡུལ་གནས་གཞི་ཡི་ལྷ་ཀླུ་སྡེ་བརྒྱད་སོགས། །མཆོད་འོས་ཀུན་ལ་མཉེས་པའི་དགྱེས་རྫས་འབུལ། །ཕྱི་སྣོད་གཞལ་ཡས་འཇིག་རྟེན་དྲི་མ་བསང་། །བདེ་ལྡན་པདྨོ་བཀོད་ཀྱི་རྣམ་པར་གྱུར། །ནང་བཅུད་སེམས་ཅན་སྒྲིབ་གཉིས་བག་ཆགས་བསང་། །གློ་བུར་འཁྲུལ་རྟོག་མ་ལུས་ཞི་གྱུར་ཅིག །བཀྲ་ཤིས་རབ་དཀར་ཆ་ཤས་ཡོངས་རྫོགས་ཤིང་། །དགེ་ལེགས་བདུད་རྩིའི་འོད་སྣང་


SPN003_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་ཟེར་གྱིས། །སྣོད་བཅུད་ཀུན་ཀྱང་བདེ་སྐྱིད་ལྡན་གྱུར་ཅིག །རྒྱལ་བསྟན་རིན་ཆེན་སྲིད་མཐར་ཁྱབ་ཡུན་གནས། །དེ་འཛིན་ཞབས་བརྟན་དགེ་འདུན་ཐུགས་མཐུན་ཞིང་། །བསླབ་གསུམ་རྣམ་དག་སྐྱེ་དགུའི་བསོད་ནམས་ཞིང་། །མངོན་པར་མཐོ་ཞིང་ཆོས་ཀྱི་ཆབ་སྲིད་བརྟན། །ཕས་རྒོལ་ལས་རྒྱལ་རྟག་ཏུ་བསམ་པའི་དོན། །ནོངས་མེད་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །རྒྱལ་ཁམས་བདེ་དགའི་དཔལ་ལ་དབང་འབྱོར་ཞིང་། །རྣམ་ཀུན་དགེ་ལེགས་རྒྱ་མཚོར་སྤྱོད་པར་ཤོག །ཅེས་སི་ཏུ་པས་བླ་མ་ནོར་བུ་ཆོས་འཕེལ་བཞེད་ངོར་ལི་ཡུལ་གྱི་ཆ་བཀྲ་ཤིས་ཆོས་གླིང་སྐྱོང་བའི་ལྷ་རྣམས་ལ་འདོད་གསོལ་མཆོད་ཕྲེང་དུ་སྤེལ་བ་དགེ། །

འབའ་ལུང་ཡུལ་ལྷའི་བསང་མཆོད།


SPN003_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བསང་མཆོད་ཇི་ལྟར་འོས་པ་འདུ་བར་བྱས་ལ། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབ། ཀྱཻ། སྟོབས་བཅུའི་མངའ་བདག་བདེ་བར་གཤེགས་པ་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས་ཀྱི་མཆོག །རིག་དང་གྲོལ་བའི་སར་གནས་དགེ་འདུན་སྡེ། །བླ་མེད་རིན་ཆེན་རྣམ་གསུམ་བྱིན་རླབས་དང་། །བདག་སོགས་མོས་བློའི་སྟོབས་ཀྱི་དགེ་ཚོགས་ལས། །ཕྱི་ནང་གསང་བའི་དམ་ཚིག་དག་གཙང་ཞིང་། །སྡོམ་པའི་ཚུལ་ཁྲིམས་ལ་སོགས་ཕར་ཕྱིན་དྲུག །ཡོངས་སུ་རྫོགས་པའི་དྲི་བ སུང་ཕུན་ཚོགས་ལྡན། །ཆོས་སྤྱོད་


SPN003_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དང་འཁོར་ལོ་རྣམ་གཉིས་སོགས། །རབ་དཀར་ལྷག་པའི་དགེ་མཚན་སྤྲིན་ཕུང་གཏིབས། །དེ་ལྟའི་ལེགས་པར་བྱས་བའི་རང་གཟུགས་ནི། །ཕྱོགས་དང་ཐ་གྲུར་ཁྱབ་པའི་ཡོན་ཏན་གྱིས། །འཕགས་ཚོགས་དགྱེས་ཤིང་དམ་ཅན་ཐུགས་དམ་བསྐང་། །དཀར་ཕྱོགས་ཀུན་ཀྱང་དགའ་བདེའི་སིམ་པ་བསྐྱེད། །སྣོད་བཅུད་སྣང་ཞིང་སྲིད་པའི་སེམས་ཅན་རྣམས། །མི་མཐུན་ནོངས་པའི་དྲི་མ་བ སང་གྱུར་ཅིག །རྐྱེན་ངན་བར་ཆད་ཐམས་ཅད་ཞི་གྱུར་ཅིག །བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་བཅས། །ཚད་མེད་བཞི་ལ་རྟག་ཏུ་གནས་གྱུར་ཅིག །ཡུལ་གཞི་གནས་བདག་ལྷ་ཡི་དགེ་བསྙེན་ཚོགས། །མཚོ་སྨན་ལ་སོགས་མཆོད་འོས་མགྲོན་རྣམས་ཀྱང་། །རྣམ་དག་ལྷག་པའི་དྲི་བཟང་དང་ལྷན་ཅིག །གཙང་ཞིང་ཡིད་འོང་སྐབས་གསུམ་མཆོད་པའི་རྫས། །འདོད་ཡོན་རྒྱ་མཚོ་འབུལ་བའི་དགེ་གང་དེས། །མཉེས་ཞིང་ཚིམ་ནས་དགའ་མགུ་ཡི་རངས་ལྡན། །དེ་མཐུས་རྒྱལ་བསྟན་བསྲུང་ཞིང་བསྟན་འཛིན་གྱི། །ཞབས་བརྟན་རྣལ་འབྱོར་བསམ་དོན་ཆོས་བཞིན་འགྲུབ། །གཞི་བྱེས་ཀུན་ཏུ་དགེ་བའི་སྡོང་གྲོགས་མཛོད། །ལེགས་ཁ་ཟུངས་ལ་རྒྱལ་ཁ་བཏོད་བ་དང་། །མི་ནོར་ཕྱུགས་གསུམ་ཉེར་འཚེ་ལས་རྒྱལ་ཞིང་། །ལོ་ལེགས་འབྲུ་འཕེལ་ནད་མུག་མཚོན་བསྐལ་ཞི། །ཚེ་དཔལ་ལོངས་སྤྱོད་དབྱར་མཚོ་ལྟ་བུར་རྒྱས། །རྟག་


SPN003_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཀྲ་ཤིས་སྣང་བས་ཁྱབ་གྱུར་ཅིག། ཅེས་པའང་སི་ཏུ་པས་ལྷུན་གྲུབ་སྤྲུལ་སྐུའི་བཞེད་ལྟར་འབའ་ལུང་ཡུལ་ལྷའི་བསང་མཆོད་དུ་སྤེལ་པ་དགེ་བར་གྱུར་ཅིག །

ཡུལ་ལྷ་ཞལ་ད་གཉན་པོའི་བསང་མཆོད།


SPN003_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨཱ་ཀ་ར་ཡ། འདིར་ཡུལ་ལྷ་ཞལ་ད་གཉན་པོའི་བསང་མཆོད་སྤྲོ་བར་འདོད་ན། གཙང་ཞིང་བཟང་བའི་མཆོད་རྫས་འདུ་བར་བྱས་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ལས་བསང་ཁང་རིན་ཆེན་ལས་གྲུབ་པར། །བདུག་སྤོས་སྣ་ཚོགས་དྲི་བསུང་ངད་ལྡང་ཞིང་། །གཞན་ཡང་ལྷ་མིའི་འབྱོར་བ་མཐའ་ཡས་པ། །མཆོད་པའི་བྱེ་བྲག་ནམ་མཁའ་གང་བར་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ་དང་། རང་ཉིད་རྡོ་རྗེ་དྲག་རྩལ་གསལ་བ་ཡི། །ཐུགས་ལས་འོད་འཕྲོས་མཆོད་ཡུལ་སྤྱན་དྲངས་གྱུར། །ཀྱེ། སྔོན་ཚེ་མཚོ་སྐྱེས་རྡོ་རྗེ་ཐོད་ཕྲེང་རྩལ། །བཀའ་བརྒྱུད་བླ་མ་རྣམས་ཀྱི་སྤྱན་སྔ་རུ། །དམ་བཞག་དབང་བསྐུར་ཐ་ཚིག་ཡལ་གམ་ཅན། །ལྷ་ཡི་དགེ་བསྙེན་རྩེ་རྒྱལ་ཞལ་ད་གཉན། །སྦས་པའི་ཡུལ་ལྗོངས་བྱང་གི་ཨ་ཏ་རོང་། །གནས་ཤིང་སྐྱོང་བའི་དཀར་ཕྱོགས་སྡེ་དཔོན་ཆེ། །ཕྱི་ལྟར་རིན་ཆེན་མར་གད་ལྷུན་པོ་ལ། །ནང་ལྟར་བཀོད་ལེགས་ལྷ་ཡི་ཕོ་བྲང་མཛེས། །གསང་བ་རང་བཞིན་རྣམ་དག་དཀྱིལ་འཁོར་ཤར། །ངོ་མཚར་རྨད་དུ་བྱུང་བའི་བསྟི་གནས་ཀྱི། །ཡུལ་གཞིའི་བདག་པོ་བཙུན་མོ་སྲས་འཁོར་བཅས། །ཁྱེད་རྣམས་


SPN003_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་མཛད་སྨན་སྤོས་དུད་པའི་སྤྲིན། །རྒྱ་མཚོའི་གོས་ཅན་ཁྱབ་པར་གཡོ་བ་ཡི། །དབང་གཞུའི་ཁ་དོག་ཟེར་མའི་ཆ་ཤས་ལས། །བཀྲ་ཤིས་རྫས་རྟགས་འདོད་ཡོན་རྒྱལ་སྲིད་བདུན། །ལྷ་ཀླུ་མི་ཡི་ལོངས་སྤྱོད་མི་ཟད་པ། །འདོད་དགུ་ཡིད་བཞིན་སོ་སོར་འཕྲོ་བ་དང་། །ནམ་མཁའ་མདའ་འཕང་ལྗང་བུ་འཕེན་བཟང་ལྡན། །དཀར་གསུམ་མངར་གསུམ་འབྲུ་སྣ་བ་ལིང་ཏ། །ཕྱེ་མར་ཇ་ཕུད་ཛ་གད་རིན་ཆེན་སྐྱེམས། །སྲ་བརྟན་གོ་ཆ་མཚོན་དང་དར་སྣ་ཚོགས། །སྟག་གཟིག་དཀོར་ཆས་བསམ་ལས་འདས་པ་དང་། །འདབ་ལྡན་ཅང་ཤེས་ཙ་ར་ཤེལ་སྒོང་སོགས། །འཕུར་ལྡིང་རྐང་འགྲོ་རྣམ་པ་མང་པོ་བཅས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ་བར་བགྱི། །ཟག་མེད་བདེ་བ་ཆེན་པོའི་ངང་དུ་རོལ། །བསང་གི་སྤོས་སྤྲིན་དྲ་བའི་འོད་ཟེར་འདིས། །ཉམས་ཤིང་རྨུགས་པའི་གྲིབ་ཀུན་སངས་གྱུར་ཅིག །ཐུགས་འགལ་ཉེས་རྣམས་བྱང་ཞིང་དག་ཚངས་སྩོལ། །རང་ཕྱོགས་བསྲུང་ཞིང་ཕས་རྒོལ་འཇོམས་པའི་ལྷ། །མཆོད་དོ་བསྟོད་དོ་བརྔན་ནོ་མངའ་གསོལ་ལོ། །རྒྱལ་བའི་བསྟན་སྲུང་བསྟན་འཛིན་ཕྲིན་ལས་སྤེལ། །དགེ་འདུན་སྡེ་སྐྱོངས་བདག་ཅག་གཞི་བྱེས་ལ། །སྲུང་སྐྱོབ་རྟག་པར་འགོ་ཞིང་སྡོང་གྲོགས་དང་། །ཕོ་ལྷ་དགྲ་བླ་མ་ལྷ་བུ་རྫིར་མཛོད། །ཡུལ་ཕྱོགས་འདི་རུ་ཆར་ཆུ་དུས་འབེབས་ཤིང་། །ལོ་ལེགས་འབྲུ་འཕེལ་སྐྱེ་དགུ་བདེ་སྐྱིད་ལྡན། །ནད་མུག་མཚོན་བསྐལ་ཞི་བའི་ཕྲིན་ལས་མཛོད། །མདོར་ན་རྣལ་འབྱོར་བསམ་དོན་མ་ལུས་པ། །ཐོགས་མེད་


SPN003_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྩོལ། །གཙྪས་རང་གནས་གཤེགས་པར་བྱའོ། །ཞེས་པའང་སི་ཏུ་པདྨ་ཉིན་བྱེད་དབང་པོས་གཙུག་ལག་ཟུང་གི་མཁྱེན་སྟོབས་དང་ལྡན་པ་གཉེར་མགོན་བརྟན་བཞེད་ངོར་སྤེལ་བ་དགེ །

ཆོས་ལྡན་གྱི་བཞེད་ངོར།


SPN003_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ལྷར་གསལ་ཐུགས་ཀ་ནས། །འོད་འཕྲོས་གནས་བདག་དགེ་བསྙེན་ཆེ། །འཁོར་བཅས་སྤྱན་དྲངས་གཤེགས་སུ་གསོལ། །བསང་མཆོད་འདོད་དགུའི་རྒྱ་མཚོར་སྤེལ། །ཨ་ཀཱ་རོས་བྱིན་བརླབས། ཀྱཻ། སྔོན་ཚེ་ཀུན་བཟང་ཐོད་ཕྲེང་རྩལ། །བར་དུ་ཧཱུྃ་མཛད་ཐུགས་གཏེར་འཛིན། །དེང་འདིར་བཀའ་བབས་བརྒྱུད་བཅས་ཀྱི། །སྤྱན་སྔར་ཞལ་བཞེས་ཐ་ཚིག་ཅན། །རྡོ་རྗེ་ལྕང་ཕུག་ཤེལ་བྲག་དཀར། །སྲ་མཁྲེགས་ཕ་ལམ་གཞལ་ཡས་ནས། །གནས་བདག་ལྷ་ཡི་དགེ་བསྙེན་ཆེ། །རྡོ་རྗེ་འབར་བ་དགྱེས་སྡེ་སྲས། །བློན་འཁོར་དཔུང་གི་ཚོགས་བཅས་ལ། །བསང་མཆོད་ལྷོ་སྤྲིན་གཏིབས་པ་ཡི། །ཟེར་མའི་ཆ་ལ་བཀྲ་ཤིས་རྫས། །རྒྱལ་སྲིད་འདོད་ཡོན་ལ་སོགས་དང་། །སྤྱན་གཟིགས་དཀོར་ཆས་ལྷ་ཀླུ་མིའི། །དཔལ་དང་འབྱོར་པ་མ་ཚང་མེད། །གང་འདོད་ཆར་བཞིན་འབེབས་པ་དང་། །ཕྱེ་མར་ཇ་ཆང་གསེར་སྐྱེམས་དང་། །རིན་ཆེན་འབྲུ་སྨན་ལ་སོགས་པས། །མཆོད་དོ་ཟབ་གཏེར་ཆོས་སྐྱོང་བའི། །ཟོ་དོར་འཁོར་དང་བཅས་པ་རྣམས། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །ཐུགས་འགལ་དག་ཚངས་སྩལ་བ་དང་། །མཐུ་སྟོབས་རྫུ་འཕྲུལ་ལྡན་རྣམས་བསྟོད། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་སྲུང་བསྟན་འཛིན་རྣམས། །དབུ་འཕང་བསྟོད་ཅིང་དགེ་འདུན་སྡེ། །འཕེལ་ཞིང་རྣལ་འབྱོར་འདོད་པའི་དོན། །ཡིད་བཞིན་


SPN003_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་མེད་འགྲུབ་པ་དང་། །གཞི་བྱེས་འགོ་ཞིང་སྲུང་སྐྱོབ་མཛོད། །དོན་གཉིས་མཐའ་རུ་ཕྱིན་པ་དང་། །བཀྲ་ཤིས་རྟག་བརྟན་དངོས་གྲུབ་སྩོལ། །གཙྪས་གཤེགས་པར་བྱའོ། །ཞེས་སི་ཏུ་པས་ཆོས་ལྡན་གྱི་བཞེད་ངོར་སྤེལ། །

བླ་མ་དཔལ་ལྡན་གྱི་ངོར།


SPN003_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཀཱ་རོས་བསང་རྫས་བྱིན་བརླབས། རིན་ཆེན་སྣོད་མཆོག་ཡངས་ཤིང་རྒྱ་ཆེའི་ནང་། །འབྲུ་གསུམ་འོད་ཞུ་བསང་རྫས་ཟག་མེད་ཀྱི། །བདུད་རྩིའི་རང་བཞིན་ནམ་མཁའི་མཐར་ཁྱབ་པ། །བདེ་ཆེན་ཡེ་ཤེས་སྐྱེད་བྱེད་མཆོད་སྤྲིན་གྱུར། །ཀྱཻ། སྔོན་ཚེ་རིག་འཛིན་ཐོད་ཕྲེང་རྩལ། །དབྱེར་མེད་གྲུབ་ཆེན་པཀྴི་ཡི། །བཀའ་སྲུང་དགེ་བསྙེན་རྡོ་རྗེ་རྒྱལ། །ཡབ་ཡུམ་སྲས་འཁོར་མང་པོ་བཅས། །གཞན་ཡང་ཁྲ་ཤོད་སྤོམ་བྲག་དང་། །རྒྱལ་བ་ཐོད་དཀར་ལ་སོགས་པ། །དམ་ཚིག་ཅན་གྱི་གནས་ཡུལ་བདག །ཀུན་ཀྱང་འདིར་བྱོན་བསང་མཆོད་བཞེས། །དངོས་འབྱོར་སྤྲུལ་པའི་ལྷ་རྫས་ཀྱི། །མཆོད་ཚོགས་དཔག་མེད་ཡིད་འོང་བ། །སོ་སོར་མོས་པའི་ཉེར་སྤྱོད་རྣམས། །འབུལ་བཞེས་དགྱེས་བསྐང་ཉམས་གྱུར་བཤགས། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད། །ཡུལ་ཕྱོགས་འདིར་གནས་སྐྱོང་བ་དང་། །སྲུང་ཞིང་ཁ་འཛིན་རྒྱབ་བརྟེན་དང་། །ལོ་ལེགས་འབྲུ་འཕེལ་རྩྭ་རྒྱས་ཞིང་། །སད་སེར་གནོད་པ་བཟློག་


SPN003_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསོལ། །ཕོག་ཐུག་ཉེས་པ་བྱང་པ་དང་། །མི་གཙང་མནོལ་བ་སངས་གྱུར་ཅིག །གནས་སྐབས་དགེ་ཞིང་འདོད་པའི་དོན། །འབད་མེད་འགྲུབ་པའི་བཀྲ་ཤིས་སྩོལ། །གཙྪས་རང་གནས་གཤེགས། བླ་མ་དཔལ་ལྡན་གྱི་ངོར་སྤེལ་བ་དགེ། །

དབུ་མཛད་རིན་ཆེན་ངོར།


SPN003_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏས་བསངས།སྭ་བྷཱ་ཝས་སྦྱངས། སྟོང་ལས་བསང་ཁང་རིན་པོ་ཆེའི། །སྣོད་མཆོག་ཡངས་པར་ལྷ་དང་མིའི། །ལོངས་སྤྱོད་མཆོད་པའི་དངོས་པོ་རྣམས། །ཟག་མེད་བདེ་སྐྱེད་ཉིད་དུ་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ་གྱིས་བྱིན་བརླབས་ལ། ཀྱཻ། སྔོན་ཚེ་རྒྱལ་བས་བྱིན་བརླབས་པའི། །གནས་མཆོག་སྦས་ཡུལ་ཚ་བའི་རོང་། །ས་འཛིན་ཆེན་པོ་སྐྱོང་བ་ཡི། །ཟོ་དོར་གཉན་དང་དགེ་བསྙེན་ཚོགས། །བརྟན་མ་ལྷ་ཀླུ་ཡུལ་གཞིའི་བདག །ཀུན་ཀྱང་སྔོན་གྱི་ཞལ་བཞེས་ལྟར། །དམ་ཚིག་དབང་གིས་གནས་འདིར་བྱོན། །བདུག་སྤོས་དྲི་བསུང་ཚར་དངར་བའི། །མཆོད་པའི་སྤྲིན་ལས་བཀྲ་ཤིས་བརྒྱད། །རྒྱལ་སྲིད་འདོད་ཡོན་དཀོར་ནོར་དབྱིག །འཕུར་དགུ་འཛུལ་བཅུ་རྐང་འགྲོས་ཚོགས། །ལྷ་ལས་ལྷག་པའི་ལོངས་སྤྱོད་རྣམས། །འབུལ་བཞེས་དགྱེས་ཞིང་ཚིམ་གྱུར་ཅིག །མཐུ་རྩལ་སྟོབས་ལྡན་ཕས་རྒོལ་གཞོམ། །བཙན་པོའི་གོ་


SPN003_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བགོས་དཔའ་རྔམ་ཅན། །དཔུང་ཚོགས་དྲག་གཏུམ་འབར་བ་རྣམས། །བསྟོད་དོ་བསང་ངོ་མངའ་གསོལ་ལོ། །དབང་ཆེན་པདྨ་ཐོད་ཕྲེང་སོགས། །རྩ་བརྒྱུད་བླ་མས་བཀའ་བསྒོས་ལྟར། །རང་དམ་རང་གིས་མ་བཀྲལ་བར། །སངས་རྒྱས་བསྟན་སྐྱོང་རྣལ་འབྱོར་སྲུངས། །སྐྱེ་དགུ་བདེ་སྐྱིད་དཔལ་འབྱོར་ལྡན། །ཆར་ཆུ་དུས་འབེབས་འབྲུ་འཕེལ་ཞིང་། །ནད་ཡམས་འཁྲུགས་ཞི་རྣམ་ཀུན་ཏུ། །དགའ་བདེས་རྟག་པར་འཚོ་འགྱུར་ཞིང་། །ཕུན་ཚོགས་ལྡན་པའི་བཀྲ་ཤིས་མཛོད། །ཅེས་པའང་དབུ་མཛད་རིན་ཆེན་ངོར་སྤེལ་བ་དགེ། །

སྨུག་པོའི་གནས་ཀྱི་བསང་མཆོད།


SPN003_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སྨུག་པོའི་གནས་ཀྱི་བསང་མཆོད་བཞུགས། ༀ་སྭ་སྟི། འདིར་ལི་ཡུལ་ལྕང་ར་སྨུག་པོའི་གནས་ཞིང་སྐྱོང་བ་ཆེན་མོའི་བསང་མཆོད་སྤྲོ་ན། འདི་ཉིད་ཁོ་ན་བཏོན་པའི་ཚེ་སྐྱབས་སེམས་དང་ཡི་དམ་གྱི་བདག་བསྐྱེད་མོས་པ་ལམ་བྱེད་ཙམ་སྔོན་དུ་བཏང་ནས། དཀར་གསུམ་མངར་གསུམ་གྱིས་སྦགས་པའི་དཀར་བཤོས་དར་སྣས་བརྒྱན་པ་དང་། ཕྱེ་མར། འབྲུ་སྣ། ཇ་ཆང་། འོ་ཕུད་ལ་རིན་ཆེན་ཕྱེ་མ་བཏབ་པ་དང་། བསང་ཁང་ཟླུམ་པོ་ལ་བདུག་སྤོས་ཀྱི་རིགས་དྲི་བསུང་སྣ་ཚོགས་ཚར་དུ་དངར་བ་གཙང་ཞིང་རྒྱ་ཆེ་བ་འདུ་བྱས་པར་བཤམས་ལ། ༀ་བཛྲ་ཨ་མྲྀ་ཏས་བསངས།སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དྷཱི་ལས་བསང་ཁང་ཡིད་དུ་འོང་བ་དང་། བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་སྣོད་


SPN003_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ་ༀ་ཨཱཿཧཱུྃ་ལས་བྱུང་བའི་མཆོད་རྫས་རྣམས་ཁ་དོག་དྲི་རོ་རེག་བྱ་ནུས་པ་ཕུན་སུམ་ཚོགས་པའི་རང་བཞིན་ཅན་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ནམ་མཁའི་མཛོད་དུ་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ཞེས་ལན་གསུམ་གྱིས་བྱིན་བརླབས་ནས། ཧཱུྃ་ཧྲཱིཿ བདེ་ཆེན་ཡེ་ཤེས་འཁོར་ལོ་ཆེན་པོ་རུ། །དངོས་སྣང་དྲྭ་བ་སྡོམ་པ་བཅོམ་ལྡན་ཡབ། །ལྷན་སྐྱེས་ཡུམ་བཅས་དཔའ་བོ་རྣལ་འབྱོར་མ། །དགྱེས་རོལ་ཐར་པ་ཆེན་པོའི་ཞིང་གི་མཆོག །སྐྱོང་མཛད་སྣ་ཚོགས་སྒྱུ་འཕྲུལ་ཚུལ་ཤར་བས། །གནས་དང་ཉེ་བའི་གནས་སུ་གང་འདུལ་གྱི། །སྐུར་སྟོན་མི་ལས་འདས་པའི་གཟུགས་ཅན་མ། །མཚར་སྡུག་ཡིད་འོང་ཌཱ་ཀི་དཔའ་མོའི་ཚོགས། །གཙོ་དང་འཁོར་རྣམས་འཇིག་རྟེན་སྐྱོང་བའི་གཟུགས། །གྲངས་མེད་ཀྱིས་བསྐོར་སྔོན་ཚེ་དཔལ་ཆེན་པོ། །ཧེ་རུ་ཀ་ཡི་བྲན་དུ་དམ་བཅས་བཞིན། །དམ་ཚིག་རྗེས་དགོངས་འདིར་སྤྱོན་ས་མཱ་ཛཿ ཞེས་སྤྱན་དྲངས་ལ། ཡིད་སྤྲུལ་རྣམ་མང་རིན་ཆེན་ཁང་བཟང་དབུས། །དམ་ཚིག་བརྟེན་པའི་རྫས་ལ་བག་ཕོབ་ལ། །འཇམ་མཉེན་པདྨ་སྤུངས་པའི་གདན་བཞུགས་ཏེ། །རིག་འཛིན་རྒྱལ་བ་རྣམས་ཀྱིས་དབང་བསྐུར་བའི། །རྡོ་རྗེའི་ཐ་ཚིག་གཉེན་པོ་དྲན་མཛོད་ལ། །ཁམས་ཀྱི་རགས་པའི་ཟས་ཀྱི་སྲེད་བྲལ་ཡང་། །


SPN003_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མོས་དང་དད་པས་ལེགས་སྦྱར་བཟའ་བཅའ་དང་། །བཏུང་བའི་ཚོགས་རྣམས་ཟག་མེད་བདེ་བ་ཆེའི། །ཡེ་ཤེས་བདུད་རྩི་ཆེན་པོར་བྱིན་བརླབས་ནས། །དང་བས་འབུལ་བཞེས་གང་གི་སྐུ་གསུང་ཐུགས། །དགྱེས་བསྐྱེད་རྣམ་མང་འདོད་རྒུ་ཀུན་བཟང་གི། །སྨོན་ལམ་ལས་བྱུང་མཆོད་སྤྲིན་ནམ་མཁའ་ཡི། །མཐའ་ཀླས་རྒྱས་པར་འགེངས་པ་ཇི་སྙེད་དང་། །ཁྱད་པར་དཀར་མངར་ཁ་ཟས་བཟང་རྒུ་ཡིས། །སྦགས་པའི་བཤོས་བུ་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་སྐྱེ་མཆེད་ཉེར་སྤྱོད་རྣམ་པ་ལྔ། །བཀྲ་ཤིས་རྫས་རྟགས་སྤྱན་གཟིགས་དཀོར་ཆ་སོགས། །ཕྱེ་མར་ཇ་ཆང་གསེར་སྐྱེམས་བདུད་རྩིའི་མཚོ། །གང་གི་ལྗགས་ཀྱི་པདྨར་རྗེས་མཐུན་དུ། །འབུལ་གྱི་དགྱེས་རོལ་ལས་བཞིའི་ཕྲིན་ལས་སྒྲུབས། །དམ་ཚིག་སྡོམ་པ་མ་སྨིན་དྲི་བསུང་གིས། །ངོ་བོ་ཡུམ་ལྔའི་རྣམ་འཕྲུལ་བཟང་ཤིང་ཚོགས། །ཡེ་ཤེས་ཞུགས་ལྕེས་སྦར་བའི་དུད་སྤྲིན་གྱིས། །ལྷ་སྲུང་གྲིབ་ཀྱིས་གོས་པ་བསང་གྱུར་ཅིག །ལྷ་ཞལ་རི་བོང་འཛིན་ལས་དཀར་བ་ཡི། །ལྷ་ཡི་འཛུམ་འོད་ཟེར་ཕྲེང་སྤྲོ་བར་མཛོད། །ཕྱི་ལྟར་འཇིག་རྟེན་དབང་ཕྱུག་ཕོ་བྲང་སྟེ། །ནང་དུ་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་དངོས། །གསང་བ་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་མཆོག །རྡོ་རྗེ་གནས་ཀྱི་སྲུང་མ་ཆེན་མོར་བསྟོད། །དེ་ལྟར་


SPN003_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བསྟོད་ཐུགས་དམ་བསྐུལ་བའི་མཐུས། །བྱམས་པའི་ཐུགས་ཀྱིས་བརྩེ་བར་རྗེས་དགོངས་ལ། །བསྟན་དང་འགྲོ་ལ་ཕན་བདེའི་དཔྱིད་འགྱུར་པའི། །ཕྲིན་ལས་གང་བཅོལ་ཐོགས་མེད་འགྲུབ་པར་མཛོད། །ཁྱད་པར་དཔལ་ཆེན་ཙཀྲ་སམྦ་རའི། །བསྐྱེད་རྫོགས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཆེའི། །བརྒྱུད་འཛིན་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི། །བསྟན་པ་རིན་ཆེན་སྤེལ་པའི་ལས་མཛོད་ཅིག །སྒྲུབ་མཆོག་བསམ་དོན་ཆོས་བཞིན་ཡོངས་འགྲུབ་ཅིང་། །ཚེ་རིང་ནད་མེད་དཔལ་འབྱོར་ཡེ་ཤེས་རྒྱས། །འཇིག་རྟེན་བདེ་ཞིང་ནད་མུག་འཁྲུགས་རྩོད་ཞི། །རྫོགས་ལྡན་དུས་བཞིན་བསྐལ་པ་བཟང་སྤྱོད་པའི། །ཕྲིན་ལས་རབ་འབྱམས་ཡིད་བཞིན་འགྲུབ་པ་དང་། །དེང་འདིར་གཉིས་འཛིན་འཁྲུལ་པས་བསླད་པ་ཡི། །མཆོད་རྫས་མི་གཙང་ཏིང་འཛིན་མ་གསལ་སོགས། །ནོངས་པ་གང་མཆིས་བཟོད་པར་གསོལ་ནས་ཀྱང་། །འཇིག་རྟེན་འཇིག་རྟེན་ལས་འདས་དགེ་ལེགས་ཚོགས། །གོང་དུ་འཕེལ་ཞིང་རབ་རྒྱས་བཀྲ་ཤིས་ཤོག །ཅེས་བརྗོད། བཛྲ་མཱུཿ གཤེགས་སུ་གསོལ། ཞེས་པའང་སི་ཏུ་པདྨ་ཉིན་བྱེད་དབང་པོས། དྲུང་པ་སྤྲུལ་པའི་སྐུ་ཀརྨ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་བཞེད་ངོར་སྤེལ་བ་དགེ །

ལྗང་ཡུལ་ཡ་ཀྲེ་མ་ཀྭ་སོགས་དགེ་བའི་སེམས་ལྡན་རྣམས་ཀྱི་ངོར།


SPN003_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་བསང་མཆོད་མགྲོན་དུ་འོས་པ་ཡི། །སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ། །ཁས་བླངས་དཀར་ཕྱོགས་སྐྱོང་བའི་མཐུ་རྩལ་ཅན། །སོ་སོ་རང་རང་གནས་ནས་འདིར་སྤྱོན་ལ། །དགྱེས་དགུའི་མཆོད་སྤྲིན་རྒྱ་མཚོ་དཔག་ཏུ་མེད། །སྤྱན་གཟིགས་དཀོར་ཆས་འདོད་ཡོན་རྣམ་པ་ལྔ། །སྣ་ཚོགས་བློ་ཡིས་བླངས་ཏེ་མཆོད་པ་འབུལ། །ཟག་མེད་བདེ་བ་ཆེན་པོར་ཚིམ་གྱུར་ཅིག །དམ་ཚིག་ལྡན་པའི་བཀའ་ཉན་བསྟན་སྐྱོང་བ། །བདུད་སྡེའི་དཔུང་གཞོམ་ལྷ་སྲུང་རྣམས་ལ་བསྟོད། །དེ་ལྟར་གསོལ་དང་མཆོད་པ་ལ་བརྟེན་ནས། །རྒྱལ་བསྟན་དྲི་མེད་ངེས་དོན་སྙིང་པོ་ཡི། །རིང་ལུགས་ཕྱོགས་བཅུར་སྤེལ་ཞིང་རྒྱས་པ་དང་། །དེ་འཛིན་སྐྱེས་བུའི་འགྲོ་དོན་ཕྲིན་ལས་སོགས། །རབ་འཕེལ་ཡུལ་རིས་ས་ཕྱོགས་འདི་ཉིད་དུ། །ཆར་ཆུ་དུས་བབས་ལོ་ཕྱུགས་རྟག་ཏུ་ལེགས། །ནད་དང་མཚོན་བསྐལ་ལ་སོགས་མི་མཐུན་ཞི། །སྐྱེ་དགུ་བདེ་ལ་གཞོལ་ཞིང་རྟག་པ་རུ། །རྫོགས་ལྡན་དུས་བཞིན་དཔལ་འབྱོར་གོང་འཕེལ་ནས། །ཆོས་མཐུན་བསམ་པ་འགྲུབ་པའི་ཕྲིན་ལས་མཛོད། །བདག་ཅག་མ་རིག་འཁྲུལ་པས་བསླད་པ་ཡི། །ཐུགས་འགལ་ཉེས་ཚོགས་མ་ལུས་མཐོལ་ཞིང་བཤགས། །དཀར་ཕྱོགས་ལྷ་དང་སྲུང་མའི་བཀྲ་ཤིས་གཡང་། །དེང་འདིར་རྟག་ཏུ་བདེ་ལེགས་ལྡན་གྱུར་ཅིག །ཅེས་པའང་ལྗང་ཡུལ་ཡ་ཀྲེ་མ་ཀྭ་སོགས་དགེ་བའི་སེམས་ལྡན་རྣམས་ཀྱི་ངོར་སི་ཏུས་སྨྲས་པ་སརྦ་མངྒ་ལམ། །

ཡུལ་ལྷ་ཁམས་གསུམ་དབང་ཕྱུག་ལ་བསང་མཆོད།


SPN003_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཡུལ་ལྷ་ཁམས་གསུམ་དབང་ཕྱུག་ལ་བསང་མཆོད་བྱེད་པར་སྤྲོ་ན། ཨ་ཀཱ་རོས་བྱིན་བརླབས་ནས། བསང་མཆོད་འདོད་པའི་ཡོན་ཏན་གཙང་ཞིང་ཡིད་འོང་དང་ལྡན་པར་གྱུར། ཀྱཻ། སྔོན་ཚེ་རྒྱལ་དབང་པདྨས་བྱིན་བརླབས་པའི། །གྲུབ་པའི་གནས་མཆོག་སྲུང་མར་དམ་བཅས་ཤིང་། །བསྟན་འཛིན་སྐྱོང་དང་སྐྱེ་དགུའི་ལེགས་སྩོལ་བའི། །ཁམས་གསུམ་དབང་ཕྱུག་འཁོར་དང་བཅས་པ་ཀུན། །སྤྱན་དྲངས་བཞུགས་གསོལ་བསང་མཆོད་བདུག་པའི་སྤྲིན། །འདོད་ཡོན་རྒྱལ་སྲིད་དཀོར་ཆས་མཆོད་པའི་ཚོགས། །སོ་སོར་མཐུན་པའི་དངོས་འབྱོར་ཡིད་སྤྲུལ་རྣམས། །ནམ་མཁའ་གང་བར་འབུལ་གྱི་བཞེས་སུ་གསོལ། །དཀར་ཕྱོགས་སྐྱོང་བའི་བསྟན་སྲུང་མཐུ་རྩལ་ཅན། །མ་ལུས་འཁོར་དང་བཅས་ཀུན་བསྟོད་པར་བགྱི། །མ་རིག་གཉིས་འཛིན་འཁྲུལ་པའི་དབང་གྱུར་པས། །ཐུགས་འགལ་ཉེས་ཚོགས་བྱང་དག་ཚངས་པར་སྩོལ། །རྒྱལ་བསྟན་སྲུང་དང་རྣལ་འབྱོར་མཐུན་རྐྱེན་སྒྲུབས། །གང་བཅོལ་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད། །རང་


SPN003_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རང་གནས་གཤེགས་སླར་ཡང་བྱོན་པ་དང་། །བཀྲ་ཤིས་དཔལ་གྱི་སྣང་བས་ཁྱབ་གྱུར་ཅིག །ཅེས་བསོད་ཚེའི་ངོར་བྲིས་པའོ། །

ཀརྨ་རྣམ་རོལ་ངོར།


SPN003_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གདན་མཆོག་ཀརྨ་ཡི། །གནས་མཆོག་འདི་རུ་ུས་འཛིན་བདག །དགེ་བསྙེན་ཆེན་པོ་འཁོར་བཅས་ལ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཉེར་སྤྱོད་དཀོར་ནོར་འཛམ་གླིང་གི། །ཡུལ་གྲུ་སོ་སོའི་ལོངས་སྤྱོད་བཅས། །འབུལ་ལོ་བཞེས་ལ་ཀརྨ་པའི། །བསྟན་སྲུང་ཕས་རྒོལ་གཞོམ་པ་དང་། །ལུས་མེད་རྒྱུད་བསྐུལ་བསླུ་ཆོས་མཁན། །སངས་རྒྱས་བསྟན་ལ་དམའ་འབེབས་རྣམས། །སྐད་ཅིག་ཐལ་བར་བརླག་པ་དང་། །མིང་རུས་ཙམ་ཡང་མེད་པར་མཛོད། །དུས་ཀུན་དག་པའི་ཡུལ་ལྗོངས་འདིར། །སྐྱེ་དགུའི་དཔལ་འབྱོར་རབ་རྒྱས་ཤིང་། །བསྟན་འཛིན་ཞབས་བརྟན་འདུས་སྡེ་རྒྱས། །བདེ་ལེགས་ཆར་ཆེན་སྤེལ་བར་མཛོད། །ཅེས་ཀརྨ་རྣམ་རོལ་ངོར་སྤེལ། །

དར་རྒྱས་ནས་བསྐུལ་ངོར།


SPN003_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། ཡུལ་ལྷ་འཛི་རྒྱལ་དགའ་བྲོ་ལ། །དགྱེས་དགུའི་མཆོད་འབུལ་བཞེས་སུ་གསོལ། །ནོངས་པའི་ཚོགས་ཀུན་དག་ཚངས་སྩོལ། །གང་བཅོལ་ལས་ཀུན་འགྲུབ་པར་མཛོད། །ཅེས་དར་རྒྱས་ནས་བསྐུལ་བཞིན་སྤེལ། །

བསང་མཆོད་ཀྱི་རིམ་པ་འདོད་དོན་ལྷུན་གྲུབ།


SPN003_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བསང་མཆོད་ཀྱི་རིམ་པ་འདོད་དོན་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །


SPN003_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བཛྲ་སྥ་ར་ཎ་ཁཾ། དངོས་དང་ཡིད་སྤྲུལ་རྒྱ་མཚོས་དྲངས་པའི་བསང་མཆོད་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་རྒྱ་ཆེན་རྒྱུན་མི་ཆད་པར་གྱུར། རང་ཉིད་ལྷར་གསལ་བའི་ཐུགས་ལས་འོད་འཕྲོས། གནས་བདག་ཡུལ་ལྷ་དགེ་བསྙེན་ལ་སོགས་པ་བསང་མགྲོན་གྱི་ཚོགས་རྣམས་གཤེགས་པར་གྱུར། །ཀྱཻ། ཛམ་གླིང་གངས་ཅན་བསིལ་ལྡན་གྱི། །ས་འཛིན་ཕྲེང་བས་བསྐོར་བའི་ཞིང་། །སྔོན་ཚེ་རྒྱལ་བས་བྱིན་བརླབས་གནས། །ད་ལྟ་གཙུག་ལག་ཆོས་འཁོར་གྱི། །བཀའ་སྲུང་ཡུལ་ལྷ་དཀར་ཕྱོགས་སྐྱོང་། །ཡོངས་ཀྱི་སྡེ་དཔོན་དམ་ཚིག་ཅན། །གོ་ཆེ་སྐྱིད་དགེ་གཉན་པོ་དང་། །ཕྱོགས་བཞིའི་བཀའ་ཉན་ལྷ་ཆེན་བཞི། །ལ་བཞི་ལུང་བརྒྱད་ལ་སོགས་པར། །གཞི་བདག་གཉུག་མར་གནས་པ་ཡི། །མཆོད་འོས་མགྲོན་རྣམས་ཐམས་ཅད་ལ། །སོ་སོར་དགྱེས་པའི་བསང་མཆོད་ཀྱི། །དུད་པའི་སྤྲིན་ཕུང་ཟེགས་མ་ལས། །འདོད་ཡོན་ཡིད་འོང་དཔག་མེད་པ། །ནམ་མཁའ་མཛོད་ཀྱི་རང་བཞིན་ཅན། །འབུལ་བཞེས་དགྱེས་པར་རོལ་པར་མཛོད། །སྤྱན་གཟིགས་དཀོར་ཆ་གཟུགས་འགྲོས་སོགས། །ཕྱི་ནང་མཆོད་པ་བླ་མེད་ཀྱི། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །ཉམས་གྱུར་ནོངས་པ་ཅི་མཆིས་པ། །མཐོལ་བཤགས་བཟོད་གསོལ་དག་ཚངས་སྩོལ། །མཐུ་རྩལ་


SPN003_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མེད་རྫུ་འཕྲུལ་ཅན། །ཕྲིན་ལས་སྣ་ཚོགས་ཅིར་ཡང་སྒྱུར། །བསྔགས་འོས་ཀུན་ཀྱང་བསྟོད་པར་བགྱི། །སྔོན་ཚེ་ཨོ་རྒྱན་ཆེན་པོ་དང་། །སྒྲུབ་བརྒྱུད་བླ་མའི་རྡོ་རྗེའི་བཀའ། །དམ་ཚིག་གཉན་པོ་དྲན་བཞིན་དུ། །ཡལ་གམ་མ་འདས་ས་མ་ཡ། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །ཡུལ་ལྗོངས་ས་ཕྱོགས་འདི་ཉིད་དུ། །ངེས་དོན་བསྟན་པའི་རིང་ལུགས་མཆོག །ཉམས་མེད་དར་ཞིང་རྒྱས་པ་དང་། །ཆོས་མཐུན་བསྟན་འཛིན་དགེ་འདུན་སྡེ། །འཁོར་ལོ་གཉིས་ཀྱི་ཡོན་ཏན་རྒྱས། །ཉེར་འཚེ་གཟུགས་ཅན་གཟུགས་མེད་ཀྱི། །དམ་སྲིའི་རྒྱུད་བསྐུལ་བྱེད་པ་རྣམས། །ཚར་གཅོད་རྗེས་འཛིན་ཕྲིན་ལས་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །ཉིན་མཚན་རྟག་པར་སྐྱོང་བ་དང་། །བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན། །འདི་དང་གཏན་འདུན་ཡོངས་ཀྱི་གཙོ། །བསྟན་པའི་ཞབས་ཏོག་སྤེལ་ནུས་པའི། །སྣང་སྲིད་དབང་བསྒྱུར་སྟོངས་གྲོགས་མཛོད། །སྐྱེ་དགུ་མ་ལུས་ཐམས་ཅད་ཀྱང་། །རྟག་པར་བྱམས་པའི་སེམས་ལྡན་ཞིང་། །ཀུན་ཀྱང་བདེ་ལྡན་ཡོངས་གྲུབ་པའི། །བཀྲ་ཤིས་ཀུན་ཁྱབ་འོད་སྟོང་ཅན། །ཉིན་མཚན་གུང་ལ་གསལ་གྱུར་ཅིག །གཙྪས་མཆོད་ཡུལ་རང་གནས་བཏང་། ཞེས་གནས་མདོའི་དགེ་སློང་ཀརྨ་རྣམ་རྒྱལ་ངོར་བཀྲ་ཤིས་སྒང་གི་ཆོས་སྒར་ནས་སི་ཏུས་སྤེལ་བ་དགེ །

ལྷ་ཐོག་དཔོན་ཚང་གི་རྟ་དཔོན་པ་ཨ་ལྷ་ནས་བསྐུལ་ངོར།


SPN003_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ལས་བསང་ཁང་རིན་ཆེན་དུ། །བདུག་པའི་སྤྲིན་ཚོགས་མི་ཟད་པ། །ནམ་མཁའ་མཛོད་ཀྱི་རང་བཞིན་ཅན། །མཆོད་རྫས་ཡིད་འོང་དཔག་མེད་གྱུར། །ༀ་ཨཱཿཧཱུྃ། ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ། ཀྱེ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །ཕྱོགས་བཅུ་དུས་གསུམ་བདེ་བར་གཤེགས། །རྒྱུད་སྡེ་བཞི་འབྲེལ་ཡི་དམ་ལྷ། །གནས་གསུམ་དཔའ་བོ་ཌཱ་ཀིའི་ཚོགས། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །དྲེགས་བྱེད་ཆོས་སྐྱོང་རྒྱ་མཚོ་དང་། །དགྲ་བླ་ཡེ་བརྫུ་མཆེད་འཁོར་གཡོག །ལྷ་བྲག་དཀར་པོ་རྡོ་རྗེ་འབར། །རང་སྡེ་སྤྲུལ་དང་ཡང་སྤྲུལ་སོགས། །ལྷ་རིགས་མགོན་དང་སྐྱོབ་པ་ཡི། །ཡང་མེས་རྒྱུད་ཀྱི་སྲུང་མ་དང་། །གཞན་ཡང་ཡུལ་ལྗོངས་འདིར་གནས་པའི། །དམ་ཚིག་ཅན་དང་སྟོངས་གྲོགས་མཁན། །གཞི་བདག་ཡུལ་ལྷ་ཟོ་དོར་དང་། །དགེ་བསྙེན་སྨན་མོ་ས་བདག་སོགས། །མདོར་ན་མཆོད་འོས་མགྲོན་རྣམས་ཀུན། །ཐམས་ཅད་འདིར་གཤེགས་བསང་ལ་བྱོན། །རང་རང་དགྱེས་དགུར་རོལ་པ་ཡི། །འདོད་ཡོན་ཟག་མེད་


SPN003_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཀྱི། །དྲི་བསུང་ཕུན་སུམ་ཚོགས་པ་འདིས། །བསང་ངོ་མཆོད་དོ་མངའ་གསོལ་ལོ། །རང་ཕྱོགས་སྲུང་ཞིང་གཞན་ཕྱོགས་འཇོམས། །རྩལ་ལྡན་དཔའ་བོ་རྔམས་བརྗིད་ཅན། །མྱུར་མགྱོགས་དྲག་ཤུལ་ལྡན་པ་ཡི། །དཀར་པོའི་ཕྱོགས་སྐྱོང་རྣམས་ལ་བསྟོད། །དེ་ལྟར་མཆོད་བསྟོད་དགེ་བའི་མཐུས། །བསྟན་འགྲོའི་བདེ་སྐྱིད་མཁའ་དང་མཉམ། །ཁྱད་པར་མི་དབང་ལྷ་ཡི་གདུང་། །རིགས་ཀྱི་སྐུ་ལྷ་མ་གཡེལ་བར། །མངའ་རིས་སྡེ་དཔུང་དཔལ་འབྱོར་གྱི། །ལོངས་སྤྱོད་འཛད་མེད་ཆར་བཞིན་ཕོབ། །ཚེ་བསོད་དབང་ཐང་ཀླུང་རྟ་དར། །མི་བརྒྱུད་འཕེལ་ཞིང་ཕྱུགས་སྤེལ་བའི། །ཕྲིན་ལས་སྟོངས་གྲོགས་མྱུར་དུ་མཛོད། །ནད་ཡམས་ཆོད་ལ་དལ་ཁ་བསྒྱུར། །བསམ་ངན་སྦྱོར་རྩུབ་དུག་རླངས་ཅན། །དགྲ་བགེགས་ཐལ་བའི་རྡུལ་དུ་རློགས། །སྔོན་ཚེ་ཨོ་རྒྱན་ཆེན་པོ་དང་། །རིག་འཛིན་མི་འགྱུར་རྡོ་རྗེ་ཡིས། །བཀའ་བསྒོས་ཐ་ཚིག་རྗེས་དྲན་ནས། །ཇི་ལྟར་བཅོལ་པའི་ཕྲིན་ལས་རྣམས། །མ་གཡེལ་མ་འདའ་ས་མ་ཡ། །རང་རང་གནས་སུ་བདེར་གཤེགས་ལ། །སླར་ཡང་མཆོད་ཕྱིར་འབྱོན་པར་གསོལ། །སརྦ་བྷཱུ་ཏ་གཙྪས་གཤེགས། ཞེས་ལྷ་ཐོག་དཔོན་ཚང་གི་རྟ་དཔོན་པ་ཨ་ལྷ་ནས་བསྐུལ་བ་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ།། །།

ལྷ་སྟེང་གྲྭ་པ་ཞིག་གི་ངོར།


SPN003_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ལས་བསང་ཁང་ཡིད་འོང་ནང་། །འདོད་ཡོན་ལྔ་ལྡན་དྲི་མཆོག་གི། །ཡོན་ཏན་ཟག་མེད་ནམ་མཁའི་མཛོད། །སྐབས་གསུམ་ལོངས་སྤྱོད་ལས་ལྷག་གྱུར། །ཨ་ཀཱ་རོས་བྱིན་བརླབས་ནས། ཀྱཻ། བླ་མ་ཡི་དམ་མཁའ་འགྲོ་དང་། །དཔའ་བོ་རྣལ་འབྱོར་ཆོས་སྐྱོང་དང་། །ཞིང་སྐྱོང་གནས་སྲུང་ཡུལ་ལྷའི་ཚོགས། །དཀར་པོའི་ཕྱོགས་རྣམས་སྐྱོང་བྱེད་པ། །ཐམས་ཅན་མ་ལུས་འདིར་གཤེགས་ལ། །རང་རང་དགྱེས་དགུར་རོལ་པ་ཡི། །ཡིད་འོང་བསང་མཆོད་དཔག་མེད་འདི། །འབུལ་གྱི་བརྩེ་བར་དགོངས་མཛོད་ལ། །ཨོ་རྒྱན་རྗེ་དང་རང་བྱུང་བ། །གྲུབ་པའི་དབང་ཕྱུག་མཆོག་རྣམས་ཀྱིས། །བཀའ་བསྒོས་དམ་བཞག་མ་བསྙེལ་བར། །སངས་རྒྱས་བསྟན་པ་བསྲུང་བ་དང་། །སྒྲུབ་པའི་བར་ཆད་བཟློག་ཏུ་གསོལ། །ཡུལ་ཕྱོགས་ཀུན་ཀྱང་བདེ་ཞིང་སྐྱིད། །རྫོགས་ལྡན་བསྐལ་པར་སྤྱོད་པ་ཡི། །ཕྲིན་ལས་མྱུར་མགྱོགས་སྟོངས་གྲོགས་མཛོད། །སརྦ་བྷཱུ་ཏ་གཙྪས་གཤེགས། ཞེས་པའང་ལྷ་སྟེང་གྲྭ་པ་ཞིག་གི་ངོར་སི་ཏུས་སྤེལ། བཀྲ་ཤིས། །

དབོན་དྲུང་མགོན་པོ་དོན་གྲུབ་ཀྱིས་བསྐུལ་ངོར།


SPN003_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏས་བསངས།སྭ་བྷཱ་ཝས་སྦྱངས། སྟོང་ལས་བསང་ཁང་ཡིད་འོང་བར། །ཤིང་སྣ་ཚོགས་པའི་དུད་སྤྲིན་ལས། །ལྷ་མིའི་འདོད་ཡོན་དཀོར་ནོར་ཚོགས། །ཟག་མེད་བདེ་ཆེན་སྐྱེད་བྱེད་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ། ཀྱེ། མཆོག་གསུམ་རྩ་གསུམ་ཀུན་འདུས་རྡོ་རྗེ་འཆང་། །པདྨ་འོད་འབར་རྗེ་བཙུན་སྒྲོལ་མ་ཡུམ། །གསར་རྙིང་བརྒྱུད་པའི་ལྷ་ཚོགས་ཐམས་ཅད་དང་། །བེར་ནག་གུར་མགོན་རེ་ཏི་དམ་ཞིང་སོགས། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་བསང་། །ཏི་སེ་ཐང་ལྷ་སྤོམ་ར་གེར་མཛོ་གཉེན། །དཀར་ཕྱོགས་སྐྱོང་བའི་ཟོ་དོར་མ་ལུས་དང་། །ཡུལ་ཕྱོགས་འདི་ཡི་གཉུག་མར་གནས་ཀུན་བསང་། །སོ་སོར་དགྱེས་པའི་ལོངས་སྤྱོད་དཔལ་འབྱོར་བཟང་། །རྒྱ་ཆེན་རྒྱུན་མི་ཆད་པ་འདི་དག་ཀུན། །དངོས་འབྱོར་ཡིད་སྤྲུལ་བླ་མེད་མཆོད་པའི་སྤྲིན། །འབུལ་བཞེས་མཐུ་ཡིས་རྣལ་འབྱོར་ཚེ་བསོད་སྤེལ། །མཐུན་རྐྱེན་བསྒྲུབ་ལ་འགལ་རྐྱེན་བར་ཆད་སོལ། །ཁ་འཛིན་སྡོང་གྲོགས་སྲུང་སྐྱོབ་མི་འབྲལ་བར། །ལེགས་ཁ་རྒྱལ་ཁ་ཐོབ་ཅིང་ལ་ཆུ་འཕྲང་། །སྔུན་བསུ་རྒྱབ་བརྟེན་རྟག་པར་མེལ་ཚེ་དང་། །གཞི་བྱེས་ཀུན་ཏུ་དགེ་བའི་ཕྲིན་ལས་མཛོད། །ཉིན་མཚན་ཀུན་ཏུ་གཡེལ་མེད་མགོན་སྐྱོབ་སོགས། །མདོར་ན་བསམ་དོན་ཐོགས་མེད་བདེ་བླག་ཏུ། །འགྲུབ་པའི་དངོས་གྲུབ་ཐོགས་མེད་


SPN003_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་དུ་གསོལ། །ཐུགས་རྗེ་མྱུར་མགྱོགས་བྱིན་རླབས་མཐའ་ཀླས་པ། །བསྟོད་འོས་རྣམས་ལ་དད་པས་བསྔགས་པར་བགྱི། །མཆོད་རྫས་དངོས་འཛིན་དྲི་མས་བསླད་པ་ཡི། །ནོངས་པ་དག་ཚངས་དུས་དང་གནས་སྐབས་ཀུན། །བཀྲ་ཤིས་བདེ་ལེགས་ཆར་གྱི་དཔལ་འབར་ཤོག། སརྦ་བྷཱུ་ཏ་གཙྪས་གཤེགས། ཞེས་པའང་དབོན་དྲུང་མགོན་པོ་དོན་གྲུབ་ཀྱིས་བསྐུལ་བ་བཞིན། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ།། །།

མཐར་ཕྱིན་དང་བསམ་འགྲུབ་བཅས་ཀྱི་ངོར།


SPN003_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

༈ བྷྲཱུཾ་ལས་རིན་ཆེན་སྣོད་ཡངས་པར། །ཁམ་ཞུ་འདོད་ཡོན་དུད་པའི་སྤྲིན། །རྒྱ་ཆེན་རྒྱུན་མི་ཆད་པར་གྱུར། །ཀྱཻ། གྲུབ་དབང་མཚོ་སྐྱེས་པདྨ་འབྱུང་། །རིག་འཛིན་རྩ་བ རྒྱུད་བླ་མ་ཡི། །སྤྱན་སྔར་མནའ་བོར་ཡལ་གམ་ཅན། །རྔོམ་ཐི་དགེ་བསྙེན་འཁོར་དང་བཅས། །འདིར་གཤེགས་འདིར་བཤམས་གདན་ལ་བཞུགས། །ཉེར་སྤྱོད་ཚང་ཞིང་ཡིད་འོང་བ། །ཟད་མི་ཤེས་པའི་མཆོད་སྤྲིན་ཚོགས། །རང་རང་དགྱེེས་དགུར་རོལ་པ་ཡི། །སྲིད་ཞིའི་དཔལ་འབྱོར་དངོས་ཀུན་འདི། །གནས་མཆོག་སྐྱོང་བའི་ཚོགས་ལ་འབུལ། །མི་གཙང་རྐྱེན་གྱིས་མནོལ་བ་ཀུན། །དྲི་ལྡན་སྤོས་མཆོག་འདི་དག་གིས། །སངས་ཤིང་མཐུ་རྩལ་སྟོབས་དང་ལྡན། །རྒྱལ་བསྟན་སྲུང་དང་འགྲོ་ཚོགས་སྐྱོངས། །ཆར་ཆུ་དུས་འབེབས་སྐྱ་རྒྱལ་


SPN003_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །རྣལ་འབྱོར་གང་བཅོལ་ཕྲིན་ལས་ཀུན། །གཡེལ་མེད་ཉིད་དུ་འགྲུབ་པར་མཛོད། །ཅེས་མཐར་ཕྱིན་དང་བསམ་འགྲུབ་བཅས་ཀྱི་ངོར་སི་ཏུས་སྤེལ། །

ཉ་ཁེ་ལྷུན་གྲུབ་དབང་རྒྱལ་ངོར།


SPN003_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཀཱ་རོས་བྱིན་བརླབས། བྷྲཱུཾ་ལས་རིན་ཆེན་སྣོད་ཡངས་པར། །ཁམ་ཞུ་བསང་མཆོད་འདོད་ཡོན་རྣམས། །ཀུན་བཟང་སྨོན་ལམ་ཇི་བཞིན་པར། །རྒྱ་ཆེན་ནམ་མཁའ་མཛོད་བཞིན་གྱུར། །ཀྱཻ། རྒྱལ་བས་བྱིན་བརླབས་གྲུབ་པའི་གནས། །འབུམ་རྫོང་ཆོས་ཀྱི་ཕོ་བྲང་མཆོག། བཀའ་བརྒྱུད་རིག་འཛིན་རྒྱ་མཚོ་དང་། །བདེ་མཆོག་འཁོར་ལོའི་ལྷ་ཡི་ཚོགས། །དཔའ་བོ་མཁའ་འགྲོ་སྤྲིན་བཞིན་གཏིབས། །ཆོས་སྐྱོང་དམ་ཅན་རླུང་ལྟར་འཚུབས། །གཞན་ཡང་ཡུལ་གཞི་གནས་ཀྱི་བདག །དགེ་བསྙེན་དཀར་པོའི་སྡེ་སྐྱོང་བ། །འབྱུང་པོ་མཐུ་ཆེན་གཉུག་མར་གནས། །གློ་བུར་ལྷགས་པའི་མགྲོན་རྣམས་ལ། །སོ་སོའི་ཡིད་མཐུན་དངོས་འབྱོར་དང་། །ཡིད་སྤྲུལ་བློ་ཡིས་བླངས་ནས་སུ། །རྩ་གསུམ་ལྷ་ཚོགས་དགྱེས་བསྐངས་ཤིང་། །མཆོག་ཐུན་དངོས་གྲུབ་ཆར་ཆེན་སྩོལ། །ལས་བཞིའི་འདོད་དོན་ལྷུན་གྲུབ་མཛོད། །སྣང་སྲིད་གཞི་བདག་དགེ་བསྙེན་སོགས། །མཆོད་སྦྱིན་འདིས་ཚིམ་མཐུ་རྩལ་ལྡན། །བྱམས་པའི་སེམས་ཀྱིས་སྐྱེ་དགུ་སྐྱོངས། །ལོ་ལེགས་འབྲུ་འཕེལ་རྩྭ་རྒྱས་ཤིང་། །བཀྲ་


SPN003_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་སྣང་བའི་འོད་ཟེར་གྱིས། །མི་མཐུན་རྒུད་པའི་མུན་པ་ཞི། །ཕན་བདེའི་པད་ཚལ་རྒྱས་གྱུར་ཅིག །ཅེས་ཉ་ཁེ་ལྷུན་གྲུབ་དབང་རྒྱལ་ངོར་སྤེལ། །

འབྲི་གཉན་རྡོ་རྗེ་བློ་གྲོས་རྩལ་གྱི་བསང་མཆོད།


SPN003_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ལས་བྷྲཱུཾ་ཡིག་སེར་པོ་ཡོངས་སུ་གྱུར། །ཡིད་འོང་གཏོར་སྣོད་སྲིད་གསུམ་ཁྱབ་པའི་ནང་། །འབྲུ་གསུམ་འོད་ཞུ་ཟག་མེད་ཡེ་ཤེས་ཀྱི། །བསང་མཆོད་བདུད་རྩིའི་སྤྲིན་གཏིབས་ཆར་འབེབས་གྱུར། །ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབས་ལ། ཀྱཻ། དམ་ཚིག་འདུ་འབྲལ་མེད་པ་ཡི། །བླ་མེད་གསང་སྔགས་ཟབ་མོའི་ལམ། །སྟོན་མཆོག་དཔལ་ལྡན་རྡོ་རྗེ་ཅན། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་དང་། །ཐེག་པ་རིམ་དགུའི་ལྷ་ཡི་ཚོགས། །དཔའ་བོ་ཌཱ་ཀི་ཆོས་སྲུང་མ། །ཁྱད་པར་གནས་ཆེན་སྐྱོང་བ་ཡི། །དཀར་པོ་ལྷ་ཡི་སྡེ་དཔུང་གི། །ཚོགས་རྗེའི་བདག་པོར་དབང་བསྐུར་ཞིང་། །རིག་འཛིན་པདྨའི་དགེ་བསྙེན་ཆེ། །འབྲི་གཉན་རྡོ་རྗེ་བློ་གྲོས་རྩལ། །སྲས་ཡུམ་སྤྲུལ་དང་ཡང་འཁོར་བཅས། །སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ། །རྣལ་འབྱོར་སྒྲུབ་པའི་གནས་མཆོག་འདིར། །སྤྱན་འདྲེན་ཅི་ལྟར་བདེ་བར་བཞུགས། ཀུན་བཟང་སྨོན་ལམ་ཇི་བཞིན་པའི། །བསང་མཆོད་བདུག་པའི་སྤྲིན་ཕུང་


SPN003_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །བཀྲ་ཤིས་རྫས་རྟགས་འདོད་ཡོན་དང་། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཚོགས། །རྒྱ་ཆེན་རྒྱུན་མི་ཆད་པ་འདི། །འབུལ་བཞེས་དགྱེས་པ་བསྐང་གྱུར་ཅིག །བག་མེད་ནོངས་པར་གྱུར་པ་བཤགས། །གྲུབ་པའི་དབང་ཕྱུག་མཆོག་རྣམས་ཀྱི། །རྡོ་རྗེའི་བཀའ་ལས་མ་འདའ་བར། །ལས་བཞིའི་ཕྲིན་ལས་བསྒྲུབ་པ་དང་། །དྲི་མེད་རྒྱལ་བསྟན་རིང་ལུགས་གང་། །དར་རྒྱས་ཡུན་གནས་བསྟན་འཛིན་རྣམས། །འཚོ་གཞེས་དགེ་འདུན་ཆོས་སྤྱོད་འཕེལ། །རྒྱལ་ཁམས་ནད་ཡམས་མཚོན་འཁྲུགས་ཞི། །ཆར་ཆུ་དུས་འབེབས་ལོ་འབྲས་ལེགས། །གཟུགས་ཅན་གཟུགས་མེད་འགྲོ་བ་རྣམས། །བྱང་ཆུབ་སེམས་ཀྱིས་རྒྱུད་བསྐུལ་ནས། །ཡང་དག་བདེན་པ་མཐོང་བ་དང་། །རྟག་ཏུ་བཀྲ་ཤིས་ཕུན་ཚོགས་ཤོག །ཤུ་བྷཾ།། །།

བསོད་ནམས་དབང་རྒྱལ་ངོར།


SPN003_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

༈ ༀ་སྭ་བྷཱ་ཝས་སྦྱངས། སྟོང་ལས་བྷྲཱུཾ་ཡིག་ཡོངས་སུ་གྱུར། །རིན་ཆེན་སྣོད་དུ་ཡིག་འབྲུ་གསུམ། །འོད་ཞུ་འདོད་ཡོན་དཔག་མེད་དང་། །དྲི་བསུང་ཀུན་བཟང་མཆོད་སྤྲིན་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ཀྱཻ། རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་འཆང་། །གྲུབ་པའི་སློབ་དཔོན་ཨུ་རྒྱན་རྗེ། །པདྨ་འབྱུང་གནས་འགྲོ་བའི་མགོན། །ཀརྨ་པཀྴི་ལ་སོགས་པའི། །སྤྱན་སྔར་ཐ་ཚིག་གཡར་དམ་ཅན། །དཀར་ཕྱོགས་ལྷ་ཡི་སྡེ་


SPN003_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེ། །ཟིལ་ཕྲོམ་རྡོ་རྗེ་གཡུ་དྲུང་རྩལ། །འཁོར་བཅས་འདིར་གཤེགས་གདན་ལ་བཞུགས། །བསང་མཆོད་ནམ་མཁའ་མཛོད་བཞིན་པའི། །ཟག་མེད་ཡེ་ཤེས་བདུད་རྩི་དངོས། །སྦྱང་སྤེལ་བསྒྱུར་བ་བླ་མེད་ཀྱི། །སྤྱན་གཟིགས་དཀོར་ཆ་ནོར་དབྱིག་སོགས། །འདོད་དགུའི་དཔལ་འབྱོར་ཆར་ལྟར་འབེབས། །འཁོར་བཅས་མཐུན་རྫས་དཔག་མེད་ཀྱིས། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །ཉམས་གྱུར་ནོངས་པ་ཅི་མཆིས་བཤགས། །སྔོན་ཚེ་གྲུབ་པའི་དབང་ཕྱུག་མཆོག །རྩ་བ་བརྒྱུད་པའི་བླ་མ་ཡི། །བཀའ་དང་དམ་ཚིག་རྗེས་དགོངས་ལ། །ངེས་དོན་བསྟན་པ་རིན་པོ་ཆེ། །སྲིད་མཐར་གནས་ཤིང་བསྟན་འཛིན་དང་། །འདུས་པ་དབྱར་མཚོ་ལྟར་རྒྱས་ཤིང་། །སྐྱེ་དགུ་ཀུན་ཀྱང་བྱང་ཆུབ་ཀྱི། །སེམས་ཀྱིས་རང་རྒྱུད་ཡོངས་སྨིན་ནས། །རྣམ་དག་དམ་པའི་ཆོས་སྤྱོད་ཅིང་། །ནད་མཚོན་ཡམས་དང་ལོ་ནད་ཞི། །ཆར་ཆུ་དུས་བབས་བདེ་སྐྱིད་ལྡན། །རྟག་ཏུ་བཀྲ་ཤིས་རབ་རྒྱས་ཤོག །གཙྪས་གཤེགས། བསང་མཆོད་ལེ་ཚན་གཉིས་འདི་བཞིན་དད་དམ་ལྡན་པ་བསོད་ནམས་དབང་རྒྱལ་བསྐུལ་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་བྲིས་པ་ཛ་ཡ། །

ཀརྨ་ཕུན་ཚོགས་ངོར།


SPN003_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་ཆོས་ཀུན་སྟོང་ཉིད་གྱུར། །རང་ཉིད་སྐད་ཅིག་པདྨ་འབྱུང་། །གསལ་བའི་མདུན་དུ་འཇིག་རྟེན་གྱི། །དྲེགས་བྱེད་དཀར་པོའི་སྡེ་སྐྱོང་བ། །རྡོ་རྗེ་ལྷ་རྩེ་འཁོར་དང་བཅས། །སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །ཐུགས་དམ་དབང་གིས་འདིར་གཤེགས་བཞུགས། །བསང་དང་གསེར་སྐྱེམས་མཆོད་པའི་སྤྲིན། །སྣ་ཚོགས་འདོད་དགུར་དབང་སྒྱུར་བའི། །ཡིད་དང་མཐུན་པའི་མཆོད་རྫས་ཚོགས། །འབུལ་གྱི་དགྱེས་བསྐང་ཚིམ་གྱུར་ཅིག །ལས་བཞིའི་དངོས་གྲུབ་དཔལ་སྟེར་ཞིང་། །སངས་རྒྱས་བསྟན་དང་བསྟན་འཛིན་གྱི། །བར་ཆད་ཀུན་སེལ་ཕྲིན་ལས་སྒྲུབས། །རྒྱལ་བའི་སྤྱན་སྔར་དམ་བཅས་པའི། །ཡུལ་བདག་ཆེན་པོ་འཁོར་དང་བཅས། །རབ་ཏུ་དགེ་བའི་སེམས་ཀྱིས་བསྟོད། །དེ་ལྟར་མཆོད་དང་བསྟོད་པའི་མཐུས། །ངེས་དོན་དྲི་མེད་པདྨ་དཀར། །འདབ་བརྒྱ་གྲོལ་བའི་གཉེན་གཅིག་པུ། །ཐུབ་དབང་པད་འབྱུང་ཀརྨ་པའི། །རིང་ལུགས་ནོར་འཛིན་ཁྱོན་ཡངས་པོར། །ཉིན་མོ་བྱེད་ལྟར་གསལ་བ་དང་། །གཞན་ཡང་སྐྱེ་དགུ་བདེ་ལེགས་ཀྱི། །ལོ་འདབ་ཀུན་ཏུ་དཀྲིགས་པ་ཡི། །མཐུ་རྩལ་ནུས་པའི་དྲི་བཞོན་གྱིས། །ཕན་བདེའི་ཆར་ཆེན་སྩོལ་གྱུར་ཅིག །དུས་དང་གནས་སྐབས་ཐམས་ཅད་དུ། །བྱམས་པའི་སེམས་ཀྱི ས་རྟག་ཏུ་སྐྱོངས། །རྣམ་ཀུན་བཀྲ་ཤིས་དགེ་ལེགས་ཀྱིས། །རྟག་པར་བདེ་དང་ལྡན་པར་མཛོད། །གཙྪས་གཤེགས། ཞེས་ཀརྨ་ཕུན་ཚོགས་ནས་བསྐུལ་ལྟར་སྤེལ། །

ཀརྨ་ནོར་བུའི་ངོར།


SPN003_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ལྷར་གསལ་ཐུགས་ཀ་ནས། །འོད་འཕྲོས་མཆོད་རྫས་འདོད་ཡོན་གྱི། །གཉིས་འཛིན་དྲི་མ་ཀུན་བསངས་ནས། །གང་འདོད་ལོངས་སྤྱོད་ནམ་མཁའི་མཛོད། །ཇི་བཞིན་རྒྱུན་མི་ཆད་པར་སྤེལ། །མགྲོན་རྣམས་དགྱེས་བསྐྱེད་རང་བཞིན་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ་བརྗོད། ཀྱཻ། སྔོན་ཚེ་ཨོ་རྒྱན་ཆེན་པོ་དང་། །དཔལ་ལྡན་བྱང་ཆུབ་གླིང་པ་ཡི། །སྤྱན་སྔར་ཐ་ཚིག་ཡལ་གམ་ཅན། །ཡུལ་ཕྱོགས་འདིར་གནས་གཞི་ཡི་བདག །གཉུག་མར་གནས་པ་མ་ལུས་དང་། །ཁྱད་པར་དཔལ་རྒྱལ་ར་རྗེ་གཉན། །གཞན་ཡང་གནས་ཡུལ་སྐྱོང་བྱེད་པ། །ཀུན་ཀྱང་འདིར་གཤེགས་མཆོད་པའི་རྫས། །འདོད་ཡོན་ཟག་མེད་སྣ་ཚོགས་རྣམས། །སོ་སོར་དགྱེས་རྫས་མཁོ་དགུའི་ཚོགས། །དངོས་འབྱོར་ཡིད་ལས་སྤྲུལ་པ་ཡི། །བསང་དང་མཆོད་པ་འདི་བཞེས་ལ། །རྩ་བརྒྱུད་བླ་མས་བཀའ་བསྒོས་ལྟར། །རང་ཕྱོགས་སྲུང་ཞིང་སྐྱོང་བ་དང་། །སངས་རྒྱས་བསྟན་དང་བསྟན་འཛིན་སྤེལ། །རྣལ་འབྱོར་བདག་གིས་གང་བཅོལ་བའི། །ཕྲིན་ལས་མ་གཡེལ་སྡོང་གྲོགས་


SPN003_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །གཞི་བྱེས་ཀུན་ཏུ་ལེགས་ཁ་དང་། །རྒྱལ་ཁ་བཏོད་ལ་འཚོ་བ་སྦྱོར། །ལོ་ལེགས་འབྲུ་འཕེལ་སྐྱ་རྒྱལ་ཞིང་། །ཆར་ཆུ་དུས་འབབ་བདེ་སྐྱིད་ལྡན། །ནད་མུག་མཚོན་བསྐལ་ཞི་བ་དང་། ཀུན་ཀྱང་དཀར་པོའི་ཆོས་ལ་སྤྱོད། །བསམ་དོན་ལྷུན་གྱིས་གྲུབ་ནས་སུ། །རྟག་པར་བཀྲ་ཤིས་བསམ་དོན་ཀུན། །ཇི་བཞིན་འགྲུབ་པར་མཛད་དུ་གསོལ། །གཙྪས་གཤེགས། ཞེས་པའང་ཀརྨ་ནོར་བུས་བསྐུལ་ངོར་སྤེལ། །

དགེ་སློང་བསམ་གཏན་ངོར།


SPN003_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བཛྲ་སྥ་ར་ཎ་ཁཾ། བསང་མཆོད་འདོད་དགུའི་རྒྱ་མཚོ་མཐའ་ཀླས་གྱུར། ཀྱཻ། སྔོན་ཚེ་གསང་བདག་པད་འབྱུང་གི། །བཀའ་གཉན་ཡུལ་ལྷ་དཀར་ཕྱོགས་སྐྱོང་། །སྨུག་སངས་དགེ་བསྙེན་ཆེན་པོ་དང་། །མི་ཉག་རྒྱ་ཡི་ཟོ་དོར་སོགས། །ཁྱད་པར་སུམ་དིལ་ལ་གནས་པའི། །གཞི་བདག་གཉུག་མར་གནས་པ་རྣམས། །འདིར་གཤེགས་ཞི་བ་བསང་མཆོད་འབུལ། །དགྱེས་བསྐང་ཡིད་ལ་འདོད་འཇོ་བའི། །རྣམ་བཞིའི་ཕྲིན་ལས་མ་གཡེལ་སྒྲུབས། །ཁ་འཛིན་སྡོང་གྲོགས་རྒྱབ་བརྟེན་དང་། །ལེགས་དང་རྒྱལ་ཁ་ཐོབ་པར་མཛོད། །མཐུ་དང་རྩལ་ལྡན་རྣམས་ལ་བསྟོད། །གཉིས་སྣང་འཛིན་པའི་འཁྲུལ་དབང་གིས། །ནོངས་པ་བཤགས་སོ་བྱང་དག་སྩོལ། །རྣམ་ཀུན་བཀྲ་ཤིས་དགེ་བའི་


SPN003_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཆར། །འབད་མེད་ལྷུན་གྲུབ་དཔལ་དུ་ཤོག །ཅེས་པ་དགེ་སློང་བསམ་གཏན་ལ་སྤེལ། །

ལྷ་བྲིས་པ་དབང་རྒྱལ་ངོར།


SPN003_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བསང་རྫས་རྣམས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ལས་བསང་མཆོད་འདོད་ཡོན་རྫས། །དངོས་འཛིན་དྲི་སྦྱང་ཟག་མེད་ཀྱི། །བདུད་རྩིའི་རང་བཞིན་རྒྱ་ཆེན་པོ། །སོ་སོར་མོས་ཐོབ་ལོངས་སྤྱོད་གྱུར། །ཨ་ཀཱ་རོས་བྱིན་བརླབས་ལ། ཀྱཻ། ཕྱོགས་བཅུའི་ཞིང་བཞུགས་བླ་མ་དང་། །སངས་རྒྱས་བྱང་སེམས་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྲུང་མ། །ཁྱད་པར་རྡོ་རྗེ་ནག་པོ་བེར། །ལྕམ་དྲལ་བཀའ་འཁོར་བཅས་པ་དང་། །ལྷ་ཡི་དགེ་བསྙེན་ཆེན་པོ་སྟེ། །དཔལ་ལྡན་ཤེས་རབ་འཁོར་དང་གཡོག །སྤྲུལ་དང་ཡང་སྤྲུལ་རྒྱ་མཚོ་རྣམས། །འདིར་བྱོན་དགྱེས་པའི་གདན་ལ་བཞུགས། །དངོས་འབྱོར་མཆོད་པའི་བྱེ་བྲག་རྫས། །རབ་འབྱམས་མཁའ་དབྱིངས་ཁྱོན་བཀང་བ། །ལྷ་མིའི་དཔལ་འབྱོར་སྣ་ཚོགས་པ། །འདོད་ཡོན་ལྔ་ལྡན་མི་ཟད་གཏེར། །བསང་མཆོད་དམ་པ་འབུལ་གྱི་བཞེས། །དགྱེས་པར་རོལ་མཛོད་སྨིན་གྲོལ་གྱི། །མཆོག་ཐུན་དངོས་གྲུབ་སྩོལ་བ་དང་། །ལས་བཞིའི་ཕྲིན་ལས་ལྷུན་གྲུབ་ཅིང་། །སངས་རྒྱས་བསྟན་དང་བསྟན་འཛིན་གྱི། །ཞབས་བརྟན་རྣལ་འབྱོར་བདག་ཅག་གི །འདོད་དོན་ཡིད་བཞིན་རེ་བ་སྐོངས། ཚེ་


SPN003_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསོད་ནམས་དཔལ་འབྱོར་རྒྱས། །ནད་གདོན་སྔོན་ལས་འཕྲལ་རྐྱེན་གྱི། །མི་མཐུན་ཕྱོགས་རྣམས་ཞི་བར་མཛོད། །རྟག་པར་སྲུང་སྐྱོབ་མི་འབྲལ་བར། །ཁ་འཛིན་སྡོང་གྲོགས་དཔུང་གཉེན་མཛོད། །མཆོད་འོས་རང་བཞིན་གནས་སུ་གཤེགས། །བཀྲ་ཤིས་སྣང་བས་སྐྱོང་གྱུར་ཅིག །ཅེས་པའང་ལྷ་བྲིས་པ་དབང་རྒྱལ་ངོར་སྤེལ་བའོ། །

མཛོད་དགོན་གྲྭ་པ་ཞིག་གི་ངོར།


SPN003_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ལས་རིན་ཆེན་སྣོད་ཡངས་པར། །བྷྲཱུཾ་ཡིག་ཡོངས་གྱུར་མཆོད་པའི་རྫས། །བསང་དང་བརྔན་པའི་ཡོ་བྱད་ཀྱི། །ལོངས་སྤྱོད་ནམ་མཁའ་མཛོད་བཞིན་སྤེལ། །ༀ་བཛྲ་སྥ་ར་ཎ་ཁཾ། ཀྱཻ། རྒྱལ་བས་བྱིན་བརླབས་གྲུབ་པའི་གནས། །གདན་ས་ཆོས་འཁོར་སྐྱོང་བ་ཡི། །མགོན་བྱེད་ལྷ་དང་སྲུང་མ་དང་། །ཡུལ་ཕྱོགས་འདིར་གནས་གཞི་ཡི་བདག །དཀར་པོའི་ཕྱོགས་རྣམས་དགྱེས་པ་ཡི། །དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་འབུལ། །མི་གཙང་ཉམས་གྲིབ་ཐམས་ཅད་སོལ། །ལྷ་ཞལ་ཟླ་ལྟར་དཀར་བ་དང་། །སངས་རྒྱས་བསྟན་པ་རིན་པོ་ཆེ། །ཉི་ལྟར་ཀུན་ཁྱབ་རབ་གསལ་ཞིང་། །སེམས་ཅན་ཐམས་ཅད་བདེ་ལྡན་ཤོག། ཅེས་པའང་མཛོད་དགོན་གྲྭ་པ་ཞིག་གི་ངོར་སྤེལ། །

བསོད་དབང་སྤྲུལ་སྐུའི་ངོར།


SPN003_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ལྷ་ཡི་ང་རྒྱལ་ལ་གནས་བཞིན་པས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས།


SPN003_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བྷྲཱུཾ་ལས་བྱུང་བའི་སྣོད་ཡངས་པར། །འབྲུ་གསུམ་འོད་ཞུ་ཟག་མེད་བཅུད། །བླ་མེད་མཁའ་དབྱིངས་ཁྱོན་བཀང་བ། །རྒྱ་ཆེན་རྒྱུན་མི་ཆད་པར་གྱུར། །ཨ་ཀཱ་རོས་བྱིན་བརླབས་ལ། ཀྱཻ། སྔོན་ཚེ་གྲུབ་པའི་རིག་འཛིན་མཆོག །ཨོ་རྒྱན་པདྨཱ་ཀཱ་ར་ཡི། །ཟབ་གཏེར་རྒྱ་མཚོའི་འབྱུང་གནས་ཀྱི། །སྦས་པའི་ཡུལ་ལྗོངས་ཉམས་རེ་དགའ། །དཔའ་བོ་ཌཱ་ཀི་ཡི་དམ་དང་། །བཀའ་བརྒྱུད་བླ་མ་སྤྲིན་བཞིན་གཏིབས། །དམ་ཅན་སྲུང་མ་ཆར་ལྟར་བབས། །སྒྲུབ་གནས་དམ་པ་བྱིན་རེ་ཆེ། །པད་འབྱུང་དངོས་སྣང་གང་འདུལ་གྱི། །སྒྱུ་འཕྲུལ་རྡོ་རྗེའི་གར་སྟོན་པ། །ཟབ་དོན་བདུད་རྩིའི་ཡང་སྙིང་གང་། །མངའ་བདག་མི་འགྱུར་མཚན་ཅན་ཞབས། །ལ་སོགས་རྩ་བར་བརྒྱུད་པ་ཡི། །བཀའ་དང་དམ་གནས་དཀར་པོ་ཡི། །སྡེ་དང་ཕྱོགས་རྣམས་སྐྱོང་བྱེད་ཅིང་། །མགོན་དང་ཁ་འཛིན་སྟོངས་གྲོགས་མཁན། །ལྷ་ཡི་དགེ་བསྙེན་ཆེན་པོ་ནི། །ལྷ་བྲག་དཀར་པོ་རྡོ་རྗེ་འབར། །འཁོར་ཚོགས་སྤྲུལ་དང་ཡང་སྤྲུལ་དང་། །གནས་བརྒྱད་དགེ་བསྙེན་སྦ་ནག་གཉན། །ཁམས་རྒྱལ་རེ་ཕོ་དཀྲིགས་རྒྱལ་དང་། །སེ་ཐོ་ཁྱུང་རྫོང་ཕ་ཝོང་གྭ། །ལ་སོགས་གནས་ཡུལ་འདིར་བརྟེན་པའི། །གནས་དང་གཞི་ཡི་བདག་པོ་བསང་། །མཆོད་དོ་


SPN003_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྷའི་དཔུང་ཚོགས་མཆོད། །བརྔན་ནོ་རིགས་ཀྱི་སྲུང་མ་བརྔན། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །སངས་རྒྱས་བསྟན་སྲུང་མངའ་གསོལ་ལོ། །རྣལ་འབྱོར་དགྲ་བླ་མངའ་༴ དཀར་པོའི་ཕྱོགས་སྐྱོང་མངའ་༴ ནག་ཕྱོགས་གཡུལ་བཟློག༴ རྟེན་སྒྲུབ་མགོན་བྱེད་མངའ་གསོལ་ལོ། །བསང་མཆོད་སོ་སོར་མོས་ཐོབ་ཀྱི། །ལོངས་སྤྱོད་འདོད་ཡོན་ལྔ་ལྡན་པ། །སྤྱན་གཟིགས་དཀོར་ཆས་སྐོང་རྟེན་རྫས། །མ་ཚང་མེད་འབུལ་དགྱེས་བརྩེར་རོལ། །ཁྱོད་ལ་བཅོལ་བའི་ཕྲིན་ལས་ནི། །དཀོན་མཆོག་དབུ་འཕང་བསྟོད་པ་དང་། །བསྟན་དང་བསྟན་འཛིན་ཞབས་པད་བརྟན། །རིག་དང་གྲོལ་བའི་སྡེ་ཆེན་པོ། །ཕྱོགས་མཐར་ཁྱབ་ཡུན་གནས་པ་དང་། །མངའ་རིས་བདེ་ཞིང་སྐྱེ་དགུ་རྣམས། །ཆོས་མཐུན་བསམ་འགྲུབ་ལོག་ཕྱོགས་ཀྱི། །བདུད་དཔུང་ནམ་ཡང་ལྡང་མེད་ཤོག །མདོར་ན་ཅི་ལྟར་བཅོལ་བ་ཡི། །ལས་བཞིའི་ཕྲིན་ལས་གང་ཡིན་པ། །ཐོགས་མེད་བདེ་བླག་འགྲུབ་པ་དང་། །བདེ་ལེགས་བསམ་དོན་ལྷུན་གྲུབ་ཤོག །གཙྪས་གཤེགས། ཞེས་པའང་བསོད་དབང་སྤྲུལ་སྐུ་ནས་ལྷ་རྫས་དང་དངོས་པོ་རྟེན་འབྲེལ་རྨད་བྱུང་གིས་མཚོན་པ་དང་བཅས་བསྐུལ་ངོར་སྤེལ་བ་དགེ། །

དཔོན་བི་ཛ་ཡའི་བཞེད་ངོར།


SPN003_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བཛྲ་ཨ་མྲྀ་ཏས་བསངས།སྭ་བྷཱ་ཝས་སྦྱངས། སྟོང་ལས་བསང་རྫས་འདོད་ཡོན་རྣམས། །དངོས་འཛིན་འཁྲུལ་རྟོག་དྲི་མ་སྦྱངས། །རྒྱ་ཆེན་ཀུན་ཏུ་བཟང་པོ་ཡི། །སྨོན་ལམ་ཇི་བཞིན་ཆར་འབེབས་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ་གྱིས་བྱིན་བརླབས་ལ། རང་ཉིད་ལྷར་གསལ་ཐུགས་ཀ་ནས། །འོད་འཕྲོས་མགྲོན་རྣམས་སྤྱན་དྲངས་གྱུར། །ཀྱཻ། སྔོན་ཚེ་རྒྱལ་དབང་པད་འབྱུང་དང་། །གྲུབ་ཆེན་ཀརྨ་པཀྴི་སོགས། །རྩ་བརྒྱུད་བླ་མའི་སྤྱན་སྔ་རུ། །ཐ་ཚིག་དམ་བཅའ་ཡལ་གམ་ཅན། །དཀར་ཕྱོགས་སྐྱོང་བའི་དགེ་བསྙེན་ཆེ། །རྩེ་རྒྱལ་ཞལ་ད་འཁོར་བཅས་ལ། །རང་རང་དགྱེས་དགུར་རོལ་པ་ཡི། །འདོད་དགུའི་དཔལ་འབྱོར་ལྷ་དང་མིའི། །ལོངས་སྤྱོད་སྣ་ཚོགས་བཀྲ་བ་དང་། །བསུང་ཞིམ་ངད་བཟང་མ་ལ་ཡའི། །དྲི་བཞོན་ལྟ་བུའི་བསང་དུད་སྤྲིན། །རབ་འབྱམས་ཁམས་ཀུན་སྤྲོས་ཏེ་འབུལ། །མི་གཙང་ཉེས་པའི་དྲི་མ་སོལ། །བསྟོད་དོ་བསང་ངོ་མངའ་གསོལ་ལོ། །དེ་ལྟར་མཆོད་བསྟོད་ལ་བརྟེན་ནས། །བདག་ཅག་གཞི་བྱེས་ལམ་གསུམ་དུ། །ཁ་འཛིན་སྡོང་གྲོགས་རྒྱབ་བརྟེན་དང་། །གང་བཅོལ་འདོད་དོན་ཡིད་བཞིན་དུ། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །བཀྲ་ཤིས་མཁའ་ཡི་ནོར་བུའི་འོད། །ཕན་བདེའི་


SPN003_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་བརྒྱ་བཞད་པ་དང་། །ཚེ་དཔལ་ཡེ་ཤེས་སྣང་བ་བསྐྱེད། །མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཤོག །གཙྪས་གཤེགས། ཞེས་པའང་དཔོན་བི་ཛ་ཡའི་བཞེད་ངོར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག །

དཔོན་ཛམ་ལྷས་བསྐུལ་ངོར།


SPN003_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཀཱ་རོས་བྱིན་བརླབས་ལ། ཀྱཻ། རྒྱལ་བས་བྱིན་བརླབས་དབང་བསྐུར་ཞིང་། །དམ་བཞག་བཀའ་བསྒོས་ཐ་ཚིག་ཅན། །ཡུལ་ལྷ་ཟོ་དོར་ཡོངས་ཀྱི་གཙོ། །སྐྱ་རྒྱལ་འབྲོང་བུ་གཉན་པོ་ནི། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །གཡུ་ཤུག་ལ་སོགས་བདུག་པའི་སྤོས། །དྲི་ལྡན་ངད་བཟང་སྤྲིན་ལྟར་གཏིབས། །ཉེར་སྤྱོད་འདོད་ཡོན་ལྷ་དང་མིའི། །ལོངས་སྤྱོད་སྣ་ཚོགས་ཆར་ལྟར་འབབས། །རོལ་མོ་སྙན་པའི་དབྱངས་ཀྱིས་ནི། །བསྟོད་དོ་བརྔན་ནོ་མངའ་གསོལ་ལོ། །རང་རང་དགྱེས་དགུར་རོལ་པ་ཡིས། །གང་འདོད་མཆོད་བཞེས་དངོས་གྲུབ་སྩོལ། །སངས་རྒྱས་བསྟན་སྐྱོང་བསྟན་འཛིན་སྤེལ། །དགེ་འདུན་སྡེ་སྐྱོང་ཡུལ་ཕྱོགས་འདིར། །ནད་མུག་མཚོན་བསྐལ་ཞི་བ་དང་། །རྩྭ་རྒྱས་འབྲུ་འཕེལ་དགའ་དང་བདེའི། །དཔལ་འབྱོར་རྒྱ་ཆེན་སྩོལ་གྱུར་ཅིག །ཅེས་པའང་དཔོན་ཛམ་ལྷས་བསྐུལ་ངོར་ཡུལ་ལྷ་དེ་ཉིད་དང་ཉེ་བར་སྤེལ། །

བན་ཆེན་བླ་མ་ཀརྨ་རབ་དགའི་ངོར།


SPN003_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ལས་རིན་ཆེན་སྣོད་ཀྱི་ནང་། །འབྲུ་གསུམ་འོད་ཞུ་བསང་མཆོད་རྫས། །ཟག་མེད་དཔལ་འབྱོར་འདོད་དགུའི་ཆར། །ནམ་མཁའ་མཛོད་བཞིན་རྒྱ་ཆེན་གྱུར། །ཨ་ཀཱ་རོས་བྱིན་བརླབས་ལ། ཀྱེ། སྔོན་ཚེ་འཆི་མེད་གྲུབ་པའི་གཙོ། །རྒྱལ་དབང་པདྨ་ཐོད་ཕྲེང་གི། །བཀའ་བསྒོས་ཡལ་གམ་དམ་ཚིག་ཅན། །གཉུ་རྒྱལ་ར་ལ་བྱ་ཁྱུང་དང་། །བཙུན་མོ་སྲས་འཁོར་ཡང་སྤྲུལ་པ། །དཀར་ཕྱོགས་མཐུ་ལྡན་སྟོངས་གྲོགས་མཁན། །ཡུལ་ལྗོངས་བདེ་སྐྱིད་སྤེལ་བ་ཡི། །གཉུག་མར་གནས་པའི་དགེ་བསྙེན་དང་། །གཞི་བདག་གནས་བདག་མཆོད་སྒྲུབ་ཅིང་། །རིགས་ཆོས་རྒྱུད་ཀྱི་སྲུང་མ་རྣམས། །ཀུན་ཀྱང་འདིར་བྱོན་བསང་མཆོད་བཞེས། །དངོས་འབྱོར་མཆོད་སྤྲིན་རྒྱ་མཚོའི་ཚོགས། །རང་རང་མོས་པའི་མཁོ་དགུ་ཡི། །ལོངས་སྤྱོད་སྣ་ཚོགས་བློས་བླངས་ཏེ། །འབུལ་བཞེས་དགྱེས་པ་བསྐང་གྱུར་ཅིག །བག་མེད་ཉེས་པའི་དབང་གིས་ནི། །ནོངས་པ་མཆིས་རྣམས་བཟོད་པ་མཛོད། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་དང་བསྟན་འཛིན་སྤེལ། །དགེ་འདུན་སྡེ་སྐྱོང་རྣལ་འབྱོར་གྱི། །ཡིད་ལ་གང་བསམ་སྒྲུབ་པ་དང་། །ཡུལ་རིས་ས་ཕྱོགས་འདི་ཉིད་དུ། །ཆར་ཆུ་དུས་འབབས་ལོ་ལེགས་ཤིང་། །ནད་མུག་


SPN003_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་བསྐལ་དལ་ཡམས་ཞི། །སྐྱེ་དགུ་དཀར་པོའི་ཆོས་ལྡན་ཞིང་། །དུས་ཀུན་བཀྲ་ཤིས་འབྱུང་གྱུར་ཅིག །ཅེས་པའང་བན་ཆེན་བླ་མ་ཀརྨ་རབ་དགའི་ངོར་སྤེལ། །

མ་མགོན་ལྕམ་དྲལ་གཙོར་བཏོན་པའི་ཡུལ་ལྷར་བསང་བརྔན་མདོར་བསྡུས།


SPN003_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་མ་མགོན་ལྕམ་དྲལ་གཙོར་བཏོན་པའི་ཡུལ་ལྷར་བསང་བརྔན་མདོར་བསྡུས་སྤྲོ་ན། མཆོད་རྫས་རྣམས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བསང་མཆོད་རྫས། །འབྲུ་གསུམ་ངོ་བོ་འོད་དུ་ཞུ། །ཟག་མེད་ལོངས་སྤྱོད་འདོད་དགུའི་ཆར། །མཁའ་དབྱིངས་ཁྱོན་གང་བདེ་ཆེན་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ཧཱུྃ། རང་ཉིད་ལྷར་གསལ་ཐུགས་ཀ་ནས། །འོད་འཕྲོས་འོག་མིན་བྱང་ཕྱོགས་ཀྱི། །དུར་ཁྲོད་རབ་འཇིགས་གཞལ་ཡས་ནས། །དཔལ་ལྡན་མ་ཧཱ་ཀཱ་ལ་ཆེ། །རྡོ་རྗེ་བེར་ནག་ཟངས་གྲི་ཅན། །འདོད་ཁམས་དབང་ཕྱུག་དཔལ་ལྷ་མོ། །མ་གཅིག་རང་བྱུང་སྲིད་རྒྱལ་མོ། །བཀའ་སྡོད་བསྟན་སྲུང་དམ་ཚིག་ཅན། །འཁོར་བཅས་འདིར་བྱོན་བསང་མཆོད་བཞེས། །སྐོང་རྟེན་སྒྲུབ་དང་མཆོད་པའི་རྫས། །སྤྱན་གཟིགས་དཀོར་ཆས་ལྷ་དང་མིའི། །དཔལ་འབྱོར་ཕུན་ཚོགས་ནམ་མཁའི་མཛོད། །ཇི་བཞིན་སྤེལ་འདི་དགྱེས་བརྩེར་རོལ། །ཕྲིན་ལས་རྣམ་བཞིའི་མངའ་དབང་ཅན། །དྲེགས་བྱེད་སྲུང་མའི་ཚོགས་ལ་བསྟོད། །བདག་ཅག་


SPN003_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་བསྒྲུབ་པ་ལ། །མཐུན་རྐྱེན་སྤེལ་ལ་འགལ་རྐྱེན་སོལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །གཞན་ཡང་མགྲོན་དུ་འོས་པ་ཡི། །ཡུལ་ལྷ་ཟླ་རྒྱལ་དགེ་བསྙེན་ཆེ། །གཡུང་དྲུང་ལྷ་རྩེ་འཁོར་དང་བཅས། །ཁྱད་པར་དགོན་གནས་འདི་ཉིད་དུ། །གཉུག་མར་གནས་པའི་ཡུལ་གཞིའི་བདག །མགོན་སྐྱོབ་དཔུང་གྲོགས་བྱེད་པ་རྣམས། །འབོད་པའི་གནས་འདིར་སྤྱན་འདྲེན་ན། །འདིར་གཤེགས་སོ་སོར་མོས་ཐོབ་ཀྱི། །བསང་དང་མཆོད་རྫས་སྣ་ཚོགས་པ། །འབུལ་བཞེས་དགྱེས་བསྐང་རྩ་བརྒྱུད་ཀྱི། །བླ་མའི་བཀའ་ལས་མ་འདའ་བར། །དཀར་པོའི་ཕྱོགས་སྐྱོངས་ནག་ཕྱོགས་ཐུལ། །གོད་འདྲེ་དབུལ་སྲི་ཞི་བར་མཛོད། །འགལ་རྐྱེན་སོལ་ལ་སྟོངས་གྲོགས་དང་། །རྒྱབ་བརྟེན་ཁ་འཛིན་མ་གཡེལ་བར། །ལེགས་ཁ་རྒྱལ་ཁ་ཐོབ་པ་དང་། །གང་བཅོལ་ཕྲིན་ལས་མྱུར་འགྲུབ་མཛོད། །ཡེ་ཤེས་འཇིག་རྟེན་མགྲོན་རྣམས་ཀུན། །རང་བཞིན་གནས་གཤེགས་དུས་སུ་ནི། །སླར་འབྱོན་རྣམ་ཀུན་བཀྲ་ཤིས་པའི། །ཉིན་བྱེད་འོད་སྟོང་གསལ་གྱུར་ནས། །དགེ་ལེགས་རྒྱ་མཚོ་མཐའ་རྒྱས་ཤོག །ཅེས་པའང་དྲུང་རམ་པ་བླ་མ་ཀརྨ་སྙན་གྲགས་དཔལ་བཟང་ངོར་སྤེལ་བ་ཛ་ཡནྟུ། །

སྒྲུབ་པ་ཚེ་དབང་དཔལ་འབར་ནས་བསྐུལ་ངོར།


SPN003_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བྷྲཱུཾ་ལས་རིན་ཆེན་སྣོད་ཡངས་པར། །མཆོད་རྫས་ཟག་མེད་བདེ་བ་ཆེའི། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་འཁྱིལ། །བདུག་སྤོས་སྤྲིན་བཞིན་གཏིབས་པར་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ། ཀྱཻ། དཀར་པོ་ལྷ་ཡི་ཕྱོགས་སྐྱོང་ཞིང་། །ནག་པོའི་བདུད་རིས་མཐར་བྱེད་པའི། །ཡུལ་ལྷ་ཟོ་དོར་ཡོངས་ཀྱི་གཙོ། །ས་ཡི་ཉི་ཟླའི་རི་བོ་དང་། །ལྗང་ར་སྨུག་པོའི་གནས་ཀྱི་བདག །ཁྱད་པར་ལ་ཤྲཱི་གནྡྷོ་ལའི། །སྲུང་མ་དགེ་བསྙེན་ཡབ་ཡུམ་སྲས། །གཞན་ཡང་ཉལ་འགྲོ་འཛིན་མའི་གཞིར། །གནས་བཅས་ཀླུ་གཉན་ས་བདག་དང་། །བྲག་བཙན་ལ་སོགས་གཉུག་མར་གནས། །མཆོད་འོས་སྤྱི་དང་གློ་བུར་མགྲོན། །ཀུན་ཀྱང་འདིར་གཤེགས་བསང་མཆོད་རྫས། །སོ་སོར་མོས་ཐོབ་དཀོར་ནོར་རྫས། །སྲིད་གསུམ་དངོས་པོའི་ལོངས་སྤྱོད་དང་། །མ་ལ་ཡ་ཀླུང་ཧ་རི་ལྗོན། །དྲི་བཞོན་གྱིས་བསྐུལ་ངད་བཟང་སྤོས། །རྒྱ་མཚོའི་གོས་ཅན་ཀུན་ཁྱབ་པའི། །སྡོམ་པ་དམ་ཚིག་ཚུལ་ཁྲིམས་ཀྱི། །བྱིན་རླབས་ཆུ་འཛིན་རབ་ཏུ་གཏིབས། །བྱམས་དང་སྙིང་རྗེའི་རང་རྩལ་མདངས། །འཕྲོས་པས་ལྷ་ཀླུ་ཡུལ་གཞིའི་བདག །རྨུགས་དང་ཉམས་དང་མནོལ་གྲིབ་སངས། །བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ཅིང་། །སྔོན་ཚེ་སུཪྱ་འོད་ཟེར་དང་། །རྩ་བརྒྱུད་བླ་མའི་བཀའ་བཞིན་དུ། །དམ་གནས་ཐ་ཚིག་རྗེས་དྲན་ལ། །རྒྱལ་བསྟན་སྐྱོང་ཞིང་བསྟན་


SPN003_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སྲུང་། །དགེ་འདུན་འཕེལ་རྒྱས་འགྲོ་ཁམས་བདེ། །ཆར་ཆུ་དུས་འབབས་ལོ་ཕྱུགས་ལེགས། །ནད་མུག་མཚོན་བསྐལ་དལ་ཡམས་ཞི། །རྣལ་འབྱོར་བཅོལ་བའི་འདོད་དོན་ཀུན། །ཐོགས་མེད་ཉིད་དུ་འགྲུབ་པར་མཛོད། །སྲུང་སྐྱོབ་མི་འབྲལ་དུས་ཀུན་སྐྱོངས། །དགེ་ཞིང་ཤིས་པའི་ཕུན་ཚོགས་ཀྱི། །བཀྲ་ཤིས་རབ་བརྟན་རབ་རྒྱས་ཤོག །གཙྪས་གཤེགས། ཞེས་པའང་སྒྲུབ་པ་ཚེ་དབང་དཔལ་འབར་ནས་བསྐུལ་ངོར་སྤེལ།། །།

བཀྲ་ཤིས་ལྷ་དར་ངོར།


SPN003_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ༀ་ལས་རིན་ཆེན་སྣོད་ཡངས་པར། །ཁམ་ཞུ་བསང་དང་མཆོད་པའི་རྫས། །དུད་སྤྲིན་ཟེར་ལས་འདོད་དགུའི་ཆར། །ཡིད་བཞིན་ཟག་མེད་བདེ་བསྐྱེད་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ཀྱཻ། རྒྱལ་དབང་མཚོ་སྐྱེས་པད་འབྱུང་གིས། །བཀའ་བསྒོས་ལྷ་ཡི་དགེ་བསྙེན་ཆེ། །ཁྱུང་དྲག་རྡོ་རྗེ་འབར་བ་རྩལ། །དགྱེས་སྡེ་འཁོར་དང་ཡང་འཁོར་བཅས། །གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །དགེ་བའི་སྡོང་གྲོགས་མཛད་པ་ཡི། །གཉུག་མར་གནས་པའི་དཀར་ཕྱོགས་སྐྱོང་། །ཀུན་ཀྱང་འདིར་བྱོན་བསང་མཆོད་འབུལ། །སོ་སོར་མོས་ཐོབ་སྣ་ཚོགས་རྫས། །འཆི་མེད་བདག་པོའི་ལོངས་སྤྱོད་བཞིན། །དགྱེས་བསྐང་མཐུན་པའི་ཡོ་བྱད་ཚོགས། །འབུལ་བཞེས་


SPN003_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བརྩེར་དགོངས་ལ། །ཉམས་ཆག་མནོལ་གྲིབ་བསང་གྱུར་ཅིག །རྟག་ཏུ་འགོ་ཞིང་སྲུང་བ་དང་། །མཐུ་རྩལ་སྟོབས་ལྡན་ཕྱྭ་ག ཡང་ཕོབ། །སྔོན་ཚེ་རྩ་བརྒྱུད་བླ་མ་ཡི། །བཀའ་དང་དམ་ཚིག་མ་གཡེལ་བར། །རྣལ་འབྱོར་བསམ་དོན་མྱུར་འགྲུབ་པའི། །ཕྲིན་ལས་ཐོགས་མེད་བསྒྲུབ་པར་མཛོད། །གཙྪས་རང་གནས་གཤེགས། ཞེས་པ་དད་དམ་ལྡན་པ་བཀྲ་ཤིས་ལྷ་དར་ངོར་སྤེལ་བ་དགེ། །།

རྒྱལ་རོང་ལེགས་བཤད་ངོར།


SPN003_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྭ་བྷཱ་ཝས་སྦྱངས། སྟོང་ལས་རིན་ཆེན་སྣོད་ཡངས་པར། །འབྲུ་གསུམ་འོད་ཞུ་མཆོད་པའི་རྫས། །དྲི་ཞིམ་བདུག་པའི་སྤྲིན་ཕུང་གིས། །ཕྱོགས་ཀུན་རྒྱས་པར་འགེངས་པར་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ཀྱཻ། སྔོན་ཚེ་རྒྱལ་དབང་པདྨ་ཐོད་ཕྲེང་གིས། །སྦས་པའི་ཡུལ་ལྗོངས་བྱིན་རླབས་ཤར་ཕྱོགས་ཀྱི། །རྒྱལ་མོ་ཚ་བ་རོང་གི་གཞི་གནས་བདག །འཇིག་རྟེན་དྲེགས་བྱེད་དམ་ཚིག་ཅན་གྱི་གྲོགས། །ཡུལ་ལྷ་ཐོ་བུག་བྷ་ཝེ་དྲེ་དང་ནི། །ཡ་ཕྲི་ཏ་ཕྱི་ཀ་ར་ཝ་རྣམས་དང་། །ཡ་ཝོ་ནི་སོགས་གནས་ཡུལ་སྐྱོང་བ་རྣམས། །འདིར་བྱོན་ཞི་བ་བསང་གི་མཆོད་པའི་རྫས། །སོ་སོར་མོས་ཐོབ་སྤྱན་གཟིགས་དཀོར་ཆས་བརྗིད། །ལྷ་མིའི་ལོངས་སྤྱོད་འདོད་ཡོན་སྣ་ཚོགས་དང་། །ཁྱད་པར་དྲི་བཞོན་གྱིས་བསྐུལ་དབྱར་སྐྱེས་ཀྱི། །


SPN003_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་དཀྲིགས་འདྲ་མ་ལ་ཡ་རླུང་གིས། །བསྐྱོད་པའི་ཧ་རི་ཙནྡན་ངད་ལྡང་པའི། །བསང་མཆོད་འདི་འབུལ་ཚིམ་ཞིང་དགྱེས་པར་རོལ། །མི་གཙང་ངན་སྤྱོད་གྲིབ་ཀྱིས་གོས་པ་བསང་། །མཐུ་རྩལ་ནུས་ལྡན་དཀར་ཕྱོགས་སྐྱོང་རྣམས་བསྟོད། །རྒྱལ་བསྟན་སྐྱོང་དང་ཆོས་འཁོར་འདུས་པ་རྒྱས། །ཡུལ་རིས་ས་ཕྱོགས་རྒྱལ་ཁམས་འདི་ཉིད་དུ། །སྐྱེ་དགུ་རྣམས་ཀྱང་བདེ་དགའི་དཔལ་ལྡན་ཅིང་། །ལོ་ལེགས་འབྲུ་འཕེལ་ནད་དང་གནོད་པ་ཞི། །མཐུན་རྐྱེན་འདོད་དགུ་གྲུབ་པར་མཛད་དུ་གསོལ། །མདོར་ན་རྣལ་འབྱོར་བསམ་དོན་གང་ཡིན་པ། །ལྷུན་གྱིས་གྲུབ་པར་བཅོལ་ཀུན་ཕྲིན་ལས་མཛོད། །གཙྪས་རང་གནས་སུ་གཤེགས། ཞེས་པ་འདི་རྒྱལ་རོང་ལེགས་བཤད་ངོར་སྤེལ། །

ཁྲོ་ཆུ་ཤུ་བྷམ་དགོན་གྱི་བླ་མ་ཏསྩ་རྗེ་དྲུང་པས་བསྐུལ་ངོར།


SPN003_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏས་བསངས་ལ། སྭ་བྷཱ་ཝས་སྦྱངས། སྟོང་ལས་བྷྲཱུཾ་ཡིག་རིན་ཆེན་སྣོད། །ཡིད་འོང་མཁའ་ལྟར་ཁྱབ་པའི་ནང་། །འབྲུ་གསུམ་འོད་ཞུ་བསང་མཆོད་རྫས། །ཟག་མེད་བདེ་ཆེན་སྐྱེད་བྱེད་པ། །འདོད་ཡོན་སྣ་ཚོགས་སྤྲིན་གྱི་ཆར། །སྣང་སྲིད་ཞིང་ཁམས་འབྱམས་ཀླས་པའི། །ཀུན་ཏུ་བཟང་པོའི་སྨོན་ལམ་བཞིན། །རྒྱ་ཆེན་རྒྱུན་མ་ཆད་པར་སྤེལ། །ཨ་ཀཱ་རོས་བྱིན་བརླབས་ལ། རང་ཉིད་ལྷར་གསལ་ཐུགས་འོད་ལས། །ཟེར་འཕྲོས་


SPN003_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་འོས་མགྲོན་རིགས་རྣམས། །སྔོན་གྱི་དམ་ཚིག་རྗེ་དྲན་ནས། །སྐད་ཅིག་ཐོགས་མེད་འདིར་གཤེགས་གྱུར། །ཀྱཻ། བཅོམ་ལྡན་ཤཱཀྱ་སེང་གེ་ཡིས། །བདུད་བཏུལ་མངོན་བྱང་ཆུབ་པའི་ས། །རྡོ་རྗེ་གདན་གྱི་བྱང་གི་ཕྱོགས། །བསིལ་རིའི་ལྗོངས་ཏེ་གངས་ཅན་ཡུལ། །ཤར་གྱི་ཆར་བསྟན་སྦས་པའི་གནས། །རྒྱལ་མོ་ཚ་བའི་རོང་ཆེན་གྱི། །དཀར་པོ་ལྷ་ཡི་སྡེ་དཔོན་ཆེ། །ནག་ཕྱོགས་བདུད་རིས་མཐར་བྱེད་པའི། །ཡུལ་ལྷ་ཟོ་དོར་ཡོངས་ཀྱི་གཙོ། །ཨའུ་ཐབས་ཤེས་གཉན་པོ་ནི། །རྫུ་འཕྲུལ་སྣ་ཚོགས་སྟོབས་འཆང་ཞིང་། །སྐུ་མདོག་ཆ་ལུགས་ཅིར་ཡང་བསྒྱུར། །བཙུན་མོ་སྲས་འཁོར་ཡང་སྤྲུལ་དང་། །གཞན་ཡང་ཆོས་འཁོར་གཙུག་ལག་སྐྱོང་། །དགེ་བའི་གྲོགས་དང་མགོན་བྱེད་པའི། །གཞི་བདག་གཉུག་མར་གནས་པ་རྣམས། །ཀུན་ཀྱང་འདིར་བྱོན་གདན་ལ་བཞུགས། །འདིར་བཤམས་བསང་མཆོད་དུད་པའི་སྤྲིན། །ཆ་ཤས་ཟེར་མ་རེ་རེ་ལས། །བཀྲ་ཤིས་རྫས་རྟགས་འདོད་ཡོན་ལྔ། །མཁོ་དགུའི་སྤྱན་གཟིགས་དཀོར་ཆས་དང་། །ཉེར་སྤྱོད་རིན་ཆེན་གསེར་གྱི་སྐྱེམས། །རང་རང་ཇི་ལྟར་མོས་ཐོབ་ཀྱི། །སྣ་ཚོགས་ཡིད་ལ་འདོད་འཇོ་བའི། །མཆོད་རྫས་རྒྱ་ཆེན་འབུལ་བཞེས་གསོལ། །ངད་བཟང་བདུག་པའི་དྲི་བཞོན་གྱིས། །བྱིང་རྨུགས་དམེ་དང་


SPN003_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་གྲིབ་སོགས། །མི་གཙང་ཉེས་པ་ཐམས་ཅད་སོལ། །སངས་རྒྱས་ཆོས་ཀྱི་འཁོར་ལོའི་གཞི། །བསྟན་པ་གཉན་སྲུང་ཕས་རྒོལ་འཇོམས། །དཀར་ཕྱོགས་སྐྱོང་བའི་སྡེ་དཔོན་ཆེ། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །རྣམ་དག་ངེས་པའི་རིང་ལུགས་གང་། །འཛིན་བྱེད་རྡོ་རྗེ་སློབ་དཔོན་དང་། །སློབ་མར་བཅས་ཀུན་སྐྱོང་བྱེད་པ། །གསོལ་ལོ༴ རྒྱལ་ཁམས་བདེ་ལྡན་ཉེར་འཚོའི་གནས། །ས་སྐྱོང་མི་བདག་མངའ་རིས་ཀྱི། །ཡུལ་ལྗོངས་དགེ་བའི་མགོན་བྱེད་པ། །གསོལ་ལོ༴ རྣལ་འབྱོར་བརྟེན་བསྒྲུབ་འགོ་བ་ཡི། །རིགས་ཆོས་རྒྱུད་ཀྱི་སྲུང་མ་སྟེ། །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་བྱེད། །གསོལ་ལོ༴ མཐུ་ཆེན་རྩལ་དྲག་ལྡན་པ་ཡི། །སྦས་པའི་གནས་ཡུལ་བདེར་སྐྱོང་བ། །གཞི་བདག་ཟོ་དོར་དཔུང་གི་ཚོགས། །འཁོར་བཅས་བསྟོད་དོ་རབ་ཏུ་བསྔགས། །སྔོན་ཚེ་པདྨ་ཐོད་ཕྲེང་དང་། །ལོ་ཆེན་བཻ་རོ་ལ་སོགས་པ། །རྩ་བརྒྱུད་བླ་མའི་སྤྱན་སྔ་རུ། །ཐ་ཚིག་རྡོ་རྗེའི་མནའ་བོར་ལྟར། །བཀའ་བསྒོས་དམ་བཞག་མ་བསྙེལ་བར། །མི་ནུབ་བསྟན་པའི་རྒྱལ་མཚན་བསྒྲེང་། །ངེས་གསང་སྙིང་པོ་སྒྲུབ་བརྒྱུད་ཀྱི། །བསྟན་དང་བསྟན་འཛིན་ཕྲིན་ལས་འོད། །རྒྱ་མཚོའི་གོས་ཅན་ཁྱབ་པ་དང་། །དགེ་འདུན་འདུས་པ་ཚུལ་གནས་ཐོས། །


SPN003_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྤྱོད་ཕར་ཕྱིན་བསླབ་གསུམ་ལྡན། །ནོངས་མེད་འཕེལ་རྒྱས་ཁམས་ཀུན་ཏུ། །རྒྱལ་པོ་ཆོས་མཐུན་སྐྱེ་དགུ་རྣམས། །དགེ་ལ་གཞོལ་ཞིང་རྟག་བདེ་སྐྱིད། །ཆར་ཆུ་དུས་འབབ་ལོ་ཕྱུགས་ལེགས། །ཡིད་སྲུབས་རྒྱུད་བསྐུལ་ཆོས་མིན་རྣམས། །མིང་མེད་རྩད་ནས་གཞོམ་པ་དང་། །ནད་ཡམས་བསྐལ་ངན་འཇིགས་ཆེན་བརྒྱད། །དལ་ཁ་མཚོན་ཁ་བསྒྱུར་དུ་གསོལ། །རྫོགས་ལྡན་དང་པོའི་ལང་ཚོ་ནི། །གསར་དུ་འཆར་འདྲའི་དཔལ་འབྱོར་གྱིས། །འཇིག་རྟེན་ཁྱབ་པར་མཛད་དུ་གསོལ། །རྣལ་འབྱོར་མཐུན་རྐྱེན་འདོད་པའི་དོན། །ཡིད་བཞིན་འགྲུབ་པའི་སྡོང་གྲོགས་མཛོད། །ཉིན་མཚན་དུས་ཀུན་འབྲལ་མེད་དུ། །སྲུང་སྐྱོབ་མེལ་ཚེ་མ་གཡེལ་ཅིག །འགལ་རྐྱེན་ནད་གདོན་བར་ཆད་རིགས། །མི་མཐུན་གཡུལ་ངོ་བཟློག་ཏུ་གསོལ། །གཉིས་སྣང་འཛིན་པའི་བག་ཆགས་ཀྱི། །འཁྲུལ་རྟོག་གིས་བསླད་ནོངས་པ་རྣམས། །བཟོད་བཞེས་མཉམ་ཉིད་མཁའ་ཡངས་པོར། །བཤགས་སོ་དག་ཚངས་དངོས་གྲུབ་སྩོལ། །རང་རང་གནས་གཤེགས་སླར་ཡང་ནི། །མཆོད་པའི་སླད་དུ་འབྱོན་པར་གསོལ། །སརྦ་བྷཱུ་ཏ་གཙྪས་གཤེགས། བཀྲ་ཤིས་ཕུན་ཚོགས་དགེ་བའི་ཆར། །སྲིད་ཞིའི་དངོས་ཀུན་ལེགས་བྱས་སུ། །དེང་འདིར་མངོན་པར་ཡོངས་གྲུབ་


SPN003_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་རྒྱལ་རོང་ཁྲོ་ཆུ་ཤུ་བྷམ་དགོན་གྱི་བླ་མ་ཏསྩ་རྗེ་དྲུང་པས་བསྐུལ་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་དགེ་བར་གྱུར་ཅིག །

རྡོ་བླ་ལྕགས་རྩེ་གཉན་པོའི་བསང་མཆོད།


SPN003_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་བླ་ལྕགས་རྩེ་གཉན་པོའི་བསང་མཆོད་བཞུགས། འདིར་ཡུལ་ལྷའི་བསང་བརྔན་བགྱི་བར་སྤྲོ་ན། བསང་ཁང་ཟླུམ་པོ་ཡིད་དུ་འོང་བ་ཕུབ། ཕྱེ་མར། འབྲུ་སྣ། དཀར་ཕུད། དར་ཟབ། རིན་ཆེན་ཕྱེ་མ་སོགས་མཆོད་པ་བཤམས། རང་ཉིད་ལྷ་ཡི་ང་རྒྱལ་དང་ལྡན་པས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དྷཱི་ཡིག་ཡོངས་གྱུར་ལས། །རིན་ཆེན་བསང་ཁང་ཡངས་ཤིང་རྒྱ་ཆེ་བར། །དྲི་བཟང་སྨན་སྤོས་ཤིང་སྣ་དུད་པའི་སྤྲིན། །འདོད་ཡོན་ལོངས་སྤྱོད་ནམ་མཁའ་མཛོད་བཞིན་སྤེལ། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ་དང་། ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། ཀྱཻ། སྣང་སྲིད་ཟིལ་གནོན་གདུག་པ་འདུལ། །ཕྱི་ལྟར་ཆེ་མཆོག་དྲག་པོ་རྩལ། །ནང་ལྟར་པདྨ་འབྱུང་གནས་སྐུ། །གསང་བ་ཐོད་ཕྲེང་ཧེ་རུ་ཀ །འཁོར་འདས་ཀུན་ལ་དབང་བསྒྱུར་བའི། །རྡོ་རྗེའི་ཐ་ཚིག་གཉན་པོ་ཡི། །བཀའ་བསྒོས་དམ་བཞག་ཡལ་གམ་ཅན། །དཀར་པོའི་ཕྱོགས་རྣམས་སྐྱོང་བར་བྱེད། །ནག་ཕྱོགས་ཕས་རྒོལ་འཇོམས་པའི་ལྷ། །ཤར་ཟླའི་ལྗོངས་ཀྱི་བྱེ་བྲག་ཏུ། །རྡོ་ཡུལ་སྟོད་སྨད་མངའ་བའི་བདག །ཟོ་དོར་


SPN003_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་གཙོ་བོ་སྟེ། །སྐུ་ལྷ་ལྕགས་རྩེ་གཉན་པོ་དང་། །དིལ་དཀར་དང་ནི་གཡུང་དྲུང་རྩེ། །ལྷ་རི་དིལ་དཀར་ལ་སོགས་པ། །ཆ་ལུགས་ཞོན་པ་ཕྱག་མཚན་རྣམས། །མ་ངེས་སྣ་ཚོགས་སྟོན་ཅིང་བསྒྱུར། །གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །དགེ་བསྙེན་སྨན་མོ་འབྱུང་པོའི་ཚོགས། །ཐམས་ཅད་མ་ལུས་འཁོར་དང་བཅས། །འདིར་གཤེགས་མཆོད་ཕྱིར་སྤྱན་འདྲེན་ནོ། །རིན་ཆེན་བསང་ཁང་ཡིད་འོང་བར། །དྲི་ལྡན་སྣ་ཚོགས་དུད་པའི་སྤྲིན། །རབ་འབྱམས་ཕྱོགས་མཐར་ཀུན་ཁྱབ་པའི། །ཆ་ཤས་ཟེར་ལས་འཕྲོས་པ་ཡི། །བཀྲ་ཤིས་རྫས་རྟགས་འདོད་ཡོན་དང་། །མཁོ་དགུའི་ལོངས་སྤྱོད་དཔལ་འབྱོར་རྣམས། །ཡོངས་འདུའི་ལྗོན་བཞིན་ཆར་ལྟར་འབེབས། །གཞན་ཡང་ཕྱེ་མར་འབྲུ་སྣའི་རིགས། །ཇ་ཆང་དཀར་ཕུད་དར་ཚོན་ལྔ། །རིན་ཆེན་གསེར་གཡུའི་ཕྱེ་མ་དང་། །མཐུན་རྫས་དཀོར་ཆས་ས་གཞི་དང་། །བར་སྣང་ཁྱབ་པར་འཕྲོ་བ་ཡི། །རྟ་ཕྱུགས་གནག་ལུག་གཟུགས་འགྲོས་སོགས། །མདོར་ན་སོ་སོར་མོས་ཐོབ་ཀྱི། །མཆོད་པའི་ཡོ་བྱད་སྣ་ཚོགས་ཕུལ། །རབ་ཏུ་ཚིམ་ཞིང་དགྱེས་གྱུར་ནས། །བདེ་དང་དགའ་བས་ངོམས་གྱུར་ཅིག །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ །གྲུབ་པའི་དབང་ཕྱུག་ཀརྨ་པ། །རྩ་བརྒྱུད་བླ་མའི་སྤྱན་སྔ་རུ། །ཅི་ལྟར་ཁས་བླངས་དམ་བཅས་བཞིན། །དམ་


SPN003_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་རྗེས་སུ་དྲན་པར་གྱིས། །རྒྱལ་བའི་ཞལ་མཐོང་དགེ་བསྙེན་ཆེ། །མ་འོངས་འཁོར་བ་མཐའ་ཅན་དུ། །སེམས་བསྐྱེད་འབྲས་བུ་ཐོབ་གྱུར་པ། །ཁྱོད་ལ་བསྟོད་ཅིང་བསྔགས་པར་འོས། །བཅོལ་བའི་ཕྲིན་ལས་དམ་པ་ནི། །སངས་རྒྱས་བསྟན་དང་བསྟན་འཛིན་རྣམས། །དར་རྒྱས་ཡུན་གནས་དགེ་འདུན་སྡེ། །འཕེལ་ཞིང་རྒྱལ་པོ་ཆོས་བཞིན་སྤྱོད། །མངའ་རིས་བདེ་སྐྱིད་ལོ་ལེགས་ཤིང་། །ནད་མུག་མཚོན་བསྐལ་ཞི་བར་མཛོད། །རྣལ་འབྱོར་བདག་ཅག་འཁོར་དང་བཅས། །གཞི་བྱེས་བྱ་བ་གང་བརྩམ་པར། །ལེགས་ཁ་བཏོད་ལ་རྒྱལ་ཁ་ཟུངས། །མཐུ་དང་རྒྱབ་རྟེན་སྡོང་གྲོགས་མཛོད། །ཉིན་དང་མཚན་དུ་བྱ་ར་དང་། །སྲུང་སྐྱོབ་མི་འབྲལ་སྤ་བར་མཛོད། །གང་བཅོལ་བསམ་པའི་དོན་རྣམས་ཀུན། །ཐོགས་མེད་བདེ་བླག་འགྲུབ་གྱུར་པའི། །མྱུར་མགྱོགས་རྫུ་འཕྲུལ་སྟོབས་བསྐྱེད་ལ། །ཀུན་ཏུ་དགེ་ཞིང་ཤིས་པ་ཡི། །ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཤོག །མི་གཙང་ཉེས་པར་གྱུར་པ་རྣམས། །བཤགས་སོ་ཚངས་པར་མཛད་ནས་ཀྱང་། །རང་རང་གནས་སུ་སོ་སོར་གཤེགས། །དུས་སུ་སླར་ཡང་འབྱོན་པར་གསོལ། །སརྦ་བྷཱུ་ཏ་གཙྪས་གཤེགས་ལ། བསྔོ་བ་སྨོན་ལམ་བྱའོ། །དེ་ལྟར་སྒྲུབ་ཆེན་བླ་མ་ཀརྨ་གཟི་བརྗིད་ཀྱིས་བསྐུལ་བའི་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྣྲོན་ཟླའི་ཚེས་ལ་སྤེལ་བ་མངྒ་ལྃ། །

རིག་འཛིན་མི་འགྱུར་རྡོ་རྗེའི་མཆོག་སྤྲུལ་གྱི་བཞེད་ངོར།


SPN003_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨཱ་ཀ་ར་ཡེ། འདིར་བསྟན་པའི་བཀའ་སྲུང་ཡུལ་ལྷ་རྣམས་ཀྱི་བསང་མཆོད་བགྱིད་པར་སྤྲོ་ན། བསང་རྫས་གཙང་ཞིང་བཟང་བ་ཚར་དུ་དངར་བ་འདུ་བར་བྱས་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བསང་མཆོད་རྫས། །འདོད་པའི་ཡོན་ཏན་རྒྱ་ཆེ་ཞིང་། །རྒྱུན་མི་ཆད་པའི་རྣམ་པ་ཅན། །ནམ་མཁའ་མཛོད་ཀྱི་རང་བཞིན་གྱུར། །ༀ་ཨ་ཀཱ་རོ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། དེ་ནས་མགྲོན་རྣམས་སྤྱན་དྲངས་བ་ནི། ཀྱཻ། སྔོན་ཚེ་ཨོ་རྒྱན་རྡོ་རྗེ་འཆང་། །མཚོ་སྐྱེས་པདྨ་བཛྲ་གྱི། །བཀའ་དང་དམ་ལ་གནས་པ་ཡི། །དཀར་ཕྱོགས་སྐྱོང་བ་ཡོངས་ཀྱི་རྒྱལ། །ལྷ་ཡི་དགེ་བསྙེན་གྲགས་ལྡན་པ། །གནས་ཞིང་སྲུང་བའི་ཟོ་དོར་གཙོ། །ཁྲ་ཤོད་སྦོམ་བྲག་གཉེན་པོ་དང་། །ཇོ་བོ་ལྷ་འཁོར་སེང་གནམ་བྲག །ཁྱད་པར་ཆོས་འཁོར་གདན་ས་ཡི། །བཀའ་སྲུང་ཞལ་བཞེས་གཡར་དམ་ཅན། །ཡུལ་ལྗོངས་དགེ་ཞིང་ཤིས་པ་ཡི། །སྟོབས་ཀྱི་དཔུང་པས་ལེགས་སྐྱོང་བ། །རྨུགས་འཛིན་ནོར་བདག་མདོ་རྒྱལ་གཉེན། །སྲས་ལྕམ་བཙུན་མོའི་འཁོར་ཚོགས་དང་། །ཕྱཱ་རྒྱལ་རྡོ་རྗེ་གཡུ་དྲུང་རྩལ། །མཆེད་གསུམ་རང་རིགས་སྡེ་དཔུང་དང་། །འཛི་རྒྱལ་སྒབ་གྲོ་བཀྲམ་རྒྱལ་སོགས། །འདིར་དམིགས་བསལ་ཡུལ་ལྷ་གང་རུང་འཛུད་ཀྱང་ཆོག །རྣལ་འབྱོར་སྒྲུབ་པོས་སྤྱན་འདྲེན་ན། །མ་ཐོགས་མྱུར་བར་གནས་འདིར་གཤེགས། །རང་རང་གདན་ལ་བཞུགས་སུ་གསོལ། །འདིར་བཤམས་ཕྱི་ནང་གསང་མཆོད་རྫས། །བྱང་སེམས་ཀུན་ཏུ་


SPN003_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་ཡི། །མཆོད་སྤྲིན་རབ་འབྱམས་དང་མཉམ་པའི། །ཟད་མེད་ཕུན་སུམ་ཚོགས་པའི་གཏེར། །ཞིང་ཁམས་རྒྱ་མཚོར་འགེངས་པ་ཡི། །སྤྱན་གཟིགས་དཀོར་ཆས་སྣ་ཚོགས་དང་། །ཛ་གད་རཏྣའི་གསེར་སྐྱེམས་ཕུད། །ཕྱེ་མར་དཀར་གསུམ་མངར་གསུམ་དང་། །དར་སྣ་སྟག་རས་གཟིག་རས་སོགས། །བཟང་ཤིང་རྣམ་མང་བདུག་སྤོས་ཀྱི། །འོད་ཟེར་དྲྭ་བའི་རེ་ཁཱ་ལས། །མཐོ་རིས་བདག་པོའི་ལོངས་སྤྱོད་ཀྱི། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །ཉེ་བའི་རིན་ཆེན་འདོད་ཡོན་ལྔ། །དགེ་མཚན་རི་མོ་ཅི་ཡང་འཆར། །གནས་ཡུལ་གཞི་ཡི་བདག་རྣམས་ལ། །འབུལ་གྱི་དགྱེས་པ་བསྐང་གྱུར་ཅིག །གཉིས་འཛིན་འཁྲུལ་པས་ནོངས་པ་ཡི། །ཐུགས་འགལ་ཉེས་ཚོགས་བཤགས་པར་བགྱི། །བྱང་དག་ཚངས་པར་བསྩལ་དུ་གསོལ། །རབ་དཀར་བརྒྱུད་པའི་བཀའ་སྲུང་བ། །དྲེགས་ལྡན་མཐུ་སྟོབས་ཐོགས་པ་མེད། །མཆོག་གསུམ་དམ་པར་སྐྱབས་གསོལ་བའི། །དགེ་བསྙེན་ཆེན་པོ་སྲས་ལྕམ་དང་། །མཆེད་འཁོར་སྤྲུལ་དང་ཡང་སྤྲུལ་ཚོགས། །གཞན་ཡང་ཡུལ་རིས་ས་ཕྱོགས་འདིར། །གཉུག་མར་གནས་དང་གློ་བུར་ལྷགས། །མཆོད་འོས་མགྲོན་རྣམས་ཐམས་ཅད་ལ། །ཞི་བ་བསང་གི་མཆོད་པ་འབུལ། །


SPN003_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་ཤིང་དགྱེས་པ་བསྐང་གྱུར་ཅིག །རྒྱལ་བའི་བཀའ་སྡོད་དམ་ཚིག་ཅན། །ཕས་རྒོལ་འཇོམས་པའི་མཐུ་རྩལ་ལྡན། །ཆོས་ཀྱི་སྲུང་མ་ཁྱེད་རྣམས་བསྟོད། །སྔོན་ཚེ་དབང་དྲག་ཧེ་རུ་ཀ །རིག་འཛིན་རྩ་བརྒྱུད་བླ་མ་དང་། །ཁྱད་པར་མི་འགྱུར་རྡོ་རྗེ་ཅན། །ནུས་ལྡན་དྲག་པོ་རྩལ་སོགས་ཀྱི། །སྤྱན་སྔར་ཁས་བླངས་རྗེས་དྲན་ནས། །སངས་རྒྱས་བསྟན་པ་སྐྱོང་སྤེལ་དང་། །སྒྲུབ་པའི་མཐུན་རྐྱེན་སྒྲུབ་པ་དང་། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ཡུལ་རིས་ས་ཕྱོགས་རྣམ་ཀུན་བདེ། །དགེ་ཞིང་དགེ་བའི་སྡོང་གྲོགས་མཛོད། །བཀྲ་ཤིས་ཆོས་ཀྱི་རྒྱལ་སྲིད་ཆེ། །རྟག་བརྟན་ནོངས་མེད་ལྷུན་གྱིས་གྲུབ། །རྣམ་ཀུན་དགེ་ལེགས་འདོད་དགུའི་ཆར། །ཡོངས་སུ་འབེབས་པའི་བཀྲ་ཤིས་ཤོག གཙྪས་རང་གནས་སུ་གཤེགས་པར་བྱའོ། །ཞེས་པའང་སི་ཏུ་པདྨའི་མིང་ཅན་གྱིས་རིག་འཛིན་མི་འགྱུར་རྡོ་རྗེའི་མཆོག་སྤྲུལ་གྱི་དགོངས་བཞེད་བསྐང་ཕྱིར་སྤེལ་བ་ཡི་གེ་པ་ནི་ཀརྨ་པུཎྱེ་དྷརྨ་ཝརྡྷ་ཞེས་པའོ། །སརྦ་ཐཱ་མངྒ་ལམ། །

ཆགས་མེད་རིན་པོ་ཆེའི་བཞེད་ངོར།


SPN003_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཀཱ་རོས་བྱིན་བརླབས། ཀྱཻ་ཧོ། རྒྱལ་དབང་མཚོ་སྐྱེས་རྒྱལ་པོ་ཡི། །བཀའ་གཉན་དཀར་པོའི་སྡེ་སྐྱོང་བའི། །ལྷ་བཙན་རྡོ་རྗེ་ཐོགས་མེད་རྩལ། །སྔོན་ཚེ་ཡལ་གམ་རྗེས་དགོངས་ལ། །འདིར་གཤེགས་ཞི་བ་བསང་མཆོད་རྫས། །དགྱེས་མཆོད་མོས་པའི་


SPN003_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱི། །འདོད་ཡོན་རྒྱ་མཚོ་དཀྲིགས་པ་འདི། །བཞེས་ཤིག་རོལ་ཅིག་པཱུ་ཛ་ཧོ། །བདག་ཅག་དཔོན་སློབ་གཞི་བྱེས་ཀུན། །དགེ་ཞིང་ལེགས་པའི་སྡོང་གྲོགས་དང་། །ཁ་འཛིན་རྒྱབ་བརྟེན་མ་གཡེལ་མཛོད། །བར་ཆད་རྐྱེན་ལས་བསྲུང་ཞིང་སྐྱོབས། །ཕྲིན་ལས་མ་གཡེལ་དམ་ཚིག་ཅན། །དམ་ལ་མ་འདའ་ས་མ་ཡ། །ཞེས་ཆགས་མེད་རིན་པོ་ཆེའི་བཞེད་ལྟར་སི་ཏུ་པས་སྤེལ་བ་མངྒ་ལམ།། །།

ཁྲ་ཕུག་གནས་སྤྲུལ་དྷྭ་ཛའི་མཚན་གྱིས་བསྐུལ་ངོར།


SPN003_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡུལ་ལྷའི་བསང་བརྔན་བགྱིད་པར་སྤྲོ་ན་མཆོད་རྫས་རྣམས་འདུ་བགྱིད་ལ། རང་ཉིད་ཆེ་མཆོག་པདྨ་འབྱུང་གནས་གསལ། །ཐུགས་ཀའི་འོད་ཀྱི་འཕྲོ་འདུས་ཡུལ་ལྷ་རྣམས། །སྔོན་གྱི་དམ་ཚིག་གཉེན་པོའི་སྨོན་ལམ་གྱི། །རང་རང་གནས་ནས་མ་ལུས་སྤྱན་དྲངས་གྱུར། །མཆོད་རྫས་རྣམས། ༀ་ཨཱཿཧཱུྃ། ལན་གསུམ་དང་། ཨ་ཀཱ་རོ་ལན་གསུམ་དང་། ༀ་བཛྲ་སྥ་ར་ཎ་ཁཾ། གསུམ་གྱིས་བྱིན་བརླབས་སྦྱངས་སྤེལ་བྱས་ལ། ཧྲཱིཿ ཀུན་བཟང་པདྨ་འབྱུང་གནས་དང་། །གྲུབ་ཆེན་ཀརྨ་པཀྴི་ཡི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །གནས་དང་གཞི་ཡི་བདག་པོ་ནི། །འབུམ་རྒྱལ་གཉན་པོ་གནམ་རྫོང་དང་། །ཁྲ་ཚུག་ཛོ་ནག་ཁྲ་འབལ་དང་། །གོ་རི་རི་བཀྲ་ལ་སོགས་པ། །རྒྱལ་བའི་བསྟན་སྲུང་གཡར་དམ་ཅན། །དཀར་པོའི་ཕྱོགས་རྣམས་སྐྱོང་བ་ཡི། །ཟོ་དོར་ཡུལ་བདག་


SPN003_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་སོགས། །བསང་མགྲོན་མཆོད་པར་འོས་པ་རྣམས། །འདིར་གཤེགས་མངའ་གསོལ་བསང་མཆོད་བཞེས། །འདོད་དགུའི་ལོངས་སྤྱོད་མཐུན་རྫས་ཚོགས། །དཔག་མེད་དངོས་བཤམས་ཡིད་ལས་སྤྲུལ། །ནམ་མཁའ་མཛོད་ཀྱི་རང་བཞིན་ཅན། །བློ་ཡིས་བླངས་ནས་འབུལ་གྱི་བཞེས། །དགྱེས་པར་རོལ་ཞིང་ཚིམ་པར་མཛོད། །མཐུ་དང་རྩལ་ལྡན་རང་ཕྱོགས་སྲུང་། །གཞན་ཕྱོགས་འཇོམས་པར་ཞལ་བཞེས་པའི། །བཀའ་སྲུང་གཉན་པོར་བསྟོད་པར་བགྱི། །བདག་ཅག་གཉིས་འཛིན་འཁྲུལ་དབང་གིས། །ནོངས་པར་གྱུར་རྣམས་བཟོད་པར་བཞེས། །སངས་རྒྱས་བསྟན་སྲུང་དཀོན་མཆོག་གི། །དབུ་འཕང་བསྟོད་ལ་བསྟན་འཛིན་རྣམས། །ཕྲིན་ལས་དར་རྒྱས་འདུས་པ་འཕེལ། །རྒྱལ་ཁམས་བདེ་སྐྱིད་ཕུན་ཚོགས་ཀྱི། །དཔལ་ཡོན་རྣམ་པར་རྒྱས་པ་ཡི། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །བཀྲ་ཤིས་སྣང་བས་ཁྱབ་གྱུར་ཅིག །སརྦ་བྷུ་ཏ་གཙྪས་རང་གནས་སུ་གཤེགས་པར་བྱའོ། །ཞེས་སི་ཏུ་པ་པདྨའི་མིང་ཅན་གྱིས། ཁྲ་ཕུག་གནས་སྤྲུལ་དྷྭ་ཛའི་མཚན་གྱིས་བསྐུལ་ངོར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག། །།

མཛོད་དགོན་ཨ་ཅང་བསོད་དབང་སྤྲུལ་སྐུའི་བཞེད་ངོར་འབོལ་ཡག་ཡུལ་ལྷའི་བསང་མཆོད།


SPN003_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲ་ཝཱ་ཀ་ར་ཡེ། འདིར་འབོལ་ཡག་བཀྲ་ཤིས་མཐོང་སྨོན་གནས་ཀྱི་ཟོ་དོར་རྣམས་ལ་བསང་མཆོད་འབུལ་བར་འདོད་ན། མཆོད་རྫས་སྤྱི་དང་བསང་ཤིང་


SPN003_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་གཙང་ལ་བཟང་བ་འདུ་བགྱིད་ལ། རྣལ་འབྱོར་པ་ལྷའི་བསྐྱེད་རྫོགས་དང་ལྡན་པའི་ངང་ནས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས་ལ། སྟོང་ལས་བསང་ཁང་བྷྲཱུྃ་ཡིག་ལས། །རིན་ཆེན་བཀོད་མཛེས་རབ་ཡངས་པར། །འབྲུ་གསུམ་འོད་ཞུ་བསང་བརྔན་རྫས། །ལྷ་ཀླུ་མི་ཡི་ལོངས་སྤྱོད་གང་། །རྒྱ་ཆེ་རྒྱུན་ཆད་མེད་གྱུར་བ། །སེམས་དཔའ་ཀུན་བཟང་སྨོན་སྟོབས་བཞིན། །དཔག་མེད་བསམ་ཡས་བརྗོད་བྲལ་ཞིང་། །མཆོད་སྤྲིན་རབ་འབྱམས་རྒྱས་འགེངས་གྱུར། །ཨ་ཀཱ་རོ་ལན་གསུམ་བྱིན་བརླབས་ལ། བསང་མགྲོན་མཆོད་ཡུལ་རྣམས་སྤྱན་དྲངས་པ་ནི། ཧྲཱིཿ སྐུ་གསུམ་ཡོན་ཏན་ཞིང་གི་བདག །རྒྱལ་དང་རྒྱལ་སྲས་རྩ་བརྒྱུད་ཀྱི། །བླ་མ་རིག་འཛིན་ཡི་དམ་དང་། །དཔའ་བོ་ཌཱ་ཀི་ཆོས་སྐྱོང་ཚོགས། །སྤྲིན་ལྟར་འདུ་ཞིང་གནས་པ་ཡི། །གདོད་ནས་རང་བྱུང་དག་པའི་ཞིང་། །ཐུབ་བསྟན་གསང་སྔགས་ཆོས་ཀྱི་རྫོང་། །བཀྲ་ཤིས་མཐོང་སྨོན་གཙུག་ལག་གི། །སྲུང་མ་རྡོ་ཐི་གངས་དཀར་གཉན། །རྡོ་རྗེ་ཅང་ཕུག་དགེ་བཙན་པོ། །ཁྱད་པར་གནས་ཀྱི་ཟོ་དོར་ནི། །དགུ་བཙུན་གངས་པ་དཀར་པོ་དང་། །ཇ་སྟི་ཉི་མ་ལྷ་རྩེ་སོགས། །པདྨའི་དགེ་བསྙེན་མཐུ་རྩལ་ཅན། །མ་ལུས་འཁོར་དང་ཡང་འཁོར་ཚོགས། །གཉུག་མར་གནས་པའི་ཡུལ་གཞིའི་བདག །རང་ལ་རིགས་ཀྱི་འགོ་བ་ཡི། །


SPN003_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་སྲུང་མ་དམ་ཚིག་ཅན། །བསང་བགྲོན་ཚོགས་རྣམས་འདིར་གཤེགས་ཤིག །རང་རང་དགྱེས་པའི་གདན་ལ་བཞུགས། །འདིར་བཤམས་ཕྱི་ནང་གསང་བ་ཡི། །མཆོད་པའི་བྱེ་བྲག་རྣམ་མང་པོ། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་དགེ་བའི་རྫས་རྟགས་དང་། །རྒྱལ་སྲིད་ཉེ་བའི་རིན་ཆེན་བདུན། །སྤྱན་གཟིགས་དཀོར་ཆས་རྐང་འགྲོས་རིགས། །དར་སྣ་རིན་ཆེན་སྤོས་སྨན་དང་། །ཛ་གད་ཕུད་སྣའི་སྐྱེམས་བཟང་དང་། །ཕྱེ་མར་དཀར་གསུམ་མངར་གསུམ་སོགས། །བདུག་སྤོས་སྤྲིན་གྱི་དྲྭ་བ་ལས། །ས་གསུམ་འདོད་དགུའི་ལོངས་སྤྱོད་རྣམས། །ཅིར་ཡང་འཆར་བའི་ཡིད་སྤྲུལ་ཀྱིས། །རང་བཞིན་བློ་ཡིས་བླངས་ནས་སུ། །འབུལ་གྱི་དགྱེས་པ་ཆེན་པོར་རོལ། །མཐའ་ཡས་འགྲོ་སྒྲོལ་ཕྲིན་ལས་བཞིའི། །མངའ་བདག་དཀྱིལ་འཁོར་ལྷ་ཚོགས་བསྟོད། །གནས་དང་ཞིང་སྐྱོང་སྒྲུབ་པ་པོའི། །སྡོང་གྲོགས་དཔུང་གཉེན་མེལ་ཚེ་མཁན། །ཟོ་དོར་སྲུང་མའི་ཚོགས་རྣམས་བསྟོད། །དེ་ལྟར་མཆོད་སྤྲིན་རྒྱ་མཚོ་ཡིས། །གསང་གསུམ་དགྱེས་པ་བསྐྱེད་པའི་མཐུས། །སངས་རྒྱས་བསྟན་པ་རིན་ཆེན་སྲུངས ། །བསྟན་འཛིན་ཞབས་བརྟན་དགེ་འདུན་རྒྱས། །སྐྱེ་དགུའི་དཔལ་དང་འབྱོར་པ་སྤེལ། །ཁྱད་པར་རྣལ་འབྱོར་འཁོར་བཅས་ལ། །ལེགས་ཁ་རྒྱལ་ཁ་བཏོད་པ་དང་། །བསམ་དོན་ཡིད་


SPN003_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལྷུན་གྱིས་གྲུབ། །ནད་གདོན་བར་ཆད་ལས་རྒྱལ་ཞིང་། །ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས། །ཡུལ་འདིར་མི་མཐུན་རྒུད་པ་བྲལ། །སད་སེར་བཙའ་འབུ་ཞི་བ་དང་། །ཆར་ཆུ་དུས་འབེབས་ལོ་འབྲས་ལེགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བཀྲ་ཤིས་ཡོན་ཏན་ཀུན་འབྱུང་གནས། །པད་འབྱུང་རྩ་གསུམ་ལྷ་ཚོགས་ཀྱི། །བྱིན་རླབས་དངོས་གྲུབ་ཆར་གྱི་རྒྱུན། །དེང་འདིར་བདེ་ལེགས་རབ་རྒྱས་ཤོག །སརྦ་བྷཱུ་ཏ་གཙྪས་རང་གནས་གཤེགས། ཞེས་པའང་སི་ཏུ་པདྨའི་མིང་གིས་མཛོད་དགོན་ཨ་ཅང་བསོད་དབང་སྤྲུལ་སྐུའི་བཞེད་ངོར་འབོལ་ཡག་ཡུལ་ལྷའི་བསང་མཆོད་ཆེད་དུ་སྤེལ་བ་དགེ། །

ཇའི་སང་སྐལ་བཟང་ངོར་དཔོན་སྡེའི་དགྲ་བླ་དཔང་བསྟོད་ཕྲིན་བཅོལ།


SPN003_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བླ་ཡེ་བརྫུའི་གསོལ་མཆོད་ཕྲིན་བཅོལ་སྤྲོ་ན། བསང་གསུར་གསེར་སྐྱེམས་སོགས་བཤམས་ལ། ལྷའི་ང་རྒྱལ་ལྡན་པས། མཆོད་རྫས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ལས་སྣང་སྲིད་རབ་འབྱམས་ཞིང་། །མཐའ་ཀླས་རྒྱས་པར་འགེངས་བྱེད་པའི། །འདོད་ཡོན་མཆོད་རྫས་རྣམ་མང་པོ། །རྒྱ་ཆེན་མཆོད་པའི་སྤྲིན་དུ་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ་གྱི་བྱིན་གྱིས་བརླབས། ཧཱུྃ། ཀུན་བཟང་གདོད་མའི་སངས་རྒྱས་རྡོ་རྗེ་སེམས། །སྙིང་རྗེ་ཁྲོས་པ་བཛྲ་ཀཱི་ལ་ཡའི། །བཀའ་ཉན་ལས་བྱེད་དུང་གི་སྐྱེས་བུ་མཆོག །བོད་ཡུལ་གཞི་གནས་བདག་པོ་རྡོ་རྗེ་ལེགས། །མ་སངས་སྐྱེས་གཅིག་སྤྲུལ་


SPN003_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ཅིར་ཡང་སྟོན། །དགྲ་བླ་ཡེ་བརྫུ་སུམ་བརྒྱ་དྲུག་ཅུ་སྟེ། །ལྷ་རིགས་དཀར་པོར་འགོ་ཞིང་སྟོངས་གྲོགས་བྱེད། །དཔུང་གཉེན་སྔོན་གྱི་དམ་བཅའ་རྗེས་དགོངས་ལ། །འདིར་གཤེགས་མཉེས་རྫས་ཉེར་སྤྱོད་བསང་གསུར་དུད། །ཁྱད་པར་བ་ལིཾ་དགྲ་བོའི་ཤ་ཁྲག་རུས། །སྦྱངས་སྤེལ་བསྒྱུར་བའི་བདུད་རྩི་རྒྱ་མཚོ་འདི། །བཞེས་ནས་བདག་ཅག་རིགས་བརྒྱུད་འཁོར་བཅས་ལ། །མགོན་སྐྱབས་མེལ་ཚེ་རྒྱབ་རྟེན་གྲོགས་མཛོད་ཅིག །དཀར་ཕྱོགས་ལྷ་ཡི་ལྷ་མཆོག་མངའ་གསོལ་ལོ། །དགྲ་བླ་གཉེན་དང་འབྲལ་མེད་དཔང་བསྟོད་དོ། །གསང་བདག་པད་འབྱུང་རྩ་བརྒྱུད་རིག་འཛིན་གྱི། །ཐ་ཚིག་བརྩེར་དགོངས་ཐུགས་དམ་མ་གཡེལ་བར། །ཆོས་འཁོར་སྐྱོངས་་དང་རྒྱལ་བློན་མངའ་འབངས་རྣམས། །བདེ་སྐྱིད་འབྱོར་རྒྱས་མི་འཕེན་རྟ་ཧྲགས་ཤིང་། །ཞི་རྒྱས་དབང་དྲག་ཕྲིན་ལས་མ་ལུས་པ། །མྱུར་སྒྲུབ་རང་ཕྱོགས་སྲུང་དང་ཕས་རྒོལ་འཇོམས། །གང་བཅོལ་འདོད་དོན་ཡིད་བཞིན་བསྒྲུབ་ཏུ་གསོལ། །གཙྪས་རང་གནས་གཤེགས། ཞེས་སི་ཏུ་པས། ཇའི་སང་སྐལ་བཟང་ནས་དཔོན་སྡེའི་དགྲ་བླ་དཔང་བསྟོད་ཕྲིན་བཅོལ་བསྐུལ་ངོར་སྤེལ། །

ནང་ཆེན་ཆིང་ཧུའི་མདུན་ན་འདོན་ཆོས་དང་ལྡན་པ་སྨན་དགའ་ཞེས་པའི་བཞེད་ངོར།


SPN003_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི་ཡེ། འདིར་ཡོན་བདག་ཀླུང་རྟ་བསྐྱེད་པའི་འདོད་གསོལ་བྱ་བ་ནི། རྩ་གསུམ་རྟེན་དྲུང་མཆོད་པ་ཚར་དུ་དངར་བ་ཇི་སྙེད་པ་དང་། ཁྱད་པར་ཕྱེ་མར། ཇ་ཆང་འོ་ཕུད། དར་ཚོན།


SPN003_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་དང་རིན་ཆེན་ཕྱེ་མ་། དར་རས་ལོ་ཁམས་མདོག་མཚུངས་ལ་ཀླུང་རྟ་སྤར་བཏབ་པ་རྣམས་དང་། གསས་མཁར་ལ་རྟེན་བཙུག་རྒྱུའི་ཁྱུང་འབྲུག་སེང་སྟག །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད། གཞན་ཡང་སྤྱན་གཟིགས་དཀོར་ཆས་ཀྱི་རྣམ་པ་མཚོན་རིས་བཀྲ་བ་ལེགས་པར་བྲིས་པ་དང་། མདའ་དར། ཤུག་པ་རྩེ་རྒྱལ་བལ་ཚོན་གྱིས་བརྒྱན་པ། བསང་ཁང་ཟླུམ་པོར་བདུག་སྤོས་བསང་ཤིང་སོགས་འདུ་བྱས་ནས། དུད་སྤྲིན་བཏང་ཞིང་མཆོད་རྫས་རྣམས་བྲན་ལ་རིམ་པར་མཆོད་ཅིང་དང་པོ་གནས་དང་ཡོ་བྱད་རྣམས། ཨ་མྲྀ་ཏས་བསངས་། སྭ་བྷཱ་ཝས་སྦྱངས། ནམ་མཁའ་མཛོད་ཀྱི་རྒྱས། ཨ་ཀཱ་རོ་ལན་གསུམ་བརྗོད་ལ་རྒྱ་ཆེར་སྤེལ་ཞིང་དར་ཕྱར་དུང་འབུད་རྔ་རོལ་དང་དབྱངས་སྙན་པོས་འདི་སྐད་དོ། །ཀྱཻ། རིག་འཛིན་བརྒྱུད་པའི་བླ་མ་དང་། །ཡི་དམ་རྒྱལ་བ་ཞི་དང་ཁྲོ། །ཌཱ་ཀི་དམ་ཅན་ཆོས་སྐྱོང་བ། །རང་ལ་རིགས་ཀྱིས་འགོ་བ་ཡི། །ཕ་མེས་རྒྱུད་ཀྱི་སྲུང་མ་དང་། །སྲིད་གསུམ་དབང་བསྒྱུར་ལྷ་ཡི་ལྷ། །ཚོགས་རྗེ་ཚོགས་བདག་ཆེན་པོ་དང་། །སྐྱེས་བུ་རྡོ་རྗེ་ལེགས་པ་རྩལ། །ཏི་སེ་ཐང་ལྷ་སྤོམ་ར་གཉན། །བོད་ཀྱི་མགུར་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་དང་། །མ་མོ་བརྟན་མ་བཅུ་གཉིས་པོ། །པདྨའི་སྤྱན་སྔར་དམ་བཅས་པའི། །རྡོ་རྗེའི་ཐ་ཚིག་ཡལ་གམ་ཅན། །རྣལ་འབྱོར་སྐྱོང་བར་ཞལ་བཞེས་པའི། །རྒྱལ་བའི་བསྟན་སྲུང་མཐུ་བོ་ཆེ། །དཀར་ཕྱོགས་སྐྱོང་བའི་ཚོགས་རྣམས་དང་། །


SPN003_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཡུལ་རིས་ས་ཕྱོགས་འདིར། །གནས་པའི་ལྷ་ཀླུ་སྡེ་བརྒྱད་དང་། །དགེ་བསྙེན་སྨན་མོ་ཡུལ་གནས་བདག །གཉུག་མར་གནས་པའི་འབྱུང་པོ་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རང་རང་དགྱེས་པའི་གདན་ལ་བཞུགས། །འདིར་བཤམས་ཕྱི་ནང་གསང་བ་ཡི། །མཆོད་པའི་བྱེ་བྲག་རྣམ་མང་པོ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །ལྷ་མིའི་དཔལ་འབྱོར་འདོད་ཡོན་རྣམས། །བླ་མེད་ཀུན་བཟང་སྨོན་ལམ་གྱི། །མཆོད་སྤྲིན་ཟག་མེད་ཇི་བཞིན་པར། །དང་པའི་མོས་བློས་འབུལ་གྱི་བཞེས། །བསང་ངོ་བརྔན་ནོ་མངའ་གསོལ་ལོ། །མཆོད་དོ་འབུལ་ལོ་དགྱེས་པར་རོལ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས། །རྣལ་འབྱོར་བདག་ཅག་སྒྲུབ་པ་པོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །རྨ་གཡང་དངོས་གྲུབ་སྩོལ་བ་དང་། །ཚེ་བསོད་དཔལ་དང་འབྱོར་བ་སྤེལ། །ཀླུང་རྟ་ཡར་སྐྱེད་སྙན་གྲགས་རྒྱས། །རིགས་རྒྱུད་མངའ་ཐང་འཕེལ་བ་དང་། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་རྣམས་ཡིད་ལ་བསམ་མ་ཐག །འདོད་དོན་གེགས་མེད་མྱུར་འགྲུབ་མཛོད། །ཕ་རོལ་སྡང་སེམས་ལྡན་པ་ཡི། །མི་དང་མི་མིན་ཐམས་ཅད་ཀྱི། །ལོག་པར་ལྟ་བའི་དཔུང་གཞོམ་སྟེ། །ཚར་གཅོད་རྗེས་སུ་འཛིན་ནས་སུ། །དམ་པའི་ཆོས་ལ་སྤྱོད་པ་ཡི། །སངས་རྒྱས་བསྟན་པ་རྒྱས་


SPN003_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །མདོར་ན་བཅོལ་བའི་ཕྲིན་ལས་གང་། །ཐོགས་པ་མེད་པར་འགྲུབ་པར་མཛོད། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་འཁོར་སྲུང་རྐྱེན་ངན་ཟློག །ཕྱོགས་རྣམས་ཀུན་ལས་རྣམ་རྒྱལ་བའི། །མི་ནུབ་བ་དན་བསྒྲེང་བར་མཛོད། །བཀྲ་ཤིས་དཔལ་བསྐྱེད་ཡོད་ཏན་གྱི། །དགེ་ལེགས་དངོས་པོ་རྒྱས་གྱུར་ཅིག །རང་ཕྱོགས་སྲུང་ཞིང་ཕས་རྒོལ་འཇོམས། །སྟོབས་རྩལ་ལྡན་རྣམས་བསྟོད་པར་བགྱི། །ཞེས་མཆོད་ཅིང་ཕྲིན་བཅོལ་བསྟོད་པར་བྱའོ། །གྲངས་གསོག་ཚེ་འདི་ནས་མཆོད་རྫས་བསང་སྦྱངས་ཕྱིན་ནས་མཐར་ཆགས་སུ་བཏོན། རྗེས་ནི། དེ་ལྟར་ཡེ་ཤེས་ལས་འཇིག་རྟེན། །དགེ་ཞིང་དགེ་བའི་སྟོངས་གྲོགས་ཅན། །འགོ་བའི་ལྷ་དང་སྲུང་མ་རྣམས། །གཏའ་འཛུགས་རྟེན་ལ་བརྟན་པར་བཞུགས། །གཞན་ཡང་འཇིག་རྟེན་སྐྱོང་བ་དང་། །གློ་བུར་ལྷགས་པའི་མགྲོན་རིགས་རྣམས། །རང་རང་གནས་གཤེགས་མཆོད་སྦྱིན་གྱིས། མཉེས་ཚིམ་དགའ་མགུར་ལྡན་པའི་ངང་། །མཐུན་རྐྱེན་སྒྲུབས་ལ་གནོད་པ་སྤོངས ། །ཞི་དང་བྱམས་པའི་སེམས་ལྡན་མཛོད། །སརྦ་བྷཱུ་ཏ་གཙྪས་གཤེགས། ཞེས་གནས་རི་བྱིན་ཆེན་ནམ་ཡུལ་ལྷ་གནས་པའི་རི་མཐོན་པོའམ་ཁང་ཐོག་ལ་སོགས་པར་ཀླུང་རྟ་རྣམས་དང་བརྟེན་རྫས་ཤིང་བྱང་བཅས་བཙུགས། མདའ་དར་གཡབ། འདོད་གསོལ་སྔགས་རྣམས་འདོན། ལྷ་རྒྱལ་འབོད།


SPN003_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཤུག་པ་སྦྲའམ་ཁང་པའི་དཀྱིལ་ཀ་ལ་བཅིངས་ལ་བཞག །ཡེ་དྷརྨ་དང་། སུ་པྲ་ཏིཥྛ་ལན་གསུམ་མམ་བདུན་བརྗོད་ལ་སོ་སོར་མེ་ཏོག་འཐོར། རབ་ཏུ་གནས་ཤིང་། ཕྱེ་མར་དངོས་གྲུབ་ཏུ་རོལ། བཀྲ་ཤིས་བརྗོད་པ་དང་། དགེ་བ་བསྔོ་བ་སོགས་སྤྱི་དང་མཐུན་པར་བྱའོ། །ཞེས་པའང་སི་ཏུ་པདྨའི་མིང་ཅན་གྱིས་ནང་ཆེན་ཆིང་ཧུའི་མདུན་ན་འདོན་ཆོས་དང་ལྡན་པ་སྨན་དགའ་ཞེས་པའི་བཞེད་ངོར་སྤེལ་བ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།། །།

སྐུ་ཚབ་ཀརྨའི་བཞེད་ངོར།


SPN003_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མོ་པྲ་ཝཱ་ཀ་ར་ཡེ། འདིར་སེང་ཆེན་གནམ་བྲག་གི་གནས་ཞིང་སྐྱོང་བའི་ཟོ་དོར་རྣམས་ལ་བསང་མཆོད་འབུལ་བར་འདོད་ན། མཆོད་རྫས་སྤྱི་དང་བསང་ཤིང་སྣ་ཚོགས་གཙང་ལ་བཟང་བ་འདུ་བགྱིད་ལ། རྣལ་འབྱོར་པ་རྣམས་ལྷ་ཡི་བསྐྱེད་རྫོགས་དང་ལྡན་པའི་ངང་ནས། ཨ་མྲྀ་ཏས་བསངས་། སྭ་ཧཱ་ཝས་སྦྱངས་ལ། སྟོང་ལས་བསང་ཁང་བྷྲཱུྃ་ཡིག་ལས། །རིན་ཆེན་བཀོད་མཛེས་རབ་ཡངས་པར། །འབྲུ་གསུམ་འོད་ཞུ་བསང་བརྔན་རྫས། །ལྷ་ཀླུ་མི་ཡི་ལོངས་སྤྱོད་གང་། །རྒྱ་ཆེ་རྒྱུན་ཆད་མེད་གྱུར་པ། །སེམས་དཔའ་ཀུན་བཟང་སྨོན་སྟོབས་བཞིན། །དཔག་མེད་བསམ་ཡས་བརྗོད་བྲལ་ཞིང་། །མཆོད་སྤྲིན་རབ་འབྱམས་རྒྱས་འགེངས་གྱུར། །ཨ་ཀཱ་རོས་ལན་གསུམ་བྱིན་བརླབས་ལ། བསང་མགྲོན་མཆོད་ཡུལ་རྣམས་སྤྱན་དྲངས་པ་ནི། ཧྲཱིཿ སྐུ་གསུམ་ཡོན་ཏན་ཞིང་གི་བདག །རྒྱལ་དང་རྒྱལ་སྲས་རྩ་བརྒྱུད་ཀྱི། །


SPN003_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རིག་འཛིན་ཡི་དམ་དང་། །དཔའ་བོ་ཌཱ་ཀི་ཆོས་སྐྱོང་ཚོགས། །སྤྲིན་ལྟར་འདུ་ཞིང་གནས་པ་ཡི། །སྦས་ཡུལ་སེང་ཆེན་གནས་རྫོང་བྲག །གདོད་ནས་རང་བྱུང་དག་པའི་ཞིང་། །པདྨ་དབང་གི་དཀྱིལ་འཁོར་ཆེའི། །ཡེ་ཤེས་ལྷ་ཚོགས་འཁོར་ཡང་འཁོར། །སྤྲུལ་པར་བཅས་པ་ཐམས་ཅད་དང་། །གནས་ཀྱི་རྗེས་འབྲེལ་དཀར་པོའི་སྡེ། །སྐྱོང་ཞིང་རྒྱལ་བསྟན་སྤེལ་མཛད་པ། །པདྨའི་དགེ་བསྙེན་མཐུ་རྩལ་ཅན། །སྤོམ་བྲག་སྨུག་སངས་རི་བཀྲ་དང་། །འབྲི་གཉན་རྡོ་རྗེ་བློ་གྲོས་རྩལ། །ཟིལ་ཕྲོམ་མོ་ནམ་འབྲི་སྤོ་བོ། །མདོ་རྒྱལ་ཕྱ་རྒྱལ་བཀྲམ་རྒྱལ་གཉེན། །རྩེ་རྒྱལ་ཞལ་ད་སྲས་ལྕམ་འཁོར། །ཕྱོགས་བཞིའི་སྒོ་སྲུང་སོ་སྦྲམ་དང་། །བོ་ཐོག་རི་བཀྲ་ལྕགས་དེའུ། །ཤམ་རི་ཁྲ་ལེ བ་གནས་རྫོང་ཆེན། །ཞེ་མོག་ལྷ་སྨན་ལ་སོགས་པ། །སེང་ལུང་ཡུལ་ལྗོངས་འདིར་འཁོད་པའི། །གཉུག་མར་གནས་པའི་ཡུལ་གཞིའི་བདག །རང་ལ་རིགས་ཀྱིས་འགོ་བ་ཡི། །ལྷ་དང་སྲུང་མ་དམ་ཚིག་ཅན། །བསང་མགྲོན་ཚོགས་རྣམས་འདིར་གཤེགས་ཤིག །རང་རང་དགྱེས་པའི་གདན་ལ་བཞུགས། །འདིར་བཤམས་ཕྱི་ནང་གསང་བ་ཡི། །མཆོད་པའི་བྱེ་བྲག་རྣམ་མང་པོ། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་དགེ་བའི་རྫས་རྟགས་དང་། །རྒྱལ་སྲིད་ཉེ་


SPN003_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རིན་ཆེན་བདུན། །སྤྱན་གཟིགས་དཀོར་ཆས་རྐང་འགྲོས་རིགས། །དར་སྣ་རིན་ཆེན་སྤོས་སྨན་དང་། །ཛ་གད་ཕུད་སྣའི་སྐྱེམས་བཟང་དང་། །ཕྱེ་མར་དཀར་གསུམ་མངར་གསུམ་སོགས། །བདུག་སྤོས་སྤྲིན་གྱི་དྲྭ་བ་ལས། །ས་གསུམ་འདོད་དགུའི་ལོངས་སྤྱོད་རྣམས། །ཅིར་ཡང་འཆར་བའི་ཡིད་སྤྲུལ་ཀྱི། །རང་བཞིན་བློ་ཡིས་བླངས་ནས་སུ། །འབུལ་གྱི་དགྱེས་པ་ཆེན་པོར་རོལ། །མཐའ་ཡས་འགྲོ་སྒྲོལ་ཕྲིན་ལས་བཞིའི། །མངའ་བདག་དཀྱིལ་འཁོར་ལྷ་ཚོགས་བསྟོད། །གནས་དང་ཞིང་སྐྱོང་སྒྲུབ་པ་པོའི། །སྡོང་གྲོགས་དཔུང་གཉེན་མེལ་ཚེ་མཁན། །ཟོ་དོར་སྲུང་མའི་ཚོགས་རྣམས་བསྟོད། །དེ་ལྟར་མཆོད་སྤྲིན་རྒྱ་མཚོ་ཡིས། །གསང་གསུམ་དགྱེས་པ་བསྐྱེད་བའི་མཐུས། །སངས་རྒྱས་བསྟན་པ་རིན་ཆེན་སྲུང། །བསྟན་འཛིན་ཞབས་བརྟན་དགེ་འདུན་རྒྱས། །སྐྱེ་དགུའི་དཔལ་དང་འབྱོར་བ་སྤེལ། །ཁྱད་པར་རྣལ་འབྱོར་འཁོར་བཅས་ལ། །ལེགས་ཁ་རྒྱལ་ཁ་བཏོད་པ་དང་། །བསམ་དོན་ཡིད་བཞིན་ལྷུན་གྱིས་གྲུབ། །ནད་གདོན་བར་ཆད་ལས་རྒྱལ་ཞིང་། །ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས། །ཡུལ་འདིར་མི་མཐུན་རྒུད་པ་བྲལ། །སད་སེར་བཙའ་འབུ་ཞི་བ་དང་། །ཆར་ཆུ་དུས་འབབ་ལོ་འབྲས་ལེགས། །རྟག་ཏུ་བདེ་དང་ལྡན་རྒྱུར་ཅིག། བཀྲ་ཤིས་ཡོན་ཏན་ཀུན་འབྱུང་གནས། །པད་འབྱུང་རྩ་


SPN003_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལྷ་ཚོགས་ཀྱི། །བྱིན་རླབས་དངོས་གྲུབ་ཆར་གྱི་རྒྱུན། །དེང་འདིར་བདེ་ལེགས་རབ་རྒྱས་ཤོག །སརྦ་བྷཱུ་ཏ་གཙྪས་རང་གནས་གཤེགས། ཞེས་པའང་སི་ཏུ་པདྨའི་མིང་གིས་སྐུ་ཚབ་ཀརྨའི་བཞེད་ངོར་སྤེལ་བ་དགེ། །

ཡུལ་ལྷ་གནས་བདག་ལ་བསང་མཆོད་འབུལ་བ།


SPN003_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི། ཡུལ་ལྷ་གནས་བདག་ལ་བསང་མཆོད་འབུལ་བར་སྤྲོ་ན། བསང་དང་མཆོད་རྫས་གང་འབྱོར་གཙང་ཞིང་བཟང་བར་འདུ་བྱས་ལ། རང་ཉིད་ལྷར་གསལ་ཐུགས་ལས་འོད་ཟེར་འཕྲོས། །བསང་མཆོད་མི་གཙང་དྲི་མ་སྦྱངས་བྱས་ནས། །དག་པ་ཡེ་ཤེས་བདུད་རྩིའི་རང་བཞིན་ཅན། །མཁའ་དབྱིངས་ཀུན་ཁྱབ་རྒྱ་ཆེར་སྤེལ་བར་གྱུར། །ༀ་བཛྲ་སྥ་ར་ན་ཁཾ། ལན་གསུམ་དང་། ཨ་ཀ་རོ་ལན་གསུམ་གྱིས་བྱིན་བརླབས་ནས། ཧྲཱིཿ སྔོན་ཚེ་གསང་བདག་པདྨ་ཀ་ར་དང་། །སྒྲུབ་མཆོག་པཀྴིའི་སྤྱན་སྔར་དམ་མནོས་པའི། །སངས་རྒྱས་བསྟན་པ་སྐྱོང་བར་ཞལ་བཞེས་པའི། །དཀར་པོ་ལྷའི་རིགས་དགེ་བསྙེན་ཟོ་དོར་ཆེ། །ཨ་བོ་གེར་མཛོ་སྐྱིད་རི་སྨན་ཆེན་སོགས། །ཡུལ་འདིར་ལྷགས་པའི་གཉུག་གནས་གློ་བུར་མགྲོན། །དེང་འདིར་རྣལ་འབྱོར་བདག་གི་མཆོད་པའི་གནས། །འདིར་གཤེགས་དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །རྣམ་མང་སྣ་ཚོགས་འདོད་ཡོན་མི་ཟད་པ། །ཀུན་བཟང་མཆོད་སྤྲིན་སོ་སོར་མོས་ཐོབ་པའི། །དགྱེས་རྫས་དཀོར་ནོར་ལྷ་མི་ཀླུའི་ལོངས་སྤྱོད། །འབུལ་བཞེས་ཚིམ་པར་སྤྱོད་ལ་ཐུགས་དམ་


SPN003_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་། །བསང་ངོ་བརྔན་ནོ་བསྟོད་དོ་མངའ་གསོལ་ལོ། །ཐུགས་འགལ་ཉེས་ཚོགས་ནོངས་བཤགས་བཟོད་པར་བཞེས། །བསྟན་པ་བསྲུང་ཞིང་རྣལ་འབྱོར་སྐྱོང་བ་ཡི། །མཐུ་སྟོབས་རྩལ་ལྡན་ཁྱེད་རྣམས་བསྟོད་པར་བགྱི། །དེ་ལྟར་མཆོད་བསྟོད་བཤགས་པ་ལ་བརྟེན་ནས། །རྒྱལ་བསྟན་དྲི་མེད་སྒྲུབ་བརྒྱུད་དར་ཞིང་རྒྱས། །དེ་འཛིན་ཞབས་བརྟན་ཕྲིན་ལས་རྣམ་བཞི་སྤེལ། །དགེ་འདུན་སྡེ་རྒྱས་འགྲོ་རྣམས་ཆོས་དང་ལྡན། །རྟག་པར་ཚེ་རིང་ནད་མེད་བསམ་དོན་འགྲུབ། །ནད་མུག་མཚོན་བསྐལ་ལ་སོགས་འཇིགས་བརྒྱད་ཞི། །ཆར་ཆུ་དུས་བབ་ལོ་ལེགས་སྐྱ་རྒྱལ་ཞིང་། །རྣམ་ཀུན་བདེ་ལེགས་ལྷུན་གྱིས་འགྲུབ་པར་མཛོད། །སརྦ་བྷཱུ་ཏ་གཙྪ། བརྗོད་ལ་རང་གནས་སུ་གཤེགས་པར་བྱའོ། །ཞེས་པའང་སི་ཏུ་པདྨའི་མིང་ཅན་གྱིས། མགུལ་ཞག་རི་ཁྲོད་སྦྱིན་བདག་རྣམས་ཀྱི་ངོར་སྤེལ་བ་དགེ་ལེགས་འཕེལ། སརྦ་མངྒ་ལཾ། །

བསང་མཆོད་འདོད་དགུའི་དཔལ་འབྱོར་ཅི་ཡང་འཆར་བའི་སྤྲིན་ཕུང་།


SPN003_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བསང་མཆོད་འདོད་དགུའི་དཔལ་འབྱོར་ཅི་ཡང་འཆར་བའི་སྤྲིན་ཕུང་དུ་གྱུར། ཨ་ཀཱ་རོས་བྱིན་བརླབས་ལ། ཀྱཻ། སྔོན་ཚེ་རྒྱལ་དབང་ཐོད་ཕྲེང་གི། །བཀའ་དང་དམ་གནས་ཡུལ་གཞིའི་བདག །མཆོད་པར་འོས་རྣམས་འདིར་གཤེགས་ཤིག །རང་རང་དགྱེས་པའི་གདན་ལ་བཞུགས། །འདིར་བཤམས་དངོས་འབྱོར་ཡིད་སྤྲུལ་གྱི། །སྣ་ཚོགས་འཇིག་རྟེན་ལོངས་སྤྱོད་རྫས། །


SPN003_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྙེད་ལྷ་མིའི་དཀོར་ནོར་ཚོགས། །རྒྱ་ཆེན་ནམ་མཁའ་མཛོད་ཇི་བཞིན། །མཁོ་དགུའི་མཐུན་རྫས་དཔག་མེད་རྣམས། །བསང་མཆོད་བདུག་སྤོས་སྤྲིན་ཆེན་ལས། །ཆར་བཞིན་བབ་འདི་དགྱེས་པར་རོལ། །མི་ཤེས་རྨོངས་པས་ནོངས་པ་ཡི། །མི་གཙང་ཐམས་ཅད་སངས་གྱུར་ཅིག །ལྷ་ཞལ་ཡར་ཟླའི་ཆ་གང་བཞིན། །རབ་ཏུ་གསལ་ཞིང་རྣལ་འབྱོར་གྱིས། །གང་བཅོལ་ཕྲིན་ལས་ཀུ་མུཏ་ཚལ། །འཛུམ་པའི་དགེ་མཚན་སངས་རྒྱས་བསྟན། །བསྟན་འཛིན་དགེ་འདུན་སྡེ་རྒྱས་ཤིང་། །རྒྱལ་ཁམས་རྒུད་པའི་དབུལ་ཕོངས་ཞི། །བདེ་སྐྱིད་འབྱོར་པ་དྲུག་ལྡན་པའི། །ཁ་འཛིན་སྡོང་གྲོགས་མ་གཡེལ་བར། །ཇི་ལྟར་བཅོལ་པའི་ཕྲིན་ལས་མཛོད། །གཙྪས་རང་གནས་བཏང་། ཞེས་ཨ་ཕྱུག་གྲྭ་ཚང་རྣམས་ཀྱིས་བསྐུལ་ལྟར། སི་ཏུས་སྤེལ། །

བླ་མ་ཀར་ལུའི་བཞེད་ངོར།


SPN003_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱུྃ་ལས་རིན་ཆེན་སྣོད་ཡངས་པར། །འབྲུ་གསུམ་འོད་ཞུ་བསང་མཆོད་རྫས། །ཟག་མེད་བདུད་རྩིའི་རང་བཞིན་ཅན། །རབ་འབྱམས་མཐའ་ཀླས་ཀུན་ཁྱབ་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ་གྱིས་བྱིན་བརླབས་ལ། ཀྱཻ། དུས་གསུམ་རྒྱལ་བའི་རང་གཟུགས་པདྨ་འབྱུང་། །སྤྱན་སྔར་དམ་མནོས་དཀར་པོའི་ཕྱོགས་སྐྱོང་གཙོ། །རྡོ་རྒྱལ་མུ་ནམ་མཆེད་བརྒྱད་སྲས་ཡུམ་འཁོར། །ཡལ་གམ་གཉན་


SPN003_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྗེས་དགོངས་འདིར་གཤེགས་བཞུགས། །བཀོད་མཛེས་ལྷ་ཀླུ་མི་ཡི་ལོངས་སྤྱོད་རྣམས། །དབྱིབས་ལེགས་མཐུན་རྫས་དཀོར་ནོར་སྣ་ཚོགས་པ། །མ་ལ་ཡ་ཀླུང་ཧ་རི་ཙནྡན་ངད། །དྲི་བཞོན་བསྐུལ་མཚུངས་བདུག་སྤོས་སྤྲིན་ཆེན་གཡོ། །ཆབས་ཅིག་ཀུན་བཟང་རྣམ་ཐར་རྗེས་འགྲོ་པའི། །གཡུ་དུད་ཟེར་ལས་དཔལ་འབྱོར་འདོད་དགུའི་ཆར། །ཅི་དགར་འབབ་འདི་ལྷ་ཆེན་འཁོར་བཅས་ལ། །དགྱེས་བསྐང་འབུལ་བཞེས་ཁྱོད་ཐུགས་པདྨའི་ཚལ། །ཟག་མེད་བདེ་ཆེན་འདབ་སྟོང་རྒྱས་གྱུར་ཅིག །འཇིག་རྟེན་དྲེགས་པའི་ཁེངས་འཕྲོག་སྟོབས་རྩལ་ཅན། །གསང་སྔགས་རྣལ་འབྱོར་བཀའ་སྲུང་མངའ་གསོལ་བ། །དཀར་ཕྱོགས་ལྷ་ཡི་སྡེ་དཔོན་ཁྱོད་ལ་བསྟོད། །སྔོན་ཚེ་རྡོ་རྗེའི་ཐ་ཚིག་བྲོ་བོར་པ། །མ་གཡེལ་མ་འདའ་བསྐལ་དུས་སྙིགས་མ་འདིར། །པད་འབྱུང་བཀའ་གཏེར་སྤེལ་དང་བསྟན་འཛིན་སྲུངས ། །དགེ་འདུན་སྡེ་རྒྱས་མངའ་རིས་ཡུལ་ལྗོངས་རྣམས། །ནད་མུག་མཚོན་གྱི་སེར་བུ་རིང་བསྐྲད་ནས། །མཐའ་བཞིའི་རྐང་དྲུག་དབང་བསྡུས་བསླུ་ཆོས་མཁན། །ལུས་མེད་རྒྱུད་བསྐུལ་རྨེག་མེད་ཚར་ཆོད་ལ། །མདོར་ན་ལས་བཞིའི་ཕྲིན་ལས་མ་ལུས་སྒྲུབས། །བདག་ཅག་གཞི་བྱེས་ཁ་འཛིན་རྒྱབ་བརྟེན་དང་། །སྡོང་གྲོགས་མེལ་ཚེ་བུ་བཞིན་སྐྱོང་བར་མཛོད། །གང་བཅོལ་རེ་བའི་ཤིང་རྟ་


SPN003_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

འགེངས་པ་ཡི། །བཀྲ་ཤིས་བསམ་དོན་ལྷུན་གྲུབ་བདེ་ལེགས་ཤོག །གཙྪས་རང་གནས་བཏང་། སི་ཏུ་པདྨ་ཉིན་བྱེད་དབང་པོས། བླ་མ་ཀར་ལུའི་བཞེད་ལྟར་སྤེལ་བ་དགེ། མངྒ་ལམ། །

སྒྲུབ་གཉེར་ཀརྨ་བདེ་ལེགས་ངོར།


SPN003_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྷའི་བསང་མཆོད་སྤྲོ་ན། ཕྱེ་མར་ཕུད་སྐྱེམས་བཟང་ཤིང་ཚོགས་འདུ་བགྱིད་ལ། རང་ཉིད་པད་འབྱུང་སྐུར་གསལ་བའི། །ཐུགས་ལས་འོད་འཕྲོས་མཆོད་རྫས་རྣམས། །མི་གཙང་དྲི་མ་སྦྱངས་ནས་ཀྱང་། །དག་པ་ཡེ་ཤེས་བདུད་རྩིར་གྱུར། །ཨ་ཀཱ་རོས་བྱིན་བརླབས་ལ། རང་གི་སྙིང་གའི་འོད་ཟེར་གྱིས། །ཡུལ་གནས་གཞི་བདག་གླེ་བྲག་ཅེས། །འཁོར་བཅས་མཆོད་པའི་གནས་འདི་རུ། །སྤྱན་དྲངས་དགྱེས་པར་བཞུགས་སུ་གསོལ། །འདིར་བཤམས་མཁའ་དབྱིངས་གང་བ་ཡི། །བཟང་སྤོས་དུད་སྤྲིན་ཟེར་མ་ལས། །མཁོ་དགུའི་ལོངས་སྤྱོད་འདོད་ཡོན་ཚོགས། །དཔག་མེད་ཅིར་ཡང་སྤྲོ་བ་དང་། །ཕྱེ་མར་རིན་ཆེན་སྨན་སྣ་དང་། །དར་ཟབ་ཛ་གད་ཕུད་བཟང་སྐྱེམས། །འབུལ་བཞེས་ཐུགས་དམ་བསྐང་གྱུར་ཅིག །སྔོན་གྱི་དམ་ཚིག་གཡར་དམ་གཉེན། །རྗེས་དགོངས་རྒྱུ་སྦྱོར་ཡོན་བདག་ལ། འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབས། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཡམས་མ་བཏང་བར། །ལོ་ལེགས་འབྲུ་འཕེལ་རྩྭ་རྒྱས་མཛོད། །ཁ་འཛིན་སྡོང་གྲོགས་མ་


SPN003_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གཡེལ་བར། །ལྷ་ཁྱོད་རྟག་པར་མཆོད་བསྐུལ་ན། །ཇི་ལྟར་བཅོལ་བའི་ཕྲིན་ལས་སྒྲུབས། །ཁྱེད་རྣམས་ཐུགས་འགལ་ནོངས་པའི་ཚོགས། །ཅི་མཆིས་བཤགས་ཤིང་བཟོད་པར་བཞེས། །མཐུ་རྩལ་རྨད་བྱུང་དཀར་ཕྱོགས་སྐྱོང་། གཙོ་དང་འཁོར་བཅས་བསྟོད་པར་བགྱི། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཆར། །ཡོངས་སུ་སྨིན་པའི་དཔལ་འབར་ཤོག །གཙྪ། ཞེས་སི་ཏུ་པས་སྒྲུབ་གཉེར་ཀརྨ་བདེ་ལེགས་ངོར་སྤེལ། །

དཔལ་མགོན་མ་ནིང་ནག་པོར་བསང་མཆོད།


SPN003_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་མ་ནིང་ནག་པོར་བསང་མཆོད་འབུལ་བར་སྤྲོ་ན། མཆོད་རྫས་རིགས་འདུ་བྱས་ལ། རང་ཉིད་ལྷའི་བསྐྱེད་རིམ་ལྡན་པས་འདི་སྐད་དོ། །བསང་རྫས་མཆོད་པའི་སྤྲིན་ཕུང་རྣམས། །ཟག་མེད་བདེ་ཆེན་སྐྱེད་བྱེད་གྱུར། །འབྲུ་གསུམ་གྱིས་བྱིན་བརླབས་ལ། ཧཱུྃ། ཆོས་དབྱིངས་སྐྱེ་མེད་ཀུན་ཏུ་བཟང་པོའི་ཀློང་། །མ་འགགས་ཐབས་ཀྱི་ཚུལ་སྣང་ཧེ་རུ་ཀ །སྒྱུ་འཕྲུལ་རོལ་པ་ཁྲོ་རྒྱལ་འཆོལ་བའི་རྗེ། །གཅིག་ཤུར་མ་ནིང་ནག་པོ་སྲོག་བདུད་ཆེ། །དཔལ་འབར་ཡུམ་དང་མགོན་ཆེན་སྡེ་ལྔ་པོ། །ཡང་འཁོར་སྡེ་བརྒྱད་དཔལ་མགོན་བདུན་ཅུ་ལ། །དགྱེས་རྫས་བསང་མཆོད་དམ་པ་འབུལ་བ་ནི། །ཉེར་སྤྱོད་བདུན་དང་བཀྲ་ཤིས་རྫས་རྟགས་བརྒྱད། །རྒྱལ་སྲིད་བདུན་དང་སྟོང་གསུམ་འཇིག་རྟེན་གྱི། །བཀོད་པ་ཡུལ་ལྗོངས་འདོད་ཡོན་མཆོད་པའི་སྤྲིན། །རིག་མ་བཅུ་དྲུག་སྨན་གཏོར་རཀྟའི་ཚོགས། །བརྟེན་


SPN003_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་བསྐང་རྫས་བསྒྲུབ་རྫས་མཆོད་པའི་རྫས། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁམས་གང་བས། །གསོལ་ལོ་མཆོད་དོ་བསང་ངོ་ཐུགས་དམ་བསྐང་། །ཐོག་མེད་དུས་ནས་མ་རིག་བདག་འཛིན་གྱི། །སྒྲིབ་གསུམ་རྣམ་རྟོག་དྲི་མས་ཉེས་བསགས་ཀུན། །རང་རིག་བརྗོད་བྲལ་ཀ་དག་ཀློང་ཡངས་ངང་། །མཐོལ་ལོ་བཤགས་སོ་དག་ཚངས་དངོས་གྲུབ་སྩོལ། །སངས་རྒྱས་བསྟན་སྐྱོང་བསྟན་འཛིན་ཞབས་བརྟན་ཅིང་། །དགེ་འདུན་སྡེ་རྒྱས་རྣལ་འབྱོར་བསམ་དོན་ཀུན། །ཐོགས་མེད་ཡིད་བཞིན་སྒྲུབས་ལ་རྐྱེན་ཕྱི་ནང་། །བར་ཆད་སོལ་ལ་ཆོས་མཐུན་བསམ་པ་སྒྲུབས། །བྱང་ཆུབ་ལམ་གྱི་ཉེར་འཚེ་ཞི་བ་དང་། །རྣམ་ཀུན་བཀྲ་ཤིས་བདེ་ལེགས་འབྱུང་གྱུར་ཅིག །ཅེས་སི་ཏུ་པདྨའི་མིང་ཅན་གྱིས། ཨ་མཆོད་བཀྲ་ཤིས་ངོར་སྤེལ་བ་དགེ། །

དཔོན་བཀྲ་དབང་ངོར།


SPN003_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཀཱ་རོས་བྱིན་བརླབས། སྭ་བྷཱས་སྦྱངས། སྟོང་ལས་བསང་ཁང་ཡི་གེ་དྷཱི། །འོད་ཟེར་འཕྲོ་འདུས་འདོད་ཡོན་ཚོགས། །དཔག་མེད་མཆོད་རྫས་ཀུན་བཟང་གི། །སྨོན་ལམ་ལས་གྲུབ་ཟག་མེད་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ཀྱཻ། རྩ་བརྒྱུད་བླ་མ་ཡི་དམ་ལྷ། དཔའ་བོ་མཁའ་འགྲོ་ཡེ་ཤེས་ཀྱི། །ཆོས་སྐྱོང་རྡོ་རྗེ་བེར་ལྕམ་དྲལ། །འཁོར་ལྔ་བཀྲ་ཤིས་ཚེ་རིང་མ། །དགྲ་བླ་ཡེ་བརྫུ་ཡུལ་གནས་སྐྱོང་། །རྫ་རྒྱལ་ཨར་མེ་


SPN003_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ནེ་དང་། །གཉུ་རྒྱལ་ཀླུ་མོ་རྫ་བཀྲ་དང་། །སྤོ་རྒྱལ་རྡོལ་པ་ལ་སོགས་པ། །རང་ལ་རིགས་ཀྱི་འགོ་བ་ཡི། །ལྷ་དང་སྲུང་མ་དགེ་བསྙེན་རྣམས། །རིག་འཛིན་པདྨའི་བཀའ་བསྒོས་བཞིན། །དམ་ལས་མ་འདའ་འདིར་གཤེགས་གསོལ། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་རྫས། །རབ་འབྱམས་ཞིང་ཀུན་ཁྱབ་པ་ཡི། །སྤྱན་གཟིགས་དཀོར་ཆས་ཚར་དུ་དངར། །ཕྱེ་མར་ཉེར་སྤྱོད་གསེར་སྐྱེམས་སོགས། །འདོད་དགུའི་ལོངས་སྤྱོད་ནམ་མཁའི་མཛོད། །དགྱེས་པ་བསྐྱེད་པའི་འདོད་ཡོན་རྣམས། །མཆོད་པ་འབུལ་བཞེས་དགྱེས་པར་རོལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་རྣམས། །ཡིད་བཞིན་འགྲུབ་བའི་སྡོང་གྲོགས་མཛོད། །གཞི་བྱེས་ལེགས་དང་རྒྱལ་ཁ་བཏོད། །བསམ་པ་ཆོས་བཞིན་འགྲུབ་པར་མཛོད། །བཀྲ་ཤིས་དགེ་བའི་དཔལ་སྤྱོད་ཤོག །ཅེས་སི་ཏུ་པདྨའི་མིང་གིས། དཔོན་བཀྲ་དབང་ངོར་སྤེལ་བ་དགེ་ལེགས་འཕེལ། །

ཀརྨ་བསམ་འཕེལ་ངོར།


SPN003_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ༀ། རིན་ཆེན་སྣོད་མཆོག་སྟོང་གསུམ་མཉམ་པའི་ནང་། །འབྲུ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི། །འདོད་ཡོན་ཉེར་སྤྱོད་མཁོ་དགུའི་མཆོད་རྫས་ཚོགས། །ཡིད་སྤྲུལ་ཅིར་ཡང་འཆར་བ་ཡེ་ཤེས་ཀྱི། །བདུད་རྩིར་གྱུར་པའི་བསང་གི་མཆོད་པ་འདིས། །ཡུལ་འདིར་གཉུག་གནས་རྫ་རྒོད་རོག་པོ་དང་། །རྡོ་ཡོལ་དཀར་ཟེ་བླ་མཚོ་ཕྱུག་


SPN003_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དང་། །དོམ་ར་བྲག་དཀར་ཨོམ་མཚོ་ཁྲ་ལེབ་ཟོར། །ཨ་རྨེ་དོམ་གཤམ་རིན་སྤུངས་རི་དམར་དང་། །རི་བཀྲ་རག་རེ་དིལ་ཡག་ལ་སོགས་པ། །གནས་དང་རྟེན་བཅས་ཡིད་ཀྱི་གཟུགས་འཆང་ཞིང་། །ཡུལ་གྱི་བདེ་སྐྱིད་སྤེལ་བའི་ནུས་སྟོབས་ཅན། །ཐམས་ཅད་བསང་ཞིང་བརྔན་ནོ་བདག་ཅག་ལ། །ཕན་པ་བསྒྲུབ་ཅིང་ཅི་བཅོལ་ལས་རྣམས་ཀུན། །རྗེ་བཙུན་བླ་མའི་བཀའ་ཡི་དམ་བཞག་བཞིན། །ཐོགས་མེད་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །ཞེས་ཀརྨ་བསམ་འཕེལ་གྱི་འདོད་ངོར་སི་ཏུས་སྤེལ། །

ཡུལ་ལྷ་བཙན་རྒོད་འབར་བའི་བསང་མཆོད།


SPN003_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྷ་བཙན་རྒོད་འབར་བའི་བསང་མཆོད་སྤྲོ་ན། མཆོད་རྫས་རྣམས་ལ་ཨ་ཀཱ་རོས་བྱིན་བརླབས་ནས། ཧྲཱིཿ བདག་ཉིད་ཆེ་མཆོག་པདྨའི་སྐུར་གསལ་བའི། །ཐུགས་ལས་འོད་འཕྲོས་ཡུལ་གནས་གཞི་ཡི་བདག །བཙན་རྒོད་རྡོ་རྗེ་དྲག་རྩལ་འཁོར་བཅས་རྣམས། །སྔོན་གྱི་དམ་བཅའ་རྗེས་དགོངས་དེང་འདིར་ནི། །ཞི་དང་བྱམས་པའི་ཚུལ་གྱིས་གཤེགས་སུ་གསོལ། །འདིར་བཤམས་ཕྱི་ནང་གསང་བ་དེ་ཁོ་ནའི། །བླ་མེད་མཆོད་པའི་སྤྲིན་ཕུང་བདུག་པའི་སྤོས། །ཕྱོགས་ཀྱི་གོ་སྐབས་འཕྲོག་པའི་ཟེར་མ་ལས། །གང་འདོད་དགྱེས་དགུའི་མཐུན་རྫས་མ་ཚང་མེད། །སྤྱན་གཟིགས་དཀོར་ཆས་འདོད་པའི་ལོངས་སྤྱོད་རྣམས། །རྒྱ་ཆེན་རྒྱུན་མི་ཆད་པར་


SPN003_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བྱས་ནས། །འབུལ་བཞེས་དགྱེས་རོལ་ཐུགས་དམ་གཉེན་པོ་བསྐང་། །ནོངས་བཤགས་བཟོད་གསོལ་བཅོལ་བའི་ཕྲིན་ལས་ནི། །རྣལ་འབྱོར་གང་འདོད་ཕྲིན་ལས་སྒྲུབ་པ་དང་། །ཁ་འཛིན་སྡོང་གྲོགས་མེལ་ཚེ་མ་གཡེལ་བར། །སྲུང་སྐྱོབ་མི་འབྲལ་རྟག་པར་བུ་བཞིན་སྐྱོངས། །བསྟན་འཛིན་ཞབས་བརྟན་དགེ་འདུན་སྡེ་རྒྱས་ཤིང་། །མངའ་རིས་ལོ་ལེགས་འབྲུ་འཕེལ་ནད་འཁྲུགས་ཞི། །མདོར་ན་རྫོགས་ལྡན་དཔལ་ལ་སྤྱོད་པ་ཡི། །རྣམ་ཀུན་ཕྲིན་ལས་མ་གཡེལ་བསྒྲུབ་པར་མཛོད། །གཙྪས་རང་གནས་སུ་གཤེགས། ཞེས་དད་སྦྱིན་རྒན་པོའི་ངོར་སི་ཏུས་སྤེལ་བ་དགེ་ལེགས་སུ་གྱུར་ཅིག །

ཡུལ་ལྷ་སོ་སྦྲམ་གཉན་པོའི་བསང་མཆོད།


SPN003_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཡུལ་ལྷ་སོ་སྦྲམ་གཉན་པོའི་བསང་མཆོད་སྤྲོ་ན། མཆོད་གཏོར་དཀར་བཤོས་དང་ཕྱེ་མར་ཕུད་རྒོད་བསང་ཤིང་སོགས་འདུ་བྱས་ལ་ཆུ་གཙང་གིས་བྲན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བསང་མཆོད་འདོད་ཡོན་གྱི་སྤྲིན་ཕུང་ཟད་མི་ཤེས་པ་ས་དང་བར་སྣང་མ་ལུས་ཡོངས་སུ་གང་བར་གྱུར། ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ། རང་ཉིད་སྐད་ཅིག་ཧྲཱིཿལས་པདྨ་འབྱུང་། །དཀར་གསལ་ཁྲོ་འཛུམ་ཟ་འོག་བེར་ཕྱམ་བརྗིད། །ཕྱག་གཉིས་རྡོ་རྗེ་ཐོད་པ་ཁ་ཊཱཾ་འཛིན། །སྣང་སྟོང་ཟུང་འཇུག་དམ་ཡེ་དབྱེར་མེད་གསལ། །ༀ་ཨཱ་ཧཱུྃ་བཛྲ་


SPN003_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨ་སིདྡྷི་ཧཱུྃཿ ཞེས་བཟླས། བདག་ཉིད་པདྨ་ཐོད་ཕྲེང་ཐུགས་ཀ་ནས། །འོད་ཟེར་འཕྲོས་པས་སོ་སྦྲམ་འཁོར་བཅས་ལ། །ཕོག་པས་སྔོན་གྱི་ཁས་བླངས་དམ་བཅའ་བཞིན། །རྗེས་དགོངས་སྐད་ཅིག་གནས་འདིར་གཤེགས་པར་གྱུར། །བཛྲ་ས་མ་ཡ་ཛཿ ཏིཥྛ་ལྷན། ཀྱཻ། ལྷ་ཡི་དགེ་བསྙེན་འཁོར་བཅས་ལ། །མཐུན་པའི་མཆོད་རྫས་འབུལ་བ་ནི། །དཀར་གསུམ་ཕྱེ་མར་ཕུད་ཀྱིས་མཆོད། །ཇ་ཆང་འོ་ཞོ་བཏུང་བས་མཆོད། །དར་ཚོན་བལ་ཚོན་རྒྱན་གྱིས་མཆོད། །དྲི་ཞིམ་བསང་གི་དུད་པས་མཆོད། །གཡག་ལུག་ར་གསུམ་གཟུགས་ཀྱིས་མཆོད། །སྤྱན་གཟིགས་དཀོར་ཆ་དུ་མས་མཆོད། །རྔ་དུང་རོལ་མོ་སྙན་པས་མཆོད། །ཏིང་འཛིན་སྔགས་དང་ཕྱག་རྒྱས་འབུལ། །མཉེས་ཤིང་ཚིམས་པར་གྱུར་ནས་ཀྱང་། །ཕོག་ཐུག་འགྲམ་འཁྲུགས་ཞི་གྱུར་ཅིག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་སོགས་གསུམ་གྱིས་བསྔོའོ། །ཀྱཻ། ལྷ་ཡི་དགེ་བསྙེན་ཡུལ་བདག་གཉན་པོ་ནི། །སྐུ་མདོག་དཀར་གསལ་དཔའ་བའི་ཆས་དང་ལྡན། །རྣམ་འགྱུར་ཆ་ལུགས་མ་ངེས་ཅིར་ཡང་སྟོན། །རང་ཕྱོགས་སྲུང་དང་གཞན་ཕྱོགས་འཇོམས་པར་བྱེད། །ཁྱོད་ནི་དམ་ཉམས་དགྲ་བོའི་གཤེད་མ་སྟེ། །སངས་རྒྱས་བསྟན་པ་བསྲུང་བའི་བྱ་ར་བ། །མཐུ་སྟོབས་ཐོགས་པ་མེད་པའི་རྫུ་འཕྲུལ་ཅན། །སྒྲུབ་མཆོག་


SPN003_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ་ཡིས་བུ་ལྟར་བརྩེ། །རྟག་ཏུ་མི་འབྲལ་སྲུང་སྐྱོབ་མཛད་པ་ཡི། །རྩལ་ལྡན་སྐྱེས་བུ་འཁོར་དང་བཅས་ལ་བསྟོད། །དེང་འདིར་ཁྱོད་ལ་བཅོལ་བའི་ཕྲིན་ལས་ནི། །རྣལ་འབྱོར་བདག་དང་རྒྱུ་སྦྱོར་ཡོན་བདག་གི། །ཚེ་བསོད་དཔལ་འབྱོར་ཡར་ངོའི་ཟླ་ལྟར་བསྐྱེད། །མི་མཐུན་བར་ཆད་ཐལ་བར་བརླག་པ་དང་། །སངས་རྒྱས་བསྟན་པ་གཉན་པོ་ཁྱོད་ཀྱིས་སྲུངས། །བསྟན་འཛིན་སྐྱེས་བུའི་སྐུ་དགྲ་ཁྱོད་ཀྱིས་སྒྲོལ། །ལས་བཞིའི་ཕྲིན་ལས་གང་བརྩམ་ཁྱོད་ཀྱིས་སྒྲུབས། །བཙའ་སད་སེར་གསུམ་ལོ་ཉེས་ཐན་པ་ཟློག །མི་ཕྱུགས་ནད་རིམས་དལ་ཁ་ཁྱོད་ཀྱིས་སྒྱུར། །སྔོན་གྱི་དམ་བཅའ་མ་གཡེལ་དྲན་མཛོད་ལ། །གང་བཅོལ་ལས་ཀུན་ཐོགས་མེད་བསྒྲུབ་པར་མཛོད། །ཅེས་རང་ཉིད་པད་འབྱུང་དུ་གསལ་བས་ཅི་བཅོལ་བའི་ཕྲིན་ལས་བསྒྲུབ་པར་བསམ་ཞིང་། གཙྪས་རང་ནས་སུ་གཤེགས། སྦྱིན་པ་རྒྱ་ཆེན་སོགས་བརྗོད། ཅེས་དད་ལྡན་ཕུན་ཚོགས་རབ་སྒྲུབ་ངོར་སྤེལ་བ་དགེ། །ཀྱཻ། སྔོན་ཚེ་པདྨ་ཐོད་ཕྲེང་གི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །ཕྱི་ནང་གསང་བའི་སྡེ་བརྒྱད་རྣམས། །དེང་འདིར་བསང་དང་གསེར་སྐྱེམས་ཀྱི། །མཆོད་པ་སྣ་ཚོགས་སོ་སོ་ཡིས། །གང་འདོད་ལོངས་སྤྱོད་རྒྱ་ཆེན་པོ། །ཕུལ་བཞེས་དགྱེས་པར་རོལ་མཛོད་ལ། །ཨོ་རྒྱན་ཆེན་པོའི་བཀའ་དམ་


SPN003_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །མ་འདའ་རྣལ་འབྱོར་བཅོལ་པའི་ལས། །ཕྲིན་ལས་རྣམ་བཞི་སྒྲུབ་པ་དང་། །ཁྱད་པར་ཡུལ་རིས་ས་ཕྱོགས་འདིར། །སྐྱིན་ཐང་གནོད་འཚེ་ལས་སྐྱོབ་པའི། །ལོ་ལེགས་འབྲུ་འཕེལ་སྐྱ་རྒྱལ་ཞིང་། །འགྲོ་བ་སེམས་ཅན་བདེ་སྐྱིད་ལྡན། །བཀྲ་ཤིས་སྣང་བས་ཁྱབ་པ་ཡི། །རྣམ་ཀུན་བདེ་སྐྱིད་ལྡན་པར་མཛོད། །

སྦས་ཡུལ་ཨ་ཏ་རོང་དང་རྗེས་འབྲེལ་གནས་ཆེན་སེང་ཆེན་གནམ་བྲག་ལ་བསང་མཆོད།


SPN003_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སྭསྟི། སྦས་ཡུལ་ཨ་ཏ་རོང་དང་རྗེས་འབྲེལ་གནས་ཆེན་སེང་ཆེན་གནམ་བྲག་ལ་བསང་མཆོད་སྤྲོ་ན། ཐོག་མར་མཆོད་རྫས་རྣམས་འདུ་བགྱི ད་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ལས་རིན་ཆེན་སྣོད་ཡངས་པར། །ལྷ་རྫས་མཆོད་པའི་བྱེ་བྲག་རྣམས། །ཀུན་བཟང་སྨོན་ལམ་ལས་གྲུབ་པའི། །ནམ་མཁའ་མཛོད་བཞིན་རྒྱ་ཆེ་བ། །རྒྱུན་མི་ཆད་པ་རྣམས་སུ་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ། ཧྲཱིཿ རང་ཉིད་པདྨ་འབྱུང་གནས་སྐུར་གསལ་བའི། །ཐུགས་ལས་འོད་འཕྲོས་མཆོད་འོས་དཀོན་མཆོག་དང་། །རྩ་གསུམ་ལྷ་ཚོགས་ཡུལ་གཞི་གནས་བདག་རྣམས། །མདུན་གྱི་ནམ་མཁར་སྤྱན་དྲངས་བཞུགས་པར་གྱུར། །ཀྱཻ། གདོད་ནས་ཡོངས་གྲུབ་ས་སྤྱོད་ཀྱིི། །གནས་མཆོག་སེང་ཆེན་གནམ་བྲག་ཅེས། །པདྨ་དབང་གི་དཀྱིལ་འཁོར་ན། །ཨོ་ཌི་ཡ་ནའི་ཨཱ་ཙཪྻ། །གྲུབ་ཐོབ་བྱེ་བ་འབུམ་དང་བཅས། །རྒྱལ་བ་རྒྱ་མཚོའི་ལྷ་


SPN003_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཚོགས། །རྒྱུད་སྡེ་བཞི་འབྲེལ་ཡི་དམ་ལྷ། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། ཆོས་སྐྱོང་སྲུང་མ་དམ་ཚིག་ཅན། །གནས་བདག་ཡུལ་བདག་དཀར་ཕྱོགས་སྐྱོང་། །མ་ལུས་ཇི་སྙེད་གཙོ་འཁོར་ལ། །ཕྱི་ནང་གསང་བའི་མཆོད་ཚོགས་དང་། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །རིན་ཆེན་གསེར་སྐྱེམས་བདའ་དགུའི་ཕུད། །ལྷ་མིའི་ལོངས་སྤྱོད་དཀོར་ནོར་དབྱིག །མགྱོགས་འགྲོ་གཡག་ལུག་ར་གསུམ་སོགས། །སོ་སོར་དགྱེས་པ་སྐྱེད་བྱེད་པའི། །བཟང་ཞིང་སྣ་ཚོགས་དུད་སྤྲིན་ཟེར། །ཕྱོགས་ཀུན་ཁྱབ་པར་སྤྲོ་བ་ལས། །འདོད་དགུའི་དཔལ་འབྱོར་མི་ཟད་པ། །འབུལ་བཞེས་དགྱེས་པ་བསྐང་གྱུར་ཅིག །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ལྷ། །མ་ལུས་བདག་གིས་བསྟོད་པར་བགྱི། །དེ་ལྟར་མཆོད་བསྟོད་བསྐུལ་བའི་མཐུས། །ཡེ་ཤེས་ལས་དང་འཇིག་རྟེན་སྐྱོང་། །ལྷ་ཚོགས་འཁོར་དང་ཡང་འཁོར་ལ། །སྙིགས་མའི་འགྲོ་རྣམས་འཆོལ་སྤྱོད་ཀྱི། །མ་རིག་དབང་གྱུར་ཉེས་པའི་ཚོགས། །བཤགས་སོ་བཟོད་བཞེས་དག་ཚངས་སྩོལ། །མི་གཙང་ཉམས་གྲིབ་བསང་ནས་ཀྱང་། །ལྷ་ཞལ་ཟླ་ལྟར་དཀར་གྱུར་ཅིག །རྣལ་འབྱོར་བཅོལ་པའི་ཕྲིན་ལས་ནི། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །རྡོ་རྗེ་སློབ་དཔོན་


SPN003_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མར་བཅས། །དགེ་འདུན་སྡེ་སྐྱོང་སྒྲུབ་པ་པོའི། །ཚེ་བསོད་ཡེ་ཤེས་འབྱོར་བ་རྒྱས། །ནད་གདོན་བར་ཆད་ཞི་ལ་སོགས། །རྣམ་བཞི་ཕྲིན་ལས་གང་བཅོལ་བ། །ཐོགས་པ་མེད་པ་བསྒྲུབ་པར་མཛོད། །ཡུལ་ཁམས་ཀུན་ཏུ་བཀྲ་ཤིས་ཤིང་། །ཆར་ཆུ་དུས་འབབ་ལོ་ཏོག་ལེགས། །ནད་མུག་མཚོན་འཁྲུགས་མི་མཐུན་ཞི། །རྫོགས་ལྡན་བསྐལ་པ་ཇི་བཞིན་དུ། །སྐྱེ་འགྲོ་བདེ་སྐྱིད་ལྡན་པ་ཡི། །དོན་གཉིས་ལྷུན་གྱིས་གྲུབ་ནས་སུ། །བཀྲ་ཤིས་དཔལ་འབར་ཕུན་ཚོགས་ཤོག །དད་དམ་ལྡན་པ་སྔགས་འཆང་ཨ་བཀྲའི་ངོར་སྤེལ་བ་དགེ །

རྒྱམ་རྡོ་ཏི་གངས་དཀར་གཉན་པོའི་གསོལ་མཆོད་ཕྲིན་བཅོལ་ལས་བཞི་མྱུར་འགྲུབ།


SPN003_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱམ་རྡོ་ཏི་གངས་དཀར་གཉན་པོའི་གསོལ་མཆོད་ཕྲིན་བཅོལ་ལས་བཞི་མྱུར་འགྲུབ་བཞུགས། ན་མོ་པདྨཱ་ཀ་ར་ཡེ། འདིར་རྒྱམ་རྒྱལ་རྡོ་ཏི་བཛྲ་དྷཱ་ཛའི་གསོལ་མཆོད་ཕྲིན་བཅོལ་ཀྱི་རིམ་པ་སྤྲོ་བ་དག་གིས། དང་པོ་རང་ཉིད་ལྷའི་བསྐྱེད་རིམ། དཀོན་མཆོག་སྤྱི་འདུས་གུ་རུ་ཞི་བ་སྤྲོས་མེད་རྒྱུན་གྱི་ཉམས་ལེན་སྒང་དུ་དྲིལ་བ་ནི། སྔོན་འགྲོ་ལ། སྲུང་འཁོར། ཧྲཱི༔ བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ ཕྱི་ནང་སྣོད་བཅུད་གཞལ་ཡས་སྐྱེ་འགྲོ་ལྷ༔ ཕྱོགས་དང་ཕྱོགས་མཚམས་འཇའ་འོད་མཚོན་ཆས་གཏམས༔ རྡོ་རྗེའི་ས་གཞི་རྭ་གུར་མེ་རིས་བསྐོར༔ ༀ་བཛྲ་རཀྵ་ཛྭ་ལ་རཾ༔ སྐྱབས་སེམས༔ ༀ་ཨཱཿཧཱུྃཿ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆིའོ༔ རྒྱུད་དྲུག་འཁོར་


SPN003_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། དངོས་གཞི་ལ། སྐད་ཅིག་དྲན་རྫོགས་ཀྱི་བསྐྱེད་རིམ། ཧྲཱི༔ བདག་ཉིད་ཐ་མལ་རང་སེམས་བཟོ་མེད་འདི༔ དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྔ་མཛེས་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་བརྒྱན༔ པད་ཞུ་རྒོད་ལྡེམ་ཁ་ཊྭཱྃ་གཡོན་ནས་འཁྲིལ༔ ཕོད་ཀ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེས་རབ་བརྒྱན་འོད་ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་པའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ གསལ་སྟོང་ཐུགས་རྗེའི་འོད་ཟེར་ཀུན་ལ་སྙོམས༔ མཁའ་འགྲོ་འཇའ་སྤྲིན་རྣམ་མང་འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལ༔ བགེགས་དང་བར་ཆད་ཅེས་བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ ཅེས་རང་གསལ་རིག་བའི་ལྷ་སྐུ་དང་ཡེ་ཤེས་དབྱེར་མེད་གདོད་ནས་ཡེ་བཞུགས་ཆེན་པོར་མོས་པས་བཟླས་པར་འཇུག །གལ་ཏེ་སྤྲོས་པ་ལ་དགའ་ན་རྣམ་པ་སྒྱུ་མ་ལྟ་བུར་སྤྱན་འདྲེན་བྱིན་འབེབས་དང་མཆོད་བསྟོད་ཙམ་བྱ།


SPN003_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མིན་མི་དགོས་སོ། །འོན་ཀྱང་མངོན་རྟོགས་གྲུབ་ནས། ཚིག་བདུན་གསོལ་འདེབས་རྒྱས་པར་སྤྱན་འདྲེན་ལྟར་རམ། ཡང་ན། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པ་སྟེ་གང་རུང་དམིགས་པ་དང་བཅས་ཚར་ཁ་ཤས་ཀྱིས་བསྐུལ་ཞིང་བྱིན་ཕབས༔ ཕྱག་འཚལ་བ་ནི༔ ན་མོ་སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ པདྨ་འོད་འབར་སྐུ་ལ་ཕྱག་འཚལ་ལོ༔ མཆོད་པ་ནི། ༀ་བཛྲ་ཨརྒྷཾ། པདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃཿ མ་ཧཱ་པཉྩ། མ་ཧཱ་རཀྟ། མ་ཧཱ་བ་ལིང་ཏ་ཁཱ་ཧིཿ བསྟོད་པ་ནི། ཧྲཱི༔ རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག༔ ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང༔ ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ༔ ཐུགས་རྗེའི་སྤྲུལ་བསྒྱུར་འགྱེད་ལ་ཕྱག་འཚལ་བསྟོད༔ དེ་ནས་ཛབ་ཀྱི་དམིགས་པ་གསལ་བཏབ་སྟེ། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ


SPN003_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཟླས་པ་ཅིི་ནུས་གྲག་སྟོང་བསམ་བརྗོད་བྲལ་བའི་ངང་དུ་བྱེད་ལ། གཉིས་པ་རང་ཉིད་ལྷ་ཡི་ང་རྒྱལ་བརྟན་པོའི་ངང་ནས་གཞི་གནས་བདག་པོ་རྣམས་མདུན་དུ་བསྐྱེད་པའི་རིམ་པ་ནི། མཆོད་རྫས་རྣམས། ཨ་ཀཱ་རོས་ལན་གསུམ་གྱི་བྱིན་གྱིས་བརླབས་ནས་བྲན་ལ། ཀྱཻ། འཕགས་མཆོག་ཐུགས་རྗེ་ཆེན་པོས་བྱིན་བརླབས་གནས། །མདོ་ཁམས་གླིང་ཁྲི་བར་མའི་ནོར་འཛིན་གཞི། །སྐྱོང་ཞིང་རྒྱལ་བསྟན་སྤེལ་པའི་ལྷ་ཆེན་པོ། །རིག་འཛིན་པདྨའི་བཀའ་ཉན་དམ་ཚིག་ཅན། །ས་བརྒྱད་དབང་ཕྱུག་བྱང་ཆུབ་སེམས་ལྡན་པ། །གནས་ཆེན་དྲུག་གི་ཡུལ་གཞི་གནས་བདག་གཙོ། །དགེ་བསྙེན་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ། །ཀུནྡ་ལྟར་དཀར་ཞི་འཛུམ་བརྗིད་ཆགས་ཤིང་། །དབུ་ལ་དུང་རྨོག་སྐུ་ལ་དུང་ཁྲབ་དང་། །བེར་དཀར་གསོལ་ཞིང་ཕྱག་གཡས་རྒྱལ་མཚན་འཕྱར། །གཡོན་པས་གཏེར་བུམ་འཛིན་ཅིང་རྟ་དཀར་ཆིབས། །དར་དང་རིན་ཆེན་སྒ་སྲབ་མཛེས་པས་སྤྲས། །རང་འདྲའི་སྤྲུལ་པ་བརྒྱད་བརྒྱད་འཁོར་ཡང་འཁོར། །བྱེ་བ་འབུམ་སྡེས་བསྐོར་བའི་དབུས་སུ་གསལ། །བར་སྣང་ག་རུ་ཌ་དང་འབྲུག་སེང་འཕྱོ། །གཡག་དཀར་ཞོལ་ཅན་རྒྱ་སྟག་ཕྱི་ནས་འབྲང་། །རིན་ཆེན་འབྱུང་གནས་ས་མུ་དྲ་ཡི་ཀློང་། །འཇའ་ཟེར་འོད་དུ་འཁྱིལ་པའི་གུར་ཁང་དབུས། །མཚོ་སྨན་ནོར་བུ་འོད་ལྡན་འཛུམ་མཛེས་


SPN003_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དཀར། །དབུ་སྐྲ་ཐོར་ཚུགས་ནོར་བུ་རིན་ཆེན་རྒྱན། །དར་དཀར་བེར་གསོལ་ཕྱག་གཡས་མདའ་དར་གཡོབ། །གཡོན་པས་མེ་ལོང་འཛིན་ཅིང་གཡུ་འབྲུག་ཞོན། །བསྟན་པའི་མེལ་ཚེ་རྣལ་འབྱོར་བུ་ལྟར་བརྩེ། །ལྷ་སྨན་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བར་གསལ། །དུག་གི་མཚོ་ཆེན་ཁོལ་ཞིང་འབར་བའིི་དབུས། །ཀླུ་བདུད་ཁ་ལ་རཀྵ་མཐུ་བོ་ཆེ། །དུད་ཁ་དབུ་དགུ་རྩ་ཞལ་ཆུ་སྲིན་གདོང་། །ཁྲོ་གཏུམ་མཆེ་གཙིག་ལྗགས་བསྐྱོད་ཞལ་ལྷག་མ། །སྦྲུལ་མགོ་བརྒྱད་ཀྱང་གདུག་པའི་དུག་རླངས་འཕྱོ། །སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ་མཇུག་ཅན། །ལུས་ཀུན་མིག་གང་ཕྱག་གཡས་སྤུ་གྲི་འཕྱར། །གཡོན་པས་དགྲ་སྙིང་སྦྲུལ་ཞགས་འཛིན་བཞིན་ཏུ། །ཆུ་སྲིན་ལ་ཞོན་བུ་ཡུག་ཐོག་སེར་འབེབས། །ཀླུ་བདུད་ནག་པོ་འབུམ་སྡེས་བསྐོར་བར་གསལ། །གཞན་ཡང་ལྷ་ཆེན་མཆེད་ལྕམ་དགྱེས་སྡེ་མོ། །ཕྱི་ནང་བློན་འཁོར་དཀར་པོའི་ཕྱོགས་སྐྱོང་བ། །དཔག་མེད་ཆར་སྤྲིན་འཁྲིགས་བཞིན་གསལ་བ་ཡི། །གནས་གསུམ་འབྲུ་གསུམ་འོད་དང་རང་ཉིད་ལྷའི། །ཐུགས་ཀའི་འོད་ཟེར་འཕྲོ་འདུས་རང་གནས་ནས། །སྤྱན་དྲངས་དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར། །ༀ་བྷཱུ་མི་པ་ཏི་བཛྲ་དྷྭ་ཛ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་སྤྱན་དྲངས་


SPN003_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞུགས་གསོལ་དང་དམ་སྦྲགས་བསྟོད་ཕྱག་ནི། རིན་ཆེན་དར་ཟབ་ལ་སོགས་ཁྲི་སྟེང་དུ། །རང་རང་འཚམས་པའི་གདན་ལ་བཞུགས་སུ་གསོལ། །སྔོན་ཚེ་ཨོ་རྒྱན་ཆེན་པོ་པདྨ་འབྱུང་། །སྣང་སྲིད་ཟིལ་གནོན་ཀརྨ་པཀྴི་དང་། །མ་ཏི་རཏྣའི་དྲུང་དུ་དམ་བཅས་ལྟར། །རྡོ་རྗེའི་ཐ་ཚིག་རྗེས་སུ་དྲན་པར་མཛོད། །བཛྲ་ས་མ་ཡ་རཀྵནྟུ། སངས་རྒྱས་བསྟན་སྲུང་རྣལ་འབྱོར་བུ་ལྟར་སྐྱོངས ། །བདེན་པ་མཐོང་བའི་དགེ་བསྙེན་ཡལ་གམ་ཅན། །ཡབ་ཡུམ་སྲས་ལྕམ་འཁོར་དང་ཡང་སྤྲུལ་བཅས། །རྫུ་འཕྲུལ་ཐོགས་མེད་རྩལ་ལྡན་རྣམས་ལ་བསྟོད། །དེ་ནས་མཆོད་པ་འབུལ་བ་ནི། །བསང་རྫས་དང་མཆོད་པ་རྣམས་སླར་ཡང་བྲན་ལ། ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། ཀྱཻ། བསང་ཁང་རིན་ཆེན་དཀར་ཟླུ མ་ནང་། །ཙནྡན་དཀར་དམར་ཨ་ག་རུ། །གཡུ་ཤུག་བལ་བུ་ལ་སོགས་པའི། །བཟང་ཤིང་སྣ་ཚོགས་དུད་སྤྲིན་འཁྲིགས། །དེ་ལས་བཀྲ་ཤིས་རྫས་རྟགས་བརྒྱད། །རྒྱལ་པོ་ལ་འོས་རིན་ཆེན་བདུན། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཀྱི། །འདོད་དགུ་སྣ་ཚོགས་ཆར་བཞིན་འབེབས། །གཞན་ཡང་མཆོད་པའི་བྱེ་བྲག་ནི། །དག་གཙང་ཡ ན་ལག་བརྒྱད་ལྡན་ཆབ། །ཆུ་དང་ཐང་སྐྱེས་མེ་ཏོག་ཚལ། །སྨན་མཆོག་ཇི་སྙེད་སྤོས་ངད་ལྡིར། །སྣང་ཞིང་གསལ་བྱེད་འོད་དུ་འབར། །དྲི་བཟང་


SPN003_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བྱུག་པའི་ལྡེ་གུ་དང་། །ལྷ་ཡི་ཞལ་ཟས་རོ་བརྒྱ་ལྡན། །དབྱངས་སྙན་རོལ་མོའི་བྱེ་བྲག་ལྡིར། །འདོད་ཡོན་མཆོད་རྫས་རྣམ་པ་ལྔ། །ཕྱེ་མར་ཛ་གད་རིན་ཆེན་སྐྱེམས། །སྣ་ཚོགས་ཕུད་སྣ་མང་པོ་དང་། །སྐོང་རྟེན་སྒྲུབ་ཅིང་མཆོད་པའི་རྫས། །མ་ཚང་མེད་པ་ཚར་དུ་དངར། །གོ་ཆ་མཚོན་ཆ་དར་ཟབ་གོས། །སྤྱན་གཟིགས་དཀོར་ཆས་དཔག་ཏུ་མེད། །གཙོ་འཁོར་དགྱེས་པ་སྐྱེད་བྱེད་པ། །ནམ་མཁའ་མཛོད་ཀྱི་རང་བཞིན་ཅན། །མཆོད་དོ་འབུལ་ལོ་དགྱེས་པར་རོལ། །ༀ་བཛྲ་ཨརྒྷཾ། པུཥྤེ། དྷཱུཔེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤབྡ་ཨཱཿཧཱུྃ། རཱུ་པ། ཤབྡ། གནྡྷེ། རཱ་ས། སྤཪྴེ་པྲ་ཏིཙྪ་སྭཱ་ཧཱ། དེ་ནས་བསྟོད་པ། ཀྱེ་ཧོཿ ཛམ་གླིང་བྱང་ཕྱོགས་ཆར་བརྟེན་པའི། །གངས་རི་ཤེལ་དཀར་སྤུངས་འདྲ་སོགས། །གནས་མཆོག་དམ་པར་མངའ་དབང་བསྒྱུར། །སྲིད་པའི་ལྷ་ཆེན་དཔལ་འབར་བ། །འཇིག་རྟེན་སྐྱོང་བ་ཡོངས་ཀྱི་རྗེ། །དཀར་པོ་ལྷ་ཡི་སྡེ་དཔོན་མཆོག །ནག་པོ་བདུད་ཀྱི་ཁ་གནོན་ཏེ། །དགེ་བསྙེན་ཆེན་པོ་ཁྱོད་ལ་བསྟོད། །བདུད་རྩི་ལྟ་བུའི་རྒྱ་མཚོ་ལ། །གནས་བཅས་མ་ཡིས་བུ་བཞིན་སྐྱོང་། །བཞིན་མཛེས་མཚར་སྡུག་ལང་ཚོ་ཅན། །ནོར་བུ་འོད་ལྡན་མ་ལ་བསྟོད། །འཇིགས་རུང་དུག་མཚོ་


SPN003_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཁོལ་དབུས་སུ། །མ་རུངས་དགྲ་བགེགས་ཡོངས་ཀྱི་གཤེད། །ཀླུ་བདུད་གདོལ་པ་ལག་རིང་ཞེས། །ཀླུ་རྒྱལ་དྲག་པོའི་རྩལ་ལྡན་བསྟོད། །གཞན་ཡང་མཆེད་བརྒྱད་ལྕམ་དྲལ་དང་། །བཙུན་མོ་བློན་འབངས་སྤྲུལ་ཡང་སྤྲུལ། །བསམ་མི་ཁྱབ་པའི་འཁོར་ཚོགས་ལ། །དང་བའི་ཡིད་ཀྱིས་བསྟོད་པར་བགྱི། །ཞེས་བསྟོད་ལ། བསྙེན་པ་ནི། རང་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་འོད་ཀྱིས་ཡུལ་ལྷའི་སྙིང་གའི་ས་བོན་མཐར་སྔགས་ཕྲེང་ལ་ཐིམ་པས་ལས་བཞིའི་ཕྲིན་ལས་འགྲུབ་པར་མོས་ལ། ༀ་ཨཱཿབཛྲ་དྷཱ་ཛ་ཧཱུྃ། བཟླས་མཐར། ༀ་ཨཱཿབཛྲ་དྷཱ་ཛ་མ་མ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཨ་ཡུཿཔུཎྱེ་སིདྡྷི་ཧཱུྃ། ཞེས་ཀྱང་བཟླས་ལ། འདི་སྐབས་གཏོར་འབུལ་གཏེར་གཞུང་བཞིན། ཀྱཻ། དད་པ་དང་ནི་སོགས་གཙོ་འཁོར་གསུམ་གྱི་གཏོར་འབུལ་ཕྲིན་བཅོལ་རྣམས་བཏོན་ལ། མངའ་གསོལ་དང་བསྐང་བ་ནི། ཧྲཱིཿ ཀུན་བཟང་དཔལ་ཆེན་པདྨ་ཐོད་ཕྲེང་གི། །བཀའ་ཉན་གསུང་སྡོད་ལྷ་ཡི་ལྷ་མཆོག་ཁྱོད། །སངས་རྒྱས་བསྟན་པ་བསྲུང་ཕྱིར་མངའ་གསོལ་ལོ། །ཕྱི་ནང་གསང་གསུམ་མཆོད་པས་ཐུགས་དམ་བསྐང་། །དུས་གསུམ་རྒྱལ་ཀུན་ཕྲིན་ལས་གསང་མཛོད་འཛིན། །དཔལ་ལྡན་ཀརྨ་པ་ཡི་སྒྲུབ་བརྒྱུད་ཀྱི། །རིང་ལུགས་ཕྱོགས་མཐར་སྤེལ་ཕྱིར་མངའ་གསོལ་ལོ། །སྐོང་རྟེན་སྒྲུབ་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་། །ངེས་དོན་སྙིང་པོའི་ཟབ་གསང་གཞུང་འཛིན་ཅིང་། །ཆོས་


SPN003_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་བཅུ་དང་འཁོར་ལོ་གཉིས་ཀྱི་བདག །བསྟན་འཛིན་དགེ་འདུན་སྡེ་སྐྱོང་མངའ་གསོལ་ལོ། །སྤྱན་གཟིགས་དཀོར་ཆས་སྣ་ཚོགས་ཐུགས་དམ་བསྐང་། །དགེ་བཅུ་དང་ལེན་གཏན་གྱི་འདུན་མ་སྒྲུབ། །དཀོན་མཆོག་སྲི་ཞུ་ལྷག་བློས་ཁུར་འདེགས་པའི། །རྒྱུ་སྦྱོར་དོན་གཉིས་འགྲུབ་ཕྱིར་མངའ་གསོལ་ལོ། །མཉེས་རྫས་མཆོད་སྤྲིན་རྒྱ་མཚོས་ཐུགས་དམ་བསྐང་། །དེ་ལྟར་མངའ་གསོལ་ཐུགས་དམ་བསྐང་བའི་མཐུས། །བདག་རྒྱུད་ཉེས་གསུམ་དྲི་མས་བསླད་པ་ཡིས། །ནོངས་པར་གྱུར་ཀུན་མཐོལ་བཤགས་བཟོད་པར་བཞེས། །བྱང་དག་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ཡིག་བརྒྱ་བརྗོད། ཕྱེ་མར་དང་སྐྱེམས་ཕུད་ནམ་མཁར་མཆོད། དེ་ནས་ཕྲིན་ལས་བཅོལ་བ་ནི། ཧཱུྃ། ཆེ་མཆོག་ཧེ་རུ་ཀ་དཔལ་ཐོད་ཕྲེང་རྩལ། །སྲིད་གསུམ་ཟིལ་གནོན་དབང་དྲག་འབར་བ་ཡི། །སྤྱན་སྔར་སྔོན་ཚེ་དམ་བཅའ་མ་གཡེལ་བར། །ཟོ་དོར་གཉན་པོ་སྲས་འཁོར་དགོངས་སུ་གསོལ། །བསྐལ་བཟང་རྣམ་འདྲེན་བཅོམ་ལྡན་ཤཱཀྱ་སེང་། །མཚོ་སྐྱེས་པདྨའི་རིང་ལུགས་མདོ་སྔགས་བསྟན། །ཕྱོགས་དང་ཐ་གྲུར་ཁྱབ་ཅིང་ཡུན་དུ་གནས། །བསྟན་འཛིན་ཞབས་བརྟན་དགེ་འདུན་སྡེ་རྒྱས་མཛོད། །རིག་འཛིན་སྒྲུབ་པའི་རྣལ་འབྱོར་དམ་ལྡན་གྱི། །ཚེ་བསོད་


SPN003_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབྱོར་ཡེ་ཤེས་སྣང་བ་རྒྱས། །གང་བཅོལ་འདོད་དོན་ཕྲིན་ལས་རྣམ་པ་བཞི། །ཆོས་བཞིན་བསམ་པ་འགྲུབ་པའི་སྡོང་གྲོགས་མཛོད། །དད་གསུམ་ལྷག་པའི་བསམ་སྦྱོར་མ་སྨད་པའི། །བློ་ལྡན་ཡོན་གྱི་བདག་པོའི་འགལ་རྐྱེན་སོལ། །མཐུན་རྐྱེན་ཡིད་བཞིན་ལྷུན་གྱིས་གྲུབ་ནས་སུ། །བྱང་ཆུབ་ལམ་གྱི་བར་ཆད་ཞི་བར་མཛོད། །རྒྱལ་ཁམས་བདེ་ཞིང་ནད་མུག་མཚོན་འཁྲུགས་ཞི། །ལོ་ལེགས་འབྲུ་འཕེལ་རྟ་ཕྱུགས་རྐང་བཞི་བདེ། །དགྲ་རྐུན་ཇག་སོགས་མི་མཐུན་གནོད་པ་བྲལ། །གནས་སྐབས་མཐར་ཐུག་དགའ་བདེའི་དཔལ་སྤྱོད་མཛོད། །བསྟན་ལ་སྡང་བའི་དགྲ་བགེགས་མི་མི་མིན། །བསམ་སྦྱོར་ལོག་པར་འདྲེན་པའི་དུཥྚན་རྣམས། །ལྷག་མ་རྗེས་ཤུལ་མིང་ཙམ་མེད་པ་རུ། །ཐལ་བའི་རྡུལ་བཞིན་བརླག་པར་མཛད་དུ་གསོལ། །དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྐུལ། གཏོར་འབུལ། དེ་ནས་རྗེས་ཀྱི་རིམ་པ་ནི། དེ་ལྟར་བསང་གསོལ་མཆོད་ཅིང་བསྟོད་པའི་མཐུས། །ཡུལ་བདག་མཆོག་དམན་བར་མའི་མགྲོན་རྣམས་ལ། །སྙིགས་དུས་སྐྱེ་བོ་ཉོན་མོངས་དབང་གྱུར་པས། །ཆོས་མིན་ལོག་པར་སྤྱོད་པའི་མི་གཙང་གྲིབ། །དམ་གྲིབ་དམེ་གྲིབ་ཡུག་གྲིབ་ལ་སོགས་


SPN003_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སྡིག་པའི་ས་བོན་ཉེས་མེད་རི་དྭགས་བཤོར། །ཐབ་མཁོན་གཞོབ་ཀྱིས་མནོལ་ཞིང་བྱིང་རྨུགས་འཐིབ། །གྲིབ་རིགས་ཐམས་ཅད་བྱང་དག་སངས་གྱུར་ཅིག། ས་གཡོས་ཆུ་འབྲུབ་ཞུགས་འབར་སྐྱི་བསེར་འཚུབས། །འབྱུང་བཞིའི་གནོད་པ་རང་སར་ཞི་བར་མཛོད། །གཞི་བྱེས་ཀུན་ཏུ་འགོ་བའི་དགྲ་བླ་དང་། །དཔུང་གྲོགས་རྒྱབ་བརྟེན་མེལ་ཚེ་མ་གཡེལ་ཀྱེ། །བསང་གིས་མི་སངས་ཁྲུས་ཀྱིས་མི་དག་མེད། །ལྷ་ཞལ་ཟླ་ལྟར་དཀར་ཞིང་གསལ་གྱུར་ཅིག། སྟོང་ཉིད་ཟབ་མོའི་དོན་རྟོགས་བྱང་སེམས་ཀྱིས། །རྒྱུད་སྨིན་གྲོལ་ནས་བདུད་བཞིའི་གཡུལ་ལས་རྒྱལ། །བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་ཤིས་པའི་མེ་ཏོག་གི་ཆར་བསྙིལ་བར་བྱའོ། །སླར་ཡང་། སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་སྐྱོངས་རྣལ་འབྱོར་ཚེ་དཔལ་སྤེལ། །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །རྒས་མེད་ལང་ཚོ་ལྡན་པའི་ལུས་སྟོགས་རྒྱས། །མིག་ལ་ཡ་མཚན་ལྟད་མོའི་དགའ་བ་དང་། །རྣ་བར་རྟག་ཏུ་སྙན་པའི་གཏམ་ཐོས་ཤིང་། །དྲི་ཞིམ་ངད་པ་སྣ་དང་མི་འབྲལ་བར། །ཟས་སྐོམ་འབྱོར་པས་རོ་


SPN003_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཚིམ་བྱེད་ཅིང་། །ལུས་ལ་རེག་བྱ་བདེ་བ་ཁོ་ནས་འཚོ། །ཡིད་ལ་རྣམ་པར་བཀྲ་བའི་ཤེས་རབ་དང་། །ཟག་མེད་བདེ་བས་ནམ་ཡང་ངོམ་པར་མཛོད། །ཁྱོད་གསོལ་ཁྱོད་བརྟེན་ཁྱོད་མཆོད་ཁྱོད་རྦད་ན། །མཐུ་རྩལ་མ་ཆུང་བརྩེ་གདུང་ཆེ་བར་མཛོད། །གཞི་ལ་བཀྲ་ཤིས་ཕུན་ཚོགས་ལོངས་སྤྱོད་ལྡན། །བྱེས་སུ་ལམ་འཕྲང་ཆུ་ལ་སྒྲོལ་འདོན་མཛོད། །འཇིགས་སར་དགྲ་ཇག་ཆོམ་རྐུན་འཚེ་བ་སྐྱོབས། །མདོར་ན་བསམ་དོན་ཡིད་བཞིན་བགྲུབ་པར་མཛོད། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །འགལ་རྐྱེན་བར་ཆད་མ་ལུས་ཞི་བ་དང་། །མཐུན་རྐྱེན་བསམ་དོན་ལྷུན་གྱིས་གྲུབ་པར་མཛོད། །ཅེས་དང་། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་ཤོག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་བཞེས། །ཡེ་ཤེས་རྟེན་བཞུགས་འཇིག་རྟེན་རང་གནས་གཤེགས། །འཇིག་རྟེན་


SPN003_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །སོགས་ཀྱང་བརྗོད། དེ་ནས་ལས་གཞུང་གི་བསྔོ་སྨོན་ནི། ༀ་ཨཱཿཧཱུྃ༔ སྐྱབས་མེད་མགོན་མེད་སྐྱེ་འགྲོ་འདི་དག་ཀུན༔ འཁོར་བའི་འཁྲུལ་འཁོར་ཀུན་གྱི་གཞི་རྟེན་ལ༔ རྟེན་འབྲེལ་བཅུ་གཉིས་ཤིང་རྟ་ལྟ་བུ་ཡི༔ འཕང་ལོ་འདྲ་བ་མྱུར་དུ་ཞིག་གྱུར་ཅིག༔ བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག༔ རྫོགས་རིམ་བསྡུས། ༀ་ཨཱཿཧཱུྃ༔ སྣོད་བཅུད་སྣད་སྲིད་ཐམས་ཅད་ཀུན༔ སྒྱུ་ལུས་གཞལ་ཡས་ཁང་དུ་བསྡུ༔ དེ་ཡང་ཡས་མར་འོད་དུ་ཞུ༔ སྔགས་ཕྲེང་གསེར་གྱི་རྡོ་རྗེར་བསྡུ༔ དེ་ཡང་འཇའ་འམ་ཆུ་བུར་ལྟར༔ དམིགས་མེད་རྒྱ་ཡན་ལྷུག་པར་བཞག༔ རང་བཞིན་དབྱིངས་རིག་མ་བུ་འདྲེས༔ གདོད་མའི་ཀུན་བཟང་མཇལ་བར་འགྱུར༔ སླར་ཝལ་གྱིས་ལྷ་སྐུར་ལྡང་ངོ་། །ཞེས་ཡང་འགྲེལ་སྙིང་པོ་གསལ་བྱེད་དུ་གསུངས་པའི་དོན་གསལ་བར། དཔལ་ལྡན་དཔའ་བོ་རྡོ་རྗེ་གཙུག་ལག་དགའ་བས་བསྒྲིགས་པ་སརྦ་མངྒ་ལྃ། སླར་སི་ཏུ་པདྨའི་མིང་ཅན་གྱིས་བསླབ་གསུམ་རྣམ་དག་བསྟན་པའི་ཕྲིན་ལས་ཀྱི་ཤིང་རྟ་པ་བླའོ་སྤྲུལ་སྐུ་ཀརྨ་ཨཱཿཡུ་ཏིཥྛ་ཝནྡྷའི་བཞེད་ལྟར་རྒྱས་པར་སྤེལ་བ་དགེ་བར་གྱུར་ཅིག་ཛ་ཡ། དགེའོ། །

བསང་མཆོད་རིན་ཆེན་ཆར་འབེབས་བཀྲ་ཤིས་རེ་སྐོང་།


SPN003_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བསང་མཆོད་རིན་ཆེན་ཆར་འབེབས་བཀྲ་ཤིས་རེ་སྐོང་བཞུགས་སོ། །ཀྱཻ་བླ་མ་དཀོན་མཆོག་རྣམ་གསུམ་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །འགྲོ་བ་སེམས་ཅན་ཀུན་དོན་དུ། །བདག་གིས་བསང་དང་མཆོད་པ་བྱ། །ཆོས་རྣམས་སྟོང་པའི་ངང་ཉིད་ལས། །རང་ཉིད་རྡོ་རྗེ་གྲོ་ལོད་སྐུ། །སྨུག་ནག་སྤྱན་གསུམ་ཨཾ་གཙིག་སྡོམ། །ཐོར་ཚུགས་ཕོད་ཁ་ཆོས་གོས་གསོལ། །རྡོ་རྗེ་འཕྱར་ཞིང་ཕུར་བུ་འདྲིལ། །སྟག་མོའི་སྟེང་ན་དོར་སྟབས་བསྒྲད། །ཡེ་ཤེས་དམ་ཚིག་དབྱེར་མེད་པའི། །ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་པས། །བསང་མགྲོན་ཐམས་ཅད་སྤྱན་དྲངས་གྱུར། །ཀྱཻ་སྐུ་གསུམ་དག་པའི་ཞིང་ཁམས་ནས། །འཇིག་རྟེན་འདས་དང་མ་འདས་པའི། །ལྷ་དང་སྲུང་མ་ཐམས་ཅད་ཀུན། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གཙོ་འཁོར་འཚམས་པའི་གདན་ལ་བཞུགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །ཡན་ལག་དྲུག་ཅུའི་དབྱངས་ཀྱིས་བསྟོད། །ཀྱཻ་བསང་གི་རྒྱུ་བྱུང་གང་ནས་བྱུང་། །གྲངས་མེད་བསྐལ་པའི་སྔོན་རོལ་ནས། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཉིད། །རྒྱལ་པོ་ཆོས་ཀྱི་དབང་


SPN003_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་གྱུར། །དེ་ཡི་སངས་རྒྱས་མཆོད་པའི་ཕྱིར། །སྤོས་ཀྱི་རེང་བུ་གཅིག་བསྲེགས་ནས། །སིལ་སྙན་བཀྲོལ་ཞིང་བསང་མཆོད་མཛད། །སྤོས་སྤྲིན་ན་བུན་ཆེན་པོ་ཡིས། །ཞག་བདུན་བར་དུ་འཛམ་གླིང་ཁྱབ། །དེ་ནས་བསང་བྱུང་གང་ནས་བྱུང་། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། །འཛམ་གླིང་སྤྱི་བསང་བསྡུས་པ་བརྩམས། །རྒྱ་གར་ལྷ་འདྲེ་ཐམས་ཅད་མཉེས། །རྡོ་རྗེ་གདན་གྱི་གཙུག་ལག་འགྲུབ། །དེ་ནས་སློབ་དཔོན་པདྨ་ཡིས། །ཞི་བརྔན་བསང་གསུར་ཆོ་ག་མཛད། །བོད་ཀྱི་ལྷ་འདྲེ་ཐམས་ཅད་མགུ། །དཔལ་གྱི་བསམ་ཡས་གཙུག་ལག་འགྲུབ། །དེ་ནས་རང་བྱུང་རྒྱལ་བ་ཡིས། །འཛམ་གླིང་སྤྱི་ཡི་བསང་མཆོད་མཛད། །ཁམས་ཕྱོགས་ས་བདག་ཀླུ་གཉན་དགའ། །སོག་གི་ཆུ་ལ་ལྕགས་ཟམ་ཚུགས། །སྔོན་དུས་སྲིད་པ་དེ་བཞིན་དུ། །ད་ལྟ་རྣལ་འབྱོར་བདག་ཅག་གིས། །བཟང་ཤིང་སྣ་ཚོགས་བསྲེག་པ་ལ། །འབྲུ་སྣ་ཕྱེ་མར་ཟས་ཕུད་དང་། །ཇ་ཆང་འོ་ཞོའི་ཕུད་ཀྱིས་མཆོད། །རྃ་ཡྃ་ཁྃ་གིས་མི་གཙང་སྦྱངས། །ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། །དྷུ་ལས་ལྷ་མོ་བདུག་སྤོས་མ། །མཐིང་གསལ་མཛེས་


SPN003_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་རྒྱན་རྣམས་རྫོགས། །ཕྱག་གཡས་བུམ་པས་ཉམས་གྲིབ་འཁྲུད། །གཡོན་པས་སྨན་སྤོས་གཞོང་པ་བསྣམས། །སྤོས་སྤྲིན་བསང་དུད་ཁམས་གསུམ་ཁྱབ། །རབ་འབྱམས་སངས་རྒྱས་ཞིང་རྣམས་ཀུན། །སྤོས་ཀྱི་འཁྲི་ཤིང་དུ་བ་འཁྲིགས། །དུད་པའི་ཆ་ཤས་རེ་རེ་ལས། །འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན། །བཀྲ་ཤིས་རྫས་རྟགས་མཆོད་པའི་ཚོགས། །ཅི་འདོད་ལོངས་སྤྱོད་ཆར་ལྟར་འབེབས། །འདི་འདྲའི་ངོ་མཚར་བསང་མཆོད་འདིས། །ཀྱཻ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་བསང་། །ཡུམ་ཆེན་ཤེས་རབ་ཕར་ཕྱིན༴ དྲུག་པ་རྡོ་རྗེ་འཆང་ཆེན་༴ ལོངས་སྐུ་རིགས་ལྔ་ཡབ་ཡུམ་༴ སྤྲུལ་སྐུ་སངས་རྒྱས་སྟོང་རྩ་༴ ཐུབ་པ་གནས་བརྟན་བཅུ་དྲུག་༴ གུ་རུ་སྐུ་ལྔ་མཚན་བརྒྱད་༴ རྒྱ་གར་གྲུབ་ཆེན་བརྒྱད་ཅུ་༴ བོད་ཀྱི་རྗེ་འབངས་ཉེར་ལྔ་༴ ལོ་པཎ་ཆོས་རྒྱལ་ཐམས་ཅད་༴ རྒྱ་བོད་མཁས་གྲུབ་ཐམས་ཅད་༴ རྩ་བ་བརྒྱུད་པའི་བླ་མ་༴ མགོན་པོ་ཚེ་དཔག་མེད་པ་༴ ཡི་དམ་ཐུགས་རྗེ་ཆེན་པོ་༴ རྒྱུད་སྡེ་བཞི་ཡི་ལྷ་ཚོགས་༴ ཐེག་པ་དགུ་ཡི་ལྷ་ཚོགས་༴ དམར་ནག་མེ་ཕྲེང་ལྷ་ཚོགས་༴ དབང་ཆེན་རྟ་མགྲིན་ལྷ་ཚོགས་༴ བཀའ་དགོངས་ཕུར་གསུམ་ལྷ་ཚོགས་༴ བདེ་གསང་འཇིགས་


SPN003_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལྷ་ཚོགས་༴ སྒྲོལ་མ་ཉི་ཤུ་རྩ་གཅིག་༴ ཕག་ཁྲོས་སེང་གསུམ་ལྷ་ཚོགས་བསང་། །ཀྱཻ་དུས་གསུམ་རྒྱལ་ཀུན་འདུས་པའི་དཔྱིད། །ཀོ་ཤའི་མཚོར་འཁྲུངས་པདྨ་འབྱུང་། །མ་རུངས་དྲེགས་པ་ཚར་གཅོད་ཕྱིར། །ཁྲག་འཐུང་དབང་དྲག་འབར་བའི་སྐུ། །ཆེ་མཆོག་རྡོ་རྗེ་གྲོ་བོ་ལོད། །ཡེ་ཤེས་ཁྲོ་བོའི་དཀྱིལ་འཁོར་བསང་། །ཛྙ་ན་ཌཱ་ཀིའི་གཙོ་མཆོག་མ། །བདེ་ཆེན་དབྱིངས་ཕྱུག་མཚོ་རྒྱལ་ཡུམ། །རྡོ་རྗེ་དྲག་མོ་སེང་གེའི་གདོང་། །མཁའ་འགྲོ་བྱེ་བ་འབུམ་སྡེ་༴ ནོར་བདག་རྨུགས་འཛིན་ཛམ་སེར་ནག །ལས་མགོན་ཏྲཀྴད་མཐུ་བོ་ཆེ། །ཡུམ་བཞི་སྲོག་བདུད་བརྒྱད་ལ་སོགས། །བདུད་ཀྱི་དམག་ཚོགས་རྒྱ་མཚོ་བསང་། །ཀྱཻ་འོག་མིན་བྱང་ཕྱོགས་དུར་ཁྲོད་ཀྱི། །གྲོང་ཁྱེར་སུམ་བརྩེགས་ཕོ་བྲང་བདག །མ་ཧཱ་ཀཱ་ལ་ཡོངས་ཀྱི་རྗེ། །དཔལ་ལྡན་མགོན་པོ་རྡོ་རྗེ་བེར། །མགོན་ཆེན་སྡེ་བཞི་འཁོར་བཅས་བསང་། །མ་ནིང་མཆེད་གསུམ་རིགས་ལྔ་༴ མགོན་ཆེན་བཞི་བཅུ་རྩ་ལྔ་༴ བྱང་ཤར་ཡོངས་འདུའི་ལྗོན་པའི་ཚལ། །ཐོད་པ་འཕྲུལ་གྱི་ལྡིང་ཁང་ནས། །རང་བྱུང་སྲིད་རྒྱལ་མུ་ཁ་ལེ། །མ་གཅིག་གཉེན་གྱི་རེ་མ་ཏི། །དཔལ་ལྡན་ལྷ་མོ་དཔོན་གཡོག ༴ ལྷ་མོ་སྟོང་དང་རྩ་བརྒྱད་༴


SPN003_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་བདུན་ཅུ་རྩ་གཉིས་༴ ཞིང་སྐྱོང་ཉི་ཤུ་རྩ་བཞི་༴ མཁའ་འགྲོ་སུམ་ཅུ་སོ་གཉིས་༴ དྲེགས་པའི་སྡེ་དཔོན་སུམ་ཅུ་༴ སྲོག་བདག་དྲེགས་ཆེན་བཅོ་བརྒྱད་༴ ནོར་ལྷ་རྣམ་སྲས་རིགས་བརྒྱད་༴ གཏེར་བདག་ཛམ་ལྷ་རིགས་ལྔ་༴ ནོར་རྒྱུན་ལྷ་མོ་མཆེད་བརྒྱད་༴ གནོད་སྦྱིན་འབྲོག་གནས་མཆེད་ལྔ་༴ རེ་མན་རྟ་ལྷ་ལྔ་བརྒྱ་༴ ཞིང་སྐྱོང་ཀུན་དགའ་གཞོན་ནུ་༴ སྲིན་མགོན་ཐོད་ཕྲེང་ཡབ་ཡུམ་༴ ཀླུ་རྒྱལ་མནྟྲ་པ་ཏི་༴ མཁར་ནག་རྡོ་རྗེ་རྒྱལ་པོ་༴ འོག་མིན་གནས་དང་མ་ལ་ཡ། །ཕ་ཝང་ལོང་བུའི་སྐུ་མཁར་ན། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས། །མགར་བ་ནག་པོ་དགྱེས་སྡེ་འཁོར། །གིང་ཆེན་སྡེ་བཞི་ལ་སོགས་པའི། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་བཅས། །འཁོར་དང་ཡང་འཁོར་ཐམས་ཅད་བསང་། །མ་གཅིག་དཔལ་གྱི་ལྷ་མོ་༴ ཨ་ཕྱི་ཆོས་ཀྱི་སྒྲོལ་མ༴ བཀྲ་ཤིས་ཚེ་རིང་མཆེད་ལྔ་༴ བོད་ཁམས་བརྟན་མ་བཅུ་གཉིས་༴ བྲག་བཙན་དབང་དྲག་འབར་བ་༴ གཉན་ཆེན་ཐང་ལྷ་ཡར་བཞུར་༴ རྨ་རྒྱལ་རྡོ་རྗེ་བདུད་འཇོམས་༴ སྐུ་ལྷ་ཨ་བོ་གེར་མཛོ་༴ སྦས་ཡུལ་ཨ་ཏ་རོང་གི་ཆར། །འབྲི་གཉན་རྡོ་རྗེ་བློ་གྲོས་སོགས། །དཀར་པོ་ལྷ་ཡི་


SPN003_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་ཚོགས། །དམ་ཚིག་ཅན་གྱི་ཟོ་དོར་བསང་། །ཁྱད་པར་གནས་འདིའི་ཡུལ་གཞིའི་བདག །དབུ་ཆེ་བྲག་དཀར་ཡབ་ཡུམ་༴ །སྒོ་སྲུང་སྡེ་བཞི་ལ་སོགས་༴ །རྡོ་རྒྱལ་མུ་ུནམ་མཆེད་བརྒྱད་༴ རྨུགས་སངས་རྩེ་རྒྱལ་ཞལ་ད༴ །ཀྱཻ་བསིལ་ལྡན་བོད་ཡུལ་བསྟན་སྲུང་བ། །པདྨའི་དགེ་བསྙེན་ཐ་ཚིག་ཅན། །རྗེ་ཡི་མགུར་ལྷ་བཅུ་གསུམ་༴ །དགེ་བསྙེན་ཉི་ཤུ་རྩ་གཅིག་༴ །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་༴ །གཉན་ཕྲན་བཞི་བཅུ་རྩ་གཉིས༴ །ཕ་མཚུན་དགྲ་བླ་འཁོར་བཅས༴ །ཁྱིམ་ལྷ་ཞིང་ལྷ་ཐབ་ལྷ༴ །བདག་ལ་འགོ་བའི་ལྷ་སྲུང་བསང་། །འཁོར་འདས་གཉིས་ལ་གཏོགས་པ་ཡི། །གཉུག་མར་གནས་དང་གློ་བུར་མགྲོན། །མ་ལུས་ལུས་པ་མེད་རྣམས་བསང་། །ཞི་བ་བསང་མཆོད་འདི་ཕུལ་བས། །གྲིབ་དང་མི་གཙང་བསང་གྱུར་ཅིག །རྣལ་འབྱོར་འདོད་དོན་ཀུན་འགྲུབ་མཛོད། །ཅེས་མཆོད་གཏོར་སྐྱེམས་ཕུད་ཕྱེ་མར་འབུལ་ལ། ལམ་ལྷ་སྤྲོ་ན། ཀྱཻ་སྤྱན་ལྔ་མངོན་ཤེས་ལྔ་ལྡན་རྣམས། །ལམ་ལྷ་དཔུང་གྲོགས་མ་གཡེལ་བར། །མཐུན་རྐྱེན་སྒྲུབས་ལ་འགལ་རྐྱེན་སོལ། །བདེ་ཞིང་དགེ་བར་བསྐྱང་དུ་གསོལ། །ཞེས་དང་། ཀྱཻ་རྣལ་འབྱོར་དམ་ཚིག་མོས་བློ་རྣམ་དག་


SPN003_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །རབ་དཀར་དགེ་བའི་སྤྱོད་ཚུལ་མ་སྨད་པས། །མཆོད་ཅིང་སྦྱིན་པའི་དངོས་པོ་ལ་བརྟེན་ནས། །དཀོན་མཆོག་གསུམ་གྱིས་བྱིན་གྱིས་བརླབས་པ་དང་། །ཡི་དམ་ལྷ་ཡིས་དངོས་གྲུབ་མཆོག་སྩོལ་ཞིང་། །ཆོས་སྐྱོང་སྲུང་མས་བར་ཆད་སེལ་བ་དང་། །ཡུལ་ལྷ་གཉན་གྱིས་སྡོང་གྲོགས་རྒྱབ་རྟེན་མཛོད། །དགྲ་བླ་ཝེར་མས་ཕ་རོལ་རྒོལ་བ་འཇོམས། །རིག་འཛིན་སྒྲུབ་པོའི་ཕྲིན་ལས་རྣམ་བཞི་སྒྲུབས། །རྒྱལ་བསྟན་རིན་ཆེན་དར་ཞིང་རྒྱས་པ་དང་། །སྐྱེས་མཆོག་ཞབས་བརྟན་དགེ་འདུན་འདུས་པ་མཐུན། །ཡེ་ཤེས་ཡོན་ཏན་དཔལ་དང་འབྱོར་པ་འཕེལ། །ཆར་ཆུ་དུས་འབབ་ལོ་ཕྱུགས་རྟག་ཏུ་ལེགས། །མི་ནད་ཕྱུགས་ནད་ཡམས་ནད་འཁྲུགས་རྩོད་ཞི། །འཇིག་རྟེན་ཁམས་ཀུན་བདེ་ལེགས་སྣང་བས་ཁྱབ། །རྫོགས་ལྡན་གསར་པའི་ལང་ཚོ་ངོམ་པར་མཛོད། །ཅེས་ཕྲིན་ལས་བཅོལ་ནས། གཡང་ལེན་བྱ་བ་ནི། ཀྱཻ་སྲིད་ཞི་ཕུན་ཚོགས་འབྱུང་གནས་གཏེར། །རྩ་བརྒྱུད་བླ་མའི་ཐུགས་རྗེ་དང་། །ཡི་དམ་དཔའ་བོ་མཁའ་འགྲོ་ཡི། །དངོས་གྲུབ་རྟེན་འབྲེལ་དམ་པ་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྣལ་འབྱོར་རིག་འཛིན་མཆོག་བརྙེས་ཤོག །དམ་ཅན་ཆོས་སྐྱོང་དྲག་རྩལ་


SPN003_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དཀར་ཕྱོགས་ལྷ་ཡི་གཟི་བྱིན་དང་། །དགྲ་བླ་ཝེར་མའི་སྟོབས་རྩལ་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ནུས་མཐུའི་དཔལ་དུ་འབར་བ་དང་། །འབད་མེད་ཕྲིན་ལས་ལྡན་པར་ཤོག །གཞན་ཡང་སྲིད་པའི་ཆེ་དགུ་ཡི། །སྙན་གྲགས་དབང་ཐང་འབྱོར་བ་སྟོབས། །རྨ་གཡང་ལོངས་སྤྱོད་ཟས་ནོར་འབྲུ། །རྐང་བཞི་ཕྱུགས་ཀྱི་འཕེན་གཡང་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །མི་འཛད་ནམ་མཁའི་མཛོད་ཐོབ་ཤོག །སརྦ་སིདྡྷི་ཕ་ལ་ཧོཿ ཞེས་བརྗོད། ཡེ་ཤེས་ལྷ་ཚོགས་རྟེན་ལ་བཞུགས། །འཇིག་རྟེན་པ་རྣམས་རང་གནས་གཤེགས། །སརྦ་བྷུ་ཏ་གཙྪཿ ཞེས་དང་། རང་ཉིད་ལྷར་གསལ་མི་དམིགས་སྤྲོས་བྲལ་ངང་། །སྐྱེ་འགགས་གཉིས་མེད་ཟུང་འཇུག་རོལ་པར་ཤར། །བཀྲ་ཤིས་གུང་གཉིས་བདེ་ལེགས་གྲུ་ཆར་གྱིས། །བསམ་དོན་ཡོངས་འདུའི་ལྗོན་དབང་རྩ་བ་བརྟན། །གཙུག་ལག་ཟུང་གི་ལོ་འབྲས་གཡུར་ཟ་བའི། །རྟག་བརྟན་འགྱུར་བ་མེད་པའི་བཀྲ་ཤིས་ཤོག །ཅེས་བརྗོད། དེ་ལྟར་རྗེ་ཀརྨ་ཆགས་མེད་ཀྱིས་མཛད་པའི་རྒྱུན་བསང་བྱིན་རླབས་ཀྱི་ཚན་ཁ་རྨད་དུ་བྱུང་བ་གཞིར་བཞག་ནས་མཆོད་ཡུལ་དམིགས་བསལ་འགའ་ཞིག་དང་ཕྲིན་ལས་བཅོལ་བ་སོགས་རྗེས་ཆོག་གི་རིམ་པ་རྣམས་སི་ཏུ་པས་གྲོ་ལོད་སྒྲུབ་པ་མངྒ་ཛ་ཡི་ཆེད་དུ་བཀོད་པ་སརྦ་མངྒ་ལམ། །

ཟིན་བྲིས་ཀྱི་རིམ་པ་སྣ་ཚོགས་པའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཡོན་ཏན་བདུད་རྩིའི་གཏེར་མཛོད།


SPN003_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་བྲིས་ཀྱི་རིམ་པ་སྣ་ཚོགས་པའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཡོན་ཏན་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །

འཕགས་མ་སྒྲོལ་ལྗང་མཎྜལ་བཞི་པའི་ཟིན་ཐོ།


SPN003_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་སྒྲོལ་ལྗང་མཎྜལ་བཞི་པའི་ཟིན་ཐོ་ཨུཏྤལ་མཱ་ལ་བི་ཧ་ར་ཏིསྨ། སྭ་སྟི། ཐུགས་རྗེ་ཆེ་མངའ་བྱམས་མགོན་འཕགས་པ་མཆོག །གཉིས་མེད་སྤྲུལ་སྒྱུར་བཅོམ་ལྡན་རྗེ་བཙུན་མ། །ཚེ་དབང་དཔལ་སྟེར་རྒྱལ་ཀུན་སྐྱེད་པའི་ཡུམ། །གང་གིས་ཚེ་རབས་ཀུན་ཏུ་སྐྱོང་གྱུར་ཅིག། འཕགས་མ་སྒྲོལ་ལྗང་མཎྜལ་གྱི། །མཆོད་ཆོག་ཟིན་ཐོ་ཨུཏྤལ་ཕྲེང་། །སྤེལ་བགྱི་སྐལ་ལྡན་མགུལ་པའི་རྒྱན། །མཛེས་པའི་དཔྱིད་དུ་རོལ་པར་གྱིས། །དེ་ཡང་བཤམས་བཀོད་རིམ་པ་ལ། །དམིགས་རྟེན་ཏཱ་རེའི་སྐུ་བརྙན་ནི། །བྱིན་རླབས་ལྡན་པ་མཉྫིའི་ཁར། །བཞུགས་སུ་གསོལ་ཞིང་བསྡུས་པ་ན། །མཎྜལ་ཚོམ་བུར་བརྟེན་ཀྱང་རུང་། །ཕྱོགས་བཞིར་མཆོད་པའི་མཎྜལ་བཞི། །ཚོམ་


SPN003_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བདུན་བཀོད་རེ་རེ་ལའང་། །མཆོད་པ་རྣམ་ལྔ་ཅི་བདེར་བཤམས། །ཡང་ན་མཎྜལ་གཅིག་རིམ་བཞིན། །འདོན་པ་དང་བསྟུན་དབུལ་ཀྱང་འཐུས། །མཆོད་པའང་བརྗེའམ་ཁ་གསོ་བྱ། །དེ་དག་གང་འབྱོར་འདམ་གའོ། །མཆོད་པའི་འདས་གཏོར་མཐོ་བར་བཤམས། །གསུམ་པོ་ཕྲེང་ཚར་བཤམས་བྱས་ལ། །བསང་ཆུ་འབྲུ་དཀར་ལ་སོགས་པ། །མཁོ་བའི་ཡོ་བྱད་མཆོད་རྫས་རྣམས། །ལེགས་པར་འདུ་བྱས་གཙང་སྦྲ་དང་། །ལྡན་པས་བདེ་བའི་སྟན་ལ་འདུག །དང་པོ་རང་གི་མདུན་གྱི་མཁར། །བླ་མ་མཆོག་དང་དབྱེར་མེད་པའི། །འཕགས་མ་སྒྲོལ་ལྗང་གསལ་བཏབ་ལ། །མཐའ་སྐོར་དཀོན་མཆོག་


SPN003_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་རྣམས། །སྤྲིན་ཕུང་གཏིབས་བཞིན་བཞུགས་པའི་དྲུང་། །རང་དང་སེམས་ཅན་ཐམས་ཅད་ཀྱིས། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་བྱ། །དེ་ནས་རང་ཉིད་སྐད་ཅིག་གིས། །སྤྱན་རས་གཟིགས་དབང་སྐུ་མདོག་དཀར། །ཕྱག་གཡས་མཆོད་སྦྱིན་པདྨ་འཛིན། །གཡོན་པས་ཐུགས་ཀར་པདྨ་བསྣམས། །ཞལ་འཛུམ་སྤྱན་གསུམ་རིན་ཆེན་དར། །རྒྱན་མཛེས་རི་དྭགས་ལྤགས་པ་ཡིས། །ཕྲག་གཡོན་བཀབ་ཅིང་ཞབས་གཡས་བརྐྱང་། །གཡོན་བསྐུམ་པད་ཟླའི་གདན་བཞུགས་བསྐྱེད། །བསང་ཆུ་ཁྲོ་ཆེན་བདུད་རྩི་འཁྱིལ། །བྱིན་རླབས་རང་བཞིན་མོས་ཀུ་ཤའི། །འཐོར་གཡབ་སེམས་མ་རྡོ་རྗེ་མའི། །རྒྱས་བཟུང་མཐོང་བ་བརྒྱུད་ལྟར་བྱ། །དེ་ནས་གནས་ཁང་མཆོད་པའི་རྫས། །ཡོ་བྱད་ཐམས་ཅད་ཡེ་ཤེས་ཀྱི། །ངོ་བོར་བྱིན་དབབ་ཚིག་དོན་དང་། །མཚུངས་པའི་གཞུང་ལྟར་མཐར་ཆགས་དང་། །མདུན་བསྐྱེད་སྒྲོལ་མ་མངོན་རྟོགས་ལྟར། །ཇི་བཞིན་བསྐྱེད་ལ་དམ་ཚིག་པར། །ཡེ་ཤེས་བསྐྱེད་བསྟིམ་དབང་བསྐུར་དང་། །རྒྱས་གདབ་ལ་སོགས་དཀྱུས་ལྟར་རོ། །རང་ལྷར་གསལ་བའི་ཐུགས་ཀའི་ཧྲཱིཿ །མདུན་བསྐྱེད་ཐུགས་ཀའི་ཏྲཱྃ་ལས་ཀྱང་། །འོད་འཕྲོས་རྒྱལ་བ་སྲས་འཁོར་བཅས། །ཚོགས་ཞིང་རྟེན་དུ་སྤྱན་དྲངས་ལ། །ཕྱི་འབྲང་བགེགས་བསྐྲད་གདན་བཞུགས་བསམ། །


SPN003_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཀོན་མཆོག་ཡོན་ཏན་རྣམས། །རྗེས་སུ་དྲན་བཞིན་སྒོ་གསུམ་གྱི། །མོས་འདུན་དང་བཅས་མདོ་བཀླག་ནས། །ཕྱག་འཚལ་སྐབས་སུ་རང་དང་ནི། །སྦྱིན་བདག་སོགས་ཀྱི་ལུས་རྡུལ་སྙེད། །དུ་མར་སྤྲུལ་ནས་འདུད་པ་དང་། །གཞན་ཡང་མ་གྱུར་ཐམས་ཅད་ཀྱིས། །གུས་པས་སྒོ་གསུམ་དད་ཕྱག་དམིགས། །བཟང་སྤྱོད་ཡན་ལག་བདུན་པ་བརྗོད། །རང་གཞན་ཀུན་གྱིས་ཕྱག་འཚལ་མོས། །མཆོད་རྫས་རབ་འབྱམས་ཁམས་བཀང་འབུལ། །ཉེས་གྱུར་འགྱོད་བཤགས་སྡོམ་པ་བཟུང་། །རྒྱལ་བའི་མཛད་པར་རྗེས་ཡི་རང་། །ཆོས་འཁོར་བསྐོར་བར་བསྐུལ་གསོལ་འདེབས། །དུས་གསུམ་དགེ་ཀུན་བྱང་ཆེན་བསྔོ། །དེ་ནས་སེམས་བསྐྱེད་བཟུང་བ་ནི། །སྔོན་གྱི་འཕགས་པ་རྣམས་ཀྱིས་ནི། །བདག་མེད་སྟོང་ཉིད་རང་བཞིན་དུ། །ཐུགས་བསྐྱེད་ཇི་ལྟར་བདག་གཞན་གྱིས། །བྱང་ཆུབ་དམ་པར་སེམས་བསྐྱེད་མོས། །དེ་ནས་མཆོད་འབུལ་རིན་ཆེན་སེམས། །སོགས་ཀྱིས་འཇིག་རྟེན་ཁམས་དཔལ་འབྱོར། །བདག་པོས་བཟུང་དང་མ་བཟུང་བའི། །མཆོད་པ་དངོས་སུ་འབྱོར་པ་དང་། །ཡིད་སྤྲུལ་ཏིང་འཛིན་ངང་ནས་ཕུལ། །མཎྜལ་རྒྱས་བསྡུས་སྔགས་བཅས་བཏོན། །ལུས་དང་ལོངས་སྤྱོད་དགེ་རྩ་འབུལ། །མེ་ཏོག་བྱིན་བརླབས་སྔགས་བརྗོད་ཅིང་། །བྱང་སེམས་ཤིས་བརྗོད་སླར་ཡང་ནི། །མཐུ་བསྐྱེད་ཨཱ་ལི་ཀཱ་ལི་དང་། །ཡིག་བརྒྱ་རྟེན་སྙིང་སྦྲེལ་མར་བརྗོད། །མེ་ཏོག་བྱིན་བརླབས་ཁ་གསོ་བྱ། །འགྲེང་བཞིན་འདོད་


SPN003_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་གཞུང་ལྟར་གྱི། །རྡོ་རྗེའི་གསུང་རྣམས་ཚིག་དོན་དང་། །ཡིད་ལ་འདྲེས་པའི་འདུན་པ་ཡི། །ངེས་ཤེས་བརྟན་ཅིང་ཤིས་པ་བརྗོད། །དེ་དག་ཆོ་ག་དང་པོའོ། །དེ་ནས་གཉིས་པ་རྗེ་བཙུན་མར། །བྱེ་བྲག་མཆོད་ཅིང་གསོལ་གདབ་ནི། །མཆོད་ཞིང་རྒྱལ་བ་ཐམས་ཅད་ལ། །ཐལ་སྦྱར་འདུད་བཅས་སྙན་གསན་ཕབ། །དེ་དག་ཐམས་ཅད་འཕགས་མར་བསྟིམ། །དེ་ཉིད་དཀོན་མཆོག་འདུས་པའི་སྐུར། །ཡེ་ནས་ཡིད་བཞིན་མོས་གུས་ཀྱི། །སྣང་བ་ཟབ་མོས་རྒྱུད་བསྐུལ་ནས། །ཕྱག་འཚལ་དམིགས་པ་གོང་ལྟར་དང་། །སླར་ཡང་མཆོད་པ་མཐུ་བསྐྱེད་གཟུངས། །བཏོན་ཅིང་མཆོད་ཡོན་ཕལ་ཆེར་གྱིས། །མཆོད་འབུལ་སྔགས་བཅས་ཡན་ལག་བདུན། །ཚིགས་བཅད་དང་ནི་རྒྱུན་ཆགས་གཉིས། །གང་བདེ་མཎྜལ་ལ་སོགས་འབུལ། །རྗེ་བཙུན་བཅོམ་ལྡན་འདས་སོགས་ཀྱིས། །འདོད་དོན་གསོལ་བཏབ་སྨོན་ཤིས་བརྗོད། །སྔགས་ཀྱིས་མེ་ཏོག་བྱིན་བརླབས་ལ། །བྱང་སེམས་ཤིས་བརྗོད་མེ་ཏོག་འབུལ། །དེ་ནས་བསྙེན་པའི་དམིགས་པ་རྣམས། །གཞུང་ལྟར་ཇི་བཞིན་གསལ་གདབ་ལ། །སངས་རྒྱས་ཀུན་འདུས་འཕགས་མ་ལ། །རྩེ་གཅིག་དད་མོས་ཤུགས་ཕྱུང་གིས། །མཐར་ཐུག་མཆོག་སྩོལ་གནས་སྐབས་སུ། །ཐུན་མོང་ཡིད་བཞིན་དངོས་གྲུབ་ཀྱི། །འདོད་དོན་འགྲུབ་པར་


SPN003_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ། །རྩ་སྔགས་བརྒྱ་རྩ་གཉིས་བཟླ་ཞིང་། །ཚེ་ཤམ་སྦྱར་བ་བརྒྱ་རྩ་བཟླ། །གཞན་ཡང་ཁ་བསྒྱུར་སྐབས་ཐོབ་སྦྱར། །ལས་ཐམས་ཅད་པའི་རིགས་སྔགས་ཀྱང་། །བཟླས་མཐར་ཁ་སྐོང་དང་བཅས་བརྗོད། །དེ་ནས་བདག་གཞན་སེམས་ཅན་དང་། །འབྱུང་བ་བཞི་དང་དེ་དག་གི། །ཆ་ཤས་རྡུལ་ཕྲན་རྣམས་ལས་ཀྱང་། །ཕྱག་འཚལ་ཉེར་གཅིག་རང་སྒྲ་སྒྲོག །མོས་བཞིན་ལན་གཉིས་ཕན་ཡོན་ཚར། །གཅིག་བཅས་སླར་ཡང་ཕན་ཡོན་གྱི། །མཐུ་བསྐྱེད་སུམ་སྦྲེལ་གཟུངས་སྔགས་བཟླ། །མེ་ཏོག་བྱིན་བརླབས་འདོད་གསོལ་གྱི། །ཚིག་དོན་བློ་དང་མཐུན་པར་བྱ། །ཤིས་བརྗོད་དང་བཅས་གཉིས་པའོ། །དེ་ནས་གསུམ་པར་ཕྱག་འཚལ་སོགས། །བཟླས་པའི་བར་དུ་གོང་ལྟར་ཁྱབ། །རྩ་སྔགས་བརྒྱ་རྩ་གསུམ་ཚེ་ཤམ། །བརྒྱ་དང་ལྔ་བཅུ་ཁ་བསྒྱུར་རྣམས། །སྐབས་ཐོབ་ལས་ཐམས་ཅད་པའི་སྔགས། །གང་འོས་བཟླས་མཐར་ཁ་སྐོང་བྱ། །ཕྱག་འཚལ་ཉེར་གཅིག་ལན་གསུམ་དང་། །ཕན་ཡོན་ཚར་གཅིག་འདོད་གསོལ་དང་། །བཀྲ་ཤིས་དང་བཅས་གསུམ་པའོ། །དེ་ནས་བཞི་པར་ཕྱག་འཚལ་བ། །བསྙེན་པའི་བར་དུ་གོང་བཞིན་ལ། །རྩ་སྔགས་བརྒྱ་རྩ་བདུན་ཚེ་ཤམ། །ཕྱེད་དང་བཞི་བརྒྱ་ཁ་བསྒྱུར་རྣམས། །གང་འོས་ལས་སྔགས་


SPN003_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཐོབ་བཟླ། །སུམ་སྦྲེལ་ཁ་སྐོང་དང་བཅས་བཏོན། །ཕྱག་འཚལ་ཉེར་གཅིག་ཚར་བདུན་དང་། །ཕན་ཡོན་དང་བཅས་སྒྲོལ་མཚན་བརྒྱ། །འདོད་གསོལ་ཤིས་བརྗོད་བཞི་པའོ། །དེ་ནས་རྗེས་ཀྱི་ཆོ་གའི་རིམ། །གཏོར་འབུལ་སོ་སོར་རིམ་བཞིན་ཕུལ། །མཆོད་གཟུངས་བཟླས་ལ་མཆོད་བྱིན་བརླབས། །མཆོད་བསྟོད་བྱ་ཞིང་དགེ་བ་བསྔོ། །ཆད་ལྷག་ཁ་སྐོང་བཟོད་པར་གསོལ། །མདུན་བསྐྱེད་སྐུ་ལས་སྐུ་འཕྲོས་ནས། །རང་གི་དཔྲལ་ཐིམ་གཉིས་མེད་པར། །བྱིན་བརླབས་འདུ་འབྲལ་མེད་པར་མོས། །ཡེ་ཤེས་དབྱིངས་སུ་གཤེགས་པའམ། །རྟེན་ལ་བཞུགས་སུ་གསོལ་བྱས་ན། །རབ་ཏུ་གནས་པའི་མཆོག་གྱུར་གསུངས། །འཇིག་རྟེན་པ་རྣམས་རང་གནས་གཤེགས། །དེ་ནས་སྨོན་ལམ་རྒྱས་གདབ་དང་། །བཀྲ་ཤིས་མཐའ་རྒྱས་རྗེས་བསྡུ་སོགས། །གཞུང་གསལ་བཞིན་གྱིས་འགྲུབ་པར་འགྱུར། །དེ་ལྟར་བཀོད་པའི་བསོད་ནམས་ཀྱི། །དགེ་ཚོགས་རྒྱ་མཚོ་བསྒྲུབ་པའི་མཐུས། །འགྲོ་ཀུན་ཉེར་འཚེའི་དགོས་འབྱུང་དབང་། །བླ་མའི་ཞབས་བརྟན་བདག་གཞན་རྣམས། །ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས། །ནོངས་གྱུར་དག་ཚངས་དངོས་གྲུབ་སྩོལ། །དད་གསུམ་འབྱོར་པ་དང་ལྡན་པས། །བསྐུལ་བའི་གཡར་ངོས་སི་ཏུ་པ། །པདྨ་ཉིན་བྱེད་དབང་གིས་སྤེལ། །བསྟན་འགྲོར་ཕན་བདེའི་དཔལ་དུ་ཤོག །སརྦ་མདྒ་ལྃ། །

སོ་ཐར་སྡོམ་རྒྱུན་གྱི་ཟིན་བྲིས་ནོར་བུའི་ཕྲེང་མཛེས།


SPN003_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཐར་སྡོམ་རྒྱུན་གྱི་ཟིན་བྲིས་ནོར་བུའི་ཕྲེང་མཛེས་ཞེས་པ་བཞུགས་སོ། །ན་མཿཤཱཀྱ་རཱ་ཛ་ཡེ། ཚད་མེད་ཡོན་ཏན་རྒྱ་མཚོའི་འཇུག་ངོགས་ནས། །མཐའ་ཡས་ཟབ་དོན་བསླབ་གསུམ་ནོར་བུ་མཆོག །ཇི་སྙེད་བརྗོད་བྲལ་ཐུགས་རྗེའི་གཏེར་ཆེན་པོ། །བདེར་གཤེགས་ཤཱཀྱའི་རྒྱལ་པོས་རྟག་ཏུ་སྐྱོངས། །རྣམ་དག་རྒྱ་ཆེན་སྡེ་སྣོད་སྐྱེད་ཚལ་དབུས། །ཟླ་མེད་ཚུལ་ཁྲིམས་བསུང་ཞིམ་འདབ་རྒྱས་པ། །ཐུབ་བསྟན་རྒྱན་མཆོག་པུཎྜཱ་རི་ཀ་ཡི། །ཕྲེང་མཛེས་བཀའ་བརྒྱུད་བླ་མར་གུས་པས་འདུད། །རླབས་ཆེན་བྱང་ཆུབ་སྤྱོད་པ་དཔག་བསམ་གྱི། །ཡོངས་འདུ་ུས་བརྟོལ་ལྗོན་དབང་ཇི་བཞིན་པར། །གྲུབ་གཉིས་ཆར་གྱིས་འགྲོ་བའི་གདུང་སེལ་གཉེན། །བདུད་འདུལ་རྡོ་རྗེར་བྱང་ཆུབ་བར་དུ་འདུད། །དེ་ལྟར་ཆེད་དུ་བརྗོད་པས་མདུན་བསུས་ཏེ། །འདི་ན་སོ་སོ་ཐར་པའི་སྡོམ་པ་ཡི། །སྲོལ་འཛིན་བྱུང་ཚུལ་ཟིན་ཐོར་སྤེལ་བ་ལ། །དེ་ཡང་འཕགས་པའི་ཡུལ་དུ་ཉན་ཐོས་ཀྱི། །སྡེ་པ་བཅོ་བརྒྱད་གྲགས་ཤིང་བོད་འདིར་ནི། །རྩ་བའི་སྡེ་བཞིའི་ནང་ནས་གཞི་ཐམས་ཅད། །ཡོད་པར་སྨྲ་བའི་སྡེ་སྟེ་སྡོམ་པའི་རྒྱུན། །ཟ་ཧོར་མཁན་པོ་ཞི་འཚོ་ནས་བརྒྱུད་པའི། །བསྟན་པ་སྔ་དར་རིང་ལ་ཚང་མ་དང་། །དེ་ཉིད་


SPN003_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་ཕྱི་དར་བླ་ཆེན་པ། །དགོངས་པ་རབ་གསལ་ལས་བརྒྱུད་སྡོམ་རྒྱུན་ནི། །ཁམས་ནས་ཡར་དར་སྨད་འདུལ་ཞེས་པར་གྲགས། །ཡང་ནི་འཕགས་ཡུལ་ཡོད་སྨྲའི་བིཀྵུ་ནི། །གུ་ཎ་མ་ཏིའི་སྡོམ་རྒྱུན་རྒྱལ་ཤེས་རབ། །མོན་གྲོ་འདུལ་འཛིན་ནས་བརྒྱུད་མངའ་རིས་ནས། །བར་དར་སྟོད་འདུལ་ཞེས་གྲགས་ཀརྨ་པ། །ཆོས་ཀྱི་བླ་མ་ཡན་ཆད་བོད་ལྗོངས་ཀྱི། །སྐྱེས་མཆོག་ཀུན་ཀྱང་སྡོམ་རྒྱུན་གཉིས་ཀ་ཡི། །ཁོངས་སུ་འདུས་ཤིང་མཉམ་མེད་འཇིག་རྟེན་མགོན། །བགྲང་བྱ་འཕེལ་བའི་སྐབས་དང་ས་པཎ་ཆེན། །ནར་སོན་ཙམ་དང་ཁྲོ་ལོ་བྱམས་པ་དཔལ། །ལ་སོགས་མཁས་གྲུབ་ས་སྟེང་ཁྱབ་པའི་སྐབས། །ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ཞེས། །མ་འོངས་སངས་རྒྱས་རབ་གསལ་རྣམ་པར་འཕྲུལ། །ཡོངས་རྫོགས་རྒྱལ་བསྟན་འཛིན་པ་ཆེན་པོ་དེ། ལྗོངས་འདིར་སྤྱན་དྲངས་ཆོས་རྗེ་ས་པཎ་དང་། །བྱང་རྡོར་རྣམ་གཉིས་ལ་སོགས་བོད་ཡུལ་གྱི། །དགེ་འདུན་སྡེ་རྣམས་བསླབ་པའི་གཞི་ལ་བཀོད། །དམ་ཆོས་ཉིན་བྱེད་སྣང་བའི་རྒྱལ་མཚན་བསྒྲེངས། །དེ་ཕྱིན་འཇམ་མགོན་པཎ་ཆེན་སྡོམ་རྒྱུན་དར། །ལྷོ་བྲག་བྱང་ཆུབ་དཔལ་བ་ནས་བརྒྱུད་དེ། །དགེ་འདུན་སྒང་དང་ཆོས་ལུང་མཁན་པོ་སོགས། །བརྒྱུད་ཅིང་གཞན་ཡང་དབུས་པ་རྡོ་རྗེ་དཔལ། །བརྒྱུད་ནས་ཚེགས་རྩེ་ལས་འཕྲོས་བྱེ་རྫིངས་པའི། །མཁན་རིམ་བརྒྱུད་པར་བྱུང་འདིས་ཕྱོགས་ཀུན་ཁྱབ། །དྲན་


SPN003_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཁོར་བའི་འཇིགས་འཕྲོག་མཐོང་བས་ནི། །ཡང་དག་ཐར་པའི་གོ་འཕང་སྦྱིན་ནུས་པའི། །རྒྱལ་བ་གཉིས་པ་བརྗོད་པར་དཀའ་བའི་མཚན། །དོན་སླད་སྨོས་ན་རྗེ་བཙུན་ཀརྨ་པ། །དཔལ་ལྡན་བསྟན་པའི་ཉིན་བྱེད་འཆི་མེད་གྲུབ་པའི་ཁྱུ་མཆོག་ཕྲིན་ལས་རྒྱས་པའི་སྡེ། །ཞེས་པའི་དྲུང་ནས་ནོད་པའི་སྡོམ་རྒྱུན་ནི། །བཅོམ་ལྡན་སངས་རྒྱས་རྣམ་འདྲེན་བཞི་པ་མཆོག །ཤེས་རབ་ཐོགས་མེད་འཕགས་པ་ཤཱ་རིའི་བུ། །གནས་བརྟན་སྒྲ་གཅན་འཛིན་དང་བྲཧྨ། །རཱ་ཧུ་ལ་སྟེ་སློབ་དཔོན་ཀླུ་སྒྲུབ་ཞབས། །ཡོན་ཏན་བློ་གྲོས་རིན་ཆེན་བཤེས་གཉེན་དང་། །ཆོས་ཀྱི་བཟང་པོ་ཡོན་ཏན་རྒྱ་མཚོའི་ཞབས། །ཆོས་ཀྱི་ཕྲེང་བ་བློ་གྲོས་འབྱུང་གནས་སྦས། །པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་ཡན། །རྒྱ་གར་ལས་འབྱོན་བོད་ཀྱི་འདུལ་འཛིན་པ། །བྱང་ཆུབ་དཔལ་དང་གཙང་པ་དབང་ཕྱུག་གྲགས། །གཞོན་ནུ་བྱང་ཆུབ་ཡོན་ཏན་རྒྱལ་བ་དང་། །མཁན་ཆེན་ཡོན་ཏན་བློ་གྲོས་སེདྒེ་དཔལ། །རབ་འབྱོར་སེདྒེ་ཆོས་གྲུབ་སེདྒེ་སོགས། །དགེ་འདུན་སྒང་པའི་མཁན་རིམ་ལས་བརྒྱུད་ནས། །རྒྱལ་དབང་བརྒྱད་པ་རྡོ་རྗེ་དགའ་བའི་དབྱངས། །གར་དབང་ལྔ་པ་དཀོན་མཆོག་ཤཱཀྱའི་གཙོ། །དབང་ཕྱུག་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་དང་། །གྲུབ་དབང་བདུད་རྩི་ཀརྨ་རྣམ་རོལ་པ། །གར་དབང་བརྒྱད་པ་ཆོས་ཀྱི་དོན་གྲུབ་ཞབས། །བསྟན་པའི་ཉིན་བྱེད་གཙུག་ལག་


SPN003_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྣང་བ། །སྙིགས་དུས་འདྲེན་པ་ཕྱག་ན་པདྨོ་ཅན། །རྒྱལ་མཆོག་བཅུ་གསུམ་མཐོན་མཐིང་ཅོད་པན་འཆང་། །རྗེ་བཙུན་བདུད་ལས་རྣམ་པར་རྒྱལ་དེ་ཡི། །ཞབས་ཀྱི་པདྨ་མཆོག་ལ་གུས་བཏུད་ནས། །སྡོམ་གསུམ་ནོར་བུའི་ཕྲེང་བ་བདག་ལྟ་བུ། །སོ་སྐྱེ་ལས་ཀྱང་སོ་སྐྱེར་གྱུར་མོད་ཀྱང་། །སྔོན་གོམས་ཚོགས་གཉིས་རྨད་བྱུང་སྨིན་པའི་མཐུས། །བསྟན་བའི་སྙིང་པོར་གྱུར་པ་ཀཾ་ཚང་གི། །རིང་ལུགས་སྒོར་ཞུགས་མ་ནོར་ཡོངས་འཛིན་གྱི། །དམ་པས་རྗེས་བཟུང་བསླབ་གསུམ་སྡོམ་པ་ཡི། །ཚུལ་ཁྲིམས་རྒྱན་བཟང་བདག་ལྟས་ནོད་པའི་དགེས། །རྒྱལ་བསྟན་སྙིང་པོར་གྱུར་པ་གང་ཡིན་པ། །དེ་འཛིན་སྐྱེས་མཆོག་ཞབས་བརྟན་ཕྲིན་ལས་རྒྱས། །ལུང་རྟོགས་ཡོན་ཏན་མཛོད་འཛིན་རིག་པ་དང་། །གྲོལ་བའི་སར་གནས་དགེ་འདུན་འདུས་པའི་ཚོགས། །ཀུན་ཀྱང་བྱམས་དང་སྙིང་རྗེས་རྒྱུད་བརླན་ཅིང་། །ཆོས་སྤྱོད་བཅུ་དང་འཁོར་ལོ་རྣམ་གཉིས་སོགས། །རྒྱལ་བའི་བསྟན་ལ་བྱ་ར་བྱེད་པར་སྨོན། །འཇིག་རྟེན་ཁམས་སུའང་སེམས་ཅན་ཐམས་ཅད་བདེ། །ལྷ་ཀླུ་གནོད་སྦྱིན་མི་མ་ཡིན་རྣམས་ཀྱང་། །དཀར་ཕྱོགས་སྐྱོང་བའི་མེལ་ཚེ་སྒྲུབ་བཞིན་དུ། །སྡང་བའི་སེམས་ཀྱི་འཚེ་དང་བྲལ་བར་ཤོག །ཁྱད་པར་བུ་རམ་ཤིང་པའི་རིང་ལུགས་གང་། །དྲི་མེད་རྣམ་དག་ངེས་གསང་སྙིང་པོའི་བསྟན། །ཉམས་


SPN003_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡུན་གནས་མ་འོངས་རྣམ་པར་འདྲེན། །བྱམས་མགོན་བདུད་རྩི་བརྙེས་པར་གྱུར་གྱི་བར། །ཤཱཀ་ཐུབ་བསྟན་པའི་རྒྱལ་མཚན་མངོན་མཐོ་བ། །མི་ནུབ་སྲིད་མཐར་སྤེལ་བར་གཅིག་ཏུ་སྨོན། །དེ་ལྟར་སྨོན་པའི་བདེན་ཚིག་བསླུ་མེད་པ། །བདེན་པའི་བདག་ཉིད་བླ་མེད་དཀོན་མཆོག་གསུམ། །བྱིན་རླབས་སྟོབས་ཀྱིས་ཇི་ལྟར་སྨོན་པ་རྣམས། །བདེན་པ་དམ་པས་དེང་འདིར་བདེན་འགྲུབ་ཤོག །དེ་ལྟར་ཚུལ་འདིར་མོས་པའི་དང་བ་ཅན། །སྡེ་སྣོད་འཛིན་པ་ཀརྨ་དོན་དམ་གྱིས། །འདུལ་པའི་མཁན་བརྒྱུད་ཟིན་ཐོ་རབ་གསལ་བ། །སྤེལ་ཞེས་བྲིས་འདིར་འཁྲུལ་པའི་ཆ་གང་དང་། །ཚེ་རབས་སྒྲིབ་དང་ཆབས་ཅིག་མཐོལ་ལོ་བཤགས། །དགེ་གང་བསགས་དེས་འགྲོ་བའི་མ་རིག་བའི། །དུག་ལྔའི་མུན་བཅོམ་ཡང་དག་ཡེ་ཤེས་ཀྱི། །ཉི་མ་ཆེན་པོས་སྣང་བའི་གསོས་འགྱུར་ཤོག །ཅེས་པའང་སི་ཏུ་པདྨ་ཉིན་བྱེད་དབང་པོས་ནག་ཟླའི་རྒྱལ་བ་གཉིས་པར་སྤེལ་བ་ཀུན་ཏུ་ཛ་ཡ། །

འཕོ་བ་གསང་མཆོག་མའི་དམིགས་རིམ།


SPN003_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་གསང་མཆོག་མའི་དམིགས་རིམ་ལ། རྩ་དབུ་མ་ཕྱི་དཀར་ནང་དམར་བ་རག་དུང་ཁ་གྱེན་བསྟན། མར་སྣ་ལྟེ་མཚམས་ཕཊ་ཀྱིས་བཀག་པ། སྙིང་ཁར་པདྨ་དམར་པོ་འདབ་བཞིའི་སྟེང་དུ་རྣམ་ཤེས་ངོ་བོ་སོགས་གཞུང་བཞིན་གསལ་གདབ་བོ། །ཡང་ཐིག་ལེ་སྤར་སྐབས་ལས་དང་པོ་པས་ཐུགས་ཀར། དེ་ནས་


SPN003_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ་རེག་པས་ཆོག །ལན་ཉེར་གཅིག་ཙམ་བྱ། འཕོ་བ་འབྱོངས་རྟགས་སུ་ཡར་སྤར་དུས་ཤེས་པ་ཅུང་མི་གསལ་ཞིང་མར་ཕབ་དུས་རྒྱུན་པར་ལས་རིག་པ་དྭངས་ན་ཡིན། བླ་མ་འོད་དཔག་མེད་འོད་དུ་ཞུ་ནས་རང་ལུས་ལ་ཐིམ་པས་ལུས་བདུད་རྩིས་གང་བར་བསམ་ལ་ཚེ་གཟུངས་འདོན། ལས་ལ་སྦྱོར་ཚེ། བླ་མ་སྤྱི་བོ་ནས་ཡར་འདོམ་གང་ཙམ་བསྐྱེད། དེའི་ཐུགས་ཀར་ཐིག་ལེ་སྤར། མར་མི་ཕབ་གསར་དུ་རེ་རེ་བསྐྱེད་དེ་སྤར་བ་ལན་ཉེར་གཅིག་ཙམ་བྱའོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་སོགས་འདིའི་མིང་ལ་གཟི་བརྗིད་ཚད་མེད་ཟེར། ཛཾ་སེར་ནག་གཉིས་རྒྱབ་ཡོལ་ལ་ཐིམ་པར་བསྒོམ། དེ་ནས་ཆུ་གཏོར། དེ་ནས་བདག་གི་བསམ་པའི་སྟོབས་སོགས་ཤླཽ་ཀ་བཞི་བརྗོད། ཡིག་བརྒྱ་བརྗོད། དེ་རྗེས་ༀ་ཁྱེད་ཀྱིས་སེམས་ཅན་སོགས་གཞུང་བཞིན་བརྗོད་དོ། །འཕོ་བ་དང་གཏོར་མའི་བརྗེད་ཐོ་འདི་ཀུན་ཁྱབ་ལུགས་ཡིན། །

ཀརྨ་པའི་རླུང་སེམས་གནད་ཀྱི་གདམས་པ།


SPN003_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་པའི་རླུང་སེམས་གནད་ཀྱི་གདམས་པ་ལས། ཉོན་མོངས་དུག་ལྔའི་རྣམ་རྟོག་གང་ཤར་བའི་སྐབས་རླུང་ཕྱིར་འབུད་ན་འགལ་རྐྱེན་སེལ་ལོ། །དེ་ནས་སྙིང་ཁར་བླ་མ་བསྒོམ་དགོས། མོས་གུས་དང་། སྙིང་རྗེ། བསྐྱེད་རྫོགས། བདེ་གསལ་མི་རྟོག་པ་སོགས་འཆར་དུས་རླུང་ནང་དུ་བསྡུས་ན་དངོས་གྲུབ་ཐོབ། སྣང་སྲིད་འཁོར་འདས་ཀྱི་བདེ་


SPN003_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་ཐམས་ཅད་རླུང་སེམས་ཀྱི་རྟེན་འབྲེལ་ཡིན་གསུངས་སོ། །མདོར་ན་རླུང་སེམས་ངན་པ་ཐམས་ཅད་ཕྱིར་ཕུད། བཟང་པོ་ཐམས་ཅད་ནང་དུ་བསྡུའོ། །ཐམས་ཅད་དབྱེར་མེད་རོ་གཅིག་ཏུ་མཉམ་པར་བཞག་གོ་ཞེས་གསུངས་སོ། བསྟན་པའི་ཉིན་བྱེད་མཆོག་གིས་བཀའ་བསྩལ་པ། །ཟབ་ལམ་མཐར་ཐུག་ནཱ་རོ་ཆོས་དྲུག་ནི། །ཉིན་པར་མཉམ་གཞག་གཏུམ་མོའི་རྣལ་འབྱོར་དང་། །རྗེས་ཐོབ་སྒྱུ་ལུས་མཚན་མོའི་མཉམ་གཞག་ཏུ། །འོད་གསལ་རྗེས་ཐོབ་རྨི་ལམ་ལམ་དུ་ཁྱེར། །མདོར་ན་ལུས་ཀྱི་བྱེད་བཅིང་ངག་རླུང་གནད། །མི་ཤིགས་ཐིག་ལེར་སེམས་ཀྱི་གནད་བཅིངས་པས། །གཟུང་འཛིན་འཁྲུལ་ཚོགས་རང་བཞིན་དབྱིངས་སུ་དག །འཕོ་མེད་བདེ་བ་ཆེན་པོའི་ཚོགས་རྫོགས་པས། །རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེན་པོ་ལ། །དགྱེས་རོལ་སྐུ་བཞིའི་རྒྱལ་ས་ཐོབ་པར་འགྱུར། །ཞེས་སོ། །

བཏགས་གྲོལ་མཐོང་ཆོག་འཁོར་ལོའི་ལོ་རྒྱུས་ཕན་ཡོན།


SPN003_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་གྲོལ་མཐོང་ཆོག་འཁོར་ལོའི་ལོ་རྒྱུས་ཕན་ཡོན་བཞུགས། སྤྲུལ་པའི་སྐུ་གང་ནས་ཐུགས་རེས་རྒྱུར། དེ་ཕྱོགས་ཡུལ་སྡེ་སྤྱི་ལ་ཐར་པའི་ལམ་བཟང་སྟོན་པའི་ཐབས་ཟབ་མོ་དམ་པ་རིགས་བརྒྱ་འདུས་པའི་བཏགས་གྲོལ་ཙཀྲ་འདི་ཉིད་ལ་དགོས་བྱའི་རྫས་ཚང་ཞིང་། མན་ངག་ཐམས་ཅད་གཞུང་མཐུན་དུ་བསྟར་བའི་སྒྲུབ་པ་རབ་གནས་སོགས་ཚད་ལྡན་གང་འབྲེལ་དོན་ལྡན་དུ་བགྱིས་ཡོད་པར། གྲོང་ཚན་མིག་མཐོང་རེར་ཆོས་མཐུན་


SPN003_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་རབས་ཀྱི་སྦྱིན་བདག་རེའི་ཁང་ཐོག་ཏུ་ཟངས་སམ་རྫའི་གའུར་བཅུག་ཏེ་ཆར་ཆུས་མི་གོས་པར་ལྷ་ཐོ་ལྟ་བུར་བཅོས་པའི་ནང་དུ་བཞུགས་སུ་གསོལ། བཞག་མཁན་ཀྱང་བླ་མ་སྤྲུལ་སྐུ་འམ། དགེ་སློང་སྡོམ་ལྡན་རེའི་ཕྱག་བསྟར་ལས་མི་མང་ལག་བརྒྱུད་མི་རུང་། ཟླ་བ་གང་རུང་གི་ཚེས་བརྒྱད་ལ་བསང་དང་། རི་ཁྱིམ་ལ་ཁྲུས། ཕྱོགས་དེར་འཁོད་པའི་སྐྱེ་བོ་རྣམས་ཀྱིས་དགེ་ཆོས་གང་ནུས་དང་། ལྷག་པར་སྲོག་བསླུ་གང་འགྲུབ་རེ་ཁས་ལེན་བྱེད་དགོས་པའི་དྲིལ་བསྒྲགས། ལས་འབྲས་ཀྱི་ཆོས་ཀྱང་སྟོན་ནས་དགེ་ལ་སྦྱོར་བ་སོགས་རྣམ་པར་དཀར་བའི་བསམ་སྦྱོར་དང་ལྡན་པའི་འཁོར་ལོ་བསྟན་པའི་རྒྱལ་མཚན་འདི་ཉིད་ཀྱི་ཕན་ཡོན་ཞིབ་རྒྱས་སྨོས་སུ་མི་ལངས་ཀྱང་། ཨོ་རྒྱན་སངས་རྒྱས་གཉིས་པས་བཏགས་གྲོལ་རྒྱུད་ཀྱི་ལས་མཐའ་ནས་འདི་ལྟར་གསུངས་ཏེ། གྲོང་ཁྱེར་གཅིག་ལ་འདི་ཡོད་ན༔ ༔གྲོང་ཁྱེར་ནང་གི་སེམས་ཅན་རྣམས༔ ༔གྲོལ་བ་ཐོབ་པར་ཐེ་ཚོམ་མེད༔༔ རྟེན་མཆོག་རླུང་ཕོག་དེས་གཞན་ཕོག༔ ༔སྡིག་སྒྲིབ་དག་ནས་གྲོལ་བར་འགྱུར༔ ཞེས་གསུངས་པའི་ལོ་རྒྱུས་དང་བ་འདྲེན་ཕྱིར་འཆད་ནས། སེམས་ཅན་ལ་སྨན་པའི་སེམས་བསྐྱེད་གོ་ཆ་གཡེལ་མེད་ཀྱི་འགན་བཞེས་སྨོན་བཟང་ཅི་ནས་འཚལ། དཔལ་སྤུངས་ཡང་དབེན་ནས་ཏཱའི་སི་ཏུས་སྤེལ། །

གྲོང་ཁྱེར་སྒྲོལ་འཁོར་ཆེན་མོའི་ཕན་ཡོན་ལོ་རྒྱུས།


SPN003_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་སྒྲོལ་འཁོར་ཆེན་མོའི་ཕན་ཡོན་ལོ་རྒྱུས་ཡོད། འགྲོ་ཕན་གྱི་ཆ་རྐྱེན་གྲོང་ཁྱེར་སྒྲོལ་བའི་འཁོར་ལོ་འདི། སྔོན་ཇོ་བོ་རྗེ་དཔལ་མར་མེ་མཛད་ཀྱིས་མདོ་ཕྱོགས་མན་ངག་ཐམས་ཅད་ཀྱི་ཉིང་ཁུ་ཙཀྲའི་ཚུལ་དུ་མཛད་པ་སྐུར་བཅངས་འབྲལ་མེད་གནང་ནས། ཕྱིས་སྐུ་གཤེགས་ཁར་འབྲོམ་རྒྱལ་བའི་འབྱུང་གནས་ལ་བསྩལ་ཏེ། འདི་ལས་ཟབ་པའི་གདམས་ངག་བོད་ན་མེད་པས་ཁྱོད་ཀྱིས་འགྲོ་དོན་གྱིས་ཤིག་ཅེས་གསུངས་པར་བརྟེན། དེ་ནས་རིམ་པར་ད་ལྟའི་བར་བརྒྱུད་པ་མ་ཆད་ཅིང་། ཕྱག་བཞེས་ཀྱི་རྒྱུན་མ་ནོར་བ་དང་། དགོས་བྱའི་རྫས་ཚང་ལ། འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒོ་ནས་སྒྲུབ་པ་ཐེམས་ཤིང་། རབ་ཏུ་གནས་པ་ཁོ་བོས་བགྱིས་པ་ཡིན་པས། སྤྱིར་ཕན་ཡོན་དཔག་ཏུ་མེད་ཀྱང་། མདོར་བ སྡུ་ན། རྟེན་མཆོག་འདི་ཉིད་ཟངས་སམ། རིན་པོ་ཆེའི་གའུར་དར་ཚོན་གྱིས་བསྒྲིལ་ཏེ་བཅུག །ཆར་ཆུས་མི་གོས་པར་བྱས་ཏེ། བུད་མེད་དང་། མི་མང་ལག་བརྒྱུད་འཛེམ། གཟའ་སྐར་འཕྲོད་སྦྱོར་ལེགས་པར་བརྩི་བའི་ཡར་ཚེས་ལ་དགེ་སློང་སྡོམ་ལྡན་བཞི་སྡེས་ལྷ་བསང་བཏང་། རྡོ་རྗེ་རྣམ་འཇོམས་སྒོ་ནས་རི་ཁྲུས་དང་། ཁྱིམ་ཁྲུས་བྱ། བཀྲ་ཤིས་བརྩེགས་མདོ་བཀླག


SPN003_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་སྲོག་བསླུ་ཚེ་ཐར་གང་མང་ཞིག་བྱས་ཏེ་ཁང་སྟེང་རྒྱལ་མཚན་གྱི་རྩེར་བཞུགས་སུ་གསོལ་ཏེ་རབ་གནས་དང་། བཀྲ་ཤིས་བརྗོད། སེམས་ཅན་ཐམས་ཅད་བདེ་སྐྱིད་འབྱུང་བའི་དོན་དུ་སྙིང་ཐག་པ་ནས་བསྔོ་བ་དང་། སྨོན་ལམ་བཟང་པོའི་མཚམས་སྦྱོར་བྱས་ན། ཡུལ་དེར་གནས་པའི་གཞི་བདག་རྣམས་ཀྱི་མཆོད་རྟེན་དུ་འགྱུར་བས། གནས་སྐབས་ལྷ་སྲུང་ངོ་སོ་མཐོ་ཞིང་དགྱེས་པ་བསྐངས་པས་ལོ་ལེགས་ཞིང་། ཆར་ཆུ་དུས་སུ་འབེབས། ནད་ཡམས་དང་དུས་འཁྲུགས་ཞི། ལོ་ཟླའི་སྐག་རིགས་ལས་གྲོལ་བ་དང་། མཐར་ཐུག་རྟེན་དེ་མཐོང་དང་རླུང་རྫིས་ཕོག་པའི་གཟུགས་ཅན་གཟུགས་མེད་སེམས་ཅན་ཐམས་ཅད་ངན་སོང་གསུམ་གྱི་སྡུག་བསྔལ་ལས་གྲོལ་ཏེ་མངོན་མཐོའི་ལམ་བཟང་རྙེད། རིམ་པར་ངེས་ལེགས་ཀྱི་གོ་འཕང་ལ་གཞོལ་ནུས་པ་སྟོན་པ་སངས་རྒྱས་ཀྱི་བཀའ་ཡིས་ནམ་ཡང་མི་བསླུ་བས་མོས་གུས་ཀྱི་རྟེན་དུ་གཅེས་སྤྲས་སུ་འཛིན་འཚལ། ཞེས་སི་ཏུ་པས་ཆོས་སྦྱིན་དུ་སྤེལ་བ་དགེ། །

འཁོར་ལོ་ལུས་ལ་འཆང་བའི་ཕན་ཡོན་དང་ལོ་རྒྱུས།


SPN003_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ལུས་ལ་འཆང་བའི་ཕན་ཡོན་དང་ལོ་རྒྱུས་ཡོད། འགྲོ་ཕན་གྱི་ཆ་རྐྱེན་གྲོང་ཁྱེར་སྒྲོལ་བའི་འཁོར་ལོ་འདི། སྔོན་ཇོ་བོ་རྗེ་དཔལ་མར་མེ་མཛད་ཀྱིས་མདོ་ཕྱོགས་མན་ངག་ཐམས་ཅད་ཀྱི་སྙིང་ཁུ་ཙཀྲའི་ཚུལ་དུ་མཛད་ནས་


SPN003_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་མེད་སྐུར་བཅང་གནང་། ཕྱིས་སྐུ་གཤེགས་ཁར་འབྲོམ་རྒྱལ་བའི་འབྱུང་གནས་ལ་བསྩལ་ཏེ། །འདི་ལས་ཟབ་པའི་གདམས་ངག་བོད་དུ་མེད་པས་ཁྱོད་ཀྱིས་འགྲོ་དོན་གྱིས་ཤིག་གསུངས་པར་བརྟེན། དེ་ནས་རིམ་བཞིན་ད་ལྟའི་བར་བརྒྱུད་པ་མ་ཆད་ཅིང་། ཕྱག་བཞེས་ཀྱི་རྒྱུན་མ་ནོར་བ་དང་། དགོས་བྱའི་རྫས་ཚང་ལ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒོ་ནས་སྒྲུབ་པ་ཐེམས་ཤིང་། རབ་ཏུ་ུགནས་པ་ཁོ་བོས་བགྱིས་པ་ཡིན་པས་འདི་ཉིད་དར་ཚོན་གྱིས་བསྒྲིལ་ཏེ། མི་ཉམས་པའི་ཕྱིར་བུ་ཧར་གྱིས་གཡོགས། བུད་མེད་དང་མི་མང་ལག་བརྒྱུད་འཛེམ། ཞག་བདུན་ཤ་ཆང་སྤངས་ཞིང་། གཟའ་སྐར་འཕྲོད་སྦྱོར་དགེ་བར་རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་ཞུ་ཞིང་། སེམས་ཅན་གྱི་སྲོག་བསླུ་ཚེ་ཐར་ངེས་ཤིག་བྱས་ཏེ་དགེ་པའི་འདུན་པ་བཟང་པོའི་མཚམས་སྦྱོར་དང་བཅས་རང་གཞན་གྱི་མགུལ་དུ་འཆང་ན། སྤྱིར་ཕན་ཡོན་དཔག་ཏུ་མེད་ཀྱང་། མདོར་བསྡུ་ན། གནས་སྐབས་སུ་ལོ་ཟླའི་སྐག་རིགས་ལས་གྲོལ་ཞིང་། མི་མཐུན་པའི་ཕྱོགས་ཀུན་ཐུབ་པ་དང་། མཐར་ཐུག་ངན་སོང་གསུམ་གྱི་སྐྱེ་སྒོ་ཆོད་ཅིང་། རིམ་པར་མངོན་མཐོ་དང་། ངེས་ལེགས་ཀྱི་སར་འཇོག་ཅིང་། འཆང་བ་པོ་དེ་མཐོང་བ་དང་། ཡོད་པའི་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་ངན་འགྲོ་ལས་


SPN003_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་ནུས་པ་སྟོན་པ་སངས་རྒྱས་ཀྱི་བཀའ་དང་། དཔལ་ལྡན་ཨ་ཏི་ཤའི་ལུང་གིས་ནམ་ཡང་མི་བསླུ་བས་སོམ་ཉི་སྤངས་ཏེ་དད་པ་དང་མོས་གུས་ཀྱི་རྟེན་དུ་གཅེས་སྤྲས་སུ་འཛིན་འཚལ། ཞེས་སི་ཏུ་པས་ཆོས་སྦྱིན་དུ་སྤེལ་བ་དགེ། །

ས་ལུག་ལོར་སྒྲུབ་སྡེ་སྒྲུབ་བརྒྱུད་སངས་རྒྱས་གླིང་དུ་དཔལ་མ་ཧཱ་ཀཱ་ལའི་རྟེན་གཏོར་སྒྲུབ་པའི་ལག་ལེན།


SPN003_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལུག་ལོར་སྒྲུབ་སྡེ་སྒྲུབ་བརྒྱུད་སངས་རྒྱས་གླིང་དུ་དཔལ་མ་ཧཱ་ཀཱ་ལའི་རྟེན་གཏོར་སྒྲུབ་པའི་ལག་ལེན་ནི། དང་པོ་རྣམ་རྒྱལ་འཇོམས། ཚིག་འདུན་གསོལ་འདེབས། བསམ་པ་ལྷུན་གྲུབ། བར་ཆད་ལམ་སེལ། ཀརྨ་པའི་རྣམ་ཐར་གསོལ་འདེབས་གསར་འཛུད་དེ་དང་། མགོན་པོའི་བརྒྱུད་འདེབས་བཅས། ཕག་མོའི་བདག་བསྐྱེད་སོགས་དགུ་གཏོར་ལྟར་གསལ་བར་གྱུར་བར་ནས་སྲུང་འཁོར་བསྙེན་པ། རང་གི་ཐུགས་ཀར། ༀ་བཛྲ་ཙཎྜ། ༀ་ཤྲི་མ་ཧཱ་སོགས། ལྷ་ཚོགས་རྣམས་སོགས། ༀ་ཙཎྜ་མ་ཧཱ་སོགས། ༀ་ལོཀྟྲི་པཱ་ལ་སོགས། རྒྱས་པར་མཛོད་བར། དེ་ནས་རྟེན་གཏོར་ཡིག་ཆུང་ནང་ལྟར། ༀ་དཾཥྚོ་སོགས་ནས། སྟོང་པར་གྱུར་པའི་སོགས་ནས། ཁཾ་ལས་བྲག་སྟེང་། རིགས་མཐུན་འཁོར་གྱིས་བསྐོར། ཕྱོགས་བཞིའི་རྭ་དང་པདྨ་ལ་སོགས། གཤེགས་པར་གྱུར་ནས་སྤྱན་འདྲེན་རོལ་ཆེན་དབྱངས་དང་བཅས་ཏེ་སྔོན་གྱི་ཐུགས་དམ། བསྐལ་མེ་མ། ཁྱོད་ཀྱི་སྤྱི་བོའི། བྱང་ཤར་ཆོས་དབྱིངས། དད་


SPN003_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། གཤེགས་སུ་གསོལ། ༀ་མ་ཧཱ་ཀཱ་ལི་ཏྲཀ་རཀྵ་ཐུན་བྷྱོ་ས་མ་ཡ་མ་ཧཱ་ཀཱ་ལ་དེ་ཝ་རཀྵ་སོགས་ཉེར་གཅིག །གཏུམ་པོ་འཇིགས་རུང་། དབང་བསྐུར། རྟེན་གཏོར་ནང་གི་རྒྱས་བཏབ་སྦྱར་ནས། ཚོགས་ལྟེམ། མཉམ་མེད་མ། བསྐལ་མང་མཆོད་པ་བྱིན་རླབས། ཁྲག་གི་རྒྱ་མཚོ། ལྷ་ཆེན་དཔལ་འབར། སྨན་རག་གཉིས། ཚོགས་བྱིན་རླབས། བཀའ་བརྒྱུད་བླ་མ་སོགས་གསང་སྔགས་ནང་གཏོར། འགྲུབ་མཛོད་ནས། སྟོང་པའི་ངང་ལས་ཡཾ་རཾ་ཀཾ་ལ་སོགས། བླ་མེད་མཆོད་པ། གཞོང་པ་རྣམ་དག་སྔགས་རིང་བཅས། དམ་ཞིང་ཨ་ཕྱི། ཚེ་རིང་མ། བྲག་བཙན། ཐང་ལྷ། མཁའ་འགྲོ་གཞི་བདག་སྤྱི་གཏོར་བཅས། བསྟོད་པ་གང་དྲིན། རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། ཐུགས་རྗེ་ཆེན་པོ། གར་གྱི་དབང་ཕྱུག སྲིན་གཟུགས། ཧཱུྃ་སྐྱེས་འབར་བ། ལས་རྣམས། རླུང་འཚུབ། སེམས་ཉིད་མ། ནག་པོ། བཅོམ་ལྡན་འདས། བསྟོད་པར་འོས། ལུས་དང་གྲིབ་མ་བཞིན་སོགས། མདུན་བསྐྱེད་མགོན་པོ་སོགས། བསྙེན་པ་རིང་ཐུང་རྣམས་དང་། དཔལ་ལྡན་མགོན་པོ་སོགས་ཀྱི་རྟེན་བཞུགས། སུ་པྲ་ཏིཥྛ་ནས་ཚོགས་གྲོལ། ཡར་འཚོགས་གསོལ་ཀ་རྒྱས་པ་གཅིག །བསྡུ་མ་གཉིས། ཕྱག་བཞི་པའི་གསོལ་ཀ་གསུམ་


SPN003_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོའི་གསོལ་ཀ་གསུམ། དམ་ཞིང་གསོལ་ཀ་རེ་རེ། སྐོང་རིང་། སྐོང་འབྲིང་། སྐོང་ཐུང་གསུམ། བྱང་ཤར་ཆོས་དབྱིངས་སོགས་ལྷ་མོའི་སྐོང་བ། འཁྲུགས་སྐོང་བཅས། ཚེ་རིང་མའི་སྐོང་བ། བདག་སྒྲུབ་མ། དུས་གསུམ་མ། ཚོགས་ལྟེམ། ཡང་ལུས་དང་གྲིབ་མ་བཞིན་སོགས་ནས། མདུན་བསྐྱེད་མགོན་པོ་སོགས་སྔགས་བསྙེན། དཔལ་ལྡན་མགོན་པོ་སོགས་ནས། སུ་པྲ་ཏིཥྛ་བར་ཚོགས་གྲོལ། ཡར་འཚོགས་ལ་རྟེན་གཏོར་ནང་དཾཥྚོཊྐ་ཊ་སོགས་ནས། སྟོང་པར་གྱུར་པའི་ནས། ཁཾ་ལས་བྲག་སྟེང་སོགས། རིགས་མཐུན་འཁོར་གྱིས་བསྐོར་བར། ཕྱོགས་བཞིའི་ར་དང་པདྨ་ལ་གནས། གཤེགས་པར་གྱུར་བར་སྤྱན་འདྲེན་རྣམས་བསྡུ་ཞིང་ཏྲཀྵ་ཏིང་ལཾ་ཉེར་གཅིག་ནས། བསྟོད་པ་གཉིས་བསྡུ་མ། མཆོད་པ་བྱིན་རླབས། ཁྲག་གི་མཆོད་ཡོན། དབང་པོའི་མེ་ཏོག་སོགས། ཁྲག་གི་རྒྱ་མཚོ། ལྷ་ཆེན་དཔལ་འབར ། སྨན་རཀ་གཉིས་དང་། གསང་སྔགས་ནང་གཏོར། སྟོང་པའི་ངང་ལས་ཡཾ་རཾ་ཀཾ་སོགས། བླ་མེད་མཆོད་པ། གཞོང་པ་རྣམ་དག་སྔགས་རིང་དང་། མཆོད་པའི་སྔགས་བསྡུ་མ་རྣམས་གྲུབ་ནས། བསྟོད་པ་མཚལ་མ་བསྡུས་པ་བཞིན་པར་བགྱི་བར། ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་སོགས། རོལ་མོ། མདུན་བསྐྱེད་མགོན་པོ་སོགས་ནས་བསྙེན་པ་


SPN003_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རིང་ཐུང་རྣམས་བྱ། དེ་ནས་འགུགས་གཞུག་བསྡུས་པ་གཅིག་དང་རྦད་སྔགས་བཅས། གང་ཞིག་མ། ཏྲིཀ་ཁྲོམ་སོགས་དང་། ཆོས་དབྱིངས་མ། སྨིན་མཚམས་སོགས། ཨཱཿཧཱུྃ། ཚོགས་རོལ། ཞབས་བརྟན་སོགས་བཏོན། ཕུད་དང་ལྷག་མའི་སོགས། མཛོད་བར་ནས། ཁྲག་གི་རྒྱ་མཚོ་མ། ཌཱ་ཀི་བྱེ་བ། དོན་དམ་མ། རླུང་ནག །ༀ་ས་མ་སོགས་ཚར་གསུམ་རེ། མ་འོངས་པ་ན་སོགས། བདག་ནི་མངོན། བདག་དང་འགྲོ་ལ། རྟེན་གཏོར་ནང་གི། དཔལ་ལྡན་མགོན་སོགས། ཡེ་དྷར་དང་སུ་པྲ་ཏིཥྛས་བརྟན་བཞུགས་བྱ། དགེ་བ་འདི་ཡིས་སོགས། སྔོན་ཚེ་བཅོམ་ལྡན་སོགས། དཀྱིལ་འཁོར་གཞལ་ཡས་སོགས། དཀོན་མཆོག་རིན་ཆེན་སོགས་སྨོན་ལམ་བྱའོ། །གྲོལ་ཉིན་བསྟོད་པ་བྱས་པའི་མཚམས་སྤྱི་བྱེར་གྱི་གསོལ་སྐོང་སོགས་གྲུབ་ནས། དུས་གསུམ་ཀུན་ཏུ་མ་བསྒྲིབས་བར། དེ་ནས་བསྙེན་སྔགས་རྣམས་བཟླ་ཞིང་། འགུག་གཞུག་མན་དཀྱུས་དང་འདྲ། ཉི་ཤར་སྔོན་འཚོགས་ནས་ཉིན་གུང་བར་གསེང་། འཕྲལ་འཚོགས་ནས། ཕྱེད་ཡོལ་ཡོལ་པ་བར་གསེང་། ཉི་ཐལ་ནས་དགོང་ཆེན་བར། དེ་ནས་གཉིད་ལོག་ཅིང་གྲོལ་ཉིན་ནམ་གྱི་སྲོད་ཐུན་བརྡའ་ལས་སྔ་ཙམ་ཡིན་ལགས། ཅེས་ཟླ་༢པའི་ཚེས་༧ལ་དབུ་


SPN003_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཏེ་ཟླ་ཚེས་༡༤ལ་ལེགས་པར་གྲུབ་པའི་ཟིན་ཐོ་རྣམས་སི་ཏུ་པདྨའི་མིང་གིས་སུག་བྲིས་སུ་བསྟར་པ། བསྟན་པའི་སྙིང་པོ་གང་ཞེ་ན། །ཀརྨ་བཀའ་བརྒྱུད་བསྟན་པ་སྟེ། །རྒྱུ་སྐར་དབུས་སུ་རི་བོང་ཅན། །ཇི་བཞིན་ཡོངས་སུ་གསལ་བྱེད་ཤོག །མདྒ་ལཾ་ཤྲཱི་མསྟུ། །

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒོ་ནས་སྐྱེ་བདུན་བུམ་སྒྲུབ་ཀྱི་ཟིན་བྲིས་དྲི་མེད་པདྨའི་རྒྱ་བཀྲོལ་ཐབས་མཆོག་སྙིང་རྗེའི་ལྡེ་མིག


SPN003_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒོ་ནས་སྐྱེ་བདུན་བུམ་སྒྲུབ་ཀྱི་ཟིན་བྲིས་དྲི་མེད་པདྨའི་རྒྱ་བཀྲོལ་ཐབས་མཆོག་སྙིང་རྗེའི་ལྡེ་མིག་བཞུགས་སོ། །ན་མོ་ལོ་ཀཱི་ཤྭ་ར་ཡ། འདིར་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ལས་ཚོགས་སྐྱེ་བདུན་རིལ་བུ་སྒྲུབ་པའི་ཐབས་ནི་སྣ་སེལ་གྱི་འདོན་བྱ་དགེ་ཆོས་སོགས་སྒྲུབ་ཆེན་སྤྱི་འགྲེ་སྔོན་དུ་གྲུབ་པར་བྱས་ལ། དེ་ལས་ཀྱང་ཐོག་མ་ཉིད་ནས། དང་པོ་རྒྱུད་ལས་བཤད་པའི་སྐྱེ་བདུན་དམ་རྫས་དང་། གུ་རུ་རིན་པོ་ཆེའི་གཏེར་ཁ་ལས་བྱོན་པའི་འཁྲུལ་མེད་ཨ་རྒྱ་མ་སོགས་ལ་གཞི་བྱས་ཏེ། མྱོང་བས་གྲོལ་ནུས་ཀྱི་ཏཻ་ལོ་ནཱ་རོ་ནས་བཟུང་བཀའ་བརྒྱུད་གོང་མ་རྣམས་དང་། རྙིང་མའི་གཏེར་ཆེན་གང་ཟག་ལུང་ཟིན་རྣམས་ཀྱི་བྱིན་རླབས་རྟེན་སེལ་མེད་ཀྱི་རིགས་རྣམས་གང་འཛོམས་དང་། ཛཱ་ཏི། སུག་སྨེལ། ཀ་ཀོ་ལ། ཅུ་གང་། ལི་ཤི། གུར་གུམ། གླ་རྩི། དབང་ལག །རྟག་དུ། ཨ་བར་སྐྱུར་གསུམ་རྣམས་ཕྱེ་མར་བཏུལ་བ་འབྲས་ཕྱེ་དང་སྦྱར་ནས་རིལ་བུར་དྲིལ་ལ། མཚལ་གྱིས་


SPN003_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་བསྒྱུར། བུམ་པར་བླུགས། རིལ་ཆགས་ལེགས་པར་གྲུབ་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་ས་བསླང་སོགས་སྤྲོ་ན་དེར་བསྟུན། འདོན་བྱ་རྣམས་གཞུང་གསལ་ལྟར་དང་དེ་མིན་རས་བྲིས་བཀྲམ་པའི་སྟེང་དུ་བཀོད། དེའི་སྟེང་ཐོད་པ་མཚན་ལྡན་དང་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་བྲི་བ་སོགས་མཐོང་རྒྱུན་ལྟར་བཤམས་པ་ནི་སྟ་གོན་ནོ། །གཉིས་པ་དངོས་གཞི་ལ། རྒྱལ་བ་རྒྱ་མཚོའི་དཀྱིལ་ཆོག་ལྟར་བདུད་རྩི་བྱིན་རླབས་ནས་བརྩམས་ཏེ་ལྷ་དགུའི་བདག་བསྐྱེད་བཟླས་པའི་བར་དུ་བཏང་། བུམ་བསྐྱེད་ཀྱང་གཞུང་ལྟར་ཁ་བསྒྱུར་ལ། རྡོ་རྗེའི་ཆུ་རྒྱུན་བུམ་པའི་རྫས་ཀྱིས་གང་བར་གྱུར་པའི་རྣམ་པར་རྒྱལ་བའི་བུམ་པའི་ནང་དུ་མྱོང་གྲོལ་དམ་རྫས་ཀྱི་རིལ་བུ་དང་། དབྱེར་མེད་པར་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སོགས། བསྐྱེད་བསྟིམ་མཆོད་བསྟོད་རྣམས་ཟིན་ནས་བཟླས་པའི་སྐབས་སུ་སློབ་དཔོན་གྱིས་གཟུངས་ཐག་འཛིན་ལ། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། དྷཱ་ཀི་ནི་ཧ་རི་ནི་ས་ར་ཙ་ཧྲི་ཡ་སིདྡྷི་ཕ་ལ་ཨ་བེ་ཤ་ཡ་ཧཱུྃ་ཧྲཱི༔ ཞེས་པ་སྟོང་ཕྲག་རེའི་མཚམས་སུ། ཨེ་མ་ཧོ༔ དུས་གསུམ་སངས་རྒྱས་ཀུན་གྱི་བདག༔ རང་བྱུང་རྒྱལ་བ་རྒྱ་མཚོའི་ཚོགས༔ ཏིང་འཛིན་རྟོག་མེད་རང་བྱུང་གྲོལ༔ དྲི་མེད་ཚངས་པའི་དབྱངས་ཀྱིས་མཆོད༔


SPN003_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ཞེ་སྡང་གཏི་མུག་ཆེ༔ ང་རྒྱལ་ཕྲག་དོན་ཡེ་ཤེས་ལྔ༔ དབྱིངས་ཀྱི་དག་པའི་མཆོད་པ་བཞེས༔ སྟོང་ཚིགས་མཆོད་འབུལ་དབྱིངས་སུ་བཞེས༔ ཞེས་ཐུགས་དམ་བསྐུལ་ལོ། །དེ་ལྟར་བདག་བསྐྱེད་དང་། བུམ་བསྐྱེད་མདུན་བསྐྱེད་བཅས་ཀྱི་བསྙེན་མཐར་རྗེ་རང་བྱུང་ཞབས་ཀྱི་བཞེད་ལྟར་སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་འདིའང་ལན་ཉེར་གཅིག་རེ་བཟླ་དགོས་པས་དེའང་ཡིག་བཅུའི་གཤམ་དུ། ཨཱོཾ་པདྨ་ཚིནྡྷ་མ་ཎི་ཛྭ་ལ་ཧཱུྃ་ཧྲཱིཿཛཿ བི་པུ་ལ་གརྦྷེ་མ་ཎི་པྲ་བྷེ། ཏ་ཐཱ་ག་ཏ་ནི། ཏི་རི་གི་ནི། མ་ཎི་མ་ཎི་སུ་པྲ་བི་མ་ལེ། ས་ག་ར་གམྦྷི་ར་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ། བུདྡྷ་བི་ལོ་ཀི་བིདྱ་གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ། པདྨ་དྷཱ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ། བསྒོམ་དང་བཟླས་པ་ཙམ་གྱིས་ཀྱང་། །སྒྲིབ་པ་ཀུན་སེལ་ཚོགས་གཉིས་རྫོགས། །ཞེས་གསུངས་པས་ཤིན་ཏུ་བྱིན་ཆེ། འདི་སྐབས་ཚོགས་མང་གཞུང་བསྲང་རྣམས་ནས་བུམ་བསྐྱེད་ཀྱི་བསྙེན་པའི་མཐར་ཡིག་བཅུའི་ཤམ་བུར་སྔགས་ཀྱི་སྐྱེ་བདུན་འདིའང་སྟོང་ཕྲག་རེ་འགྲོ་ངེས་དགོས། ཐུན་བཟུང་རྣམས་ནས་ཐོག་མར་ཡིག་བཅུ་བརྒྱ་རྩ་བརྒྱད་བཟླ། དེ་ནས་ཐུན་མ་གྲོལ་བར་ཡིག་བཅུའི་ཤམ་བུར་སྐྱེ་བདུན་སྔགས་འདི་བཏགས་ཏེ་བཟླའོ། །ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། ཨ་ར་པ་ཙ་མི་ཏ་ཧྲི་ད་ཡ་སྭཱ་ཧཱ། རིལ་བུ་དམ་རྫས་ཡེ་ཤེས་གཉིས་སུ་མེད་པའི་ཐུགས་རྗེ་ཆེན་པོའི་ངོ་བོར་མོས་པ་དེ་ལས་བུམ་ལྷ་འོད་ཞུ་མི་དགོས་ཞིང་། དེ་ནས་ལས་བུམ་རྟ་མགྲིན་བསྐྱེད་པ་སོགས་གཞུང་


SPN003_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལྟར་བཏོན་ལ་སྔགས་ཉེར་གཅིག་བཟླས། ཁྲོ་བོའི་རྒྱལ་པོ་དཔལ་རྟ་མགྲིན་གྱིས་སོགས། ཕྲིན་བཅོལ་བྱ། དེ་ལྟར་ཐུན་གསུམ་མམ་བཞིར་བུམ་བསྐྱེད་སླར་བསྐྱར་ཞིང་འདོན། ཐུན་རྗེས་མར་མདུན་བསྐྱེད་དང་མཆོད་བཞི་བསྟོད་བཞི། ཚོགས་གཏོར་བསྔོས་ནས་བཀྲ་ཤིས་བརྗོད་པའི་བར་མཐར་ཆགས་སུ་བཏང་། བདག་འཇུག་དབང་ལེན་རྒྱུ་གྲོལ་ཉིན་བར་བསྐྱུར། དང་པོ་ཉིན་བདག་བསྐྱེད་བསྙེན་བའི་ནང་ནས་ཐུན་པ་རྣམས་ཀྱིས་རྒྱལ་བ་རྒྱ་མཚོ་ལྷ་དགུའི་མངོན་རྟོགས་རྒྱས་བསྡུས་གང་རུང་གིས་ཐུན་བཟུང་སྔགས་ཡིག་བཅུ་དང་། སླར་ཤམ་བུ་ཅན་ཁོ་ནར་འབད། ཞག་ལྔ་ཙམ་སོང་ནས་རྒྱལ་བ་རིགས་ལྔའི་སྙིང་པོ་སྐུ་ལྔ་ཡེ་ཤེས་ལྔ་རུ་སྦྱོར་བ་དང་། ཕུང་པོའི་བདུད་བཅོམ་ནས་ཚེའི་རིག་འཛིན་སྒྲུབ་པའི་སྙིང་པོ་འདི་ཡང་བརྒྱ་རེ་ཙམ་བཟླ་དགོས་པས། ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། ཨཱོཾ་ཨཱཿཧཱུྃ་སྭ་ཧཱ། མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨཱོཾ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨཱོཾཿ མཐར་སྟོད་ཚིགས་ཀྱི་མཆོད་འབུལ་སོགས་གོང་བཞིན་བྱ། དེ་ནས་གསུམ་པ་དངོས་གྲུབ་ལེན་པ་ནི། གྲོལ་ཉིན་ཐུན་པ་མང་མས་མདུན་བསྐྱེད་བསྙེན་པའི་སྐབས་ནས་སྔགས་རྒྱུན་བཞག །དཔོན་སློབ་ཚང་མས་དཀྱིལ་ཆོག་གཞུང་ལྟར་དབང་རྒྱས་པར་བླངས་ནས་འགྲོ་བའི་དོན་རྒྱ་ཆེན་པོ་


SPN003_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབས་ཤིག་ཅེས་པའི་མཚམས་སུ་ཐལ་མོ་སྦྱར་ལ། ཐུགས་རྗེ་ཆེན་པོ་འཕགས་པ་སྦྱན་རས་གཟིགས༔ དྲི་མེད་ཤེལ་མདོག་ཅེས་ཚིག་བསྒྱུར་བས་བཤགས་པ་བྱ་སྟེ་རུ་དྲའི་སྨྲེ་བཤགས་དང་དོན་གཅིག་གོ། །ཧོ༔ དགོངས་ཤིག་རྒྱལ་བ་རྒྱ་མཚོའི་ཚོགས༔ བརྩེ་བའི་ཐུགས་མངའ་འགྲོ་བའི་སྐྱབས༔ ས་བཅུའི་དབང་ཕྱུག་ཐུགས་རྗེ་ཅན༔ མ་རིག་མུན་སེལ་ཡེ་ཤེས་སྒྲོན༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ གུས་པས་གསོལ་བ་རྒྱ་མཚོ་འདེབས༔ ཕྲིན་ལས་རྒྱ་མཚོ་འགྲུབ་པ་དང༔ འཁོར་བ་རྒྱ་མཚོ་ལས་སྒྲོལ་ནས༔ ཡོན་ཏན་རྒྱ་མཚོ་རབ་རྫོགས་ཏེ༔ སངས་རྒྱས་རྒྱ་མཚོ་འགྲུབ་བར་ཤོག༔ ཅེས་ལན་གསུམ་བརྗོད་ལ། ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་བརྗོད་བཞིན་རྡོ་རྗེ་སློབ་དཔོན་གྱིས་རིལ་བུའི་བུམ་པ་གནས་བཞིར་གཏུག། ཚོགས་པ་ལའང་བསྐུར་ཅིང་རིལ་བུ་གསུམ་རེ་སྦྱིན། བུམ་ཆུ་ཕུལ། ཡིག་དྲུག་སོགས་དགེ་རྩ་རླབས་ཆེན་ཁས་ལེན་བྱེད་དུ་བཅུག །དེ་ནས་གཙོ་བོས་ཇི་ལྟར་སོགས་དབང་གི་མཐའ་བསྡུ་ཞིང་ཚོགས་འཁོར་བཏང་བ་དང་། སྐབས་འདིར་གཞན་དོན་ཕྲིན་ལས་ཀྱི་ཆེད་དུ་ཁྲོམ་དབང་བྱེད་པར་སྤྲོ་ན། གོང་གི་བདག་འཇུག་ཅི་ལྟ་བར་དབང་བཞི་ཡོངས་རྫོགས་མཐར་ཆགས་སུ་བསྐུར། ཐུགས་རྗེ་ཆེན་པོ་


SPN003_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས། །སོགས་བཏོན་སྐབས་ཁྲོམ་རྣམས་ཕྱག་འཚལ་དུ་བཅུག །དེ་ནས། ཧོཿ དགོངས་ཤིག་སོགས་ཀྱིས་ཐུགས་རྗེ་ལན་གསུམ་བསྐུལ་ཞིང་། དེ་ནས་སྔགས་བཟླ་བཞིན་པར་རིལ་བུའི་བུམ་པས་དབང་བསྐུར། མྱོང་གྲོལ་དམ་རྫས་ཀྱང་བཀྱེ། མཐར་འབྲེལ་ཐོགས་དེ་དག་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་བཀོད་ཕྱིར་དགེ་རྩ་གང་འགྲུབ་ཀྱི་བསྐུལ་མ་གདབ་ནས་གྲོལ། སླར་སྒྲུབ་ཁང་ནས་རྗེས་ཀྱི་བྱ་བ་ལྷག་གཏོར་བཏང་བ་དང་། མཆོད་བསྟོད་དང་། ལྷག་ཆད་བསྐང་ཞིང་། དེ་ནས་རྡུལ་ཚོན་ནམ་རས་བྲིས་བསྡུ་རིམ་དང་། བཀྲ་ཤིས་བརྗོད། བསྔོ་བ་སྨོན་ལམ་མཐའ་རྒྱས་སྤེལ་ལེགས་བྱའོ། །ཡང་འདིར་སྒྲུབ་ཆེན་གཞན་དང་ཕྱོགས་མཚུངས་ཀྱི། ཐོག་མར་སྟ་གོན་སྐབས་ཉིན་ནས་གེགས་བསལ་བའི་ཆེད་དུ། གཏེར་རྙིང་གང་རུང་ལས་འབྱུང་བའི་རྟ་མགྲིན་དམར་པོའམ། ནག་པོའི་སྒོ་ནས་སྒྲུབ་ཟློག་ཟུར་དུ་ཚད་ལྡན་བཅའ་བའམ། ཡང་ན་རྗེ་དགུ་པའི་ཡི་དམ་དྲག་ཕྲེང་ལས་འབྱུང་བའི་རྟ་མགྲིན་གྱི་སྒོམ་བཟླས་གཏོར་བསྔོས། བསྙེན་པ་གང་འགྲོ་བྱས་པས་ཀྱང་དོན་གཅིག་ཏུ་འབབ་པས་དེས་ཀྱང་འཐུས་སོ། །ཞེས་ཟིན་བྲིས་འདི་ལྟར་སྔོན་ཆད་མེད་ཕྱིར་ཁོ་བོས་རང་བཟོ་བྱས་སོ་སྙམ་ན། ཀརྨ་ཆགས་མེད་ཞབས་ཀྱིས་རྒྱལ་བརྒྱ་མཚོའི་འགྲེལ་ཆེན་ལས། སྐྱེ་བདུན་བུམ་སྒྲུབ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱིས་ཁོག་ཕུབ་ནས་བསྒྲུབ་རྒྱུ་གསུངས་


SPN003_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། མཁན་ཆེན་འོད་ཟེར་བླ་མ་དང་སྤོ་རུ་བྱམས་ཆོས་པ་སོགས་ཀྱིས་ཀྱང་ཐུགས་རྗེ་ཆེན་པོའི་བུམ་སྒྲུབ་ཀྱི་ཡིག་ཆ་ཀ་དཔེ་མ་ཁོ་ནར་མ་ལྟོས་པར་སྐྱེ་བདུན་སྒྲུབ་ཚུལ་དང་། རང་རེ་གསར་མ་རྣམས་ལའང་བདུད་རྩི་རིལ་བུ་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པར་བཞུགས་ཤིང་། རིག་འཛིན་མི་འགྱུར་རྡོ་རྗེ་ལ་ཨོ་རྒྱན་རིན་པོ་ཆེས་སྐྱེ་བདུན་སྒྲུབ་ལུགས་གནམ་ཆོས་དག་སྣང་མ་སྩལ་པ་ལའང་རྒྱལ་བ་རྒྱ་མཚོའི་ལས་བྱང་གང་རུང་ལ་བརྟེན་ནས་སྒྲུབས་ཤིག་ཅེས་རྡོ་རྗེའི་ཚིག་གིས་རྗེས་སུ་གནང་ཞིང་། ཁྱད་པར་རཏྣ་གླིང་པའི་ཐུགས་རྗེ་ཆེན་པོ་གསང་འདུས་དང་རྒྱལ་བ་རྒྱ་མཚོ་གཉིས་ལྷ་སྔགས་གཅིག་ཅིང་། ཆོས་ཀྱི་བདག་པོ་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོ་ལ་བཀའ་བབས་པས་དབང་ལུང་ཆུ་བོ་གཅིག་འདྲེས་སུ་བྱུང་བ་ཡིན་མོད་དེ་ལྟ་ནའང་འདི་ནི་རུང་མཐུན་ཙམ་དུ་བྱས་པ་མ་ཡིན་ཏེ་རཏྣ་གླིང་པའི་གཏེར་བྱོན་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་དྲི་མེད་པདྨའི་རྒྱ་ཅན་སྐུ་གསུང་ཐུགས་ཀྱི་གཟེར་ལུང་སུམ་བརྒྱ་དང་བཅས་པ་འདིའི་ལྷ་སྔགས་ཐམས་ཅད་རྒྱལ་བ་རྒྱ་མཚོ་ལྷ་དགུ་རང་ཡིན་བཞིན་དེ་ཡི་སྔགས་ཀྱི་ཤམ་བུ་དང་དངོས་གྲུབ་བསྐུལ་བའི་ཚིགས་བཅད་ཙམ་ཞིག་ལྷན་ཐབས་སུ་སྦྱར་བ་ལས་གཞན་བཅོས་བསྒྱུར་བྱས་པ་མེད་ལ། ཡང་ཁ་ཅིག་གིས་རྒྱལ་བ་རྒྱ་མཚོའི་བདུད་རྩི་རིལ་བུ་ཉིད་བསྒྲུབ་པས་འཐུས་སོ་


SPN003_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ན། དེ་ནི་དབང་སྡུད་ཀྱི་རྫས་གཙོ་བོར་མཛད་པའི་རིལ་བུ་ཡིན་པས་རྫས་ཀྱང་དཀའ་ལ་སྐྱེ་འགྲོ་ཐུན་མོང་བ་ལ་སྦྱིན་རྒྱུའི་ཕན་ཡོན་ཡང་མ་བཤད་པ་དང་། སྐུལ་བ་པོའི་རེ་བ་བསྐང་ཕྱིར་དུ་ཟིན་བྲིས་འདི་བྱས་ཀྱི། དེའི་ཡིག་ཆ་མ་མཐོང་པའམ། རྒྱ་གཞུང་གི་དགོངས་པ་མ་ལོན་པ་ནི་མ་ཡིན་པས། ཆོས་ཀྱི་གནད་མ་གོ་བར་ཚིག་ཙམ་ལྷུར་ལེན་ནས་དཔྱོད་ལྡན་ཆེན་པོར་སྙེམས་ཤིང་བླ་མའི་བཀའ་རས་སུ་བོར་བའི་དེང་དུས་ཀྱི་མཁས་རློམ་དག་གི་ཅ་ཅོ་ལ་སྐལ་ལྡན་རྣམས་རྣ་བ་མ་གཏོད་ཅིག །ཅེས་པའང་སི་ཏུ་པདྨའི་མིང་ཅན་གྱིས། ཉེ་ཆར་དཔོན་བསམ་གཏན་སྤྲུལ་བའི་སྐུ་དང་། རིང་མོ་ནས་འཇང་དྲུང་པའི་སྤྲུལ་སྐུའི་བཞེད་ངོར་ཕྱོགས་མེད་ཀྱི་འགྲོ་དོན་རྒྱ་ཆེར་འབྱུང་བའི་ཕྱིར་དུ་གསལ་བར་བཀོད་པ་འདིའང་དགེ་ཞིང་ཤིས་པར་གྱུར་ཅིག །མདྒ་ལྃ། །

ཐུགས་རྗེ་གསང་འདུས་ཀྱི་སྒོ་ནས་བུམ་སྒྲུབ་ཆེན་མོའི་ཕྱག་ལེན་རྣམས་ཟིན་བྲིས་སུ་བཀོད་པ།


SPN003_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་གསང་འདུས་ཀྱི་སྒོ་ནས་བུམ་སྒྲུབ་ཆེན་མོའི་ཕྱག་ལེན་རྣམས་ཟིན་བྲིས་སུ་བཀོད་པ་བཞུགས་སོ། །ན་མོ་ལོ་ཀཱི་ཤྭ་ར་ཡ། འདིར་སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པའི་ཟབ་ཆོས་ཐུགས་རྗེ་གསང་འདུས་ཀྱི་སྒྲུབ་ཆེན་སྐབས་སུ་ཉེར་མཁོའི་ཕྱག་ལེན་གོ་བདེ་བར་བཀོད་པ་ལ། ཉིན་དང་པོར། ཚིག་བདུན་གསོལ་འདེབས། བརྒྱུད་འདེབས་མཐར་རོལ་མོ་བྱིན་རླབས་ཆེད་དུ་


SPN003_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བརྡུང་བྱས་ལ་མཐར་རོལ་མོ་བཞག །སྤྱི་གཙུག་པད་སྡོང་འདོན་སྣང་ཡང་དམིགས་པ་གསལ་འདེབས་ཉིད་དུ་ངེས་པའི་ཡིག་རྙིང་རྣམས་ལའང་ཡིག་ཆུང་གྲས་བཀོད་ལྟར་འདོན་པར་མི་བྱའོ། །ཐལ་མོ་སྦྱར་ལ། ན་མོ་བླ་མ་དཀོན་མཆོག་སོགས་སྐྱབས་འགྲོ་སེམས་བསྐྱེད་རྣམས་ལན་གསུམ་རེ། དེ་ནས་གསར་བསྒྲིགས་ནང་གི། རང་ཉིད་སྐད་ཅིག་གིས་དཔལ་རྟ་མགྲིན་སོགས་དང་། ༀ་ཧྲཱིཿཔདྨ་ཏ་ཀྲིཏ་སོགས་བསྙེན་བ་བརྒྱ་རྩ་བརྒྱད་བཟླས། དེ་ཚེ་མཆོད་བཤམས་པས་སྟེགས་བུའི་དབུས་སུ་ས་ལྷའི་ཚོམ་བུ་བཀོད། མདུན་དུ་ཟླུམ་གཏོར་ཆུ་གཉིས་ཉེར་སྤྱོད་བཅས་སྐོར་བཤམས་བྱ། ཆ་གསུམ་གཏོར་མ་བཤམས། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ་པ་ནི། དང་པོ་ཐལ་མོ་ཁོང་སྟོང་གི་རྒྱས། ༀ་སྭ་བྷཱ་ཝ་སོགས་གསུམ། རལ་གྲིའི་རྒྱས། ༀ་ཨ་ཀཱ་རོ་སོགས་གསུམ། རྡོར་ཐལ་གྱེན་བསྟན་རྒྱས། ན་མཿསརྦ་ཏ་ཐཱ་ག་ཏ་སོགས་གསུམ། མཐེ་བོང་དང་མཐེའུ་ཆུང་ལུག་རྒྱུད་ཀྱི་ནང་དུ་སྦྲེལ། ལྷག་མ་རྣམས་སྦྲེངས་ལ། ༀ་བཛྲ་ཨ་མྲྀ་ཏ་སོགས་གསུམ། ལག་གཉིས་རྒྱབ་བསྣོལ་འཁོར་ལོའི་རྒྱས། ༀ་རུ་རུ་སྥུ་རུ་སོགས་གསུམ། མཆོག་སྦྱིན་པའི་རྒྱས། ན་མཿསརྦ་སོགས་གསུམ། ཞེས་པས་བྱིན་བརླབས་ནས། ཕྱོགས་སྐྱོང་


SPN003_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་སོགས་ལ་རྒྱུན་གདངས་ཀྱིས་འགེབ་ཚིག་བཞིའི་མཚམས་དྲིལ་གསིལ་ཀུན་ལ་རིགས་འགྲེ་དགོས། ཤབྡའི་བར་མཆོད་རོལ་སུམ་འཕར་ཀུན་ལ་འགྲེའོ། །དབང་པོ་རྡོ་རྗེ་ནས། མཆིས་པར་མཛོད་མཐར་མཆོད་རོལ། ལྷ་དང་ལྷ་མིན་དང་། ཤབྡའི་མཐར་མཆོད་རོལ། འབྱུང་པོ་གང་དག་སོགས་མཆོད་རོལ། སྐད་ཅིག་གིས་རང་ཉིད་རྟ་མཆོག་སོགས་དང་། རྗེ་བཙུན་རྩ་བ་དང་སོགས་ནས་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་ཞེས་ཁ་བསྒྱུར་བ་འདི་ཕྱིན་དགུག་གཞུག་རྣམས་ལའང་འགྲེའོ། །ཤབྡའི་མཐར་མཆོད་རོལ། གང་ཞིག་མའི་ༀ་ཆེན་པོའི་སྐབས་སམ་གང་བདེར་སློབ་དཔོན་དབུ་ཞྭ་ཆོས་གོས་རྡོར་དྲིལ་བཅས་བཞེངས་ནས་དཀྱིལ་འཁོར་གྱི་ནུབ་ནས་ཤར་དུ་ཕྱོགས་ལ། གཙྪ་ནས་མཆོད་རོལ་བྱ། ཧཱུྃ་ཧཱུྃ་ཧྲཱི་ཧྲཱིཿ སོགས། སློབ་དཔོན་གྱི་ལག་གཡས་རྡོ་རྗེ་དང་བཅས་ས་ལ་བརྡེག །ཧཱུྃ་ཇི་ལྟར་སྔོན་གྱི་སོགས་འདི་རིགས་གོང་འོག་ལ་དྲིལ་གསིལ་དགོས། སྔགས་མཐར་མཆོད་རོལ་བྱ། ཧཱུྃ་ཧྲཱིཿ སྔོན་ཡང་བཅོམ་ལྡན་སོགས། མཐར་མཆོད་རོལ་ཟླུམ་གཏོར་དང་མཆོད་པ་རྣམས་བསྡུ། ཁྱོད་ནི་ཤཱཀྱ་སོགས་ཐིམ་པར་གྱུར། ཚོམ་བུའང་བསྡུ། སློབ་དཔོན་གཡས་སྐོར་གྱིས་ཤར་དུ་


SPN003_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས། ཞལ་ཤར་ལ་ཕྱོགས་པས། བདག་ཉིད་དབང་ཆེན་སོགས་ནས། རེ་རེར་གྱུར་བར། དེ་ནས་དཔྱིད་གསུམ་ལྷོ། དབྱར་གསུམ་ནུབ། སྟོན་གསུམ་བྱང་། དགུན་གསུམ་ཤར་ཏེ། དེ་དག་དང་མཚུངས་པའི་ཞལ་ཕྱོགས་ལ། ཧ་ཧ་ཧཱུྃ་གི་མཐར་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ། འབྱུང་པོ་རྐང་པའི་མེས་སོགས། ཞི་བར་གྱུར་བར། གཡས་བསྐོར་གྱིས་ཤར་ལྷོ་ནས། ཧཱུྃ་ང་ནི་དབང་ཆེན་སོགས། མཐར་རྡོ་རྗེ་གསོར་ཞིང་དྲིལ་གསིལ་བཅས། ནུབ་ཏུ་བྱོན་ལ་ཤར་དུ་ཕྱོགས་པས། ལས་རྡོར་གྱིས་སྤྲོ་ན། སྣོད་ཀྱི་ནང་དབང་མཆོག་ཕུར་པས་གཙོས་ཕུར་པ་བཅུ་བཀོད། བསྡུ་ན་གཅིག་གིས་ཆོག །སློབ་དཔོན་གྱིས་གཙོ་ཕུར་འཛིན་བཞིན། བདག་གིས་ཐུགས་ཀ་ནས་སོགས། ཕྱོགས་བཅུར་བསྒྲིལ་བའི་སྟངས་སྟབས་བཅས། ༀ་གྷ་གྷ་སོགས་ཀྱི་སྐབས་སྟེགས་བུའི་དབུས་སུ་གསུངས་ཀྱང་ཤར་ལ་གདབ། ཕུར་པ་བཅུ་ཡོད་ན་ལས་རྡོར་རྣམས་ཀྱིས་ཕྱོགས་དང་མཚམས་སུ་དུས་གཅིག་གདབ་དགོས། ཕུར་བུ་ལས་སོགས་འདོན། ས་སྦྱོང་བ་ནི། འོ་མ་རྩི་སྨན་རྣམས་ཀུ་ཤའི་ཆུན་པོས་སྟེགས་བུ་ལ་འཐོར། བདག་དབང་ཆེན་སོགས་ཀྱི་མཐར། ཚོགས་ཐེངས་བྱ། དལ་བྲེལ་སྐབས་བསྟུན་གྱིས། སེར་སྦྲེངས་ཆས་བསྒྲིག །རྒྱལ་ཐོ་བཞིའི་མཆོད་


SPN003_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པ། མཆོད་ཡོན་མེ་ཏོག་ཞལ་ཟས་སོགས་དང་། ཟླུམ་གཏོར། ཆུ་བུམ། འཐོར་གཡབ། ཕྱག་ནས། ཐོ་བྱང་རྣམས་རིམ་པས་སྔོན་དུ་བསྐུར་ལ། མཆོད་བཤམས་པ་གཉིས་ཀྱིས་རེས་མོས་བྱེད་ལ་བཤམས། སེར་སྦྲེངས་ལ་དང་པོ་སྤོས་སྣ་དང་རྒྱ་གླིང་། རག་དུང་། དེ་ནས་ཡོ་བྱད་རྣམས་དང་རྔ་པ་ཁ་ཤས། རོལ་མོ་བ། སྤོས་འཛིན་པ། རྡོ་རྗེ་རྒྱལ་པོ། དབུ་གདུགས་པ། རྒྱལ་ཐེབས་བཞི། ཡང་རྔ་པ་ཁ་ཤས་བཅས། དེ་ཡང་དང་པོ་རོལ་མོ་འབེབས་ཀྱི་མཐར་སུམ་བརྡུང་ཁོ་ནས་ཕྱི་རོལ་ལ་གཤར་ཞིང་། ཤར་ཐོའི་རྩ་བར་སླེབས་ནས་རོལ་མོ་འབེབས་མཐར་བཞག །གོ་རིམ་སྔོན་ལྟར་གྱིས་འགྲེང་བཞིན་ཟླུམ་སྐོར་ལྟ་བུ་བྱས་ལ། རྃ་ཡྃ་ཁྃ་འབྲུ་གསུམ་ལན་གསུམ། བདག་ཉིད་སོགས་ནས། ས་མཱ་ཛཿ རྡོ་རྗེ་བསྡུ་བའི་རྒྱ་སུམ་བརྡུང་འཛག་མེད་ཀྱིས། ཧཱུྃ། སྔོན་ཚེ་སོགས་རང་གདངས་དང་། ཧཱུྃ། རི་རབ་ཆེན་པོ་ཡང་སྦྲེལ། མཐར་རོལ་ཚིག་གོང་ལྟར་གྱིས་བཞག །སྔགས་ལན་གསུམ། སྔགས་མཐར་ཨརྒྷཾ་པུཥྤེ་སོགས་སྦྱར་བའི་མཐར་དྲིལ་གསིལ་དང་། གཏོར་སྔགས་ལན་གསུམ། སུམ་བརྡུང་གིས། ཧཱུྃ། ཤར་ཕྱོགས་རྒྱལ་པོ་སོགས་གདངས་མཐར་སུམ་བརྡུང་དང་འབེབས་ཀྱིས་ཞབས། སུ་པྲ་ཏིཥྛ་བརྗོད་ལ་མེ་ཏོག་འཐོར་ཞིང་། སྔར་ལྟར་རོལ་


SPN003_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དང་བཅས་ལྷོ་དང་། ནུབ་དང་། བྱང་སོགས་ལའང་དེ་ལྟར་རིགས་འགྲེའོ། །འདིའི་སྔོན་ཙམ་ལྕགས་རིའི་སྒོ་འགྲམ་ནས་གོམ་གསུམ་མམ་བདུན་གྱི་མཚམས་དོང་གྲུ་གསུམ་གཏིང་ཟབ་པ་བརྐོ་བཅུག །དེར་ཤོག་ལིང་བཞག །གསེར་སྐྱེམས་ཆས་འབྲུ་སྣ་ཆང་ཕུད། ཕུད་ཕོར་དར་བཏགས་པ་དང་གཡབ་དར། རྐང་གླིང་། ཟངས་ལྕགས། རྡོ་ཕྱེ། ཡུངས་ཀར་སོགས་ཐུན་རྫས་རྣམས་དང་། སྐྱེར་ཕུར། གུ་གུལ། རླུང་གཡབ། མེ། ཆུ། ས། དུར་རྡོ་ལ་རྡོ་རྗེ་རྒྱ་གྲམ་སྟེང་རི་རབ་བྲིས་པ་སོགས་འདུ་བྱས་ལ། སེར་སྦྲེང་་དེ་གར་སླེབས་བསྟུན་རོལ་མོ་འབེབས་མཐར་བཞག །སློབ་དཔོན་ནམ་ལས་རྡོར་གྱིས་གསེར་སྐྱེམས་འཛིན་བཞིན། ཧཱུྃ་རིག་འཛིན་རྩ་བརྒྱུད་སོགས་གདངས་ཐུང་བྱེད་ལ་བསྐུལ་མཚམས་རྣམས་སུ། རོལ་མོ་འབེབས་སྔོན་མར་མཆོད་ཅིང་། འབེབས་རྗེས་མར་སྐྱེམས་ཕུད་བླུགས་པ་བཅས་མཐར་རོལ་མོ་བཞག །ༀ་ཧྲཱིཿ པདྨ་ཏ་ཀྲིཏ་སོགས་ཀྱིས་ང་རྒྱལ་བཟུང་། གསང་འདུས་ལེ་བརྒྱད་ལྟར། ན་མོ་རྗེ་བཙུན་སོགས་ནས་ཁ་བསྒྱུར་ནི། ཁྱད་པར་དུའང་ཐུགས་རྗེ་ཆེན་པོ་སོགས་ནས། མཐར་སྒྲུབ་པ་ཟབ་མོ་ལ་སོགས་ཁུག་ཅིག་གི་བར། རོལ་མོ་དྲག་འབེབས། གཡབ་དར་གཡབ། བཤུག་པ་བཅས་དེ་ལྟར་ལན་གསུམ། རྗེས་མའི་


SPN003_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བདུན་བརྡུང་འཐེང་པོ་གཉིས་མཐར། དམ་སྲི་བྱ་བའི་སོགས་གནུབས་གདངས། ད་ནི་ཁྲོ་བོའི་སྐབས་ཚིགས་རྔ་མཚམས་རྒྱག་བྱེད་ལ་སྐྱེར་ཕུར་ཡང་གདབ། ཐུན་རྫས་རྣམས་ཀྱང་བརྡེག །གུ་གུལ་བདུག །རི་རབ་བརྗིད་པའི་སྐབས་མཚམས་རྒྱག་མཐར་གོང་ལྟར་བདུན་བརྡུང་གཉིས་མཐར་འུར་བརྡུང་ཚེ། རླུང་། མེ། ཆུ། ས་རྣམས་ཀྱིས་མནན། དུར་རྡོས་བཀབ་ལ་དོང་ཁ་བསྡོམས། དེ་ཚེ་རོལ་ཆེན་གང་རུང་ཞིག་བརྡུང་མཐར་རོལ་མོ་བཞག །རྟ་བྲོའི་གདངས་ཐུང་གིས། ཧཱུྃ་གཅིག་ནི་བརྗོད་མེད་སོགས་འདོན་སྐབས། མནན་པའི་སྟེང་དུ་རྡོ་རྗེ་བཞག་ལ་དེ་ཚེ་མཆོད་གཡོག་རྣམས་ཀྱིས་རྔ་རོལ་རྣམས་བསྡུས་ནས་བྲོ་རའི་གཞུང་དུ་བཞག །ༀ་སུམྦྷ་ནི་བརྗོད་ཚེ་བྲོ་ར་ཟླུམ་པོ་མཆོད་དཔོན་གྱིས་ལེགས་པར་བསྒྲིགས། དེའང་ལག་གཉིས་བསྣོལ་ལ། ཞི་བར་མཛུབ་མོ། རྒྱས་པར་གུང་མོ། དབང་ལ་སྲིན་ལག །དྲག་པོར་མཐེའུ་ཆུང་སྟེ་དེ་དག་གི་གོ་རིམ་མ་ནོར་བས་ཕྲེང་བ་འཛིན་ལ་སྦྲེལ་ཞིང་། ཧཱུྃ་རྡོ་རྗེ་འབར་བའི་སོགས་གདངས་བཅས་མཐར། སུམྦྷ་ནི་བརྗོད་སྐབས་བྲོ་ར་གྲུ་བཞི། ཟླ་གམ། ཟུར་གསུམ་བཅས་བཅད་ཁ་ནང་བསྟན་བྱ། དེ་ཚེ་སྒྲུབ་ཁང་སྒོ་བྱང་ཕྱི་ནང་གི་མཆོད་པ་དང་གཏོར་མ་བཤམས།


SPN003_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་བྲོའི་མཐར་སེར་སྦྲེངས་རོལ་མོ་སྔར་ལྟར་བཅས་སྒྲུབ་ཁང་སྒོ་དྲུང་ནས་རོལ་མོ་བཞག་ལ་སྒོ་བྱང་བྲན། རྃ་ཡྃ་ཁྃ་སོགས་ནས་ས་མ་ཛཿའི་མཐར་དྲིལ་གསིལ་དང་སྔགས་ལན་བདུན། གཏོར་སྔགས་ལན་གསུམ། ཨརྒྷཾ་སོགས་མཐར་དྲིལ་གསིལ་དང་སུམ་བརྡུང་གིས། ཧཱུྃ་གསང་འདུས་མཆོག་སོགས། མཐར་རོལ་མོ་འབེབས་ཀྱི་ཞབས་སྔགས་སྐབས་མེ་ཏོག་འཐོར། རོལ་མོ་སྔར་ལྟར་བཅས། སྒོ་བྱང་ནང་མར་ཡང་རོལ་ཚིག་གདངས་སོགས་སྔར་ལྟར་མཐར་རོལ་མོ་བཞག་ནས། སེར་སྦྲེངས་ཆས་བསྡུ། ཚོགས་ཐེངས་བྱ། དེ་ནས་དཀྱིལ་འཁོར་བྱང་ཤར་ངོས་སུ་མ་ཊཾ་གི་མགོ་ལྷོ་ནུབ་བསྟན་ལ་བཞག །དཀྱིལ་འཁོར་དབུས་སུ་སློབ་དཔོན་རྡོར་དྲིལ་འཛིན་བཞིན་ཁྲིའུ་ཁར་བཞུགས་གསུངས་ཀྱང་གང་བདེར་འཁོད་ལ། ཉེ་སྐོར་དུ་གཡབ་དར་ཡུངས་ཀར་དང་རལ་གྲི་བཞག །གསར་བསྒྲིགས་ནང་གི། ༀ་པདྨ་ཏ་ཀྲིཏ་སོགས་དང་། མ་ཊཾ་ཀ་རུ་ཚར་བདུན་དང་། དེ་ནས་དགུག་གཞུག་སྔར་ལྟར་ཁ་བསྒྱུར་བཅས་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རྣམ་པ་མ་ཊཾ་རུ་དྲ་སོགས་ནས་སྔགས་དང་བཅས་རོལ་མོ་དྲག་འབེབས། དེ་ལྟར་ལན་གསུམ་བྱ། ཧཱུྃ་ཊ་ཀི་རཱ་ཛ་སོགས་ཉེར་གཅིག་བརྗོད་ཅིང་ཡུངས་ཀར་སྔགས་རལ་གྲི་ལ་གཏོར། ༀ་བཛྲ་ཀཱི་ལི་སོགས་གསུམ། དེ་ཚེ་རྡོ་རྗེས་བསྒྲལ་ཚུལ་དང་། མཐར་


SPN003_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོ་འུར་བརྡུང་དང་ཉིས་བརྡུང་གིས། གཟུགས་ཕུང་སོགས་ལ་རོལ་མོ་མཚམས་རྒྱག་གིས་འདོན་བཞིན། བྷྲཱུྃ་ཛྙཱ་ན་ལན་བརྒྱད། དེ་སྐབས་རལ་གྲིས་ལྷུ་ཕྲལ་བའི། སྙིང་ཤར། མགོ་བོ་ལྷོ། ནང་ཁྲོལ་ནུབ། མཚན་མ་བྱང་། ལག་གཡས་ཤར་ལྷོ། གཡོན་ལྷོ་ནུབ། རྐང་གཡོན་ནུབ་བྱང་། གཡས་བྱང་ཤར། ཁོག་པ་དཀྱིལ་འཁོར་འོག་ཏུ་བཅུག །མཐར་རོལ་མོ་འབེབས་ཀྱི་རྗེས་བདུན་བརྡུང་འཐེང་པོ་ལན་གཉིས་ཀྱིས། ཧཱུྃ་མ་ཊཾ་བྱ་བའི་སོགས་གནུབས་གདངས་གྱེར། མཐའི་ཚིག་ལ་མཚམས་རྒྱག་དང་འབེབས་མཐར་བཞག །དེ་ཚེ་སློབ་དཔོན་མདུན་འབྲུའི་ཁར་ཁྲོ་བཅུའི་ཕུར་པ་རྣམས་ཕྱོགས་མཚམས་མ་འཁྲུལ་བར་བཞག་ཅིང་ཕུར་གདན་བཅུ་དང་དཀྱིལ་འཁོར་ཕྱོགས་མཚམས་ལ་བཀོད། ༀ་བཛྲ་ཤྲཱི་ཧེ་རུ་ཀ་སོགས་དང་། གཞལ་ཡས་ཁང་དུ་གྱུར་བར། ཧཱུྃ། གུ་གུལ་བྱིན་སྐྱེད་སོགས་ཀྱི་ཚེ། མཆོད་དཔོན་པས་གུ་གུལ་བདུག །ཡུངས་ཀར་བྲབ། རཀྟ་དཔལ་ལ་བྲན། ༀ་ཧྲཱིཿཔདྨ་ཏ་ཀྲིཏ་ཀྱིས་བསངས། སྭཱ་བྷཱ་ཝས་སྦྱངས། ཕུར་བུ་མི་དམིགས་པ་སོགས་ནས། མཐར་རོལ་མོ་འབེབས་དང་དགུ་བརྡུང་འཐེང་པོ་ཐོག་མཐའ་ཛབ་གཉིས་བཅས་ཟློག་གདངས་ཁུག་མ། ཧཱུྃ། སྟེང་གི་ཕྱོགས་སོགས། སློབ་དཔོན་ལ་ཕུར་པ་


SPN003_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། དཀྱིལ་འཁོར་ཤར་ཕྱི་གཡས་ངོས་སུ་གདབ། མཐའི་ཚིག་ཅིག་རིང་བར་བྱེད་ནས་མཚམས་རྒྱག་ཞབས་སྔགས་རྣམས་འདོན་མཐར་གོང་བཞིན་དགུ་བརྡུང་འཐེང་པོ་སྔོན་ལྟར་གྱིས་ཤར་ལ་སོགས་པར་རྒྱས་བཀབ་པའི་ཕུར་པ་ཤར་རང་ལ་གདབ། དེ་ནས་ཤར་ལྷོ། ལྷོ། ལྷོ་ནུབ། ནུབ། ནུབ་བྱང་། བྱང་། བྱང་ཤར། འོག་གི་ཕུར་པ་ནུབ་ཀྱི་གཡོན་དུ་གདབ་པར་བྱའོ། །རོལ་མོ་སྔར་ལྟར། ཧཱུྃ་ཁྲོ་ཆེན་འབར་བ་སོགས་སྔགས་ཀྱི་མཐར་དགུ་བརྡུང་འ ཐེང་པོ་དང་འབེབས་ཀྱིས་བཞག །དེ་ནས་ཆག་ཆག་གདབ་པ་ནི། རྒྱུན་གདངས་ཀྱིས། ཧཱུྃ། བླ་མེད་གསང་བ་སོགས། ལས་རྡོར་གྱིས་ནང་མཆོད་འཛིན། སློབ་དཔོན་གྱིས་འཐོར་ཞིང་མཆོད་བཤམས་པ་རྣམས་ཀྱིས་བྱུགས། མཐར་ཞི་རོལ་བྱ། ཚོགས་གྲོལ། གུང་གསེང། དེ་ཚེ་ལྷ་སྟ་གོན་ནི། སློབ་དཔོན་ནམ་ལས་རྡོར་གྱིས་དྲི་བཟང་ཆུས་མུ་ཁྱུད་ཕྱི་ནང་རིམ་པ་ལྔ་བསྐོར་བའི་དབུས་སུ་དྲིའི་ཐིག་ལེ་གཉིས། དེ་ཕྱིར་བཞི། དེ་ཕྱིར་བཅུ་དྲུག། དེ་ཕྱིར་དྲུག །དེ་ཕྱིར་སྟོང་རྩ། དེ་ཕྱིར་བཞི། དེ་རྣམས་ཀྱི་སྟེང་དུའང་ཚོམ་བུའང་སོ་སོར་བཀོད། མཆོད་པ་དང་སྨན་གཏོར་རཀྟ་ཡང་བཤམས། དེ་ནས་ལས་བྱང་གི་བརྡའ་བསྒོ། ཧཱུྃ་ཐུགས་རྗེའི་རང་རྩལ་ནས། བྱིན་འབེབས། ལྷ་བསྐྱེད། སྤྱན་འདྲེན། མཆོད་འབུལ།


SPN003_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་ཡོངས་རྫོགས་ལྷའི་མཐར་རོལ་མོ་འབེབས་བཅས་བཞག གསར་བསྒྲིགས་ནང་གི། ཧོ་དུས་གསུམ་བླ་མ་སོགས་ཐལ་མོ་སྦྱར་ལ་རྒྱུན་གདངས་བཅས་མཐར། སློབ་དཔོན་གྱིས་སེ་གོལ་གསུམ་བཏབ་ལ་སྟ་གོན་གྱི་ལྷ་རྣམས་ནམ་མཁར་བཏེགས། ཚོམ་བུ་དང་མཆོད་པའང་བསལ། ཚོགས་མང་གྲོལ། དེ་ནས་ཐིག་གདབ་ནི། དང་པོ་ཚངས་ཐིག་སློབ་དཔོན་དཀྱིལ་འཁོར་ནུབ་ནས་ཤར་དུ་ཕྱོགས། ལས་རྡོར་ཤར་ནས་ནུབ་དུ་ཕྱོགས་ལ། སློབ་དཔོན་གྱིས། ཧཱུྃ་བཅོམ་ལྡན་བཀྲ་ཤིས་སོགས་འདོན་བཞིན་ཐིག་སྣ་གཏད། སྔགས་མཐར་གནམ་ཐིག་གདབ། ཧཱུྃ་སྟོང་ཉིད་ནམ་མཁའ་སོགས་དང་། སྔགས་མཐར་ས་ཐིག་གདབ། སླར་ཡང་སློབ་དཔོན་གཡས་བསྐོར་གྱིས་ལྷོ་དང་། ལས་རྡོར་བྱང་དུ་གནས་པས་གནམ་ཐིག་དང་ས་ཐིག་གདབ་བོ། །དེ་ནས་ཟུར་ཐིག་ལ། སློབ་དཔོན་ཤར་ལྷོ། ལས་རྡོར་ནུབ་བྱང་དུ་གནས་པར་གནམ་ཐིག་དང་ས་ཐིག་གདབ། ཡང་སློབ་དཔོན་ལྷོ་ནུབ། ལས་རྡོར་བྱང་ཤར་འཁོད་བས་གནམ་ཐིག་དང་ས་ཐིག་གདབ་ལ། རས་བྲིས་དཀྱིལ་འཁོར་ཡང་ལེགས་པར་བཀྲམ། རིལ་བུའི་བུམ་པ་དགུའམ་ལྔ་གང་འཛོམས་ལ་དར་ཕྱོགས་མདོག་གི་མགུལ་ཆིངས་སམ་བུམ་གོས་ཅི་བདེ་དང་། ཁར་དབུ་རྒྱན་བཅིངས་ལ་ཟུར་


SPN003_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཏུ་ནངས་བར་བཤམས་བདེའི་ཕྱིར་བཀོད། དེ་ནས་གཏོར་བསྔོས་སོགས་སྐབས་བསྟུན་གྱིས་འཚོགས། ཉིན་གཉིས་པར་འདོན་བྱ་རྣམས་སྔ་མ་ལྟར་ལ་སྐྱབས་སེམས་མཐར། ཧྲཱིཿཔདྨན་སོགས་སྔོན་འགྲོ་དང་། ཧཱུྃ་ཉོན་ཅིག་སོགས་དང་། མཚམས་གཅོད་ནས་ལས་བྱང་གཞུང་བསྲང་། འདི་སྐབས་རྒྱན་བཀོད་རྣམས་སྟེགས་ཟུར་པ་ཞིག་ལ་བཤམས་བཀོད། བསྙེན་པ་སྔགས་རིང་བཟླ་སྐབས། སློབ་དཔོན་གྱིས་དབུ་ཞྭ་ཆོས་གོས་བཅས། སྐུ་གཟུགས། ཡིག་འབྲུ། ཤེལ་རྡོ། སྒྲོ་མདོངས། མེ་ལོང་། མར་མེ། དབང་གཏོར་དང་བུམ་པ། མཆོད་བཤམས་པ་རྣམས་ཀྱིས་རྩེ་ཞྭ་བཅས། སྨན་གཏོར་རཀྟ་སྤོས་ཕོར་བཅས་འཛིན་བཞིན། ཡེ་ཤེས་ལྷ་ཚོགས་མཐར་ཞི་རོལ་རིང་བ་བྱེད་ནས། དེ་ཚེ་དཀྱིལ་འཁོར་ལ་བསྐོར་བ་གསུམ་བྱས་མཐར་རོལ་མོ་བཞག་ལ། དཀྱིལ་འཁོར་མདུན་དུ་ཕྱོགས་བཞིན་པས་གསར་བསྒྲིགས་ནང་གི། ཧཱུྃ། བླ་མེད་གསང་བ་སོགས་རྒྱུན་གདངས་ཀྱི་ཚེ་རྟེན་རྣམས་ཟིན་པར་དགོས་པའི། དང་པོ་ལྡིང་ཁྲི་གོང་མར་སྐུ་གཟུགས། །ཡིག་འབྲུ། ཤེལ་རྡོ་མེ་ལོང་རྨ་བྱའི་མདོངས། མར་མེ། རྒྱ་གྲམ། ཙཀླི། ཀཱ་པ་ལ་བདུད་རྩིས་བཀང་བ་ཆོས་སྨན་དང་མངར་གསུམ་བཏབ་པ། དབང་གི་དཔལ་གཏོར་རིན་


SPN003_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འབར་བ་ཅན། གཙོ་བུམ་དང་ལས་བུམ་མགུལ་ཆིིངས་དམར་པོ་ཅན་བུམ་རྫས་དང་ཆུ་གཙང་གིས་བཀང་བ་རྒྱན་དང་བཅས་པ། ཚེ་གཏོར་བུམ་བཟང་ཁར་རྟ་མགོས་མཚན་པ་རྩེ་རྒྱན་ཅན། ཚེ་རིལ་ཆང་། ཚེ་མདའ་དར་དང་རིན་ཆེན་རྒྱན་ལྡན་བཅས་པ། སངས་རྒྱས་སྟོང་དབང་སྤྲོ་ན་དེའི་ཙ ཀླི་དང་དགོས་ཆས་རྣམས་གཞུང་ལྟར་བཀོད། བཤམས་བཀོད་བདེ་བའི་ཕྱིར། ལྡིང་ཁྲི་འོག་མར་སྔོན་དུ་དཀྱིལ་ཐང་བཀྲམ་པའི་སྟེང་གི་མཐའ་སྐོར་གྱི་ཕྱོགས་བཞིར་ལས་བཞིའི་གཏོར་མ་དང་། བྱང་ཤར་དུ་ཆད་ཐོ་དང་། སྔགས་སྲུང་མ། བརྟན་མ། ཤར་ལྷོར་སྨྱོ་ཁ། ཀུན་ཐུབ་རྒྱལ་མོ། མཁའ་རི་ལྕམ་དྲལ། ལྷོ་ནུབ་ངས་ནུས་མ། དམ་ཅན། ལུང་བཙན་ལྕམ་དྲལ། ནུབ་བྱང་ཨ་པ་ར་ཙིཏྟ། ཡེ་ཤེས་གྲགས། ནོར་སྙགས་སོགས་ཀྱི་གཏོར་མ་བཞག །སོ་སོར་རང་མདོག་གི་གཏོར་གདུགས་བཙུགས། དེའི་སྟེང་ཐོག་འགེབ་བཀོད་པའི་ལྡིང་ཁྲི་བར་མའི་སྟེང་རིལ་བུའི་བུམ་བ་རྣམས་དབུས་དང་ཕྱོགས་མཚམས་ལ་བཀོད། གཙོ་བུམ་གཡས་སུ་རྩ་བརྒྱད་སྟོང་སྦྱར་གྱི་ཐོད་པ་དར་སྣ་ལྔའི་ཐུམ་ཅན། གཡོན་དུ་རཀྟ་དམ་རྫས་ཀྱི་ཐོད་པ་དར་དམར་གྱི་ཐུམ་ཅན་བཤམས། བུམ་པ་རྣམས་ཀྱི་ཁར་གཟུངས་རྡོར་རེ་རེ་བཞག་པའི་གཟུངས་


SPN003_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་རྣམས་གཙོ་བུམ་ལ་སྦྲེལ་པའི་སྣེ་རིང་བ་གསུམ་བྱས་པའི་རྡོར་རྒྱལ་འཛིན་རྒྱུ་དང་། ཐུན་དཔོན་བླ་མས་འཛིན་རྒྱུ་བཅས་ལྡིང་ཁྲི་ཁ་ནས་ཕན་ཚུན་དྲང་དགོས། གཅིག་ཡིག་བདུན་ཚོགས་པའི་དབུར་བཞུགས་ཀྱིས་འཛིན་རྒྱུ་རྒྱང་རིང་བར་སྟབས་གང་བདེས་འཐེན། དེ་ཕྱིར་སྒབ་སྐོར་ནང་མར་ཡོད་ན་བསྐོར། དཀྱིལ་འཁོར་མཐའ་སྐོར་ལ་མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས་བཅས། དེ་རྣམས་ཕྱོགས་རེར་ཉེར་བདུན་རེ་བཀོད་པའི་བརྒྱ་རྩ་བརྒྱད་རེ། དེའི་ཕྱི་རོལ་ལའང་སྒབ་སྐོར་གྱིས་བསྐོར། འགྲམ་གྱི་ཕྱོགས་བཞིར་ཕུར་པ་བཞི། མར་མེ་བཞི། མཚམས་བཞིར་རལ་གྲི་བཞི། མདའ་དར་ཕྱོགས་མདོག་བཞི། སྟེང་གི་ཕྱོགས་བཞི་རུ་དར་བཞི། མཚམས་བཞིར་རྒྱལ་མཚན་བཞི། དེ་རྣམས་ཀྱི་གཡས་གཡོན་འཕན་རེ་རེ་སྟེ་ཁྱོན་བརྒྱད། དབུས་སུ་གདུགས་དཀར་པོ་ཞིག་ཕུབ། དཀྱིལ་འཁོར་མདུན་ནམ་ཤར་གང་བདེར་སྨན་གཏོར་རཀྟ་སོ་སོར་སྒྲོན་ཐུར་བཅས་དང་། ཆུ་གཉིས་ཉེར་བདུན་བཅས་ཕྲེང་ཚར་བཤམས། བཀའ་སྲུང་སྤྱིའི་དམར་གཏོར་དང་། དཀར་གཏོར། ཆད་ཐོ། བརྟན་མ། ཚོགས་ཀྱི་ཡོ་བྱད་སོགས་ཀྱང་བཤམས་ཟིན་པ་དང་བསྟུན། སྔགས་ཀྱི་འདོན་པའི་ཚིག་མཐར་སྔགས་བཅས་ཞི་རོལ་བྱ། འདིར་ཚོགས་ཐེངས། དེ་ནས་གྲལ་བཤམས།


SPN003_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་གསོལ་འོས་པ་རྣམས་འཁོད་ནས། ལས་རྡོར་ཞིག་གིས་ཐོད་ཆང་དང་སྒྲོན་ཐུར་བཅས་འཛིན་བཞིན། ཚོགས་པས་ཞྭ་བཅས། གཞུང་དུ་ལས་རྡོར་གྱིས་འདོན་གསུངས་ཀྱང་། སློབ་དཔོན་གྱིས་འདོན་སྲོལ་ཞིག་ཀྱང་སྣང་བས་ཅི་བདེར་འགྲེང་བཞིན་དུ། ཧཱུྃ་རྡོ་རྗེ་རྒྱལ་པོ་སོགས་ཚིག་རྐང་རེ་བསྐུལ་ནས། ཚོགས་མང་གིས་རྗེས་ཟློས་ལྟ་བུ་ཚར་རེ་བསྐུལ་ཞིང་། བསྟན་པའི་སྒྲོན་མེའི་སྐབས། སློབ་དཔོན་ལ་བདུད་རྩི་དྲངས། དབུ་ཞྭ་ཕུད་ནས་ཆང་ལ་ཞུགས་ཙམ་བྱེད། དེ་རྗེས་རྒྱལ་ཐེབས་སློབ་དཔོན་སྐབས་དེ་ལྟར་དྲངས། ཀུན་བཟང་ཡུམ་གྱི་སྐབས། ཐིག་སྣ་འཛིན་པའི་ལས་རྡོར་ལ། རྡོ་རྗེ་མཚམས་པའི་སྐབས། ཀུན་ཐུབ་འཆམས་པ་བཞི། རྡོ་རྗེ་གིང་ཆེན་སྐབས། གིང་དང་ཌཱ་ཀི། རྡོ་རྗེ་སྤྱན་མའི་སྐབས། རྒྱལ་ཐོ་བཞི། གིང་གི་ཕྱག་ཚང་སྐབས། ཆོས་ཁྲིམས་པ་དང་། མཆོད་བཤམས་པ་རྣམས་ལའོ། །རྡོ་རྗེ་བྱན་མོའི་སྐབས། མཛོད་པ། གཉེར། གསོལ་དཔོན་རྣམས་དང་མ་ཆེན་ལའོ། །གསལ་དག་ཛ་པྲ་མཁས་སྐབས། ཚོགས་མང་ལ་མཆོད་བཤམས་པ་གཉིས་ཀྱིས་དྲངས། རྡུལ་ཕྱགས་སྐྱེས་བུའི་སྐབས། འགག་པ། སྒོ་སྲུང་པ། ཐལ་སྡུད་སོགས་སོ། །རྡོ་རྗེ་ཐེག་མཆོག་སྐབས། ཡོན་བདག་རྗེ་འབངས་རྣམས་ཡོངས་རྫོགས་ལ་འདྲེན། མཐར་ཞི་རོལ་བཅས་རང་གནས་སུ་བཏང་། དེ་ནས་དངོས་སྟ་བ སྲེ་བ་ནི། སློབ་དཔོན་


SPN003_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བཞེངས་ཞྭ་བཅས། སྦུབ་ཆོལ་འབེབས་ཆེན་ལྟར་སུམ་བརྡུང་གིས། ཧཱུྃ། རང་བཞིན་ལྷུན་གྲུབ་སོགས་དང་། མཐར་འབེབས་དང་སུམ་བརྡུང་གིས། ཧཱུྃ་སྟོང་གསུམ་ཕྱོགས་བཅུ་སོགས། བྱིན་འབེབས་ཀྱི་མཐར་འུར་བརྡུང་ཞབས་སློབ་དཔོན་རྣམས་ཀྱིས་དཀྱིལ་འཁོར་ལ་བསྐོར་བ་གསུམ་བྱས། མཐར་རོལ་མོ་བཞག །ཚོགས་གྲོལ། གུང་གསེང་། དེ་ནས་ལོང་སྐབས་བསྟུན་པའི་སླར་ཡང་། བརྡའ་བསྒོ་ནས་ལས་བྱང་ལྟར་མཐར་ཆགས་འདོན་པའི། ཆོས་དབྱིངས་རོལ་པའི་མཐར་ཚོགས་ཐེངས ། དེ་ནས་བསྙེན་པ་དང་། ཚོགས་མཆོད་ནས་བཀྲ་ཤིས་ཀྱི་བར་དང་ཚོགས་ཐེངས། གཏོར་བསྔོས་སོགས་སྐབས་དང་བསྟུན། ཡང་ན་ཚོགས་མཆོད་ཕྱིན་ཆད་ནས་བཀྲ་ཤིས་ཀྱི་བར་བཏོན་པས་འཐུས། ༈ དེ་ནས་ཉིན་བསྟར་ཆགས་ཀྱི་འདོན་སྒྲིག་ལ། ཉིན་དང་པོ་དང་གཉིས་པའི་སྐབས་ཀྱང་འདི་ལྟར་ཕྱོགས་མཚུངས་རྒྱུའི། དང་པོ་ཚིག་བདུན་གསོལ་འདེབས། དེ་ནས་ན་མོ་གུ་རུ་སོགས་བརྒྱུད་འདེབས་རང་གདངས་ལྟར། ལྷོ་བྲག་གནམ་སྐས་ནས་ཐུང་དུ་བཏང་། སྙིགས་མ་ལྔ་བདོ་ནས་སླར་ཡང་ཐུང་ཞིང་མཐར་རོལ་མོ་བརྒྱ་བརྡུང་གིས་བཞག །ཐལ་མོ་སྦྱར་ལ། ན་མོ་བླ་མ་དཀོན་མཆོག་གསུམ། ཀྱེ་མ་བདག་


SPN003_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སོགས་གསུམ། ༀ་ཧྲཱིཿཔདྨ་ཏ་ཀྲིཏ་སོགས་ནས། ཐམས་ཅད་ཀྱིས་འགུགས་པའི་ཕྱག་རྒྱ་གོང་འོག་ཀུན་ལ་རིགས་མཚུངས་དགོས། ན་མོ་རྗེ་བཙུན་སོགས་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཞེས་ཁ་བསྒྱུར་ཞིང་མཐར་དྲིལ་གསིལ། མཆོད་སྔགས་རྣམས་ལ་ཕྱག་རྒྱ་དང་མཐར་ཞི་རོལ། རྡོར་ཐལ་ཁ་གྱེན་པས། ན་མཿསརྦ་སོགས་གསུམ། གང་དག་དཀྱིལ་འཁོར་སོགས། མཚམས་སུ་དྲིལ་གསིལ་དང་། མཐར་སྦུབ་ཆོལ་ཉིས་བརྡུང་དལ་བས། ཧཱུྃ། ཉོན་ཅིག་སོགས་མཐར་སྔགས་རྣམས་མཚམས་རྒྱག་ཞབས་སུ་བཏོན་པ་ཀུན་ལ་རིགས་འགྲེ་དགོས་ཤིང་། མཐར་གསང་འདུས་ལེ་བརྒྱད་དམ་གྲོ་ལོད་བགེགས་བསྐྲད་རོལ་ཆེན་རེས་མོས་སུམ་བརྡུང་མཐར་སུམ་བརྡུང་གིས། ཧཱུྃ་ང་ནི་ཐུགས་རྗེའི་སོགས། ཚོགས་པར་གུ་གུལ་སྤོས་འགྲིམ་བྱེད། མཐར་མཚམས་རྒྱག་ཞབས་སྔགས་མཐར་འུར་བརྡུང་གིས་བཞག །ཧཱུྃ་ཐུགས་རྗེའི་རང་རྩལ་སོགས། གཞན་རྣམས་ལའང་བསྐུལ་མཚམས་བཅས་སྒོ་དབྱེའི་རྒྱ་དང་། ཐལ་མོ་སྦྱར་ལ། ཧཱུྃ་འཁོར་འདས་སོགས་དང་། ཧཱུྃ་ཐུགས་རྗེའི་སོགས་མཐར་ཌཱ་དྲིལ་དང་། རོལ་ཆེན་འབེབས་བཅས་མཐར་སུམ་བརྡུང་གིས། རྣམ་དག་སྤྲོས་དང་


SPN003_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བྱིན་འབེབས། འདི་སྐབས་དང་སྤྱན་འདྲེན་རྣམས་ལ་ལས་རྡོར་གྱིས་ཞྭ་བཅས་སྤོས་ཕོར་ཐོགས་བཞིན་ཚོགས་པར་སྤོས་སྐོར་དང་། དེ་ནས་དཀྱིལ་འཁོར་ཤར་ངོས་སུ་གཡབ་དར་དང་བཅས་འགྲེང་བཞིན། སློབ་དཔོན་རྣམས་ཀྱིས་མཚམས་སུ་དྲིལ་གསིལ་དང་གཡབ་དར་གཡབ། མཐར་རོལ་མོ་འབེབས་ཀྱིས་བཞག །ཐལ་མོ་སྦྱར་ལ། ཧྲཱིཿ གསང་འདུས་ཐུགས་རྗེ་སོགས་མཐར་ཞི་རོལ། བྱིན་རླབས་སྔགས་བཞི་པོ་ལན་གསུམ་རེ། ཐལ་སྦྱར་བཅས། ཧཱུྃ་བླ་མ་གསང་འདུས་སོགས་ལན་གསུམ། ཤུདྡྷེ་ཨ་ནས་རོལ་མོ་སུམ་བརྡུང་གིས། ཧཱུྃ་སྤྲོས་མེད་ཆོས་སོགས། གདངས་ཀྱི་སྐབས་སྔགས་རྣམས་མཚམས་རྒྱག་ཞབས་འདོན། དེ་མིན་ཚིག་རྔ་བྱེད་དགོས། ས་མ་ཏི་ཧཱུྃ་མཐར་བསྐུལ་མཚམས་ཀྱིས། ཧཱུྃ། ཨེ་ལས་སྟོང་གསལ་སོགས་དང་། སྔགས་མཐར་བསྐུལ་མཚམས་ཀྱིས། ཧཱུྃ་ཧྲཱིཿ དལ་བུས་ཧྲཱིཿསོགས་གདངས་ཀྱི་ཚེ། འདབ་བཞི་འཇའ་འོད་ནས་ཐུང་དུ་བཏང་ནས་མཐར་སུམ་བརྡུང་བཅས། ཡི་གེ་དྲུག་གི་ནས་ཧྲུག་འདོན་བྱེད། སྔགས་རྣམས་མཐར་ཌཱ་དྲིལ། རོལ་མོ་འབེབས་ཆེན་དང་། མཐར་ཉིས་བརྡུང་གིས་སྤྱན་འདྲེན། ཧྲཱིཿ རྣམ་དག་བདེ་ཆེན་སོགས། མཐར་འབེབས་ཀྱིས་བཞག །ཧྲཱིཿ དམ་ཚིག་གསང་བའི་སོགས་དང་། གདན་འབུལ་གྱི་རྒྱན་


SPN003_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་བཅས། བསྐུལ་མཚམས་དང་ཐལ་སྦྱར་གྱིས། ཧྲཱིཿ ཐུགས་རྗེའི་རང་རྩལ་སོགས་དང་། བསྐུལ་མཚམས་ཀྱིས། ཧྲཱིཿ སྣང་སྟོང་ཟུང་འཇུག་སོགས། ཕྱི་མཆོད་གདངས་བྱས་ན། ཧྲཱིཿ ཐུགས་རྗེ་སོགས་ཕྱག་རྒྱའི་འགྲིགས་མཐོང་རྒྱུན་ལྟར་དང་། དེ་མིན་ཀྱང་ཐལ་སྦྱར་དགོས། མཆོད་སྔགས་མཐར་ཞི་རོལ་བཅས་བཞག། ནང་མཆོད་གདངས་བྱེད་ན་སྦུབ་ཆོལ་སུམ་བརྡུང་བྱེད། དེ་མིན་མི་དགོས། ཧྲཱིཿ ཐུགས་རྗེ་སོགས་ཚིག་རྔ་བཅས་ནས་བསྐུལ་མཚམས་ཀྱིས། ཧྲཱིཿ ཐབས་ཤེས་སོགས་མཐར་རོལ་མོ་བཞག །ནང་མཆོད་བདུད་རྩི་བཀྱེ། ཧྲཱིཿ རང་བྱུང་གདོད་ནས་སོགས་དང་། ཧྲཱིཿ རྩ་བརྒྱད་སོགས་གཉིས་ཀའི་སྔགས་མཐར་བདུད་རྩི་འཐོར། ཆོས་སྐུ་སྣང་བ་མཐའ་ཡས་སོགས་བདུད་རྩི་འཐོར་བཞིན། གདངས་ཀྱི་ཚེ་རྒྱལ་སྲས་ནས་ཐུང་དུ་བཏང་། མཆོད་དཔོན་པས་གཡས་ཀྱིས་ཐོད་ཆང་ཐོགས། གཡོན་སྒྲོན་ཐུར་གྱིས་མཆོད་ཅིང་། འོག་གི་རཀྟ་སོགས་ཀྱང་ཚིག་དང་མཐུན་པར་མཆོད་དགོས། མཐར་རོལ་མོ་ཉིས་བརྡུང་གིས། ཧྲཱིཿ སྣང་སྟོང་བདེ་ཆེན་སོགས་ནས། མཆོད་པ་རྣམས་མཐར་ཆགས་སུ་བཏོན་པའི་སྔགས་མཐར་རོལ་མོ་འབེབས་དང་སུམ་བརྡུང་གིས། ཧྲཱིཿ བདེར་གཤེགས་


SPN003_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གདངས་ཀྱི་ཚེ། ཐུགས་སྲོག་ཡེ་ཤེས་ནས་ཐུང་དུ་བཏང་མཐར་འབེབས་དང་ཉིས་བརྡུང་གིས། ཧཱུྃ་ཆོས་དབྱིངས་རོལ་པའི་མཐར་འབེབས་ཀྱིས་བཞག །ཚོགས་ཐེངས ། ཧྲཱིཿ གསང་འདུས་སོགས་དང་། སློབ་དཔོན་གྱིས་གཟུངས་ཐག་འཛིན་ལ་བསྙེན་པ་ཡིག་བདུན་ཕྲེང་སྐོར་གསུམ་གྱི་མཚམས། རྒྱལ་ཐོ་དང་སྒོ་བྱང་གསོ་བར་བཏང་། དེ་ནས་བསྙེན་པ་སྟོང་ཚོ་ལྔ་ཙམ་བཟླ་ཞིང་སྔགས་རིང་ཉེར་གཅིག་བཅས། འདི་སྐབས་རྒྱལ་ཐེབས་ཞིག་གིས་སྔགས་ཆས་སྤྲས། ཚོགས་པར་ཞྭ་གཏད། ཉུ་ལེའི་ཆས་གྲལ་མདོར་བཀོད། སླར་ཞག་བཞི་ལྔའི་མཚམས་ཡིག་བདུན་ལ་སྔགས་ཤམས་སྦྱར་རྒྱུ་དེའང་ཉེར་གཅིག་ཙམ་བཟླའོ། །མཐར་ཐལ་མོ་སྦྱར་ལ་དྲིལ་གསིལ་བཅས་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་ཚར་གསུམ་དང་། ཧཱུྃ་ཡེ་ཤེས་ལྷ་ཚོགས་མཐར་ཞི་རོལ། སྤོས་སྣ་བཅས། རྒྱལ་ཐེབས་བྱོན་ནས་ཚོགས་འདབས་ཁྲིའུ་ཁར་བཞུགས། ཚོགས་པ་རྣམས་ཞྭ་བཞེས་ལ། ཨེ་ཡཾ་སོགས་ནས་དགུག་གཞུག་གསུམ་ལ་རོལ་མོ་དྲག་འབེབས་བཅས་མཐར་སུམ་བརྡུང་གིས། ཧཱུྃ་ཆོས་དབྱིངས་སོགས། ཕྲིན་ལས་མཛོད་ནས་དྲིལ་གསིལ་དང་མཚམས་རྒྱག་གིས་ཕུར་པ་འཛིན་བཞིན། ཧཱུྃ། ང་ནི་པདྨ་སོགས་ནས་མཚམས་རྒྱག་ཞབས།


SPN003_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བཛྲ་མ་ཧཱ་སོགས་དྲིལ་གསིལ་བཅས་མཐར་ཕུར་པ་གདབ། རོལ་མོ་འབེབས་མཐར་དགུ་བརྡུང་འཐེང་པོ་ཐོག་མར་ཛབ་གཉིས་བཅས་ལན་གཉིས་ཀྱིས། ཧཱུྃ་ཤར་ཕྱོགས་སོགས། འདི་སྐབས་ཆབ་བཀྱེ། ས་མ་ཡའི་བར་མཚམས་རྒྱག་ཞབས། ཉུ་ལེ་བསྐྲད་སྔགས་རྣམས་བཏོན་མཐར་འབེབས་ཀྱིས་བཞག །དེ་འཕྲལ་སློབ་དཔོན་རྣམས་ཞྭ། ཆོས་གོས། རྡོར་དྲིལ། གཡབ་དར། སྤོས་སྣ་བཅས། ཚོགས་མང་ཡང་བཞེངས་ལ་དཀྱིལ་འཁོར་ལ་ཕྱོགས་པས་རོལ་ཆེན་འབེབས་མཐར་སུམ་བརྡུང་གིས། ཧཱུྃ། སྟོང་གསུམ་ཕྱོགས་བཅུ་སོགས་གདངས་ཀྱི་སྐབས། ཁྲོ་ཚོགས་ཧཱུྃ་སྒྲ་ནས་ཐུང་ཞིང་མཐར། སྐུ་གསུང་ཐུགས་ནས་རིང་དུ་བཏང་ཞིང་མཐར་སུམ་བརྡུང་དང་འབེབས། སློབ་དཔོན་རྣམས་ཀྱིས་བསྐོར་བ་གསུམ་གྱི་ཚེ་སུམ་བརྡུང་ཁོ་ན་བྱེད་མཐར་འབེབས་ཀྱིས་བཞག །ཚོགས་གུང་གསེང་། ཡར་འཚོགས་ལ་བརྡའ་བསྒོ། ཧཱུྃ། ཐུགས་རྗེའི་རང་རྩལ་ནས་ཐུན་ལྟར་གྱིས་ལས་བྱང་གཞུང་བསྲང་། ཚོགས་ཐེངས་ཡང་སྔར་བཞིན། ཛབ་བསྙེན་ཕྲེང་སྐོར་གསུམ་གྱི་མཚམས། ཆ་གསུམ་འདོན་བར་བཏང་། འདི་སྐབས་ཐུན་དང་པོའི་དབུ་འཛུགས་བུམ་འཛིན་བླ་མ་དང་། ཐུན་པ་རྣམས་ཀྱིས་རོལ་མོ་འབེབས་དང་


SPN003_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་བརྡུང་གིས། ན་མོ། བླ་མ་སོགས་ནས་དབང་འདུས་བསམ། མཐར་རོལ་མོ་འབེབས་ཀྱིས་བཞག །ཡིག་བདུན་བསྙེན་ཞིང་། དགོངས་ཐུན་སྐབས་དྲེགས་པ་ཚར་གཅོད་ཀྱང་བཏོན་ལ་བསྙེན་པའི་མཐར་ཕཊ་སྦྱར་བ་ཕྲེང་སྐོར་ཙམ་བཏོན་དགོས། ཚོགས་མང་གིས་བསྙེན་པ་སྟོང་ཚོ་ལྔ་དང་སྔགས་རིང་ཉེར་གཅིག །སྔགས་ཤམ་འདོན་སྐབས་ཉེར་གཅིག་བཅས་སྔར་ལྟར་དགོས་ཤིང་། ཚོགས་ཐེངས། སྟག་ལྤགས་སྟེང་དུ་ཚོགས་ཀྱི་ཡོ་བྱད་རྣམས་བཤམས་ལ། ཡར་འཚོགས་འཕྲལ་ལས་རྡོར་གྱིས་ཕྱག་གསུམ་བཅས་ཐལ་མོ་སྦྱར་ལ། ཧོ་དགོངས་སུ་གསོལ་ལོ་སོགས་ཀྱིས་སྙན་གསན་དབབ། སློབ་དཔོན་འདུས་པ་བཅས་ཀྱིས། ཨེ་མ་ཧོ། སོགས་ནས་མཐར་སིལ་སྙན་འབེབས་དང་སུམ་བརྡུང་གིས། ཧྲཱིཿ རྡོ་རྗེ་ལྟ་བུ་སོགས་ཚིག་དང་བསྟུན་པའི་མེ། རླུང་། ཆུས་བསང་ཞིང་གདངས་ཀྱི་ཚེ་སུམ་བརྡུང་གིས། ཧྲཱིཿ རྡོ་རྗེ་ལྟ་བུ་སོགས་ནང་མཆོད་བདུད་རྩི་བྲན། སྔགས་མཐར་རོལ་མོ་འབེབས་དང་སུམ་བརྡུང་གིས། ཧྲཱིཿ ཆོས་སྐུ་སྐྱེ་མེད་སོགས། གདངས་ཀྱི་ཚེ་འདི་ནས་སྣ་ཚོགས་རི་ནས་ཐུང་ངུ་བཏང་། འདི་སྐབས་ཚོགས་ཕུད་སྨན་གཏོར་དྲུང་དུ་ཕུལ། བདུད་རྩིས་བྲན། མཐའི་ཚིག་གཅིག་རིང་བར་བྱེད་ནས་སུམ་བརྡུང་དང་འབེབས་མཐར་བཞག །


SPN003_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་དཔོན་པས་ཚོགས་དང་པོ་ཞུ། ཧྲཱིཿགསང་བ་མཆོག་གི་མཐར་ཞི་རོལ་གྱིས་བཞག །ཚོགས་བར་པ་ཞུ། ཚོགས་བར་པ་སྨན་གཏོར་དྲུང་དུ་ཕུལ། བདུད་རྩིས་བྲན། རྃ་ཡྃ་ཁྃ་སོགས་དང་། འབྲུ་གསུམ་ལན་གསུམ། རོལ་མོ་འབེབས་དང་སུམ་བརྡུང་གིས། ཧྲཱིཿ རིགས་ཀྱི་བདག་པོ་སོགས་གདངས་ཀྱི་ཚེ། ཁྱད་པར་དབང་གི་ནས་ཐུང་དུ་བཏང་། བཀའ་སྲུང་གཏེར་སྲུང་ནས་རིང་དུ་བཏང་མཐར་སུམ་བརྡུང་དང་། སྤྱན་གྱི་དབང་པོ་སོགས་ནས་ཧྲུག་འདོན་མཐར་འབེབས་ཀྱིས་བཞག །ཐལ་མོ་སྦྱར་ལ་སྨྲེ་བཤགས། ཐུགས་རྗེ་ཆེན་པོ་ནས་རྒྱལ་བའི་ལྷ་བར་ལས་ཕུར། གཡབ་དར། ཚོགས་ཐ་མ་ཁྲག་རྒོད་བྲན་པ་བཅས་སློབ་དཔོན་མདུན་དུ་བཞག། ཧྲཱིཿ བླ་མ་ཡི་དམ་ནས་སྔགས་མཐར་ཞི་རོལ་གྱིས་བཞག །ཚོགས་ཐ་མ་ཞུ། སྦུབ་ཆོལ་འབེབས་བཅས་བདུན་བརྡུང་འཐེང་པོ་ཐོག་མཐར་འཛག་གཉིས་ཅན་གྱིས་ཟློག་གདངས་ཁུག་མས། ཧྲཱིཿ སྟོང་གསུམ་འཇིག་རྟེན་སོགས་དང་། མཐའི་ཚིག་གཅིག་རིང་ཞིང་། རོལ་ཚིགས་སྔོན་ལྟར་འབེབས་ཀྱིས་བཞག །ༀ་ཧྲཱིཿ པདྨ་ཏ་ཀྲིཏ་དང་། དགུག་གཞུག་ཚར་གཅིག །མཐར་དྲག་འབེབས་བཅས་དགུ་བརྡུང་མཐར་འཛག་གཉིས་བཅས། ཧཱུྃ་ང་ནི་རབ་འཇིགས་སོགས། ཕུར་སྐོར་བཅས་དྲིལ་གསིལ་དང་། མཐར་མཚམས་རྒྱག་ཞབས་སྔགས་མཐར་འབེབས་དང་། ཕུར་པ་གདབ། སླར་བདུན་བརྡུང་འཛག་མེད་གཉིས་ཀྱིས། ཧཱུྃ།


SPN003_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེས་ཤིག་སོགས་དང་། ཚོགས་ཐ་མ་སྨན་གཏོར་དྲུང་དང་། བཀའ་སྲུང་འབུལ་གཏོར་གཉིས་ལ་གསོ་བྲན་བྱས། མཐར་རོལ་མོ་འབེབས་ཀྱི་ཞབས་གཏོར་མ་གཉིས། ཨ་ཀཱ་རོས་བྱིན་རླབས་དང་སུམ་བརྡུང་འཛག་མེད་ཀྱིས། ཧཱུྃ། སྒྲུབ་པ་ལུང་གི་སོགས་སོ་སོར་གདངས་གང་འོས་སྔགས་རྣམས་ཚིག་རྔ་དང་བཅས་མཐར་བསྐུལ་མཚམས། བྷྱོཿ འོག་མིན་སོགས་མཐར་བསྐུལ་མཚམས། ཀྱཻ། ཛཾ་གླིང་ཉི་མ་སོགས་སྔགས་ཚིག་རྔ་དང་བཅས། ཧཱུྃ། དམ་ཅན་སྐྱེས་བུ་སོགས་སྔགས་རྣམས་ཚིག་རྔ་བཅས། ཧཱུྃ་དམ་ཅན་སོགས་ནས་བསྐུལ་མཚམས། ཧཱུྃ་ཡང་ཅིག་བཞེངས་སོགས་མཐར་བསྐུལ་མཚམས། ཀྱཻ། ཡ་ཀི་སོགས་སྔགས་ཚིག་རྔ་བཅས་དམར་གཏོར་ཕུལ་ཞིང་རོལ་མོ་འབེབས་མཐར་སུམ་བརྡུང་གིས། ཧཱུྃ། གླིང་བཞི་བྱང་ཕྱོགས་སོགས་བསྐུལ་མཚམས། བྷྱོཿ བསིལ་བ་ཚལ་སོགས་ནས་སྔགས་མཐར་དཀར་གཏོར་ཕུལ་ཞིང་། རོལ་མོ་འབེབས་ཀྱིས་བཞག །ལས་རྡོར་གྱིས། ཀྱཻ་དཔའ་ཆེན་པོ་སོགས་དང་། སློབ་དཔོན་འདུས་པ་བཅས་པས། ཨ་ལ་ལ་སོགས་ཚོགས་ལ་རོལ། ཐལ་མོ་སྦྱར་ལ། ཧྲཱིཿ བླ་མ་ཡི་དམ་སོགས་ལེ་ཚན་གཉིས་དང་། དེ་ནས་ཞབས་བརྟན་འདོན། གྲལ་


SPN003_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་སྟག་ལྤགས་བཏིང་། དེ་སྟེང་འབྲུའི་ཚོམ་བུ་བཀོད་པའི་སྟེང་མང་ལྷག་བཞག །དེ་སྟེང་རྐང་གསུམ་ཁར་གཙང་ལྷག་བཤམས་པའི་ཁར་སྨན་གཏོར་ནས་སྐྱུ་གུ་གཅིག་ཕབ་ལ་དེར་བཀོད། བདུད་རྩིས་བྲན། ཧྲཱིཿ དབང་ཆེན་སོགས། སྔགས་མཐར་འབེབས་དང་སུམ་བརྡུང་གིས། ཧྲཱིཿ དང་པོ་ལ་སོགས་ནས། ཐ་མ་གཅིག་ཏུ་ཟེར་སྐབས། གཙང་ལྷག་ནས་ཅུང་ཟད་མང་ལྷག་ཏུ་བསྲེ། ཡར་ཡང་ཅུང་ཟད་དུ་བསྲེ། དེ་ནས་གཙང་ལྷག་མང་ལྷག་ཏུ་བཏབ་ལ། ལས་རྡོར་གྱིས་གཡས་སྒྲོན་ཐུར་གྱིས་བདུད་རྩི་དང་གཡོན་ལྷག་མ་བཏེགས་ལ་སློབ་དཔོན་དྲུང་དུ་འགྲོ་བའི་ལྷག་མ་ཁ་ཆུས་ཟེར་སྐབས། སློབ་དཔོན་གྱིས་མཁའ་གསང་རྒྱས་བདུད་རྩི་ལྷག་མར་བླུགས་ལ་སྔར་ལྟར་ཕྱིར་བཞག །གདངས་ཀྱི་ཚེ་སུམ་བརྡུང་དང་དགུ་བརྡུང་འཛག་བཅས་ཀྱིས། དཔལ་གྱི་བཀའ་ཉན་སོགས་ལྷག་གཏོར་དཀྱིལ་འཁོར་འོག་བྱང་ཤར་དུ་ཟངས་སྣོད་དུ་བསགས་ལ་བཞག །རོལ་མོ་དགུ་བརྡུང་འཛག་བཅས་ཀྱིས་མཐར་འབེབས་དང་སུམ་བརྡུང་གིས། ཧཱུྃ་ཧྲཱིཿ མ་བཅོས་གདངས་གྱི་ཚེ། འགྲོ་འདུལ་ནས་བསྐུལ་མཚམས་གདངས་ཐུང་དུ་བཏང་མཐར་འབེབས་ཀྱིས་བཞག །ཆད་ཐོའི་རྒྱུན་གཏོར་ལ་དགུག་གཞུག་རོལ་མོ་དྲག་འབེབས་དང་སུམ་བརྡུང་དལ་བ་བཅས། ཧཱུྃ་ཧྲཱིཿ སྔོན་ཚེ་


SPN003_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། གདངས་རྣམས་སྐབས་བསྟུན་རོལ་མོ་དེ་ལྟར་དང་། མཐར་འབེབས་དང་རོལ་ཆེན་གང་རུང་། གཏོར་མ་ཕུལ་ལ་བཤལ་ཆུ་བརྟན་མའི་གཏོར་མར་བླུག་ཅིང་དགུ་བརྡུང་འཐེང་པོ་འཛག་མེད་བཅས་ཀྱི་མཐར། ཧྲཱིཿ དགུང་སྔོན་སོགས་མཐར་དགུ་བརྡུང་གོང་ལྟར་འབེབས་བཅས་གཏོར་མ་བཤལ་ཆུ་ཕུལ། རོལ་མོ་བཞག །གཏོར་སྣོད་སྦུབ་ལ་རྡོ་རྗེས་མནན། དགུག་གཞུག་ལ་གཏོར་གཞོང་རི་རབ་སོགས་འདོན་པ་བསྒྱུར། རོལ་མོ་དྲག་འབེབས་མཐར་བཞག །ཧྲཱིཿ ཐུགས་རྗེ་འགྲོ་འདུལ་སོགས། གཏོར་གཞོང་རྣམས་ཁ་གྱེན་པས་རྣལ་འབྱོར་སོགས་དང་། མཐར་མེ་ཏོག་འཐོར། ཐལ་སྦྱར་དྲིལ་གསིལ་བཅས། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་སྦྲེལ་མ་ལན་གསུམ། ཧྲཱིཿ བདག་ཉིད་སྒྱུ་མ་སོགས་དང་། བསྐུལ་མཚམས་དང་ཐལ་མོ་སྦྱར་ལ་བླ་མ་དཀྱིལ་འཁོར་སོགས་མེ་ཏོག་འཐོར་ཞིང་བཀྲ་ཤིས། དངོས་གྲུབ་ཀུན་གྱི་སོགས་དྲིལ་གསིལ་བཅས། རྗེས་ཀྱི་སེར་སྦྲེངས་ཆེད་འདི་སྐབས་ཚོགས་པར་ཞྭ་བཀྱེ་མཐར་ཞི་རོལ་བཅས་བཞག །རྒྱལ་བ་རབ་འབྱམས་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་སོགས་དང་། ཚོགས་གུང་གསེང་སྐབས་བསྟུན་བྱའོ། །འདི་སྐབས་མཆོད་དཔོན་པ་རྣམས་ཀྱིས་ཕྱི་ཁྱམས་ལ་ཉུལ་ལེའི་


SPN003_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ལིངྒ་ཧམ་ཁུང་དུ་བཅུག་པ་དང་། རྡོ་ཐུན་དང་། ལས་ཕུར་བཞི། ཕུར་གདན་བཅས་ཁྲིའུ་ལྔ་སོགས་བཀོད་ཅིང་། སེར་སྦྲེངས་ཀྱིི་ཆས་རྣམས་ཀྱང་བསྒྲིག །ཀུན་ཐུབ་བཞི། གིང་གཉིས། ཌཱ་ཀི་གཉིས་བཅས་ཀྱི་འཆམས་ཆས་བསྒྲིག །རྒྱལ་ཐེབས་བཞིས་ཀྱང་ཕོད་ཀ་ཞྭ་ནག་གསོལ། རྡོར་དྲིལ་གཡབ་དར་བཅས། ཚོགས་པ་འདུས་ལ་ཞྭ་བཅས་རོལ་མོ་འབེབས་དང་སུམ་བརྡུང་ཁོ་ནས་སེར་སྦྲེངས་གཤར་ལ་རྡོ་ར་འཁོར་བ་དང་རོལ་མོ་འབེབས་ཀྱིས་བཞག །སློབ་དཔོན་རྣམས་ཁྲིའུ་ཁར་བཞུགས། ལིངྒ་ཆུས་བྲན། ཨེ་ཡཾ་ཛྭ་ལ་སོགས་ནས་དགུག་གཞུག་རོལ་མོ་དྲག་བརྡུང་ལན་གསུམ་རྗེས་མའི་མཐར་འབེབས་དལ་རན་གྱིས་འཆམས་པ་རྣམས་ཟིམ་འགྲོས་སུམ་བརྡུང་ཁོ་ནས་རྡོ་ར་འཁོར་བ་འབེབས་ཀྱི་མཐར་བདུན་བརྒྱད་མ་ལན་གསུམ་དང་སུམ་བརྡུང་གཅིག་དང་ལྔ་བརྡུང་གིས། ཧཱུྃ་ཆོས་ཀྱི་དབྱིངས་ལས་སོགས། དབྱངས་ཀྱི་སྐབས་དུར་ཁྲོད་ཆེན་པོ་ནས་སུམ་བརྡུང་གཅིག་དང་ལྔ་བརྡུང་གིས། ཤིན་ཏུ་མི་བཟད་ནས། ཕྲིན་ལས་མཛོད་བར་སུམ་བརྡུང་གཅིག་དང་ལྔ་བརྡུང་། ཧཱུྃ་ང་ནི་པདྨ་སོགས། དུས་ལ་བབས་ནས་སུམ་བརྡུང་གཅིག་དང་ལྔ་བརྡུང་། གཡས་ཀྱི་ཕྱག་ན། རྡུལ་དུ་རློག་སུམ་བརྡུང་གཅིག་ལྔ་བརྡུང་བཅས། ༀ་བཛྲ་མ་ཧཱ་


SPN003_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཧཱུྃ་ཕཊ་ནས་འབེབས་དལ་བའི་ཚེ་འཆམས་པ་རྣམས་ཀྱིས་ལིངྒ་བསྒྲལ། ཐུན་རྡེག །དེ་ནས་རྒྱལ་ཐབས་རྣམས་ཀྱིས་ཕུར་པས་ལིདྒ་བསྒྲལ། ཐུན་བརྡེག །དེ་ཚེ་འཆམས་པ་རྣམས་རྡོ་ར་འཁོར་བ་དང་བསྟུན་བདུན་བརྡུང་ལན་གསུམ་དང་། དགུ་བརྡུང་དལ་བ་གཅིག་དང་། སླར་ཡང་དགུ་བརྡུང་བྲེལ་ཙམ་རེ་རེས་འཆམས་བསྡུ། མཐར་འབེབས་དང་དགུ་བརྡུང་འཐེང་པོ་ལན་གཉིས་ཀྱིས། ཧཱུྃ། ཤར་ཕྱོགས་དཀར་པོ་དབྱངས་དང་ལན་ཕྲན་ཅན་ནས་དགུ་བརྡུང་འཐེང་པོ་གཉིས། སྤྱན་རྩ་དམར་ཟླུམ་ནས། གོ་སྐབས་འབྱེད། ཡང་དགུ་བརྡུང་འཐེང་པོ་གཉིས་བུ་ཡུག་ཐོག་འབེབས་ཕྱིན་ཟློག་གདངས་འཁྱིལ་མ་བྱ། དཔལ་གྱི་ཕོ་ཉའི་སྐབས་ཚིག་རྐང་མཚམས་རྒྱག །འཆམས་དཔོན་པས་འདོབ་མཆོང་གཅིག་བྱ། ས་མ་ཡཱཿ དགུ་བརྡུང་འཐེང་པོ་གཉིས་མཐར་འབེབས་ཀྱི་སྐབས་འཆམས་པ་རྣམས་ལམ་འགྲོས་སུམ་བརྡུང་གིས་རྡོ་ར་འཁོར་བ་དང་དེ་རྗེས་རྒྱལ་ཐེབས་རྣམས་ཀྱང་འབྱོན་ལ་སྒྲུབ་ཁང་དཀྱིལ་འཁོར་ལ་བསྐོར་བ་གཅིག །ཉུལ་ལེ་བསྐྲད་སྔགས་འདོན་ཞིང་རྡོ་ཐུན་བྲབས། ཕྱིར་འཁོར་བ་དང་། རྒྱལ་ཐེབས་རྣམས་རང་གནས་དང་། འཆམས་པ་རྣམས་རྡོ་ར་འཁོར་བསྟུན་རོལ་མོ་འབེབས་དང་བདུན་བརྡུང་ལན་གསུམ་


SPN003_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བརྡུང་དལ་རན་བཞི། དགུ་བརྡུང་དལ་བ་གཅིག །སླར་ཡང་བཞི་བརྡུང་བྲེལ་ཙམ་བཞི་དང་། དགུ་བརྡུང་རེས་འཆམས་བསྡུ་ཐོན་ནས་འབེབས་དང་སུམ་བརྡུང་གིས་སེར་སྦྲེངས་སྒྲུབ་ཁང་ལ་འབྱོན། འབེབས་དལ་རན་དང་སུམ་བརྡུང་གིས་བྱིན་འབེབས་བཏོན། མཐར་སློབ་དཔོན་རྣམས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ། མཐར་འབེབས་ཀྱིས་བཞག །ཆས་རྣམས་བསྡུ། ཚོགས་གྲོལ། ཡར་འཚོགས་ཆོས་སྐྱོང་སྐོང་གསོལ་བཏོན་ལ་གྲོལ། དགོང་མོར་རྒྱ་གླིང་དང་རག་དུང་སུམ་བསྒྲིགས། འདི་སྐབས་མཚན་ཐུན་དང་པོ་བྱ། ནམ་གུང་ཐུན་གཉིས་པ། ཐོ་རངས་ཐུན་གསུམ་པ་བཅས། སྐྱ་རེངས་ཤར་སྐབས་དུང་གླིང་སུམ་བསྒྲིགས་བཏང་། རི་རྩེར་ཉི་ཤར་ལ་འཚོགས། ཉིན་ཐུན་དང་པོ། དེ་བཞིན་ཚོགས་ཐེངས་རེ་དང་ཐུན་བར་བཅས་ལ་ཐུན་པ་རྣམས་བརྗེ་དགོས། གྲོལ་ཉིན་མཚན་ཐུན་གཉིས་པའི་ཕྱེད་ཙམ་ཟིན་དུས་འཚོགས་ལ། ཉིན་ལྟར་གྱི་ལས་བྱང་བཏོན་ཞིང་བསྙེན་པའི་མཐར་ཚོགས་དང་བཀའ་སྲུང་བཏོན་མཐར་རོལ་མོ་བཞག་ནས། དཀྱིལ་འཁོར་ཤར་དུ་སྟེགས་བུའི་ཁར་དངོས་གྲུབ་ཀྱི་རྫས་འབྲང་རྒྱས་ལ་དཀར་གསུམ་མངར་གསུམ་ཟས་སྣས་བསྐོར་བ་མཆེད་ལྕམ་གྲངས་མཉམ་ལ་


SPN003_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དར་མཐིང་ནག་དང་དམར་པོ་བཀབ། མངར་གསུམ་གྱིས་སྦྲུས་པའི་ཟན་རིལ་དང་། བསེ་ཕོར་དུ་བུར་ཆང་། གཞན་ཡང་ཟས་སྣ་བཅས་བཤམས་ལ། སུམྦྷ་ནི་གསུམ་གྱིས་བགེགས་བསྐྲད། གུ་གུལ་བདུག །ཡུངས་ཀར་བྲབ། རྫས་ཀྱི་སྟེང་གཟུངས་ཐག་བཞག་ལ་སློབ་དཔོན་གྱིས་འཛིན། བདག་ཉིད་ཡི་དམ་སོགས་ནས་ཐིམ་པར་གྱུར་བར། ཐམས་ཅད་ཀྱིས་ལག་གཡོན་མཐེབ་སྲིན་སྦྱར། གུང་མཛུབ་གཉིས་བསྒྲེང་ལ་རྟ་མགོའི་ཚུལ་དང་། གཡོས་ཕྲེང་བ་འདྲེན་ལ་ཡིག་བདུན་དང་། ཀཱ་ཡ་སིདྡྷི་སོགས་ཉེར་གཅིག་གི་མཚམས། སློབ་དཔོན་བཞེངས་ལ། ཧཱུྃ། བདེར་གཤེགས་མ་ལུས་སོགས། སློབ་དཔོན་རང་གི་སྤྱི་བོར་ལྷ་སྐུ་བཞག་ལ་དབང་ལེན། སྔགས་བསྒྲིགས་འདོན་གྱིས་ཚོགས་ལའང་འགྲིམ། དེ་ལྟར་འདོན་པའི་གོ་རིམ་ལྟར་བར་གྱི་སྔགས་རྣམས་བཏོན་ལ། སྔགས་བྱང་མགྲིན་པར། ཤེལ་རྡོ་མེ་ལོང་སྙིང་ཁར། རྒྱ་གྲམ་ལྟེ་བ་བཅས་ལ་བཞག་པར་བྱའོ། །དེ་འཕྲལ་ཚོགས་དྲངས་ཤིང་ཞབས་བརྟན་སོགས་བཏོན་ལ། སློབ་དཔོན་གྱིས་ལས་བུམ་བསྐྱེད་བཟླས་གནང་། ཚོགས་གྲོལ། སྐབས་འདིར་སློབ་མར་སྨིན་བྱེད་དབང་བསྐུར་བྱ་སྟེ། སློབ་མ་རྣམས་འཚོགས་ཟིན་ནས། དང་པོ་སློབ་


SPN003_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་འདུས་པ་བཅས་ཀྱིས། ༀ་ཧྲཱིཿཔདྨནྟ་ཀྲིཏ་སོགས་སྔོན་འགྲོ་གཞུང་ལྟར། ཉོན་ཅིག་མ་སོགས་བགེགས་བསྐྲད་མཐར་གུ་གུལ་སྤོས་སྐོར་དང་། མཚམས་གཅོད་བཅས་རྔ་རོལ་ཉིན་ལྟར་བྱ། ཁྲུས་ཆབ་བཏང་། མཎྜལ་བཀྱེ་བསྡུ། སློབ་དཔོན་གྱིས་དབང་བཤད་གསུངས་མཚམས་མཎྜལ་ཕུལ། གསོལ་གདབ་རྗེས་གནང་རྣམས་དང་དམ་ཆུ་བཅས། སློབ་དཔོན་དབང་འགྲིམ་སྐབས་རྒྱ་གླིང་བཏང་། བྱིན་འབེབས་སྐབས་སྤོས་འགྲིམ་རོལ་ཆེན་བཅས། རྣམ་དག་སྤྲོས་བྲལ་དབྱངས་དང་མཐར་རོལ་མོ་འབེབས་བཅས་བཞག །གཏོར་དབང་རྣམས་སོ་སོར་བསྐུར་མཐར། རིལ་བུ་བུམ་ཆེན་གྱིས་དབང་བསྐུར། དེ་ཚེ་སྔགས་རིང་དཔོན་སློབ་རྣམས་ཀྱིས་མཉམ་འདོན་བྱ། རྒྱལ་ཐེབས་ཞིག་གིས་རིལ་བུ་གསུམ་རེ་གནང་ཞིང་། ལས་རྡོར་གྱིས་རྣམ་རྒྱལ་བུམ་ཆུ་བཀྱེ། དེ་ཚེ་སྤྲོ་ན་རིལ་བུའི་ཕན་ཡོན་བཤད། དེ་ནས་ཐོད་པའི་དབང་ཡང་བསྐུར་ཞིང་། དམངས་ལ་ལས་རྡོར་གྱིས་བདུད་རྩི་བཀྱེ། ཤེལ་རྡོ་མེ་ལོང་སྔགས་བྱང་སྒྲོ་མདོངས་དབང་དང་། རིག་པའི་རྩལ་དབང་། སླར་ཡང་གཏོར་དབང་བཅས་བསྐུར་མཐར་སྔགས་རིང་མཉམ་འདོན་བྱ། བཟླས་ལུང་དང་དམ་ཚིག་ཁས་ལེན། མཎྜལ། དེང་ནས་བརྩམས་དང་།


SPN003_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་འདི་ཡིས་སོགས་མཐར། ཚོགས་པ་རྣམས་ཐལ་མོ་སྦྱར་ལ། ཧཱུྃ། བྱམས་མགོན་ཐུགས་རྗེ་སོགས་རྒྱུན་གདངས་དང་། ནམ་མཁའི་མཐའ་དང་སོགས་བདེ་སྤྱོད་ཀྱིས་བཀབ་ལ། རིན་ཆེན་གཏེར་གྱི་ནས་བསྐུལ་མཚམས་ཐུང་དུ་བཏང་བས་འདི་སྐབས། དངོས་གྲུབ་རྫས་རྡོར་རྒྱལ་འདུས་པ་བཅས་ལ་དྲངས་ཞིང་། སློབ་མའི་གཙོ་བོ་རྣམས་དང་། དམངས་བཅས་ལའང་། དངོས་གྲུབ་རྫས་དང་ཚོགས་རྫས་ཀྱང་བཀྱེ་བ་དང་བསྟུན་རྒྱུན་གདངས་ཀྱིས། དགོངས་ཤིག་ཐུགས་རྗེ་སོགས་ཚར་གསུམ་མམ་ལྔ་བདུན་བསྐྱར་ཞིང་འདོན་མཐར་སྔགས་དང་བཅས་ཞི་རོལ་ལྡིར། སློབ་མ་གྲོལ། ཚོགས་ཐེངས་བྱ། ཡར་འཚོགས་ལ་གིང་པ་གཉིས་ཆས་སྤྲས་ནས་དཀྱིལ་འཁོར་རྒྱབ་ངོས་སུ་འདུག་ལ། སྔོན་དཀྱིལ་འཁོར་འོག་ཏུ་བསགས་པའི་ལྷག་མ་གྲལ་མདོར་བཤམས་ལ། ལྷག་གཏོར་བཏང་མཐར་རོལ་མོ་འབེབས་རིང་ཙམ་དང་བཤུག་པ་བཅས། དེ་ཚེ་གིང་པས་གར་དང་བཅས་ཕྱི་རོལ་རྒྱང་རིང་པོར་ལྷག་མ་བསྐྱལ། དེ་ནས་བསྐུལ་དང་དགུག་གཞུག་ཆད་ཐོ་བརྟན་སྐྱོང་གཏོར་བྲོ་མཐར་ཚོགས་གྲོལ། ཡར་འཚོགས་ལ། ཧཱུྃ་བྷྲཱུྃ་བཛྲ་སོགས་སྔགས་རྣམས་ཉེར་གཅིག་རེ་བཟླས་ལ། དེ་ཚེ་སློབ་མ་རྣམས་གྲལ་འཁོད་གྲུབ་པ་དང་། ཧཱུྃ།


SPN003_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་མགོན་པོ་སོགས་གདངས་དང་འདོན་བྱ་བསྟུན་པའི་བསྐུལ་མཚམས་བྱ། སློབ་དཔོན་གྱིས་མདའ་དར་གཡབ། དྲིལ་གསིལ་དང་བཅས། ༀ་བྷྲཱུྃ་བཛྲ་ཨཱ་ཡུཿཥེ་ཉེར་གཅིག་དང་། ཧཱུྃ། ནམ་མཁའི་དབྱིངས་ནས་སོགས་སྔར་ལྟར། ༀ་ཏྲ་ཏྲ་ཤག་འདོན་ཚེ་མདའ་དར་སྤྱི་བོར་འགྲིམ་ལ། ཧཱུྃ་སྟོང་ཉིད་བརྟན་པར་སོགས། སྔགས་དང་བསྟུན་པའི། ཚེ་གཏོར་སྤྱི་བོར། དཔྲལ་བར། རྣ་ལྟག་གཡས། ལྟག་པར། རྣ་ལྟག་གཡོན་བཅས་ལ་བཞག་ཅིང་འགྲིམ། རྒྱལ་ཐེབས་ཀྱིས་ཚེ་ཆང་དྲངས། ལས་རྡོར་གྱིས་ཚེ་རིལ་བཀྱེ། གྲལ་ལ་འཁོད་ནས། ཧཱུྃ་དེ་ལྟར་ཚེ་བསྐུལ་སོགས་མདའ་དར་གཡབ། སྐུ་ཡི་སྐུ་སོགས་མེ་ཏོག་འཐོར་ཞིང་མཐར་ཞི་རོལ་བྱ། སྦྱིན་པ་བཏང་ཞིང་སོགས། སློབ་མ་གྲོལ། དེ་ནས་རྗེས་ཆོག །ཧྲཱིཿ ཆོས་སྐུ་སྐྱེ་མེད་སོགས་དང་། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་སྦྲེལ་བ་ཚར་གསུམ། ཡེ་ཤེས་ལྷ་ཚོགས་གནས་འདིར་སོགས་མཐར་རྡོ་རྗེ་བསྡུ་བའི་རྒྱ་དང་། ཧྲཱིཿ བདག་ཉིད་སྒྱུ་མ་སོགས། ཚོགས་གྲོལ། དེ་ནས་རྒྱལ་ཐོ་བསྡུ་ཆས་ཟླུམ་གཏོར་དང་། མཆོད་པ་སོགས་ལས་རྡོར་གཉིས་ཀྱིས་རེས་མོས་བྱེད་ལ་རོལ་མོ་དང་བཅས་སེར་སྦྲེངས་གཤར་མཐར་རོལ་མོ་བཞག །རྃ་ཡྃ་ཁྃ་དང་འབྲུ་གསུམ་ལན་གསུམ། སུམ་


SPN003_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུང་འཛག་མེད་ཀྱིས། ཧཱུྃ་རྒྱལ་པོ་ཆེན་པོ་སོགས་གདངས་དང་མཐར་རོལ་མོ་འབེབས་ཀྱིས་བཞག །གཏོར་སྔགས་ཚར་གསུམ། ཨརྒྷཾ་སོགས། མཐར་དྲིལ་གསིལ། སུམ་བརྡུང་གིས། ཧཱུྃ་ཤར་ཕྱོགས་རྒྱལ་པོ་སོགས། སུམ་བརྡུང་ཞབས་བཛྲཿམུཿབརྗོད། མཆོད་གཏོར་བསྡུ། ཐོ་ལེན། དེ་ནས་འབེབས་བཅས་སེར་སྦྲེངས་རོལ་མོ་ལེན་པ་སོགས་སྔར་ལྟར་འགྲེ འོ། །དེ་ནས་སྒོ་བྱང་ཕྱི་ནང་བསྡུ་བ་ལ་རོལ་མོ་སྔར་ལྟར། འབྲུ་གསུམ་མཐར་གཏོར་སྔགས་ཚར་གསུམ ། ཨརྒྷཾ་སོགས་མཐར་དྲིལ་གསིལ་སུམ་བརྡུང་གིས། བགེགས་ཀྱི་གཉེན་པོ་སོགས་བཛྲ་མུཿ རོལ་ཞབས་བཏོན། སྒོ་བྱང་ལེན། མཆོད་གཏོར་བསྡུ་བ་བཅས་རོལ་མོ་སྔར་ལྟར། ནང་གི་སྒོ་བྱང་བསྡུས་མཐར་རོལ་མོ་བཞག །ཚོགས་པ་གྲལ་ལ་འཁོད། སློབ་དཔོན་དཀྱིལ་འཁོར་ནུབ་ཏུ་གནས་པས། སྐམ་པའི་རྒྱས། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་སོགས་འོག་གི་ཕུར་པ་ལེན། རུ་རུ་སྥུ་རུའི་སྐབས་ལས་རྡོར་གྱིས་འོ་མ་རྔ་ཡབ་ཀྱིས་ཕུར་པའི་དབལ་ལས་འཐོར་བ་དང་ཕུར་གདན་ལ་འཐོར་བ་བཅས་བྱ། དེ་ནས་བྱང་ཤར། ནུབ་བྱང་། ལྷོ་ནུབ། ཤར་ལྷོ། བྱང་། ནུབ། ལྷོ། ཤར། སྟེང་བཅས་ཀྱི་ཕུར་པ་གོང་ལྟར་ལེན་མཐར། ཞི་རོལ་བཅས། ཨ་ཀཱ་རོ་ཚར་གསུམ། དེ་ཚེ་སློབ་དཔོན་


SPN003_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལ་གཡས་བསྐོར་བཅས་དཀྱིལ་ཐང་། མཐར་རོལ་མོ་བཞག །དེ་ནས་སློབ་དཔོན་ཁྲིར་བཞུགས། སློབ་མའི་ཚོགས་པ་རྣམས་ཀྱི་ལུས་ལོངས་སྤྱོད་ཕུལ་བའི་དོད་བགྲང་ཕྲེང་རྣམས་མདུན་དུ་སྤུངས་ལ། ཕྱག་གསུམ་འཚལ། སློབ་དཔོན་ལ་བདུད་རྩི་དྲངས། ཐལ་མོ་སྦྱར་ལ་རྒྱུན་གདངས་ཀྱིས། ཧོཿ བདག་ཅག་རྡོ་རྗེ་མཆེད་དང་སོགས་མཐར་ཚོགས་གྲོལ། དེ་ནས་སློབ་མ་རྣམས་དང་ཚོགས་པ་བཅས་ཀྱིས་གཡས་མར་མེ་རེ་དང་། གཡོན་སྤོས་ཀྱི་རིང་བུ་རེ་ཐོགས་ཏེ་དཀྱིལ་འཁོར་མཐའ་སྐོར་ལ་ཕྲེང་བ་ལུ་གུ་རྒྱུད་དུ་བྱས་ཏེ་མར་མེ་སྨོན་ལམ་ཞི་ཁྲོ་ལྟར་དབྱངས་རིང་ཐུང་གང་བདེས། ཧོ་བླ་མེད་གསང་བ་སོགས་གྱེར། མཐར་ཡིག་བདུན་བཟླ་བཞིན། དང་པོ་སློབ་མ་རྣམས་གཡས་སྐོར་ལན་གསུམ་བྱེད་བཅུག་ལ་གྲོལ། དེ་ནས་སློབ་དཔོན་འདུས་པ་བཅས་ཀྱིས་ཀྱང་བསྐོར་བ་གསུམ་གྲལ་ལ་འཁོད། ལུས་སྲུང་བ། ༀ་བཛྲ་རཀྵ་སོགས་བརྗོད། ལས་བྱང་གི་སྨོན་ལམ། བླ་མ་དཀྱིལ་འཁོར་ལྷ་སོགས་དང་། མེ་ཏོག་འཐོར་ལ་བཀྲ་ཤིས་མཐར་ཞི་རོལ། རྒྱལ་བ་རབ་འབྱམས་དཀྱིལ་འཁོར་དུ་སོགས་དང་། མཆོད་སྦྱིན་གནས་འདིར་སོགས། དཀོན་མཆོག་རིན་ཆེན་སོགས་ནས། སངས་རྒྱས་སྐུ་གསུམ་སོགས། བདེན་གྲུབ་


SPN003_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཏོན་མཐར། དཀོན་མཆོག་གསུམ་གྱི་སོགས། བཀྲ་ཤིས་དཔལ་འབར་སོགས། ཚོགས་གྲོལ། འདི་མཚམས་བར་དབང་སྤྲོ་ན་གནས་གང་བདེར་སྟེགས་ཀྱི་ཁར་ཁེབས་དང་མཎྜལ་ཚོམ་བུ་ལྔ་པ། དེ་སྟེང་མཉྫའི་ཁར་དབང་གཏོར། གཡས་གཙོ་བུམ། གཡོན་ལས་བུམ། བྷནྡྷ་བདུད་རྩི་རིལ་བུས་བཀང་པ་དར་ཐུམ་ཅན་དང་། ཤེལ་རྡོ་མེ་ལོང་རྨ་བྱའི་མདོངས་དང་སྔགས་བྱང་རྣམས་བཀོད། དུང་ཆོས་ནང་དམ་ཆུ་དང་། མདུན་ངོས་སུ་སྨན་གཏོར་རཀྟ། མཆོད་པ་ཕྲེང་ཚར་བཅས་བཤམས་ཟིན་པ་དང་། སེང་སྦྲེངས་དང་བཅས་འབྱོན་ནས། སློབ་དཔོན་རྣམས་གྲལ་ལ་འཁོད། དང་པོ་ཚིག་བདུན་མ་དང་། དེ་ནས་རོལ་མོ་འབེབས་དང་སུམ་བརྡུང་གིས། ལས་བྱང་བསྡུས་པའི། ན་མོ་དཀོན་མཆོག་གསུམ་དང་སོགས་ལ། སྤྲོས་མེད་ཆོས་གདངས་འགེབ་དང་། འདི་མཚམས་དགེ་སློང་བཞི་སྡེས་མ་ཎི་དགེ་བསྐུལ་བཏང་། སེམས་བསྐྱེད་དོ། །བར་ལན་གསུམ་མཚམས་རྒྱག་བཅས། ཧཱུྃ་ཉོན་ཅིག་སོགས་ནས། མཛོད་མཐར་སུམ་བརྡུང་དང་འབེབས། ཡང་སུམ་བརྡུང་གིས། ཚེ་སྒྲུབ་གཞུང་གདངས་ཀྱིས། རང་རིག་སོགས་ནས་བཤགས་པ་མཚམས་རྒྱག་བཅས། ཧཱུྃ་སྤྲོས་མེད་སོགས་ནས། འཇའ་ལྟར་གསལ་མཐར། སུམ་


SPN003_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུང་དང་འབེབས་ཆེན། ཡང་སུམ་བརྡུང་གིས། དལ་བུས་ཧྲཱིཿ གདངས་ཀྱིས། ཧཱུྃ། རྣམ་དག་བདེ་ཆེན་སོགས་ནས། ཕྱག་བགྱིའོ། །མཐར་སུམ་བརྡུང་གིས། ཚིག་རྔ་མཚམས་རྒྱག་དང་བཅས། ཏེ་ཏེ་ནས་པཱུ་ཛཿ ཧོ། མཐར། འབེབས་དང་སུམ་བརྡུང་གིས། ཧྲཱིཿ བདེར་གཤེགས་སོགས་འབེབས་མཐར་གྱིས་བཞག །ཡིག་བདུན་སྟོང་རྩ་གཅིག་བསྙེན་བའི་ཚེ། སྔོན་གྱི་ལས་བུམ་ཆུ་འདྲེས་པའི་ཆུ་བུམ་མང་ཙམ་ཐོགས་ནས་གྲལ་ཕྱི་ནང་ཐམས་ཅད་ལ་ཁྲུས་ཆབ་བཏང་། ཡུན་མི་འགོར་བར་བྱེད། ཟུར་དུ་ཆུ་སྣོད་ཆེ་ཙམ་གཉིས་བཞག་ལ་ཁ་གསབ་དགོས་ན་བྱེད། དེ་ནས་སྔགས་ཤམ་རྣམས་སྦྲེལ་མར་བཟླའོ། །སླར་ལས་བུམ་བསྐྱེད་བཟླས་ཉེར་གཅིག་བྱ། དེ་ནས་སྔོན་འགྲོ་སོགས་ནང་དབང་ཇི་བཞིན་ལ། གོང་འོག་གི་སྤོས་འགྲིམ་གྲལ་ནང་སྐོར་ཙམ་གྱིས་འཐུས། ཁྲུས་ཆབ་ཀྱང་གྲལ་ནང་སྐོར་ཙམ་ལ་བཏང་། མཎྜལ་བཀྱེ་བསྡུ་ཙམ་བྱ། བྱིན་འབེབས་དབྱངས་དང་། རིལ་བུའི་ཕན་ཡོན་བཞག་ཀྱང་ཆོག །དབང་རྫས་རྣམས་རྒྱང་ནས་བསྟན་པ་ཙམ་གྱིས་ཁྱབ། རིལ་བུའི་བུམ་དབང་ཚབ་རྣམ་རྒྱལ་བུམ་པ་འཛིན་པས་ཆོག །གཏོར་དབང་སྔགས་མཐའི་སིདྡྷི་ཧཱུྃ་བར། དེ་ནས་བཞེངས་ལ། ཁྲོམ་གྲལ་གྱི་གཡས་


SPN003_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ལ་རྒྱ་གླིང་པ་ཆ་གཉིས་སྡོད་ནས་རེས་མོས་ཀྱིས་བཏང་། རྔ་རོལ་མི་དགོས། གཞན་ཡོ་བྱད་ཐམས་ཅད་ཀྱི་སེར་སྦྲེངས་དང་ལྡན་པས་མདུན་བདར་ལ། བུམ་པ་དོ་ལིའི་ཁར་བཏེགས་པའི་ཕྱོགས་མཚམས་སུ་རྒྱལ་མཚན་དང་། འཕན་དང་། སྟེང་དུ་གདུགས་འཁོར་བ། ལོགས་སུ་དར་དང་རིན་ཆེན་རྒྱན་གྱིས་བཀླུབས་པ་མི་བཞིས་དྲངས་པའི། བུམ་མགུལ་ལ་དར་སྣ་ལྔ་བཏགས་པ་དེ་སློབ་དཔོན་གྱིས་རྡོ་དྲིལ་དང་བཅས་འཛིན་པའི་མདུན་དུ། སྤོས་སྣ་བ། རྒྱབ་ཏུ་དབུ་གདུགས་པ། རྒྱལ་ཐེབས་བཞི་དང་། གཞན་ཡང་སྲུང་ཟློག་བཅའ་སྒྲུབ་བླ་མ་རྣམས་ཀྱིས་ཀྱང་དབང་རྫས་རེ་རེ་འཛིན་ཅིང་། བུམ་ཆུའང་བཀྱེ་བའི་ཁ་གསབ་ཆུ་སྣོད་ཡང་འགའ་རེ་ཐོགས་ལ། སྟོན་འཁོར་ཐམས་ཅད་ཀྱིས་སྔགས་རིང་སྒྲིག་འདོན་བཅས་དབང་འགྲིམ་ལ་འབྱོན། རིལ་བུ་བཀྱེ། དེ་ནས་ཡར་འཁོར་བ་དང་། ཅུང་ཞིག་ངལ་གསོས་ལ། བཟླས་ལུང་ཕྱིན་གྱི་རྗེས་རྣམས་གྲུབ་ནས། དམིགས་མེད་ཀྱི་ངང་དུ་བཞག་པར་བྱའོ། །དེ་ནས་སེར་སྦྲེངས་གཅས་སྒྲུབ་ཁང་ལ་འབྱོན། སྐབས་དང་བསྟུན་པའི་འདི་མཚམས་ཁྲོམ་ཆེན་ལ་དབང་བསྐུར་གྱི་བཤམས་བཀོད་དང་། སེར་སྦྲེངས་སོགས་བར་དབང་ཅི་བཞིན་པའི་དབང་སྒྲུབ་དང་དགེ་བསྐུལ་བྱ། གྲལ་ནང་མ་གང་ཆེ་གྲས་


SPN003_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་སྐོར་རྣམས་ལ་མཎྜལ་བཀྱེ་བསྡུ་ཙམ་རེ་བྱས། དེ་ནས་དབང་གི་སྔོན་འགྲོ་སོགས་གཞུང་ལྟར་དང་། ལས་རྡོར་གྱིས་མེ་ལོང་ལ་ཁྲོམ་ཚོགས་འཆར་བར་བྱས་ལ། མཆོད་གཡོག་པས་ཁྲུས་སྣོད་བཟེད་ལ། ལས་བུམ་གྱིས་ཁྲུས་གསོལ་བྱ། དབང་གཞུང་རྫོགས་མཚམས་སེར་སྦྲེངས་བཅས་དབང་འགྲིམ་པ་ཡང་བར་དབང་བཞིན་ལ་བུམ་པ་མགོར་འཇོག། བུམ་ཆུ་བཀྱེ་མི་དགོས། རིལ་བུ་འགྱེད་ལ། དབང་གི་རྗེས་རིམ་རྣམས་བཅས་གྲུབ་ནས། སླར་ཡང་སེར་སྦྲེངས་དང་བཅས་སྒྲུབ་ཁང་ལ་འབྱོན་བར་བྱའོ། །སྨྲས་པ། དེ་ལྟར་རྒྱལ་རྣམས་ཐབས་མཁས་ཐུགས་རྗེའི་འཕྲུལ། །མཛད་པ་རྨད་བྱུང་རྣམ་མང་ཕྲིན་ལས་ཀྱི། སྒོ་འཕར་ཡངས་པོར་ཕྱེ་བའི་གསང་སྔགས་ཆོས། །ཉེ་ལམ་མཐར་ཐུག་འབྲེལ་ཚད་དོན་ལྡན་ཕྱིར། །མྱོང་གྲོལ་སྒྲུབ་ཆེན་ཐུགས་གསང་གཞུང་ཕྱག་ལེན། །གཙོར་བཏོན་གསུང་རྒྱུན་སླར་ཡང་གོ་བདེ་ཞིང་། །གསལ་བར་བཀྲལ་འདི་བསྟན་འགྲོར་ཕན་བདེའི་ཆེད། །པདྨ་ཉིན་བྱེད་དབང་གིས་སྤེལ་བ་དགེ། །སརྦ་ཐཱ་མདྒ་ལམ། སྔར་གསུང་འདི་ཉིད་ལ་གཞིར་བྱས་ནས་ཕྱིས་དགོན་འདིར་བུམ་སྒྲུབ་གསར་འཛུགས་སྐབས་འཇམ་མགོན་རིན་པོ་ཆེས་ཞིབ་རྒྱས་སུ་བྲིས་མཛད་པ་ཟུར་དུ་ཡོད་པ་དེང་སང་ལག་ལེན་ཏུ་བསྟར་བཞིན་པའོ། །

སྒྲུབ་ཆེན་གྲོལ་ཁར་དུས་འདས་འབྲེལ་ཐོགས་རྣམས་ཐུགས་སྒྲུབ་སྒོ་ནས་སྟབས་བདེའི་ཆེད་གནས་འདྲེན་ཞིག


SPN003_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཆེན་གྲོལ་ཁར་དུས་འདས་འབྲེལ་ཐོགས་རྣམས་ཐུགས་སྒྲུབ་སྒོ་ནས་སྟབས་བདེའི་ཆེད་གནས་འདྲེན་ཞིག་བྱེད་སྲོལ་ལ། དེའང་ལས་བྱང་གཞུང་བསྲང་ཚོགས་མང་དང་མཉམ་སྔོན་དུ་བཏོན་ཟིན་པར་བྱས་ལ། དཀྱིལ་འཁོར་གྱི་ལྷོའི་ཕྱོགས་སམ། ཡང་ན་གང་བདེར་རྡོར་རྒྱལ་ལམ་རྒྱལ་ཐེབས་ཞིག་གིས་གཙོས་བའི་བཞི་སྡེ་ཙམ་གྱིས་ཐོག་མར་སྟེགས་ཀྱི་དབུས། མཎྜལ་ཚོམ་བུ་འདབ་བརྒྱད་བཀོད་སྟེང་མཉྫིའི་ཁར། རྣམ་རྒྱལ་བུམ་པ་དུང་ཆོས་དང་གཟུངས་རྡོར་ལྡན་པ། གང་བདེར་ལས་བུམ། མཐར་ཉེར་སྤྱོད་མཆོད་པ་དང་སྔོན་གཉིས་ཀྱང་བཤམས། གཞན་ཡང་གནས་འདྲེན་འདོན་ཆ་ལ་གསལ་པའི་ཙཀླི་རྣམས་དང་གཏོར་མ་ལ་སོགས་དགོས་ཆས་རིགས་གང་ཡོད་ཆད་ལྷག་མེད་པར་འདུ་བྱས་ལ། སླད་ཀྱི་དུས་བྱང་ཕྱག་འཚལ་མཁན་ཞིག་ལའང་བརྡའ་བཏང་དགོས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་བཏང་། མཚམས་གཅོད་སོགས་ལས་བྱང་ལྟར་ལ་རྔ་རོལ་ཡང་ཉིན་ལྟར་བཞིན་བྱ། རང་ཉིད་རྡོར་སེམས་བསྐྱེད་ལ། ལས་བུམ་སྔགས་ཨ་མྲྀ་ཏ་ཉེར་གཅིག །ན་མོ། དཀོན་མཆོག་སོགས་མཐར་ཞི་རོལ་བཅས་གཏོར་མ་ཕུལ། རྣམ་རྒྱལ་བུམ་པར་ལྷར་བསྐྱེད་ཀྱི་དམིགས་


SPN003_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞུང་གསལ་བཞིན་རྩེ་གཅིག་པས། ཡིག་བརྒྱ་ཉེར་གཅིག་ཡང་སྙིང་བརྒྱ་བརྒྱད་བཟླའོ། །སློབ་དཔོན་མདུན་གནས་འདྲེན་ཆས་རྣམས་བཤམས་བཀོད་བྱས་ལ། བྱང་བུའང་བཞག །འགུགས་པའི་རྒྱས། ཧཱུྃ། དཀོན་མཆོག་མཐུ་སོགས་ནས། ཨ་ལ་ལ་བར་ལན་གསུམ་ཞི་ཁྲོའི་གཞུང་གདངས་རིང་ཐུང་གང་བདེས་འདིའི་རིགས་རྣམས་ལ་བཀབ་དགོས། མཚམས་སུ་དྲིལ་གསིལ་ཡང་གོང་འོག་ཀུན་ལ་འགྲེའོ། །ༀ་ཨཱཿཧཱུྃ་གིས་གླུད་གཏོར་བྱིན་བརླབས་ལ། རྔ་སུམ་བརྡུང་གིས། ཧཱུྃ། ང་ནི་དབང་ཆེན་སོགས། བཛྲ་ཀྲོ་དྷ་དང་། སུམྦྷ་ནི་གསུམ། རོལ་མོ་འབེབས་མཐར་བཞག །ཡུངས་ཀར་བྲབ། གུ་གུལ་བདུག །དེ་ནས་འདོན་བྱ་དང་། ལག་ལེན། དམིགས་པ་རྣམས་གཞུང་ཇི་ལྟ་བར་མ་འཁྲུལ་བར་ཕྱག་ལེན་ལྡན་པས། ཧཱུྃ་ང་ནི་བླ་མ་སོགས་ཀྱིས་གནས་ནས་དྲང་ཞིང་། ཚིག་སོ་སོ་དང་མཚུངས་པའི་བྱང་ཕྱག་ཀྱང་ཕུལ་བཅུག་པ་སོགས་རིགས་འགྲེ་ཞིང་། མཐར་བྱང་བུ་དབང་སྟེགས་ཁར་བཞག་ལ། དམིགས་པ་སྤྲོ་བསྡུ་དང་བཅས། ཡིག་བརྒྱ་ཉེར་གཅིག་དང་། ཡང་སྙིང་བརྒྱ་བརྒྱད། ཀྃ་ཀ་ནི་ཉེར་གཅིག་བཟླའོ། །འདོད་ཡོན་རྣམས་དང་། སྔར་ཉིན་ཚོགས་སྐལ་ཞིག་བཞག་དགོས་


SPN003_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པའང་འདིར་བཤམ། སྟབས་བདེའི་འགལ་མེད་ཙམ་དུ་ལས་སྔགས་ཀྱིས་བསང་། ཨ་ཀཱ་རོས་ལན་གསུམ་བྱིན་བརླབས་ལ། ཁ་དོག་མ་བཏོན་མཐར། འདོད་ཡོན་ནམ་མཁའ་དང་། ཁ་ཟས་བསྟབ་པ་སོགས་བརྗོད། ཧཱུྃ་བུམ་པ་བཟང་སོགས། རྣམ་རྒྱལ་བུམ་དབང་ཡང་བསྐུར། དེ་ནས་སྒྲུབ་ཁང་ལ་འགྲོ་ཞིང་། དཀྱིལ་འཁོར་གྱི་ལྷོ་སྒོའི་ཕྱོགས་ནས་བྱང་ཕྱག་གསུམ་འཚལ་བཅུག །འདི་སྐབས་ལས་བྱང་གི་སྒོ་དབྱེ་འདོན། དར་རམ་རས་དཀར་གྱི་ལམ་སྣེ་གཞི་སྟེང་བརྐྱང་བ་དེར་བྱང་བུ་བཞག །ཧཱུྃ། ཉོན་ཅིག་སོགས་ལམ་བསྟན་རྣམས་དང་། ཧོ། ལྷ་དང་བླ་མ་སོགས་བསྔོ་བ་དང་། ཧཱུྃ། དུག་གསུམ་རྣམ་དག་སོགས། རྡོར་རྒྱལ་ལམ་རྒྱལ་ཐེབས་ཀྱིས་མིང་བྱང་བསྲེག །ཉམས་ལེན་ལྟ་བའི་ངང་དུ་བཞག །མཐར། ཨེ་མ་ཧོཿ ངོ་མཚར་སངས་རྒྱས་སོགས་དང་། གཞན་ཡང་བསྔོ་སྨོན་གང་འོས་བྱ། བྱང་ཐལ་སཱཙྪ་གདབ་པར་བྱའོ། །དེ་ནས་ཚོགས་ཆེན་དང་སྐབས་བསྟུན་པའི། ཚོགས་དང་བཀའ་སྲུང་སོགས་ད་ནང་གི་འདོན་བྱའི་འཕྲོས་རྣམས་ལ་འཇུག་པར་བྱའོ། །འགལ་འཁྲུལ་མཆིས་ན་སྐུ་གསུམ་ཀློང་དུ་བཤགས། །དགེ་བས་འགྲོ་རྣམས་སངས་རྒྱས་སར་འགོད་ཤོག །ཤུ་བྷམ། །

པདྨ་བཛྲ་གྱི་སྒོ་ནས་སྐྱེ་བདུན་རིལ་བུ་བསྒྲུབ་པའི་ཟིན་བྲིས།


SPN003_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་བཛྲ་གྱི་སྒོ་ནས་སྐྱེ་བདུན་རིལ་བུ་བསྒྲུབ་པའི་ཟིན་བྲིས་བཞུགས་སོ། །ༀ་སྭ་སྟི། པདྨ་བཛྲ་གྲུབ་ཐོབ་རྒྱ་མཚོའི་སྒོ་ནས་མྱང་གྲོལ་རིལ་བུ་བསྒྲུབ་པའི་སྐབས་ཐོག་མར་སྒྲུབ་ཆེན་གཞན་དང་ཁོག་མཚུངས་ཀྱི། སཱཙྪ་བཏབ་པ། ཆུ་གཏོར་བརྒྱ་རྩ་དང་། རྒྱལ་པོ་མདོ་བཅུ་བཀླག་པར་གསུངས་པས། ཤེས་རབ་སྙིང་པོ་གཅིག །འདའ་ཀ་ཡེ་ཤེས་གཉིས། བཟང་པོ་སྤྱོད་པ་གསུམ། རྡོ་རྗེ་རྣམ་འཇོམས་བཞི། བྱང་ཆུབ་ལྟུང་བཤགས་ལྔ། གཙུག་གཏོར་དཀར་མོ་དྲུག །གོས་སྔོན་ཅན་གྱི་མདོ་བདུན། ཚེ་མདོ་བརྒྱད། ནོར་རྒྱུན་མ་དགུ། ཡི་གེ་གཅིག་མ་བཅུ་སོགས་བཏོན། བསང་བརྔན་རྒྱས་པ། སྡེ་བརྒྱད་ཆ་སྙོམས། གླུད་འབྱུང་བཞི་ཆ་གསུམ། སྤྲང་པོ་ལ་སྦྱིན་པ། ཚེ་ཐར་སྲོག་བསླུ། བྱིས་པ་ལ་སྟོན་མོ་སོགས་མདོར་ན་དཀར་པོ་དགེ་བའི་ལས་སྤྱོད་ཅིང་། དེ་ནས་དང་པོ་དཀྱིལ་ཁོར་བདུན་བརྩེགས་ཀྱི་བཤམས་བཀོད་གཞུང་ནས་གསུངས་པ་ལྟར་མཐོང་བ་བརྒྱུད་པའི་ཕྱག་ལེན་ཟིན་བྲིས་རྒྱས་པ་ཅི་ལྟ་བ་ལས། དམིགས་བསལ་སྔ་ནས་ཚགས་སུ་ཚུད་


SPN003_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པར་དགོས་རྒྱུའི་དམ་རྫས་ཁྱད་འཕགས་ཀར་རྙིང་གི་བྱིན་རླབས་རྟེན་སེལ་མེད། སངས་རྒྱས་ཀྱི་འཕེལ་གདུང་སྐྱེ་བདུན་དམ་རྫས་སོགས་མྱོང་བས་གྲོལ་བའི་རིགས་རྣམས་གང་དག་གཙོ་བོར་གྱུར་བ་གཞིར་བྱས་ལ། ཅུ་གང་། གིའུ་ཝཾ། ཙནྡན་དཀར་དམར། ཨ་རུ་ུར། ལི་ཤི། ཛ་ཏི། སྨན་སྣ། གུར་གུམ། ད་ལི་སོགས་སྨན་གྱི་རིགས་དང་། རྒྱ་སྲན། ནས། གྲོ། འབྲས། ཡུངས་དཀར་ནག །ལ་ཕུག་གི་ས་བོན། ཏིལ་དཀར་ནག །ས་ོབ། རྒུན་འབྲུ། སེ་འབྲུ་སོགས་འབྲུ་སྣ་ཚོགས། གསེར། དངུལ། ཟངས། ལྕགས། མུ་མེན། བཻཌཱུཪྱ། བྱེ་རུ། གཡུ། རྡོ་རྗེ་ཕ་ལམ། མུ་ཏིག །སྦུར་ལེན་སོགས་རིན་པོ་ཆེ་སྣ་ཚོགས། ཤ་ལྔ་བདུད་རྩི་ལྔ་ནི་རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཆོས་སྨན་ཚད་ལྡན་ནང་འཐུས་ཤིང་། ག་བུར་དང་། རྒྱ་ཚྭ། ཅོང་ཞི་དཀར་དམར་སོགས་རྫས་རྣམས་ཞིབ་པར་བཏུལ་ལ་དར་ཚགས་ལ་དྲངས་ཏེ་ཕྱེ་མར་གྲོ་ཟན་དང་འབྲས་ཟན་གང་རུང་གིས་སྦྲུས་ཏེ་རིལ་བུར་དྲིལ་ལ། ལྷུང་བཟེད་དམ་དཀར་ཡོལ་གྱི་


SPN003_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་རིལ་ཆགས་མཐོང་རྒྱུན་བཞིན་བྱས་ལ་མཚལ་དང་ཤེལ་ཀར་བསྲེས་ལ་རྩི་བཏང་བ་བུམ་པའི་ནང་དུ་བླུགས། ཁ་རྒྱན་དང་སྣ་ཚོགས་དར་གྱི་མགུལ་ཆིངས་གཟུངས་རྡོར་དང་བཅས་བཀོད། དེའི་སྟེང་དུ་ཐོད་པ་མཚན་ལྡན་ཀྱང་རིལ་བུས་བཀང་བ་དང་། གསུང་དཀྱིལ་སོགས་བཤམས་བཀོད་སྔོན་དུ་འགྲོ་བས། གཉིས་པ་ལས་བྱང་གི་གཞུང་བསྲང་ཐིག་གདབ་ནས་བརྩམས་བདག་བསྐྱེད་དང་མདུན་བསྐྱེད་ཀྱི་བསྙེན་པ་བཅས་དང་། དེ་ནས་ཐུན་གྲངས་ཀ་གང་བྱེད་པའི་བུམ་བསྐྱེད་ཁོ་ནར་འདོན་ལ། སློབ་དཔོན་གྱིས་གཟུངས་ཐག་འཛིན་བཞིན། བསྙེན་པ་རྣམས་སྐབས་བསྟུན་གྱིས་བསགས་ལ་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཅས་ཚར་གསུམ་རེ་དང་། ཧཱུྃ། ཡེ་ཤེས་ལྷ་ཚོགས་སོགས་མཆོད་བསྟོད་བཤགས་པ་རྙིང་མ་སྤྱིའི་ལུགས་འདི་སྐབས་ཐུན་རེ་བཅད་པའི་མཐར་བཏོན་དགོས་ཤིང་། ཐུན་སྔ་མའི་བདག་བསྐྱེད་བསྙེན་པའི་སྐབས་སྔགས་རྒྱུན་པ་རྣམས་སྡོད་ནས་ཚོགས་ཐེངས་རེ་རེའམ་གཉིས་རེ་ལ་བརྗེ་ལེན་སོགས་ཅི་བདེར་ཉིན་མཚན་ལ་རྒྱུན་མི་ཆད་པར་གལ་ཆེའོ། །དེའང་


SPN003_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསྐྱེད་བསྙེན་པ་མ་ཟིན་གྱི་བར་དུ་ཐུན་པ་རྣམས་ཀྱིས་ཚིགས་བདུན་གསོལ་འདེབས་དང་། བསམ་པ་ལྷུན་འགྲུབ་གང་ཚར་བཏོན། ཐུན་བཟུང་དུས། དང་པོ་སྐྱབས་འགྲོ། དཀོན་མཆོག་གསུམ་དང་པདྨ་བཛྲ་རྩལ༔ ལན་གསུམ། བདག་བསྐྱེད་དང་། བུམ་པའི་རིལ་བུ་ལ་ཡང་ཆབས་ཅིག་དམིགས་ཏེ་པདྨ་བཛྲ་སྦས་གསང་གི་སྒོམ་བཟླས་ཉུང་བསྡུས། ཨ་ཧཾ་ཨཱཿ སྭ་བྷཱ་ཝ་ཧོ༔ སྣང་སྲིད་རབ་འབྱམས་ཁྱབ་པའི་བནྡྷའི་དབུས༔ ༔པདྨ་ཉི་ཟླ་སོགས། ༀ་པདྨ་བཛྲ་ཧཱུྃ༔ ཞེས་འབྲུ་དྲུག་ཁོ་ནས་ཐུན་རྒྱུན་རིང་བཟུང་བྱ། ཐུན་བརྗེ་མཚམས་སུ། གསར་སྡོད། ཐུན་རྗེས་མས་བསྙེན་པ་ལེན་དུས་ཐུན་པ་སྔོན་མ་རྣམས་ཀྱིས་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་ཚར་གསུམ་རེའི་མཐར། ཡེ་ཤེས་ལྷ་ཚོགས་ཀྱི་བཤགས་པ་བྱའོ། །དེ་ལྟ་བུའི་སྒྲུབ་པ་ཞག་བདུན་སོགས་ཅི་རིགས་པར་ཞག་གྲངས་ཚང་ཉིན་དེར་གསུང་དཀྱིལ་གྱི་བསྙེན་བའི་མཐར་སྔགས་རྒྱུན་ཐུན་པ་རྣམས་ཀྱིས་ཕྱག་གསུམ་བཅས་དཀྱིལ་འཁོར་དྲུང་དུ་འགྲེང་སྟེ་ཐལ་མོ་སྦྱར་བའི་བར་སྤོས་ཀྱི་རེང་བུ་འཛིན་


SPN003_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་སོགས་གསུམ། ཡེ་ཤེས་ལྷ་ཚོགས་སོགས་བརྗོད་ནས་གྲོལ་ཆོག །དེ་ནས་སྐོང་བཤགས་སོགས་ཚར་མཚམས། བླ་མ་རིག་འཛིན་སོགས་བརྗོད་བཞིན་སློབ་དཔོན་དང་ཚོགས་པས། དངོས་གྲུབ་ཀྱི་དབང་ལེན། དེའི་སྐབས་བུམ་པ། པུསྟ་ཀ །ཙཀླི་རྣམས་དང་། རིལ་བུ་ཡང་དངོས་གྲུབ་ཀྱི་ཚུལ་དུ་ཞུ། འདི་མཚམས་ཁྲོམ་དབང་སོགས་དགོས་ནའང་མཐོང་རྒྱུན་བཞིན། སྒོ་དབྱེ་སྔོན་གཏོར་བཏང་ནས། སྙིང་ཐིག་དབང་མོ་ཆེ་གཞུང་ལྟར་ལ། བུམ་དབང་སྐབས་རིལ་བུའི་བུམ་པས་དབང་བསྐུར་བ་དང་། རིལ་བུའང་དེ་སྐབས་བཀྱེ་དགོས་ཤིང་། དེ་ཕྱིན་གཞུང་ལྟར་མཐའ་རྒྱས་བྱ་བས་འགྲུབ་པའོ། །དགེ་བསྐུལ་ཕན་ཡོན་ཐོབ་ངེས་ཅན་ཡང་ངེས་པར་བྱེད་བཅུག་གོ །དེ་ནས་བཀའ་སྲུང་གཏོར་འབུལ་རྣམས་དང་ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད། ལྷག་མ་བཏང་བ་དང་། སྐུ་གསུམ་བླ་མ་མཁའ་འགྲོའི་ཚོགས༔ སོགས་དང་། རྟེན་དང་གཏོར་མའི་སོགས། རྗེས་རིམ་


SPN003_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། གཞུང་གི་འགྲོས་དང་། བདེན་གྲུབ་མའང་བརྗོད་པར་བྱའོ། །ཡང་འདི་སྐབས་གནས་འདྲེན་སྤྲོ་ན་སྒྲུབ་པ་ཞག་ལྔའམ་དྲུག་ཙམ་གྱི་དུས་སྐབས་བབས་གང་བདེར་འདོན་ལུགས་ཟིན་བྲིས་རྒྱས་པའི་ནང་གསལ་བ་དེས་ཁྱབ། དེའང་བཞི་སྡེ་ཙམ་གྱིས་འདོན་པའམ་ཚོགས་ཆེན་གྱིས་གསུང་པ་ཅི་བདེར་བྱ། དེ་ནས་གསུམ་པ་སྒྲུབ་ཆེན་གེགས་སེལ་གཞན་དང་ཁོག་མཚུངས་དགོས་བཞིན། འདིར་ནི་འདི་ཉིད་ཀྱི་ཆ་ལག་ལྔ་པོ་ཡང་འདོན་དགོས་ཤིང་། རང་དང་གཞན་གྱི་དོན་དུ་ཡང་འདོན་པར་སྤྲོ་ན་ཟིན་བྲིས་རྒྱས་པའི་ནང་གསལ་པདྨ་བཛྲ་དཀྱིལ་འཁོར་འབྲིང་པོའི་འདོན་ལུགས་བདག་མདུན་གཉིས་ཀྱི་གཞུང་བསྲང་བསྙེན་པ་ཚར་ནས། གུར་དྲག །སེང་གདོང་མ། རྟ་མགྲིན། ཛཾ་ནག །མ་ནིང་བཅས་ཀྱི་ལས་བྱང་རྣམས་བསྙེན་པའི་བར་དུ་འདོན། དེ་ནས། ཧཱུྃ་ཧྲཱིཿ ཡེ་ནས་རྣམ་དག་སོགས་ནས་ལྷག་མ་བཀྲ་ཤིས་བར་བརྗོད། སོ་སོའི་སྒྲུབ་གཏོར་ནི་ལས་བྱང་ལ་གསལ་བ་དེ་ལྟར་དང་། འབུལ་གཏོར་རྣམས་དམར་གཏོར་བཞི་རེ་དང་། གསེར་སྐྱེམས། ཛཾ་ནག་ལ་དཀར་གཏོར་བཅས་དེ་རྣམས་བསྟོད་པའི་མཐར་ཕུལ། ཛཾ་ནག་འབུལ་གཏོར་གཞི་མདུན་ཕུལ་དགོས། གྲོལ་ཉིན་གུར་དྲག་དང་མ་ནིང་གཉིས་ཀྱི་མཐའི་བསྐུལ། ཧཱུྃ་ཧྲཱིཿ དུས་གསུམ་སངས་རྒྱས་


SPN003_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དང་། ཧཱུྃ། མ་ཧཱ་ཀ་ལ་སོགས་འདོན་ནས་རྟེན་གཏོར་ཕུལ། གཞན་རྣམས་ཀྱི་སྒྲུབ་གཏོར་རྣམས་ཕུལ་སྲོལ་མེད། ཅེས་པའང་། སི་ཏུ་པདྨ་ཉིན་བྱེད་དབང་པོས། འཇང་དྲུང་བ་སྤྲུལ་སྐུ་ཀརྨ་བསྟན་འཛིན་ཆོས་རྒྱལ་གྱི་བཞེད་ངོར་ཆེད་དུ་སྤེལ་བ་དགེའོ། །དེ་ལྟར་སངས་རྒྱས་གཉིས་པ་པད་འབྱུང་གི། །བཀའ་གསང་དྲི་མེད་ཡང་སྙིང་འདུས་པའི་བཅུད། །གང་དེའི་སྒོ་ནས་འགྲོ་རྣམས་བྱང་ཆུབ་ལམ། །བཀོད་ཕྱིར་བུམ་པའི་སྒྲུབ་ཆེན་མྱོང་གྲོལ་གྱི། །མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་བྱེད་འདི། །གཞན་ཕན་འབྲེལ་ཚད་དོན་ལྡན་སར་བཀོད་པ། །འདི་ཀ་གཞུང་དང་མཐུན་པར་བསྡེབས་པ་ལས། །རྒྱལ་བཀའ་བསླད་པའི་གཟུ་ལུམ་རས་ཆོད་ཀྱིས། །ནམ་ཡང་མ་གོས་དགེ་འདིས་འགྲོ་བའི་དོན། །རླབས་ཆེན་ཕྲིན་ལས་རྒྱས་པའི་དཔྱིད་འགྱུར་ཞིང་། །ངེས་དོན་བསྟན་པ་མཐའ་རྒྱས་ཡུན་ཏུ་གནས། །རྣམ་ཀུན་དགེ་ལེགས་སྣང་བས་ཁྱབ་གྱུར་ཅིག །ཅེས་དཔལ་སྤུངས་ཆོས་འཁོར་གྱི་སྒྲུབ་གྲྭའི་ཡང་དབེན་ནས་སྤེལ་བ་ཡི་གེ་པ་ནི་ཕུན་ཚོགས་སྤྲུལ་སྐུའོ། །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མདྒ་ལམ། །

ཟབ་ཆོས་རྡོ་རྗེ་གྲོ་ལོད་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་ཚུལ་དམིགས་རིམ་གསུང་རྒྱུན་བསྒྲིགས་ཆགས་ནོར་བུ་འོད་ལྡན།


SPN003_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་རྡོ་རྗེ་གྲོ་ལོད་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་ཚུལ་དམིགས་རིམ་གསུང་རྒྱུན་བསྒྲིགས་ཆགས་ནོར་བུ་འོད་ལྡན་ཞེས་བྱ་བ་བཞུགས་སོ། །ན་མོ་པདྨ་ཀ་ར་ཡེ། ཆོས་དབྱིངས་འགྱུར་མེད་བདེ་བ་ཆེན་པོའི་ཀློང་། །རྩལ་སྣང་མ་འགགས་ཆ་ལས་ཧེ་རུ་ཀ །འབར་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད། །རང་རིག་དབྱེར་མེད་ངོ་བོ་ཕྱག་འཚལ་འདུད། །ཅེས་ཆེད་དུ་བརྗོད་པ་སྔོན་དུ་བཏང་ནས། འདིར་ཨོ་རྒྱན་རྡོ་རྗེའི་བཀའ་ལས་བྱུང་བའི་ཟབ་ཆོས་བླ་མ་དྲག་པོའི་སྐོར་གྱི་དམིགས་རིམ་གསུང་རྒྱུན་བསྒྲིགས་ཆགས་གོ་བདེ་ཟིན་ཐོར་བཀོད་པ་ལ་རྩ་གསུམ་ལྷ་ཡིས་བཀས་གནང་བ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་། དེ་ལ་དང་པོ་བཅའ་བཤམས་འདོན་སྒྲིག་གི་རིམ་པ་ཟིན་བྲིས་ཟུར་གསལ་ལྟར་ལ། བསྙེན་སྒྲུབ། ཟློག་པ། མདོས་ཆེན་རྣམས་ཀྱི་བཅའ་འདོན་དང་། དམིགས་པའི་འཕྲུལ་བཅས་སོ་སོའི་དབྱེ་བ་ངེས་པར་བྱས་ལ། དེ་ཡང་བདག་མདུན་ཐམས་ཅད་ལས་བྱང་དང་མཐུན་པའི་ལྷའི་དཀྱིལ་འཁོར་གསལ་བ་དང་། བླ་མ་སྤྱི་བོར་བསྒོམ་ཞིང་དམ་ཚིག་ལ་གནས་པ། རང་ལུས་ཡི་དམ་དུ་གསལ་བས་སྣང་སྲིད་ཐམས་ཅད་ལྷར་ཤེས་པ་དང་། ཆོས་སྐྱོང་གྲོགས་སུ་བརྟེན་ཅིང་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་


SPN003_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། སེམས་ཅན་ལ་དམིགས་པའི་བྱང་ཆུབ་ཀྱི་སེམས་དང་། བསྐྱེད་རྫོགས་ཟབ་མོའི་སྒྲུབ་པ་བརྩོན་འགྲུས་ཐང་ལྷོད་མེད་པར། ལྟ་སྒོམ་སྤྱོད་པ་ལ་གནས་ན་མཆོག་ཐུན་དངོས་གྲུབ་ཐོབ་པར་ངེས་སོ། །དེའང་འདོན་པ་དལ་བྲེལ་རན་པ། གདངས་དབྱངས་གསུང་རྒྱུན་དང་ལྡན་པ། རོལ་ཆ་སོགས་ཀྱང་སྐད་ཐོན་པ་ཁུངས་དང་འབྲེལ་བར། དལ་བྲེལ་རན་པ་བྱིན་ཆགས་པར་བྱས་ལ། ཐོག་མར་རང་ཉིད་པདྨ་བཛྲར་གསལ་བས། སྔོན་གཏོར་བྱིན་རླབས། གནས་བདག་ལ་གཏོར་མ། གསེར་སྐྱེམས་དང་། བགེགས་ལ་གླུད་གཏོར་བསྔོ། ཧཱུྃ། བཀའ་བརྒྱུད་བླ་མའི་སོགས་རྩ་གསུམ་བདེན་པའི་བྱིན་རླབས་མཐུ་སྟོབས་ཀྱིས་གཉིས་འཛིན་འཁྲུལ་པའི་ཆ་ལས་བྱུང་བའི་གནོད་བྱེད་གདོན་བགེགས་རྣམས་བསྐྲད། སྟོང་ཉིད་ལྟ་བའི་གདེང་དང་ལྡན་པའི་ངང་ནས་མཚམས་བཅད་པ་དང་། རང་ཉིད་ལྷ་ཡི་སྐུ་གསུམ་ལས་ཁྲོ་བོ་དང་ཁྲོ་མོ། ཐིག་ལེ་ཐིག་ཕྲན། རྡོ་རྗེ་མེ་རིའི་གུར་ཁང་དང་བཅས་སྣང་སྲིད་ལྷར་གསལ་གྱི་སྲུང་འཁོར་བསྒོམ། དེ་ནས་མདུན་གྱི་ནམ་མཁར་བླ་མ་སྐུ་གསུམ་ལྷ་ཚོགས་གསལ་བའི་དྲུང་དུ་སྐྱབས་སུ་འགྲོ་ཞིང་། སེམས་བསྐྱེད་ཡན་ལག་བདུན་འབུལ་མཐར། སྐྱབས་ཡུལ་


SPN003_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རང་ལ་བསྟིམ་ཞིང་། སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་ནས། རང་རིག་གསལ་སྟོང་འཛིན་མེད་ཀྱི་ངོ་བོར་བསྐྱང་བར་བྱའོ། །དེ་ནས་བྱིན་འབེབས་པའི་སྐབས་སུ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རྣམས་མདུན་གྱི་ནམ་མཁར་སྤྲིན་གཏིབས་པ་ལྟར་བྱོན་ནས་སྣོད་བཅུད་ཐམས་ཅད་ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་དུ་བསྒྱུར་ནས་གསང་གསུམ་རྡོ་རྗེའི་བྱིན་རླབས་དངོས་གྲུབ་རྣམས་རང་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པ་དང་། སྨན་རཀ་གཏོར་གསུམ་གྱིས་མཚོན་པའི་མཆོད་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབ། དེ་ནས་ཕྱི་སྒྲུབ་ཀུན་བཟང་གི་ལས་བྱང་བཏོན་ལ། སྣང་སྲིད་ཐམས་ཅད་ལྷའི་རོལ་པར་གསལ་བའི་ངང་ནས། བདག་བསྐྱེད་སྟོང་ར་ཀུན་བཟང་ཡབ་ཡུམ་ཀྱི་རྩ་འཁོར་གནས་ལྷ་རྣམས་གསལ་བཏབ། ཡེ་ཤེས་སྤྱན་དྲངས་དམ་ཡེ་དབྱེར་མེད་ལ་མཆོད་བསྟོད་བྱ། བསྙེན་དམིགས་ནི། དབུ་མའི་ནང་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་མི་བསྐྱོད་པའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་བོ་དྷི་ཙིཏྟའི་སྔགས་ཕྲེང་མཐིང་ཀ་གཡས་བསྐོར་གྱིས་འོད་ཟེར་སྤྲོ་བསྡུས་རྒྱལ་བའི་བྱིན་རླབས་དངོས་གྲུབ་ཐོབ་པར་མོས་ལ་ཁྱེར་སོག་སུམ་ལྡན་གྱི་ངང་ནས་དང་པོ་སྤྱན་འདྲེན་


SPN003_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་། དེ་ནས་རྒྱུན་བསྙེན་བཅས་བཟླའོ། །དེ་ནས་རིགས་ལྔ་སོ་སོར་གནས་འགྱུར་གྱི་བསྒོམ་པའི་ས་བོན་སྔགས་འཁོར་བསྐྱེད་བཟླས་རྣམས་བྱའོ། །དེ་ནས་ནང་སྒྲུབ་བླ་མའི་ལས་བྱང་གཞི་རྫོགས་རིམ་བསྒོམ་པ། ཡང་དག་དོན་སོགས་ཏིང་འཛིན་རྣམ་པ་གསུམ་དང་། ལམ་བསྐྱེད་རིམ་ལ། མཁའ་དབྱིངས་ཡེ་ཤེས་ཀློང་ཡངས་སོགས་བདག་མདུན་གྱི་དཀྱིལ་འཁོར་གསལ་བ་ལ། གནས་གསུམ་འབྲུ་གསུམ་ཐུགས་ཀར་ས་བོན་སྔགས་འཁོར་དང་བཅས། སྐུ་གསུམ་བླ་མ་མཐོ་བརྩེགས་དང་། འཁོར་དུ་མཁའ་འགྲོ་སྡེ་ལྔ་བསྐྱེ ད་པའི་བདག་མདུན་ཐུགས་ཀའི་ཧཱུྃ་ལས་ཛཿཡིག་ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་དང་། ཁྱད་པར་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས་སྐུ་གསུམ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཀྲ་གསལ་ལམ་མེ་བྱོན་པར་དམིགས་ལ། སྤྱན་འདྲེན་སྔོན་བསྐལ་མ་ལན་གསུམ་དང་། གདན་འབུལ། ཕྱག་འཚལ། ཕྱི་ནང་གསང་མཆོད། སྐོང་བཤགས། བསྟོད་པ་བཅས་དེ་ནས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འབྲུ་གསུམ་འཕྲོས།


SPN003_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མདུན་དམ་ཚིག་པར་ཐིམ་པས་དབང་བཞི་ཐོབ། སྐུ་བཞི་མངོན་དུ་གྱུར་ནས་ལྷ་ཚོགས་རྣམས་ཀྱང་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་མོས་ལ། བདག་མདུན་ཐུགས་ཀར་པདྨ་ཉི་ཟླའི་སྟེང་དུ་ཡེ་ཤེས་སེམས་དཔའི་ངོ་བོ་གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཏིང་འཛིན་སེམས་དཔའ་ཧཱུྃ་གི་མཐར་སྔགས་ཕྲེང་མཐིང་ཀ་གཡས་སུ་འཁོར་བའི་རང་སྒྲའི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་བླ་མ་ཡི་དམ། དཔའ་པོ། མཁའ་འགྲོ། ཆོས་སྐྱོང་རྣམས་མཆོད་ཅིང་དགྱེས། ཐུགས་དམ་གྱི་རྒྱུད་བསྐུལ་བར་དམིགས་ནས། དང་པོ་སྤྱན་འདྲེན་གྱི་སྔགས་བཟླས་ལ། སྐུ་གསུང་ཐུགས་ཀྱི་ངོ་བོ་སྐུ་དང་། ཡིག་འབྲུ། ཕྱག་མཚན་རྣམས་ཆར་བབས་པ་བཞིན་རང་ལ་ཐིམ་པས་གསང་གསུམ་གྱི་བྱིན་རླབས་ཐོབ་པར་བསྒོམ། དེ་ནས་རྒྱུན་བསྙེན་བཟླས་ལ། ཡང་འོད་ཟེར་འཕྲོས། ཕྱི་སྣོད་ལྷའི་གཞལ་ཡས། ནང་བཅུད་འགྲོ་བ་རིགས་དྲུག། གཟུགས་ཅན་གཟུགས་མེད་དྲེགས་པ་ལྷ་སྲིན་རྣམས་ཀྱང་ལྷ་ཡི་རོལ་པར་བསྒྱུར་ནས་སྔགས་ཀྱི་སྒྲ་གདངས་ཀྱིས་འཇིག་རྟེན་ཐམས་ཅད་ཤིག་ཤིག་ཡོམ་ཡོམ་གཡོ་ཞིང་། དེ་རྣམས་ཀྱི་སྡིག་སྒྲིབ་སྦྱངས། གདུག་སེམས་ཞི། མཐུ་སྟོབས་གཟི་བརྗིད། ཚེ་བསོད།


SPN003_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབྱོར་སྙན་གྲགས་དབང་ཐང་རྣམས་མཚོ་ལ་ཆར་བབས་པ་ལྟར་རང་ལ་ཐིམ་པར་མོས་ལ་སྔགས་བཟླའོ། །དེ་ནས་ཤོག་ཕྲན་ཚེ་སྒྲུབ་རང་ཉིད་པད་འབྱུང་ཡུམ་ཅན་གསལ་བའི་དྲན་རྫོགས་ཀྱི་འོད་ཟེར་སྤྲོ་བསྡུ་དང་བསྙེན་དམིགས་རྣམས་གཞུང་གསལ་ལྟར་སྔགས་བཟླ། མཐར་དམིགས་གཏད་མཚན་བྲལ་བློ་འདས་རྫོགས་པ་ཆེན་པོའི་ངང་དུ་བཞག་ནས་ལ་བཟླའོ། །གསང་སྒྲུབ་ནི། རང་ཉིད་བླ་མ་དྲག་པོར་བསྐྱེད་པ་དང་། མདུན་བསྐྱེད་ཞི་བའི་གཡས་སུ་གུ་རུ་དྲག་པོ་བདག་མདུན་མཉམ་རྫོགས་སུ་གསལ་གདབ་པའི་འཁོར་དུ་སྡེ་བརྒྱད་ཀྱིས་བསྐོར་བ་བསྐྱེད་ལ་གཙོ་བོའི་གནས་གསུམ་འབྲུ་གསུམ་དང་། ཁྱད་པར་ཐུགས་ཀའི་ཧཱུྃ་འོད་ཀྱིས་བསྐུལ་བའི་ཟངས་མདོག་དཔལ་གྱི་རི་བོ་ནས་ཡེ་ཤེས་སེམས་དཔའི་ཚོགས་སྤྱན་དྲངས། དམ་ཡེ་དབྱེར་མེད་དུ་གྱུར་པའི་ངང་ནས་མཆོད་བསྟོད་སོགས་བྱ། བདག་མདུན་ཐུགས་ཀར་པད་ཉིའི་སྟེང་དུ་རྡོ་རྗེ་དམར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གི་མཐར་ཨརྩིག་མཐིང་ཀ་གཡས་སུ་འཁོར་བའི་འོད་ཟེར་གྱིས་རྩ་གསུམ་ལྷ་ཚོགས་ཡེ་ཤེས་ཀྱི་ཁྲོ་རྒྱལ་རྣམས་མཆོད་ཅིང་དགྱེས་པ་བསྐྱེད། འགྲོ་བའི་སྒྲིབ་པ་སྦྱོང་བར་མོས་ལ། དང་པོ་སྤྱན་འདྲེན་སྔགས་ཤྲཱིཿ


SPN003_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་སོགས་བཟླ་བཞིན། དྲག་པོའི་སྐུ་གསུང་ཐུགས་ཀྱི་རྣམ་པ་སྐུ་དང་། ཡིག་འབྲུ། ཕྱག་མཚན་རྣམས་རང་ལ་ཐིམ་པས་སྟོབས་བཅུའི་ནུས་རྩལ་ཐོབ་པར་དམིགས། ཡང་སྔགས་ཕྲེང་གི་རང་སྒྲ་དང་འོད་ཟེར་ལས་བསྐལ་པའི་མེ་ཡི་ཚ་ཚ་འཕྲོས། སྣང་སྲིད་ཐམས་ཅད་དྲག་པོའི་སྐུར་བསྒྱུར་ནས། གཟུགས་ཅན་གཟུགས་མེད་ཀྱི་དགྲ་བགེགས་ཐམས་ཅད་མེ་ཡིས་བསྲེག་ཅིང་ལ་ལ་བརྒྱལ། ལ་ལའི་སྙིང་བཏོན་པ་སོགས་ཉམ་ཐག་པའི་ངང་ནས་དབང་མེད་དུ་བཀའ་དང་དམ་ལ་གནས་པར་མོས་ལ་རྒྱུན་བསྙེན་ཨ་རྩིག་བཟླ། དེ་ནས་ཕྲིན་ལས་བཞི་སྒྲུབ་དམིགས་པ་སྔ་དྲོར་ལྷ་དང་སྔགས་ཕྲེང་དཀར་པོའི་འོད་ཀྱི་འཕྲོ་འདུས་རང་དང་དམིགས་བྱའི་ནད་གདོན་བར་ཆད་ཐམས་ཅད་ཞི་ནས་འཆི་མེད་རིག་འཛིན་ཐོབ་པར་བསྒོམ་པ་དང་། ཉིན་གུང་ལྷ་སྔགས་སེར་པོའི་སྤྲོ་བསྡུས་ཚེ་བསོད་དཔལ་འབྱོར་རྒྱས་པར་དམིགས། དགོང་ཀར་ལྷ་སྔགས་དམར་པོའི་འཕྲོ་འདུས་སྣང་སྲིད་དབང་དུ་སྡུད་པར་མོས། སྲོད་ལ་ལྷ་སྔགས་མཐིང་ནག་གི་ཚ་ཟེར་གྱིས་གནོད་བྱེད་བྱད་ཕུར་ཐམས་ཅད་བསྲེག་ཅིང་ཐལ་བར་བརླག་པར་བསམ་ལ་སྔགས་བཟླའོ། །དེ་ནས་སྔགས་ཤམ་འདོགས་སྐབས། དྲག་སྔགས་སྒྲ་འོད་རྔམ་ཟེར་གྱི་སྤྲོ་བསྡུས་སྡེ་བརྒྱད་


SPN003_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཕོག་པས་དམ་ཚིག་རྗེས་སུ་དྲན་པས་སྲོག་གི་སྙིང་པོ་ཕུལ། བཀའ་ཉན་བྲན་དུ་འཁོལ་ནས་ཕྲིན་ལས་ཆེད་དུ་བསྒྲུབ་པར་དམིགས་ལ་སྔགས་ཤམ་བཟླའོ། །དེ་ནས་དགོངས་གསོལ་དང་བཅས་དྲག་པོའི་ལྷ་ཚོགས་ཐུགས་དམ་གནད་བསྐུལ་གྱིས་ཕྲིན་བཅོལ་ཆེད་དུ་གཏོར་མ་འབུལ། ཡང་འཁོར་རྣམས་བསྐུལ་ལ་གཏོར་མ་གསེར་སྐྱེམས་དགྲ་ཕྱོགས་སུ་འབུལ། ཕྱི་ནང་གསང་གསུམ་བཟློག་པའི་མཐར་ཡང་དམར་གཏོར་འབུལ་ལ། དར་ནག་ལན་དགུར་བརྡེག །འབྱུང་ལྔ་སྟེང་འོག་བསྒྱུར་བས་དགྲ་བོ་ཐལ་བར་བརླག་པར་དམིགས་ལ་སྟོང་ཉིད་ཀྱི་ངང་དུ་བཞག །དེ་ནས་མཁའ་འགྲོའི་བསྐྱེད་རིམ་སྟོང་པའི་རང་མདངས་ཀྱི་རྩལ་དེ་ཉིད་ལས་ཡེ་ཤེས་ལྔའི་འོད་ཟེར་གུར་ཁྱིམ་དབུས་སུ། བདག་བསྐྱེད་གནས་འགྱུར་གྱི་མཚོ་རྒྱལ་མ་དང་། མདུན་བསྐྱེད་བླ་མའི་གཡོན་དུ་མཁའ་འགྲོ་བསྐྱེད་པའི་གནས་ལྷ་རྣམས་དང་བཅས་གསལ་བཏབ་པའི་གནས་གསུམ་འབྲུ་གསུམ་ཐུགས་ཀའི་ས་བོན་འོད་ཀྱིས་བསྐུལ་བའི་རང་འདྲ་ཡེ་ཤེས་པ་རྣམས་ཨོ་རྒྱན་མཁའ་སྤྱོད་གནས་ནས་སྤྱན་དྲངས་བདག་མདུན་ལ་ཐིམ་པར་དམིགས་ལ། དེ་ནས་ཕྱི་རིམ་འཁོར་ཚོགས་རྣམས་ཀྱང་བསྐྱེད་ལ་ཐུགས་


SPN003_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གི་འོད་ཟེར་འཕྲོ་འདུས་དཔའ་བོ་མཁའ་འགྲོ་མ་རྣམས་སྤྱན་འདྲེན་བསྐྱེད་རིམ་དང་། གདན་འབུལ། མཆོད་བསྐང་། བཤགས་པ། བསྟོད་པ་བཅས། བསྙེན་དམིགས་གཞུང་ལྟར་གནས་ལྷ་སྔགས་ལྷ་ལྔའི་བྱིན་རླབས་ཐུགས་རྒྱུད་རིམ་བཞིན་བསྐུལ་ནས། སྙིང་ཁའི་གུ་རུའི་ཐུགས་ཀར་ཧཱུྃ་མཐར་མཁའ་འགྲོའི་བསྙེན་སྔགས་གཡོན་བསྐོར་དུ་དམིགས་ལ། འཕགས་མཆོད་འགྲོ་བའི་སྒྲིབ་སྦྱངས་སྣོད་བཅུད་དག་པ་གསུམ་ལྡན་ངང་ནས་སྔགས་བཟླའོ། །མཐར་སྔགས་ཕྲེང་རང་སྒྲ་དང་བཅས་གནས་ལྷ་རྣམས་བསྡུ་རིམ་གཞུང་ལྟར་མཐར་མི་རྟོག་པའི་ངང་དུ་བཞག་ལ། ཟུང་འཇུག་གི་ལྷ་སྐུར་ལྡང་ནས་ཚོགས་ལས་བམ་བསྒྲལ་གྱི་ཐ་ཚིག་བརྗོད་ཅིང་། སྲུང་མ་རྣམས་ལ་བཀའ་བསྒོ། དགུག་གཞུག་ལན་གསུམ། རང་ལྷའི་ང་རྒྱལ་ལྡན་བཞིན་བམ་བསྒྲལ་ནས། སྐྱེ་མེད་ཀྱི་ངང་དུ་བསྟིམ་པ་སོགས་བྱ། ཞལ་བསྟབ་ཆ་ལྔ་དང་། གཙང་ལྷག་བཅས་དྲུག་བཤམས་ལ་རིམ་པར་བསྟབས། རྣལ་འབྱོར་པ་རྣམས་གསལ་བ་གསུམ་ལྡན་གྱིས་ཚོགས་ལ་རོལ། སྤྱང་ཞོན་མར་ལྷག་གཏོར་བཏང་ལ་གཙང་གནས་སུ་བསྐྱལ། ཕྲིན་བཅོལ་དྲག་ཏུ་བྱའོ། །དེ་ནས་ཡང་གསང་ལས་མགོན་བསྒྲུབ་པ་ལ་རང་ཉིད་


SPN003_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བདག་གསལ་བའི་སྤྱི་བོར་པད་འབྱུང་བསྐྱེད་ལ། རང་གི་ཐུགས་ཀར་སྔགས་ཕྲེང་དམིགས་པ་གཞུང་ལྟར་བཟླས་པ་དང་། བསྡུ་རིམ་ཟུང་འཇུག་སྐུར་ལྡང་བའི། མདུན་བསྐྱེད་བླ་མའི་དྲུང་དུ་ལས་གཞུང་ལྟར་བདུད་མགོན་ཏྲཀྴད་ལ་ཡུམ་བཞི། བདུད་པོ་བརྒྱད། རུ་འདྲེན་བདུན་སོགས་འཁོར་དང་ཡང་འཁོར་མང་པོས་བསྐོར་བ་བསྐྱེད་ལ། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་དང་། མདུན་བསྐྱེད་ཀྱི་གནས་གསུམ་འབྲུ་གསུམ་དང་། ཁྱད་པར་ཐུགས་ཀའི་ཧཱུྃ་ཧ་ཁོག་ནང་དུ་དུཿཡིག །དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་། རང་རང་གི་གནས་ཡུལ་རྣམས་ནས་མགོན་པོ་འཁོར་བཅས་སྤྱན་དྲངས་ཏེ་དམ་ཡེ་གཉིས་མེད་གྱུར་པ་ལ་ཕྱག་འཚལ། གདན་འབུལ་དང་། དམ་བཞག་སྐབས་དམིགས་པ་གཞུང་ལྟར་གྱིས་ཁྱབ་ཅིང་མཆོད་བསྟོད་དང་བཅས། མགོན་པོའི་ཐུགས་ཀར་པད་ཉིའི་གདན་ལ་ཧཱུྃ་ཧ་ཁོག་ནང་དུཿཡིག །དེའི་མཐར་རྩ་སྔགས་དང་སྤྱི་དྲིལ་སྔགས་བཅས་དེ་རྣམས་མཐིང་ནག་འོད་ཀྱི་གཟི་མདངས་ལྡན་པ་གཡས་སུ་འཁོར་ཞིང་། ཡུམ་བཞིའི་ཐུགས་ཀར་མཿ འཁོར་རྣམས་ལ་དུཿཡིག་རེ་བཅས་ཐམས་ཅད་ཁ་དོག་ནག་པོ་འོད་དང་ལྡན་པ་དེ་རྣམས་ལས་འོད་ཟེར་འཕྲོས། རང་འདྲའི་གཙོ་


SPN003_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དཔག་ཏུ་མེད་པ་སྤྱན་དྲངས། མདུན་བསྐྱེད་ལ་ཐིམ་པར་དམིགས་ལ་སྤྱན་འདྲེན་གྱི་སྔགས་བཟླ། དེ་ནས་རང་ཡི་དམ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་སྔོན་པོ་སྤོས་རེང་གི་དུད་པ་ལྟར་ཞལ་ནས་ཐོན། མདུན་བསྐྱེད་གཙོ་འཁོར་གྱི་ཞལ་དུ་ཞུགས། སྔགས་འཁོར་ལ་ཕོག །མཆོད་པས་མཉེས། སླར་ཡང་སྔགས་ཕྲེང་འཕྲོས། ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས། ཐུགས་ཀར་ཐིམ་པས་དཔལ་མགོན་དང་དབྱེར་མེད་པའི་མཐུ་སྟོབས་དང་ལྡན་པར་མོས་པ་དང་། ཡང་བདག་མདུན་བར་སྔགས་ཕྲེང་དེ་ཉིད་མགལ་མེ་ལྟར་འཁོར་བཞིན་པའི་འོད་ཀྱིས་མདུན་བསྐྱེད་གཙོ་འཁོར་གྱི་ཐུགས་རྒྱུད་བསྐུལ་བས་སྤྲུལ་པ་ཡང་སྤྲུལ་གྲངས་མེད་འཕྲོས་ནས་དགྲ་བགེགས་བྱད་མ་ཐམས་ཅད་ཚར་བཅད་པའི་ཕྲིན་ལས་ཐོགས་མེད་བསྒྲུབ་པར་དམིགས་ལ་རྩ་སྔགས་དང་སྤྱི་དྲིལ་བཟླའོ། །རྩུབ་ཉམས་བྱུང་ན་མཐར་དམ་བཞག་གི་སྔགས་དམིགས་གཞུང་ལྟར་བཅས་ལ། གཏོར་འབུལ་དང་ཕྲིན་བཅོལ་རྩ་གསུམ་ལྷ་ཚོགས་ལ་སྐོང་རྫས་དངོས་འབྱོར་ཡིད་ཀྱི་ལོངས་སྤྱོད། ཡིད་སྤྲུལ་མཆོད་སྤྲིན་རབ་འབྱམས་རྒྱ་མཚོ་བློ་ཡིས་བླངས་ཏེ་ཚིག་དོན་ལྟར་དམིགས་ནས་འབུལ། དེ་ནས་ནོར་སྒྲུབ་ལ། རང་ཉིད་པད་འབྱུང་གསལ་


SPN003_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བའི། མདུན་བསྐྱེད་བླ་མའི་དྲུང་དུ་ཛམ་ལྷ་ཡབ་ཡུམ་རིགས་བདག་དང་བཅས་གསལ་གདབ་ལ་ཐུགས་ཀར་རིན་པོ་ཆེའི་ལྟེ་བར་བྷྲཱུྃ་ཡིག་མཐར་སྔགས་ཕྲེང་གསེར་མདོག་གཡས་སུ་འཁོར་བའི་འོད་ཀྱིས་བསྐུལ་བའི་ལྕང་ལོ་ཅན་ནས་ཛམ་ལྷ་འཁོར་བཅས་སྤྱན་དྲངས་ནས་མདུན་བསྐྱེད་ལ་བསྟིམས་ཤིང་། ཐུགས་ཀའི་སྔགས་ཕྲེང་འཁོར་བའི་འོད་ཟེར་འཕྲོ་འདུས་ལྷ་མི་ཀླུ་ཡི་ལོངས་སྤྱོད་ཐམས་ཅད་ཆར་བཞིན་བབས་ནས་བདག་མདུན་ལ་ཐིམ་པར་དམིགས་ནས་སྔགས་བཟླའོ། །མཐར་མཆོད་བསྟོད་བྱ། དེ་ནས་ཟབ་གནད་ཡང་གསང་སྙན་བརྒྱུད་ཟངས་སྦུབ་མའི་བསྐྱེད་རྫོགས་ཀྱི་རིམ་པ། ལྷ་བསྐྱེད། སྔགས་བཟླས། རྫོགས་ཆེན་ལ་ཕབ་པ་སྟེ། དང་པོ་ཐ་མལ་གྱི་ཞེན་འཛིན་རྣམས་སྟོང་ཉིད་ཀྱི་ངང་དུ་སྦྱངས་ནས། རང་མདངས་མ་འགགས་རིག་བའི་རང་རྩལ་ལས་སྣང་སྟོང་སྒྱུ་མ་ལྟ་བུའི་ངང་ནས། ཕྱི་སྟོང་རང་ཉིད་རྡོ་རྗེ་གྲོ་ལོད་དང་། མཁའ་འགྲོ་སེང་གདོང་འཁྲིལ་སྦྱོར་ཅན་དུ་བསྒོམ་པའི། རིགས་བདག་ཕྱག་མཚན་གྱི་གནས་ལྷ་རྣམས་གསལ་


SPN003_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གདབ། རྩ་གསུམ་འཁོར་ལོ་ལྔའི་གནས་ལྷ་རྣམས་ཀྱང་བསྐྱེད་ལ། དང་པོ་ཐུགས་ཀའི་གུ་རུ་ཡབ་ཡུམ་ཀྱི་ས་བོན་ཧཱུྃ་མཐར་སྔགས་ཕྲེང་གཡས་སུ་འཁོར་བར་དམིགས་ལ། དེ་ལས་འོད་འཕྲོས། རྒྱལ་བ་མཆོད། འགྲོ་བའི་སྒྲིབ་པ་སྦྱངས། ཚུར་འདུས་རང་ལ་ཐིམ་པས་མཆོག་ཐུན་དངོས་གྲུབ་ཐོབ་པར་མོས་ལ་སྔགས་བཟླ། དེ་ནས་དུང་ཁང་གི་སྣང་མཐའ་ཡབ་ཡུམ་གྱི་ས་བོན་ཧྲཱིཿདང་སྔགས་འཁོར་ལས་འོད་ཟེར་སྤྲོ་བསྡུ་སོགས་ཀྱང་གོང་བཞིན་བྱས་ལ་བཟླའོ། །མགྲིན་འཁོར་འཇིག་རྟེན་དབང་ཕྱུག་སོགས་གཞན་རྣམས་ལའང་། དེའི་རིགས་འགྲེས་དམིགས་པས་ཁྱབ། དེ་ནས་རིམ་པས་ཕྱི་སྣོད་དང་། ནང་བཅུད། འཁོར་འདས་སྣང་སྲིད། འགྲོ་བ་རིགས་དྲུག་རྣམས་ཡེ་ཤེས་ལྷའི་རོལ་པར་བསྒྱུར་ནས་སྔགས་བཟླའོ། །དེ་ནས་ཚིག་དོན་ལྟར། གང་ཤར་ཐམས་ཅད་བློ་འདས་བརྗོད་མེད་ལྷན་སྐྱེས་ཀུན་ཏུ་བཟང་པོའི་ཀློང་དུ་ཤར་གྲོལ་དུས་མཉམ་གྱི་ཉམས་ལེན་བསྐྱང་ལ། དྲག་དམིགས་ཀྱི་སྐབས་ལྷ་ཚོགས་རྣམས་ལྷག་པར་ཁྲོས་རྔམ་ཟིལ་དང་ལྡན་པ་བསྐྱེད་ལ། སྔར་ལྟར་ཐུགས་ཀའི་གུ་རུའི་ས་བོན་མཐར་དྲག་སྔགས་གཉིས་ཀྱིས་བསྐོར་བ་དེའི་རང་སྒྲ་དང་འོད་ཟེར་གྱིས་གཟུགས་


SPN003_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གཟུགས་མེད་ཐམས་ཅན་རང་ལ་བསྟིམ། དྲག་པོ་ཆེན་པོའི་མཐུ་རྩལ་ནུས་སྟོབས་ཐམས་ཅད་རྫོགས་པར་མོས་ལ་སྔགས་བཟླ། གནས་ལྷ་རྣམས་ཀྱང་ཁྲོ་བོར་གནས་འགྱུར་གྱི་སོ་སོར་སྔགས་འཁོར་སྤྲོ་བསྡུ་སོགས་གོང་ལྟར་བྱས་ལ་སྔགས་བཟླའོ། །མཐར་ཕྱག་མཚན་རྣམས་སྤྲོ་བསྡུས་གནོད་བྱེད་ཐམས་ཅད་ཚར་བཅད་རྗེས་འཛིན་གྱི་ཕྲིན་ལས་ཐོགས་པ་མེད་པ་འགྲུབ་པར་བསམ། དེ་ནས་ཟབ་ཆོས་རྣམས་ཀྱི་རྣོ་མཚོན་ཡས་ཟོར་ཆེན་མོ་སྲིད་གསུམ་བརླག་བྱེད་ཀྱི་དམིགས་པའི་བསྒྱུར་ཁ་རྣམས་ནི་གཞུང་ཉིད་དུ་གསལ་བ་དེ་ཡིས་ཁྱབ་པར་གདའ། འདིའི་སྐབས་ཞི་དྲག་གི་ལས་བྱང་བསྙེན་སྔགས་རྣམས་ཀྱི་མཐར་སྔགས་ཤམ་འདོགས་སྐབས། ལག་གཡས་ཟླ་བ་གཡོན་ཉི་མའི་མཐིལ་དུ་གནོད་བྱེད་ཐམས་ཅད་ཐལ་མོ་བརྡབ་པས་རྗེས་མེད་སོང་བར་མོས། མཐར་མི་དམིགས་པའི་ངང་དུ་བཞག་པ་སོགས་རིགས་འགྲེའོ། །དེ་ནས་སྲིད་གསུམ་གཏིང་ཟློག་སྐབས། མདུན་བསྐྱེད་འབྱུང་བ་རིམ་བརྩེགས་སྟེང་དུ་དྲག་པོ་ལ་ལྷ་ཚོགས་རྣམས་ཚིག་དོན་ཇི་ལྟར་བསྐྱེད་ལ། སྦས་གསང་གི་ཁྲོ་ཚོགས་རྣམས་བཞེངས་བསྐུལ་དང་། མངའ་གསོལ་སྨན་རཀ་གཏོར་མཆོད་སྦྲེང་བ་དང་། བསྒྲལ་ལས་སྐབས།


SPN003_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མདུན་གྱི་བར་ལྕགས་ཁང་ནང་དགྲ་བགེགས་འགུགས་གཞུག་དྲག་ཏུ་བྱ་ཞིང་། ཕུར་བསྐྱེད་གནས་ལྷ་དང་བཅས་དམིགས་ནས། ལྷ་དབྱེ་ཞིང་། ཕུར་པས་བསྒྲལ་ལ། དུག་ལྔ་ཡེ་ཤེས་ཀྱི་ངོ་བོར་བསྒྱུར་ནས་ཞལ་བསྟབ་དྲག་པོའི་ལས་བསྐུལ་བཏོན། བཟློག་པའི་ཕྲིན་བཅོལ་སྐབས་གཏོར་འབུལ་རྣམས་དང་། ཏྲཀྴད་དགྲ་ཆོས་གཏོར་ཟད་ཀྱི་དྲག་བསྐུལ་བཅས་བྱ། རིགས་ལྔའི་ཟློག་པ་ནི། དེ་ཁོ་ན་ཉིད་ཀྱི་ཟློག་པ་ཟབ་མོ་སྟེ་སྟོང་ཉིད་ལྟ་བའི་གདེང་དང་ལྡན་པའི་ངང་ནས་བྱའོ། །དེ་ནས་ཚེ་སྒྲུབ་འཆི་མེད་བཙན་རྫོང་སྐབས། རང་ལྷར་གསལ་བའི་རིགས་བདག་དང་། གནས་ལྷ་ཚེ་དཔག་རིགས་ལྔ་ཡབ་ཡུམ་བཅས་བསྐྱེད་བསྟིམ་གཞུང་ལྟར་དང་། བསྙེན་པའི་སྐབས་ཐུགས་སྲོག་འོད་ཟེར་སྤྲོ་བསྡུས་རང་གི་བླ་ཚེ་ཡར་བ། འཐོར་བ་སོགས་དང་། འབྱུང་བ་ལྔའི་དྭངས་བཅུད། སྐྱེ་འགྲོའི་ཚེ་བསོད། རྒྱལ་བའི་བྱིན་རླབས་རྣམས་བསྡུས་ནས་རང་ལ་ཐིམ་པར་བསྒོམ་ཞིང་སྔགས་བཟླའོ། །མཐར་དབྱངས་གསལ་རྟེན་འབྲེལ་སྙིང་པོ། ཡིག་བརྒྱས་ལྷག་ཆད་ཁ་བསྐང་། ཡེ་ཤེས་ལྷ་ཚོགས་སོགས་བཏོན། འདིར་མཆོད་བསྟོད་བཤགས་པ་སོགས་དོན་ཚང་བ་ཉིད་དོ། །དེ་ནས་ལུས་སྣང་ལྷ་སྐུ་


SPN003_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བསྡུ་རིམ་དང་དམིགས་མེད་གྱི་ངང་དུ་མཉམ་པར་བཞག་ལ། སླར་ཟུང་འཇུག་གི་སྐུར་ལྡང་ནས། ཀུན་བཟང་ནང་གི་བཀྲ་ཤིས་བརྗོད་ཅིང་རྒྱུན་སྤྱོད་བྱའོ། །དེ་ནས་གཏོར་རྒྱག་སྐབས་འདོན་ཆ་རྣམས་ཉིན་ལྟར་ལ་གཏིང་ཟློག་གི་ཕྲིན་བཅོལ་ཚར་འཕྲལ་རྩ་གསུམ་དང་། དཀར་ཕྱོགས་སྐྱོང་བ་རྣམས་ལ་ལམ་སེལ་གྱི་ཆེད་དུ་རིན་ཆེན་གསེར་སྐྱེམས་འབུལ་ནས་མདོས་དང་ཟོར་གྱི་ལམ་ཕྱེས་པར་བཅོལ་ཏེ། བསྐང་བའི་ཐ་ཚིག་བརྗོད་ལ་སྐོང་རྫས་གཏོར་མ་སྣང་སྲིད་ཀྱི་འདོད་ཡོན་ནམ་མཁའ་མཛོད་བཞིན་འབུལ་བས་གང་བཅོལ་ཕྲིན་ལས་མཛད་པ་དམ་བཅས་པར་མོས་ལ། ཟོར་སྐབས་མདོས་ཀྱི་སྒོ་དབྱེ་དང་། དེ་མིན་ཡི་དམ་ཆོས་སྐྱོང་བསྐུལ་གྱི་སྐབས་བཟློག་གཏོར་གཉིས་བསྐུལ་ཙམ་གྱིས་འཐུས་པས། འབོད་དོ་ཞེས་ཏྲཀྴད་ཞལ་ཆེམས་ལས་འགྱེད་དང་། བསྐུལ་ལོ་རྦད་དོ་ཞེས་ཡི་དམ་བསྐུལ་བཅས་བཏོན་མཐར། མདོས་ཟོར་རྣམས་རིམ་བཞིན་བཏེགས་ནས། རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཞུགས་པ་ལ་གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་གྱུར་པ་དམིགས་ཏེ་ཕུལ་བས་དགྱེས་པར་རོལ་ཞིང་རྣལ་འབྱོར་པའི་མགོན་སྐྱབས་དཔུང་གཉེན་སྡོང་གྲོགས་ལྷག་པར་མཛད་བའི་


SPN003_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་རྩལ་ནུས་པ་ཐོགས་མེད་བསྟན་པའི་ཐུགས་དམ་གྱི་རྒྱུད་བསྐུལ། ལྷག་མ་ནད་མཚོན། དུག་རླངས། མེ་དཔུང་། དྲེགས་པ་སྡེ་བརྒྱད་དམག་ཚོགས། མི་བསྲུན་པའི་དམག་དཔུང་དུ་གྱུར་ཅིང་སྟེང་འོག་བར་གསུམ་སྤྲིན་ཆེན་རླུང་གིས་བསྐྱོད་པ་བཞིན་དུ་སྔོན་དུ་ལས་མགོན་འཁོར་བཅས་དང་། དེ་ནས་གུ་རུ་དྲག་པོ་ཁྲོ་ཆེན་རྡོ་རྗེ་གཏུམ་པོའི་ལྷ་ཚོགས་ཐམས་ཅད་མངོན་སྤྱོད་ཀྱི་ལས་ལ་མྱུར་མགྱོགས་བཟོད་དཀའི་གཟི་བྱིན་འབར་བ་དང་ལྡན་པས་ཁམས་གསུམ་གཡོ་བ་དང་བཅས་ཏེ་དགྲ་ཡུལ་དུ་ཆས་པར་དམིགས་ལ། རྣལ་འབྱོར་པ་རྣམས་ལྷའི་ང་རྒྱལ་ལ་གནས་བཞིན་དྲག་སྔགས་བཟླ་ཞིང་སེར་འཕྲེང་རྔམ་བརྗིད་དང་བཅས་ཕྱི་རོལ་གོམ་པའམ། ཡང་ན་འདོམ་ཉེར་ལྔའི་སར་དཔག་ནས་ཟོར་ཆས་རྣམས་བཀོད། རྩ་གསུམ་ལྷ་ཚོགས་ནམ་མཁར་བཞུགས་པ་རྣམས་ཀྱིས་གཟུང་པར་མཛད་ནས་ལེགས་ཉེས་ཀྱི་སྟངས་འཛིན། དམ་ཚིག་གི་རྗེས་གཅོད་པའི་ཕྱིར་ཁོང་ནས་ཡུས་པའི་གདུང་བ་དྲག་པོའི་ང་རོ་དང་བཅས་ཏེ་སློབ་དཔོན་གྱིས་བཞེས་མཛོད། དེ་ནས་དྲག་པོའི་ལྷ་ཚོགས་རྣམས་མངོན་སྤྱོད་ཀྱི་ལས་ལ་དགོངས་པའི་ཁྲོས་འཁྲུགས་རྔམ་པའི་སྐུར་བཞེངས་པ་དང་བཅས་ཕྲིན་ལས་མཛད་པར་མོས་ལ།


SPN003_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལྷའི་ང་རྒྱལ་བཅས། ཟློག་པ་རྐྱང་པའི་སྐབས་རང་བཟོ་མངོན་སྤྱོད་ཟོར་ལས་དགོས་ཤིང་། དེ་མིན་མདོས་ཆེན་དང་ཟློག་པ་འབྲེལ་སྐབས་ཡས་ཟོར་ནང་ལྟར་ཟོར་འཕེན་ནས། རྦད་སྔགས་འདོན་བཞིན་པར་རིམ་གྱིས་ལིདྒ་ལ་བརྡེག །དེ་ནས་ལས་མགོན་རྦད་བསྐུལ། མ་ཧཱ་ཀཱ་ལ་སོགས་ཀྱི་མཐར་མདོས་ཆེན་དང་། བཟློག་གཏོར་འཕང་། ཡི་དམ་དྲག་བསྐུལ། རྡོ་རྗེ་དྲེགས་འཇོམས་སོགས་དང་། ཁྲོ་རྒྱལ་འབར་བའི་བཟློག་མཐར་དྲག་པོའི་ཟློག་གཏོར་བརྡེག་ལ་བསྐལ་པའི་མེ་ལྟར་འབར་པའི་ཀློང་ནས་ནད་མཚོན་དུག་གི་སྤྲིན་ཕུང་གཏིབ་བཞིན་པའི་ངང་། འབྱུང་བཞིའི་དཀྱིལ་འཁོར་ཡང་སྟེང་འོག་བསྒྱུར་ཅིང་དྲེགས་བྱེད་ཀྱི་དམག་ཚོགས་རྣམས་ཀྱིས་གང་ལ་དམིགས་པའི་དགྲ་བོ་ས་གཞི་ཡུལ་མཁར་དང་བཅས་མིང་རུས་རྗེས་ཤུལ་ཙམ་ཡང་མེད་པར་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་དམིགས། དེ་ནས་རིགས་ལྔའི་གཏོར་ཟློག་འདོན་ཞིང་། བསྒྲལ་བྱ་སྒྲོལ་བྱེད་ཐམས་ཅད་དམིགས་མེད་སྟོང་ཆེན་ཀུན་བཟང་ཀློང་དུ་ུམཉམ་པར་བཞག དེ་ནས་རང་ལྷར་གསལ་བའི་སྐུ་ལས་ཁྲོ་བོ་ཁྲོ་མོ་རྡོ་རྗེ་མཚོན་ཆ་མེ་རིའི་རྭ་གུར་གྱིས་སྲུང་འཁོར་བསྒོམ་ལ་ཕྱི་མིག་མི་ལྟ་བར་ཐོ་བཙུགས་


SPN003_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱི་ལམ་བཅད། གདོན་བགེགས་རྣམས་བསྐལ་པའི་བར་དུ་མི་ལྡང་བར་གཏོར་བྲོ་བརྡུང་ལ་མནན། སྣོད་ཁ་གྱེན་དུ་བསྟན་ལ་མེ་ཏོག་འཐོར། སྒྲུབ་ཁང་ནང་དུ་ཕྱིན་ལ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བསྟན་དགྲ་བསྒྲལ་ནས། བསྟན་པའི་རྒྱལ་མཚན་མི་ནུབ་སྲིད་རྩེར་བསྒྲེང་པའི་ཕྲིན་ལས་ཡིད་བཞིན་འགྲུབ་པའི་ཐུགས་དགྱེས་པའི་འཛུམ་ཞལ་གྱི་མདངས་བསྟན། གསུང་དགྱེས་པའི་གད་མོའི་དབྱངས་སྒྲོག །སྐུ་དགྱེས་པའི་གར་དགུའི་རོལ་སྟབས་དང་བཅས་སྔར་བཞིན་རྟེན་ལ་བཞུགས་པའི་དྲུང་དུ་རྒྱལ་དབྱངས་གྱེར་ཞིང་མེ་ཏོག་འཐོར་ལ། དགྲ་སོད་ཕྱེ་མར་ཕུལ་སྐབས་འདིར་སྤྲོ་ན་ལས་བཞིའི་མེ་ཏོག་བླུགས་པ་སོགས་སྐབས་དང་བསྟུན། ཚེ་འགུགས་དང་། དངོས་གྲུབ་རྫས་ལ་རོལ། ལྷག་ཆད་ཁ་བསྐང་། ཡེ་ཤེས་ལྷ་ཚོགས་སོགས་དང་། དངོས་གྲུབ་དབང་བླང་གི་དམིགས་པ་བླ་མ་ཞི་བ་ལྟར་འདོན་བསྒོམ་དང་། རྟེན་གཏོར་བྱིན་རླབས་ཞུ་ཞིང་། རྟེན་དང་གཏོར་མའི་ལྷ་ཚོགས་སོགས་མདུན་བསྐྱེད་དཀྱིལ་འཁོར་པ་རང་ལ་བསྟིམ། ལུས་སྣང་ལྷ་སྐུ་སོགས་རྫོགས་རིམ་ཀ་དག་སྤྲོས་བྲལ་གྱི་ངང་དུ་བཞག །སླར་ཡང་ཟུང་འཇུག་གི་སྐུར་ལྡང་


SPN003_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ནས། བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར་བ་སོགས་བསྔོ་བ་སྨོན་ལམ་སོགས་བྱ་ཞིང་རྒྱུན་སྤྱོད་ལ་འཇུག་ནས། གཏང་རག་ཏུ་ལྷ་བསང་བཏང་པ་སོགས་བྱའོ། །སྨྲས་པ། དེ་ལྟར་ཡང་གསང་ཐུགས་ཏིག་ཟབ་མོ་ཡི། །སྙིང་པོའི་ཡང་སྙིང་བླ་མེད་བསྐྱེད་རྫོགས་ལམ། །གསལ་བྱེད་གནད་ཀྱི་མན་ངག་བཀའ་རྒྱ་ཅན། །གཏེར་ཆེན་མཆོག་དང་ཆོས་བདག་བརྒྱུད་བཅས་ཀྱི། །ཞལ་གདམས་གསུང་རྒྱུན་ཀུན་གྱི་བཅུད་བསྡུས་པ། །འཁྲུལ་མེད་ཕྱོགས་གཅིག་བཀོད་པའི་དགེ་གང་དེས། །བསྟན་པ་མི་ནུབ་རྒྱལ་མཚན་བསྒྲེང་བ་དང་། །བསྟན་འཛིན་ཕྲིན་ལས་རྒྱས་པའི་དཔལ་ཐོབ་ཅིང་། །གསང་སྔགས་སྦས་འོས་གསལ་བྱས་ནོངས་པའི་ཚོགས། །དག་ཚངས་གསོལ་ཞིང་དུས་བབ་ཟབ་ཆོས་ཀྱིས། །འགྲོ་དོན་མཐར་ཕྱིན་མཁའ་ཁྱབ་ལུས་ཅན་རྣམས། །ཀུན་ཏུ་བཟང་པོའི་ས་ལ་རེག་གྱུར་ཅིག །ཅེས་པའང་གུ་རུ་པདྨའི་མཚན་གྱི་བྱིན་རླབས་ཆ་ཙམ་ཐོབ་པ་སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་པ་སྟེ། སྐལ་ལྡན་རྣམས་ལ་སྤེལ་ཞིང་། དམ་མེད་ལོག་ལྟ་ཅན་ལ་གསང་རྒྱ་དགོས་པ་སྟེ། སྲུང་མ་རྣམས་ཀྱིས་མེལ་ཚེ་མ་གཡེལ་ཅིག །ས་མ་ཡ་རཀྵ། །

བཅའ་ཐབས་དང་འདོན་འགྲིགས་ཀྱི་རིམ་པ་མཐོང་བས་དོན་རྟོགས་རབ་གསལ་ཕན་བདེའི་མེ་ལོང་།


SPN003_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་དགེ་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་ཟབ་གཏེར་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩལ་གྱི་དཀྱིལ་འཁོར་ཆེན་པོའི་ཞལ་ཕྱེའི་སྐབས་བཅའ་ཐབས་དང་འདོན་འགྲིགས་ཀྱི་རིམ་པ་མཐོང་བས་དོན་རྟོགས་རབ་གསལ་ཕན་བདེའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ལོ་ཀ་རྟོ་ར་བཛྲ་ཡ། འདིར་རྩ་གསུམ་གྱི་བསྙེན་སྒྲུབ་མཐར་ཕྱིན་པའི་རྣལ་འབྱོར་པ་དམ་ཚིག་ལྡན་ཞིང་། བསྟན་པ་དང་བླ་མར་གུས་པ། སེམས་ཅན་ལ་བརྩེ་བ་དག་གིས་དྲག་པོའི་ལས་བརྩམ་པར་བྱ་སྟེ། དང་པོ། རྩ་གསུམ་ལྷ་ཚོགས་བྲིས་འབུར་གྱི་རྟེན་བཤམས་པའི་དྲུང་དུ། མཆོད་རྟེན་བང་རིམ་གསུམ་བྱས་ལ། གོང་མར་ཟ་འོག་གི་སྟན་ཁེབ་ཁར། དབུས་སུ་དར་དཀར་པོ་ཁ་གང་སྟེང་། བླ་མ་ཞི་བ་ལ། དབུས་དང་ཕྱོགས་མཚམས་བརྒྱད་ལ། འབྲུ་དཀར་དགུ་ཚོམ་བཀོད། གཡས་སུ་དར་དམར་ཁ་གང་སྟེང་། ཡི་དམ་དྲག་པོ་ལ། འབྲུ་དམར་པོའི་དགུ་ཚོམ་དང་། དེའི་གཡས་ངོས་སུ་ཛཾ་ལྷར། དར་སེར་ཁ་གང་སྟེང་། འབྲུ་སེར་པོའི་དགུ་ཚོམ་བཀོད། ཞི་བའི་གཡོན་དུ། ཆོས་སྐྱོང་ལ་དར་ནག་པོ་ཁ་གང་སྟེང་། འབྲུ་ནག་གི་ལྔ་ཚོམ་དང་། དེ་ཕྱིར་ཕྱོགས་མཚམས་ལ་ཚོམ་བུ་བརྒྱད་བཀོད།


SPN003_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་སོ་སོའི་ཁར་མཉྫུ་ཡོད་ཀྱང་ལེགས། མེད་ཀྱང་རུང་ལ། དབུས་སུ་ཤེལ་ལམ་དངུལ་སྣོད་དུ་བླ་མའི་རྟེན་གཏོར་ཚེའི་བུམ་པ་ཁ་རྒྱན་ཤིང་ལོ་དང་རིན་པོ་ཆེའི་རྒྱན་དང་། ལྟོ་བ་པད་འདབ་བརྒྱད་ཁ་གྱེན་བསྟན་ཅན། གཤམ་དུ་ཚེ་རིལ་རིན་ཆེན་རྒྱན་ལྡན་སྤུངས། རྩེ་རྒྱན་ལ་ཤིང་ལོ་དང་། དབུས་སུ་མེ་ཏོག་དཀར་ལ་དམར་མདངས་ཅན་གྱི་ཟེའུ་འབྲུའི་སྟེང་། ཐོད་ཆབ། དེ་སྟེང་གསེར་གྱི་རྡོ་རྗེ་རྩེ་ལྔ། རྩེར་ཉི་ཟླ་ནོར་བུ་དང་། མཐའ་སྐོར་མདུན་དུ། ཕྱོགས་བཞིར་མཁའ་འགྲོ་སྡེ་ལྔའི་དཀར་བཤོས་ལྔ་ལ་དཀར། སྔོ། སེར། དམར། ལྗང་གི་རྒྱན་གཉིས་ཅན། ཕྱོགས་མདོག་བྱ། བར་མཚམས་སུ་ཚེ་རིལ་བྱུར་བུར་སྤུངས། མདུན་གཡས་གཡོན་ལ་ཐབས་ཤེས་རྫས། ཤ་དང་། ཆང་། ཚེ་རིལ། ཚེ་ཆང་། ཚེ་མདའ་རྒྱན་ལྡན་ཡང་གཟུག །ཞི་བའི་གཡས་ལ་ཟངས་སྣོད་དུ། ཡི་དམ་རྟེན་གཏོར་ཐོག་མདེལ་དབྱིབས་ཟུར་གསུམ་རྣོ་དབལ་ཅན་མེ་རིས་བརྒྱན་པ། རྩེ་རྒྱན་དང་ཕྲག་རྒྱན་ལ་མེ་རི་ཡེ་ཤེས་ལྔའི་མཚོན་བྱེད་ཅན་གྱི། དབུས་སུ་མེ་ཏོག་དམར་སྨུག་གི་ཟེའུ་འབྲུའི་སྟེང་། གནམ་ལྕགས་རྡོ་རྗེ་རྩེ་དགུ་དང་། ཕུར་པ། དེ་གཉིས་ཀྱི་སྟེང་བྱ་ཁྱུང་དང་། ལྕགས་སྡིག་གིས་


SPN003_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ། མཐའ་སྐོར་དུ་སྡེ་བརྒྱད་དམར་གཏོར་མེ་རི་ཅན་བརྒྱད། བར་མཚམས་སུ་ཟས་སྣ་བསྐང་བ་བཤམས། དེའི་གཡས་ངོས་དངུལ་སྣོད་དུ་ཛཾཾ་གཏོར་ཟན་འབྲུ་བཞིའི་སྟེང་ནོར་བུ་སུམ་བརྩེགས་མར་ཚོན་རྒྱན་དང་། རྩེ་རྒྱན་ཤིང་ལོ་དང་། དབུས་སུ་མེ་ཏོག་སེར་སྐྱའི་སྟེང་། ཤིང་ཏོག་དང་། ནེའུ་ལེ་ནོར་བུ་སྐྱུག་པ་བཅས། གཏོར་མའི་མཐའ་བསྐོར། ཞོ། འོ་མ། སྦྲང་། ཞག་དང་ཚིལ། རྐང་མར་དང་གཞན་ཡང་ཟས་སྣ་སྤུངས་པ་བཀོད། བླ་མའི་གཡོན་དུ། མཁའ་འགྲོའི་རྟེན་ཚེ་མདའ་ལ་དར་སྣ་ལྔ་བཏགས་པར་སོ་སོར་སིནྡྷུ་རའི་མཁའ་འགྲོའི་སྔགས་བྱང་བྲིས་པ་དང་། བྱ་རྒོད་ལྤགས་པ་དྲི་བཟང་བྱུགས་ནས་དྲིལ་བ་དང་། གཞན་ཡང་མེ་ལོང་། རིན་ཆེན་སྣ་ལྔ་སོགས་ཀྱང་བཏགས་ལ་བུམ་པའམ་སྣོད་འབྲུས་བཀང་བའི་ནང་འཛུག །དེའི་གཡོན་དུ། ལྕགས་སམ་ཟངས་སྣོད་དུ། འབྲུ་ནག་གི་ལས་མགོན་རྟེན་གཏོར་ཟུར་གསུམ་མེ་རི་ཅན། རྩེ་རྒྱན་ཡི་དམ་ལྟར་ལ། དབུས་སུ་པདྨ་སྔོ་ནག་གི་ལྟེ་བར། རུ་དར་དང་། ཞགས་པ། ལྕགས་ཀྱུ་དང་། དགྲ་སྙིང་བཅས་དང་། མཐའ་སྐོར་ཡུམ་བཞིར་ཟུར་གསུམ་བཞི། དེ་རྒྱབ་ཕྱོགས་དང་མཚམས་སུ་བདུད་མགོན་


SPN003_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

དམར་གཏོར་བརྒྱད། དེ་རྣམས་མེ་རི་དང་། གཙོ་འཁོར་ཐམས་ཅད་ལ་ཤ་དར་བཙུག །བར་མཚམས་ཟས་སྣ་སྤུངས་པ་བཅས། ཕྱིའི་རྟེན་རྫས་དང་། ནང་གི་རྟེན་རྫས་བྱ་ནག་ཁྱི་ནག །ལུག་ནག་གི་ཙིཏྟའི་རྩ་སྦུབས་ནང་རྩ་སྔགས་དང་སྤྱི་དྲིལ་བྲིས་ལ། དར་དཀར་དམར་མཐིང་གསུམ་གྱིས་དྲིལ། མདུང་དར། ཞགས་པ། ལྕགས་ཀྱུ། དགྲ་སྙིང་སོགས་བྲིས་པའམ་དངོས་སུ་བཤམས། མེད་ཀྱང་རུང་བ་ལས་ཅི་བྱ། དེ་ལྟར་རྟེན་གཏོར་བཞི་ཀར་སྨུག་རྩི་བྱུག །སྟེགས་བར་མ་རྟེན་ཁེབ་ཁར། གཡས་སུ་བདུད་རྩི་དབུས་སུ་མཆོད་གཏོར་ཟུར་གསུམ་ཅན་ལ། མར་རྩི་དང་དཀར་ཐིག་མར་རྒྱན། རྩེར་ཉི་ཟླ་ནོར་བུ་བཅས། གཡོན་དུ་རཀྟ། དེ་རྣམས་ལ་རྩ་བརྒྱད་སྟོང་སྦྱར་ཆོས་སྨན་སེལ་མེད་བཏབ། སྒྲོན་ཐུར་གཉིས་སམ་གཅིག །མདུན་ངོས་གཡས་ནས་མཆོད་ཡོན་སོགས་ཉེར་སྤྱོད་རྣམས་གཙང་ཞིང་ཡིད་འོང་ཕྲེང་ཚར་བཤམས། སྟེགས་ཞབས་མར་སྟག་ལྤགས་སྟེང་། དབུས་སུ་ལྕགས་སྣོད་ཡངས་པའི་ནང་ས་ཡིས་ཞལ་བ་བྱས། ལྟེ་བར་ཧོམ་ཁུང་བྲིས་པའི་ནང་འཛུད་རྒྱུ་སོགས་ཤོག་ལིང་སྤར་མའམ་བྲིས་པ་བཞི་ལ། བསྟན་པའི་སྤྱི་དགྲའམ། དམིགས་བསལ་དགྲ་མིང་བྲིས་ལ། སྐབས་


SPN003_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སློབ་དཔོན་གྱིས། ལིང་ཁྲུས་དང་། ལྕགས་ཁང་ནང་བཅུག །རང་མདུན་ཨེ་སོགས་དང་། འགུགས་གཞུག་གསུམ། ལྷ་དབྱེ་དང་། གུ་གུལ་བདུག་དགྲ་བོ་དངོས་སུ་བསམ་ལ། ཤོག་ལིང་གཅིག་གཏོར་མའི་འོག་ཏུ་མནན། དེ་སྟེང་ཡི་དམ་གཏོར་ཟློག་གནམ་ལྕགས་ཐོག་མདེལ་དབྱིབས་ཟུར་གསུམ་རྣོ་དབལ་ཅན། དུག་ཁྲག་བྱུག་པ། མེ་རིས་བརྒྱན། རྩེར་དབུ་རྩང་། སྐེད་པར་ཕྱག་རྩང་གཉིས། ཤ་དར་ལིང་གས་བརྒྱན། མཚེ་དང་ཡུངས་ཀར་ནག་བཙུག །རྒྱབ་ངོས་སུ་མེ་སྒྲོན་གཉིས་ཀྱང་བཙུགས། རྩེ་ཁྲ་མེ་རིས་ཕྲེང་སྐོར་ཅན་དང་། གྲོ་ལོད་ཙཀླིའི་སྟེང་དར་གདུགས་དམར་སྨུག །ཡུ་བས་དཀྱིལ་ལ་བཙུག་པ། རྡོ་རྗེ་ཕྱེད་པ་རྩེ་དགུའི་ཏོག་བྱ། མཐའ་སྐོར་ཕྱོགས་མཚམས་སྡེ་བརྒྱད་དམར་གཏོར་མེ་རི་ཅན་བརྒྱད་ལ་རྩང་ཐུར་གསུམ་རེ་དང་། ཤ་དར། ལིདྒ། མཚེ་དང་ཡུངས་ཀར་ནག་བཙུགས། མཐའ་བསྐོར་གྱི་མུ་ཁྱུད་ལ་ཕོ་ཉ་ལས་མཁན་གྱི་ཚུལ་དུ་རྩང་ཕུར་དམར་ནག་ལ་དུག་ཁྲག་གིས་སྦགས་པ་ཉེར་བརྒྱད་སྲིན་མོ་འགྲོས་སུ་བཙུག །དེ་མཐར་འོག་ནས་རིམ་བཞིན་བསྣོལ། སེར་དཀར། དམར་ནག །ལྗང་གི་འབྱུང་བ་གོ་ལྡོག་ལྟར་དཀྲི་བའམ། ཡང་ན་སྔོ་དམར་གྱི་སྐུད་པས་འཚུབས་མ་རིས་སུ་དཀྲི། རྩེར་ཤ་དར། ལིདྒ་ཁྲག་རྐང་གིས་བརྒྱན། ནང་སྐོར་རྣམས་སུ་མི་རོ་དང་། ལྷུ་


SPN003_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་སོགས་ཀྱང་བཀྲམ་ལ། དུར་ཁྲོད་ཀྱི་བཀོད་པ་ལ་བརྗིད་ལྡན་རྔམ་བརྗིད་ཅན་བྱ། དེའི་མཐའ་སྐོར་རམ། ཟུར་དུ་ཟངས་ལྕགས་ཀྱི་སྣོད་གཅིག་གམ་སོ་སོའི་ནང་དུ། གཏོར་ཟོར་ཐོག་མདེལ་དབྱིབས་ཅན་དབུ་ལ་རྩང་གསུམ་རེ་དང་། མཚེ་ཡུངས་བཙུགས་པ་བཤམས། གཡོན་དུ་ལྕགས་སྣོད་ཡངས་པའི་ནང་སའི་ཞལ་ལ་དང་། ཧོམ་ཁུང་བྲིས་པའི་ནང་ཤོག་ལིང་བཅུག་ལ། སྟེང་དུ་ཆོས་སྐྱོང་ཟློག་གཏོར་ཟུར་གསུམ་རྣོ་དབལ་ཅན། རྩེར་ཏྲཀྴད་ཙཀླི། དར་གདུགས་ནག་པོ་ཏོག་གོང་ལྟར། མཐའ་མར་ཡུམ་བཞིའི་དམར་གཏོར་མདུན་རྒྱབ་གཡས་གཡོན་བཀོད། དེའི་མཐར་ཕྱོགས་དང་མཚམས་སུ་བདུད་མགོན་བརྒྱད་ཀྱི་དམར་གཏོར་བཅས་ཐམས་ཅད་ལ་དུག་ཁྲག་བྱུག་ཅིང་མེ་རི་དང་། ལྕགས་རི་ལ་རྩང་ཕུར་བཙུག་པ་ལ་སོགས་གོང་བཞིན་ཡི་དམ་གྱི་རྒྱས་བཀབ་པའི་ཆད་ལྷག་མ་སོང་བར་ངེས་པར་བྱ། འདི་ལ་གཏོར་ཟོར་དགུ་པོ་དེ་མི་དགོས། ཡི་དམ་གྱི་གཡས་སུ། ཤིང་གི་ཁྲིའི་ཁར། སྐོང་གཏོར་གྱི་འོག་གཞི་ས་ལ་བྱས་པའི་འབྱུང་བཞི་བང་རིམ་བཞི་དང་ལྡན་པའི་སྟེང་དུ་རི་རབ། དེའི་ཕྱོགས་བཞིར། ཤར་གླིང་ཟླ་གམ། ལྷོ་གླིང་སོག་ཀ །ནུབ་གླིང་ཟླུམ་པོ།


SPN003_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་གྲུ་བཞི་གླིང་ཕྲན་བརྒྱད་བཅས་དང་། རི་རབ་སྟེང་དུ་ཏྲཀྴད་གཏོར་མ་ཟུར་གསུམ་ཆེ་བ་མེ་རི་ཅན། གླིང་བཞིའི་སྟེང་དུ་མ་གཤིན་དམར་གཏོར་བཞི། གླིང་ཕྲན་བརྒྱད་སྟེང་བདུད་མགོན་དམར་གཏོར་བརྒྱད། དེ་རྣམས་ལ་དུག་ཁྲག་བྱུག་ལ་མེ་རིས་བརྒྱན། བང་རིམ་དང་པོའི་མཐར། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད། རྒྱལ་སྲིད་སྣ་བདུན་གྱི་ཙཀླི་བཙུགས་ས་དང་ཟན་སྤར་རེ་ཡང་བཏབ། བྱང་ཤར་ཟླ་བ་དང་། ལྷོ་ནུབ་ཉི་མ། ཕྲེང་སྐོར་གྱི་མཆོད་རྫས་སོགས་དཀོར་ཆས་སྣ་ཚོགས་པའི་རིགས་རྣམས་དང་། དར་ཚོན་སྟག་གཟིག་རས་མོ་རྣམས་སྙུག་རྩེར་འཕྱར་བ་བཙུགས། བང་རིམ་གཉིས་པར་ཁྱུང་འབྲུག་སེང་སོགས་བྱ་རིགས་འདབ་ཆགས་རྣམས་དང་། བང་རིམ་གསུམ་པར་སྟག་གཟིག་དོམ་སོགས་གཅན་གཟན་རྣམས་དང་། བང་རིམ་བཞི་པར་གླང་ཆེན་བསེ་རུ། རྟ་མཆོག་སོགས་རི་དྭགས་དང་གཡུང་དྭགས་སོགས་ཐམས་ཅད་སྤར་དུ་བཏབ་ལ་སྒྲོས་ལྡན་བར་མཚམས་མེད་པར་བཀོད། ཕྱི་སྐོར་བའི་ལྕགས་རིའི་སྟེང་རྩང་ཕུར་དུག་ཁྲག་གིས་སྦགས་པ་ཉེར་བརྒྱད་སྲིན་མོ་འགྲོས་སུ་བཙུགས་པའི་རྩེར་ལིདྒ་ཤ་དང་། ཁྲག་ཀོང་དང་། མཚམས་བཞིར་མར་མེ་བཞི། སྤོས་ཐུར་བཞི་


SPN003_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བཙུགས། བར་མཚམས་རྣམས་སུ་ཟས་སྣ་དང་། རིན་ཆེན་ཕྱེ་མ། དར་སྣ། སྨན་སྣ་སོགས་སྤུངས། སྟེང་དུ་དར་གདུགས་སྔོ་ནག །ཡུ་བ་རི་རབ་ལ་བཙུག་པ། དེ་སྟེང་བླ་མ་སྐུ་གསུམ་དང་མཁའ་འགྲོ་སྡེ་ལྔའི་ཙཀླི་སྟེང་དར་དམར་གདུགས། དེ་སྟེང་རིགས་ལྔ་དང་རིགས་གསུམ་མགོན་པོའི་ཙཀླིའི་སྟེང་དར་གདུགས་དཀར་པོ་རིན་པོ་ཆེའི་ཏོག་ཅན། དེ་རྣམས་ལྟ་ན་སྡུག་ཅིང་ཡིད་དུ་འོང་བར་བྱ། གཏོར་ཆེན་གསུམ་གྱི་མདུན། གཡས་ན་ཁྲག་གི་མཆོད་ཡོན། དབང་ལྔའི་མེ་ཏོག །གུ་གུལ་དང་ཚིལ་ཆེན་བདུག་སྤོས། མར་ནག་གི་སྣང་གསལ། ཁྲག་ཞག་གི་དྲི་ཆབ། ཤ་ཁྲག་གིས་སྦགས་པའི་བཤོས་བུ་ཟུར་གསུམ། ཐོད་རྔ་དང་། རྐང་གླིང་གི་རོལ་མོ་བཤམ། པད་སྣོད་ཡངས་པར་འབྲུ་བཅུད་སྦྱར་བའི་ཚོགས་བམ་གཟུགས་རྒྱན་ལྡན་ལ། སྟོབས་ལྡན་ཤ །མྱོས་བྱེད་ཆང་དང་། བཟའ་བཅའ་སྣ་ཚོགས་ཀྱིས་བསྐོར་བ་བཤམས། ཡི་དམ་གཏོར་འབུལ་དམར་གཏོར་གཉིས་དང་། གསེར་སྐྱེམས། ཡང་དམར་གཏོར་གཅིག་བཅས་དང་། ལས་མགོན་གཏོར་འབུལ་དམར་གཏོར་གཅིག །བསྐང་བ་དམར་གཏོར་དང་དཀར་གཏོར། ཛཾ་ལྷར་དཀར་


SPN003_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར། དེ་རྣམས་གཏོར་ཆེན་རྣམས་ཀྱི་ཐད་དུ་བཤམས། བཟློག་པའི་སྐབས་མངའ་གསོལ་གཏོར་ཆུང་བདུན། ཕྲིན་བཅོལ་གཏོར་ཆུང་བདུན་རྣམས་ལ་ཟངས་ལྕགས་སྣོད་བཅུ་བཞི་འཛོམས་ན་དང་། ཡང་ན་སྣོད་རེའི་ནང་གཏོར་མ་བདུན་རེ་བཤམས་པས་འཐུས། ཏྲཀྴད་གཏོར་འབུལ་ཡང་བཤམས། ལར་ཟློག་པའི་གྲངས་དང་བསྟུན་པའི་གཏོར་མ་བཤམས་ལུགས་གོང་ལྟར་བྱ་བ་སྨོས་མ་དགོས། ལས་ཕུར། གཡབ་དར། རྡོར་དྲིལ། གསེར་སྐྱེམས་བརྡར་རྒྱུ། གཏོར་གྲི། བསང་ཆུ་འཐོར་གཡབ་སོགས་ཀྱང་བཀོད། གཞི་མདུན་སྟེགས་ཀྱི་ཁར། སྔོན་འགྲོའི་དཀར་གཏོར་དང་གསེར་སྐྱེམས། གླུད་གཟུགས་གཡས་གཡོན་བཤོས་བུ། ཏིང་ལོ། རྒྱབ་ཏུ་ཆངས་བུ། ཤ་དུམ་འབྲུ་སྣ་བཏབ་པ་བཤམ། ལར་དཀར་གཏོར་ནང་འབྲུ་སྣ་དང་། དམར་གཏོར་ལ་ཤ་དུམ། ཕུད་སྐྱེམས་ལའང་འབྲུ་སྣ་བཏབ་པ་བཅས་ཀུན་ལ་དགོས། གཞི་དྲུང་གང་བདེར། རེ་ནག་གམ། རས་ནག་སྟེང་ཧོམ་ཁུང་ནང་། སླར་ཟོར་ལེན་བཞག་རྒྱུའི་ཤོག་ལིང་དང་། སྦྱིན་སྲེག་བླུག་ནའམ་གཏོར་རྒྱག་ཉིན་བསྒྲལ་ལས་སྐབས། ཞལ་བསྟབ་རྒྱུའི་ཤོག་ལིང་བཅས་འོག་ཏུ་བཅུག །དེ་སྟེང་


SPN003_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཟན་ལིང་རེ། བཟློག་པ་ཚར་གྲངས་དང་བསྟུན་བསྒྲལ་ལས་རྒྱུར་རིམ་གྱིས་བཞག་དགོས། དབྱེ་རྫས་བྱ་རོག་སྒྲོ་དང་། འུག་སྒྲོ་བཀོད། ཡང་ཉེ་ལོག་གང་བདེར་ཉིན་བསྟར་གྱི་མཆོད་འབྲུ། ཆུ་གཙང་། བདུག་སྤོས་དང་། མར་མེ། ཞལ་ཟས། དྲག་བཤོས། མཐེབ་སྐྱུ། དམ་རྫས། བདུད་རྩི། ལིདྒ་ཟན་སྤར་ཅན་དུག་ཁྲག་གིས་བྱུག་པ། གལ་ཆེ་ན་དགྲ་མིང་བཅུག་པ་མང་པོ་དང་། དམར་གཏོར་ཆུང་ངུ་འགའ་ཞིག་དང་། བམ་ཚོགས། སྔོན་འགྲོ་དཀར་བགེགས། གཏོར་འབུལ་རྣམས་སོགས་ཞག་ཤས་ཀྱི་མཁོ་ཆས་ཀྱང་འདུ་བགྱིས་ལ། གཞན་ཡང་ཞི་བ་དང་དྲག་པོའི་སྤྱན་གཟིགས་དཀོར་ཆས་ཅི་འབྱོར་པས་མཛེས་ཤིང་རྔམ་པར་བརྒྱན། རྡོ་རྗེ་སློབ་དཔོན་མདུན། རྡོ་དྲིལ་ཐོད་ཌཱ། གཡབ་དར། ཡུངས་ཀར། ནས་བཟེད་བཀོད། ལས་ཀྱི་རྡོ་རྗེའི་མདུན་སྤོས་ཁང་དང་སྤོས་ཤིང་། གུ་གུལ་དཀར་ནག །ཏིང་བུ་དང་། ཆབ་བུམ། ཞལ་དཀྲིས་སོགས་བཤམས། རྔ་ཆེན། སིལ་སྦུབས། རྐང་གླིང་། དུང་དམར། རྒྱ་གླིང་། དུང་དཀར་སོགས་གང་འཛོམས་བྱ། དེ་ལྟར་གཙང་སྦྲ་དང་བཅས་བཤམས་ལེགས་པར་གྲུབ་ནས་སྤོས་དང་།


SPN003_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་ཀྱིས་བསང་། ཕྱི་ནང་གི་འགྲུལ་བཅད། རྣལ་འབྱོར་པ་རྣམས་བདེ་བའི་སྟན་ལ་འགོད། ཉིན་དང་པོར་ཚིག་བདུན་གསོལ་འདེབས། བསམ་པ་ལྷུན་གྲུབ། བརྒྱུད་འདེབས། དཀར་བགེགས་ནས་རིམ་པ་ལྟར་བཏོན་ལ། མཆོད་རྫས་བྱིན་རླབས་སྔགས་མཐར་རོལ་མོ་མཚམས་རྒྱག་གིས། ཨ་ཨཱཿ ཡང་དག་དོན་སོགས་ནས་ཡེ་ཤེས་གསང་བ། ཤོག་ཕྲན། གྲོ་ལོད། མཁའ་འགྲོ། ཚོགས་ལས། ཏྲཀྴད་མཐར་སྐོང་བ་བཅས་དང་། ཛཾ་སེར། དེ་ནས་ཚེ་འགུགས་བཀྲ་ཤིས་བཅས་བརྗོད། རོལ་མོ་རྔ་ཚིག་གཤམ་གསལ་ལྟར་བྱ། མ་མགོན་རྒྱུན་གཏོར་སྐབས་དང་བསྟུན། དེ་ནས་ཉིན་བཞིན་འདོན་འགྲིགས་ལ། དང་པོ་ཚིག་བདུན་མ། བསམ་ལྷུན། བརྒྱུད་འདེབས་སྲིད་ཞི་མ་དང་། སྤྲོ་ན་ཡང་དག་རྫོགས་སངས་དང་། ལྕང་ལོ་ཅན་སོགས། དེ་ནས་སྔོན་གཏོར། ༀ་ཨཱཿཧཱུྃ། རིན་ཆེན་སྣོད་མཆོག་སོགས་ནས་བྱིན་རླབས་སྐབས་བྲན་རྒྱུ་འདི་ཕྱིན་ཐམས་ཅད་ལ་ངེས་དགོས། ཧཱུྃ་སྟེང་གི་ལྷ་དང་སོགས་ལ་ཤླཽ་ཀ་རེའི་མཚམས་དྲིལ་གསིལ། འདིའང་རིགས་འགྲེ་བྱེད། པཱུ་ཛ་ཁ་ཧི་ནས། དཀར་གཏོར་དང་།


SPN003_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེམས་ཕུད་ཕུལ། སིལ་སྙན་ཞི་རོལ་སུམ་འཕར་མཐར་བཞག་ཌཱ་དྲིལ། །འདི་ནས་བཀྲ་ཤིས་ཡན་སུམ་འཕར་ཐམས་ཅད་ལ་རོལ་རྟགས་འདི་བཞིན་ནོ། །བགེགས་གཏོར་ཧཱུྃ་བྷྱོ། ང་ནི་པདྨ་བཛྲ་ནས། བྱིན་རླབས་དང་། ཐམས་ཅད་ཀྱི་འགུགས་པའི་རྒྱ་བྱེད་པ་འདིའང་རིགས་འགྲེ་དགོས། ན་མོ་དཀོན་མཆོག་གསུམ་སོགས། དྲིལ། སྔགས་བཅས་ལན་གསུམ། སམྦྷ་ར་གཡས་མཆོག་སྦྱིན། གཡོན་སེ་གོལ་བཅས་ལས་རྡོར་གྱིས་ཆུ་སྦྲེང་། བྷྱོ་བི་ཤྭ་ལ་ཐལ་མོ་ཁ་གྱེན་བསྟན། སྔགས་གཉིས་ཀར་གསུམ་རེ། ཧཱུྃ་ཉོན་ཅིག་སོགས། དྲིལ་གསིལ་དང་། ཏ་ཡ་ཕཊཿ ནས། སྦུབ་ཆོལ་འབེབས། བགེགས་གཏོར་ཕྱི་རོལ་དུ་ཕུལ། གུ་གུལ་བདུག དྲིལ་གསིལ་དང་ཡུངས་ཀར་གྱིས་བྲབ། གཡབ་དར་གཡུགས། ཕཊ་དྲག་པོ་བརྗོད་ལ་ཚེས་བཅུ་ུགསང་འདུས་དང་གྲོ་ལོད་གཞུང་གི་རོལ་ཆེན་ཉིན་བཞིན་རེས་མོས་ཀྱིས་མཐར་སུམ་བརྡུང་གིས། བགེགས་བསྐྲད། བཀའ་བརྒྱུད་བླ་མ་དང་མཚམས་གཅོད་རྣམ་རྟོག་གཉིས་འཛིན་སྐབས་གུ་གུལ་གནས་དང་ཡོ་བྱད་ལ་འཐུལ་ཞིང་། ཤཱིནྟཾ་ཀུ་རུ་ཨཱ་ནས། དྲིལ། རོལ་མོ་འབེབས་མཐར། ༡༢༣ ༣ ༡༢ ༣ སྲུང་འཁོར་རང་རིག་བླ་མ་སོགས། ཨ་ཨཱཿ ནས། རོལ་མོ་འབེབས་མཐར། ༡༢༣ ༣ ༡༢ ༣ ཐལ་སྦྱར། སྐྱབས་འགྲོ།


SPN003_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་ལོངས་སྐུ་སོགས་ལན་གསུམ། སྐུ་གསུམ་བླ་མའི་སོགས། ཡན་ལག་བདུན་པའི་མཐར། རོལ་ཆེན་ཌཱ་དྲིལ་བཅས། བྱིན་འབེབས་སྤྱན་འདྲེན་རྣམས་ཀྱི་ཐོག་མཐའ་དགོས་པ་རིགས་འགྲེའོ། །མཐར་སུམ་བརྡུང་འཛག་ཆེ་རྡེག་བཅས། བྱིན་འབེབས། བཞི་དྲིལ། སྐྱེ་མེད་ཆོས་དབྱིངས་ནས། འཁོར་ལོས་སྒྱུར་བ་ལན་གསུམ་དང་། རྒྱལ་བ་རབ་འབྱམས་ནས། སིདྡྷི་ཛཿཧཱུྃ། ཌཱ་དྲིལ། རོལ་མོ་འབེབས་སུམ་བརྡུང་། དལ་རན་འདིར་བཤམས་མཆོད་རྫས་སོགས། སྔགས་ཀྱི་བྱིན་རླབས་རྣམས་ལན་གསུམ་རེ་མཆོད་རྫས་ཐམས་ཅད་ལ་སྨན་རཀ་འཐོར་མཐར། སིལ་སྙན་འབེབས་སུམ་བརྡུང་། ཕྱི་སྒྲུབ་ཀུན་བཟང་། ཧཱུྃ་འཁོར་འདས་ཡེ་སྟོང་སོགས་ནས། ལུས་ལྷ་རྩ་འཁོར་བསྐྱེད་པ་བཅས། དྲིལ། སྔགས་མཐར། ཌཱ་དྲིལ། སིལ་སྙན་འབེབས་སུམ་བརྡུང་། འཁོར་འདས་ཡེ་སྟོང་ཀློང་ཆེན་ནས། སྤྱན་འདྲེན་སྔགས་མཐར། ཌཱ་དྲིལ། སིལ་སྙན་འབེབས་མཐར། ༡ ༡༢༢༡༢ ༡༢༢ ༡༢ སྟོང་གསུམ་སྟོང་སོགས། བཞུགས་གསོལ། ཕྱག་འཚལ་མཆོད། བསྐང་། བཤགས་པ། མཚམས་རྒྱག །བསྟོད་པ། ཆོས་དབྱིངས་རྒྱལ་བ་ནས། སིལ་སྙན་འབེབས་བཞག་རོལ། བསྙེན་པ་དང་པོར། སྤྱན་འདྲེན་སྔགས། ༀ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ནས། ཛཿཧཱུྃ་བྃ་ཧོཿཉེར་ལྔ་བར། རྒྱུན་


SPN003_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་གོང་ལྟར་གྱི་ཧཱུྃ་བྷྱོ་ཧཱུྃ་གི་བར་སུམ་བརྒྱ་བཟླ། དེ་ནས་རིགས་ལྔའི་བསྐྱེད་བཟླས་རྣམས་ལ་རྔ་མི་བསྐུལ། དེ་ནས་ནང་སྒྲུབ་ཡེ་ཤེས་གསང་བའི་གཞི་རྫོགས་རིམ་བསྒོམ་པ་ནི། སིལ་སྙན་སུམ་བརྡུང་། ཨ་ཨ་ཨཱཿ ཡང་དག་དོན་ནི་སོགས་དང་། ལམ་བསྐྱེད་རིམ་གསལ་བཏབ། ཧྲཱིཿ མཁའ་དབྱིངས་ཡེ་ཤེས་སོགས་ནས་སྤྱན་འདྲེན་དྲིལ། སྔགས་མཐར། ཌཱ་དྲིལ། སིལ་སྙན་འབེབས་ནས། འཛག་གཉིས་བདུན་བརྡུང་དལ་རན་བཅས། བཞི་དྲིལ། ཧཱུྃ་སྔོན་གྱི་བསྐལ་པ་སོགས་ལན་གསུམ། གནས་མཆོག་འདིར་ནས་སྔགས་མཐར། ཌཱ་དྲིལ། སིལ་སྙན་འབེབས་ཉིས་བརྡུང་གཉིས་འཕར་གོང་ལྟར། ཉི་ཟླ་པདྨ་འབར་སོགས་བཞུགས་གསོལ། ཕྱག་འཚལ། མཆོད་ཕྲེང་སྐོང་བཤགས་རྣམས་སོ་སོའི་དབྱངས་གདངས་དང་བསྟུན་པའི་རོལ་ཚིགས་སྐབས་ཐོབ་དང་། སྨན་རཀ་གཏོར་འབུལ་སོགས་སྐབས་སྦྲེང་ཚུལ། གཞན་ལའང་རིགས་འགྲེའོ། །བཤམས་པའི་མཐར། རིག་རྩལ་མྱུར་རྟོགས་ཤོག་ནས། འབེབས་བཞག་རོལ། ཚོགས་ཐེངས་བྱ། ཡར་འཚོགས། སིལ་སྙན་སུམ་བརྡུང་། ཆོས་དབྱིངས་སྐྱེ་མེད་སོགས་བསྟོད་པ་དང་། མཚམས་རྒྱག བླ་མ་རིག་འཛིན་ནས། ཆུ་བཞག་ལྟ་བུར་གྱུར་བར། སིལ་སྙན་འབེབས་བཞག་རོལ། རང་རིག་བླ་མ་སོགས་བསྙེན་དམིགས་དང་། བསྙེན་པ་དང་པོར།


SPN003_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཕྲེང་རྩལ་ནས། ཧ་རི་ནི་ས་བཛྲ་ས་མ་ཡ་ཛཿཛཿ སྤྱན་འདྲེན་སྔགས། ༢༥ རྒྱུན་བསྙེན་ཐོད་ཕྲེང་རྩལ་༥༠ ནས། ཨཱ་ཡུ་སིདྡྷི་ཛཿབར་༣༠༠ བཟླ། དེ་ནས་ཤོག་ཕྲན་ཚེ་སྒྲུབ། ཤྲཱི་མ་ཧཱ་གུ་རུ་ནས། ཛབ་བསྙེན་སོ་སོར་༥༠ བཟླ། དེ་ནས་གསང་སྒྲུབ་གྲོ་ལོད། རོལ་མོ་ཉིས་བརྡུང་འཛག་མེད་ཀྱིས། གདོས་བཅས་ལུས་སྣང་སོགས་བསྐྱེད་རིམ་དང་། དྲག་རྩལ་འགྱིང་རྔམས་རྒྱ་སྟག་སྟེང༔ རིག་རྩལ་སོགས་གཏེར་གཞུང་རྡོ་རྗེའི་གསུང་དུ་ངེས་པའི་ཞལ་རྒྱུན་ལགས། སྤྱན་འདྲེན་སྔགས་མཐར། ཌཱ་དྲིལ། རོལ་མོ་འབེབས་ནས། བདུན་བརྡུང་གཉིས་མཐར་འཛག་མེད་ཀྱིས། དགོངས་སུ་གསོལ་དང་། སྔགས་མཐར། ཌཱ་དྲིལ། རོལ་མོ་འབེབས་ཉིས་བརྡུང་གོང་ལྟར། ཕྱག་འཚལ་གདན་འབུལ་མཆོད་སྐོང་བཤགས་པར། མཚམས་རྒྱག །དྲིལ། བསྟོད་པ་མཐར། སིལ་སྙན་འབེབས་བཞག་རོལ། བསྙེན་པ་དང་པོ། ༀ་ཨཱཿ ཧཱུྃ་ཤྲཱི་ཧེ་རུ་ཀ་སོགས་ནས། ས་པ་རི་ཝཱ་ར་ཅན་སྤྱན་འདྲེན་སྔགས། ༢༥ རྒྱུན་བསྙེན་ཨརྩིག་༣༠༠ བཟླ། མཐར་ཨརྩིག་ཤམ་བུར། སྡེ་བརྒྱད་ལས་བསྐུལ། ཨ་ཡ་མ་ནས། བྷྱོ་ཟློག་ཅིག་བར་བཟླའོ། །དེ་ནས་འབུལ་གཏོར་རྣམས་བྲན། རོལ་མོ་བཞི་བརྡུང་འཐེང་འགྲོས་གཉིས་ཀྱིས། བཞེངས་བསྐུལ་དགོངས་སུ་གསོལ་ནས། རྡུལ་དུ་རློག་ལ། མཚམས་རྒྱག །དམར་གཏོར་ཟློག་གཏོར་ནང་དུ་ཕུལ། རྡོ་རྗེ་དྲག་པོ་སོགས་ནས། བདུད་


SPN003_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་གསེར་སྐྱེམས་བཞེས་ནས། དམར་གཏོར་དང་། སྐྱེམས་ཕུད་དགྲ་ཕྱོགས་སུ་འཐོར། སྔགས་མཐར། རོལ་མོ་འབེབས་སུམ་བརྡུང་། ཁྲོ་རྒྱལ་འབར་བའི་བཟློག་པ་སོ་སོར། ཐལ་རྡེབ་དང་མཚམས་རྒྱག་རེ་བཅས་སྔགས་མཐར་དམར་གཏོར་གཅིག་ཟློག་གཏོར་ནང་དུ་ཕུལ། རོལ་མོ་འབེབས་བཞག་རོལ། ཚོགས་ཐེངས། ༈ ཡར་འཚོགས། མནྡྷ་ར་ཝ། སིལ་སྙན་སུམ་བརྡུང་འཛག་མེད་རིགས་འགྲེ་དགོས། རིག་རྩལ་མ་འགགས་སོགས། ལྷ་བསྐྱེད་ནས་སྤྱན་འདྲེན་དང་པོ། དྲིལ། སྔགས་མཐར། ཌཱ་དྲིལ། སིལ་སྙན་འབེབས་སུམ་བརྡུང་འཛག་མེད་ཀྱིས། རང་ཉིད་ཡེ་ཤེས་མཚོ་རྒྱལ་སོགས། སྤྱན་འདྲེན་གཉིས་པར་དྲིལ། སྔགས་མཐར། ཌཱ་དྲིལ་སིལ་སྙན་འབེབས་སུམ་བརྡུང་འཛག་མེད་ཀྱིས། ང་ནི་དཔལ་ཆེན་སོགས་སྤྱན་འདྲེན་གསུམ་པར་སྔགས་མཐར། ཌཱ་དྲིལ། སིལ་སྙན་འབེབས་ཉིས་བརྡུང་འཛག་མེད་གོང་ལྟར། རབ་འཇིགས་སོགས། གདན་འབུལ། ཕྱག་འཚལ། མཆོད་ཕྲེང་། སྐོང་ཟློག བཤགས་པར། མཚམས་རྒྱག །བསྟོད་པ་རྣམས་གདངས་དང་སྐབས་ཐོབ་རྔ་ཚིགས་བྱ། མཐར། སིལ་སྙན་འབེབས་ཀྱིས་བཞག །ཛབ་དམིགས་དང་བསྙེན་པ་༣༠༠ བཟླ། བསྡུ་རིམ་མཐར། ཚོགས་ཀྱི་ཡོ་བྱད་ལ་བསང་ཆུས་བྲན། རོལ་མོ་སུམ་བརྡུང་འཛག་ཆེ་བརྡེག་གིས། བཅོམ་ལྡན་ཀུན་བཟང་སོགས་དང་། བླ་མ་ཡི་དམ་ནས། ལས་རྡོར་གྱིས་རྡོར་དྲིལ། གཡབ་དར་


SPN003_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་འགུགས་པའི་རྒྱ། རིག་འཛིན་བདག་ལ་ནས་སྔགས་མཐར། རོལ་མོ་འབེབས་སུམ་བརྡུང་གིས། བཤུག་པ་བཅས་ལན་གསུམ། རྗེས་མར་བདུན་བརྡུང་འཐེང་པོ་ལན་གཉིས་བཅས། ང་ནི་སྣང་སྲིད། བསྒྲལ་ལས་སྐབས། གཡས་རྡོ་རྗེ། གཡོན་ལས་ཕུར་བཅས་མཚམས་སུ་བཀྲོལ། རྡོ་རྗེ་ཕུར་བུས་གདབ་པར་བྱ། ལྷུབས་གདངས་སྐབས་འདིར་ཚིག་རྔ་མཚམས་རྒྱག་བཅས། བམ་བསྒྲལ། ཀུན་བཟང་ཀློང་ལ་རོལ་མོ་ལྟོ་སྐོར་ཚེ། རྔ་ཐིང་བརྡུང་བྱས་མཐར་བདུན་བརྡུང་འཐེང་པོ་གཉིས་དང་། སྔགས་མཐར། རོལ་མོ་འབེབས་བདུན་བརྡུང་གཉིས་དང་འཛག་མེད་གཉིས་ཀྱིས། བཞི་དྲིལ། རྒྱལ་བ་རབ་འབྱམས་སོགས། ཞལ་བསྟབ་གདངས་ཀྱི་སྐབས་དགུ་བརྡུང་འཛག་ཆེ་བརྡེག་ཅན་ལན་གཉིས། རྒྱུན་པར་བདུན་བརྡུང་བྱ། ཚོགས་ཕུད་རིམ་པ་དྲུག་སྤྲོས་ལ་བཤམ། བདུད་རྩིས་བྲན་ལ། རིམ་པ་ལྟར། སྨན་གཏོར་ནང་ཕུལ། གཅིག་ལྷག་མའི་དུས་འབུལ་རྒྱུ་བཞག །མཐར་བྷྱོ་བྷྱོ་ཟློག་ཟློག་ནས། རོལ་མོ་འབེབས་ཀྱིས་བཞག །སློབ་དཔོན་འདུས་པ་བཅས་དཔའ་བོའི་དགའ་སྟོན་ཚོགས་ལ་རོལ། ཞབས་བརྟན་བཀྲ་ཤིས་བཅས་བཏོན། ལྷག་མ་བསྡུ་བའམ། ཧྱ་གྲྀ་བའི་དགོངས་པ་གོང་གི་གཙང་ལྷག་ཕུལ་བ་ལས་བཀའ་གཉན་ཕྱིར་མང་ལྷག་གང་


SPN003_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་མི་རུང་གསུང་རྒྱུན་སྣང་། དེ་ནས། ཌཱ་དྲིལ། རོལ་མོ་ཆེམ་བརྡུང་འབེབས ། བཤུག་གླུ་བཅས། ཉིས་བརྡུང་འཛག་དང་། སུམ་བརྡུང་འཛག་མེད་སྤེལ་མས། བམ་སྒྲོལ་ལྷག་སྡུད་སོགས་སྔགས་མཐར། རོལ་མོ་འབེབས་ཀྱིས་བཞག །ལྷག་གཏོར་དཀྱིལ་འཁོར་འོག་ཏུ་བསགས་ལ། གཏོར་རྫོགས་ཉིན་ཕྱིར་གཙང་སར་འབུལ་དགོས། ཚོགས་ཐེངས། ༈ ཡར་འཚོགས། པདྨ་ཉི་ཟླའི་སོགས། གསང་བདག་བསྐྱེད་བཟླས་༢༥ དང་། ཡང་གསང་ཏྲཀྴད་མདུན་བསྐྱེད། ༀ་སྭ་བྷཱ་ཝ་སོགས། གསལ་གདབ་གཞུང་ལྟར་སྤྱན་འདྲེན་སྔགས་མཐར་གཡབ་དར་༣ གཡུགས། ཌཱ་དྲིལ། རོལ་མོ་འབེབས་ཉིས་བརྡུང་གིས། བཞེངས་ཤིག་བླ་མ་སོགས་དང་། བསྐུལ་ལོ་འབོད་དོ་གདངས་བྱེད་ན་དགུ་བརྡུང་འཛག་མེད་དང་། བདུད་དམག་ས་ཡའི་མཐར། མཚམས་རྒྱག །མ་མོ་ས་ཡ་ནས་བྲེལ་དུ་བཏང་། ཌཱ་དྲིལ། མཐར་དགུ་བརྡུང་འཛག་མེད་དང་རོལ་མོ་འབེབས་དང་ཉིས་བརྡུང་གིས ། ཆོས་སྐུ་ལོངས་སྐུ་སོགས་ཕྱག་འཚལ། བཞུགས་གསོལ་མཐར། མཚམས་རྒྱག །འདས་དང་མ་སོགས། དམ་བཞག་མཆོད་པ་བསྟོད་པའི་སྔགས་མཐར། རོལ་མོ་འབེབས་ཀྱིས་བཞག །བསྙེན་པ་དང་པོ། སྤྱན་འདྲེན་སྔགས། ༢༥ རྒྱུན་བསྙེན་རྩ་སྔགས་དང་། སྤྱི་དྲིལ་སྦྲེལ་མར་ ༣༠༠ བཟླ། དམ་བཞག་སྔགས་ལན་གསུམ་མཐར་གཏོར་མ་བྲན། རོལ་མོ་སུམ་བརྡུང་གིས། འཁོར་འདས་རང་


SPN003_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ། སྔགས་མཐར། མཚམས་རྒྱག་བཅས། གཏོར་མ་ཟློག་གཏོར་ནང་ཕུལ། ཁྱོད་ལ་གཏོར་མ་འབུལ་སོགས་དང་། སྔགས་མཐར། རོལ་མོ་སུམ་བརྡུང་། སྐོང་གཏོར་བྲན། སྟོང་གསལ་མཁའ་དབྱིབས་སོགས་ནས། གཉེར་གཏད་དོ། །༥༨།༧ མཐར་དཀར་གཏོར་དང་། དམར་གཏོར་བསྐང་བར་ཕུལ། སིལ་སྙན་འབེབས་ཀྱིས་བཞག །ཏྲཀྴད་གསོལ་ཁ་གསུང་། དེ་ནས་ཛཾ་སེར། རང་ཉིད་སྐད་ཅིག་སོགས། བདག་མདུན་བསྐྱེད་མཐར། རིན་ཆེན་འབར་བའི་སོགས། བསྙེན་དམིགས་དང་། སྔགས་སུམ་སྦྲེལ་ལྟར་༡༠༠ བཟླ། གཏོར་མ་བྲན། སིལ་སྙན་སུམ་བརྡུང་། མཆོད་བསྟོད་མཐར། སིལ་སྙན་འབེབས་ཀྱིས་བཞག །དཀར་གཏོར་ཛཾ་གཏོར་དྲུང་དུ་ཕུལ། དེ་ནས་ཟངས་སྦུབས་མ། འབྱུང་བ་བཞི་ཡི་སོགས་སྒྲིག་འདོན་གྱིས། རིམ་གསལ་ལྟར་ཛབ་བསྙེན་རྣམས་སོ་སོར་༢༥ བཟླ། དྲག་དམིགས་སྐབས་ཡིག་འབྲུ་དགུ་པ་ཏྲཀྴད་རྩ་སྔགས་སོ། །དེ་ནས་ཚོགས་ཐེངས། ཡར་འཚོགས། ཡས་ཟོར་མདོས་ཆེན་གྱི་འདོན་འགྲིགས་གཤམ་གསལ་ལྟར་དང་། དེ་ནས་སྲིད་གསུམ་གཏིང་ཟློག་ལས་གཏོར་མ་ཆེ་བ་གཉིས་དང་། མངའ་གསོལ་དང་། ཕྲིན་བཅོལ་གཏོར་ཆུང་བཅས་བཅུ་བཞི་དང་། ལས་མགོན་གཏོར་འབུལ་སོགས་བྲན་ལ། དང་པོར་རྐང་གླིང་བཞི་འབུད་བཏང་ནས། རོལ་མོ་འབེབས་དང་སུམ་བརྡུང་གིས་རྐང་གླིང་བཏང་།


SPN003_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རང་མདུན་ཡྃ་ལས་སོགས་དྲག་པོའི་ལྷ་ཚོགས་མདུན་བསྐྱེད་མཐར། གསལ་བའི་སྣང་བར་གྱུར་ནས་མཚམས་རྒྱག་དང་། ཟླ་གམ་དམར་ནག་སོགས། བཞེངས་བསྐུལ་སྤྱན་འདྲེན་དྲིལ། སྔགས་མཐར། རོལ་མོ་འབེབས་དང་ཌཱ་དྲིལ། གསོལ་ལོ་མཆོད་དོ་ཞེས་པ་རྣམས་ལ་སྨན་རཀ་འཐོར་ཞིང་གཏོར་མ་ལྔ་ཡི་དམ་ཟློག་གཏོར་ནང་ཕུལ། བསྟན་སྲུང་རྒྱ་མཚོ་དང་། སྣང་སྲིད་ལྷ་འདྲེ་སོགས། གཏོར་མ་གཉིས་ལས་མགོན་ཟློག་གཏོར་ནང་ཕུལ། སློབ་དཔོན་མདུན་ལས་ཕུར་དང་། ལྕགས་ཁང་དུ་ལིདྒ། ལྷ་དབྱེའི་རྫས་བཅས་བཀོད་ལ། འགྲོ་དོན་ལྷུན་འགྲུབ་ཤོག་མཐར། རོལ་མོ་འབེབས་སུམ་བརྡུང་གིས། རང་མདུན་ཨེ་ལས་དང་། ན་མོ་དཀོན་མཆོག་གསུམ་དང་ཞེས་པར་འགུགས་པའི་རྒྱས། འགུགས་རོལ་འབེབས་། གཡབ་དར ། བཤུག་པ་བཅས་ལན་གསུམ་མཐར་སུམ་བརྡུང་གིས། རང་ཉིད་སྐད་ཅིག་གིས་རྫུས་སྐྱེས་སོགས། རྡོར་ཐལ་བར་ཕུར་བུ་འཛིན་ཕུར་བསྐྱེད་དང་། དྲིལ་སྔགས་མཐར། མཚམས་རྒྱག་བཅས། འོ་ལས་ངན་ཁྱོད་སོགས། བྱ་རོག་དང་འུག་པའི་སྒྲོས། ལྷ་དང་དབྱེ་མཐར། མཚམས་རྒྱག་དང་། འོ་དམ་ཉམས་རུ་ཏྲ་ལས་ངན་སོགས། ཕུར་པ་གདབ། ལིདྒ་བསྒྲལ། དུམ་བུར་གཏུབ། དྲིལ་སྔགས་མཐར། མཚམས་རྒྱག་བཅས། གནས་སྤར། འོ་ལས་ངན་སོགས། ཕཊ་ནས། མཚམས་རྒྱག །ལིང་


SPN003_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རོ་སྣོད་དུ་བཞག་ལ། སློབ་དཔོན་གྱིས་འཛིན་བཞིན། དམ་ཉམས་ལས་ངན་སོགས་ནས། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཞེས་པར་བདུད་རྩི་བྲན་ལ། བཞི་དྲིལ། ཀུན་བཟང་རིགས་ལྔའི་སོགས་ནས་ཞལ་བསྟབ་སྔགས་མཐར། རོལ་མོ་འབེབས་སུམ་བརྡུང་ཚེ་ལས་རྡོར་གྱིས་ལིང་རོ་ཕྱེད་ཟློག་གཏོར་གཉིས་ནང་བཏབ། ཕྱེད་ཟློག་གཏོར་ཆུང་བ་དང་བདུན་ནང་བཏབ། སོ་སོར་བདུད་རྩི་བྲན། དྲག་བསྐུལ། ཆེ་བའི་ཆེ་མཆོག་མཐར། ས་མ་ཡ་ནས། མཚམས་རྒྱག་དང་། ཕྲིན་བཅོལ་ནི། དུས་གསུམ་རྒྱལ་བའི་དཀྱིལ་འཁོར་སོགས་རིམ་བཞིན། གཏོར་ཆུང་དྲུག་ཡི་དམ་ཟློག་གཏོར་ནང་དུ་ཕུལ། བཅོམ་ལྡན་ཀུན་བཟང་ཆེ་མཆོག་སྐབས་གཏོར་ཆུང་གཅིག་མགོན་པོའི་ཟློག་གཏོར་ནང་འབུལ། གོང་འོག་གདངས་ལ་རྔ་ཚིགས་སོ་སོར་བྱ་བ་ཀུན་ལ་འགྲེ། མཐར་རྦོད་གཏོང་ཟློག་པའི་ཕྲིན་ལས་མཛོད་ནས། རོལ་མོ་འབེབས་སུམ་བརྡུང་། ལས་མགོན་གཏོར་རྦད། མ་ཧཱ་ཀཱ་ལ་སོགས་ནས། རྦད་སྔགས་དོན་བཞི་མའི་མཐར། རོལ་མོ་འབེབས་བཞག །གཏོར་འབུལ་ཏྲཀྴད་ཟློག་གཏོར་ནང་ཕུལ། རིགས་ལྔའི་གཏོར་ཟློག་སྒྲིག་འདོན་གྱིས་སོ་སོར་ཐལ་རྡེབ་བཅས་གཏོར་ཟློག་ཚར་གསུམ། དེ་ནས་ཚོགས་ཐེངས ། ལར་ཟློག་པ་ཚར་གང་འགྲོ་ཚོགས་ཐེངས་གང་འགྲིགས་དང་། ཚར་གྲངས་


SPN003_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གསོག་སྐབས། རོལ་མོ་འབེབས་སུམ་བརྡུང་། རང་མདུན་ཡམ་ལས་སོགས་སྔར་ལྟར་རོལ་མོ་དང་། གཏོར་འབུལ་གོང་འོག་བསྒྲལ་ལས། གཏོར་རྦད། གཏོར་ཟློག་མཐར། རོལ་མོ་འབེབས་སུམ་བརྡུང་། ཟློག་པ་ཚར་གཉིས་ཀྱི་རྗེས་མའི་སྐབས་གཏོར་རྦད་མཐར། །འཛག་ཆེ་བ་གཅིག་སུམ་བརྡུང་འཛག་མེད་ཆེ་གཅིག །སུམ་བརྡུང་ཆུང་གཅིག །དེ་འདྲ་ལན་གཉིས་མཐར་འབེབས་ཀྱིས་བཞག། དེ་ནས་གཏོར་ཟློག་གྲུབ་ནས། ཚེ་སྒྲུབ་འཆི་མེད་བཙན་རྫོང་། ཧྲཱིཿ དཀོན་མཆོག་གསུམ་དང་སོགས། རྡོར་དྲིལ་འཛིན། མདའ་དར་གཡབ། ཚེ་ཛབ་གཉིས་སྦྲེལ་༡༠༠ བཟླ། ཐལ་མོ་སྦྱར་ལ། དྲིལ། དབྱངས་གསལ། རྟེན་སྙིང་། ཡིག་བརྒྱ་སྦྲེལ་མར་ལན་གསུམ་། ཧཱུྃ་ཡེ་ཤེས་ལྷ་ཚོགས་སྦྱན་འདྲེན་སོགས། འདིར་མཆོད་བསྟོད་བཤགས་པ་ཚང་ཞིང་། མཐར་ཌཱ་དྲིལ། ཞི་རོལ་སུམ་འཕར་མཐར་བཞག །ལུས་སྣང་ལྷ་སྐུ་སོགས་བསྡུ་རིམ་དང་ཟུང་འཇུག་གི་སྐུར་ལྡང་། དེ་ནས་ཀུན་བཟང་བཀྲ་ཤིས། ཧཱུྃ། ཆོས་དབྱིངས་སྐྱེ་མེད་སོགས་དྲིལ་གསིལ་དང་། མེ་ཏོག་འཐོར། མཐར། ཌཱ་དྲིལ། ཞི་རོལ་སུ་འཕར་མཐར་བཞག །རྒྱལ་བ་རབ་འབྱམས་དཀྱིལ་འཁོར་དུ། །ཚོགས་ཀྱི་སོགས་དང་། མཆོད་སྦྱིན་གནས་འདིར་སོགས། དཀོན་མཆོག་རིན་ཆེན་སོགས། སངས་རྒྱས་


SPN003_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་སོགས་བརྗོད། ཚོགས་གྲོལ་ལོ། །ཡེ་ཤེས་མགོན་པོའི་རྒྱུན་གཏོར་བཏང་བ་སྐབས་བསྟུན་བྱའོ། །གཏོར་བསྔོ་བཏོན་ན་མཆོད་སྦྱིན་གནས་སོགས་མགོན་པོའི་མཐར་འདོན། ༈ གཏོར་རྒྱག་ཉིན་འདོན་འགྲིགས་ཉིན་ལྟར་ལ། བསྒྲལ་ལས་སྐབས་སྔོན་དུ་ཧོམ་ནང་ཡོད་རྒྱུའི་ཤོག་ལིང་གཅིག་དེ། ཟན་ལིང་དང་མཉམ་བསྒྲལ་གྱིས། ཤོག་རས་སྦྱིན་སྲེག་བླུགས་ན་ཞལ་བསྟབ་རྒྱུ་བཞག །དེ་མིན་ཟན་ལིང་དང་མཉམ་ཕུལ་དགོས། འདོན་པ་དལ་བྲེལ་དང་། ཚོགས་ཐེངས་སོགས་གང་བདེས། སྒྲ་གཅན་ཕྱོགས་ཐེབས་བསྟུན་པའམ། སཱ་དྷ་ཀ་འཛིན་རྟོག་མེད་པའི་གདེང་ཡོད་ན་ནམ་འགྲིགས་བྱ་བའི། ཟློག་པའི་མཐའི་ཕ་རོལ་རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད། མཐར། རོལ་མོ་འབེབས་ཀྱིས་བཞག །དེ་ལས་སྔ་བར་ཕྱི་རོལ་དུ་གོམ་པའམ་འདོམ་ཉེར་ལྔ་མཚམས་སྐྱེར་ཤིང་གི་མེ་ཐབ་ཟུར་གསུམ་བརྩིག་བཅུག་ལ། རྩེ་ཕྱོགས་གཙང་ལ་གཏད་པའམ། དགྲ་ཕྱོགས་སུ་གཏད། ཉེ་སྐོར་ཚེར་མ་ཅན་སོགས་ཤིང་སྐམ་མང་བ་བཅུག །སེར་སྦྲེངས་གཤར་ན་དེའི་ཆས་བསྒྲིག་པ་དང་། དར་ནག་འཕྱར། ཟོར་ཆས་རྣམས་གྲ་བསྒྲིག །ཧོམ་ཁུང་ནས་ཤོག་ལིང་


SPN003_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དེའང་བཏོན་ལ། གསལ་ཤིང་རྩེར་བསྐྱོན་ནས་བཞག །ཡང་ན་སྒྲུབ་ཁང་ནང་ནས་གཏོར་རྒྱག་བྱེད་ཚེ་གྲལ་མདོ་ལྟ་བུར། ཕྱར་ནག་བཏིང་། དེ་སྟེང་ས་དཀར་གྱི་གྲུ་གསུམ་ཉིས་རིམ་མེ་རིས་བསྐོར་བ་བྲིས་ལ་དེ་ནང་ཤོག་ལིང་བཞག་པས་འཐུས། དེ་ནས་སློབ་དཔོན་སྔགས་ཆས་རྡོར་དྲིལ་དང་འདུས་པ་རྣམས་ཞྭ་བཞེས་ལ་མཐོན་པོ་ཞིག་ནས། གསེར་སྐྱེམས་རིན་ཆེན་སྣོད་མཆོག་ལ་ཕྱོགས་གཙང་ངམ། དགྲ་ཕྱོགས་སུ་གདོང་བསྟན་ལ། ཚིག་དང་མཚུངས་པར་གསེར་སྐྱེམས་འཐོར་བ་དང་། འབེབས་གཉིས་ཀྱི་སྔོན་མར་གསེར་སྐྱེམས་འབུལ། རྗེས་མས་བླུགས། སྐབས་ཐོབ་བྱེད། དེས་དྲག་པོའི་མདོས་ཟོར་གྱིས་ལམ་ཕྱེ་བ་སྔོན་དུ་གྲུབ་ནས། ནང་དུ་འོང་། རོལ་མོ་འབེབས་སུམ་བརྡུང་། བསྐང་བའི་བཞེངས་བསྐུལ་ཐ་ཚིག །ཧཱུྃ། བསྐུལ་ལོ་ཐུགས་དམ་སོགས་ནས། གཏོར་གཡོག་པས་སྐོང་གཏོར་བཏེགས་ལ། ལས་རྡོར་གྱིས་མར་མེ་དང་སྤོས་རྣམས་སྦར། བདུད་རྩི་བྲན། ལས་བཞིའི་ཕྲིན་ལས་མྱུར་དུ་སྒྲུབས། །རོལ་མོ་སུམ་བརྡུང་དང་། འདི་ནས། ཙཀླི་དར་གདུགས་བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་ཙཀླི་རྣམས་ལེན་ལ་གཞི་སྟེང་བཞག །ཧཱུྃ། སྟོང་གསུམ་འཇིག་རྟེན་སོགས་ནས། རྦད་སྔགས་


SPN003_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བཞི་དང་། དམ་བཞག་སྔགས་མཐར། རོལ་མོ་འབེབས་ཀྱིས་བཞག །དལ་རན་བཅས། སྐོང་གཏོར་མཐོ་སར་ཕྱོགས་གཙང་ངམ་དགྲ་ཕྱོགས་སུ་གཏོར་ཞལ་བསྟན་ལ་བཞག །འདི་སྐབས་ཟོར་ལས་ཀྱི་འདོན་ཆ་རྣམས་མ་འཁྲུལ་བར་བསལ། གཏོར་ཁྱེར་བ་རྣམས་ཀྱང་བསྒྲིག །འདུས་པ་རྣམས་ཞྭ་བཞེས། སེར་ཕྲེང་བྱས་ན་བཞེངས། དེ་མིན་མི་དགོས། རོལ་མོ་འབེབས་མཐར་དགུ་བརྡུང་འཛག་མེད་ཀྱིས། ཧཱུྃ་འབོད་དོ་བསྐུལ་ལོ་སོགས་ཞལ་ཆེམ་ལས་འགྱེད་མཐར། རོལ་མོ་འབེབས་སུམ་བརྡུང་། ཧཱུྃ་བསྐུལ་ལོ་རྦད་དོ་རབ་འབྱམས་སོགས་ནས་སློབ་དཔོན་གྱིས་ཆོས་སྐྱོང་དང་། ཡི་དམ་གཏོར་ཆེན་གཉིས་བཏེགས་ཙམ་བྱས། སེར་སྦྲེངས་སྐབས་གཏོར་གཡོག་པར་ཁུར་བཅུག །དེ་འཕྲལ་གཞི་སྟེང་དེར་དར་དཀར་པོའི་ཐོག་ཏུ་ཕྱེ་མར་བཀོད། གཏོར་གདན་སྟག་ལྤགས་དང་། གཞན་ཟོར་ཆས་རྣམས་ཀྱང་སོ་སོར་ཁུར་བཅུག །དྲག་པོའི་ཕྲིན་ལས་མཛོད་ནས། རོལ་མོ་འབེབས་བཞི་བརྡུང་ཁོ་ནར་བྱེད་ནས་སྔོན་དུ་དཀར་གཏོར་དང་གསེར་སྐྱེམས་ཆས་ཤོག་ལིང་དང་སྟག་ལྤགས། རྐང་གླིང་། དུང་དམར། གཏོར་ཟོར་དགུ་དང་མདའ་བཅས་ཕྱོགས་གཅིག་ཏུ་བཞག་པ་དང་། ཆོས་སྐྱོང་དང་། ཡི་དམ་གཏོར་ཆེན། དར་ནག་གཉིས་སམ་


SPN003_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །སྤོས་འཛིན་པ་སློབ་དཔོན་གྱིས་རྡོར་དྲིལ་གཡབ་དར་བཅས། དྲག་སྔགས་རྣམས་བཟླ་བཞིན། རྔ་བ་ཁ་ཤས་དང་རོལ་མོ་པ། དེ་ནས་རྔ་པ་ཡོངས་རྫོགས་བྱོན། འབུལ་སར་སླེབས་ནས། གཏོར་མ་རྣམས་སྟག་ལྤགས་སྟེང་བཤམས། ཉེ་སྐོར་དུ་དར་ནག་འཕྱར། སློབ་དཔོན་དབུས་དང་། གཡས་གཡོན་སེར་ཕྲེང་པ་རྣམས་བཞེངས་ལ། ཤོག་ལིང་མེ་ཐབ་ནང་བཅུག །སེར་ཕྲེང་། རོལ་མོ་འབེབས་ཀྱིས་བཞག །དེ་ནས་ཤོག་ལིང་ཆུས་བྲན། ཐམས་ཅད་ཀྱིས་འགུགས་པའི་རྒྱས། འགུག་གཞུག་རྒྱས་པ་ཚར་གཅིག །ན་མོ་དཀོན་མཆོག་གསུམ་དང་ཡི་དམ་ཞི་ཁྲོའི་ལྷ་སོགས་ཚར་གཉིས། ལན་གསུམ་ཀར་འགུགས་སྔགས་དང་། བཤུག་པ་བཅས། རང་བཟོ་མངོན་སྤྱོད་ཀྱི། ཧོ། དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ་སོགས་དང་། རོལ་མོ་འབེབས་གཉིས་ཀྱིས། ཀྱཻ་ཉོན་ཅིག་སྣང་སྲིད་སོགས་ནས་གལ་གོལ་བ་དྲི་བ་ཆེ འོ། མཐར། རོལ་མོ་འབེབས་གཉིས་བཅས་སྐྱེམས་མཆོད། དཀོན་མཆོག་ཀུན་འདུས་མཐར། རོལ་མོ་འབེབས་གཉིས་ཀྱིས་སྐྱེམས་དང་། དཀར་གཏོར་མཆོད། རོལ་མོ་འབེབས་ཀྱིས། སྤྲོ་ན་སློབ་དཔོན་ནམ་དབུ་མཛད་ཀྱིས་བཞེས་འབོད་བཏོན་ན་འདིར་བྱ། མཐར་རོལ་མོ་འབེབས་ཀྱིས་བཞག །དེ་ནས་རང་བཟོ་མངོན་སྤྱོད་ཟོར་ལས། ཧོ།


SPN003_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་སུ་གསོལ་ལོ་སོགས་དང་། ཟངས་མདོག་དཔལ་གྱི་རི་བོ་ནས། རྩད་ནས་ཆོད་པར་ཤོག༔ མཐར་རོལ་མོ་འབེབས་ཆེམ་བརྡུང་གིས་བཞག་ལ། ཡང་ཕྲིན་ལས་མཛོད་ནས་རོལ་མོ་གོང་ལྟར། ཡང་རྡུལ་དུ་རློག་ནས། རོལ་མོ་འབེབས་ཀྱིས་བཞག །ཕཊཿ ཕཊཿ ཕཊཿ མཐར་འབེབས། ཡང་རྨང་ནས་མ་ལྡང་ཞིག་ལ། འབེབས། ཡང་སྐྱབས་གནས་ཧཱུྃ་ཧཱུྃ་ཧཱུྃ། འབེབས། ཐལ་བར་རློག་ལ། འབེབས། ཧོ། དགོངས་སུ་གསོལ་ལོ། །བདེན་དོན་གཉིས་སོགས་ནས། ཐལ་བར་རློག་ལ། འབེབས་སུམ་བརྡུང་། ཚིག་རྔ་མཚམས་རྒྱག་བཅས། རྡོ་རྗེ་གྲོ་ལོད་ལན་བཅུ་གསུམ། མཐར་ཆེམ་བརྡུང་གིས་བཞག །ཧོཿ དགོངས་སུ་གསོལ་ལོ༔ བདག་ཅག་སོགས་ནས། སངས་རྒྱས་ས་རུ་ཕྱིན་ན་དགའ་མོད། མཐར། འབེབས་ཆེམ་བརྡུང་བཅས་བཞག །དེ་ལྟར་གཏོར་ཟོར་དགུ་པོ་སོ་སོར་འཕེན། ང་བདག་ཡེ་ནས་སོགས་དང་། མདའ་ཟོར་ཡང་འཕེན། རོལ་མོ་འབེབས་ཆེམ་བརྡུང་མཐར་སུམ་བརྡུང་གིས། ཧཱུྃ་མ་ཧཱ་ཀཱ་ལ་མཐུ་བོ་སོགས་དང་། ཙཀླི་གཏོར་གདུགས་ལེན། མེ་སྒྲོན་སྦར། མེ་ཐབ་ཡང་སྦར་ལ། རྦད་སྔགས་དོན་བཞི་མའི་སྔགས་མཐར། རོལ་མོ་འབེབས་སུམ་བརྡུང་དལ་རན་གྱིས། ལས་མགོན་བཟློག་གཏོར་འཕང་མཐར་སུམ་བརྡུང་གིས། ཧཱུྃ་རྡོ་རྗེ་དྲེགས་འཇོམས་ལྷ་


SPN003_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སོགས་ནས། དགྲ་ལ་མཱ་ར་ཡ་ཕཊ་ནས། རོལ་མོ་འབེབས་ཆེམ་བརྡུང་དང་སུམ་བརྡུང་གིས་ཁྲོ་རྒྱལ་འབར་བའི་ལྷ་ཚོགས་སོགས་ལན་གསུམ་འདོན་ཚེ། ཙཀླི་དར་གདུགས་ལེན། མེ་སྒྲོན་སྦར། སྔགས་རྣམས་མཐར། ཡི་དམ་ཟློག་གཏོར་མེ་ཐབ་ཏུ་ུའཕང་ནས། མཱ་ར་ཡའི་རོལ་ཆེན་ལྡིར། དར་ནག་ལན་དགུར་བརྡབ། རོལ་མོ་འབེབས་ཀྱིས་བཞག །ཡང་ནང་ནས་གཏོར་རྒྱབ་སྐབས། གཏོར་ཟོར་འཕང་པ་ཐམས་ཅད་རེ་ཕྱར་ནང་གཏོར་གཡོག་གཉིས་ཀྱིས་བཏེག །དེ་རྗེས་ལས་རྡོར་ཞྭ་བཅས་དྲིལ་བུ་གསིལ། གཡབ་དར་གཡབ། དྲག་སྔགས་རྣམས་འདོན་བཞིན། སྐབས་སུ་རྐང་གླིང་ཡང་འབུད་ནས། སྔར་བརྩེགས་པའི་མེ་ཧོམ་ནང་གཏོར་ཟོར་རྣམས་བསྲེག་ལ། དེ་ནས་རིགས་ལྔའི་གཏོར་ཟློག་སྒྲིག་འདོན་སོ་སོར་ཐལ་རྡེག་བཅས་དང་། སློབ་དཔོན་གྱིས་མཚམས་གཅོད་དང་སྲུང་འཁོར་བསྒོམ། ཐོ་བཙུགས་ཕྱི་ལམ་བཅད། སྒྲུབ་ཁང་སྒོ་དྲུང་དུ། གཏོར་གཞོང་སྦུབ་ལ་རྡོ་རྗེས་མནན། དཀོན་མཆོག་གསུམ་དང་ཡི་དམ་ལྷ་སོགས་ནས། གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག །འགུག་རོལ་ཉིས་བརྡུང་། གཡབ་དྲིལ། དྲག་འབེབས། བཤུག་པ་བཅས་ལན་གསུམ་མཐར་སུམ་བརྡུང་


SPN003_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གིས། ཧཱུྃ་དངོས་སྣང་སེམས་སུ་སོགས། གཏོར་བྲོ་ཕྲེང་སྦྲེལ་ལུ་གུ་རྒྱུད་བཅས་མཐར། གཏོར་གཞོང་རྣམས་ཁ་གྱེན་པས་རྣལ་འབྱོར་པ་སོགས་ནས་ཀུ་རུ་ༀ། ནས་གཏོར། ནང་དུ་འོང་དཀྱིལ་འཁོར་ལ་ཁ་ཕྱོགས་པས་རྒྱལ་དབྱངས། ཧོ་དགོངས་སུ་གསོལ་ལན་གསུམ་དང་། སིལ་སྙན་འབེབས་སུམ་བརྡུང་གིས། སྣང་སྲིད་འཁོར་འདས་སོགས་ལན་གསུམ་དང་ཟླ་བ་ཡར་ཚེས་རོལ་མོ་ལྡིར། གྲལ་ལ་བཞུགས། ཕྱེ་མར་བཀྱེ་དྲངས། ཞབས་བརྟན་དང་བཀྲ་ཤིས་བརྗོད། སྦྱིན་སྲེག་བླུགས་ན་ལོངས་སྐབས་བྱུང་ཚེ་འདིར་བྱ། མཐར་ཚེ་འགུགས་དང་བཀྲ་ཤིས་སོགས་བྱའོ། །ཕྱི་ཉིན་དངོས་གྲུབ་ལེན་ཆོག་གམ། ཡང་ན་མེ་ཧཾ་བླུགས་ན་ཉིན་དང་པོའི་འདོན་འགྲིགས་ལྟར། ཡེ་གསང་། ཤོག་ཕྲན། ཡི་དམ། མཁའ་འགྲོ། ཚོགས་ལས། སྤྲོ་ན་ཚོགས་བརྒྱ་སྐབས། བཅོམ་ལྡན་ཀུན་བཟང་ནས། བྷྱོ་བྷྱོ་ཟློག་ཟློག་བར། ཚོགས་རེ་བཤམས་ལ། བསྒྲལ་བསྟབ་བཅས་གྲངས་འཛིན། ཕུད་སྨན་གཏོར་ནང་ཐམས་ཅད་ཕུལ་ནས། ལྷག་ཕུད་ཕྱོགས་གཅིག་བཞག །སླར་ལྷག་མའི་སྐབས་ཕྱི་རོལ་དུ་འབུལ། མགོན་པོ་སྐོང་བ་བཅས། གཏོར་འབུལ་ཡང་བྱ། ཛམ་སེར་མཐར། སྦྱིན་སྲེག་འདོན་འགྲིགས་


SPN003_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་གསལ། སླར་ཚེ་འགུགས་དང་བཀྲ་ཤིས་བྱ། དངོས་གྲུབ་ལེན་པ་ནང་སྔ་བར། ཞི་དྲག མཁའ་འགྲོ། ཚོགས། ཆོས་སྐྱོང་། ཛམ་ལྷ་བཏོན། ཚེ་འགུགས་ཀྱི་བསྙེན་པའི་སྐབས། ཚེ་རིལ་ཚེ་ཆང་དྲངས། དྲིལ་བཅས། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་དང་། ཡེ་ཤེས་ལྷ་ཚོགས་མཐར། ཌཱ་དྲིལ། ཞི་རོལ་མཐར་སུམ་བརྡུང་བླངས་ནས། དབང་བཞི་པ་ལེན་པ། སྐྱ་རེངས་ཤར་དུས་སམ་ཉི་ཤར་དང་བསྟུན་ལ། ཡེ་ཤེས་གསང་བའི། ཧཱུྃ་བླ་མ་རིག་འཛིན་སོགས་ནས་སྔགས་དབང་སྐབས། ཞི་བའི་རྟེན་གཏོར་ཚེ་བུམ་སློབ་དཔོན་གྱི་གནས་བཞིར་བཞག་ལ། སྔར་ལྟར་གཏོར་མ་ཡར་བཞག །ཆུ་བཞག་ལྟ་བུར་གྱུར་ནས་རོལ་མོ་སུམ་འཕར་བཅས་བཞག །རྟེན་དང་གཏོར་མའི་སོགས་ཀྱིས་བསྡུ་རིམ་དང་། ཟུང་འཇུག་གི་སྐུར་ལྡང་། བཀྲ་ཤིས་བརྗོད་ཅིང་མེ་ཏོག་ཆར་བསྙིལ། ཌཱ་དྲིལ། ཞི་རོལ་སུམ་འཕར། དེ་ནས་སླར་ཡང་གཏང་རག་ཏུ་ལྷ་བསང་བཏང་བ་སོགས་བྱའོ། ༈ །དྲག་པོའི་མེ་ཧོམ་ལས་བཞིའི་སྦྱིན་སྲེག་གི་དུས་ནི་མར་ངོའི་བརྒྱད། བཅུ་བཞིའི་ཉིན་ཕྱེད་དམ། ནམ་གུང་ཡང་ན་གང་བདེར་བྱ་བའི། ཕུང་གསུམ་སས་བསྲེས། རྒྱར་མདའ་གང་། དཔངས་ཇི་བདེ་བྱས་ལ་དུག་ཁྲག་གིས་ཆག་ཆག་བཏབ་པའི་སྟེང་། མེ་ཐབ་གྲུ་གསུམ་


SPN003_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་རྒྱར་སོར་མོ་ཉི་ཤུ་པ། ཁ་ཁྱེར་རིམ་གསུམ་རྣམས་ལ་རལ་གྲི་དང་གྲི་གུག་སྤེལ་མས་བསྐོར། ཕྱི་རོལ་མེ་རིའི་ཕྲེང་བ་དབུས་སུ་རྡོ་རྗེ་རྩེ་ལྔ་མཐིང་ནག །དེ་རྣམས་རྡུལ་ཚོན་ནམ། བྲི་བ་གང་བདེའི་ཐབས་ཀྱིས་མཆུ་ནང་སྐྱེར་པ་སོགས་དྲག་པོའི་ཡམ་ཤིང་དུག་ཁྲག་གིས་སྦགས་པ་ཟུར་གསུམ་པའི་མཚམས་པར་བརྩེགས་པའི་ནང་མེ་ཚང་དང་། ཤར་ལྷོར་མར་ནག་གི་ཏི་ལོ་བཞག །བུད་ཤིང་སྐྱེར་པ་དང་ཚེར་མ་ཅན་ཟུར་གསུམ་དུ་བཞག །སློབ་དཔོན་གཡས་ངོས་སུ་སྟེགས་ཀྱི་ཁར་རས་དམར་པོའི་སྟེང་། ཡི་དམ་དང་ཆོས་སྐྱོང་གི་མཆོད་པ་རིམ་པ་གཉིས་སུ་བཤམས་པའི་ཡི་དམ་ལ་གཡས་ནས་བརྩམས་པའི་ཁྲག་གི་མཆོད་ཡོན། དབང་ལྔའི་མེ་ཏོག གུ་གུལ་དང་ཚིལ་ཆེན་གྱི་བདུག་སྤོས། མར་ནག་གི་སྣང་གསལ། མཁྲིས་པའི་དྲི་ཆབ། ཤ་ཁྲག་གིས་སྦགས་པའི་དྲག་བཤོས་ཟུར་གསུམ། ཐོད་རྔ་རྐང་གླིང་གི་རོལ་མོ་སོགས་དང་། གཏོར་འབུལ་དམར་གཏོར་བཅུ་ཡང་བཤམས། ཆོས་སྐྱོང་ལའང་དེ་ལྟར་གྱིས་མཆོད་པ་དང་། གཏོར་འབུལ་བཅུ་སོགས་བཤམ། གཡོན་ངོས་སུ་སྟེགས་ཀྱི་ཁར་རས་ནག་པོའི་སྟེང་ཡི་དམ་དང་། ཆོས་སྐྱོང་གི་དབྱེ་རྫས་རྣམས་རིམ་པ་གཉིས་སུ་བཀོད་པའི་གཡོན་ནས་བརྩམ་ལྕགས་སྣོད་གྲུ་གསུམ་མམ།


SPN003_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་ལྕགས་སྣོད་གང་རུང་ལ་ལིདྒར་སྤར་བཏབ་པར་དུག་ཁྲག་གིས་བྱུག་པ་བརྒྱ། གལ་ཆེ་ན་དགྲ་མིང་བཅུག །ཤ་དུམ་བརྒྱ། སྔར་གྱི་ཤོག་ལིང་རས་མོ་རྣམས་ཁྲག་དང་བསྲེས་ལ་ཐོད་པར་བླུག་པ་དང་། འབྲུ་སྣ། ལྕགས་ས མ་ཟངས་སམ་སྣོད་དུ་མར་ནག་ཚན་མོ་འདི་ཐབ་ཀྱི་ཉེ་སྐོར་དུ་བཞག་དགོས། དར་ཟབ་བརྒྱ། ཀ་པཱ་ལར་བདུད་རྩི་དང་། ཐོད་པ་རཀྟས་བཀང་པ། དམར་གཏོར་བརྒྱ། ཤ་ཁྲག་བསྲེས་པའི་བག་ཕྱེའི་རིལ་བུ་བརྒྱ་བཅས་བཀོད། ཆོས་སྐྱོང་ལའང་དེ་ལྟར་བཤམས་དགོས། སློབ་དཔོན་མདུན་རྡོའི་མེ་ཡོལ་ནང་ངོས་སྟེགས་ཀྱི་ཁར། རྡོར་དྲིལ། ཐོད་རྔ། གཡབ་དར། དགང་བླུགས་ཁ་སྦྱར། དཔལ་འབར། རླུང་གཡབ། བསང་ཆུ། འཐོར་གཡབ་བཤམས་བཀོད། སློབ་དཔོན་སྔགས་ཆས་རྫོགས་པར་རུས་རྒྱན་བཅས་སོ། །དར་སྔོན་སྟོད་གཡོགས། རཀྟ་དང་། ཐོད་ཕྲེང་གི་སེ་རལ་ཁར་བྱས། གདན་ནག་པོའམ། སྔོན་པོའི་སྟེང་དུ། རྐང་པས་རྐང་པ་མནན་པའམ། གཡས་སྐྱིལ་ཀྲུང་། རྐང་གཡོན་བ སླང་བའམ། པུས་མོ་གཉིས་ས་ལ་བཙུག་པ་གང་བདེས་ཁ་ལྷོར་བལྟས་ལ། སྔོན་དུ་ལས་བྱང་བསྐྱེད་བཟླས་ཟིན་བཞིན་འདི་ནས་མ་གྲོལ་བར་


SPN003_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ངག་བཅད་དང་། རྡོར་དྲིལ་ཏིང་ངེ་འཛིན་དང་མ་བྲལ་བར་བྱས་ལ། དང་པོ་ཤན་པའི་ཁྱིམ་གྱི་མེ་སྣོད་དུ་བླང་བར། དཔལ་འབར་སྤར། བསང་ཆུ་བྲན་ལ། ཐབ་ཀྱི་ཏིང་ལོ་སྤར་ནས། བུད་ཤིང་རྣམས་ཀྱང་སྦར། དྲག་པོའི་སྐབས་འདིར་ལག་གཡས་དགང་གཟར་དང་། གཡོན་བླུག་གཟར་གྱིས་མར་ཁུ་ལན་གསུམ་བླུགས་ལ། མེ་གསོས་རླུང་གཡབ་བརྡེབ། རོལ་མོ་འབེབས་སུམ་བརྡུང་། ཧཱུྃ་ཧཱུྃ་ཧཱུྃ་རང་རིག་རྡོ་རྗེ་གྲོ་ལོད་སོགས། བདག་མདུན་ལྷ་བསྐྱེད་ནས། བསྲེག་པར་གྱུར་ནས། ཌཱ་དྲིལ། རོལ་མོ་འབེབས་བདུན་བརྡུང་གཉིས་རྗེས་མར་འཛག་མེད་ཀྱིས། ཧོ་ཧོ་དགོངས་སུ་གསོལ་ལོ་སོགས་སྤྱན་འདྲེན་སྔགས་མཐར་མར་ཁུ་དགང་བླུགས་ཀྱིས་བདུན་བྱོན་སྐྱེམས་སུ་ཕུལ། ཌཱ་དྲིལ། འབེབས་ཉིས་བརྡུང་གིས། ཕྱག་འཚལ་གདན་འབུལ་མཆོད་སྐོང་བཤགས་པ་བསྟོད་པའི་མཐར། འབེབས་སུམ་བརྡུང་གིས། ཟློག་པའི་ནང་གི་ན་མོ་དཀོན་མཆོག་གསུམ་སོགས་འགུགས་གཞུག་ལན་དགུ། གཡབ་དྲིལ། འགུགས་རོལ་སུམ་བརྡུང་བཤུག་པ་བཅས། ཞལ་ཕྱེ། ཧཱུྃ་ཁྲོ་རྒྱལ་དྲེགས་འཇོམས་སོགས་ནས། ལྷུན་གྲུབ་ཤོག་བར། འབེབས་ཀྱིས་བཞག ༀ་ཨཱཿཧཱུྃ་ཤྲཱིཿཧེ་རུ་ཀ་སོགས་ནས། རུ་དྲའི་རུས་པ་སོགས། ལྷ་སྔགས་དང་། རྫས་སྔགས་སྦྲེལ་མ་བརྒྱ་རེས་དང་པོ་ལིདྒ་བརྒྱ་མཐེབ་སྲིན་གྱིས་ཕུལ། མཐར་དགང་གཟར་ཁར། དམར་གཏོར་བྲན། རོལ་མོ་སུམ་བརྡུང་གིས།


SPN003_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ། དགོངས་སུ་གསོལ་ལོ་སོགས་ཀྱི་སྔགས་མཐར། རོལ་མོ་འབེབས་སུམ་བརྡུང་། གཏོར་མ་དགང་གཟར་གྱིས་མེ་ཐབ་ནང་དུ་འབུལ་མཐར། ཁྲོ་རྒྱལ་འབར་བའི་སོགས་ཟློག་པ་སྔགས་མཐར་ཆེམ་བརྡུང་། རོལ་མོ་འབེབས་སུམ་བརྡུང་། སྔར་བཞིན་ཞལ་ཕྱེ་དང་། མམ་ས་མཐེབ་སྲིན་གྱིས་ཕུལ་བ་དང་། རཀྟ་བླུགས་གཟར་གྱིས། འབྲུ་སྣ་མཐེབ་སྲིན་གྱིས། ཞུན་མར་དགང་བླུགས་ཀྱིས། དར་ཟབ་མཐེབ་སྲིན་གྱིས་བདུད་རྩི་དང་། རཀྟ་གཉིས་དགང་བླུགས་ཀྱིས། གཏོར་མ་དང་། ཟས་སྣ་མཐེབ་སྲིན་གྱིས་དབུལ་བ་སྟེ། དེ་ལྟར་དགྱེས་རྫས་རེ་རེ་བཞིིན་བརྒྱ་རྩ་རེ། ལྷ་སྔགས་རྫས་སྔགས་སྦྲེལ་མ་མཐར་གཏོར་འབུལ་རེ་དང་ཟློག་པ་བཅས་སྔར་ལྟར་བྱའོ། །རྗེས་སུ་གཞུང་གསལ་ལྟར་མེ་ལྷ་གྲོ་ལོད་འཁོར་བཅས་སོགས་བསྡུ་རིམ་བྱ། དེ་ནས་གསང་བདག་བསྐྱེད་བཟླས། པདྨ་ཉི་མའི་སོགས་དང་། མར་ཁུ་དགང་བླུགས་གསུམ་གྱིས་མེ་གསོས་ཤིང་། བུད་ཤིང་བསྣན་ལ་སྦར། མདུན་བསྐྱེད་ལས་མགོན། ༀ་སྭ་བྷ་ཝ་སོགས་ནས་ལྷ་བསྐྱེད། སྤྱན་འདྲེན་སྔགས་མཐར་མར་ཁུ་དགང་བླུག་གིས་བདུན་བྱོན་སྐྱེམས་སུ་འབུལ། འབེབས་ཉིས་བརྡུང་། དཀྱུས་ལྟར་ལ། བསྟོད་པའི་མཐར། འབེབས་སུམ་བརྡུང་། ཧཱུྃ། དཔལ་མགོན་སྲོག་བདུད་སོགས་ཞལ་ཕྱེ་གོང་ལྟར་ལ་


SPN003_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འགྲེའོ། །རྩ་སྔགས་དང་སྤྱི་དྲིལ་གཉིས་སྦྲེལ་གྱིས། དགྱེས་རྫས་བཅུ་སོ་སོར་བརྒྱ་རེའི་མཚམས་སུ་གཏོར་མ་རེ་བྲན། འཁོར་འདས་རང་གྲོལ། སྔགས་མཐར་དགང་གཟར་གྱིས་གཏོར་འབུལ་དང་། ཁྱོད་ལ་གཏོར་མ་འབུལ་བའི་སོགས་མཐར། རོལ་མོ་འབེབས་སུམ་བརྡུང་གིས། སྔར་བཞིན་དང་། ཁྲོ་རྒྱལ་འབར་ཟློག་བཅས་རྗེས་སུ་མེ་ལྷ་སྲོག་བདུད་འཁོར་བཅས། ཞེས་ཡི་དམ་ཁ་བསྒྱུར་གསུངས་ལྟར་གྱིས་བསྡུ་རིམ་བྱ། ལོང་ཡོད་ན་མེ་མི་བསྒུལ་བར་བཞག །དེ་མིན་དུག་ཁྲག་ཆུས་ཞི་བར་བྱས་ནས། རྡོ་རྗེ་བསྡུ་བའི་རྒྱས་བསྡུས་ལ་ཆུ་བོར་འདོར་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱས་ལ། ལས་གཞུང་གི་ཚེ་འགུགས་དང་བཀྲ་ཤིས་ལ་འཇུག་པར་བྱའོ། །ཡས་ཟོར་བཅའ་བཤམས་གཏེར་གཞུང་གསལ་ལྟར་མ་འཁྲུལ་བར་ཞིབ་པར་བྱས་ལ། ལས་བྱང་འོག་ཞི་དྲག་གི་བཟླས་པ་རྣམས་ཀྱི་སྔགས་ཤམ་དུ། དགྲ་བགེགས་དམ་སྲི་མཱ་ར་ཡ་ཕཊཿ བྷྱོ་བཟློག །ཐལ་རྡེབ་བཅས་ཉེར་ལྔ་རེ་བཏོན་དགོས་ཤིང་། ཟངས་སྦུབ་མའི་མཐར་མདོས་བྱིན་རླབས། ༀ་ཧ་ཧོ་ཧྲཱིཿ སོགས་སྔགས་ཚན་གསུམ་སོ་སོར་ཉེར་ལྔ་རེ་དང་། མདོས་ཀྱི་དྲུང་དམར་གཏོར་བཅུ་གཉིས་ཀྱང་བཤམས། དེ་ནས་མདོས་བསྐྱེད་པ། སྭ་བྷཱ་ཝ་དང་། སྣང་སྲིད་འཁོར་བཅས་ཐམས་ཅད་སོགས་ནས། བ་ལིདྟ་ཨཱཿ ཧཱུྃ་བར། བདུག་སྤོས་བསྲེག །རུ་དར་འཕྱར་ཞིང་། འདི་སྐབས་རོལ་མོ་ཡང་བྲེལ་ཙམ་བྱ་ཞིང་། གཡབ་༣ ཌཱ་དྲིལ། རོལ་མོ་འབེབས་དགུ་བརྡུང་འཛག་


SPN003_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱིས་བཞེངས་ཤིག་མར། བསྐུལ་ལོ་རྦད་དོའི་གདངས་གིས་བཀབ། བཞེངས་ཤིག་སྲིད་གསུམ་ནས་ཐུང་དུ་བཏང་། ཉིན་གཞན་ལའང་རེས་མོས་ཀྱིས་སྤྱན་འདྲེན་གཉིས་རེར་བཀབ་པའི་བསྐུལ་མཚམས་བཅས་མཐར། རོལ་མོ་འབེབས་སུམ་བརྡུང་། ཧཱུྃ་རང་བྱུང་ཆོས་དབྱིངས་སོགས། བསྐང་མཆོད་སྐབས། ཆང་དང་། རཀྟ། དུག་ཁྲག་རྣམས་རིམ་པས་མཆོད་ཅིང་། མདོས་ལ་བདུད་རྩི་འཐོར་བ་སོགས་གཞུང་ལྟར་བྱ། འགྲེས་བྱང་གཉིས་བཅས་སོ་སོའི་སྔགས་མཐར། རོལ་མོ། མཚམས་རྒྱག་དང་། མཐར། འབེབས་སུམ་བརྡུང་གིས་ལེན། དེ་ནས་ལིདྒ། མཁར་ཐབ། ཤ་དུམ་འབྲུ་སྣ་བཅས་སོ་སོར་བརྒྱ་རྩ་རེ་དང་། ལིདྒ་ལྕགས་ཁང་མདོས་དྲུང་བཤམས་ལ་ཆུས་བྲན། རང་མདུན་ཨེ་སོགས་དང་། གཡབ་དར་བཅས། འགུགས་གཞུག་ཉེར་གཅིག །འགུགས་རོལ་བཤུག་པ་བཅས་ལན་རྗེས་མར་འབེབས་མཐར་བཞག །བླ་འགུགས་ཉེར་གཅིག་སྔགས་གསོག །རོལ་མོ་སུམ་བརྡུང་གིས། འོ་ལས་ངན་སོགས་ལྷ་དབྱེ་མཐར། འབེབས་སུམ་བརྡུང་། ཞལ་ཕྱེ། ཧཱུྃ། རྒྱལ་བ་རབ་འབྱམས་སོགས་ནས། བཞེས་སུ་གསོལ་བར། མཐར། འབེབས་བཞག་རོལ། མ་ཧཱ་ཀཱ་ལ་སོགས། རྦད་སྔགས་མཐར་ཁཱ་ཧི་བཏགས་པའི་ཞལ་བསྟབ་སྔགས་ཉེར་ལྔ་རེ་དང་། ལིདྒ་ཉེར་ལྔ་རེ་སྦྲགས་ནས་ལས་རྡོར་གྱིས་མདོས་ནང་འབུལ་མཐར། རོལ་མོ་སུམ་བརྡུང་། ཧཱུྃ་མ་ཧཱ་ཀཱ་ལ་མཐུ་བོ་ཆེ་སོགས་སྔགས་མཐར། དམར་


SPN003_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་རེ་མདོས་ནང་ཕུལ། ཡང་འབེབས་སུམ་བརྡུང་། གོང་ལྟར་ཞལ་ཕྱེ་རེ་དང་། རྦད་སྔགས་དང་ཞལ་བསྟབ་སྔགས་ཚན་རྣམས་རིམ་པས་ཉེར་ལྔ་རེའི་མཐར། གཏོར་འབུལ་དང་བཅས་རིགས་འགྲེའི་བཞི་གསུམ་བཅུ་གཉིས་བཏོན་པས་ཁྱོན་ཞལ་བསྟབ་རྣམ་གསུམ་བརྒྱ་རྩ་རེ་གྲུབ་པར་བྱས་མཐར། འབེབས་སུམ་བརྡུང་། དེ་ནས་མདོས་ཟོར་ལ་གཞུང་ལྟར་མཆོད་རྫས་རྣམས་ཀྱིས་གསོ་ཞིང་བྲན་ལ། བྱིན་རླབས་གོང་ལྟར། ༀ་ཧ་ཧོ་ཧྲཱིཿསོགས་སྔགས་ཚན་གསུམ་ལན་གསུམ་རེ་དང་། འབེབས་སུམ་བརྡུང་། ཧཱུྃ་རྒྱལ་བ་རྒྱལ་བའི་འཁོར་ལོ་སོགས། འགྲེས་བྱང་བཅས། བར་མཚམས་རྣམས་ལ་རོལ་མོ། མཚམས་རྒྱག་རེ་དང་བཅས། སྒྲུབ་པར་མཛོད་ནས། འབེབས་སུམ་བརྡུང་། ༀ་མ་ཧཱ་ཀཱ་ལ་སོགས་སྤྱན་འདྲེན་སྔགས་གཡབ་དར་གཡབ། དྲིལ་བུ་གསིལ་ལ་ཁཱ་ཧི། སྦྱར་བ་བརྒྱ་རྩ། ཨ་ཡ་མ་ལ་ཁཱ་ཧི་སྦྱར་བ་བརྒྱ་རྩ། རྦད་སྔགས་དང་ཐལ་རྡེབ་བརྒྱ་རྩ། དམ་བཞག་སྔགས་བརྒྱ་རྩ་བཅས་བཏོན། དེ་ནས་སྲིད་གསུམ་གཏིང་ཟློག་སོགས་ཉིན་ལྟར་དང་། གཏོར་རྒྱག་ཉིན་ཁང་ཐོག་ནས་གསེར་སྐྱེམས་དང་། སྒྲུབ་ཁང་ནས་བསྐང་བ་ཕུལ་ཐོན་ནས། མདོས་ཀྱི་སྒོ་དབྱེ་སློབ་དཔོན་གྱིས་མདའ་དར་ཐོགས་ལ། འབེབས་སུམ་བརྡུང་། ཧཱུྃ་འཁོར་འདས་


SPN003_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་སོགས་བཏོན་ལ། འབེབས་བཞི་བརྡུང་། ཞལ་ཆེམས་ལས་འགྱེད། ཧཱུྃ་འབོད་དོ་བསྐུལ་ལོ་སོགས། འབེབས་སུམ་བརྡུང་། ཧཱུྃ་བསྐུལ་ལོ་འབོད་དོ་སོགས་གཞུང་ལྟར། སེར་སྦྲེངས་སྐབས་མདོས་ཆེན་གྱི་རྗེས་ཟློག་གཏོར་གཉིས་བཏེགས་དགོས། འབུལ་སར་སླེབས་ནས་འགུགས་གཞུག་གསུམ་དང་། གསེར་སྐྱེམས་མཆོད། སྤྲོ་ན་བཞེས་འབོད། དེ་ནས། འབེབས་སུམ་བརྡུང་། ཧཱུྃ་སྔོན་བྱུང་སྲིད་པའི་སོགས་ཟོར་རྣམས་རྦད་སྔགས་དང་བཅས་སོ་སོར་འཕང་ལ། འབེབས་སུམ་བརྡུང་གིས་ལེན། ཧཱུྃ་མ་ཧཱ་ཀཱ་ལ་མཐུ་བོ་ཆེའི་མཐར་རྦད་སྔགས་བཏོན་བཞིན་རོལ་མོ་འབེབས་ཆེན་བཅས་མདོས་ཆེན་དང་མགོན་པོའི་ཟློག་གཏོར་རྒྱབ ། དེ་ནས་རྡོ་རྗེ་དྲེགས་འཇོམས་སོགས་གོང་གསལ་ཟིན་བྲིས་ལྟར་བྱས་པས་ཁྱབ་པར་ཡོད། དེ་ལྟར་གསང་སྔགས་ཀྱི་ཟབ་ཆོས་འདི་ཉིད་བཀའ་གཉན་པ་བྱིན་ཆེ་བའི། དེ་ཡང་ཐོག་མར་དབང་དང་ལུང་གིས་རྒྱུད་སྨིན་ཅིང་གྲོལ་བར་བྱ་བ་དང་། དེ་ནས་བསྙེན་སྒྲུབ་མཐར་ཕྱིན་པའི་སྒོ་ནས་བསྟན་པ་དང་བསྟན་འཛིན་གྱི་དོན་དུ་བྱ་བ་ལས། གར་ཐོད་ཐོད་དུ་བོན་གྱེར་ལྟ་བུ་མི་རུང་ཞིང་། དེ་ཡང་རྣལ་འབྱོར་པ་བསྐྱེད་རྫོགས་ལྡན་པ་རབ། ཐ་ནའང་འདོན་པ་ལྷག་ཆད་མེད་པར་མི་ཚིག་གིས་བར་མ་ཆད་པ་ཙམ་དགོས་རྒྱུ་ལས། གང་བྱུང་བྱས་པས།


SPN003_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྲུང་གི་བཀའ་ཆད་འཁུ་ལྡོག་འབྱུང་ངེས་པས་རང་བཟོས་མ་བསླད་པ་གལ་ཆེ་ཞིང་། གཏེར་ཆེན་ཉིད་ཀྱིས་ཆོས་བདག་སོ་སོར་ཟིན་བྲིས་མི་འདྲ་བར་གནང་བའི་མཐའ་གཅིག་ཏུ་མ་ངེས་ཀྱང་འདིར་ནི་བླ་མ་ཀུན་མཁྱེན་ལ་གནང་བའི་བཞེད་པ་ཇི་བཞིན། རྗེ་ཆོས་ཀྱི་འབྱུང་གནས་ཀྱི་ལུགས་སྲོལ་གཙོར་བཏོན་པའི་བཅའ་བཀོད་འདོན་བསྒྲིགས་བཅས་རིག་འཛིན་མི་འགྱུར་རྡོ་རྗེ་དང་རོལ་པའི་རྡོ་རྗེའི་གསུང་རྒྱུན་རྣམས་དང་ཡང་གོ་བསྟུན་ནས། སི་ཏུ་པདྨ་ཉིན་བྱེད་དབང་པོས་བལྟས་ཆོག་ཟིན་ཐོར་བཀོད་པ་དགེ་ལེགས་སུ་གྱུར་ཅིག། །།

ཟབ་མོ་བདུད་ཀྱི་གཅོད་ཡུལ་ཚོགས་ལས་ཡོན་ཏན་ཀུན་འབྱུང་གི་འདོན་འགྲིགས་རབ་གསལ་མཐོང་བ་མྱུར་རྟོགས།


SPN003_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་བདུད་ཀྱི་གཅོད་ཡུལ་ཚོགས་ལས་ཡོན་ཏན་ཀུན་འབྱུང་གི་འདོན་འགྲིགས་རབ་གསལ་མཐོང་བ་མྱུར་རྟོགས་བཞུགས་སོ། །བསམ་འདས་བརྗོད་བྲལ་ཕ་རོལ་ཕྱིན། །མཁའ་འདྲའི་རང་གཟུགས་རྣམ་རོལ་མ། །བདེ་ཆེན་གར་མཁན་རྒྱལ་བའི་ཡུམ། །ལབ་ཀྱི་སྒྲོན་མས་ཀུན་ཏུ་སྐྱོངས། །དེ་ལྟར་མཆོད་པར་བརྗོད་པ་སྔོན་དུ་སོང་ནས། དེ་ཡང་ཟབ་མོ་བདུད་ཀྱི་གཅོད་ཡུལ་འདི་ཉན་ཐོས་རང་རྒྱལ་སོགས་ཐེག་པ་འོག་མ་རྣམས་ཀྱིས་གང་ཟག་བདག་མེད་ཀྱི་དོན་ཕྱོགས་མཚོན་ཙམ་རྟོགས་ཤིང་། བར་པ་མཚན་ཉིད་མེད་པའི་འཁོར་ལོ་ཤེར་ཕྱིན་གྱི་


SPN003_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་རྣམས་ནས་ཆོས་དང་གང་ཟག་གཉིས་ཀའི་བདག་འཛིན་བཟློག་ནས་ཟབ་མོ་སྟོང་ཉིད་ནམ་མཁའ་ལྟ་བུའི་དོན་སྟོན་ཅིང་བྱང་སེམས་འཕགས་པ་རྣམས་ཀྱི་ཐུགས་ལ་འཁྲུངས་ཤིང་། ཐ་མ་ངེས་དོན་གཏན་ལ་འབེབས་པའི་མདོ་སྡེ་རྣམས་ལས་བདེར་གཤེགས་སྙིང་པོ་གཞོམ་གཞིག་བྲི་གང་དང་བྲལ་བའི་ཡེ་ཤེས་སྙིང་པོ་མངོན་སུམ་དུ་བསྟན་པའི་འཕགས་བཞི་སྐྱེད་བྱེད་ཡུམ་ཆེན་མོའི་དགོངས་དོན། དེ་བཞིན་གསར་རྙིང་རྒྱུད་སྡེ་རྣམས་ནས་ཀྱང་གདོད་མའི་ཟུང་འཇུག་བདེ་བ་ཆེན་པོ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་མངོན་དུ་བྱེད་པའི་དོན་དང་། དེའི་ཐབས་གསང་སྤྱོད་རིག་སྤྱོད་སོགས་ཐབས་ཤེས་ལམ་གྱི་ཆ་ཐམས་ཅད་ཀྱང་རྫོགས་པར་བསྟན་པའི་ཟབ་མོའི་དོན་འདི་ཉིད་ཉམས་སུ་བསྟར་བའི་རྣལ་འབྱོར་བདག་གིས་གང་ལ་རྟེན་འཆའ་བའི་གནས་རབ་དུར་ཁྲོད། འབྲིང་བས་མཐའ། ཐ་མ་དགོན་གནས་སོ། །མི་བྱའི་གནས་ཀྱང་དགེ་འདུན་གྱི་ཀུན་དགའ་ར་བ་དང་གྲོང་ཁྱེར་གྱི་དབུས་སུ་གསུངས་ཀྱང་། མདོར་ན་བདག་ཏུ་འོས་པ་དང་། གཉན་སར་འོས་པ་དེ་ཡིན་ནོ། །དུས་ནི་ཡར་ངོ་དང་མར་ངོའི་དུས་བཟང་དང་། ཉིན་མོ་རིང་དུས་ཉིན། མཚན་མོ་རིང་དུས་མཚན་མོ། ཉ་དང་ཉི་ཟླའི་ལྟོ་བ་མ་གཏོགས་ལྔ་བདུན་དགུ་གསུམ་


SPN003_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་འདྲེའི་ལས་དུས་རྣམས་ལའོ། །ཞེས་གསུངས་པ་ལྟར་ངེས་པར་བྱས་ནས། སྐབས་སུ་བབས་པ་འདོན་སྒྲིག་བཤམས་བཀོད་ཀྱི་རིམ་པ་ནི། སྟེགས་ཀྱི་ཁར་ཞིང་ངམ་སྟག་ལྤགས་ཀྱི་སྟེང་། གོང་གཏོར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་ལྔ་ཚོམ་མམ། ཕྲེང་ཚར་གང་རུང་བཀོད་པའི་མདུན་དུ། མཆོད་པའི་མཎྜལ་ཚོམ་བུ་བདུན་མ་ཞིག་ཀྱང་བཤམས། ནང་མཆོད་ཀྱི་ཀ་པཱ་ལ་དང་། ཉེར་སྤྱོད་མཆོད་པ་གཡོན་ནས་འགོ་བརྩམ་ཕྲེང་ཚར་དང་གཞན་ཡང་ཚོགས་ཀྱི་ཡོ་བྱད་གང་འབྱོར། སྐོང་གཏོར་རྒྱས་བསྡུས་གང་རུང་སྐབས་བསྟུན། མཁའ་འགྲོ་གཏོར་འབུལ་ལྔ་ཚོམ་ཅན་སོགས་མཁོ་བའི་ཡོ་བྱད་འདུ་བྱས་ལ། ནང་མཆོད་བྱིན་བརླབ། ༀ་ཨཱཿབིགྷཱན་གྱིས་བསངས་ལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་སོགས་ནས། ༀ་ཨཱཿཧཱུྃ། ལན་གསུམ་བར་དང་། མཆོད་རྫས་ཐམས་ཅད་ལ་བདུད་རྩི་བྲན་ཅིང་། ༀ་ཀརྨ་ཌཱ་ཀི་སོགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་སོགས་ཀྱིས་མཆོད་པ་བྱིན་བརླབ། ཤབྡའི་བར་དང་། ཌཱ་དྲིལ་བྱ། བདག་ཅག་རྣམས་ལ་


SPN003_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས་ཉམས་སུ་བླང་བར་བགྱིའོ། །བར། བྱང་ཆུབ་སེམས་ཀྱི་ཀུན་སློང་བྱ་བ་སྔོན་གྱི་ཕྱག་བཞེས་ལྟར་དང་། དེ་ནས་མགྲོན་བསྡུའི་དམིགས་པ་བཅས། བདག་ཅག་རྣམས་སོགས་ནས། དོན་དུ་འདུས་ཤིང་བརྗོད་ལ་རྐང་གླིང་ཁ་བརྡབ་ལན་གསུམ། དེ་ནས་ལན་གསུམ་འབུད་པའི་ཐོག་མར་རིང་བ། བར་བ་དེ་ལས་ཐུང་ཙམ་སྐད་འགྱུར་གཅིག་དང་ལྡན་པ། ཐ་མ་དེ་ལས་ཡང་ཐུང་བ་སྐད་འགྱུར་གསུམ་དང་ལྡན་པར་བྱ། དེ་ནས་ཕཊ་རིང་གསུམ་བརྗོད། སྐྱབས་ཡུལ་དམིགས་པ་བཅས་སྐྱབས་འགྲོ་བདུན་ནམ་ཉེར་གཅིག་སྐབས་དང་བསྟུན། ཡན་ལག་བདུན་པ་དང་། སེམས་བསྐྱེད་བཅས་བཏོན། སྐྱབས་ཡུལ་མི་དམིགས་པའམ་རང་ལ་བསྟིམ། སླར་ཚོགས་ཞིང་མདུན་གྱི་ནམ་མཁར་སོགས་ནས། ས་མ་ཛཿའི་མཐར་ཌཱ་དྲིལ་ཁྲོབ་བཀྲོལ། རྡོར་དྲིལ་ཐོགས་ལ། མ་ལུས་སེམས་ཅན་ནས། ཕྱག་འཚལ་བསྟོད་བར་དང་། ཕྱག་འཚལ་བ་དང་། མཆོད་སོགས་དང་། ག་ཏེའི་སྔགས་ཅི་ནུས་བཟླས་ལ། བྱིན་རླབས་བསྡུ་དམིགས་མཐར། ཕཊ་བརྗོད་བཞིན་པས་བདུད་རྩི་ཆུ་རྒྱུན་དམིགས་པའི་མཐར། མཆོད་ལྷ་སྤྲོས་ནས། སྟོང་གསུམ་རབ་འབྱམས་


SPN003_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དང་གཏོང་ལེན་དམིགས་པ་སྦྱར། རིམ་སྐྱེས་འཕོ་བ་བྱས་ལ། མཎྜལ། ལྤགས་པ་གསེར་གྱི་ས་གཞི་མཐར། ཕཊ། རྗོད་བཞིན་དཀར་ཚོགས་ལམ་ཁྱེར་སྐོར་གསུམ་ཞེས་ཐོད་སྒྱེད་མའི་དམིགས་པ་བྱ། འཕེན་ལེན་དམར་འགྱེད་སྐོར་གསུམ། རྐང་གླིང་། གནས་གཉན་ས་སོགས་དང་། དེ་ནས། གནས་ཆོས་དབྱིངས་སོགས་གསོལ་འདེབས་རྣམས་རྒྱས་བསྡུས་སྐབས་དང་བསྟུན། བདུད་རྩི་བུམ་འགྱེད་མའི་དམིགས་པ་བྱ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་སོགས་ནས་ཕ་བརྒྱུད་བསྟོད་པའི་མཐར་ཐོད་ཞལ་མའི་དམིགས་པ་བྱ། མ་ཡུམ་ཆེན་ཐུགས་ལས་སྤྲུལ་སོགས། ཐུགས་རྗེས་བཟུང་དུ་གསོལ། མཐར་འདོད་ཡོན་ལྔ་མཆོད་དམིགས་པ་བྱ། ཀྱེ་མ་མི་མིན་ཡེ་ཤེས་སོགས་ནས། མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །མཐར་བསྟབ་པ་གཡང་གཞི་མ་བྱ། ཀྱེ་མ་མི་མིན་ཡེ་ཤེས་སོགས་ནས། ཕྱག་འཚལ་བསྟོད་མཐར་བསྟབ་པ་མཆོག་ཕུར་མ་བྱ། དེ་རྣམས་ཀྱིས་མ་རྒྱུད་གསོལ་འདེབས་རྫོགས། མ་ནམ་མཁའ་ལྟ་བུའི་ཡུམ་ཆེན་སོགས་སྲས་བསྟོད་མཐར། ཕཊ་ཁ་ཤས་བརྗོད། མ་ཡུམ་ཆེན་ཐུགས་ལས་སྤྲུལ་སོགས། སྐལ་ལྡན་རྣམས་ལ་


SPN003_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་དུ་ཕོབ་བར། མཁའ་འགྲོ་འབུམ་བསྐུལ་འདི་མཐར་ཌཱ་དྲིལ་ཁྲོབ་བཀྲོལ་བཅས་ཕཊ་བརྗོད། དེ་ནས་ཚོགས་བདུད་རྩིས་བྲན་ལ། འབྲུ་གསུམ་དང་། ག་ཏེའི་སྔགས་བཅས་སོ་སོར་ལན་གསུམ་བཏོན་ནས་བྱིན་གྱིས་བརླབས་ལ། བཀའ་བརྒྱུད་ཚོགས་ལས། གནས་ཆོས་དབྱིངས་རྣམ་དག་གི་གཞལ་ཡས་སོགས་ནས། དབྱིངས་སུ་དྲོང་བར་དང་། མ་རྒྱུད་ཚོགས་ལས། མ་ཡུམ་ཆེན་ཐུགས་ལས་སྤྲུལ་སོགས་མཐར། ཕཊ་དང་། ཌཱ་དྲིལ་ཁྲོབ་བཀྲོལ་བྱའོ། །དེ་ནས་སྦྱིན་བདག་སོགས་ལུས་སྦྱིན་སོགས་དམིགས་བསལ་དགོས་པ་ཅན་ཡོད་ཚེ། རང་མདུན་གཞོགས་ཕབ་ཉལ་ཏེ་ཚོགས་རྫས་བཤམས་ལ་བདུད་རྩི་བྲན། བསྲེ་བ་གསུམ་སོགས་ལུས་ཚོགས་ཀྱི་དམིགས་པ་བྱས་ལ། ༀ་མ་ཅིག་མ་ལ་སོགས་དང་། དྲུག་པ་རྡོ་རྗེ་འཆང་ཆེན་བཏོན་ནས་བར་མཚམས་རྣམས་སུ་ཕཊ་བརྗོད། འདི་སྐབས་སྤྲོ་ན་གདོན་ཚོགས་དགུ་མའི་བསྟབ་པ་སྦྱར་ནས། སྟོང་གསུམ་གཞི་བདག་མན་ཆད་ནས། སོགས། ཕྱིན་བསྐྱུར་ལ། སླར་བསྲེ་འཕོའི་དམིགས་པ་བྱས་ནས། དབང་སྡུད་ནི། སྐད་ཅིག་གིས་བདག་ཉིད་དུར་ཁྲོད་ཀྱི་བདག་མོ་ཁྲོས་མ་སོགས་ནས་དམར་འགྱེད་དམིགས་པ་རྒྱས་པར་བྱས། གདོན་ཚོགས་དགུ་མའི་བསྟབ་པ་རྣམས་སོ་སོའི་


SPN003_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས། ཕཊ་བརྗོད། ཌཱ་དྲིལ་བཀྲོལ། མཆོག་གི་དངོས་གྲུབ་ཐོབ་པར་ཤོག །བར་དང་། མཐར། ཕཊ་བརྗོད། བསྡུ་ན། སྟོང་གསུམ་གཞི་བདག་སོགས་ནས། ལྷག་མ་མེད་པར་བཞེས་སུ་གསོལ། བར་དང་། དེ་ནས་ཚོགས་ཕུད་གཏོར་མ་ཕུལ་ལ། ཕྱི་སྣོད་འཇིག་རྟེན་གཏོར་གཞོང་སོགས། གཏོར་བསྔོ་བཏོན་མཐར། ཕཊ་བརྗོད། ཌཱ་དྲིལ་བྱ། ཚོགས་བརྒྱ་ལྟ་བུའི་གྲངས་གསོག་སྐབས། སྦྱིན་པ་རྒྱ་ཆེན་དང་། ཐམས་ཅད་ནམ་མཁའ༴ བདག་གིས་ལུས་མཆོད་སྦྱིན་སོགས་དང་། གཅོད་ཡུལ་ཉམས་སུ་ལེན་སོགས་དང་། ཁྱབ་པར་ཤོག་བར། ཕཊ་བརྗོད། སླར་ཡང་མཆོད་པ་རྣམས་ཁ་གསོ། བདུད་རྩི་བྲན། ཀརྨ་ཌཱ་ཀི་ནི་སོགས་དང་། མཆོད་པ་བྱིན་རླབས་དང་། མགྲོན་བསྡུ་བ་སོགས་སྔར་ལྟར་ལ། སྟོང་གསུམ་རབ་འབྱམས་མ་དང་། པགས་པ་གསེར་གྱི་ས་གཞི་གཉིས་འཁྲིགས་ཆགས་སུ་བཏང་། གསོལ་འདེབས། གནས་ཆོས་དབྱིངས་རྣམ་དག་དང་། སྤྱི་གཙུག་ཉི་ཟླའི་གདན་གཉིས་འདོན་རེས་བྱ། ཡུམ་ཆེན་ཤེར་ཕྱིན་དང་། མ་རྒྱུད་ཐབས་ཀྱི་བརྒྱུད་པ་གཉིས་འདོན་རེས་ཚོགས་ལས་སྐབས་འགྲེས་བསྐང་བསྡུ་བ་དང་། ཚར་རྗེས་མའི་སྐབས་སྤྲོ་ན་


SPN003_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ཚོགས་དགུ་མའི་བསྟབ་པ་བྱ་བ་གོང་དུ་སྨོས་ལྟར་དང་། གཞན་རྣམས་དཀྱུས་བཞིན། བསྐང་བ་ལན་རྗེས་མ་བཏོན་ཅིང་། གཏོར་མ་བདུད་རྩིས་བྲན་ལ། འོག་མིན་ཆོས་དབྱིངས་སོགས་ཀྱི་སྐོང་བ་ཚང་མ་དང་། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བར་བཏོན་མཐར། ཕཊ་དང་ཌཱ་དྲིལ་བྱ། དེ་ནས་རྣལ་འབྱོར་པ་རྣམས་ཚོགས་ལ་རོལ། ལྷག་མ་བསྡུ་ཞིང་། བདུད་རྩི་བྲན། དམིགས་པ་དང་བཅས་ཕྱོགས་བཞི་འཇིགས་རུང་། སོགས་ཀྱིས་ལྷག་མ་བསྔོས་མཐར། ཕཊ་དང་ཌཱ་དྲིལ། དེ་ནས་མཁའ་འགྲོ་གཏོར་འབུལ། འབྲུ་གསུམ་གྱིས་བྱིན་རླབས་དང་། ཀྱེ་མ་མི་མིན་ཡེ་ཤེས་མཁའ་འགྲོ་སོགས་མཐར། ཕཊ་དང་། ཌཱ་དྲིལ། དེ་ནས་མཆོད་པ་ཁ་གསོ། ༀ་གུ་རུ་དྷེ་ཝ་དྷཱ་ཀི་ནི་སོགས་ནས། ཨརྒྷཾ་ནས། ཤབྡ་བར་དང་། ནང་མཆོད་བདུད་རྩི་འབུལ་ཞིང་། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་སོགས་དང་། སྨྲ་བསམ་བརྗོད་མེད་སོགས་ཀྱིས་བསྟོད། བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །སོགས་འགྲེ། ཡི་དམ་ལྷ་ཚོགས༴ དཔའ་པོ་མཁའ་འགྲོ༴ ཆོས་སྐྱོང་སྲུང་མ༴ དེ་ནས། བདེ་བ་ལེགས་པ་ཇི་སྙེད་པ། །སོགས་ཀྱི་བཤགས་པའི་


SPN003_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། ཌཱ་དྲིལ་དང་བཅས་ཡིག་བརྒྱ་ཚར་གསུམ། སྦྱིན་པ་རྒྱ་ཆེན་སོགས། ཐམས་ཅད་ནམ་མཁའ་མཛོད་སོགས། བདག་གིས་ལུས་མཆོད་སྦྱིན་སོགས་དང་། གཅོད་ཡུལ་ཉམས་སུ་ལེན་སོགས་ནས། ཁྱབ་པར་ཤོག་བར། ཕཊ། བརྗོད། རྗེས་ཀྱི་བྱ་བ། གྲོལ་ཉིན་ལྟ་བུར། བྱིན་འབེབས་དམིགས་པ་དང་བཅས། ཌཱ་དྲིལ་འཁྲོལ་ཞིང་། ཕཊ་བརྗོད་བཞིན། མ་ཡུམ་ཆེན་ཐུགས་ལས་སྤྲུལ་སོགས་མཐར་ཡང་། ཌཱ་དྲིལ་བཀྲོལ་ཞིང་། ཕཊ་བརྗོད་སྐྱབས་ཡུལ་བསྡུ་ཟིན་པ་དང་། ཞི་ཟླུམ་དམིགས་པ་བཅས་ཚེ་གཟུངས་བཟླ་ཞིང་། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་སོགས། ཤིས་པ་བརྗོད། དེ་ནས་རང་གཞན་ཐུགས་རྗེ་ཆེན་པོར་གསལ་བའི་ངང་ནས་མགྲོན་རྣམས་གཤེགས་གསོལ་དང་། དགེ་བ་འདི་ཡིས་སོགས། གཅོད་ཡུལ་ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། སོགས་བརྗོད། ཆོས་དབྱིངས་ལྷུན་གྱིས་གྲུབ་པ་སོགས། བཀྲ་ཤིས་མེ་ཏོག་གིས་ཆར་བསྙིལ་བར་བྱའོ། །ཡང་དམིགས་བསལ་སྦྱིན་བདག་གལ་ཆེན་ལ་བྱིན་རླབས་དབང་བསྐུར་བྱེད་པར་སྤྲོ་ན། གྲོལ་ཉིན་ལྟ་བུར་སྟབས་བདེ་བས། གོང་གི་མཁའ་འགྲོ་བྱིན་འབེབས་ཀྱི་སྔོན་དེར།


SPN003_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་རྣམས་ལ་དང་པོ་ཆབ་བཏང་། མཎྜལ་འབུལ་ནས་གསོལ་འདེབས་རྒྱས་བསྡུས་གང་མོས་འདོན་ཤེས་ན་དཔོན་སློབ་མཉམ་དུ་གྱེར། དེ་ནས་མཁའ་འགྲོ་བྱིན་འབེབས་དམིགས་པ་དང་བཅས། མ་ཡུམ་ཆེན་ཐུགས་ལས་སོགས་ཏིང་ངེ་འཛིན་གྱིས་བྱིན་རླབས་འཕོ་དབང་གིས་སྨིན་པར་བྱས་ནས་གཞན་རྣམས་གཞུང་གོང་སྨོས་ལྟར་གྱི་བཀྲ་ཤིས་སོགས་མཐའ་རྒྱས་མཛད་པས་གྲུབ། གོང་མ་རྣམས་ཀྱི་གསུང་རྒྱུན་བཞིན། སི་ཏུ་པས་སྤེལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མདྒ་ལྃ། །

གུ་རུ་རིན་པོ་ཆེའི་གསོལ་འདེབས་ཚིག་བདུན་མར་གྲགས་པའི་ཟིན་ཐོ།


SPN003_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རིན་པོ་ཆེའི་གསོལ་འདེབས་ཚིག་བདུན་མར་གྲགས་པའི་ཟིན་ཐོ་ཉུང་ངུ་ལགས། རྒྱལ་ཀུན་ངོ་བོ་བླ་མ་མཆོག །པདྨ་འབྱུང་ལ་གུས་བཏུད་ནས། །གང་ལ་གསོལ་བ་འདེབས་པ་ཡི། །མན་ངག་རྣམ་པར་གསལ་བྱེད་བྲི། །དེ་ཡང་རང་ཡི་དམ་གང་རུང་དུ་གསལ་བའི་སྤྱི་བོར་རམ་སྙིང་གའི་དབུས་སུ། གུ་རུ་རིན་པོ་ཆེ་མཚོ་སྐྱེས་རྡོ་རྗེ་འཆང་དབང་ཡབ་ཡུམ་གསལ་བཏབ། དེ་ཉིད་རྩ་གསུམ་ཀུན་ཀྱི་བདག་ཉིད་དུ་ཤེས་པ་ལ། འཁོར་མཁའ་འགྲོ་སྡེ་ལྔའི་ཚོགས་ཀྱིས་བསྐོར་བ་འཇའ་འོད་འཁྱིལ་བའི་ཀློང་ན་བཞུགས་པར་བསམ་ལ་


SPN003_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདི་ལྟར་དུ་གདབ་སྟེ། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བ རླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞེས་བརྗོད་ཅིང་དོན་ནི་གོ་བདེ་ལ་འདི་ནི་སྤྱིར་གཏེར་གཞུང་རྡོ་རྗེའི་ཚིག་དང་། བྱེ་བྲག །ཨོ་རྒྱན་ཡུལ་གྱི་ཞེས་པ་ནས། བྱིན་གྱིས་བ རླབ་ཕྱིར་གཤེགས་སུ་གསོལ་བར་རྡོ་རྗེ་ཕག་མོས་གསུངས་པར་གྲགས་པའི་ཚིག་བདུན་གསོལ་འདེབས་ཏེ་ཚིག་རྐང་བདུན་ཡོད་པས་དེ་ལྟར་གྲགས་ལ། དེ་ནས་གུ་རུའི་ཐུགས་སྲོག་སྙིང་པོ། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་འཕྲེང་རྩལ་བཛྲ་ས་མ་ཡ་ཛ་ཛཿ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧྲཱིཿམ་ཧ་རི་ནི་སཿར་ཙ་ཧྲི་ཡཿཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿ ཞེས་རྩ་སྔགས། བྱིན་འབེབས་སྔགས། མཁའ་འགྲོ་སྡེ་ལྔ་ཡབ་


SPN003_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་སྔགས་དང་། གུ་རུ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ བདག་ཅག་མོས་པའི་བུ་རྣམས་ལ༔ ལུས་ལ་སྐུ་ཡིས་བྱིན་གྱིས་རློབས༔ ངག་ལ་གསུང་གིས་བྱིན་གྱིས་རློབས༔ ཡིད་ལ་ཐུགས་ཀྱིས་བྱིན་གྱིས་རློབས༔ དབང་བཞི་བསྐུར་བར་བྱིན་གྱིས་རློབས༔ རྒྱུད་བཞི་དག་པར་བྱིན་གྱིས་རློབས༔ ལམ་བཞི་འབྱོངས་པར་བྱིན་གྱིས་རློབས༔ སྐུ་བཞི་ཐོབ་པར་བྱིན་གྱིས་རློབས༔ ཞེས་པ་རྣམས་ཀྱིས་རྩ་བའི་བླ་མ་གུ་རུ་ཡབ་ཡུམ་མཁའ་འགྲོའི་ཚོགས་ལ་གསོལ་བ་བཏབ་པས། གུ་རུའི་སྐུའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་སྐར་མདའ་ཆད་པ་ལྟར་བྱུང་སྟེ་བདག་གི་སྨིན་མཚམས་སུ་ཐིམ། བུམ་དབང་ཐོབ་པར་བསམ། བླ་མའི་མགྲིན་པའི་གནས་ལས་འོད་ཟེར་དམར་པོ་མར་མེའི་རྩེ་མོ་ལྟར་རྒྱང་གིས་བྱོན་རང་གི་མགྲིན་པར་ཐིམ། གསང་དབང་ཐོབ་པར་བསམ། གུ་རུའི་ཐུགས་ལས་འོད་ཟེར་སྔོན་པོ་སྤོས་རེང་གི་དུད་པ་ལྟར་འཕྲོས་རང་གི་སྙིང་ཁར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསམ། གུ་རུའི་གནས་ལྔ་ལས་འོད་ཟེར་འཇའ་ཚོན་སྣ་ལྔའི་རྣམ་པར་བྱོན་ཏེ་རང་གི་གནས་ལྔར་ཐིམ་པས། དབང་བཞི་པ་ཐོབ་པར་བསམ་པ་སྟེ། དབང་བཞི་སོགས་


SPN003_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་སྟེ་དབང་བཞི་རྣམས་ཐོབ་པས་རིམ་བཞིན་གྱིས། རྒྱུད་བཞི། རྩ་དང་། རླུང་དང་། ཐིག་ལེ་དང་། བྱང་ཆུབ་སེམས་ཀྱི་རྒྱུད་དག་སྟེ། ལུས་རྩ་ཁམས་རྣམ་པར་དག་པ་ལྷར་སྦྱངས། ངག་རླུང་དབྱིངས་སུ་གྲོལ་བ་སྟེ་སྔགས་སུ་དག །ཀུན་རྫོབ་ཀྱི་ཐིག་ལེ་ཡེ་ཤེས་དྭངས་མའི་ཐིག་ལེར་དག །ཐ་མལ་གྱི་ཤེས་རྒྱུད་རང་བཞིན་ཀློང་ཡངས་སུ་གྲོལ་བ་བདེ་ཆེན་བྱང་ཆུབ་སེམས་སུ་དག་སྟེ། རིམ་པ་བཞིན་ལམ་བཞི་ཡང་འབྱོངས་ཏེ། བསྐྱེད་རིམ་གྱི་ལམ། རྫོགས་རིམ། ཕྱག་རྒྱའི་ལམ། རྫོགས་ཆེན་ལམ་སྟེ་བཞི། ཡང་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་བཞི་ཞེས་པས་ལམ་བཞི་ཡང་ཡོད་མོད་ཀྱི་འདི་རང་གི་སྐབས་དོན་ནི་གོང་དུ་སྨོས་པ་དེ་ཁ་སྟེ། རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་ལས་ཀྱང་། རྩ་རླུང་ཐིག་ལེ་བྱང་སེམས་རྒྱུད་སྨིན། བསྐྱེད་རྫོགས་ཕྱག་རྒྱ་རྫོགས་ཆེན་ལམ་འབྱོངས། ཞེས་གསུངས་པ་དང་མཐུན་པའི་ཕྱིར་རོ། །སྐུ་བཞི་ནི་སྤྱིར་གྲགས་ལྟར། ཆོས་ལོངས་སྤྲུལ་སྐུ་ངོ་བོ་ཉིད་སྐུའོ། །དེ་ལྟར་དབང་བཞི་ལེན་པའི་དམིགས་པ་དང་བསྟུན། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་


SPN003_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ཡ་ཨ་བྷི་ཥིཉྩ་ༀ༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་བརྗོད། ཏིང་ངེ་འཛིན་གྱི་དབང་བཞི་ཡང་ཡང་བླང་ཞིང་གསོལ་བ་གདབ། མཐར་གུ་རུ་རིན་པོ་ཆེ་མཁའ་འགྲོ་ཚོགས་བཅས་རང་ལ་ཐིམ་སྟེ་རྫོགས་པ་ཆེན་པོའི་ཀློང་དུ་མཉམ་པར་བཞག་གོ། །འདིར་སྨྲས་པ། རང་ཅག་བོད་ཡུལ་སྐྱེ་འགྲོ་རྣམས་ཀྱིས། །བླ་མའི་སྐལ་པ་པདྨ་འབྱུང་གནས། །བཀའ་དྲིན་མཉམ་མེད་གུ་རུ་རྗེ་དེ། །ཡིན་པར་ཤེས་ནས་གསོལ་བ་འདེབས་དགོས། །གྲྭ་པའི་གཟུགས་དང་སྒྲུབ་གཟུགས་བྱས་ནས། །ཆོས་ཀྱི་སྙིང་པོ་བླ་མ་མ་དྲན། །དམ་ཆོས་ཉམས་ལེན་རྒྱུད་ལ་མེད་པར་། །ཁ་བཤད་བྱེད་པ་བདག་འདྲའི་ཆོས་པ། །རི་ཀླུང་མེད་པར་ཁེངས་ཏེ་འདུག་གོ །རྩ་བའི་བླ་མ་གུ་རུ་རྗེ་དེ། །དྲན་པ་ཙམ་གྱིས་བྱིན་རླབས་ཆེ་བས། །གསོལ་འདེབས་བཛྲ་གུ་རུ་དྲོངས་ཤིག །ཨ་ཧོ་སངས་རྒྱས་པདྨ་འབྱུང་གནས། །ཨ་ཏི་ཀློང་ཡངས་ངང་དུ་བསྙེན་ན། །ཨ་དོན་ཆོས་སྐུའི་ངོ་བོ་པདྨས། །ཨེ་དབྱིངས་ཆེན་པོར་བསླུ་ུབ་མེད་གསུངས། །ཞེས་གུ་རུ་རིན་པོ་ཆེའི་གསོལ་འདེབས་བླ་མའི་རྣལ་འབྱོར་གྱི་ཟིན་བྲིས་ཉུང་དུ་ུའདིའང་། དབུ་མཛད་རྣམ་རྒྱལ་གྱི་འདོད་ངོར་རྡོ་རྗེའི་སྙིང་པོས་ཙཱ་རིའི་གནས་སུ་ཐུན་མཚམས་ཞིག་ཏུ་བྲིས་པ་དགེ། འདི་ཉིད་བཀའ་འབུམ་གྲས་སུ་འཇོག་མཛད་འདུག་ཅིང་ལུང་ཡང་བཞུགས་འདུག་པ་ལྟར་རོ །

ཀློང་གསལ་གཏེར་བྱོན་ཡེ་ཤེས་རབ་འབར་གྱི་བཅའ་ཐབས་འདོན་འགྲིགས་གསར་བཀོད་དོན་གསལ།


SPN003_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་གསལ་གཏེར་བྱོན་ཡེ་ཤེས་རབ་འབར་གྱི་བཅའ་ཐབས་འདོན་འགྲིགས་གསར་བཀོད་དོན་གསལ་བཞུགས། །སྭ་སྟི། རྩ་གསུམ་བདག་ཉིད་པདྨ་དྲག་པོ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །བཀའི་གནང་བ་སྩལ་དུ་གསོལ། །འདི་ཉིད་བཅའ་ཐབས་འདོན་འགྲིགས་སྔར་གྱི་རྙིང་ལུགས་དང་། རྗེ་གོང་མའི་ཞལ་རྒྱུན་ལུགས་དང་། རིག་འཛིན་ཧྱ་གྲཱྀ་ཝས་བསྒྲལ་ལས་དང་། ཟོར་འཕེན་གསར་བཀོད་དེ་རྣམས་ཀུན་འདུས་ནོར་བུ་ལུགས་དབོན་སྤྲུལ་དེ་ཉིད་ཀྱི་བཞེད་སྲོལ་སོར་བཞག་ལ། གཏེར་ཆེན་མཆོག་ནས་ཆོས་བདག་ཨ་ལོ་ཀུན་མཁྱེན་ལ་གདམས་པའི་བསྐྱེད་རིམ་གྱི་ཟབ་གནད་གཙོར་བཏོན། ཨོ་རྒྱན་རྡོ་རྗེའི་གསུང་རྣམས་དཔང་དུ་བྱས་ནས་བཀོད་པ་ལ། དེའང་། ཐོག་མར་འདི་ཉིད་ཀྱི་བསྙེན་སྒྲུབ་སྔོན་དུ་ཐེམ་པའི་གང་ཟག་གིས། ཟླ་བ་གང་རུང་གི་དམར་ཕྱོགས་ཚེས་གཉིས་ལ་བརྩམས་ཏེ་དབེན་པའི་གནས་སུ་རྩ་གསུམ་གྱི་རྟེན་དང་། འདི་ཉིད་ཀྱི་སྐུ་བྲིས་འབུར་གང་འབྱོར་བཤམས་པའི་དྲུང་། སྟེགས་བང་རིམ་གསུམ་གྱི་དང་པོ་ལ། གཡས་ངོས་སུ་བླ་མ་ཡིིི་དམ་མཁའ་འགྲོ་ཆོས་སྐྱོང་གཏོར་མ་ལྔ་ཚོམ་མཐོང་བརྒྱུད་བཞིན་དང་། དབུས་སུ་དཀྱིལ་ཐང་ངམ། མཎྜལ་ཚོམ་བུ་ལྔའི་སྟེང་། མཉྫིའི་ཁར་ཆོས་འབྱུང་བསྣོལ་མའི་སྟེང་དུ་དཔལ་གཏོར་རྒྱན་ལྡན།


SPN003_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ངོས་སུ་བསྙེན་ཕུར་བྱིན་ཅན་དང་། ཚེ་རིལ། ཚེ་ཆང་། མདའ་དར་བཀོད། མདུན་ངོས་ཉེར་སྤྱོད་མཆོད་པ་ཆ་ཚང་བཤམས་པ་བརྗེ་མི་དགོས། དེ་འོག་གཡས་ནས་བརྩམ་སྔགས་སྲུང་མར་གཏོར་གདན་གྲུ་གསུམ་ལ་ཞིང་ལྤགས་སྟེང་། སྙིང་གཟུགས་ཅན་སྤྱི་འགྲོ། རྣམ་སྲས་གཏོར་གདན་ཟླུམ་པོ་ལ། མཁར་ཐབས་ཁ་བད་ཅན་སྟེང་དུ་ནོར་བུ་སུམ་ཚོམ་ཁར་ནོར་བུ་འབར་བ། མཐའ་འཁོར་གཏོར་འབྲང་རྒྱས་བརྒྱད་ཀྱིས་བསྐོར། བསྙེན་སྒྲུབ་ཟིན་ལ་གསལ་བའི། སྐོང་གཏོར་བང་རིམ་བཞིའི་སྟེང་། དཔལ་གཏོར་རྒྱན་ལྡན། བང་རིམ་རྣམས་སུ། ཉེར་སྤྱོད་དང་། འདོད་ཡོན་ལྔ། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད། ཁྱུང་འབྲུག་སོགས་འཕུར་ལྡིང་གི་རིགས་དང་། སྟག་སེང་སོགས་གཅན་གཟན་རིགས། གླང་བསེ་རུ་སོགས་རི་དྭགས་གཡུང་དྭགས་རིགས་རྣམས་སྤར་བཏབ་པས་བསྐོར་ལ། དར་ཚོན་དང་། སྟག་གཟིག་རས་མོ། རིན་ཆེན་ཕྱེ་མ། སྨན་སྣ། སྤོས་སྣ། འབྲུ་སྣ། དམ་རྫས་སོགས་ཕྱུར་བུར་སྤུངས་ལ་བཀོད། ཁྱབ་འཇུག་དམར་གཏོར་གཡས་དཀྱུས་ལ། འཁོར་གཏོར་དེ་འདྲ་བརྒྱད་ཀྱིས་བསྐོར། དམ་ཅན་གཏོར་གདན་གྲུ་ུབཞིའི་ཁར། མཁར་ཐབས་བད་ཅན་སྟེང་། བཤོས་བུ་ཟུར་གསུམ།


SPN003_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གཏོར་དེ་འདྲ་བ་བཞི་བད་དང་མཉམ་པ། མདུན་དུ་ར་མགོ །གཡས་ལྕགས་ཏེལ། གཡོན་སྨན་ལེབ། འབྲང་རྒྱས། གསང་ཕྱི། ཏིང་ལོ་སོགས་ཀྱིས་བསྐོར། རྒྱལ་པོ་ལ་མཁར་ཐབས་བད་ཅན་སྟེང་། བཤོས་བུ་ཟུར་གསུམ་ལྔ་ཚོམ། དེ་རྣམས་ལ་སྨུག་རྩི་དང་དཀར་ཐིག་དམར་རྒྱན་གང་འོས་བྱ། མདུན་ངོས་སུ་ཆོས་སྨན་བཏབ་པའི་བདུད་རྩི་དང་། སྨན་གཏོར། རཀྟ་ཉེར་སྤྱོད་མཆོད་པ་རྣམས་ཕྲེང་ཚར་བཤམས། དེ་འོག་ཏུ་ལས་དཀྱིལ་ཞིང་ངམ་སྟག་ལྤགས་སྟེང་ལྕགས་སྣོད་དུ་སའི་ཞལ་བར་རོ་སོལ་བྱུག་ལ་འཁོར་ལོ་རྩིབས་བཅུ་བྲི། དབུས་དང་རྩིབས་བཅུའི་ལྟེ་བར་བྲུབ་ཁུང་རེ་བརྐོས་ལ། ལིང་ཁྲུས་སྔོན་དུ་ཟིན་པའི་ཤོག་ལིང་གསུམ་དགོས་པར་གཅིག་དབུས་ཀྱི་བྲུབ་ཁུང་དུ་གཏོར་ཆེན་ཞབས་སུ་བཅུག །གཉིས་ཟུར་དུ་ཧོམ་ཁུང་ནང་བཞག་ནས་སླར་བསྒྲལ་ལས་སྐབས་དམིགས་རྟེན་བྱེད། རྩིབས་བཅུ་ལ་ཟན་ལིང་རེ་བཅུག །དེ་སྟེང་དྲག་པོའི་གཏོར་ཆེན་ཟུར་གསུམ་བརྗིད་ལྡན། སྤྲོ་ན་གཏོར་ཞལ་རྔམས་པ་བྱ། རྩེ་མོར་བྱ་ཁྱུང་གི་གཟུགས་སམ་ཙཀླི་ལ་དར་དམར་གདུགས། རྩིབས་བཅུར་ཁྲོ་བཅུའི་དམར་གཏོར་རྣམས་གཙོ་བོའི་སུམ་ཆ་དང་མཉམ་པ་བར་མཚམས་རྣམས་སུ་ཁྲག་གི་ཀྱུ་གུ་ཁ་ཕྱིར་བསྟན་བཀོད།


SPN003_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་གཏོར་ལ་དབུ་རྩང་གསུམ། གཡས་གཡོན་ལ་སྤྱན་རྩང་གསུམ་རེ་སྟེ་དྲུག །འཁོར་གཏོར་རྣམས་ལ་གསུམ་རེ། མཚེ་དང་ཡུངས་ཀར་ནག །ཟན་ལིང་རོ་ལྟེབས་དང་། ཤ་དང་། མེ་སྒྲོན་གཉིས་ཀྱང་གཏོར་ཆེན་རྒྱབ་ངོས་འཛུགས། མཐའ་མར་རྩང་ཕུར་དམར་ནག་དགུ་བཅུ་སྲིན་མོ་འགྲོས་སུ་བཙུགས། བ་སུ་ཏ་དང་སྔོ་དམར་སྐུད་པས་འཚུབས་མ་རིས་སུ་དཀྲིས། དེའི་གཡས་སུ་མེ་དབལ་ཟློག་གཏོར་ཟུར་གསུམ་ལ་གཙོ་གཏོར་ལས་དམའ་ཙམ། ལོགས་གསུམ་ལ་པྲ་མོ་ཧེ་གསུམ་གསུམ་ལ་དམར་གཏོར་དེ་ལས་ཆུང་ཙམ་གསུམ། གཡོན་ངོས་སུ་སྔགས་སྲུང་ཟློག་གཏོར་རྩ་གསུམ་པ། དེ་དཔལ་གཏོར་ལས་དམའ་ཙམ། དེ་མཐར་དབང་མོ་ཉེར་བརྒྱད་ལ་ཁྲག་ཀོང་ཉེར་བརྒྱད་ཀྱིས་བསྐོར། དེ་གཉིས་ལའང་རྩང་ཐུང་གསུམ་རེ། མཚེ་ཡུངས། ལིདྒ་ཉིས་བསྟབ། ཤ་དང་། མེ་སྒྲོན་རེ་འཛུགས། མཐའ་མར་རྩང་ཉེར་བརྒྱད་ཀྱིས་བསྐོར་ལ། སྔོ་དམར་སྐུད་དཀྲིས་བྱ། གཉིས་ཀར་གཏོར་གདུགས་དམར་སྨུག་རེ། ལས་དཀྱིལ་གྱི་ཉེ་ལོགས་གང་བདེར་ལྕགས་སམ་ཟངས་སྣོད་དུ། སའི་ཐུན་ཀོང་ཟུར་གསུམ་ལྔའི་ནང་རྩང་ཐུར་གསུམ་རེ་དང་། མདའ་གཞུ་མཚོན་ཙམ། རཀྟ། རྡོ། དམར་གཏོར། ཐོད་ཟོར་རྣམས་ཀྱིས་མཚན་པ་བཀོད། མདུན་


SPN003_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་སུ་ཁྲག་གི་མཆོད་ཡོན། དབང་པོའི་མེ་ཏོག །གུ་གུལ་སོགས་བདུག་སྤོས། ཚིལ་ཆེན་གྱི་མར་མེ། དུག་ཆུའི་དྲི་ཆབ། ཤ་ཆེན་གྱི་དྲག་བཤོས། ཐོད་རྔ་རྐང་གླིང་སོགས་ཅི་ལྟར་འོས་པ་བཤམས། ཉིན་བཞིན་གྱི་སྔོན་འགྲོ་དཀར་གཏོར་ལ་འབྲས་ཆན་དང་ཟན་རིལ་གྱིས་བསྐོར་བ། དམར་གཏོར། གླུད་གཟུགས་སྤྱི་འགྲོ། ཚོགས་ཀྱི་ཡོ་བྱད། ཞི་བཤོས་དང་། དྲག་བཤོས། བསྐུལ་ཆེན་སྐབས་འབུལ་རྒྱུའི་གནམ་ཕུད། སྨན་རཀ་གཏོར་གསུམ་སྣོད་གཅིག་ནང་བཞག་པ། དམོད་ཟློག་གི་དམར་གཏོར་དང་། ཟློག་པ་ཚར་གྲངས་ལྔའམ་གང་འདོན་ཀྱང་ཚར་རེར་གཏོར་ཆུང་བདུན་རེ་འབུལ་དགོས་པར་དེ་ལུགས་ཀྱི་འགའ་ཞིག་དང་། མེ་དབལ། ཁྱུང་། ཁྲོ་བཅུ། སྔགས་སྲུང་། དམ་ཅན། བསྐུལ་རྔ་ཡབ་མ་དང་། བཀའ་སྲུང་ལྔ། ཆད་ཐོ། བརྟན་མ་དེ་རྣམས་ལ་དམར་གཏོར་བཅུ་གསུམ་རྒྱན་རྩེ་འབུག་རེ། དྲག་པོའི་རིགས་ལ་ལྕགས་ཐེབ་གྲུ་གསུམ་འཛོམས་གལ་ཆེ། དམ་རྫས་དང་འབྲུ་སྣ་གང་འོས། འདོན་བྱ་དང་བསྟུན་པའི་གཏོར་མ་རྣམས་སྔོན་དུ་བཤམས་བཀོད་ཟིན་པར་བྱེད། ཧོམ་ཁུང་དུ་ཤོག་ལིང་གཉིས་ཡོད་རྒྱུའི་གཅིག་དེ་གྲོལ་ཉིན་ཞལ་བསྟབ་སྐབས་གཏུབ་ནས། ཟན་ལིང་དང་མཉམ་ཕུལ་དགོས། གཅིག་ཤོས་སླར་ཟོར་ལེན་བཞག་རྒྱུ་དང་། ཉིན་བཞིན་ཟན་ལིང་རེ་


SPN003_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སླར་མཁོ་ཁྱད་སྒོ་དབྱེ་དང་། ལམ་སེལ་ལ་དཀར་གཏོར་གཉིས་དང་། བསྐུལ་གྱི་དམར་གཏོར་བརྒྱད་རྣམས་ལ་རྩང་གསུམ་རེ་བཙུགས་པ་སྔ་རྗེས་གང་བདེར་བཅའ། ལས་འཕུར་དང་རྡོར་དྲིལ་གཡབ་དར། དབྱེ་རྫས། བྱ་རོག་དང་འུག་སྒྲོ། ཐུན་རྫས་མཚེ་དང་ཉུངས་ཀར་ནག །འབྲུ་སྣ། དམ་རྫས། ཆང་ཕུད། རཀྟ། སྤོས་ཕོར། ཆུ་གཙང་། ཆབ་བུམ་རྣམས་འདུ་བྱས་ལ། སྟེགས་གང་བདེར་ཟུར་དུ་མ་མགོན་དང་། ལྷ་སྨན་མའི་རྟེན་བཤམས་པའི་དྲུང་དུ། དེ་དག་གི་རྒྱུན་དང་རྟེན་གྱི་གཏོར་མ་གང་དགོས་མཐོང་བ་བརྒྱུད་བཞིན་ལེགས་པར་ཚར་དུ་དངར་བ་དང་། འབུལ་གཏོར་དེ་རིགས་རྣམས་ཀྱང་། དུས་གཅིག་བཅའ་བ་གང་བདེའི་ཚོགས་འདོན་མི་ཆག་པའི་ཁྱད་པར་དང་། རིམ་བཞིན་གཏོར་མ་རྣམས་བཟང་དུ་བཏང་དགོས་ཤིང་། སྣོད་སྟོང་པ་ཆེ་ཆུང་གང་ཡང་ཉེ་སྐོར་མི་བཞག་པ་གནད། སློབ་དཔོན་མདུན་ཌཱ་དྲིལ། འཐོར་ནས། ཉུངས་ཀར། གཞན་ཡང་རོལ་ཆས། རྔ་དུང་། རྐང་གླིང་སོགས་ཉེར་སྤྱད་མཐའ་དག་ཚང་བར་བྱས་ལ། མཆོད་རྫས་རྣམས་སྤོས་རུམ་དང་། ཆུ་གཙང་བྲན། ཉིན་དང་པོར། ཚིག་བདུན་མ་དང་། བསམ་པ་ལྷུན་གྲུབ། འོག་མིན་བདེ་ཆེན་སོགས་བརྒྱུད་


SPN003_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། མདུན་གྱི་ནམ་མཁའ་ནས། སྐྱབས་འགྲོ་ཡེ་ཤེས་རྩེ་མོ་གསུམ། སེམས་བསྐྱེད་བདག་དང་མཐའ་ཡས་གསུམ། མ་གྱུར་འགྲོ་བ་དང་། ཤེས་རབ་དགྱེས་རོལ་ཚར་རེ་ནས། སར་དྲོངས་ཤོག༔ བར་དང་བསྐྱེད་རྫོགས་འབྲིང་པོའི་ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་ལས་ཀྱི་སོགས། དཔལ་དུ་ཤར་བར་དང་། ཕྱི་གཏོར་སྭ་བྷཱ་ནས། རིན་པོ་ཆེའི་སྣོད་སོགས། ལྷུན་གྲུབ་མཛོད༔ བར། གཏོར་མ་དཀར་དམར་གཉིས་དང་། གསེར་སྐྱེམས་ཕུལ། ཡེ་ཤེས་བླ་མེད་ནས། ཧཱུྃ༔ བར་དེའི་གླུད་གཏོར་བཏང་། བདག་ཉིད་ལས་ཀྱི་བགེགས་བསྐྲད་དང་། སྲུང་འཁོར་ནས་གཞུང་བཞིན། བྱིན་འབེབས་བསྡུས་པ་དེ་ཡིས་འཐུས། བྷནྡྷ་སྟོང་གསུམ་སོགས་བྱིན་རླབས་ནས། བཛྲ་ཙིཏྟ་ཧཱུྃ༔ བར། རྡོར་སེམས་དང་། ཁྲོ་བཅུ་བཞག །ཐུགས་ཀར་གཙུག་ཏོར་སོགས་ནས་ལྷ་བསྐྱེད། རྡོ་རྗེ་པད་ཉི་དང་། ཧཱུྃ་ཡིག་དམར་ནག་སྦྲེལ་འདོན་གྱིས། སྤྱན་འདྲེན་སོགས་སྔོན་བསྐལ་མ་དང་། བཞུགས་གསོལ། ཕྱི་ནང་གསང་མཆོད། བསྟོད་པ་ནས། དཀྱིལ་འཁོར་ལྷ་ལ་བཤགས་བར། ཛབ་བསྐུལ་ཚིག་བདུན་མ་དང་། ཞི་བསྙེན་ཤམ་ཅན་སྒྲིག་འདོན་གསུམ་དང་། ཞི་བསྙེན་བརྒྱ་བརྒྱད་སྣང་སྟོང་དབང་དྲག་སོགས། དྲག་བསྙེན་གོང་འོག་གཉིས་པ་ལྔ་ཙམ། ཡང་དྲག་


SPN003_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་བདུན། འཁོར་སྔགས་བདུན། ཁ་སྐོང་ཡིག་བརྒྱ་གསུམ་སོགས་དང་། ཛབ་བསྟོད། དེ་ནས་སྔགས་སྲུང་སོགས་བཀའ་སྲུང་ལྔ་ཡི་ལས་བྱང་བཏོན་ལ། སོ་སོའི་བསྐུལ་གྱི་འོག་བར་དང་། ཚོགས་རྡོ་རྗེ་ལྟ་བུའི་སོགས་ནས། དང་པོ་སྨན་གཏོར་དང་། བར་པ་བསྐང་གཏོར་ནང་འབུལ། སྐོང་བཤགས་དྲི་མེད་མཐའ་བྲལ་བཏང་། དེ་ནས་འབྱོར་ཚོགས་འདོད་ཡོན་སོགས་བཤགས་པ་ཡིག་བརྒྱ་བཅས། ཐ་མ་བསྒྲལ་མཆོད་སྐབས། ལས་རྡོར་གྱིས་གཡབ་དར། རྡོར་དྲིལ་བཅས། བདེན་སྟོབས་གསང་འདུས་ལེ་བརྒྱད་བཞིན་ཁ་བསྒྱུར་གྱིས་ཚར་གཅིག །ཞལ་བསྟབ་ཟློག་གཏོར་ཆེ་ཆུང་གསུམ་དང་། བཀའ་སྲུང་གཏོར་འབུལ་དྲུག་ནང་སོགས་ལ་ཕུལ། གཙང་ལྷག་ཞིག་ཀྱང་བཞག །ལས་རྡོར་གྱིས་རྡོ་རྗེ་སློབ་དཔོན་སོགས་དང་། འདུས་པ་རྣམས་ཀྱིས། གཟུང་འཛིན་བྲལ་བའི་སོགས་གྱེར། ཚོགས་ལ་རོལ། ཞབས་བརྟན་འདོན། མང་ལྷག་སྟེང་གཙང་ལྷག་བཀོད། སྨན་རག་གིས་བྲན། དང་པོ་ཕུད་སོགས་ཀྱིས་ལྷག་མ་བཏང་། ཟློག་བསྐུལ་རྔ་ཡབ་མ་དང་། སྔགས་སྲུང་སོགས་ཀྱི་བསྐུལ་རྣམས་བཏོན་ལ་སོ་སོར་གཏོར་འབུལ་དང་། ཆད་བརྟན་ནས་བཀྲ་ཤིས་སོགས་རྗེས་ཆོག་གཞུང་ལྟར་གྱིས་


SPN003_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ། དེ་ནས་མགོན་པོའི་རྒྱུན་གཏོར་མཚལ་མ་དང་། བཀྲ་ཤིས་ཚེ་རིང་མ་སྦྲགས་འདོན་སྔར་རྒྱུན་ཇི་ལྟར་བྱའོ། །ཉིན་བཞིན་འདོན་ལུགས་ནི། གོང་དུ་སྨོས་པ་རྣམས་གཞིར་བཞག་པའི། གཞུང་གི་བྱིན་འབེབས་བསྡུས་པ་དེ་རྒྱུན་པར་དང་། ཡུལ་གྱི་མིང་ནི་དང་། ཕྱི་ནང་གསང་བ་གཉིས་འདོན་རེས་སྨན་རཀ་གཏོར་གསུམ་བྱིན་རླབས་ནས་བཛྲ་ཙིཏྟ་ཧཱུྃཿབར། སྐབས་འདིར་སྔ་མའི་འདོན་ཟིན་རྣམས་སུ་མ་གསལ་ཡང་། འདོན་སྒོམ་ལ་དོན་དང་མཐུན་པའི་ཁྱད་པར། གཏེར་གཞུང་ཐེག་པའི་སྒོ་འབྱེད་ལས། འགྲོ་རྣམས་སྒྲོལ་ཕྱིར་སོགས་ནས། རང་ཉིད་རྒྱུའི་ཧེ་རུ་ཀ་བསྐྱེད་པའི་ཐུགས་ཀར་སྔགས་ཕྲེང་གསལ་གདབ་ལ། ཧེ་རུ་ཀའི་ཡིག་བརྒྱ་བདུན་བཟླ། རང་སྣང་རྡོ་རྗེ་སོགས་ནས། རང་ཉིད་ཧེ་རུ་ཀ་སོགས་ཀྱི་བླ་མའི་རྣལ་འབྱོར། གསོལ་འདེབས་དབང་བླང་མཐར། ཁྲོ་བཅུའི་སྲུང་ཟློག་ལས། བླ་མ་རྒྱུའི་ཧེ་རུ་ཀར་ཐིམ་སོགས་ནས། ༀ་གྷ་གྷ་སོགས་ནང་། ༀ་བཛྲ་མུད་ཀཱ་ར་སྦྲེལ་མ་ལན་གསུམ། ཧཱུྃ་མཛད་ཀྱི་ཐུགས་ཀར་སོགས་དང་ཧཱུྃ་བཅུ་བརྒྱ་བརྒྱད་བཟླ། ན་མཿས་མནྟ་བདུན་སོགས། ཁྲོ་བཅུ་རང་འདྲ་སོགས་ནས། སྟོང་པར་བསྒོམ་ལ། སླར་ཡང་ན་མ་ས་མནྟ་ལ། ༀ་ཧ་ར་ཧ་ར་བཏགས་པ་གསུམ། དེ་


SPN003_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལས་གཞུང་གི། ཐུགས་ཀར་གཙུག་ཏོར་སོགས་ནས། ལྷ་བསྐྱེད། སྤྱན་འདྲེན། བཞུགས་གསོལ། མཆོད་བསྟོད་ནས། ལྷ་ལ་བཤགས༔ བར་དང་། གཞུང་ལས་བསྙེན་པའི་མན་ངག་ལ། ཞི་བར་བསྙེན། དྲག་པོར་སྒྲུབ། ལས་ལ་སྦྱར་ཅེས། དང་པོ་ནི། ཞི་བའི་ཛབ་བསྐུལ་སྔོན་བསྐལ་མ་ཚར་གཅིག །བཛྲ་གུ་རུ་ཤམ་ཅན་གསུམ། ཞི་བསྙེན་སུམ་བརྒྱ་བརྒྱད། གཉིས་པ་དྲག་པོའི་ཛབ་བསྐུལ་ཡེ་ཤེས་བཅུད་ཆེན་ལས། སྣང་སྟོང་དབང་དྲག་སོགས་ཨརྩིག་གོང་འོག་གཉིས་བརྒྱ་བརྒྱད་རེ་བཟླའོ། །དངོས་གྲུབ་བདེ་བ་ཆེའོ༔ གསུམ་པ་ལས་ལ་སྦྱར་བ། ཨརྩིག་ཉེར་གཅིག །གོ་ཆའི་ལྷ་ལྔའི་སྔགས། ཡ་མནྟ་ཀ་ཉེར་གཅིག་སོགས། ཡིག་བརྒྱ། ཨཱ་ལི་ཀཱ་ལི། ཡེ་དྷར་སྦྲེལ་མ་གསུམ་རེ། ཛབ་བསྟོད་ཡེ་ཤེས་ལྷ་ཚོགས་སོགས། དེ་ནས་གཏོར་བཟློག་གི་མདུན་བསྐྱེད་ལ་བསྐྱེད་རྫོགས་ཆུང་ངུའི། ཕྱི་ནང་སྣོད་བཅུད་སོགས་ནས། ལྷ་བསྐྱེད། སྤྱན་འདྲེན་མཆོད་བསྟོད་བར་དང་། ཛབ་བསྐུལ་རིགས་སྔགས་བཅུད་བསྡུས་ལས། རང་ཉིད་དྲག་པོར་གསལ་སོགས། ཨརྩིག་གོང་འོག་གཉིས་བརྒྱ་བརྒྱད་རེ། ཨརྩིག་ལ་མེ་དབལ་དང་། སྡེ་བརྒྱད་སྔགས་ཤམས་ཅན་ཉེར་གཅིག །


SPN003_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་གྱུར་པའོ༔ བར། ཁ་སྐོང་དང་ཛབ་བསྟོད་བྱ། སྔགས་སྲུང་། རྣམ་སྲས། ཁྱབ་འཇུག །དམ་ཅན། རྒྱལ་པོ་རྣམས་ཀྱི་ལས་བྱང་སོ་སོའི་བསྐུལ་པའི་འགོ་བར་བཏོན། དེ་ནས་བསྐྱེད་རྫོགས་འབྲིང་པོའི་ཚོགས། རྡོ་རྗེ་ལྟ་བུ་ནས་དང་པོ་སྨན་གཏོར་དང་། བར་པ་བསྐང་གཏོར་ལ་འབུལ། བསྐང་གཏོར་བྲན་ལ། བདེ་ཆེན་ཞིང་གི་སོགས་ཀྱི་བསྐང་བཤགས་བཏང་། མ་བསྐང་ཚན་གཉིས་འདོན་རེས་བྱ། འབྱོར་ཚོགས་འདོད་ཡོན་སོགས་ཀྱི་བཤགས་མཐར་ཡིག་བརྒྱ། ཐ་མ་བསྒྲལ་མཆོད་དང་། བདེན་སྟོབས་མཐོང་བརྒྱུད་བཞིན་གཅིག །བསྒྲལ་ཞིང་བསྟབ་པ་བཟློག་གཏོར་ཆེ་གསུམ་དང་། བཀའ་སྲུང་བསྐུལ་གཏོར་དྲུག་རྣམས་ལ་ཕུལ། གཙང་ལྷག་ཀྱང་སྤྲོས་ལ་བཞག །བསྟོད་ཆེན། ནུབ་ཕྱོགས་བདེ་ཆེན་སོགས་དང་། གནམ་ཕུད་བྲན་ལ། བསྐུལ་ཆེན་ནུབ་ཕྱོགས་དགོངས་ཤིག་བླ་མ་རིག་འཛིན་སོགས་བཏོན་མཐར་སྨན་རཀ་གཏོར་གསུམ་ནམ་མཁར་མཆོད། དེ་ནས་ལས་སྦྱོར་མཚོན་ཆའི་འཁོར་ལོའི་བསྒྲལ་ལས་ནུས་ལྡན་རྡོ་རྗེས་བསྒྲིགས་པའི། མཁྱེན་གསོལ་དྲག་པོ་ཡེ་ཤེས་རབ་འབར་སོགས་བཏོན་ལ། སློབ་དཔོན་མདུན་བསྒྲལ་ལས་ཀྱི་ཆས་རྣམས་བཀོད། ཨེ་མཎྜལ་ནས། ལིདྒ་ཁྲག་ཆང་གིས་བྲན་ལ། བདེན་


SPN003_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་མཐར་ཨརྩིག་དང་། དགྲ་བགེགས་ཨ་ཀཪྵ་ཡ་སོགས་འགུགས་གཞུག་ལན་གསུམ། ལྷ་དབྱེ། ཐུན་བྲབ། ཕུར་གདབ་ནས། ཞལ་བསྟབ་ཟློག་གཏོར་གཙོ་འཁོར་རྣམས་སུ་ཕུལ་ལ་ཁཱ་ཧི་བར། དེ་ནས་ལས་གཞུང་གི་དྲང་སྲོང་དམོད་ཟློག། བཅོམ་ལྡན་དཔལ་ཆེན་སོགས་ནས། འགལ་རྐྱེན་མཐའ་དག་བཟློག་བར། བར་མཚམས་གསུམ་པོར་དྲང་སྲོང་ལྷ་ཡི་སོགས་ཚིག་རྐང་བཅུ་ུགཅིག་དེ་སྦྱར་ཞིང་། ཨརྩིག་ཤམ་བུར་དྲག་པོ་ཁྲོས་པ་གསང་རྒྱུད་ལས་བྱུང་བའི་དྲང་སྲོང་དམོད་སྔགས་རེ་སྦྱར། མཐར་གཏོར་མ་ཟློག་གཏོར་ནང་ཕུལ། དེ་ནས་གཏོར་ཟློག་མཚོན་ཆའི་འཁོར་ལོའི། བཅོམ་ལྡན་དཔལ་ཆེན་སོགས་ཀྱི་བར་མཚམས་བདུན་སོ་སོར། ཨརྩིག་དང་སྔགས་ཐུན་བདུན་པ་ཞེས། ཏྲཀ་རཀྵ་སྔགས་ཚན་གསུམ་དང་། ཨ་རྩིག་ཤམ་བུར་དྲག་སྔགས་ཆེན་མོ་བདུད་པྲ་མརྟ་སོགས་དང་། རྒྱལ་འགོང་འདུལ་སྔགས་དང་། ཨ་རྩིག་ལ་བྱད་བཟློག་དྲང་སྲོང་དམོད་སྔགས་བཏགས་པ། ཡང་ཨ་རྩིག་ལ། ཡང་ཟློག་ཏྲིག་ཁྲོམ་སྦྱར་བ་དེ་རྣམས་ཐལ་རྡེ བ་དང་བཅས། ཟློག་པ་ཚར་ལྔའམ་གང་འོས་བཏོན་ལ། ཚར་རེར་གཏོར་ཆུང་བདུན་རེ་ཟློག་གཏོར་ནང་འབུལ། དེ་ནས་མེ་དབལ་གྱི་ཟློག་པའི་ཕྲིན་


SPN003_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གཞེངས་ཤིག་བཞེངས་ཤིག་སོགས། ཟློག་ཚན་ལྔ་ལ་དྲང་སྲོང་ལྷ་ཡི་དམོད་པ་སོགས་ཚིག་རྐང་བཅུ་བཞི་དེ་སྦྱར་ནས། ཨ་རྩིག་ལ་སྡེ་བརྒྱད་ལས་སྔགས་སྦྱར། མཐར་གཏོར་མ་མེ་དབལ་ཟློག་གཏོར་ནང་ཕུལ། ཁྱུང་ཟློག །ༀ་མ་ཧཱ་ཤུཎྱ་ཏ་སོགས་ནས། བཟློག་ཅིག་སྒྲོལ་བར་དང་། ཁྲོ་བཅུའི་ཟློག་པ། ཆེ་མཆོག་པདྨ་ནས། བྷྱོ་བཟློག་བར། འདི་སྔ་རྗེས་གཉིས་གཏོར་མ་ཟློག་གཏོར་ནང་ཕུལ། རལ་གཅིག་བཀའ་ཟློག །ཡེ་ཤེས་ཀུན་གྱི་ནས། ཕཊ་ཕཊཿབར། གཏོར་མ་སྔགས་སྲུང་ཟློག་གཏོར་ལ་ཕུལ། རྡོར་ལེགས་ཀྱི་ཟློག་པ། དབང་དྲག་པདྨའི་བཀའ་ནས། རྦད༔བར་གཏོར་མ་ཕྱི་རོལ་འབུལ། མི་ཁའི་ཟློག་པ། བདག་ཉིད་པདྨ་དྲག་པོ་ནས། སྔགས་དང་ཟློག་པ་ལན་གསུམ་མཐར། རིག་སྔགས་བདེན་པའི་དམོད་པ་ཡི་སོགས་ནས། རྒྱས་བར་མཛོད་བར་བརྗོད་ལ། ཆོས་བདག་ཀུན་མཁྱེན་གྱིས་མཛད་པའི་ཚོགས་ཞུ་ལན་གཉིས་དེ་བརྗོད་ལ་རོལ། ཞབས་བརྟན་དང་། ལྷག་མ་བསྡུ་བཀོད། སྨན་རཀ་བྲན་ལ། དང་པོ་ཕུད་ཀྱི་སོགས་ལྷག་གཏོར་བཏང་། བཤལ་ཆུ་བརྟན་མའི་གཏོར་མར་བླུག །ཟློག་བསྐུལ་རྔ་ཡབ་མ་དང་། སྔགས་སྲུང་མ་སོགས་ཀྱི་བསྐུལ་གཏོར་རྣམས་སོ་


SPN003_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སོར་ཕུལ། ཆད་ཐོ་དང་། བརྟན་མ་ཕུལ། གཏོར་བྲོའི་མཐར། གཏོར་གཞོང་རྣམས་ཁ་གྱེན་པས་སོགས་བརྗོད། མེ་ཏོག་འཐོར། ཚེ་འགུགས། རང་སྣང་ཤེས་རིག་སོགས་མདའ་དར་གཡབ། བཛྲ་གུ་རུ་ཚེ་ཤམ་ཅན་དང་། ཚེ་བྷྲཱུྃ་སོགས་སྒྲོལ་མ་ཉེར་གཅིག་བཟླའོ། །དངོས་གྲུབ་ལེན་པ། བཀྲ་ཤིས་དང་། བསྡུ་རིམ་མཐར། ལྷའི་སྐུར་ལྡང་ནས། བསྔོ་སྨོན་བྱ། པདྨ་དྲག་པོའི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་སོགས་བརྗོད། དེ་ནས་མ་མགོན་རྒྱུན་གཏོར་དང་། ལྷ་སྨན་ཚེ་རིང་མའི་གཏོར་ཆོག་སྒྲག་འདོན་རྣམས་སྔར་ལུགས་ཇི་བཞིན་པར་ཉམས་མེད་བྱའོ། །གཏོར་རྒྱག་སྐབས། ཟོར་ལས་མཚོན་ཆའི་འཁོར་ལོ་བཞིན་དགོས་རྒྱུར་ཀྱང་། ཧྱ་གྲྀ་ཝས་གསར་བསྒྲིགས་དེ་དབང་གི་རྡོ་རྗེ་ནས་གསུངས་པར་བཞེད་པས། གཏོར་རྒྱག་ཕྱོགས་ཐེབས་དང་ཆུ་ཚོད་བསྟུན་དགོས་བཞིན། ལས་གཞུང་ཉིན་ལྟར་ལ། ཟློག་པ་ཚར་གྲངས་སོགས་གང་འོས་ཀྱིས། ཚོགས་རོལ་དང་། ལྷག་མ་བཏང་བའི་རྗེས་སུ། ཁང་ཐོག་ནས། སྒོ་དབྱེའི་དཀར་གཏོར་དང་། གསེར་སྐྱེམས་ཀྱི་ཆས་ཐོག ས་ལ། ཨ་ཀཱ་རོ་གསུམ་གྱིས་བྱིན་བརླབས། བྷཱུྃ་ལས་རིན་ཆེན་བར་མཚམས་གསུམ་ལ་སྐྱེམས་དང་། མཐར་དཀར་


SPN003_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མཆོད། རྡུལ་དུ་རློགས་བར། ནང་དུ་འོང་ལ། སློབ་དཔོན་གྱིས་སྒོ་རྩང་བཞི་ལེན་ལ། གཏོར་ཆེན་གསུམ་ཁ་ཕྱིར་བསྟན་ལ་ཅུང་ཟད་དཔག །མེ་དབལ་ཟློག་པའི་མཐའི། ང་ནི་དབང་དྲག་བདྨའི་སོགས་ནས། བསྟན་དུ་གསོལ་བར། གསེར་སྐྱེམས་བཤམས་ལ། ཐ་ཚིག་བསྒྲ ག་པ། ཧྲཱིཿ བདག་ཉིད་གང་ཤར་རང་གྲོལ་སོགས་ནས། སྐྱེམས་ཕུད་འཛིན་བཞིན་མཐར་ལས་རྡོར་གྱིས་ནམ་མཁར་མཆོད། ཨ་མྲྀ་ཏ་ན་ར་ཀན༔ བར། དེ་ནས་ཚོགས་པ་རྣམས་བཞེངས། ལམ་སེལ་དཀར་གཏོར་བྲན། ༀ་དཾཥྚཏ་སོགས་ཀྱིས་བསང་། ཐོད་པའི་སྣོད་སོགས་ནས། ཤར་ལ་སོགས་པ་བཏོན་ནས་ཕུལ། དར་ནག་ཕྱར། སེར་སྦྲེངས་ཇི་བཞིན་ཆས་པའམ། སྒྲུབ་ཁང་ནས་གཏོར་མ་རྡེག་པ་ཅི་ལྟར་བྱས་ཀྱང་ཁོག་ཕྱོགས་མཚུངས་དགོས་པས། སྔ་ནས་ས་གཞིར་གྲུ་གསུམ་ཉིས་རིམ་མེ་རིས་བསྐོར་བའི་ལྟེ་བར་ནྲྀ་ཏྲི་བྲི། བུད་ཤིང་གྲུ་གསུམ་པ་བརྩིག་པའི་རྩེ་ཕྱོགས་གང་ཡིན་དེར་བསྟན་པ་སོགས་ཚག་བཀོད་གྲུབ་པར་བྱས་ལ། གཏོར་ཟོར་རྣམས་གཏེགས་ནས་བཤམས་ཟིན་པར། ཟོར་ལན་ཤོག་ལིང་ཡང་བཙུག །དང་པོ། གསེར་སྐྱེམས་ཐོགས་ལ། སྣང་ཞིང་སྲིད་པའི་ལྷ་སོགས། བར་


SPN003_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་གསུམ་ལ་མཆོད། ན་མོཿ རྗེ་བཙུན་སོགས་འགུག་གཞུག་ལན་གསུམ། དེ་ནས་དམར་གཏོར་བརྒྱད་བྲན། ཟློག་བསྐུལ་རྔ་ཡབ་མ། བཀའ་སྲུང་གཞན་ལྔ་ཉིན་ལྟར་བཏོན་པ་གཏོར་མ་རྣམས་ཟོར་དུ་འཕེན། སྔོན་ཚེ་འདས་དུས་སོགས། ཆད་ཐོའི་གཏོར་མའང་བརྡེག །རབ་འཇིགས་རྔམ་པའི་སོགས་ནས་མདའ་གཞུ་སོགས་ཀྱི་ཟོར་ཚན་ལྔ་པོ་རིམ་བཞིན་རྡེག །སྔགས་སྲུང་མའི་བཀའ་ཟློག །ལས་ཀྱི་དབང་མོ་སོགས་ཀྱིས་མེ་སྒྲོན་སྦར་ལ། སྔགས་མཐར་གཏོར་ཟོར་བརྡེག །མེ་དབལ་གཏོར་མ་བཏེགས་ལ། རྔམ་བརྗིད་པདྨ་དྲག་པོ་སོགས་མེ་སྒྲོན་སྦར། མཐར་རྡུལ་དུ་རློགས༔ ནས་གཏོར་ཟོར་རྒྱབ། ལྷ་ཚོགས་རྣམས་ལ་དམོད་བཅོལ་ཆེད་དུ་སློབ་དཔོན་གྱིས་གསེར་སྐྱེམས་ཐོགས་ལ། བཞེས་འབོད། ཧོ་དགོངས་སུ་གསོལ་ལོ་སོགས་གཞུང་གི་བར་མཚམས་གསུམ་དེར་སྐྱེམས་མཆོད། ཐམས་ཅད་ཀྱིས་སྒྲིག་འདོན་དང་། མེ་སྒྲོན་གཉིས་སྦར། མཐར་ཨརྩིག་དང་། བདུད་པྲ་མརྟ་ནའི་སྔགས་རྣམས་བརྗོད་བཞིན་གཏོར་ཆེན་བརྡེག་ལ་མེ་ཧོམ་དུ་ཕུལ། རོལ་ཆེན་མཱ་ར་ཡ་དང་། གཡབ་དར་གཡབ། དར་ནག་བརྡེག །དེ་ནས་


SPN003_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སར་བཞུགས་ལ། ལོག་ཏྲིའི་སྔགས་ཉེར་གཅིག་དང་། ཏྲིག་ཁྲོམ་མ་ཉེར་གཅིག་མཐར། ན་མོཿ སངས་རྒྱས་ཀྱི་བདེན་པ་དང་སོགས་སྤྱི་འགྲོ་བཞིན་ཐལ་རྡེབ་དང་བཅས་ཚར་གསུམ་། རིག་སྔགས་བདེན་པའི་སོགས་ནས། རྒྱས་པར་མཛོད་བར་དང་། བཞེངས་ལ། བརྟན་མ་སྐྱོང་། གཏོར་གཞོང་རྣམས་བརྩེགས་མར་སྦུབ་ལ་ཉེ་ལོགས་སུ་དར་ནག་སྦྲེང་། སློབ་དཔོན་གྱི་རྡོ་རྗེས་མནན་ལ། ན་མོཿ རྗེ་བཙུན་སོགས་འགུགས་གཞུག་གོང་བཞིན་ལ། གཏོར་གཞོང་རི་རབ་འབར་པའི་འོག་ཏུ་སོགས་ཁ་བསྒྱུར་ནས། ཨ་ཨ་བར་ལན་གསུམ་བརྗོད། དེ་ནས་གཏོར་གཞོང་རི་རབ་འབར་བའི་སོགས་ཀྱི་མཐར། གཏོར་གཞོང་རྣམས་ཁ་གྱེན་པས་རྣལ་འབྱོར་པ་སོགས་བརྗོད། མེ་ཏོག་འཐོར། མཚམས་གཅོད། སྲུང་འཁོར་དང་། ཁྱུང་གི་དམིགས་པས་ཕྱི་ལམ་བཅད་ལ་ཡར་བྱོན། སྒྲུབ་ཁང་སྒོའམ། ནང་གང་བདེ་ནས་འདོན་ཟིན་སྔར་ལུགས་ཀྱི་རྒྱལ་དབྱངས། དགྲ་བགེགས་བདུད་བཞི་ཐུལ་སོགས་ཚར་གསུམ་གྱེར་ལ། དཀྱིལ་འཁོར་ལྷ་ལ་མེ་ཏོག་འཐོར། མཐར་ཞི་རོལ་ཟླ་བ་ཡར་ཚེས་བཀྲོལ། གྲལ་ལ་འཁོད་ནས། ཕྱེ་མར་དྲངས། ཞབས་བརྟན་དང་། ཤིས་བརྗོད། ཚེ་འགུགས་སོགས་བཏོན་ལ།


SPN003_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཚེ་གཉིས་བཅས་ཉིན་ལྟར་གྱིས་འགྲུབ་བོ། །སྐབས་འདིར་སྦྱིན་སྲེག་བྱ་ན། ཚེ་འགུགས་དང་རྗེས་ཆོག་གི་སྔོན་དུ་བྱ། ཕྱི་ཉིན་འདྲར་སྟབས་བདེ་ངེས་པས། ལས་བྱང་ཉིན་དང་པོ་བཞིན་བཏང་ནས། ཚོགས་ལས་ཞལ་བསྟབ་གྲུབ་ནས་ཚོགས་རོལ་དང་། ཞབས་བརྟན་བཏོན་མཚམས། གནས་དེའམ་གཞན་གང་བདེར་མཆོད་རྫས་བཤམས་བཀོད་སོགས་སྔ་ཚགས་ཟིན་པར་བྱས་ལ། དང་པོ། སྣ་སེལ་གསེར་སྐྱེམས་བདེ་བར་གཤེགས་སོ་ཞེས་པ་བཏང། ཞི་བའི་སྲེག་བླུགས་དངོས་གཞི་གཏེར་གཞུང་རྒྱལ་སྲས་ཀྱིས་བསྒྲིགས་པའི་གོ་གསལ་བར་ཞིབ་དཔྱད་གནང་འཐུས་མཐར་ཆགས་སུ་བཏོན་པའི་མཐར། ལས་གཞུང་གི་ཚོགས་ལྷག་དང་། བསྐུལ་རྣམས་སོགས་རྗེས་ཆོག་གཞུང་བཞིན་གྱིས་ཁྱབ། །ཡང་ཚེས་ཉེར་བདུན་དང་ཉེར་བརྒྱད་ལ་མ་མོའི་ཁྲག་མདོས་དང་། རྒྱལ་མདོས་དམིགས་བསལ་སྦྱར་དགོས་ཚེ། ལས་གཞུང་གི། དབྱངས་གདངས་སྐོར་འདོན་པ་ཟོར་ཡང་ཙམ་བྱས་ལ། ཚོགས་ལྷག་གི་རྗེས་ཐོག་དེར། གླུད་མདོས་ཡས་ལྟག་གི་རྫས་རྣམས་གཞུང་གསལ་གང་དགོས་སྔ་ནས་བསྒྲིགས་བཀོད་གྲུབ་པ་ཟིན་ནས། ཁྲག་མདོས་ལ། ན་མཿ ས་མནྟ་སོགས་ལན་གསུམ་


SPN003_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རེ་དང་། ན་མོ་སངས་རྒྱས་སོགས་ཚར་གྲངས་གང་འོས་བསགས་ལ། གླུད་རྫས་བྲན་ཅིང་། བསྔོ་བསྒྲངས་བྱས་ལ། མཐར་གསེར་སྐྱེམས་མཉམ་ཉིད་ཆོས་སྐུ་སོགས་ཀྱིས་མཆོད་ལ། སྔོན་གྱི་བསྐལ་པའི་སོགས་མཐར་མདོས་ཕྱོགས་གཙང་ལ་རིང་བར་རྫོངས། རོལ་ཆེན་དང་། མཚམས་གཅོད། སྲུང་འཁོར་བསྒོམ་ལ། དེ་ནས་ལས་བྱང་གི། བསྐུལ་བ་རྣམས་ཕྱིན་དཀྱུས་ལྟར་བཏོན། །རྒྱལ་མདོས་སྐབས་ཀྱང་འདི་མཚུངས་ཀྱི། ཆས་རྣམས་འཛོམས་པར་བྱས་ལ། ཉོན་ཅིག་ནམ་མཁའི་ལྷ་སོགས་ནས། སྤྱན་འདྲེན་མཐོ་ནམ་མཁའ་སོགས། ར་ཁྲི་ར་ཛ་ཛཿབར། རྒྱ་ཆིང་། ཀྱཻ། ལྷ་སྲིན་སོགས། ཚེ་བསྲིང་དུ་གསོལ་བར། དེ་ནས་རྒྱ་ཆིང་སྨྲ་ར་སོགས། དངོས་གཞིའི་གླུད་བསྔོ་ལེ་ཚན་རྣམས་རྫོགས་ནས། བསྲིང་དུ་གསོལ་བར། ན་མཿསརྦ། སོགས་གསུམ་རེ། ཉོན་ཅིག་ནས། ཧཱུྃ། བར་བྱང་གཅིག་དེ་ཚར་གྲངས་གསོག་མཐར་ཁྲག་མདོས་ཀྱི་གསེར་སྐྱེམས། མཉམ་ཉིད་ཆོས་སྐུའི་སོགས་བཏང་། རྒྱལ་མདོས་ཀྱི་ཉོན་ཅིག་སྣང་སྲིད་ལྷ་འདྲེ་སོགས་དང་། ད་ནི་མདོས་ཀྱི་ལམ་བསྟན་སོགས། མཐར་མདོས་ཕྱོགས་གཙང་ལ་རིང་བར་སྐྱེལ། རོལ་ཆེན་དང་། མཚམས་གཅོད། སྲུང་འཁོར། དེ་ནས་གོང་བཞིན་ལས་གཞུང་གི་བསྐུལ་རྣམས་བྱའོ། །


SPN003_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཚོགས་བརྒྱ་སྤྲོ་ན། ལས་བྱང་ཉིན་དང་པོ་སོར་བཞག་གི། ཚོགས་རྡོ་རྗེ་ལྟ་བུ་ནས། དང་པོ་མཆོད་པ། བར་པ་བསྐང་བཤགས། ཐ་མ་བསྒྲལ་བསྟབ་བཏོན་ལ། བདེན་སྟོབས་བསྡུ་ན་དཀོན་མཆོག་གསུམ་དང་ཡི་དམ་སོགས་ཤླཽ་ཀ་ཞེས་འཐུས་པར། གྲངས་འཛིན་ཅིང་མཐར་ཚོགས་རོལ་དང་། རྗེས་ཀྱི་བྱ་བ་སོགས་གཞུང་ལྟར་རོ། །དངོས་གྲུབ་ལེན་ཆོག །ནངས་སྔ་བར་འཚོགས་ལ་ལས་བྱང་བཏང་ནས་སྐྱ་རེངས་ཤར་བའམ། ཉི་ཤར་རྩེ་སྤྲད་ཀྱིས། ཚེ་བསྙེན་བརྒྱ་བརྒྱད་བཟླ་སྐབས། ཚེ་རྫས་དངོས་གྲུབ་ཏུ་རོལ། དབང་བླང་དངོས་ཀཱ་ཡ་སིདྡྷི་སོགས་ཚར་བདུན་རིང་། དཔལ་གཏོར་དང་། བསྙེན་ཕུར། སློབ་དཔོན་གྱི་གནས་གསུམ་དག་ལ་དབང་བླང་། དེ་ནས་བཀྲ་ཤིས་དང་། བསྔོ་སྨོན་རྗེས་བསྡུ་གྲུབ་ཐོག །ལྷ་བསང་གཏང་རག་གི་ཚུལ་དུ་བཏང་བར་བྱའོ། །ཅེས་བསྟན་པའི་སྤྱི་རི མ་དོན་ལ་སྨན་པའི་ཆེད་དུ་གཞུང་གི་དགོངས་པ་དང་བསྟུན་ནས། སི་ཏུ་པདྨའི་མིང་ཅན་གྱིས་གསལ་བར་བཀོད་པ་ནོངས་པ་བཟོད་ཅིང་། དགེ་བས་བསྟན་པ་རྒྱས་ཤིང་འགྲོ་ལ་དགེ་བའི་དཔལ་དུ་ཤོག །སརྦ་ཛ་ག་ཏམ། །


SPN003_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་འཕགས་མཆོག་ཕྱག་ན་པདྨོ་དང་རྣམ་དབྱེར་མེད་པའི་རྒྱལ་དབང་ཀརྨ་པ་རིམ་པར་བྱོན་པ་རྣམས། མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། ཨོ་རྒྱན་རིན་པོ་ཆེས་བཀའ་གཏེར་དུ་མ་ནས་ཡང་ཡང་བསྔགས་བརྗོད་ལུང་གིས་བསྟན་པར་གསལ་ཞིང་། ཁྱད་པར་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོ་ཉིད་བྲམ་ཟེ་པདྨ་དཀར་པོ་དང་ཐུགས་རྒྱུད་གཅིག་པར་གསུངས་པའི་མྱོང་གྲོལ་རིལ་ནག་གི་ཕབ་རྒྱུན་གཙོ་བོའང་དེ་ལྟའི་སྐྱེ་བདུན་དམ་རྫས་འདི་ཉིད་ལེན་ཅིང་། གཞན་ཡང་ཡེ་ཤེས་རང་སྣང་གི་ཅོད་པན་མཚོན་ཕྱིར་བརྡ་ཐབས་ཀྱི་ཞྭ་ནག་གསེར་མདངས་ཅན་མཇལ་བའི་ཕན་ཡོན་སོགས་ཀྱང་སངས་རྒྱས་རྣམས་ཀྱི་ཕྲིན་ལས་འདོད་དགུར་བསྒྱུར་བའི་ཐབས་ཚུལ་ཁོ་ན་སྟེ། །སྐྱེ་བདུན་རིལ་བུས་འདུལ་བའི་དུས་ཚོད་ནི་དེང་གི་སྐབས་ཉིད་དུ་ངེས་པ་སྟེ། དོན་ཏིག་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས། སྙིགས་མའི་དུས་སུ་ཚེ་ཐུང་ནད་མང་ཞིང་། །ལོངས་སྤྱོད་དབུལ་ཕོངས་ཉོན་མོངས་རང་གར་སྤྱོད། །ཆོས་ལ་ཉན་བསམ་སྒོ་གསུམ་གུས་མཁན་མེད། །དེ་དུས་ཚེགས་ཆུང་དོན་ཆེའི་དམ་རྫས་འདི། །འགྲོ་དོན་ཕྱོགས་བཅུར་སྐྱོ་ངལ་མེད་པར་སྤེལ། །ཞེས་པ་ལ་སོགས་ཕན་ཡོན་བརྗོད་ལས་འདས་པ་མཆིས་སོ། །

གཏོར་བསྔོ་དོན་བསྡུས་པ།


SPN003_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བསྔོ་དོན་བསྡུས་པར་མོས་ན། རྟེན་ཡོད་ན་བཀྲམ། དེ་མདུན་གཏོར་མའམ། ཕྱེ་མར་གང་རུང་དང་། སྐྱེམས་ཕུད་སོགས་ཇི་ལྟར་འཛོམས་པ་བཤམས་ལ། ༀ་དཾཥྚོ་སོགས། ཁྃ་ལས་བྲག་སྟེང་སོགས། སྤྱན་འདྲེན་སྔགས་དང་། ཧཱུྃ་དད་པ་དང་ནི་སོགས། ནག་པོ་ཆེན་པོ་གཤེགས་སུ་གསོལ་བར། བྷྱོ། བྱང་ཤར་ཆོས་དབྱིངས་སོགས་ནས། མགྱོགས་བྱེད་ཆེན་མོ་གཤེགས་སུ་གསོལ། །བར་དང་། ཛ་ཧཱུྃ་བྃ་ཧོཿསོགས། བྱང་ཤར་ཕོ་བྲང་སོགས། རཀྨོ་རཀྵ་སོགས་ནས། རྡོ་རྗེ་འཆང་གི་སོགས་ནས་བཞུགས་སུ་གསོལ་བར། ༀ་ཁྲག་གི་རྒྱ་མཚོ་སོགས་དང་། སྐབས་གསུམ་གྲོང་སོགས། གསང་སྔགས་ནང་གཏོར་གཞུང་ལྟར་ནས། ཀུན་འགྲུབ་མཛོད་བར། དཾཥྚོཏ་སོགས་སྟོང་པར་གྱུར་པའི་སོགས་ནས། ལྷ་ཆེན་དཔལ་འབར་སྔགས་རིང་མཐར། དམ་ཅན། ཞིང་སྐྱོང། ཨ་ཕྱི། ཚེ་རིང་མ། བྲག་བཙན། ཐང་ལྷ། མཁར་ནག་བཅས་ཀྱི་གཏོར་སྔགས་ཀྱང་སྦྱར་ལ་བཏོན། མཁའ་འགྲོ་སྤྱི་གཏོར་དང་གཞི་བདག་སྤྱི་གཏོར་ཡང་བཏོན། ༀ་ཨཿཧཱུྃ་ཧོ། གང་གི་དྲིན་སོགས། པད་ལ་འདུད། བྱ་སྤྱོད་རྣལ་འབྱོར་སོགས་དང་། ཧཱུྃ། སྲིན་པོའི་གཟུགས་ཀྱི་སོགས། ཤླཽ་ཀ་གཅིག་


SPN003_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཡབ་ཡུམ་སོགས། བཅོམ་ལྡན་འདས་ཀྱི་སོགས། དཾཥྚོཏ་སོགས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་སོགས་སྔགས་དང་བཅས། བསྟན་སྲུང་མཐར་ཐུག་སོགས། ཧཱུྃ། བཀའ་བརྒྱུད་བླ་མའི་སོགས་སྐོང་བ་སྔགས་དང་བཅས། བསྙེན་པ་བྱ། སྤྲོ་ན་ཐུན་གཏོར་ལ། ན་མོ་རཏྣ་སོགས་འགུགས་གཞུག་དང་རྦད་སྔགས་རྣམས་གསུམ་རེ། ཧཱུྃ་གང་ཞིག་བླ་མ་སོགས་མཐར་སྔགས་དང་། ཏྲིག་ཁྲོམ་མ་ཟློག་པ་བཅས་རྒྱས་བསྡུས་ཅི་ལྟར་ཡང་བྱ། ཧཱུྃ་ཆོས་ཀྱི་དབྱིངས་སོགས་ནས། གནང་དུ་གསོལ་བར། བྷྱོཿ མ་གཅིག་སྨིན་མཚམས་སོགས་ནས། ༀ་བཛྲ་མ་ཧཱ་ཀཱ་ལ་སོགས། ཕ་ལ་ཧཱུྃ། ༀ་ཨཱཿཧཱུྃ་བར་དང་། ༀ་ས་མ་ཡ་སོགས་ནས། ཚེ་རབས་སྔོན་ནས་སོགས། ཞི་བར་ཤོག་བར། བདག་ནི་མངོན་པར་སོགས་ནས་བཀྲ་ཤིས། མཐར་བསྔོ་སྨོན་བཅས་ཅི་འགྲུབ། དེ་ལས་བསྡུ་ན། མ་དག་མ་བཏོན་པས་འཐུས་སོ། །སརྦ་མདྒ་ལཾ། །

རི་ཁྲུས་རྒྱས་པར།


SPN003_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲུས་རྒྱས་པར་སྤྲ་ོན། ལྷ་གང་རུང་གི་བདག་བསྐྱེད་བཟླས་པ། བུམ་པ་དང་མཆོད་པ་བཤམས། བུམ་བསྐྱེད་བཟླས་པ་བུམ་ལྷ་འོད་ཞུ་བཅས་ཟིན་ནས། ལྷ་ཁྲུས་རྟེན་བྱིན་ཆེན་ལ་དགོས་པས་རྒྱས་པར་རབ་གནས་ནང་ལྟར། བསྡུ་ན་


SPN003_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རིག་ཁྲུས་ཆོག་ལྟར་བྱ། དེ་ནས་ཁྲུས་ཆུ་ཡང་བུམ་པར་བླུགས་ནས་རི་ཁྲུས་ལྟར་བྱའོ། །ཁྲུས་ཀྱི་ཁང་པ་སོགས་ནས། ཇི་ལྟར་བལྟམས་པ་སོགས། ༀ་སརྦ༔ འདི་ནི་ཁྲུས༴ འདི་ནི་སྦྱིན་པའི༴ ཕྱིན་དྲུག་ཚང་མ་དང་སྔགས། ཆུ་བོ་དྲུག་གིས༴ སངས་རྒྱས་ཀུན་གྱི་གཟི་བརྗིད༴ སྔགས། འདོད་ཆགས་ཞེ་སྡང་༴ དཀོན་མཆོག་གསུམ་པོ་དུག་མི་མངའ༴ ཞེས་བསྡུ་བ་དང་། མཐར་སྔགས་དང་། འབྱུང་བཞི་དུག་གི་སོགས། དམིགས་ཡུལ་ཞེས་ཀུན་ལ་སྦྱར་རྒྱུ། གང་ལ་དམིགས་པ་དེ་ལ་ཟེར་གསུངས་པ་རེད་མོད། མཐར་སྔགས། རྒྱས་པར་གང་ལ་སེར་སྣ་སོགས། བསྡུ་ན། སངས་རྒྱས་བསོད་ནམས་མཐུ་དག་ཕྱིན་བཏོན། སྡིག་པར་མ་གྱུར་ཅིག་བར་དང་། མཐར་བཀྲ་ཤིས་ལྔའམ་གསུམ་ཙམ་གདངས། ཐད་ཀར་བཏང་ནས་མཐོ་དམན་མི་བྱེད། མཐར་འཇིག་རྟེན་བདེ་ཞིང་ལོ་ལེགས༴ ཀུན་འགྲུབ་ཤོག །བཀྲ་ཤིས་དཔལ་འབར་སོགས་བཏོན་པས་འགྲུབ། སརྦ་མདྒ་ལམ། །

ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་ཆེན་པོའི་བཤམས་བཀོད་འདོན་བསྒྲིགས།


SPN003_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི། ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་ཆེན་པོའི་བཤམས་བཀོད་འདོན་བསྒྲིགས་བཞུགས་སོ། །ན་མོ་ཨ་མི་ཏ་བྷ་ཡེ། དང་པོ་ལྡིང་ཁྲི་བང་རིམ་གསུམ་ཅན་གྱི་སྟེང་མར།


SPN003_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རས་བྲིས་བཀྲམ། དེ་སྟེང་མཉྫི་རིམ་པ་གཉིས། འོག་མར་དཔལ་གཏོར་རིན་ཆེན་འབར་བ་རྒྱན་དཔེ་གཅིག་ལ་རྩེར་རྡོ་རྗེ་རྩེ་ལྔ། ཉི་ཟླ་ནོར་བུ། ཤིང་ལོ་མེ་ཏོག རྒྱན་གྱི་ལྟེ་བར་ཆོས་འབྱུང་སྔོན་པོ། གཡས་གཡོན། ཨ་ཡིག་དཀར་དམར་གྱིས་མཚན་པ་མཆན་ལྡན། དེ་སྟེང་རྣམ་རྒྱལ་བུམ་པ་མགུལ་ཆིངས་དམར་པོ་ཅན། ཉེར་ལྔའི་རྫས་དང་དྲི་བཟང་ཆུས་སུམ་གཉིས་བཀང་བ་ཁ་རྒྱན་དང་། དུང་ཆོས། གཟུངས་རྡོར་སྔགས་བྱང་དར་དམར་དགབ་པ་བཤམས། སྟེང་དུ་སྐུའི་དཀྱིལ་འཁོར་ཙཀ་གདུགས་དང་བླ་བྲེ་འཕན་གྱིས་མཛེས་པར་བསྟར། དཀྱིལ་འཁོར་ཕྱོགས་བཞིར་ལས་བཞིའི་གཏོར་མ་ཚེ་རིལ་དང་ཚེ་ཆང་ཡང་གང་བདེར་དགོད། མཆོད་ལྷ་བཅུ་གསུམ་ལ་ལྷ་བཤོས་བཅུ་དྲུག །འབྱོར་ན་སྒབ་སྐོར་ཡང་བཤམས་པར་བྱའོ། །མཐར་མཆོད་པ་གཡས་བསྐོར་གྱིས་བཤམས་པ་ཞིག་དང་། དེ་འོག་ཕྱོགས་མཚམས་བཀའ་སྲུང་དམར་གཏོར་མེ་རི་ཅན་བཅུ་སོ་སོར་ཙཀླི། ཤར་གྱི་ཤར་སྟེང་། ནུབ་ཀྱི་ནུབ་འོག །དེ་འོག་བང་རིམ་ལ་མྱོས་བྱེད་ཀྱི་མཆོད་ཡོན། ཆུ་གཙང་ཞབས་བསིལ་མེ་ཏོག་བདུག་སྤོས། དེ་འོག་བང་རིམ་ལ་དྲི་བཟང་ཆབ། ལྷ་བཤོས། མར་མེ་བཅས་ཕྱོགས་རེར་ཉེར་བདུན་བཀོད་པའི་རེ་རེ་ནས་བརྒྱ་རྩ་ཚང་བར་བཤམས། མདུན་དུ་སྨན་


SPN003_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རཀ་གཏོར་གསུམ་དང་། མཆོད་པ་ཕྲེང་ཚར། གཞན་ཡང་མཆོད་རྫས་གཙང་ཞིང་རྨད་དུ་བྱུང་བ་ཅི་འབྱོར་བཤམས། ཚོགས་ཀྱི་གཏོར་མ་དང་། དམ་རྫས། བདུད་རྩི། རཀྟ། ཟས་སྣ་གང་འབྱོར་དཀྱིལ་འཁོར་ཕྱོགས་བཞིར་འདོན་པ་དང་བསྟུན། གཞག་རྒྱུའི་ཕུར་པ་གདན་ཅན་ལྔ། མཚམས་བཞིར་མདའ་དར་དཀར་སྔོ་དམར་ལྗང་བཏགས་པ་བཞི། མེལོང་བཞི་བཅས་ཀྱང་འཛོམས་པར་བྱས། ཡང་བྱིན་འབེབས་སྤྱན་འདྲེན་ཚེ་འགུགས་སྐབས་གཡུག་རྒྱུའི་མདའ་དར་རྒྱན་སྣ་ཚོགས་ཀྱིས་བརྗིད་པ་ཞིག་དང་། ཡུངས་ཀར་སོགས་རྡོ་རྗེ་རྒྱལ་པོའི་མདུན་དུ་བཞག །རྡོར་དྲིལ། ཌཱ་རུ། གཞན་ཡང་རྔ་རོལ་ལ་སོགས་པ་བྱིན་ཆེ་ཞིང་ཉམས་དང་ལྡན་པ་ཡིད་དུ་འོང་བའི་མཆོད་རྫས་དག་ཀྱང་མ་ཚང་མེད་པ་དང་། བཀའ་སྲུང་གཏོར་འབུལ། དུས་རྒྱུན་འབུལ་གཏོར་དམར་གཏོར་གཙོ་བོ་གཅིག་ལ་གཏོར་མ་དགུས་བསྐོར་བ། ཡང་དམར་གཏོར་གཅིག་ཅན་གཉིས། བདུད་བཞིའི་ཚོགས་བསྒྲལ་རྒྱུ། ཚོགས་བཞི། དམ་རྫས་དང་བཅས་དཀྱིལ་འཁོར་ཕྱོགས་བཞིར་གང་བདེར་བཀོད། བདུད་བཞི་ལྷ་བདུད་དཀར་པོ། དར་དཀར་གོས། ཕྱག་ན་མེ་དཔུང་། ལྷན་སྐྱེས་བདུད་སེར་པོ། དར་སེར་གོས། ཕྱག་ན་ཆུའི་གཞོང་


SPN003_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པ། འཆི་བདག་བདུད་དམར་ནག་ཁྲོ་ཞལ་ཅན། མི་ལྤགས་གོས་དང་། ཕྱག་ན་བ་དན་ནག་པོ། ཆུ་གླང་སྔོན་པོ་ཞོན་པ། ལས་ཉོན་བདུད་ལྗང་གུ། དར་བེར་ལྗང་གུ། ལག་ན་ནད་རྐྱལ་དང་། བདུད་ཞགས་ཐོགས་པ་བཞི་ཀའི་མདུན་དུ་མར་མེ། གཡས་གཡོན་ཆངས་བུ། ཤ་དུམ། འབྲུ་སྣ་སྒོག་ཙོང་སོགས་བླུགས་ལ་སྣོད་བོར་ཆོག་པ་ཞིག་གི་ནང་བཞག་ནས། དཀྱིལ་འཁོར་ལྡིང་ཁྲིའི་འོག་གི་ཕྱོགས་བཞིར་མ་ནོར་བ་བཀོད། སྔོན་འགྲོ་དཀར་བགེགས་གསེར་སྐྱེམས་བཅས་བཤམས་ལ། དང་པོ་ས་འདུལ་ཕུར་གདབ་ཀྱི་ཆས་སོགས་བཀོད་ལ། ཚིག་བདུན་གསོལ་འདེབས། བསམ་པ་ལྷུན་གྲུབ། བརྒྱུད་འདེབས་མཐར་རོལ་མོ་འབེབས་དང་སུམ་བརྡུང་གིས། ཧཱུྃ་ང་ནི་བཛྲ་ཧེ་རུ་སོགས། སྔགས་རོལ་མོ་འབེབས་ཆུང་ཞབས་བཏོན་ལ་མཚམས་རྒྱག་ཙམ་གྱིས་གཞན་རྣམས་དཀྱུས་ལྟར་བཏོན་ལ། ཕུར་གདབ་རྫོགས་པ་དང་། རོལ་མོ་འབེབས་དང་སུམ་བརྡུང་གིས། ཡུངས་ཀར་ཐོགས། ཧཱུྃ་ང་ནི་མི་བསྐྱོད་རྡོ་རྗེའི་སོགས་ནས་གོང་ལྟར་ཐམས་ཅད་རྫོགས་མཚམས་འབེབས་དང་སུམ་རྡུང་གིས། མདའ་དར་ཐོགས་ལ། བྷྱོཿ ང་ནི་ཡུམ་ཆེན་སོགས་གོང་ལྟར། མཐར་འབེབས་ཀྱིས་བཞག ཉིན་ལྟར་


SPN003_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྒྱུད་འདེབས་མཐའ་ནས། དཀར་བགེགས་བྱིན་རླབས་མན་བཏོན། བགེགས་གཏོར་བྱིན་རླབས་འབྲུ་གསུམ་ལན་གསུམ་བདེན་སྟོབས་དང་། འབུལ་སྔགས་གཉིས་སོ་སོར་ལན་གསུམ། ཧཱུྃ། ཉོན་ཅིག་མཐར། རོལ་ཆེན་གང་རུང་ཞིག་མཐར་འབེབས་ཀྱིས་བཞག གནས་བདག་གཏོར་མ། མཐར་མཆོད་རོལ་སུམ་བརྡུང་འཕར་ཅན་དང་། སུམ་བ རྡུང་ལྟ་བུའི་སྦུབ་ཆོལ་དཀྲོལ་ལ། ཧཱུྃ་སྣང་སྲིད་རྫོགས་པ་ཆེན་པོ་ནས། སྲུང་འཁོར་ཨཱཿབར་འབེབས་ཀྱིས་བཞག སྐྱབས་འགྲོ་སེམས་བསྐྱེད་སོ་སོར་ལན་གསུམ་རེ་རྔ་མི་བསྐུལ། མཐར། རོལ་ཆེན་འབེབས་ཀྱིས་སུམ་བརྡུང་ལྟ་བུས་བྱིན་འབེབས་མཐར་རོལ་མོ་བཞག །ༀ་ཤུ་ུནྱེ་ཏ་སོགས་ནས། ཞི་བསྙེན་གཉིས་སྦྲེལ་མར་༣༠༠ བཏོན། བདུད་རྩི་དྲངས་ལ། ༀ་བཛྲ་ཨ་མྲྀ་ཏ་སོགས་ངག་བྱིན་རླབས་དབྱངས་གསལ་བྱེད་༢༡ བཟླས། རང་ཉིད་ཤེར་ཕྱིན་སོགས་ཡིག་དྲུག་༡༠༨ བཟླས། ཤཱུ་ནྱེ་ཏ་ནས་སུམ་བརྡུང་བླང་། སྣང་སྲིད་ཐམས་ཅད་སོགས་ནས། འབར་བར་གྱུར་བར་དེ་ནས་རོལ་མོ་འབེབས་ཆེན་གྱིས་སུམ་བ རྡུང་ལྟ་བུར་བླངས་ལ་ཧཱུྃ་ཡེ་ཤེས་ལྔ་ལྡན་སོགས་ནས། གཅིག་ཏུ་འདྲེས་པར་གྱུར་བར་ཚིག་རྔ་བཅས་བཏོན་མཐར་འབེབས་དང་


SPN003_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་བརྡུང་གིས་གདན་འབུལ་དང་། འབེབས་སུམ་བརྡུང་གིས་ཡོ་བྱད་ལོངས་སྤྱོད་འབུལ་མཐར་འབེབས་དང་བཅས། ཚོགས་ཐེངས། ཡར་འཚོགས་སུམ་བརྡུང་གིས་བརྡ་ཆོས་བརྡ་ཡི་མཆོད་པ་རྣམས་འབུལ་མཚམས་འབེབས་དང་སུམ་བརྡུང་གིས། ཕུར་བུ་ཐོགས། ཧཱུྃ། སྔོན་ཚེ་ཡེ་དག་སོགས་བདུད་བཞི་ཚན་བཞི་པོ་འབེབས་དང་བཅས་སོ་སོར་བསྒྲལ་བསྟབ་མཆོད་པ་བཅས་ཕུལ་ལ་འབེབས་ཀྱིས་བཞག མཆོད་རྫས་ལ་བདུད་རྩི་འཐོར། བིགྷྣནཱ་ལན་བདུན་དང་། ཨ་མྲྀ་ཏེ་ཉེར་ལྔས་བྱིན་བརླབས་ལ། ༀ་ཨཱཿཧཱུྃ། རིན་ཆེན་སྣ་ལྔ་ལས་གྲུབ་མཐར། གྷ་ན་ཙཀྲ་ༀ་ཨཱཿཧཱུྃ་མཐར་མཆོད་རོལ། འདི་ཕྱིན་རྔ་མི་བསྐུལ། ༀ་ཋ་ཋ་སོགས་དང་། ༀ་བྷྲཱུྃ་སྭ་བྷཱ་ཝ་ནས་འབར་ནས་གྱུར་བར། ༀ་ཤུ་ནྱེ་ཏ་ནས་ཕོ་ཉའི་ལྷ་བར་དབྱངས་དང་བཅས་མདའ་དར་གཡབ། ཉི་མ་ཤར་ཕྱོགས་རྡོ་རྗེའི་སོགས་མཐར་ཆགས་ནས། མྱུར་འགྲུབ་ཤོག་བར། སྐབས་མཚམས་དྲིལ་གསིལ་བྱ་དགོས། དེ་ནས་བསྙེན་པ་གང་འགྲུབ་༣༠༠ དང་། ཧྲཱིཿ བསྙེན། ༢༠༠ གཟུངས་རིང་༡༠༨ བཅས་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཅས་ཚར་གསུམ་བཏོན། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་སོགས་དང་ཞི་རོལ། སྦྱིན་པ་བཏང་ཞིང་


SPN003_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གུང་གསེང་། ཚོགས་གྲོལ། ཡར་འཚོགས་ཚར་གཉིས་གསུམ་འདོན་པར་སྤྲོ་ན་གང་གི་ཨ་བྷྲཱུྃ་སྭ་བྷཱ་ཝ་ནས་བཟུང་བསྙེན་པ་ཐུན་བཅད། གོང་ལྟར་མཐར་ཞི་རོལ་འབེབས་དང་སུམ་བརྡུང་གིས། དངོས་འབྱོར་མཆོད་པ། ༀ་ཨཱཿཧཱུྃ། བཅོམ་ལྡན་སངས་རྒྱས་སོགས་སྔགས་མཆོད་མཐར་འབེབས་དང་སུམ་བརྡུང་གིས་ༀ་ཨཱཿཧཱུྃ། ཚེ་དང་ཡེ་ཤེས་འོད་དཔག་མེད་མཐར་འབེབས་དང་སུམ་བརྡུང་གིས་ཚོགས། ཚོགས་བྲན་མཆན། ༀ་ཨཱཿཧཱུྃ། སྣང་སྲིད་འཁོར་འདས་སོགས་ནས་པཱུ་ཛ་ཁ་ཧི་ནས་རོལ་མོ་འབེབས་དང་རྐང་གླིང་དང་སུམ་བརྡུང་བྱ། ཚོགས་ཕུད་གཉིས་བཅད་དང་བདུད་རྩི་རཀྟ་སོགས་དཀྱིལ་འཁོར་ལ་འབུལ། རྐེད་པ་དངོས་གྲུབ་རྫས་དང་། ལྷག་མ་ཆ་གསུམ་བགོས་ཏེ་ཆ་གཅིག་མཁའ་འགྲོ་ལ། ཆ་གཅིག་ཆོས་སྐྱོང་ལ། ཆ་གཅིག་བདུད་བཞི་དང་ལན་ཆགས་ལ་བསྔོ་རྒྱུ་རྣམས་མཆོད་དཔོན་པས་སྤྲོས། ༀ་ཨཱཿཧཱུྃ། ཚེ་དང་ཡེ་ཤེས་སོགས་ནས་ཞལ་བསྟབ་འདོན་མཐར་འབེབས་དང་སུམ་བརྡུང་གིས་བཤགས་པ། ༀ་ཨཱཿཧཱུྃ། རྡོ་རྗེ་ཚེ་དཔག་མེད་སོགས་དང་། མཐར་ཕུད་མཆོད་ནམ་མཁར་ཕུལ། འབེབས་དང་སུམ་བརྡུང་གིས་བསྟོད་པ། ༀ་ཨཱཿཧཱུྃ། ཚེ་དང་ཡེ་


SPN003_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སོགས་ནས། མཐར་རོལ་མོ་འབེབས་ཀྱིས་བཞག །མཆོད་དཔོན་པས་གཡས་བདུད་རྩི། གཡོན་ཚོགས་དང་རཀྟ་བཟུང་། རང་ལུས་ཚེ་ལྷའི་ཕོ་བྲང་གི་རཀྟ་རོལ་ཞེས་པའི་སྐབས་སུ་ཚོགས་དྲངས་ལ། ཨ་ལ་ལ་ཧོ། ཞེས་ཚོགས་རོལ། བདུད་རྩི་བཏུང་ལ། དཔྲལ་བར་བྱུག །རཀྟ་མགྲིན་པར་བྱུག །ཚོགས་རྒྱན་སྙིང་ཁར་བྱུག །བར་ཆད་ལམ་སེལ། ཞབས་བརྟན་འདྲ་གང་འཚམས་བཏོན། ལྷག་མ་ཆངས་བུ་བྱས་པ་བསྡུ། ཀློང་ཡངས་ཆེན་པོ་ནས། ཨ་ལ་ལ་རོལ་མོ་འབེབས་དང་རྔ་ཚིག་གང་རུང་གིས། ཉི་མ་དབུས་སུ་བྲོ་གཅིག་སོགས། མཱ་ར་ཡ་ཕཊ་ནས་འབེབས་ཀྱིས་བཞག མཁའ་འགྲོ་ལ། གཏོར་མ་འདི་ཚོགས་ལྷག་མ་གཏོགས་ཟུར་དུ་མེད། བྲན། ཧཱུྃ་བྷྱོ་གཏོར་སྣོད་བྷནྡྷ་ནས་རྒྱ་མཚོར་གྱུར། རོལ་མོ་སུམ་བརྡུང་འཛག་མེད་ཀྱིས། ཧཱུྃ་བྷྱོ་དག་པ་མཁའ་སྤྱོད་སོགས། ཁ་རྃ་ཁ་ཧི་བར་འབེབས་ཀྱིས་བཞག །ཆོས་སྐྱོང་གཏོར་མ་འདིའང་ཚོགས་ལྷག་བྲན། ༀ་ཨཱཿཧཱུྃ། གཏོར་སྣོད་ལྕགས་སམ་ནས། ཛ་ཧཱུྃ་བྃ་ཧོ། རོལ་མོ་དྲག་འབེབས་དང་སུམ་བརྡུང་གིས། ཧཱུྃ་འོག་མིན་གནས་དང་སོགས་ནས། ཁ་ཧི་བར་འབེབས་མཐར་དགུ་བརྡུང་འཛག་དཀྱིལ་འཁོར་མཐར་ཡོད་པ་རྣམས་ཀྱི་དྲུང་དུ་ཕུལ་མེད་ཀྱིས། ཧཱུྃ་ཚོགས་


SPN003_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་གླུད་དང་ཆངས་བུ་སོགས་མཐར་རོལ་མོ་འབེབས། ཚོགས་ལྷག་ཕུལ། རོལ་མོ་བཞག །ཆོས་སྐྱོང་གཏོར་འབུལ་བཅུ་པོ་དང་གཉིས་དེ་བྲན། ཧཱུྃ། དཀོན་མཆོག་གསུམ་དང་སོགས་ནས་མཐར་རོལ་མོ་དྲག་འབེབས་ཀྱིས་བཞག །ཧཱུྃ། རང་ཉིད་རྡོ་རྗེ་སོགས་ནས་བདུད་རྩིར་གྱུར་བར། དེ་ནས་གདངས་གྱེར་ཚེ་རོལ་མོ་ལེན། དེ་མིན་ཚིག་རྔ་བཅས། ཧཱུྃ་མ་ཧཱ་ཀ་ལ་ཕྱག་བཞི་པ་སོགས་ནས་མཐར་རོལ་མོ་འབེབས་སུམ་བརྡུང་གིས་གཞན་ཡང་ཚེ་ལྷའི་མཐར། འབེབས་དང་སུམ་བརྡུང་འཛག་བྲལ་གྱིས། བྷྱོ་སྲིད་པའི་རྒྱལ་མོ་སོགས་དང་། མཐར་རོལ་མོ་འབེབས་ཀྱིས་བཞག བཀྲ་ཤིས་བརྗོད། འདི་གསང་འདུས་ལེ་བརྒྱད་མའི། ༀ་བཀྲ་ཤིས་ཉི་མ་སྟོང་ཁམས་བརྡལ་མེད་ལྟོས། དྲིལ་གསིལ་བཅས་འདོན་པ་དང་བསྟུན། མདའ་དར་ཕྱོགས་བཞི་ནས་གཡོབ། ཧཱུྃ་རྡོ་རྗེ་ཚེ་ཡི་སོགས། མཐར་རོལ་མོ་སྦུབ་ཆོལ་འབེབས་དང་སུམ་བརྡུང་ངམ་དགུ་བརྡུང་གིས་བདུད་བཞི་རྣམས་ཕྲེང་ཚར་དཔག་ལ་བཀོད། ཆང་རྒོད་བྲན། དཔལ་འབར་སྦར་ལ། བསྭོ་བསྐུལ་ལོ་བསྐུལ་ལོ་སོགས། མཐར་འབེབས་དང་རྔ་ཚིག་གང་རུང་གིས་རིམ་བཞིན་གོང་ལྟར་བདུད་བཞི་སོ་སོར་བརྫང་། མཐར་འབེབས་དང་སུམ་བརྡུང་གིས་སྲུང་


SPN003_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར། ཧཱུྃ་རང་ཉིད་རྡོ་རྗེ་ཚེ་དཔག་སོགས་དང་མཐར་འབེབས་ཀྱིས་བཞག །བཀའ་སྲུང་གཏོར་མ་བཞི་པོ་དུས་རྒྱུན་འབུལ་གཏོར་མི་ཐེ་བའི་དམར་གཏོར་བཞི་དགོས་བྲན་ལ། བྱིན་རླབས་རྔ་མི་བསྐུལ། འབུལ་ཚིག་དཀྱིལ་འཁོར་གྱི་ཕྱོགས་བཞིར་ཕུལ་རྔ་བསྐུལ། མཐར་འབེབས་ཀྱིས་བཞག་པ་ལེ་ཚན་བཞིའི་མཚམས། འབེབས་མཐར་རོལ་མོ་བཞག །དངོས་གྲུབ་དང་དབང་བླང་ཡེ་གསང་གི་བླ་མ་རིག་འཛིན་ལྷ་ཚོགས་ནས་སྔགས་ཀྱི་སྐབས་གཏོར་དབང་ལེན། རཀྵཿ བར་དང་ཚེ་གཟུངས་ཚེ་རྟ་འདོན་ཚེ། ཚེ་རིལ་ཆང་དྲངས། དེ་ནས་སྐུ་གསུམ་བླ་མ། རྟེན་དང་གཏོར་མ་སོགས། བཀྲ་ཤིས་ལྟར་བརྗོད་ལ་མཐའ་རྒྱས་བྱའོ། །ཡང་སྨིན་དབང་གི་སྐབས་དངོས་གཞི་གོང་ལྟར། སྒོ་དབྱེའི་མཚམས་ཡེ་གསང་གི་བླ་མ་རིག་འཛིན་དབང་ལེན་རཀྵཿབར། དེ་ནས་བདུད་བཞི་རྣམས་གོང་ལྟར་རིམ་བཞིན་བརྫང་འདེབས་ནས། སྲུང་འཁོར་དང་། བཀའ་སྲུང་གཏོར་འབུལ་མཚམས། སློབ་མ་རྣམས་ཁྲུས་བྱས། ཧཱུྃ་ཡེ་ཤེས་ལྔ་ཡི་སོགས་དང་། ཡིག་བརྒྱ་མཐར་རོལ་མོ་འབེབས་དང་སུམ་བརྡུང་གིས། ཧཱུྃ། ང་ནི་རྡོ་རྗེ་ཚེ་དཔག་སོགས་ཀྱིས་བགེགས་བསྐྲད་མཐར་འབེབས་ཀྱིས་བཞག །དྲི་བ་དང་དྲི་ལན་རྗེས་ཟློས་བྱ། མིག་དར་འཆིང་བཅུག །མཎྜལ།


SPN003_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ་བདག་ལུས་སོགས། དབང་བཤད་ལོ་རྒྱུས་རྡོ་རྗེའི་ཚིག་རྐང་ལྟར་བྱ། སྐྱབས་སེམས་ནོངས་བཤགས། མིག་དར་བསལ། ལྷ་ངོ་བསྟན་ལ་ཕུན་སུམ་ཚོགས་པའོ། །མཐར་རོལ་ཆེན་འབེབས་དང་སུམ་བ རྡུང་གིས་བྱིན་འབེབས། ཧཱུྃ། ཞིང་ཁམས་རྣམ་དག་བཏོན་མཐར་འབེབས་དང་སུམ་བ རྡུང་ལྟ་བུའི་སྤྱན་འདྲེན། ཡེ་ཤེས་ལྔ་ལྡན་འདོན་མཐར་འབེབས་ཀྱིས་བཞག །ཛཿཧཱུྃ་བྃ་ཧོ་བར། ཨརྒྷྃ་སོགས་ནས་དང་། འཇིག་རྟེན་འདྲེན་པའི་མཆོད་བསྟོད་བྱ། འདིར་ཚོགས་སྐལ་ལྡན་སོགས་དང་། བརྟན་པར་བྱས། དེ་ནས་བུམ་དབང་ཡོངས་རྫོགས་བསྐུར་ནས། ལྷ་དབང་ཡང་བསྐུར། དོན་བརྗེས་དང་། ཡི་དམ་ལྷ་སོགས་དང་། དེ་ནས་ཧཱུྃ་རྒྱལ་བ་རབ་འབྱམས་སོགས་ཙཀླིའི་དབང་བསྐུར། ལྷུང་བཟེད་འཁར་གསིལ་ཆོས་གོས་དང་། ཁྲོ་ཆས། འདོད་ཡོན་དབང་བཅས། སྤྱི་འགྲོ་ལྟར་ན་འདི་ནས་ཚེ་འགུགས་འཇུག། བརྒྱུད་འཛིན་གལ་གནད་ཚེ་སྦྱིན་སྲེག་ལས་མཐའ་དང་པུསྟིའི་ལུང་སྦྱིན། འོག་གི་བཀའ་སྲུང་གཏད་པ་བཅས་བྱ་ཞིང་གར་ཐོད་ཐོད་ལ་མི་བྱ། སྤྲོ་ན་ཚེ་བདུད་བཀུག་ལ། ཧཱུྃ། དཀོན་མཆོག་གསུམ་དང་སོགས་ཀྱིས་བཀུག་ལ། ཧཱུྃ། རྡོ་


SPN003_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཚེ་དཔག་སོགས་ཀྱིས་བསྒྲལ། ལིདྒ་བསྲེག །ཞལ་བསྟབ་བཏོན། སློབ་མར་ཡང་སྦྱིན། དེ་ནས་པུསྟིའི་ལུང་སྦྱིན་བྱ། འདི་མཚམས་ཉི་མ་ཤར་ཕྱོགས་སོགས་བྱེད་ནས། མདའ་དར་སྤྱི་བོར་བཞག །གཏོར་དབང་། ཧཱུྃ། དཔལ་གྱི་གཏོར་མ་སོགས་མཐར་ཚེ་གཟུངས་ཚན་གསུམ་བཏོན་ལ་ཚེ་རིལ་ཆང་སྦྱིན། སྤྲོ་ན་བཀའ་གཏད། གང་ལྟར་མཐའ་བརྟེན། རང་ལས་གཞན་གཅེས་སོགས་རྡོར་འཆང་སྐུ་སྤྱི་བོར་བཞག །གཙོ་བོས་ཇི་ལྟར་དང་། ཧོ་བདག་ལུས་ཕུང་ཁམས་ཀྱི་མཎྜལ། དེ་ནས་བརྩམས་ཏེ་དམ་ཚིག་ཁས་ལེན་པ་སོགས་བྱའོ། །སླར་སྐུ་གསུམ་བླ་མ། རྟེན་དང་གཏོར་མ་ནས། མངོན་གྱུར་ཤོག་བར་བསྡུ་རིམ་བྱས་ལ་ཤིས་བརྗོད་རྗེས་བསྐུལ་རིགས་རྣམས་གོང་ལྟར་བྱ། ཞེས་སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་པ་ཛ་ཡན་ཏུ། སརྦ་མདྒ་ལཾ། །

བསང་སྟབས་བདེ།


SPN003_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི། ཟ་འདོད་སླ་ཆོས་མཁན་གྱི་འདོན་བྱ་འདི། །དཔལ་ལྡན་བསླུ་བྲིད་མགོ་སྐོར་རྒྱན་དུ་མཛེས། །ལམ་ཞོར་ལ་བསང་སྟབས་བདེ་དོན་འདུ་བྱེད་པར་སྤྲོ་ན། རྩ་བ་གསུམ་དང་འཇིག་རྟེན་སྐྱོང་བ་རྣམས་ཀྱི་རྟེན་ཡོད་ན་བཀྲམ། གཞི་དཀར་


SPN003_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྟེང་། སྐྱེམས་ཕུད་དང་། ཕྱེ་མར། སྤྲོ་ན་མངའ་གསོལ་གཏོར་མ་བཅའ། མདའ་དར་དང་། བསང་ཤིང་སྨན་སྤོས་རྣམས་བགྱིད་ལ། དང་པོ་ཚིག་བདུན་གསོལ་འདེབས། སྤྲོ་ན་བསམ་འགྲུབ་མ། བདག་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སོགས། ༀ་ཨཱཿབིགྷྣན་སོགས། གསང་སྔགས་ནང་གཏོར་ཡི་དམ་སྔགས་བསྔོས་བཅས་དང་ཤབྡ་ལ་རོལ་མོ། ཀུན་འགྲུབ་མཛོད་ལ་རོལ་མོ། ༀ་དཾ་ཥྚོཏ་སོགས། སྟོང་པར་གྱུར་པའི་སོགས་ནས། གཉིས་མེད་གྱུར། ༀ་ཨཱཿཧཱུྃ། སོགས་ལན་གསུམ། སྤྱན་འདྲེན་སྔགས་དང་རོལ་མོ་དེ་ལྟར། ལྷ་ཆེན་དཔལ་འབར། བླ་མེད་མཆོད་པ་སོགས་སྔགས་ཡོངས་རྫོགས་རོལ་མོ་ཞབས་བཏོན། ཀུན་ཏུ་བཟང་པོ་སོགས། རྡོ་རྗེ་གདན་གྱི་སོགས། རྡོ་རྗེ་མི་འགྱུར་སོགས། བདག་ཉིད་དཔལ་ཆེན་སོགས། དྲི་ཟའི་རྒྱལ་པོ་སོགས། ཀླུ་ཡི་དགེ་བསྙེན་སོགས། དེ་རྣམས་ལ་སོ་སོའི་རོལ་ཚིག་དང་ལྡན་པ་དགོས། མཁའ་འགྲོ་སྤྱི་གཏོར་དང་གཞི་བདག་དཀར་གཏོར་མཐར་རོལ་མོ་དང་མདའ་དར་གཡབ། ཕྱེ་མར་ཁུར་ལ། སྤྲོ་ན་བསང་བསྐོར་བྱ། སངས་རྒྱས་བསྟན་


SPN003_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་ཚང་མ་ཚིག་བཞིའི་མཚམས་མེ་ཏོག་འཐོར་ཞིང་། དཀྱིལ་འཁོར་གཞལ་ཡས་མཐར་རོལ་མོ་བཅས། མཆོད་སྦྱིན་གནས་དང་། དཀོན་མཆོག་རིན་ཆེན་སོགས། སངས་རྒྱས་སྐུ་གསུམ་སོགས་དང་། བཀྲ་ཤིས་དཔལ་འབར་སོགས། དེ་ལྟར་མཆོད་པ་སྐབས་མཚམས་རྣམས་སུ་ཕུད་དང་ཕྱེ་མར་སོགས་བསང་རྫས་རྣམས་འབུལ་བར་བྱའོ། །ཡང་། བསྡུས་པ་བྱེད་ན། ཚིག་བདུན་མ་ཉུང་བ། བདག་ཉིད་སྐད་ཅིག་གིས་སོགས། གསང་སྔགས་ནང་གཏོར་དང་། བླ་མ་བརྒྱུད་རིམ་ཚོ་གསུམ་བཞག །ཡི་དམ་བྱ་བའི་རྒྱུད་སོགས། ཀུན་འགྲུབ་མཛོད་བར། མ་དག་མ་དང་། མཁའ་འགྲོ་སྤྱི་གཏོར། གཞི་བདག་དཀར་གཏོར། སངས་རྒྱས་བསྟན་སྲུང་སོགས་ཚང་མ་བཀྲ་ཤིས་བཅས། མཆོད་སྦྱིན་གནས་སོགས་བསྔོ་བ་སྨོན་ལམ། བཀྲ་ཤིས་དཔལ་འབར་བརྗོད་པར་བྱའོ། །དེ་ལྟར་རྒྱས་བསྡུས་གཉིས་དེའི་བསང་དང་གཏོར་བསྔོས་ཀྱང་དོན་བསྡུས་སྟབས་བདེ་འགྱུར་རམ་སྙམ། མངྒ་ལམ། །

གཡང་སྐྱབས་སྟབས་བདེ་དོན་འཐུས་འདོད་ན།


SPN003_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་སྐྱབས་སྟབས་བདེ་དོན་འཐུས་འདོད་ན་གཞི་དཀར་པོའི་སྟེང་། སྤྲོ་ན་རྣམ་སྲས་གཏོར་མ་མར་ཟན་གྱིས་བཅའ་བའམ། བསྡུ་ན་ཕྱེ་མར་སྤུངས་པ་


SPN003_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཟས་སྣ་གང་འཛོམས་དང་ཕུད་སྐྱེམས། དཀར་གཏོར་རམ་ཡང་ན་ཕྱེ་མར་དང་གཡང་རྫས་ནོར་སྣ་མདའ་དར་སོགས་བཤམས་ལ། དང་པོའི་ཚིག་བདུན་གསོལ་འདེབས། སྤྲོ་ན་བསམ་འགྲུབ་མ་བཏོན། བདག་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་སོགས། ༀ་སྭ་ཝ་སོགས། རང་གི་ཐུགས་ཀ་ནས་ཡི་གེ་བཱཻ་སེ་པོ་སོགས་ནས། སྤྱན་དྲངས། སྤྱན་འདྲེན་རོལ་མོ་འབེབས་དལ་རན་དང་སུམ་བརྡུང་གིས། ཧཱུྃ། རི་རབ་བྱང་ཕྱོགས་སོགས་ནས། ཕྱག་འཚལ་བསྟོད་ནས་རོལ་མོ་འབེབས་ཀྱིས་བཞག །ཛཿཧཱུྃ་བྃ་ཧོ། ༀ་བཱཻ་སྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླ། བཱཻ་ཤྲཱ་མ་ན་ཡང་བརྒྱ་རྩ་བརྒྱད་བཟླ། ༀ་ཛཾ་བྷ་ལ་སོགས་བརྒྱ་རྩ་བརྒྱད་བཟླ་བཞིན། སྤྲོ་ན། ཟངས་གཞོང་དུ་མར་གྱི་རིལ་བུ་རྣམས་བཞག་ལ་ཆུ་སྦྲེང་། དེ་ནས་སྔགས་རིང་གཉིས་སོ་སོར་ལན་བདུན་ནམ་གསུམ་རེ་བཟླའོ། །དེ་ནས་རོལ་མོ་འབེབས་དང་སུམ་བརྡུང་གིས། ༀ་མཆོད་ཡོན་ཞབས་བསིལ་སོགས་ནས། སྭཱ་ཧཱ། རོལ་མོ་འབེབས་ཀྱིས་བཞག །ༀ་དམ་ཚིག་བདུད་རྩི་སོགས། གཏོར་སྔགས་ལན་གསུམ། རོལ་མོ་


SPN003_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་དང་སུམ་བརྡུང་གིས། ཧཱུྃ། མི་འཇིགས་སེང་གེའི་སོགས་ནས་འགྲུབ། མཛད་དུ་ུགསོལ། རོལ་མོ་འབེབས་དང་སུམ་བརྡུང་གིས། ཧཱུྃ་བྱང་ཕྱོགས་སྐྱོང་བའི་སོགས་ཀྱི་གཏོར་མ་མཐར་རོལ་མོ་འབེབས་དང་སུམ་བརྡུང་གིས་གཡང་རྫས་རྣམས་ཡོན་བདག་རྣམས་ལ་སོ་སོར་གཏད་ལ། སངས་རྒྱས་བསྟན་སྲུང་སོགས་ནས་མཐར་བཀྲ་ཤིས་བཅས་རོལ་མོ་བྱ། གཡང་སྒོ་བསྡམས་ལ་ཡོན་བདག་རང་གནས་སུ་བཏང་། དྲིལ་གསིལ་བཅས་ཡིག་བརྒྱས་བཟོད་གསོལ་དང་། དཀོན་མཆོག་རིན་ཆེན་སོགས་བསྔོ་སྨོན་རྒྱས་གདབ་བྱའོ། །བཀྲ་ཤིས། སྨྲས་པ། ཚིག་ཉུང་དོན་དང་ལྡན་པའི་གནད་འདུས་འདི། །རང་གཞན་ཕན་བདེའི་གཏེར་ཆེན་བུམ་བཟང་ངོ་། །ཞེས་པདྨ་ཉིན་བྱེད་ཀྱིས་གཞུང་མཐུན་བཀོད་པའོ། །མདྒ་ལྃ།། །།

དགོངས་གཏེར་གུར་དྲག་གི་བཅའ་བཀོད་འདོན་འགྲིགས།


SPN003_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

༈ དགོངས་གཏེར་གུར་དྲག་གི་བཅའ་བཀོད་འདོན་འགྲིགས་བཞུགས་སོ། །རྡོ་རྗེ་དྲག་པོའི་ཞབས་ལ་འདུད། །མཆོག་ཐུན་དངོས་གྲུབ་ཆར་ལྟར་སྩོལ། །དེ་ལ་འདིར་ལྡིང་ཁྲི་མཐོ་དམན་གཉིས་ཀྱི་མཐོ་བར་སྟན་ཁེབས་དང་། དམའ་བར་སྟག་ལྤགས་གཏིང་། གོང་གཏོར་གཡས་བླ་མའི་གཏོར་མ་དང་། དབུས་ཆོས་འབྱུང་བསྣོལ་མར་དཔལ་གཏོར་


SPN003_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པད་འདབ་བཞི་ཅན། གཡོན་ཆོས་སྐྱོང་ལ་ཟུར་གསུམ་མེ་རིས་མཚན་པ་ལོག་གསུམ་མཐེབ་ཀྱུ་གསུམ་དང་ལྡན་པ་བཅས་དཀར་དམར་རྒྱན་བཀྲ་དང་། དེ་མདུན་མཆོད་པ་ཕྲེང་ཚར་དང་། བསྙེན་ཕུར་བྱིན་ཆེན་བཀྲམ། གུང་དུ་ཞལ་ཐང་སོགས་ཀྱང་བཤམས། གཡས་གཡོན་ཚེ་རིལ་ཆང་བཅས་དང་། སྟེགས་འོག་མར། མ་ཊཾ་ཁོག་པར་ལས་དཀྱིལ་རས་བྲིས་བཏིང་། དེ་སྟེང་མཉྫིའི་ཁར་ལྕགས་སྣོད་དུ་འབྲུ་ནག་ཕྱེ་མ་དུག་གིས་སྦྲུས་པ་ལས་གྱུར་པའི་གཏོར་ཆེན་གནམ་ལྕགས་ཐོག་མདེལ་དབྱིབས་ཁྲུ་གང་ལས་མི་ཆུང་བ། དབུས་སུ་ཁྲོ་ཞལ་རྔམས་བརྗིད་རྩེ་བྲན་ཐོད་སྐམ་སྙན་རྒྱན་ལྡན་པ་ཞལ་འབག་དང་གཏོར་མར་སྨུག་རྩི་གསོལ། དེ་ཕྱིར་ཡུམ་དང་ཁྲོ་རྒྱལ་བཞི་མཁའ་འགྲོ་སྡེ་བཞི་བཅས་ཀྱི་གཏོར་མ་དགུ། དེ་ཕྱིར་ཁྲོ་བཅུའི་གཏོར་མ་བཅུ། དེ་ཕྱིར་གིང་ཡབ་ཡུམ་གཏོར་མ་བརྒྱད། དེ་ཕྱིར་སྡེ་བརྒྱད་གཏོར་མ་བརྒྱད་བཅས། གཙོ་འཁོར་གཏོར་མ་མེ་རིས་བརྒྱན། སོ་སོར་ཁྲག་རྐང་མཐེབ་ཀྱུས་ལྷ་གྲངས་དང་མཉམ་པས་བསྐོར། རྩེ་མོར་བྱ་ཁྱུང་འཁོར་ལོ་དང་། དེ་སྟེང་དར་གདུགས་སྔོན་པོ་ཕུབ། གཡས་སུ་སྲུང་བའི་འཁོར་ལོ་ཞལ་སྒྲུབ་པོར་བསྟན་པ་དང་། གཡོན་དུ་ཟློག་འཁོར་ཞལ་ཕྱིར་བསྟན་བཅས་བཙུགས། གཏོར་


SPN003_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འོག་ཏུ་གྲུ་གསུམ་བྲུས་ལ་དེ་ནང་བསད་འཁོར་བཅུག །མཚེ་དང་ཡུངས་ཀར་ནག་དཔལ་འབར་གསུམ་དང་རྩང་གིས་བརྒྱན། མཐའ་སྐོར་རྩང་ཕུར་དམར་ནག་དྲ་བ་ཕུར་སོ་རིས་སུ་བསྐོར་ཞིང་རྒྱུ་མ་དང་། སྔོ་དམར་སྐུད་པས་འཚུབ་མ་རིས་སུ་དཀྲིས། ཡང་གཏོར་ཆེན་གཡས་ཁྲམ་ཤིང་ངོས་ལ་ཁྲམ་རིས་བཏབ། ངོས་ཕྱིར་ཕོ་རྒྱུད་བྱད་ཟོར་བྷྱོ་ཟློག་ཟེར་བ་བྲི། མོ་རྒྱུད་བྱད་ཟོར་བྷྱོ་ཟློག་བྲིས་ལ་བཙུགས། གཏོར་ཆེན་ཕྱི་སྐོར་ཤར་གྲི་ཟོར། ལྷོར་ཁྲམ་ཟོར། བྱང་ཚེ་ཟོར། ཤར་ལྷོར་མདའ་ཟོར། ལྷོ་ནུབ་རྭ་ཟོར། ནུབ་བྱང་རྡོ་ཟོར། བྱང་ཤར་དུག་ཟོར་བཅས་དེ་རྣམས་ཕལ་ཆེར་ཐུན་རྐང་ཟུར་གསུམ་ནང་བཙུགས་ལ་བཀོད། ཡང་མདུན་ངོས་ཐུན་རྐང་ཟུར་གསུམ་ནང་། ནམ་མཁའ་དང་རྒྱང་བུ་དར་ཚོན་བརྒྱན་པ་དང་། ཤིང་བྱང་ལ་གནམ་ལྕགས་ཐོ་བ་དང་། མཚོན་ཆའི་འཁོར་ལོ། གནམ་ལྕགས་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་པ་དང་། མེ་དཔུང་བྲིས་པ་རྣམས་སོ་སོར་བྱས་པ་དང་། མཚེ་ཡུངས་ཀར་ནག་རྩང་དམར་རྣམས་འཛུགས། ཡང་རུ་ཊའི་སྙིང་ཟོར་ཐུན་རྐང་ནང་བཅས་ལ་བཞག །ལྷ་དབྱེ་རྫས་བྱ་རོག་དང་། འུག་སྒྲོ་བྲུབ་ཁུང་དུ་གཏོར་རྒྱག་སྐབས་རྡེག་ས་


SPN003_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་ལིང་གཅིག་དང་། དེ་སྟེང་ཉིན་ལྟར་བསྒྲལ་ལིང་རེ་བཅས་དང་། བསྒྲལ་ཕུར་དང་། ཐུན་རྫས། ཡུངས་ཀར། ཁྲག་ཐུན། མཚེ་ཐུན། དུག་ཐུན། མདའ་ཐུན། རྡོ་ཐུན། ཐོ་བ། རལ་གྲི་སོགས་ཕྱོགས་གཅིག་གང་བདེར་གཅིག་དང་། གཡབ་དར། གསེར་སྐྱེམས་བཟློག་པ་ཚར་རེ་སྤྲོ་ན་གཏོར་མ་ལྷ་གྲངས་ལྟར། དང་པོ་གཏོར་མ་བཅུ། དེ་ནས་བཅུ། དེ་ནས་བརྒྱད། ཡང་བརྒྱད་བཅས་འདོན་ཚིག་དང་བསྟུན་པའམ། མཐར་གཏོར་ཆེན་ནང་འབུལ་རྒྱུའི་དེར་མཁོ་ཁྱད་ཀྱི་གཏོར་ཆུང་གྲངས་མང་། དམ་རྫས་བཅས་དང་། མདུན་དུ་སྨན་གཏོར་རཀྟ། ཕྱི་མཆོད་ཕྲེང་ཚར་དང་དྲག་བཤོས་བཅས། ཚོགས་དང་བདུད་རྩི། དམ་རྫས། ཟས་སྣ་བཤམས། བཀའ་སྲུང་དམར་གཏོར་གཙོ་འཁོར་བཅུ་ཅན་ནམ། གཅིག་ཏུ་བསྡུ་ན་མཐེབ་ཀྱུས་བསྐོར་བ་ཅི་བདེ་ཆད་ཐ་ོདམར་གཏོར་རྩང་སོགས་བཙུགས་པ་ཆེ་ལེགས། བརྟན་མ་སུམ་ཚོམ་ཅན། སྔོན་འགྲོ་བགེགས་གཏོར་ཆངས་བུ་ཏིང་ལོ་ཤ་དུམ་བཅས། གཞན་ཡང་ཉེར་མཁོའི་རིགས་ཀྱི་སྤྱན་གཟིགས་མཆོད་རྫས་སོགས་འཇིགས་ལ་རྔམ་པ་བསྟར། སྒྲུབ་པོ་རྣམས་གྲལ་དུ་བདེ་བར་འཁོད། དང་པོ་ཚིག་བདུན་གསོལ་འདེབས་


SPN003_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བསམ་པ་ལྷུན་གྲུབ་མ། བརྒྱུད་འདེབས་མཐར་སྤྲོ་ན་རོལ་མོ་དང་པོ་བྱིན་འབེབས་དང་། གཅིག་བརྡུང་ནས། བཅུ་གཅིག་བར་འཛག་བཅས་མཐར་འབེབས་དང་། སུམ་བརྡུང་གིས་བླ་མར་འཇུག། རོལ་མོ་གོང་གསལ་བརྒྱ་བརྡུང་མ་བྱས་ཀྱང་འབེབས་དང་སུམ་བརྡུང་གིས་སྐྱབས་སེམས་ལ་འཇུག །སོ་སོར་ལན་གསུམ་རེ། རྡོ་རྗེ་རྒྱལ་པོ་བཅས་མཐར་འབེ བས་ཀྱིས་བཞག །བགེགས་གཏོར་བྲན། བྷྲཱྃ་ལས་བྱུང་བའི་སོགས། དེངས་ཤིག་ནས་རོལ་མོ་སུམ་བརྡུང་གིས། ཧཱུྃ་ང་ནི་ལས་ཀྱི་སོགས་མཐར་རོལ་ཆེན་གང་རུང་ཞིག་དང་། སྲུང་འཁོར་ཧཱུྃ་སྟེང་འོག་ཕྱོགས་མཚམས། རཀྵ་ཧཱུྃ་ནས་འབེབས་དང་སུམ་བརྡུང་གིས་མཆོད་པ་བྱིན་རླབས་སྨན་རག་གཏོར་གསུམ་སྔགས་ལན་གསུམ། པུ་ཛ་ༀ་ཨཱཿཧཱུྃ་ནས་མཆོད་རོལ་སུམ་འཕར་མཐར། འབེབས་ཆེན་གྱི་སུམ་བརྡུང་ལྟ་བུ་དང་བཅས། ཧཱུྃ། ཨོ་རྒྱན་ཡུལ་དང་མཐར་འབེབས་དང་སུམ་བརྡུང་གིས། ཧཱུྃ། ཆོས་ཀུན་སྟོང་ཉིད་སོགས་བདག་མདུན་གཅིག་ཆར་བསྐྱེད་ལ། སྤྱན་དྲངས་གྱུར་ནས་རོལ་མོ་འབེབས་ཆེན་དང་རོལ་ཚིག་གང་རུང་གིས། ཧྲཱིཿ ཡུལ་གྱི་མིང་ནི་སོགས་དང་མཐར་འབེབས་དང་གཉིས་བརྡུང་གིས་བཞུགས་གསོལ་


SPN003_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ། མཆོད་པ་ཨཱོཾཿཧཱུྃ་ནས་མཆོད་རོལ་དང་སུམ་བརྡུང་ལེན་ནས། ནང་མཆོད་མཐར་ཁ་ཁ་ཁཱ་ཧི་ནས་མཚམས་རྒྱག་བྱེད་ན། བདུད་རྩི་ལག་མཆོད་བྱ་ཞིང་། ཆོས་སྐུ་སྣང་བ་སོགས་དང་། རཀྟ་མཆོད་རོལ་མཐར་ཁཱ་ཧི་ནས་འདི་ཕྱིན་ཚིག་རྔ་དགོས། མཆོད་ཚན་བཞི་མཐར་འབེ བས་དང་སུམ་བརྡུང་གིས་བསྟོད་ནས་མཐར་འབེབས་ཀྱིས་བཞག་ལ་ཚོགས་ཐེངས་བྱ། དེ་ནས་འབེབས་སམ་སུམ་བརྡུང་གིས་ཛབ་བསྐུལ་མཐར་འབེབས་ཀྱིས་བཞག །ཛབ་དམིགས་དང་ཞི་བསྙེན། ༡༠༠༠ དྲག་སྔགས་དམིགས་པ། དྲག་བསྙེན། ཡང་སྤེལ་ཚིག་ཅན། འཁོར་སྔགས་དང་ཧཱུྃ་བཅུ་མ། ཁྱུང་དང་མཁའ་འགྲོ་བཞི་བཅས་དང་། ཨརྩིག་ཤམ་བུར་སྡེ་བརྒྱད་སྔགས་དང་། དྲེགས་པ་གཟིར་སྔགས་སྦྲེལ་མ་བཅས། ༢༡ མཐར་དབྱངས་གསལ་བྱེད་ཡིག་བརྒྱ། ཡེ་ཤེས་ལྷ་ཚོགས་ནས་ཞི་རོལ་བྱ། བཀའ་སྲུང་དང་མདུན་སོགས་རྔ་མི་ལྟོས། གསལ་བར་གྱུར་ནས་རོལ་མོ་འབེབས་དང་སུམ་བརྡུང་གིས། ཧཱུྃ། དད་པ་དང་ནི་དམ་ཚིག་ནས་ཏིཥྛ་ལྷན་བར་མཚམས་རྒྱག་ཙམ་ཤབྡ་བར། མཚམས་རྒྱག་གིས་བཞག་ལ་སྔགས་བསྔོས་ལན་གསུམ། རྔ་ཚིག་བཅས། ཧཱུྃ་ལེགས་ལྡན་ནས་གྲོགས་མཛོད་ཅིག་བར། འབེབས་མཐར་བཞག །ཚོགས་པ་གུང་གསེང་། ཡར་འཚོགས་རོལ་མོ་འབེབས་དང་སུམ་བརྡུང་གིས་ཚོགས། ཧཱུྃ། ཆོས་སྐུ་རྣམ་དག་སོགས་ནས། ཧྲཱིཿཋ་འབེབས་དང་སུམ་བརྡུང་གིས། ཧཱུྃ་ནུབ་ཕྱོགས་


SPN003_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་ནས། པཱུ་ཛ་ཧོ་བར་འབེབས་དང་སུམ་བརྡུང་། ཚོགས་ཕུད་ཕུལ། བཤགས་པ་དང་སྐོང་བ་དང་བཅས། ཚོགས་བར་པ་ཕུལ། རོལ་མོ་འབེབས་དང་སུམ་བརྡུང་བྱ། བསྒྲལ་ལས་ཆས་རྣམས་སློབ་དཔོན་མདུན་དུ་བཞག་ལ། གསེར་སྐྱེམས་ཕུལ་ཞིང་། ཧོ་མི་མངོན་དབྱིངས་བཞུགས་སོགས་གཟུ་དཔང་མཐར་འབེབས་ཀྱིས་རོལ་མོ་བཞག །བྲུབ་ཁུང་ལིང་ག་ཆུས་བྲན། ཨེ་ལས་བྲུབ་ཁུང་སོགས་ནས། བདེན་སྟོབས་ཚར་གསུམ། རོལ་མོ་དྲག་འབེབས་རྗེས་མའི་མཐར་དགུ་བརྡུང་བཅས། ཧཱུྃ་དམ་ཚིག་ཆེན་པོ་ནས། མཛོད་བར་འབེབས་དང་སུམ་བརྡུང་གིས་ལྷ་དབྱེ་མཐར་འབེབས་དང་སུམ་བརྡུང་གིས་ལས་ཀྱི་གཉེར་གཏད། ས་མ་ཡ་ནས་འབེབས་དང་སུམ་བརྡུང་གིས། ཕུར་བུ་འདྲིལ་ཞིང་། ཧཱུྃ། ཆོས་ཀྱི་དབྱིངས་སོགས་དང་། མཐར་འབེབས་དང་སུམ་བརྡུང་གིས་རྣམ་ཤེས་སྤར། དེ་མཐར་འབེབས་དང་སུམ་བརྡུང་གིས་ཐུན་རྫས་ཀྱིས་བྲབ། ཧཱུྃ། རྡོ་རྗེ་ཕུར་པ་སོགས་བར་སྐབས་མཚམས་རྒྱག་ཙམ་རེ་བྱེད། མཐར་འབེབས་དང་སུམ་བརྡུང་གིས་ཞལ་བསྟབ་བཏོན་ལ་འབེབས་དང་སུམ་བརྡུང་ལྟ་བུས། ཟློག་པ། ཧཱུྃ། ཆོས་ཀྱི་དབྱིངས་ནས་སོགས་ཡོངས་རྫོགས་མཐར་འབེབས་ཀྱིས་བཞག །གྲངས་གསོག་ཚེ་འདི་ནས་འཛིན། བཟློག་པ་ཚིག་ལྷུག་ཚར་གསུམ་དང་། དམིགས་པ་གསལ་ཞིང་ཏིང་འཛིན་ལྡན་པས་


SPN003_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བཟློག་ཁོ་ནས་གྲངས་གསོག་པའང་བཞེད། དེ་ནས་ཏྲིག་ཁྲོཾ་དང་ལོཀྚི་སྔགས་བཟློག་ཚར་གསུམ་རེ། སྤྲོ་ན་མེ་དབལ་ཁྱུང་དང་རྩང་ཟློག་རྣམས། ཉང་ལུགས་དྲག་པོ་བདེར་འདུས་ནས་ཁ་སྐོང་བྱ། དེ་ནས་ཚོགས་ལས་རྡོར་གྱིས་གཟིགས་མཛེས་གྱེར། སློབ་དཔོན་འདུས་པ་བཅས་པས་ལན་མོ་ལ་རིན་ཐང་མ་གྱེར། བར་ཆད་ལམ་སེལ། ཞབས་བརྟན་སྐབས་གང་འོས། ལྷག་མ་བསྡུ། རོལ་མོ་འབེབས་དང་བཤུག་གླུ་བཅས་ཏེ་སྨན་གཏོར་ནས་དཀྱུ་གུ་གཅིག་ཕབ། སློབ་དཔོན་གྱིས་གཙང་ལྷག་བཅས། མང་ལྷག་སྟེང་བཞག་མཚམས་སུ་བསྲེ་བ་དང་འདོན་པ་དང་བསྟུན་ལ། ཧཱུྃ། དང་པོ་ཕུད་ཀྱིས་སོགས་མཐར་འབེབས་དང་སུམ་བརྡུང་དལ་རན་གྱིས་ཆད་ཐོ་དང་། ཐ་ཚིག་བསྒྲག་པ། ཧཱུྃ། འབྱམས་ཀླས་སོགས་དང་། གཏོར་གཞོང་ནམ་མཁར་སོགས་ནས་འཐོར། ཧཱུྃ། དབང་དྲག་པདྨའི་སོགས། འཆི་མེད་ཚེ་ནས་སིདྡྷི་ཧཱ་བར་ལན་གསུམ། དེ་ནས་ཞི་རོལ་སུམ་བརྡུང་གིས་མཆོད་བསྟོད་མཐར་འབེབས་ཀྱིས་བཞག །བཟོད་གསོལ་བསྔོ་བ། བཀྲ་ཤིས་མཐར་ཞི་རོལ་སུམ་འཕར་ལྡིར། ད་ནི་ཉིན་བསྟར་ཆགས་དང་། ཟོར་རྡེག་ཉིན་སྡེ་བརྒྱད་


SPN003_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཏོར། གཏོར་ཆེན་མཐའ་སྐོར་ནས་ལེན་ནམ་མི་བདེ་ཚེ་གསར་དུ་དམར་གཏོར་བརྒྱད་དང་། དཀར་གཏོར་གཅིག་བཅས་ལ། ལྷག་མ་ཡན་སྔར་ལྟར་ལ། ཟོར་ལས་ནང་གི་སྒོ་དབྱེ་མཐར་རོལ་མོ་འུར་བརྡུང་བླངས་ནས་ཟོར་བསྐུལ། ཧཱུྃ་བྷྱོ། དོ་ནུབ་དཔལ་གྱི་སོགས་ནས། ཡཱ་བར་འུར་བརྡུང་དང་བཞི་བརྡུང་བཅས་གཟའ་རྒྱུ་ཕྱོགས་དང་བསྟུན་ནས། སྤོས་རུ་མཚོན་ཕྱར་དར་སོགས་དང་སེར་སྦྲེངས་ཀྱིས་སྣ་དྲངས་ཏེ་གཏོར་ཟོར་རྣམས་རིམ་པས་ཕྱིར་ཁྱེར་ལ། འཕེན་སར་སླེབས་ནས། དང་པོ། ཕྱོགས་བཅུར་བཞུགས་པའི་བླ་མ་སོགས་ཀྱིས་གསེར་སྐྱེམས་ཕུལ། རོལ་མོ་འབེབས་བརྒྱུད་གོང་འོག་མ། རྗེས་མར་སུམ་བརྡུང་གིས་བསྒྲལ་ལས་ནང་གི་ཧོ་མི་མངོན་དབྱིངས་བཞུགས་དང་སྐབས་མཚམས་གསེར་སྐྱེམས་ཕུལ་སྐབས་མཚམས་རྒྱག་ཙམ་དང་མཐར་འབེབས་གཉིས་བཏུད་ཀྱིས་བཞག །འདི་སྐབས་དཀར་གཏོར་ཕུལ། བསད་ལིང་ལ་བཀུག་གཞུག་ལན་གསུམ་དྲག་འབེབས་བཅས། རྗེས་མར་ཐིང་བརྡུང་གིས། ཧཱུྃ། དམ་ཚིག་ཆེན་པོའི་ནས། ཕྲིན་ལས་མཛོད་བར་འབེབས་སུམ་བརྡུང་གིས། ཆད་ཐོ་དང་། ཐ་ཚིག་བཞེངས་བསྐུལ་ནས། ཕྱོགས་ཀུན་ཟློག་པ་ནས་འབེབས་དང་


SPN003_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་བརྡུང་ལྟ་བུས་ཟོར་རྣམས་རིམ་པར་བཏེགས་ལ། ཀླུ་གནོད་སྦྱིན། རྒྱལ་པོ་བཙན། བདུད་མ་མོ། གཤིན་རྗེ། ལྷའི་བར་མས་ནས་ཡས་རིམ་བཏོན་ལ་མཚམས་རྒྱག་འུར་བརྡུང་རེའི་སྐབས་སྡེ་བརྒྱད་ལས་གཏོར་རེ་དང་ཟོར་རྡེག་མཐར། རྐང་ཟོར་མཚོན་ཆ་ནི་རྒྱང་སྡིག་པར་བརྡེག་ལ། །ཧཱུྃ། དྲག་པོ་ལས་ཀྱི་སོགས་དང་། འུར་བརྡུང་དང་སུམ་བརྡུང་བཅས། དཔལ་གྱི་གཏོར་ཆེན་ལ་དཔལ་འབར་སྒྲོན་ནས་བཏེགས་པ། ཧཱུྃ་བྷྱོ། འབྲུ་ནག་ཁྲག་གིས་སོགས། མཐུ་མ་ཆུང་ནས་འབེབས་དང་སུམ་བརྡུང་གིས། ལས་བྱང་ནང་། ཧཱུྃ་ང་ནི་པདྨ་དྲག་པོ་ནས། རྡུལ་དུ་ུརློག་བར་འབེབས་དང་། བསད་ལིང་དང་གཏོར་མ་མེར་བསྲེག །སུམ་བརྡུང་གིས་དམོད་བཅོལ་དྲག་ཏུ་བྱ། དར་ནག་བརྡབ། སུམ་བརྡུང་གིས་རུ་ཊའི་སྙིང་ཟོར་འཕེན་ལ་རོལ་ཆེན་གང་རུང་ལྡིར། ཞལ་སྒྲུབ་ཁང་དུ་ཕྱོགས་ལ། རོལ་མོ་ལེན་ནས། བརྟན་མ་སྐྱོང་མཐར་རོལ་མོ་འབེབས་ཀྱིས་བཞག་ལ་གཏོར་གཞོང་རྣམས་སྦུབ་ལ་སློབ་དཔོན་གྱིས་རྡོ་རྗེ་རྒྱ་གྲམ་སྟེང་དུ་བཞག་སྟེ། ན་མོ་རྗེ་བཙུན་སོགས་ཀྱིས་བཀུག་གཞུག་ལན་གསུམ། རོལ་མོ་དྲག་འབེབས་བཅས། ཧཱུྃ། འབྱམས་ཀླས་སོགས་བྲོ་བརྡུང། སླར་ཡང་བདེན་


SPN003_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་བརྗོད་མཐར་བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་ཐམས་ཅད་ཀྱི་སྐུ་ཚེ་མཛད་པ་ཕྲིན་ལས་གདུལ་བྱ་འགྲོ་དོན་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད། ལྷ་རྒྱལ་ལོ། །ལྷ་རྒྱལ་ལོ། །ལྷ་རྒྱལ་ལོ། །ལན་གསུམ་སྐད་གསང་མཐོ་བར་བརྗོད། དེ་ནས་སྒྲུབ་ཁང་ནང་ཕྱིན་ལ་ཕྱེ་མར་དྲངས། གཏང་རག་མཆོད་བསྟོད་སོགས་གོང་བཞིན་བྱ། ཕྱི་ཉིན་ལྟ་བུར་ཚོགས་བརྒྱ་གྲངས་བཏོན་ཚེ། ཚོགས་ཐ་མའི་སྐབས། བདེན་སྟོབས་ཚར་གཅིག་རོལ་མོ་དྲག་འབེབས་དང་བསྒྲལ་བསྟབ་བྱ། འབེབས་དང་སུམ་བརྡུང་གིས། ཚོགས་བྱིན་རླབས་ལ་འཇུག སྤྲོ་ན་སྐོང་བསྡུས་བཏོན་ཚེ། དུར་ཁྲོད་གསང་མཆོག་མཐར་འདོན། སླར་ཡང་ཀུན་བཟང་མཁའ་དབྱིངས་སོགས་དཀྱུས་ལྟར། ཚེས་བཅུ་སྐབས་ཀྱང་དེ་ལྟར་བྱ། གཞན་ལས་བྱང་ལྟར་སྒྲུབ་ཆེན་སྐབས་སྔགས་བརྒྱ་རྩ་ཙམ་དང་། དེ་ཚེ་བསྙེན་ཕུར་གཏོར་མ་ཚེ་རིལ་ཆང་བཅས་དབང་དང་དངོས་གྲུབ་རོལ། གཞན་མཆོད་བསྟོད། བཟོད་གསོལ་བསྔོ་བ་བཀྲ་ཤིས་མཐར་འཇམ་རོལ་སུམ་འཕར་ཅན་དང་དུང་དཀར་སོགས་ལྡིར་ལ་མཐའ་རྒྱས་སྤེལ་ལེགས་མཛད་པར་ཞུ། གསུང་རྒྱུན་ཇི་བཞིན། སི་ཏུ་པས་སྤེལ་བའོ། །མངྒ་ལམ། །

པདྨ་བཛྲ་གྲུབ་ཐོབ་རྒྱ་མཚོའི་དཀྱིལ་འཁོར་བཤམས་བཀོད་འདོན་འགྲིགས་མ་ལི་ཀའི་ཕྲེང་བ།


SPN003_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་བཛྲ་གྲུབ་ཐོབ་རྒྱ་མཚོའི་དཀྱིལ་འཁོར་བཤམས་བཀོད་འདོན་འགྲིགས་མ་ལི་ཀའི་ཕྲེང་བ་བཞུགས་སོ། །གུ་རུ་པདྨ་བཛྲ་ན་མོ། དང་པོས་གཞི་གཙང་མར་ལྡིང་ཁྲི་བང་རིམ་གསུམ་ཅན་བཀོད་ལ་གོང་མར་རས་བྲིས་བཀྲམ། དེ་སྟེང་མཉྫི་ལ་སུམ་བརྩེགས་འོག་མར་དཔལ་གཏོར་རྒྱན་ལྡན། བར་པར་བུམ་པ་རྫས་ལྡན་དང་དར་སྣ་ཚོགས་ཀྱི་མགུལ་ཆིངས་དུང་ཆོས་གཟུངས་རྡོར་བཞག་ཅན། སྟེང་མར་ཀ་པཱ་ལ་མཚན་ལྡན་རྫས་ཀྱིས་བཀང་བ་བཅས་དར་དམར་ཆོས་འབྱུང་ལྟེབ་ཀྱིས་བཀབ། དེ་སྟེང་རིམ་བཞིན་གསུང་དཀྱིལ། ཐིག་ལེའི་སྨིན་ཆེན། དཀྱིལ་འཁོར། ཕྱག་མཚན་དཀྱིལ་འཁོར་རྣམས་མ་རེག་ཙམ་གྱིས་ཙཀླི་སྐུ་ཡི་དཀྱིལ་འཁོར་གྱི་ནང་དུ་བཤམས། སྐུའི་དཀྱིལ་འཁོར་སྟེང་བླ་བྲེ་དང་། འཕན་སོགས་མཛེས་པ་བསྟར། གོང་སྨོས་དཔལ་གཏོར་གྱི་ཕྱོགས་བཞིར་ལས་བཞིའི་གཏོར་མ། མཚམས་བཞིར་ལྷ་བཤོས་བཞི་བཤམས། དེ་ཕྱིར་མཆོད་པ་སྐོར་བཤམས་གཡས་བསྐོར་བྱ། སྟེང་ཕྱོགས་གང་བདེར་མཚན་བརྒྱད་ཙཀླི་བཀོད། ལས་བུམ་ལ་མགུལ་ཆིངས་དཀར་པོ་


SPN003_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་རྒྱན་བཅས་གཡོན་ཕྱོགས་སྟེགས་དང་པོར་བཞག །སྤྲོ་ན་སྒབ་སྐོར་གྱིས་བཀླུབ། དེའི་ཕྱིར་སྟེགས་གཉིས་པར་མྱོས་བྱེད་ཀྱི་མཆོད་ཡོན། མེ་ཏོག །བདུག་སྤོས། སྟེགས་གསུམ་པར་རཀྟའི་དྲི་ཆབ། གཏོར་མ་ཟུར་གསུམ་རྒྱན་ལྡན། དར་ཟབ། ཚོགས་དང་། དམ་རྫས། མར་མེ་བཅས། ཕྱོགས་རེར་ཉེར་བདུན་རེ་བཀོད་པའི་བརྒྱ་རྩ་བརྒྱད་ཚང་བར་བཤམས། དེའི་སྟེང་འོག་གི་ཕྱི་ནང་གང་བརྒྱ་རྩའི་ནང་དུ་བཀའ་སྲུང་བདེར། ཤར་དུ་ཕྱག་བཞི་གཡས་ཟུར་པ། ལྷོར་ལེགས་ལྡན། ནུབ་རང་བྱུང་མ། བྱང་ཏྲཀྴད་གཏོར་མ་བཅས་གསུམ་མེ་རིས་བརྒྱན་པ་དང་ཤ་དར ། མདུན་དུ་ལྷ་བཙན་དཀར་བཤོས་པདྨས་མཚན་གཡོན་དུ་བཞག་པ་བཅས་ལ་སོ་སོའི་ཙཀླི་བཙུག་པ་དང་། དཀྱིལ་འཁོར་མདུན་ངོས་སྟེགས་བར་མར་གཡས་སྨན་མཆོད་ཡོན་སོགས་བརྒྱ་བརྒྱད་ནང་དུ་ཐོད། གཡོན་རཀྟའི་ཐོད་པ་དཀྱིལ་དུ་སྨན་གཏོར་རྒྱན་བཀྲ་བཅས་བཤམས། དེ་མཐར་སྤྱི་མཆོད་ཕྲེང་ཚར་དང་། སྒྲའི་བྱེ་བྲག་པི་ཝཾ། ཏིང་ཏིང་ཤག་སོགས་ཅི་འབྱོར་བཞག །མཐར་ཕྱོགས་བཞིར་མདའ་དར་ཕྱོགས་མདོག་གི་དར་བཏགས་པ་བཞི། མཚམས་བཞིར་རལ་གྲི་བཞི་བཅས་འཛུག །ཞིང་ངམ་སྟག་ལྤགས་སྟེང་


SPN003_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང་དམ་རྫས། བདུད་རྩི། གཞན་ཡང་ཟས་སྣ་དང་། བྱེ་མ་བྱང་བུ། ཐར་ལམ་དར་དཀར་ཁྲུས་དར། ཕུད་སྐྱོག །ཆབ་ཐུར། བཞག་ཡུལ་གང་བདེར་གནམ་ཕུད་མཆོད་རྒྱུའི་སྨན་རག་གཏོར་གསུམ། སྔོན་འགྲོ་གཏོར་མ་གསེར་སྐྱེམས་བགེགས་གཏོར་བཅས་བཤམས། བཀའ་སྲུང་གཏོར་འབུལ་དམར་གཏོར་ལྔ། དཀར་གཏོར་སྨན་ལེབ་བཅས་ཀྱང་བཤམས། གཞན་ཡང་བརྒྱ་རྩ་ཁ་གསོས་མཐེབ་ཀྱུ་སོགས་ཉེ་བར་མཁོ་བ་རྣམས་འདུ་བགྱིད་ལ། དང་པོ་རྣལ་འབྱོར་ཉམས་བདེ་བའི་སྟན་ལ་འཁོད་ནས། ཉིན་མཐར་ཆགས། ཚིག་བདུན་གསོལ་འདེབས། བསམ་པ་ལྷུན་གྲུབ་མ། པདྨ་བཛྲ་བརྒྱུད་འདེབས། དང་པོ་ཉིན་ཐོག་མར་སིལ་སྙན་འབེབས་དང་སུམ་བརྡུང་བླངས་ནས་དབྱངས་དང་བཅས་ཐིག་གདབ་བྱ། ཡང་རོལ་མོ་གོང་ལྟར་གྱིས་ས་འདུལ་ལེ་ཚན་ཅིག་བཏོན་མཐར་འབེབས་དང་རོལ་མོ་བཞག །བགེགས་གཏོར་བྱིན་རླབས་འབྲུ་གསུམ་ལན་གསུམ། ཉོན་ཅིག་སོགས། ཏ་ཡ་ཕཊ་ནས་གཏོར་མ་སྦྱོང་། སྦུབ་ཆོལ་རོལ་ཆེན་གང་རུང་གིས་འབེབས་མཐར་བཞག །ༀ་ཨཱཿཧཱུྃ་གནས་བདག་གཏོར་འབུལ་མཐར་ཞི་རོལ་འབེབས་དང་སུམ་བརྡུང་གིས་མཚམས་གཅོད་ལ་འཇུག །


SPN003_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གུ་གུལ་བདུག །མཐར་འབེབས་དང་སུམ་བརྡུང་གིས་སྐྱབས་འགྲོ་ལན་གསུམ་མཚམས་མཚམས་རྒྱག་ཅི་བདེའི་མཆོད་པ་བྱིན་རླབས་དང་པོ་ནང་མཆོད་བྲན། དེ་ནས་མཆོད་རྫས་ལ་བདུད་རྩི་བྲན་ལ་མཐར་རོལ་མོ་འབེབས་ཀྱིས་བཞག །རྡོར་སེམས་བཏོན། ཧེ་རུ་ཀའི་ཡིག་བརྒྱ་བཟླས། དཀྱིལ་འཁོར་ལ་བདུད་རྩི་འཐོར། མར་མེ་ཕལ་ཆེར་སྤར། མདའ་དར་གཡབ། རོལ་མོ་འབེབས་ཆེན་གྱིས་བྱིན་འབེབས་བཏོན། མཐར་འབེབས་ཀྱིས་བཞག །དེ་ནས་མི་རྟག་བསྒོམ་པ་དང་། དམ་བཅའ་བདག་བསྐྱེད་རྣམས་ལ་རྔ་མི་བསྐུལ་འདུར་གདངས་བྱ། རྩ་བསྙེན་༡༠༠༠ སྤྱི་དྲིལ་༡༠ བཅས་ཤུ་ནྱེ་ཏས་རས་བྲིས་ལ་བདུད་རྩི་འཐོར། རོལ་མོ་སུམ་བརྡུང་གིས་མདུན་བསྐྱེད་གཞལ་ཡས་ལྷ་བསྐྱེད་ཡོངས་རྫོགས་དང་སྤྱན་འདྲེན་ཚིག་ལྷུག་སྔགས་བཅས་མཐར་སུམ་བརྡུང་ནས་རོལ་ཆེན་འབེབས་དང་རྔ་ཚིག་དབྱངས་གདངས་གང་རུང་གིས་བསྐུལ། སྔོན་བསྐལ་མ་ལན་གསུམ། དམ་ཡེ་བསྲེ་མཚམས་དལ་རན་དང་སུམ་བརྡུང་ལྟ་བུས་གདན་འབུལ་བཤགས་པ། མཆོད་པའི་སྔགས་མཐར་མཆོད་རོལ་སུམ་འཕར་ཅན། སྨན་རག་གཏོར་གསུམ། གནམ་ཕུད་འབུལ་མཚམས་སོ་སོའི་གོང་འོག་གམ། ཡང་ན་གསུམ་ག་རྫོགས་


SPN003_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མཐར་འབེབས་དང་། སྐོང་བཤགས་མཐར་འབེབས། ཚོགས་ཐེངས་དང་པོ་བྱེད། ཡར་འཚོགས་སུམ་བརྡུང་གིས་བསྟོད་པ་འོད་གསལ་འཁོར་ཡུག་མཐར་འབེབས་ཀྱིས་བཞག་ལ། དང་པོ་འོག་གི་སྔགས་དམིགས། ཧཱུྃ་ཧྲཱིཿ རང་ཉིད་པདྨ་བཛྲ་ཡབ་ཡུམ་སོགས་ཀྱི་མཐར། རྩ་བསྙེན། ༡༠༠༠ སྤྱི་དྲིལ། ༡༠༨ སྔགས་བྱང་རྣམས་དང་བཅས་བཏོན། ཤུ་ནྱ་ཏ་ནས་བུམ་པར་བདུད་རྩི་བྲན། རོལ་མོ་སུམ་བརྡུང་གིས་བུམ་བསྐྱེད་རྡུལ་ཚོན་ཕྲིན་ལས་སོགས། ཛཿཧཱུྃ་བྃ་ཧོཿནས་སྤྱན་འདྲེན་སྐབས་འབེབས་ཆེན་དང་སུམ་བརྡུང་གིས། ཧེ་རུ་ཀ་དཔལ་སོགས་མཆོད་པ་རྣམས་སོ་སོར་བཏོན་ལ་སྐོང་བའི་སྔགས་མཐར་རོལ་མོ་འབེབས་མཚམས་རྒྱག་ཟེར་བ་དཔྱད་དང་བསྟོད་པ་ཡེ་ནས་ལྷུན་གྲུབ་སོགས་མཐར་འབེབས་ཀྱིས་བཞག །རང་ལུས་སྣང་སྲིད་སོགས། རྩ་བསྙེན། ༡༠༠༠ སྤྱི་དྲིལ། ༡༠༨ བཅས། ཤཱུ་ནྱ་ཏས་ཐོད་དཀྱིལ་ལ་བདུད་རྩི་འཐོར་ལ་རོལ་མོ་སུམ་བརྡུང་གིས་བདག་མདུན་སོགས་ཐོད་པ་ཐུགས་ཀྱི་དཀྱིལ་འཁོར་བསྐྱེད་ལ། དེ་མཐར་སྤྱན་འདྲེན་ལ་འབེབས་ཆེན་དང་སུམ་བརྡུང་གིས། འོག་མིན་ཆོས་དབྱིངས་སོགས། ཕྱག་མཆོད་རྣམས་རྫོགས་མཚམས་འབེབས་ཀྱིས་བཞག་


SPN003_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ལ། རྡུལ་ཚོན་བུམ་པ་ཐོད་པ་སོགས། སྤྱི་དྲིལ་སྔགས་༡༠༨ དང་། ཚོགས་ཐེངས་གཉིས་པ་གུང་གསེང་། ཡར་འཚོགས་ལ། ཤུ་ནྱེ་ཏ་སོགས། གསུང་དཀྱིལ་ལ་བདུད་རྩི་བྲན་ནས་སུམ་བརྡུང་གིས། བདག་མདུན་བུམ་དཀྱིལ་ཐོད་རྫས་སོགས་གསུང་གི་དཀྱིལ་འཁོར་ལེ་ཚན་དང་པོའི་མཐར་འབེབས་དང་སུམ་བརྡུང་གིས་གཞན་ལེ་ཚན་ཐམས་ཅད་རྫོགས་མཐར་རོལ་མོ་འབེབས་ཀྱིས་བཞག །གཞི་ལུས་དག་པ་སོགས། རྩ་བསྙེན། ༡༠༠༠ སྤྱི་དྲིལ། ༡༠༨ མར་མེ་སྦར། འདི་མན་རེ་ཞིག་རྔ་ལ་མི་ལྟོས། སིལ་སྙན་གྱིས་མཆོད་རོལ་སྐབས་སུ་བྱ། དེ་ནས་སྐུ་ཡི་དཀྱིལ་འཁོར་ༀ་ཤུ་ནྱེ་ཏ་སོགས། སྣང་སྲིད་འཁོར་འདས་སོགས། འདུར་གདངས་བྱ་བའི་རྔ་ལ་མི་ལྟོས། མཐར་མཆོད་རོལ་སུམ་འཕར་ཅན། ཐིག་ལེའི་དཀྱིལ་འཁོར། སྣང་སྲིད་རྡོ་རྗེ་སོགས་ནས་མཆོད་རོལ་སུམ་འཕར་ཅན། ཕྱག་མཚན་དཀྱིལ་འཁོར། ཡེ་ནས་རྣམ་དག་སོགས། མཐར་མཆོད་རོལ་སུམ་འཕར་ཅན་གྱི་མཐར། གཅིག་བརྡུང་། ཉིས་བརྡུང་། སུམ་བརྡུང་། བཞི་བརྡུང་སོ་སོར་འཛག་དང་བཅས་རིམ་བྲེལ་གྱིས་འབེབས་བཅས་མཐར་བཞག རྔ་ཚིག་འདི་གྲངས་ལྡོག་ནས་ལྡིར་བའང་སྣང་། ཐལ་མོ་སྦྱར་ནས་རིགས་ཀུན་


SPN003_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་སོགས་འདུར་གདངས་བྱ་བཞིན་སྒྲ་མཆོད་སྐབས་མཆོད་རོལ་དང་འབུད་བརྡུང་བཀྲོལ་བ་གང་ཡོད་སྦིར་ནས་སུམ་བརྡུང་གིས་བླངས་ནས་མཐར། འདི་ཕྱིན་ཚིག་རྔ་དགོས། ཚོགས། མངོན་གྱུར་ཤོག་བར། ཞི་རོལ་སུམ་འཕར་གྱི་མཇུག་ཏུ་སུམ་བརྡུང་གིས་བླངས་ལ་སྐོང་བ་ཕྱི་སྣོད་འཇིག་རྟེན་སོགས། ལ་གནས་ཤོག་འབེབས་དང་སུམ་བརྡུང་། མཆོད་པ་བརྒྱ་རྩ་ལ་བདུད་རྩི་བྲན་ནས་འབེབས་དང་སུམ་བརྡུང་གིས། ཡེ་ནས་རྣམ་དག་སོགས་མཆོད་པ་རྣམས་རྫོགས་མཚམས་སྔགས་མཐར་མཚམས་རྒྱག་ཙམ་གྱིས་བཞག་ལ། ཐལ་མོ་སྦྱར་ནས། བཤགས་པ་ནི། ཧོཿ དུས་གསུམ་སངས་རྒྱས་སོགས་ལན་གསུམ། བདག་དང་མཐའ་ཡས་སོགས། དུས་གསུམ་སངས་རྒྱས་ཉན་རང་སོགས་ནས་དགོངས་སུ་གསོལ་གསུམ། བདེ་གཤེགས་ཁྲོ་རྒྱལ་སོགས། གྲངས་གསོག་ཚེ་འདི་མཐར་རོལ་མོ་འབེབས་དང་ཉིས་རྡུང་ནས་གོང་གི་ཡེ་ནས་རྣམ་དག་སོགས་ལ་འཇུག་པའི་བཤགས་པ་བཅས་གོང་དང་འདྲ་བའི་ཚར་བཞི་ཚར་མཚམས་འབེབས་མཐར་བཞག་ལ་ལན་རེ་བདེ་སྨོན་འོད་དཔག་མེད་སོགས་ཚོགས་ཐེངས་དང་པོ། ཡར་འཚོགས། ཡེ་ནས་རྣམ་དག་ནས་བཤགས་པ་སོགས་སྦྲེལ་མ་བཅས་སྔོན་མ་


SPN003_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བཞིན་ཚར་བཅུ་ཚར་མཚམས་རྗེས་མར་ཧཱུྃ་ནས་འབེབས་མཐར་རྔ་བཞག །བཤགས་པ་སོགས་ཚན་གསུམ་རྔ་ལ་མི་བསྐུལ་བར་ཚར་མཚམས། ཚོགས་ཐེངས་གཉིས་པ་བྱ་ལ། ཡར་འཚོགས་གཏོར་འབུལ་རྣམས་བཤམས་ནས་བདུད་རྩི་བྲན་ལ། ༀ་ཨཱཿཧཱུྃ་བྷན་དྷ་མཚན་ལྡན་མཐར་བྱིན་རླབས་ལན་གསུམ་མཐར་སྦུབ་ཆོལ་གྱིས་སུམ་བརྡུང་འཛག་མེད་ཀྱིས། ཧཱུྃ་བྷྱོ། དག་པ་མཁའ་སྤྱོད་སོགས་སེང་གདོང་གཏོར་འབུལ་མཐར་རོལ་མོ་འབེབས་ཀྱིས་བཞག །བྷནྡྷ་ལྕང་ལོ་སོགས་ནས། བསིལ་བའི་ཚལ་ཞེས་སོགས་མཐར་འབེབས་ཀྱིས་བཞག །བྷནྡྷ་སྐྲ་འབྱར་སོགས། འོག་མིན་བྱང་ཕྱོགས་ནས་མཐར་འབེབས་ཀྱིས་བཞག འདི་ཀུན་ཚིག་རྔ་ལས་གདངས་མ་བྱས་ཚེ་འགོར་སུམ་བརྡུང་མི་དགོས། གོང་འོག་ཀུན་ལ་འགྲེ། དེ་ནས་གནམ་ལྕགས་འབར་བའི་གཏོར་གཞོང་ཞེས་ཚིག་བསྒྱུར་སོ་མཛད་སྲོལ་སྣང་། འདི་དབྱངས་བྱེད་ན་སུམ་བརྡུང་འཛག་བྲལ་དགོས། རི་རབ་བྱང་ཤར་སོགས་མཐར་འབེབས་དང་དགུ་བརྡུང་འཛག་མེད་ཀྱིས་དྲག་པོ་ཨེ་ཡི་སོགས་ནས་མཐར་འབེབས་དང་སུམ་བརྡུང་བཞི་བརྡུང་འཛག་མེད་འདྲ་གིས། ཡུལ་ནི་སྦས་ཡུལ་སོགས་མཐར་འབེབས་དང་སུམ་བརྡུང་འཛག་བཅས་དལ་རན་གྱིས་ཧཱུྃ་


SPN003_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿ པདྨ་འདབ་སྟོང་སོགས། སྤྱན་འདྲེན་སྔགས་ཀྱི་མཚམས་སུམ་བརྡུང་གིས་མཚམས་རྒྱག་ཙམ་བྱེད་ནས། རིག་འཛིན་ཆེན་པོ་སོགས་ནས། ཚོགས་འབུལ་མཐར་འབེབས་ཀྱིས་བཞག ཧོ་དགོངས་སུ་གསོལ་ལོ། །ཕྱོགས་བཅུ་སོགས། ལན་གསུམ་སྒྲིག་འདོན་བྱ། ཚོགས་ལ་རོལ། བར་ཆད་ལམ་སེལ་དང་། ཞབས་བརྟན། ཡང་ན་སྨོན་ལམ་བཟང་སྤྱོད་དམ་སྨོན་ལམ་འདྲ་སྐབས་འབྲེལ་གང་ཡོད་བྱ། ཚོགས་ལྷག་བསྡུ། རོལ་མོ་དྲག་འབེབས་བཤུག་གླུ་དང་བཅས་ལྡིར་ནས་ཨ་ལས་ལྷག་མ་བཏོན་མཐར་རོལ་མོ་འབེབས་ཀྱིས་བཞག བཀྲ་ཤིས་ཧོ་དགོངས་སུ་གསོལ། སོགས་ཀྱི་མཐར་ཞི་རོལ་སུམ་འཕར་ཅན་དང་། རྒྱལ་བ་རབ་འབྱམས་སོགས་སྨོན་ལམ་དང་། རང་ལུགས་ཆོས་སྲུང་གཏོར་བསྔོས་བཅས་བཏོན་ནས་གྲོལ། གྲོལ་ཉིན་ལ་ལྷག་མ་ཚར་མཚམས་ཞི་རོལ་འབེབས་དང་མཐར་སུམ་བརྡུང་ནས་གྲོ་ལོད་ཡེ་གསང་བླ་མ་རིག་འཛིན་རྣམ་རྒྱལ་བུམ་པ་ཕུལ་ནས་བཞག་ལ་བུམ་ཆུ་བསྐྱེད་ལྷ་ཚོགས་སོགས་ནས་ལྟ་བུར་གྱུར་བར། མཐར་འབེབས་ཀྱིས་རོལ་མོ་བཞག །རྟེན་དང་གཏོར་མའི་ལྷ་ཚོགས་སོགས་ཀྱི་བསྡུ་རིམ་དང་། གོང་གསལ། དབང་རྫས་གཞན་ཕུལ་མི་དགོས། །བཀྲ་ཤིས་བཅས་མཐའ་


SPN003_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བྱའོ། །ཡང་གནས་འདྲེན་སྐབས་ལས་བྱང་གཞུང་བསྲང་བ་གོང་ལྟར་གྱིས། ཚོགས་ཀྱི་སྨོན་ལམ་ཚར་གསུམ་དང་། དེ་ནས། འདིར་མཐུན་པའི་པདྨ་བཛྲ་གྱི་ཐུགས་རྗེ་བསྐུལ་བའི་གསོལ་འདེབས། ཆོས་དབྱིངས་རང་སོགས་མཚན་བརྒྱད་ཙཀླི་ལས་བུམ་བྱེ་མ་མདུན་དུ་བཞག །ཛཿཧཱུྃ་སོགས་ནས་འགུགས་པ་ལན་གསུམ། དེ་ནས་དཀྱུས་ལྟར་ལ། ཧཱུྃ་ང་ནི་པདྨ་སོགས་བགེགས་གཏོར་སྐབས་རོལ་མོ་འབེབས་དང་སུམ་བརྡུང་རྔ་ཚིག་དང་བཅས་མཐར་རོལ་མོ་འབེབས་ཀྱིས་བཞག །ཧཱུྃ་འདི་ནི་རྡོ་རྒྱལ་ཡབ་ཡུམ་ཕུལ་པདྨ་སོགས། དབང་ཁྲུས་རྣམས་བར་མཚམས་རྩ་སྔགས་སྤྱི་དྲིལ་བཏོན། གནས་སྤར་སོགས་རིམ་བཞིན། མཚན་བྱང་མཐར་ཞི་རོལ་རིང་ཙམ་གིས་དལ་ལ་བསྐོར་བ་གསུམ་མམ་ཕྱག་གསུམ་བྱས་ཏེ་དལ་གྱི་ལྷོ་སྒོར་བཞག །འདོད་ཡོན་བསྔོ། འདི་སྐབས་ཞི་རོལ་ཞིག་བྱེད། ལམ་བསྟན་བྱ། རྡོ་རྗེ་འཆང་ཞག་གྲངས་ཚེ་དང་རོ་གཅིག་གྱུར་དང་། ནུབ་ཐ་མར། རོ་མར་མེ་བསྟན་གཅིག་གྱུར་ནས། ཁྱོད་ཀྱི་མ་དག་སྡིག་སྒྲིབ་སོགས་སྦྲེལ་ནས། ཁྱབ་བརྡལ་ཤོག་བར། རྩ་སྔགས་ལན་གསུམ། པྲཱ་ཝ༴ ར་གསུམ། སྤྱི་དྲིལ་བཅས་ལན་གསུམ་གྱི་མཐར། མིང་བྱང་སྤར། དེ་ཚེ་ཞི་རོལ་སུམ་འཕར་ཅན་ལྡིར། གཞན་ཡང་ཞི་ཁྲོ། མི་


SPN003_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་ཀུན་རིག་བཅས་ཀྱི་རྩ་སྔགས། ཡིག་བརྒྱ་བཅས་བརྗོད། མཐར་ངོ་མཚར་སངས་རྒྱས་སོགས། དམིགས་ཡུལ་ངན་སོང་སོགས། འདི་ནི་ནུབ་ཀྱི་ཕྱོགས་རོལ་སོགས། པདྨ་འདམ་གྱིས་སོགས། མི་གཙང་ལུས་འདི༴ ཅི་ལྟར་སྔོན་སོགས་ནས། བཟང་སྤྱོད་སོགས་རྣམ་ལྔ་བཏོན་ལ་གཞན་ཡང་བསྔོ་བ་སྨོན་ལམ་ཇི་སྙེད་ཀྱི་དཔུང་བསྐུལ། ཚོགས་དྲངས། ཞབས་བརྟན་སོགས་སྐབས་དང་བསྟུན། ལྷག་མ་བསྡུ་སོགས་ནས། བཀྲ་ཤིས་བཅས་གོང་ལྟར་བྱའོ། །དམིགས་བསལ་སྙིང་ཐིག་དབང་མོ་ཆེའི་སྒོ་ནས་སློབ་མ་སྨིན་གྲོལ་ལམ་འཇུག་གི་སྐབས་ལས་གཞུང་ལྟར་གྱི་སྐོང་བཤགས་ཚར་མཚམས་རྡོ་རྗེ་རྒྱལ་པོས་ཏིང་ངེ་འཛིན་གྱི་དབང་ལེན་པ་ཡེ་གསང་ལྟར་བྱས་ནས། སློབ་མ་མདུན་དུ་འཁོད་ལ། སྔོན་འགྲོ་ཚན་གཉིས། སྲུང་འཁོར་དང་སྒོ་དབྱེ་སྐབས་ཕྱོགས་བཞིར་མདའ་དར་གཡབ། མནྜལ་དང་། སྤྲོ་ན་ལོ་རྒྱུས་འདོན། ཞུ་གནང་དང་སྐྱབས་འགྲོ་ཆ་ལག་གུར་དྲག་ནང་ལྟར། སེམས་བསྐྱེད་དང་བཅས། གོང་གི་རྡོར་སེམས་སྒོམ་རིམ་སློབ་མ་ལ་ཕོག་ལ། ཁྲུས་བྱ། དེ་ནས་དབང་གཞུང་གསལ་ལྟར་མདུན་བསྐྱེད་ཇི་བཞིན་སློབ་མ་ལྷར་


SPN003_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། སློབ་དཔོན་ཡང་ལྷའི་ང་རྒྱལ་ལྡན་བཞིན། ཡེ་ཤེས་སྤྱན་འདྲེན་དམ་དབྱེ་བསྲེ་བ་གྲུབ་མཚམས་དབང་རྫས་རྣམས་གཞུང་ལྟར་བཀྲ་ཤིས་དང་བཅས་བསྐུར། ཡང་དབང་གི་ཟབ་གནད་ཕྱེ་བ་ནི། རིག་པའི་འཕྲུལ་གྱིས་རྟོགས་དགོས་སོ། །ཆས་དབང་མངའ་གསོལ་སྐབས་གཞུང་ཚིག་ལྟར་རྔ་རོལ་དུང་ཀར་སོགས་སྦིར། ལར་ཡང་གནས་འདྲེན་དང་། དབང་ཆེན་འདི་སྐབས་འབྲེལ་ཆགས་པའི་དྲིལ་གསིལ་སྤྱན་འདྲེན་བྱིན་འབེབས་སོགས་ཀྱི་སྐབས་རོལ་ཆེན་དང་ཞི་རོལ་སོགས་སྐབས་ཐོབ་བསྟུན་ལ། དེ་ནས་འབུལ་གཏོར་བསྐུལ་རྣམས་ཀྱང་གཞུང་ཚིག་དང་མཐུན་པར་ཕུལ། རོལ་མོ་སོགས་ཀྱང་དཀྱུས་ལྟར་འགྲེའོ། །དེ་ནས་ཚོགས་རོལ། ལྷག་མ། དངོས་གྲུབ་དབང་བླངས་བཀྲ་ཤིས་སོགས་མཐའ་རྒྱས་བྱའོ། །སརྦ་མདྒ་ལམ། །

དྲག་པོ་ནུས་ལྡན་རྩལ་གྱི་གསུང་ལས་འབྲིང་པོ་བདག་མདུན་དཀྱིལ་འཁོར་བསྐྱེད་རྫོགས་བཤམས་བཀོད་ཁྱེར་བདེ།


SPN003_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་ནུས་ལྡན་རྩལ་གྱི་གསུང་ལས་འབྲིང་པོ་བདག་མདུན་དཀྱིལ་འཁོར་བསྐྱེད་རྫོགས་བཤམས་བཀོད་ཁྱེར་བདེ་ནི། ལྡིང་ཁྲིའི་ཁར་རས་བྲིས་བཀྲམས། དེ་སྟེང་མཉྫཱིའི་སྟེང་དཔལ་གཏོར་རྒྱན་ལྡན་རྩེར་གཙོ་བོ་ཡབ་ཡུམ་གྱི་ཙཀ་ལི་ལ་དར་གདུགས་སྔོན་པོ་ཕུབ། ཕྱོགས་བཞིར་ལས་བཞིའི་གཏོར་མ། མཚམས་བཞིར་ལྷ་བཤོས་བཞི། མདུན་དུ་སྨན་རག་


SPN003_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་གསུམ་དང་། མཆོད་པ་བྲེང་ཚར་བཤམས། ཚོགས་དང་དམ་རྫས། བདུད་རྩི། ཟས་སྣ་ཚོགས། གནམ་ཕུད་སྨན་རཀ་གཏོར་གསུམ་བཅས་དང་། བཀའ་སྲུང་འབུལ་གཏོར་དྲུག །སྔོན་འགྲོ་གཏོར་མ་གཉིས། གསེར་སྐྱེམས་བཅས་བཤམས་ལ། དང་པོ་འདོན་བྱ། ཐིག་གདབ། ས་འདུལ། སྔོན་གཏོར་གཉིས་བཏང་། སྲུང་འཁོར། སྐྱབས་འགྲོ་ནས་བཟུང་བདག་བསྐྱེད་བསྙེན་པ། དེ་ནས་མདུན་བསྐྱེད་ཡོངས་རྫོགས་བསྙེན་པ་ཟིན་ནས། ཧཱུྃ་ཧྲཱིཿ ཡེ་ནས་རྣམ་དག་སོགས་མཆོད་པ་སྐོང་བཤགས། ཚར་གྲངས་བཏོན་ཚེ་གོང་གསལ་ལྟར། དེ་ནས་བཀའ་སྲུང་གཏོར་འབུལ་རྣམས་དང་། ཚོགས་མཆོད་དང་། ཚོགས་ལ་རོལ་མཐར་ལྷག་མ་བཀྲ་ཤིས། གྲོལ་ཉིན་ལྟ་བུར་དབང་བླངས། རྗེས་ཆོག་བླ་མ་རིག་འཛིན་སོགས་དང་། རྟེན་དང་གཏོར་མའི་ལྷ་ཚོགས་སོགས། ཡེ་ཤེས་གསང་བ་ལས་གསལ་བ་ལྟར་བྱའོ། །ལྷ་ཐོག་དཔོན་ཀརྨ་ཚེ་བརྟན་ལ་བསྒྲིགས་ཆགས་བསྡེབས་ནས་གནང་བའི་ངེས་པ་ཁུངས་ལྡན་ཡིན། ཡང་གཏེར་ཆེན་ཞལ་རྒྱུན། བླ་མ་རྟ་མགྲིན་མགོན་པོའི་ལུགས་ཀྱི་རྒྱུན་ཁྱེར་ལ་དང་པོ་སྐྱབས་འགྲོ་རྡོར་སེམས། མི་རྟག་པ་བསྒོམ་པ་དམ་བཅའ་བ། བདག་


SPN003_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་གསལ་བཏབ་ལ་བཟླས་པ་མཐར་རྗེས་རིམ་བླ་མ་རིག་འཛིན་སོགས་ནས། ལྟ་བུར་གྱུར་བར་གྱི་ཁྱེར་བདེའི་བཀའ་ངེས་ཅན་འཁྲུལ་མེད་དོ། །ཞེས་པ་འདི་ཡང་པདྨ་ཉིན་བྱེད་དབང་པོས་གསུང་རྒྱུན་དང་ལྗགས་བསྒྲིགས་གནང་བ་བཅས་སྤེལ་བ་སརྦ་མདྒ་ལཾ། །དེ་ལྟར་རྔ་རོལ་ཡོད་མེད་རྔ་ཚིགས་རྣམས་འདིར་གསལ། ཚོགས་ཐེངས ། བསྙེན་གྲངས་མང་ཉུང་གདངས་དབྱངས་རྣམས་སྐབས་བསྟུན་གྱིས། གང་འཚམས་དེར་དཔྱད་པ་ལས་ཅི་ཞིག །ཞི་རོལ། སྐབས་འདིར་སུམ་འཕར་ཅན་བཀྲོལ་བ་དང་། སྐབས་གདངས་རྣམས་ཀྱང་རྙིང་ལུགས་ཁོ་ན་དང་། ཚིག་རྔ་རྣམས་ཀྱི་སྐབས་སྔགས་རྣམས་རྫོགས་པར་བྱེད། གདངས་ཀྱི་མཐའ་ཡང་དེ་ལྟར་བྱེད་ན་འདོན་པ་ཆད་ལྷག་མི་ཡོང་བའི་གནད་ལ་དགའ་བ་འདྲ་བ་ལགས། །

རབ་གནས་བཀྲ་ཤིས་ཆར་འབེབས་ཀྱི་འདོན་འགྲིགས་ངེས་གསལ་མེ་ལོང་།


SPN003_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་བཀྲ་ཤིས་ཆར་འབེབས་ཀྱི་འདོན་འགྲིགས་ངེས་གསལ་མེ་ལོང་བཞུགས། ན་མོ་དྷརྨཱ་ཀཱ་ར་ཡ། འདིར་རབ་ཏུ་གནས་པ་བྱ་བའི་ཆོ་ག་ལས། རྟེན་གང་ཡིན་དེའི་མདུན་སློབ་དཔོན་ཞལ་ཕྱོགས་ལ་བཞུགས། སློབ་དཔོན་གྱི་གཡས་སུ་བདེ་མཆོག་གི་དཀྱིལ་འཁོར། དེ་དང་གང་བདེ་ཞིག་ཏུ་པདྨ་འདབ་བརྒྱད་ཀྱི་དབུས། རྣམ་རྒྱལ་བུམ་པ་ལྔ་ཕྲག་ལྔས་བཀང་


SPN003_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བ། བྱང་དུ་ལས་བུམ། ཤར་ནས་གཡས་སྐོར་དུ་ཕྱིན་དྲུག་གི་བུམ་པ། བྱང་དུ་དྲི་མ་ཁྲུས་བུམ་བཤམས། ཕྱིན་དྲུག་གི་བུམ་པར་འབྲུ་སྤོས་སྨན་རིན་པོ་ཆེ་སོགས་རིམ་བཞིན་བླུགས། རབ་གནས་ཡི་དམ་གང་འབྲེལ་གྱི་གཙོ་བོའི་སྐུ་མདོག་གི་དར་གྱིས་རྣམ་རྒྱལ་བུམ་པར་མགུལ་ཆིངས་དང་། ལས་བུམ་ཡང་གཞུང་ནས་ལས་ལྷ་གང་གསུངས་པ་དེའི་སྐུ་མདོག་གི་དར་གྱི་མགུལ་ཆིངས་བྱ། སྐབས་འདིར་བདེ་མཆོག་ལྟ་བུ་ལ་སྦྱར་ན། རྣམ་རྒྱལ་བུམ་པར་མགུལ་ཆིངས་སྔོ། ལས་བུམ་དམར། ཕྱིན་དྲུག་གི་བུམ་པར་མགུལ་ཆིངས། སྦྱིན་སེར། ཚུལ་དམར། བཟོད་ལྗང་། བརྩོན་དམར། བསམ་དཀར། ཤེས་རབ་སྔོ། དྲི་མ་སེར། མཆོད་པ་གཡོན་བསྐོར། བདེ་མཆོག་སྐབས། རྒྱས་པར་འབྱོར་ན་དཀྱིལ་འཁོར་ལ་མཆོད་པ་ཆ་དྲུག །བུམ་དཀྱིལ་ལ་མཆོད་པ་ཆ་གཅིག་གིས་བསྐོར། རྟེན་གྱི་དྲུང་དུ་མཆོད་པ་ཆ་གཅིག་ཕྲེང་ཚར། བདག་བསྐྱེད་མཆོད་པ་ཆ་གཅིག །ཕྱི་རོལ་མཆོད་པ་ཆ་གཅིག །གཡས་གཡོན་གང་བདེ་ཞིག་ཏུ་སྟེགས་ཀྱི་ཁར་མངའ་དབུལ་བའི་ཙཀླི་རྣམས་དང་རྫས་རྟགས་སོགས་རིམ་བཞིན་བཤམས། ཟངས་གཞོང་སོགས་ཀྱི་ནང་འབྲས་བཀྲུས་པ་གུར་གུམ་ཆུས་


SPN003_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བཙོས་པ་འབོ་གང་ཙམ། དུང་ཆོས་སུ་དྲི་བཟང་གི་ཆུ་བླུག་པ་དང་། ཡུངས་ཀར་ཕུལ་གང་དང་། གུ་གུལ་བཅས་བཤམས་ལ་ཞལ་འགྲིམས་རྒྱུ་དགོས་པ་དང་། ཙཱ་རུའི་བཟའ་བ། སྦྱོང་ཆས་འདག་ཆལ། ཁྲུས་ཆས། སྐུ་ཕྱི་གོས་ཟུང་རྣམས་བཤམས་ལ་དང་པོ། ཚིག་བདུན་སོགས་དང་། དེ་ནས། བདག་ཉིད་སོགས་ནས་བདག་བསྐྱེད་བཟླས་པ་ཐུན་བསྡུ་བཅས་སོང་རྗེས། དཔའ་གཅིག་རྣམ་པར་གྱུར། རྣམ་རྒྱལ། རྣམ་འཇོམས། མཆོད་དཔོན་པས་བུམ་པ་རྣམས་ལ་གུ་གུལ་བདུག །ཡུངས་ཀར་གྱིས་བྲབ། སུམ་བྷ་ནི་སོགས། ༀ་བཛྲ་ཤི་ཥ་རེ་སོགས། ལྷ་ཆུ་དལ་འགྲོ་སོགས་ༀ་ཏ་ཧེ་སོགས་དྲི་བཟང་གི་ཆུས་སུམ་གཉིས་བཀང་། ༀ་བཛྲ་ཨ་མྲྀ་སོགས། སྔགས་རེ་དང་ཆུ་ཐིགས་སྤྲད་ནས་ལན་བདུན་དུང་ཆོས་སུ་བླུགས་ལ་རྒྱལ་རྒྱམ་ལྟར་བཞག །རྣམ་རྒྱལ་བུམ་པའི་ཁ་རྒྱན་བ་ལུ་དང་ཤུག་པ་གཟུངས་ཐག་རྡོ་རྗེ་བཞག །གཞན་ཕྱིན་དྲུག་གི་བུམ་པ་རྣམས་ཀྱང་གོ་རིམ་མ་ནོར་བར་བཤམས། ལས་བུམ་ཀུ་ཤའི་ཁ་རྒྱན། ༀ་ཁནྜ་སོགས་བུམ་བསྐྱེད་བཟླས་པ་བཅས། བཟླས་པའི་སྐབས་སློབ་དཔོན་གྱིས་གཟུངས་ཐག་འཛིན་ལ་བཟླས་པ་བྱ། བཟླས་པ་ཚར་ནས་གཟུངས་ཐག་ལས་བུམ་སྟེང་དུ་སྤོས་ལ་ལས་བུམ་བཟླས་པ་བཅས་


SPN003_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་རྗེས་མཐར། ༀ་ཤྲཱི་རི་ཙཀྲ་སོགས། ལྷ་རྣམས་འདོད་ཆགས་ཆེན་པོ་ཞུ་བ་སོགས། དུང་ཆོས་ཆུ་རྣམ་རྒྱལ་བུམ་པར་བླུགས། པུཥྤེ་སོགས། ཇི་སྲིད་དཀྱིལ་འཁོར་སོགས་གཟུངས་ཐག་དྲི་མ་ཁྲུས་བུམ་གྱི་སྟེང་དུ་བཞག་ལ། ༀ་སརྦ་ཏ་ཐཱ་སོགས། དེ་ནས་གཟུངས་ཐག་བཟླས་པ་སོ་སོའི་སྐབས་རིམ་གྱིས་སྤོ། ཕྱིན་དྲུག་སྔགས་སོ་སོར་བདུན་ནམ་ཉེར་གཅིག་བཟླས། འབྲུ་རྣམས་རྟེན་འབྲེལ་སོགས། ན་མོ་བུདྷཱ༴ ཡེ་དྷརྨ༴ སྦྲེལ་ནས་བརྒྱ་རྩའམ་ཐ་ན་ཉེར་གཅིག་ལས་མི་ཉུང་བར་བཟླས། མཆོད་དཔོན་པས་ནས་འགྲིམ། ཐམས་ཅད་ཀྱིས་ལག་པ་གཉིས་ཀ་ཁ་སྦུབ་སྟེ་རེག །ༀ་ཨཱཿཧཱུྃ་ཉེར་གཅིག །མཆོད་དཔོན་པས་དུང་ཆུ་འགྲིམ། གཡོན་སྲིན་མཛུབ་ཀྱིས་རེག ཡུངས་ཀར་ཁྲོ་བོ་སོགས། ལས་བུམ་སྔགས་དང་། ཁནྜ་རོ་ཧི། སུམྦྷ་ནི་སྒྲོལ་མ་ཉེར་གཅིག་བཟླས། ཕུ་འགྲིམ། དེ་ནས་བདེ་མཆོག་གི་མདུན་བསྐྱེད་ཀྱི་རིམ་པ་བཏང་། བདག་འཇུག་བཅས། ཆོས་རྣམས་གཟུགས་བརྙན་སོགས། ཚར་གསུམ་རྗེས། གཟུགས་བརྙན་གསལ་ལ་རྟེན་རྣམས་ཞེས་ཚིག་ཁ་བསྒྱུར་ལ། མཆོད་དཔོན་པས་སློབ་དཔོན་མདུན་ནམ། རྟེན་གྱི་དྲུང་ལྕོག་རྡོག་གསུམ། མར་མེ། ཆངས་བུ་བཅས་གསུམ་བཤམས་ལ། སློབ་དཔོན་ནམ་ལས་རྡོར་གྱིས་ཡར་བཞེངས་ལ། ༀ་སརྦ་བིགྷྣན་སོགས། གཡས་གཡོན་གསུམ་རེ་བསྐོར། མཆོད་སྦྱིན་ཕྱག་རྒྱ་བྱ། སེ་


SPN003_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གོལ་བརྡབ། སྐུ་གསུང་ཐུགས་ཀྱི་རྟེན་འདི་ལ་སོགས་དེ་འདྲ་ཚར་གསུམ། ༀ་སརྦ་བིགྷྣན་སོགས་སྔ་མ་ལྟར་བསྐོར། སུམ་བྷ་ནི་སོགས། སྐུ་གསུང་ཐུགས་ཀྱི་སྤེལ་མ་ཚར་གསུམ། དེ་རྣམས་སྣོད་གཅིག་ཏུ་གསོག །སྦྱོང་བ་ཕྱིར་དོར། གནས་གཞན་དུ་འགྲོ་དགོས་ན་འདི་ནས་བཞེངས་ལ་འདོན། འགྲོ་མི་དགོས་ན་བཞུགས་ལ་འདོན། རང་གི་ཐུགས་ཀ་ནས་སོགས། ཡེ་ཤེས་བསྐལ་སོགས་གཞུང་བཞིན། གདོན་མི་ཟ་ནས་སྦུབ་ཆོལ་འབེབས་བྱ་ལ། གནས་གཞན་ལ་འགྲོ་ཞིང་རབ་གནས་བྱ་དགོས་ན་སེར་སྦྲེངས་བྱ་ཞིང་། སློབ་དཔོན་གྱིས་སུམྦྷ་ནི་བརྗོད་ཅིང་། ཡུངས་ཀར་གྱིས་བྲབ། གུ་གུལ་བདུག་གིན་བྱོན། །སླར་རང་གནས་སོན་ནས་གྲལ་དུ་འཁོད་ལ། སྲུང་འཁོར་ནི། སུམྦྷ་ནི་དང་ཡི་གེ་དེ་རྣམས་སོགས། ༀ་ཙཀྲ་པྲཱ་ཀ་ར་ཧཱུྃ་ཞེས་པའི་བར་སྦྱར་རོ། །དེ་ཚེ་ལས་རྡོར་གྱིས་ཚོགས་པའི་སྣ་རླུང་གཡས་ནས་སྦུད་པར་ཏིལ་འགྲིམ་ལ། མེ་ལོང་ཐོག་ཏུ་ཏིལ་གྱིས་སྡིག་པའི་གཟུགས་བྱས་ནས། གཡས་སུ་མེ། མདུན་དུ་ཏིལ། གཡོན་དུ་ཆུ་གཞག་ནས་སྙིང་གར་ཀཾ་ལས་སོགས་སྔགས་བཟླ་ཞིང་། མེ་ཆུའི་ནང་དོར། གཡས་སུ་ཡེ་ཤེས་མེར་བསྲེག་ཞེས་སོགས་ཕྱི་རོལ་དུ་དོར། དེ་ནས་ཁྲུས་བྱ་བ་ནི། སློབ་དཔོན་ནམ་ལས་རྡོར་གྱིས་ཕྱག་ལེན་བྱེད་ལ། སྟེགས་ཀྱི་ཁར་ཁྲུས་སྡེར་ཆེ་བ་གཅིག །ཁྲུས་ཆུ་དུར་བའི་སྤིར་སོགས་བཤམས། གོས་ཟུང་དང་མེ་ལོང་བཟུང་ནས། བཅོམ་


SPN003_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་དེ་བཞིན་སོགས། རྣམ་རྒྱལ་བུམ་ཆུ་ནས་ཅུང་ཟད་འཐོར། ཁྲུས་ཀྱི་ཁང་པ་སོགས་ཀྱི་ཚེ་མེ་ལོང་ངོས་སུ་ཀུ་ཤས་གྲུ་བཞིར་བྲིས། སྟོང་གསུམ་ཀུན་སོགས་ནས་དུར་བའི་སྤིར་གྱིས་ཁྲུས་ཆབ་ནས་མེ་ལོང་ལ་བྱུགས། ༀ་སརྦ་ཏ་ཐཱ་སོགས། སྲན་དཀར་ཟན་གྱིས་དྲུད། འོག་མ་ཀུན་ལ་འགྲེ། ལས་བུམ་ཐོགས་ལ། བཅོམ་ལྡན་ཁནྜ་སོགས་ཀྱིས་བཀྲུ། རོལ་མོ་བྱེད། ཁྲུས་རས་ཐོགས་ལ། རྒྱལ་དང་རྒྱལ་བའི་སོགས། ༀ་ཧཱུྃ་ཏྲྃ་སོགས་དྲི་བཟང་གིས་བྲིས་ལ། མེ་ལོང་ངོས་ལ་ཁྲུས་རས་ཀྱིས་ཕྱི། དེ་ཁྲུས་ཚན་གཅིག །སྟོང་གསུམ་ཀུན་སོགས་ཁྲུས་ཆབ་སྔར་ལྟར་བྱུག །སྣུམ་ནག་བྱུག །སྲན་དཀར་གྱིས་དྲུད། དྲི་མ་ཁྲུས་བུམ་ཐོགས་ལ། ཇི་ལྟར་བལྟམས་སོགས། འདི་ནི་ཁྲུས་མཆོག །རྒྱལ་བའི་སྐུ་གསུང་ཐུགས་སོགས་བར་བར་དུ་བཀྲུས་ལ། རྒྱལ་དང་རྒྱལ་བའི་སོགས་གོང་ལྟར། ཁྲུས་ཚན་གཉིས་པ། སྟོང་གསུམ་ཀུན་སོགས། རི་བོ་ལྟར་ནི་སོགས། མཐར་སྔགས་དང་རོལ་མོ་བཅས་བཀྲུ། རྒྱལ་དང་རྒྱལ་བའི་སོགས་ཁྲུས་ཚན་གསུམ། སྟོང་གསུམ་ཀུན། ཕར་ཕྱིན་དྲུག་སོགས་བུམ་པ་སོ་སོར་ཐོགས་ལ། འདི་ནི་སྦྱིན་པའི་སོགས་བཀྲུ། ཆུ་བོ་དྲུག་གིས་སོགས་ལ་དྲི་མ་ཁྲུས་བུམ་གྱིས་བཀྲུ། རོལ་མོ་དང་། རྒྱལ་དང་སོགས་ཁྲུས་ཚན་བཞི་པ། སྟོང་གསུམ་ཀུན་སོགས་དྲི་མ་ཁྲུས་བུམ་ཐོགས་ལ། དེ་བཞིན་གཤེགས་རྣམས་སོགས། སྟོན་མཆོག་དམ་པ་སོགས། ཉིན་


SPN003_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

མོར་བདེ་ལེགས་སོགས་སྔགས་བཅས་རོལ་མོ། རྒྱལ་དང་རྒྱལ་སོགས་ཁྲུས་ཚན་ལྔ་པ། ཁྲུས་ཀྱི་ཚེ་རོལ་མོ་འདི་ཡི་དམ་གང་ཡིན་གྱི་མཆོད་རྔ་ཡིན། སྲབ་འཇམ་ཡངས་པ། སྣ་ཚོགས་དབང་པོའི་སོགས་གོས་ཟུང་འབུལ། རྟེན་བསྐྱེད་ནི། རྟེན་རྣམས་ལ་ལས་བུམ་ཆུ་འཐོར་ནས། ༀ་ཁནྜ་སོགས་བསངས། སྭ་བྷཱ་ཝ་སོགས་སྦྱངས། སྟོང་པའི་ངང་ལས་ཨེ་ལས་སོགས་ནས་མཚན་པར་གྱུར་བར། དེ་ནས་ཐམས་ཅད་ཡར་བཞེངས་ལ། སྤོས་ཐུར་བཀྱེ། སྙིང་ཁར་ཉི་མ་སོགས། སྤྱན་དྲངས་བཞུགས་པར་གྱུར། མ་ལུས་སེམས་ཅན། ཇི་ལྟར་སངས་རྒྱས་སོགས། ས་མཿཡཿཛཿཧཱུྃཿབྃཿཧོཿ ལག་པ་བསྣོལ་ཞིང་སེ་གོལ་བརྡབ། རོལ་ཆེན། མཆོད་རོལ། སྤོས་ཐུར་བསྡུ། གྲལ་དུ་འཁོད་ནས། བཅོམ་ལྡན་འདིར་ནི་སོགས། ཤླཽ་ཀ་གཉིས། དེ་སྐབས་རྟེན་གྱི་དྲུང་དུ་མཆོད་པ་གསར་དུ་བཤམས། བསངས་སྦྱངས་ལ། སྟོང་པའི་ངང་ལས་སོགས་བྱིན་རླབས་གཞུང་བཞིན་མཆོག་གཙང་མ་སོགས། བཅོམ་ལྡན་དཔའ་བོ་སོགས་ཀྱིས་བསྟོད་ལ་དེ་ཚེ་མཆོད་དཔོན་གྱིས་མེ་ཏོག་བཀྱེ། ཐམས་ཅད་ཡར་བཞེངས་ལ་གཟན་ཟླུམ་ཁྱེར་བྱས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགས། མཐར་རོལ་ཆེན་བཅས་མེ་ཏོག་འཐོར་ལ་ཚར་གསུམ་


SPN003_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འདོན། དེ་ཚེ་མེ་ལོང་ནང་དུ། རྟེན་ཐམས་ཅད་ཤར་བཅུག་པ་ལ། གྲལ་ལ་འཁོད་ནས་མེ་ལོང་དུང་ཆོས་ནང་གི་དྲི་བཟང་གི་ཆུ་སློབ་དཔོན་མདུན་དུ་ཁྱེར་ནས། རྡོ་རྗེས་དྲི་ཡི་ཐིག་ལེ་གསུམ་བྱ། རྟེན་རྣམས་སྤྱི་བོའི་སོགས་འདོན། དར་དམར་སེར་གྱིས་མེ་ལོང་བཀབ་ནས་བཞག །ༀ་བཛྲ་ཝསྟྲ་ཧཱུྃ། གྲུབ་ན་ཞི་བའི་སྦྱིན་སྲེག་བླུགས། དེ་ནས་ལག་མཆོད། ཚོགས་བྱིན་རླབས། ཚོགས་བཏང་། ཚོགས་ཕུད་འདས་གཏོར་དྲུང་དུ་ཕུལ་ནས་གཏོར་བསྔོས་ཕྱག་བཞི་པ་མཚལ་མ་བཀྲ་ཤིས་བཅས་ཚོགས་དྲངས། ལྷག་མ་བསྡུས་ནས་ལྷག་མ་བཏང་། རྗེས་ཆོག་མཆོད་པ་བྱིན་རླབས་མཆོད་བསྟོད། ཡིག་བརྒྱ། བཟོད་གསོལ་བཀྲ་ཤིས་བཅས་དཀྱུས་ལྟར་རོ། །སྒྲུབ་མཆོད་སྐབས་གྲོལ་ཉིན་བར་གཤེགས་བསྡུ་མི་ཉན། གྲོལ་ཉིན་རྡུལ་ཚོན་གྱི་ཡེ་ཤེས་པ་སྐུ་གསུང་ཐུགས་རྟེན་ལ་བསྟིམ། དམ་ཚིག་པ་རང་ལ་བསྡུ་བ་སོགས་དང་། ཕྱི་ནང་སྔ་བར་འཚོགས་ལ་བདེ་མཆོག་བདག་བསྐྱེད། བུམ་བསྐྱེད། འབྲུ་དྲི་ཡུངས་གསུམ་བྱིན་བརླབ་བྱ། མདུན་བསྐྱེད་ཕྱི་རོལ་པ། བདག་འཇུག་གི་སྐབས། གཟུགས་བརྙན་གསལ་བ་རྟེན་རྣམས་ནི་ཞེས་ཚིག་ཁ་བསྒྱུར་བ་ཚར་གསུམ། ཆོས་རྣམས་གཟུགས་བརྙན་བཅས་


SPN003_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་ནས་སྦྱང་བ། ཁྲུས། རྟེན་བསྐྱེད། ཕེཾ། སྙིང་གར་སོགས། མ་ལུས་སེམས་ཅན་སོགས། བཅོམ་ལྡན་འདི་ནི་མཆོད་པ་བྱིན་རླབས། མཆོག་གཙང་མ། རྐང་བརྒྱད་བསྟོད་པ་སྔར་བཞིན། སྙན་གསན་ཕབ་ལ། རྟེན་དགབ་པ་རྒྱས་བཏབ་པ་སོགས་དོར་ནས་རྐང་བརྒྱད་བསྟོད་པའི་ཚེ་ལས་རྡོར་གྱིས་སྤོས་དང་མེ་ཏོག་བཀྱེ། ཐམས་ཅད་ཡར་བཞེངས་ནས་གཟན་ཟླུམ་ཁྱེར་བྱས་ནས་ལག་ཏུ་མེ་ཏོག་བཅས་ཐལ་མོ་སྦྱར་ལ། འདི་ལྟར་བཅོམ་ལྡན་འདས་སོགས་ནས་གསོལ་བར་མེ་ཏོག་འཐོར་ཞིང་མཆོད་རོལ་བཅས་ཚར་གསུམ་མཐར། བྱོན་ནས་ཀྱང་། སོགས། གང་འདིར་སངས་རྒྱས་བཅོམ་ལྡན་སོགས། མཚམས་མཚམས་སུ་རོལ་མོ་དང་མེ་ཏོག་འཐོར། གྲལ་དུ་འཁོད་ནས། ༀ་ན་མོ་བྷ་ག་སོགས། ༀ་ཤྲི་བཛྲ་ཧེ་རུ་ཀ་སོགས་ནས། རཱུ་པི་ནི་ཡེའི་བར་བཟླས་པ་རྣམས་བཟླས། བཟླས་པའི་ཚེ་སེར་སྦྲེངས་ཀྱི་གྲབས་དང་། ངོ་མཚར་ཆེན་པོ་སོགས་འདོན། དེ་ཚེ་མེ་ཏོག་བཀྱེ། ངོ་མཚར་ཆེན་པོ་ཚར་ནས། ཐམས་ཅད་ཡར་བཞེངས་ནས་ཛཿཧཱུྃ་བྃ་ཧོཿ ཡེ་ཤེས་པ་དང་དམ་ཚིག་དབྱེར་མེད་གྱུར་སོགས་ནས་རྣམ་དག་གོ། །རོལ་མོ་འབེབས་གཅིག་བྱས་ནས་སླར་སུམ་བརྡུང་དལ་རན་གྱིས་སེར་ཕྲེང་གཤར། ན་མོ་བུདྡྷ་ཡ་


SPN003_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བརྗོད་ཅིང་ཕྱག་ནས་གང་དགོས་སར་འཐོར། སྤོས་སྣ། སློབ་དཔོན། མེ་ཏོག་གི་སྣོད་བཅས་ཁྱེར། ཚུར་འཁོར་བ་དང་། ཐམས་ཅད་རང་མལ་ནས་བཞེངས་ལ། ཕུན་སུམ་ཚོགས་པ་སོགས། གཞན་ཡང་བཀྲ་ཤིས་གང་རིགས་བརྗོད། མེ་ཏོག་འཐོར་ལ། མཐར་ཕྱོགས་བཅུའི་རྒྱལ་བ་སོགས་གྲལ་དུ་འཁོད་ནས། ཁར་སང་གི་མེ་ལོང་དེ་སློབ་དཔོན་མདུན་དུ་བཞག་ནས། དབང་རྒྱས་པའམ། བསྡུ་ན། བཅོམ་ལྡན་ཡབ་ཀྱི་གོ་སོགས་བུམ་པའི་དབང་རྟེན་ལ་བསྐུར། རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱུར་ཞེས་པའི་བར། རྟེན་གྱི་མེ་ལོང་དེ་ལ་དུང་ཆོས་ནང་གི་དྲི་བཟང་ཆུས་ཐིག་ལེ་བྱ་ཞིང་། ༀ་ཨཱཿཧཱུྃ། རྟེན་རྣམས་ཀྱི་སྤྱི་བོར་སོགས་འདོན། དེ་ནས་གསེར་གྱི་ཐུར་མས་སློབ་དཔོན་གྱིས་སྤྱན་དབྱེ་ཚུལ་བྱས་ལ། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སོགས་དང་། ཤེས་བྱ་ཐམས་ཅད་གཟིགས་པའི་སོགས། སྐུ་ཞབས་ནས་སྤྱན་དབྱེ། ཞལ་ཕྱེ་སོགས་འོག་ནས་འབྱུང་བ་རྣམས་འདིར་བྱས་ན་རུང་ཡང་། སྤྱན་དབྱེ་བྱས་པས་འཐུས་པ་ཡིན་གསུངས། སློབ་དཔོན་གྱིས་རྟེན་ལ་རྡོ་རྗེས་རེག་ཅིང་། ཕྱོགས་བཅུ་ན་བཞུགས་པའི་སོགས་ནས་གྱུར། ཞེས་པའི་བར་བརྗོད།


SPN003_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྟེན་ཞལ་བསྒྱུར་ལ། མགོན་པོ་བསྐལ་པ་སོགས་དྲིལ་གསིལ་བཅས། བཅོམ་ལྡན་འཁོར་ལོ་སྡོམ་པའི་སོགས་བརྗོད། དེ་སྐབས་མཆོད་དཔོན་པས་རྟེན་གྱི་དྲུང་མཆོད་པ་ཆུ་བཞི་བཅས་ཆ་གཅིག་བཤམས། བསངས་སྦྱངས་བྱིན་རླབས་གཞུང་ལྟར་འཇིག་རྟེན་ཁམས་འདིར་སོགས། མཆོད་ཡོན། འཇིག་རྟེན་ཁམས་སོགས། ཞབས་བསིལ། ཨ་ཙ་མ་ནཾ། འཇིག་རྟེན། བསང་གཏོར། པྲོཀྵ་ན། འཇིག་རྟེན། ཞབས་བསིལ། པདྱཾ་སོགས་སྦྱར། དེ་འཕྲོས་གཞུང་ལྟར་མཐར་མཆོད་རོལ་བྱ། རྡོ་རྗེ་སེམས་དཔའ་བསྡུས་པ་ན་སོགས་གདངས་འཐེན། བདེ་བར་གཤེགས་པ་ཐམས་ཅད་སོགས། རིན་ཆེན་གདུགས་དང་སོགས། ཁ་དོག་མ། ཤབྡའི་བར་སྐབས་རྔ་རོལ་བཅས་ཀྱི་མཚམས་རྒྱག །དེ་ལས་གཞན་ཡང་སོགས་མཆོད་རོལ། སེམས་ཅན་རྣམས་ལ་བརྩེ་བ་སོགས། དྲིལ་གསིལ་དང་རོལ་མོ། དཀོན་མཆོག་རྗེས་དྲན་འདོན་ཞིང་། བསྟོད་པའི་དྲིལ་གསིལ་འགེབ་གདངས་དང་བཅས་པས། གང་གི་དྲིན་སོགས་རོལ་མོ། དེ་ནས་མངའ་དབུལ་བའི་ཙཀླི་རྣམས་སྣོད་ནང་དུ་ནས་བླུགས་པའི་ནང་དུ་བཞག་པ། མཆོད་དཔོན་པས་ལག་ཏུ་རང་རང་ཚིག་དོན་ལྟར་གྱི་མ་ནོར་བར་འཛིན་ལ་


SPN003_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་དྲུང་དུ་རིམ་བཞིན་དབུལ། མཎྜལ་བཟུང་ལ། ས་གཞི་སྤོས་ཆུ་སོགས། ཁྲུས་ཆལ་བཟུང་ལ་སྟོང་གསུམ་ཀུན་སོགས། ན་བཟའ་བཟུང་ལ་སྣ་ཚོགས་དབང་པོ་སོགས་དང་། དེ་ནས་ཀྱང་གོ་རིམ་བཞིན་ཙཀླི་མ་ནོར་བར། མི་དབང་རིན་ཆེན་སོགས། ཐེག་མཆོག་བླ་བྲེ་སོགས། ལྷ་མི་དབང་པོ་སོགས། གཟུགས་སྒྲ་དྲི་རོ་སོགས། ལྔ་ཕྲག་ལྔ། རྒྱལ་བ་མགོན་པོ་སོགས། རིན་ཆེན་དུ་མའི་སོགས་མཆོད་རོལ། དེ་ནས་མངའ་དབུལ་རྣམས་རིམ་བཞིན། ཉེ་རིང་མི་མངའ་སོགས་དང་། རོལ་མོ། འདི་ཕྱིན་ཀུན་ལ་མཚམས་སུ་རོལ་མོ་དགོས། རྒྱལ་བའི་དབུ་སྐྲ་སོགས། བདེ་གཤེགས་སྡུག་བསྔལ་སོགས། སྲོག་ཤིང་སོགས་ནས་གདན་གྱི་བར་མཆོད་རྟེན་གྱི་མངའ་དབུལ་ཕུལ། རིན་ཆེན་དུ་མ་སོགས་གླེགས་བམ་ནང་གླེགས་ཐག་བར་གྱི་མངའ་དབུལ་ཕུལ། རོལ་མོ། དེ་ནས་ལག་མཆོད་ཚོགས་བྱིན་རླབས། ཚོགས། དེ་ལྟར་འབད་བར་འདོན་ལ། དེ་ནས་འོ་ཐུག་སྒྲུབ་པ་ནི། སྦྱིན་སྲེག་ཐབ་ནང་དུ། ལྕགས་སྒྱེད་ཀྱི་སྟེང་རྫ་སོ་མ་དཀར་རྩི་བྱུགས་ལ་བཀྲ་ཤིས་རྟགས་བརྒྱད་བྲིས་པ་བཙུགས་ལ། ནང་དུ་འོ་མ། འབྲས་བླུག །ཀ་ར་དང་སྦྲང་བཏབ་ལ། དགེ་སློང་ཞིག་


SPN003_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཞྭ་ཁྲ་ཆོས་གོས་གྱོན་ནས་བསྐོལ། སྦྱིན་སྲེག་ཚར་ནས་རྩ་རིའི་བཟའ་བ་ལ་སོགས་ཕུད་དང་། འོ་ཐུག་བྲན་ནས། ན་མཿསརྦ་སོགས། ཚར་གཅིག །ཞལ་ཟས་རོ་བརྒྱ་སོགས། ཞལ་ཟས་རྟེན་གྱི་དྲུང་དུ་ཕུལ། རོལ་མོ། དེ་ནས་འོ་ཐུག་དྲངས། དེ་ནས་རྟེན་ལ་གཟུངས་ཐག་བཏགས་ནས། ན་མ་བུདྡྷ་ཡཱ་སོགས། ཡེ་དྷརྨ་སོགས་ཉེར་གཅིག །སུ་པྲ་ཏིཥྛ་སོགས་ཉེར་གཅིག །ༀ་ཧཱུྃ་ཏྲཱྃ་སོགས་ཉེར་གཅིག་རེ་བཟླས། བཀྲ་ཤིས་ཁ་ཤས་བརྗོད། མེ་ཏོག་འཐོར། དེ་ནས་བདེ་མཆོག་གི་འདས་གཏོར། གཏོར་བསྔོས་འབུལ། ཕྱག་བཞི་པ་གཞུང་ལྟར་འདོན། མཚལ་མ་མངོན་རྟོགས་སྤྱན་འདྲེན་སོགས་བཀྲ་ཤིས་བར་དཀྱུས་ལྟར། དེ་ནས་ཚོགས་ལ་ལོངས་སྤྱོད། ལྷག་མ་རྗེས་ཆོག་བཀྲ་ཤིས་བཅས་རྣམས་ནུབ་སྔ་མ་བཞིན་བྱས་ལ། ཆོས་སྐྱོང་གི་རྟེན་གཏོར་དེ་སློབ་དཔོན་གྱི་དྲུང་དུ་བཏེགས་ལ། ཆོས་སྐྱོང་བའི་སོགས་བརྗོད་ནས་རོལ་ཆེན་བཅས་རྟེན་གྱི་དྲུང་དུ་མར་ཞལ་གྱུ། གྲོལ་ཉིན་མཚལ་མ་དང་བཀྲ་ཤིས་ཚར་ནས་ཆོས་སྐྱོང་བསྒོ་བ་སོགས་ནས་གཞུང་བཞིན་བྱ། དེ་སྐབས་རྟེན་གྱི་དྲུང་དུ་མཆོད་པ་གསར་བཤམས་མེ་ཏོག་དམ་པ་སོགས་ཤོ་ལོ་ཀ་གསུམ། རོལ་མོ་བྱ། ཡིག་བརྒྱ་ཚར་གསུམ། རྫོགས་སངས་རྒྱས་


SPN003_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེ་ཡི་སྲས་སོགས་ཚར་གསུམ། དེ་ནས་ཡོན་བདག་བོས་ལ། ཁྱོད་ཀྱིས་ང་ལ་གང་གསོལ་སོགས། རྡོ་རྗེ་ལག་ཏུ་གཏད། དེ་ནས་ཡོན་བདག་ཀུན་གྲལ་དུ་འཁོད་ནས། མེ་ལོང་ལས་རྡོར་གྱི་ལག་པ་དར་སོགས་རྟེན་ཁེབས་ཀྱི་དགབ་པས་འཛིན་ལ། དབུ་མཛད་པས་སྔོན་ཡང་དག་པར་སོགས་ནས་དཀྱུས་ལྟར་རོ། །མཚམས་སུ་རོལ་མོ། དང་པོ་རྫས་དེ་རྟེན་གྱི་དྲུང་དུ་འབུལ་ཚུལ། དེ་ནས་སློབ་དཔོན་གྱིས་རེག །དེ་ནས་ཡོན་བདག་གིས་རེག་ལ་སྦྱིན་བདག་གི་མདུན་སྟེགས་ཀྱི་ཁར་བཞག་པའམ། རྟེན་གྱི་དྲུང་གང་བདེར་བཞག་ནའང་ཆོག །ཀུན་ལ་འགྲེ། བཀྲ་ཤིས་གང་ཞིག །ལྷ་རྫས་ལས་བྱས་སོགས། དེ་རྣམས་ཐམས་ཅད་ལ་བར་བར་དུ་མཆོད་རོལ། དེ་ནས་ཚོགས་ལ་རོལ་ནས་བཀྲ་ཤིས་ནི། སྟོན་མཆོག་དམ་པ་དང་། དུས་གསུམ་སངས་རྒྱས་སོགས། བཀྲ་ཤིས་བཀའ་རྒྱ་མ་བརྗོད། བདེན་གྲུབ་མ་གྱེར། ལྷག་མ་བཏང་། རྗེས་ཆོག་བཀྲ་ཤིས་བཅས་གཞུང་ལྟར་བྱས་པས་འགྲུབ་པ་ཡིན། །བུམ་པའི་ནང་དུ་བླུག་རྒྱུ་དྲི་བཟང་གི་ཆུ། རིན་པོ་ཆེའི་སྣོད་ཀྱི་ནང་དུ། སུག་སྨེལ། ཤིང་ཚྭ། སྤང་སྤོས། བ་ལེ་ཀ །ཙན་དན་དཀར་དམར་རྣམས་ཐུམ་པོ་


SPN003_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས། ཆུ་གཙང་ནི་བྲེ་ཕྱེད་བརྒྱད་བསྐོལ་བའི་གཞི་གསུམ་དུ་བསྡུས་པའི་ཆུ་ཡིན། དེ་ལྟར་མ་གྲུབ་ན་གུར་གུམ་སྦྱར། ཁྲུས་ཆལ་ནི། འོ་ཞོ་མར་སྦྲང་ཀ་ར་སྟེ་བདུད་རྩི་ལྔའོ། བ་དམར་ཟལ་གྱི་འོ་མ། ཞོ། མར། ལྕི་བ། གཅིན་ལྔ་ནི་བ་བྱུང་ལྔའོ། །དྲི་བཟང་ཀྱུ་རུ་རའི་ཕྱེ་མ་སོགས། དུར་ཝའི་སྤིར་ནི་དུར་བ་ཆུན་པོའོ། །ལར་རབ་གནས་གོང་བཤད་དེ་ཀ་ནི་ཉིན་གྲངས་སོགས་བྱ་བའི་འདོན་ལུགས་ལ། དེ་ལས་བསྡུས་པ་དངོས་སྟ་སྦྲེལ་མ་སོགས་ཉིན་གཅིག་གིས་ཚར་བ་བྱེད་ན། དང་པོ་ཡོ་བྱད་སོགས་བཤམས་པ་ནས་སྙན་གསན་དབབ་པ་ཡན་སྟ་གོན་སྐབས་ལྟར་དཀྱུས་བཞིན་བྱས་ལ། རྒྱས་གདབ་པ་དང་རྟེན་དགབ་པ་དོར་བས། དངོས་གཞི་དྲུག་གི་དང་པོ་ནས་བཟུང་འདི་ལྟར་སོགས་ནས། རྟེན་ཞལ་བསྒྱུར་བའི་ནང་གི། མཆོད་པ་ཤབྡའི་བར། དེ་ནས་ཇི་ལྟར་འཇམ་དབྱངས་ལ་སོགས་པས་མཆོད། བསྟོད་པ་ནི། དཀོན་མཆོག་སྤྱི་བསྟོད། སེམས་བརྩེ་མ་དང་དཀོན་མཆོག་རྗེས་དྲན་ཙམ་གྱི་རྗེས། ཆོ་གའི་གཞུང་གང་ཡིན་དེ་ཉིད་དང་དཀྱིལ་འཁོར་པ་ལ་སོགས་པའི་གཏོར་མ་སོ་སོའི་ཆོ་གས་འབུལ་ཞིང་། དེ་ནས་ཆོས་སྐྱོང་བགོ་བ་སོགས་རབ་གནས་དང་དཀྱིལ་


SPN003_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་རྗེས་ཆོག་རྣམས་གོང་བཤད་དང་འདྲ་བ་ཡིན། སྙན་གསན་དབབ་པའི་སྐབས་ནང་པར་ཞེས་པ་ལ་ད་ལྟ་ཞེས་འདོན་པ་བསྒྱུར། རབ་གནས་ཀྱི་ཆོ་གའི་འདོན་འགྲིགས་ཕྱག་ལེན་དང་བཅས་པ་འདི། རྗེ་ཉིད་ཀྱི་ཕྱག་ལེན་དང་ཞལ་ཁྲིད་ཇི་ལྟ་བ་བཞིན་བྲིས་པ་ཡིན། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །སརྦ་མངྒ་ལམ། །

གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཟློག་མདོས་སྐབས་ཌཱ་དྲིལ་ཕྱག་རྒྱུན་ཟིན་ཐོ།


SPN003_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཟློག་མདོས་སྐབས་ཌཱ་དྲིལ་ཕྱག་རྒྱུན་ཟིན་ཐོ་ཡོད། ཉིན་དང་པོ། དཀར་གཏོར་ཧཱུྃ་སྟེང་གི་ལྷ་སོགས་ཤླ་ཽཀ་རེའི་མཚམས་དྲིལ་གསིལ། ཨ་ལ་ལ་དྲིལ་གསིལ་དང་བཅས་སིལ་སྙན་འུར་བརྡུང་སྐབས་ཌཱ་དྲིལ། རྐང་དུང་མེད། བགེགས་གཏོར་ན་མོ་དཀོན་མཆོག་ལ་འགུགས་པའི་རྒྱ་དང་དྲིལ་གསིལ་བཅས་ལན་གསུམ། ཉོན་ཅིག་སོགས་གོང་ལྟར་དྲིལ་གསིལ། སརྦ་བི་གྷནྣ་དྲིལ་གསིལ་རོལ་མོ་འུར་བརྡུང་བར་བཀྲོལ། རྐང་དུང་རོལ་མོ་འུར་བརྡུང་སྔོན་མ་དང་རྗེས་མ་ལ་འབུད། མཁའ་ལྟར་དག་གྱུར་ཅིག་མཐར་ཌཱ་དྲིལ། བྱིན་འབེབས་སྐྱེ་མེད་ཆོས་དབྱིངས་བཞི་མཚམས་དྲིལ་གསིལ། སིདྡྷི་ཛཿཧཱུྃ་མཐར་ཌཱ་དྲིལ། སྔོན་བསྐལ་མའི་འགོར་ཌཱ་དྲིལ། སྔོན་བསྐལ་ཚར་གསུམ་དང་། གནས་མཆོག་འདི་རུ་སོགས།


SPN003_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབྱིངས་བདེ་ཆེན་སོགས་ལའང་བཞི་མཚམས་དྲིལ་གསིལ། སྔགས་ལ་དྲིལ་གསིལ་དང་མཐར་རོལ་མོ་ཌཱ་དྲིལ། གྲོ་ལོད་སྤྱན་འདྲེན་སྔགས་དྲིལ་གསིལ་དང་རོལ་མོ་ཌཱ་དྲིལ། སྔགས་ལ་དྲིལ་བསིལ་དང་རོལ་མོ་ཌཱ་དྲིལ། གོང་འོག་ཐམས་ཅད་ཀྱི་བསྙེན་པ་རྣམས་ཀྱི་འགོར་རོལ་མོ་འུར་བརྡུང་སྐབས་རྐང་དུང་མི་དགོས་པར་ཁྱད་པར་ཡིན། མཁའ་འགྲོའི་སྤྱན་འདྲེན་སྔོན་མར་སྔགས་དྲིལ་གསིལ་དང་རོལ་མོ་ཌཱ་དྲིལ། སྤྱན་འདྲེན་གཉིས་པ་ཡང་དེ་མཚུངས། སྤྱན་འདྲེན་གསུམ་པར་ཡང་དེ་བཞིན། ཚོགས་ཀྱི་ནང་བླ་མ་ཡི་དམ་ནས་དཔོན་སློབ་དང་ལས་རྡོར་གཉིས་ཀས་རྡོར་དྲིལ་དང་འགུགས་པའི་རྒྱ་དྲིལ་གསིལ་འུར་བརྡུང་གསུམ་ཀ་དགོས། ད་ནི་སྣང་སྲིད་བཞི་མཚམས་དྲིལ་གསིལ་སྟངས་སྟབས་དང་བཅས། གདངས་འཐེན་སྐབས་ཀུན་བཟང་ཀློང་ཟེར་བའི་རོལ་མོ་ལྟེ་སྐོར་སྐབས། རྔ་གདངས་དང་བསྟུན་པའི་ཐིང་བརྡུང་དགོས། མཐར་སྔགས་དྲིལ་གསིལ་བཅས། ཞལ་བསྟབ་རྣམས་ལའང་བཞི་མཚམས་དྲིལ་གསིལ། མཐར་རོལ་མོ་དང་དྲིལ་གསིལ། ལས་མགོན་སྤྱན་འདྲེན་སྔགས་ལ་དྲིལ་གསིལ་དང་གཡབ་དར་གཡུགས། རོལ་མོ་དང་བསྟུན་ཌཱ་དྲིལ། བསྐུལ་ལོ་འབོད་


SPN003_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཐར་མ་ཧཱ་ཀཱ་ལ་སོགས་ཌཱ་དྲིལ། ཛམ་སེར་ཕྱིན་རྐང་དུང་མི་དགོས། ཤབྡ་ལ་དྲིལ་གསིལ། ཚེ་འགུགས་དང་། བཀྲ་ཤིས་ལ་ཤླཽ་ཀ་རེའི་མཚམས་དྲིལ་གསིལ། དབྱངས་གསལ་ཡིག་བརྒྱ་ལ་དྲིལ་གསིལ། ཡེ་ཤེས་ལྷ་ཚོགས་མཐར་ཌཱ་དྲིལ། མ་མགོན་གཏོར་བསྔོས་ལ། རོལ་མོ་རྡུལ་སྤྲུགས་གསུམ་ལ་དྲིལ་གསིལ། དེ་ནས་རོལ་ཆེན་ཌཱ་དྲིལ། ཨ་ལས་ཐོད་པ་ཧཱུྃ་ཡིག་འདོན་ན་ཌཱ་དྲིལ། བདེར་གཤེགས་འདུས་པ་སོགས་དང་ཁོར་ཡུག་བཅས་པའི་མཐར་དྲིལ་གསིལ་གཉིས། ཤབྡ་ལ་དྲིལ་གསིལ། ཞིང་སྐྱོང་ཆེན་པོ་བཞི་མཚམས་དྲིལ་གསིལ། གསོལ་ཀ་ནང་རྔ་འུར་དང་། མཚམས་རྒྱག་རྣམས་དང་བསྟུན་པའི་ཌཱ་དྲིལ། སྐོང་བར་ཌཱ་དྲིལ། བཀུག་གཞུག་དྲིལ་གསིལ་དང་རྦད་སྔགས་ཞབས་དྲིལ་གསིལ་བཅས། ཉིན་བཞིན་འདོན་ལུགས་ལའང་སྔ་མ་དང་འདྲ་ཞིང་། ཀུན་བཟང་ནང་། སྔགས་ལ་དྲིལ་གསིལ་དང་རོལ་མོ་ཌཱ་དྲིལ། འཁོར་འདས་ཡེ་སྟོང་མཐར་སྔགས་དྲིལ་གསིལ་དང་རོལ་མོ་ཌཱ་དྲིལ། རྩ་གསུམ་གཞན་རྣམས་ཀྱང་སྔ་མ་དང་མཚུངས། ཟློག་པའི་འགོར་རྐང་དུང་བཞི་འབུད། དེ་ནས་རོལ་ཆེན་བཅས། ཟླ་གམ་དམར་ནག་མཐའི་སྔགས་ལ་དྲིལ་གསིལ་དང་རོལ་མོ་ཌཱ་དྲིལ། གསོལ་ལོ་མཆོད་དོ་སྣང་


SPN003_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ལྷ་འདྲེའི་མཐར་རོལ་མོ་དང་དྲིལ་གསིལ་རྐྱང་པ། འགུག་གཞུག་གསུམ་ལ་དྲིལ་གསིལ། ཕུར་བསྐྱེད་སྔགས་ལ་དྲིལ་གསིལ། རྡོར་དྲིལ་འཛིན་བཞིན་ལྷ་དབྱེའི་མཐར་དྲིལ་གསིལ། འོ་དམ་ཉམས་རུ་ཏྲ་སོགས་ཕུར་གདབ་བཞི་མཚམས་དྲིལ་གསིལ། ལིངྒ་བསྒྲལ། གནས་སྤར་ཕཊ་རྣམས་ལ་དྲིལ་གསིལ། ཞལ་བསྟབ་ལའང་བཞི་མཚམས་དྲིལ་གསིལ། མཐར་རོལ་མོ་དང་དྲིལ་གསིལ། ཚར་གྲངས་གསོག་དུས་རོལ་མོ་རྐང་དུང་མཉམ་པ་ལས་ཟུར་དུ་མི་དགོས། ལས་མགོན་གཏོར་རྦད་ཚར་རྗེས་མའི་རོལ་ཆེན་འུར་བརྡུང་སྔོན་མ་དང་རྗེས་མ་ལ་རྐང་དུང་འབུད་ལུགས་དེ་ལྟར་དགོས། གཏོར་རྒྱག་ཉིན། གསེར་སྐྱེམས་རོལ་མོ་འབེབས་གཉིས་མར་དྲིལ་གསིལ་དེ་མཚུངས། སྐོང་བའི་ཐ་ཚིག་རྣམས་ལ་བཞི་མཚམས་དྲིལ་གསིལ་དང་། རོལ་མོ་འུར་རྡུང་ལ་དྲིལ་གསིལ། ཞལ་ཆེམས་ལས་འགྱེད་མཐར་རོལ་མོ་དྲིལ་གསིལ། བསྐུལ་ལོ་རྦད་མཐར་རོལ་མོ་དྲིལ་གསིལ། སེར་སྦྲེངས་བྱས་ན་གཡབ་དར་གཡབ། དྲིལ་གསིལ་དང་ཡི་དམ་མགོན་པོའི་སྔགས་རྣམས་འདོན་བཞིན་འགྲོ། དེ་ནས་དགུག་གཞུག་དང་གསེར་སྐྱེམས་ཟོར་འཕེན་རྣམས་རོལ་མོ་དང་བསྟུན་པའི་དྲིལ་གསིལ་བྱ། གཏོར་བྲོ་དང་། རྒྱལ་དབྱངས་རོལ་མོ་


SPN003_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྟུན་དྲིལ་གསིལ་གང་འོས། དངོས་གྲུབ་ལེན་དབང་བླ་མ་རིག་འཛིན་ཐོག་མཐར་རོལ་མོ་ཌཱ་དྲིལ། བར་མཚམས་སྔགས་རྣམས་ལའང་དྲིལ་གསིལ་བཅས། མེ་ཧོམ་སྐབས་རང་རིག་རྡོ་རྗེ་གྲོ་ལོད་མཐར། རོལ་མོ་ཌཱ་དྲིལ། སྤྱན་འདྲེན་སྔགས་དྲིལ་གསིལ་དང་རོལ་མོ་ཌཱ་དྲིལ། བཀུག་གཞུག་དང་ཞལ་ཕྱེའི་མཐར་ཡང་རོལ་མོ་དྲིལ་གསིལ། ལས་མགོན་སྤྱན་འདྲེན་སྔ་རྗེས་གཉིས་ལ་ཌཱ་དྲིལ། ཞལ་ཕྱེའི་མཐའ་ཡང་དྲིལ་གསིལ། ཡས་ཟོར་སྐབས་མདོས་བསྐྱེད་སྣང་སྲིད་འཁོར་འདས་མཐའི་སྔགས་རྣམས་དྲིལ་གསིལ་དང་། རོལ་མོ་ཌཱ་དྲིལ་བཀུག་བཞུག་རྣམས་དང་ཞལ་བསྟབ་རྣམས་ལ་དྲིལ་གསིལ་རེ། མ་ཧཱ་ཀཱ་ལའི་སྤྱན་འདྲེན་སྔགས་ཀྱི་སྐབས་དྲིལ་གསིལ་དང་། གཡབ་དར་གཡབ་རྒྱུ་སྔགས་བརྒྱ་རྩ་འདོན་རིང་ལ་དགོས། དེ་ཕྱིན་མི་དགོས། ཐལ་བརྡེབ་གང་དགོས་ཐམས་ཅད་ལ་བྱའོ། །གྲོལ་ཉིན་མདོས་སྒོ་དབྱེའི་མཐར་དྲིལ་གསིལ། གཞན་རྣམས་ཐམས་ཅད་ཟློག་པའི་སྐབས་དང་འདྲའོ། །ཞེས་སྔོན་གྱི་ཕྱག་ལེན་མཐོང་བ་བརྒྱུད་པ་ལས་བྱུང་བའི་དེ་ཚུལ་མ་ནོར་བར་རྩ་གསུམ་དགྱེས་པའི་རོལ་མོར་འགྱུར་བས། ཀུན་ནས་ངེས་པར་ཞུ། སརྦ་མངྒ་ལཾ། །

ཚེས་བཅུ་ལེའུ་བརྒྱད་མའི་ཌཱ་དྲིལ་བཀྲོལ་ལུགས་ཕྱག་ལེན།


SPN003_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཅུ་ལེའུ་བརྒྱད་མའི་ཌཱ་དྲིལ་བཀྲོལ་ལུགས་ཕྱག་ལེན་ཐོ་ཡོད། ས་བདག་ལྷ་ཀླུའི་མཐར་དྲིལ་གསིལ་རེ་དང་། རྗེས་མར་བྷཱུ་མི་པ་ཏི་སྦྲེལ་མའི་དྲིལ་གསིལ་རོལ་མོ་འུར་བརྡུང་ནས་དྲིལ་བུ་བཞག །མཆོད་སྔགས་ཤབྡ་ལ་ཌཱ་དྲིལ། སྤྱན་འདྲེན་བཛྲ་གུ་རུའི་ཛབ་དབྱངས་གསུམ་མཐར་རོལ་མོ་འབེབས་དང་བསྟུན་ཌཱ་དྲིལ། མཆོད་སྔགས་ཤབྡ་ལ་ཌཱ་དྲིལ། ཚོགས་དང་པོ་བར་པ་གཉིས་གདངས་མི་འཐེན་དུས་སོ་སོའི་མཐར་ཌཱ་དྲིལ་བྱ། ཚོགས་ཐ་མར་འགུག་གཞུག་ལ་སློབ་དཔོན་དང་ལས་རྡོར་བཅས་པས་དྲིལ་གསིལ་དང་། ཆེ་མཆོག་པདྨ་ཚིག་གཉིས་མཚམས་དྲིལ་གསིལ། སྔགས་མཐར་དྲིལ་གསིལ་བཅས། དུར་ཁྲོད་གསང་བ་མཆོག་ཌཱ་རུ་དབུ་མཛད་ཀྱིས་བཀྲོལ་བས་འཐུས་ཤིང་། མགོན་པོའི་གཏོར་བསྔོས་སྐབས་སྤྱན་འདྲེན་ཌཱ་དྲིལ། གསང་སྔགས་ནང་གཏོར་མཐའི་དྲིལ་གསིལ་རྣམས་དང་། མ་ནིང་སྤྱན་འདྲེན་ལ་ཌཱ་དྲིལ་མཆོད་སྔགས་ཤབྡ་ལ་དྲིལ་གསིལ། ཞིང་སྐྱོང་སྤྱན་འདྲེན་རོལ་མོ་འབེབས་གཉིས་དང་བསྟུན་པའི་ཌཱ་དྲིལ། བདུད་དམག་སྟོང་སྡེའི་མཐར་ཡང་ཌཱ་དྲིལ། མགོན་པོའི་སྐོང་བ་ཌཱ་དྲིལ། ཞིང་སྐྱོང་སྐོང་བ་ཌཱ་དྲིལ། དགུག་གཞུག་ལན་ལྔར་དྲིལ་གསིལ། སྔགས་


SPN003_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་དྲིལ་གསིལ། བཀྲ་ཤིས་ཚིག་བཞི་མཚམས་དྲིལ་གསིལ་རེ་དང་མཐར་ཌཱ་དྲིལ་བྱའོ། །དེ་ལྟར་ཕྱག་རྒྱུན་མ་འཕྱུག་པ་ལས་གཡས་ཆུང་ཅི་བྱུང་མི་མཛད་པར་ཞུ། །

དཔལ་ཡེ་ཤེས་མགོན་པོའི་དགུ་གཏོར་ཆེན་མོའི་སྐབས་ཀྱི་ཌཱ་དྲིལ་ཟིན་ཐོ།


SPN003_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་མགོན་པོའི་དགུ་གཏོར་ཆེན་མོའི་སྐབས་ཀྱི་ཌཱ་དྲིལ་ཟིན་ཐོ་བཞུགས། །ཐོག་མར་ཡི་དམ་ཕག་མོའི་སྐབས་ཌཱ་དྲིལ་མཐོང་རྒྱུན་སྤྱི་འགྲོ་རོལ་མོ་དང་བསྟུན་ཅིང་། ཚོགས་ཞིང་སྤྱན་འདྲེན། བཞུགས་གསོལ་ཕྱག་འཚལ་རྣམས་ལ་དྲིལ་གསིལ་དང་། ཕྱག་རྒྱ་དམིགས་བསལ་ནང་མཆོད་གཡོན་པའི་མཐེབ་སྲིན་གྱིས་འཐོར་ཞིང་། རྡོར་དྲིལ་འཛིན་བཞིན་འཁྱུད་རྒྱ་མཐར་སེ་གོལ། མགོན་པོའི་སྲུང་འཁོར་ནང་གི་འགུག་གཞུག་འདིས་མཚོན་བདེན་སྟོབས་བརྗོད་ས་གར་ཡོད་ལ་དྲིལ་གསིལ་རིགས་འགྲེའོ། །མངོན་རྟོགས་ནས་སྤྱན་འདྲེན་རོལ་མོ་རྡུལ་སྤྲུགས་གསུམ་ལ་དྲིལ་གསིལ་བཅས་དེ་ནས་ཌཱ་དྲིལ། མཆོད་པ་བྱིན་རླབས་མཐར་ཌཱ་དྲིལ། གསང་སྔགས་ནང་གཏོར་མཐའི་བདེར་གཤེགས་འདུས་པའི་དང་། ཁོར་ཡུག་བཅས་པའི་སྔགས་ལ་དྲིལ་གསིལ། །ཤབྡ་ལའང་དྲིལ་གསིལ། ཞིང་སྐྱོང་ཆེན་པོ་ཚིག་བཞི་མཚམས་དྲིལ་གསིལ། སྔགས་བདག་ནང་ཤབྡ་དྲིལ་གསིལ། མཁར་ནག་ཤབྡ་


SPN003_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་གསིལ། གསོལ་ཀ་དང་། སྐོང་བ་རོལ་མོ་དང་བསྟུན་ཌཱ་དྲིལ། སྟོང་པའི་ངང་ལས་མཆོད་པའི་རྫས་སོགས་དང་། རང་གི་ཐུགས་ཀ་སོགས་བསྒྲལ་ལས་སྐབས་སློབ་དཔོན་རྐྱང་པས་རོལ་མོ་འབེབས་རྣམས་ལ་དྲིལ་གསིལ། ཐམས་ཅད་གཟིགས་དང་། སྲས་མཆོག་རིགས་ཞལ་བསྟབ་རྣམས་ལ་ཚིག་བཞི་མཚམས་དྲིལ་གསིལ། འགུག་གཞུག་སྐབས་བླ་མ་ཐམས་ཅད་ནས་དྲིལ་གསིལ་དགོས། ལྷག་མའི་མཐར་རོལ་མོ་ཌཱ་དྲིལ་བཅས། འཕར་མ་རྒྱས་པ་འདོན་ཉིན་ཁྱད་པར་ནི། སྐབས་གསུམ་གྲོང་སྔགས་མཐར་རོལ་མོ་སུམ་བརྡུང་དེ་བསྟུན་ཌཱ་དྲིལ། ཞིང་སྐྱོང་ཆེན་པོའི་ཚིག་ཐམས་ཅད་དྲིལ་གསིལ་ཆེ་ཆུང་ཅན་བྱ། ལྷ་མོའི་གསོལ་ཀ་ལའང་ཌཱ་དྲིལ། ཕག་མོའི་ཚོགས་ལ་དྲིལ་གསིལ་རྣམས་དང་། རོལ་མོ་ཌཱ་དྲིལ། ལྷག་གདངས་སྐབས་ཐོག་མཐར་རོལ་མོ་དགུ་བ རྡུང་བཞིན་པའི་ཌཱ་དྲིལ་དང་བར་མཚམས་ལ་རྔ་ཚིག་ལྟར་ཌཱ་དྲིལ། མཆོད་སྔགས་མཐར་ཌཱ་དྲིལ། བསྟོད་པར་བཞི་མཚམས་དྲིལ་གསིལ། ཡིག་བརྒྱ་ལ་དྲིལ་གསིལ། བཀྲ་ཤིས་ལ་དྲིལ་གསིལ་མཐར་ཌཱ་དྲིལ་བཅས་བྱའོ། །དེ་ལྟར་སྔར་གྱི་ཕྱག་ལེན་མཐོང་བ་བརྒྱུད་པ་འདི་བཞིན་ཉམས་སུ་བསྟར་བ་ལས། སྔགས་བོན་གྲོང་ཆོག་མཁན་གྱི་སྤྱོད་འགྲོས་ནམ་ཡང་མི་འཚལ་ལོ། །ཤུ་བྷཾ། །

ཀར་གླིང་ཞི་ཁྲོ་ཚོགས་སྐབས་ཌཱ་དྲིལ་ཟིན་ཐོ།


SPN003_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་གླིང་ཞི་ཁྲོ་ཚོགས་སྐབས་ཌཱ་དྲིལ་ཟིན་ཐོ་ལ། དང་པོ་དཀར་གཏོར་ལམ་ཤབྡ་ལ་ཌཱ་དྲིལ། ལྷ་ཀླུ་སོགས་ཚིག་བཞི་མཚམས་དྲིལ་གསིལ་དང་། མཐར་ཌཱ་དྲིལ་བྱ། འགུགས་པའི་རྒྱ་དང་བཅས། ཕྱོགས་བཞི་མཚམས་བརྒྱད་ནས་ཊཱ་ཀི་ཧཱུྃ་ཛ་དྲིལ་གསིལ། ཤབྡ་ཌཱ་དྲིལ། ཉོན་ཅིག་སོགས་བཞི་མཚམས་དྲིལ་གསིལ། མཐར་དྲིལ་གསིལ་རོལ་མོ་འབེབས་དང་བསྟུན་པར་བྱ། མཆོད་པ་བྱིན་རླབས་ཤབྡ་ལ་ཌཱ་དྲིལ། སྤྱན་འདྲེན་སྐབས་རོལ་ཆེན་རྔ་ཚིག་རྣམས་དང་བསྒྲིག་ནས་ཌཱ་དྲིལ་དེར་མཐུན་དགོས་པ་ཁྱད་པར་དང་། གཤེགས་སུ་གསོལ་གྱི་མཐར་ཡང་ཌཱ་དྲིལ། སྡེ་བདུན་ནང་ཁྲམ་ལྟར་བསྐྱེད་ལ་ཌཱ་དྲིལ། བཤགས་བའི་མཐར་ག་ན་ཙཀྲ་སོགས་ལ་ཌཱ་དྲིལ། ཚོགས་ཀྱི་འགུག་གཞུག་ལ་དྲིལ་གསིལ་དང་། ཆོས་སྐུ་ཞི་བ་དང་། བླ་མ་ཀུན་བཟང་སོགས་ཚིག་གསུམ་མཚམས་དྲིལ་གསིལ་དང་། རོལ་ཞབས་དྲིལ་གསིལ། ཞི་སྐོང་རྣམ་ཤེས་ཕུང་པོ་སོགས་ལེ་ཚན་རྣམས་ཀྱང་མཐར་ཌཱ་དྲིལ། དྲག་སྐོང་མཐར་མཆོད་རོལ་དང་བསྟུན་པའི་ཌཱ་དྲིལ། ཕུར་པ་གདེངས་མཐར་རོལ་མོ་འབེབས་བསྟུན་ཌཱ་དྲིལ་བྱ།


SPN003_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདྲེན་སྐབས་འགུགས་པའི་རྒྱ་དང་བཅས། བདེན་སྟོབས་གསུམ་མཐར་དྲིལ་གསིལ། སངས་རྒྱས་མཐུ་སྟོབས་ནས་འགུགས་པའི་རྒྱ་བཅས་བཛྲ་ས་ཏྭ་སོགས་དྲིལ་གསིལ། གནས་སྤར་གྱི་དྲིལ་གསིལ། གཞན་དུ་དེངས་མཐར་དྲིལ་གསིལ། རང་ཉིད་ལྷ་ཡི་བཞི་མཚམས་དྲིལ་གསིལ་དང་མཐར་དྲིལ་གསིལ། ཁྲུས་དང་དུག་བཅོམ་བཞི་མཚམས་དྲིལ་གསིལ་དང་། སྔགས་རྣམས་ལའང་དྲིལ་གསིལ། བྱང་ཕྱག་སྐབས་ཀྱང་དྲིལ་གསིལ། གཏོར་མ་ཕྱིར་ཕུལ་སྐབས་དྲིལ་གསིལ། དུག་བཅོམ་ཁྲུས་དང་ས་བཅད་རྣམས་སོ་སོའི་སྔགས་ལ་དྲིལ་གསིལ། བུམ་དབང་སོགས་ལའང་མཚམས་སུ་དྲིལ་གསིལ། ཟས་བསྔོ་བའི་མཐའ་དྲིལ་གསིལ། གསུར་མཆོད་སྐབས་ཌཱ་དྲིལ། ཏིང་འཛིན་ཤུགས་དང་བྱང་བསྲེག་ལམ་སྟོན་སོགས་ལའང་ཚིག་བཞི་མཚམས་དྲིལ་གསིལ། ཕཊ་ནས་མཆོད་རོལ་ཌཱ་དྲིལ། ལྷག་མ་བར་མཚམས་འགུག་གཞུག་སྐབས་དྲིལ་གསིལ། བཀྲ་ཤིས་ཚིག་གཉིས་མཚམས་དྲིལ་གསིལ་དང་མཐར་ཌཱ་དྲིལ་བྱའོ། །དེ་ལྟར་ཕྱག་རྒྱུན་མཐོང་རྒྱུན་བཞིན་བཀོད་པ་སོར་གནས་པ་ཞིག་ལས་གང་མོས་བྱུང་རྒྱལ་གྱི་སྤྱོད་པ་མི་རིགས་པ་ངེས་པར་ཞུ། སརྦ་མདྒ་ལམ། །

པདྨ་བཛྲ་གྱི་ཌཱ་དྲིལ་ལ།


SPN003_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་བཛྲ་གྱི་ཌཱ་དྲིལ་ལ། ཉིན་དང་པོ་ཐིག་གདབ་དང་རྡུལ་ཚོན་བྱིན་རླབས་མཐར་ཌཱ་དྲིལ། བགེགས་གཏོར་ལ་འགུགས་པའི་རྒྱ་དང་དྲིལ་གསིལ་གསུམ་། ཨ་བ་ལོ་ཀི་ལ་མཆོད་སྤྱིན་རྒྱ། ག་ཏེ་བྷྱོ་ལ་ཕྱག་རྒྱ་སྤྱི་འགྲོ། ཉོན་ཅིག་ཚིག་བཞི་མཚམས་དྲིལ་གསིལ། ཕྱིར་དེངས་ཤིག་ནས་བཟུང་རོལ་མོ་འབེབས་སྔོན་མ་མ་རྫོགས་བར་དྲིལ་གསིལ། སྟེང་གི་ལྷ་བཞི་མཚམས་དྲིལ་གསིལ། འགྲུབ་པར་མཛོད་ནས་སྔགས་ལའང་དྲིལ་གསིལ། རོལ་མོ་སུམ་འཕར་ལ་ཌཱ་དྲིལ་རོལ་གདན་མཚམས་ནས་བཞག། སྐྱབས་འགྲོ་ལ་ཐལ་སྦྱར། ཡིག་བརྒྱ་པའི་མཐར་རོལ་མོ་འབེབས་ཆེན་དང་ཌཱ་དྲིལ། འོག་མིན་ཆོས་དབྱིངས་ཚིག་བཞི་མཚམས་དྲིལ་གསིལ་དང་མདའ་དར་གཡབ། མཐར་ཌཱ་དྲིལ། མདུན་བསྐྱེད་སྤྱན་འདྲེན་སྔགས་ལ་དྲིལ་གསིལ། མཐར་རོལ་མོ་དང་ཌཱ་དྲིལ། མདའ་དར་གཡབ་ཅིང་སྔོན་བསྐལ་མ་གདངས་ཀྱི་སྐབས་གཉིས་མཚམས། གདངས་ཐུང་དང་ཧྲུག་འདོན་ལ་བཞི་མཚམས་དྲིལ་གསིལ། འདི་རིགས་ཀུན་ལ་དགོས། རབ་འབྱམས་རྒྱལ་བ་ལའང་དེ་བཞིན་དང་། གདངས་འཐེན་སྐབས་སྔོན་བསྐལ་མའི་འགོར་ཞི་ཁྲོའི་སྤྱན་འདྲེན་རོལ་ཆེན་དང་བསྟུན་ཌཱ་


SPN003_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་འུར་བརྡུང་རྗེས་མའི་མཐའ་བར་བཀྲོལ། མཐར་སྔགས་དང་ཚིག་ལྷུག་ལ་དྲིལ་གསིལ། སླར་རོལ་ཆེན་སྐབས་ཌཱ་དྲིལ། ལར་དབྱངས་གདངས་རྫོགས་མཚམས་སོ་སོའི་རོལ་ཚིག་ལ་ཌཱ་དྲིལ་མི་བྱ་བར་འབེབས་ཀྱི་སྐབས་ནས་དཀྲོལ་དགོས། བཞུགས་གསོལ་དགྱེས་ཤིང་མི་གཡོ་ནས་ཕྱག་རྒྱ། རྗེ་བཙུན་པདྨ་དང་བཛྲ་གཉིས་ལ་ཐལ་སྦྱར་མཆོད་སྔགས་མཐར་ཌཱ་དྲིལ། བུམ་དཀྱིལ་སྤྱན་འདྲེན་སྔགས་ལ་དྲིལ་གསིལ་དང་། རོལ་ཆེན་སྐབས་ཌཱ་དྲིལ། ཧེ་རུ་ཀ་དཔལ་ནས་བཞུགས་སུ་གསོལ་བར་མདའ་དར་དྲིལ་གསིལ། བདག་དང་མཐའ་ཡས་མཚམས་གཉིས་ཐལ་སྦྱར། ཐོད་དཀྱིལ་སྤྱན་འདྲེན་རོལ་ཆེན་ཌཱ་དྲིལ། འོག་མིན་ཆོས་དབྱིངས་བཞུགས་སུ་གསོལ་བར་མདའ་དར་དྲིལ་གསིལ། བཞུགས་གསོལ་ཕྱག་རྒྱ། ཕྱག་འཚལ་བསྟོད་དང་པོ་ལ། ཐལ་སྦྱར། གསུང་དཀྱིལ་དེ་ལས་འོད་ཟེར་ཕྱིན་མདའ་དར་དྲིལ་གསིལ། བཞུགས་སུ་གསོལ་ལ་དང་པོ་ཕྱག་རྒྱ། རྟེན་ཆོས་ཤིག་ལ་ཐལ་སྦྱར། སྐུ་དང་ཐིག་ལེ་ཕྱག་རྒྱའི་དཀྱིལ་འཁོར་གསུམ་ཀར་ཌཱ་དྲིལ་རོལ་ཆེན་ལ་རྔ་ཚིག་དང་བསྟུན་པའི་ཌཱ་དྲིལ་སོ་སོར་དགོས། རིགས་ཀུན་ཁྱབ་བདག་ཡོངས་རྫོགས་ལ་ཐལ་མོ་སྦྱར། སྒྲའི་མཆོད་པའི་སྐབས་སུ། རྐང་


SPN003_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་སོགས་ཚིག་རྐང་གསུམ་ལ་ཌཱ་དྲིལ་བཀྲོལ། མངོན་གྱུར་ཤོག་ནས་ཌཱ་དྲིལ། ཐུགས་རྗེ་བརྩེ་བ་ནས། སྐྱེ་བའི་སྒོ་ཆོད་ཅིག་བར་ཐལ་སྦྱར། བཤགས་པ་ཚན་གསུམ་གར་ཐལ་སྦྱར། སྐོང་བཤགས་ཀྱི་འགོ་རྣམས་སུ་ཌཱ་དྲིལ་དང་། ཡོངས་རྫོགས་ཚར་མཚམས་སུ་ཨ་བྷིའི་མཐར་ཌཱ་དྲིལ། ཚོགས་ཀྱི་སྨོན་ལམ་ལ་ཐལ་སྦྱར། བླ་མ་རིག་འཛིན་ལ་ཐལ་སྦྱར་དང་སྔགས་རྣམས་དྲིལ་གསིལ་གྱིས་ཀཱ་ཡ་ཨ་བྷི་སོགས་ཀྱིས་བུམ་པ་གནས་བཞིར་གཏུག་ཅིང་བུམ་ཆུ་བཏུང་། ཀཱ་ཡ་བཛྲ་སོགས་ཀྱིས་སྒྲུབ་དཀྱིལ་པོ་ཏི་མགྲིན་པར་གཏུག། ཀྲོ་ཏ་རཱ་ཛ་ནས་ཙཀླི་རྣམས་སྙིང་ཁར་གཏུག །བཀྲ་ཤིས་མཐར་ཌཱ་དྲིལ་བྱའོ། །གནས་འདྲེན་སྐབས་ཚོགས་ཀྱི་སྨོན་ལམ་ཚར་མཚམས་སུ་གསོལ་འདེབས་ཆོས་དབྱིངས་རང་བྱུང་མ་ཐལ་སྦྱར། དེ་ནས་ཛཿཧཱུྃ་སོགས་འགུགས་པའི་རྒྱ་དང་དྲིལ་གསིལ་རེ། ང་ནི་པདྨ་གཉིས་མཚམས་དྲིལ་གསིལ། དེངས་ཤིག་ནས་རོལ་མོ་འབེབས་བསྟུན་དྲིལ་གསིལ། ཡང་ང་ནི་པདྨ་སོགས་གཉིས་མཚམས་དྲིལ་གསིལ། རྡུལ་དུ་རློག་ནས་དྲིལ་གསིལ་རོལ་མོ་འབེབས་བསྟུན། འདི་ནི་པདྨ་སོགས་གཉིས་མཚམས་དྲིལ་གསིལ། རྡུལ་དུ་རློག་ནས་དྲིལ་གསིལ་རོལ་མོ་འབེབས་བསྟུན། འདི་ནི་པདྨ་སོགས་ལ་སྔགས་གང་ཡོད་ལ་


SPN003_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་གསིལ། དུས་གསུམ་སངས་རྒྱས་བཞི་མཚམས་དྲིལ་གསིལ། མཐར་ཡང་དྲིལ་གསིལ་དང་སྔགས་བརྗོད་དགོས། གནས་སྤར་སྐབས་ཚིག་མཚམས་རྣམས་དྲིལ་གསིལ་མཐར་ཞི་རོལ་དང་ཌཱ་དྲིལ། འདོད་ཡོན་བསྔོ་སྐབས་གྲག་སྟོང་སྒྲ་སྙན་མཐའི་སངས་རྒྱས་ཤོག་ལ་ཌཱ་དྲིལ། དབྱེར་མེད་ཤོག་ནས་ཀྱང་ཌཱ་དྲིལ། ལམ་བསྟན་སྐབས་རྡོར་དྲིལ་འཛིན་བཞིན་ཐལ་སྦྱར་དང་། བདག་དང་སེམས་ཅན་ཐམས་ཅད་ཕྱིན་ཆད་ཚིག་བཞི་མཚམས་དྲིལ་གསིལ། ཚེ་གཅིག་གྱུར་ནས་རོལ་མོ་དཀྲོལ་ཌཱ་དྲིལ་བྱ། །བྱང་བུ་བསྲེག་ཚེ་ཁྱོད་ཀྱི་མ་དག་ཕྱིན་ལའང་བཞི་མཚམས་དྲིལ་གསིལ། མཐར་སྔགས་བྱིན་གསུམ་སོ་སོར་ཚར་གསུམ་འདོན་ཚེ་དྲིལ་གསིལ་དང་བཅས་བྱང་བུར་བསྲེགས། མཐར་ཌཱ་དྲིལ་རོལ་མོ་དང་བསྟུན། སློབ་མ་དབང་བསྐུར་སྐོང་བཤགས་ཚར་ནས་བླ་མ་རིག་འཛིན་གྱིས་བདག་འཇུག་ལེན། སློབ་མ་འཚོགས་ནས། སྔོན་འགྲོ་ཚན་གཉིས་སྲུང་འཁོར་བཅས་རྔ་རོལ་ཉིན་ལྟར་དང་། སྒོ་དབྱེ་བའི་སྐབས་ཚིག་བཞི་མཚམས་དྲིལ་གསིལ། དཀྱིལ་འཁོར་མཐའི་མདའ་དར་བཞི་རིམ་པར་གཡབ་ཅིང་ལེན། དེས་ན་དཔོན་སློབ་མཉམ་འདོན་དགོས། སྤྱན་འདྲེན་སྔོན་བསྐལ་མ་ནས་ཁེངས་པར་གྱུར་བར་རྔ་རོལ་ཉིན་ལྟར་གྱིས་


SPN003_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་འདོན། མངའ་གསོལ་སྐབས་ཞི་རོལ་ཌཱ་དྲིལ། བཀྲ་ཤིས་མཉམ་འདོན་མཐར་ཌཱ་དྲིལ། བར་མཚམས་ཀྱི་དྲིལ་གསིལ་སྐབས་བསྟུན་འབྲེལ་ཆགས་པར་བྱའོ། །སརྦ་མདྒ་ལམ། །

ཡེ་ཤེས་ཀྱི་མགོན་པོ་རྡོ་རྗེ་བེར་ནག་ཅན་གྱི་དྲག་མདོས་དགྲ་ཆོས་སུ་གྲགས་པའི་མདོས་དཀྲིས་ཀྱི་ཟིན་བྲིས།


SPN003_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་མགོན་པོ་རྡོ་རྗེ་བེར་ནག་ཅན་གྱི་དྲག་མདོས་དགྲ་ཆོས་སུ་གྲགས་པའི་མདོས་དཀྲིས་ཀྱི་ཟིན་བྲིས་བཞུགས། །ན་མོཿ ཤྲཱི་མ་ཧཱ་ཀཱ་ལཱ་ཡ། སྲིད་པའི་དྲྭ་བ་ཡེ་ཤེས་འཁོར་ལོས་གཅོད། །སྡང་བའི་ཟུག་རྔུ་བྱམས་པའི་སྨན་གྱིས་བཅོས། །བདག་ཅག་རྣམས་ལ་ངུར་སྨྲིག་གར་རོལ་བ། །དཔལ་ལྡན་བླ་མ་མ་ཧཱ་ཀཱ་ལས་སྐྱོངས། །དེ་ལ་འདིར་དཔལ་ཡེ་ཤེས་ཀྱི་མགོན་པོ་རྡོ་རྗེ་བེར་ནག་པོ་ཅན་གྱི་དྲག་མདོས་དགྲ་ཆོས་སུ་གྲགས་པ་དགེ་འདུན་ཟུར་རིའི་ལུགས་གྱི་ཕྱག་སྲོལ་ལས་བྱུང་བ་མཐོང་བརྒྱུད་བར་མ་ཆད་པར་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཡབ་སྲས་ནས་བརྒྱུད་པ་རྣམས་རང་བློས་ཇི་ལྟར་དཔོག་པ་རེག་ཟིག་ཏུ་དགོད་པ་ལ་གསུམ་སྟེ། དང་པོ་ནི་སྟེགས་བུ་གྲུ་བཞི་པ་བང་རིམ་བཞིའི་སྟེང་དུ། གཏོར་ཞལ་གྱི་སྲོག་ཤིང་། འོག་ཏུ་གཏོར་སྟེགས་ལ་འཛུགས་རྒྱུ་ཕུར་བུ་མཐོ་ཕྱེད་དོ་སོགས་ཇི་ལྟར་འཚམས་ཡས་དང་། སྟེང་དུ་འཁོར་ཤིང་ཆ་ཕྲན་གཉིས་ཙམ་འཁོར་ལོའི་སྲབ་མཐུག་དང་བསྟུན་ནས།


SPN003_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་བརྙན་གྱི་སྲོག་ཤིང་དངོས་ལ་ཆ་ཆེན་བཅུ་གཅིག་པ། དེ་རྣམས་ཀྱི་སྦུ་གུ་ནི་སོ་སོའི་རྩིབས་དྲུག་ཏུ་འགྲོ་བ་ལས་ཟུར་དུ་སྦུ་གུ་ལ་ཆ་ཆེན་གཉིས་བཞག་དགོས་པ་མིན། མཆན། སྟེང་དུ་སྦུ་གུ་ཆ་ཆེན་གཉིས་དང་ལྡན་པ། དེའི་སྟེང་དུ་གདུགས་ཆེ་བའི་རྩིབས་ལ་འཕྲེད་རྒྱ་ཆ་ཆེན་བརྒྱད་དང་ལྡན་པ་ལ་རྩིབས་རྣམས་ཀྱི་སྣེར་གདུགས་ཤམ་ཆ་ཆེན་ལྔ་དང་ཆ་ཆུང་གསུམ་ཡོད་པ་ཕྱིར་གྱེད་ཀྱི་རྣམ་པ་བརྒྱད་འཛུགས། གདུགས་ཤམ་དེ་རྣམས་ཀྱི་འཕྲེད་རྒྱ་ཡང་ཆ་ཆེན་བཅུ་གཉིས་དང་ཆ་ཕྲན་གསུམ་ཙམ་འབྱུང་། ཐོད་གདན་ཆ་ཆེན་གཉིས་རེ་ཡོད་པ་བརྒྱད་ཅུང་ཟད་ཕྱིར་གྱེད་ཀྱི་རྣམ་པས་འཛུགས། །དེའི་སྟེང་དུ་ཙིཏྟ་ལ་མས་སྣེ་ཕུད་བུ་ཆ་ཆེན་གཉིས། སྣལ་འདུས་ཆ་ཆུང་གཉིས་ལྷག་ཙམ་དང་། ཡས་སྣེ་ཡང་སྣལ་འདུས་ཆ་ཆུང་གཉིས་ཙམ་ཡོད་པ། འཁོར་ཤིང་ཆ་ཕྲན་ཕྱེད་གཉིས་ཙམ་སྟེང་གི་གདུགས་འཁོར་གྱི་ལྟེ་བའི་སྲབ་མཐུག་དང་བསྟུན་དགོས། འདི་ལའང་སྦུ་གུ་ཆ་ཆེན་གཅིག་དང་ཆ་ཕྲན་གསུམ་འོང་དགོས། དེའི་བར་དུ་ཙིཏྟ་དངོས་ལ་ཆ་ཆེན་བརྒྱད་ཡོད་པ་ལ། འོག་ནས་ཆ་ཆེན་གཉིས་དང་ཆ་ཕྲན་གཅིག་གཞལ་མཚམས་ཐུར་མ་ཆ་ཆེན་བཞི་དང་ཆ་ཕྲན་གཅིག གདུགས་གཉིས་ཀའི་རྩིབས་ཀྱི་འཕྲེད་རྒྱ་ནི་ཕྱི་མཐར་ནས་ཕྱི་མཐར་གཞལ་བ་ཡིན། མཆན། ཡོད་པ་བརྒྱད་འཛུག་པ། དེའི་


SPN003_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་གདུགས་ཆུང་ལ་རྩིབས་ཀྱི་འཕྲེད་རྒྱ་ཆ་ཆེན་དྲུག་དང་ཆ་ཆུང་ཕྱེད་གཉིས་ཅུང་མེད་ཙམ། གདུགས་ཤམ་ཆ་ཆེན་གསུམ་དང་ཆ་ཕྲན་ཕྱེད་ཙམ་ཡོད་པ་བརྒྱད། འདིའི་གདུགས་ཤམ་དང་ཙིཏྟ་གདུགས་འོག་མའི་ཐོད་གདན་རྣམས་ཀྱི་སྣེ་མོ་བཅས་འཕྲེད་རྒྱ་མཉམ་པ་ཞིག་དགོས། དེའི་སྟེང་དུ་ཁྱུང་ཚང་ལ་མས་སྣེར་ཕུད་བུ་ཆ་ཆེན་གཅིག་དང་ཆ་ཕྲན་གསུམ། སྣལ་འདུས་ཆ་ཆུང་གཉིས་ལྷག་ཙམ། ཡས་སྣེར་སྣལ་འདུས་ཆ་ཆུང་གཉིས་ལྷག་ཙམ་དང་། དེའི་བར་དུ་ཁྱུང་ཚང་དངོས་ལ་ཆ་ཆེན་བདུན་ཡོད་པ་ལ། ཆ་ཕྲན་བདུན་རེའི་མཚམས་ན་ཐུར་མ་བཞི་རེ་འཛུག་པས་སྟེང་འོག་རིམ་གསུམ་ལ་ཁྱོན་ཐུར་མ་བཅུ་གཉིས་འབྱུང་། ཐུར་མ་དེ་རྣམས་ཀྱི་སྣེ་མོའང་སྟེང་འོག་གཉིས་པོ་མཚམས་དང་དབུས་མ་ཕྱོགས་སུ་བསྟན་དགོས། རིང་ཐུང་ནི་དབུས་མའི་ཐུར་མ་བཞི་ལ་ཆ་ཆེན་གསུམ་ཆ་ཕྲན་གསུམ་ཙམ་དགོས། སྟེང་འོག་གི་ཐུར་མ་བརྒྱད་པོ་ལ་དེ་ལས་ཆ་ཕྲན་ལྷག་ཙམ་ཐུང་ན་ལེགས། འདི་ལ་སྦུ་གུ་ཆ་ཆེན་གཉིས་ངེས་པར་དགོས། དེའི་སྟེང་དུ་དཔལ་བེའུ་ལ་ཆ་ཆེན་དྲུག་དང་ཆ་ཕྲན་རེ་ཡོད་པའི་ཐུར་མ་དྲུག་རེ་ཕན་ཚུན་བསྣོལ་བ་ལ་ཁྱོན་ཐུར་མ་བཅུ་གཉིས་དགོས། དེའི་སྟེང་དུ་ཟླ་བ་ལ་ལེབ་ཆགས་ཟླ་བ་གམ་པ་ལྟ་བུ་ཞིག་


SPN003_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྣེ་མོ་གཉིས་དང་ཕྱི་ནས་རིམ་བཞིན་རྩིབས་ཇི་ལྟར་འཚམས་པ་ཚུགས། དེའི་སྟེང་དུ་ཉི་མ་དང་ནོར་བུ་མིག་གསུམ་བཅས་པ་ལྟེ་བ་ཟླུམ་པོ་ལེབ་ཆགས་ལ་ཕྱི་ནས་ཐུར་མ་བརྒྱད་རེ་འཛུགས་དགོས་དཔལ་བེའུ། ཁྱུང་ཚང་། གདུགས་ཆུང་བའི་ཐོད་ར་བཅས་འཕྲེད་རྒྱ་མཉམ་པ་ཞིག་འོང་། གཉིས་པ་ནི། སྣལ་མ་ཇི་ལྟར་དཀྲི་པའི་ཚུལ་བཤད་པར་བྱའོ། །དེ་ལ་གདུགས་གཉིས་ཀྱི་ལྟེ་བ་ནི་རྩིབས་རྣམས་ཆ་གསུམ་རེར་བགོས་པའི་ལྟེ་བའི་ཕྱིར་ནས་ཆ་གཉིས་རེའི་མཚམས་བར་རྩིབས་རྣམས་རེ་རེ་བཞིན་སྣལ་མས་དཀྱུད་རྒྱབ་ནས་སྒོར་མོར་བསྐོར་ནས་འགྲོ་དགོས་པས་དེ་ཤེས་སླ། དེ་ནས་གདུགས་འོག་མའི་ཕྱིའི་ཆ་གཅིག་ལུས་པ་པདྨ་འདབ་བརྒྱད་འོང་དགོས་པས། དེ་ནི་རྩིབས་གང་ཡང་རུང་བ་ཞིག་ལ་རྩིབས་དང་པོ་ཞེས་ངོས་འཛིན། དེ་ནས་གཉིས་ནས་བརྒྱད་པའི་བར་མ་ནོར་བར་བྱས། རྩིབས་དང་པོ་ལ་སྣལ་མ་འདོགས་ནས། རྩིབས་གཉིས་པའི་སྟེང་ནས་སོང་། གསུམ་པ་ལ་དཀྱུད་གཅིག་རྒྱབ། བཞི་པའི་སྟེང་ནས་སོང་། ལྔ་པ་ལ་དཀྱུད་གཅིག་རྒྱབ། དྲུག་པའི་སྟེང་ནས་སོང་། བདུན་པ་ལ་དཀྱུད་གཅིག་རྒྱབ། བརྒྱད་པའི་སྟེང་ནས་སོང་། སླར་ཡང་དང་པོ་ལ་དཀྱུད་གཅིག་རྒྱབ། གཉིས་པ་ལའང་


SPN003_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱུད་གཅིག་རྒྱབ། གསུམ་པའི་སྟེང་ནས་སོང་། བཞི་པ་ལ་དཀྱུད་རྒྱབ་པ་རིགས་འགྲེས་ནས། བརྒྱད་པ་ལ་དཀྱུད་གཅིག་རྒྱབ། དང་པོའི་སྟེང་ནས་སོང་། གཉིས་པ་ལ་དཀྱུད་གཅིག་རྒྱབ། གསུམ་པ་ལ་དཀྱུད་གཅིག་རྒྱབ། བཞི་པའི་སྟེང་ནས་སོང་། ལྔ་པ་ལ་དཀྱུད་རྒྱབ་པ་རིགས་འགྲེས་པས་པད་འདབ་ཇི་ལྟ་བ་ཞིག་འོང་། གདུགས་སྟེང་མའི་རྩིབས་རྣམས་ནི། འཁོར་ལོ་རྩིབས་བརྒྱད་ཡོང་དགོས། དེ་ཡང་སྔ་མ་ལྟར་རྩིབས་གང་ཡང་རུང་བ། དང་པོར་བྱས་པའི་རྩིབས་དང་པོ་ལ་སྣལ་མ་འདོགས། གཉིས་པ་དང་། གསུམ་པའི་སྟེང་ནས་སོང་། བཞི་པ་ལ་དཀྱུད། ལྔ་པ་དང་དྲུག་པའི་སྟེང་ནས་སོང་། བདུན་པ་ལ་དཀྱུད། བརྒྱད་པ་དང་དང་པོའི་སྟེང་ནས་སོང་། གཉིས་པ་ལ་དཀྱུད་རྒྱབ་པ་སོང་། མདོར་ན་པད་འདབ་ནི་སྔ་མ་དང་སྟེང་མའི་སྣེ་འཕྲད་མཚམས་མ་གཏོགས་རྩིབས་རེ་རེ་བོར་བའི་སར་དཀྱུད་དགོས། འཕྲད་མཚམས་རྣམས་བོར་རྒྱུ་མེད། འཁོར་ལོ་ནི་རྩིབས་གཉིས་རེ་བོར་ནས་དཀྱུད་པ་མཐར་ཆགས་སུ་འགྲོ་ཆོག །གདུགས་ཤམ་ནི་ཆེ་ཆུང་གཉིས་ཀ་འདྲ་བར། རྩིབས་གང་ཡང་རུང་བ་དང་པོར་བྱས་པའི། བརྒྱད་པའི་བར་ངོས་ཟིན་པར་བྱ། དེ་ཡང་


SPN003_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཐུར་མ་རྣམས་རིང་ཐུང་སྙོམས་པར་ཆ་ལྔ་རེ་བགོས་པའི་བར་རྣམས་སུ་མཚན་མ་བྱས་པས་རྟགས་བཞི་འབྱུང། དེ་ནས་ཐུར་མ་དང་པོ་རྟགས་དང་པོ་ལ་སྣལ་མ་འདོགས། ཐུར་མ་གཉིས་པའི་རྟགས་གཉིས་པར་དཀྱུད། གསུམ་པའི་གསུམ་པར་དཀྱུད། བཞི་པའི་རྟགས་བཞི་པར་དཀྱུད་པའི་བར་གྱེན་དུ་ཡར་འགྲོ། ལྔ་པའི་རྟགས་བཞི་པའི་སྟེང་ནས་སོང་། དྲུག་པའི་རྟགས་བཞི་པར་དཀྱུད། བདུན་པའི་རྟགས་གསུམ་པར་དཀྱུད། བརྒྱད་པའི་རྟགས་གཉིས་པར་དཀྱུད། དང་པོའི་རྟགས་དང་པོར་དཀྱུད་བར་ཐུར་དུ་མར་སོང་། དེ་ནས་གཉིས་པའི་རྟགས་དང་པོར་དཀྱུད། གསུམ་པའི་གཉིས་པ་ནས། ལྔ་བའི་བཞི་པ་བར་གྱེན་དུ་ཡར་དཀྱུད། དྲུག་པའི་སྟེང་ནས། བདུན་པའི་བཞི་པ་ནས་མར་གཉིས་པའི་དང་པོ་བར་ཐུར་དུ་དཀྱུད། གསུམ་པའི་དང་པོའི་སྟེང་ནས་ཡར་དྲུག་པའི་བཞི་པ་བར་གྱེན་དུ་དཀྱུད། བདུན་པའི་བཞི་སྟེང་ནས་སོང་། བརྒྱད་པའི་བཞི་པ་ནས་མར། གསུམ་པའི་དང་པོ་བར་ཐུར་དུ་དཀྱུད། བཞི་པའི་དང་པོ་ནས་ཡར། བདུན་པའི་བཞི་པ་བར་གྱེན་དུ་དཀྱུད། བརྒྱད་པའི་བཞི་སྟེང་ནས། དང་པོའི་བཞི་པ་ནས་མར་གསུམ་པའི་དང་པོ་བར་ཐུར་དུ་དཀྱུད། བཞི་པའི་དང་པོ་ནས་


SPN003_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཡར། བརྒྱད་པའི་བཞི་པ་བར་གྱེན་དུ་དཀྱུད། དང་པོའི་བཞི་པའི་སྟེང་ནས་སོང་། གཉིས་པའི་བཞི་པ་ནས་མར། ལྔ་པའི་དང་པོ་བར་ཐུར་དུ་དཀྱུད། དྲུག་པའི་དང་པོ་ནས་ཡར། དང་པོའི་དང་པོ་བར་གྱེན་དུ་དཀྱུད། གཉིས་པའི་བཞི་སྟེང་ནས་སོང་། གསུམ་པའི་བཞི་པ་ནས་མར། དྲུག་པའི་དང་པོ་བར་ཐུར་དུ་དཀྱུད། བདུན་པའི་དང་པོ་ནས་ཡར། གཉིས་པའི་བཞི་པ་བར་གྱེན་དུ་དཀྱུད། གསུམ་པའི་བཞི་སྟེང་ནས་སོང་། བཞི་པའི་བཞི་པ་ནས་མར། བདུན་པའི་དང་པོ་བར་ཐུར་དུ་དཀྱུད། བརྒྱད་པའི་དང་པོ་ནས་ཡར། གསུམ་པའི་བཞི་པ་བར་གྱེན་དུ་དཀྱུད། བཞི་པའི་བཞི་སྟེང་ནས་སོང་། ལྔ་པའི་བཞི་པ་ནས་མར། བརྒྱད་པའི་དང་པོ་བར་ཐུར་དུ་དཀྱུད། དང་པོའི་དང་པོ་དཀྱུད་པས་སྣལ་མ་རྐྱང་འདེད་ཀྱི་བསྐོར་བ་གཅིག་འཁོར་བས། སྔ་མ་ལྟར་དང་པོའི་དང་པོ་ནས་གྱེན་དུ་འགྲོ་བ་སོགས་འགྲོ་ལུགས་གཅིག་པོ་དེས་འཐུས། ཐོད་གདན་ནི། རྩིབས་དང་པོ་ལ་སྣལ་མ་འདོགས། ཕྱི་ནས་དཀྲིས་སྐོར་གཅིག་བྱས། གཉིས་པ་ལ་དཀྱུད། ཡང་དཀྲིས་སྐོར་གཅིག་བྱས། གསུམ་པར་དཀྱུད། ཡང་དཀྲིས་སྐོར་ནས་བཞི་པས་ལྔ་བར་དཀྱུད་པར་སོགས་རིམ་གྱིས་


SPN003_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་བརྒྱད་པར་དཀྱུད་པའི་སར་སོང་ནས་དཀྲིས་བསྐོར་གྱིས་དང་པོར་དཀྱུད་པ་སོགས་སྔ་མ་ལྟར་བྱས་པས་ཤེས་སླ། ཙིཏྟ་ནི་འོག་གི་སྣལ་འདུས་ཀྱི་ཐེམ་ལ་སྣལ་མ་འདོགས་ནས། རྩིབས་གང་རུང་ཞིག་དང་པོར་བྱས་པའི་རྩིབས་དང་པོ་ལ་དཀྱུད་གཅིག་རྒྱབ། སྟེང་ནས་ལེན། རྩིབས་གཉིས་པར་དཀྱུད། འོག་ནས་ལེན། ཡང་དང་པོར་དཀྱུད་ནས་སྟེང་གི་སྲོག་ཤིང་གི་སྣལ་འདུས་སར་དཀྱུད། སླར་ཡང་རྩིབས་དང་པོ་ལ་དཀྱུད་ནས་འོག་གི་སྣལ་འདུས་སར་དཀྱུད། རྩིབས་གཉིས་པར་དཀྱུད། སྟེང་ནས་ལེན། གསུམ་པར་དཀྱུད། འོག་ནས་ལེན། ཡང་གཉིས་པར་དཀྱུད་ནས་སྟེང་གི་སྣལ་འདུས་མཚམས་སུ་དཀྱུད། སླར་ཡང་གཉིས་པར་དཀྱུད། འོག་གི་སྣལ་འདུས་མཚམས་སུ་དཀྱུད་ནས། རྩིབས་གསུམ་པར་དཀྱུད་ནས་སྟེང་དུ་ལེན་སོགས་སྔར་གྱི་འགྲོས་དེ་མ་ནོར་བར་རིམ་གྱིས་འདེད་པས་འཐུས། ཁྱུང་ཚང་ནི་དབུས་མའི་རྩིབས་གང་རེད་ཅིག་ཤར་ཕྱོགས་ཀྱི་རྩིབས་སུ་ངོས་འཛིན་པ་དེས་ལྷོ་ནུབ་བྱང་བཅས་ཤེས། དེས་སྟེང་འོག །རྩིབས་རྣམས་ཤར་ལྷོ་ཕྱོགས་མཚམས་སུ་བསྟན་པ་ཡང་མ་ནོར་བར་བརྟགས། དེ་ནས་འོག་གི་སྲོག་ཤིང་སྣལ་འདུས་སུ་སྣལ་མ་འདོགས་ནས་ཡར། འོག་གི་ཤར་ལྷོ་


SPN003_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་ལ་དཀྱུད་གཅིག །དེ་ནས་གྱེན་དུ་རིམ་བཞིན་དབུས་མའི་ཤར་གྱི་རྩིབས་ལས་དཀྱུད། སྟེང་མའི་བྱང་ཤར་གྱི་རྩིབས་ལ་དཀྱུད་གཅིག་བརྒྱབ་ནས་སྟེང་གི་སྲོག་ཤིང་གི་སྣལ་འདུས་མཚམས་དཀྱུད་གཅིག་ནས་ཕྱིར་འོང་། སྟེང་གི་བྱང་ཤར་གྱི་རྩིབས་ལ་དཀྱུད་གཅིག །དབུས་མའི་ཤར་རྩིབས་ལ་དཀྱུད་གཅིག །འོག་མའི་ཤར་ལྷོ་རྩིབས་ལ་དཀྱུད་ནས་འོག་གི་སྲོག་ཤིང་ལ་ཕྱི་དཀྱུད་བྱས་པ་སོགས་དོན་དུ་ནི་དང་པོ་འོག་ནས་གསེག་འགྲོས་ཀྱིས་གྱེན་དུ་སོང་། སླར་སྔོན་མའི་འགྲོས་ལྟར་ཐུར་དུ་གསེག་འགྲོས་ཀྱིས་ཕྱི་ནུད་བྱས་པ་ཡིན། དེ་བཞིན་དུ་བྱང་ཤར། འོག བྱང་། དབུས། ནུབ་བྱང་སྟེང་ནས་སྲོག་ཤིང་ལ་དཀྱུད་དེ་ཕྱིར་འགྲོས་ཀྱིས་ནུབ་བྱང་། བྱང་། བྱང་ཤར་ནས་སྲོག་ཤིང་ལ་ཕྱི་དཀྱུད་བྱས་པ་སོགས་རིམ་བཞིན་གོང་གིས་རིགས་འགྲེས་པས། མཐར་འོག་གི་ལྷོ་ནུབ་ཀྱི་རྩིབས་ནས་འོག་གི་སྲོག་ཤིང་ལ་ཕྱི་དཀྱུད་བྱས་པ་ཞིག་འོང་། ཡང་འོག་ནས་ཡར་ལྷོ་ནུབ་ཀྱི་རྩིབས་ལ་དཀྱུད་པས་བར་མའི་ནུབ་ཀྱི་རྩིབས་ལ་དཀྱུད། སྟེང་མའི་ནུབ་བྱང་གི་རྩིབས་ལ་དཀྱུད་ནས། སྲོག་ཤིང་ལ་དཀྱུད་དེ། སླར་ཡང་ཕྱི་འགྲོས་བྱས་པས། འོག་གི་ལྷོ་ནུབ་རྩིབས་ནས་མར་སྲོག་ཤིང་ལ་དཀྱུད་པ་ནས། ཡང་


SPN003_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་ནུབ་བྱང་། བྱང་ཤར་ནས་སྟེང་གི་སྲོག་ཤིང་ལ་དཀྱུད་པ་སོགས་སྔ་མས་རིགས་འགྲེས་ཏེ། མཐར་འོག་གི་ཤར་ལྷོ་ནས་མར་སྲོག་ཤིང་ལ་ཕྱི་དཀྱུད་བྱས་པ་ཞིག་འོང་། ཡང་ཡར་འོག་གི་བྱང་ཤར་རྩིབས་ལ་དཀྱུད་བྱས་སྟེང་ནས་ཐད་དུ། ནུབ་བྱང་། ལྷོ་ནུབ། ཤར་ལྷོའི་རྩིབས་རྣམས་ལ་དཀྱུད་རེ་རེ་བྱས་པ། ཡང་བྱང་ཤར་གྱི་རྩིབས་ལ་དཀྱུད་བྱས། འོག་ནས་ཐད་དུ། ཤར་ལྷོ། ལྷོ་ནུབ། ནུབ་བྱང་། བྱང་ཤར་རྩིབས་རེ་རེ་བཞིན་དཀྱུད་ནས་སླར་གྱེན་དུ་སོང་། བར་མའི་ཤར་གྱི་རྩིབས་ལ་དཀྱུད། སྟེང་ནས་ཐད་དུ། བྱང་། ནུབ། ལྷོ། ཤར་བང་རིམ་བཞིན་སྔར་ལྟར། དཀྱུད་ནས། ཡང་འོག་ཏུ་ཐད་ནས། ལྷོ། ནུབ་བྱང་། ཤར་བར་རྩིབས་རེ་རེ་བཞིན་སྔར་བཞིན་དཀྱུད་ནས་གྱེན་དུ་སོང། སྟེང་མའི་ཤར་ལྷོ་རྩིབས་ལ་དཀྱུད། སྟེང་ནས། ཐད་དུ། བྱང་ཤར། ནུབ་བྱང་། ལྷོ་ནུབ། ཤར་ལྷོའི་བར་རྩིབས་རེ་རེ་བཞིན་སྔར་བཞིན་དཀྱུད། འོག་ནས་ཐད་དུ། བྱང་ཤར། ནུབ་བྱང་། ལྷོ་ནུབ། ཤར་ལྷོ་བར་རྩིབས་རེ་རེ་བཞིན་དཀྱུད་ནས་གྱེན་དུ་སོང་སྲོག་ཤིང་ལ་དཀྱུད་གཅིག་བྱས་པས་སྣལ་འགྲོས་གཅིག་རྫོགས་པ་ཡིན། ད་ནི་སྣལ་འགྲོས་སྔ་མ་རྣམས་ལྟར་མ་ནོར་བར་འདེད་ཤེས་པར་འཚལ། དཔལ་བེའུ་ནི་ཕྱག་ལེན་མཐོང་བརྒྱུད་བཞིན་ལས་རེ་


SPN003_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་འདིར་བཤད་པའི་སྤྲོས་པ་བསྐྱུངས། ཉི་ཟླ་ནོར་བུ་རྣམས་ནི། འཁོར་ལོ་ལྟེ་བའི་རྩིབས་རེ་རེ་བཞིན་ཕྱི་ནས་དཀྱུད་རྒྱབ་པས་ཕྱི་ནང་གཉིས་ཀ་ལ་འགྲོ་དགོས། ཟླ་བ་ནི་ཆ་གང་བའི་ཕྱོགས་མ་གཏོགས་ཟད་པའི་ཕྱོགས་སུ་དཀྲི་མི་དགོས། སྣལ་མ་དེ་དག་གི་ཁ་དོག་ཀྱང་། ལྟེ་བར་ཚོན་གྱིས་མདོངས་ནས། དམར། སྔོ། སྐྱ་བོར་བཤད་ཀྱང་ཅི་མཛེས་བྱས་པས་འཐུས། ཉི་མ་དམར་སེར། ཟླ་བ་དཀར་པོ། དཔལ་བེའུ་ནི། ནང་ནས་རིམ་བཞིན། ནག སྔོ། དམར། སེར། ལྗང་། ཁྱུང་ཚང་སྔོ། ནག དམར། སེར། ལྗང་། ཙིཏྟ་ནང་ནས་རིམ་བཞིན། དཀར་པོ། རྩ་། ནག ཁྲག དམར། ཤ སེར། ཚིལ། ལྗང་བཅས། གདུགས་ཤམ་གཉིས། ནག དམར། སེར། ལྗང་། གདུགས་ཆེ་བའི་གོང་རྩིབས། ལྗང་། ནག དམར། དཀར། སེར། གདུགས་ཆུང་བའི་གོང་རྩིབས། སེར། དཀར། དམར། ནག ལྗང་། གདུགས་འོག་མའི་པདྨ་རྩིབས། ལྗང་། དཀར། དམར། སེར། ལྗང་། གདུགས་སྟེང་མའི་འཁོར་ལོའི་རྩིབས་ཀྱང་དེ་བཞིན་བྱེད་སྲོལ་འདུག །ཞར་བྱུང་ནམ་ཆུང་ཉེར་དགུ་དགོས་པ། གྱེན་སྲིད་ཆ་ཆེན་བཞི་དང་ཆ་ཕྲན་གཉིས།


SPN003_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གང་བདེ། འཕྲེད་དུ་ཆ་ཆེན་གཉིས། ཁ་དོག །ཤར་ཞི་བའི་ཤེལ་མིག་དཀར་པོ་གསུམ། ལྷོ་རྒྱས་པའི་གསེར་མིག་སེར་པོ་གསུམ། ནུབ་དབང་གི་མཚལ་མིག་དམར་པོ་གསུམ། བྱང་དྲག་པོའི་ལྗང་མིག་ལྗང་གུ་གསུམ། དྲེགས་པ་རྐྱ་གསུམ། ཕྱོགས་བཅུ་མགོན་པོ་རྒྱལ་ཆེན་བཞི་སོགས་རང་མདོག །རྩང་ཕུར་ཆ་ཆེན་བཞི་ལྷག་ཡོད་པ། ཕོ་གཙང་ནག་པོ་བརྒྱ་བརྒྱད། མོ་གཙང་དམར་པོ་བརྒྱ་བརྒྱད། འབུལ་རྩང་ཆ་ཆེན་གསུམ་ཙམ་ཡོད་པ་སུམ་བརྒྱ་ལྷག །ཟློག་བྱང་ནང་ངོས་བྷྱོ་ཟློག །ཕྱི་ཁྲམ་རིས་ཅན་བརྒྱ་བརྒྱད། མདའ། འཕང་། རྒྱངས་བུ་བཅུ་གསུམ་རེ་དགོས། གསུམ་པ་ལ། གཙོ་བོ་གཏོར་ནག་ཟུར་གསུམ་པ་ཟུར་གཅིག་ལ་ཞལ་བརྙན་ཁྲོས་རྔམས་དང་ལྡན་པ། ལོགས་གསུམ་ལ་དྲེགས་པ་རྐྱ་གསུམ་གྱི་དམར་གཏོར་གསུམ། ཕྱི་ནས་རིམ་བཞིན་ནག་པོ་ཡབ་ཡུམ་བརྒྱད་ལ་དམར་གཏོར་བརྒྱད། བང་རིམ་གཉིས་པར་ཕྱོགས་བཅུ་མགོན་པོ་ལ་དམར་གཏོར་བཅུ། གསུམ་པར་དྲེགས་པ་དོན་གཉིས་ལ་དམར་གཏོར་ཆེ་བ་བརྒྱད་ལ། འཁོར་བརྒྱད་རེས་བསྐོར་བ། བཞི་པར་མ་བདུན་སྲིང་བཞི་སོགས་ལ་ཁྲག་ཀོང་དོན་གཉིས། རྩང་རའི་ནང་དུ་རྒྱལ་ཆེན་ལ་དཀར་གཏོར་བཞི། དམག་


SPN003_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བཞི་ལ་ཁྲག་ཀོང་བཞི་དང་། གཞན་ཡང་མདོས་རྫས་ཀྱི་གཏོར་སྤར་ཡོད་རིགས་དགྲ་ཆོས་གཞུང་གི་ཡིག་ཆུང་ནས་འབྱུང་བ་ལྟར་བཤམས་དགོས། དེ་ནས་ཕོ་རྩང་གཡས་བསྐོར་དང་། མོ་རྩང་གཡོན་བསྐོར་གྱིས་འཁོར་བར་བྱ། ཕྱི་ནས་མགོ་ཕྲེང་དང་། གཅན་གཟིག་གཡང་ཤུན་སོགས་ཕྱག་བཞེས་ལྟར་དགོད་ནས། སྣལ་མ་སྔོ་དམར་གྱིས་དཀྲིས་པ་བཅས་ཞིབ་ཆ་མཐོང་རྒྱུན་ལྟར་དང་། གདུགས་རྩིབས་ནས་དཔལ་བེའུ་ཕྱིན་གྱི་རྩིབས་རྣམས་བྱ་སྤུས་བརྒྱན་ཅིང་། གདུགས་ཤམ་གཉིས་ཀྱི་རྩིབས་ཀྱི་བར་བར་དུ་དར་སྣ་ལྔས་བརྒྱན་པ་སོགས་ཕྱག་སྲོལ་མཐོང་བརྒྱུད་བཞིན་དུ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རྗེས་འཇུག་རྣམས་ལ་ཉེ་བར་མཁོ་བ་མཐོང་ནས་ཟླ་༡༡ ཚེས་༢༨དགེ་བར་ཡང་དབེན་ནས་སི་ཏུ་མིང་གིས་ཟིན་ཐོར་བཏབ་པ་འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྒྱལ་བའི་རྒྱུར་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡ། །

གསོ་སྦྱོང་གི་ཕྱག་ལེན་ཉུང་ངུ་རྣམ་གསལ།


SPN003_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྡོམ་པ་གསོ་ཞིང་ཉེས་ལྟུང་སྦྱོང་བའི་ཕྱིར། །ཆོས་སྒོར་ཞུགས་རྣམས་ཚུལ་འདིར་འབད་པར་སྤྲོ། །དེ་ལ་འདིར་ཉ་སྟོང་སོགས་གསོ་སྦྱོང་གི་ཉིན་སྟེགས་ཀྱི་ཁར་སྟོན་པ་མཆོག་གི་སྐུ་བརྙན། གཡས་གཡོན་


SPN003_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསུང་རབ་དང་། མཆོད་རྟེན་བཤམས་པའི་མདུན་མཆོད་པ་སྣ་ལྔ་གཙོས་ཇི་ལྟར་འབྱོར་པའི་མཆོད་པ་དང་། རྐང་གསུམ་ལ་གཞི་བདག་གི་དཀར་གཏོར་བཤམས། དེ་ནས་མཆོད་དཔོན་གྱིས་ཆོས་གོས་གྱོན། ཐོག་མར་གཎྜི་ལ་ཕྱག་གསུམ་ཐང་ཤད་མེད་འབུལ། གཟན་ཕབ་གཎྜིའི་ཡུ་བ་ཕྲག་པར་བཀལ་ནས། བརྡུང་ལུགས་ཤད་ཚ་ལན་གསུམ་དལ་བུས་བཤད་ནས། གཅིག་ནས་བཅོ་བརྒྱད་བར་ཇེ་ཆེར་བརྡུང་བ་དང་། བཅུ་དགུ་ནས་སོ་དྲུག་བར་ཇེ་ཆུང་ཐོག་ཏུ་རྒྱུད་གཅིག་དང་། རོབ་གསུམ་ཞེས་ཆེ་བརྡེག་བསྟུད་མ་གསུམ་གྱིས་འཇོག །སྒྲ་དང་བསྟུན་དགེ་སློང་རྣམས་གདིང་བ་ཆོས་གོས་ཕྲག་ཏུ་འཕེན། སྣམ་སྦྱར་བསྣམས་ཏེ་གཙུག་ལག་ཁང་དུ་འདུས་ནས། བསླབ་པ་རྒན་པ་རྣམས་གཡས་གྲལ་དང་། གཞོན་པ་རྣམས་གཡོན་གྲལ་གྱི་གདིང་བ་ཆེ་བའི་ཚད་ཅན་རྣམས་ཁུག་པ་རང་གི་གཡས་དང་རྒྱབ་ཏུ་སྟོན། མདུན་དང་གཡོན་ཕྱོགས་སུ་བཅད་ཁ་ཡོད་པ། ལེའུ་ཁ་གཡས་སུ་གྱུ་བ་བྱེད་ནས་བཏིང་། རྒྱུན་གདིང་ཆུང་ཚད་ཅན་རྣམས་ཁུག་པ་དང་ལེའུ་གཡས་སུ་སྟོན་ནས་བཏིང། ཆོས་གོས་གསོལ། སྣམ་སྦྱར་མདུན་དུ་བཞག །པུས་མོ་སར་བཙུགས། གཟན་ཕབ། ཐལ་མོ་བསྣོལ་ནས་གུས་འདུད་ཀྱིས་བཞུགས། གསོ་སྦྱོང་འདི་ལ་བཞུགས་ཚུལ་གྱི་ཀུན་སྤྱོད་མཐུན་པ་ཙམ་དུ་མ་ཟད། ཐམས་ཅད་ནས་བསམ་པ་རྣམ་པར་དག་པ་མཐུན་དགོས། དེ་ལས་ལྡོག་


SPN003_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལས་མི་ཆགས་པས་སླ་ཆོས་མི་མཛད་པ་གལ་ཆེ། ཚུལ་ཕྱག་དང་འདུད་ཕྱག་གི་ཁྱད་པར་ཡང་། མདོ་རྩ་བར་སོ་སོར་ཐར་པའི་སྡོམ་པས་མཆོག་ལ་རབ་ཏུ་བྱུང་བས་ཕྱག་བྱའོ། །མཉམ་ན་རྒན་པ་ལའོ། །ཞེས་དང་། ཁྱིམ་པས་རབ་ཏུ་བྱུང་བ་ལའོ། །ཐམས་ཅད་ཀྱིས་སངས་རྒྱས་ལའོ། །ཞེས་སོགས་རྒྱས་པར་གསུངས་པ་ལྟར། ཐམས་ཅད་ཀྱིས་དཀོན་མཆོག་ལ་དམིགས་ཚེ་ཕྱག་ལས་ཐང་ཤད་གཏན་ནས་མི་འོས་ཤིང་། བསླབ་པ་རྒན་པས་གཞོན་པ་ལ་ཐང་ཤད་དམ་ཚུལ་ཕྱག་ལས་འདུད་ཕྱག་མི་ཐོབ། གཞོན་པས་རྒན་པ་ལ་འདུད་ཕྱག་ལས་ཚུལ་ཕྱག་མི་འོས་པས་དེ་ལྟར་སོ་སོར་མ་འདྲེས་པ་ལས། ཕྱག་དང་ཐང་ཤད་ཆབས་ཅིག་མཛད་པ་འདི་གཞུང་དང་འགལ་ཚུལ་གོ་དགོས། དེ་ནས་ཐོག་མར་བྱང་འདྲེན་པས་བསྐུལ་ཏེ་སོ་ཐར་སྡོམ་རྒྱུན། ཟླ་བྲལ་ཐུབ་དབང་སོགས། ཉེ་བར་འཁོར་ལྟར་བག་ཡོད་ཤོག །ཅེས་ཆོས་ཁྲིམས་པས་སྣམ་སྦྱར་གསོལ་ནས་ཕྱག་གསུམ་བཙལ། ཐང་ཤད་མེད་མཆན། གཟན་ཕྲག་ཁྱེར། འགྲེང་འདུད་ཐལ་སྦྱར་བཅས། བསྟན་པ་རིན་པོ་ཆེན་པོའི་སོགས། མཁན་པོ་བཞུགས་ཚེ། མཁན་པོ་ཞེས་བརྗོད། གཞན་བསླབ་པ་བགྲེས་པ་ཡིན་ན། གནས་


SPN003_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་འདུལ་བ་འཛིན་པས་གཙོ་མཛད། ཅེས་སོ་སོར་སྐབས་ཕྱེད་པས་མདོ་བསྐུལ་འཕྲལ། འདུས་པ་ཐམས་ཅད་བཞེངས། སྣམ་སྦྱར་གསོལ། གཟན་ཟླུམ་ཁྱེར་བཅས་ཐལ་སྦྱར་གྱི་ཞལ་སྐུ་གཟུགས་ལ་ཕྱོགས་པར། བཅོམ་ལྡན་འདས་དེ་བཞིན་སོགས་དལ་བུས་བསྡེབས་འདོན་དུ་གསུངས། ཤླཽ་ཀ་རེར་གཟན་སྣེ་འབབས་པའི་གནས་པ་ལྔ་ས་ལ་གཏུགས་པའི་ཕྱག་རེ་རེ་འཚལ། ཡན་ལག་བདུན་པའང་ལྷུག་འདོན་དལ་བུས་ཕྱག་འོས་འཚམས་སུ་ཕུལ། ཕྱིར་བསྔོའོ། །ཞེས་སྔར་བཞིན་མར་བཞུགས་ནས། དཀོན་མཆོག་རྗེས་དྲན་སོགས་ནས། བདེ་བ་ཐོབ་པར་ཤོག་བར། དེ་ནས་ཐམས་ཅད་ཀྱིས་ཕྱག་གཡས་པུས་མོའི་སྟེང་དུ་མཆོག་སྦྱིན་དང་། གཡོན་སྙིང་གར་མཐེབ་མཛུབ་སྤྲད་པའི་སྐྱབས་སྦྱིན་མཛད་དེ། རང་རང་གི་སོགས་སེ་གོལ་ལག་གཡས་པ་ཁོ་ནས་ཁ་ཕྱིར་བསྒྱུར་དུ་བརྡེག །གཉུག་མར་སོགས། ཁཱ་ཧི་ནས་སྔར་ལྟར་ཐལ་མོ་བསྣོལ། དལ་བུས་འཇིག་རྟེན་བདེ་ཞིང་སོགས་ཀྱི་རྗེས། ཆོས་ཁྲིམས་པས་གང་ཞིག་མདོ་བསྐུལ་ནས་རང་གྲལ་དུ་འཁོད། མཁན་པོའམ། གནས་བརྟན་པ་ཁྲི་ཐོག་ཏུ་གདིང་བ་བཏིང་ནས་པུས་མོ་སར་ཕབ། ཞལ་


SPN003_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ལ་ཕྱོགས་ནས་གཟན་ཕབ་ཅིང་། ཐལ་མོ་བསྣོལ་ནས་གསུང་མགྱོགས་དལ་འཚམས་ཞིང་གསལ་དག་ཐོན་པས། གང་ཞིག་སོགས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཞེས་པའི་སྐབས་མཁན་པོ་སོགས་ཐམས་ཅད་ཀྱིས་ཕྱག་ཐལ་མོ་སྙིང་གར་སྦྱར་ཙམ་མཛད། སླར་ཐལ་མོ་བསྣོལ། འདི་སྐད་སོགས་མངོན་པར་བསྟོད་དོ། །མཁན་པོས་བསྐུལ་ཏེ། ཆོས་བཤད་པ་སོགས་དལ་བུས་བསྡེབས་འདོན། ཤོག་ཅེས་འདོན་པར་འཇོག །དེ་ནས་དགེ་ཚུལ་གྱི་ཡོངས་འབུལ་ནི། ཕྱོགས་འདིར་དགེ་སློང་ལས། དགེ་ཚུལ་དམིགས་བསལ་མེད་པས་ཆོ་གའང་མི་དགོས་ལ། དགེ་སློང་གི་ཕྱིར་བཅོས་དང་། བྱིན་རླབས་ལ། དང་པོ་བསླབ་པ་གཞོན་པས་གཡོན་གྲལ་པ་རྣམས་བཞེངས་ནས། གཡས་གྲལ་བགྲེས་པ་རྣམས་ལ་གཟན་ཕབ་བཅས་ཕྱག་གསུམ་ཕུལ། ཐང་ཤད་མེད་མཆན། གཟན་ཕྲག་ཁྱེར་འགྲེང་འདུད་བཅས་བསྡེབ་ཞུས་ཀྱིས་དགེ༵་གསོ༵ལ་བརྗོད། དེ་ནས་པུས་མོ་གཡས་པའི་ལྷ་ང་སར་ཕབས། རྐང་གཡོན་བབ་གཞོལ་གྱིས་བཙུགས་པའི་པུས་སྟེང་དུ་ཐལ་མོ་སྦྱར་བ་བསྣོལ་ཏེ་སར་བཞུགས། ཕྱིར་བཅོས་ལན་གསུམ་བསྡེབས་ཏེ་གསུངས།


SPN003_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོའམ། གནས་བརྟན་པ་གཅིག་པུས་མཐོ༵ང་སྡོ༵མ་ལན་གསུམ་དང་ཐ༵བས་ལེ༵གས་བྱ། ཡང་ཕྱག་གསུམ་འགྲེང་འདུད་ཐང་ཤད་མེད་མཆན་སོགས་གོང་ལྟར་བཞེངས་བཞིན། བཀའ་དྲིན་ཆེ་ཞུ་བ་དང། ལྟུང་བ་བྱིན་རླབས་ཀྱི་དགེ༵་གསོ༵ལ་ཞུ། དེ་འཕྲལ་གོང་བཞིན་སར་བཞུགས་ནས། བྱིན་རླབས་ལན་གསུམ་བསྡེབ་ཞུས། མཁན་པོས་ཐ༵བས་ལེ༵གས་བྱ། དེ་ནས་གཞོན་པ་རྣམས་རང་གྲལ་དུ་འཁོད་པར། མཁན་པོ་བཅས་གཡས་གྲལ་དགེ་སློང་རྒན་པ་ཚོས་ཚུལ་ཕྱག་གསུམ་རེ་འདུད་ཕྱག་མེད་མཆན་བཅས་ཀྱི་དགེ༵་གསོ༵ལ་སོགས་སྔ་མ་ལྟར་ལ། གཞོན་པ་རྣམས་ཀྱི་གྲལ་འགོའི་བསླབ་པ་བགྲེས་ཤོས་དེས། མཐོ༵ང་སྡོ༵མ་དང་ཐ༵བས་ལེ༵གས་བྱ། དེ་ནས་མཁན་པོ་རང་གྲལ་དུ་བཞུགས་བཞིན་དགེ་གསོལ་སྔོན་དུ་འགྲོ་བའི། ལྟུང་བ་ཐུན་མོང་པ་བྱིན་རླབས་དང་། གསོལ་བ་དང་གཉིས་ཀྱི་ལས་གྱིས་གནས་ལ་བློ་མཐུན་སོགས། དེ་དེ་བཞིན་ཏུ་འཛིན་ཏོ། །ཞེས་དང་། སོ་སོ་ཐར་པའི་མདོ་ལ། སོགས་ནས་གནས་པ་བདེ། ཚེ་དང་ལྡན་པ་དག་དབྱར་སོགས་ཟླ་བ་བརྗོད་ལུགས་གཞུང་གསལ་ལྟར་བསྒྱུར་ཤེས་པར་བྱེད། ཚེ་དང་ལྡན་པ་དག་དགའ་བ་སོགས་བརྗོད་པར་བྱའོ་བར། སྐབས་འདིར་འདུན་པ་འབུལ་དགོས་ཡོད་ཚེ། གསོ་སྦྱོང་གི་གོང་དུ་དགེ་སློང་འདུན་པ་ལེན་པ་པོས། ཆོས་གོས་གདིང་བ་བཅས། མཆིལ་ལྷམ་ཕུད་ནས་བླངས་


SPN003_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པ་ཡིན་བཞིན་དེ་ཉིད་ཀྱིས་རང་གྲལ་ནས་ཕྱག་གསུམ་འཚལ་ཐང་ཤད་མེད་ཏེ། གཟན་ཕྲག་ཁྱེར། འགྲེང་འདུད་བཅས་འདུན་པ་འབུལ་བའི་སྔགས་ཆོག་ལན་གཅིག་གིས་འཐུས། འདུན་པ་དགེ་སློང་གཉིས་གསུམ་བཞི་སོགས་འབུལ་མཁན་ཡོད་ཚེ། ལེན་པ་པོས་བསླབ་པ་རྒན་གཞོན་རིམ་བཞིན་སོ་སོར་བླངས། འབུལ་པ་པོས་ཀྱང་མཆིལ་ལྷམ་ཕུད། གདིང་བ་ཆོས་གོས་བཅས་སྔགས་ཆོག་དང་། ཕྱག་བཅས་དགོས་ཤིང་། ནད་པ་ཡིན་ཚེ་གདིང་ཆོས་སོགས་བསལ་བའི་བརྡ་ཙམ་གྱིས་ཆོག འདིར་འབུལ་དུས་གནས་འདིའི་ཉེ་འཁོར་ན་དགེ་སློང་སོགས་ནས། ཞེས་བགྱི་བ་ཡང་། བགྱི་བ་དག བགྱི་བ་རྣམས་སོགས། སྐབས་སུ་གང་བབ་པར་བསྒྱུར་ཤེས་དགོས། དེ་ནས་མཁན་པོས། ཤཱཀྱ་སེང་གེ་སོགས་ནས། འཛིན་ཏོ་དང་། ཐོས་བསྒྲགས་བཅས་མཐར། སོ་སོ་ཐར་པ་བཏོན་པ་སོགས། འདུས་པ་བཅས་བསྡེབས་ཏེ་གསུང་། ཇི་བཞིན་ནོ། །ཞེས་ཚོགས་གྲོལ་ཏེ། དེའང་གདེང་བ་བལྟེབས་ཏེ། གྲ་ཕྱིར་སློག ཕྲག་པ་གཡོན་དུ་བཀལ་བའི་ཁུག་པ་དཔུང་པར་སྟོན། བཅད་ཁ་


SPN003_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པར་བསྟན་ལེའུ་རྒྱབ་ཏུ་ཡོད་པའི་འགོ་མདུན་དུ་ཡོད་པ་དང་། དེ་སྟེང་ཆོས་གོས་བལྟེབས་ཏེ་གྲ་ཕྱིར་སློག་ཁུག་པ་དཔུང་པར་སྟོན། བཅད་ཁ་ལག་པར་ཕྱོགས་ཏེ། འགོ་མདུན་དུ་ཡོད་པ་བྱེད་ལ་བཞག་པའི་ཐོག་ཏུ་སྣམ་སྦྱར་སྒྲིལ་ཚལ་བཅས་འཇོག་ནས་ཀུན་སྤྱོད་དགེ་བའི་ངང་ནས་རང་གནས་སུ་བཞུད་དོ། །དེ་ལྟར་གསོ་སྦྱོང་གི་ཕྱག་ལེན་ཉུང་ངུ་རྣམ་གསལ་འདིའང་སྔོན་བྱོན་འདུལ་བ་འཛིན་པ་ཆེན་པོ་དག་གི་ལུགས་ལྟར་ལས་རང་བཟོའི་དྲི་མས་མ་གོས་པར། སི་ཏུ་པ་བསྟན་འཛིན་ཉིན་བྱེད་ཀྱིས་ཐ་སྐར་ཅན་གྱི་གྲལ་ཚེས་དགེ་བར་ཐུབ་བསྟན་ཆོས་འཁོར་གྱི་ཡང་དབེན་དུ་ཟིན་ཐོར་བཀོད་པ་རྒྱལ་བསྟན་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལམ། །།།

ཡན་ལག་བརྒྱད་པའི་གསོ་སྦྱོང་སྨྱུང་གནས་སྒྲུབ་ཐབས་དང་འབྲེལ་བའི་ཕན་ཡོན་མདོར་བསྡུས་སྐལ་ལྡན་ངལ་གསོ།


SPN003_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བརྒྱད་པའི་གསོ་སྦྱོང་སྨྱུང་གནས་སྒྲུབ་ཐབས་དང་འབྲེལ་བའི་ཕན་ཡོན་མདོར་བསྡུས་སྐལ་ལྡན་ངལ་གསོ་ཞེས་བྱ་བ་བཞུགས་སོ།།


SPN003_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། །རབ་འབྱམས་རྒྱལ་བ་སྲས་བཅས་སྐུ་དང་ཞིང་། །གཅིག་བསྡུས་ཐུགས་རྗེའི་ཡེ་ཤེས་ཚད་མེད་པས། །ནམ་མཁའ་ཇི་སྲིད་འཁོར་བ་དོང་ནས་སྤྲུག །ཕྱག་ན་པདྨས་བྱང་ཆུབ་བར་དུ་སྐྱོངས། །འཇིག་རྟེན་མགོན་པོ་སྙིགས་དུས་གདུལ་བྱའི་ངོར། །གང་འདུལ་སྐུར་བསྟན་དགེ་སློང་དཔལ་མོའི་ཞབས། །སྲོང་བཙན་ཀརྨ་ཀ་སོགས་རྩ་བ་དང་། །བརྒྱུད་པའི་བླ་མ་སྙིང་གི་ཟེའུ་འབྲུར་བཞུགས། །སྲིད་མཚོའི་སྡུག་བསྔལ་སྒྲོལ་བྱེད་ཆོས་ཀྱི་གྲུ། །བརྒྱ་ལམ་རྙེད་དཀའ་མདོ་སྔགས་ཟབ་མོའི་བཅུད། །འབྲེལ་ཐོབ་ཙམ་གྱིས་ངན་འགྲོའི་སྒོ་བཅད་པ། །སྨྱུང་བར་གནས་པའི་ཕན་ཡོན་མདོ་ཙམ་བཤད། །དེ་ལ་འདིར་ཐེག་ཆེན་གསོ་སྦྱོང་དང་


SPN003_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པའི་སྨྱུང་གནས་ཀྱི་ཆོ་གས་འཕགས་པ་སྒྲུབ་པའི་ཐབས་ཀྱི་ཕན་ཡོན་མདོར་བསྡུས་བརྗོད་པ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ། འཕྲོས་དོན་ཅུང་ཟད་བརྗོད་པའོ། །དང་པོ་ལའང་གཞི་བསྙེན་གནས་ཡན་ལག་བརྒྱད་པ། དེ་ཉིད་ཐེག་ཆེན་གསོ་སྦྱོང་དང་འབྲེལ་པ། སྨྱུང་གནས་དངོས། ཞར་བྱུང་གདན་གཅིག་འཆད་པ་སྟེ་བཞི་ལས། དང་པོ་ལ་ཇི་ལྟར་བ སྲུང་བའི་ཚུལ། མ་བསྲུང་པའི་ཉེས་དམིགས། བསྲུང་པའི་ཕན་ཡོན་ནོ། །དེའི་དང་པོ་ལའང་གང་གིས་སྲུང་ན། རབ་ཏུ་མ་བྱུང་བའི་ཁྱིམ་པ་ཕོ་མོ་ཐམས་ཅད་ཀྱིས་སོ། །ཚུལ་ཇི་ལྟར་སྲུང་ན། དགེ་བསྙེན་དགེ་ཚུལ་དགེ་སློང་གང་རུང་སྟེ་སྡོམ་ལྡན་ཞིག་གི་མདུན་ནས་སྐྱབས་གསུམ་


SPN003_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་སྔོན་ཏུ་འགྲོ་བའི་སྡོམ་པའི་ཚིག་རྣམས་རྗེས་ཟློས་ལན་གསུམ་བྱས་པའི་བརྗོད་པ་ཐ་མར་སྡོམ་པ་ཐོབ་པས་དེ་ནས་བརྩམས་སྡོམ་པ་མ་བཏང་བར། གནས་སྐབས་ནད་གདོན་རྒྱལ་པོའི་ཆད་པ་སོགས་ཀྱི་འཇིགས་སྐྱོབ་དང་། ལྷ་མའི་བདེ་འབྲས་ལ་སྨོན་པ་ཙམ་གྱི་ལེགས་སྨོན་གཉིས་སུ་མ་སོང་བར་ཁམས་གསུམ་ལས་ངེས་པར་འབྱུང་ནས་མྱང་འདས་ལ་དམིགས་པའི་བསམ་པས་ཟིན་ཏེ་དྲན་པ་དང་ཤེས་བཞིན་གྱི་སྒོ་ནས་བསྲུང་བ་ནི་ཕྱི་མ་རྣམས་ལའང་ཤེས་པར་བྱའོ། །དུས་གང་གི་ཚེ་སྲུང་ན། ཟླ་བའི་དུས་ཆེན་བཞི་དང་། ཞག་གི་དུས་ཆེན་ཉ་སྟོང་བརྒྱད་གསུམ་སོགས་འོག་ཏུ་འབྱུང་བའི་དུས་འགྱུར་ཁྱད་ཅན་རྣམས་ལ་བབ་པའམ། ཆོས་སེམས་སྐྱེ་ཞིང་མཐུན་རྐྱེན་འཛོམས་ན་དེ་ཉིད་དུའང་རུང་སྟེ། མིའི་ཚེ་ལ་ངེས་པ་མེད་ཅིང་ཕྱི་བཤོལ་ཁོ་ན་ཆོས་ཀྱི་བར་ཆད་དུ་ཆེ་བས་སོ། །དེ་ཡང་ནངས་པར་ཟས་མ་ཟོས་པའི་གོང་སྐྱ་རེངས་ཤར་བ་ནས་སྡོམ་པ་བླངས་ཏེ་སང་སྐྱ་རེངས་ཤར་བའི་ཚེ་བསྙེན་གནས་ག ཏོང་བའི་དུས་མཚམས་ཡིན་པས་དེ་བར་ཉིན་ཞག་ཕྲུགས་གཅིག་བསྲུང་། ཆོ་འཕྲུལ་ཟླ་བ་སོགས་ཀྱི་ཚེ་ལན་གྲངས་སྦྲེལ་བ་ནའང་དེ་ལྟར་ལ་ལེན་ཚུལ་གཞན་ནས་གསལ་ལོ། །གང་བསྲུང་བར་བྱ་བ་ནི། ཡན་ལག་


SPN003_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ལ་བསྙེན་པར་གནས་པ་སྟེ། དེ་ཡང་བསམ་བཞིན་ཏུ་སྲོག་གཅོད་པ། དངོས་པོ་གང་རུང་མ་བྱིན་པ་ལེན་པ། བུད་མེད་སོགས་ལ་མི་ཚངས་པར་སྤྱོད་པ། མིའི་ཆོས་བླ་མ་གཙོ་བོར་གྱུར་པའི་རྫུན་སྨྲ་བ་བཅས་རྩ་བ་བཞི་སྤོང་བ་ཚུལ་ཁྲིམས་ཀྱི་ཡན་ལག་བཞི། །མྱོས་འགྱུར་ཀྱི་ཆང་སྤོང་བ་བག་ཡོད་ཀྱི་ཡན་ལག་གཅིག །ཉིན་གུང་ཡོལ་ནས་ཇ་སོགས་བཏུང་བ་ལ་རུང་ཆུས་ཤིན་ཏུ་སླ་བར་བྱས་པ་མ་གཏོགས་དུས་མ་ཡིན་པའི་ཁ་ཟས་བཟའ་བཅའི་རིགས་གྱུར་ཐམས་ཅད་དང་། ཆོ་ག་དང་མ་འབྲེལ་བར་རྩེད་མོའི་ཕྱིར་དུ་གར་རྩེ ༡ གླུ་ལེན་༢ རོལ་མོ་འཁྲོལ་བ་༣ གར་སོགས་གསུམ། འཕྱོར་སྒེག་གིས་རྒྱན་ཕྲེང་འདོགས་པ་ ༡ སྨུག་རྩི་སོགས་ཁ་དོག་འཆང་བ་ ༢ ལུས་གོས་དྲི་ཞིམ་པའི་ཕྱིར་སྤོས་བྱུག་པ་༣ ཕྲེང་སོགས་གསུམ། ཆོས་འཆད་པ་པོ་མ་གཏོགས་པར་རིན་པོ་ཆེ་དངོས་ཀྱིས་སམ། གསེར་ཤོག་སོགས་ཀྱི་རྒྱན་སྤྲས་པའི་ཁྲི་དང་། དར་ཟབ་ཐེར་ཕྲུག་གཅན་ལྤགས་རིགས་རིན་ཐང་ཆེ་ཞིང་ཁ་དོག་འཚེར་བའི་སྟན་ཏེ་ཁྲི་སྟན་ཆེན་པོ། ཁྲུ་གང་ལས་ལྷག་པའི་མཐོན་པོ་བརྟེན་པ་བཅས། དེ་ལྟར་དུས་མིན་གྱི་ཟས། གར་སོགས་ཕྲེང་སོགས། ཁྲི་སྟན་ཆེ་མཐོ་གསུམ་པོ་སྤོང་བ་བརྟུལ་ཞུགས་ཀྱི་ཡན་ལག་སྟེ་བསྡོམས་པས་


SPN003_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དང་། ཇོ་བོ་རྗེས་དེ་སྟེང་གུང་ཚིགས་དཀར་གསུམ་ཁོ་ནར་སྤྱོད་པ་དང་། བག་ཡོད་ཀྱི་སླད་དུ་ཆབ་ལེན་པ་གཉིས་བསྣན་པར་མཛད་དོ། །གཉིས་པ་ནི། སྲོག་གཅོད་པས་ངན་སོང་གསུམ་དང་ཁྱད་པར་དམྱལ་བ་ཡང་སོས་སུ་སྐྱེ། གལ་ཏེ་མིར་སྐྱེས་ཀྱང་ཚེ་ཐུང་། གཟུགས་ངན། ཤེས་རབ་འཆལ། རྟག་ཏུ་སྐྲག་ཅིང་ཁྲོ། ནད་མང་། མྱ་ངན་ཆེ། དགའ་བ་ཐམས་ཅད་དང་འབྲལ། སྲོག་རེ་རེ་བཅད་པ་ལ་སྲོག་ལེན་དགུ་བརྒྱ་གོ་དགུ་ནས་སུམ་བརྒྱའི་བར་མཆོག་དམན་ལ་ལྟོས་པ་འཇལ་དགོས་པར་གསུངས། མ་བྱིན་པ་བླངས་པས་དམྱལ་བ་ངུ་འབོད་དུ་སྐྱེ། མིར་སྐྱེས་ཀྱང་ལོངས་སྤྱོད་ཅུང་ཟད་ཀྱང་མི་ཆགས། གསར་དུ་མི་རྙེད། ཡོད་པ་དང་བྲལ་ནས་དབུལ། གཞན་གྱིས་སྡང་ཞིང་འཚེ། མི་ཚངས་པར་སྤྱོད་པས་ངུ་འབོད་ཆེན་པོར་སྐྱེ། མིར་སྐྱེས་ཀྱང་སྐྱེ་བ་ལྔ་བརྒྱར་མཛེ་མོ་དང་དབང་པོ་མ་ཚང་ཞིང་མི་སྡུག་པའི་བུད་མེད་དང་མ་ནིང་ཁོ་ནར་སྐྱེ། ཉེར་འཚེ་དང་དགྲ་བོ་མང་། རྫུན་སྨྲས་པས་ཐིག་ནག་ཏུ་སྐྱེ། མིར་སྐྱེས་ཀྱང་ངག་ལྐུག །སྙིང་རྗེ་མི་སྐྱེ། ཕྲག་དོག་ཆེ། དྲི་མི་ཞིམ། སྐྱེ་བ་ཀུན་ཏུ་ཆོས་ཀྱི་དོན་མི་གོ། ཆང་འཐུང་བས། ལྕགས་ཞུན་ཁོལ་མ་འཐུང་བའི་ཚ་དམྱལ་དུ་སྐྱེ།


SPN003_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མིར་སྐྱེས་ཀྱང་གཉིད་དང་གཏི་མུག་བརྗེད་ངས་ཆེ། བློ་གྲོས་དམན། འཇིགས་སྐྲག་དོགས་པ་ལྡན། ཕྲ་མ་མང་། ཁྲེལ་དང་ངོ་ཚ་མེད། ཕྲག་དོག་དང་སེར་སྣ་ཆེ། དགེ་བའི་ཆོས་རྣམས་ཉམས། གནོད་སྦྱིན་དང་ཁྱི་དང་སྨྱོན་པ་རྣམས་ཀྱི་སྐྱེ་བ་ལྔ་བརྒྱ་རེ་ལེན་པ་དང་། ལྔ་ཀའི་ཐུན་མོང་དུ་ངན་སོང་གསུམ་གྱི་སྡུག་བསྔལ་ལན་གྲངས་མང་དུ་མྱོང་བ་སོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཞེས་སྡོམ་པ་ཞུས་མ་ཞུས་གང་གིས་སྤྱོད་ཀྱང་ཉེས་པ་དེ་དག་མྱོང་བ་སྟེ། སྡོམ་པ་ཞུས་ནས་མི་དགེ་བ་དེ་དག་སྤྱོད་ན་ཉེས་པ་འབུམ་འགྱུར་གྱིས་ཆེ་ཞིང་། བཀའ་འདས་ཀྱི་ལྟུང་བ་ཕོག །ཕྱི་དྲོའི་ཁ་ཟས་སོགས་ལའང་ཉེས་པ་ཆེས་ཆེ་བ་མང་ཡང་སྨོས་ཀྱིས་མ་ལང་ང་ོ། །གསུམ་པ་ནི། སྤྱིར་རྩ་བཞི་ཆང་ལྔ་སོགས་མི་དགེ་བ་སྤངས་པས་ལྷ་མི་ཁྱད་པར་ཅན་དུ་སྐྱེ་བ་དང་། སྲོག་གཅོད་སྤངས་པས་ཚེ་རིང་ཞིང་ནད་མེད་པ་སོགས་གོང་གི་ཉེས་པ་དེ་རྣམས་ལས་ལྡོག་པའི་ཕན་ཡོན་དུ་མ་ཐོབ་ཚུལ་རྒྱས་པ་བསླབ་པ་ལྔའི་ཕན་ཡོན་གྱི་མདོར་གསལ་ལ། བྱེ་བྲག་ཏུ་བསྙེན་གནས་ཀྱི་སྡོམ་པ་དང་འབྲེལ་བའི་ཕན་ཡོན་ནི། གནས་འཇོག་གི་མདོ་ལས། གསོལ་བ། བཅོམ་ལྡན་འདས། འདི་ན་གང་སྐྱེས་བུ་གཉིས་ཤིག་གནས་


SPN003_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

མལ་གཅིག་ནི་ཇི་སྲིད་འཚོའི་བར་དུ་སྦྱིན་པ་བཏང། གཅིག་ནི་ཡན་ལག་བརྒྱད་པའི་བསྙེན་གནས་ལ་གནས་ན་དེ་གཉིས་བསོད་ནམས་གང་ཆེ་བར་འགྱུར་ཞེས་ཞུས་པས། བཀའ་སྩལ་པ། གནས་འཇོག་འདི་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྲུང་བ་དང་། སྦྱིན་པ་གཏོང་བ་གཉིས་མཉམ་པ་མ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་འཛམ་བུའི་གླིང་ན་དགྲ་བཅོམ་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བར་གྱུར་པས་གང་བ་དེ་དག་ལ། གང་ལ་ལ་ཞིག་གིས་ཇི་སྲིད་འཚོའི་བར་དུ། ཨངྒ་དང་། ཀཱ་ཤི་ལ་སོགས་པའི་ཡུལ་ཆེན་པོ་དྲུག་ཅུ་པོ་རྣམས། རྡོ་རྗེ་དང་། ནོར་བུ་བཻ་ཌཱུཪྻ་སོགས་རིན་པོ་ཆེའི་རིགས་རྣམ་པ་ཐམས་ཅད་ཀྱིས་བཀང་ནས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་ཅིང་འབུལ་བ་དང་། གཞན་ཡང་ཆོས་གོས་དང་། ན་བའི་གསོས་སྨན་སོགས་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་བསྙེན་བཀུར་བྱས་པ་བས། གང་བསྙེན་གནས་ལ་ལན་གཅིག་གནས་ན། སྔ་མ་དེས་ནི་བསྙེན་གནས་ལས་བྱུང་བའི་བསོད་ནམས་ཀྱི་བརྒྱ་ཡི་ཆ་དང་། སྟོང་གི་ཆ་དང་། དཔེ་དང་རྒྱུར་ཡང་མི་བཟོད་དེ་དེ་ལྟར་འབྲས་བུ་དང་། མཐུ་དང་། རྒྱ་ཆེ་བ་ཡིན་ནོ། །གནས་འཇོག་ཁྱོད་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་


SPN003_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་གྱིས་ཤིག །ཆོ་འཕྲུལ་གྱི་ཟླ་བའི་དཀར་ཕྱོགས་ལ་ནན་ཏན་དུ་གྱིས་ཤིག །ལྷ་དང་མིའི་སྤྱད་པ་ལ་ལོངས་སྤྱོད་པར་གྱིས་ཤིག །ཅེས་གསུངས་པ་དེ་ལ་དགོངས་ནས་དབྱིག་གཉེན་གྱིས། གང་ཞིག་དད་པའི་སེམས་ཀྱིས་ལོ་བརྒྱར་སྦྱིན་པ་བྱིན་པ་བས། གང་ཞིག་ཉིན་གཅིག་ཚུལ་ཁྲིམས་སྲུང་བའི་བསོད་ནམས་ཁྱད་པར་འཕགས། ཞེས་གསུངས་ཤིང་། རྒྱ་མཚོ་ཆེན་པོ་དང་། གངྒཱ་ལ་སོགས་ཆུ་ཀླུང་ཆེན་པོ་ལྔ་ཡི་གྲངས་བུམ་པས་བཟུང་བར་ནུས་ཀྱི་བསྙེན་གནས་ཀྱི་ཕན་ཡོན་ནི་ཚད་གཟུང་མི་ནུས་པ་དང་། བསྙེན་གནས་གཙང་མ་ལན་གཅིག་གིས་རྒྱལ་ཆེན་རིགས་བཞིའི་ལྷ། ལན་གཉིས་ཀྱིས་སུམ་ཅུ་རྩ་གསུམ། གསུམ་པས་འཐབ་བྲལ། ལན་བཞིས་དགའ་ལྡན། ལན་ལྔས་འཕྲུལ་དགའ། ལན་དྲུག་གིས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སུ་སྐྱེ་བར་མདོ་དེ་ལས་གསུངས། གདམས་པའི་མདོར་བསྙེན་གནས་ལན་གཅིག་གིས་བརྒྱ་བྱིན་ཏུ་སྐྱེ་བ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་སོགས་མདོ་སྡེ་མང་པོར་སྐྱེ་བ་ཀུན་ཏུ་ངན་འགྲོ་ལོག་པར་མི་ལྟུང་། སངས་རྒྱས་འབྱུང་བ་དང་འཕྲད། ཚུལ་ཁྲིམས་རྣམ་པར་དག །དེའི་ཕྱིར་སྨོན་ལམ་གང་བཏབ་འགྲུབ་པ་སོགས་དང་།


SPN003_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་སྐྱབས་འགྲོ་མཆོད་འབུལ་བསླབ་གཞི་བླང་བ་སོགས་དཀོན་མཆོག་ལ་འབྲེལ་བ་བཞག་པས་མ་འོངས་རྒྱལ་བ་བྱམས་པའི་འདུས་པ་དང་པོར་སྐྱེ་བའང་བྱམས་པ་ལུང་བསྟན་གྱི་མདོ་ལས། གདུགས་དང་རྒྱལ་མཚན་བ་དན་དང་། །དྲི་དང་ཕྲེང་བ་བྱུག་པ་ཡིས། །ཤཱཀྱ་ཐུབ་པ་མཆོད་བྱས་པས། །ང་ཡི་བསྟན་ལ་ལྷགས་པ་ཡིན། །གུར་གུམ་ཆུ་ཡིས་གཏོར་བ་དང་། །ཙན་དན་གྱི་ནི་བྱུག་པ་ཡིས། །ཤཱཀྱ་ཐུབ་ལ་མཆོད་པ་ནི། །ཕུལ་བས་ང་ཡི་བསྟན་ལ་ལྷགས། །རྟག་ཏུ་སངས་རྒྱས་ཆོས་དང་ནི། །དགེ་འདུན་ལ་ཡང་སྐྱབས་སོང་ཞིང་། །དགེ་བའི་ལས་ཀྱང་བྱས་པ་ནི། །ང་ཡི་བསྟན་ལ་ལྷགས་པ་ཡིན། །ཤཱཀྱ་སེང་གེའི་བསྟན་པ་ལ། །བསླབ་གཞི་ཡང་དག་བླངས་ནས་སུ། །ཇི་ལྟར་གསུངས་བཞིན་བསྒྲུབས་པ་ནི། །ང་ཡི་བསྟན་ལ་ལྷགས་པ་ཡིན། །དགེ་འདུན་ལ་ཡང་ཆོས་གོས་དང་། །ཞལ་ཟས་དང་ནི་བཏུང་བ་དང་། །སྙུན་གསོས་སྣ་ཚོགས་སྦྱིན་པ་རྣམས། །ཕུལ་བས་ང་ཡི་བསྟན་ལ་ལྷགས། །ཟླ་ཕྱེད་ཀྱི་ནི་བཅུ་བཞི་དང་། །བཅོ་ལྔ་དེ་བཞིན་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། །ཡན་ལག་བརྒྱད་ལ་ལེགས་གནས་པའི། །བསྙེན་གནས་གསོ་སྦྱོང་བྱས་པས་ནི། །ང་ཡི་བསྟན་ལ་ལྷགས་སོ་གསུངས། །


SPN003_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས་དེའི་ཤུགས་ཀྱིས་བདེ་བ་ཅན་སོགས་རང་གང་འདོད་ཀྱི་སངས་རྒྱས་ཞིང་དུ་སྐྱེ་བའང་བསྙེན་གནས་བསྲུང་པས་འགྲུབ་པ་གཞུང་གསལ་དང་། ལྷས་ཞུས་པའི་མདོ་དང་རྟོགས་བརྗོད་གཉིས་ཀར། བཅུ་བཞི་དང་ནི་བཅོ་ལྔ་དང། །ཚེས་བརྒྱད་དང་ནི་གནམ་སྟོང་ལ། །བསྙེན་གནས་ཡན་ལག་བརྒྱད་པ་སྲུང་། །ང་ཉིད་ཅི་འདྲ་དེ་འདྲར་འགྱུར། །ཞེས་དབང་པོ་བརྒྱ་བྱིན། ཤཱ་རིའི་བུ། བཅོམ་ལྡན་འདས་ཀྱིས་རེ་རེ་བཞིན་དུ་གསུངས་པས་ལྷ་དབང་། དགྲ་བཅོམ། སངས་རྒྱས་ཀྱི་གོ་འཕང་ཡང་ཐོབ་པར་བསྟན་པ་དང་། ཀུན་ཏུ་རྒྱུ་སེན་རིང་གིས་ཞུས་པ་ལས། སྲོག་གཅོད་སྤངས་པས་རྡོ་རྗེའི་སྐུ་ཐོབ། ༡ དེ་བཞིན་དུ་མ་བྱིན་ལེན་སྤངས་སོགས་བདུན་པོས་རིམ་བཞིན་ཕྱག་ཞབས་དྲ་བས་འབྲེལ་ཞིང་གསེར་འཁོར་རྩིབས་སྟོང་དང་ལྡན། ༢ དབང་པོ་ཚང ཞིང་ལུས་ཡོངས་སུ་རྒྱས། ༣ ལྗགས་ཀྱིས་ཞལ་ཁེབས་ཤིང་གསུང་ཚངས་དབྱངས་དང་ལྡན། ༤ ཚེམས་དཀར་མཉམ་བཞི་བཅུ་ཚང་ཞིང་ཟས་རོ་བྲོ་བའི་མཆོག་ཏུ་འགྱུར། ༥ ཚུལ་ཁྲིམས་ཀྱི་དྲི་ཞིམ་པོ་ལྡང་། ༦ མཚན་བཟང་ཐམས་ཅད་ཚང་། ༧ ཆོས་བསྟན་པ་སུམ་ཅུ་ལ་ལོངས་སྤྱོད་པ་བཅས་དང་། ༨ མཆོད་འོས་ལ་ཕྱག་བྱས་པས་གཙུག་ཏོར་


SPN003_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མི་མངོན་པ་ཐོབ་པ་བཅས་གསུངས་ལ། གནས་སྐབས་ཀྱི་འབྲས་བུའང་ཁང་བུ་བརྩེགས་པའི་མདོར། ཡན་ལག་བརྒྱད་པའི་ཚུལ་ཁྲིམས་ཉིན་ཞག་གཅིག་སྲུང་ན་མཚོན་གྱི་བསྐལ་པ་ལས་ཐར། གང་གིས་དགེ་སློང་ལ་ཨ་རུ་ར་རྡོག་པོ་གཅིག་ཙམ་ཕུལ་ན་ནད་ཀྱི་བསྐལ་པ་ལས་ཐར། གང་གིས་ཟས་ནལ་བྲེ་གང་ཙམ་དགེ་འདུན་ལ་ཕུལ་ན་མུ་གེའི་བསྐལ་པ་ལས་ཐར་བར་འགྱུར་བར་གསུངས། གཞན་ཡང་ཕྱི་དྲོའི་ཟས་སྤངས་པས་ཚེ་རབས་གར་སྐྱེས་སུ་ལོ་ལེགས། བཟའ་བཏུང་དང་འདོད་དགུ་འབད་མེད་དུ་འབྱུང་། གར་ཕྲེང་སྤངས་པས་གཟུགས་མཛེས། དྲི་ཞིམ་དབང་པོ་ཚང བའི་ལུས་མཆོག་ཐོབ། ཁྲི་སྟན་ཆེ་མཐོ་སྤངས་པས་གཞན་གྱིས་བསྟོད་བཀུར་ཆེ། མལ་ཆ་དང་བཞོན་པ་མང་བ་སོགས་ཕན་ཡོན་རྣམ་གྲངས་དུ་མ་འབྱུང་བ་དེ་རྣམས་ནི་འདིར་བསྟན་སོ་ཐར་ལུགས་ཀྱི་བསྙེན་གནས་གཙང་མ་སྲུང་བ་ཙམ་ཁོ་ནའི་ཕན་ཡོན་དུ་ཤེས་པར་བྱའོ། །གཉིས་པ་བསྙེན་གནས་དེ་རྒྱུད་སྡེ་འོག་མ་རྣམས་ནས་གསོ་སྦྱོང་གི་བརྡར་བཞག་པའི་ཐེག་ཆེན་སྡོམ་པ་དང་འབྲེལ་པ་འཆད་པ་ལའང་། སྲུང་ཚུལ་ཉེས་དམིགས་ཕན་ཡོན་ནོ། །དང་པོ་ལའང་། སྲུང་བ་པོ་ནི། ཁྱིམ་པ་དང་རབ་བྱུང་གཉིས་ཀས་སོ། །


SPN003_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་ཚུལ་ནི། སོ་ཐར་སྡོམ་ལྡན་གྱི་དགེ་སློང་ཙམ་གྱིས་མི་ཆོག་པར་འདི་ཉིད་ཀྱི་སྡོམ་རྒྱུན་བར་མ་ཆད་པ་ཞིག་ལས་ཐོག་མར་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དང་ཞེས་སོགས་གཞུང་ཚིག་དུམ་བུ་བདུན་གྱིས་བསྟན་པའི་བྱང་ཆུབ་སེམས་ཀྱིས་ཟིན་ངེས་པར་བྱས་ནས་རྗེས་ཟློས་ལན་གསུམ་གྱིས་སྡོམ་པ་བླངས་ནས། སླར་ནམ་འདོད་དུས་རྟེན་དྲུང་ནས་རང་གིས་ལེན་པ་སོགས་གཞུང་གསལ་ལྟར་ལ། སྡོམ་པ་དེ་སོ་ཐར་བཅས་རྐྱང་མིན་པར་ཐེག་ཆེན་སོ་ཐར་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡིན་པས། ཡན་ལག་བརྒྱད་ནི་ཉིན་ཞག་སོགས་ཁས་བླངས་རྫོགས་ནས་བཏང་ཡང་སེམས་བསྐྱེད་ས་བོན་ནི་བྱང་ཆུབ་མ་ཐོབ་བར་མི་བཏང་བས་དེ་ནས་བརྩམས་རྣམ་པ་ཀུན་ཏུ་གཞན་ཕན་གྱི་སེམས་འབའ་ཞིག་དང་མི་འབྲལ་བར་བྱའོ། །སྡོམ་པ་འདི་རྒྱལ་བུ་སྙིང་རྗེ་ཆེར་སེམས་ཀྱིས་ཇི་སྲིད་འཚོའི་བར་དུ་བླངས་པ་དཀོན་བརྩེགས་ལས་གསུངས་པས་དེ་ཙམ་མམ་ལོ་ཟླ་ཅི་རིགས་པར་བླངས་ཀྱང་ཆོག་པའང་དེའི་ཤུགས་བསྟན་ཏུ་སྣང་ངོ་། །དུས་སྔར་དང་འདྲ། བསྲུང་བྱ་རྣམ་གྲངས་གོང་ལྟར་ལ་འདིར་ནི་ཐེག་ཆེན་གྱི་སྡོམ་པའི་ཁྱད་ཀྱིས་ཡིད་ཀྱི་མི་དགེ་བ་གསུམ་གཙོ་བོ་སྤོང་ལ། ལུས་ངག་གི་སྤང་བདུན་ཞར་བྱུང་སྤོང་བའི་ཕྱིར།


SPN003_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གཅོད་ལྟ་བུ་ལ་མཚོན་ན་མིའམ་མིར་ཆགས་པ་ནས་ཐ་ན་གྲོག་སྦུར་ཡན་ཆད་དངོས་སུ་བསད་པ་ལྟ་ཅི་སྨོས། མ་མཐོང་བར་རྡོག་པས་བརྫིས་པའང་གཏི་མུག་དབང་ལས་བྱུང་ཕྱིར་བཤགས་པ་མ་ཐེང་ན་སེམས་ཅན་བློས་སྤོང་གི་ལྟུང་བ་འབྱུང་བ་སོགས་ཡན་ལག་བརྒྱད་ཀར་དངོས་དང་ཕྱོགས་གཏོགས་ཕྲ་ཞིང་ཕྲ་བ་ནས་བསྲུང་དགོས་ལ། ཁ་ཟས་ཀ་ར་བུ་རམ་སྦྲང་རྩི་ཞུན་མར་དང་འོ་ཞོ་ཆུར་ཁུ་ཇ་རྣམས་རུང་ཆུས་བསླད་པ་དེ་ནམ་ལངས་ནས་མུན་རུབ་ཀྱི་བར་བསྟེན་ཏུ་རུང་ཞིང་། དེ་འཕྲོས་གྲོ་ནས་འབྲས་སོགས་དུས་མ་ཡིན་པའི་ཟས་སུ་གསུངས་པ་དེ་རིགས་ནམ་ལངས་ནས་ཉིན་ཕྱེད་ཀྱི་བར་བསྟེན། དེ་ཕན་ཆད་ཅུང་ཟད་ཀྱང་བཟར་མི་རུང་བ་དང་ཁྱད་པར་ཐེག་ཆེན་གསོ་སྦྱོང་ལ་ནི། ཤ་ཁྲག་གི་དྲི་ཙམ་ཡང་འདྲེས་མི་རུང་སྟེ། གླང་པོའི་རྩལ་དང་སྤྲིན་ཆེན་དང་། །མྱ་ངན་འདས་དང་སོར་ཕྲེང་དང་། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །ངས་ནི་ཤ་ཡང་རྣམ་པར་སྨད། །ཅེས་གསུངས་པ་ལྟར་མདོ་སྡེ་དེ་རྣམས་སུ་ཤ་ཟོས་པའི་ཉེས་པ་དཔག་མེད་གསུངས་ཤིང་། འཇམ་དཔལ་གྱི་ལྟ་འདོད་མདོར་བསྟན་ལས་ཀྱང་། རྫས་ཐོབ་དོན་དུ་སྲོག་གཅོད་དང་། །བཟའ་བའི་དོན་དུ་རིན་འཇལ་བ། །གཉིས་པོ་དག་ཀྱང་གསོད་པ་སྟེ། །ངུ་འབོད་


SPN003_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་རྣམས་སུ་འཚེད། །གང་ཚེ་རྫས་ཀྱིས་ཤ་ཉོས་པ། །ཁྱིམ་གནས་རྣམས་ལ་སྡིག་མེད་ན། །དེ་བཞིན་སྐུ་གཟུགས་ལ་སོགས་པ། །བྱས་ནའང་ཇི་ལྟར་བསོད་ནམས་འགྱུར། །གསོད་པོ་ནོར་ལ་སྲེད་པ་དག། བསྐལ་པ་འབུམ་དུ་འཚེད་པའོ། །ཟ་པོ་ཤ་ལ་སྲེད་པ་དག །བསྐལ་པ་བྱེ་བར་འཚེད་པའོ། །ཤ་ཟ་བ་ཡི་མི་གང་ཞིག །དང་པོ་ཡི་དྭགས་འགྲོ་བ་སྟེ། །ཕྱི་མ་ངུ་འབོད་འགྲོ་བའོ། །ཞེས་དོན་བསྡུས་སུ་བསྟན་ཅིང་། ཤ་ཟའི་དྲི་ཚོར་བས་གནམ་ས་བར་གྱི་མི་སྣང་བའི་འགྲོ་བ་ཕྲ་མོ་རྣམས་ཤི་ལ་ཐུག་པར་བརྒྱལ་ཞིང་འབྱུང་པོ་རྣམས་ཀྱང་དངངས་པ་དང་། སྐྱེ་བ་དུ་མར་མར་མ་གྱུར་པའི་སེམས་ཅན་ནི་མི་སྲིད་པས་མའི་ཤ་ཟ་བ་ཁྲེལ་ཆེ་བ་དང་། བསྟན་པ་ལ་མི་དད་ཅིང་སྐུར་བ་འདེབས་པའི་རྒྱུར་འགྲོ་བ་དང་། ཕྲ་མེན་ལྕེ་སྤྱང་སོགས་སྐྱེ་གནས་ངན་པ་དུ་མའི་མཐར་ངན་སོང་དུ་ལྷུང་སྟེ། མདོར་ན་ཤ་ཟ་བ་ནི་རྒྱལ་བའི་རྗེས་སློབ་མིན་ལ། རྒྱལ་བ་ཉིད་དེའི་སྟོན་པ་མིན་པར་གསུངས་ཤིང་། ཙོང་སྒོག་སོགས་ལའང་ཉེས་པ་དེ་དང་ཆ་འདྲར་སྣང་བས་བག་ཡོད་གལ་གནད་ཀྱང་ཞར་བྱུང་དུ་འཕྲོས་པའོ། །གཉིས་པ་མ་བསྲུངས་པའི་ཉེས་དམིགས་གོང་དུ་བསྟན་པ་དེས་ཤེས་ལ། ཁྱད་པར་བྱང་ཆུབ་ཏུ་སེམས་


SPN003_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྐྱེད་ན་སངས་རྒྱས་ཐོབ་པའི་ཐབས་ནི་འགའ་ཡང་མེད་པ་གསུང་རབ་ཀུན་ནས་འབྱུང་བའི་དོན་བསྡུས་མཉམ་མེད་དྭགས་པོས། གང་ལ་བྱང་ཆུབ་མཆོག་གི་སེམས་ཞིག་མ་སྐྱེས་ན། དེ་ལྟར་སྤྱོད་པ་ཕུན་སུམ་ཚོགས་པ་དང་ལྡན་ཡང་ཐེག་པ་ཆེན་པོའི་ཁོངས་སུ་མི་ཚུད་ལ། ཐེག་པ་ཆེན་པོར་མ་ཚུད་ན་རྫོགས་པའི་སངས་རྒྱས་མི་ཐོབ་བོ། །ཞེས་གསུངས། གསུམ་པ་ཕན་ཡོན་ཀྱང་གོང་གསལ་ཐུན་མོང་བ་དེ་སྟེང་། བྱང་ཆུབ་ཀྱི་སེམས་སྐྱེས་པས་སྡིག་པ་མྱུར་དུ་དག །ཚོགས་ཡོངས་སུ་རྫོགས། རང་གཞན་དོན་གཉིས་འགྲུབ་ནས་རིང་པོར་མི་ཐོགས་པར་འཚང་རྒྱ་བ་སོགས་དཔག་ཏུ་མེད་དེ། དཔའ་སྦྱིན་གྱིས་ཞུས་བའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང་སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་སོགས་རྒྱ་


SPN003_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་འབྱུང་ངོ་། །གསུམ་པ་སྨྱུང་གནས་དངོས་ལའང་བསྲུང་ཚུལ་ཉེས་དམིགས་ཕན་ཡོན་གསུམ་གྱིས་འཆད་པའི་དང་པོ་སྲུང་བ་པོ་ནི། སྤྱིར་བཏང་བྱ་སྤྱོད་ཉམས་སུ་ལེན་པ་ཁོ་ནས་སྤྱད་བྱར་ཡིན་རུང་། བྱེ་བྲག་རིགས་ཀྱི་ལྷའི་སྒྲུབ་ཐབས་དང་འབྲེལ་བའི་དབང་དུ་ནི་སུས་ཀྱང་རུང་བ་དང་། ཁྱད་པར་གངས་ཅན་འགྲོ་བ་མཐའ་དག་མགོན་པོ་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཐུན་མིན་ཉིད་ཕྱིར། ལྷ་དེའི་སྒྲུབ་ཐབས་དང་འབྲེལ་བར་མ་ཎི་འདོན་ཤེས་ཡན་ནས་བླ་མེད་ཀྱི་རྣལ་འབྱོར་པ་མན་ཆད་བྱེ་བྲག་མེད་པར་འཇུག་པ་གོང་མ་རྣམས་ཀྱི་ཕྱག་བཞེས་ཏེ་གདུལ་བྱ་འདུལ་ཐབས་ཁྱད་པར་འཕགས་པའོ། །སྲུང་ཚུལ་ནི། ལྷ་སྔགས་གང་ཡིན་དེའི་རྗེས་གནང་རིགས་གཏད་བཀླག་ལུང་ཚང་མ་ཐོབ་ན་རབ། ཐ་ནའང་དེ་བཞིན་གཤེགས་རིགས་ལ་མི་འཁྲུགས་པ་དང་། པདྨའི་རིགས་ལ་དོན་ཞགས་ལྟ་བུ་རིགས་ཀྱི་གཙོ་བོ་ཞིག་གི་དཀྱིལ་འཁོར་དུ་ཞུགས་པ་ཞིག་ནི་ངེས་པར་དགོས་ལ། དེང་སང་ཕལ་པ་རྣམས་སྨྱུང་གནས་སྡོད་པའི་ཚེ་ནའང་བསླབ་སྡོམ་སྦྱིན་པ་གཞིར་བཞག་ནས་སྐབས་དེར་རུང་བའི་ཕྱིར་མདོ་གཟུངས་ཀྱི་བཀླག་ལུང་། གཟུངས་སྔགས་རིང་ཐུང་གི་རྗེས་ཟློས་ལན་གསུམ་རེ་ཐོག་མར་བགྱིད་བཅུག་དགོས།


SPN003_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཆད་འཇུག་རུང་བའི་སླད་དུ་སྨྱུང་གནས་གྲོལ་བའི་ཉིན་ལྷ་དེའི་རྗེས་གནང་ཞིག་མཛད་པའང་ཕྱག་ལེན་ནོ། །དུས་ནི་གོང་སྨོས་ལྷ་སྔགས་ཉམས་སུ་ལེན་པའི་ཚེ་ནའོ། །བསྲུང་བྱ་ནི། སྨྱུང་གནས་དངོས་གཞིའི་ནང་མོ་ནམ་ལངས་ནས་བཟུང་། ཕྱིར་ནང་དེ་ཚོད་ཀྱི་བར་ནས་འབྲུ་ཆུ་ཐིགས་ཙམ་ཡང་བཟའ་བཏུང་མི་རུང་། གཉིད་དང་གླལ་བ་སྦྲིད་པ་འོག་རླུང་སོགས་ཤིན་ཏུ་བསྡམ་ཞིང་། གལ་ཏེ་ཤོར་ན་འཕྲལ་དེར་གཟུངས་ཆུས་ཉེ་རེག་བྱ། བསྐྱེད་རྫོགས་ལ་བློ་མི་ངེས་པ་རྣམས་ཀྱིས་རྟོག་པ་འོག་འགྱུའང་ཤོར་མི་རུང་བས་དད་འདུན་སྙིང་རྗེ་སོགས་དགེ་བསམ་ལ་བསྒྲིལ། ངག་གི་གཏམ་གླེང་སོགས་ཅིའང་མི་རུང་བ་མ་ཟད་བསྐྱེད་རྫོགས་ཤེས་པ་རྣམས་ཀྱིས་ངག་སྨྱུང་བར་གནས་པ་ཞེས་འདོན་པའང་སྒྲ་བཅས་མིན་པའི་ཡིད་འདོན་བྱ་ཞིང་ཕྱག་བསྐོར་སོགས་ལུས་ཀྱི་ངལ་དུབ་ཀྱང་སྤང་སྟེ་ལྷ་སྔགས་ལ་རྩེ་གཅིག་ཏུ་གཞོལ། བསྐྱེད་རྫོགས་མི་ཤེས་པའམ་མི་བརྟན་ན་དེ་ལྟར་བྱས་ཀྱང་ཐ་མལ་དུ་བསྡད་པར་འགྱུར་བས་འདོན་བརྗོད་སྔགས་བཟླས་ཕྱག་བསྐོར་སོགས་ཅི་ནུས་སུ་འབད། རབ་བྱུང་རྣམས་ཆོས་གོས་རྣམ་གསུམ་བགོ། གཞན་དག་ཀྱང་ལྤགས་རིགས་མིན་པའི་གོས་གསར་པ་གྱོན། ནང་སྔ་ཡན་ལག་ལྔ་ཁྲུས་གཙོས་ཉི་མ་དེར་ཁྲུས་


SPN003_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་བྱ། ཕྲེང་ཐག་ཀྱང་ཀོ་ཐིག་མིན་པའི་རས་སྐུད་སོགས་ལ་བརྒྱུས། མདོར་ན་ལུས་དཀའ་ཐུབ། ངག་སྨྲ་བཅད། ཡིད་རྣམ་རྟོག་གིས་མ་བསླད་ཅིང་སྤྱོད་ལམ་གཙང་སྦྲ་ཕུལ་དུ་བྱུང་བར་བྱའོ། །གཉིས་པ་ནི། བྱ་སྤྱོད་ཉམས་སུ་ལེན་པ་ཙམ་གྱིས་སྨྱུང་བར་མ་གནས་ན་མི་རུང་སྟེ་ལྟ་སྒོམ་གྱི་གྲོགས་སུ་སྤྱོད་པ་གཞུང་མཐུན་ཏུ་སྤྱོད་པ་ཉིད་དེའི་དམ་ཚིག་ཏུ་གསུངས་ཤིང་། དམ་ཚིག་མེད་ན་ཆོས་ཀྱི་རྩ་བ་རུལ་བས་གསང་སྔགས་ཉམས་སུ་ལེན་པ་སྐད་བྱས་ཀྱང་དོན་འབྲས་མི་འབྱུང་ཞིང་ལོག་པའི་རྒྱུར་འགྲོ་བ་དང་། ཁྱད་པར་བཟའ་བཏུང་དང་སྨྲ་བ་མང་པོས་རྣམ་རྟོག་རགས་པ་སྤེལ། དེས་ཉོན་མོངས་པ་བསྐྱེད། དེས་ཏིང་ངེ་འཛིན་ལས་སུ་མི་རུང་ལ། ལུས་ངག་ཡིད་གསུམ་སྨྱུང་བར་གནས་པས་སྒོ་གསུམ་གྱི་ཉེས་ལྟུང་ཕལ་ཆེར་རང་འགག་ཏུ་འགྲོ་བར་ཤེས་པར་བྱའོ། །གསུམ་པ་ནི། སྤྱིར་བཤད་མ་ཐག་པའི་ཉེས་པ་དེ་ལྡོག་ཕན་ཡོན་རྣམས་ཐོབ་ཅིང་། ཁྱད་པར་རྒྱུད་སྡེའི་དགོངས་པ་བསྡུས་པའི་སྨྱུང་གནས་ཕན་ཡོན་ཆེན་མོ་ལས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་སྨྱུང་བར་གནས་པ་ཚར་གཅིག་བྱས་ན་བསྐལ་པ་བཞི་ཁྲིའི་སྡིག་པ་དག་ཅིང་ལྷ་མིའི་མཆོག་དམ་པ་


SPN003_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་འགྱུར་རོ། །སྨྱུང་བར་གནས་པ་ལན་བརྒྱད་བྱས་ན་རྒྱུན་ཏུ་ཞུགས་པ་དང་ཆ་མཐུན་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཉེར་ལྔ་བྱས་ན་ལན་གཅིག་ཕྱིར་འོང་བ་དང་ཆ་མཐུན་ཞིང་བསྐལ་པ་བརྒྱད་ཁྲིའི་སྡིག་པ་དག་པར་འགྱུར་རོ། །ལན་ལྔ་བཅུ་བྱས་ན་ཕྱིར་མི་འོང་བ་དང་ཆ་མཐུན་ཞིང་བསྐལ་པ་ཁྲི་ཕྲག་བརྒྱད་ཀྱི་སྡིག་པ་དག་པར་འགྱུར་རོ། །སྨྱུང་གནས་ཚར་བརྒྱ་རྩ་བརྒྱད་བྱས་ན་དགྲ་བཅོམ་པ་དང་མཚུངས་ཤིང་བསྐལ་པ་བྱེ་བ་ཕྲག་བརྒྱའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་པར་འགྱུར་རོ། །ངེས་པར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སངས་རྒྱས་ཚེ་དཔག་མེད་ཀྱི་ཞབས་དྲུང་དུ་སྐྱེ་བར་འགྱུར་རོ། །ཞེས་དང་། གཞན་ཡང་ལུས་སྨྱུང་བར་གནས་པས་སྲོག་བཅད། མ་བྱིན་ལེན། མི་ཚངས་སྤྱོད་ལ་སོགས་པ་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དག །ཡི་དྭགས་སུ་མི་སྐྱེ། ནད་གདོན་ཞི། གནས་སྐབས་སུ་གཟུགས་བཟང་གཟི་བརྗིད་ཆེ། མཐར་ཐུག་མཚན་དཔེས་བརྒྱན་པའི་སྐུ་ཐོབ། ངག་སྨྲ་བ་བཅད་པས་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་སོགས་ངག་གི་སྒྲིབ་པ་དག །བྱོལ་སོང་དུ་མི་སྐྱེ། ནུས་པ་ཆེ། གནས་སྐབས་སུ་ཁ་ན་མ་ཐོ་བ་དང་ངག་འཁྱལ་མི་འབྱུང་ཞིང་ངག་


SPN003_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་དབྱངས་དང་ལྡན། མཐར་ཐུག་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ། ཡིད་ཏིང་ངེ་འཛིན་ལས་མ་ཡེངས་པས་བརྣབ་སེམས། གནོད་སེམས། ལོག་ལྟ་སོགས་ཡིད་ཀྱི་སྡིག་སྒྲིབ་དག །དམྱལ་བར་མི་སྐྱེ། ཉམས་རྟོགས་འཆར། གནས་སྐབས་སུ་བློ་རྣོ་ཡིད་གཞུངས་ཆོས་ཀྱི་དོན་གོ། མཐར་ཐུག་ཡེ་ཤེས་ལྔ་ཐོབ། སྨྱུང་བར་གནས་པའི་ཚེ་རང་ལུས་ཚ་གྲང་ནད་ཀྱིས་ཉེན་ན་དམྱལ་བར་སྐྱེ་བའི་ལས་བྱང་། བཀྲེས་སྐོམ་ངལ་དུབ་ཀྱིས་ཐང་ཆད་ན་ཡི་དྭགས་ཀྱི་སྐྱེ་སྒོ་ཆོད། གཉིད་རྨུགས་བྱིངས་འཐིབས་དྲན་པ་མི་གསལ་བའི་ཚེ་བློ་གཟེངས་བསྟོད་པས་བྱོལ་སོང་དུ་མི་སྐྱེ་བ་སོགས་རྒྱ་ཆེར་གསུངས་སོ། །བཞི་པ་ཕན་ཡོན་ཆེ་ཞིང་མཆོག་དམན་སུས་ཀྱང་ཉམས་ལེན་བདེ་བའི་གདན་གཅིག་གམ་མེ་གཅིག་ཆུ་གཅིག་ཏུ་གྲགས་པ་ནི། སྲུང་བ་པོ་སུས་ཀྱང་རུང་ལ། སྲུང་ཚུལ་རྒྱུན་ལྡན་ཞིག་ལས་སྡོམ་ལུང་ནོད་དེ། ཉིན་གུང་དུ་གོང་སྨོས་རུང་བའི་བཟའ་བཏུང་རྣམས་ཕུད་མཆོད་ཆངས་བུ་སོགས་གུང་ཚིགས་ཀྱི་བྱ་བ་དང་འབྲེལ་བས་ངོམས་པར་ལོངས་སྤྱོད། དེ་མ་གཏོགས་པའི་དུས་སྔ་ཕྱི་ནམ་དུ་ཡང་བཟའ་བཏུང་ཅི་ཡང་མི་བྱེད་པར་དགེ་སྦྱོར་ལ་འབད་པའོ། །དུས་ནི། སྤྱིར་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་


SPN003_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་བར་ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས། ཟླ་བ་བཞི་པའི་ཚེས་བརྒྱད་ལ་སྐུ་བལྟམས། བཅོ་ལྔར་མངོན་པར་བྱང་ཆུབ་པའི་དུས། འགའ་ཞིག་གིས་བརྒྱད་ལ་མྱང་འདས་ཀྱི་དུས་སུའང་ངོས་འཛིན་ནས་དུས་ཆེན་སུམ་འཛོམས་ཟེར། དྲུག་པའི་ཚེས་བཞིར་ཆོས་འཁོར་བསྐོར་བའི་དུས། དགུ་པའི་བཅོ་ལྔར་ལྷ་བབ་ཞལ་བཞེས་དང་ཉེར་གཉིས་དངོས་ཏེ་ཆོ་འཕྲུལ་ཆུང་ངུའི་དུས་སུ་གྲགས་པ་བཅས་དུས་ཆེན་བཞི་དང་། ཡང་བརྒྱད་དུ་བཞེད་པ་ལྟར་ན་ཧོར་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ནས་བཅོ་ལྔའི་བར་བྱང་ཆུབ་ཤིང་དྲུང་དུ་བཞུགས། གཉིས་པའི་ཚེས་གཅིག་ནས་བརྒྱད་ཀྱི་བར་ལྷུམས་སུ་ཞུགས། གསུམ་པའི་བཅོ་ལྔར་འབྲས་སྤུངས་སུ་དུས་འཁོར་གསུངས། བཅུ་པའི་ཚེས་བརྒྱད་ཐོ་རངས་མྱང་འདས་ཀྱི་དུས་ཏེ། དེ་རྣམས་སུ་དགེ་སྡིག་གང་བྱས་འབུམ་དུ་འགྱུར་བ་ཡོངས་གྲགས་དང་། ཕལ་ཆེར་ས་ཡ་ཕྲག་བརྒྱར་འགྱུར་བའང་གསུངས། ཟླ་བ་བྱུང་ངོ་ཅོག་གི་ཚེས་གཅིག་ལ་ལྷའི་བུ་གཞོན་ནུ་སེམས་ཅན་རྣམས་དགེ་སྡིག་ཅི་བྱེད་ཉུལ་དུ་མཆི་སྟེ། དེའི་ཉིན་སངས་རྒྱས་ཏིང་འཛིན་རྒྱལ་པོའི་མཚན་ནས་བརྗོད་ཅིང་སྐྱབས་སུ་འགྲོ་བ་དང་སྔགས་བཟླ་ཞིང་ཟས་གཅིག་པ་སྲུང་ན་བསྐལ་པ་བཞི་བཅུའི་སྡིག་པ་བྱང་། རལ་གྲི་


SPN003_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མདུང་ཐུང་གི་དམྱལ་བ་ལས་ཐར། ཚེས་བརྒྱད་ལ་རྒྱལ་བུ་བེ་ཅོན་སེམས་ཅན་རྣམས་ཚེ་རིང་ཐུང་ཉུལ་དུ་མཆི་སྟེ། དེའི་ཉིན་སངས་རྒྱས་སྨན་གྱི་བླའི་མཚན་བརྗོད་སྔགས་བཟླས་སོགས་ཀྱིས་བསྐལ་པ་སུམ་ཅུའི་སྡིག་པ་བྱང་། གཅད་གཏུབས་དམྱལ་བ་ལས་ཐར། ཚེས་བཅུ་བཞིར་གཤིན་རྗེའི་འཁོར་དབང་པོ་འཆར་བྱེད་དགེ་སྡིག་གང་བྱེད་ཡི་གེར་བྲི་བར་ཉུལ་དུ་མཆི་སྟེ། དེའི་ཉིན་བསྐལ་བཟང་སངས་རྒྱས་སྟོང་གི་མཚན་ནས་བརྗོད་དེ་ཕྱག་འཚལ་བས་བསྐལ་པ་སྟོང་གི་སྡིག་བྱང་། ཆུ་ཚན་ཁོལ་མའི་དམྱལ་བ་ལས་ཐར། བཅོ་ལྔར་ལམ་རྒྱུད་ལྔའི་དེད་དཔོན་ཚངས་པ་ཀུན་རིག་སྔར་བཞིན་ཉུལ་ཏེ། དེའི་ཉིན་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་མཚན་སྔགས་བརྗོད་པས་བསྐལ་པ་ཉིས་བརྒྱའི་སྡིག་བྱང་། གྲང་དམྱལ་དུ་མི་སྐྱེ། བཅོ་བརྒྱད་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དགེ་སྡིག་ཅི་བྱེད་ཉུལ་བའི་དུས་ཏེ། དེའི་ཉིན་འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་དང་སྔགས་བཟླས་པས་བསྐལ་པ་དགུ་བཅུའི་སྡིག་པ་བྱང་། རལ་གྲི་གདོང་གཡང་གི་དམྱལ་བ་ལས་ཐར། ཉེར་གསུམ་ལ་ལྷ་དབང་ཕྱུག་ཆེན་པོ་ཉུལ་ཏེ། དེའི་ཉིན་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་མཚན་བཟུང་བས་བསྐལ་པ་སྟོང་


SPN003_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྡིག་བྱང་། ཡི་དྭགས་སུ་མི་སྐྱེ། ཉེར་བཞིར་གཤིན་རྗེའི་འཁོར་དབང་པོ་ཐེའུ་ཤན་ཉུལ་ཏེ། དེའི་ཉིན་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་མཚན་དང་སྔགས་བཟླས་པས་བསྐལ་པ་སྟོང་གི་སྡིག་བྱང་། གཅོད་ཅིང་གཏུབས་པའི་དམྱལ་བ་ལས་ཐར། ཉེར་བརྒྱད་ལྷའི་དབང་པོ་བརྒྱ་བྱིན་ཉུལ་བའི་སྐབས་ཏེ། དེའི་ཉིན་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་མཚན་བརྗོད་པས་བསྐལ་པ་དགུ་བཅུའི་སྡིག་བྱང་། དམྱལ་བ་ཐིག་ནག་ལས་ཐར། ཉེར་དགུར་ཕྱོགས་སྐྱོང་བཅུ་ཉུལ་ཏེ། དེའི་ཉིན་སངས་རྒྱས་སྨན་བླའི་མཚན་བཟུང་བས་བསྐལ་པ་སྟོང་གི་སྡིག་བྱང་། ཐལ་ཚན་མེ་མུར་གྱི་དམྱལ་བ་ལས་ཐར། གནམ་སྟོང་ལ་ལྷ་ཆེན་ཚངས་པ་ཉུལ་དུ་མཆི་སྟེ། དེའི་ཉིན་རྒྱལ་བ་ཤཱཀྱ་ཐུབ་པའི་མཚན་བཟུང་སྔགས་བཟླས་སོགས་ཀྱིས་བསྐལ་པ་སྟོང་གི་སྡིག་པ་བྱང་། ཞིབ་མོར་འཇོམས་པའི་དམྱལ་བ་ལས་ཐར་རོ། །དེ་རྣམས་ནི་དམིགས་བསལ་གྱི་ཕན་ཡོན་མདོར་བསྡུས་ཏེ། སྤྱིར་སངས་རྒྱས་བྱང་སེམས་རེ་རེའི་མཚན་ཐོས་པ་དང་། ཡེ་གེ་དྲུག་པ་ལན་གཅིག་བཟླས་པའི་ཕན་ཡོན་ཀྱང་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་བརྗོད་པར་མི་ནུས་པར་གསུངས། ཟས་གཅིག་པ་ལན་གཅིག་


SPN003_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་ཀྱང་ཚེ་རབས་ཐམས་ཅད་དུ་མུ་གེའི་བསྐལ་པ་ལས་ཐར། བསྐལ་པ་ཁྲིའི་བར་དུ་བཟའ་བཏུང་ལོངས་སྤྱོད་ཕུན་སུམ་ཚོགས། ལྷ་དང་མི་མ་ཡིན་གྱིས་སྐྱོབ་ཅིང་བྱ་བ་སྒྲུབ། སྐྱོན་ཐམས་ཅད་དང་བྲལ། ཚེ་དཔལ་བསོད་ནམས་སྙན་གྲགས་འཕེལ། མཐར་ཐུག་མི་གནས་པའི་མྱང་འདས་ལ་རེག་པ་སོགས་ཆོས་བཞིན་སྤྱོད་ན་དོན་ཆེན་འགྲུབ་པ་ཆོས་ཀྱི་བབས་སུ་སྣང་བས་ལོ་རྒྱུས་རྙིང་པ་རྣམས་སུའང་། ཤན་པ་ཞིག་གི་གདན་གཅིག་ལྔ་བཅུ་བྱས་པས་མི་དཔོན་ཆོས་ལྡན་ཏུ་སྐྱེས་པ་དང་། མི་དྲུག་གཡོ་སྒྱུས་བསད་པའི་བུད་མེད་ཞིག་གིས་གདན་གཅིག་སོ་དགུ་བྱས་པས་ཆོས་ལྡན་གྱི་མི་ལུས་ཐོབ་པ་དང་། ཡང་བུད་མེད་ཞིག་གི་གདན་གཅིག་ཉེར་ལྔ་བསྲུངས་པས་དགེ་བཤེས་ཚད་ལྡན་ཞིག་ཏུ་སྐྱེས་པ་སོགས་གཏམ་རྒྱུད་སྤྲོ་བསྐྱེད་མང་དུ་སྣང་ཡང་ཆོས་ལ་ཡིད་ཆེས་ཞིག་ཐོབ་ཕྱིན་ཆད་དེ་ཁོ་ནས་དོན་ཚང་བས་མང་དུ་སྨོས་མི་དགོས་སོ། །དེ་རྣམས་ཉམས་སུ་ལེན་ཚུལ་སོ་སོའི་སྙིང་པོ་སོགས་རྒྱས་པར་གཞན་དུ་གསལ་བ་ལྟར་ལ། མདོར་བསྡུས་ནང་སྔ་བར་ཁྲུས་དང་གཙང་སྦྲ་བྱས་ཏེ་སྡོམ་པ་བླང་། བཤེས་སྤྲིང་ལས། རྒྱལ་བས་སངས་རྒྱས་ཆོས་དང་དགེ་འདུན་


SPN003_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གཏོང་དང་ཚུལ་ཁྲིམས་ལྷ་རྗེས་དྲན་པ་དྲུག །རབ་ཏུ་བཀའ་སྩལ་དེ་དག་སོ་སོ་ཡི། །ཡོན་ཏན་ཚོགས་ཀྱི་རྗེས་སུ་དྲན་པར་བགྱིད། །ཅེས་གསུངས་པ་ལྟར་སྐྱབས་སེམས་ཡན་ལག་བདུན་པ་སྔོན་ཏུ་འགྲོ་བའི། མདུན་གྱི་ནམ་མཁར་ཚེས་སོ་སོའི་ལྷ་དང་། བོད་སྤྱིའི་ལྷ་སྐལ་ཐུགས་རྗེ་ཆེན་པོའང་ཆབས་ཅིག་བསྒོམ་གལ་རྒྱལ་པོ་བཀའ་ཆེམས་ལས་གསུངས་པས་ཚེས་ལྷ་ཐམས་ཅད་ཀྱི་གཡོན་ཏུ་འགྲོ་འདུལ་ཕྱག་བཞི་པར་བསྒོམ་ནས་དེ་དག་གི་མཚན་ནས་བརྗོད་དེ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་ཞེས་ལན་བརྒྱ་སྟོང་གང་འགྲུབ་དང་། སོ་སོའི་གཟུངས་སྔགས་དང་ཡིག་དྲུག་ཅི་འགྲུབ་བཟླ། སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་སྒོ་གསུམ་གྱི་སྡིག་སྒྲིབ་དག་པར་བསམ། མཐར་སྣོད་བཅུད་འོད་དུ་ཞུ་ལྷར་ཐིམ། དེ་ཡང་དམིགས་མེད་དུ་བཞག་ནས་དགེ་བ་བསྔོ། དེ་ལྟར་ཐུན་བཞིའམ་དྲུག་གང་འགྲུབ་འབད། ཉིན་གུང་གདན་གཅིག་ཚུལ་བཞིན་བྱ། སྔོན་འགྲོ་དང་རྗེས་བཅས་ཉིན་ཕྱེད་གཉིས་པོའང་སྨྱུང་གནས་ལྟར་ཐོན་ན་ལེགས། མ་འགྲུབ་ཀྱང་ཉིན་གཅིག་པོ་དེས་འཐུས་ལ། དེ་ལྟར་ཚེས་གཉན་སོ་སོའི་ངེས་པ་


SPN003_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མདོ་སྡེ་ལས་འབྱུང་། གདན་གཅིག་དང་ཡན་ལག་བརྒྱད་པོ་ཐེག་པ་ཆེ་ཆུང་གི་བསླབ་བྱ་ཐུན་མོང་བ་སྟེ། ཉམས་སུ་ལེན་ཚུལ་གྱི་གོ་རིམ་དེ་རྣམས་སྤྲུལ་པའི་རྒྱལ་པོའི་ཞལ་གདམས་ལས་འབྱུང་ངོ་། །དེང་སང་བསྟན་པའི་གཟུགས་བརྙན་ལ་སྤྱོད་པའི་དུས་མདོ་སྔགས་ཟབ་ཆོས་ཀྱི་ངེས་གསང་བླ་ན་མེད་པ་རྣམས་ནི་མོས་པ་ལམ་བྱེད་ཙམ་ལས་ཉམས་སུ་མི་ལོན། མཐུན་རྐྱེན་ཚང་ཞིང་རང་དབང་ཡོད་པའི་དུས་འདིར་ལམ་སྣ་ཟིན་ཙམ་ཞིག་མ་བྱུང་ན་ནི་རང་གིས་རང་བསླུས་པར་གདའ་བས་ཚེགས་ཆུང་ལ་དོན་ཆེ་ཞིང་ཁེ་ཆེ་ལ་ཉེན་ཆུང་བའི་ཆོས་སྤྱོད་འདི་འདྲར་ཐ་ན་འབྲེལ་འཇོག་རེ་ཙམ་བྱུང་ན་སྙམ་པས་ཞར་འཕྲོས་སུ་སྨོས་པའོ། །རྩ་བའི་ས་བཅད་གཉིས་པ་ལའང འཕགས་པའི་ཡོན་ཏན་སྤྱིར་བསྟན། དེའི་སྒྲུབ་ཐབས་དཔལ་མོ་ལུགས་དང་འབྲེལ་བའི་དོན་ཁྱད་པར་དུ་བཤད་པའོ། །དང་པོ་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཅེས་པ་ཉིད་དོན་ལ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་གཞི་སྟེ་ཆོས་སྐུའི་ངོ་བོ་གཟི་བརྗིད་འོད་དཔག་མེད། ལོངས་སྐུ་ནམ་མཁའ་རྒྱལ་པོ་གངས་ཆེན་མཚོ། །སྤྲུལ་སྐུ་རྒྱུད་པདྨ་དྲྭ་བ་ལས་གསུངས་པའི་སེང་གེ་སྒྲ་སོགས་རིགས་བཅུའི་གཙོས་བྱེ་བ་གྲངས་


SPN003_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད། ཡང་སྤྲུལ་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ལ་སོགས་པ་ནམ་མཁའ་དང་སེམས་ཅན་གྱི་ཁམས་ཇི་སྲིད་པ་དེ་སྲིད་དུ་ཐུགས་རྗེའི་འཇུག་པ་བསམ་གྱིས་མི་ཁྱབ་པ་ལས་སྐུའི་ངོ་བོ་ཞལ་བཅུ་གཅིག་པ། གསུང་སྤྲུལ་ཡི་གེ་དྲུག་པ། ཐུགས་སྤྲུལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། ཡོན་ཏན་སྤྲུལ་པ་རྟ་མགྲིན། ཕྲིན་ལས་སྤྲུལ་པ་འཇིགས་པ་བརྒྱད་སྐྱོབས་དང་སྒྲོལ་མ་དཀར་སྔོན་རྣམས་སྙིགས་དུས་ཀྱི་གདུལ་བྱ་སྤྱི་དང་། བོད་ཁ་བ་ཅན་འདུལ་བའི་ལྷ་མཆོག་གཙོ་བོར་གྱུར་པ་ཡིན་ལ་དེ་དག་གི་ཁུངས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་ཏུ་གྲགས་པ་རྣམས་ལས་མཚན་ཐོས་པ་ཙམ་གྱིས་ཕན་ཡོན་དཔག་ཏུ་མེད་པ་གསུངས་པ་སོགས་སྨོས་ཀྱིས་མི་ལང་ལ། མདོར་བསྡུས་ཟ་མ་ཏོག་བཀོད་པ་ལས། རིགས་ཀྱི་བུ་གང་ང་འདྲ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སུ་གྱུར་ལ། དེ་དག་ཀྱང་གནས་གཅིག་ཏུ་བཞག་ཅིང་ན་བཟའ་དང་། བཤོས་དང་། མལ་སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྐལ་པར་མཆོད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་


SPN003_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་གསོད་ནམས་ཀྱི་ཕུང་པོ་བགྲང་མི་ནུས་ན། རིགས་ཀྱི་བུ་གང་ང་གཅིག་པུ་འཇིག་རྟེན་གྱི་ཁམས་འདི་ན་གནས་པས་ལྟ་ཅི་སྨོས། གང་འཇིག་རྟེན་ན་སྤྱན་རས་གཟིགས་ཀྱི་དབང་པོའི་མིང་དྲན་པ་དེ་དག་ནི་བདེ་བ་དང་ལྡན་པ་ཡིན་ནོ། །དེ་དག་ནི་རྒ་བ་དང་། ན་བ་དང་། འཆི་བ་དང་། སྡུག་བསྔལ་བ་ལས་ཡོངས་སུ་ཐར་པ་ཡིན་ནོ། །དེ་དག་འཁོར་བའི་ཐ་མ་གཞན་མེད་པའི་སྡུག་བསྔལ་ལས་ཐར་བར་འགྱུར་རོ། །དེ་དག་ནི་གོས་དཀར་པོ་དང་སྐྱ་བོ་བགོས་བཞིན་དུ་བྱ་ངང་བའི་རྒྱལ་པོ་མགྱོགས་པ་དང་རླུང་གི་ཤུགས་འོང་བ་བཞིན་དུ་བདེ་བ་ཅན་གྱི་ཁམས་སུ་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ལས་ཆོས་མངོན་དུ་ཉན་པའི་ཕྱིར་འགྲོའོ། །ཐོས་ནས་ཀྱང་དེ་དག་གི་ལུས་ལ་འཁོར་བའི་སྡུག་བསྔལ་མི་འབྱུང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མི་འབྱུང་། རྒ་བ་དང་། ཤི་བར་མི་འགྱུར། དེ་དག་གི་ལུས་ལ་བགྲེས་པར་མི་འགྱུར། མངལ་ན་གནས་པའི་སྡུག་བསྔལ་བ་ཤེས་པར་མི་འགྱུར་ཏེ། ཆོས་ཀྱི་རོས་བསྐྱོད་ནས་དེ་ཉིད་དུ་པདྨའི་ནང་དུ་སྐྱེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་


SPN003_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་ཡི་དམ་བརྟན་པོ་ཡོངས་སུ་རྫོགས་པ་དང་། སེམས་ཅན་ཐམས་ཅད་ཐར་པ་ལ་བཞག་གི་བར་དུ་འཇིག་རྟེན་གྱི་ཁམས་དེ་ན་རྟག་ཏུ་འཛིན་ཅིང་གནས་སོ། །ཞེས་གསུངས། གཞན་ཡང་འཕགས་པའི་མཚན་འཛིན་པས་གནས་སྐབས་སུ་ཡང་ནད་གདོན་མེ་ཆུ་དགྲ་རྐུན་དུག་མཚོན་གཅན་གཟན་སོགས་འཇིགས་པ་བརྒྱད་དང་བཅུ་དྲུག་ལས་སྐྱོབ་ཅིང་ཕན་ཡོན་འགའ་ཞིག་འོག་ཏུ་འབྱུང་ལ། མདོར་ན་གོང་སྨོས་རྒྱལ་བ་ཀུན་གྱི་སྤྲུལ་གཞི། ད་ལྟའང་འགྲོ་དྲུག་གི་གནས་རྣམས་སུ་ཐ་ན་གྲུ་ཟམ། ཟས་སྨན། སྲིན་བུའི་གཟུགས་སོགས་གང་ལ་གང་འདུལ་དུ་སྤྲུལ་ནས་འགྲོ་དོན་རྒྱུན་ཆད་མེད་པར་མཛད་བཞིན་པ་སྟེ། མདོ་རྒྱུད་ཀྱི་ཕན་ཡོན་ཇི་སྙེད་པ་རྣམས་འཕགས་པའི་ཡོན་ཏན་ཁོ་ན་བརྗོད་པ་དང་འདྲ་བར་ཤེས་པར་བྱའོ། །གཉིས་པ་འདིར་བསྟན་དངོས་གཞི་འཆད་པ་ལ། ཕྱོགས་གང་དུ་གཏོགས་ཀྱི་ཁུངས་བསྟན། བརྒྱུད་པའི་རྣམ་ཐར་མདོར་བསྡུ། སྒྲུབ་དུས་བསྙེན་ཚད་སྤྱིར་བསྟན། ཕན་ཡོན་རྒྱས་པར་བཤད། རྗེས་དམ་ཚིག་བསྲུང་ཚུལ་ཏེ་ས་བཅད་ལྔ་ཡོད་པའི་དང་པོ་ནི། སྤྱིར་སྤྱན་རས་གཟིགས་ཀྱི་མདོ་གཟུངས་དང་། བཀའ་གཏེར་གྱི་རྒྱུད་དུ་མ་ཡོད་ཅིང་རྒྱུད་སྡེ་བཞི་ཀ་དང་


SPN003_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བ་ལས། འདིར་བྱ་རྒྱུད་ལ་འཇིག་རྟེན་ལས་འདས་པའི་རིགས་གསུམ། འཇིག་རྟེན་པའི་རིགས་གསུམ་སྟེ་དྲུག་ཡོད་པའི་སྔ་མ་པདྨའི་རིགས་སུ་གཏོགས་པ་ཞལ་བཅུ་གཅིག་པའི་གཟུངས་ལ་བརྟེན་པའོ། །གཉིས་པ་ནི། དེ་ཡང་འཕགས་པ་བཅུ་གཅིག་ཞལ་དངོས་ཀྱིས་རྗེས་སུ་བཟུང་བ་ནི་དགེ་སློང་མ་དཔལ་མོ་སྟེ། དེ་ནི་ཨོ་རྒྱན་རྒྱལ་པོའི་སྲས་མོ་ཞིག་ཁྱིམ་ཀྱི་ཉེས་དམིགས་མཐོང་ནས་རབ་ཏུ་བྱུང་། རིག་པའི་གནས་ལྔ་ལ་མཁས། ཁྲིམས་ཤིན་ཏུ་བཙུན་པར་བཞུགས་ཀྱང་སྔོན་གྱི་ལས་ངན་སྨིན་ནས་མཛེ་བྱུང་སྟེ་ལུས་ལ་ན་ཚ་དང་སེམས་ལ་སྡུག་བསྔལ་དྲག་པོ་མྱོང་། ཕྱག་གཉིས་མཁྲིག་མ་ནས་ཆད་དེ་ཁ་ཟས་ཀྱང་བསྙབས་མི་ཤེས་པར་དུད་འགྲོ་ལྟར་གསོལ་དགོས་པས། འཁོར་རྣམས་ཀྱིས་བས་མཐའི་རྩྭའི་སྤྱིལ་པོ་ཞིག་ཏུ་བསྐྱབ་ནས་བཤུམ་ཞིང་བཞུགས་པའི་ནུབ་གཅིག་རྣལ་ལམ་དུ། རྒྱལ་པོ་ཨིནྡྲ་བྷུ་ཏིས་བྱིན་གྱིས་བརླབས་ཤིང་འཕགས་པ་སྒྲུབ་ན་མྱུར་དུ་མཆོག་འགྲུབ་པར་ལུང་བསྟན་པའི་ཕྱིར་ནང་ནས་ཟུག་རྔུ་ཅུང་ཟད་ཞི་སྟེ། ཉིན་མོ་ཡི་གེ་དྲུག་པ་དང་། མཚན་མོ་གཟུངས་རིང་ཐུང་བཟླས། ལོ་རྒྱུས་ཁ་ཅིག་ཏུ་ཁ་སཪྤ་ཎའི་ནགས་སུ་དཔལ་གྱི་སེང་གེ་


SPN003_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཐུགས་རྗེ་ཆེན་པོའི་གྲུབ་ཐོབ་ལས་འདིའི་གདམས་ངག་ཞུས་ནས་དེ་ཉིད་དུ་བསྒོམས་པའང་བཤད། གང་ལྟར་སྐབས་ཤིག་ཏུ་སྒྲུབ་པས་སུན་ནས་ཐུགས་སྐྱོ་བ་ན་མནལ་ལམ་དུ་འཇམ་དཔལ་གྱིས་ཞལ་བསྟན་ཏོ། །ལི་ཁར་ཤིང་འཕེལ་དུ་སོང་ལ་འཕགས་པ་སྒྲུབས་ཤིག །ལོ་ལྔ་ནས་རྗེ་བཙུན་སྒྲོལ་མ་དང་རྟོགས་པ་མཉམ་པར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར། གནས་དེར་ཕེབས་པའི་ལམ་དུ་པདྨ་མཁའ་འགྲོ་བདུན་གྱིས་ཕྲིན་ལས་ཞུས་ཏེ། ཤིང་འཕེལ་རང་བྱོན་འཕགས་པའི་དྲུང་དུ་མཆོག་མ་ཐོབ་པར་གདན་མི་སྤོ་བར་དམ་བཅས་ནས་གདན་གཅིག་དང་བསྙུང་གནས་སྤེལ་ཏེ་འཇིག་རྟེན་མགོན་པོའི་བསྐྱེད་རྫོགས་དང་གཟུངས་རིང་ཐུང་བཟླས་པས་ལོ་གཅིག་ནས་སྙུན་ལས་གྲོལ། ཏིང་ངེ་འཛིན་གྱི་སྒོ་དུ་མ་འཁྲུངས། སྐུ་ལུས་སོར་ཆུད། བདུད་དང་ཕྱོགས་སྐྱོང་བཅུ་སོགས་གླགས་ལྟ་བ་ཀུན་རྗེ་བཙུན་གྱི་བསྐྱེད་རིམ་དང་བྱམས་སྙིང་རྗེའི་དམ་འོག་ཏུ་ཆུད། ཀླུ་ཆེན་བརྒྱད་ཀྱིས་ཆོས་འདིའི་སྲུང་མར་ཁས་བླངས། དེ་ནས་དུས་ལན་གཅིག་དགེ་སློང་མས་དགུང་ལོ་ཉེར་བདུན་བཞེས་པའི་ས་ག་ཟླ་བའི་ཚེས་གཅིག་ལ་རྗེ་བཙུན་སྒྲོལ་མས་ཞལ་བསྟན། ས་དང་པོ་ཐོབ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་


SPN003_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཁྱོད་ཀྱིས་བྱེད་པར་འགྱུར་རོ་ཞེས་གསུངས། ཚེས་བརྒྱད་ལ་དོན་ཞགས་སོགས་ཀྲི་ཡའི་ལྷ་ཕལ་ཆེར་ཞལ་གཟིགས། ས་བརྒྱད་པ་ཐོབ། ཁྱོད་ཀྱིས་སྤྱན་རས་གཟིགས་ཀྱི་སྒོ་ནས་འགྲོ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་འགོད་པར་འགྱུར་རོ། །ཞེས་གསུངས། བཅོ་ལྔའི་ཉིན་ཕྱག་སྟོང་སྤྱན་སྟོང་གི་སྐུའི་ནང་རྒྱུད་སྡེ་བཞིའི་དཀྱིལ་འཁོར་དང་། བ་སྤུའི་བུ་ག་རེ་རེ་ལ་སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པ་བཀོད་པ་གཟིགས་པས་ལོ་བཅུ་གཉིས་ལ་དཀའ་བ་སྤྱད་པས་དེ་ཙ་ན་མི་མཇལ་བའི་ཡུས་གསོལ་བ་ན། ཁྱོད་ཀྱི་ས་དང་པོ་སྒྲུབ་པའི་འགོ་བརྩམས་ནས་འབྲལ་མེད་དུ་གནས་ཀྱང་ད་བར་ལས་སྒྲིབ་མ་ཟད་པས་མ་མཐོང་བ་ཡིན་ནོ་ཞེས་གསུངས་ཏེ་ཆོས་བསྟན་ཅིང་བྱིན་གྱིས་བརླབས་པས་ས་བཅུའི་ཡོན་ཏན་མ་ལུས་པ་རྫོགས། འཕགས་པ་དང་གཉིས་སུ་མེད་པའི་གོ་འཕང་བརྙེས་ཤིང་སྐུ་ལུས་ཀྱང་གསེར་གྱི་ཁ་དོག་ལྟ་བུར་གྱུར་ཏོ། །དེ་ནས་སྔགས་སྤྱོད་ལ་ཞུགས་པས་མི་ཀུན་གྱིས་སྐུར་པ་བཏབ། དེར་མ་དད་པ་བཟློག་པའི་ཆེད་དུ། ཁ་སཪྤ་ཎའི་དུས་སྟོན་གྱི་ཁྲོམ་གསེབ་ཏུ་རང་གི་དབུ་གྲི་གུག་གིས་བཅད་དེ་འཁར་གསིལ་གྱི་རྩེར་བསྐྱོན་ནས་ནམ་མཁར་སྤྲིན་གསེབ་ཏུ་གར་


SPN003_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། སླར་ས་ལ་བབས་ཤིང་སྔ་མ་ལྟར་སོར་ཆུད་པ་མཛད་པས་དེར་འདུས་ཐམས་ཅད་དད་པ་ལ་བཀོད། དེར་སྤྱན་རས་གཟིགས་ཀྱི་རྟོགས་པ་གསུངས་པ་ཙམ་གྱིས་དེ་རྣམས་དང་། ཡུལ་གྲུ་དེའི་ཕོ་མོ་ཐམས་ཅད་ཀྱིས་མཆོག་གི་དངོས་གྲུབ་ཐོབ་ནས་མཁའ་སྤྱོད་དུ་གཤེགས་པར་གྲགས་སོ། །དེ་ཡང་ཕྱི་ལྟར་དགེ་སློང་མ་དཔལ་མོ། ནང་ལྟར་རྗེ་བཙུན་སྒྲོལ་མ། གསང་བ་རྡོ་རྗེ་ཕག་མོ་དབུ་བཅད་མ་དངོས་ཡིན་ལ། ཨིནྡྲ་བྷུ་ཏིའི་ལྕམ་ལཀྵྨཱི་ཀ་ར་དང་གཅིག་པར་ཡང་བཤད་དོ། ༈ །དེ་ཡིས་རྗེས་སུ་བཟུང་བ་པཎྜི་ཏ་ཟླ་བ་གཞོན་ནུ་ནི། རྒྱ་གར་ནུབ་ཕྱོགས་བྲམ་ཟེ་ཞིག་ཏུ་འཁྲུངས། སྒྲ་ཚད་སོགས་ལ་མཁས་པའི་གྲགས་པས་ཁྱབ་ཅིང་རབ་ཏུ་བྱུང་ནས་ཐོས་པ་མང་པོའི་དོན་ཉམས་སུ་ལེན་པ་ན། ཐུགས་རླུང་གི་གེགས་ཤིག་བྱུང་སྟེ་ཅི་བྱས་ཀྱང་མ་ཕན་ནས་དགེ་སློང་མ་དཔལ་མོ་མཇལ་བར་ཕྱིན་པས་བྱིན་རླབས་མཛད་པ་ཙམ་གྱིས་སོས། ཁྱོད་ཀྱིས་སྔོན་བླ་མ་ཞིག་གི་ཐུགས་དཀྲུག་ཀྱང་དེའི་བཤགས་པ་བྱས་པས་ད་རེས་ནད་འདི་བྱུང་ཞིང་ང་དང་མཇལ་བ་ཡིན་གསུངས། ཞལ་བཅུ་གཅིག་པའི་གདམས་པ་གནང་བས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ་བོ། །


SPN003_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

པཎྜི་ཏ་ཡེ་ཤེས་བཟང་པོ་ནི་རྒྱལ་རིགས་རབ་ཏུ་བྱུང་སྟེ་རིག་པའི་གནས་ལྔ་ལ་མཁས་པ་ཞིག་སྔོན་ལས་ཀྱིས་སྐུ་སྟོད་དུ་རྨ་སྲོལ་ཆེན་པོ་བྱུང་བར་སྨན་བཅོས་དུ་མ་བྱས་ཀྱང་མ་ཕན། ལྷ་འདྲེའི་གནོད་པར་དོགས་ཏེ་གྲུབ་ཐོབ་ཞིག་ལས་གཤིན་རྗེའི་གཤེད་ཀྱི་གདམས་པ་ཞུས་ནས་བསྒོམས་པས་སུམ་ལོགས་ཀྱིས་ཐུར་སོང་། སྐུ་ལུས་ཆུ་བུར་གྱིས་ཁྱབ། ཚ་རེག་ཟུག་རྔུ་མ་བཟོད་པར་རྫིང་བུར་ཞུགས་ཀྱང་དྲོད་ཀྱིས་མཚོ་ཁོལ་ནས་ཆུ་བརྗེ་དགོས་པ་བྱུང་། གཉན་མེ་དབལ་ནག་པོ་ཞེས་པ་སྟེ། ནུས་པ་ཅན་ཐམས་ཅད་ལ་གཏུགས་ཀྱང་མ་ཕན་པར་ཟླ་བ་གཞོན་ནུ་ལ་ཞུས་པས་དེར་འབྱོན་པར་རྩོམ་པ་ན། རྗེ་བཙུན་སྒྲོལ་མས། འདི་ནི་བླ་མ་ཞིག་ལ་དམ་ཉམས་བྱས་པའི་རྣམ་སྨིན་ཡིན་ཏེ་ཁྱོད་ཀྱིས་ཀྱང་གསོ་མི་ནུས་པས་དཔལ་མོ་ལ་གསོལ་བ་ཐོབ་ཅིག་པའི་ལུང་བསྟན་བྱུང་བ་ལྟར། དགེ་སློང་མ་སྤྱན་འདྲེན་གྱི་གྲོགས་མཛད་དེ་དཔོན་སློབ་གཉིས་མཚོ་ཁར་ཕེབས་པ་ལ་གསོལ་བ་བཏབ་པས་བྱིན་རླབས་མཛད་པ་ཙམ་གྱིས་སྙུན་གཞི་མེད་དུ་དྭངས། དགེ་སློང་མ་བཅུ་གཅིག་ཞལ་དངོས་སུ་མཐོང་། དེར་སྤྱན་རས་གཟིགས་ཀྱི་གདམས་པ་ཉུང་ངུ་ཞིག་གནང་། རྒྱུད་སྒྲུབ་ཐབས་རྒྱས་པ་ཟླ་བ་


SPN003_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་ལ་ཞུས་ཏེ་ཟླ་བ་གསུམ་དུ་སྨྱུང་གནས་མཛད་ཅིང་བསྒོམས་པས་འཕགས་པའི་སྐུར་དངོས་སུ་གྱུར་ཏེ་མཆོག་ཐོབ་བོ། །བལ་པོ་པཎྜི་ཏ་པེ་ཉ་བ་ནི་རྒྱལ་རིགས་མཁས་པའི་ཕུལ་དུ་ཕྱིན་པ་ཞིག་འཇམ་དཔལ་གྱིས་ལུང་བསྟན་ནས་རྒྱ་གར་དུ་བྱོན། ཡེ་ཤེས་བཟང་པོ་ལ་བཅུ་གཅིག་ཞལ་གྱི་གདམས་ངག་ཞུས་ནས་ལོ་ལྔར་འཚོ་བ་བསོད་སྙོམས་ལ་བསྟེན། སྒྲུབ་པ་མཛད་པས་ཞལ་མཐོང་། མཆོག་གི་དངོས་གྲུབ་ཐོབ་སྟེ་འཇའ་ལུས་སུ་གཤེགས་སོ། ༈ །དེའི་སློབ་མ་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ནི་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་པར་ཡོངས་སུ་གྲགས་ཏེ་མཁས་པ་དང་གྲུབ་པ་བརྙེས་པ་མང་པོ་ལ་སྤྱན་རས་གཟིགས་ཀྱི་ལུང་བསྟན་བྱུང་བས་ཞབས་ལ་བཏུད་པའི་ལོ་རྒྱུས་དུ་མ་སྣང་། ཉིད་ཀྱིས་སྐྱིད་གྲོང་ལོ་ཀེ་ཤྭ་རའི་དྲུང་དུ་ཞག་བདུན་གསོལ་བ་བཏབ་པས། ལོང་བ་བརྒྱ་ལ་མིག་བྱིན། གཙུག་ལག་ཁང་བརྒྱ་བརྩིགས། ལམ་འཕྲང་བརྒྱ་སོལ། དགེ་སློང་བརྒྱའི་འཚོ་བ་དྲོངས་ཕྱག་སྟོང་སྤྱན་སྟོང་ལ་གསོལ་བ་བཏབ་པས་དེ་རྣམས་འགྲུབ་སྟེ་མྱུར་དུ་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཐོབ། དེར་དགེ་སློང་བཞི་སྡེ་རེ་ཁྲིད་ནས་བསོད་སྙོམས་མཛད་པས་སྐུ་བསོད་


SPN003_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཏེ་ཟང་ཟིང་འདུས། ལྷ་ཁང་བརྒྱ་ལྷག་བཞེངས། སྲོག་བསླུ་དང་མིག་བསླུ་སུམ་བརྒྱ་ལྷག་མཛད། ལམ་འཕྲང་དུ་མ་གསོས། དགེ་སློང་སྟོང་ཉིས་བརྒྱ་ཙམ་དེའི་འཚོ་བ་སྦྱོར་བ་སོགས་དགེ་བ་རླབས་ཆེན་དཔག་མེད་འགྲུབ། དེའི་ཚེ་ལྷོ་རྒྱུད་ཀྱི་གྲོང་ཞིག་ཏུ་ཕེབས་པ་ན། བུད་མེད་ནད་མ་ཞིག་གིས་བྱིན་རླབས་ཞུས་པར་གཏོར་མ་དང་བསྔོ་བ་ཡང་མཛད་ནས། ན་ཚ་སྔོན་གྱི་མི་དགེ་བ་ལས་བྱུང་བ་ཡིན་པས་བཟོད་པ་དང་བྱང་ཆུབ་ཀྱི་སེམས་སྒོམས་ཤིག་གསུངས་པས་མོ་དད་པ་སྐྱེས་ཏེ་མཆི་མ་བླགས་བཞིན་ཏུ། ཚེ་སྔོན་མ་ལྟ་ཞོག །ཚེ་འདིར་ཡང་སྡིག་པ་མང་དུ་བྱས་ཡོད་ན་ཟེར་བས། འོ་ན་སྡིག་པ་དྲན་ཚད་མཐོལ་བཤགས་གྱིས་དང་དག་པ་ཡིན་ནོ་གསུངས། དེར་མོ་ན་རེ། བདག་སྐྱིད་གྲོང་དུ་ཚོང་དཔོན་ཕྱུག་པོ་ཞིག་གི་ཆུང་མ་ལ་ཕྱིན། བུ་ཞིག་ཡོད་པས་ལོ་བདུན་ལོན་པའི་ཚེ། ཚོང་དཔོན་བལ་ཡུལ་དུ་ཚོང་ལ་ཕྱིན་ནས་ལོ་གསུམ་དུ་མ་འཁོར། ཤུལ་དུ་སྐྱེ་མཆེད་ལེགས་པ་དང་། ཉོན་མོངས་དྲག་པོའི་དབང་གིས་སྐྱེས་པ་གཞན་དང་འགྲོགས་པའི་བུ་ཞིག་སྐྱེས་པ་དེ་བསད། ལོངས་སྤྱོད་རྣམས་ཀྱང་ཕྱེད་མེད་དུ་སོང་བས། བུ་སྔ་མས། ངའི་ཕ་དེ་བྱུང་


SPN003_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཁྱོད་ལ་ཅི་འདྲ་ཞིག་འོང་ངམ་ཟེར་བར། ངས་ཅི་བྱས་སྨྲས་ཏེ་རྡོག་ཐོ་ཞིག་བརྒྱབ་པས་མཆིན་ཁར་ཕོག །ཁ་ནས་ཁྲག་སྐྱུག་སྟེ་ཤི། དེར་ངའི་བུ་གཟའ་གདོང་ཐུག་གིས་གུམ་བྱས་ནས་གཡོ་ཁྲམ་མང་པོ་ལབ། བླ་མཆོད་ཞིག་ལ་དེའི་རྒྱུས་ཡོད་པས་དེའང་དུག་བླུད་ནས་བཀྲོངས། དེ་ནས་ཚོང་དཔོན་ནོར་དཔག་མེད་བཅས་སླེབ་པ་ན། གཡོག་མོ་ཞིག་གིས་ལོ་རྒྱུས་རྣམས་ལྐོག་ཏུ་བཤད་པས། ཁོ་ན་རེ། དོ་ནུབ་མི་ཤེས་པ་ལྟར་གྱིས། ནང་པར་མིག་འདོན་ནོ་ཟེར་བ་མོས་ཕག་ཉན་བྱས་པས་ཚོར་ཏེ་འཇིགས་དྲག་ནས་དུག་མང་པོ་ཆང་ལ་སྦྱར་ནས་ཚོང་དཔོན་དཔོན་གཡོག་བརྒྱད། ཁྱིམ་མཚེས་སྐྱེས་པ་གཉིས། ཁོལ་མོ་གཉིས་བཅས་ལ་བླུད་པས་དེའི་ཐོ་རངས་ནས་སྨྲ་མི་ནུས་པར་གྱུར་ཏེ་ཞག་གཉིས་ཀྱི་ཁོངས་སུ་ཤི། བདག་ལྷོ་བལ་དུ་བྲོས། དེའི་ལེ་ལེན་བདས་པས་ཕ་མིང་རྣམས་ཀྱང་ཕུང་དུ་བཅུག གཞན་ཡང་གཡོ་ཟོལ་གྱི་སྡིག་ཅིའང་བགྱིས་ན་ཐུགས་རྗེས་བཟུང་འཚལ་ཟེར། དེར་བྱང་ཆུབ་སེམས་དཔས་བུད་མེད་ཅིག་ལ་འདི་འདྲའི་སྡིག་ཆེ་བ་དགོངས་ཏེ་སྤྱན་ཆབ་མང་པོ་ཤོར། སྨྱུང་གནས་ཚར་གཅིག་བྱས་ཀྱང་ངན་སོང་དུ་མི་འགྲོ་བ་འཕགས་པ་ལ་དབུ་སྨྱུང་བཞེས་པ་ཡིན་པས་འདི་ལ་དེ་ལས་དྲག་པའི་རེ་ས་


SPN003_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མེད་དགོངས་ཏེ་ལུང་ཕོག །སྨྱུང་གནས་ཚར་བརྒྱད་བགྱིད་པར་བགོས། མོའི་ན་བའང་བླ་མའི་ཐུགས་རྗེས་ཅུང་བདེ་བ་དང་། ས་ག་ཟླ་བ་ལ་སྨྱུང་གནས་བྱས་པའི་ལན་གཅིག་གི་དགོང་མོར་ཁ་སྐོམ་ནས་ཆང་འཐུང་། ཡང་ལན་གཅིག་ལ་ལྟོག་དྲག་པས་ཞལ་ཟས་བཞི་ཕུལ་ཡོད་པའི་གཉིས་ཟོས། དེ་ལྟར་སྨྱུང་གནས་ཧྲུལ་པོ་ལན་གཉིས་དང་། གདན་གཅིག་ལ་བརྟེན་པའི་བསྙེན་གནས་དྲུག་སྟེ། བརྒྱད་ཚར་ནས་རིང་པོ་མ་ཐོགས་པར་ཤིའོ། །ལན་གཅིག་བྱང་ཆུབ་སེམས་དཔས་གཙང་སྟོད་དུ་སེམས་བསྐྱེད་ཞིག་གསུངས་པའི་ཚེ་མི་ཐམས་ཅད་ཀྱིས་མཐོང་བར་ཙི་མར་དངོས་སུ་བྱུང་ནས་གྲུབ་རྟགས་ཞིག་སྟོན་པར་ཞུས་པས་ཕྱག་མཐིལ་དུ་སྤྱན་ཁྲ་ཧྲིག་ཧྲིག་པ་ཀུན་གྱིས་མཐོང་། ཁ་ཅིག་གིས་བཅུ་གཅིག་ཞལ། འགྲོ་འདུལ་ཕྱག་བཞི་པ། ཁ་སཪྤ་ཎི་ལ་སོགས་དངོས་སུ་མཐོང་། ཁོ་ཡང་དད་དེ་ཆོས་འདིའི་སྲུང་མར་ཁས་བླངས་སོ། །དེའི་ཚེ་མི་རྣམས་ཤིན་ཏུ་དད་ནས་སྡིག་བཤགས་ཕུལ་པ་མང་པོ་བྱུང་བ་ན་དགེ་སློང་ཞིག་གིས། ན་ནིང་རྒན་མོ་མི་བཅོ་ལྔ་བསད་པ་དེ་ཤི་བར་ཐོས་པས་གར་སྐྱེ་ཞུས་པར། ཞལ་འཛུམ་མཛད་དེ་ཞལ་བཅུ་གཅིག་པའི་སྨྱུང་གནས་


SPN003_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཕན་ཡོན་ཚད་མེད་ཀྱང་ནུས་པ་ཤིན་ཏུ་ཉུང་བ་འདུག །བུད་མེད་དེ་རྒྱ་གར་ཤར་ཕྱོགས་ན་བྲམ་ཟེ་འབྱོར་ལྡན་ཞིག་གི་བུར་སྐྱེས་ནས་རིན་པོ་ཆེའི་རྒྱན་མང་པོ་ཅན་དུ་གདའ། སྔོན་སྨྱུང་གནས་བྱེད་པོ་དེས་མི་ལུས་ཐོབ་ཀྱང་། ཁ་སྐོམ་ནས་ཆང་འཐུང་བས་ཤེས་པ་མཐོ་དམན་ཅན། ཞལ་ཟས་ཟོས་པས་གཟུགས་ངན་པ་ཞིག་ཏུ་སྣང་། སྐྱེ་བ་དེར་སྤྱན་རས་གཟིགས་ལ་ཡི་དམ་བྱེད་ཅིང་ཚེ་འཕོས་མ་ཐག་ཏུ་བདེ་བ་ཅན་དུ་སྐྱེ་བར་འདུག །སྨྱུང་གནས་རྣམ་དག་ཚར་བརྒྱད་བྱས་ཤིང་། འཕགས་པའི་མཚན་བརྒྱ་རྩ་རེ་བརྗོད་དེ་ཕྱག་འཚལ་ན་ངེས་པར་བདེ་བ་ཅན་གྱི་འཇིག་རྟེན་དུ་ཕྱིར་མི་ལྡོག་པའི་ས་ཐོབ་ཅིང་། མཐར་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་ལ། ལན་གཅིག་གིས་ཀྱང་ངེས་པར་ངན་འགྲོའི་སྒོ་བཅད་པར་འགྱུར། ཆོས་འདི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྒྲུབ་ཐབས་ཡིན་པས་ཀུན་གྱིས་འདི་ལ་བསླབ་པར་བྱའོ། །ཞེས་ཀྱང་གདམས་པར་མཛད་དོ། །གྲུབ་ཐོབ་ཉི་ཕུག་པ་ནི། མངའ་རིར་འཁྲུངས་པའི་མཚན་ཡིད་འཕྲོགས། རབ་ཏུ་བྱུང་ནས་དགུང་ལོ་ཉེར་དྲུག་ཚུན་ལ་མཁས་བཙུན་བཟང་གསུམ་གྱི་གྲགས་པ་ཐོན། དེར་མནལ་ལམ་དུ་སྒྲོལ་མས། རིགས་ཀྱི་བུ།


SPN003_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཡུལ་དུ་སྤྱན་རས་གཟིགས་བྱོན་ཡོད་པས་དེར་སོང་དང་དོན་གཉིས་འགྲུབ་པར་འགྱུར་རོ་ཞེས་པའི་ལུང་བསྟན་ལྟར་བྱོན་པས་བྱང་སེམས་ཟླ་རྒྱས་དང་མཇལ། ཕྱག་རྟེན་བཏང་ནས་སྒྲུབ་སླ་ལ་དོན་ཆེ་བ། ངན་སོང་དང་གཏན་གྱེས་བྱེད་པའི་ཆོས་ཤིག་ཞུ་བྱས་པས་ཞལ་བཅུ་གཅིག་པའི་གདམས་ངག་གནང་། བླ་མའི་བཀའ་ལྟར་བྱང་ཕྱོགས་དྷཱ་ཀིའི་གངས་སུ་རྩམ་པ་བྲེ་ལྔ་ལ་རླུང་ནོན་མཛད། སྨྱུང་གནས་དང་བཅུད་ལེན་ཁོ་ནས་མི་སུས་ཀྱང་མ་ཚོར་བར་ལོ་བདུན་བཞུགས་པས་ཕྱག་མཐིལ་ལ་ཉི་ཟེར་ཐོལ་བྱུང་དུ་འཆར་བ་སོགས་འབྱུང་བཞི་དེངས་པའི་མཚན་མ་བརྙེས། རྟ་སྒོའི་ལྷ་བཙན་འབུམ་རྗེས་ཆོས་སྐྱོང་དུ་ཁས་བླངས། ནམ་མཁའ་ལ་འཕུར་ཏེ་ཉི་ཕུག་ཏུ་ཕེབས་ནས་སྤྲུལ་པའི་བཟོ་པོ་དུ་མས་གཙུག་ལག་ཁང་དང་ཇོ་བོའི་སྐུ་བཞེངས་ནས་གདན་ས་བཏབ་པས་མཚན་ཡང་ཉི་ཕུག་པར་གྲགས། རེ་ཞིག་སྨྱུང་གནས་མཛད་པའི་ནམ་ཕྱེད་སྤྱན་བུད་འགྲོ་བ་ལྟ་བུའི་སྙུང་ཟུག་བྱུང་བར། མི་དཀར་པོ་ཞིག་གིས། ཁྱོད་ཀྱི་སྐྱེ་བ་ལྔ་བརྒྱའི་གོང་དུ་རྒྱ་གར་ལྷོ་ཕྱོགས་སུ་མཉན་པར་སྐྱེས་ཏེ་གྲུ་སྐྱ-་ལ་ཉ་པོ་ཆེའི་མིག་བཅར་བའི་རྣམ་སྨིན་གྱི་ཐ་མ་ཡིན་ཟེར། ཡང་ལན་གཅིག་ཞལ་འགྲམ་


SPN003_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སྐྲངས་ནས་ཟུག་རྔུའི་མི་བཟོད་པ་ལའང་སྔ་མ་ལྟར། སྐྱེ་བ་དགུ་བརྒྱའི་གོང་དུ་མ་ཧེའི་འགྲམ་པ་རྡོས་བཅག་པའི་རྣམ་སྨིན་ཐ་མ་ཡིན་ཟེར། དེར་འགྲོ་དོན་དཔག་མེད་མཛད། དུས་རྒྱུན་དུ་སྨྱུང་གནས་ཁོ་ན་དང་། སྐུ་ཁམས་ངན་དུས་ཀྱང་དུས་བཟང་གསུམ་ལ་མ་ཆགས་པར་གནང་། སྐྱེ་བ་དེ་འཕོས་མ་ཐག་ཏུ་ནུབ་ཕྱོགས་བདེ་ལྡན་གྱི་ཞིང་དུ་བྱང་ཆུབ་བརྙེས་པར་ལུང་བསྟན་ཐོབ། དགུང་ལོ་དོན་བདུན་བཞེས་པའི་ཚེས་བརྒྱད་གཅིག་ལ་སྨྱུང་གནས་ངག་བཅད་གནང་བཞིན་ཉི་མ་ཕྱེད་ཡོལ་དུ་གཤེགས་པའི་ཚུལ་བསྟན་ཅིང་ངོ་མཚར་བའི་ལྟས་མཐའ་ཡས་སོ། ༈ །སྲུ་པ་རྡོ་རྗེ་རྒྱལ་པོ་ནི། སྲུ་ཡུལ་སྒང་དུ་འཁྲུངས། མཚན་ཚུལ་ཁྲིམས་དཀོན་མཆོག་ཏུ་བཏགས། ལས་སད་དེ་དགུང་ལོ་བདུན་པ་ནས་གྲུབ་ཐོབ་པ་དང་མཇལ། རིམ་པར་རབ་ཏུ་བྱུང་། ཐེག་པ་རིམ་པ་གསུམ་ལ་མཁས་ཤིང་བཙུན་པའི་མཆོག་ཏུ་བཞུགས། ཁྱོད་མི་གཅིག་ལ་ཆོས་གཅིག་གིས་ཆོག་པ་སྟེར་གསུངས་ནས་སྤྱན་རས་གཟིགས་ཀྱི་དབང་གདམས་ངག་གནང་། མ་ཤིའི་བར་དུ་སྨྱུང་གནས་བགྱིད་པའི་དམ་བཅའ་ཕུལ་ཏེ་ལོ་ཧྲིལ་པོ་ལྔར་བཅག་མལ་གཅིག་ཏུ་སྨྱུང་གནས་མཛད་པས་ལོ་སོ་དྲུག་ཏུ་


SPN003_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་ཟླ་བ་གསུམ་པའི་ཚེས་བརྒྱད་ལ་འཕགས་པ་ཞལ་གཟིགས་ཏེ་ཉིད་ཀྱི་སྐུ་གསུང་ཐུགས་དང་དབྱེ་བ་མེད་པར་བྱིན་གྱིས་བརླབས། མངོན་ཤེས་རྫུ་འཕྲུལ་འགྲོ་དོན་བསམ་གྱིས་མི་ཁྱབ། འཚོ་བ་བསོད་སྙོམས་ཁོ་ན་མཛད། ཤ་ཆང་ལྗགས་ཐོག་ཏུ་བཞེས་མ་མྱོང་། སྨྱུང་གནས་ཆགས་མེད་དུ་གནང་ཞིང་མཐར་སྐུ་གཤེགས་པའི་གདུང་རྣམས་རིང་བསྲེལ་དུ་གྱུར་པ་མཆོད་རྟེན་དུ་བཞུགས་པས་ད་ལྟའང་གསོལ་བ་བཏབ་ན་འཕེལ་གདུང་འབྱོན་པར་གྲགས་སོ། །ཞང་སྟོན་དགྲ་འཇིགས་ནི། ཁྲོ་ཕུར་འཁྲུངས་པའི་ཚེ་ས་གཡོ་བ་དང་འབྲུག་སྒྲོག་པ་སོགས་ཀྱིས་ཡབ་མེས་ཀྱི་དགྲ་ཞིག་ཡོད་པ་འཇིགས་པས་མཚན་དེ་སྐད་གྲགས། རབ་ཏུ་བྱུང་ནས་ས་སྐྱ་སོགས་སུ་ལུང་རིགས་ཀྱི་གྲྭ་བསྐོར་མཛད་པས་མཁས་པའི་སྙན་པས་ཁྱབ། བཀའ་གདམས་ཀྱི་རྣམ་ཐར་ཤིན་ཏུ་གཙང་ཞིང་གྲྭ་བ་ལྔ་བརྒྱ་ཙམ་འདུས་པའི་ཆོས་སྡེ་སྐྱོང་བ་ལ་སྒྲོལ་མས་ལུང་བསྟན་ཏེ། བྱང་སེམས་གྲུ་བའི་དྲུང་ནས་ཞལ་བཅུ་གཅིག་པའི་གདམས་སྐོར་ཞུས། སྨྱུང་གནས་མཛད་ནས་ལོ་གསུམ་དང་ཟླ་བ་བཞི་སོང་བའི་ཚེས་བཅོ་ལྔའི་ནུབ་ཀྱི་ཆ་དང་པོར་སྒྲོལ་མ་ཕྱག་འཚལ་ཉེར་གཅིག །གཉིས་


SPN003_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨན་བླ་མཆེད་བརྒྱད། གསུམ་པར་འཕགས་པ་ལ་བྱ་སྤྱོད་ཀྱི་ལྷ་མང་པོས་བསྐོར་བ་ཞལ་གཟིགས། དབང་བསྐུར་བྱིན་གྱིས་བརླབས། བུ་ཁྱོད་ཁ་ཟས་དང་གཤིན་ཟས་མ་ཟ་བར་རི་ཁྲོད་དབེན་པ་བསྟེན་ལ་ནུས་ན་བཅུད་ལེན་གྱིས། མི་ནུས་ན་བསོད་སྙོམས་གྱིས་ལ་སེམས་ཅན་གྱི་དོན་མཛོད་ཅེས་ལུང་བསྟན། དེས་བླ་མའི་བཀའ་ལྟར་གད ན་ས་ལོ་གསུམ་མཛད་གྲུབ་འཕྲལ་ན་བཟའ་དང་བཞུགས་གདན་ཡོད་པ་སྤངས་དག་མཛད། ལུང་པའི་ཕུ་རྫ་གསེབ་ཞིག་ཏུ་སུས་ཀྱང་མ་མཐོང་བར་སྨྱུང་གནས་ཟླ་བ་གསུམ་མཛད་པས་ཚད་ནད་དྲག་པོ་ཞག་བདུན་ཏུ་བྱུང་སྟེ། ད་རང་ཤིའམ་སྙམ་པ་ན་ཐོ་རངས་མནལ་ཟ་ཟི་ཞིག་ལ་སྤྱན་རས་གཟིགས་ཀྱིས། ཁྱོད་ཀྱི་སྐྱེ་བ་མང་པོའི་གོང་རྒྱ་གར་དུ་གང་ཞིག་ལ་སྐྱེས་ཏེ་ཉ་རྣམས་གསོན་པོར་ཆུ་ཚན་ཏུ་བཙོས་ནས་ཟོས་པས་ཆུ་ཚན་ཁོལ་མའི་དམྱལ་བར་ལོ་གྲངས་དུང་ཕྱུར་སྡུག་བསྔལ་མྱོང་བའི་ཚེ་བདག་གི་འོད་ཀྱིས་རེག་པས་མིར་སྐྱེས་ནས་སྐྱེ་བ་བཅུ་དྲུག་བརྒྱུད་པའི་ཚེ་ང་ལ་འབྲེལ་བ་བཞག་པས་ད་རེས་རྗེས་སུ་བཟུང་ཞིང་ནད་འདིས་སྒྲིབ་པའི་ལྷག་མ་དག་པ་ཡིན་གསུངས་ཏེ་ཕྱག་གིས་བྱབ་པས་སྙུན་ལས་གྲོལ། དེ་ནས་ཀྱང་དཀའ་བ་


SPN003_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་དྲག་པས་རླུང་ལངས་ཏེ་ཞག་བདུན་ཏུ་ཐུགས་དྲན་མ་བྱུང་བ་ལ་སྤེན་མའི་ཐལ་བ་ཆུར་བསྐོལ་བ་དང་། རེས་ཟ་ཚོད། རེས་ལུག་རྫིའི་སྣབ་ལུད་སྐམ་པོས་ཀྱང་རླུང་ནོན་མཛད། ཆུ་ཐིགས་གཅིག་ཀྱང་མ་གསོལ་བར་ཟླ་བ་བདུན་བཞུགས་པ་སོགས་ལོ་གསུམ་ལ་དཀའ་བ་སྤྱད་ནས་འཕགས་པའི་བསྐྱེད་རྫོགས་བསྒོམས་པས་གྲུབ་པ་བརྙེས་ཏེ་མཁའ་ལ་འཕུར་བ་དང་། ཆུ་བོ་གྱེན་དུ་ཟློག་པ་སོགས་རྫུ་འཕྲུལ་ཡ་མ་ཟུང་དུ་མ་བསྟན། གཤེགས་པའི་ཚེ་རིང་བསྲེལ་བྲེ་དོ་དང་ཐུགས་ལྗགས་བྱོན་པ་གདུང་རྟེན་གཉིས་སུ་བཞུགས་སོ། ༈ །བྱང་པ་མཁན་ཆེན་རྩི་འདུལ་བ་ནི། གཞོན་ནུ་ནས་རབ་ཏུ་བྱུང་ཞིང་བྱམས་ཆོས་གཙོ་བོར་གྱུར་པའི་ཆོས་ལ་སྦྱངས་པ་ཤིན་ཏུ་ཆེ་བས་མཁས་ཤིང་བཙུན་པའི་མཐར་ཐུག །མཚན་ཐུགས་རྗེ་བྱང་ཆུབ་ཏུ་གྲགས། ཚུལ་ཁྲིམས་ཀྱི་དྲི་དྲོ་ལམ་རེར་ཁྱབ། སྐུ་བསོད་ཆེ་བས་གྲྭ་བ་སྟོང་ཕྲག་རེ་འདུས་པའི་དགེ་འདུན་གྱི་སྡེ་འཛུགས་པ་སོགས་དགེ་བ་རླབས་ཆེན་དུ་མ་མཛད། སྒྲོལ་མས་ལུང་བསྟན་པ་ལྟར་མདོག་སློད་དུ་ཞང་སྟོན་རིན་པོ་ཆེ་ལས་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་ཞུས་ཏེ་སྨྱུང་གནས་སྟོང་ཕྲག་གཅིག་དམ་བཅའ་མཛད་ནས་


SPN003_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་བརྒྱ་སོང་བའི་ས་ག་ཟླ་བའི་བཅོ་ལྔའི་ཉིན་ཕྱག་སྟོང་སྤྱན་སྟོང་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་ནས་གྲུབ་པ་བརྙེས། སེམས་ཅན་དུ་མ་སྨིན་གྲོལ་ལ་བཀོད། གཤེགས་མ་ཐག་ཏུ་བྱམས་པའི་དྲུང་ནས་བདེ་བ་ཅན་དུ་ཕེབས་པར་གྲགས་པ་སོགས་ངོ་མཚར་བའི་རྣམ་ཐར་བརྗོད་ལས་འདས་སོ། ༈ །ཆོས་རྒྱལ་བདེ་བ་ཅན་པ་ནི། འཁྲུངས་ཡུལ་མདོག་སློད། མཚན་ཤཱཀྱ་བྱང་ཆུབ། རབ་ཏུ་བྱུང་ནས་ཐོས་བསམ་བརྩོན་ཞིང་ཁྱད་པར་འདུལ་བ་ལ་མཁས། སྨན་བླ་དང་སྒྲོལ་མ་ལ་ཐུགས་དམ་མཛད་པས་འཕགས་མས་ལུང་བསྟན་ཏེ་རྩི་འདུལ་དྲུང་དུ་བྱོན་ནས་སྤྱན་རས་གཟིགས་ཀྱི་དབང་ཁྲིད་སྒྲུབ་ཐབས་ཞུས། གྲངས་བསྙེན་ཉེར་གཅིག་དེར་མཛད་ནས་སླར་ཕེབས་ཏེ་མདོག་སློད་ཀྱི་གདན་ས་བཏབ་པས་སྐུ་བསོད་སྐྱེས་ཏེ་ལོ་རེ་ལ་ཕར་འདུལ་གྱི་བཤད་གྲྭ་ཚར་ཉི་ཤུ་ཙམ་རེ་བྱུང་། སྨྱུང་གནས་སྟོང་ཕྲག་གཅིག་གི་དམ་བཅའ་མཛད་ནས་སུམ་བརྒྱ་སོང་བའི་ཚེས་བརྒྱད་ཀྱི་དངོས་གཞིའི་ནུབ་མོ་དག་སྣང་དུ་པོ་ཏ་ལར་ཕེབས། བཀོད་པའི་ཁྱད་པར་མདོ་ལས་གསུངས་བ་ལྟར་གཟིགས། འཕགས་པས་ལུང་བསྟན་བྱིན་གྱིས་བརླབས། ཏིང་ངེ་འཛིན་གྱི་སྒོ་


SPN003_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་འཁྲུངས། དེ་ཕྱིན་ཆད་ནས་གྲུབ་རྟགས་མངོན་ཤེས་ལ་ཐོགས་པ་མེད་ཅིང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དེ་ངོ་མཚར་བའི་ལྟས་དང་བཅས་རི་བོ་ཏ་ལར་གཤེགས་སོ། །མཁན་ཆེན་ཆུ་བཟང་པ་ནི། མུས་ལྡང་དཀར་དུ་འཁྲུངས། རབ་ཏུ་བྱུང་བའི་མཚན་བྱང་ཆུབ་འབར་ཏེ་མཁས་པའི་སྒོ་ནས་བསྟན་པའི་བྱ་བ་མཐར་ཕྱིན། འཕགས་པས་ལུང་བསྟན་པ་ལྟར་མདོག་སློད་པའི་དྲུང་དུ་སྒྲུབ་ཐབས་ཞུས། བླ་མའི་བཀའ་བཞིན་དེ་ཉིད་དུ་སྨྱུང་གནས་མཛད་པས་སུམ་བརྒྱ་སོང་བའི་ཚེས་བཅོ་ལྔའི་དངོས་གཞིའི་ནུབ་མོ་ཕྱག་སྟོང་སྤྱན་སྟོང་ལ་བཀའ་གདམས་བརྒྱུད་པས་བསྐོར་བ་ཞལ་གཟིགས། སྒྲུབ་ཡུན་རིང་ཡང་ད་བར་མ་མཇལ་བའི་ཡུས་གསོལ་བས། ཁྱོད་དང་སྐད་ཅིག་ཀྱང་མ་བྲལ་བར་ཡོད་དེ་དང་པོ་ལུང་བསྟན་པའི་དུས་སུ་འདི་བདུད་ཀྱི་སྤྲུལ་པ་ཡིན་ནམ་སྙམ་དུ་དོགས་པ་ཟོས་པ་དེས་བསྒྲིབས་པ་ཡིན་གསུངས་ནས་བྱིན་གྱིས་བརླབས། སེམས་ཅན་དོན་དཔག་མེད་གྱིས་ཤིག་པའི་ལུང་བརྙེས་ཏེ། དེ་ནས་བཟུང་འཕགས་པ་དང་མི་འབྲལ་བར་བཞུགས་ཤིང་བསོད་སྙོམས་ལ་བརྟེན་པའི་དགེ་འདུན་སུམ་བརྒྱ་རེའི་འཚོ་བ་སྦྱར་བ་སོགས་བསྟན་འགྲོའི་


SPN003_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཐའ་ཡས་མཛད། སྨན་བླའི་ཆོ་གའི་ཚེ་སྨན་བླ་མཆེད་བརྒྱད་ཞལ་གཟིགས། གནོད་སྦྱིན་སྡེ་དཔོན་རྣམས་ཀྱིས་ལྷའི་བདུད་རྩི་དྲངས། གནས་ཆོག་མཛད་པ་ན་གནས་བརྟན་རྣམས་དངོས་སུ་བྱོན་པ་སོགས་ངོ་མཚར་མཐའ་ཡས། ལན་གཅིག་ཆོས་གསུངས་པའི་ཚེ། ད་སྟེ་ལོ་སུམ་བརྒྱ་ཙམ་ན་གནས་འདིར་དུས་རྟགས་གསུམ་འོང་། དེའི་ཚེ་ངའི་ཆོས་འདི་སྒྲུབ་སླ་བ་ཡིན་པས་ནན་ཏན་གྱིས་ཤིག། ལས་ངན་སྡིག་པའི་ཕྱག་ཤིང་ཡིན་ནོ་གསུངས། རེ་ཞིག་ན། ད་ང་འགྲོ་བས་ངའི་རྒྱག་ལྷག་མ་གང་ཡོད་ཀྱིས་དགེ་བ་གཞན་བྱ་མི་དགོས། སྨྱུང་གནས་ཚོགས་པའི་མི་རྣམས་ལ་འབྱོར་ན་གདན་གཅིག །མ་འབྱོར་ན་ཐོར་ཐུག་རེ་དྲངས། དེའང་མ་འབྱོར་ན་མེ་ཤིང་དུམ་པ་རེའི་གཞི་གྱིས་དང་འདི་ཁོ་ན་བསོད་ནམས་ཆེ་བ་དེ་ལ་འཕགས་པས་དངོས་སུ་གསུངས་པ་ཡིན། མིའི་ཟེར་ལོ་ཙམ་མ་ཡིན། ཁོང་གིས་རྫུན་མི་གསུངས་ཞེས་སོགས་གདམས་པར་མཛད་ནས་སྐུ་གཤེགས་ཏེ་པུར་ཞག་བདུན་ན་འཇའ་ལུས་སུ་ཡལ་རྒྱུ་ལ། ཞག་གསུམ་ན་བྱིས་པ་ལོ་བདུན་པའི་ཚོད་ཙམ་གྱུར་པ་བུ་ཆེན་ཞིག་གིས་མཐོང་སྟེ་རྟེན་སྐལ་མ་ཐོབ་དོགས་


SPN003_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྐུ་གདུང་བཞུས་པ་རིང་བསྲེལ་གྱི་ཕུང་པོར་གྱུར་ཏོ། །ཆོས་རྗེ་ཤེས་རབ་འབུམ་ནི། གཙང་དུ་ཡ་མཚན་པའི་ལྟས་བཅས་སྐུ་འཁྲུངས། རབ་ཏུ་བྱུང་ནས་སློབ་གཉེར་སྦྱངས་པས་དཀའ་བཞི་མཁྱེན་ནས་གྲྭ་སྐོར་མཛད། སྔགས་རྒྱུད་དུ་མ་མཁྱེན་ཅིང་སྦྱོར་དྲུག་བསྒོམས་པས་རྟགས་བཅུ་རྫོགས། མངོན་ཤེས་ལྔ་ཐོབ་པར་གྲགས། འཇམ་དཔལ་དམར་པོ་ཞལ་གཟིགས། རྗེ་བཙུན་མས་ལུང་བསྟན་པ་ལྟར། ཆུ་བཟང་པ་ལས་འཕགས་པའི་སྒྲུབ་ཐབས་ཞུས་ནས་ཟླ་བ་གསུམ་སྨྱུང་གནས་མཛད་པས་བཅུ་གཅིག་ཞལ་ལ་འཇིགས་པ་བརྒྱད་སྐྱོབ་ཀྱིས་བསྐོར་བ་གཟིགས་ཏེ། དེ་ནས་བཟུང་འཕགས་པ་དང་འབྲལ་མེད་དུ་གྱུར། ཤེས་རབ་ཀྱི་རྩལ་ཤིན་ཏུ་ཆེ་ཞིང་བཤད་སྒྲུབ་ཀྱི་སྒོ་ནས་བསྟན་འགྲོའི་དོན་དཔག་མེད་མཛད་དེ་གཤེགས་པའི་ཚེ་ན་ཡང་ངོ་མཚར་བའི་ལྟས་དུ་མ་བྱུང་ངོ་། །རྒྱལ་སྲས་རིན་པོ་ཆེ་ཐོགས་མེད་ཞབས་ནི། གཙང་བྲག་སྐྱར་ས་གཡོ་ཞིང་མེ་ཏོག་གི་ཆར་བབ་པ་སོགས་ངོ་མཚར་དང་བཅས་ཏེ་སྐུ་བལྟམས། བརྡ་འཕྲོད་ཙམ་ཉིད་ནས་བདག་ལས་གཞན་གཅེས་ཀྱི་ཐུགས་བཅོས་མིན་དུ་འཁྲུངས། སྐབས་ཤིག་ཕྱུགས་


SPN003_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ལུག་སྐྱོང་བཞིན་པར་སྔོན་གྱི་ལས་འཕྲོ་སད་དེ་ཆོས་བྲོས་ལ་བྱོན། བསླབ་སྦྱང་ཆེར་མཛད། རབ་ཏུ་བྱུང་བའི་ཚེ་ནའང་མེ་ཏོག་གི་ཆར་སོགས་ལྟས་ཡ་མཚན་དུ་མ་བྱུང་། མཚན་བཟང་པོ་དཔལ་དུ་གསོལ། དབུ་ཕར་འདུལ་མཛོད་ཀྱི་གཞུང་མཐའ་དག་ཐུགས་སུ་ཆུད་ཅིང་རིག་པའི་གྲགས་པས་ཁྱབ་སྟེ་བོ་དོང་ཨེའི་གདན་ས་མཛད། ས་སྐྱ་དཔལ་ལྡན་བླ་མ། བུ་ཨོལ་གཉིས། སངས་རྒྱས་དབོན། རིན་ཆེན་གླིང་པ། དཔང་ལོ་ཆེན་པོ་སོགས་བླ་མ་བཞི་བཅུ་ཙམ་བསྟེན་ནས་རྒྱ་ཆོས་བོད་དུ་འགྱུར་པ་གངས་ཅན་དུ་ཡོད་དོ་ཅོག་གསན་པ་མཐར་ཕྱིན། འགྲན་ཟླ་བྲལ་བའི་ཡོངས་འཛིན་གཉིས་ལས་མཁན་ཆེན་བསོད་ནམས་གྲགས་ལ་ཐེག་ཆེན་བློ་སྦྱོང་ཞུས་ཏེ་བསྒོམས་པས་བྱང་ཆུབ་ཀྱི་སེམས་རྣམ་གཉིས་གཞུང་ལས་ཇི་སྐད་བཤད་པ་དེ་ཐུགས་སུ་འཁྲུངས་ནས། མཛེ་སྐྲང་བྱུང་ཚད་ཀྱི་ཤིག་ནད། ནད་གདོན་ཟུག་གཟེར་ལ་སོགས་སྙིང་རྗེ་བའི་སེམས་ཅན་གཟིགས་སོ་ཅོག་གི་སྡུག་བསྔལ་དེ་ཉིད་དུ་དངོས་སུ་བཞེས་ཤིང་སེམས་ཅན་དེ་དག་འདི་ཕྱི་གཉིས་ཀའི་སྡུག་བསྔལ་ལས་གྲོལ་བར་མཛད། ཐུགས་བསྐྱེད་ཆེན་མོ་གསན་པའི་ཚེ་ས་གཡོས་འཇའ་འོད་སོགས་ཡ་མཚན་དཔག་མེད་བྱུང་། ཆོས་


SPN003_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཤེས་རབ་འབུམ་པ་ལས་སྦྱོར་དྲུག་གསན་པས་རྟགས་བཅུ་ཡོན་ཏན་བརྒྱད་རྫོགས་ཏེ་གྲུབ་རྟགས་ཐོན་ཀྱང་། བླ་མས་འཕགས་པ་བཅུ་གཅིག་ཞལ་ཉིད་སྐྱེ་བ་དུ་མའི་ལྷ་སྐལ་དུ་དགོངས་ནས་ཀླུ་སྒྲུབ། ཙནྡྲ་གོ་མཱི། དཔལ་མོ་སོགས་ལུགས་སྲོལ་དུ་མའི་དབང་ཁྲིད་སྒྲུབ་ཐབས་གནང་། གདན་སའི་ཆོས་དཔོན་ཀྱང་དཔང་ལོ་ཆེན་པོར་ཞུས་ནས་དགུང་ལོ་ཞེ་གསུམ་པ་ལ་དངུལ་ཆུ་ཆོས་རྫོང་གི་དབེན་པར་གཤེགས་ཏེ་ཉེ་གནས་མ་གཏོགས་སུ་ཡང་མི་མཇལ་བའི་སྐུ་མཚམས་ལོ་ཉི་ཤུ་ལ་སྨྱུང་གནས་དང་བློ་སྦྱོང་གཙོ་བོར་གྱུར་པའི་ཉམས་བཞེས་དང་། ཉིན་རེ་ཕྱག་བསྐོར་བརྒྱ་རྩ་རེ་སོགས་མདོ་སྔགས་ཆོས་སྤྱོད་བཅད་ཁྲིམས་ཀྱང་ཕལ་པའི་བློས་མི་འཁྱུད་པ་མཛད་པས་ཟླ་བ་དྲུག་ནས་ཞལ་བཅུ་གཅིག་པ་ལ། དོན་ཞགས་ལྷ་ལྔ་སོགས་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པས་བསྐོར་བ་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པས་འཕགས་པ་དང་དབྱེར་མི་ཕྱེད་པའི་སྟོང་ཉིད་སྙིང་རྗེ་ཁྱད་པར་ཅན་འཁྲུངས་ཏེ། རྗེ་རང་བྱུང་བའི་བུ་ཏྲེའོ་རྟོགས་ལྡན་གྱིས། ཐུགས་རྗེ་ཆེན་པོ་བྱས་ཀྱང་གྱང་ལ་བྲིས་པའི་དཀར་པོ་དེ་ལ་ཟེར་བ་མིན། སེམས་ཅན་ཐམས་ཅད་ལ་བུ་གཅིག་


SPN003_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུའི་འདུ་ཤེས་མངའ་ཞིང་སྟོང་ཉིད་སྙིང་རྗེ་ཀློང་དུ་གྱུར་པ་རྒྱལ་སྲས་ཐོགས་མེད་འདྲ་བ་ལ་ཟེར་བ་ཡིན་ཞེས་གསུངས་པས་མཚོན་ནོ། །རྟག་ཏུ་རང་སྐྱོན་ཁོ་ནར་རྟོག་ཅིང་གཞན་སྐྱོན་མི་རྟོག་པས་མཆོག་དམན་ཀུན་གྱི་ཡོན་ཏན་གླེང་བ་འབའ་ཞིག་ལྷུར་མཛད། ཆོས་བརྒྱད་གཏན་ནས་མི་མངའ། བྱམས་པའི་མཐུ་ཡིས་དྲུང་དང་ཉེ་བའི་མི་ཕྱུགས་ཐམས་ཅད་རང་བཞིན་གྱི་དུལ་ཏེ། རི་དྭགས་དང་གཅན་གཟན། བྱིའུ་དང་བྱི་ལ། ཁྱི་དང་སྤྲང་པོ་སོགས་ཀྱང་ཕན་ཚུན་གཅིག་གིས་གཅིག་ལ་སྡང་བའི་སེམས་བརྗེད་པ་ལྟར་འབོལ་ཤིག་གི་འགྲོ། བཞུགས་གདན་ན་བཟའ་ཚུན་ཆད་ཀྱང་གཞན་ལ་སྟེར་བ་སོགས་ཕར་ཕྱིན་དྲུག་ལ་ཆད་མེད་དུ་སྤྱོད་དེ། མདོར་ན། བརྩེ་དང་སྙན་པར་སྨྲ་བ་དང་། །བརྟན་པ་ཉིད་དང་ལག་བརྐྱང་དང་། །དགོངས་པ་ཟབ་མོ་རེས་འགྲེལ་བ། །འདི་དག་བློ་ལྡན་རྣམས་ཀྱི་རྟགས། །ཞེས་པ་མངོན་དུ་གྱུར། སེམས་བསྐྱེད་སོགས་ཆོས་གར་གསུང་དུ་མེ་ཏོག་གི་ཆར་ཆེན་པོ་རྟག་ཏུ་བབ། ཞལ་ནས། ཇོ་བོ་ཡབ་སྲས་ཀྱི་དུས་སུ་སེམས་བསྐྱེད་ཀྱི་ཆོས་འདི་བཀའ་དོག་པས་དུས་ཕྱིས་ཀྱང་འདི་འབོག་པ་ཉུང་བས་བྱང་ཆུབ་སེམས་རྒྱུད་ལ་སྐྱེས་པ་མང་པོ་མ་


SPN003_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། ད་ནས་བཀའ་ཡང་དུ་བཏང་བ་ཡིན་པས་ཉིད་ཅག་འབོག་ནུས་པ་ཀུན་གྱིས་ཕོག་ཅིག་ཅེས་གསུངས། ན་བཟའ་དང་གཟིམ་ཁང་དུ་ཚུལ་ཁྲིམས་ཀྱི་དྲིས་ཁྱབ། བཤེས་གཉེན་དང་བུ་སློབ་དུ་མས་ཐུགས་རྗེ་ཆེན་པོའི་སྐུར་ཡང་ཡང་མཇལ། རྨི་ལམ་སྒྱུ་ལུས་མངོན་ཤེས་རྣམས་ལ་དབང་ཐོབ། སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་ཕོག་ལ། འཆད་རྩོམ་མཛད་པ། དབེན་པ་བསྟེན་པ། གྲུབ་ཐོབ་ཀྱི་སློབ་མ་ཐོན་པ་སོགས་རེ་རེ་ལ་བལྟས་ཀྱང་སྐུ་ཚེ་རིལ་པོར་དེ་ཁོ་ན་མཛད་པ་འདྲ་བར་ཡོད། སྐབས་དེའི་བོད་ཀྱི་ཆེ་དགུ་དང་། སྐད་རིགས་མི་གཅིག་པའི་སྐྱེ་བོ་གྲངས་ལས་འདས་པ་མཐོང་ཐོས་དྲན་རེག་ཐམས་ཅད་བྱང་ཆུབ་ཀྱི་སར་སྨིན་པ་དང་གྲོལ་བར་མཛད་ནས་བྱ་ལོ་ཟླ་བ་དགུ་པའི་ཚེས་ཉི་ཤུའི་དགོང་མོར་ཆོ་འཕྲུལ་མཐའ་ཡས་པ་བསྟན་ཏེ་འཕགས་པའི་ཐུགས་ཀར་ཐིམ་མོ། །རྗེ་དེ་ལ་མཁས་གྲུབ་ཀྱི་སློབ་མ་བསམ་གྱིས་མི་ཁྱབ་པ་བྱོན་པའི་ནང་ནས་ཇོ་གདན་དཀོན་མཆོག་བཟང་པོ་ནས་སྙག་ལུ་མཁན་ཆེན་སོགས་བརྒྱུད་དེ། གར་དབང་ལྔ་པའི་ཡིག་ཆ་ལ་ཆགས་མེད་ཞབས་ཀྱིས་གསལ་ཀ་མཛད་པ་ཀཾ་ཚང་ལུགས་སྲོལ་ད་ལྟའང་རྒྱུན་བཞུགས་ལ་སོགས་བོད་གངས་ཅན་


SPN003_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གྲུབ་མཐའ་ཀུན་ལ་རྒྱལ་སྲས་ཞབས་ཀྱི་སློབ་ཚོགས་ལས་གྱེས་པའི་རྒྱུན་ཁོ་ན་དར་ཆེ་ཞིང་། རྗེ་རིག་པ་འཛིན་པའི་ཡིག་ཆ་ནི་ཇོ་ནང་གི་སྲོལ་ཀ་དང་འབྲེལ་བ་སྟེ། དེ་ནི་བྲག་དཀར་སེམས་དཔའ་ཆེན་པོ་བསོད་ནམས་རིན་ཆེན་ཡབ་སྲས་ནས་འཇམ་མགོན་གྲོལ་མཆོག་དང་། ཀུན་སྙིང་སོགས་མཁས་གྲུབ་ཀྱི་སྐྱེས་བུ་ཆེས་ཆེ་བ་དག་ལས་བརྒྱུད་པ་སྟེ། རྣམ་ཐར་ནི་སྨོས་ཀྱིས་མ་ལང་ལ། ད་ལྟའི་བར་དུ་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་ཤེས་པར་བྱའོ། །གསུམ་པ་ལས་སྒྲུབ་པའི་དུས་ནི། སྤྱིར་གོང་གསལ་གྱི་ཟླ་ཞག་འགྱུར་ཁྱད་ཅན་རྣམས་སྐབས་སུ་གང་བབས་ཀྱང་རུང་ལ། ཁྱད་པར་ས་ག་ཟླ་བར་དཔལ་མོ་ཉིད་དང་། བརྒྱུད་པའི་བླ་མ་ཕལ་ཆེར་ཀྱང་གྲུབ་པ་བརྙེས་ནས་བྱིན་གྱིས་བརླབས་པའི་དུས་ཁྱད་པར་ཅན་ཡིན་པས་དེར་སྨྱུང་གནས་བྱས་ན་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་བར་གསུངས། བསྙེན་པའི་ཚད་ལ་དུས་བསྙེན་ནི། སྨྱུང་གནས་ལན་བརྒྱད་ལ་སྔོན་དངོས་རྗེས་དང་འབྲེལ་བའི་ཉིན་ཞག་ཕྱེད་དང་བཅུ་བདུན་ཏེ་དེང་སང་དཀར་པོ་ཆ་བརྒྱད་དུ་གྲགས་པ་འདིའོ། །གྲངས་བསྙེན་ནི་གཟུངས་རིང་ཁྲི་ཕྲག་བཞི། གཟུངས་ཐུང་འབུམ་ཕྲག་གཅིག །སྙིང་པོ་


SPN003_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་དྲུག །ཡིད་བཞིན་འཁོར་ལོའི་གཟུངས་སྟོང་ཕྲག་གཅིག །ས་བཅུ་པ་དང་སྒོ་མཐའ་ཡས་པའི་གཟུངས་ཅི་རིགས་བཟླ་བར་གསུངས་སོ། །རྟགས་ཀྱི་བསྙེན་པ་ནི་བརྒྱུད་པའི་རྣམ་ཐར་དུ་གསལ་བ་ལྟར་མཚན་མ་མ་བརྙེས་བར་དུ་སྟེ་གྲངས་ངེས་མེད་དོ། །བཞི་པ་དེ་ལྟར་བསྒྲུབས་པའི་ཕན་ཡོན་ལའང་། དང་པོ་འཕགས་པས་དམ་བཅས་པའི་གནད་ཀྱིས་འབྲེལ་པ་བཞག་ན་མི་བསླུ་བའི་ཚུལ་ནི་ཕྱག་སྟོང་སྤྱན་སྟོང་ཐུགས་རྗེ་ཐོགས་པ་མི་མངའ་བའི་གཟུངས་ལས། བཅོམ་ལྡན་འདས་སེམས་ཅན་གང་ལ་ལ་ཞིག་ཐུགས་རྗེ་ཆེན་པོའི་རིགས་སྔགས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དང་། གལ་ཏེ་ངན་འགྲོ་གསུམ་པོ་དག་ཏུ་ལྟུང་བར་གྱུར་ན། བདག་ནམ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། །དེ་བཞིན་དུ། གལ་ཏེ་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་སྐྱེ་བར་མ་གྱུར་ན་བདག་ནམ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། །གལ་ཏེ་ཏིང་འཛིན་དང་སྤོབས་པ་ཚད་མ་མཆིས་པ་སྙེད་ཐོབ་པར་མ་གྱུར་ན་བདག་ནམ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། །གལ་ཏེ་ཚེ་འདི་ཉིད་ལ་སྨོན་པ་ཐམས་ཅད་ཇི་ལྟར་སྨོན་པ་བཞིན་དུ་གྲུབ་པར་མ་


SPN003_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ན་སྙིང་རྗེ་ཆེན་པོའི་སེམས་ཀྱི་གཟུངས་ཞེས་མི་བགྱི་ལགས་ཏེ། མི་དགེ་བ་རྣམས་དང་། སེམས་རྩེ་གཅིག་ཏུ་མ་བགྱིས་པ་ནི་མ་གཏོགས་ལགས་སོ། །བུད་མེད་གང་ལ་ལ་ཞིག་བུད་མེད་ཀྱི་ལུས་ཀྱིས་ཡོངས་སུ་སྐྱོ་ནས་སྐྱེས་པའི་ལུས་ཐོབ་པར་འཚལ་བ་གང་ལགས་པ་དེས་ཐུགས་རྗེ་ཆེན་པོའི་སེམས་ཀྱི་གཟུངས་ཀྱི་ཚིག་འདི་འདོན་ཅིང་ཡོངས་སུ་བཟུང་བས་གལ་ཏེ་བུད་མེད་ཀྱི་དངོས་པོ་ལས་ཡོངས་སུ་གྱུར་ཏེ། སྐྱེས་པའི་ལུས་ཐོབ་པར་མ་གྱུར་ན་བདག་ནམ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། །ཐེ་ཚོམ་གྱི་བསམ་པ་ཅུང་ཟད་ཅིག་བསྐྱེད་པར་གྱུར་ན་གདོན་མི་འཚལ་བར་གང་སྨོན་པའི་འབྲས་བུ་དེ་མངོན་པར་འགྲུབ་པར་མི་འགྱུར་ལགས་སོ། །སེམས་ཅན་གང་ལ་ལ་ཞིག་དགེ་འདུན་གྱི་ཞལ་ཟས་དང་དཀོར་འཕྲོག་ཅིང་ཆུད་གསོན་པ་གང་ལགས་པ་དེ་དག་ནི་སངས་རྒྱས་སྟོང་འཇིག་རྟེན་དུ་བྱུང་བ་དག་ལ་འགྱོད་པས་མཐོལ་ཞིང་བཤགས་ནའང་འབྱང་ཞིང་ཚངས་པར་མི་འགྱུར་མོད་ཀྱི། འོན་ཀྱང་ཐུགས་རྗེ་ཆེན་པོའི་རིགས་སྔགས་འདི་བཏོན་པ་ཙམ་གྱིས་དེ་དག་ཡོངས་སུ་འབྱང་བར་འགྱུར་བ་ལགས་ཏེ། དཀོན་མཆོག་གསུམ་གྱི་ཞལ་ཟས་དང་། དཀོན་


SPN003_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་གྱི་དཀོར་ནོར་འཕྲོག་ཅིང་ཆུད་གསོན་པ་དེ་དག་ནི་ཕྱོགས་བཅུའི་སྟོན་པ་རྣམས་མངོན་སུམ་དུ་གྱུར་པའི་སྤྱན་སྔར་བཤགས་ན་གདོད་ཡོངས་སུ་འབྱང་བར་འགྱུར་ལགས་ལ། ཐུགས་རྗེ་ཆེན་པོའི་གཟུངས་འདི་འདོན་པའི་ཚེ་ཕྱོགས་བཅུའི་སྟོན་པ་རྣམས་དེར་གཤེགས་ནས་དབང་མཛད་པར་འགྱུར་བས་ཁ་ན་མ་ཐོ་བའི་སྒྲིབ་པ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་འབྱང་བར་འགྱུར། མི་དགེ་བ་བཅུ་དང་། མཚམས་མ་མཆིས་པ་ལྔ་དང་། གང་ཟག་ལ་སྐུར་བ་བཏབ་པ་དང་། གསོ་སྦྱོང་བཤིགས་པ་དང་། ཚུལ་ཁྲིམས་བཤིགས་པ་དང་། མཆོད་རྟེན་བཤིགས་པ་དང་། གཙུག་ལག་ཁང་བཤིགས་པ་ཐམས་ཅད་དང་། དགེ་འདུན་གྱི་དཀོར་བརྐུས་པ་དང་། ཡོངས་སུ་དག་པའི་ཚངས་པར་སྤྱོད་པ་སུན་པར་བགྱིས་པ་འདི་ལྟ་བུ་ལ་སོགས་པ་སྡིག་པའི་ལས་ལྕི་བ་ཐམས་ཅད་ཡོངས་སུ་འབྱང་བར་འགྱུར་ལགས་སོ། །རིགས་སྔགས་འདི་ལ་ཐེ་ཚོམ་འཚལ་བའི་དངོས་པོ་གཅིག་ནི་མ་གཏོགས་ཏེ། ཐེ་ཚོམ་འཚལ་བར་གྱུར་ནས། ཁ་ན་མ་ཐོ་བ་ཆུང་ངུའི་ལས་ཡང་བ་ཙམ་ཡང་ཡོངས་སུ་འབྱང་བར་མི་འགྱུར་ན་ཁ་ན་མ་ཐོ་བ་ལྕི་བ་ལྟ་སྨོས་ཀྱང་


SPN003_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འཚལ་ལགས། ཁ་ན་མ་ཐོ་བ་ལྕི་བ་དག་ཡོངས་སུ་འབྱང་བར་མི་འགྱུར་མོད་ཀྱི། འོན་ཀྱང་བྱང་ཆུབ་ཀྱི་རིང་བའི་རྒྱུ་ནི་བགྱིད་པར་འགྱུར་ལགས་སོ། །ཞེས་དང་། གཞན་ལས་ཀྱང་འདི་སྐད་དུ། འཁོར་བའི་བཙོན་དོང་ཉམ་ང་བར་གནས་པའི་སེམས་ཅན་འདི་རྣམས་བདག་གིས་དྲངས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་བཀོད་པར་བགྱིའོ། །འཁོར་བ་དོང་སྤྲུག་གི་ཕྲིན་ལས་བསྒྲུབ་པར་བགྱིའོ། །བདག་གི་གདོང་བཅུ་གཅིག་གིས་རྟག་ཏུ་ལྟ་ཞིང་ལག་པ་སྟོང་གིས་བྱབས་པར་བགྱིའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཚེས་བརྒྱད་དམ་བཅོ་ལྔའི་དུས་བབ་པའི་ཚེ། སྨྱུང་བར་གནས་པའམ། བསྙེན་གནས་ལ་གནས་པ་དག་གིས་ཀྱང་རུང་སྟེ། བདག་གི་མིང་ནས་བརྒྱ་རྩ་བརྒྱད་ཀྱི་བར་དུ་བརྗོད་ཅིང་ཕྱག་འཚལ་བར་བྱེད། ཡིད་ལ་སེམས་པར་བྱེད་ན། སེམས་ཅན་དེས་མཚམས་མེད་པ་ལྔའི་ལས་བྱས་ཀྱང་། དེ་ངེས་པར་དྲངས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་བགྱིའོ། །ཡིད་ལ་སེམས་པར་བྱེད་ན། སེམས་ཅན་དེས་མཚམས་མེད་པ་ལྔའི་ལས་བྱས་ཀྱང་ངེས་པར་དྲངས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་བགྱི་སྟེ།


SPN003_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་དང་ངན་འགྲོར་འགྲོ་བའི་གནས་མ་མཆིས་གོ་སྐབས་མ་མཆིས་སོ། །གལ་ཏེ་སེམས་ཅན་དེ་ངན་འགྲོར་སོང་ན། བདག་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་མི་འགྱུར་རོ། །ཞེས་དམ་བཅས་ཏེ། འཕགས་པ་རྣམས་ནི་བདེན་ཚིག་གྲུབ་པས་ནམ་མཁའ་གཞན་དུ་གྱུར་ཀྱང་དམ་བཅས་པ་མི་བསླུ་བ་དང་། ངེས་པར་སྨོན་ལམ་འགྲུབ་པ་དབང་བཅུ་བརྙེས་པའི་ཡོན་ཏན་ནོ། །གཉིས་པ་སངས་རྒྱས་གཞན་ལས་ཀྱང་སྤྱན་རས་གཟིགས་ཐུགས་རྗེ་ཆེ་སྟེ། ཞལ་བཅུ་གཅིག་པའི་གཟུངས་ལས། གང་ལ་ལ་ཞིག་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་མཚན་ནས་བརྗོད་ཅིང་ཡིད་ལ་བསམ་པ་དང་། གཞན་ཡང་འགའ་ཞིག་གིས་སྐད་ཅིག་གཅིག་ཙམ་དུ་བསམ་པ་ཐག་པ་ནས། བདག་གི་མིང་ནས་བརྗོད་ཅིང་རྗེས་སུ་དྲན་པར་གྱུར་ན་དེ་གཉིས་ཀྱི་ཡོན་ཏན་མཉམ་ཞིང་མཚུངས་ལགས་སོ། །བདག་གི་མིང་ནས་བརྗོད་ལ་དེ་དག་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པའི་ས་འཐོབ་པར་འགྱུར། བྲོ་ནད་ཐམས་ཅད་དང་བྲལ་བར་འགྱུར། སྒྲིབ་པ་ཐམས་ཅད་དང་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར། ལུས་དང་ངག་ཡིད་ཀྱི་ནོངས་པ་ཞུ། བྱང་བར་འགྱུར་


SPN003_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ན་བདག་གིས་བསྟན་པའི་རིགས་སྔགས་འདི། ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། ཅི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ་ལགས་ཏེ། གང་ཟག་དེ་དག་ནི་བླ་ན་མ་མཆིས་པའི་བྱང་ཆུབ་ལག་འཐིལ་དུ་མཆིས་པ་བཞིན་དུ་ཁོང་དུ་ཆུད་ཅིང་ལེགས་པར་འགྱུར་བར་རིག་པར་བགྱི་ལགས་སོ། །ཞེས་གསུངས་ཤིང་ཁྱད་པར་སྙིགས་མའི་འགྲོ་བ་སྤྱི་དང་གངས་ཅན་གྱི་གདུལ་བྱ་ལ་བྱིན་རླབས་ལྷག་པར་མྱུར་བ་ཡོངས་སུ་གྲགས་པ་ལྟར། སྔོན་ཐུགས་བསྐྱེད་པའི་ཚེ་ནའང་། ཁྱད་པར་དུ་སྙིགས་མའི་དུས་ལྔ་བརྒྱ་ཐ་མ་པའི་སེམས་ཅན་ཉོན་མོངས་པ་རགས་ཤིང་མི་དགེ་བ་བཅུ་ལ་སྤྱོད་པ་དང་། མཚམས་མེད་པ་ལྔ་དང་། འཕགས་པ་ལ་སྐུར་པ་འདེབས་པ་དང་། ཆོས་ལ་སྐུར་བ་འདེབས་པ་དང་། མཆོད་རྟེན་དང་གཙུག་ལག་ཁང་བཤིགས་པ་དང་། ཚུལ་ཁྲིམས་འཆལ་ཞིང་ཉམས་པ་དང་། དཀོན་མཆོག་གསུམ་གྱི་ནོར་བརྐུས་པ་དང་། ཚངས་པར་སྤྱོད་པའི་དགེ་འདུན་ལ་གནོད་པ་བྱེད་པ་དང་། ཉ་པ་དང་། ཕག་པ་དང་། ཤན་པ་ལ་སོགས་པའི་སྡིག་པ་ཆེན་པོ་ལ་སྤྱོད་པ་དེ་དག་བདག་གི་མིང་བརྗོད་པ་དང་གཟུངས་སྔགས་འདྲེན་པ་དེ་དག་གི་


SPN003_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པ་མཆོག་ཏུ་གྱུར་ཅིག །སྐྱབས་དང་སྐྱོབ་པ་དམ་པར་གྱུར་ཅིག །གླིང་དང་དཔུང་གཉེན་དམ་པར་གྱུར་ཅིག །ཅེས་སོགས་དམ་བཅས་ཤིང་། སྤྱན་རས་གཟིགས་ཀྱི་རིགས་ལས་ཀྱང་བཅུ་གཅིག་ཞལ་ཉིད་རྩ་བའི་ལྷ་ཡིན་པ་དང་། མ་འོངས་སྙིགས་དུས་ཀྱི་གདུལ་བྱ་འདུལ་བར་དམ་བཅས་པས་བྱིན་རླབས་ཆེ་བ་བྱང་སེམས་པས་གསུངས་ཏེ། དེའང་ཆོ་ག་ཞིབ་མོ་ལས། འདི་ལྟར་བདག་མ་འོངས་པའི་དུས་ན། སེམས་ཅན་ལ་ཕན་པ་དང་། བདེ་བ་དང་། ཞི་བར་བགྱིད་ནུས་པར་འགྱུར་ཞེ་ན། ད་ངེས་པར་བདག་གི་ལུས་ལ་ལག་པ་སྟོང་དང་། མིག་སྟོང་ཡོངས་སུ་རྫོགས་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པའི་མོད་ལ་ཕྱག་སྟོང་སྤྱན་སྟོང་དུ་གྱུར་ཏེ། སངས་རྒྱས་རྣམས་ཀྱིས་དབང་བསྐུར་ཞིང་ལྟས་ཆེན་པོ་བཅོ་བརྒྱད་བྱུང་བར་གསུངས་ལ། རྒྱུད་པད་དྲྭར། ཕྱིས་ནི་འདྲེན་པ་ཤཱཀྱ་ཞེས། །མི་མཇེད་འཇིག་རྟེན་ཁམས་འཁྲུངས་ཚེ། །མི་ཡུལ་ལས་ཀྱང་ཁྱད་པར་དུ། །ཡི་ཟེ་ཏ་སྟེ་བོར། མཆན།


SPN003_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་གླིང་དུ་སྐྱེས་པ་འགའ། །བསྟན་ལ་འདུད་འཕེལ་བྱ་བའི་ཕྱིར། །མཚན་མོ་མུན་ནག་སྤྲིན་རུམ་དུ། །སྐད་ཅིག་གློག་འགྱུ་ཅི་ལྟ་བར། །རིག་སྔགས་འཆང་བ་གདོང་བཅུ་གཅིག །ཡན་ལག་སྟོང་དང་ལྡན་པ་ལ། །སྤྱན་ནི་ཆིག་སྟོང་སུམ་ཅུ་པའི། །མཚན་དང་ལྡན་པའི་སྐུ་འབྱུང་འགྱུར། །དེ་ཚེ་སྐལ་ལྡན་ལ་ལ་ཞིག །མཚན་ནས་བརྗོད་ཅིང་སྐུ་ལ་མོས། །རིག་སྔགས་ཟློས་པ་པོ་གང་ཞིག །འཇིག་རྟེན་འདོད་པ་ཀུན་འགྲུབ་ཅིང་། །ཕྱི་ནས་ཡེ་ཤེས་ཉིས་འགྱུར་རོ། །ཞེས་འདས་པའི་བསྐལ་པར་སངས་རྒྱས་ཚེ་དཔག་མེད་ཅེས་པས་མགོན་པོ་ཉིད་ལ་ལུང་བསྟན་པར་གསུངས་པའི་དགོངས་པར་སྣང་ངོ་། །གཞན་ཡང་དེ་ཉིད་ལས། གངྒཱའི་ཀླུང་བརྒྱའི་སངས་རྒྱས་ཀྱི། །མཚན་ནས་བརྗོད་ཅིང་བསྟོད་པ་བས། །རིགས་ཀྱི་བུའམ་བུ་མོ་གང་། །བདག་གི་མིང་བརྗོད་དྲན་བྱེད་ཅིང་། །རིག་སྔགས་རྒྱུན་ཏུ་བརྗོད་ན་དེ། །མྱུར་དུ་མཆོག་དགའི་ས་ཐོབ་ཅིང་། །ལག་པའི་མཐིལ་ནས་མཐོང་བ་ལྟར། །བླ་མེད་བྱང་ཆུབ་མྱུར་དུ་འབྱུང་། །ཞེས་དང་། དམ་ཆོས་པད་དཀར་དུ། གང་ཞིག་སངས་རྒྱས་གངྒཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འཚོ་ཞིང་གཞེས་པ་ལ་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་བསྙེན་བཀུར་བྱེད་ཅིང་མཚན་ནས་བརྗོད་དེ་ཕྱག་འཚལ་བ་དང་། གང་ཞིག་སྤྱན་རས་གཟིགས་ཀྱི་མཚན་ལན་གཅིག་བརྗོད་དེ་ཕྱག་ལན་གཅིག་བྱས་པའི་བསོད་ནམས་དག་མཉམ་


SPN003_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་ཤིང་། ཟ་མ་ཏོག་བཀོད་པར། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་ཕྲག་བཅུ་གཉིས་དང་མཉམ་པ་ལ། ན་བཟའ་དང་། བཤོས་དང་། མལ་སྟན་དང་། ན་བའི་རྐྱེན་གྱི་སྨན་གྱི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པའི་བསོད་ནམས་ཀྱི་ཕུང་པོ་ནི། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་སྐྲའི་ཉག་མ་གཅིག་ལ་གནས་པའི་བསོད་ནམས་དང་མཉམ་མོ། །ཞེས་གསུངས་པས་མཆོད་བསྟོད་བསྙེན་སྒྲུབ་བགྱིས་པའི་ཕན་ཡོན་ཀྱང་གཞན་ལས་ཆེས་ཆེ་བར་གྲུབ་བོ། །གསུམ་པ་མདོ་སྔགས་གཉིས་ལས་ཀྱང་སྔགས་ཀྱི་དཀྱིལ་འཁོར་འདི་ལྟ་བུར་ཞུགས་ནས་སྒྲུབ་པ་ཉིད་དངོས་གྲུབ་ཆེས་མྱུར་བས་ཁྱད་པར་འཕགས་ཚུལ་ལུང་དུ་མ་དང། རྒྱུད་པདྨ་དྲྭ་བ་ལས་ཀྱང་། སྔགས་དང་རྫས་དང་ཕྱག་རྒྱའི་རིམ། །སྣ་ཚོགས་ཀྱིས་ནི་དོན་མཛད་ཕྱིར། །ཐེག་པ་ཀུན་ལས་ཁྱད་པར་དུ། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ནན་ཏན་སྒྲུབ་པ་སྨོས་ཅི་དགོས། །སྔགས་དང་ཕྱག་རྒྱ་འཆང་བས་ཀྱང་། །ནད་དང་གདོན་སེལ་བསྐལ་པ་ཡི། །སྒྲིབ་རྣམས་འབྱང་བས་


SPN003_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་འཕགས། །དབུལ་པོ་རིགས་དང་དམན་པ་ཡང་། །ཞུགས་མ་ཐག་ནས་བདེ་ལྡན་ཞིང་། །ཅུང་ཟད་གྲུབ་ནས་ནུས་མཐུ་ནི། །དཔག་མེད་འབྱུང་བས་ཁྱད་པར་འཕགས། །ཞེས་གསུངས་སོ། །བཞི་པ་གཟུངས་རིང་ཐུང་བཟླས་པའི་ཕན་ཡོན་ནི། རྒྱུད་པདྨ་དྲྭ་བ་ལས། རིག་སྔགས་སྙིང་པོ་གདོང་བཅུ་གཅིག །མཐུ་ཆེན་ཐོགས་པ་མེད་པ་སྟེ། །འགྲོ་ལ་སྨན་ཅིང་བདེ་བ་དང་། །ནད་ཀུན་སེལ་བྱེད་སྡིག་ཀུན་སྦྱོང་། །རྨི་ལམ་མཚན་མ་ངན་ཀུན་སེལ། །དུས་མིན་འཆི་དང་ངན་སེམས་ཟློག །རྩོད་འཁྲུགས་བདུད་དང་གདོན་བགེགས་ཞི། །འཇིག་རྟེན་སྨོན་པ་ཀུན་འགྲུབ་ཅིང་། །བདུད་དང་བར་ཆད་མཚོན་ཆའི་ནད། །བཙོན་རར་བཅུག་དང་མཚོན་ཆས་བསྩལ། །ཆུ་དང་མེ་དང་རླུང་ས་གཡོ། །དུག་དང་བྱད་སྟེམས་རོ་ལངས་དང་། །ཆོམ་རྐུན་མི་མ་ཡིན་རྣམས་གནོན། །རིག་སྔགས་འདི་ཡིས་བསྲུང་བ་དང་། །ལེན་འདྲི་ཁ་ཏོན་བཤད་སོགས་རྣམས། །བརྩོན་ལ་ལྷར་བཅས་གནོད་པ་མེད། །སྔོན་གྱི་ལས་དྲག་ཡོད་པ་ཡང་། །བྱང་ཞིང་བསྲབས་ཏེ་མེད་པར་འགྱུར། །ཞེས་སོགས་དང་། གང་གིས་སངས་རྒྱས་ཕྱག་འཚལ་མཆོད། །སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས། །མངོན་


SPN003_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

པར་དགའ་ཞིང་གསང་སྔགས་འདི། །ཉི་ཤུ་རྩ་གཅིག་བརྗོད་པ་ལ། །ཕྱོགས་བཅུའི་སངས་རྒྱས་མ་ལུས་པ། །མཚུངས་པར་ཡི་རངས་ལེགས་སོ་སྦྱིན། །རྩ་བ་བཞི་དང་མཚམས་མེད་ལྔ། །མ་ལུས་སྡིག་ཀུན་བྱང་བར་འགྱུར། །ཞེས་དང་། ཡང་། རྟག་ཏུ་ནང་པར་སྔར་ལངས་ནས། །ཆོས་བཞིན་དུ་ནི་དགེ་བགྱིས་ཏེ། །བརྒྱ་རྩ་བརྒྱད་དུ་གང་བརྗོད་པ། །ཚེ་འདིར་ཕན་ཡོན་བཅུ་ཐོབ་འགྱུར། །རྟག་པར་ལུས་ལ་ནད་མེད་དང་། །ལྷ་དང་སངས་རྒྱས་ཀུན་གྱིས་སྲུང་། །ནོར་འབྲུ་རིན་ཆེན་གོས་རྙེད་དང་། །དགྲ་སྡང་དུལ་ཞིང་འཇིགས་མེད་དང་། །བཟའ་རྣམས་བཀུར་ཞིང་རིགས་བཙུན་ཐོབ། །དུག་དང་འདྲེ་གཤིན་གདོན་བྲལ་དང་། །ལུས་ལ་དྲི་ཞིམ་ཀུན་དགའ་དང་། །བསམ་ངན་མི་སྙན་རྗོད་བྱེད་དང་། །རིམས་ནད་བྲལ་ཞིག་དགང་སླ་དང་། །དུས་མིན་འཆི་བ་སངས་པར་འགྱུར། །གཞན་ཡང་ཡོན་ཏན་བཞི་ཐོབ་སྟེ། །འཆི་ཁར་སངས་རྒྱས་ཞལ་མཐོང་དང་། །མཁའ་ལ་འོད་འབྱུང་ལྷས་མཆོད་དང་། །ནམ་ཡང་ངན་འགྲོར་མི་འགྲོ་ཞིང་། །བདེ་བ་ཅན་ནམ་བདེ་འགྲོར་སྐྱེ། །འདི་འཛིན་སངས་རྒྱས་བྱང་སེམས་ཀྱི། །རྣམ་པར་ཐར་པའི་ཆོས་སྒོ་འཐོབ། །ཅེས་སོགས་གསུངས་ལ། ཞལ་བཅུ་གཅིག་པའི་


SPN003_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ལས། བཅོམ་ལྡན་འདས་སྙིང་པོ་གདོང་བཅུ་གཅིག་པ་ཞེས་བྱ་བ་འདི་ནི། སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གིས་གསུངས་པ་ལགས་ཏེ། དེ་སེམས་ཅན་ཐམས་ཅད་ལ་སྨན་པ་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་དང་། སྡིག་པ་དང་བཀྲ་མི་ཤིས་པ་དང་རྨི་ལམ་ངན་པ་ཐམས་ཅད་ཟློག་པར་བགྱིད་པ་དང་། དུས་མ་ཡིན་པར་འཆི་བ་ཐམས་ཅད་ཟློག་པར་བགྱིད་པ་དང་། མ་ཞུགས་པ་རྣམས་དད་པ་དང་། བགེགས་དང་ལོག་འདྲེན་ཐམས་ཅད་ཞི་བར་བགྱི་བའི་སླད་དུ་བཤད་པར་བགྱིའོ། །བཅོམ་ལྡན་འདས་སྙིང་པོ་འདིས་བསྲུང་ཞིང་ཞི་བར་བགྱིས་པ་ལ་འགལ་བར་བགྱིད་པ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་གནས་མ་མཆིས་ཏེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །ཞེས་དང་། ནངས་པར་ལངས་ནས་བརྒྱ་རྩ་བརྒྱད་བཏོན་ན་ཚེ་འདི་ལ་ཡོན་ཏན་བཅུ་ཡོངས་སུ་འཛིན་པར་འགྱུར་ཏེ། བཅུ་གང་ཞེ་ན། བྲོ་ནད་མ་མཆིས་པར་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་དང་། ནོར་དང་འབྲུ་རྣམས་འབད་མེད་དུ་རྙེད་པ་དང་། དགྲ་ཐམས་ཅད་ཐུལ་བ་དང་། རྒྱལ་པོ་རྣམས་བྱམས་པ་དང་། དུག་དང་། དབྱིག་དུག་དང་། རིམས་ཀྱིས་མི་


SPN003_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས་པ་དང་། མེ་དང་། ཆུ་དང་། དུས་མ་ཡིན་པར་འཆི་བས་དུས་བྱེད་པར་མི་འགྱུར་ལགས་སོ། །གཞན་ཡང་ཡོན་ཏན་བཞི་ཡོངས་སུ་འཛིན་པར་འགྱུར་ཏེ། འཆི་བའི་དུས་དེ་བཞིན་གཤེགས་པ་མཐོང་བར་འགྱུར་བ་དང་། ངན་སོང་རྣམས་སུ་མི་སྐྱེ་བ་དང་། ཡ་ང་བ་མ་སྤངས་པར་འཆི་བའི་དུས་མི་བྱེད་པ་དང་། འདི་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ལགས་སོ། །ཞེས་སོགས་དང་། ལན་གཅིག་བརྗོད་པས་རྩ་བའི་ལྟུང་བ་བཞི་པོ་དག་ཀྱང་བྱང་བར་འགྱུར། མཚམས་མ་མཆིས་པ་ལྔ་པོ་དག་ཀྱང་མ་ལུས་པ་འབྱང་བར་འགྱུར་ན། ཇི་སྐད་དུ་བཤད་པ་བཞིན་ཏུ་ནན་ཏན་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། དེ་དག་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ་ལགས་ན། བཟླས་བརྗོད་བགྱིད་པ་དང་། སྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་བསམ་པ་ཐམས་ཅད་ཡིད་བཞིན་ཏུ་རྫོགས་པར་བགྱིའོ། །ཞེས་སོགས་གསུངས་ལ། རིག་སྔགས་སྙིང་པོ་ལས། གང་ལ་ལ་ཞིག་གིས་ཟླ་བ་ཕྱེད་ཀྱི་ཚེས་བཅུ་བཞིའམ་བཅོ་ལྔ་ལ་སྨྱུང་བ་བགྱིས་ཏེ། སྡོམ་པ་ཡང་དག་པར་བླངས་ནས་ཆོས་བཞིན་ཏུ་ཡོངས་སུ་


SPN003_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བགྱིས་ཏེ། སེམས་རྩེ་གཅིག་ཏུ་བདག་རྗེས་སུ་དྲན་པར་བགྱིས་ནས་རིག་སྔགས་འདི་བཟླས་བརྗོད་བགྱིས་ན་བསྐལ་པ་བཞི་ཁྲིའི་འཁོར་བ་བསྙིལ་བར་འགྱུར་ལགས་སོ། །ཞེས་གསུངས་ཤིང་། ཡང་པད་དྲྭའི་རྒྱུད་ལས། རིག་སྔགས་འདི་གསུངས་པའི་རྗེས་སུ། །རྩ་བའི་སྙིང་པོ་སྟོང་བརྗོད་པས། །དངོས་གྲུབ་ཅི་དང་ཅི་འདོད་འགྲུབ། །ཅེས་དང་། རྩ་བའི་རིག་པ་དེའི་རྗེས་ཐོག་ཏུ་གསུངས་ནས་ཆོ་གའི་ཚུལ་ཡང་ཞིབ་པར་བསྟན་ཅིང་འདི་སྐད་དུ། །མགོན་པོ་སྤྱན་རས་གཟིགས་དབང་གི། །སྔགས་གང་བརྗོད་པ་ཙམ་ལ་ཡང་། །གཤིས་ངན་ཤི་བ་བཅོ་ལྔ་མེད། །སྐྱེ་བཟང་བཅོ་ལྔ་ཐོབ་པར་འགྱུར། །མུ་གེ་རྒྱལ་པོའི་ཆད་པ་དང་། །དུག་དང་མཚོན་དང་གཡུལ་འགྱེད་དང་། །སྟག་སོགས་སྦྲུལ་སོགས་གཅན་གཟན་གདུག །དུག་ཅན་ཟས་དང་མེ་ཆུས་འཆི། །སྲོག་ཆགས་མདུན་ཏུ་ཉལ་ཉེས་དང་། །གཡེང་བྱེད་དང་ནི་ལྷ་འདྲེས་གཙེས། །གསོར་མི་རུང་དང་བདག་ལྕེབ་རྣམས། །དེ་ལ་ནམ་ཡང་མི་འཇིགས་སོ། །རྒྱལ་པོ་ཆོས་ལྡན་ཡུལ་སྐྱེ་ཞིང་། །འཕགས་པ་བཞུགས་དང་དུས་བཟང་ཡུལ། །བཤེས་གཉེན་བཟང་དང་དབང་པོ་ཚང་། །དགེ་ལ་དགའ་ཞིང་ཚུལ་ཁྲིམས་ལྡན། །བྲན་ཁོལ་བཟང་


SPN003_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ནོར་མང་རྟག །གཞན་གྱིས་བཀུར་ཞིང་དགོས་འདོད་སྦྱོར། །སེམས་བདེར་འཇིག་རྟེན་སྐྱོང་བས་སྲུང་། །སངས་རྒྱས་ཞལ་མཐོང་དོན་ཟབ་བརྟགས། །གཞན་ཡང་དམན་ལ་བྱམས་སེམས་བསྐྱེད། །སྙིང་རྗེ་མཆི་མ་འཁྲུགས་པ་དང། །ཡོན་ཏན་དྲན་ནས་སྤྲོ་བ་དང་། །དཀོན་མཆོག་གསུམ་ལ་དད་པ་དང་། །ཕུལ་དུ་བྱུང་བའི་བློ་གྲོས་འཕེལ། །ཚུལ་བཞིན་མ་ཡིན་ཡིད་བྲལ་དང་། །བཀའ་ལུང་སྡེ་སྣོད་དད་པ་རྣམས། །ཡང་ནས་ཡང་དུ་སྐྱེ་བར་འགྱུར། །ཞེས་དང་། རྒྱུད་པདྨ་ཅོད་པན་ལས། སྔགས་འདི་འདོན་པ་བགྱིད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ལན་ཅིག་བརྗོད་དམ་དྲན་ཞིང་ཡིད་ལ་བྱས་སམ་ལུས་ལ་བཅངས་ན་མཚམས་མེད་པ་ལྔ་དང་། དེ་དང་ཉེ་བའི་སྡིག་པའི་ལས་བྱང་ཞིང་སེམས་ཅན་དམྱལ་བ་དང་ཡི་དྭགས་དང་དུད་འགྲོའི་སྐྱེ་གནས་སུ་མི་སྐྱེ་ཞིང་མི་ཁོམ་པ་བརྒྱད་དུ་སྡུག་བསྔལ་དང་བཅས་པར་མི་འགྱུར་རོ། །གཅན་གཟན་དང་། སྲིན་པོ་དང་། མི་མ་ཡིན་པ་དང་། ནད་དང་འཇིགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་ལ། སྤྱིར་ཕྱག་སྟོང་སྤྱན་སྟོང་ངམ། ནམ་མཁའ་རྒྱལ་པོ་ལ་རྣམ་འགྱུར་དང་སྙིང་པོ་མི་འདྲ་བ་མང་


SPN003_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཆིས་ཀྱང་། དཔལ་མོ་ལུགས་ཀྱི་བཟླ་བྱའི་གཙོ་བོ་གདོང་བཅུ་གཅིག་པའི་གཟུངས་རིང་ཐུང་ཡིན་ལ། གཞན་ཏུ་མགྲིན་སྔོན་ཅན་གྱི་གཟུངས་ཉིད་རྩ་བའི་རིག་སྔགས་ཆེན་མོར་གསུངས་བ་ལྟར་ཀླུ་སྒྲུབ་ཀྱི་སྒྲུབ་ཐབས་ཀྱང་དེ་ལ་བསྟེན་ཅིང་། དེའི་ཕན་ཡོན་མཐའ་ཡས་པ་ཞིག་ལས་འཕགས་ཞབས་ཀྱིས་བསྡུས་པ་ནི། གཟུངས་འདི་ལན་ཅིག་བརྗོད་པས་རྩ་བའི་ལྟུང་བ་བཞི་བྱུང་བ་ཡང་མ་ལུས་པར་འབྱང་བར་འགྱུར་རོ། །འདི་འཛིན་པ་དེ་ལ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྒྱུན་མི་འཆད་པར་སྤྱན་སྟོང་གི་ཐུགས་རྗེས་གཟིགས་ཤིང་། ཕྱག་སྟོང་གིས་བསྐྱབ་པར་འགྱུར་རོ། །མཚམས་མེད་པ་ལྔ་དང་དེ་དང་ཉེ་བ་ལྔ་དང་དགེ་འདུན་གྱི་དཀོར་རྐུ་འཕྲོག་བྱས་པ་རྣམས་ཀྱང་ལན་གཅིག་བརྗོད་པས་མ་ལུས་པར་ཟད་པར་འགྱུར་རོ། །ཐེ་ཚོམ་ཟ་བ་ནི་མ་གཏོགས་སོ། །གཤིས་ངན་ཏུ་འཆི་བ་བཅོ་ལྔ་མི་འབྱུང་ཞིང་། སྐྱེ་བ་བཟང་པོ་བཅོ་ལྔ་འཛིན་པར་འགྱུར་རོ། །སུས་སྙིང་པོ་འདིའི་མིང་ཐོས་པ་དེ་ནི་བསྐལ་པ་དུ་མའི་སྐྱེ་འཆིའི་ལས་བསགས་པ་ལྕི་བ་རྣམས་ཀྱང་བྱང་བར་འགྱུར་ན་བརྗོད་ཅིང་འཛིན་པ་ལྟ་ཅི་སྨོས། རྒྱུན་མི་འཆད་པར་བཟུང་ན་ས་བཅུའི་འབྲས་བུ་ཐོབ་པ་ལ་དཀའ་བ་མེད་ན་འཇིག་རྟེན་པའི་བསོད་ནམས་ལྟ་ཅི་སྨོས། ཞེས་


SPN003_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རྒྱ་ཆེར་གསུངས་པས་ཕན་ཡོན་བསྐྱེད་པའི་ཕྱིར་གཟུངས་འདིའང་ལན་གྲངས་ཁ་ཤས་བཟླ་ཞིང་། དེ་ཡང་། བདག་གི་སློབ་དཔོན་འོད་དཔག་མེད་རྟག་ཏུ་དྲན་པར་བགྱིའོ། །དེ་ནས་གསང་སྔགས་འདི་བརྗོད་པར་རིགས་སོ། །ཞེས་གསུངས་པ་ལྟར་བྱའོ། །ལྔ་པ་ཡིག་དྲུག་བཟླས་པའི་ཕན་ཡོན་ནི། །སྤྱིར་རྒྱུད་སྡེ་བཞི་ཀ་ནས་གསུངས་སོ་ཅོག་གི་ཐུགས་རྗེ་ཆེན་པོའི་རིགས་ཐམས་ཅད་ཀྱི་ཡང་སྙིང་ཡིག་དྲུག་ཉིད་ཡིན་པས་སོ་སོར་བཤད་པའི་ཕན་ཡོན་ཐམས་ཅད་ཀྱང་དེ་ཁོ་ན་ལ་ཚང་བར་འགྱུར་ཏེ། པདྨ་ཅོད་པན་ལས། དེ་རྣམས་ཀྱི་སྔགས་བསྡུས་པ་ནི། ༀ་མ་ཎི་པདྨེ་ཧཱུྃ་ཞེས་པའོ། །འདིས་ནི་རིགས་གསུམ་གྱི་བདག་པོར་འགྱུར་ཏེ་ཕན་ཡོན་ནི་དེའོ། །ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུའི་ཐུགས་རྗེ་ཆེན་པོ་མཐོང་བར་འགྱུར་རོ། །ཞེས་དང་། །ཁྱད་པར་ཟ་མ་ཏོག་བཀོད་པར། འདི་ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་སྙིང་པོ་དམ་པའོ། །གང་ཡང་ཡི་གེ་དྲུག་པའི་རིག་སྔགས་འཛིན་ཅིང་ཟློས་པའི་སེམས་ཅན་དེ་དག་ནི་བསོད་ནམས་དང་ལྡན་པ་སྟེ། དེ་དག་ཟློས་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགུ་བཅུ་རྩ་དགུ་འདུ་བར་འགྱུར་རོ། །


SPN003_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་རྡུལ་ཕྲ་རབ་དང་མཉམ་པ་འདུ་བར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་སྒོ་ན་གནས་པར་འགྱུར་རོ། །གཞན་ཡང་ལྷའི་སྡེ་སུམ་ཅུ་རྩ་གཉིས་ཀྱི་ལྷའི་བུ་དག་འདུ། རྒྱལ་པོ་ཆེན་པོ་བཞིས་ནི་ཕྱོགས་བཞི་ནས་བསྲུང་། ཀླུའི་རྒྱལ་པོ་དང་ཀླུ་བྱེ་བ་སྟོང་ཕྲག་དུ་མས་ནི་ཡོངས་སུ་སྲུང་། ས་བླའི་གནོད་སྦྱིན་དག་ནི་བླ་གབ་མེད་པར་སྲུང་པར་བྱེད་དོ། །དེའི་བ་སྤུའི་ཁུང་བུ་རེ་རེ་ལ་ཡང་དེ་བཞིན་གཤེགས་པ་བྱེ་བ་བཞུགས་ཏེ། ཁྱོད་ཀྱིས་རིགས་རུས་བདུན་བརྒྱུད་ཚུན་ཆད་དུ་ཡིད་བཞིན་གྱི་ནོར་བུ་ཐོབ་པར་བྱས། ལུས་ཀྱི་སྲོག་ཆགས་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པར་བཀོད་པར་བྱས་ཏེ་ལེགས་སོ་ལེགས་སོ་ཞེས་སྦྱིན་པར་མཛད་དོ། །ལ་ལ་ཞིག་གིས་ལུས་ལ་འཆང་ན་དེ་ནི་རྡོ་རྗེའི་ལུས། རིང་བསྲེལ་གྱི་མཆོད་རྟེན། རྒྱལ་བའི་ཡེ་ཤེས་སུ་རིག་པར་བྱའོ། །གང་ཞིག་འདི་ཟློས་པ་དེ་ནི་སྤོབས་པ་མི་ཟད་ཅིང་ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་དག་ལ་སྙིང་རྗེ་ཆེན་པོ་དང་ལྡན་ཏེ་ཉི་མ་རེ་རེ་ཞིང་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་ནས་རིག་འཛིན་གྱིས་འཁོར་ལོས་སྒྱུར་བ་དང་། བླ་ན་མེད་པའི་བྱང་ཆུབ་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ། །དེའི་ལག་གིས་རེག་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་སྲིད་


SPN003_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐ་མ་པར་འགྱུར་རོ། །སེམས་ཅན་གང་དག་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པས་ཀྱང་མཐོང་ངམ། དེའི་ཡིད་ཀྱིས་སེམས་པར་བྱེད་ན་དེ་དག་སྐྱེ་རྒ་ན་འཆིའི་སྡུག་བསྔལ་འཛད་དེ་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔར་འགྱུར་རོ། །ཞེས་སོགས་དང་། ཡང་། རྡུལ་ཕྲ་རབ་ཀྱི་རྡུལ། རྒྱ་མཚོའི་མཆིང་གི་བྱེ་མ། གླིང་བཞི་པའི་ཆུའི་ཐིགས་པ་དང་འབྲུ་དང་སྤུའི་ཚོགས་དང་ཐང་ཤིང་གི་ལོ་མ་ཇི་སྙེད་ཡོད་པ། ལོ་བཅུ་གཉིས་སུ་ཉིན་མཚན་མེད་པར་ཆར་བབ་པའི་ཐིགས་པ་རེ་རེ་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་བགྲང་ནུས་ལ། ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ནི་བགྲང་མི་ནུས་པ་དང་། གླིང་བཞི་པའི་སེམས་ཅན་ཐམས་ཅད་ས་བདུན་པ་ལ་གནས་པར་གྱུར་པ་དེའི་བསོད་ནམས་ལས་ཀྱང་ཡིག་དྲུག་ལན་གཅིག་བཟླས་པས་ཆེ་བ་སོགས་གསུངས་ལ། གཞན་ཡང་ཡི་གེ་དྲུག་པའི་རིག་སྔགས་འདྲིར་འཇུག་པ་དེས་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འདྲིར་འཇུག་པར་འགྱུར་རོ། །སངས་རྒྱས་ཀྱི་སྐུ་རྡུལ་ཕྲ་རབ་དང་མཉམ་པ་ལྷའི་གསེར་རིན་པོ་ཆེ་ལས་ཉིན་རེ་བཞིན་དུ་བྱེད་ཅིང་རིང་བསྲེལ་འཇུག་པ་དེའི་རྣམ་པར་སྨིན་པ་ནི་ཡི་གེ་དྲུག་པའི་


SPN003_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་གཅིག་གི་རྣམ་པར་སྨིན་པ་སྟེ་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །འདི་ཟློས་པར་བྱེད་ན་ཏིང་ངེ་འཛིན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །རྣལ་འབྱོར་གཞན་རྣམས་ནི་ཕུབ་མ་དང་མཚུངས་ལ་འདི་ནི་འབྲས་ཀྱི་སྙིང་པོར་གྱུར་པའོ། །ཞེས་སོགས་མདོ་རྒྱུད་དུ་མ་ནས་རྒྱ་ཆེར་བསྔགས་པའི་དོན་བསྡུས་རྒྱལ་པོ་བཀའ་ཆེམས་སུའང་གསལ་ཞིང་། སྤྲུལ་པའི་རྒྱལ་པོའི་ཞལ་གདམས་ཀྱི་སྒྲུབ་སྐོར་རྣམས་སུའང་ཡིག་དྲུག་ཁོ་ན་གཙོ་བོར་མཛད་ལ། མདོར་ན་ངག་ཏུ་བཟླ་བྱའི་སྔགས་ཞིག་ལ་ཡིག་དྲུག་འདྲ་བའི་ཕན་ཡོན་ཆེ་བ་གཞན་ན་མེད་པས་འདི་ཁོ་ནར་རྟག་ཏུ་བརྩོན་པར་རིགས་སོ། །དྲུག་པ་བླ་མ་རྣམས་ཀྱིས་མན་ངག་གི་ཚུལ་དུ་ཁ་བསྐང་བའི་གཟུངས་ལས། ཡིད་བཞིན་འཁོར་ལོ་ལའང་ལྷ་སྔགས་ཀྱི་རྣམ་གྲངས་མི་འདྲ་བ་འབྱུང་ཡང་། ཕན་ཡོན་ཡིད་བཞིན་ནོར་བུ་འཁོར་ལོས་སྒྱུར་བའི་གཟུངས་སུ་ཐམས་ཅད་ཚང་བས། དེ་ནི་དེ་ཉིད་ལས། རིགས་ཀྱི་བུའམ་བུ་མོ། འཁོར་བཞི་པོ་གང་སུ་ཡང་རུང་བས་འབྲས་བུ་མོད་ལ་ཐོབ་པར་འཚལ་བས། ཡིད་བཞིན་ནོར་བུའི་ཕྱག་རྒྱ་ལ་མངོན་པར་བརྩོན་པར་བགྱིའོ། །ཚེས་གྲངས་རྒྱུ་སྐར་སྦྱར་མི་འཚལ། །སྨྱུང་བའི་ཆོ་ག་བགྱི་མི་འཚལ། །


SPN003_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་དང་གོས་གསར་བགོ་མི་འཚལ། །དེ་བཞིན་སྒྲུབ་པའི་ཆོ་ག་མེད། །བཀླག་པ་ཉིད་ཀྱིས་འགྲུབ་འགྱུར་ཏེ། །བཟླས་བརྗོད་ཙམ་གྱིས་ཐེ་ཚོམ་མེད། །ལས་ནི་སྟོང་དང་བརྒྱ་ཡང་བགྱིད། །འདི་དང་མཚུངས་པའི་རིགས་སྔགས་མེད། །སྔོན་གྱི་སྡིག་སྒྲིབ་ཟད་འགྱུར་ཏེ། །བཏབ་པ་ཙམ་གྱིས་མནར་མེད་པར། །འཆི་བའི་སྡིག་པ་འཕྲལ་དུ་དག །ཅེས་དང་། མཚམས་མེད་པའི་སྡིག་པ་མ་ལུས་པ་ཟད་པར་འགྱུར། ནད་ཐམས་ཅད་དང་། རིམས་དང་། བྱད་སྟེམས་དང་། གནོད་སྦྱིན་དང་སྲིན་པོ་ལ་སོགས་པའི་གདོན་ཐམས་ཅད་ལས་ཐར་ཞིང་ཕྱིས་མི་ཚུགས་པར་འགྱུར། དུག་དང་། མཚོན་དང་། མེ་དང་། ཆུ་དང་། ལྕེ་འབབ་པས་མི་ཚུགས། ཆོམ་རྐུན་དང་། རྒྱལ་པོ་དང་། དགྲ་དང་། དུས་མ་ཡིན་པའི་འཆི་བ་ལ་སོགས་པའི་འཇིགས་པ་མི་འབྱུང་། རྨི་ལམ་ངན་པ་མི་རྨི། འཐབ་པ་དང་རྩོད་པ་ཐམས་ཅད་ལས་རྒྱལ་བར་འགྱུར། ལན་བརྒྱ་རྩ་བརྒྱད་བཟླས་པས་དེའི་ཉིན་མོར་འཕགས་པ་སྤྱན་རས་གཟིགས་མངོན་སུམ་དུ་སྟོན་ཏེ་དབུགས་འབྱིན་ཅིང་དངོས་གྲུབ་སྩོལ་བར་བགྱིད། འོད་དཔག་མེད་སོགས་དེ་བཞིན་གཤེགས་པ་རྣམས་དང་། འཇིག་རྟེན་གྱི་


SPN003_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བདེ་བ་ཅན་དང་། རི་བོ་ཏ་ལའི་གཞལ་མེད་ཁང་རྣམས་ཀྱང་མཐོང་བར་འགྱུར་རོ། །འཆི་བའི་ཚེ་འཕགས་པ་མངོན་སུམ་དུ་མཐོང་ཞིང་སངས་རྒྱས་ཀྱི་ཞིང་དུ་པད་མ་ལས་བརྫུས་ཏེ་སྐྱེ་བར་འགྱུར། ཚེ་རབས་ཐམས་ཅད་དུ་སྐྱེ་བ་དྲན་པ་དང་། རྟག་ཏུ་ངན་སོང་དུ་མི་ལྟུང་བ་དང་། སངས་རྒྱས་ཀྱི་གོ་འཕང་ཡང་ཐོབ་པར་འགྱུར་རོ། །ཞེས་སོགས་གསུངས་སོ། །ས་བཅུ་པའི་གཟུངས་རིགས་བཅུ་པོ་འབུམ་ཕྲག་རེ་བཟླས་པས་ས་དང་པོ་ནས་བཅུ་པའི་བར་ཐོབ་པ་སོགས་ཕན་ཡོན་རྒྱ་ཆེན་སྨོས་ཀྱིས་མི་ལང་པས་དེའི་ཁུངས་དོན་ཞགས་ཀྱི་རྟོག་པ་ཆེན་མོར་གསལ་ཞིང་། པདྨོ་ཨུཥྞི་ཥའི་ཕན་ཡོན་མདོར་བསྡུས་ནི། གང་གིས་གསང་སྔགས་ཡི་གེ་བཅུ་པ་འབུམ་བཟླས་བརྗོད་བགྱིས་ན་ས་བཅུ་ལ་གནས་ཞིང་ཕྱིར་མི་ལྡོག་པར་དོན་ཡོད་པའི་པདྨ་གཙུག་ཏོར་གྱི་འཁོར་ལོར་བསྒྱུར་པར་འགྱུར་ཏེ་ཐེ་ཚོམ་མི་བྱའོ། །ཡིག་འབྲུ་རེ་རེ་ཙམ་བཟླས་པས་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་ན་ཆེས་ངལ་ཞིང་དུབ་པར་སྒྲུབ་ན་ལྟ་སྨོས་ཀྱང་ཅི་དགོས། ཉིན་ཞག་གཅིག་སྨྱུང་བར་གནས་པའམ། གང་ལ་ལ་སྐད་ཅིག་ཡུད་ཙམ་དུ་སྙིང་པོ་འདི་ལན་ཅིག་དྲན་ན། མཚམས་མེད་པ་ལྔ་བྱེད་པ། མནར་མེད་དུ་ཚེ་བསྐལ་པར་གཞོལ་པ་ཡང་རྣམ་པར་དག་ཅིང་།


SPN003_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་དང་སྒྲིབ་པ་ཐམས་ཅད་ཟད། ནམ་ཡང་ངན་འགྲོར་མི་འགྲོ་ཞིང་ཚེ་རབས་དྲན་པར་འགྱུར། བསྐལ་པ་འབུམ་ཕྲག་དུ་མ་རེ་རེ་བཞིན་དུ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་། མངོན་པར་དགའ་བ་དང་། བདེ་བ་ཅན་གྱི་འཇིག་རྟེན་ལ་སོགས་པར་སྐྱེས་ནས་བདེ་བ་མྱོང་བར་འགྱུར། ཉིན་རེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་དམིགས་ནས་ལན་བདུན་བདུན་བརྗོད་ན་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར། ཚེ་བརྗེས་ནས་བདེ་བ་ཅན་ཏུ་སྐྱེ་ཞིང་ཏིང་ངེ་འཛིན་བརྒྱ་ཕྲག་དུ་མ་དག་ཀྱང་ཐོབ་པར་འགྱུར། བྱེ་མ་གཙང་མ་ལ་སྔགས་ནས་རོའམ་རུས་པའམ་དུར་ཁྲོད་དང་པུར་ཁང་སོགས་སུ་གཏོར་ན་བསླབ་སྡོམ་རལ་བ་ལ་སོགས་པས་ངན་སོང་དུ་སྐྱེས་པ་རྣམས་ཀྱང་དེ་མ་ཐག་ཏུ་ཚེ་བརྗེས་ནས་མཐོ་རིས་སུ་སྐྱེ་བར་འགྱུར། གྲོ་ག་ལ་བྲིས་ནས་མཆོད་རྟེན་གྱི་ནང་དུ་བཅུག་ན་དེའི་གྲིབ་མས་ཕོག་པའི་སྲོག་ཆགས་ཐམས་ཅད་མཐོ་རིས་སུ་སྐྱེ་བར་འགྱུར། དུང་ལ་སྔགས་ཏེ་རི་མཐོན་པོར་བུས་པའི་སྒྲ་སྡོམ་པ་ལ་ཞུགས་པས་ཐོས་ན་ཕྱིར་མི་ལྡོག་པར་བདེ་བ་ཅན་ཏུ་སྐྱེ་བར་འགྱུར། སེམས་ཅན་ཐ་མལ་པ་སུས་ཐོས་མཐོ་རིས་སུ་གཞོལ་བར་འགྱུར།


SPN003_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཙནྡན་ལ་སྔགས་ཏེ་དགེ་འདུན་གྱི་ཀུན་དགའ་ར་བ་སོགས་མང་པོ་འཚོགས་པའི་དབུས་སུ་བདུག་ན་དྲི་མནམས་པ་ཐམས་ཅད་སངས་རྒྱས་ཀྱི་སྐུ་ཡོངས་སུ་རྫོགས་ཤིང་། ཆོས་གོས་ལ་བདུག་ནས་གྱོན་ན་གང་ཟག་དེའི་སྡིག་པ་དང་སྒྲིབ་པ་ཟད། སྲང་ཁར་བདུག་ན་འཐབ་རྩོད་དང་ཡམས་ནད་ཆད། འབྲོག་ཏུ་བདུག་ན་དགྲ་རྐུན་གཅན་གཟན་བཅིངས། རིམས་ནད་སོགས་ལ་བདུག་ན་ནད་ཞི་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །སྒོ་མཐའ་ཡས་པའི་གཟུངས་ནི། དེ་ཉིད་ལས། སངས་རྒྱས་ཀུན་གྱིས་དེ་ནི་ཡིད་ལ་མཛད། །དེ་ལ་བདུད་ཀྱིས་གླགས་ནི་རྙེད་མི་འགྱུར། །དེ་ཡི་ལས་ཀྱི་སྒྲིབ་པ་མྱུར་དུ་འབྱང་། །སྤོབས་པ་མཐའ་ཡས་རྣམས་ཀྱང་ཐོབ་པར་འགྱུར། །ཞེས་སོགས་ཕན་ཡོན་དུ་མ་གསུངས་ལ། འདི་ནི་ཞལ་བལྟ་ཞིང་གསུང་ཐོས་པ་ལ་སྒྲིབ་པའི་ཚོགས་མྱུར་དུ་སྦྱོང་བའི་དགོས་པ་ཁྱད་པར་ཅན་དང་འབྲེལ་བ་ཞིག་གོ། །དེ་ལྟར་བསྙེན་པ་རྣམས་གྲངས་ཐེམ་ཞིང་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་ལ་བརྩོན་པ་དེ་མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་དུ་གསུངས་ཏེ། མདོ་བཏུས་ལས། གལ་ཏེ་ཐུགས་རྗེ་ཆེན་པོའི་གཟུངས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དེ་དག་ཆུ་ཀླུང་ངམ་རྒྱ་


SPN003_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

མཚོར་ཞུགས་ཏེ་ཁྲུས་བྱས་པའི་ཆུས་ལུས་ལ་རེག་པའི་དེར་གནས་སེམས་ཅན་ཐམས་ཅད་སྡིག་པའི་ལས་དང་། ཁ་ན་མ་ཐོ་བ་ལྕི་བ་ཡོངས་སུ་བྱང་ནས་ཞིང་དག་པར་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་ན་ཁ་ཏོན་ཏུ་བྱེད་པ་དང་འཆང་བ་རྣམས་ལྟ་ཅི་སྨོས། ལམ་དུ་ཞུགས་ནས་འགྲོ་བའི་ཚེ་རླུང་ལངས་ཏེ་གང་ཟག་དེའི་ལུས་དང་གོས་ལ་རེག་པའི་རླུང་དེ་ཕྱོགས་གཞན་ཏུ་སོང་ནས་སེམས་ཅན་གང་གི་ལུས་ལ་རེག་ཀྱང་། དེ་དག་གི་སྡིག་སྒྲིབ་ལྕི་བ་མ་ལུས་པ་བྱང་ནས་ངན་སོང་གསུམ་གྱི་རྣམ་སྨིན་མི་མྱོང་ཞིང་རྟག་པར་སངས་རྒྱས་ཀྱི་སྤྱན་སྔར་སྐྱེ་བར་འགྱུར་ན་འདོན་པ་དང་། ཡོངས་སུ་འཛིན་པ་དེ་དག་གིས་ཐོས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། །ཞེས་དང་། བྱང་སེམས་པས། གཟུངས་སྔགས་འདི་རྣམས་དུད་འགྲོ་ཕོ་མོ་འཆི་བའི་རྣ་ལམ་དུ་བསྒྲག་ན་ལྷ་མིའི་ལུས་ཐོབ་ཅིང་བྱང་ཆུབ་སེམས་ཀྱི་ས་བོན་ཐེབས་ཏེ་བདེ་བ་ཅན་དུ་སྐྱེ་བར་གསུངས་སོ། །བདུན་པ་ཆོ་ག་བྱས་པའི་ཕན་ཡོན་ནི། རྒྱུད་པད་དྲྭར། བཅུ་བཞིའམ་ནི་བཅོ་ལྔ་དང་། །ཁྱད་པར་དུ་ནི་ཚེས་བརྒྱད་ལ། །གསོ་སྦྱོང་སྐུ་ཡི་མདུན་ཏུ་བླང་། །སྐྱོན་མེད་ཙནྡན་དཀར་སོགས་ཤིང་། །རིགས་བཟང་ལས་བྱས་སྐུ་


SPN003_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སམ། །ཡང་ན་ས་རྡོ་རིན་ཆེན་སོགས། །བཟང་ལས་བདེ་བར་གཤེགས་གཟུགས་བྱ། །ཡང་ན་རིས་སུ་བྲིས་ཀྱང་རུང་། །སྐུ་གཅིག་པོའམ་ལྷ་ཚོགས་ཀྱི། །དཀྱིལ་འཁོར་རྒྱས་པར་བྱས་པ་ལ། །མངོན་སུམ་བཞིན་ཏུ་དམིགས་བྱས་ན། །མྱུར་དུ་མངོན་སུམ་མཐོང་བར་འགྱུར། །ཞེས་དང་། ཡོན་ཏན་ཀུན་གྱིས་བརྒྱན་པ་ཡི། །བུམ་པ་ཆུ་དང་བཅས་པ་ལ། །སྔགས་བརྗོད་པ་ནི་འདོད་དོན་ཀུན། །འགྲུབ་འགྱུར་ཐེ་ཚོམ་མི་བྱའོ། །ཞེས་བུམ་ཆོག་དང་ཞར་བྱུང་ཕན་ཡོན་བཅས་བསྟན་པ་དང་། ཆོ་ག་ཞིབ་མོ་ལས། སུ་ཞིག་གཟུངས་སྔགས་འདི་འཛིན་པ་དེས། ཚེས་བཅོ་ལྔའི་ཟླ་བ་ཉ་བ་ལ་བསླབ་པའི་གཞི་བརྒྱད་བཟུང་སྟེ། གོས་གཙང་མ་བགོས་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་མདུན་དུའམ། སངས་རྒྱས་ཀྱི་གཟུགས་ཀྱི་སྤྱན་སྔར་ཙན་དན་དཀར་པོའི་དཀྱིལ་འཁོར་བགྱིས་ལ། དེར་མེ་ཏོག་སྣ་ཚོགས་གཏོར་བར་བགྱི། བདུག་པས་ཀྱང་བདུག་པར་བགྱི། མར་མེ་ཡང་བུད་པར་བགྱིའོ། །སངས་རྒྱས་བཅོམ་ལྡན་འདས་ལ་གུས་པ་བསྐྱེད་པར་བགྱིའོ། །གཟུངས་སྔགས་འདིའང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་


SPN003_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་དཀྱིལ་འཁོར་དེར་འདུག་སྟེ། མཚམས་མེད་པ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཇི་སྙེད་ཡོད་པ་ཐམས་ཅད་འབྱང་བར་འགྱུར་རོ། །ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ཀྱང་ཡོངས་སུ་དག་པར་འགྱུར་རོ། །སངས་རྒྱས་ཀྱི་ཏིང་ངེ་འཛིན་དང་འོད་ཟེར་གྱིས་དབང་བསྐུར་བའི་སྟོབས་ཀྱང་འཐོབ་བོ། །ས་དང་ཕ་རོལ་དུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་པའང་རྒྱུད་རིགས་མཐུན་པའི་དབང་གིས་ཆོ་ག་འདིའི་ཡང་ལུང་ཁུངས་སུ་འགྱུར་ལ། དེ་བཞིན་དུ། ཐོགས་པ་མི་མངའ་བའི་གཟུངས་ལས། གང་ལ་ལ་ཞིག་རྟག་པར་སྤོས་སམ་མེ་ཏོག་སྙིམ་པ་གང་ཙམ་སྐུ་གཟུགས་ཀྱི་མདུན་དུ་གཏོར་ནས་གཟུངས་འདོན་པར་བགྱིད་ན། སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་ཡོན་ཏན་དང་སྙིང་རྗེ་ཆེན་པོའི་ཆོས་ཉིད་འཐོབ་པར་འགྱུར། མཐར་གྱིས་མཐུ་ཆེན་པོ་མངོན་པར་འགྲུབ་པར་འགྱུར་ལགས་སོ། །ཞེས་དང་། རྒྱུད་པད་དྲྭར། ནད་དང་འཕྲོད་པའི་སྨན་རྣམས་ལ། །སྔགས་བཟླས་བཟའ་འམ་བྱུགས་པའམ། །བདུག་པ་ཙམ་ཡང་གནོད་པ་སེལ། །སྲད་བུའམ་ནི་གོས་དག་དང་། །ཕྱག་རྒྱས་གདགས་ཀྱང་དེ་བཞིན་ནོ། །ཞེས་པའི་ལས་ཚོགས་དང་།


SPN003_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་བཅུ་གཅིག་པའི་གཟུངས་ལས། ཆབ་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཏེ་ལུས་ལ་གཏོར་ན་སྒྲིབ་པ་དང་བགེགས་ཐམས་ཅད་ངང་གིས་བྱང་ནས་སྨོན་པ་ཐམས་ཅད་ཡིད་བཞིན་ཏུ་འགྲུབ་པར་འགྱུར་ལགས་སོ། །ཞེས་གཟུངས་ཁྲུས་ཀྱི་ཕན་ཡོན་དང་། བྱང་སེམས་ཟླ་རྒྱལ་གྱི་ཞལ་ནས་ཕན་ཡོན་མཐའ་ཡས་པ་ཞིག་གསུངས་པའི་གཤམ་དུ། སྐྱེས་པ་རྣམས་ཀྱིས་འདིའི་སྨྱུང་གནས་ལན་གཅིག་བྱས་པས་བདེ་བ་ཅན་དུ་སྐྱེ། བུད་མེད་རྣམས་ཀྱིས་སྨྱུང་གནས་ལན་གཅིག་བྱས་པས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ཏེ་དང་པོའི་ཡོན་ཏན་ཐོབ། སྨྱུང་གནས་སྔོན་འགྲོ་གདན་གཅིག་གི་ཉིན་མི་གཅིག་ལ་འཚོ་བ་དྲངས་ནས་བརྒྱད་པའི་བྱང་སེམས་ལ་འཚོ་བ་དྲངས་པ་དང་བསོད་ནམས་མཉམ་ཞིང་། སྨྱུང་གནས་ཚར་བའི་ཕྱིར་ནང་མི་གཅིག་ལ་འཚོ་བ་དྲངས་ཀྱང་རང་སངས་རྒྱས་ལྔ་བརྒྱ་ལ་དྲངས་པ་དང་འདྲ། གསོ་སྦྱོང་བླངས་པ་ཙམ་ལ་དྲངས་ན་དགྲ་བཅོམ་པ་ལ་དྲངས་པའི་ཕན་ཡོན་ཐོབ་པ་དང་། སྦྱིན་བདག་དེ་ངན་སོང་གསུམ་དང་། ནད་མཚོན་མུ་གེའི་བསྐལ་པར་ནམ་ཡང་མི་སྐྱེ་ཞིང་། ཚེ་རབས་ཐམས་ཅད་དུ་བདེ་སྐྱིད་ཕུན་སུམ་ཚོགས། བྱང་ཆུབ་ཀྱི་སེམས་རྒྱུད་ལ་འཁྲུངས་


SPN003_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ཕན་ཡོན་མང་དུ་འབྱུང་བར་གསུངས་སོ། །དེ་དག་ལའང་ཐེ་ཚོམ་མེད་པ་ཁོ་ན་གལ་ཆེ་སྟེ། ཐེ་ཚོམ་ཅུང་ཟད་ཅིག་ཡོད་ན་འབྲས་བུ་ཅིའང་མི་འགྲུབ་པ་སྔགས་རྒྱུད་སྤྱི་དང་གོང་དུ་དྲངས་པའི་ལུང་ལས་གསལ་ལོ། །བརྒྱད་པ་བསྐྱེད་རྫོགས་བསྒོམ་པའི་ཕན་ཡོན་ནི། སྤྱིར་སྦྱིན་པ་ལས་ཚུལ་ཁྲིམས་སོགས་ཕར་ཕྱིན་དྲུག་ཕྱི་རིམ་བཞིན་ཏུ་ཕན་ཡོན་ཆེ་བས། ཤེས་རབ་སྟེ་སྟོང་པ་ཉིད་སྒོམ་པའི་ཕན་ཡོན་ནི། ཏིང་འཛིན་རྒྱལ་པོའི་མདོ་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལམ་དུ་བཀོད་པ་བས། གང་གིས་ཆོས་བདག་མེད་པ་ལ་མོས་ཏེ་དབེན་པའི་ཕྱོགས་སུ་གོམ་པ་བདུན་བོར་བ་བསོད་ནམས་ཆེའོ། །ཞེས་དང་། དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། ཤཱ་ཱརིའི་བུ། གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། སེ་གོལ་གཏོགས་པའི་ཡུན་ཙམ་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཞེས་དང་། རྟོག་པ་ཆེན་པོ་ལས། ཐང་གཅིག་བསམ་གཏན་ཐུན་ཞུགས་ན། །ཁམས་གསུམ་གང་བའི་མི་རྣམས་ལ། །སྲོག་བྱིན་པས་ནི་དེ་དོན་ཆེ། །


SPN003_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་བརྗོད་ལས་འདས་པར་གསུངས་ཤིང་། དེ་ཐམས་ཅད་ལས་ཀྱང་སྔགས་རྒྱུད་དང་འབྲེལ་པའི་དགེ་རྩ་ཅུང་ཟད་རེ་ཕན་ཡོན་ཆེ་སྟེ། དུས་འཁོར་རྩ་རྒྱུད་ལས། གདོལ་པ་སྨྱིག་མ་མཁན་སོགས་དང་། །མཚམས་མེད་ལྔ་ནི་བྱེད་པ་ཡང་། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །ཚེ་འདི་ཉིད་ལ་འཚང་རྒྱ་འགྱུར། །ཞེས་གསུངས་པ་ལྟར། འདུས་བྱས་ཀྱི་དགེ་རྩ་ཞིག་ཡིན་ཀྱང་ཆགས་བྲལ་གྱི་ལྷ་སྐུ་བརྒྱ་རྩ་ལས་སྔགས་སུ་གསུངས་པའི་ལྷ་སྐུ་གཅིག་བཞེངས་པ་བསོད་ནམས་ཆེ་བར་གསུངས་པ་དེས་འགྲེ་ཞིང་། ཞུ་བདེའི་ཁྱད་པར་ཅན་གྱི་བསྐྱེད་རྫོགས་སྒོམ་པའི་ཡོན་ཏན་ནི་མང་དུ་སྨོས་ཅི་འཚལ། ངེས་པར་ལས་དང ཉོན་མོངས་པའི་སྒྲིབ་པ་མྱུར་དུ་ཟད་ཅིང་། མཆོག་ཐུན་མོང་གཉིས་ཀ་ཚེ་འདིའམ་བར་དོ་ལས་མི་འགྱངས་པར་ཐོབ། གནས་སྐབས་སུའང་ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་རྟོགས་པའི་ཡེ་ཤེས་འཆར། འཆི་བའི་ཚེ་འཇའ་འོད་རིང་བསྲེལ་ས་གཡོས་འབྱུང་། ཁྱད་པར་དུ་ཞལ་བཅུ་གཅིག་པ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་ཕྱིར་དེ་བསྒོམ་པས་དཀྱིལ་འཁོར་འཁོར་ལོ་མ་ལུས་པ་བསྒོམ་པར་འགྱུར། ཞལ་གྱི་ཁ་དོག་བཞིས་འཕྲིན་


SPN003_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཞི་འགྲུབ་པ་དང་། ཕྱག་རེ་རེ་ལ་དམིགས་པའི་ཕན་ཡོན་མི་འདྲ་བ་རེ་རེ་སོགས་མཐའ་ཡས་པ་གསུངས་སོ། །དེ་དག་ནི་རྒྱུད་གཟུངས་དག་གི་དཀྱུས་སུ་བསྟན་པའི་སྨྱུང་གནས་དང་གཟུངས་སྔགས་ཆོ་གའི་ཕན་ཡོན་མདོར་བསྡུས་ཏེ། བླ་མ་གོང་མའི་མན་ངག་གི་ཕྱག་བཞེས་སྒྲུབ་མཆོད་ལུགས་ལ་ནི། དེའི་སྟེང་དུ་ཕན་ཡོན་ལྷག་པོ་དུ་མ་འབྱུང་སྟེ། ཡན་ལག་བདུན་པོ་རེ་རེའི་ཕན་ཡོན་ཀྱང་བརྗོད་ཀྱིས་མི་ལང་པའི་ཕྱིར་རོ། །བཞི་པ་རྗེས་ནི། སྤྱིར་གསང་སྔགས་ཀྱི་སྲོག་དམ་ཚིག་ཡིན་པས་དེ་མ་བསྲུང་ན་སྔགས་ཀྱི་འབྲས་བུ་མི་འགྲུབ་ཀྱི་སྟེང་དུ་ཉེས་དགུ་སྣ་ཚོགས་འདི་ཕྱི་གཉིས་ཀར་འབྱུང་ལ། བསྲུང་ན་དེ་ལས་ལྡོག་པའི་དངོས་གྲུབ་མཆོག་ཐོབ་སྟེ། དེའང་། གསུམ་ལ་སྐྱབས་སུ་སོང་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། རང་རིགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནོད་པ་གཞིར་བཞག་ནས། འདིར་བྱ་རྒྱུད་རང་ལུགས་ཀྱི་དམ་ཚིག་གསང་བ་སྤྱི་རྒྱུད་ཀྱི་རྩ་ལྟུང་བཅུ་བཞི། ལེགས་གྲུབ་ནས་གསུངས་པའི་རིགས་དང་འཇམ་དཔལ་རྩ་རྒྱུད་ཀྱི་ལྔ་པོ་སོགས་བསྲུང་དགོས་ཀྱང་བྲིར་མ་ལང་པས་གཞན་དུ་ཤེས་པར་བྱ་ཞིང་།


SPN003_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་སྤྱན་རས་གཟིགས་ཀྱི་དམ་ཚིག་ཏུ། བྱང་སེམས་རིན་པོ་ཆེའི་ཞལ་གདམས་ཀྱི་སྙིང་པོ་ནི། རང་ལ་ཉེས་པ་མེད་བཞིན་ཏུ་ཕ་རོལ་པོས་ཁྲོ་བ་དང་། གཤེ་བ་དང་། རྡེག་པ་དང་། མཚང་འབྲུ་བ་ལ་སླར་ལན་མི་ལྡོན་པའི་དགེ་སྦྱོང་གི་ཆོས་བཞི་དང་ལྡན་པས། ལུས་ཀྱིས་རྡེག་བཙོག་འཕྲོག་བཅོམ། ངག་གིས་ཚིག་རྩུབ་སྐུར་འདེབས། ཡིད་ཀྱིས་ཕྲག་དོག་གནོད་སེམས་གང་བྱུང་ཡང་འཕགས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་རང་གི་སྒྲིབ་སྦྱོང་དུ་ཤེས་པར་བྱ། མདོར་ན་སྐྱིད་སྡུག་ཅི་བྱུང་ཡང་འཕགས་པ་ཉིད་ལ་བློ་ལིངས་ཀྱིས་བསྐྱུར། རང་དང་སེམས་ཅན་ཀུན་གྱི་ལུས་ཐུགས་རྗེ་ཆེན་པོ། ངག་ཡི་གེ་དྲུག་མ། ཡིད་རྣམ་པར་མི་རྟོག་པའི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་བསྒོམ་ལ། གནོད་ལན་ཕན་གདགས་གཞན་ཕན་འབའ་ཞིག་གི་བསམ་སྦྱོར་ལ་ནན་ཏན་མ་བྱས་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་འགལ་ཞིང་འཕགས་པའི་ཐུགས་ཀྱིས་ཁྲེལ་ནས་བྱིན་རླབས་རྒྱང་རིང་དུ་འགྲོ་བས་དེ་རྣམས་དང་མ་འགལ་བ་དང་། གཞན་གྱི་སྡུག་བསྔལ་བདག་གིས་ལེན། བདག་གི་བདེ་དགེ་གཞན་ལ་སྦྱིན་པ་ལ་བསླབ། སེམས་ཅན་ཐམས་ཅད་བདག་ཁོ་ནས་སངས་


SPN003_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱིས་ས་ལ་འགོད་པའི་ཆེད་དུ་དགེ་བའི་ལས་བགྱིད་དོ་སྙམ་པའི་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བའི་ངང་། ཉིན་རེ་ལ་འཕགས་པའི་བསྐྱེད་རིམ་ཐུན་རེ། གཟུངས་སྔགས་རབ་བརྒྱ་རྩ། འབྲིང་ཉེར་གཅིག ཐ་མའང་བཅོ་ལྔ་རེ་མ་ཆག་པར་འདྲེན་ཞིང་། སྤྱོད་ལམ་རྣམ་བཞི་རང་ཉིད་གང་ལ་གོམས་པའི་རྣལ་འབྱོར་དང་བསྲེ་བས་དགེ་སྦྱོར་ཆུ་བོའི་རྒྱུན་ལྟ་བུས་ཚོགས་གཉིས་ཡར་ལྡན་ཏུ་སྤེལ་བར་བྱའོ། །རྩ་བའི་ས་བཅད་གསུམ་པ་གལ་ཆེའི་འཕྲོས་དོན་ནི། དེའང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་མ་བཟུང་བའི་བདག་ཅག་སྙིགས་མའི་འགྲོ་བ་མགོན་མེད་རྣམས་བསྐྱབ་པའི་སླད་དུ། སྟོན་པ་ཤཱཀྱའི་རྒྱལ་པོ་ཐུགས་རྗེ་ཅན་འདིས་བསྐལ་པ་བྱེ་བ་ཁྲག་ཁྲིག་དུ་མར་ཆོས་ཚིག་བཞི་པ་རེའི་དོན་དུ་ལུས་སྲོག་ལོངས་སྤྱོད་ལྟོས་མེད་དུ་དོར་བ་སོགས་དཀའ་བ་གྲངས་མེད་པ་སྤྱད་ནས་ཀྱང་བྱང་ཆུབ་བརྙེས་ཏེ་ལེགས་པར་གསུངས་པའི་དམ་ཆོས་རིན་པོ་ཆེ་འདི་སྙེད་ཅིག་ལས། ཐ་ན་ཚིག་བཞི་པ་གཅིག་གི་དོན་ཙམ་ལག་ལེན་ཏུ་མ་ཐེབས་ན་རང་ཅག་རྗེས་འཇུག་རྣམས་ཀྱིས། སྟོན་པ་བཀའ་དྲིན་ཅན་དེ་མི་མཉེས་པར་བྱས་པ་ཡིན་པས། དེས་ན་ཐོག་མར་ཆོས་འཆད་


SPN003_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་གལ་ཆེ་ལ་དེའི་ཕན་ཡོན་ཀྱང་། བྱམས་པ་སེང་གེའི་མདོ་ལས། གངྒཱའི་བྱེ་སྙེད་འཇིག་རྟེན་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །དུས་ངན་ཚེ་ན་ཚིག་བཅད་གཅིག་འཆད་པ། །དེའི་ཕན་ཡོན་ཅི་འདྲ་སྔ་མར་མེད། །ཅེས་དང་། རྒྱན་སྟུག་ལས། འཇམ་དཔལ་ཕྱོགས་གང་ན་ཆོས་སྨྲ་བ་འདུག་གམ། དེ་མཐོང་ན་མཚམས་མེད་པ་ལྔ་བྱང་བར་འགྱུར་རོ། །དེ་ལ་མཆོད་པ་ཡང་བྱ་སྟེ། གལ་ཏེ་ཆོས་སྨྲ་བ་དེས་མཚམས་མེད་པ་ལྔ་སྤྱོད་ཀྱང་སེམས་འཁྲུགས་པར་མི་བྱའོ། །ཞེས་དང་། ཆོས་ཐོས་པས་ངན་འགྲོའི་སྒོ་བཅད་ཅིང་མྱང་འདས་ཀྱི་ས་བོན་བཞག་སྟེ། དེ་ཕྱིན་ཆད་ཆོས་རྟོགས་པའི་བློ་གྲོས་ཅན་ཁོ་ནར་སྐྱེ་བ་སོགས་མང་དུ་གསུངས། གཞན་ཡང་ཟུང་གི་མདོ་ལས། གང་དག་ང་ཡི་བསྟན་པ་ལ། །སྦྱིན་པ་སྐྲ་ཙམ་བྱིན་པ་ནི། བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རུ། །ལོངས་སྤྱོད་ཆེ་ཞིང་ནོར་ཡང་མང་། །ཞེས་སོགས་སྦྱིན་པའི་ཕན་ཡོན་རྒྱ་ཆེ་ཞིང་དེ་ལས་ཀྱང་ཚུལ་ཁྲིམས་བསྲུང་བ་མཆོག་སྟེ། མཛངས་བླུན་ལས། གང་ཞིག་རབ་ཏུ་བྱུང་བ་དེའི་བསོད་ནམས་ནི་ཤིན་ཏུ་མང་སྟེ། བདག་གི་བུའམ་བུ་མོའམ་བྲན་ཁོལ་གང་ཡང་རུང་བ་རབ་ཏུ་བྱུང་བར་གནང་ངམ། བདག་


SPN003_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རབ་ཏུ་བྱུང་ན་དེའི་བསོད་ནམས་དཔག་ཏུ་མེད་དོ། །སྦྱིན་པའི་བསོད་ནམས་ནི་ཟད་མཐའ་ཡོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་བསོད་ནམས་བསམ་གྱིས་མི་ཁྱབ་སྟེ། མྱ་ངན་ལས་འདས་པའི་བར་དུ་བསོད་ནམས་ཟད་མི་ཤེས་སོ། །ཞེས་གསུངས། རབ་ཏུ་བྱུང་ནས་ཚུལ་ཁྲིམས་སྲུང་བའི་ཕན་ཡོན་ནི་བརྗོད་ལས་འདས་ཤིང་། དེའང་སྔོན་བསྟན་པ་མ་ཉམས་པའི་སྐབས་བསླབ་གཞི་རྫོགས་པ་ལོ་དུ་མར་བསྲུངས་ཤིང་སེམས་རྣམ་པར་གྲོལ་བ་ལས་ཀྱང་། བསྟན་པ་ནུབ་པ་དེང་སང་ལྟ་བུར་བསླབ་པ་སྣེ་གཅིག་ཙམ་མམ། སེམས་ཀྱི་ཉོན་མོངས་ཅུང་ཟད་རེ་བཅོམ་ནུས་ན་ཕན་ཡོན་ཆེ་བར་གསུངས་ཏེ། ཏིང་རྒྱལ་ལས་ཀྱང་། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་གྱུར་པའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །དེ་ནི་དེ་ལས་བསོད་ནམས་ཁྱད་པར་འཕགས། །ཞེས་པ་ལྟར་ཕན་ཡོན་ཆེ་རུང་དེང་སང་གི་རབ་བྱུང་ཕལ་མོ་ཆེ་སྡོམ་པ་


SPN003_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནན་ཏན་མི་བྱེད་པས་ངན་འགྲོར་འགྲོ་ཞིང་། ཁྱིམ་པ་རྣམས་དད་པའི་སེམས་ཀྱིས་ལྷར་སྐྱེ་བ་སོགས་སྙིང་རྗེ་པད་དཀར་ལས་རྒྱས་པར་གསུངས་ཏེ། ཀུན་དགའ་བོ། དེ་ན་ཁྱིམ་པ་གང་དག་འཆི་བའི་དུས་བྱེད་པ་དེ་དག་འཆི་བའི་དུས་བྱས་མ་ཐག་ཏུ་ཕལ་ཆེར་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་རོ། །རབ་ཏུ་བྱུང་བ་གང་དག་འཆི་བའི་དུས་བྱེད་པ་དེ་དག་ནི་ཕལ་ཆེར་ལོག་པར་ལྟུང་བར་འགྱུར་རོ། །དེའི་ཅིའི་ཕྱིར་ཞེ་ན། དེ་དག་ཡོ་བྱད་བསྙུངས་པ་ལ་མི་གནས་ཤིང་སྡོམ་པ་ལ་མི་གནས་པའི་ཕྱིར་རོ། །ཞེས་པའི་ལུང་དོན་འདི་ལ་སྐྱི་ཟ་བས་འདུན་པ་དང་། བརྩོན་འགྲུས་དང་། བག་ཡོད་པ་སྟེ་གནས་གསུམ་ལ་ཐ་ན་ཆུ་ཚོད་རེ་ཡང་སློབ་པ་ཅི་ནས་གལ་ཆེ་ཞིང་། ཡང་མདོ་དེ་ལས། ཕྱི་མའི་དུས་དམ་པའི་ཆོས་ཟད་པར་འགྱུར་བ་ན་གང་དག་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་བུའི་ལག་ནས་བཟུང་སྟེ་ཆང་སྐྱོག་གང་གི་ཕྱིར་ཆང་མའི་ཁྱིམ་དུ་འཁྱམ་ལ། ངའི་ཆོས་ཀྱི་རྗེས་སུ་སློབ་པ་དེ་དག་ཐམས་ཅད་ཀྱང་བསྐལ་པ་བཟང་པོ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་རྒྱལ་བ་ཉིད་ཀྱི་སྨོན་ལམ་གྱི་མཐུ་བསམ་གྱིས་མི་ཁྱབ་པས་འབྲེལ་ཚད་དོན་ལྡན་གྱི་ཚུལ་དེ་ལྟ་ལགས་ན། བསྟན་པ་ལ་


SPN003_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ནས་བསླབ་པ་ཉིན་གཅིག་ཙམ་བསྲུང་བའང་དོན་ཆེན་པོའོ། །དེ་བཞིན་ཏུ། ཡུལ་བསམ་གྱིས་མི་ཁྱབ་པ་ལ་ཅུང་ཟད་འབྲེལ་པའི་དགེ་རྩ་ཡང་བསམ་གྱིས་མི་ཁྱབ་སྟེ། སྐུ་གཟུགས་ལེའུར། མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང་དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་སྐུ་གཟུགས་བྱས་ན་ལས་དེས་སེམས་ཅན་དམྱལ་བ་མྱོང་བའང་ཆུང་ངུ་མྱོང་སྟེ་ཐེག་པ་གསུམ་གང་ཡང་རུང་བས་ངེས་པར་འབྱུང་བར་འགྱུར་རོ། །ཞེས་དང་། བསམ་པ་དག་ན་རྒྱུ་ཡང་རབ་རིན་པོ་ཆེ། ཐ་མ་འཇིམ་པའམ་རྩིག་ངོས་ལ་སེན་མོས་བྲིས་པ་ཚུན་ཁྱད་མེད་ཚུལ་མདོ་དེ་དང་། དམ་ཆོས་པད་དཀར་ལས་རྒྱས་པར་གསུངས་ཏེ། བྱིས་པ་རྩེད་མོར་དགའ་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡིས། །དེ་དག་གིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། །རོ་ཉེ་དང་ནི་ལྕགས་སམ་ས་ལའང་རུང་། །བདེ་གཤེགས་རྣམས་ཀྱི་སྐུ་གཟུགས་བྱས་པ་དང་། །གང་དག་ལ་ལ་དེ་ན་སློབ་པའི་ཚེ། །རྩེད་མོའི་ཕྱིར་དང་གསང་བ་བྱེད་པ་ན། །རྩིག་ངོས་ཤིང་བུ་སེན་མོས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་འགྱུར་ཏེ། །དེ་དག་ཐམས་ཅད་སྙིང་རྗེ་ཅན་ཏུ་འགྱུར། །


SPN003_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཐམས་ཅད་སྲོག་ཆགས་བྱེ་བ་སྒྲོལ། །ཞེས་སོགས་དང་། རྨད་དུ་བྱུང་དང་ཁང་བརྩེགས་མདོ་གཉིས་ཀར། སྟོང་གསུམ་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཏུ་བྱས་ཏེ་ཕྱོགས་བཞིའི་ཉན་ཐོས་དང་རང་རྒྱལ་རྣམས་ལ་ཕུལ་བ་བས། སངས་རྒྱས་ཀྱི་མཆོད་རྟེན་ཐ་ན་འཇིམ་པ་ལ་སྐྱུ་རུ་ར་ཙམ་བྱེད་ཅིང་སྲོག་ཤིང་ཁབ་ཙམ་བཙུགས་པ་དང་། སྐུ་གཟུགས་ནས་འབྲུ་ཙམ་ལ་རིང་བསྲེལ་ཡུངས་འབྲུ་ཙམ་བཙུག་པས་བསོད་ནམས་ཆེ་བར་གསུངས་ཤིང་། རིང་བསྲེལ་ནི་གཟུངས་ཆེན་སྡེ་ལྔའི་ཤོག་དྲིལ་ལ་སོགས་པའང་ཡིན་ཞིང་། གསུང་རྟེན་གླེགས་བམ་བཞེངས་པའི་ཕན་ཡོན་ཀྱང་གསུང་རབ་སྤྱི་དང་ཤེར་ཕྱོགས་ལས་ཤིན་ཏུ་རྒྱས་པའི་དོན་བསྡུས། མདོ་སྡུད་པར། ལ་ལས་བདེ་གཤེགས་ཡོངས་སུ་མྱ་ངན་འདས་པ་ཡི། །མཆོད་རྟེན་རིན་ཆེན་བདུན་ལས་བྱས་ཤིང་མཆོད་བྱེད་ལ། །བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གངྒཱ་ཡི། །བྱེ་མ་སྙེད་ཀྱི་བྱེ་བ་ཕྲག་སྟོང་ཞིང་བཀང་སྟེ། །ཡོངས་སུ་བརྟག་བཟུང་ཞིང་རྣམས་བྱེ་བ་མཐའ་ཡས་ན། །སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས། །ལས་གཞན་མི་བྱེད་ལྷ་ཡི་མེ་ཏོག་སྤོས་


SPN003_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དང་། །བྱུག་པས་དུས་གསུམ་བསྐལ་པའམ་དེ་བས་ལྷག་མཆོད་ལ། །གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་བ། བདེ་བར་གཤེགས་ཀྱི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆང་ཞིང་མེ་ཏོག་བྱུག་པས་བསྟི་སྟང་བྱེད་གྱུར་ན། །མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། །ཅེས་དང་། ལ་ལས་གངྒཱའི་ཀླུང་གི་བྱེ་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཞེས་སོགས་འབྱུང་ཞིང་། དར་ཅོག །འཁོར་ལོ། རྡོ་འབུམ་སོགས་ཀྱང་འདིའི་ཁོང་དུ་བསྡུའོ། །དེ་དག་ལ་མཆོད་བསྟོད་བསྙེན་བཀུར་བགྱིས་པའི་ཕན་ཡོན་ཀྱང་ཤིན་ཏུ་རྒྱ་ཆེན་གསུངས་ལ། མདོར་བསྡུས་པད་དཀར་དུ། བདེ་གཤེགས་མཆོད་རྟེན་ལ་ནི་ཅུང་ཟད་ཅིག །མཆོད་ཕྱིར་སིལ་སྙན་བརྡུང་པའི་སྒྲ་ཕྱུང་ངམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །བདེ་གཤེགས་སྐུ་ནི་རྩིག་ངོས་བྲིས་པ་ལ། །འཁྲུགས་བཞིན་པ་ཡིས་སེམས་ཀྱིས་བལྟས་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་


SPN003_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །གཡེང་བའི་སེམས་ཀྱིས་སངས་རྒྱས་ཕྱག་འཚལ་ཞེས། །ཚིག་ནི་ལན་འགའ་བརྗོད་པར་བྱས་ན་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། །ཅེས་དང་། སྙིང་རྗེ་པད་དཀར་ལས་ཀྱང་དེ་མཚུངས་མང་དུ་གསུངས་ཤིང་། འདི་ལྟར། ངའི་ཕྱིར་མཆོད་རྟེན་བྱས་པ་ལ་བསྟི་སྟང་བྱེད་པ་ལྟ་ཞོག །གང་དག་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འཐོར་ན། དགེ་བ་དེ་ཡི་འབྲས་བུས་མྱ་ངན་ལས་འདས་པར་ང་སྨྲའོ། །ཞེས་དང་། སེམས་ཅན་མྱ་ངན་ལས་འདས་པའི་སྐལ་པ་མེད་པ་ཞིག་གིས་སངས་རྒྱས་ལ་དམིགས་ཏེ་མེ་ཏོག་གཅིག་ནམ་མཁའ་ལ་འདོར་བ་དང་། ཐ་ན་དུད་འགྲོ་ཞིག་གིས་ཀྱང་སངས་རྒྱས་ལ་དམིགས་པའི་དྲན་པ་སྐད་ཅིག་རྙེད་ན་དེའང་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་དང་། ཡང་། གང་ལ་ལ་ང་རྗེས་སུ་དྲན་ནས་ཆོས་ཀྱི་ཤུགས་ཀྱིས་མཆི་མ་ཕྱུང་བའམ། སྤུ་ཟིང་ཞེས་བྱེད་པའམ། ཤུགས་རིང་འབྱིན་པ་དེ་དག་ནི་ནམ་ཡང་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལོག་པར་ལྟུང་བ་ཐམས་ཅད་དུ་མི་འགྲོའོ། །ཞེས་དང་། མཐའ་འཁོབ་དད་པ་མེད་པའི་མི་རྣམས་


SPN003_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྒྱལ་བའི་སྐུ་དང་མཆོད་རྟེན་མཐོང་ནས་སེམས་ཅུང་ཟད་དགའ་བའང་བྱང་ཆུབ་ཏུ་འགྲོ་བ་སོགས་ཚད་མེད་པར་གསུངས་ལ། ཁྱད་པར་ཕྱག་བྱས་པས་རང་ལུས་འོག་ཏུ་ཆུད་པའི་སའི་རྡུལ་གྱི་གྲངས་མཉམ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་ནས་མཐར་མྱ་ངན་འདའ་བ་སོགས་དང་། བསྐོར་བ་ལའང་ཕན་ཡོན་དེ་བཞིན་ཏུ་གསུངས་ཏེ། སྤྱན་རས་གཟིགས་ཀྱི་མདོར། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་བསྐོར་བ་བྱེད་པ་ཡི། །བསྔགས་པ་བསྐལ་པ་བྱེ་བར་ཡང་། །བརྗོད་པས་ཟད་པར་བྱ་མི་ནུས། །གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །བསྐལ་པ་བྱེ་བར་བསམ་ཡས་བསྟི་སྟང་བྱས་པ་བས། །གང་ཞིག་ཕྱི་དུས་མི་ཟད་བསྐལ་པ་འདི་ལ་ནི། །མཆོད་རྟེན་ཕྱག་འཚལ་དེ་ཡི་བསོད་ནམས་ཆེས་མང་ངོ་། །ཞེས་སོགས་དང་། མར་མེའི་ཕན་ཡོན་ཀྱང་། དེ་ལས། གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང་། །ཡུངས་འབྲུ་དག་གིས་ཕྱུར་བུར་གང་གྱུར་པ། །བགྲང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས། །བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟ་མིན། ཞེས་དང་། མར་མེ་འབུལ་བའི་མདོར་ཡང་། །ཐ་ན་སྲིན་བུའི་འོད་ཙམ་གྱི་མར་མེས་མཆོད་རྟེན་གྱི་བང་རིམ་གཅིག་སྣང་བས་ཀྱང་ཡེ་ཤེས་ཀྱི་


SPN003_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་རྫོགས་པ་སོགས་རྒྱ་ཆེར་འབྱུང་ལ། དེ་བཞིན་ཏུ། ལས་རྣམ་འབྱེད་ལས། དཀོན་མཆོག་གི་རྟེན་ལ་ཐལ་མོ་སྦྱར་བ། ཕྱག་འཚལ་བ། ཕྱག་དར་བྱས་པ། མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ན་བཟའ་སིལ་སྙན་སོགས་ཕུལ་བ་ལ་རེ་རེ་བཞིན་གནས་སྐབས་མཐར་ཐུག་གི་ཕན་ཡོན་ཆེས་ཆེ་བ་བཅུ་བཅུ་གསུངས་ཤིང་། དཀོན་མཆོག་ཏ་ལར། སངས་རྒྱས་ཀྱི་བསྔགས་པ་བརྗོད་པ། འཆི་ཁར་སངས་རྒྱས་ལ་སྐྱབས་སུ་འགྲོ་ཞིང་སྐུ་གཟུགས་བསྟན་པ་སོགས་ཀྱི་ཕན་ཡོན་ཀྱང་དུ་མ་འབྱུང་ངོ་། །དེ་ཡང་སངས་རྒྱས་མངོན་སུམ་བཞུགས་པ་ལ་མཆོད་པ་དང་། ད་ལྟ་མཆོད་རྟེན་ནམ་སེམས་ཀྱིས་སངས་རྒྱས་དམིགས་ནས་མཆོད་པ་གཉིས་བསོད་ནམས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པ་མེ་ཏོག་བརྩེགས་པའི་མདོ་དང་། མྱང་འདས་ཆེན་པོར་ཡང་གསུངས་ཏེ། དགའ་བོ་སངས་རྒྱས་མངོན་སུམ་དུ་བཞུགས་སམ། མྱ་ངན་ལས་འདས་ཀྱང་རུང་། གང་གིས་དད་པའི་སེམས་ཀྱིས་བསྟི་སྟང་དང་བཅས་པས་ཕྱག་འཚལ་ཏེ་མཆོད་པ་བྱས་ན། སྐྱེས་བུ་དེ་གཉིས་ཀྱིས་བསོད་ནམས་ཐོབ་པ་ནི་གཉིས་སུ་བྱར་མེད་པར་རིགས་པར་བྱའོ། །ཞེས་གསུངས། གཞན་ཡང་རིན་པོ་ཆེ་ཕུང་པོའི་མདོར། སྟོང་གསུམ་


SPN003_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སེམས་ཅན་ཐམས་ཅད་འཁོར་ལོས་སྒྱུར་རྒྱལ་ཤ་སྟག་ཏུ་གྱུར་ལ། དེ་རེ་རེས་ཀྱང་རྒྱ་མཚོའི་མར་ཁུ། རི་རབ་ཀྱི་སྡོང་བུ་བྱས་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་འབུལ་བ་བས། ཁྱིམ་ནས་རབ་ཏུ་བྱུང་བའི་སྡོམ་ལྡན་ཞིག་གིས་ཡུངས་འབྲུ་ཙམ་གྱིས་བསྐུས་པའི་མར་མེའི་སྡོང་བུ་ཕུལ་བ་དང་། ཡང་། འཁོར་ལོས་སྒྱུར་བ་དེ་དག་རེ་རེས་འཛམ་བུའི་གླིང་ཐམས་ཅད་མེ་ཏོག་གིས་བཀང་སྟེ་འབུལ་བ་བས། རབ་ཏུ་བྱུང་བས་མེ་ཏོག་གཅིག་ཕུལ་ན་བསོད་ནམས་དེ་ལ་བསོད་ནམས་སྔ་མ་དེས་བརྒྱ་ཡི་ཆ། སྟོང་གི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་མི་བཟོད་དོ། །ཞེས་དང་། དེ་ལས་ཀྱང་བྱང་ཆུབ་སེམས་ཀྱིས་ཟིན་པ་དང་། དམིགས་མེད་ཀྱིས་ཟིན་པ་གོང་ནས་གོང་དུ་ཕན་ཡོན་ཆེ་སྟེ། མེ་ཏོག་བརྩེགས་པར། གང་ཞིག་དེ་བཞིན་གཤེགས་པ་ལ་ལོ་སྟོང་ཕྲག་ཚང་བ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟི་བྱས་པ་བས། མྱ་ངན་ལས་འདས་པའི་མཆོད་རྟེན་ལ་བྱང་སེམས་ཀྱི་ཟིན་ནས་མེ་ཏོག་གམ། སྤོས་སམ། མར་མེ་གཅིག་ཙམ་མམ། ཆུ་སྙིམ་པ་གང་འཐོར་ནས། དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ལོ། །ཞེས་སྨྲས་ན་


SPN003_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་བསྐལ་པ་བརྒྱ་སྟོང་དུ་ཡང་ངན་འགྲོ་ལོག་པར་ལྟུང་བའི་གནས་མེད་དོ། །ཞེས་དང་། རིན་པོ་ཆེ་ཕུང་པོའི་མདོར། སྲིད་པ་གསུམ་གྱི་སེམས་ཅན་དེ་དག་རེ་རེས་མཆོད་རྟེན་རི་རབ་ཙམ་རེ་རེ་བྱེད་ལ། སོ་སོ་ནས་བསྐལ་པ་གང་གཱའི་བྱེ་སྙེད་དུ་བསྟི་སྟང་བྱེད་པ་ལས། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་མེ་ཏོག་གཅིག་འཐོར་ན་སྔ་མ་ལས་བསོད་ནམས་ཆེས་མང་དུ་བསྐྱེད་པར་གསུངས་ཤིང་། བྱམས་པ་འཇུག་པའི་མདོར་ཡང་དེ་དང་མཚུངས་པར་གསུངས་སོ། །དེ་ལྟར་བཀའ་དང་བསྟན་བཅོས་རྣམས་ལས་རྒྱུ་འབྲས་ཀྱི་བླང་དོར་ཁོ་ན་རྒྱ་ཆེར་འབྱུང་བས་ཐོས་བརྩོན་ནུས་པ་དག་ལ་བསྐྱར་བཟློས་མ་དགོས་ཀྱང་། བློ་དམན་དག་གི་གོ་བདེ་བའི་སླད་དང་། སྙིང་རྗེ་པད་དཀར་ལས། ཀུན་དགའ་བོ་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བསྒྲུབ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ནི་གནས་གསུམ་གྱིས་མེད་པར་འགྱུར་རོ། །གསུམ་གང་ཞེ་ན། མ་དད་པ་དང་། མི་སྒྲུབ་པ་དང་། མི་སྟོན་པའོ། །ཞེས་དང་། མདོ་གཞན་ལས་ཀྱང་། བསྟན་པ་འཇིག་པའི་ཚེ་ཐ་ན་ཚིགས་བཅད་གཅིག་ཙམ་འཆང་བས་ཀྱང་ཆོས་ལ་བྱ་བ་བྱས་


SPN003_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་པའི་སླད་དང་། དགེ་རྩ་ཡོངས་འཛིན་གྱི་མདོར། བསྟན་པ་རབ་ཏུ་རྣམ་འཇིག་པའི། །ཆོས་ལ་མི་བདེ་ཉེར་གནས་ཚེ། །གུས་པར་བྱེད་དེ་ཆོས་སྲུང་ཞིང་། །ལུས་དང་ངག་དག་བོར་གྱུར་ལ། །དེ་བཞིན་ཆོས་ནི་འཛིན་བྱེད་པ། །དེ་དག་སྲུང་བར་བྱེད་པ་དག །ལྷ་རྣམས་ཀྱིས་ནི་བསྲུང་བར་འགྱུར། །སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབ། །དེ་ནི་ཀུན་ཏུ་བསྲུངས་བྱས་པ། །དེ་དག་འཁོར་ལོ་བསྐོར་བར་འགྱུར། །ཞེས་ཕན་ཡོན་རྒྱ་ཆེ་ཞིང་། ཡང་མདོ་ལས། །མཚམས་མེད་ལྔ་ནི་བྱས་པ་བས། །དགོངས་དོན་ཟབ་མོའི་ཆོས་རྣམས་ལ། །གང་གི་བློས་ནི་མ་རིག་པར། །ལོག་པར་བཤད་པ་སྡིག་པ་ལྕི། །ཞེས་ཆོས་ལ་མི་མཁས་པས་ཆོས་བཤད་ན་ཕན་པ་ལས་ཉེས་པ་ཆེ་བར་འགྱུར་བས་དེ་དག་ལ་ཕན་གདགས་པའི་ཕྱིར་དང་། དམ་ཆོས་འཛིན་སྐྱོང་ཞེས་པའང་རང་ཉིད་བསླབ་པ་ལ་བརྩོན་ཞིང་གཞན་དག་དེ་ལ་བསླབ་ཏུ་འཇུག །ཁྱིམ་པ་རྣམས་དད་པ་ལ་བཀོད་པ་དེ་ཡིན་པས་དེའི་ཕྱིར་བཤད་པ་འདིའང་དོན་དང་ལྡན་པར་འགྱུར་ལ། བརྒྱད་སྟོང་པ་ལས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་


SPN003_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་འཚང་རྒྱའོ། །ཞེས་གསུངས་པའི་བཤེས་གཉེན་གྱི་བྱ་བ་ཡང་འདིས་འགྲུབ་པར་ཡོད་པས་འཆད་ཤེས་པ་རྣམས་ཀྱིས་འཆད། དཔྱོད་ཤེས་པ་རྣམས་ཀྱིས་གཟིགས་རྟོག་རེ་གནང་བ་ཅི་ནས་གལ་ཆེ་བ་ཡོད་ཅིང་། མ་བཅས་པ་ནི་མི་བཅའ། བཅས་པ་ནི་མི་གཞིག་ཅེས་ཆེད་དུ་བསྔགས་པ་ལྟར་རྒྱལ་བ་ཉིད་ཀྱིས་བཅས་པའི་བསླབ་གཞི་འདི་འདྲར་བག་ཡོད་ཀྱིས་བསླབ་ན་ལྟར་སྣང་གི་ཆོས་སྤྱོད་དང་མི་མཉམ་ཞིང་། གཞུང་དམ་པར། དོན་གྱི་དབང་དང་མི་འགལ་བའི་དོན་ཉི་ཚེ་བཏུས་ཏེ་གཏམ་དུ་ཡང་བརྗོད་ན་མདོ་སྡེའི་མཐའ་མ་རུངས་པར་མི་འགྱུར་བར་རྗེས་སུ་གནང་བ་ལྟར། གོ་བདེ་དང་ཚིག་ཚོགས་ཉུང་བ་གཙོ་བོར་བཏོན་ནས་ལུང་སྦྱོར་རྣམས་ཀྱང་ཚིག་སྣ་བསྟུངས་ཤིང་དོན་གྱི་གནད་ཚང་བར་བྱས་པ་ལགས་སོ། །རྣམ་དཀར་བདེན་ཚིག་ཛམྦུ་ནཱ་དའི་ལྟེར། །ཡིད་ཆེས་མདོ་རྒྱུད་ལུང་གི་རྩིབས་སྟོང་བཀྲ། །མཐོང་བ་དོན་ལྡན་ཆོས་ཀྱི་འཁོར་ལོ་འདི། །སྲིད་པའི་འཕྲུལ་འཁོར་ཟློག་པའི་སྐྱེས་སུ་སྦྱིན། །དེ་བྱུང་དགེ་བས་མཁའ་ཁྱབ་འགྲོ་བ་ཀུན། །ལྷག་བསམ་ཐབས་སྟོབས་སྨོན་ལམ་ཏིང་འཛིན་སོགས། །རྣམ་ཐར་


SPN003_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཡུལ་འཇིག་རྟེན་དབང་ཕྱུག་དང་། །དབྱེར་མེད་འཁོར་བ་དོང་ནས་སྤྲུག་པར་ཤོག། ཅེས་ཟབ་མོའི་ཆོས་འདིར་འདུན་པ་ལྷུར་ལེན་ཟླ་སྤྲུལ་པས་འགྲོ་དོན་ཕྱོགས་མེད་སྤེལ་བའི་ཆེད་དུ་བརྒྱུད་པའི་རྣམ་ཐར་དང་ཕན་ཡོན་བཅས་འདི་ལྟར་དགོས་ཞེས་བསྐུལ་ངོར་༧སི་ཏུ་པས་སྔོན་བྱོན་དམ་པ་རྣམས་ཀྱི་གསུང་ལས་མདོར་བསྡུས་ཏེ་དཔལ་སྤུངས་ཆོས་འཁོར་གྱི་ཡང་དབེན་དུ་བཀོད་པ་འབྲེལ་ཚད་རྫོགས་སངས་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །།།དེ་ལྟར་སྨྱུང་གནས་ཀྱི་ཕན་ཡོན་ཁྱད་པར་འཕགས་པ་འདི་ཉིད་ཚེ་ལས་འདས་པ་མགོན་སྲུང་གི་དགེ་རྩར་དམིགས་ཏེ་མི་འཛད་ཆོས་སྦྱིན་སྤེལ་ཕྱིར་དཔལ་སྤུངས་ཆོས་གྲྭ་ཆེན་པོར་པར་དུ་བཞེངས་པའོ། །ཡོན་སྦྱོར་ཕྲན་མོ་བསོད་ནམས་དཔལ་སྒྲོན་གྱིས་བགྱིས་པའི་དགེ་བས་འདས་པ་དེ་ཉིད་ཀྱི་གཙོར་བྱས་བདག་དང་ཕ་མ་ཉེ་འབྲེལ་མཁའ་ཁྱབ་སེམས་ཅན་དང་བཅས་པ་རྣམས་འཕགས་མཆོག་ཐུགས་རྗེ་ཆེན་པོས་ལམ་སྣ་དྲངས་ཏེ་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག །སུ་ཛ་ཡ། །

སྤྲིངས་ཡིག་གི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་རྡོ་རྗེ་བདུད་རྩིའི་གཏེར་མཛོད།


SPN003_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིངས་ཡིག་གི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་རྡོ་རྗེ་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས།།


SPN003_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཁྲག་འཐུང་ཆེན་པོ་ཁྲོ་རྒྱལ་འབར་བའི་བདེན་པས། སྣང་སྲིད་ཀྱི་འབྱུང་རིགས་སྤྱི་ལ་ཟློ་བ། དེང་འདིར་མི་ནོར་འཁོར་དང་བཅས་པ་འདི་དག །ཁོ་བོས་དཀོན་མཆོག་ལ་སྐྱབས་སུ་གསོལ་ཡོད་པས། གནོད་པ་དང་འཚེ་བའི་བསམ་སྦྱོར་རིང་དུ་སྤོངས་བར་གྱིས། གལ་ཏེ་བཀའ་འདས་ལོག་པར་གྱུར་ཚེ། དཔལ་ཡེ་ཤེས་ཀྱི་ཁྲོ་བོ་ཆེ་མཆོག་འབར་བའི་གཟི་བྱིན་གྱིས་བརླག་པར་གྱུར་ཏ་རེ། ཧཱུྃ་ཧཱུྃ་ཧཱུྃ།། ༈ །།ལྷ་མཆོག་རྡོ་རྗེ་གཞོན་ནུའི་བཀའ་བདེན་པས། །སྣང་ཞིང་སྲིད་པའི་འབྱུང་པོ་མཆིས་སོ་ཅོག །གསོན་ཅིག་དེང་འདིར་བསྲུང་བར་བྱ་བ་ཡི། །མི་ནོར་ཕྱུགས་ལ་གནོད་ཅིང་ཉེར་འཚེའི་རིགས། །སྦྱོར་ངན་


SPN003_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པའི་འགལ་རྐྱེན་སྤོངས་བར་གྱིས། །ཅི་སྟེ་མི་ཉན་འཚེ་བར་བྱེད་གྱུར་ན། །ཡེ་ཤེས་ཁྲོ་ཆེན་འབར་བའི་ནུས་རྩལ་གྱི། །ཞུགས་ཆར་དྲག་པོས་ལུས་སྲོག་བརླག་ཏ་རེ།། ཧཱུྃ་ཧཱུྃ་ཧཱུྃ། ཁྲག་འཐུང་པདྨ་དྲག་པོའི་བཀའ་བདེན་པས། །གང་ཞིག་རྣལ་འབྱོར་བྱང་ཆུབ་སྤྱོད་པ་ལ། །འཚེ་བའི་ལོག་འདྲེན་གཟུགས་ཅན་གཟུགས་མེད་ཀྱིས། །ཐོ་འཚམ་གླགས་ལྟའི་བར་ཆད་མ་བྱེད་ཅིག །གལ་ཏེ་བཀའ་འདས་དམ་ལས་འགལ་གྱུར་ན། །ཁྲོ་རྒྱལ་སྟོབས་འདུས་འབར་བའི་གཟི་བྱིན་གྱིས། །མེ་ཡི་ཚ་ཚ་སྐར་མདའ་ལྟར་འཕྲོས་ནས། །ཐལ་བར་བརླག་པར་འགྱུར་བར་གདོན་མི་ཟ། །རཀྵ་རཀྵ་ཧཱུྃ།། །།དཀོན་


SPN003_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་གྱི་བདེན་པའི་མཐུ་ལས། །དེང་འདིར་བསྲུང་བྱ་དམ་ལྡན་འདི་ལ། །གནོད་པའི་སེམས་འཆང་འདྲེ་གདོན་འབྱུང་པོ། །རང་རིག་ཕུང་ཁམས་དཔེ་ཟླར་ལོངས་ལ། །གདོད་ནས་འགྲོ་ཀུན་མ་བུར་འབྲེལ་བ། །མ་རིག་འཁྲུལ་འབྱམས་དབང་གིས་བསྒྲིབས་ཀྱང་། །དེང་བཟུང་བྱམས་པའི་སེམས་ཀྱི་ངང་ནས། །གླགས་ལྟའི་བསམ་སྦྱོར་མྱུར་བར་སྤོངས་ཤིག །ཧཱུྃ་ཧཱུྃ་ཧཱུྃ།། །།དཔལ་ཁྲག་འཐུང་གི་རྒྱལ་པོ་ཁྲོ་བོ་ཆེན་པོའི་བདེན་པས། སྣང་ཞིང་སྲིད་པའི་འབྱུང་པོ་ཡིད་ཀྱི་ལུས་ཅན་ཡོངས་ལ་བཟློ་བ། དེང་ཞིང་ཡུལ་ལྗོངས་འདི་རྣམས་དཀོན་མཆོག་ལ་སྐྱབས་སུ་གསོལ་ཡོད་པས། གནོད་ཅིང་འཚེ་བའི་བསམ་པ་མཐའ་དག་རིང་དུ་སྤོངས་ལ་ཞི་དང་བྱམས་པའི་སེམས་ཀྱིས་སྐྱོངས་བར་གྱིས། བསྒོ་བ་ལས་འདས་ན་རྒྱུ་འབྲས་བླང་དོར་གྱི་བདེན་པས་བརླག་པར་འགྱུར་ཏ་རེ། ཧཱུྃ་ཧཱུྃ་ཧཱུྃ།། །།དཔལ་ཡེ་ཤེས་ཀྱི་ཁྲོ་ཆེན་ཧྱ་གྲྀ་ཝའི་ལུང་། སྣང་སྲིད་ཀྱི་ལྷ་ཀླུ་གཞི་བདག་འབྱུང་པོ་མཐུ་བོ་ཆེ་རྣམས་དང་། བྱེ་བྲག་སྲོག་བཅད་དབུགས་ལེན་གྱི་གཤེད་མར་རློམ་པའི་འདྲེ་སྲིན་ཕྲའུ་རྣམས་ལ་མཆིད་སྨྲ་བ། དེང་མི་ནོར་འཁོར་དང་བཅས་པ་དཀོན་མཆོག་ལ་སྐྱབས་སུ་གསོལ་ཡོད་པས། གནོད་ཅིང་མི་དགེའི་མཚན་ལྟས་ཀྱི་རིགས་རིང་དུ་སྤང་བར་གྱིས་ལ། མ་བུ་བཞིན་སྙིང་རྗེའི་གནས་ཡངས་པར་


SPN003_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཅིག །གལ་ཏེ་ཐོ་འཚམ་གླགས་ལྟར་གྱུར་ན་རྡོ་རྗེའི་མེ་ཆར་གྱིས་བསྡིག་པར་འགྱུར་རོ།། ཧཱུྃ་ཧཱུྃ་ཧཱུྃ།། །།དཀོན་མཆོག་བདེན་པའི་མཐུ་བྱིན་གྱིས། །དེང་འདིར་ཞིང་སར་གནོད་བྱེད་པའི། །འབྱུང་ཚོགས་གླགས་ལྟར་གྱུར་པ་རྣམས། །ཞི་དང་བྱམས་པའི་སེམས་ལྡན་བྱོས། །ཧཱུྃ་ཧཱུྃ་ཧཱུྃ།། །།དཔལ་པདྨ་ཐོད་ཕྲེང་རྩལ་གྱི་བྱིན་རླབས་འདིས། །སྣང་སྲིད་ཀྱི་འབྱུང་རིགས་ཀུན་ལ་མཆིད་སྨྲ་བ། དེང་འདིར་བསྲུང་བྱ་མི་ནོར་འདི་དག་ཁོ་བོས་དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ཡོད་པས་གནོད་སེམས་མི་མཐུན་ཉེར་འཚེའི་ལས་ཡོངས་སུ་སྤང་བར་གྱིས། སྤྱིར་གདོད་ནས་མ་བུར་འབྲེལ་བའི་བསམ་པ་དག་ཀྱང་བཟུང་ལ། ཞི་ཞིང་དགེ་བའི་ངང་ནས་བྱམས་པའི་སེམས་དང་ལྡན་པར་སྤྱོད་ན་འཕྲལ་ཡུན་དུ་བདེ་བའི་བཙས་སུ་སྨིན་ཞིང་། གལ་ཏེ་བཀའ་འདས་ཉམས་པའི་གནས་གྱུར་ཚེ། ཆེ་མཆོག་དྲག་པོ་ཧེ་རུ་ཀའི་གཟི་བྱིན་གྱིས་བརླག་པར་འགྱུར་བ་གདོན་མི་ཟའོ། །ཧཱུྃ་ཧཱུྃ་ཧཱུྃ།། །།ཡེ་ཤེས་དབྱིངས་ལས་ཁྲོ་བོའི་སྐུར། །བཞེངས་པའི་དཔལ་ཆེན་ཧེ་རུ་ཀ །རྡོ་རྗེ་གཞོན་ནུའི་བདེན་པ་ཡིས། །དེང་འདིར་བསྲུང་བྱ་མི་ནོར་ཀུན། །མཆོག་གསུམ་མགོན་ལ་སྐྱབས་སོང་བས། །ཉེར་འཚེ་ཕྲ་རགས་རིང་སྤངས་ནས། །ཞི་དང་བྱམས་བའི་སེམས་ལྡན་ངང་། །རང་ལུས་དཔེ་རུ་མཚོན་གྱིས་ལ། གཞན་ལ་གནོད་སེམས་སྤང་བར་བྱོས། །གལ་ཏེ་བཀའ་འདས་འཚེ་བྱེད་ན། །ཁྲོ་བོ་འབར་བའི་མཐུ་སྟོབས་ཀྱིས། །བརླག་པར་འགྱུར་གྱི་ཐ་ཚིག་ཉོན། །ཧཱུྃ་ཧཱུྃ་


SPN003_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། ཞེས་དཀོན་མཆོག་ལྷ་བཙན་ངོར་སྤེལ་བ་དགེ། །།རང་བྱུང་ཡེ་ཤེས་ཁྲོ་བོའི་རྒྱལ། །རྡོ་རྗེ་གཞོན་ནུའི་བདེན་པའི་མཐུས། །སྣང་དང་མི་སྣང་འབྱུང་ཚོགས་ཉོན། །དེང་འདིར་བསྲུང་བྱར་འོས་པ་འདི། །དཀོན་མཆོག་གསུམ་ལ་སྐྱབས་གསོལ་བས། །ཕྱིན་ཆད་གླགས་ལྟའི་བསམ་སྤྱོར་སྤོངས། །གལ་ཏེ་བཀའ་འདས་དམ་འགལ་ན། ཁྲོ་བོའི་མེ་ཆར་དྲག་པོ་ཡིས། །ལུས་སྲོག་ཐལ་བར་བརླག་ནས་ཀྱང་།། རྒྱུ་འབྲས་བླང་དོར་བསླུ་མེད་མཐུས། །ན་རཀ་དུཿཁ་མྱོང་བར་འགྱུར། །དེ་བས་རྡོ་རྗེའི་ཐ་ཚིག་ཉོན། །ཧཱུྃ་ཧཱུྃ་ཧཱུྃ། ཆོས་དབྱིངས་རོལ་པའི་ཀློང་ནས། རྒྱ་དར་རྒྱས་ངོར་སྤེལ། ཆོས་དབྱིངས་ངང་ལས་ཁྲོ་བོའི་སྐུ། །ནག་པོ་ཆེན་པོ་རྡོ་རྗེ་བེར། །ཐུགས་རྗེའི་མཐུ་སྟོབས་བདེན་པའི་མཐུས། །དེང་འདིར་བསྲུང་བྱ་མི་ནོར་ཀུན། །སྣང་སྲིད་འབྱུང་པོའི་གླགས་ལྟའི་སེམས། །སྦྱོར་བ་ངན་པ་སྤོངས་བར་གྱིས། །གལ་ཏེ་དམ་འགལ་འཚེ་བྱེད་ན། །བཀའ་ཡི་ཆད་པས་བསྡིག་པར་འགྱུར། །ཧཱུྃ་ཧཱུྃ་ཧཱུྃ། བྲོ་ཟོང་སྒྲོལ་མ་ཚེ་རིང་ངོར་སྤེལ། པདྨ་ཁྲག་འཐུང་བདེན་པའི་མཐུས། །གང་ཞིག་བསྲུང་བྱ་མི་ནོར་བཅས། །སྣང་སྲིད་འབྱུང་པོས་གནོད་འཚེ་སྤོངས། །བཀའ་འདས་གྱུར་ཚེ་ཆད་པས་བསྡིགས།། ཧཱུྃ་ཧཱུྃ་ཧཱུྃ། དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་མེས་དཔལ་ཆེ་མཆོག་གུ་རུ་དྲག་པོའི་བདེན་པས། དེང་འདིར་བསྲུང་བྱ་འཁོར་དང་བཅས་པ་དཀོན་མཆོག་ལ་སྐྱབས་གསོལ་བས། སྣང་ཞིང་སྲིད་པའི་འབྱུང་བོ་ཡིད་ཀྱི་ལུས་ཅན་མཐའ་དག་གིས་མནོད་སེམས་སྦྱོར་ངན་གྱི་འཚེ་བ་སྤོངས་བར་གྱིས། གལ་ཏེ་བཀའ་འདས་ལོག་པར་གྱུར་ཚེ་ཁྲོ་བོའི་མེ་


SPN003_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་དྲག་པོས་ལུས་སྲོག་ཐལ་བར་བརླག་ནས་རྒྱུ་འབྲས་མི་བསླུ་བའི་བདེན་པས་ན་རཀ་དུཿཁ་མྱོང་བར་གྱུར་ཏ་རེ། ཧཱུྃ་ཧཱུྃ་ཧཱུྃ། ཆོས་དབྱིངས་སྟོང་ཆེན་ཀློང་ནས་བྲིས།། །།དཔལ་རྡོ་རྗེ་གྲོ་ལོད་ཀྱི་བདེན་པས། དེང་འདིར་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་མཆོག་གསུམ་ལ་སྐྱབས་སུ་གསོལ་བས། ཕྱིན་ཆད་འཚེ་བར་མ་ལྡང་ཞིག ། ཧཱུྃ་ཧཱུྃ་ཧཱུྃ།། །།དཀོན་མཆོག་ཀུན་འདུས་པདྨ་འབྱུང་། །དྲག་པོར་བཞེངས་པ་ཁྲོ་བོ་ལོད། །གང་གི་ཡེ་ཤེས་ཉི་འོད་ཀྱིས། །བདུད་དགྲ་ལོག་རྟོག་མུན་ཚོགས་བཅོམ། །བསྲུང་བར་བྱ་བའི་དམ་ལྡན་འདི། །བར་ཆད་གཡུལ་ལས་རྣམ་རྒྱལ་ཞིང་། །གཏན་བདེ་དམ་པའི་ཆོས་བསྒྲུབ་པར། །འབྱུང་ཚོགས་གླགས་ལྟར་མ་བྱེད་ཅིག ཧཱུྃ་ཧཱུྃ་ཧཱུྃ།། །།དཔལ་ཆེན་ཁྲོ་རྒྱལ་ཧེ་རུ་ཀ །བགེགས་མཐར་བྱེད་ཀྱི་བདེན་པའི་མཐུས། །འབྱུང་པོའི་རིགས་རྣམས་འདིར་ཉོན་ཅིག །དེང་འདིར་བསྲུང་བྱ་མི་ནོར་བཅས། །མཆོག་གསུམ་དམ་པར་སྐྱབས་གསོལ་བས། །ཕྱིན་ཆད་འཚེ་བར་མ་བྱེད་ཅིག། གལ་ཏེ་བཀའ་འདས་དམ་འགལ་ན། །དྲག་པོའི་མེ་ཡིས་བརླག་ཏ་རེ། ཧཱུྃ་ཧཱུྃ་ཧཱུྃ།། །།ཆེ་མཆོག་རྡོ་རྗེ་དྲག་རྩལ་གྱི། །བཀའ་ཡི་བདེན་པ་ཟབ་མོ་ཡིས། །དེང་འདིར་བསྲུང་བྱ་འདི་ཀུན་ལ། །གནོད་བྱེད་གདོན་བགེགས་འབྱུང་པོ་ཡིས། །ཉེས་


SPN003_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསམ་པ་རབ་སྤོངས་ཤིག །གང་ཞིག་བསྒོ་བ་ལས་འདས་ན། །ཡེ་ཤེས་ཁྲོ་བོ་ཆེན་པོ་ཡི། །རྡོ་རྗེ་མེ་ཆར་འབར་བས་ནི། །བརླག་གྱུར་སྡུག་བསྔལ་མྱོང་ཏ་རེ། ཧཱུྃ་ཧཱུྃ་ཧཱུྃ།། རང་རིག་ཀ་དག་སྤྲོས་མེད་ཀྱི་ཀློང་ནས་སྤྲིངས་པའོ།། ཁྲོ་རྒྱལ་གདུག་པ་འདུལ་བའི་གཙོ། །ཧེ་རུ་ཀ་ཡི་བདེན་པའི་མཐུས། །སྣང་ཞིང་སྲིད་པའི་འབྱུང་པོའི་ཚོགས། །མ་ལུས་ལུས་མེད་གྱུར་རྣམས་ལ། །ཐ་ཚིག་གཉེན་པོ་འདི་བསྒྲག་གོ། །སྤྱིར་གྱི་སེམས་ཅན་ཐམས་ཅད་ཀུན། །གདོད་ནས་མ་བུར་འབྲེལ་བ་ལྟར། །དེས་ན་གནོད་སེམས་གླགས་ལྟའི་རིགས། །ཕྲ་བའང་རིང་དུ་སྤང་བྱ་སྟེ། །དེ་ལྟའི་རྒྱུ་དང་འབྲས་བུ་ཡིས། །མཐར་ཐུག་བདེ་དགའི་དཔལ་ཐོབ་འགྱུར། །བཀའ་ལས་ལོག་པར་འཚེ་བྱེད་ན། །ཁྲོ་བོ་རོལ་པའི་གཟི་བྱིན་གྱིས། །ལུས་སྲོག་ཐལ་བའི་རྡུལ་ཕྲན་ལྟར། །བརླག་པར་འགྱུར་གྱི་ངན་སོང་གི། །གཡང་ས་ཆེན་པོར་ལྟུང་ཉེན་ནོ། །ཧཱུྃ་ཧཱུྃ་ཧཱུྃ། མཐའ་ཀླས་སྟོང་ཆེན་གྱི་དབྱིངས་ནས་སྤྲིངས་བའོ།། སྣང་ཞིང་སྲིད་པའི་ལྷ་སྲིན་སྡེ་བརྒྱད་རྣམས། །ཉོན་ཅིག་པདྨ་དྲག་རྩལ་བཀའ་བདེན་པས། །ཡུལ་རིས་རྒྱལ་ཁམས་གྲོང་ཁྱེར་འདི་ཉིད་དུ། །འཚེ་བའི་བསམ་སྦྱོར་གདུག་པའི་ལས་གང་དག །རང་ལུས་དཔེ་མཚོན་གྱིས་ལ་རིང་སྤོངས་ཤིག །དེས་ན་འབྲས་བུ་མ་ནོར་རྒྱུད་སྨིན་ནས། །


SPN003_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཞིག་བདེ་ནས་བདེ་བར་བསྒྲོད་གྱུར་ཅིག །གལ་ཏེ་དམ་འགལ་ཐོ་འཚམ་གླགས་ལྟ་ན། །ཡེ་ཤེས་རྡོ་རྗེ་གདེངས་པའི་མཐུ་སྟོབས་ཀྱིས། །ལུས་སྲེག་ཐལ་བར་བརླག་ཅིང་མནར་མེད་པའི། །དུཿཁ་ཆེན་པོ་མྱང་བའི་གཞིར་འགྱུར་གྱི། །བཀའ་དང་དམ་ལས་མ་འདའ་ས་མ་ཡ། ཧཱུྃ་ཧཱུྃ་ཧཱུྃ།། །།ཡེ་གདོད་སྟོང་ཆེན་གྱི་དབྱིངས་ནས་སྤྲིངས་བའོ། །དཀོན་མཆོག་བདེན་པའི་མཐུ་བྱིན་གྱིས། །དེང་འདིར་ཞིང་སར་གནོད་བྱེད་པའི། །འབྱུང་ཚོགས་གླགས་ལྟར་གྱུར་པ་རྣམས། །ཞི་དང་བྱམས་པའི་སེམས་ལྡན་བྱོས། ཧཱུྃ་ཧཱུྃ་ཧཱུྃ།། །།རྒྱལ་ཀུན་གསང་གསུམ་གཅིག་དྲིལ་བ། །པདྨ་ཐོད་ཕྲེང་མངོན་སྤྱོད་ཚུལ། །སྐུར་བཞེངས་གུ་རུ་དྲག་པོ་ཡི། །བཀའ་ཡི་བདེན་པ་ཉི་འབུམ་གྱི། །ཐུགས་རྗེའི་འོད་ཟེར་སྣང་བ་དེས།། ལོག་རྟོག་མ་རིག་དྲྭ་བ་ཡིས། །ཀུན་ཏུ་དཀྲིགས་པའི་འབྱུང་པོའི་ཚོགས། །ཡིད་ཀྱི་ལུས་ཅན་གང་སུ་དག །དེང་འདིར་སྐྱེ་འགྲོར་གནོད་བྱེད་པའི། །བཙའ་སད་སེར་སོགས་ལོ་དགྲ་རྣམས། །རང་ལུས་དཔེར་མཚོན་གྱིས་ལ་སྤོངས། །བཀའ་དང་དམ་ལ་ཉམས་གྱུར་ན། །ཁྲོ་ཆེན་འབར་བའི་གཟི་བྱིན་གྱིས། །ལུས་སྲོག་རྩད་ནས་གཞིལ་བར་བྱེད། །རྣམ་སྨིན་འབྲས་བུ་དུཿཁ་མྱོང་། །ཡིད་ཀྱི་པདྨོར་གནས་པར་གྱིས། །ཧཱུཾ་ཧཱུཾ་ཧཱུཾ།། །། ཀྱཻ། སྣང་


SPN003_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་གཉིས་བསྡུས་འབྱུང་པོའི་ཚོགས།། པདྨ་ཐོད་འཕྲེང་ཧེ་རུ་ཀའི། །རྡོ་རྗེ་ཐ་ཚིག་བཀའ་ལ་ཉོན། །དེང་འདིར་ཡི་གེ་འཆང་བ་པོ། །མི་ནོར་འཁོར་བཅས་དཀོན་མཆོག་ལ། །སྐྱབས་སུ་གསོལ་བས་ཉེར་འཚེའི་གེགས། །སྦྱོར་བ་རྩུབ་པོ་རིང་སྤོངས་ཤིག །གལ་ཏེ་མི་ཉན་བཀའ་འདས་ན། །ཆོས་ཅན་ཆོས་ཉིད་བདེན་པ་ཡིས། །ཐལ་བར་བརླག་པར་གདོན་མི་ཟ། ཧཱུྃ་ཧཱུྃ་ཧཱུྃ།། །།སྣང་སྲིད་འཁོར་འདས་སྤྱི་དཔལ་ཆེ། །གུ་རུ་དྲག་པོ་མེ་ཕྲེང་གི། །བཀའ་ལ་འབྱུང་ཚོགས་ཀུན་ཉོན་ཅིག །ཡི་གེ་འཆང་བ་མི་ནོར་རྣམས། །དཀོན་མཆོག་གསུམ་ལ་སྐྱབས་གསོལ་བས། །དེང་བཟུང་ཁྱོད་རྣམས་གླགས་ལྟ་བའི། །ཉེར་འཚེ་འགལ་རྐྱེན་སྤོངས་བར་གྱིས། །གལ་ཏེ་མི་ཉན་བཀའ་འདས་ན། །ཆོས་དབྱིངས་དོན་དམ་བདེན་པ་དང་།། ཆོས་ཅན་རྒྱུ་འབྲས་བསླུ་མེད་པས། །ཐལ་བར་བརླག་པར་གདོན་མི་ཟ། ཧཱུྃ་ཧཱུྃ་ཧཱུྃ།། །།ཆོས་དབྱིངས་ཡངས་པའི་ཀློང་ནས་སྤེལ། རང་བྱུང་དབྱིངས་ལས་ཁྲོ་བོའི་སྐུ། །དཔལ་ཆེན་རྔམ་པའི་གཟི་བརྗིད་ཅན། །གསང་བདག་ཕྱག་ན་རྡོ་རྗེ་མཆོག །གང་གི་མཐུ་སྟོབས་འཆང་དེ་ཡིས།། བསྲུང་བར་བྱ་བའི་མི་ནོར་དང་། །ཞིང་ཁམས་དངོས་སྣང་གདོད་བཅས་ཀུན། །དཀོན་མཆོག་གསུམ་ལ་སྐྱབས་གསོལ་བས། །གང་དག་མི་མཐུན་ཉེར་འཚེའི་


SPN003_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

གེགས། །ཉེས་པར་གྱུར་རྣམས་རིང་སྤོངས་ལ། །ཞི་དང་བྱམས་པའི་ངང་གནས་གྱིས། །ཧཱུྃ་ཧཱུྃ་ཧཱུྃ།། །།སྐྱེ་མེད་ངང་ལས་འགགས་མེད་འཕྲུལ། །ཐུགས་རྗེའི་གར་སྟོན་རྩ་གསུམ་གྱི། །བདེན་པས་བསྲུང་བྱར་གོད་འདྲེ་དང་། །དབུལ་སྲི་ལ་སོགས་འགོང་པོ་རྣམས། །གླགས་ལྟའི་འཚེ་བ་རིང་སྤོངས་ཤིག །རང་ལུས་དཔེར་མཚོན་ཞི་བ་དང་། །བྱམས་པའི་ངང་དུ་གནས་པར་གྱིས། །བཀའ་འདས་ཆོས་ཅན་ཆོས་ཉིད་ཀྱི། །ལས་འབྲས་དྲག་པོས་མནར་ཏ་རེ། །ཧཱུྃ་ཧཱུྃ་ཧཱུྃ།། །།ཧཱུྃ། ཡེ་ཤེས་དབྱིངས་ལས་མངོན་སྤྱོད་ཀྱི། །ཁྲོ་བོ་རོལ་བའི་སྐུ་འབར་བ། །གཏུམ་ཆེན་རྡོ་རྗེ་དྲག་རྩལ་གྱི། །བདེན་པས་སྣང་སྲིད་འབྱུང་པོ་ཀུན། །དེང་འདིར་གནོད་འཚེའི་ལས་སྤོངས་ཤིག །གལ་ཏེ་བསྒོ་བ་ལས་འདས་ན།། ཆོས་ཅན་ཆོས་ཉིད་བདེན་པ་ཡིས། །བརླག་པར་འགྱུར་གྱི་གདོན་མི་ཟ། །ཧཱུྃ་ཧཱུྃ་ཧཱུྃ།། །།དཔལ་ཧེ་རུ་ཀ་དབང་དྲག་ཁྲོ་བོ་རོལ་པའི་བཀའ་ཡི་བདེན་པས། དེང་འདིར་བསྲུང་བྱར་གྱུར་པའི་སྐྱེ་འགྲོ་འདི་རྣམས། དཀོན་མཆོག་གསུམ་དངོས་ཨོ་རྒྱན་རིག་འཛིན་པདྨ་ཀཱ་རར་སྐྱབས་སུ་གསོལ་བས། གནོད་བྱེད་ཉེར་འཚེའི་འབྱུང་རིགས་ཁྱེད་རྣམས་ཀྱིས་སྐྱིན་ཐང་འབབ་པ་སོགས་མདོར་ན་བསམ་སྦྱོར་སྡང་བའི་སེམས་རིང་དུ་སྤོངས་པར་གྱིས་ལ། བྱམས་པའི་ངང་ལས་སྙིང་རྗེས་རྒྱུད་བརླན་པས་ཅི་


SPN003_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

བདེར་སྐྱོངས་བར་གྱིས། གལ་ཏེ་བཀའ་ལས་འདས་ན་ལས་འབྲས་བསླུ་མེད་ཀྱི་བླང་དོར་དང་། ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་མནར་མེད་དམྱལ་བར་འགྱུར་ཏ་རེ། ཞེས་པའི་ཡི་གེ་ཀུན་ཁྱབ་བདེ་བ་ཆེན་པོའི་ཕོ་བྲང་ནས་སྤེལ། ཧཱུྃ་ཧཱུྃ་ཧཱུྃ།། །།ཁམས་གསུམ་དབང་བསྒྱུར་རྒྱལ་བའི་རྒྱལ། །གུ་རུ་པདྨ་ཐོད་ཕྲེང་གི། །བྱིན་རླབས་སྟོབས་འཆང་བདེན་པའི་གཟིས། །སྣང་སྲིད་སྡེ་བརྒྱད་འབྱུང་པོའི་ཚོགས། །བཀའ་དང་དམ་གནས་མ་ལུས་པ། །ཁྱེད་རྣམས་ཆོས་ཉིད་བདེན་པ་ཡི། །དོན་ལ་བསམ་པས་དེང་འདི་རུ། །བསྲུང་བྱར་འོས་པའི་དམ་ལྡན་རྣམས། །སྒོ་གསུམ་འཚེ་བ་རིང་སྤངས་ལ། །ལྷར་བཅས་བསྟོད་འོས་སངས་རྒྱས་བསྟན། །རྒྱལ་བའི་སྡོང་གྲོགས་མ་གཡེལ་སྒྲུབས། །དེ་མཐུས་བྱང་ཆུབ་འབྲས་སྨིན་པའི། །གཏན་བདེའི་གོ་འཕང་མྱུར་ཐོབ་འགྱུར། །དེས་ན་རྣམ་ཀུན་ཆོས་སྤྱོད་ཅིག །སེ་ཚ་བླ་གྲྭའི་ངོར་སྤེལ་བ་དགེ། །།ཧྲཱིཿ རྒྱལ་བའི་སྤྱི་གཟུགས་པདྨ་བཛྲ་རྩལ། །གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ། །དམར་ནག་མེ་ཕྲེང་དྲག་པོའི་བཀའ་བདེན་པས། །དེང་འདིར་ཡུལ་རིས་ས་ཕྱོགས་འདི་དག་རྣམས། །དཀོན་མཆོག་དམ་པར་སྐྱབས་ཚོལ་དེང་ཕྱིན་ཆད། །སྡེ་བརྒྱད་འབྱུང་པོ་ཕྲ་རགས་ཁྱེད་རྣམས་ཀྱིས། །གནོད་ཅིང་འཚེ་བའི་སྦྱོར་བ་རིང་སྤོངས་ཤིག །གལ་ཏེ་བཀའ་ལས་འདས་ན་ལུས་ངག་ཡིད། །ཡེ་ཤེས་རྡོ་རྗེ་འབར་


SPN003_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བས་བརླག་ཏ་རེ། །བཛྲ་ས་མ་ཡ་རཀྵ། ཧཱུྃ་ཧཱུྃ་ཧཱུྃ།། །།སངས་རྒྱས་ཀུན་འདུས་ངོ་བོ་པདྨ་འབྱུང་། །དབང་དྲག་རོལ་པ་དཔལ་ཆེན་ཧེ་རུ་ཀའི། །རིགས་སྔགས་འཆང་བ་པདྨ་དབང་ཆེན་རྩལ། །ཞེས་སུ་གྲགས་དེས་བདེན་པའི་ཚིག་འདི་ཀྭ། །སྣང་ཞིང་སྲིད་པའི་ལྷ་འདྲེ་འབྱུང་པོའི་རིགས། །གཉུག་མར་གནས་དང་གློ་བུར་ལྷགས་པ་ཡི། །ཡིད་ཀྱི་གཟུགས་ཅན་ཁྱོད་རྣམས་འདིར་གསོན་ཅིག །བསྲུང་བྱ་དམ་ལྡན་སློབ་མ་འདི་རྣམས་དང་། །རྐང་བཞི་རྟ་ཕྱུགས་གནག་ལུག་བཅས་པ་རྣམས། །བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་གསོལ་ཞིང་། །མི་ཕྱེད་ཡེ་ཤེས་སྲུང་བའི་འཁོར་ལོར་བཅུག །སྟོང་དང་སྙིང་རྗེ་ཟུང་འབྲེལ་གོ་ཆ་བསྒོས། །རྡོ་རྗེའི་རིག་པ་མཆོག་གི་ལྷ་དང་སྔགས། །བདེ་ཆེན་རྡོ་རྗེའི་ངོ་བོར་བྱིན་བརླབས་པས། །ཁྱོད་རྣམས་བརྣག་པའི་བསམ་སྦྱོར་འཚེ་བའི་རིགས། །སྤོངས་ལ་ཕྱིན་ཆད་ཁྱིམ་སྒོ་ལམ་སྲང་འདིར། །མ་འགྲིམ་གནས་གཞན་སྤོས་ལ་ཞི་བ་དང་། །བྱམས་པའི་ངང་ནས་བཀའ་ལས་མ་འདའ་ཞིང་། །གལ་ཏེ་བསྒོ་བའི་སྨྲེང་ལས་འདས་གྱུར་ན། །ཆོས་ཅན་ཆོས་ཉིད་བདེན་པ་ཟབ་མོ་དང་། །ཁྱད་པར་ཁྲོ་ཆེན་མེ་ཡི་ཕྲེང་བ་ཡི། །བཀའ་ཆད་དྲག་པོའི་རྡོ་རྗེའི་ཞུགས་ཆར་དང་། །ཁྱུང་སྡིག་ཕོ་ཉས་ལུས་སྲོག་རྡུལ་དུ་བརླག། རྣམ་སྨིན་ན་རཀ་དུཿཁ་མྱོང་ཏ་རེ། །དེ་བས་དོན་དམ་དབྱིངས་


SPN003_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་འདའ་ཞིག །ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཀྲོ་དྷ་རཀྵ་རཀྵ།། །།རྒྱལ་ཀུན་ངོ་བོ་ཨོ་རྒྱན་པདྨ་འབྱུང་། །དྲག་པོར་བཞེངས་པ་རྡོ་རྗེ་མེ་ཕྲེང་ཅན།། དེང་འདིར་ཆོས་མིན་དམ་སྲིའི་འཚེ་བ་ལས། །སྲུངས་ཤིག་སྐྱོབས་ཤིག་བཛྲ་རཀྵ་ཧཱུྃ། ཞེས་པའང་རས་སྤྲུལ་མཆོག་གི་བཞེད་ལྟར་ཡུལ་སྡེ་ཀུན་ལ་སྨན་ཕྱིར་བྲིས།། །།ༀ། རྡོ་རྗེ་གྲོ་ལོད་རྩལ་གྱི་བཀའ། །ཨཱཿ རིག་འཛིན་མི་འགྱུར་རྡོ་རྗེའི་ལུང་། །ཧཱུྃ། སྣང་ཞིང་སྲིད་པའི་འབྱུང་པོ་ཉོན། །ཧོཿ བསྲུང་བྱ་མི་ནོར་འདི་རྣམས་ལ། ཕཊ། ཉེར་འཚེ་བར་ཆད་མ་བཏང་བར། །ཞི་དང་བྱམས་པའི་སེམས་ལྡན་ངང་། །རང་ལུས་དཔེར་ལོངས་གཞན་གནོད་སྤོངས། །བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ།། །།ༀ། རིག་འཛིན་རྡོ་རྗེ་དྲག་པོའི་བཀའ། །ཨཱཿ རྩ་བརྒྱུད་བླ་མ་རྣམས་ཀྱི་ལུང་། །ཧཱུྃ། སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་གསོན། །ཧོཿ དེང་འདིར་བསྲུང་བྱ་མི་ནོར་ལ། །ཕཊ། ནད་ཡམས་བར་ཆད་རིང་སྤོངས་ཤིང་། །བྱམས་པའི་སེམས་དང་ལྡན་པར་གྱིས། །ཙིཏྟ་བཛྲ་ས་མ་ཡ་རཀྵ་རཀྵ་ཧཱུྃ།། །།སྟོབས་བཅུའི་མངའ་བདག་སངས་རྒྱས་བདེན་པ་དང་། །ཞི་བ་ཆགས་བྲལ་ཆོས་མཆོག་བླ་མེད་བདེན། །རིག་གྲོལ་སར་གནས་དགེ་འདུན་ཚོགས་རྣམས་ཀྱི། །བཀའ་ཡི་བདེན་པ་ཟབ་མོའི་མཐུ་ཆེན་པོས། །འབྱུང་པོ་སྡེ་བརྒྱད་མ་ལུས་འདིར་


SPN003_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

གསོན་ལ། །ཡུལ་རིས་ལྗོངས་འདིར་གནས་པའི་སྐྱེ་དགུ་རྣམས། །དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ཟིན་པས།། ཕྱིན་ཆད་གནོད་ཅིང་འཚེ་བའི་གླགས་ལྟའི་རིགས། །སྐྱིན་ཐང་འབེབས་སོགས་ཆོ་འཕྲུལ་རིང་སྤོངས་ཤིག །ཞི་དང་བྱམས་པའི་ངང་ལ་གནས་པར་གྱིས། །གལ་ཏེ་ཐོ་འཚམ་འགལ་བའི་ལས་བགྱིས་ན། །ལས་འབྲས་བླང་དོར་དུཿཁ་མྱོང་ཏ་རེ། །དེ་བས་ཚུལ་འདིར་བག་ཡོད་བརྟན་པར་མཛོད། །ཆོས་སྐུའི་རིགས་ཀློང་དག་པའི་དབྱིངས་ནས་བྲིས། །ཞེས་པའང་ལྷང་ཐོའི་རི་བྲག་པ་གྲོང་མི་རྣམས་ཀྱི་ཆེད་དུ་སྤེལ་བ་དགེ། །།

སྒྲུབ་སྡེ་བསམ་གཏན་ཆོས་མཆོག་གླིང་གི་བཅའ་ཡིག


SPN003_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་སྡེ་བསམ་གཏན་ཆོས་མཆོག་གླིང་གི་བཅའ་ཡིག་ཡོད།


SPN003_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭསྟི། དུས་གསུམ་བདེར་གཤེགས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །སྟོན་པ་ཤཱཀྱའི་རྒྱལ་པོ་བཅོམ་ལྡན་ཐུབ་པའི་དབང་། །གཉིས་མེད་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་ཀརྨ་པ། །བདུད་ལས་རྣམ་པར་རྒྱལ་དེའི་ཞབས་པད་སྤྱི་བོས་མཆོད། །གང་གི་རིང་ལུགས་ནམ་མཁའི་དཀྱིལ་འཁོར་ཁྱོན་ཡངས་པོར། །ཟླ་མེད་སྒྲུབ་བརྒྱུད་ཀཾ་ཚང་ཉིན་མོར་བྱེད་པའི་དབང་། །སྐྱེ་དགུའི་ལོག་རྟོག་སྒྲིབ་པའི་མུན་པ་མཐར་བསྐྲད་ནས། །རང་བྱུང་ཡེ་ཤེས་དེ་ཉིད་མཆོག་གི་པད་ཚལ་རྒྱས། །སྐལ་བ་དང་ལྡན་གདུལ་བྱའི་ར་ཡིག་གཉིས་པའི་ཚོགས། །ཡང་དག་དམ་ཆོས་བདུད་རྩིའི་དཔལ་


SPN003_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལོངས་སྤྱོད་ཅིང་། །ས་ལམ་ཡོན་ཏན་རབ་རྫོགས་རྣམ་པར་དག་པའི་ལམ་ཞུགས་ནས། །འོག་མིན་ཞིང་གི་བདག་པོ་སྐུ་བཞིའི་དབང་ཕྱུག་གི། །གོ་འཕང་དམ་པ་འདོད་པའི་མ་རྒན་སེམས་ཅན་སྲིད་མཚོར་བྱིང་བ་ཀུན། །ཞེན་ལོག་ངེས་འབྱུང་མོས་གུས་དད་པའི་ལྷག་བསམ་གྲུ་རྫིངས་ལ་བརྟེན་ནས། །བྱམས་པ་དང་ནི་སྙིང་རྗེ་ཆེན་པོའི་སྐྱ་བས་ཡང་ཡང་ཉེར་བསྐུལ་ཏེ། །བདེ་ཆེན་ཐར་པའི་གླིང་དུ་དོན་གཉིས་རིན་ཆེན་སྒྲུབ་རྣམས་འདིར་དེངས་ཤིག །དེ་ཡང་རང་རེ་རྣམས་ཐོབ་པར་དཀའ་བའི་དལ་བ་བརྒྱད་དང་འབྱོར་བ་བཅུ་ལྡན་གྱི་མི་ལུས་རྟེན་བཟང་འདི་ཉིད་ཐོབ་ནས་༧སྟོན་པ་ཤཱཀྱ་


SPN003_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པའི་བསྟན་པའི་སྒོར་ཞུགས། ཡོངས་འཛིན་གྱི་སྐྱེས་བུ་དམ་པ་དཔལ་ཀརྨ་པ་བདུད་འདུལ་རྡོ་རྗེ་སོགས་མཚན་དང་ལྡན་པའི་བླ་མ་དང་མཇལ། ཆོས་ཕྱག་རྒྱ་ཆེན་པོ་བཀའ་བརྒྱུད་ཡོངས་ཀྱི་གྲུབ་པའི་མཆོག་བརྙེས་པའི་ལམ་བཟང་པོར་ཞུགས་པའི་དུས་འདིར། སྒྲུབ་བརྒྱུད་ཀྱི་སྔར་སྲོལ་བཟང་པོའི་རྒྱུན་ཉམས་མེད་ཀྱི་ཕྱིར། སྲིན་པོ་ཞེས་པ་ཤིང་ཡོས་གནམ་ལོ་སྤྱོད་པའི་དུས་ཕུན་སུམ་ཚོགས་པར་ཡང་དབེན་བསམ་གཏན་ཆོས་མཆོག་གླིང་ཞེས་པའི་གཙུག་ལག་ཁང་ཉིད་ལེགས་པར་གྲུབ་ནས། དེ་དག་ཏུ་བསྟི་བའི་རིམ་གཉིས་ཀྱི་རྣལ་འབྱོར་པ་ཀུན་སྤངས་རྟོགས་ལྡན་རྣམས་ཀྱི་ཐུགས་ལ་འདོགས་རྒྱུར། དེ་ཡང་རྒྱལ་བའི་བསྟན་པ་ཞེས་པ་དམ་པའི་ཆོས་ཡང་དག་གི་རྒྱུན་དང་། དེ་ཉམས་སུ་ལེན་པ་ལ་ཟེར་བའི་བསྟན་རྒྱུན་ཡང་དག་ཅིག་བྱུང་ན་རྟག་ཏུ་རང་གཞན་གྱི་དགེ་ལེགས་འཕེལ་བར་ངེས་ཕྱིར། སྔོན་གྱི་སྐྱེས་མཆོག་དམ་པ་དཔལ་ལྡན་དུས་གསུམ་མཁྱེན་པའི་བཀའ་བརྒྱུད་འཆང་བ་ཆེན་པོ་༧གྲུབ་མཆོག་ཀརྨ་པཀྴི་ལ་སོགས་པའི་ཕྱག་སྲོལ་ཉམས་པ་མེད་པར་སྐྱོང་བའི་ལུགས་ཀྱི་ངེས་དོན་ཕྱག་རྒྱ་ཆེན་པོའི་ལྟ་བ་མ་འཁྲུལ་བ་ཉིད་འཁོར་ལོ་གསུམ་པའི་དགོངས་དོན་གཞན་


SPN003_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དབུ་མ་ཆེན་པོའི་ཚུལ་དང་མཐུན་པར་འཛིན་ཅིང་། སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་རིང་ལུགས་དྲི་མ་མེད་པ་ཟུང་འཇུག་ཏུ་ཐུགས་ཀྱི་དཔལ་བེའུར་འཁྱིལ་བ་དང་། དེང་དུས་སྙིགས་མ་ལྔ་བདོའི་དུས་ཀྱི་མཐར་ཐུག་པའི་དབང་གིས་བདུད་ལས་སུ་གྱུར་པས་གསང་སྔགས་དགོངས་པ་ལོག་པར་སྤྱད་དེ། བརྒྱུད་པར་བསྟན་པ་ཚད་མར་ཞུགས་པར་རློམ་ཡང་། དེ་ཚུལ་བཞིན་མི་སྤྱོད་པའི་གང་ཟག་ཟོག་པོ་དམ་ཉམས་འདྲེས་ཁྱེར་སོགས་སྐྱོན་ཅན་རིགས་དང་། ཆོས་རང་བཟོའི་འཁྱོག་བཅོས་བསླད་བཅུག་གཏེར་ལོག་གཏེར་རྫུན་སོགས་ཆོས་མིན་ཆོས་ལྟར་བཅོས་ནས་བསླུ་བྲིད་ཀྱི་བློ་གྲོས་ཅན་ཁ་ཅིག་སྣང་ཡང་། འདི་དག་རང་རྐང་དུ་སྤྱོད་ན་རང་གཞན་ཀུན་གྱི་གནས་སྐབས་མཐར་ཐུག་གི་བདེ་ལེགས་འགྲིབ་ཅིང་ཉེས་ཚོགས་མ་ལུས་པ་བསྐྱེད་པར་འགྱུར་བ་ལྟ་ཅི་སྨོས། །ཅུང་ཟད་ཙམ་རང་རང་ལས་སྣང་དུ་ཆོས་ལ་བསླད་དང་གྲིབ་ཀྱི་ཤན་ཕོག་ན། དཀོན་མཆོག་བསྟན་པའི་སེལ་ཆེན་པོར་འགྱུར་བ་དང་། ཡུལ་ཁམས་རྣམས་ཀྱང་འཕྲལ་ཕུག་ཀུན་ཏུ་མི་ཤིས་པ་ཁོ་ནར་འགྱུར་ལ། དེས་ན་གནས་སྐབས་གྲུབ་མཐའ་སངས་རྒྱས་པར་འཛིན་ཅིང་མདོ་སྔགས་ཀྱི་


SPN003_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལ་ཐོས་བསམ་སྒོམ་པ་ལྟར་སྣང་བར་འབད་ཀྱང་ངེས་ཤེས་སོགས་ཐུགས་ནས་མ་འཁྲུངས། དེའི་དགོངས་དོན་མཐའ་དག་ཇི་བཞིན་མ་གོ་བའི་སྐྱོན་གྱིས། ལམ་ལོག་འདྲ་མིན་ནོར་སོ་ཅན་ལྟུང་པ་ལའང་རྣམ་དག་ཡིན་པའི་ཁུལ་དུ་འཁྲུལ་ནས་དེར་ཞུགས་པའི་རིགས་ཡོང་བས། དེ་འདྲར་མ་སོང་བ་དགོས་ཤིང་། ཚེ་འདིའི་འདུན་མ་ཕྲན་བུ་ལའང་ལེགས་ཉེས་ཀྱི་དཔྱད་པ་དུ་མས་གཏན་ལ་འབེབས་དགོས་ན་ཚེ་རབས་གཏན་བདེའི་འདུན་མ་དོན་དུ་གཉེར་བ་ལ་གནད་དོན་མ་འཁྲུལ་པར་ཉེས་སྐྱོན་རྡུལ་ཙམ་དང་བྲལ་བའི་ཆོས་དང་བརྒྱུད་པ་བསྲེགས་བཅད་བརྡར་བའི་གསེར་བཞིན་ལེགས་པར་བརྟགས་པ་གཞིར་བཅས་པ་ནས་དུས་དང་གནས་སྐབས་ཐམས་ཅད་དུ་སྡོམ་པ་དམ་ཚིག་ཚུལ་ལྡན་གྱི་སྒོ་ནས་བསྲུང་། བསྐྱེད་རིམ་བཟླས་བརྗོད་སེམས་ངོ་བལྟ་བ་སོགས་ཉམས་ལེན་ལ་བརྩོན་པ་ཆེར་བཞེས་ནས། དེ་ཡང་ཆོས་སྤྱོད་ཀྱི་རྩ་བ་སོ་ཐར་གྱི་སྡོམ་པ་སྤྱི་དང་ལྡན་པ། རྩ་བ་བཞི་ཆང་དང་ལྔ་སྤང་དགོས་ཚུལ་གསང་སྔགས་ཀྱི་དམ་ཚིག་སོགས་ཇི་བཞིན་པར་བསྲུང་བའི་འདུལ་ཁྲིམས་སོགས་སུ་གསལ་ལྟར་ལས་ཞུ་དགོས་འགའ་ཞིག་མ་མཆིས་རུང་། སྤང་བླང་གི་རིམ་པ་མདོར་བསྡུས་ཤིག་ཞུ་ན། སྲོག་བཅད་པས་ནི་དམྱལ་བར་


SPN003_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་ཞིང་། དེ་ཡི་རྩ་བ་ཞེ་སྡང་དྲག་པོའི་དབང་ལས་བྱུང་སྟེ། དེ་ཡང་བསྐལ་པ་སྟོང་གི་དགེ་བ་ཡང་། །ཁོང་ཁྲོ་གཅིག་གིས་མེད་པར་བྱེད། །གསུངས་པ་དང་། མ་བྱིན་ལེན་གྱི་རྣམ་སྨིན་ཡི་དྭགས་སུ་སྐྱེ་ཞིང་སྡུག་བསྔལ་བཟོད་མེད་མྱོང་། དེ་ཡང་རྒྱལ་བའི་གསུང་ལས། མི་གང་གཞན་གྱི་ནོར་ལ་མ་བྱིན་ལེན། །དེ་ཡིས་ངན་སོང་སྡུག་བསྔལ་མྱོང་བར་འགྱུར། །དེ་ནས་མི་ཡི་སྲིད་པ་འདིར་འོངས་ཀྱང་། །ཕོངས་ཤིང་གཟི་བརྗིད་ཆུང་ལ་མྱ་ངན་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། འདོད་ལོག་ཆགས་སྲེད་དབང་གིས་མི་ཚངས་བར་སྤྱོད་པའི་འབྲས་བུ་ནི། རྒྱལ་བས། གང་ཞིག་གཞན་གྱི་བུད་མེད་དེར་འགྲོ་བ། །ལྕགས་ཀྱི་ཤལ་མར་ཚེར་མ་རྣོན་པོ་ཡིས། །འབིགས་པར་བྱེད་ཅིང་སྡུག་བསྔལ་དེ་ཡིས་གདུང་། །དེ་ལས་ཐར་ཀྱང་ཆུང་མ་མི་བསྲུན་འགྱུར། །ཞེས་སོགས་གསུངས་པ་དང་། རྫུན་དང་ཕྲ་མའི་རྣམ་པར་སྨིན་པས་དམྱལ་བར་ལྟུང་ཤིང་། དེ་ཡང་ཐུབ་པའི་ཞལ་ནས། མི་གང་ཚིག་ནི་ཤིན་ཏུ་མི་སྡོམ་པ། །རྫུན་དང་ཚིག་རྩུབ་ངག་འཆལ་ཕྲ་མ་རྣམས། །སྨྲ་མཁས་དེ་དག་མི་བཟད་དམྱལ་བར་ལྟུང་། །འབར་བའི་ཕུར་པ་རྣམས་ཀྱིས་ལྕེ་བརྒྱངས་ཤིང་། །ཐོང་གཤོལ་འབར་བ་ལྔ་


SPN003_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱས་རྨོ་བར་བྱེད། །ཁ་ཅིག་སྤུ་གྲིས་བཅད་དེ་རང་ཉིད་ཟ། །གཞན་དག་རོ་ཉེ་འཐུང་ཞིང་ཀུན་ཏུ་འབར། །མི་བཟད་སྐྱབས་མེད་ངུ་ཞིང་སྡུག་བསྔལ་འགྱུར། །ཞེས་གསུངས་པ་དང་། ཆང་འདི་ཉེས་ལྟུང་ཐམས་ཅད་ཀྱི་གཞི་མ་ཉོན་མོངས་རྒྱས་པའི་གཉེན་པོར་འདུག་པས། རྒྱལ་བའི་ཞལ་ནས། ཆང་འདི་བཏུང་ན་ངན་པ་སྤྱོད་པར་འགྱུར། །རབ་ཏུ་འཇིགས་པའི་སེམས་ཅན་དམྱལ་བར་ལྟུང་། །དུད་འགྲོའི་གནས་དང་ཡི་དྭགས་དབུལ་གྱུར་པ། །ཞེས་དང་། ཆང་དེ་ཉུང་ངུ་འཐུང་ཀྱང་རྣམ་པར་སྨིན་པ་ནི། །མི་ཡི་གནས་སུ་སྐྱེས་ཀྱང་ཚུལ་ཁྲིམས་ལྟ་བ་ཉམས། །གང་གིས་བཏུང་ཡང་མནར་མེད་འབར་བས་བསྲེག་པར་འགྲོ། །ཡི་དྭགས་ཡུལ་དང་དུད་འགྲོ་དམན་པར་གནས་པར་འགྱུར། །ཚུལ་ཁྲིམས་ཉམས་པར་འགྱུར་ཞིང་གཏམ་ངན་མངོན་པར་འབུངས། །ངོ་ཚ་མེད་ཅིང་བློ་གྲོས་དྲི་མ་ཅན་དུ་འགྱུར། །གང་ཞིག་འཐུང་ན་ཡོན་ཏན་དེ་དང་དེ་ཉམས་འགྱུར། །ཞེས་སོགས་གསུང་པ་ལྟར་དང་། །འོན་ཀྱང་དེ་དག་གི་ལྟུང་བར་གྱུར་པ་ཐམས་ཅད་དངོས་སུ་ུམ་སྤྱད་ཀྱང་། ཡིད་ཀྱིས་དྲན་པ་དང་ཆགས་པ་སོགས་ཉེས་ལྟུང་ཤིན་ཏུ་ཆེ། སེམས་ཀྱི་མི་དགེ་བ་སྤང་བའི་ཡོན་ཏན་ཡང་། གང་ཞིག་ཡིད་ཀྱི་ལས་རྣམས་རབ་སྤངས་ན། །


SPN003_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མིའི་བདེ་བ་ཕུན་སུམ་ཚོགས་པ་མྱོང་། །རྣམ་དག་ལྟ་བས་འཇིག་རྟེན་དག་བྱེད་ཅིང་། །རྟག་ཏུ་སངས་རྒྱས་རྣམས་ཀྱིས་བསྔགས་པར་འགྱུར། །ཞེས་གསུངས་པ་ལྟར། དགེ་བའི་ལས་ལ་གཅིག་ཏུ་འབད་པ་ཆེན་པོ་བྱ་སྟེ། ཕྱོགས་རིས་མེད་པའི་སེམས་ཅན་འབུ་སྲིན་ཕྲའུ་ཡན་གྱི་སྲོག་བསྐྱབ་པ་དང་། ལན་དང་རྣམ་སྨིན་ལ་རེ་བ་མེད་པའི་སྦྱིན་པ་གཏོང་བ་དང་། གཞན་འཁོན་དུ་གྱུར་པའི་མི་མཐུན་པ་རྣམས་མཐུན་པའི་ལས་བྱེད་པ་དང་། །བདེན་པ་དང་དྲང་པོས་ཞི་དལ་གྱི་འཇམ་པོར་སྨྲ་བ། ཚངས་སྤྱོད་ཡང་དག་པའི་ཚུལ་ཁྲིམས་རྣམ་པར་དག་པ། འདོད་སེམས་ཆུང་ཞིང་ནོར་ལ་ཆོག་ཤེས་ཐོབ་པ། བྱམས་པ་ལ་སོགས་པ་དང་མི་འབྲལ་བ་ནས་ཡང་དག་བའི་དོན་ལ་འཇུག་པ་སྟེ། དེ་དག་ཀྱང་དང་དུ་ལེན་པར་བྱ་བ་འོས་སོ། །དེ་དག་གི་འབྲས་བུའི་ཡོན་ཏན་དགེ་བས་ནི། འདི་དང་གཏན་གྱི་དགེ་ལེགས་དམ་པར་སྤྱོད་པའི་གཞི་དང་། སངས་རྒྱས་ཀྱི་ས་ལ་བགྲོད་པའི་ལམ་སྟེགས་མཆོག་ཏུ་འགྱུར་རོ། །དེ་བཞིན་རང་གིས་ཀྱང་དམ་ཆོས་ཚུལ་བཞིན་དུ་སྤྱོད་པ་དང་། གཞན་ལའང་སྤྱད་དུ་བཅུག་པ། གཞན་དག་གི་དགེ་བའི་ལས་ལ་རྗེས་སུ་ཡི་རང་བ་བྱ་ཞིང་སྔར་བྱས་ཀྱི་སྡིག་ལྟུང་ཐམས་ཅད་


SPN003_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པ་དང་། ཕྱིན་ཆད་དེ་ལྟར་མི་བགྱིད་པའི་དམ་བཅའ་སྙིང་ནས་བཟུང་། གཞན་ལའང་སྡིག་ལྟུང་གི་བྱ་བ་སྤྱད་དུ་མི་འཇུག་ཅིང་། སྔོན་གྱི་ཉེས་པར་འགྱོད་པ་དྲག་པོས་ཡུལ་ཁྱད་པར་ཅན་གྱི་དྲུང་དུ་བཤགས་པ་སྙིང་ཐག་པ་ནས་ཕུལ་ཞིང་། སྟོང་ཉིད་བསྒོམ་པ་དང་། ཕུང་པོ་གསུམ་པ་སོགས་མདོ་སྡེ་ཟབ་མོ་དང་གཟུངས་སྔགས་ཀྱི་རིགས་ཁ་ཏོན་དུ་བྱ་བ་དང་། སྐུ་གཟུགས་མཆོད་རྟེན་གསུང་རབ་བཞེངས་པ་དང་མཆོད་པ་སོགས། མདོར་ན་དཀར་པོ་དགེ་བའི་མཐུ་ཡིས་མི་དགེ་བའི་མྱུ་གུ་གཏན་ནས་སྐེམས་པའི་ཕྱིར་སྒོ་གསུམ་དགེ་བའི་ཕྱོགས་ལ་གནས་པར་གྱུར་ན། སྟོན་མཆོག་ཐུབ་དབང་གི་ཞལ་ནས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུ་རྣམས་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་པའི་དགོངས་དོན་ལྟར་ཐུགས་ལ་འདོགས་པར་ཞུ་བ་དང་། ཐམས་ཅད་མཁྱེན་པ་ཆེན་པོ་རྒྱལ་དབང་བརྒྱད་པའི་ཞལ་སྔ་ནས། གཉིད་སོགས་ལོང་སྐབས་མེད་མེད་ལྟར་བྱེད་ནས། །རྒྱུན་དུ་རང་སེམས་ཉིད་ལ་འདུལ་སྦྱོང་གྱིས། །སེམས་ཅན་མ་ལུས་འཁོར་བ་ལས་བསྒྲལ་


SPN003_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །བསམ་པ་དག་པ་ཡང་དུ་བསྐྱེད་པར་གྱིས། །དུས་དང་རྣམ་པ་ཀུན་ཏུ་གཞན་སྐྱོན་མི་རྟོག་མི་བརྗོད། ལོང་གཏམ་མི་བྱ། ཚེ་འདིའི་འབྲེལ་ཆགས་མི་བྱ། དྲི་རྟོག་མི་སྐྱེན། ངོ་སྲུང་མི་བྱ། མཐུན་འཇུག་སྤོངས། ཁ་ལེན་རེ་མོས་མ་བྱེད། རང་ལ་ཀ་ཆ་མེད་ན་སྦྱིན་བདག་ལྟ་བུ་ལ་བསླངས་ནས། སྦྱིན་བདག་སངས་རྒྱས་ཐོབ་པའི་སླད་དུ་བསྔོ་བ་སྨོན་ལམ་ཡང་དག་པ་བྱེད། ལྟོ་གང་བྱུང་སློང་བ་ལ་དམ་བཅའ། མ་ཕྱིན་མ་འདོངས་དོགས་སྤོངས། ཕ་ཡུལ་དང་སྐྱིད་ས་ལ་འགྲོ་ནས་འདི་འདྲ་བྱེད། མི་ཡུལ་དང་སྡུག་ས་ན་མི་འགྲོ་བའི་ཆོས་བྱེད་བསམ་པ་སོགས་ལོག་པའི་བློ་ཡིན་པས། གར་འགྲོ་གར་སྡོད་ཀྱང་སྤྲང་པོ་ཡིན་ཕྱིན་གཞན་བསྒྲུབ་རྒྱུ་ཅི་ཡོད། ཆོས་སྤྱོད་བཅུ་ཡི་བྱ་བས་ལུས་ངག་དལ་བར་སྐད་ཅིག་ཀྱང་མི་སྡོད་པ་འདི་ཀ་ལ་བློ་རྩེ་གཏད་པའི་སྒོ་ནས་རང་རྒྱུད་ལ་དུག་གསུམ་མངོན་གྱུར་བ་ནམ་བྱུང་དུས་གཉེན་པོའི་དཔའ་བསྐྱེད། མདོར་ན་ཉིན་ཞག་ཕྲུགས་གཅིག་ལ་མདང་དེ་རིང་གི་བྱེད་རྒྱུ་དེ་ལས་མེད་སྙམ་པའི་བློ་བདེ་སང་ངེ་བ་རེ་བྱེད་དགོས་པ་ཡིན། གཉིད་དང་ལེ་ལོ་བྱུང་དུས་ཤེས་པ་དེ་ཚར་གཅོད་དགོས་པ་ཡིན་ཞེས་རྗེ་དེ་ཉིད་ཀྱི་བཀའ་ལུང་དྲི་མ་མེད་པ་དང་། གཞན་ཡང་


SPN003_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཐམས་ཅད་ཀྱིས་སེམས་ཅན་དོན་དུ་གསུངས་པའི་ཆོས་སྒོ་མཐའ་ཡས་པ་ཐམས་ཅད་དོན་དེ་ལྟ་བུར་ལགས་པའི་ཕྱིར་ན་ཐུགས་ཀྱི་པདྨོར་ཐིམ་པ་དང་། གཞན་འཕྲལ་དགོས་ཀྱི་ཀུན་སྤྱོད་རིགས་འདི་གའི་སྔོན་གྱི་བཅའ་ཡིག་ཆེན་མོ་ལྟར་ལས་གསར་དུ་ཞུ་འོས་མ་མཆིས་ཤིང་། ད་ལམ་འདི་རུ་རྟེན་འབྲེལ་གྱི་རྫས་ཙམ་ལས། སླད་དུ་མཁྱེན་གཉིས་ཟབ་མོའི་ཐུགས་དང་ལྡན་པ་རྣམས་ཀྱིས་འབེལ་མཆིད་བཀའ་ཡི་འཁོར་ལོ་མཚུངས་པ་མེད་པ་གནང་བ་གཞིར་བཅས་པ་ལས། ནེ་ཙོའི་ཀློག་འདོན་ལྟ་བུའི་འབྲས་མེད་ཀྱི་ཡི་གེ་འདི་བཞིན་དགོས་པས་དབེན་པ་ནས་དོན་ལྡན་གྱི་ཚིག་རིས་མ་མཆིས་རུང་། འོན་ཀྱང་སྟོན་པ་འགྲན་ཟླ་བྲལ་བ་ཐམས་ཅད་མཁྱེན་པ་རྒྱལ་བ་སྟོབས་བཅུ་མངའ་བ་འཇིག་རྟེན་གྱི་འདྲེན་པ་ཆེན་པོ་བདེ་བར་གཤེགས་པ་རྣམ་འདྲེན་བཞི་པ་ཤཱཀྱའི་རྒྱལ་པོ་ཐུབ་པའི་དབང་པོས་གསུངས་པའི་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་བསླབ་བྱ་ལ་རྟག་ཏུ་བརྩོན་པ་ཆེན་པོས་དང་ལེན་ནུས་པར་ཡོད་ན། རང་རེ་ཀུན་གྱི་འདི་ཕྱི་ཚེ་རབས་ཀྱི་བདེ་དོན་སྒྲུབ་པའི་དཔལ་དུ་གྱུར་པ་ལས། འཇིག་རྟེན་སྐྱེ་བོ་མ ཁས་གྲགས་དབང་བཙན་རིགས་ཆེ་ནོར་ཕྱུགས་ཀྱི་འདོད་པའི་སྐལ་བ་ཉོན་མོངས་ཀྱིས་བསླད་པའི་འཇིག་རྟེན་མི་ཆོས་


SPN003_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཀྱི་དབང་གིས་རང་རྒྱལ་གཞན་ཕམ་གྱི་གཡོ་སྒྱུས་སྤྱོད་པ་ནི་འདི་ཚུལ་ལྡན་ནམ་ཡང་མ་ཡིན་པས་དེས་ན་རེ་ཞིག་འདི་བཞིན་སྒྲུབ་སྡེ་པ་རྣམས་ཀྱི་ཉེར་མཁོའི་གནས་སུ་གྱུར་ཅིང་། ཚུལ་དང་མི་ལྡན་པའི་སྤྱོད་ངན་སྣ་ཚོགས་ཀྱིས་བསྟན་པའི་སེལ་ཞུགས། རྒྱལ་ཁམས་ཀྱི་ཕན་བདེ་སྒྲིབ་པའི་མཛད་སྤྱོད་འདི་དང་འདི་ཞེས་པའི་ཉེས་པ་རྡུལ་ཕྲ་རབ་ཙམ་ཡང་གང་སུ་ཐད་ནས་མི་བསྒྲུབ་པར་ཅི་ནས་ཞུ་ལགས་ཤིང་། གལ་སྲིད་མི་མཐུན་ལོག་པར་ཞུགས་པའི་སྤྱོད་པ་ཕྲན་བུ་ཙམ་གྱི་སྣང་བ་ཤར་ཚེ་ཐུགས་སུན་གནས་དབྱུང་སོགས་དམ་པའི་ཆོས་ཁྲིམས་འགྱུར་བ་མེད་པའི་སྒོ་ནས་གང་ལ་གང་འཚམས་ཀྱི་བྱ་བ་དྲག་པོ་ཚིག་ཙམ་མ་ཡིན་པ་གཏིང་ནས་བསྒྲུབ་རྒྱུ་ལགས་པས། དེ་བཞིན་མཐུན་འཇུག་རྒྱ་གང་ཆེ་གནང་ཐུབ་ཞུ་བ་ལགས་ན་རེ་འབྲས་དོན་སྨིན་དུ་གནང་བར་མཛོད་ཅིག །ཅེས་བཅའ་ཡིག་མདོར་བསྡུས་སུ་བཀོད་པ་འདི། མེ་འབྲུག་གནམ་ལོར་སྤྱོད་པའི་དབོ་ཟླའི་དམར་ཕྱོགས་བཟང་པོ་ལ་ཀྭན་ཏིང་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོ་ཞེས་པས་ཐུབ་བསྟན་ཆོས་འཁོར་གླིང་གི་རིག་གྲོལ་བསླབ་ལྡན་འདུས་པའི་དབུས་ནས་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལམ། །

བཅའ་ཡིག


SPN003_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི། མ་ལུས་རྒྱལ་བ་ཀུན་གྱི་ཡབ་གྱུར་པ། །རང་སྣང་ཡེ་ཤེས་སྐུ་དང་ཞིང་ཁམས་ལ། །དབང་བསྒྱུར་རྡོ་རྗེ་འཆང་གི་ཞབས་པདྨོ། །བྱང་ཆུབ་སྙིང་པོའི་བར་དུ་རྟག་པར་མཆོད། །ཕྲ་རགས་རྟོག་ཚོགས་དབྱིངས་སུ་ཐིམ་པ་ཡི། །ཡོན་ཏན་གྲུབ་པ་མཆོག་བརྙེས་ཏི་ལི་པ། །དཀའ་ཐུབ་མཐར་ཕྱིན་པཎ་ཆེན་ནཱ་རོ་དང་། །དགྱེས་མཛད་རྡོ་རྗེ་དངོས་སྣང་ལོ་ཙཱ་ཆེ། །གྲུབ་པའི་སྤྱི་མེས་རྣལ་འབྱོར་མི་ལ་རས། །རྒྱལ་བས་ལུང་བསྟན་ཟླ་འོད་གཞོན་ནུའི་ཞབས། །དེ་ལས་བསྐལ་བཟང་དྲུག་པའི་རྣམ་རོལ་པ། །དཔལ་ལྡན་ཀརྨ་པ་སོགས་རིམ་བརྒྱུད་ནས། །དོན་དམ་རྟོགས་པའི་བཀའ་བབས་ཀཾ་ཚང་གི། །རིང་ལུགས་རིན་ཆེན་གསེར་གྱི་ཕྲེང་མཛེས་པའི། །གནས་ལུགས་ཆོས་སྐུར་སྟོན་པའི་སྒྲུབ་བརྒྱུད་རྣམས། །མི་ཤིགས་ཐིག་ལེའི་རྒྱུན་དུ་གུས་པས་འདུད། །ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། ལི་ཡུལ་ལྕང་ར་སྨུག་པོ་ཞེས་གདོད་ནས་རང་བཞིན་གྲུབ་པ་འཁོར་ལོ་སྡོམ་པའི་ཕོ་བྲང་། སྔོན་ཚེ་གུ་རུ་ཉི་མ་འོད་ཟེར་དང་། ཕ་ཅིག་དམ་པ་རྒྱ་གར་བ་ལ་སོགས་པ་གྲུབ་པའི་རྣལ་འབྱོར་རིག་པ་འཛིན་པ་ཡོངས་ཀྱིས་བྱིན་གྱིས་བརླབས་ཤིང་། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་


SPN003_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་སྤྲིན་བཞིན་ངང་གིས་འདུ་བ་རྟོགས་ལྡན་སློབ་བརྒྱུད་ཆུ་བོའི་རྒྱུན་ལྟར་འབྱུང་བའི་བསྟི་གནས་ག་ལ་བ་དེར། ༧ ཐུབ་བསྟན་ཆོས་ཀྱི་འཁོར་ལོ་གསང་སྔགས་དགའ་ཚལ་གླིང་ཞེས་རྒྱལ་བ་ཡབ་སྲས་རྣམས་ཀྱིས་ཆགས་བཅགས་ཤིང་། ངེས་དོན་རིང་ལུགས་ཀྱི་སྲོལ་བཏོད་པའི་གདན་ས་མཆོག་ལ་སླར་ཡང་སྙིང་པོའི་བསྟན་པ་སྒྲུབ་པ་དང་། བསྟན་འགྲོར་ཕན་བདེའི་སྒོ་འཕར་འབྱེད་པའི་ཐབས་ཚུལ་ལ་ལྷག་བློ་ཐུན་མིན་གྱིས་དྲངས་ཏེ། དྲུང་སྤྲུལ་མཆོག་ནས་དེ་ཚུལ་ལ་དགེ་བའི་རྣམ་དཀར་བགྱི་འོས་རླབས་སུ་ཆེ་ཞིང་། གནད་དུ་གང་འགྲོ་འདྲེན་མཆོག་དཔའ་བོ་རིན་པོ་ཆེའི་དྲུང་བཀའ་བརྟག་ཞུས་སྐབས། སྨུག་པོའི་ས་དམིགས་སུ་སྒྲུབ་སྡེ་གསར་འཛུགས་བསྟན་པའི་བཙས་དང་ཡུལ་གྱི་བདེ་སྐྱིད་འཕྲལ་ཡུན་ཀུན་ཏུ་ཤིས་པའི་བཀའ་སྩལ་ཕེབས་པར་བརྟེན། དེ་ལྟར་བསྒྲུབ་པར་བརྩམས་པའི་སྐབས་དབྱེ་བ་ན། ཉམས་ལེན་གྱི་སྒོམ་གྲྭ་གསར་འཛུགས་ལ་བཅོས་མིན་གྱི་མོས་གུས་དང་། དད་པ་གསུམ་གྱིས་རྒྱུད་གྲོལ་ནས་ལྷག་པའི་བློ་ཡི་སྤོབས་པ་དགེ་བ། གཙུག་ལག་ཟུང་གི་གནས་ལ་བསོད་ནམས་ཀྱི་རྒྱ་མཚོ་གཏིང་ཟབ་ལ་དཀྱེལ་ཆེ་བ་ཚོང་དཔོན་བསོད་ནམས་ཕུན་ཚོགས་ཞེས་དགེ་བཅུས་མངོན་པར་ཕྱུག་པའི་ཁྱིམ་


SPN003_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ངང་ཚུལ་བཟང་པོའི་རང་བཞིན་དང་ལྡན་པ་གང་དེས། སྒྱུ་མའི་ནོར་ལ་སྙིང་པོ་ལེན་ཕྱིར་དངོས་པོའི་བདོག་པ་ལོངས་སྤྱོད་ཀྱི་བཏང་བ་ཕུན་སུམ་ཚོགས་པ་གཞན་དྲིང་མི་འཇོག་པའི་དཔལ་ལས་ཉེ་བར་གྲུབ་པའི་གཙུག་ལག་དྲི་གཙང་ཁང་དང་། གཞན་ཡང་དབེན་ཁང་འགའ་ཞིག་དང་བཅས་བཀོད་ལེགས་ཁྱད་པར་འཕགས་པ་མངོན་པར་འདུ་བྱས་ཤིང་། དེའི་ནང་རྟེན་དུ་རྒྱལ་བའི་སྐུ་བརྙན་བྲིས་འབུར་བཞེངས་པ་དང་། མཆོད་པའི་ཐེབས་སུའང་དངུལ་བྲེ་ཆེན་མང་པོས་བསླུས་པའི་ཞིང་ས་དང་། དེ་དག་ལ་བརྩེ་བའི་སྤྱན་རྒྱང་གི་གཟིགས་པ་མཚུངས་ཟླ་དང་བྲལ་བ། སྐྱབས་མགོན་རྒྱལ་མཆོག་བཅུ་བཞི་པའི་དྲུང་ནས་རྟེན་གཙོ་དང་མཆོད་ཐེབ། འདི་ནས་ཀྱང་འཕགས་པ་རིགས་གསུམ་མགོན་པོའི་སྐུ་བརྙན་འཕགས་ཡུལ་ཤར་ལི་འཁྲུལ་མེད་བྱིན་གཟི་འོད་འབར་ཅན་དང་། རིན་ཆེན་གཉིས་པ་སྲང་འཁོར་ལྔ་བཅུ་ཐམ་པ། རྗེ་བཙུན་དཔའ་བོ་མཆོག་ནས་ཀྱང་དེ་བཞིན་གྱི་ནང་རྟེན་ཁྱད་འཕགས་དང་། མཆོད་ཐེབ་ཀྱི་དངོས་པོ་གྱ་ནོམ་པ་བཅས་བསྩལ་ཞིང་། རྒྱལ་སྲས་ཐུ་བོ་དྲུང་པ་སྤྲུལ་སྐུས་གཙོས་སྟོད་སྨད་ཀྱི་བླ་སྤྲུལ་ལས་བྱེད་འདུས་སྡེ་རྣམས་དང་། རྒྱལ་པོ་རྒྱལ་ཕྲན་ཁྱིམ་བདག་ལ་སོགས་པ་མཆོག་དམན་


SPN003_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་ཀྱང་ཡོན་སྦྱོར་བ་བཅས་དེང་ནས་བཟུང་ཇི་སྲིད་གནས་ཀྱི་བར་དུ་སྒྲུབ་པའི་གྲྭ་སྡེ་བཙུགས་པའི་ལེགས་བྱས་ཀྱི་རང་གཟུགས་བསྟར་པ་ལ་རེ་ཞིག་སྤང་བླང་གི་ཚུལ་རྣམས་མདོར་བསྡུས་ཏེ་བཅའ་ཡིག་བཀོད་པ་ལ། དེ་ཡང་རང་རེ་རྣམས་སྔོན་བསགས་དགེ་བའི་གོམས་སྟོབས་ཀྱིས་སྐྱེ་དཀའ་བ་ལྷོ་རྒྱལ་འཛམ་བུའི་གླིང་དུ་སྐྱེས་ཤིང་། དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་རྙེད་པར་དཀའ་བ་མིའི་ལུས་རྟེན་ཐོབ། མཇལ་བར་དཀའ་བའི་མཚན་ལྡན་གྱི་བླ་མས་རྗེས་སུ་འཛིན། འཕྲད་པར་དཀའ་བ་དམ་པའི་ཆོས་ཟབ་མོ་ཐོབ་པའི་དལ་རྟེན་རིན་པོ་ཆེ་འདིའི་ཁོངས་ནས་གཏན་གྱི་འདུན་མ་བསྒྲུབ་པ་ལ། དང་པོ་ཞེན་ལོག་སྒོམ་གྱི་རྐང་པར་གསུངས་བཞིན། འཁོར་བའི་ཆོས་ཐམས་ཅད་མི་རྟག་སྒྱུ་མའི་རང་བཞིན་སྙིང་པོས་དབེན་པ་ལ་བློ་ལྡོག་ནས། མོས་གུས་སྒོམ་གྱི་མགོ་བོ་ཞེས་མཆོག་གསུམ་ངོ་བོ་རྩ་བའི་བླ་མ་ལ་རྩེ་གཅིག་པའི་མོས་བློས་བཅོས་མིན་ཤུགས་འབྱུང་གདུང་ཤུགས་ཀྱི་གསོལ་འདེབས་དད་པས་ཁམས་གསོ་ནུས་པ། མཆེད་གྲོགས་རྡོ་རྗེ་སྤུན་རྣམས་ལའང་དག་སྣང་ཕྱོགས་མེད་འབྱོང་ཞིང་། འཇིག་རྟེན་འཁོར་བའི་སེམས་ཅན་ཕ་མར་མ་གྱུར་པ་མེད་བཞིན་པའི་ཉེ་རིང་ཕྱོགས་ལྷུང་དགྲ་གཉེན་


SPN003_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ཏེ། བྱམས་དང་སྙིང་རྗེའི་ངང་ལ་རྟག་པར་གནས་བཞིན། དང་པོར་གཞི་སྡོམ་པ་གསུམ་གྱི་སྒོར་ཞུགས་ནས་དེ་དག་གི་བསླབ་པ་དང་ལྡན་པར་བྱས་ནས། ལམ་བསྐྱེད་རྫོགས་ཀྱི་ཉམས་ལེན་ལ་རྟག་འགྲུས་ཀྱི་རྐང་ཚུགས་པའི། ཕྱག་རྒྱ་ཆེན་པོའི་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་རྣམས་དང་། ཁྱད་པར་ཟབ་ལམ་ནཱ་རོ་ཆོས་དྲུག་ཅེས་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་གྲུབ་ཐོབ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པ་དེ་དག་གི་ཞལ་ནས་སྙན་དུ་བཀའ་རིམ་པར་བརྒྱུད་པའི་ཕ་ཆོས་མཐར་ཐུག་སྙིང་པོའི་ཡང་སྙིང་། ངེས་པ་དོན་གྱི་ཏི་ལ་ཀ་གསང་བ་ཆེན་པོའི་ཆོས་ཀྱི་རྒྱལ་སྲིད་ལ་དབང་འབྱོར་བའི་ཚུལ་རྣམས་རིམ་པར་ཡོངས་འཛིན་བླ་མ་དགེ་བའི་བཤེས་གཉེན་གུས་པས་མཆོད་པར་བྱས་ནས་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་ཀྱི་གདམས་པས་རང་རྒྱུད་བརླན་པར་བྱས་ལ། དེའང་དམ་ཚིག་མིག་འབྲས་ལྟར་བསྲུང་པ་ལས། གསང་སྔགས་ནི་བཀའ་གཉན་ཕྱིར་གང་བྱུང་འཆོལ་བ་སྤྱོད་ན་ཆོས་བདག་མཁའ་འགྲོའི་བཀའ་ཡི་ཆད་པས་འདི་གཏན་གྱི་རྩ་བ་བརླག་པར་འགྱུར་བས་དེས་ན་བག་ཡོད་གཅེས་སྤྲས་བྱ་བ་ནི་གནད་ཀྱི་སྙིང་པོའོ། །དེ་ནས་རྒྱུན་སྤྱོད་


SPN003_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐུན་དྲུག་གམ་བཞིར་བཅད་པའི། ༧ རྗེ་རས་པ་ཆེན་པོའི་ཞལ་ནས། ནམ་གུང་རྗེ་ལ་གསོལ་བ་ཐོབ། །ཐོ་རངས་སྲོག་རྩོལ་རླུང་ལ་འབད། །ནམ་ལངས་དུག་ལྔའི་བཤགས་པ་གྱིས། །ཉི་ཤར་སྣང་བ་རྒྱ་ཡིས་ཐོབ། །ཉིན་གུང་ཆོས་སྤྱོད་དགེ་ལ་འབུངས། །དགོང་མོར་སྨོན་ལམ་རྒྱས་འདེབས་བྱ། །ཞེས་གསུངས་པ་ལྟར་ཡིད་ལ་ཅི་འགྲོར་བྱེད་ནས་ཐོར་ཐུན་གཏི་མུག་གཉིད་བསླང་གི་བརྡ་བཏང་མ་ཐག་སྒོ་གསུམ་ཐ་མལ་དུ་མ་ཤོར་བའི་ཁྲིད་ཀྱི་སྔོན་འགྲོའི་སྒོམ་རིམ་རྣམས་མཐར་ཆགས་བཏོན་ཅིང་། ནམ་གསལ་པ་དང་བསྟུན་གཏོར་མ་ཆུ་སྦྱིན་སོགས་བཏང་། སྤྲོ་ན་བསང་མཆོད་བྱ། ཉི་ཤར་ནས་གུང་གི་བར་ལའང་ཉམས་ལེན་སྐྱོང་ཞིང་། ཐུན་བར་དེར་ཁམས་གསེང་དང་ཆོས་སྤྱོད་སཱཙྪ་བཏབ་པ། དཔེ་ལྟས་ལ་སོགས་གང་འོས་ཀྱི་སྤྱོད་ལམ་དང་། གུང་ནས་ཕྱེད་ཡོལ་བར་ཡང་འཁྲུལ་འཁོར་སོགས་ཉམས་ལེན་དང་། དགོང་མོར་ཆོས་སྐྱོང་གི་གཏོར་འབུལ་ས་ལམ་བར་ཆད་སེལ་ཕྱིར་སླ་ཆོས་དང་ཁྲལ་འདོན་དུ་མ་སོང་བར་གང་ཟབ་འབད་ཅིང་། དགོང་ཐུན་ལའང་


SPN003_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་སྐྱོང་བ་སོགས་ནན་ཏན་དང་། ཉལ་ཁར་གཅོད་ཀྱི་ལུས་སྦྱིན་དམིགས་པ་དང་ལྡན་པས། བདག་འཛིན་བློས་བཏང་ཕུང་པོ་གཟན་དུ་བསྐྱུར། །དབྱིངས་རིག་བསྲེ་ཞིང་སེམས་ཀྱི་གཞི་རྩ་བཅད། །ཅེས་པ་ལྟར་འབད་ཅིང་། དེ་ནས་ཉལ་བའི་རྣལ་འབྱོར་དང་། འོད་གསལ་ལྡང་འཇུག་སོགས་ཀྱི་ཉམས་ལེན་དང་མ་བྲལ་བར་བྱ་བ་སྟེ་དེ་རྣམས་འཕྲལ་དགོས་ཀྱི་སྐོར་རྣམས་སོ། །ཐུན་བར་རྣམས་སུ་ཡང་རྣམ་གཡེང་ལེ་ལོའི་དབང་དུ་མི་བཏང་ཞིང་ཆོས་སྤྱོད་བཅུས་དུས་འདའ་བར་བྱ་ཡི། ཕན་ཚུན་རྣམས་བསམ་གཏན་གྱི་ཚེར་མར་གྱུར་བའི་ཚིག་རྩུབ་ངན་སྨྲས་གཡོ་སྒྱུ་ལ་སོགས་མི་མཐུན་བྱ་སྤྱོད་ངན་པའི་རིགས་ཆེ་ཕྲ་མཐའ་དག་སྤང་ཅི་ནུས་དང་། ལྷག་པར་ཉ་སྟོང་གི་གསོ་སྦྱོང་ལ་འབད་ཅིང་འདུལ་ཁྲིམས་ལེགས་པར་བསྲུང་བར་གྱུར་ན། དེ་ལས་ལོགས་སུ་འདི་ཞེས་སྨོས་མ་དགོས་མོད། འོན་ཀྱང་སྙིགས་དུས་འདིར་རགས་པ་ཙམ་ལས་ཕྲ་ཞིབ་རྟོག་དཔྱོད་དཀའ་ནའང་རས་སུ་བོར་བ་ནམ་ཡང་མི་བྱའོ། །ཤ་ཆང་ལའང་ཧ་ཅང་བག་མེད་སྤྱོད་པ་སྤང་ཞིང་བྱིན་གྱིས་བརླབས་ནས་བདུད་རྩིར་བསྒྱུར་བ་སོགས་བྱས་ལ་སྤྱོད། གཞན་དག་ཀྱང་དགེ་བའི་ལས་ལ་བཀོལ་གང་ནུས་བྱེད་པ་དང་། རྣམ་པ་


SPN003_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་ཆུ་བོའི་རྒྱུན་བཞིན་དྲན་རྫི་བརྟན་པོའི་ངང་ནས་རིག་པའི་རང་ངོ་འཁྲུལ་མེད་ཡེངས་མེད་ཀྱི་ངང་ནས་གནས་ལུགས་ཀྱི་དོན་ལ་མཉམ་པར་བཞག་པ་སོགས་ཁྲིད་ཆེན་རྣམས་ཀྱི་དགོངས་པ་ཇི་བཞིན་ཉམས་སུ་ལེན་པར་བྱ་བ་ནི་གདམས་པའི་ཡང་སྙིང་བླ་ན་མེད་པའོ། །སྨྲས་པ། སྔོན་བྱོན་རྟོགས་པ་དོན་གྱི་ཡེ་ཤེས་ལ། །མངའ་བརྙེས་གྲུབ་པ་མཆོག་གི་སྲོལ་བཟང་པོ། །མ་སྨད་དེང་འདིར་ཉམས་ལེན་བྱིན་རླབས་ཀྱི། །བཀའ་བབས་བརྒྱུད་པ་ལས་བྱུང་ལམ་ཟབ་མོར། །འཇུག་འདོད་ལས་འཕྲོ་ཅན་རྣམས་འདིར་གསོན་ལ། །གཏན་འདུན་འགྱུར་མེད་རྣམ་ཀུན་མཆོག་ལྡན་གྱི། །གོ་འཕང་བདེ་བླག་ཐོབ་བོ་འདི་སྤེལ་དགེས། །རྩ་བའི་སྦྱིན་བདག་གཞན་ཡང་འབྲེལ་ལོ་ཅོག །ཚེ་དཔལ་དབང་འབྱོར་རང་གྲོལ་ཕྱག་རྒྱ་ཆེའི། །གནས་ལུགས་ཆོས་སྐུ་མངོན་དུ་འགྱུར་བར་ཤོག །ཅེས་པའང་སི་ཏུ་པདྨ་ཉིན་བྱེད་དབང་པོས་གདམས་པར་བྱ་བའི་ཆོས་སོ། །སརྦ་མངྒ་ལམ། ཀ་ལྱ་ཎ་ཝརྡྷ། ཛ་ཡནྟུ། །

མགོན་ཁང་ཆེན་མོའི་སྒྲུབ་པ་རྣམས་ཀྱི་འདོན་སྒྲིག་དང་བཅའ་ཡིག


SPN003_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཁང་ཆེན་མོའི་སྒྲུབ་པ་རྣམས་ཀྱི་འདོན་སྒྲིག་དང་བཅའ་ཡིག་ཡོད། ༀ་སྭསྟི་སིདྡྷཾ། སྣང་སྲིད་ཟིལ་གནོན་པདྨ་སཾ་བྷ་ཝ། །དབྱེར་མེད་གྲུབ་ཆེན་ཀརྨ་པཀྴི་དང་། །བསྟན་སྲུང་རྡོ་རྗེ་བེར་ཅན་ལྕམ་དྲལ་ལ། །གུས་པས་འདུད་དོ་བྱང་ཆུབ་བར་དུ་སྐྱོངས། །ཞེས་ཆེད་དུ་བརྗོད་ནས། མགོན་ཁང་ཆེན་མོ་བདུད་དཔུང་ཟིལ་ནོན་གྱི་སྒྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་ཞལ་འདོན་ལ། དང་པོ། ཐོ་རངས་ཀྱིི་ཐུན་ལ། ཚིག་བདུན་གསོལ་འདེབས་དང་། བརྒྱུད་འདེབས་བདེ་ཆེན་རྡོ་རྗེ། ཕག་མོའི་བདུད་རྩི་བྱིན་རླབས་དང་པོ་ཉིན་ལས་རྒྱུན་དུ་མི་དགོས། སྔོན་འགྲོ་བཏང་། སྲུང་འཁོར། སྐྱབས་སེམས། ཚོགས་ཞིང་སོགས། བདག་བསྐྱེད་བསྙེན་པ་དང་ཟུང་འཇུག་སྐུར་ལྡང་བཅས། ཕྱག་ཆེན་སྔོན་འགྲོའི་གོ་ཡང་དེས་ཆོད། དེ་ནས། ལེགས་ལྡན་སྲུང་འཁོར་བསྙེན་པ་རྣམས་དང་དགུག་གཞུག །ཞལ་བསྟབ་སྔགས་བསྙེན། བྱང་ཕྱོགས་དུར་ཁྲོད་དང་། ཡེ་ཤེས་དབྱིངས་མས་ཐུན་གཏོར་ཕྱིར་འབུལ། གར་ཟློག་དང་། ལོ་ཏྲིའི་ཐལ་རྡེབ་བྱས་ལ་ཐུན་གྲོལ། ཆབ་གཏོར་རྒྱས་པའི་ཚིག་དོན་འབྲིང་པོར་འདུས་པས་དེ་དང་དེའི་ཆ་ལག་བཏོན་པས་འཐུས། བསང་བཏང་ལ། འདོན་


SPN003_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་གསར་བཀོད་ནང་འགགས་འདུས་རྩིས་ཀྱིས་དེ་ཙམ་བྱ། སྔ་དྲོའི་ཐུན་ལ། མཚལ་མ་གཞུང་བཞིན། མཆོད་པ་བྱིན་རླབས། ཚོགས་དང་། གསང་སྔགས་ནང་གཏོར། ལྷ་ཆེན་དཔལ་བར་སྔགས་རིང་མཐར། རྡོ་རྗེ་འཆང་དངོས་མ་ཡབ་ཡུམ། བཅོ་ལྔ་ཉིན་རྣམ་སྲས་རྒྱས་པ། རྒྱུན་པར་རྣམ་སྲས་དང་སྔགས་བདག་གཏོར་འབུལ་བསྡུས་པ་རེ། དམ་ཅན་རྒྱས་པ། སྲིན་མགོན་བསྡུས་པ། ཞིང་སྐྱོང་རྒྱས་པ། མཁར་ནག་བསྡུས་པ། ཨ་ཕྱིའི་ལྷུབ་གསོལ་གཏོར་ཆོག་དང་། རྡོར་གདན་མ། བྲག་བཙན་བསྡུས་པ། ཐང་ལྷ་ཛཾ་གླིང་བྱང་ཕྱོགས་མ། མཁའ་འགྲོ་སྤྱི་གཏོར་དང་། གཞི་བདག་དཀར་གཏོར་བཏང་། བསྟོད་པ་གང་དྲིན་མ་སོགས་ནས། དམ་ཞིང་བསྟོད་པ་སོགས། བསྙེན་པ་བྱ། དགུག་གཞུག་༣དང་། རྟགས་བསྟོད་གཉིས་ཀྱིས་གཏོར་མ་ཡར་ཕུལ། ཐུན་གྲོལ། འདི་སྐབས་གཞན་གྱི་གསོལ་ཀ་དང་བསྐང་བ་འདོན་དགོས་ཡོད་ན་བཏོན། གུང་ཐུན་ལ། གསོལ་ཀ་རྒྱས་པ། ལྷ་མོ་དང་། དམ་ཞིང་གསོལ་ཀ །བསྐང་བ་རྒྱས་པ་དང་འབྲིང་པོ། བསྐང་ཐུན་ཚར་ལྔ། ལྷ་མོའི་བསྐང་བ་དང་། འཁྲུགས་བསྐང་། ཚེ་རིང་མའི་བསྐང་བ། བདག་སྒྲུབ་མ། སྔགས་རིང་གོང་འོག།


SPN003_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་བཅས། དགུག་གཞུག །འདས་བྱོན་མ་ཡབ་ཡུམ་བསྐུལ་དང་གཏེར་སར་སོགས། གཏོར་མ་ཡར་འབུལ། ཐུན་གྲོལ། གཞན་གྱི་གསོལ་ཀ་སོགས་དམིགས་བསལ་དགོས་ན་བྱ། དགོང་ཐུན་ལ། མཚལ་མ་དང་། མཆོད་པ་བྱིན་རླབས་འདོན། ཚོགས་མི་དགོས། གསང་སྔགས་ནང་གཏོར། ལྷ་ཆེན་སྔགས་རིང་མཐར། ཕྱག་བཞི་ཡབ་ཡུམ་དང་། རྣམ་སྲས། སྔགས་བདག། དམ་ཅན། སྲིན་མགོན། ཞིང་སྐྱོང་། མཁར་ནག་བཅས་ཀྱི་སྔགས་བསྔོས་བྱ། ཀུན་ཏུ་བཟང་དང་། རྡོ་རྗེ་མི་འགྱུར། བྲག་བཙན་རྒྱས་པ། ཐང་ལྷ་དྲི་ཟའི་རྒྱལ་པོ། །མཁའ་འགྲོ་དང་། གཞི་བདག་གཏོར་མ་བཏང་། བསྟོད་པ་བྱ། དམ་ཞིང་མི་དགོས། གསོལ་ཀ་བྱིན་རླབས། བསྟན་སྲུང་མཐར་ཐུག །ལྷ་མོའི་གསོལ་ཀ །བསྐང་བ་བྱིན་རླབས་དང་བསྡུས་པ་ཚར་གཅིག །བསྙེན་པ་བྱ། དགུག་གཞུག༣།མ་དག་མ། གང་ཞིག་བླ་མ། ཕོ་བྲང་མཁའ་སྤྱོད། རཀྵ་ས། ཉི་མ་ནུབ་ཕྱོགས་མཐར་ཐུན་གཏོར་ཕྱིར་འབུལ། གར་ཟློག་དང་། སེང་གདོང་མ། ཏྲིག་ཁྲོཾ་མ་ཐལ་རྡེབ་བཅས། ཆོས་ཀྱི་དབྱིངས་མ་ཡབ་ཡུམ་དང་། ལྷག་མ་བཏང་། མཆོད་བསྟོད། བཤགས་པ། མ་མགོན་བཀྲ་ཤིས་


SPN003_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུངས་༣ དང་། བར་ཆད་སེལ་གཟུངས། ༣ སྨོན་ལམ་བཀྲ་ཤིས་དང་བཅས་བྱའོ། །ཉེར་དགུའི་དུས་གཏོར་རྒྱས་པ་ལ་ཚོགས་ཆེན་སྲོལ་བཞིན་ཕྱོགས་མཚུངས་དགོས་པའི། ཐོར་ཐུན་སྐབས་ཉིན་ལྟར་དང་འདྲ་ཞིང་། སྔ་ཐུན་ལ་མངོན་རྟོགས་རྒྱས་པ་ནས་གཞུང་བཞིན་གྱི་འཁོར་ལྔ་རྣམས་དང་། མཁར་ནག །ཨ་ཕྱི་རྒྱས་པ་ནས་དཀྱུས་ལྟར་གཞི་བདག་དཀར་གཏོར་བཅས་དང་། བསྟོད་པ་རྣམས་ཡོངས་རྫོགས་དང་། བསྙེན་པ་བྱ། མཐར་འགུག་གཞུག་༣ དང་། མ་དག་མ། རྟགས་བསྟོད་གཉིས་བཏོན་ལ་ཐུན་གྲོལ། གུང་ཐུན་ལ་གསོལ་ཀ་རྣམས་དང་བསྐང་བ་རྒྱས་བསྡུས་བཅས་སྔར་བཞིན། བསྙེན་པ་དང་མཐར་འགུག་གཞུག ༣ །དེ་ནས་རྒྱ་མཚོ་གླིང་མ་སོགས་ལས་འགྲིགས་ཀྱི་དྲག་བསྐུལ་རྣམས་དང་། གསོན་ཅིག་མ་དང་། འདས་བྱོན་མ་ཡབ་ཡུམ་བསྐུལ་བྱས་ལ་ཐུན་གྲོལ། དགོང་ཐུན་ལ་མཚལ་མ་བསྡུས་པ་ཉིན་ལྟར་གྱི་བསྙེན་པ་དང་། མཐར་འགུག་གཞུག ༣ །གང་ཞིག་མ། ཕོ་བྲང་མཁའ་སྤྱོད། རཀྵ་ས་ཡབ་ཡུམ་བསྐུལ་དང་། ཉི་མ་ནུབ་ཕྱོགས་ཀྱི་ཛ་བརྡུང་སྐབས། ཐུན་གཏོར་སྔོན་འབུལ་རྣམས་ཕྱོགས་གཅིག་ཕྱིར་འབུལ་དགོས། གར་ཟློག་ལ་


SPN003_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གཞུང་བཞིན། དངོས་གྲུབ་ལེན་ཆོག་དང་བཀྲ་ཤིས་བཅས། དེ་ནས། ཕག་མོའི་ཚོགས་བྱིན་རླབས་བཏོན་ལ་བླ་མ་ཡི་དམ་སྤྱན་འདྲེན་གཞུང་ལྟར་དང་། རིགས་ལྔ་མཁའ་འགྲོ་བསྡུ་ཚིག་བྱེད། དེ་ཕྱིན་དཀྱུས་ལྟར་ཚོགས་ཕུད་འབུལ། ཚོགས་རོལ་དང་ཞབས་བརྟན་འདོན། ལྷག་མ་དང་རྗེས་ཆོག་བཀྲ་ཤིས་སོགས་མཐའ་རྒྱས་བྱའོ། །གནམ་གང་ཉིན་རྒྱུན་གྱི་འདོན་འགྲིགས་ཇི་ལྟ་བ་དང་། ཚེས་གཅིག་ལྟ་བུར་སྒྲུབ་པ་རྣམས་བརྗེ་ལེན་སྐབས་སྔ་འཚོགས་བྱ་བའི་ཐུན་བཞི་ཀ་སྦྲེལ་ནས་འདོན་པའི་བདག་སྒྲུབ་མའི་མཐར་བསྙེན་པ་དང་། སྔགས་རིང་རྣམས་དང་། དགུག་གཞུག ༣ །མ་དག་མ། འདས་བྱོན་མ་ཡབ་ཡུམ། གང་ཞིག་བླ་མ་ཕྱི་ཉིན་ལྟར་དང་། དངོས་གྲུབ་ལེན་སྔགས་བརྒྱ་རྩ་བརྒྱད། བཀྲ་ཤིས་པའི་གཟུངས། བར་ཆད་སེལ་གཟུངས་རྣམས་ཉེར་གཅིག་རེ་བཟླ། སྨོན་ལམ་བཀྲ་ཤིས་ལྷ་བསང་དང་བཅས་འགྲུབ་པར་བྱས་ནས་སྐབས་འདིར་ལྷ་རྟེན་མཆོད་རྫས་སྤྱན་གཟིགས་ལ་སོགས་ཆོས་ཁྲིམས་པས་རྩིས་སྤྲད་ལེན་ཞིབ་ཆ་ཚད་ལྡན་དགོས་རྒྱུའི་མ་ཚང་བ་འཚབ་པ་སོགས་སྲོལ་གང་ཡོད་དང་། གསར་བཞུགས་རྣམས་ཀྱིས་དགོང་ཐུན་ནས་བཟུང་


SPN003_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བསྡམ་ཞིང་། ཆ་གསུམ་བཏང་ལ་ཐོ་བསླང་། བསམ་འགྲུབ་མ་འདོན། དེ་ནས། མཚལ་མ་བསྡུས་པ་ཉིན་བཞིན་དགོང་ཐུན་དང་ཕྱོགས་མཚུངས་ལ་ཁྱད་པར་བྲག་བཙན་བསྡུས་པ་དང་། གཞན་རྣམས་དཀྱུས་ལྟར། བསྙེན་པ་དང་། འགུག་གཞུག ༣ །མ་དག་མ། གང་ཞིག་མའི་མཐར་ཐུན་གཏོར་ཕྱིར་ཕུལ། དམ་ཞིང་བསྐུལ་པ་མི་འདོན། གར་ཟློག་ལ་སོགས་གཞུང་ལྟར་བྱ། ཕྱི་ཉིན་ཐོར་ཐུན་ལ། ཚིག་བདུན་མ་དང་། བརྒྱུད་འདེབས་ཕག་མོའི་བདུད་རྩི་བྱིན་རླབས་སོགས་གོང་གསལ་བཞིན་མཐར་ཆགས་སུ་བཏོན་པས་ཁྱབ་བོ། །ཐ་སྐར་ཅན་གྱི་དབང་ཕྱོགས་ལ་དགུ་ཆུང་གི་ཚུལ་དུ་བསྟན་པའི་སྤྱི་རིམ་གཏོར་ནག་པར་བུའི་ལས་སྦྱོར་བཅའ་སྒྲུབ་སྐོར་གྱི་ཕྱག་ལེན་སོགས། ༈ རྗེ་གོང་མའི་གསུང་རྒྱུན་ཟིན་ཐོ་ཅི་ལྟ་བ་དགོས་ཤིང་། རྒྱུན་གྱི་སྤྱོད་ལམ་མཚམས་དམ་པར་བཅད་ནས་མཚམས་གཡོག་མ་གཏོགས་གཞན་འགྲོ་སྡོད་མི་ཆོག །ལྷ་མཇལ་ཡོང་མཁན་དེ་མཚུངས་དགོངས་ཞུས་འདྲ་མ་གཏོགས་འོང་མི་ཆོག་པའི་བཀའ་རྒྱ་དམ་པར་ཡོད་ཅིང་། རྣམ་ཀུན་དམ་ཚིག་བརྟན་པོའི་ངང་ནས་དཔལ་ལྡན་བླ་མ་དང་ཡེ་ཤེས་མགོན་པོ་དབྱེར་མེད་པའི་ངེས་ཤེས་འདུན་པ་ལྡན་པས་བསྟན་པ་དང་སེམས་ཅན་


SPN003_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དོན་ལ་དམིགས་པའི་བསྙེན་སྒྲུབ་ལས་གསུམ་སོགས་ལུས་དང་ངག་ཡིད་དགེ་ལ་བསྐུལ་བའི་སྒོ་ནས་བསྐྱེད་རྫོགས་ཀྱི་ཉམས་ལེན་གཙོར་བཏོན་པའི་ལྷ་བསྒོམ་སྔགས་བཟླས་གདོན་བྱའི་གོ་རིམ་རྣམས་དང་། ཌཱ་དྲིལ། རོལ་མོ་རྔ་ཚིག། རྐང་གླིང་བཏང་ལགས། གཏོར་མ་དང་མཆོད་པ་རྣམས་བཤམ་བཀོད་གསོ་བྲན་འབུལ་བ་ལ་སོགས་ཕྱག་ལེན་མཐོང་བ་བརྒྱུད་པའི་ཞལ་རྒྱུན་ཇི་བཞིན་ལྷག་ཆད་མེད་པ་ཞིག་གིས་རང་བཟོ་བྱུང་རྒྱལ་དུ་མ་སོང་བ་དང་། བག་མེད་ཀྱི་ཆང་རག་བཏུང་བ་སོགས་མདོར་ན་སྤྱོད་ལམ་རྩིང་ཧྲལ་དབང་གིས་གཉིད་དང་ལེ་ལོ་ལ་སོགས་ཉོན་མོངས་རགས་པ་རྣམས་སྤང་བ་གལ་ཆེ་ཞིང་། ཚུལ་དང་མི་ལྡན་པའི་ལོག་པར་ལྟ་བའི་གནས་སུ་འགྱུར་སྲིད་ན། ཡེ་ཤེས་པའི་ལྷ་ལ་འཛིན་རྟོག་མི་མངའ་ཡང་། ལས་དང་འཇིག་རྟེན་སྲུང་མ་རྣམས་ཀྱིས་ལེགས་ཉེས་སྟང་འཛིན་དམ་ཚིག་རྗེས་གཅོད་བཀའ་ཡི་ཆད་པ་འབེབས་ཤིང་། ལས་འབྲས་བླང་དོར་བསླུ་མེད་ཀྱིས་མནར་མེད་གནས་སུ་ལྟུང་བར་འགྱུར་བས་དེས་ན་བག་ཡོད་པའི་རྣལ་འབྱོར་ལ་བརྩོན་པར་བྱའོ། །སྔར་རྒྱུན་སྒྲུབ་པ་གསུམ་དང་། ཤིང་སྤྲེལ་ལོར་གསར་བཞག་གཅིག་གི་ཕོགས་ཆས་རྟེན་ས་ཞིང་དང་། ཁྱད་པར་མགོན་པོའི་བསྙེན་འཁོར་བཅས་གཟིམས་དཔོན་བདེར་གཤེགས་པས་ཇི་སྲིད་བརྟན་


SPN003_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞག་པའི་དགེ་དེས་རྒྱལ་བསྟན་དར་ཞིང་བསྟན་འཛིན་མཆོག་རྣམས་ཞབས་པད་བརྟན་པ་དང་། དགེ་འདུན་གྱི་སྡེ་རྒྱས་ཞིང་ལྷག་པར་དེ་ཉིད་ས་དང་ལམ་གྱི་ཡེ་ཤེས་ཡོན་ཏན་མཐའ་དག་ཡོངས་སུ་རྫོགས་ནས་ཀུན་བཟང་འོད་མི་འགྱུར་དང་དབྱེར་མེད་མངོན་བྱང་ཆུབ་ཅིང་། མ་གྱུར་འགྲོ་རྣམས་རྫོགས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་དུ་ཡོངས་སུ་བསྔོ་བས་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་སི་ཏུ་པདྨ་ཉིན་བྱེད་དབང་པོས་ས་སྐྱོང་ཞེས་པ་ཤིང་བྱ་ཟླ་བ་གཅིག་པའི་ཚེས་བཅོ་ལྔ་ལ་བཀོད་པ་སརྦ་མངྒ་ལཾ། །

བོད་དང་བོད་ཆེན་ལྗོངས་རྣམས་སུ། །བསྟན་དང་བསྟན་འཛིན་མཆོག་རྣམས་ལ། །བསྙེན་བཀུར་མཆོད་སྤྲིན་འབུལ་བའི་ཐོ། །པུཎྜ་རཱི་ཀའི་ཕྲེང་འདིར་གསལ།

སྐྱབས་མཆོག་རྒྱལ་དབང་རིན་པོ་ཆེའི་ཞབས་དྲུང་དུ་ཕུལ་བ།


SPN003_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

བོད་དང་བོད་ཆེན་ལྗོངས་རྣམས་སུ། །བསྟན་དང་བསྟན་འཛིན་མཆོག་རྣམས་ལ། །བསྙེན་བཀུར་མཆོད་སྤྲིན་འབུལ་བའི་ཐོ། །པུཎྜ་རཱི་ཀའི་ཕྲེང་འདིར་གསལ། །


SPN003_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཨངྒི་ར་ཞེས་ཆུ་སྤྲེལ་ལོར། །བོད་ཡུལ་དབུས་གྱི་རྒྱལ་རྣམས་ལ། །དངོས་འབུལ་ཐོ་ཡིག་ཚིགས་བཅད་ཕྲེང་། །བཀོད་རྣམས་འདི་ན་གསལ་བར་བྱ། །དེ་ཡང་དང་པོ་སྐྱབས་མཆོག་རྒྱལ་དབང་རིན་པོ་ཆེའི་ཞབས་དྲུང་དུ་ཕུལ་བ་ནི། ༀ་སྭ་སྟི་ཛ་ཡནྟུ། མཐའ་ཡས་སྲིད་པར་ཕྲིན་ལས་རྒྱ་མཚོ་ཡི། །ཐུགས་རྗེ་ཆེན་པོའི་རླབས་ཕྲེང་གཡོ་བ་ཅན། །མི་བཟད་སྙིང་རྗེའི་རྣམ་པར་འཕྲུལ་པ་ལས། །ཚར་དུ་དངར་བ་རིམ་བྱོན་མུ་ཏིག་ཕྲེང་། །མཆོག་གི་དཔལ་ལྡན་རྡོ་རྗེ་ཅན་དངོས་ཆེ། །དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་འཁོར་ལོའི་མགོན། །གང་དེའི་ཞབས་པད་རྡོ་རྗེ་གཡུང་དྲུང་དང་། །སེང་གེས་བཏེགས་པའི་ཁྲི་འཕང་ལྷར་བཅས་པ། །ཆེ་དགུའི་གཙུག་གི་


SPN003_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུས་མངོན་བཏུད་པའི། །བསྔགས་འོས་ཕྱག་བྱར་གྱུར་པ་གང་དྲུང་དུ། །ཕུན་སུམ་ཚོགས་པའི་རབ་དགེའི་དུས་ཀྱི་ཆར། །གུས་པས་ཡིད་ཀྱི་དང་བ་བསྐྱེད་བཞིན་དུ། །ལུས་ཀྱི་གནས་ལྔ་ས་ལ་རེག་ནས་སུ། །ངག་གི་སྡེབ་ལེགས་ལྷ་ཡི་རོལ་མོ་བཀྲོལ། །ཀ་མ་ལ་ཡི་ཆར་ཆེན་ཕྱོགས་ཀུན་ཏུ། །འཐོར་བར་བྱས་ནས་མགོན་པོ་ཁྱོད་ཉིད་ཀྱི། །གསང་གསུམ་རྣམ་ཐར་རིག་པའི་ཨཱ་དཪྴ། །གསལ་བར་བཀོད་ནས་ཤིས་པའི་ཚིག་གི་ཕྲེང་། ཏམྦུ་ར་ཡི་རྒྱུད་ཀྱི་བསྟོད་པ་ནི། །དེང་ཡང་འབྱམས་ཀླས་བསྐལ་པའི་གོང་རོལ་ནས། །སྟོབས་བཅུ་མངའ་བ་རྣམས་ལས་ཆེས་ལྷག་པའི། །བདེ་བར་གཤེགས་པའི་བརྩེ་ཆེན་ཡེ་ཤེས་ངང་། །


SPN003_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་བྱང་ཆུབ་ཉིད་ནའང་གཞན་སྣང་ངོར། །ཡལ་བར་འདོར་མེད་ཆོས་དབྱིངས་ཀློང་ཡངས་སུ། །བྱམས་པའི་ཤུགས་ཀྱིས་བསྐུལ་བའི་ཁྱུང་སྔོན་སྐྱེས། །ལེགས་བྱས་བྱེ་བའི་བསོད་ནམས་འོད་རིས་ཀྱིས། །དྲངས་ནས་ཤར་རིའི་རྩེ་ལས་ཉིན་མོར་བྱེད། །ཇི་བཞིན་རྫུ་འཕྲུལ་རྟ་བདུན་ཤིང་རྟ་ཡིས། །བཏེགས་ནས་ཛམ་གླིང་སྐྱེ་དགུའི་མཆོད་སྡོང་དུ། །གཟུགས་སྐུའི་དཀྱིལ་འཁོར་ཆ་རྫོགས་ལྷམ་མེ་བ། །ངེས་གསང་རིང་ལུགས་ཡོངས་རྫོགས་འཛིན་པའི་བདག །མ་འདྲིས་ཡིད་ཅན་གདུལ་བྱའི་སྐྱེད་མོས་ཚལ། །ཕན་བདེའི་འདབ་སྟོང་གྲོལ་བའི་གཉེན་གཅིག་པུ། །མ་སྨད་རྣམ་དཔྱོད་ཕྲིན་ལས་འཇུག་པ་གང་། །གཞན་དྲིང་མི་འཇོག་རྒྱལ་རྣམས་འགྲོ་ཕན་གྱི། །ཚུལ་ལ་བསྙེལ་བ་མེད་བཞིན་གང་འདིར་ཡང་། །རྡོ་རྗེའི་སྐུ་ནི་མཚན་དཔེའི་དཔལ་འབར་བ། །མཐོང་ཐོས་དྲན་ཙམ་བདེ་བ་ཆེ་ཐོབ་པ། །བླ་མེད་འཕགས་པའི་ཚོགས་ཀྱི་བྱིན་བསྡུས་ལས། །ལྷག་པའི་གཏེར་ཆེན་གང་ཁྱོད་ལས་གཞན་སུ། །རྡོ་རྗེའི་གསུང་ནི་ཡན་ལག་དྲུག་ཅུར་ལྡན། །འགགས་མེད་དབྱངས་ཀྱི་གྲག་སྟོང་སེང་གེའི་སྒྲ། །ལུང་དང་རིགས་པའི་ང་རོས་རྒོལ་ངན་རྣམས། །མཐར་བྱེད་ངག་གི་དབང་ཕྱུག་གང་ལས་ཅི། །རྡོ་རྗེའི་ཐུགས་ནི་མི་གཡོ་གསུམ་ལྡན་ངང་། །ཟབ་ཞི་སྤྲོས་བྲལ་ཏིང་འཛིན་ཕྲག་


SPN003_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཡི། །ཡོན་ཏན་མ་འདྲེས་སོ་སོར་གསལ་སྟོན་པའི། །དུས་གསུམ་ཀུན་མཁྱེན་གཟིགས་པ་ཉིད་ལས་གང་། །དེ་ལྟའི་དཔག་པར་དཀའ་བའི་ཡ་མཚན་གྱིས། །ཕྱུར་བུར་གཏམས་པ་དགོས་འབྱུང་དབང་རྒྱལ་བཞིན། །ལྷ་དབང་རལ་པའི་ཟུར་ཕུད་རྩེ་མོས་མཆོད། །གསེར་མངལ་ཅན་དང་འཇིག་རྟེན་སྐྱོང་བ་ཡི། །གྲགས་ལྡན་ཆེན་པོར་གྱུར་པ་རྣམས་ཀྱིས་ཀྱང་། །ཁེངས་པ་བསྐྱུངས་ནས་མགོན་ཁྱོད་ཞབས་པདྨོ། །གེ་སར་རྒྱས་པའི་ངོགས་སུ་བསྙེན་བྱས་ནས། །དམ་པའི་བདུད་རྩིའི་ཞོ་ཤས་འཚོ་བཞིན་པར། །དཀར་པོའི་ཕྱོགས་ཀུན་རྒྱལ་བའི་བ་དན་བསྒྲེངས ། །དེ་མཐུའི་དཔལ་ལས་སྲིད་ཞིའི་དགེ་མཚན་ནི། །རྟག་པར་ནོངས་མེད་རྒྱལ་ཁམས་རྫོགས་ལྡན་དུས། །དང་པོར་སྤྱོད་པ་ཇི་ལྟའི་བསོད་ནམས་གང་། །མི་བཟད་གཏེར་ཆེན་བུམ་པ་བཟང་པོ་ལྟར། །འདི་ཀྭ་གང་གི་ཐུགས་རྗེའི་ཆ་ཤས་ཀྱི། །འཕྲུལ་ལས་གྲུབ་པ་དེ་ལས་གཞན་སུ་ཞིག །དེས་ན་འགྲོ་བའི་བླ་མ་ཁྱོད་ཁོ་ན། །བསེ་རུ་ལྟ་བུར་ངེས་པའི་གང་འདིར་ཡང་། །བདག་སོགས་ཚོགས་གཉིས་མ་ལུས་རྫོགས་སླད་དུ། །དད་གསུམ་བློ་ཡིས་གསོལ་གདབ་ལས་བྱུང་བའི། །མཐོང་དང་ཐོས་དང་དྲན་ཙམ་གྲོལ་བ་ཡི། །རྫུ་འཕྲུལ་བཀོད་པའི་རང་གཟུགས་ལས་གྲུབ་པའི། །རང་རྟགས་


SPN003_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྐྱོད་རིགས་ཀྱི་ཅོད་པན་ཅན། །ལྟ་བས་མི་ངོམས་བྱིན་གཟི་རབ་འབར་བ། །ཐོད་དུ་བཅིངས་ནས་གདུལ་བྱ་སྐལ་ལྡན་རྣམས། །འབྲེལ་ཚད་ཡང་དག་ལམ་ལ་དཀྲི་བ་ཡི། །རིང་ནས་སྔོན་གོམས་ཐུགས་བསྐྱེད་དམ་བཅའི་ཁུར། །ཟབ་མོ་རྗེས་སུ་དགོངས་པའི་བྱང་ཆུབ་ཆེའི། །གོ་འཕང་བདེ་བླག་སྟོན་ཕྱིར་བདེན་པའི་ཚིག །རྡོ་རྗེའི་གསུང་གི་བརྗོད་དང་ལྷན་ཅིག་ངང་། །བྱམས་ཆེན་དབྱིངས་ནས་བརྩེ་བཞེས་སྲིད་པའི་འགྲོ། །ཡལ་བར་འདོར་མེད་འཁོར་བའི་ཆུ་བོ་ལས། །བརྒལ་དཀའི་ངན་སོང་དུཿཁས་གཙེས་པ་དག །གང་གི་ཐུགས་རྗེའི་གྲུ་གཟིངས་ལ་བརྟེན་ནས། །མྱང་འདས་ཐར་པའི་གྲོང་ཁྱེར་ཉམས་དགའ་བར། །འཇུག་པའི་ཕྲིན་ལས་ནམ་མཁའི་ཁམས་སུ་ཡང་། །ཤོང་བར་དཀའ་བའི་རང་བཞིན་ལས་འདས་ཀྱང་། །མོས་པའི་བློ་ཡིས་ཡར་གཞལ་མ་ཡིན་པར། །མངོན་སུམ་ཚད་མས་གྲུབ་འདི་ངོ་མཚར་ཕུལ། །བཀའ་དྲིན་འཁོར་མཐའ་བྲལ་བའི་ཚད་བཟུང་བ། །ཆུ་ལྷས་ལྕེ་བརྒྱ་བསྐྱོད་ཀྱང་བརྗོད་མི་ནུས། །དེས་ན་བདག་ལྟ་སོ་སྐྱེས་ལྟ་ཅི་སྨོས། །འོན་ཀྱང་ས་མུ་དྲ་ལས་ཉར་མ་ཙམ། །གུས་པས་ཀུ་ཤའི་རྩེ་མོས་འཐོར་བ་འདིའི། །ལེགས་བྱས་དགེ་མཚན་བསོད་ནམས་དཔལ་ཐོབ་སྙམ། །དེང་འདིར་རྒྱལ་བའི་ཞལ་ལྟ་ཆོས་མཉན་ཕྱིར། །


SPN003_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

གཏང་རག་དངོས་པོའི་བདོག་པ་པད་སྣལ་ལྟར། །ཕྲ་ཡང་ལྷག་བསམ་དག་པས་ཀུན་བསླངས་ནས། །རྒྱ་མཚོའི་གོས་ཅན་དོག་པར་བྱེད་ནུས་པའི། །ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་པ་ཡིས། །རབ་འབྱམས་མཐའ་ཡས་ཞིང་རྣམས་མ་ལུས་པར། །མཎྜལ་གཅིག་ཏུ་བསྡུས་ནས་འབུལ་ལགས་ན། །བརྩེ་བས་དགོངས་ཏེ་དགྱེས་པར་བཞེས་སུ་གསོལ། །ཞེས་ཚིགས་སུ་བཅད་པའི་ཆེད་དུ་བརྗོད་པས་མདུན་བདར་བར་བྱས་ནས། དེ་ཡང་གནས་ཕུན་སུམ་ཚོགས་པ་འོག་མིན་དཔལ་གྱི་མཚུར་ཕུའི་གནྡྷོ་ལའི་གཞལ་མེད་ཁང་མ་བཞེངས་ལྷུན་གྱིས་གྲུབ་པ་ལྟ་བུ་འདིར། དུས་ཕུན་སུམ་ཚོགས་པ་རྟ་ལྡན་མ་ཉ་བའི་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་དང་ཉེ་བར་ཨཽ་ཌི་ཡ་ནའི་ཨ་ཙཱཪྱའི་དུས་བཟང་པོར་དཀར་ཕྱོགས་ཀྱི་ཡར་ཚེས་བཅུ་ལ། སྟོན་པ་ཕུན་སུམ་ཚོགས་པ་གྲུ་འཛིན་བདག་པོའི་ཕྲེང་བ་རིམ་པར་བྱོན་པ་ལས་བཅུ་བཞི་པ། མཚན་བརྗོད་པར་དཀའ་བ་ཐེག་པ་མཆོག་གི་རྡོ་རྗེ་འཆང་ཆེན་པོ་འཚོ་ཞིང་གཞེས་པ་ལ། འཁོར་ཕུན་སུམ་ཚོགས་པ་ཚེ་རབས་ནས་རྗེས་སུ་འབྲེལ་བའི་སྔོན་སྨོན་ལས་འཕྲོ་དང་ལྡན་པའི་གནས་བརྟན་དགེ་འདུན་གྱི་ཚོགས་དང་མཆོག་དམན་བར་མའི་སྐྱེ་བོ་སྣ་ཚོགས་ཀྱི་དབུས་སུ། ཆོས་ཕུན་སུམ་ཚོགས་པ་མཐོང་བ་ཙམ་


SPN003_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲོལ་བར་འགྱུར་བའི་ཕྱག་རྒྱ་ཆེན་པོའི་གནས་ལུགས་རྗེན་པར་འཆར་ནུས་པའི་བྱིན་རླབས་ཀྱི་གཟི་འོད་དང་ལྡན་པ། མཐོན་མཐིང་གནམ་སྔོན་ཞུན་མའི་ངོས་ལ། རབ་གསལ་ཉིན་མོར་བྱེད་པའི་འོད་མདངས་ཀྱིས་བརྒྱན་པ་ལྟ་བུའི། དབུ་ཞྭ་རིན་པོ་ཆེ་དབུ་ལ་བཞེས་ནས་འབྲེལ་ཚད་ཡང་དག་པའི་ལམ་ལ་བཀོད་པར་མཛད་ནས། སེམས་ཅན་དབུགས་མ་དབྱུང་བ་རྣམས་དབུགས་འབྱིན་པ་དང་། མ་བརྒལ་བ་རྣམས་བརྒལ་བ་དང་། མ་གྲོལ་བ་རྣམས་གྲོལ་བའི་གོ་འཕང་ལ་འགོད་པའི་སྙིང་རྗེ་ཆེན་པོས་ཉེ་བར་ཁྱབ་པར་གནང་བའི་བཀའ་དྲིན་གཏང་རག་གི་ཡོན་དུ་དངོས་པོའི་ཡོ་བྱད་ཆུ་ཐིགས་ཙམ་སྟོབ་པའི་ཐོ་གསལ་དུ་བཀོད་པ་ལ། ཐོག་མར་བཀྲ་ཤིས་པའི་ལྷའི་རེག་བྱ་གངས་རིའི་མདངས་ཅན་སྲིད་ན་རིང་བ་ཕོན་ཚར་མ་ཉམས་པ། སྐུ་རྟེན་ཤཱཀྱའི་རྒྱལ་པོའི་གསེར་སྐུ། གསུང་རྟེན་ཚེ་མདོ། ཐུགས་རྟེན་བཀའ་གདམས་མཆོད་རྟེན། གདན་དཀར་རྡོ་རྗེའི་རེ་ཁཱ་བཀྲ་བ། རྡོར་དྲིལ། རྒྱ་སྦུབ་སྤུས་ལེགས། གོས་ཆེན་ཅོད་ལྡན་སྒྲིལ་ཁ། ཡང་གོས་ཆེན་སིའུ་སྦུ་ཅན་སྒྲིལ། ཞབས་ཆག་ཆ། ཚན་དང་པོར་ལྷ་རྫས། གོས་དམར་སྨུག་ཡུག་བཅས་དགུ་ཚན། ཚན་གཉིས་པར་ལྷ་རྫས། གོས་སེར་སྨུག་ཡུག་བཅས་དགུ་ཚན། ཚན་གསུམ་པར་ལྷ་རྫས། གོས་སྨྱུག་


SPN003_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཡུག་བཅས་དགུ་ཚན། ཚན་བཞི་པར་ལྷ་རྫས། གོས་སེར་ཡུག་བཅས་བདུན་ཚན། ཚན་ལྔ་པར་ལྷ་རྫས། གོས་སྔོན་ཡུག་བཅས་བདུན་ཚན། ཚན་དྲུག་པར་ལྷ་རྫས། འགའ་ཁྲ་ཡུག་བཅས་བདུན་ཚན། ཚན་བདུན་པ་ལྷ་རྫས། སྲང་ལེ་བཅས་ལྔ་ཚན། ཆིབས་བཀྲ་ཤིས་དུང་དར། ཡང་ཆིབས་སྔོ་སྐྱ། ཆིབས་ཧྲོལ་གཉིས། དཀྱུས་རྟ་བཅུ་གསུམ། དྲེའུ་གསུམ། མཛོ་བཅུ། ཁལ་བཅོ་ལྔ། ཇ་ཆུང་འཇུ་འཁོར་དྲུག་ཅུ། ཀོ་རྩེ་འཁོར་དྲུག་བཅོ་ལྔ། དངུལ་སྲང་བརྒྱ་དང་ལྔ་བཅུ། མཐའ་དཀར་ཀ་ཅི་ཡུག་བཅས་ཁྱོན་བརྒྱ་ཕྲག་གཉིས་དང་ཡོན་ཏན་ནོར་ལྷའི་གྲངས་ལྡན་བཅས་འབུལ་ལམ་ཞུ། སླར་ཡང་གསོལ་བ། གདོད་ནས་ལྷུན་གྲུབ་ཆོས་དབྱིངས་ཡེ་ཤེས་ལས། །ཡོངས་གྲུབ་བདེ་ཆེན་སྒྱུ་འཕྲུལ་རྡོ་རྗེའི་གར། །སྤྲུལ་པའི་རྣམ་རོལ་གཟུགས་ཀྱི་སྐུར་སྣང་བ། །ཞིང་འདིར་གདུལ་བྱའི་མགོན་དུ་བསྐལ་པའི་བར། །སྟེང་ཕྱོགས་ཡོན་ཏན་དཔག་མེད་མགོན་པོ་བཞིན། །མི་འགྱུར་རྡོ་རྗེ་ཆོས་བདུན་ངོ་བོ་རུ། །ནམ་མཁའ་ཇི་སྲིད་གནས་དང་དེ་སྲིད་ཀྱི། །བར་དུ་རྡོ་རྗེའི་ཁྲི་ལ་རྟག་བཞུགས་ནས། །སྨིན་གྲོལ་དམ་ཆོས་བདུད་རྩིའི་དགའ་སྟོན་གྱིས། །འགྲོ་མང་ཐེག་པ་མཆོག་ལ་བསྒྱུར་བ་ཡི། །ཕྲིན་


SPN003_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཁྱབ་དང་རྟག་པའི་བདག་ཉིད་ཀྱིས། །སྲིད་ཞིའི་འཆིང་བ་ཀུན་ལས་བསྒྲལ་དུ་གསོལ། །བཀྲ་ཤིས་གང་ཞིག་ཚད་མེད་བྱམས་པའི་ཐུགས་རྗེའི་མཁའ་དབྱིངས་ལས། །ཡོངས་ཤར་རྒྱལ་བའི་དཀྱིལ་འཁོར་རྟ་བདུན་དབང་པོའི་འོད་སྟོང་ཅན། །ཕྲིན་ལས་རྣམ་བཞིའི་གཟི་འབར་རྒྱ་མཚོའི་གོས་ཅན་ཡོངས་ཁྱབ་པའི། །བཀྲ་ཤིས་དེས་ཀྱང་ངེས་གསང་རིང་ལུགས་པད་ཚལ་བཞད་གྱུར་ཅིག །བཀྲ་ཤིས་གང་ཞིག་འདུས་མ་བྱས་པའི་རང་གདངས་རྩལ་འཁྲུངས་པའི། །ཞི་དང་ཁྲོ་ཚོགས་དག་པ་རབ་འབྱམས་སྐུར་སྟོན་ལྷ་ཡི་ལྷ། །དངོས་གྲུབ་རྣམ་གཉིས་འདོད་འཇོ་ཀ་ན་ཀ་ཡི་རྩིབས་སྟོང་ལྡན། །བཀྲ་ཤིས་དེས་ཀྱང་གླིང་བཞིར་དབང་བསྒྱུར་སྐྱེ་དགུ་བདེ་གྱུར་ཅིག །བཀྲ་ཤིས་གང་ཞིག་ཞི་ལས་མ་གཡོས་མངོན་སྤྱོད་རོལ་པ་ཆེའི། །བདུད་དགྲ་མཐར་བྱེད་དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ་བ་པོ། །ཆོས་འཁོར་སྐྱོང་ལ་གཡེལ་བ་མེད་པའི་མཐུ་ལྡན་མེལ་ཚེ་ཅན། །བཀྲ་ཤིས་དེས་ཀྱང་ཕྱོགས་རྣམས་ཀུན་ལས་རྣམ་པར་རྒྱལ་གྱུར་ཅིག །ཛ་ཡ་ཛ་ཡ། སུ་ཛ་ཡ། སརྦ་མངྒ་ལམ། །

གུས་ཕྲན་བླ་མ་གར་དབང་པས་དངོས་འབུལ་མཎྜལ་མཚོན་བྱེད་ཀྱི་ཐོ་ཆུང་།


SPN003_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

གུས་ཕྲན་བླ་མ་གར་དབང་པས་དངོས་འབུལ་མཎྜལ་མཚོན་བྱེད་ཀྱི་ཐོ་ཆུང་། ༀ་སྭ་སྟི། རྒྱལ་དང་རྒྱལ་བའི་ཡེ་ཤེས་ཀྱི། །མི་བཟད་རྒྱན་གྱི་འཁོར་ལོ་


SPN003_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི། །བདག་ཉིད་ཆེན་པོ་རིགས་ཀུན་གྱི། །ཁྱབ་བདག་དང་པོའི་རྡོ་རྗེ་འཆང་། །གང་གི་ཞབས་པད་འཆར་ཀའི་འོད། །དྲི་བྲལ་ཆུ་འཛིན་ལྡན་དེའི་དྲུང་། །རབ་གུས་སྒོ་གསུམ་འདུད་པ་བཅས། །ལག་པད་ཚངས་གནས་བཟླུམས་བྱས་ནས། །མཆོག་གི་ཡོན་ཏན་རྒྱ་མཚོ་ལས། །དད་པས་ཀུན་བླངས་འདི་སྐད་གསོལ། །སྨོན་ལམ་ཟབ་མོའི་ལེགས་བྱས་འཕྲུལ། །རྟེན་ཅིང་འབྲེལ་བའི་དུས་ཀྱི་ཆར། །ཆོས་དབྱིངས་རྟག་བརྟན་འདུས་མ་བྱས། །ཡོངས་གྲུབ་ཀུན་བཟང་ཀློང་ཡངས་པོར། །གདོད་ནས་བདེ་བར་གཤེགས་རྣམས་ལས། །ཡེ་སངས་རྒྱས་པ་ཟིན་ན་ཡང་། །སྲིད་པའི་འཁོར་བ་གནས་ཀྱི་བར། །ཐུགས་རྗེའི་ལྷ་ལམ་ཁྱོན་ཡངས་ནས། །སེམས་ཅན་ཕྲ་མོའི་ཕྱིར་ཡང་ནི། །བསྐལ་པར་བསྙེལ་མེད་ཕྲིན་ལས་ཀྱི། །ཀ་རུ་ཎི་ཀའི་རང་མདངས་ལས། །འཁྲུངས་པའི་ནོར་བུ་པདྨ་ཅན། །གང་གི་རྣམ་རོལ་ཆུ་ཟླའི་གར། །མི་མཇེད་འཇིག་རྟེན་བྱེ་བ་བརྒྱར། །མཐའ་ཀླས་སྤྲུལ་པའི་ཙནྡྲ་གསལ། །གདུལ་བྱའི་ཁམས་དབང་སྣ་ཚོགས་ངོར། །མོས་པའི་སྟོབས་ཀྱི་བསོད་ནམས་ཞིང་། །ཛམྦུ་བྲྀཀྵས་མཚན་པའི་གླིང་། །བྱང་ཕྱོགས་བསིལ་ལྡན་བྷོ་ཊའི་ལྗོངས། །དེང་འདིར་གདུལ་བྱའི་


SPN003_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

བགོ་སྐལ་དུ། །ལྷ་རྣམས་ཀུན་གྱི་ལྷར་གྱུར་བཞིན། །རྡོ་རྗེ་གསུམ་ལྡན་སྐུའི་དཀྱིལ་འཁོར་། །རི་བོང་འཛིན་པའི་ཆ་གང་བ། །ཕྲིན་ལས་འོད་དཀར་ཟེར་ཕྲེང་གིས། །མཉམ་མེད་ཤཱཀྱའི་རིང་ལུགས་གང་། །སྡེ་སྣོད་གསུམ་གྱི་ཀུ་མུཏ་ཚལ། །གཅིག་ཆར་འཛུམ་པའི་གཉེན་དམ་པ། །བསྟན་འཛིན་རྒྱུ་སྐར་ཕྲེང་བའི་དབུས། །ཁྱོད་ཀྱི་རྣམ་དཔྱོད་ཆུ་ཤེལ་དབང་། །བསྒྲུན་དུ་མེད་པའི་རང་བཞིན་ཅན། །བདག་སོགས་གདུལ་བྱའི་མོས་པའི་མཁའ། །དང་བའི་ངོགས་སུ་མངོན་སུམ་ཉིད། །མཐོང་ཙམ་མོད་ལ་གྲོལ་ནུས་པའི། །ཐུགས་རྗེའི་སྣང་བྱེད་བསྐུལ་བ་ལས། །ཅོད་པན་མཐོན་ཀའི་མདངས་འཚེར་བ། །ཌཱ་ཀིའི་དབང་ཞུ་འཆིང་ནས་སུ། །འབྲེལ་དང་འབྲེལ་པར་གྱུར་པ་རྣམས། །ཕྱམ་གཅིག་བདེ་ཆེན་ལམ་བཀོད་པའི། །ཕུལ་བྱུང་ཐུགས་བསྐྱེད་རྒྱ་ཆེན་པོ། །གང་གི་བཀའ་དྲིན་བརྗོད་འདས་ཀྱང་། །དངོས་འབྱོར་རྔོ་མ་ཐོགས་ནའང་། །འོན་ཀྱང་དུས་གསུམ་བསགས་ཡོད་ཀྱི། །དགེ་ཚོགས་གཅིག་ཏུ་བཟླུམས་བྱས་ནས། །ཀུན་བཟང་མཆོད་པའི་སྤྲིན་ཕུང་དུ། །དམིགས་ནས་འབུལ་གྱི་བརྩེ་ཆེན་གྱིས། །དགོངས་པའི་ཀློང་ནས་བཞེས་སུ་གསོལ། །ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་


SPN003_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཎྜལ་དངོས་པོའི་རྟེན་འབྱུང་དུ་བསྟར་བའི་ཐོག་མར་བཀྲ་ཤིས་པའི་ལྷ་རྫས་རབ་དཀར་མངྒའི་རེ་ཁཱ་བཀྲ་བ། སྐུ་རྟེན་ཨཱཪྱ་ཏཱ་རེའི་ཞལ་ཐང་། གསུང་རྟེན་ཚེ་མདོ་གཟུངས། ཐུགས་རྟེན་བཀའ་གདམས་མཆོད་རྟེན། གདན་དཀར་རྡོ་རྗེ་དང་གཡུང་དྲུང་གི་རི་མོས་མཚན་པ། དར་དཀར་ཡུག །ལིང་ཡུག །ཟམ་ཡུག་གཉིས། གཡི་ལྤགས། གཟིག་ལྤགས། རོལ་མོ། དཔའ་དམ། དངུལ་སྲང་ཉེར་ལྔ། མཛོ་གསུམ། མཛོ་མོ་གཉིས། ཁལ་བཞི། སྒ་སྟན་ཆ་ལྔ། ཆུ་འཇུག་འཁོར་དྲུག་ཅུ། མར་ལྟང་གཉིས། རྟ་ཆིབས་ཆེན། ཆིབས་རོལ། དཀྱུས་རྟ། དྲེའུ། མཐའ་དཀར་བཅས་ཕུལ་བ་བརྩེ་ཆེན་ཡེ་ཤེས་ཀློང་ཡངས་དམ་པར་བསྟི་བ་ཅི་ནས་མཁྱེན་མཁྱེན་མཁྱེན་ཞུ། སླར་ཡང་གསོལ་བ། དེ་ལྟར་ཚོགས་གཉིས་ཤིང་རྟའི་འཁོར་ལོ་ཡིས། །དྲངས་པའི་ལྷག་བློའི་འདུན་པ་མི་ཕྱེད་པའི། །སྟོབས་ལས་བྱུང་བའི་དགེ་རྩ་མི་བཟད་པར། །ནམ་མཁའ་མཛོད་བཞིན་ཕྱུར་བུར་འགེངས་པའི་མཐུས། །དཔལ་ལྡན་བླ་མའི་ཞབས་པད་བསྐལ་བརྒྱར་བརྟན། །ངེས་དོན་མཐར་ཐུག་དབུ་མའི་བཞེད་སྲོལ་གྱི། །བསྟན་པ་མི་ནུབ་རྒྱལ་མཚན་སྲིད་རྩེར་བསྒྲེང་། །དགེ་འདུན་སྡེ་རྒྱས་མངའ་རིས་བདེ་ལྡན་ཞིང་། །རྟག་པར་ནོངས་མེད་བཀྲ་ཤིས་ཕུན་སུམ་ཚོགས། །རྣམ་ཀུན་བསམ་དོན་ཆོས་བཞིན་ལྷུན་གྲུབ་ཤོག །སརྦ་ཛ་ག་ཏཾ་ཤུ་བྷ་མསྟུ། །

དེ་ནས་དཔལ་ལྡན་འབྲུག་པ་རྒྱལ་དབང་བརྒྱད་པའི་དྲུང་དུ་ཕུལ་པའི་ཐོ་ཡིག


SPN003_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཔལ་ལྡན་འབྲུག་པ་རྒྱལ་དབང་བརྒྱད་པའི་དྲུང་དུ་ཕུལ་པའི་ཐོ་ཡིག་ནི། ༀ་བདེ་ལེགས་སུ་གྱུར་ཅིག། རྒྱལ་དང་རྒྱལ་བའི་མི་བཟད་རྒྱན་འཁོར་ལྔའི། །བདག་ཉིད་ཆེན་པོར་ཡོངས་གྲུབ་རིགས་ཀུན་གྱི། །ཁྱབ་བདག་དཀྱིལ་འཁོར་རྒྱ་མཚོའི་མངའ་དབང་ཕྱུག །རྡོ་རྗེ་སློབ་དཔོན་མཆོག་གི་སྐུར་སྣང་བ། །ཆོས་ཀུན་ཆགས་ཐོགས་མེད་པར་མཁྱེན་ཅིང་གཟིགས། །དེ་ཕྱིར་བྱང་འཕགས་རྣམས་ཀྱིའང་སྤྱི་རྒྱན་དུ། །མཆོད་འོས་ཉིད་ན་སྲིད་ཞིའི་དཔལ་མགོན་པོར། །གདོད་ནས་ངེས་པ་གང་དེའི་ཞབས་ཆུ་སྐྱེས། །དྲི་མེད་འདབ་རྒྱས་མི་འཇིགས་སེང་གེའི་ཁྲི། །ལྷར་བཅས་གཙུག་གི་ནོར་བུས་འདེགས་པའི་དྲུང་། །རབ་གུས་དད་པའི་ལག་པད་ཟུམ་བཞིན་པར། །དང་བའི་ཡིད་ཀྱིས་གང་གི་རྣམ་པར་ཐར། །ག ནྡྷར་དཔལ་མོའི་རྒྱུད་མངས་ལ་དྲངས་ཏེ། །ངག་གི་གླིང་བུར་བསྒྱུར་ནས་འདི་སྐད་གསོལ། །དེང་ཡང་དགེ་ལེགས་རྨད་བྱུང་ངོ་མཚར་གཞི། །དཔལ་ཡོན་ཕུན་སུམ་ཚོགས་པའི་དངོས་པོ་ཀུན། །ཡོངས་འདུ་དབྱར་རྔའི་སྒྲ་ཡིས་ས་གསུམ་གནས། །


SPN003_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་མདོངས་མཐའ་ཡས་རྣམས་དགའ་བསྐྱེད་པའི། །རྫོགས་ལྡན་སྤྲིན་ཕྲེང་གསར་པ་དཀྲིགས་པ་ཡི། །དཔྱིད་ཀྱི་ལང་ཚོ་བཞད་པའི་དུས་ཀྱི་ཆར། །བརྗོད་བྲལ་དཔག་པར་དཀའ་བའི་རང་བཞིན་ཅན། །རྡུལ་སྙེད་བསྐལ་མང་གོང་ནས་གཞན་ཕན་དོན། །འདྲེན་པ་གཞན་ལས་ལྷག་པའི་སེམས་བསྐྱེད་ཀྱི། །དམ་བཅའ་ཟབ་མོའི་ཕ་རོལ་ཕྱིན་པ་ལས། །འཁོར་བ་དོང་སྤྲུགས་ཕྲིན་ལས་བསྙེལ་མེད་སླད། །མངོན་པར་རྫོགས་པ་འཚང་རྒྱ་ཟིན་མོད་ཀྱང་། །གདུལ་བྱ་རྒྱ་མཚོའི་གོས་ཅན་དོག་གྱུར་པའི། །སྙིགས་ལྔའི་འགྲོ་ལ་བརྩེ་བས་རྗེས་ཆགས་ནས། །མ་འདྲིས་དེད་དཔོན་ཉིད་དུ་དུས་གསུམ་གྱི། །བདེ་གཤེགས་ཀུན་ཀྱི་དགོངས་ཀློང་གཅིག་བསྡུས་ཕྱིར། །མི་བཟད་ཐུགས་རྗེའི་སྒྱུ་འཕྲུལ་དྲྭ་བ་ལས། །ཅིར་ཡང་འཆར་བའི་ཆུ་ཟླའི་གར་བསྒྱུར་བ། །མོས་པའི་ཡིད་མཁར་གཟུགས་སྐུ་རི་བོང་འཛིན། །བྲལ་སྨིན་ཡོན་ཏན་ཆ་གང་ཡོངས་རྫོགས་པ། །རིགས་དྲུག་དུཿཁའི་ཞུགས་ལྕེ་མཐར་བྱེད་པའི། །བྱམས་པའི་བདུད་རྩིའི་འོད་དཀར་བསིལ་སྦྱིན་ཅིང་། །ཡང་དག་ཐར་པའི་ལམ་མཆོག་གསལ་བའི་གཉེན། །འཇིག་རྟེན་གསུམ་གྱི་ཕྱག་གི་གནས་གཅིག་པུ། །རྡོ་རྗེའི་


SPN003_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མཆོག་མཚན་དཔེ་ལྷམ་མེ་བ། །མཐོང་ཙམ་གྲོལ་བས་མངོན་མཐོ་ངེས་ལེགས་ཀྱི། །སར་བཀོད་དེ་ཕྱིར་ཕྱག་ན་པདྨ་འཆང་། །དབྱེར་མེད་དོན་གྱི་ཡེ་ཤེས་རྣམ་རོལ་མཚུངས། །རྡོ་རྗེའི་གསུང་གསང་ཡན་ལག་དྲུག་ཅུར་ལྡན། །ཐོས་པས་སྲིད་འགྲོ་འཁོར་མཚོ་ན་ཀྲ་ཡི། །འཇིགས་སྐྱོབ་འཇམ་དཔལ་དཔའ་བོའི་ངང་ཚུལ་བཞིན། །ཇི་སྙེད་ཤེས་བྱ་ཐོགས་མེད་ཀུན་མཁྱེན་པ། །རྡོ་རྗེའི་ཐུགས་ནི་ཏིང་འཛིན་བརྒྱ་ཕྲག་སྟོང་། །གཅིག་ཆར་སྟོན་པའི་འཇུག་སྒོ་མཐའ་ཡས་ཕུལ། །དྲན་པའི་མོད་ལ་བདུད་བཞིའི་དཔུང་གཞོམ་པའི། །ཁྲོ་ཆེན་གསང་བདག་རྡོར་འཛིན་རྒྱལ་པོ་དངོས། །ཡོན་ཏན་རྡོ་རྗེ་རྣམ་བཞི་ལྷུན་གྲུབ་པ། །འདོད་དགུའི་གཏེར་ཆེན་བསམ་འཕེལ་བུམ་པ་བཟང་། །བསོད་ནམས་རིན་ཆེན་བྱེ་བའི་འབྱུང་གནས་མཆོག །ཚེ་འོད་དཔག་མེད་སྟོན་པ་མངོན་དུ་གྲུབ། །ཕྲིན་ལས་རྡོ་རྗེ་དོན་དམ་སྣང་ཆའི་ངོར། །རྒྱལ་ཀུན་འདུས་པའི་རང་རྩལ་ཧེ་རུ་ཀ །མཚོར་འཁྲུངས་སངས་རྒྱས་པད་སྐྱེས་མི་གཉིས་པར། །གསང་སྔགས་གནས་ལ་སྒྲིབ་མེད་སྤྱན་ལྔ་ལྡན། །སྔོན་ཚེ་བྱང་ཆུབ་སྦྱངས་ཡོན་འབྲས་སྨིན་སྟོབས། །རྟེན་འབྱུང་དུས་ཀྱིས་བསྐྱེད་པའི་བསྐལ་བཟང་འདིར། །འཕགས་ཡུལ་གྲུབ་གཙོ་ཡོངས་


SPN003_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ས་བརྟོལ་ལྗོན། །ཇི་བཞིན་པཎ་ཆེན་ནཱ་རོ་ཏ་པའི་ཞབས། །བསྟན་པ་ཡོངས་རྫོགས་ལོ་འདབ་ཕྱོགས་བཅུར་རྒྱས། །ལུང་རིགས་མན་ངག་མེ་ཏོག་རྣམ་པར་བཀྲ། །ཕྱི་རོལ་རྒོལ་ངན་སྦྲང་རྩིའི་བརྟུལ་ཞུགས་ཅན། །ཀུན་ཀྱང་དྷརྨའི་ཟིལ་མངར་བཅུད་ལ་འདུ། །མགོན་དེའི་བཞེད་གཞུང་ཚངས་པའི་རལ་ཀླུང་ཆེ། །རྣམ་དཔྱོད་ཧུབ་ཀྱིས་བཏུང་བའི་ལོ་ཙཱ་བ། །དྲང་སྲོང་ཛཧྣུ་ལས་བྱུང་གདམས་པའི་ཕྲེང་། །གསུང་རབ་ནོར་བུའི་འདྲེན་བྱེད་རྦ་རླབས་གཡོ། །གང་ཞིག་སྙིང་པོའི་གནས་ལུགས་རབ་དྭངས་པ། །རྙོག་བྲལ་ཇི་བཞིན་འདོམས་པའི་རྒྱུན་བཟང་པོས། །བུ་རམ་ཤིང་པའི་རིང་ལུགས་རྩ་བརྟན་ཕྱིར། །མདོ་རྒྱུད་ལྟ་གྲུབ་ཚད་མའི་ཆུ་བོ་རྣམས། །ཀུན་འདུས་བཀའ་བརྒྱུད་མ་དྲོས་ཀླུ་དབང་བདག །མཆོག་གཉིས་དགོས་འབྱུང་མ་ཎིར་དབང་བསྒྱུར་ནས། །མངོན་མཐོའི་ཆོས་ཀྱིས་ཕོངས་པའི་སེམས་ཅན་ལ། །རྣམ་བཞིའི་སྦྱིན་པས་གྲོལ་བའི་ལམ་རབ་སྟོན། །དེ་ལྟའི་གཞན་ཕན་སྤྱོད་པ་བགྲང་ཡས་ཤིང་། །སྣང་ཚུལ་འདིར་ཡང་སྔོན་སྨོན་མཐུ་སྟོབས་ཀྱིས། །སྟོན་འཁོར་ཐ་མི་དད་པ་ཉི་དང་འོད། །ཧ་རི་ཙནྡན་དྲི་བསུང་དུང་དང་མདོག །ཅི་བཞིན་འདུ་འབྲལ་མེད་པ་ངེས་དོན་དུ། །གྲུབ་ཀྱང་ཀུན་རྫོབ་


SPN003_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པའི་ལྷ་ལམ་ནས། །ཆུ་འཛིན་སྤྲིན་ཡིག་ཕྲེང་བྲེས་བཀའ་གསང་ཆར། །དད་པའི་ཡུལ་སར་རེག་མ་ཐག་པའི་མོད། །ཡིད་ལ་རྒྱས་གདབ་དུས་རིང་སེར་བུའི་དགྲའི། །ངལ་དུབ་རྒྱང་དོར་གང་གི་བཀའ་དྲིན་འོད། །ཅི་དགར་བླ་ན་གསལ་བ་ཁོ་ན་ཡིས། །ཉེར་འཚོའི་འབྱུང་ཁམས་ལྷག་བསམ་པད་ཚལ་གྱི། །འདབ་རྒྱས་གེ་སར་འཛུམ་པའི་གཉེན་གཅིག་པུ། །གང་སྐུའི་དཀྱིལ་འཁོར་ཉིན་བྱེད་གཟི་བྱིན་ཅན། །འགྲོ་རྒྱུད་ཉོན་མོངས་མུན་སྟུག་བྲལ་ནས་སུ། །ཡང་དག་ཡེ་ཤེས་ལམ་བཟང་སྟོན་མཁས་པ། །རྒྱལ་སྲས་སློབ་བཅས་ངོ་མཚར་ཞིང་གི་གནས། །དེ་ཚུལ་སྐབས་གསུམ་བདག་པོས་བརྗོད་དཀའ་ན། །སོ་སྐྱེའི་བློ་ཡིས་གཞལ་བྱར་མ་མཆིས་ཀྱང་། །གསུམ་ལྡན་དད་པའི་སྤུ་ལོང་རབ་གཡོས་ཏེ། །རྣམ་ཐར་མཐའ་མི་མངོན་ལས་ཟེགས་མ་ཙམ། །སྤྲོས་འདིའི་བསོད་ནམས་རིན་ཆེན་བྱེ་བ་བརྒྱ། །སྲིད་མཐར་འཛད་མེད་བདག་གཞན་ཚོགས་གསུམ་གྱི། །རྡོ་རྗེའི་ས་ལ་དབུགས་དབྱུང་སྩོལ་བའི་སླད། །མཆོག་ཞལ་ལྟ་དང་ངེས་གསང་ཆོས་འཁོར་ལོ། །བསྐོར་བར་གསོལ་བའི་བདོག་པ་ཆེས་ཕྲ་ཞིང་། །ཇི་བཞིན་རྔོ་མ་ཐོགས་ནའང་རྟེན་འབྱུང་རྫས། །ཀུན་བཟང་མཆོད་པའི་སྤྲིན་དུ་བསྒྱུར་བྱས་ནས། །སྲིད་ཞིའི་དཔལ་འབྱོར་ཕྱུར་


SPN003_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བུར་སྤུངས་པ་ཡི། །བཀོད་མཛེས་མཎྜལ་བཟང་འདི་སེམས་ཅན་དོན། །དགོངས་ཕྱིར་ཆོས་དབྱིངས་ཀློང་ནས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ལྟར་ཆེད་དུ་བརྗོད་པའི་ཚིགས་སུ་བཅད་པ་མཱ་ལི་ཀའི་ཕྲེང་བས་མདུན་ས་མཛེས་པར་བརྒྱན་ནས། དེ་ཡང་གནས་དུས་སྟོན་འཁོར་དམ་ཆོས་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་རང་བཞིན་ལྷུན་གྱིས་གྲུབ་པའི་དགེ་མཚན་བཟང་པོས་སྤུད་པར་བྱས་པའི་ཆ་འདིར། རྣམ་འདྲེན་ཡོངས་ཀྱི་རིགས་བདག་རྡོ་རྗེ་འཆང་དབང་མཆོག་གི་སྐུའི་དཀྱིལ་འཁོར་མངོན་སུམ་མཐོང་ཞིང་། གསུང་གི་བདུད་རྩིའི་ཟབ་དོན་མྱོང་ནས་ཐུགས་ཀྱི་ཡེ་ཤེས་རང་རྒྱུད་སྨིན་པར་མཛད་པའི་བདག་ཉིད་ཆེན་པོ་གང་ཁྱོད་སྲིད་འདིར་ཞབས་པད་རྡོ་རྗེའི་ཆོས་བདུན་ངོ་བོར་བསྐལ་བརྒྱར་བརྟན་ཅིང་། འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་དུ་རྗེས་སུ་འཛིན་པར་གསོལ་བའི་རྟེན་ཐོག་མར་སྐབས་གསུམ་ལྷ་ཡི་རེག་བྱ་མངྒས་མཚན་པའི་ཕོན་ཚར་མ་ཉམས་པ་སྲིད་རིང་། སྐུ་རྡོ་རྗེ་མི་འགྱུར་བའི་ཕྱིར་དུ་བསྟན་པའི་མངའ་བདག་ཤཱཀྱའི་རྒྱལ་པོའི་སྣང་བརྙན་གསེར་ལས་བྱས་པ་གསར་བསྐྲུན་ཁྱད་མཚར། གསུང་རྡོ་རྗེ་མི་འགག་པའི་རྟེན་ཏ་ཐཱ་ག་ཏའི་


SPN003_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱི་རབས་བརྗོད་རྒྱ་སྤར་མ། ཐུགས་རྡོ་རྗེ་འཁྲུལ་པ་མེད་ཕྱིར་ཆོས་སྐུའི་མཆོད་སྡོང་བཀའ་གདམས་ལི་རྙིང་བྱིན་ཆེན། སྟན་དཀར་རྡོ་རྗེ་དང་གཡུང་དྲུང་གི་རེ་ཁཱ་བཀྲ་བ། རིན་གཉིས་མཎྜལ་རི་རབ་མཚོ་གླིང་མཐའ་ཡས་ཞིང་ཁམས་ཀྱི་བཀོད་པས་མཛེས་པ། ཏིང་ཤག་དངུལ་ལུང་ཅན། གོས་ཇུས་སེར་པོ་དང་། སྔོན་པོ་བཅས་སྒྲིལ་གཉིས། ཚན་དང་པོར་ལྷ་རྫས་ཕྱི་མཛོད་དང་། གོས་སེར་ཡུག་གཙོས་དགུ་ཚན། གཉིས་པར་ལྷ་རྫས། གོས་དམར་གཙོས་དགུ་ཚན། གསུམ་པར་ལྷ་རྫས་དང་། གོས་སྔོན་སོགས་དགུ་ཚན། བཞི་པར་ལྷ་རྫས་ལིང་དམར་ཡུག་གིས་གཙོས་བདུན་ཚན། ལྔ་པར་ལྷ་རྫས་དང་། གོས་ལིང་སྔོ་ནག་སོགས་བདུན་ཚན། ཕྱིང་ཁྲ། སྦུ་ཧར་ཀོ་བུབ། སག་སྔོན་བུབ། དངུལ་གྱི་རྣ་རྒྱན། རལ་གྲི། ཤིང་ཡེ་ལྗོན་འདབ་འཁོར་དྲུག་ཅུ། གཞུང་ཇ་འཁོར་དྲུག་ཉི་ཤུ། རྟ་ཆིབས་ཆེན་གཉིས། ཆིབས་ཧྲོལ་གཉིས། དཀྱུས་རྟ་བཅུ། དྲེའུ་གསུམ། རྒྱ་དངུལ་སྲང་བརྒྱ་དང་ལྔ་བཅུ། མཐའ་དཀར་ཀ་ཤི་ཡུག་བཅས་རྣམ་གྲངས་བརྒྱ་ཕྲག་ཕྱེད་གསུམ་ལ་ཡོན་ཏན་གྱིས་ལྷག་པ་འབུལ་ལམ་ཞུ་ཞུ། སླར་གསོལ་བ། མཆོག་ཏུ་འགྱུར་བ་མེད་པའི་ཆོས་དབྱིངས་ཁམས། །


SPN003_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་ཡོན་ཏན་ཡོངས་རྫོགས་སྒྱུ་དྲྭའི་འཕྲུལ། །མཆོག་རྣམས་རིགས་བསྡུས་སྤྱི་དཔལ་སྐུར་བཞེངས་པ། །མཆོག་ཞབས་ཞིང་འདིར་རྟག་བརྟན་འཚོ་གཞེས་གསོལ། །དཔལ་ལྡན་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད། །དཔལ་ཀུན་འབྱུང་གནས་གདོད་མའི་ཚེ་མཐའ་ཡས། །དཔལ་འབར་འཆི་མེད་རྡོ་རྗེ་ཡོངས་གྲུབ་གང་། །དཔལ་མགོན་དམ་པར་ཆོས་སྟོན་འཚོ་གཞེས་གསོལ། །མི་ཤིགས་གཞོམ་བྲལ་གུར་ཁང་རབ་འཚེར་དབུས། །མི་འགྱུར་གསང་གསུམ་གཟི་བྱིན་རབ་གསལ་བ། །མི་ནུབ་བགྲང་ཡས་བསྐལ་ཆེན་རབ་གནས་བར། །མི་འཇིགས་སེང་ཁྲིར་འཚོ་གཞེས་རབ་བརྟན་གསོལ། །རང་བྱུང་ལྷུན་རྫོགས་ངང་ལས་མ་བཅོས་སྐུ། །རང་ཤར་ཀློང་དུ་བྲི་གང་མི་མངའ་ཡང་། །རང་སྣང་གདུལ་བྱར་རྗེས་སུ་དགོངས་པ་ཡི། །རང་རྩལ་ཐོགས་པ་མེད་བཞིན་ཞབས་བརྟན་གསོལ། །ཆོས་ཉིད་རྣམ་པར་དག་པ་དོན་དམ་བདེན། །ཆོས་ཅན་ཀུན་རྫོབ་བསླུ་མེད་བདེན་འབྲས་དང་། །དེང་འདིར་གསོལ་བཏབ་སྨོན་པའི་བདེན་སྟོབས་ཀྱིས། །བསྐལ་བརྒྱར་ཞབས་བརྟན་གདུལ་བྱ་རྗེས་འཛིན་གསོལ། །ཚོགས་གཉིས་དཔག་པར་དཀའ་བའི་ལེགས་བྱས་རང་གཟུགས་གསེར་གྱི་ལྷུན་པོ་བཞིན། །ཆོས་ཀྱི་


SPN003_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་རྣམ་འདྲེན་སྟོབས་བཅུའི་ཡོན་ཏན་མངའ་བའི་དཔལ་ལྡན་པ། །མགོན་པོ་ཟླ་བ་ཉ་འདྲའི་དཀྱིལ་འཁོར་ཇི་ལྟར་སྲིད་ན་ལྷམ་མེ་བ། །དུས་གསུམ་ཀུན་ཏུ་དགེ་བའི་མཆོག་སྟེར་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །དེས་གསུང་དམ་ཆོས་བདུད་རྩིའི་རྒྱ་མཚོ་རྣམ་མང་རིན་ཆེན་འབྱུང་བའི་གནས། །ཞི་བ་ཆགས་བྲལ་སྨྲ་བསམ་བརྗོད་སོགས་བློ་ཡི་ཡུལ་ལས་རིང་སོང་བའི། །མཐའ་གཉིས་སྤངས་པའི་རྡོ་རྗེའི་དབྱངས་ཀྱི་ཡན་ལག་དྲུག་ཅུའི་ངེས་པ་ཅན། །འགྲོ་བའི་དབུགས་འབྱིན་རབ་དགེའི་དཔྱིད་དུ་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །ཕ་རོལ་ཕྱིན་བཅུའི་དོན་ལ་རབ་གནས་རིག་དེང་གྲོལ་བའི་སར་བཞུགས་པའི། །ཡང་དག་ངེས་པའི་ལམ་སྟོན་རྒྱལ་སྲས་འཕགས་པ་བྱང་སེམས་དགེ་འདུན་ཚོགས། །སྲིད་ཞིའི་གདུང་སེལ་འགྲོ་བའི་བླ་མར་མཆོད་འོས་ནམ་མཁའི་ནོར་བུའི་འོད། །རྟག་པར་ནོངས་མེད་དགེ་མཚན་དང་བཅས་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །ཤཱཀྱའི་སྤྱན་སྔར་ཇི་ལྟར་བདེན་མཐོང་གང་གི་རིང་ལུགས་གདུགས་དཀར་པོ། །བླ་ན་འདེགས་ཤིང་ཆོས་ཀྱི་རྒྱལ་སྲིད་སྐྱོང་ལ་གཡེལ་མེད་སྙིང་སྟོབས་ལྡན། །ཚངས་དང་ལྷ་དབང་རྒྱལ་ཆེན་བཞི་སོགས་དཀར་པོའི་ཕྱོགས་ཀྱི་སྡེ་རིས་ཀྱིས། །དེང་འདིར་བསམ་དོན་དགེ་ལེགས་ཡོངས་འགྲུབ་བཀྲ་ཤིས་ཀུན་ཏུ་ཁྱབ་པར་མཛོད། །སརྦ་ཀཱ་ལྱ་ཎོ་མ་ནོ་ར་ཐེ་པཱུརྞཾ་བྷ་བ་ཏུ། །

ཟུར་མང་གར་སྤྲུལ་པའི་འབུལ་ཐོ།


SPN003_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་མང་གར་སྤྲུལ་པའི་འབུལ་ཐོ་བཞུགས། ༀ་སྭ་སྟི། དོན་གྲུབ་ལྷ་རྣམས་ཀུན་གྱི་ལྷ། །རྡོ་རྗེའི་ཚེ་མཆོག་དཀྱིལ་འཁོར་བདག །འཆི་མེད་པདྨཱ་ཀཱ་ར་དང་། །རྣམ་དབྱེར་མེད་པའི་དཔལ་ལྡན་པ། །གང་གི་ཞབས་ཟུང་གསེར་འཁོར་ལོ། །སེང་གེས་བཏེགས་པའི་ཁྲི་དྲུང་དུ། །སྒོ་གསུམ་འདུད་པ་དང་བཅས་ནས། །དད་པའི་མེ་ཏོག་མནྡཱ་ར། །འཐོར་བཞིན་མཆོག་གི་དཔལ་ཡོན་ལ། །དང་བ་བསྐྱེད་ནས་གསོལ་འདེབས་སྤྲོ། །དེང་དུས་རྒྱལ་ཀུན་ཐམས་ཅད་ཀྱི། །རང་གཟུགས་ཉིད་དུ་བསྐལ་སྔོན་ནས། །རང་དོན་མཛད་པ་མཐར་ཕྱིན་པའི། །མངོན་པར་སངས་རྒྱས་གྲུབ་ན་ཡང་། །གཞན་དོན་རླབས་ཆེན་སྤྱོད་པ་ཡི། །ཕྲིན་ལས་རྒྱུན་མི་ཆད་པའི་མཐུས། །བསམ་བཞིན་སྲིད་པར་ཉེར་བཟུང་བའི། །རྣམ་རོལ་ཟླ་ཤེལ་རི་བོང་ཅན། །ཡིད་ཅན་མོས་པའི་རྫིང་བུ་ཡི། །ཉེས་གསུམ་རྙོག་པ་བྲལ་བའི་ངོར། །དེར་སྣང་མོས་ངོར་འཆར་བ་ལས། །བསམ་མི་ཁྱབ་པའི་གཟུགས་ཀྱི་སྐུ། །ཐུགས་རྗེའི་འོད་དཀར་ཟེར་ཕྲེང་གཡོ། །གདུལ་


SPN003_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཀུ་མུཏ་གཉེན་གཅིག་པུ། །ལྗོངས་འདིར་ཁྱོད་ལས་གཞན་སུ་ཞིག །དེས་ན་ལྷག་པར་ཕྱག་བྱར་གནས། །སྟོན་པ་བདེ་གཤེགས་ཐུབ་མཆོག་དང་། །མཚོ་སྐྱེས་རྡོར་འཆང་རིང་ལུགས་ཀྱི། །སྙིང་པོ་ཟབ་གསང་ངེས་པའི་དོན། །དྲི་བྲལ་ཐེག་པའི་འཇུག་སྒོ་རྣམས། །ཇི་བཞིན་འཆང་ལ་ཐོགས་མེད་ཀྱི། །མཁྱེན་པའི་ཡེ་ཤེས་རབ་གསལ་བ། །ཆགས་ཐོགས་མེད་པའི་རང་བཞིན་གྱི། །གསང་བ་གསུམ་གྱི་འཁོར་ལོ་ནས། །སྣ་ཚོགས་ཆོས་ཀྱི་བདུད་རྩིའི་རྒྱུན། །ཉོན་མོངས་དག་བྱེད་སིམ་པ་ལས། །བྱང་ཆུབ་ཐར་པའི་སྐྱེད་ཚལ་བཟང་། །རབ་ཏུ་རྒྱས་པའི་གསོས་དམ་པ། །མ་འདྲིས་ཡོངས་ཀྱི་མགོན་གྱུར་གང་། །དེང་འདིར་བདག་སོགས་ལས་སྨོན་གྱི། །བགོ་སྐལ་ཉིད་དུ་མངོན་ཤར་ནས། །གསང་གསུམ་དཀྱིལ་འཁོར་མཇལ་ནས་སུ། །བྱིན་རླབས་དབང་བཞི་སྩོལ་བ་ཡི། །བཀའ་དྲིན་སྲིད་མཐར་འཁོར་དཀའ་ཡང་། །ཀུན་བཟང་མཆོད་པའི་སྤྲིན་དམིགས་པས། །འབུལ་འདི་བརྩེ་བས་བཞེས་སུ་གསོལ། །ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། །དངོས་པོའི་ཡོ་བྱད་རྟེན་འབྱུང་གི་རྫས་སུ་བསྟར་བའི་ཐོག་མར་ལྷ་རྫས་གངས་མདོག་དཀྱུས་རིང་། རྒྱ་དངུལ་རྟ་རྨིག་མ་རྡིལ་ཚད་གཅིག །ཕྱི་


SPN003_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། གོས་ཇུས་ཡུག །རས་ཡུག་གཉིས། འགའ་དཀར། འབྲུག་ཁྲ་པ་སངས་ཁ་བ་ཡུག་བཅས་བདུན་ཚན། རྟ་ཆིབས་ཆེན་གཅིག །ཆིབས་ཧྲོལ་གཅིག །དྲེའུ་གཅིག་བཅས་འབུལ་ལམ་ཞུ། སླར་ཡང་ཆེད་དུ་གསོལ་བ། དེ་ལྟའི་ལེགས་བྱས་ཕུན་ཚོགས་དཔལ་འབར་བ། །ཡོངས་གྲུབ་ཐོགས་པ་མེད་པའི་དགེ་མཚན་གྱིས། །མངོན་པར་བརྒྱན་པའི་ཚོགས་གཉིས་ལྷུན་རྫོགས་པ། །འདིས་མཚོན་བདག་གཞན་དུས་གསུམ་བསགས་ཡོད་ཀྱི། །དགེ་ཚོགས་གཅིག་ཏུ་བསྡུས་ནས་འབུལ་བའི་མཐུས། །བསིལ་ལྗོངས་སྟོན་པ་གང་ཁྱོད་གསང་བ་གསུམ། །རྡོ་རྗེའི་རང་བཞིན་རྟག་ཏུ་མི་གཡོ་བར། །མི་འགྱུར་གདོད་མའི་འཆི་མེད་དབང་བསྒྱུར་ནས། །ནམ་མཁའ་དེ་སྲིད་འཚོ་གཞེས་བརྟན་གྱུར་ཅིག །རྒྱལ་བསྟན་དར་ཞིང་སྐྱེ་དགུ་ཆོས་ལྡན་ཞིང་། །བདག་དང་བདག་གི་འབྲེལ་གྱུར་ཅི་སྙེད་པ། །ཀུན་ཀྱང་བསམ་དོན་ཡོངས་གྲུབ་མཐར་ཐུག་ཏུ། །བླ་མེད་སྐུ་བཞིའི་གོ་འཕང་མཆོག་ཐོབ་པའི། །ཐུགས་བསྐྱེད་དམ་པས་རྗེས་སུ་འཛིན་པ་ནས། །རྟག་པར་ནོངས་པའི་ཉེས་ཚོགས་རྒྱང་བསྲིང་བའི། །བཀྲ་ཤིས་དོན་གཉིས་མཐར་ཕྱིན་བྱིན་གྱིས་རློབས། །སརྦ་མངྒ་ལཾ་ཤུ་བྷ་པུཥྚིཾ། །


SPN003_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི། ཐོག་མཐའ་བར་དུ་དགེ་བ་ཅན། །རྒྱལ་བའི་དཀྱིལ་འཁོར་ཁྱོན་ཡངས་པོའི། །མངའ་བདག་མཆོག་དངོས་གྲུབ་པའི་གཏེར། །རྡོ་རྗེ་འཆང་དབང་ཞབས་པདྨོ། །འཇིགས་བྲལ་གདོང་ལྔས་བཏེགས་པའི་ཁྲི། །སྲིད་ཞིའི་བླ་ན་མངོན་མཐོའི་དྲུང་། །གུས་པས་འདུད་ཕྱག་སྔོན་བཏང་ནས། །དད་དང་མོས་པ་མི་ཕྱེད་བློ། །བཅོས་མིན་ཤུགས་འབྱུང་གསོལ་བའི་མཆིད། །དགྱེས་པའི་རོལ་མོར་སྤྲོ་ཕྱིར་འབུལ། །རྣམ་མང་ལེགས་བྱས་རྒྱ་ཆེན་གྱིས། །རིང་ནས་ཤིས་པར་བྱས་པ་ཡི། །རྨད་བྱུང་ཡ་མཚན་ངོ་མཚར་གནས། །རྟག་པར་འཆར་བའི་དུས་ཀྱི་ཆར། །དེང་ཡང་འབྱམས་ཀླས་བརྗོད་འདས་ཀྱི། །བསྐལ་མང་གོང་ནས་བྱང་ཆུབ་མཆོག །སྤྱད་པ་སྤྱོད་པའི་ཆོས་ཀྱི་སྐུ། །མངོན་དུ་གྱུར་ཀྱང་ཚུར་མཐོང་གི། །སྣང་ཚུལ་སྤྲུལ་པའི་གར་སྟོན་པ། །ཐུགས་བསྐྱེད་དམ་བཅའི་ཁྱུང་སྔོན་སྐྱེས། །བསྐུལ་བའི་སྒྱུ་འཕྲུལ་རྡོ་རྗེའི་འོད། །ཉིན་བྱེད་མཚན་དཔེའི་གཟི་འབར་བས། །ལས་ཉོན་མུན་པར་བྱིང་བ་ཡི། །ལོག་རྟོག་དྲྭ་བར་འཐུམས་པ་རྣམས། །གཅིག་ཆར་བཅོམ་ཞིང་དྲང་ངེས་ཀྱི། །ཆོས་རྣམས་འཆད་ལ་བསྙེམས་བྲལ་བ། །སྐལ་ལྡན་གདུལ་བྱའི་སྐྱེད་ཚལ་དུ། །གང་གི་བྱིན་གཟིས་རེག་པའི་མོད། །རང་བྱུང་ཡེ་


SPN003_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པུཎྜཱ་རི། །འདབ་བརྒྱ་གྲོལ་བར་བྱེད་པ་ཡི། །ཡང་དག་གནས་ལ་མ་སྨད་པའི། །བློ་མིག་དང་ལྡན་བྷྲ་མ་ར། །འཁོར་བའི་སྐལ་བཟང་ཀུན་དགའི་དཔྱིད། །སྨིན་པའི་འོད་ཟེར་འབུམ་བརྡལ་བས། །འཚོ་ཞིང་བརྟས་པར་ལོངས་སྤྱོད་པའི། །རྫོགས་ལྡན་གསར་པའི་དགའ་སྟོན་དཔལ། །ངོམ་པ་ཇི་ལྟའི་ཐུགས་རྗེའི་མདངས། །རབ་ཏུ་གསལ་འདིའི་བཀའ་དྲིན་ཆ། །གཞལ་བར་དཀའ་ཡང་བདག་གཞན་གྱི། །དུས་གསུམ་དགེ་ཚོགས་གཅིག་བསྡུས་ཤིང་། །དངོས་འབྱོར་ཀུན་བཟང་སྨོན་ལམ་བཞིན། །ཡིད་སྤྲུལ་མཆོད་པར་བསྟར་ནས་སུ། །མཎྜལ་རི་རབ་གླིང་བཞི་སོགས། །ལྷ་མིའི་དཔལ་འབྱོར་ཐམས་ཅད་ཀྱིས། །ཕྱུར་བུར་བཀང་ནས་འབུལ་བ་དང་། །ལྷན་ཅིག་རྟེན་འབྱུང་སྐྱེས་བཟང་རྣམས། །འབུལ་འདི་བརྩེར་བཞེས་བྱིན་གྱིས་རློབས། །ཞེས་པའི་འདུད་པས་གསོལ་བའི་མཆིད་ཀྱི་མདུན་བདར་ནས་སྐྱབས་འོག་པ་ཀརྨ་དམ་ཆོས་ལྷུན་གྲུབ་ཀྱི་འབུལ་མཚོན་སྐྱབས་འཇུག་རྟེན་ཐོག་མར་ལྷ་གོས་ཀཻ་ལ་ཤའི་མདོག་ཅན་ཕོན་ཚར་མ་ཉམས་པ། ཚན་དང་པོར་ལྷ་རྫས་ཕྱི་མཛོད། གོས་ཡུག །ལིང་ཡུག་གཉིས། རས་ཡུག་གཉིས། པ་སངས་ཁ་པ་བཅས་བདུན་ཚན། བཟང་


SPN003_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ཇ་ཆུང་འཇུ་ཤིང་ཡེ་འཁོར་དྲུག་བཞི། རྒྱ་དངུལ་སྲང་ཉེར་ལྔ་བཅས་འབུལ་ལམ་ཞུ་ཞུ། སླད་མའི་ཆར་ཡང་གསོལ་སྙིང་རེ་འབྲས་ནི། །ཛམྦུ་བྲྀཀྵས་མཚན་པའི་ལྗོངས་འདི་ཡི། །ཐུབ་བསྟན་གསལ་བར་བྱེད་པའི་གཉེན་གཅིག་པུ། །གང་ཁྱོད་ལས་གཞན་དམིགས་སུ་མ་འཚལ་བ། །འཕགས་པ་རྣམས་ཀྱི་རི་མོར་བྱ་བའི་ཡུལ། །དེས་ན་མོས་བློས་ཡར་གཞལ་ཙམ་མིན་པར། །དད་པ་གསུམ་གྱིས་རྒྱུད་བསྐུལ་གསོལ་འདེབས་ཀྱིས། །བདག་སོགས་གདུལ་བྱ་རྒྱ་མཚོའི་དཔལ་མགོན་དུ། །གསང་གསུམ་ཡེ་ཤེས་རྡོ་རྗེའི་རང་བཞིན་མཆོག །ཡེ་ནས་གྲུབ་ཕྱིར་དོན་དམ་འཕོ་མེད་ཀྱི། །བདེ་ཆེན་རྟག་པའི་ངོ་བོར་དབང་བསྒྱུར་བའི། །མི་ཤིགས་དྭངས་མ་ཆེན་པོའི་སྐུར་བསྟན་ནས། །བསྐལ་བརྒྱར་འཚོ་གཞེས་རྡོ་རྗེའི་ཁྲི་འཕང་ལ། །བཞུགས་སུ་གསོལ་འདེབས་མདོ་སྔགས་རིང་ལུགས་གང་། །འཛིན་སྐྱོང་སྤེལ་དང་བཤད་སྒྲུབ་ཕྲིན་ལས་ཀྱིས། །ཁོར་ཡུག་ཀུན་ཁྱབ་རྒྱལ་མཚན་བསྒྲེང་བར་གསོལ། །སྐྱབས་འོག་ཆུད་པའི་གུས་ལྡན་རྣམ་ཀུན་ཏུ། །བསམ་དོན་ཆོས་བཞིན་འགྲུབ་ཅིང་ཚེ་དཔལ་རྒྱས། །གདོད་མའི་གནས་ལུགས་མངོན་སུམ་རྟོགས་པ་ཡི། །ཐུགས་རྗེས་བདག་རྒྱུད་སྨིན་གྲོལ་དངོས་གྲུབ་སྩོལ། །སརྦ་མངྒ་ལཾ་ཀུཪྺནྟུ། །

དེ་ནས་དཔའ་བོ་རིན་པོ་ཆེའི་དྲུང་དུ་འབུལ་བའི་ཐོ་ཡིག


SPN003_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཔའ་བོ་རིན་པོ་ཆེའི་དྲུང་དུ་འབུལ་བའི་ཐོ་ཡིག་ནི། སྭ་སྟི་བྷ་ཝནྟུ། གཙུག་ལག་ཟབ་མོའི་གནས་རྣམས་ཀུན། །ཡོངས་རྫོགས་ཆོས་ཀྱི་རྒྱལ་པོ་མཆོག །འགྲོ་བའི་གདུང་སེལ་པདྨའི་གཉེན། །བསྟན་འཛིན་ནམ་མཁའི་ནོར་བུ་ཞེས། །རྒྱ་མཚོའི་གོས་ཅན་ཀུན་གསལ་བའི། །འཇིག་རྟེན་ཆེ་དགུའི་མཆོད་འོས་གནས། །ཞབས་པད་གསེར་གྱི་ཤིང་རྟའི་ཁྲི། །ཅང་ཤེས་བདུན་བཏེགས་གང་དྲུང་དུ། །རབ་དཀར་དགེ་བའི་དཔལ་གང་དག །གཅིག་ཏུ་སྤུངས་པའི་བདེ་ལེགས་ཀྱིས། །ཤིས་པར་བྱས་པའི་རྫོགས་ལྡན་དུས། །གསར་བཞད་ལྟ་བུའི་དེང་གི་ཆར། །གུས་དང་འདུད་བཅས་དང་བའི་ཡིད། །ལྷག་བསམ་རིན་ཆེན་འབྱུང་གནས་ཀྱི། །གཏིང་ནས་ཐོན་པའི་པུཎྜཱ་རི། །མོས་བློའི་འདབ་བརྒྱ་གྲོལ་བཞིན་པར། །ངོ་མཚར་གེ་སར་འཛུམ་ནས་སུ། །རིག་པའི་འཕྲུལ་གྱི་བྷྲ་མ་ར། །འཁོར་ཞིང་སྙན་སྒྲོགས་མགོན་ཁྱོད་ཀྱི། །ཡོན་ཏན་ཟེར་ཕྲེང་འབུམ་བརྡལ་བའི། །ཆ་ཤས་ཙམ་ཞིག་བློར་བཀོད་ནས། །གསལ་འདི་དོན་དང་ལྡན་པར་སེམས། །རིང་ནས་སྦྱངས་པའི་གོམས་སྟོབས་ཀྱིས། །རྒྱལ་དང་རྒྱལ་སྲས་གཞན་དག་ལས། །ཆེས་ཆེར་བརྗིད་པའི་


SPN003_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བསྐྱེད་ཕུལ། །སྒྲོལ་བྱེད་དབུས་སུ་ཆུ་ཤེལ་ཅན། །དེ་ལྟའི་བསྙེམས་པའང་འཕྲོག་བྱེད་པའི། །གདོད་ནས་དག་པ་ཆོས་ཀྱི་སྐུ། །འདུས་མ་བྱས་པའི་རང་བཞིན་ཀློང་། །མཐའ་བྲལ་ཆེན་པོར་ལྷུན་གྲུབ་པའི། །རང་མདངས་མ་འགགས་ལོངས་སྐུར་ཤར། །ངེས་པ་ལྔ་ལྡན་ཞིང་གི་བདག། དེ་ལས་ཁྱུང་སྔོན་སྐྱེས་དྲངས་པའི། །ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། །རིག་རྩལ་རོལ་པ་མཐའ་ཡས་པ། །གདུལ་དཀའི་བླ་ན་མངོན་འཆར་བའི། །གཞན་ཕན་ཐུགས་བསྐྱེད་ཀྱིས་བསྐུལ་ནས། །མཚན་དཔེའི་དཀྱིལ་འཁོར་ཉིན་མོར་བྱེད། །གསང་གསུམ་རྡོ་རྗེའི་འོད་སྟོང་གི། །ཕྲིན་ལས་རྣམ་བཞིའི་འདོད་དགུར་སྒྱུར། །རྒྱལ་བསྟན་མདོ་སྔགས་རིང་ལུགས་གང་། །དགའ་ཚལ་རྒྱས་པའི་དཔྱིད་འགྱུར་ཞིང་། །འགྲོ་རྒྱུད་མ་རིག་ཁྲི་མུན་དཔུང་། །བྲལ་ནས་ཐེག་པ་མཆོག་གི་ལམ། །མ་ནོར་ལྟ་བའི་གནས་ཐོབ་བྱེད། །གང་དྲིན་ལས་བྱུང་གཞན་དུ་མིན། །དེས་ན་རབ་འབྱམས་སྟོན་པ་ཀུན། །ཁྱོད་སྐུར་རྫོགས་པ་ངེས་བྱས་ནས། །བསླུ་མེད་ཉིད་དུ་ཡོངས་གྲུབ་མོད། །ཁྱད་པར་སྔོན་སྨོན་བཙན་པོ་ཡི། །རྗེས་འབྲེལ་ཟབ་མོའི་དགོངས་པ་ལས། །འདིར་སྣང་མེ་ཏོག་བགོ་སྐལ་དུ། །མངོན་སུམ་ཚད་མར་མཆེད་


SPN003_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ཟླར་བཞེངས། །ཚུལ་འདི་ཨེ་མ་སྐལ་བཟང་རྨད། །ཕུན་སུམ་ཚོགས་པ་ལྔ་དང་ནི། །དགེ་ལེགས་ཡོངས་འདུའི་གནས་དམ་པར། །མགོན་ཁྱོད་གསེར་ཞལ་ལྷམ་མེ་བ། །མཇལ་བའི་བཀའ་དྲིན་གཞལ་དཀའི་གནས། །དངོས་པོའི་སྐྱེས་བཟང་ཆེས་ཕྲ་ཡང་། །ཡིད་ཀྱི་མཎྜལ་རི་མཚོ་གླིང་། །ལྷ་མིའི་དཔལ་འབྱོར་བཀོད་མཛེས་པ། །བྱེ་བ་བརྒྱར་སྤྲུལ་འབུལ་བ་དང་། །ལྷན་ཅིག་རྟེན་འབྱུང་བདོག་པ་རྣམས། །མཆོད་སྤྲིན་རྒྱ་མཚོར་སྤྲོ་བར་བགྱི། །དེ་ཡང་ཐོག་མར་བཀྲ་ཤིས་པའི་ལྷ་རྫས་དཀྱུས་རིང་མངྒའི་རི་མོས་མཚན་པ་ཕོན་ཚར་མ་ཉམས་པ། །སྐུ་རྟེན་རང་བྱུང་རྒྱལ་བའི་གསེར་སྐུ། གསུང་རྟེན་ཚེ་མདོ་གཟུངས། ཐུགས་རྟེན་བཀའ་གདམས་མཆོད་རྟེན། སྟན་དཀར་རྡོ་རྗེའི་རེ་ཁཱ་བཀྲ་བ། དྲི་ལྡན་གྱི་ཕྱག་རྩེའི་སྐོར། ཞབས་ཆག་ཆ། ལྔ་ཚན་གཅིག །བདུན་ཚན་གཅིག །དགུ་ཚན་གཅིག །ཤིང་ཡེ་འཁོར་དྲུག་གཉིས། ཀོ་རྩེ་འཁོར་དྲུག་བརྒྱད། ཆིབས་བཀྲ་ཤིས་དུང་ལེབ། མཚལ་བུ་རླུང་གཤོག །རོལ་རྟ་གཉིས། དཀྱུས་རྟ་གསུམ། དྲེའུ་གཅིག །མཛོ་གསུམ། ཁལ་ལྔ། དངུལ་སྲང་བརྒྱ། ཟམ་དཀར་ཡུག་བཅས་འབུལ་ལམ་ཞུ་ཞུ། སླར་ཡང་གསོལ་བ། རང་བྱུང་གཞི་ལས་འགྱུར་མེད་ཆོས་


SPN003_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཁམས། །རྟག་བརྟན་བདེ་བ་ཆེན་པོའི་ཡེ་ཤེས་དང་། །ཆུ་ཟླའི་གར་རོལ་རྣམ་འཕྲུལ་སྣ་ཚོགས་གཟུགས། །ཅིར་ཡང་བསྒྱུར་བའི་བདག་ཉིད་ཞབས་བརྟན་གསོལ། །འཕུར་འགྲོའི་སློབ་དཔོན་མཚོར་འཁྲུངས་རྡོ་རྗེ་འཆང་། །སྙིགས་ལྔའི་བསྟན་འགྲོར་རྗེས་དགོངས་རྒྱལ་ཚབ་ཏུ། བསྔགས་པའི་དབུགས་དབྱུང་དམ་པར་དབང་བསྐུར་བ། །རིག་འཛིན་གྲུབ་པའི་སར་གནས་འཚོ་གཞེས་གསོལ། །གསང་སྔགས་ཐེག་པའི་རྩེ་རྒྱལ་ཨ་ཏིའི་ཆོས། །ཟབ་དོན་སྙིང་པོའི་བུམ་བཟང་གཏམས་ནས་སུ། །སྐལ་བཟང་བཅུད་དུ་སྨིན་གྲོལ་གངྒཱའི་ཀླུང་། །ཇི་བཞིན་རྣམ་ཀུན་ཆོས་འཁོར་བསྐོར་གསོལ་འདེབས། །དགེ་དེས་དྲི་མེད་ངེས་གསང་བསྟན་འཕེལ་ཞིང་། །འཛིན་སྐྱོང་གཅེས་སྤྲས་ལྡན་རྣམས་འཚོ་ཞིང་བརྟན། །རྒྱལ་ཁམས་བདེ་དགའི་ཉེར་འཚོ་རྒུད་པ་བྲལ། །རྟག་པར་ཞི་བའི་བདུད་རྩིས་སིམ་གྱུར་ཅིག །བཀྲ་ཤིས་དཔལ་གྱི་ལེགས་བྱས་གཞི། །རྟག་བརྟན་མི་འགྱུར་རྡོ་རྗེ་ཅན། །གཞར་ཡང་གཡོ་མེད་གཞན་རྐྱེན་སྤང་། །གང་འདིར་བཀྲ་ཤིས་སྐྱོང་གྱུར་ཅིག །སརྦ་མངྒ་ལམ། སུ་ཛ་ཡནྟུ། ཤུ་བྷ་པུཥྚིཾ། །སྭསྟི་ཛ་ཡནྟུ། ཕྱོགས་དུས་རྒྱལ་བ་ཀུན་གྱི་གསང་བ་གསུམ། །མི་


SPN003_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

འཛད་རྒྱན་གྱི་འཁོར་ལོའི་མཛོད་འཛིན་པ། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་ཀརྨ་པའི། །བསྟན་པའི་ཕྲིན་ལས་འཛིན་པ་གང་དྲུང་དུ། །དེང་ཡང་ཕུན་སུམ་ཚོགས་པའི་དུས་ཀྱི་ཆར། །དགེ་ལེགས་བྱེ་བས་གཏམས་པའི་དཔལ་གང་དག །མ་ཚང་མེད་པ་ལྷུན་གྱིས་གྲུབ་པ་ཡི། །དུས་འདིར་བསོད་ནམས་ཚོགས་ཟུང་འབྲས་སྨིན་པས། །བསྟན་འགྲོ་ཉེར་འཚོའི་གཞིར་གྱུར་གཟུགས་ཀྱི་སྐུ། །སྨོན་ལམ་བྱམས་པའི་གོ་ཆ་ཆེར་བསྒོས་པས། །གང་ཞིག་སྐྱེ་དགུའི་རྒུད་པ་རྒྱང་བསྲིང་ཕྱིར། །ལེགས་བྱས་བླ་ན་མེད་པའི་ཡོན་ཏན་ཚོགས། །ཡོངས་འདུ་དབང་པོ་ལྟ་བུ་རབ་བརྗིད་པའི། །རྒྱལ་སྲས་ཐུ་བོའི་ཚུལ་འཛིན་བྱང་ཆེན་གྱི། །སྤྱོད་པས་སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་གང་། །འཛིན་སྐྱོང་སྤེལ་དང་ཐོས་བསམ་སྒོམ་སྟོབས་སོགས། །དམ་པའི་རྣམ་ཐར་རྗེས་སུ་སྐྱོང་བཞིན་པར། །རྒྱལ་བའི་གདུང་འཚོབ་ཉིད་དུ་བསྔགས་འོས་པའི། །ཤིས་བརྗོད་སྐབས་གསུམ་མེ་ཏོག་མནྡཱ་ར། །མངོན་པར་འཐོར་བཞིན་དབུགས་དབྱུང་གཟེངས་བསྟོད་པའི། །མིང་གི་དབང་བསྐུར་སེང་ཁྲིར་མངའ་གསོལ་བའི། །རྟེན་ཅིང་འབྲེལ་འབྱུང་རྨད་དུ་བྱུང་བ་དང་། །ཁྱད་པར་རྒྱལ་བའི་ཐུགས་རྗེའི་མཐུ་སྟོབས་དང་། །


SPN003_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཕྱོགས་སྐྱོང་བ་རྣམས་ཀྱིའང་མགྲིན་གཅིག་ཏུ། །སྭ་སྟི་སིདྡྷི་ཞེས་པའི་སྒྲ་དབྱངས་དང་། །པུཎྜཱ་རི་ཀའི་ཆར་ཆེན་བསྙིལ་བཞིན་པར། །དགེ་བའི་མཚན་མས་ཀུན་ཏུ་ཁྱབ་བྱས་པའི། །དེང་འདིར་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །གསང་གསུམ་མི་ནུབ་རྒྱལ་མཚན་བརྟན་གྱུར་ཅིག །ཅེས་ཆེད་དུ་བརྗོད་པའི་ཚིག་གིས་མདུན་བདར་ནས། དངོས་པོའི་ལེགས་སྐྱེས་མཚོན་པར་ཐོག་མར་བཀྲ་ཤིས་པའི་ལྷ་གོས་རབ་དཀར། སྐུ་རྟེན་དུ་ཨོ་རྒྱན་རིན་པོ་ཆེའི་གསེར་སྐུ། གསུང་རྟེན་བདེ་མཆོག་འཁོར་ལོའི་དཀྱིལ་ཆོག །ཐུགས་རྟེན་རྡོར་དྲིལ་བཅས་དང་། །ཡང་རབ་དཀར་ལྷ་རྫས། ལིང་ལྗང་ཡུག །ཟམ་དམར་ཡུག །འགའ་ཁྲ་ཡུག །སྦྲེ། ཝ། གཡི། གཟིག་བཅས་ཀྱི་པགས་པ། གསེར་སྒ་ཆས་འཁོར་ཚང་མ། ཆིབ་པ་གྲ་དཀར་རླུང་གཤོག། ཆིབ་རོལ་གཅིག །རྒོད་མ་གཅིག །མཛོ། མཛོ་མོ། འབྲི། ཁལ། མཐའ་དཀར་དང་བཅས་འབུལ་ཞུས་ལ་དགྱེས་བརྩེས་རོལ་པ་འཚལ། སླར་ཡང་སྨྲས་པ། སྟོན་མཆོག་ཞི་བ་ཆགས་བྲལ་ཚོགས་ཀྱི་མཆོག །མཆོག་གསུམ་ཐུགས་རྗེ་ཅན་གྱི་བྱིན་རླབས་འོད། །འོད་སྟོང་གསལ་བས་གང་འདིར་བདེ་ལེགས་དཔལ། །དཔལ་དང་ལྡན་པས་རྣམ་


SPN003_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཤིས་གྱུར་ཅིག །ཚངས་སོགས་ལྷ་ཡི་བདེན་པས་རྒྱལ་བའི་བསྟན། །བསྟན་འཛིན་ཕྲིན་ལས་མཐར་ཕྱིན་བཞེད་པའི་དོན། །དོན་གཉིས་ཡོངས་འདུའི་བཞེད་དགུ་ལྷུན་གྱིས་གྲུབ། །གྲུབ་གཉིས་དངོས་ཀུན་མཆོག་ཐོབ་བཀྲ་ཤིས་ཤོག། །

འབུལ་ལན་སྐོར།


SPN003_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ལན་སྐོར་བཞུགས། ཆོས་ཀུན་རང་བཞིན་གདོད་ནས་རྣམ་དག་པའི། །འདུས་མ་བྱས་པའི་རང་གཟུགས་ཀློང་ཡངས་སུ། །ཇི་སྙེད་མ་ལུས་པྲ་ཕབ་རང་བཞིན་ཅན། །རྟོགས་པའི་རྒྱལ་ས་འཛིན་ཁྱོད་ཀུན་ཏུ་རྒྱལ། །དེང་ཡང་གཟོད་ནས་གཞན་རྐྱེན་མ་གོས་པའི། །སེམས་བསྐྱེད་རྣམ་དག་ཁམས་ལས་ཡོངས་གྲུབ་པའི། །སྙིང་སྟོབས་ཟབ་མོས་སྲ་བརྟན་ཡ་ལད་བགོས། །བྱམས་པའི་དཔུང་དང་སྟོང་ཉིད་མཚོན་ཆ་ཡིས། །གཟུང་འཛིན་དྲི་མ་ཡིད་སྲུབས་མདའ་ལྔ་པ། །ཕ་མཐར་བསྐྲད་པའི་དཔའ་བོའི་ངང་ཚུལ་ལ། །རིང་ནས་གོམས་པའི་ཚོགས་གཉིས་སྟོབས་ཆེན་པོ། །སྨིན་པའི་སྐུ་འཚོ་དཔག་བསམ་ལྗོན་བཟང་བཞིན། །སྦྱོང་ཡོན་བཅུ་གཉིས་ཡོན་ཏན་རབ་བརྗིད་པའི། །གཞན་དྲིང་མི་འཇོག་ཐབས་མཁས་ལོ་འདབ་རྒྱས། །འགྲོ་ཀུན་དུས་ཀྱི་ཚ་གདུང་འགོག་པ་


SPN003_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །བདེ་བར་ངལ་གསོའི་བསིལ་གྲིབ་སིམ་པ་བསྐྱེད། །གཞན་ཕན་ལྷག་བསམ་རྩ་བ་རབ་ཏུ་བརྟན། །འཇིག་རྟེན་མཆོད་འོས་བསྟན་དང་དེ་འཛིན་རྣམས། །དགྱེས་རོལ་ཡོངས་འདུ་མེ་ཏོག་རྣམ་བཀྲ་བས། །བླ་མེད་བསྒྲུབ་པའི་མཆོད་པ་འདབ་སྟོང་གྲོལ། །ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ངང་། །རྣམ་པར་མི་རྟོག་སྐྱེ་མེད་མཁའ་འདྲ་བའི། །གཉུག་མ་སྤྲོས་བྲལ་གཤིས་ཀྱི་རང་གདངས་ལས། །རྟོགས་ཚོགས་གེ་སར་བཞད་པའི་ཕྲེང་བ་མཛེས། །ཁོར་ཡུག་བྱར་མེད་སྐྱོང་བའི་དྲི་བསུང་གི། །བསོད་ནམས་བ སྐལ་བར་བརྗོད་དཀའི་གནས་ལས་ཅི། །སྣང་ཚུལ་རྟེན་འབྱུང་ཡ་མཚན་ལྟད་མོའི་འཕྲུལ། །འབྲས་བུ་གཡུར་དུ་ཟ་བའི་ལོངས་སྤྱོད་ཀྱིས། །མོས་བློའི་རྒྱུད་བསྐུལ་ཞབས་ཏོག་དགུ་ཕྲུག་གི། །མཆོད་སྤྲིན་བར་མེད་སྤྲོ་དང་ལྷན་ཅིག་པར། །གསུང་རིས་རྟེན་བཟང་དངོས་པོའི་བདོག་པ་ལས། །དམ་ཚིག་གཅེས་སྤྲས་ལྷ་རྫས་དྲི་མེད་དཀར། །དེ་ཉིད་གཞི་བརྟན་ས་ཟླ་ཟུང་འཇུག་གྲངས། །འབྲེལ་ཚད་ཐར་ལམ་སྐྱེལ་བའི་ཅང་ཤེས་རྟ། །སྤུ་སྡུག་སྤྲིན་ཤུགས་ལྡན་པ་བཅུ་ཕྲག་གསུམ། །ཞིང་གི་ཡོན་ཏན་རྫོགས་ཕྱིར་རིན་གཉིས་ཀྱི། །པདྨ་སྤུངས་པའི་རེ་ཁཱ་


SPN003_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་བ་བཅས། །བརྡའ་རྟགས་རྟེན་འབྲེལ་འཆར་སྒོའི་དཔྱིད་དུ་ནི། །སོན་བཞིན་ཡིད་ཀྱི་བུང་བ་བདེ་སྟོང་གི། །ཡེ་ཤེས་རྒྱུད་ལ་སྐྱེས་མཚུངས་སྤྲོ་དགར་རྨད། །འདིར་ཡང་སྐྱབས་གསུམ་ཉིན་བྱེད་གཟི་བྱིན་གྱི། །དཔལ་ལ་བརྟེན་མཐུས་འབྱུང་ཁམས་སྙོམས་པ་ནས། །བསྟན་འགྲོར་སྨན་བདེའི་འདུན་ཁུལ་དང་བཅས་ཏེ། །བསམ་གཏན་ཁང་བུར་ཆོས་སྤྱོད་ཟོལ་དུ་མཆིས། །འཕགས་ཆེན་མཆེད་དང་མཆོག་ཟུང་ཉན་རང་ཚོགས། །ཅི་བཞིན་དགེ་འདུན་རྣམས་ཀྱང་སྤངས་རྟོགས་ཀྱི། །ཡོན་ཏན་དགའ་ཚལ་རྒྱས་པའི་ཟིལ་མངར་ལ། །མཐའ་བཞིའི་ཡིད་ཅན་རྐང་དྲུག་འདུ་བཞིན་པར། །བདེན་བཞིའི་བཅུད་ཀྱིས་འཚོ་བའི་དཔལ་སྦྱིན་གནས། །གཞན་དུ་མི་བདག་འབངས་འཁོར་དྲི་བཞོན་ལྟར། །གྱ་གྱུའི་སྤྱོད་ཚུལ་ཀུན་ཏུ་གཡོ་བ་ཡི། །མངའ་རིས་གྲང་རེག་ཁོ་ནས་དུས་འདའ་ཞིང་། །བདེ་བའི་བར་མཚམས་དབེན་པའི་གོ་སྐབས་བྲལ། །འོན་ཀྱང་གཞར་ཡང་མི་བསླུའི་དཀོན་མཆོག་དབྱིངས། །མི་ཕྱེད་འདུན་པའི་སྐྱ་རེངས་ཀྱིས་བསྐུལ་ཚེ། །ཐུགས་རྗེའི་འོད་སྟོང་སྤྲོ་བར་ཅིས་མི་འགྱུར། །དེས་ན་ཚད་མེད་བཞི་ལྡན་སྨོས་ཅི་དགོས། །མཚམས་འབྲས་སླད་ཆར་གང་སྐུ་བསྙེལ་མེད་པར། །དུས་ཀྱི་འགྱུ་བས་མ་གཙེས་སྒོ་


SPN003_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ། །རྡོ་རྗེ་གསུམ་ལྡན་དྭངས་མའི་སྐུར་གྲུབ་ནས། །མི་ཤིགས་རྟག་པའི་ངོ་བོར་འཚོ་བརྟན་ངོས། །སྔོན་ཚེ་ལྷར་བཅས་འགྲོ་མགོན་བཅུ་གསུམ་པ། །བདུད་འདུལ་རྡོ་རྗེ་འཆང་བའི་བྱིན་རླབས་ཀྱི། །འཕོ་དབང་ཟབ་མོས་སྟན་ཐོག་གཅིག་སངས་རྒྱས། །དངོས་སུ་འགྲུབ་པའི་གསང་སྔགས་ཉེ་ལམ་མཆོག །མ་ཧཱ་མུདྲ་ཚངས་རལ་གངྒཱའི་ཀླུང་། །ཉིད་ཀྱི་སྐལ་བར་སྣོད་ལྡན་བུམ་བཟང་གཏམས། །རྒྱུད་གྲོལ་ཡེ་ཤེས་རྡོ་རྗེ་མངོན་གྱུར་བཞིན། །གདུལ་བྱར་འོས་པའི་རིགས་ཅན་གང་དག་རྣམས། །སྨིན་པའི་འགྲོ་སྒྲོལ་རླབས་ཆེན་སྤྱོད་པ་ཡི། །ཡང་དག་ལམ་ལ་འགོད་པའི་དེད་དཔོན་དང་། །རྒྱལ་བསྟན་མཆོད་ཅིང་སྐྱོང་དང་སྤེལ་བ་སོགས། །དམ་པའི་རྣམ་ཐར་རྗེས་སུ་སློབ་མཚུངས་པའི། །ཇི་ལྟར་སེམས་བསྐྱེད་འབྲས་གང་གེགས་མེད་པར། །དངོས་སུ་གྲུབ་དང་འགྲུབ་གྱུར་མཆིས་སོ་ཅོག །དེ་ལྟར་དོན་དང་ལྡན་ཕྱིར་སྨོན་ལམ་གྱི། །རྒྱས་གདབ་རྡོ་རྗེའི་བདེན་ཚིག་སྤེལ་ཡོད་ཅིང་། །འབྲེལ་གྱུར་རྣམས་ཀྱང་འདི་གཏན་བདེ་ཐོབ་ཕྱིར། །བསྔོ་བས་མཚམས་སྦྱོར་བགྱིད་པའང་དགོངས་ཆུབ་ནས། །མོལ་མཆིད་དལ་འབབས་རྒྱུན་བཞིན་ཆད་མེད་འཚལ། །རབ་དཀར་ལྷ་རྫས་བཀྲ་ཤིས་རེ་ཁཱ་བཀྲ། །ཆོས་ཀྱི་རྒྱལ་པོ་ཤཱཀྱའི་སྐུ་བརྙན་


SPN003_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བསྟན་པའི་གསལ་བྱེད་དྷརྨཱ་ཀཱ་ར་ཡི། །སྐུ་བརྙན་གསེར་ལས་ལེགས་བྱས་མཚན་དཔེའི་ཆ། །གཟི་འབར་བྱིན་རླབས་སྟོབས་ཀྱིས་རབ་བརྗིད་པའི། །མཆོད་པའི་རྟེན་དུ་འོས་པ་ཉི་ཟླ་ཟུང་། །རྡོ་རྗེའི་མདུད་དང་དམ་རྫས་ལེ་ཚན་དང་། །ཙི་ནའི་ཆུ་གོས་ལས་གྲུབ་བླ་བྲེ་བཅས། །སྐྱེས་བདག་བགྲང་བྱའི་མགོ་ཟླའི་དབང་ཕྱོགས་ཀྱི། །རྒྱལ་བ་དང་པོའི་གྲལ་ཚེས་དགེ་བ་ལ། །དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གདན་ས་ཡི། །ཡང་དབེན་དོན་གྲུབ་བདེ་ཆེན་དགའ་གླིང་ནས། །སྤེལ་བའི་ཀུ་ཧུ་མགྲིན་གླུ་དང་བཅས་ཏེ། །སྐྱེས་བཟང་ལྡན་པའི་འདབ་གཤོག་བརྒྱར་བྱས་ནས། །ག་ལ་བ་དེར་བསོད་ནམས་ལྗོན་པའི་རྩེར། །དགེ་བར་འབབ་དགེས་ཀུན་ཏུ་དགེ་གྱུར་ཅིག །སརྦ་མངྒ་ལམ། སུ་ཛ་ཡནྟུ། ཤུ་བྷམ། ཞེས་གནས་མདོ་བླ་མ་ཡན་ལག་མཆོག་གི་འབུལ་སྐྱེལ་འབྱོར་ལེན་ལ་བསྲིང་པའོ། །

སྨན་པ་བླ་མ་ཚེ་བརྟན་གྱི་ཡུན་འཚོའི་ལན་དུ།


SPN003_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྨན་པ་བླ་མ་ཚེ་བརྟན་གྱི་ཡུན་འཚོའི་ལན་དུ་སྤེལ་བ་ནི། སྭསྟི། རྣམ་དག་བསླབ་གསུམ་རིན་ཆེན་ཁང་བཟང་དབུས། །འགྲོ་ཀུན་ཉེར་འཚོའི་གཏེར་གྱི་འདོད་འཇོའི་བུམ། །སྙིང་སྟོབས་ཞུམ་མེད་འཛིན་པའི་ཛཱི་ཝནྟ། །གུ་རུ་ཨཱ་ཡུ་ཏིཥྛ་རྒྱལ་གྱུར་ཅིག། གང་ཁྱོད་རིང་


SPN003_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མ་འདྲིས་བཤེས་རྣམས་ཀྱི། །རྗེས་སློབ་དགེ་ཚོགས་འབྲས་བུ་རླབས་ཆེན་པོ། །དུས་སྨིན་སྐུ་འཚོ་སཱ་ལའི་ལྗོན་དབང་ལྟར། །བརྟན་ཅིང་ཡོངས་ལ་ཕན་བདེའི་ལོ་འདབ་ཀྱི། །གྲིབ་བསིལ་སྣུམ་པོས་སྐྱོང་དང་ཆབས་ཅིག་པར། །འདིར་ཡང་རྣམ་ཀུན་བརྩེ་བའི་མི་ཕྱེད་འདུན། །དད་དང་དམ་ཚིག་རབ་དཀར་ཀཻ་ལ་ཤ། །ཇི་བཞིན་རྟག་འགྲུས་ངང་ནས་རྟེན་འབྱུང་རྫས། །རིན་ཐང་གཞལ་དཀའི་མཚན་དཔེའི་ཆ་རྫོགས་པའི། །རྒྱལ་བ་ཚེ་མཐའ་ཡས་པའི་སྐུ་བརྙན་མཆོག། སུ་ཝརྞ་ལས་གྲུབ་པའི་བཟོ་ཁྱད་ཅན། །ལྷ་རྫས་དྲི་མེད་འབེལ་མཆིད་རེ་ཁཱ་བཅས། །འབྱོར་བ་དགེ་བའི་མཚན་མ་གསུམ་ལྡན་པའི། །ལེགས་ཚོགས་ཡར་ངོའི་ཟླ་བཞིན་ཆ་གང་གྱུར། །དེ་ལྟའི་བསོད་ནམས་བྱེ་བའི་རྡུལ་བརྩེགས་ཀྱིས། །ཕྱོགས་ཀྱི་རྒྱ་མཚོའི་གོས་ཅན་ཡོངས་ཁྱབ་ནས། །བསྟན་འགྲོའི་མགོན་གྱུར་གང་ན་སུ་བཞུགས་པ། །འཚོ་བརྟན་གསོལ་ཞིང་དེ་མཐུས་བདག་ལྟའང་། །འབྱུང་འདུས་བདེན་པ་རྟག་པ་ཐེར་ཟུག་པའི། །མི་ཤིགས་རྡོ་རྗེ་གཡུང་དྲུང་ཁམས་གྲུབ་ཅིང་། །རྒྱལ་བསྟན་རྣམ་པར་དག་པ་གང་དག་ལ། །བྱ་བ་རྒྱ་ཆེར་འགྲུབ་པར་སྨོན་པ་དང་། །སྐྱེ་དགུ་ཆོས་ལ་སྦྱོར་བའང་འདུན་པ་བཅས། །དེ་ཀུན་གང་


SPN003_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

གི་སེམས་བསྐྱེད་ཟབ་མོའི་འཕྲུལ། །མ་སྨད་ཆོས་ཅན་ཆོས་ཉིད་བདེན་སྟོབས་ཀྱི། །མཐུ་ལས་ངེས་པར་འགྲུབ་པའི་རང་བཞིན་འགྱུར། །སླད་ཆར་ཉི་ཟླ་འོད་ཟེར་ཙནྡ་དྲི། །ཇི་བཞིན་དཔོན་སློབ་འདུ་འབྲལ་མེད་པར་གནས། །ཉིད་ཀྱང་བགྲང་བྱ་རྩེར་སོན་མཐར་ཕྱིན་ནས། །བཞེད་དོན་མཐའ་དག་འབད་མེད་མཐར་ཕྱིན་ཞིང་། །རྣམ་ཀུན་ཡེ་ཤེས་སྣང་བ་རབ་རྒྱས་ངོས། །བཀྲ་ཤིས་གསུང་ཚོགས་དབྱར་མཚོ་རབ་རྒྱས་འཚལ། །ཞེས་པའི་ཕྲིན་ཡིག་ལེགས་སྐྱེས་ལྷ་དར་དཀར། །ཀསྨི་ར་དང་ནཻ་པཱ་ལ་ཡུལ་གྱི། །ཚེ་ཡི་གསོས་གྱུར་བཟང་སྨན་ལེ་ཚན་དང་། །བཅུད་ཀྱི་སྙིང་པོ་ཤིས་པའི་རྫས་དང་བཅས། །སུཪྱ་བྱང་བསྒྲོད་ལྷ་ཡི་ཉིན་མོའི་དུས། །དཀར་ཕྱོགས་དགའ་བ་གསུམ་པའི་ཚེས་བཟང་ལ། །དོན་གྲུབ་བདེ་ཆེན་དགའ་བའི་གླིང་ནས་སྤེལ། མངྒ་ལམ། །

དཔལ་ལྡན་འབྲུག་ཆེན་རྡོ་རྗེ་འཆང་མཆོག་གི་རྣམ་རོལ་སྐོར་གྱི་ཕྲིན་ཡིག


SPN003_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་འབྲུག་ཆེན་རྡོ་རྗེ་འཆང་མཆོག་གི་རྣམ་རོལ་སྐོར་གྱི་ཕྲིན་ཡིག་བཞུགས་སོ།


SPN003_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭསྟི། མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ་འཕུར་འགྲོའི་སློབ་དཔོན་ཆེན་པོ་དང་དབྱེར་མ་མཆིས་པ་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་པཎ་ཆེན་ནཱ་རོ་ཏ་པའི་ཐུགས་རྗེ་ཡེ་ཤེས་ཀྱི་རོལ་པ་མངོན་སུམ་དུ་འཆར་བ་སྙན་གྲགས་དབྱར་གྱི་རྔ་ཆེན་ས་གསུམ་ཀུན་ཏུ་སྒྲོག་པའི་ལེགས་བྱས་ཀྱི་གྲུ་ཆར་རྟག་པར་སིམ་པའི་མཐུ་ལས་འཛམ་གླིང་སྤྱི་དང་བྱེ་བྲག་གངས་ཅན་ལྗོངས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེའི་དཔལ་དང་། སྐྱེ་དགུ་རྣམས་ཀྱི་མགོན་དང་སྐྱབས་དཔུང་གཉེན་མཆོག་ཏུ་མངོན་པར་བསྔགས་པ། དཔལ་ལྡན་རྒྱལ་དབང་འབྲུག་པ་རིན་པོ་ཆེ་ཞེས། ཐུབ་མཆོག་ཤཱཀྱའི་གཙོ་བོ་དང་། ཨོ་རྒྱན་ཆེན་


SPN003_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྡོ་རྗེའི་བཀས་གསལ་བར་བསྟན་པ། སྐྱེས་བུ་དམ་པ་རྣམས་ཀྱི་རིགས་བདག་མཚུངས་བྲལ་རྡོ་རྗེ་འཆང་ཆེན་མིའི་ཟོལ་ཅན་དེ་ཉིད་གདུལ་བྱ་རྟག་པར་འཛིན་པ་འཁྲུལ་ཞེན་ཀྱི་སྣང་བ་ལྡོག་པའི་ངོར་གཟུགས་སྐུའི་བཀོད་པ་ཟག་མེད་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་སྐབས་ཉེ་བར་གནས་པའི་རྗེ་དབོན་མཆོག་དང་། ཞབས་རིམ་པ་རྣམས་ཀྱིས་གང་གི་རྣམ་རོལ་སྐོར་གསལ་བར་ལུང་བསྟན་སྩོལ་ཞེས་གསོལ་བ་བཏབ་པར་དེ་དག་ལ་རྗེས་སུ་དགོངས་པའི་ཞལ་བཞེས་རྡོ་རྗེའི་བཀའ་ཆེམས་རིན་པོ་ཆེ་སྩལ་བར་འབྱུང་འགྱུར་གནས་ལ་བསྟན་འགྲོའི་དོན་དུ་སླར་ཡང་ཐུགས་བསྐྱེད་ཟབ་མོས་ཁྱབ་


SPN003_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྲུལ་བའི་ཟློས་གར་དབུས་དང་གཙང་གི་ཕྱོགས་སུ་ཁྱིམ་བདག་མཐོན་པོའང་མ་ཡིན་པ་ཐ་མའང་མིན་པའི་བར་མའི་ཚུལ་ཅན་རིགས་བཟང་ཆོས་དང་ལྡན་པར་རིམ་གསལ་འོང་པས་དེའང་གཙོ་བོར་༧རྒྱལ་དབང་ཀརྨ་པ་དང་། རྗེ་བཙུན་དཔའ་བོ། སི་ཏུ་བཅས་ལ་ཞུས་དང་སྒྲིབ་བྲལ་འཁྲུལ་པ་མེད་པར་མངོན། ཞེས་པའི་བཀའ་རིན་པོ་ཆེ་ཐོབ་པར་བརྟེན་རྗེ་དབོན་མཆོག་ནས་ཡས་ཕྱིར་ཡབ་སྲས་རྣམས་ཀྱི་དྲུང་དུ་༧མགོན་དེའི་སྒྱུ་འཕྲུལ་རོལ་པའི་སྐོར་ཡང་ཡང་བཀའི་བསྐུལ་མ་ཆེ་ཐང་ཕུལ་བར། ངོས་ནས་འདི་དོན་བསྟན་འགྲོའི་གཞི་རླབས་པོ་ཆེར་སོང་གཤིས་ད་དུང་སྐྱབས་མགོན་མཆོག་རྣམས་ལ་དགོངས་སྐོར་བཀའ་བརྟག་ཞིབ་བརླིང་ཞུ་གནང་རེ་ཞིག་ཐུགས་བྲེལ་མི་འཚལ་ཞུས་ཤིང་། ཁོ་བོས་ཀྱང་རྩ་གསུམ་འདུས་ཞལ་འཁོར་ལོའི་མགོན་པོ་དེ་ཉིད་རང་སེམས་གདོད་ནས་ཡེ་ཤེས་ཆོས་སྐུའི་ངོ་བོ་འདུ་འབྲལ་མེད་བཞིན་སྣང་སྲིད་བླ་མའི་རོལ་པར་ངེས་པའི་གསོལ་གདབ་ཀྱི་འཆར་སྒོ་སྔ་མ་དབོན་དྲུང་དང་ལྡེ་འཆང་པར་ཕུལ་ལྟར་ལགས། ད་ལམ་སྟོན་མཆོག་ལྷ་ལས་བབས་པའི་དུས་ཚེས་དགེ་བར་གཟིམ་དཔོན་རྣམ་རྒྱལ་ཆོས་འགྲུབ་དཔོན་གཡོག་འདིར་བཏང་འབྱོར་གདོང་། ༧ སྐྱབས་མགོན་རྒྱལ་དབང་རིན་པོ་ཆེ་


SPN003_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ངེས་པའི་དོན་དུ་རྡོ་རྗེའི་གསུང་གསང་ཟབ་མོ་བསྩལ་བ་དང་། རྗེ་དཔའ་བོ་རིན་པོ་ཆེའི་དོན་དམ་གྱི་བཀའ་གསང་དང་བཅས་སྔ་ཕྱི་ཕྱག་རྟགས་པད་རག་གི་རྒྱ་ལྡན་ཚིག་དོན་ཕུན་སུམ་ཚོགས་པ་བསྩལ་འབྱོར་དང་ལྷན་ཅིག་རང་གིས་དད་གསུམ་རྣམ་པར་དག་པས་རི་མོར་བྱས་པ་དགེ་མཚན་གྱི་ལྟས་དང་ཡང་མཚུངས་པར་གྱུར་པས་སླར་ཡང་མི་ཕྱེད་དད་པའི་གསོས་སུ་ཐོབ། ཆེད་དུ་བརྗོད་དོན། ༧ དམ་པའི་སྒྱུ་འཕྲུལ་རྡོ་རྗེའི་སྣང་བརྙན་ཡུལ་གཙང་ཕྱོགས་སུ་རིགས་རུས་ཆོ་འབྲང་ཡ་རབས་དྲ་མའི་སྤྱོད་ཚུལ་ཅན་དགེ་བཅུའི་ཆོས་དང་ལྡན་པ་ཞིག་གི་སྲས་སུ་འཁྲུངས་པར་འཁྲུལ་པའི་དྲི་མས་དབེན་པ། སྐྱེས་བུ་ཆེན་པོ་དེའི་སྐུའི་བཀོད་པ་ཕྱི་ནང་གསང་བ་ཡང་གསང་རྟགས་ཀྱི་མཚན་ཉིན་ཡོན་ཏན་ངོ་མཚར་བརྗོད་པར་དཀའ་བ་རྣམས་ནི་གྲུབ་པའི་དབང་ཕྱུག་དཔའ་བོ་རིན་པོ་ཆེའི་ཟག་མེད་ཡེ་ཤེས་སྤྱན་རས་ཀྱི་གཟིགས་ངོར་འབབས་པ་དེས་ཁྱབ། འོན་ཀྱང་སྙིགས་དུས་དབང་གིས་ཅུང་ཟད་འཚུབ་ཆེར་དོགས་པས་༧ ཞབས་བརྟན་ཀྱི་རིམ་པ་སྒོ་གང་ཟབ་གལ་ཆེ་ཞིང་། དེ་དག་གི་རྩ་བ་རྗེས་འཇུག་བུ་སློབ་རྣམས་དམ་ཚིག་སེལ་མེད་ཀྱི་སྤྱོད་ཚུལ་རྣམ་པར་དག་པ་གཞིར་བྱས། ༧ ཨོ་རྒྱན་རིན་པོ་ཆེར་གསོལ་གདབ་ཚིག་བདུན་


SPN003_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

མ་འགྲོ་གང་ཆེ། གསོལ་འདེབས་བསམ་ལྷུན་མ། ཚེ་ལྷ་རྣམ་གསུམ་ཆོ་ག །འཇམ་དཔལ་མཚན་བརྗོད། གདུགས་དཀར་མཆོག་གྲུབ་མ། རྡོ་རྗེའི་ཆོས་སྐྱོང་ཆེན་པོ་རྣམས་ལ་གསོལ་མཆོད་དང་། ཁྱད་པར་སྐོང་རྟེན་སྒྲུབ་པའི་རྫས་འབུལ། དཀར་ཕྱོགས་སྐྱོང་བར་མངའ་གསོལ། ལྷ་བསང་དང་། རླུང་རྟ་བསྐྱེད་པ། རྒྱལ་མཚན་དང་བ་དན་འཕྱར་བ་སོགས་དགེ་ཞིང་། ༧ རྗེ་ནཱ་རོ་དང་མར་པ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་བླ་སློབ་ཚད་མའི་ཐུགས་བསྐྱེད་ཀྱིས་ཚེ་རབས་ནས་འབྲེལ་བའི་ལས་སྨོན་ལྡན་པ་པདྨའི་མིང་ཅན་བདག་གིས་ཐོག་མའི་མཚན་གསོལ་དང་ཤིས་བརྗོད་རྟེན་འབྱུང་གི་དངོས་པོ་ཕུལ་ཞིང་། ངོས་འཛིན་སྐུ་ཁྲུས་སོགས་ཀྱི་སྐོར་ལ་༧ རྗེ་དཔའ་བོ་རིན་པོ་ཆེ་ནས་རྟེན་འབྲེལ་གྱི་སྒོ་གང་ཟབ་བཀའ་དྲིན་དང་། མི་འཇིགས་སེང་ཁྲིར་མངའ་གསོལ་གཟེངས་བསྟོད་སོགས་༧ ཀར་འབྲུག་གི་སྐྱེས་ཆེན་ཡབ་སྲས་རིན་པོ་ཆེ་མཆོག་ལྷན་རྒྱས་ནས་ཐུགས་བསྐྱེད་རྒྱ་གང་ཆེས་ཆོས་ཀློང་ཟབ་མོ་མཁའ་ལྟར་ཡངས་པ་ནས་དོན་དང་ལྡན་པའི་ཕྲིན་ལས་ཉིན་མོར་བྱེད་པའི་འོད་སྣང་སྤྲོ་བཞིན། འགྲོ་རྣམས་རྫོགས་ལྡན་བསྐལ་བཟང་པདྨའི་དགའ་ཚལ་ལ་ཉེ་བར་སྤྱོད་པའི་བཀའ་དྲིན་ཆེན་པོས་རྟག་པར་སྐྱོང་དུ་གསོལ། ཞེས་པའི་ཕྲིན་ཡིག་མེ་ཕག་སྨིན་ཟླའི་


SPN003_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཕྱོགས་ཀྱི་དགའ་བ་གཉིས་པར་ས་སྤྱོད་དགའ་ལྡན་ཡིད་དགའ་ཆོས་འཛིན་དཔལ་སྤུངས་ཐུབ་བསྟན་ཆོས་ཀྱི་འཁོར་ལོའི་གླིང་ནས་ཕུལ་བ་ཛ་ཡནྟུ། །དེང་རྒྱལ་བའི་བཀའ་མཆིད་ཀྱི་རིམ་པ་ཉིན་བྱེད་གསར་དུ་འཆར་བའི་གཞི་འདི་དག ཁྱོད་ཀྱི་ལྷག་བསམ་དྲིན་ལས་བསྐྱེད་པའི་ལེགས་བྱས་བཟང་པོའི་མཐིང་ཤོག་གནམ་སྔོན་ཞུན་མའི་མདངས་འཛིན་ཉེ་བར་གྲུབ་པའི་ལེགས་སྤྲོ་མཚོན་པར་བཀྲ་ཤིས་ལྷ་ཡི་རེག་བྱ། མངྒའི་རི་མོས་མཚན་པའི་ཧོར་གོས་ཁ། འཆི་མེད་ཀྱི་བདུད་རྩི་དང་བཅས་བསྲིང་ཡོད། དེ་ལྟར་རྒྱལ་བའི་གསུང་གསང་གི། །འོད་སྟོང་ལྡན་དེའི་དཔལ་བྱིན་ལས། །མཐའ་ཡས་འགྲོ་ཚོགས་བྱང་གྲོལ་གྱི། །གོ་འཕང་དམ་པ་མཆོག་ཐོབ་ཤོག །ཅེས་མཛོད་པ་ཀརྨ་བཀྲ་ཤིས་ནས་རྨད་བྱུང་དགེ་མཚན་ཆེས་ཆེར་འབར་བའི་མཐུན་རྐྱེན་བསྒྲུབ་པར་བརྟེན། མེ་འབྲུག་ཟླའི་ཚེས་དགེ་བར་སི་ཏུས་བསམ་གྲུབ་རྡོ་རྗེའི་སྤོ་ནས་བྲིས་པ་ཤུ་བྷཾ། །འཕགས་མཆོག་ཕྱག་ན་པདྨོ་མཐོན་མཐིང་ཅོད་པན་འཆང་བ་མཆོག་གི་ཆོས་ཀྱི་རྒྱལ་ཐབས་དམ་པར་དབང་བསྒྱུར་བ་ཏཱའི་སི་ཏུར་འབོད་པའི་ཡི་གེ། འཛིན་མའི་གཞིར་འཁོད་པ་སྤྱི་དང་བྱེ་བྲག་ནང་ཆེན་ཆིང་ཧུའི་མངའ་རིས་ཀྱི་བེ་ཧུ་ཉེར་ལྔའི་


SPN003_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་གཏོགས་པའི་ལྷ་སྡེ་དང་མི་སྡེ་མཆོག་དམན་བར་མ་རྣམས་ལ་ཟློ་བ། མདོ་སྔགས་བསྟན་པ་ཡོངས་ཀྱི་རྩ་ལག་དམ་པ་གྲུབ་ཆེན་༧ ཀརྨ་ཆགས་མེད་རིན་པོ་ཆེའི་རིང་ལུགས་ཀྱི་སྲོལ་བཟང་འཆང་བ་བཟོ་རིག་རིན་ཆེན་སྤུངས་པའི་ཆོས་འཁོར་སྐྱོང་བའི་བླ་མ་རིམ་ཅན་ཚར་དུ་དངར་བ་ལས་བླ་རྒན་བསྟན་འཛིན་དོན་གྲུབ་བསྟན་པ་ལ་བྱ་བ་ཆེ་ཞིང་དོན་གྱི་རྣལ་འབྱོར་དུ་ངེས་པ་དང་། བླ་མཆན་གཞན་དག་རྣམས་ཀྱང་བསྟན་འགྲོའི་གསོས་སུ་ཤུགས་འབྱུང་གིས་གྲུབ་ཅིང་འདི་གའི་དབོན་རྒན་བསམ་གཏན་སྤྲུལ་སྐུའི་གཅུང་ཀརྨ་བསྟན་འཛིན་རྣམ་རྒྱལ་ཞེས་པ་འདི་ཡང་། སྔོན་དུ་ཀརྨ་ཨ་རཱ་གའི་མཆོག་སྤྲུལ་གྱི་ལུང་བསྟན་རྗེས་འཛིན་ཐོབ་པ་དང་། སྐྱབས་མགོན་༧ རྒྱལ་བའི་དབང་པོ་མཆོག་གི་ཞབས་པད་ནས་ཀྱང་བཀའ་སྩལ་བྱིན་རླབས་ཤིས་པའི་མེ་ཏོག་བསྐོ་འཇའ་བཀའ་དྲིན་ཆེན་པོས་ཁྱབ་པ་བཅས། ཁོ་བོས་ཀྱང་སྨིན་གྲོལ་གདམས་ཟབ་བླ་ན་མེད་པ་མཐའ་དག་གིས་རྒྱུད་སིམ་པར་བྱས་པའི། གཞི་ནས་སྔོན་སྨོན་འབྲེལ་བཟང་ལས་ཀྱིས་བསྐུལ་བ་ལྟ་བུར་ངེས་པའི་བསྟན་དང་སེམས་ཅན་ལ་ཕན་བདེ་སྤེལ་བའི་བཙས་སུ་འགྱུར་སྙམ་ནས་འགྲོ་བའི་དེད་དཔོན་བླ་མའི་གོ་སར་བཀོད་པ་ཡིན་པས། དགེ་ལ་འདུན་པའི་དད་ཅན་རྣམས་ཀྱིས་ལྷག་པའི་བསམ་སྦྱོར་


SPN003_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམན་པའི་སྒོ་ནས་བསྙེན་བཀུར་སྲི་ཞུ་ཕུ་དུད་ལ་སོགས་དང་ལེན་ཅི་ནར་འཚལ་ཞིང་། བླ་མ་འདི་པས་ཀྱང་ཐོས་སྒོམ་བསླབ་གཞིའི་ཚུལ་ལ་གཞན་དྲིང་མི་འཇོག་པ་ཤཱཀྱའི་སྲས་ཀྱི་བརྟུལ་ཞུགས་ལ་གནས་པའི་རང་དོན་ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པའི་གཞན་དོན་བསྡུ་བཞིའི་སྒོ་ནས་བསྟན་ལ་ལྷག་པར་གུས་པའི་སྟོབས་བསྐྱེད་ནས་འཛིན་སྤེལ་སྐྱོང་བའི་གཅེས་སྤྲས་དང་། རིས་སུ་མ་ཆད་པའི་སེམས་ཅན་དོན་ལ་གཅིག་ཏུ་རྟག་པར་བརྩེ་བའི་སྒོ་ནས་བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོང་བ་སོགས། མདོར་ན་དམ་པའི་རྣམ་ཐར་བཟང་པོ་རྗེས་སུ་སློབ་པའི་སེམས་བསྐྱེད་ཀྱི་དམ་བཅའ་ནམ་ཡང་བསྙེལ་མེད་གལ་ཆེ་ཞིང་། དེ་ལྟའི་རང་གཞན་དོན་གཉིས་ཕུན་སུམ་ཚོགས་པ་ཉིད་དུ་གེགས་མེད་ལྷུན་གྱིས་འགྲུབ་པར་ཕྱོགས་དུས་རྒྱལ་དང་རྒྱལ་སྲས་རྣམས་ཀྱི་ཐུགས་རྗེ་ཆེན་པོས་ཉེ་བར་སྐྱོང་བར་མཛད་དུ་གསོལ། ཞེས་རབ་བྱུང་བཅུ་བཞི་པའི་ཁོང་། ཤིང་ཕོ་སྤྲེལ་ལོ་གྲོ་བཞིན་ཉ་བའི་དཀར་ཚེས་བཟང་པོར་དཔལ་སྤུངས་ཐུབ་བསྟན་ཆོས་ཀྱི་འཁོར་ལོའི་གཙུག་ལག་ཁང་ནས་སྤེལ་བ་ཤུ་བྷཾ་མསྟུ་ཛ་ག་ཏཾ། །

འཕགས་ཆེན་ཕྱག་ན་པདྨོ་མཐོན་མཐིང་གི་ཅོད་པན་འཆང་བ་མཆོག་གི་ཆོས་ཀྱི་རྒྱལ་ཐབས་དམ་པར་དབང་བསྒྱུར་པ་ཏཱའི་སི་ཏུ་ཞེས་གྲགས་པའི་ཡི་གེ།


SPN003_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཆེན་ཕྱག་ན་པདྨོ་མཐོན་མཐིང་གི་ཅོད་པན་འཆང་བ་མཆོག་གི་ཆོས་ཀྱི་རྒྱལ་ཐབས་དམ་པར་དབང་བསྒྱུར་པ་ཏཱའི་སི་ཏུ་ཞེས་གྲགས་པའི་ཡི་གེ། ཡངས་པའི་རྒྱལ་ཁམས་སྤྱི་དང་བྱེ་བྲག་ཤར་ཁ་རོང་ཆེན་བཅོ་བརྒྱད་ཀྱི་ནང་ཚན་ཝག་ཤུལ་ཁག་གསུམ་གྱི་ཆར་གཏོགས་པའི་བླ་མ་མི་དཔོན་སྡེ་རིས་བཅས་མཐའ་དག་ལ་ཟློ་བ། རྡོ་སྨད་རྟག་བརྟན་ཆོས་འཁོར་དགོན་ལ། སྐྱེ་དགུའི་སྐྱབས་སུ་ད་ལམ་བླ་མ་ཀརྨ་མགོན་པོ་ཚེ་དབང་ཞེས་པ་སྤངས་དང་རྟོགས་པའི་ཡོན་ཏན་གྱིས་མངོན་པར་མཛེས་པ་འདི་ཉིད་འགྲོ་བའི་དེད་དཔོན་དུ་བདེ་ལེགས་ཚིག་གི་མེ་ཏོག་བསྙིལ་བས། ༧ སངས་རྒྱས་བསྟན་པའི་ཕྲིན་ལས་ཀྱི་ཤིང་རྟའི་ཁ་ལོ་གྱེན་དུ་འདེགས་པ་པོར་མངའ་གསོལ་བ་ཡིན་པས། མཆོག་དམན་བར་མར་གྱུར་པའི་ཡིད་ཅན་དགེ་བའི་སེམས་ལྡན་རྣམས་ནས་བསྙེན་དང་བཀུར་སྟིའི་ཞིང་དམ་པར་དམིགས་པ་ཅི་ནས་འཚལ་ཞིང་། འདི་པས་ཀྱང་༧ཤཱཀྱའི་སྲས་ཀྱི་བརྟུལ་ཞུགས་ལ་གནས་པའི་རང་དོན་ཕར་ཕྱིན་དྲུག་གི་སྤྱོད་པ་ཕུན་སུམ་ཚོགས་པ་གཞར་ཡང་ལྷོད་བྲལ་གྱིས་སྐྱོང་བ་དང་། གཞན་དོན་རིས་སུ་མ་ཆད་པའི་སེམས་ཅན་རྣམས་ལ་རྟག་པར་བརྩེ་བའི་བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོང་བ་བཅས་མདོར་ན་སྐྱེས་བུ་དམ་པའི་རྣམ་ཐར་དག་གི་རྗེས་སུ་ཞུགས་ཤིང་རྗེས་སུ་སློབ་པའི་འདུན་པ་ཡང་དག་གཅེས་སྤྲས་གལ་ཆེ། དེ་ལྟའི་རང་གཞན་


SPN003_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཉིས་གེགས་མེད་མཐའ་རུ་ཕྱིན་པར་དུས་གསུམ་གྱི་རྒྱལ་བ་རབ་འབྱམས་རྒྱ་མཚོའི་ཡེ་ཤེས་ཐུགས་རྗེ་ཆེན་པོས་ཉེ་བར་བསྐྱང་དུ་གསོལ། ཞེས་རབ་བྱུང་བཅུ་བཞི་པའི་ནང་ཚན་ཤིང་ཕོ་སྤྲེའུ་ལོའི་གྲོ་བཞིན་ཟླ་བའི་དཀར་ཕྱོགས་ཆ་གང་བའི་གྲལ་ཚེས་དགེ་བར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་གཙུག་ལག་ནས་སྤེལ་བ་ཀ་ལེ་ཎ་བི་སྟཱ་ར་བྷ་ཝནྟུ་སརྦ་ཛ་ག་ཏཾ། །

ཚོགས་གསུམ་རིན་ཆེན་ལས་བྱུང་བའི། །བྱང་ཆུབ་ཐེམ་སྐས་འདིར་བསྟེན་ན། །བླ་མེད་ཡང་དག་ཁང་བཟང་རྩེར། །བདེ་བླག་འགོད་བྱེད་འདི་ན་གསལ།།


SPN003_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གསུམ་རིན་ཆེན་ལས་བྱུང་བའི། །བྱང་ཆུབ་ཐེམ་སྐས་འདིར་བསྟེན་ན། །བླ་མེད་ཡང་དག་ཁང་བཟང་རྩེར། །བདེ་བླག་འགོད་བྱེད་འདི་ན་གསལ།།


SPN003_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི། ཆོས་ཀུན་མཉམ་ཉིད་དབྱིངས་ཀྱི་དཀྱིལ་འཁོར་དུ། །འགྱུར་མེད་རང་ཤར་བདེ་ཆེན་སྒྱུ་འཕྲུལ་གར། །མ་འགག་རོལ་རྩེད་སྣང་སྟོང་སྤྲུལ་པའི་སྐུ། །ཤཱཀྱའི་རྒྱལ་པོས་བྱང་ཆུབ་བར་དུ་སྐྱོངས། །ཀོ་ཤའི་མཚོར་འཁྲུངས་སངས་རྒྱས་པདྨ་སྐྱེས། །ལྷར་བཅས་གཙུག་གི་ནོར་བུས་མཆོད་འོས་པ། །འཕུར་འགྲོའི་སློབ་དཔོན་གང་ཁྱོད་ཚེ་རབས་ཕྲེང་། །བདེ་ཆེན་འཁོར་ལོའི་རྒྱན་དུ་རྟག་པར་རོལ། །རྒྱལ་རྣམས་ཕྲིན་ལས་སྐབས་གསུམ་ཚངས་རལ་གྱི། །རྒྱུན་བཟང་ངེས་དོན་རིང་ལུགས་མ་དྲོས་བདག །བསྟན་འཛིན་གདེངས་ཅན་བདག་པོ་ཀརྨ་ཀ །མི་ཤིགས་སྙིང་གི་ཐིག་ལེའི་དབུས་སུ་བསྟི། །


SPN003_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་བཞིར་འབྲེལ་ཡི་དམ་ལྷ་རབ་འབྱམས། །རིག་འཛིན་དཔའ་པོ་ཌཱ་ཀི་ལ་སོགས་པ། །ཡེ་ཤེས་སྤྱན་ལྡན་མགོན་རྣམས་དུས་ཀུན་ཏུ། །འབྲལ་མེད་བསྙེན་ནོ་མཆོག་ཐུན་གྲུབ་གཉིས་སྩོལ། །མངོན་སྤྱོད་ཕྲིན་ལས་རོལ་པས་ཁྲོ་བོའི་ཚུལ། །མ་ཧཱ་ཀཱ་ལ་དམ་ཅན་ཆོས་སྲུང་མ། །ཡེ་ཤེས་ལས་དང་འཇིག་རྟེན་དྲེགས་བྱེད་རྣམས། །ཐུགས་དམ་རྗེས་དགོངས་ཕྱི་ནང་བར་ཆད་སོལ། །དེ་ལྟར་མཆོག་གསུམ་རྩ་གསུམ་རྒྱ་མཚོའི་ཚོགས། །བླ་མེད་བསྔགས་འོས་རྣམས་ལ་གུས་བཏུད་ནས། །མཆོད་བརྗོད་མཱ་ལི་ཀ་ཡི་ཕྲེང་བ་ཡིས། །མདུན་བསུས་བདག་བློ་དྭངས་པའི་ཡིད་མཚོ་རུ། །ལྷག་བསམ་


SPN003_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་ཟེར་འོད་སྣང་སྤྲོ་བཞིན་དུ། །ཁོ་བོར་བོང་བ་གསེར་མཐོང་དད་ཞེས་ཅན། །ཀུན་གྱིས་གྱ་ནོམ་དངོས་པོར་བསྟབ་པ་རྣམས། །སྙིང་པོ་མེད་ལ་སྙིང་པོ་ལེན་པའི་ཕྱིར། །དཀོན་མཆོག་མཆོད་པའི་བསོད་ནམས་ཞིང་ས་རུ། །དམིགས་ནས་འབུལ་གྱི་བཞེས་པའི་དགེ་གང་དེས། །དཔལ་ལྡན་བླ་མ་རྡོ་རྗེ་ཅན་རྣམས་ཀྱི། །ཟག་མེད་ཐུགས་ཀྱི་དགོངས་པ་རྫོགས་པ་དང་། །རྒྱལ་བསྟན་སྙིང་པོར་གྱུར་པ་གང་དེ་དག །ཉམས་མེད་ཡུན་གནས་དེ་འཛིན་སྐྱེས་བུ་རྣམས། །འཚོ་གཞེས་ཕྲིན་ལས་རྒྱ་མཚོའི་གོས་ཅན་ཁྱབ། །འདུས་པའི་སྡེ་ཚོགས་བསླབ་གསུམ་སྡོམ་གནས་ཤིང་། །བདག་དང་བདག་ལ་འབྲེལ་གྱུར་ཇི་སྙེད་པ། །མཁའ་ཁྱབ་ཕ་མའི་རང་བཞིན་དེ་སྙེད་རྣམས། །མངོན་མཐོ་ངེས་ལེགས་གོ་འཕང་ཐོབ་པའི་སླད། །བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་ལྗོངས་འདིར། །རྒྱལ་བས་ལུང་བསྟན་ཟླ་འོད་གཞོན་ནུ་ཞེས། །བསྟན་བཛིན་རྒྱུ་སྐར་དབུས་སུ་རི་བོང་འཛིན། །གང་དེའི་རིང་ལུགས་སྒྲུབ་བརྒྱུད་འཆང་བ་ཆེ། །མཉམ་མེད་དུས་གསུམ་མཁྱེན་པའི་བསྟན་པའི་སྲོལ། །ཀརྨ་ཀཾ་ཚང་ཉི་ཟླ་ལྟར་གྲགས་པ། །ཐེག་མཆོག་ངེས་དོན་བླ་མེད་སྙིང་པོ་ཡི། །བསྟན་པ་མི་ནུབ་གོང་ནས་གོང་འཕེལ་ཞིང་། །ཉམས་མེད་ཡུན་དུ་གནས་


SPN003_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར། །སི་ཏུའི་མིང་གིས་བརྗིད་པའི་འདུ་གསུམ་པ། །པདྨ་ཉིན་བྱེད་དབང་པོར་གྲགས་དེ་ཡིས། །དཔལ་ཆེན་སྡོམ་པའི་ས་སྤྱོད་གསུང་གི་གནས། །བཀའ་བརྒྱུད་རྗེ་བཙུན་གོང་མའི་སྐྱེས་རབས་ཕྲེང་། །གྲུབ་པའི་དབང་ཕྱུག་རྣམས་ཀྱི་གདན་ས་ཆེ། །འོག་མིན་ཀརྨའི་གཙུག་ལག་ཁང་བཟང་ནས། །རབ་བྱུང་བཅུ་གསུམ་དྲག་པོ་ལྕགས་སྤྲེལ་ལོ། །བསྐལ་བཟང་བཞི་པའི་དུས་ཆེན་གསུམ་འཛོམས་པའི། །ས་ཟླའི་དཀར་ཕྱོགས་རྒྱལ་བ་དང་པོ་ནས། །སྤེལ་བའི་དངོས་རྫས་བདོག་པ་ཀུན་བསྡོམས་པ། །ཙི་ནའི་ལྗོན་འདབ་འཁོར་དྲུག་ཆིག་སྟོང་དང་། །སུམ་བརྒྱས་མཚོན་པ་དེ་དག་ཆོས་ཀྱི་སྡེ། །སོ་སོའི་འདུ་ཁང་རྙིང་གསོ་གསར་བཞེངས་དང་། །རྟེན་གསུམ་སྣང་བརྙན་ལ་སོགས་ཇི་སྙེད་པ། །ཁྱད་པར་རྒྱུད་སྡེའི་དཀྱིལ་འཁོར་ཆོ་ག་དང་། །གཟུངས་སྔགས་ཆོས་སྐྱོང་དུས་གཏོར་ལ་སོགས་པ། །ཁ་བསྐང་བགྱིད་དང་དཀྱིལ་འཁོར་གསར་འཛུགས་དང་། །རྒྱལ་རྣམས་དགྱེས་བསྐྱེད་སྤྱན་གཟིགས་མཆོད་པའི་རྫས། །སྣ་ཚོགས་བཀོད་པ་ལས་གྲུབ་ངོ་མཚར་ཕྱིར། །བསྟར་བའི་བྱེ་བྲག་དངོས་པོའི་རྣམ་གྲངས་ནི། །འདིར་སྤེལ་དེ་ལྟར་ལེགས་བྱས་རྨད་བྱུང་ཆེ། །བརྟན་པར་རྒྱུན་བཞག་དགེ་རྩ་འཛད་མེད་པ། །ཇི་སྲིད་


SPN003_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ཆོས་ཀྱི་འཁོར་ལོའི་གཞི། །ལེགས་པར་གྲུབ་འདིའང་ཁོ་བོའི་གཏན་འདུན་གྱི། །བློ་གཏད་མ་ནོར་བསྟན་ལ་བྱ་བ་གྲུབ། །དེ་ཡང་ཐོག་མར་གདན་ས་བར་མ་ཀརྨ་དགོན་ཆེན་གྱི་རྟེན་གཙོ། བྱམས་ཆེན་དྲུང་དུ། དཀར་བུམ་ཆེ་ལེགས་ཆ། གསེར་མེ་གཉིས། སྦུབ་ཆོལ་བཟང་གྲས་ཆ་གཅིག །སྤྱན་སྔ་རྟ་ཤོད་པར་གོས་དམར་གྱི་བེར། ཐུབ་ཆེན་དྲུང་རྒྱན་བཞིའི་བླ་བྲེ་ཆེ་བ་གཅིག །སྦུབ་ཆོལ་རྙིང་མ་ཆ་གཅིག། གསེར་མེ་གཉིས། དཀར་བུམ་ལྗང་ཁྲ་གཉིས། སྔོ་ཁྲ་གཅིག །ཀརྨ་པ་རབས་བཅུ་གསུམ་དྲུང་། སྐུ་བརྙན་གསུམ་ལ་རྒྱ་གར་གོས་ཆེན་སྐྱེན་ཁབ་བེར། ཡང་བཟང་གོས་དམར་སྐྱ་འབྲུག་རིས་ཅན་གྱི་བེར། ཡང་བཟང་གོས་སེར་པོ་སྤོས་རྒྱ་འབྲུག་རིས་ཅན་གྱི་བེར་བཅས། རྗེ་བདུད་འདུལ་རྡོ་རྗེའི་འདྲ་ཞལ་སྨན་སྐུ་གསེར་ཆབ་ཅན་གསར་བཞེངས་ཏོར་གོས་འབྲུག་བརྒྱ་མའི་བེར་བཅས། སྙན་ཤལ་ཉི་ཤུ་སྐོར། སྦུབ་ཆོལ་འབྲིང་ཆ་གཅིག །གསེར་མེ་གཉིས། མཁར་ཀོང་མཚན་ཐུབ་བརྒྱ་རྩ་བརྒྱད། ཐུབ་དབང་དངུལ་སྐུ་ཉམས་གསོས་དང་ལིང་ཆེན་ཤིན་ལེགས་ཀྱི་སྣམ་སྦྱར། གོང་མ་ན་རིམ་བཞིའི་སྐུ་བརྙན་ལ་གོས་དམར་སྐུ་བེར་རེ། ཁྲོ་བོ་ལྷ་ཁང་དུ། གུ་རུ་རིན་པོ་ཆེར་གོས་དམར་སྐུ་བེར། གཏེར་ཆེན་སྐུ་


SPN003_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

འདྲར་ལིང་ཆེན་ཤིན་ལེགས་ཀྱི་སྣམ་སྦྱར། འཆམ་ཆས་ལ། གོས་ཡ་ཤི་ནག་པོའི་འཆམ་བེར་བཟང་གོས་དམར་པོ་དང་སེར་པོའི་སྐེད་ཁྲ་ཅན་ཉེར་གཉིས། རལ་གྲི་བཞི་བཅུ། བྷནྡྷ་བཞི་བཅུ། ཌཱ་རུ་བཅུ་དྲུག །ཕུར་པ་བཞི་བཅུ། ཚེས་བཅུ་དགུ་གཏོར་གྱི་ཞི་བ་དང་ཁྲོ་བོའི་ཞལ་འབག་མ་རལ་བཅས་ཆས་འཛོམས་བཞི་བཅུ། འབག་སྒམ་ཆེ་ལེགས་གཅིག །གསེར་རྔ་བཅུ། དུང་དཀར་གཅིག །ཞྭ་ཆུང་བཅུ་གཉིས། ཞྭ་ཁྲ་གསུམ། རྒྱལ་མཚན་ཤིན་དུ་ཆེ་ལེགས་གཅིག །འཕན་བཅོ་བརྒྱད། ཡང་རྒྱ་འཕན་པདྨ་ཅན་ཆེ་ཆུང་བཅུ་དྲུག དབུ་གདུགས་དར་ཤམ་ཅན། ཕྱར་དར་དཀར་པོ་གཉིས། ཞྭ་ནག་བཅུ་གསུམ། སྟག་ལྤགས་གཅིག །མེ་སྦོར་གཉིས། རལ་གྲི་གཉིས། རག་ཏིང་ཐོག་བདུན་འོག་བདུན། རག་གི་ཆུ་སྐྱེས་ཆེ་ལེགས་ཆ། ལི་ཏིང་བདུན་ཚར། ཀུན་དགའ་ར་བ་གསར་བཟོ་ཆེ་བ་མཆོད་སྟེགས་བཅས། སྙན་ཤལ་ཉི་ཤུ་སྐོར། ལི་ཏིང་བདུན་ཚར། དྲིལ་ཆེན་བཞི། སྤོམ་བྲག་ལྷ་ཁང་ལ་གསེར་འཕྲུ་སྤུས་ལྡན། མགོན་ཁང་དུ་སྙན་ཤལ་ཉི་ཤུ་སྐོར། རལ་གྲི་འགུ་ཟི་གཅིག །རལ་གྲི་མོ་རྐང་གཅིག །མེ་སྦར་སོག་བོག་ཆུ་རིས་ཅན་ཁྱད་མཚར། གཟིག །གཡི། ཝ།


SPN003_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱང་བཅས་ཀྱི་པགས་པ་རེ། ༈ ཀརྨ་ལྷ་སྟེང་དུ། རྟེན་གཙོ་ཇོ་བོའི་དྲུང་། ཧོར་གོས་ཀྱི་སྣམ་སྦྱར། ༡ རྒྱ་གར་གོས་ཅན་སྐྱེན་ཁབ་ཀྱི་བླ་བྲེ། ༡ ཏིང་བདུན་ཆ། ༡ སྙན་ཤལ་བཅུ་སྐོར། རྒྱ་འཕེན་པདྨ་ཅན། མགོན་ཁང་དུ། སྙན་ཤལ། གཟིག་ལྤགས། ༡ སྤྱང་ལྤགས། ༡ རལ་གྲི། ༣ མེ་སྤོར། ༢ རྟེན་བཞག་སྦུབ་ཆོལ་རྙིང་མ་འབྲུག་རིས་ཅན་སྤུས་ལེགས། ༡ ལྷ་ཐོག་མཛོད་དགོན་ལ། རྒྱ་སྦུབ་རྙིང་མ་ཆེ་ལེགས། ༡ རྒྱ་སིལ་རྙིང་མ་ཆེ་ལེགས་ཆ། ༢ ཧོར་གོས་དམར་པོ་གསེར་འབྲུག་ཅན་གྱི་འཆམ་གོས་སྤུས་ལེགས། བཟང་གོས་འཇམ་དམར་པོ་འབྲུག་གོར་ཅན་ལེའུ་ཧོར་ཇུས་ལ་བཟོས་པའི་སྣམ་སྦྱར་སྤུས་ལེགས། རྒྱལ་ཆེན་བཞིའི་གོས་ཁྲབ་ཆ་འགྲིགས་གསེར་རྨོག་དང་འཕྲུ་བཅས། ཕྱེ་འཕུར། ༢ རྒྱལ་མཚན། ༡ འཕན། ༢ རྒྱ་འཕན་པདྨ་ཅན། ཕྱར་དར་དཀར་པོ། ༢ དར་ཕྲ། ༢ རག་ཏིང་ཐོག་བདུན་འོག་བདུན་ཆེ་ལེགས། སྟག་ལྤགས། ༡ རྒྱ་གླིང་ཆ། ཟུར་མང་བདུད་རྩི་དིལ་ལ། འཕན་རིང་ཆ། ༡ རྒྱལ་མཚན་ཆ། ༡ རྒྱ་འཕན་པདྨ་ཅན་ཆེ་ཆུང་ཆ། ༢ ཏིང་བདུན་རྒྱ་ནག་མཆུ་རིས་ཅན་ཆེ་ལེགས། གོ་ཆེ་གནས་མདོ་དགོན་ལ། གྲྭ་སྦུབ་ཆེ་ལེགས་ཆ་གཉིས། དངུལ་གྱི་མཎྜལ། ༡ ཌཱ་རུ། ༡༥ རྒྱལ་མཚན། ༢ རྒྱ་འཕན་པདྨ་ཅན་ཆེ་ཆུང་། ༢ དར་


SPN003_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

དཀར། ༢ ཕྱག་དར། གནས་མདོ་བདེ་ཆེན་དགོན་ལ་འཁར་རྔ་ཤིན་ཏུ་སྤུས་ལྡན་ཆེ་ལེགས། ༡ སྦུབ་ཆེན་འབྲུག་མ་ཤིན་ཏུ་ཆེ་ལེགས། ༡ ༈ སྐྱོ་བྲག་དགོན་ལ། རྒྱལ་མཚན། ༢ འཕན། ༢ རྒྱན་བཞི་སེར་ཁྲའི་བླ་བྲེ་ཆེ། ༡ ཞྭ་ཁྲ། ༣༢ ཆོས་གོས། ༢ སྦུབ་ཆོལ་རྒྱ་གསར་ཆེ། ༡ རག་ཏིང་ཐོག་བདུན་འོག་བདུན། འཆམ་གོས། ༡༧ རལ་གྲི། ༡༤ རྒྱ་གླིང་ཆ། ༡ ༈ ཇ་པ་དགོན་ཞབས་ལ། ཟམ་སུའི་འཆམ་གོས། ༡༧ རལ་གྲི། ༡༤ རྒྱ་གླིང་ཆ། རག་དུང་ཆ། ༡ རག་གི་ཀོང་བུ་བརྒྱ་རྩ། མགོན་ཁང་དུ་སྙན་ཤལ། གཟིག །སྤྱང་། ཝ་བཅས་ཀྱི་པགས་པ་རེ། མེ་སྦོར། ༡༡ རལ་གྲི། ༢ ༈ སྐྱབས་ཆེ་དགོན་ལ། མཛད་བཅུའི་ཞལ་ཐང་ཁྱད་མཚར་ཅན་བཅུ་གསུམ་ལ་རྒྱན་བཞིའི་གོང་གཤམ། ཐུབ་དབང་གསེར་སྐུ་གསེར་ཟངས་ཅན་རྙིང་མ། ༤ ལི་སྐུ། ༢༨ མཁར་སྐུ་ཆེ་ཆུང་། ༢༦ སྨན་བླ་གསེར་སྐུ། ༡ སྒྲོལ་མའི་གསེར་སྐུ། ༢ ཟངས་སྐུ། ༡ རག་སྐུ། ༢ མཁར་སྐུ། ༡ སྤྱན་རས་གཟིགས་མཁར་སྐུ་ཆེ་ཆུང་། ༥ རག་སྐུ་རྒྱབ་ཡོལ་ཅན། ༡ ཀརྨ་པཀྴིའི་སྐུ་རྙིང་མ་བྱིན་ཆེན། ༡ རང་བྱུང་རྡོ་རྗེའི་གསེར་སྐུ། ༡ ཡང་ཀརྨ་པ་གསེར་སྐུ། ༡ མཁར་སྐུ། ༡ ལི་སྐུ། ༡ ཨོ་རྒྱན་མཁར་སྐུ་ཆུང་། ༢ བྱམས་པ་ཟངས་སྐུ། ༡ རག་སྐུ། ༡ རྡོར་སེམས་རག་སྐུ་རྒྱབ་ཡོལ་ཅན། ༡ དོན་ཡོད་


SPN003_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་མཁར་སྐུ། ༡ འཇམ་དབྱངས་མཁར་སྐུ། ༡ ལབ་སྒྲོན་མཁར་སྐུ། ༡ ཛཾ་སེར་མཁར་སྐུ། ༡ གསེར་སྐུ། ༡ འབྱུང་འདུལ་མཁར་སྐུ། ༡ ཕྱག་རྡོར་མཁར་སྐུ། ༡ གུར་མགོན་རག་སྐུ། ༡ ཁྱོན་སྐུ་འདྲ་རེ་བཞི། ཟངས་གསེར་བཀའ་གདམས་མཆོད་རྟེན་ཆེ་ཆུང་། ༣ མཁར་ལིའི་མཆོད་རྟེན། ༢ དྲི་གཙང་ཁང་དུ། རས་ཁྲའི་གནམ་རྒྱན། གསེར་མེ་བཞི། དཀར་ཡོལ་ནེ་ཙོ། ༢ དཀར་ཡོལ་སེང་གེ་ཆ། རག་ཏིང་ཐོག་བདུན་འོག་བདུན། དུང་དཀར། ༡ སྦུབ་ཆོལ་གསར་པ། ༡ ཞི་དཀར་ཆུ་སྐྱེས་ཆ། ༡ མགོན་ཁང་དུ་སྤྱན་གཟིགས་ལ། སྙན་ཤལ་མཛོད་དར། ༨ སོག་པོའི་མེ་སྦོར་རྙིང་མ། ༢ རལ་གྲི་འགུ་ཟི་སེ་བོ། གཟིག །གཡི། སྤྱང་། ཝ་བཅས་ཀྱི་པགས་པ་རེ། ཡང་རལ་གྲི། ༡ མེ་སྦོར། ༢ གཡས་གཡོན་ཆ། ༣ ཁྲབ་ཆེན་སྤུས་ལེགས་ཆ། ༢ ལྷ་ཁང་དུ། རྒྱལ་མཚན། ༢ འཕན། ༢ ཡང་འཕན། ༢ བླ་བྲེ། ༡ ཞྭ་ཁྲ། ༢༧ ཆོས་གོས། ༡ སྙན་ཤལ་མཛོད་དར། ༢ སྦུབ་ཆོལ་རྒྱ་ནག་མ་ཆེ་ལེགས། གོས་གསེར་འབྲུག་ཅན་གྱི་ཡོལ་བ། དཀྱིལ་འཁོར་སྒབ་སྐོར་ཆ་ཚང་། གསེར་རྔ། ༡༩ ལི་ཏིང་ཆེ་ལེགས་དངུལ་སྲང་། ༡༢ ༠༠ རི་བ། དུང་དཀར་སྟེང་གཤོག་ཅན་ཆ།


SPN003_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་ཆེའི་སྒྲུབ་ཁང་ལ། ཞལ་ཐང་གོས་ཆེན་གོང་གཤམ་ལྡན་པ། ༡༠ ལིའི་མཎྜལ། ཏིང་བདུན། སྦུབ་ཆོལ། རྔ་ཆུང་། མཁར་རྔ་བཅས། ཌཱར་ཆེན། གནས་མདོ་བཟོ་རིག་དགོན་ལ། གོས་ཆེན་གནམ་ཡོལ་རྙིང་པ། ༡ རས་ཁྲའི་གནམ་རྒྱན། ༢ མགོན་ཁང་དུ་སྙན་ཤལ། ༣ སོག་བོག་ཛམ་གྲགས་སྤུས་ལེགས། ༡ ཡང་མེ་སྦོར། ༡ རལ་གྲི། ༢ འཛི་སྒར་ལ། རྒྱལ་མཚན། ༢ འཕན། ༢ ཡང་འཕན། ༢ སྙན་ཤལ་མཛོད་དར་བཅུ་སྐོར། ༈ དྲུང་རམ་སྒར་ལ། དུས་གསུམ་སངས་རྒྱས་སྣང་བརྙན་གསེར་ཞལ་ཅན་གསར་བཞེངས། སྣམ་སྦྱར་ལིང་ཆེན་ལས་གྲུབ་པ། སྙན་ཤལ་བར་ལིང་ཁ་དོག་ལྔ། གོས་ཆེན་གནམ་རྒྱན། ༡ རྒྱལ་མཚན། ༡ ཀ་འཕན། ༨ ཡང་འཕན་ཆ། བླ་བྲེ་ཁ་བབ། ཉེ་སྲས་ཞལ་ཐང་བཟང་གོས་གོང་གཤམ་ཅན་གསུམ། དཔལ་འབྱོར་དགོན་ལ། སྙན་ཤལ། ༥ སོག་པོའི་མེ་སྦོར་སྤུས་ལེགས་གཉིས། རྒྱ་ཡི་མེ་སྦོར་ཁྱད་མཚར། ༡ རལ་གྲི་གཉིས། ཞེ་འཛོང་དགོན་ལ། མཛད་བཅུའི་ཞལ་ཐང་གོས་ཆེན་གོང་


SPN003_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

གཤམ་ཅན། ༡༣ དུང་དཀར་གཤོག་ལྡན་ཆ་གཅིག །འཕན་ཆ། ༡ ཉེ་སྲས་གཙོ་འཁོར་དང་ཞྭ་དམར་ནག་བཅས་ཀྱི་ཞལ་ཐང་ཆེ་ལེགས་བཟང་གོས་ཅོད་ལྡན་གོང་གཤམ་བཀྲ་མ་ཅན་སྤུས་ལྡན་བཅུ་གཉིས་བཅས། སླར་ཡང་འཕགས་ཚོགས་དགེ་འདུན་སྡེ་རྣམས་ལ། དང་བ་བསྐྱེད་ཅིང་བསོད་ནམས་སྤེལ་བའི་ཕྱིར། །གངས་ཅན་ལྷ་གཅིག་འཕགས་མཆོག་སྤྱན་རས་གཟིགས། །བོད་ཀྱི་ལྷ་སྐལ་ཉིད་དུ་ཞལ་འཆེས་བཞིན། །ཀརྨ་ཀ་དང་རྣམ་དབྱེར་མེད་ཅེས་པ། །ཐུབ་དབང་རྒྱལ་བས་བསྔགས་པའི་གནས་གྱུར་ན། །སོ་སྐྱེའི་ཚོགས་རྣམས་སྒོ་གསུམ་ཅིས་མི་འདུད། །དེས་ན་ལྷ་དང་བླ་མ་ཐ་མི་དད། །དགོངས་པ་རོ་གཅིག་དོན་དམ་ཆོས་ཉིད་ངོར། །རང་སེམས་སྐྱེ་མེད་སྤྲོས་བྲལ་ཆོས་ཀྱི་སྐུ། །རང་བྱུང་ལྷན་སྐྱེས་གདོད་མའི་སངས་རྒྱས་དངོས། །ཡེ་ནས་ཡིན་བཞིན་སྣང་གྲགས་ཆོས་ཐམས་ཅད། །འཛིན་མེད་གསལ་སྟོང་སྙིང་རྗེ་ཟུང་འཇུག་གིས། །རྒྱས་གདབ་ངང་ནས་གསུང་མཆོག་ཡི་གེ་དྲུག། བསྐུལ་ཕྱིར་འཇམ་མགོན་བསྟན་པའི་ཉིན་བྱེད་ཀྱི། །གདན་ས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་ལོའི། །ཡང་དབེན་སྒྲུབ་བརྒྱུད་དར་རྒྱས་གླིང་ཉིད་ནས། རབ་བྱུང་


SPN003_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བཞི་པ་ཡི་ནང་ཚན་གྱི། །རྣམ་བྱུང་ཞེས་པ་ས་ཕོ་འབྲུག་གི་ལོ། །བདག་ཅག་སྟོན་པ་རྣམ་འདྲེན་ཤཱཀ་ཐུབ་ཀྱི། །དུས་ཆེན་གསུམ་འཛོམས་ས་ག་ཟླ་བ་ཡི། །དཀར་ཕྱོགས་དགའ་བ་དང་པོ་ནས་བརྩམས་ཏེ། །ཚོགས་གཉིས་རབ་རྫོགས་སྒྲིབ་གཉིས་སྦྱང་ཕྱིར་དུ། །དགེ་རྩ་སྤེལ་འདི་བོད་ཡུལ་དབུས་འགྱུར་འཆང་། །ལྷ་ལྡན་གནྡྷོ་ལ་སོགས་གསང་གསུམ་གྱི། །རྟེན་དྲུང་མཆོད་འབུལ་འོག་མིན་མཚུར་ཕུ་ནས། །ལི་ཡུལ་ལྕང་ར་སྨུག་པོའི་བར་དག་གི། །ཆོས་གྲྭའི་འདུས་སྡེའི་ཚོགས་རྣམས་ཆེ་ལོང་དང་། །དངོས་པོའི་ཐོ་གྲངས་འདིར་ནི་བཀོད་པར་སྤྲོ། །དེ་ཡང་ཐོག་མར་ཛམ་གླིང་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་བོད་ཡུལ་ས་ཡི་ཐིག་ལེ་སྐྱེ་དགུའི་སྐྱབས་གནས་མཆོད་ཡུལ་དུ་མངོན་པར་གྲུབ་པའི་ལྷ་ལྡན་གནྡྷོ་ལ་ཆེན་པོའི་རྟེན་གཙོ་ཇོ་ཤཱཀ་རིན་པོ་རྣམ་གཉིས་ཀྱིས་མཚོན་ལྷ་རྟེན་རྣམས་དང་། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དང་། གཡུ་རུ་སྤྲུལ་པའི་ཁྲ་འབྲུག་ལ་སོགས་བོད་ལྗོངས་ཕྱོགས་ཀྱི་གསང་གསུམ་སྣང་བརྙན་ཚར་དུ་དངར་བ་རྣམས་ཀྱི་དྲུང་དུ་སྙན་ཤལ་མཛོད་དར། ༢༧ མཆོད་འབུལ་རྟེན་དངུལ་སྲང་། ༥༠་༠༠ སྒྲུབ་བརྒྱུད་ཀཾ་ཚང་རིན་པོ་ཆེའི་གདན་ས་ཐུགས་ཀྱི་གནས་མཆོག་འོག་


SPN003_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

མིན་དཔལ་གྱི་མཚུར་ཕུར་ལྷ་ཆེན་ཐུབ་དབང་ཛམ་གླིང་རྒྱན་དང་། རྗེ་གོང་མ་ན་རི མ་གྱི་ཆོས་སྐུའི་རྟེན་མཆོག་སོགས་ཀྱི་དྲུང་དུ། སྙན་ཤལ་མཛོད་དར། ༡༠ མཆོད་འབུལ་རྟེན་དུ་དངུལ། ༧༡་༠༠ འདུས་སྡེར་ཕྱག་འགྱེད་དངུལ། ༡༥་༠༠ བདེ་ཆེན་ཡངས་པ་ཅན་བྱམས་ཆེན་གཙོས་ལྷ་རྟེན་དྲུང་། སྙན་ཤལ་མཛོད་དར། ༥ མཆོད་འབུལ་དངུལ། ༨་༠༠ གནས་ནང་རྒྱལ་བའི་རི་ཁྲོད་རྟེན་གསུམ་དྲུང་སྙན་ཤལ། ༤ མཆོད་འབུལ་རྟེན་དངུལ། ༨༠་༠ གནས་ནང་སྔགས་གྲྭ་བཅས་འདུས་སྡེར་ཕྱག་འགྱེད་རྟེན་དངུལ། ༧་༠༠ འབྲུག་ར་ལུང་དང་གསང་གླིང་མཐོང་སྨོན་སོགས་ཀྱི་རྟེན་གསུམ་དྲུང་སྙན་ཤལ་མཛོད་དར། ༢༠་༠༠ མཆོད་འབུལ་རྟེན་དངུལ། ༡༠་༠༠ སྐྱབས་གནས་ཀུན་འདུས་རིགས་བརྒྱའི་ཁྱབ་བདག་འབྲུག་པ་རིན་པོ་ཆེ་མཆོག་གི་དྲུང་དུ་དགེ་རྩ་བྱང་ཆེན་གྱི་རྒྱུར་བསྔོ་བའི་རྒྱས་གདབ་ཞུ་རྟེན་དངུལ། ༥༠་༠༠ འདུས་སྡེར་ཕྱག་འགྱེད་དངུལ། ༢༠་༠༠ ཡོངས་འཛིན་རིན་པོ་ཆེར་དངུལ། ༡༤་༠༠ ཟུར་མང་གར་དབང་རིན་པོ་ཆེར་དངུལ། ༣༡་༠༠ རི་བོ་ཆེ་སྟག་ལུང་ཆོས་གྲྭར་ལྷ་རྟེན་དྲུང་སྙན་ཤལ། ༡༠ མཆོད་འབུལ་དངུལ། ༡༠་༠༠ མང་ཇ་རྟེན་དངུལ། ༤་༠༠ དེ་ནས་དངུལ་དཀར་འགྱེད་འབུལ་ཐོ་ལ། ཐོག་མར་དཔལ་འཁོར་ལོ་སྡོམ་པའི་ས་སྤྱོད་གསུང་གི་


SPN003_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མཆོག་ཀརྨ་རི་གླིང་གི་ཆོས་ཀྱི་འཁོར་ལོ། དཔལ་ལྡན་ཀརྨ་པ་དུས་གསུམ་མཁྱེན་པས་ཆགས་བཅགས་ཤིང་བྱིན་གྱིས་བརླབས། འགྲོ་མགོན་རས་ཆེན་གྱི་བསྟན་པའི་སྲོལ་བཏོད་པའི་གདན་ས་བར་པ་ཞེས་གྲགས་པའི་ལྷ་རྟེན་མཆོག་རྣམས་ཀྱི་གཙོ་བོ་བྱམས་ཆེན་དང་ཐུབ་ཆེན། ཀརྨ་པ་རབས་བཅུ་གསུམ་སོགས་གསང་གསུམ་སྣང་བརྙན་རྣམས་ཀྱི་དྲུང་དུ་སྙན་ཤལ། ༢༡ མཆོད་འབུལ་དངུལ། ༢༠་༠༠ དགེ་འདུན་འདུས་པའི་སྡེ་ཆེན། ༡༨༦ ལ་ཕྱག་འགྱེད་དངུལ། ༡༤༨་༨༠ ཀརྨ་ལྷ་སྟེང་རྟེན་གསུམ་དྲུང་སྙན་ཤལ། ༡༠ མཆོད་འབུལ་དངུལ། ༡༠་༠༠ འདུས་སྡེ། ༧༠ ལ་དངུལ། ༥༣་༦༠ རཏྣ་དགོན་འདུས་སྡེ། ༦༤ ལ་དངུལ་སྲང་། ༤༡་༣༠ དཔལ་རི་རྩེའི་རི་ཁྲོད་འདུས་སྡེ། ༤༠ ལ་དངུལ། ༣༣་༣༠ ཟུར་མང་རྣམ་རྒྱལ་རྩེའི་དགོན་རི་གླིང་དང་། སྟབ་དགོན་ལུང་སྒྲུབ་སྡེ་བཅས་ཀྱི་ཆོས་གྲྭར་འདུས་ཆེན། ༤༤༤ ལ་དངུལ། ༣༣༩་༣༠ ཟུར་མང་བདུད་རྩི་དིལ་ཆོས་གྲྭར་འདུས་སྡེ། ༡༦༢ དངུལ། ༡༤༨་༣༠ ཟུར་མང་རྡོ་དགོན་དང་ལྷ་ལུང་སྒྲུབ་སྡེ་བཅས་འདུས་སྡེ། ༡༤༢ དངུལ། ༡༣༢་༠༠ ལྷ་ཐོག་མཛོད་དགོན་ཕུན་གླིང་ཆོས་གྲྭར་འདུས་སྡེ། ༡༧༠ ལ་དངུལ། ༡༧༦་༦༥ མདོ་གཞུང་གཏེར་སྒར་འདུས་སྡེ། ༧༠ ལ་དངུལ། ༦༦་༨༠ ཇ་དགོན་བདེ་ཆེན་ཉི་མ་གླིང་


SPN003_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་སྡེ། ༡༨༦ ལ་དངུལ། ༡༤༠་༠༠ གཉིན་ལུང་སྐྱབས་ཆེ་དགོན་འདུས་སྡེ། ༡༠༨ ལ་དངུལ། ༡༠༠་༠༠ གླ་བོ་དགོན་འདུས་སྡེ། ༨༧ ལ་དངུལ། ༧༥་༠༥ སྐྱོ་བྲག་དགོན་དང་གླང་དུ་རི་ཁྲོད་བཅས་འདུས་སྡེ། ༨༨ ལ་དངུལ། ༦༢་༠༠ གོ་ཆེ་གནས་མདོ་དགོན་དང་། རྣ་བ། བཟོ་བོ་སྒར་བཅས་འདུས་སྡེ། ༡༤༢ ལ་དངུལ། ༡༡༥་༠༠ བཟོ་རིག་གནས་མདོ་དགོན་འདུས་སྡེ། ༦༡ ལ་དངུལ། ༤༦་༠༠ ཤོར་ཕུ་སྒར་འདུས་སྡེ། ༡༤ ལ་དངུལ། ༡༣་༠༥ འབྲུག་བསོད་ནམས་རྒྱ་མཚོའི་གདན་ས་འཛི་སྒར་དང་འགོར་ཕུའི་སྒྲུབ་སྡེ་བཅས་འདུས་སྡེ། ༧༧ ལ་དངུལ། ༦༦་༠༠ འབྲུག་པ་སྐྱིད་ཕུག་དགོན་འདུས་སྡེ། ༣༧ ལ་དངུལ། ༣༠་༠༠ འབྲི་གུང་ལྷོ་པའི་གདན་ས་དཔལ་མེ་འདུས་སྡེ། ༢༠ ལ་དངུལ། ༡༥་༣༠ སིབ་ཉམས་ལུང་སྒྲུབ་སྡེ་འདུས་པ། ༢༤ ལ་དངུལ། ༡༤་༡༠ དྲུང་རམ་དགོན་གསར་འདུས་སྡེ། ༣༥ ལ་དངུལ། ༣༢་༠༠ ཁྲོ་རུ་དགོན་འདུས་སྡེ། ༢༠ ལ་དངུལ། ༡༧་༠༠ རྒྱུ་ནེ་དགོན་འདུས་སྡེ། ༣༢ ལ་དངུལ། ༣༠་༠༠ བན་ཆེན་སྒར་འདུས་པ། ༡༡ ལ་དངུལ་སྲང་། ༡༠་༠༠ ཅོག་རོ་སྒར་འདུས་པ། ༧ ལ་དངུལ། ༦་༠༠ མདོ་གཞུང་གནས་མདོ་དགོན་འདུས་པ། ༧ ལ་དངུལ། ༥་༠༠ མང་ཇ་རྟེན་ཕར་ཕུལ་གྲས། ཁྲ་ཕུག་གནས་མདོ་ལ་དངུལ། ༩་༠༠ སྡོམ་ཁའི་གནས་མདོ་ལ་དངུལ། ༥་༠༠ དགེ་རྒྱས་ནག་གྲྭ་ནང་གནས་མདོ་བདེ་ཆེན་སྒར་ལ་དངུལ།


SPN003_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

༨་༠༠ མདོ་ཁམས་གནས་མདོ་ལ་དངུལ། ༡་༠༠ རྫ་མོ་རི་ཁྲོད་ལ་དངུལ། ༡་༠༠ ཚང་སར་དགོན་ཁག་གསུམ་ལ་དངུལ། ༥་༠༠ དགེ་རྒྱལ་རྗེ་དྲུང་སྒར་ལ་དངུལ། ༣་༠༠ སེ་ཚ་དགོན་ལ་དངུལ། ༤་༠༠ དཔལ་ངེ་དགོན་ལ་དངུལ། ༡་༥༠ འབྲོང་པའི་སྒིས་སྣ་སྒར་ཁག་ལ་དངུལ། ༥་༠༠ སྟོང་ནག་སྒར་ཁག་ལ་དངུལ། ༤་༠༠ ཚ་བའི་སྒིས་སྣ་སྒར་ཁག་ལ་དངུལ། ༡༠་༠༠ ས་ར་དགོན་ལ་དངུལ། ༥་༠༠ མགོན་པོ་བླ་མའི་སྒར་ལ་དངུལ། ༡་༥༠ ཕ་རི་དགོན་ལ་དངུལ། ༡་༥༠ འཇིགས་མེད་ཚང་ལ་དངུལ། ༡༠་༠༠ ཀེ་རོང་ཅང་ཕུག་གནས་སྒྲུབ་གྲྭ་ཕུན་ཚོགས་རབ་བརྟན་ལ་དངུལ། ༣་༠༠ བྱང་རྟ་རྣ་དགོན་ལ་དངུལ། ༥་༠༠ ལྷོ་པའི་གདན་ས་མི་གཡེལ་དགོན་ལ་དངུལ། ༥་༠༠ ལྷོ་ཆུང་སྒར་ལ་དངུལ། ༢་༠༠ ནང་ཆེན་རྒྱལ་བླ་སྒར་ལ་དངུལ། ༢་༠༠ རྡོ་ཁྱིམ་འབྲུག་སྒར་ལ་དངུལ། ༢་༠༠ སྒ་ཉག་ཁམས་སྒར་ལ་དངུལ། ༤་༠༠ མཚན་ཉིད་དགོན་ལ་དངུལ། ༣་༠༠ ར་གད་དགོན་ལ་དངུལ། ༢་༠༠ ཀུ་སེ་སྒར་ལ་དངུལ། ༢་༠༠ གདེངས་ཕུ་སྒར་ལ་དངུལ། ༢་༠༠ འགྱོ་ཕུ་སྒར་ལ་དངུལ། ༢་༠༠ གཡུ་གཤིས་འབྲུག་སྒར་ལ་དངུལ། ༡་༠༠ ཧ་ར་སྒར་ལ་དངུལ། ༢་༠༠ ཟུར་མང་ཆོས་གླིང་རྡོ་རྗེ་སྟེང་ལ་དངུལ། ༣་༠༠ ཟུར་མང་དགའ་ལྡན་དགོན་ལ་དངུལ། ༣་༠༠ ལྷོ་ཡེ་ཕུག་ལ་དངུལ། ༣་༠༠ དུད་བརྒྱ་དགོན་ལ་དངུལ། ༣་༠༠ གྱིང་ཐང་དགོན་གསར་ལ་དངུལ། ༣་༠༠ ཀ་མདའ་


SPN003_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་ལ་དངུལ། ༣་༠༠ རྒྱལ་སྲས་རིན་པོ་ཆེ་གྲུབ་ཆེན་བསོད་ནམས་རྡོ་རྗེའི་གདན་ས་གནས་མཆོག་ཁྲ་སྤོམ་བྲག་གི་འདུས་སྡེ། ༥༡ ལ་དངུལ། ༤༥་༠༠ ཆུ་བོ་གསེར་ལྡན་འབབས་པའི་འབྲི་ཀླུང་གི་ངོགས། ཨོ་རྒྱན་ཆེན་པོས་སྦས་པའི་ཡུལ་ལྗོངས་སུ་བྱིན་གྱིས་བརླབས་པ་བྱང་ཨ་ཏ་རོང་གི་ས་འཛིན་ཐིག་ལེར་གསལ་བའི་ཡང་ཁྲོད་དཔལ་འབྱོར་སྒང་འདུས་སྡེ། ༢༤ ལ་དངུལ། ༢༣་༤༠ དེ་དང་རྗེས་སུ་འབྲེལ་བ་དཔལ་རྒྱལ་བ་འབྲི་གུང་བྱང་ཆུབ་གླིང་པས་བྱིན་གྱིས་བརླབས་ཤིང་། མཐིང་དམར་ཅོད་པན་ཅན་སོགས་སྐྱེས་མཆོག་མཁས་ཤིང་གྲུབ་པ་བརྙེས་པ་མང་པོས་བྱིན་གྱིས་བརླབས་ཤིང་བསྔགས་བརྗོད་ཤིས་པའི་མེ་ཏོག་འཐོར་བའི་གནས། བྱམས་མགོན་འཇམ་དཔལ་དཔའ་བོའི་ངང་ཚུལ་གྱིས་རྒྱལ་བསྟན་ཡོངས་རྫོགས་འཛིན་པའི་ཐམས་ཅད་མཁྱེན་པ་ཆེན་པོ་ཀུན་གཟིགས་ཆོས་ཀྱི་འབྱུང་གནས་ཀྱི་གདན་ས་གསར་བཞེངས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དང་། སླད་ནས་རིམ་གཉིས་སྒྲུབ་པའི་སྲོལ་གཏོད་ཆེད་དུ་གསར་བསྐྲུན་བགྱིས་པའི་ཡང་དབེན་སྒྲུབ་བརྒྱུད་དར་རྒྱས་གླིང་བཅས་ཀྱི་ཆོས་གྲྭར་དགེ་འདུན་འདུས་པའི་སྡེ་ཆེན། ༣༠༨ ལ་དངུལ། ༢༧༥་༦༠


SPN003_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཟླའི་ཀླུང་གི་ངོགས་སྐྱེས་བུ་གེ་སར་གྱི་ལས་ལ་དབང་བའི་ཡུལ་ལྗོངས་ཚབ་ཚ་སྒྲུབ་བརྒྱུད་དགོན་གྱི་ཆོས་གྲྭར་འདུས་སྡེ། ༢༦༨ དངུལ། ༢༤༢་༠༠ རི་འགུལ་དགོན་འདུས་སྟེ། ༤༢ ལ་དངུལ། ༢༦་༧༠ ཇོ་བོ་སྐྱོགས་ཆེན་གདོང་རས་སྐྱོང་བའི་ཡུལ་སྒ་འདན་ཕྱོགས་ཀྱི་ཆོས་གྲྭ་ལ། ཁྲ་འགུ་དགོན་འདུས་སྡེ། ༢༤༠ ལ་དངུལ། ༢༢༠་༣༠ དཔལ་ཐང་བན་ཆེན་དགོན་འདུས་སྡེ། ༡༥༣ ལ་དངུལ། ༡༣༠་༣༠ ཁྲི་འདུ་ཞི་འཛང་བཀྲ་ཤིས་ཆོས་གླིང་འདུས་སྡེ། ༥༧ ལ་དངུལ། ༥༠་༦༠ འདམ་དཀར་ལྷུན་གྲུབ་སྟེང་འདུས་སྡེ། ༤༤ ལ་དངུལ། ༣༧་༧༠ གནས་བཟང་རི་ཁྲོད་འདུས་པ། ༡༢ ལ་དངུལ། ༣་༠༠ ལྷ་རྩེ་རི་ཁྲོད་འདུས་པ། ༡༤ ལ་དངུལ། ༡༣་༠༠ ཟུར་དགོན་འདུས་པ། ༣༠ ལ་དངུལ། ༢༡་༠༠ དྲན་ཐང་འདུས་སྡེ། ༥༠ ལ་དངུལ། ༤༢་༦༠ མེ་རེ་དགོན་འདུས་སྡེ། ༡༧ ལ་དངུལ། ༡༠་༧༠ རྣམ་རྒྱལ་གླིང་འདུས་སྡེ། ༩༥ ལ་དངུལ། ༨༣་༤༠ མང་ཇ་རྟེན་ཕར་ཕུལ་ཐོ། ཚེ་བྷྲཱུྃ་ཆོས་གྲྭ་ལ་དངུལ། ༡༠་༠༠ གྲུབ་ཚ་དགོན་ལ་དངུལ། ༡༠་༠༠ ཞོ་འགུ་དགོན་ལ་དངུལ། ༣ ཟླ་ལུང་བདེ་ཆེ ན་དགོན་ལ་དངུལ། ༡༠་༥༠ དར་རྒྱས་རི་ཁྲོད་ལ་དངུལ། ༡་༥༠ རྫ་རྟག་འཕན་རི་ཁྲོད་ལ་དངུལ། ༡་༥༠ ཧོར་བོན་དགོན་ལ་དངུལ། ༨་༥༠ ཧོར་རིགས་གྲགས་དགོན་ལ་


SPN003_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ། ༦་༠༠ ཧོར་དགོན་གསར་ལ་དངུལ། ༥་༠༠ རྡོ་སྟོད་གཡུ་ཐོག་དགོན་ལ་དངུལ། ༡་༠༠ རྡོ་སྨད་རྟག་བརྟན་དགོན་ལ་དངུལ། ༡༠་༠༠ གནས་སྒོ་སྐྱ་བཀྲ་དགོན་ལ་དངུལ། ༡༠་༠༠ འདོབ་སྤང་ཕུག་དགོན་ལ་དངུལ། ༡༠་༠༠ འབོ་གངས་དཀར་རི་ཁྲོད་ལ་དངུལ། ༡༠་༠༠ སྦྲེང་དགོན་པ་ལ་དངུལ། ༡༠་༠༠ རྒྱལ་རོང་ཤུ་བྷཾ་དགོན་ལ་དངུལ། ༢༠་༠༠ རྒྱལ་རྣམ་རྒྱལ་སྟེང་ལ་དངུལ། ༡༠་༠༠ སྤོ་བོ་ཤེལ་མོ་རྫོང་དགོན་པ་ལ་དངུལ། ༡༡་༠༠ ༈ དཔལ་ཡུལ་དགོན་ཆེན་རྣམ་རྒྱལ་བྱང་ཆུབ་གླིང་དང་། ཟླ་ཁོ་ཡང་ཁྲོད་བཅས་ལ་དངུལ། ༤༠་༠༠ རག་ཆབ་དགོན་ལ་དངུལ། ༦་༠༠ སྒར་རྗེ་ཁམས་གཞུང་དགོན་ལ་དངུལ། ༣༥་༠༠ འཕེལ་ཚ་འོད་ཕུང་དགོན་ལ་དངུལ། ༥་༠༠ ཨཱཪྱ་མཚོ་ཁ་དགོན་ལ་དངུལ། ༡༡་༠༠ སེང་གནམ་བྲག་དགོན་ལ་དངུལ། ༡་༨༠ རྡོ་སྨད་དགོན་གསར་བཀྲ་ཤིས་གླིང་ལ་དངུལ། ༧་༠༠ ཛམ་ཐང་ཆོས་སྡེ་ལ་དངུལ། ༡༠་༠༠ མགོ་ཚ་དགོན་ལ་དངུལ། ༢་༠༠ རྫ་བསྟན་འཕེལ་དགོན་གསར་རྙིང་ལ་དངུལ། ༨་༠༠ མཛེས་ཆུ་ངོས་དགོན་ལ་དངུལ། ༢་༢༠ པད་སྙིང་དགོན་ལ་དངུལ། ༤་༠༠ སྒ་སྟོད་ལོ་རི་དགོན་ལ་དངུལ། ༣་༠༠ སྒྲུབ་བརྒྱུད་སྒར་ལ་དངུལ། ༣་༠༠ མཁར་མགོ་དགོན་ལ་དངུལ། ༣་༢༠ ཐང་སྒོམ་


SPN003_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་ལ་དངུལ། ༢་༠༠ གླུ་གྱེར་དགོན་ལ་དངུལ། ༣་༠༠ འཇའ་ཐང་ཐར་རྩེ་དགོན་ལ་དངུལ། ༣་༠༠ ཡིད་ལྷུང་བསླབ་བྱ་ཆོས་གྲྭ་ལ་དངུལ། ༧་༧༠ གཡག་ཟེ་དགོན་ལ་དངུལ། ༣་༨༠ རྩ་ཤུལ་དགོན་ལ་དངུལ། ༢་༨༠ རྫ་གསེར་འཇོ་དགོན་ལ་དངུལ། ༢་༠༠ འབྲུག་དགོན་ཆུང་ལ་དངུལ། ༡་༥༠ བཅས། །

སྤྲུལ་སྐུ་མྱུར་འབྱོན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་མཆོག་སྣང་བདུད་རྩིའི་གཏེར་མཛོད།


SPN003_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་མྱུར་འབྱོན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་མཆོག་སྣང་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །


SPN003_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་སྟོབས་བཅུའི་མངའ་བདག་བདེ་བར་གཤེགས། །རྒྱལ་དང་དེ་སྲས་སློབ་བཅས་དགོངས་སུ་གསོལ། །གང་ཞིག་རེ་བའི་འབྲས་བུ་ཡོངས་འགྲུབ་པའི། །བླ་མེད་བདེན་པ་དམ་པའི་སྐྱོང་གྱུར་ཅིག །འཇིག་རྟེན་རྣམ་པར་འདྲེན་པའི་དབང་ཕྱུག་གི། །ཐུགས་རྗེའི་མཁའ་ཀློང་ཆོས་དབྱིངས་དཀྱིལ་འཁོར་ནས། །རྗེས་སུ་བརྩེ་བའི་ཉིན་བྱེད་སྣང་བ་ཆེ། །སྲིད་དང་ཞི་བའི་ཕུན་ཚོགས་རྒྱས་པའི་ཕྱིར། །མགོན་དེའི་སྤྲུལ་པའི་ཟློས་གར་མཆོག་དམ་པ། །རབ་གསལ་ཕྲིན་ལས་འོད་སྟོང་གཟི་འོད་ཅན། །ས་གསུམ་རྒུད་པའི་མུན་ཚོགས་མཐར་བྱེད་པ། །འཛམ་གླིང་བསྟན་འགྲོའི་པད་ཚལ་ཁྱོན་ཡངས་པོར། །དགེ་ལེགས་རྣམ་པར་བཞད་པའི་


SPN003_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་གཅིག་པུ། །ཤར་གྱི་ས་འཛིན་ཕྲག་ལས་ཉེ་བ་རུ། །ཇི་ལྟར་གཟིགས་པ་རྣམ་པ་བཞིར་དགོངས་ནས། །གཟུགས་སྐུའི་བཀོད་པ་དེང་འདིར་འཆར་གྱུར་ཅིག །དཀོན་མཆོག་ཀུན་འདུས་བཀའ་བརྒྱུད་རྒྱ་མཚོ་དང་། །ཡི་དམ་ལྷ་དང་ཆོས་ཀྱི་སྲུང་མའི་ཚོགས། །བདེན་གསུང་བདེན་གྲུབ་རྣམས་ཀྱི་བདེན་པ་ཡིས། །རེ་བའི་ཤིང་རྟ་ཡིད་བཞིན་འགྲུབ་གྱུར་ཅིག །ཅེས་པ་འདི་ནི་འཇིག་རྟེན་གསུམ་གྱི་འདྲེན་པ་ཆེན་པོ་རྒྱལ་བའི་དབང་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་སྣང་བར་གྱུར་པའི་ཚེ། རྗེས་འཇུག་དད་པའི་བློ་ཅན་སི་ཏུ་པས་མགོན་དེའི་སྤྲུལ་པའི་སྣང་བརྙན་གསར་དུ་བཞད་པའི་བདེན་ཚིག་སྨོན་ལམ་དུ་གསོལ་བ་བཏབ་པའོ། །སརྦ་མདྒ་ལམ། །རྒྱལ་སྲས་བྱང་སེམས་མ་ལུས་པའི། །ཐུགས་


SPN003_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་རྣམ་རོལ་འདྲེན་པའི་དཔལ། །འོད་སྣང་མཐའ་ཡས་སྒྱུ་འཕྲུལ་མཆོག །གར་དབང་ཁྱབ་བདག་རིགས་ཀུན་གཙོ། །མགོན་ཁྱོད་གདུལ་བྱའི་སྣང་ངོ་རུ། །རབ་འབྱམས་རྒྱལ་བའི་ཞིང་གཤེགས་ཀྱང་། །སྔོན་གྱི་ཐུགས་བསྐྱེད་ཟབ་མོ་ཡིས། །དེང་འདིར་རིས་མེད་བསྟན་དང་འགྲོ། །ཁྱད་པར་ངེས་དོན་སྙིང་པོ་ཡི། །བསྟན་པའི་སྒྲོན་མེ་དམ་པའི་མགོན། །ཉིན་བྱེད་འོད་སྟོང་གསལ་འཆར་བའི། །ཇི་བཞིན་སྨོན་པའི་བདེ་ལེགས་སྩོལ། །ཅེས་ཞྭ་དམར་རིན་པོ་ཆེ་འགྲོ་བའི་སྐྱབས་གནས་སུ་སླར་ཡང་ཐུགས་རྗེ་བསྐུལ་ཕྱིར་རྒྱལ་སྲས་དཔལ་དར་མཆོག་གི་དགོངས་བཞེད་ལྟར། སི་ཏུས་གསོལ་བ་བཏབ་པའོ། ༈ །རབ་འབྱམས་ཞིང་བདག་འཁོར་ལོའི་དབང་ཕྱུག་ཆེ། །རྒྱལ་བསྟན་ཡོངས་རྫོགས་འཛིན་པའི་དཔལ་མངའ་བ། །མགོན་ཁྱོད་དོན་དམ་སྐྱེ་འཇིག་གཏན་བྲལ་ཡང་། །གདུལ་དཀའ་བྱིས་བློའི་རྟག་འཛིན་གཞོམ་པའི་སླད། །གཟུགས་སྐུའི་དཀྱིལ་འཁོར་དབྱིངས་སུ་ཐིམ་གྱུར་ཀྱང་། །དེང་འདིར་རྗེས་འཇུག་བསྟན་དང་འགྲོ་བ་ལ། །བརྩེ་ཆེན་བྱམས་པའི་ཐུགས་ཀྱིས་ཉེར་དགོངས་ལ། །མཆོག་གི་སྤྲུལ་སྐུ་མྱུར་བར་རབ་གསལ་ཞིང་། །འགྲོ་ཀུན་རྫོགས་ལྡན་དཔལ་ལ་སྤྱོད་པ་ཡི། །བདེ་ལེགས་དབྱར་གྱི་མཚོ་ལྟར་རབ་རྒྱས་ཤོག །ཇི་ལྟར་སྨོན་པ་ཡོངས་སུ་སྨིན་པའི་ཆེད། །མཆོག་གསུམ་རྒྱ་མཚོའི་བདེན་པས་མྱུར་འགྲུབ་ཤོག །ཅེས་ཁྱབ་བདག་རྡོ་རྗེ་ཅན་དངོས་འཛི་སྒར་རིན་པོ་ཆེ་བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ་དགོངས་པ་ཆོས་དབྱིངས་སུ་ཐིམ་སྐབས་མཆོག་གི་སྤྲུལ་སྐུ་མྱུར་འབྱོན་


SPN003_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞིན་སི་ཏུས་གསོལ་བ་དོན་ལྡན་དུ་གྱུར་ཅིག །ཆོས་སྐུ་ཀུན་བཟང་ལོངས་སྐུ་སྣང་མཐའ་ཡས། །སྤྲུལ་སྐུ་མཚོ་སྐྱེས་པདྨ་འབྱུང་གནས་ཏེ། །སྐུ་གསུམ་འདུས་པ་རྡོ་རྗེ་དྲག་པོ་རྩལ། །དེང་འདིར་བརྩེ་བ་ཆེན་པོས་རྗེས་དགོངས་ཤིག །བདག་སོགས་སེམས་ཅན་མགོན་མེད་གྱུར་རྣམས་ལ། །ཆོས་དབྱིངས་མཁའ་ཀློང་ཡེ་ཤེས་དཀྱིལ་འཁོར་ནས། །བྱམས་ཆེན་ཐུགས་ཀྱི་ཟླ་འོད་སྣང་བ་ཡིས། །བརྩེ་བའི་བདུད་རྩིའི་བསིལ་རྒྱུན་དབབ་ཏུ་གསོལ། །སྐྱབས་མེད་སྐྱོབ་པའི་འགྲོ་བའི་མགོན་པོ་མཆོག །མཆོག་གི་ཟློས་གར་ཤར་རིའི་ཕྲག་པ་ལས། །དགེ་ལེགས་བྱེ་བའི་འོད་སྟོང་ལྡན་པ་གང་། །དགེ་མཚན་དུ་མའི་དཔལ་གྱིས་འཆར་གྱུར་ཅིག །ཡིད་སྲུབས་ཆུ་ཁུར་ཅན་གྱི་དྲྭ་བ་རྣམས། །དམ་ཅན་སྲུང་མའི་མཐུ་རྩལ་རླུང་གིས་བཅོམ། །རྒྱལ་བསྟན་པདྨའི་འདབ་སྟོང་ཕྱོགས་བརྒྱར་ཁྱབ། །འགྲོ་རྣམས་རྫོགས་ལྡན་སྐལ་བཟང་སྤྱོད་གྱུར་ཅིག །ཅེས་པ་འདིའང་ཟུར་མང་དྲུང་པ་རིན་པོ་ཆེའི་བཀས་བསྐུལ་བཞིན་རྡོ་རྗེ་དྲག་པོའི་མཆོག་སྤྲུལ་མྱུར་འབྱོན་གྱི་གསོལ་སྨོན་དུ་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོས་ཕུལ་བ་དེ་བཞིན་འགྲུབ་བར་གྱུར་ཅིག །ཕྱོགས་བཅུར་བཞུགས་པའི་རྒྱལ་བའི་ཐུགས་བསྐྱེད་ལས། །ཡོངས་གྲུབ་སྒྱུ་འཕྲུལ་ཀརྨ་ཤཱ་ས་ན། །གང་ཁྱོད་འཁོར་ཆོས་རྟག་པར་འཛིན་ཟློག་སླད། །ཆོས་དབྱིངས་ཞི་བའི་ངང་དུ་ཐིམ་གྱུར་ཀྱང་། །དེང་འདིར་རྗེས་འཇུག་མོས་ལྡན་སྙིང་རྗེའི་མཐུས། །ཡོལ་


SPN003_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བརྩེ་བས་དགོངས་ལ་བསྟན་འགྲོ་ཡི། །ངལ་བ་ཕ་མཐར་བརྒལ་ཕྱིར་སྤྲུལ་སྐུ་ནི། །ཟླ་གསར་ཐོན་བཞིན་གེགས་མེད་ཉིད་འགྲུབ་ཤོག །དཀོན་མཆོག་རྩ་གསུམ་བདེན་པའི་བྱིན་རླབས་ཀྱིས། །དེ་ལྟར་མྱུར་བ་ཉིད་དུ་འགྲུབ་པ་ཡི། །བཀྲ་ཤིས་དགེ་ཚོགས་དབྱར་མཚོ་ལྟར་འཕེལ་ཞིང་། །རྫོགས་ལྡན་དམ་པའི་དཔལ་ལ་སྤྱོད་གྱུར་ཅིག །བླ་མ་བསྟན་པ་ཞེས་པའི་སྤྲུལ་སྐུ་མྱུར་འབྱོན་སླད་དབོན་རིགས་ནས་བསྐུལ་བཞིན་སྤེལ། །རྒྱལ་དང་དེ་སྲས་རྣམས་ཀྱི་བདེན་པ་དང་། །ཆོས་དབྱིངས་དོན་དམ་བདེན་པའི་བྱིན་རླབས་ཀྱིས། །ལེགས་བྱས་རྒྱ་མཚོའི་གཞི་ལས་ཐོན་པ་ཡི། །དེང་འདིར་སྤྲུལ་པའི་པད་དཀར་གསར་བཞད་ནས། །མི་མཐུན་སེར་བུའི་ཕྱོགས་ལས་རྒྱལ་གྱུར་ཏེ། །ཡང་དག་དོན་གནས་ཐར་ལམ་སྟོན་ནུས་པའི། །སྤངས་རྟོགས་དུ་མས་མངོན་པར་ཕྱུག་པ་ཡིས། །བསྟན་འགྲོའི་དོན་ཆེན་འགྲུབ་པའི་རྒྱུར་གྱུར་ཅིག །བླ་མ་མི་འགྱུར་སྐྱེ་སྲིད་མྱུར་འབྱོན་དུ་སྤེལ། །ཕྱོགས་བཅུ་དུས་གསུམ་རྒྱལ་རྣམས་ཀྱི། །ཐུགས་བསྐྱེད་ལྷ་ལམ་ཡངས་པོ་རུ། །མཁྱེན་བརྩེའི་འོད་སྟོང་ཀུན་གསལ་བས། །གང་ཞིག་སྤྲུལ་པའི་པད་ཚལ་མཆོག །མི་མཐུན་སེར་བུ་ལས་རྒྱལ་ཏེ། །ཕྲིན་ལས་གེ་སར་རྣམ་པར་བཀྲ། །འགྲོ་ཕན་ལྷག་བསམ་འདབ་སྟོང་རྒྱས། །རྟག་པར་དགེ་ལེགས་འབྱུང་གྱུར་ཅིག །ཅེས་བླ་མ་ཆོས་དབྱིངས་བཟང་པོའི་སྐྱེ་སྤྲུལ་མྱུར་གསལ་སླད་བསྐུལ་བཞིན་སི་ཏུས་སྤེལ། །དཔལ་ལྡན་རྒྱལ་བ་ཀུན་གྱི་ཐུགས་


SPN003_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གཏེར། །རིགས་དང་དཀྱིལ་འཁོར་དབང་ཕྱུག་ཀརྨ་པ། །ཡི་དམ་ལྷ་དང་ཆོས་སྲུང་མཐུ་བྱིན་གྱིས། །དེང་འདིར་སྤྲུལ་པའི་སྣང་བརྙན་ཆུ་ཤེལ་དབང་། །གདུལ་བྱའི་རྫིང་བུར་འགོག་མེད་རྟག་འཆར་སླད། །ཤར་རིའི་ཕྲག་ལས་ཉེ་བར་ཐོན་ནས་སུ། །མི་མཐུན་བདུད་སྡེའི་མུན་པ་ཕ་མཐར་བསྐྲད། །འགྲོ་ལ་ཕན་བདེའི་འོད་དཀར་ཕྱོགས་ཀུན་ཁྱབ། །ཕུན་ཚོགས་ལྔ་ལྡན་དཔལ་ལ་དབང་འབྱོར་ཞིང་། །ངེས་དོན་བསྟན་པ་དར་ཞིང་རྒྱས་པ་དང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་འབྲས་སྨིན་ནས། །བདེ་ལེགས་སྣང་བས་རྟག་ཏུ་འདའ་གྱུར་ཅིག །ཕ་རི་བླ་མའི་སྤྲུལ་སྐུ་མྱུར་གསལ་འབྱོན་པའི་ཕྱིར་དབོན་རིགས་རྣམས་ཀྱི་ངོར་སྤེལ། །བསླུ་མེད་མཆོག་གསུམ་བདེན་པའི་མཁའ་དབྱིངས་ལས། །ཐུགས་རྗེའི་འོད་སྟོང་རྨད་བྱུང་སྤེལ་བའི་མཐུས། །འགྲོ་ཀུན་བྱང་ཆུབ་ལམ་གྱི་པདྨོའི་ཚལ། །རྣམ་པར་འཛུམ་ཕྱིར་དེ་སླད་སྐྱེ་བ་ཡི། །སྲིད་པའི་སྒྱུ་འཕྲུལ་མྱུར་བར་འཆར་བ་ལ། །མི་མཐུན་ཉེས་པའི་མུན་ཚོགས་རྒྱང་བསྲིངས་ནས། །མཐུན་རྐྱེན་བསམ་པ་ལྷུན་གྱིས་འགྲུབ་པ་དང་། །བསྟན་འགྲོའི་དོན་ཆེན་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་མཛེས་ལྡན་ནས་བསྐུལ་ངོར་སྤེལ། །མཆོག་གསུམ་འདུས་བའི་ངོ་བོ་ཉིད། །པད་འབྱུང་ཐུགས་རྗེའི་མཁའ་དབྱིངས་ལས། །བྱིན་རླབས་སྤྲིན་ཕུང་ཕྱོགས་བཅུར་སྤྲོ། །རྨད་བྱུང་ཆོས་ཀྱི་གྲུ་ཆར་འབེབས། །བསྟན་འགྲོའི་ངལ་བ་སེལ་གྱུར་བའི། །སྤྲུལ་པའི་སྣང་བརྙན་པད་དཀར་


SPN003_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །དུས་ཀྱི་ཉེར་འཚེ་ལས་རྒྱལ་ཏེ། །དགེ་ལེགས་འདབ་སྟོང་རྒྱས་གྱུར་ཅིག །ཅེས་དཔལ་ལྡན་འབྲུག་པའི་རིང་ལུགས་ཀྱི་ཞབས་འདེགས་པ་ཞིང་གཤེགས་ངག་དབང་འགྱུར་མེད་ཀྱི་སྤྲུལ་སྐུ་མྱུར་འབྱོན་འདི་བཞིན་བླ་མ་དོན་བརྒྱུད་ཀྱི་བཀས་བསྐུལ་བཞིན་ཏཱ་ཡི་སི་ཏུས་བྲིས་པའོ། །ཕྱོགས་དུས་རྒྱལ་བའི་ཐུགས་བསྐྱེད་ལྷ་ལམ་ནས། །རྨད་བྱུང་བསྟན་དང་འགྲོ་བའི་ཞིང་ས་རུ། །དགེ་ལེགས་འབྱུང་གནས་ལོ་ཏོག་སྨིན་པའི་ཕྱིར། །དེང་འདིར་སྐྱེ་བ་སྤྲུལ་པའི་ཆར་རྒྱུན་གྱི། །མཐུ་ལས་འཇིག་རྟེན་རྒུད་པ་ཡོངས་བཅིལ་ཞིང་། །ཕན་བདེའི་རྩ་ལག་ཉིད་དུ་མྱུར་འགྲུབ་པའི། །དཀོན་མཆོག་བདེན་པས་དེང་འདིར་སྨོན་པ་ཡི། །འདོད་དོན་གེགས་མེད་ལྷུན་གྱིས་གྲུབ་པར་ཤོག། ཅེས་རས་སྤྲུལ་མྱུར་འབྱོན་དུ་བླ་མ་དམ་པ་བསྟན་འཛིན་པའི་དགོངས་བཞེད་ལྟར་སི་ཏུས་སྤེལ། །རབ་འབྱམས་རྒྱལ་ཀུན་ཐུགས་རྗེའི་གཏེར། །འཆི་མེད་པདྨ་འབྱུང་གནས་ཀྱི། །བྱིན་རླབས་མི་བཟད་སྟོབས་ཆེན་པོས། །བསྟན་འགྲོ་ཕན་དང་བདེ་བའི་གཞིར། །བླ་ན་མེད་པའི་ཕྲིན་ལས་པ། །ཞིང་འདིར་སྤྲུལ་པའི་སྣང་བརྙན་གང་། །ཉེར་འཚེའི་གཡུལ་ལས་རྣམ་རྒྱལ་ཞིང་། །གེགས་མེད་གསལ་བར་འཆར་གྱུར་ཅིག །ཆོས་དབྱིངས་དོན་དམ་བདེན་པ་དང་། །ཆོས་ཅན་བསླུ་མེད་བདེན་པ་ཡིས། །རེ་བའི་ཤིང་རྟ་ཡོངས་གང་བའི། །འབད་མེད་ལྷུན་གྲུབ་དོན་ལྡན་ཤོག །ཅེས་འཇའ་མོ་བླ་མའི་སྤྲུལ་སྐུ་མྱུར་འབྱོན་བདེན་ཚིག་རྒྱལ་དབང་པདྨ་ཐུགས་རྗེ་བསྐུལ་བ་འདི་བཞིན་ལྷ་སྟེང་འདུས་པའི་ངོར་སྤེལ། །


SPN003_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཆོས་དབྱིངས་ངོ་བོ་ཉིད། །སྐུ་གསུམ་སྟོན་པ་པདྨ་འབྱུང་། །གང་གི་ཐུགས་རྗེའི་ཀློང་ཡངས་ནས། །བསྟན་འགྲོའི་མུན་པ་བཅིལ་བ་ཡི། །སྒྱུ་འཕྲུལ་སྣང་བྱེད་ཉིན་མོའི་མགོན། །གདུལ་བྱའི་པད་ཚལ་ཁྱོན་ཡངས་པོར། །དགེ་ལེགས་འོད་སྟོང་ལྡན་པ་དང་། །བཀའ་བརྒྱུད་གྲུབ་པའི་འཁོར་ལོས་སྒྱུར། །ཡི་དམ་དཔའ་བོ་ཌཱ་ཀིའི་ཚོགས། །དམ་ཅན་ཆོས་ཀྱི་སྲུང་མ་ཡི། །བྱིན་མཐུས་རྟག་པར་སྐྱོང་གྱུར་ནས། །སྨོན་པ་ཇི་བཞིན་ལྷུན་གྲུབ་ཤོག །བླ་མ་པད་དཀར་སྤྲུལ་སྐུ་མྱུར་འབྱོན་དུ་སྤེལ། །མཁའ་ཁྱབ་ཀློང་ཡངས་བདེ་ཆེན་སྒྱུ་འཕྲུལ་གར། །སྐུ་གསུམ་བདག་ཉིད་ཁྱབ་བདག་རྡོ་རྗེ་འཛིན། །གང་དེའི་བྱང་ཆུབ་ཐུགས་བསྐྱེད་རྨད་བྱུང་བ། །ཡལ་བར་འདོར་མེད་སླར་ཡང་བསྐུལ་བའི་མཐུས། །མཆོག་གི་སྣང་བརྙན་ཉིན་བྱེད་འོད་སྟོང་ཅན། །བསྟན་འགྲོ་ཕན་བདེའི་པད་ཚལ་རྒྱས་པའི་གཉེན། །ཡིད་སྲུབས་མུན་པའི་དྲ་བ་གཞིལ་སླད་དུ། །དགེ་མཚན་དུ་མའི་དཔལ་གྱིས་འཆར་གྱུར་ཅིག །བླ་མེད་མཆོག་གསུམ་རྒྱ་མཚོའི་ཐུགས་རྗེ་དང་། །བདག་སོགས་རྣམས་ཀྱི་གསོལ་བཏབ་བདེན་པའི་མཐུས། །ཇི་ལྟར་སྨོན་པའི་འདོད་དོན་མྱུར་འགྲུབ་ནས། །བདེ་ལེགས་རྫོགས་ལྡན་དཔལ་ལ་དབང་འབྱོར་ཤོག །ཅེས་ལྷོ་རིན་པོ་ཆེ་དཀོན་མཆོག་ཆོས་ཀྱི་རྒྱལ་མཚན་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་སྐབས་སླར་ཡང་མཆོག་སྣང་མྱུར་གསལ་ཕྱིར་ལྷོ་ཆགས་མེད་དཔོན་སློབ་རྣམས་ཀྱི་བཞེད་ལྟར་སི་ཏུ་


SPN003_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

པས་གནས་དེ་ཉིད་དུ་སྤེལ། །སྟོན་མཆོག་མངོན་ཤེས་ལྔ་ལྡན་རྒྱལ་བ་དང་། །དེས་གསུང་ཆོས་དང་ཚོགས་མཆོག་དགེ་འདུན་ཏེ། །བླ་མེད་རབ་འབྱམས་རྒྱ་མཚོའི་ཐུགས་རྗེའི་མཐུས། །ཇི་ལྟར་གསོལ་བའི་སྨོན་ལམ་ཡོངས་གྲུབ་མཛོད། །དེང་འདིར་བསྟན་དང་འགྲོ་བའི་མགོན་དམ་པ། །མི་མངོན་ཆོས་ཀྱི་དབྱིངས་ནས་བརྩེར་དགོངས་ལ། །གཟུགས་སྐུའི་བཀོད་པ་ཉིན་བྱེད་སྣང་བ་ཅན། །དགེ་ལེགས་ཁྱུང་སྔོན་སྐྱེས་ཀྱིས་ཡོངས་བསྐུལ་ནས། །ཡིད་སྲུབས་མུན་པའི་དྲ་བ་གཏན་དུ་གཞིལ། །སྒྲུབ་བརྒྱུད་པདྨོའི་ཚལ་ཆེན་ཕྱོགས་མཐར་ཀུན། །འགེངས་པའི་སེམས་བསྐྱེད་དམ་བཅའི་ཁུར་ཟབ་མོས། །ཡིད་ཀྱི་འདོད་པ་འཇོ་བར་མཛད་དུ་གསོལ། །ཞེས་རྗེ་བཙུན་ཆོས་མགོན་གྱི་མཆོག་སྤྲུལ་མྱུར་འབྱོན་དུ་མཛོད་པས་བསྐུལ་ངོར་སྤེལ། །མཆོག་གསུམ་ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །གང་འདིར་བྱིན་རླབས་བདེན་ཚིག་ཡོངས་གྲུབ་པའི། །བླ་མེད་རྡོ་རྗེའི་བདེན་པས་རྣམ་ཀུན་ཏུ། །ཡིད་ཀྱི་ཤིང་རྟ་རེ་བའི་འབྲས་གང་སྩོལ། །རྒྱལ་རྣམས་མཁྱེན་བརྩེའི་རང་བཞིན་གཞན་ཕན་གྱི། །ཕྲིན་ལས་ཟབ་མོ་མཁའ་ལྟར་ཡངས་པ་ལས། །བསྟན་འགྲོའི་དཔལ་དུ་ཉིན་བྱེད་འོད་སྟོང་ཅན། །དེང་འདིར་གེགས་མེད་གསལ་བར་བསྟན་དུ་གསོལ། །དོན་དམ་རང་བཞིན་ཆོས་དབྱིངས་སྟོབས་དག་དང་། །ཀུན་རྫོབ་བསླུ་མེད་རྟེན་ཅིང་འབྲེལ་འབྱུང་གི། །དད་དང་དམ་ཚིག་


SPN003_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་རྣམ་དག་མཐུས། །ཇི་ལྟར་ཡིད་བཞིན་ཡོངས་སུ་འགྲུབ་གྱུར་ཅིག །ཅེས་ཟུར་མང་བླ་མ་དམ་པ་བསྟན་འཛིན་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་སྐབས་གང་དེའི་དབོན་པོ་བླ་མ་རྣམས་ཀྱིས་བཞེད་ལྟར་སི་ཏུས་སྤེལ་བ་དོན་དང་ལྡན་གྱུར་ཅིག །རྒྱལ་ཀུན་ངོ་བོ་པདྨ་འབྱུང་གནས་མཆོག །གསོལ་བཏབ་མཐུ་ལས་ཐུགས་རྗེའི་ཀློང་ཡངས་ནས། །བྱིན་རླབས་སྣང་བྱེད་དཔལ་དུ་འབར་བ་ཡིས། །སྒྲིབ་གཉིས་བག་ཆགས་མུན་པ་གཏན་བཅོམ་ཤོག །ཞིང་ཁམས་རྒྱ་མཚོའི་ཡོན་ཏན་ཡོངས་རྫོགས་ནས། །འགྲོ་ཁམས་རྒྱ་མཚོ་གདུལ་བྱའི་སྣང་བའི་ངོར། །ཡེ་ཤེས་རྒྱ་མཚོའི་རང་གཟུགས་སྤྲུལ་པའི་གར། །སྨོན་ལམ་རྒྱ་མཚོའི་བདེན་པས་གསལ་གྱུར་ཅིག །ཅེས་སི་ཏུ་པས་དགེ་སློང་ཕྲིན་ལས་ཀྱི་བཞེད་ལྟར་བླ་མ་ཡེ་ཤེས་ཀྱི་སྐྱེ་སྲིད་མྱུར་གསལ་ཕྱིར་དུ་སྤེལ་བ་དགེ། །ཕྱོགས་བཅུའི་ཞིང་བཞུགས་རྒྱལ་བ་དང་། །དེ་སྲས་སློབ་མར་བཅས་ཀུན་གྱི། །ཐུགས་རྗེ་མཁའ་དབྱིངས་ཀློང་ཡངས་ནས། །བྱིན་རླབས་སྤྲིན་ཚོགས་གཏིབས་པ་ལས། །ཡིད་ཅན་གདུལ་བྱའི་བསོད་ནམས་ཀྱི། །དད་པའི་ས་གཞི་ཁྱོན་ཡངས་པོར། །རྣམ་དག་དགེ་ལེགས་འབྲས་སྨིན་ཕྱིར། །སྤྲུལ་པའི་སྣང་བརྙན་བདུད་རྩིའི་ཆར། །མི་མཐུན་ཉེས་པའི་དྲི་བཞོན་གྱི། །གཡུལ་ལས་གེགས་མེད་བདེ་བླག་ཏུ། །ཡིད་ལ་འདོད་འཇོའི་དཔལ་སྦྱིན་ཏེ། །བསྟན་འགྲོའི་དོན་ཆེན་སྤྱོད་པར་ཤོག །ཅེས་ཁྲ་ལེབ་བླ་མཆན་ཉི་མ་འདས་


SPN003_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱེ་སྤྲུལ་མྱུར་གསལ་སླད་བླ་གྲྭ་རྣམས་ཀྱིས་བསྐུལ་ངོར་སྤེལ།། །།༈ མཐའ་ཡས་རབ་འབྱམས་རྒྱལ་ཀུན་ཐུགས་རྗེའི་རྒྱུན། །མཁྱེན་བརྩེ་ནུས་པའི་རང་གཟུགས་རྒྱ་མཚོའི་བདག །དཔལ་ལྡན་སངས་རྒྱས་གཉིས་པ་པདྨ་འབྱུང་། །མཆོག་གི་བྱིན་རླབས་ཆ་ཤས་འདབ་ཕྲེང་ལས། །དགེ་ལེགས་དཔྱིད་དུ་འགྱུར་བའི་ཟིལ་མངར་གྱིས། །ལུས་ཅན་གདུལ་བྱའི་བུང་བ་ཇི་སྙེད་པ། །རྫོགས་ལྡན་ཀུན་དགར་སྤྱོད་པའི་དཔལ་དུ་ནི། །གང་དེའི་ཡང་སྲིད་པད་ཚལ་བཞད་གྱུར་ཅིག །མཆོག་གསུམ་ངོ་བོ་ཨོ་རྒྱན་ཕྲིན་ལས་འོད། །ཕྱོགས་བཅུ་ཀུན་ཁྱབ་བརྡལ་བའི་ལེགས་བྱས་ཀྱིས། །ཕན་བདེའི་རང་བཞིན་འདབ་བརྒྱ་གྲོལ་བ་དང་། །འགྲོ་ཀུན་སྒྲིབ་གཉིས་ཁྲི་མུན་སེལ་གྱུར་ཅིག །ཅེས་པའང་བླ་མ་ཀརྨ་ལྷུན་གྲུབ་ཀྱི་སྐྱེ་སྲིད་མྱུར་གསལ་གྱི་སྨོན་ལམ་འདི་བཞིན་ཤོ་པུ་བླ་གྲྭ་རྣམས་ཀྱི་བཞེད་ངོར་སི་ཏུས་སྤེལ། །རྒྱལ་བ་སྲས་བཅས་ཐུགས་རྗེའི་ཟླ་སྣང་འོད། །རབ་དཀར་དགེ་བའི་ཆ་ཤས་ཡོངས་རྫོགས་པའི། བདེན་པ་དམ་པས་དེང་འདིར་བཀའ་བརྒྱུད་ཀྱི། །རིང་ལུགས་གསལ་བྱེད་སྤྲུལ་པའི་ཀུ་མུ་ད། །ཉེས་གསུམ་དྲི་ཡིས་མ་བསླད་མཐུན་རྐྱེན་གྱི། །དཔལ་ཀུན་ལྷུན་གྱིས་གྲུབ་པའི་ལེགས་བྱས་གང་། །རབ་རྒྱས་བསྟན་འགྲོའི་གསོས་སུ་འགྱུར་བ་རུ། །བསླུ་མེད་དཀོན་མཆོག་བྱིན་མཐུས་མྱུར་འགྲུབ་ཤོག །ཅེས་ཞིང་གཤེགས་བླ་མ་ཀརྨ་ཕུན་ཚོགས་རབ་བརྟན་གྱི་སྐྱེ་སྲིད་མྱུར་དུ་འབྱོན་བར་བླ་གྲྭ་རྣམས་ཀྱི་བཞེད་ངོར་


SPN003_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ། །བསླུ་མེད་སྐྱབས་གནས་དཀོན་མཆོག་རྣམ་གསུམ་དང་། །པདྨ་འབྱུང་གནས་ཐུགས་རྗེའི་བདེན་སྟོབས་ཀྱིས། །བསྟན་པའི་གསལ་བྱེད་བླ་མ་གང་དེ་ཡི། །སྐྱེ་བའི་སྲིད་པ་མྱུར་དུ་གསལ་གྱུར་ཅིག །རྒྱལ་བསྟན་སྙིང་པོའི་རིང་ལུགས་རབ་ཞུགས་ནས། །ཚད་ཐུབ་དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང་། །གསང་སྔགས་ལམ་ཞུགས་སྨིན་གྲོལ་མཐར་ཕྱིན་ནས། །བསྟན་དང་འགྲོ་ལ་སྨན་པ་ཉིད་གྱུར་ཅིག །ཅེས་པའང་བླ་མ་དམ་པ་བློ་གྲོས་ཉི་མའི་དགོངས་བཞེད་ལྟར་ཆེ་ཚང་སྤྲུལ་སྐུ་མྱུར་གསལ་དུ་སྤེལ། །སྐུ་གསུམ་འདུས་པའི་དཔྱིད་གྱུར་པ། །རྒྱལ་དབང་པདྨར་གསོལ་བཏབ་མཐུས། །འགྲོ་སྒྲོལ་གདུལ་བྱའི་གཉེན་དུ་ནི། །ཡང་སྲིད་ཆུ་སྐྱེས་གསར་པའི་དཔལ། །དེང་འདིར་དགེ་ཚོགས་རྒྱ་མཚོ་ཡི། །མཐུ་ཡིས་ཉེ་བར་བསྐུལ་ནས་སུ། །མྱུར་བ་ཉིད་དུ་རབ་རྒྱས་ནས། །ཕན་བདེའི་འདབ་སྟོང་གྲོལ་བར་ཤོག །ཅེས་པའང་དགོན་ཞབས་བླ་མ་ཚེ་དབང་རབ་རྒྱས་སྤྲུལ་སྐུ་མྱུར་འབྱོན་དུ་སྤེལ། །དཀོན་མཆོག་རྒྱ་མཚོའི་ཐུགས་ཀློང་ཡངས་པ་ནས། །འགྲོ་བའི་དོན་དུ་རོལ་པའི་ལེགས་བྱས་ཀྱི། །ཡོན་ཏན་ཕུན་སུམ་ཚོགས་པའི་དགེ་མཚན་གྱི། །རྨད་བྱུང་དུ་མས་བརྒྱན་པའི་སྒྱུ་འཕྲུལ་གར། །དེང་འདིར་གསལ་བའི་དཔལ་དང་ལྡན་གྱུར་ཅིག །མཆོག་གསུམ་བདེན་པ་མཆོག་དང་ཆོས་ཉིད་ཀྱི། །བདེན་པ་ཟབ་མོས་སྨོན་ལམ་ཇི་ལྟ་བར། །དེ་


SPN003_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གེགས་མེད་ལྷུན་གྱིས་འགྲུབ་པར་ཤོག །ཅེས་ས་ར་བླ་མ་རྣམ་རོལ་སྐྱེ་སྲིད་མྱུར་འབྱོན་བླ་གྲྭ་རྣམས་ཀྱི་ངོར་སི་ཏུས་སྤེལ། །མཆོག་གསུམ་འདུས་ཞལ་པདྨ་འབྱུང་གནས་ཀྱི། །ཐུགས་རྗེའི་བདེན་པས་དེང་འདིར་རྗེས་དགོངས་ལ། །མཆོག་གི་བླ་མའི་སྤྲུལ་པའི་ཟློས་གར་གང་། །སྙིང་པོའི་བསྟན་པ་མཐའ་རྒྱས་སྤེལ་ཕྱིར་དུ། །རྒྱལ་རྣམས་བྱིན་རླབས་ཡེ་ཤེས་ཀློང་ཡངས་ནས། །མྱུར་བར་བྱམས་པའི་དབྱིངས་ནས་བརྩེར་དགོངས་ལ། །སྒྱུ་འཕྲུལ་རྡོ་རྗེའི་རོལ་གར་བསྟན་དུ་གསོལ། །བླ་མེད་དཀོན་མཆོག་རྩ་གསུམ་བདེན་པ་དང་། །ཆོས་ཅན་ཆོས་ཉིད་བདེན་པ་ཟབ་མོ་དང་། །བདག་སོགས་ཀུན་རྫོབ་རྟེན་འབྲེལ་གསོལ་བ་ཡིས། །སྨོན་པ་ཇི་བཞིན་ཡོངས་སུ་འགྲུབ་གྱུར་ནས། །དགེ་འདུན་སྡེ་རྒྱས་ཆོས་སྤྱོད་རབ་རྒྱས་ཤོག །ཅེས་པའང་རྟོགས་ལྡན་ཆེན་པོ་ཀརྨ་ཡན་ལག་འབྱུང་དང་གང་དེའི་འདུས་པ་རྣམས་ཀྱི་ངོར་གུ་རུ་མ་ཧཱ་སུ་ཁའི་སྐྱེ་སྲིད་མྱུར་འབྱོན་དུ་སྤེལ། །བདེར་གཤེགས་རྒྱལ་བ་རྒྱལ་བའི་མྱུ་གུ་ཡི། །ཐུགས་རྗེའི་གཏེར་ཆེན་རིག་འཛིན་པདྨ་འབྱུང་། །དབྱེར་མེད་རྗེ་བཙུན་བདུད་འདུལ་རྡོ་རྗེ་འཆང་། །མཆོག་གིས་བྱིན་རླབས་ཆར་རྒྱུན་དངོས་གྲུབ་སྩོལ། །གང་ཞིག་འགྲོ་ལ་རྗེས་བརྩེའི་ཕྲིན་ལས་ཀྱི། །རང་གཟུགས་མགོན་དཔལ་ཉིད་དུ་ཞལ་འཆེས་བཞིན། །བླ་མེད་བྱང་ཆེན་སྤྱོད་པ་རླབས་ཆེན་པོའི། །ཡེ་ཤེས་གཟི་བྱིན་འོད་སྣང་གསལ་མཛོད་ཅིག །དེང་འདིར་བསྟན་དང་འགྲོ་ཕན་ཉེར་འཚོའི་


SPN003_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

གཞིར། །སྐྱེ་བ་སྤྲུལ་པའི་སྐུ་རུ་མྱུར་བཞད་པའི། །སྐྱབས་གསུམ་མཆོག་རྣམས་ཐུགས་རྗེ་བསྐུལ་བའི་མ ཐུས། །གེགས་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཆོས་དབྱིངས་རང་བཞིན་དོན་དམ་བདེན་པ་དང་། །ཆོས་ཅན་ཀུན་རྫོབ་རྟེན་འབྲེལ་བསླུ་མེད་དང་། །བདག་སོགས་རྣམས་ཀྱི་ལྷག་བསམ་འོད་དཀར་པོའི། །བདེན་པའི་བདེན་ཚིག་ཇི་བཞིན་ཡོངས་གྲུབ་ཤོག །ཅེས་པ་འདི་མགོན་པོ་བླ་མའི་སྐྱེ་སྲིད་མྱུར་གསལ་ཕྱིར་འདུས་གྲྭ་རྣམས་ཀྱི་ངོར་སྤེལ། །རྒྱལ་བ་རྒྱ་མཚོའི་ཐུགས་རྗེའི་རྣམ་པར་འཕྲུལ། །བཀའ་བརྒྱུད་རྒྱ་མཚོའི་བྱིན་རླབས་ཀློང་ཡངས་ནས། །འགྲོ་ཁམས་རྒྱ་མཚོར་དེང་འདིར་སྣང་བྱེད་ཀྱི། །དཔལ་ཡོན་རྒྱ་མཚོ་རབ་ཏུ་གསལ་གྱུར་ཅིག། གདུལ་བྱའི་མོས་ངོར་དེར་སྣང་གཟུགས་ཀྱི་སྐུ། །རྟག་འཛིན་ཞེན་ཟློག་ཞི་བའི་དབྱིངས་མནལ་ཀྱང་། །སྔོན་རོལ་སྙིང་སྟོབས་དམ་བཅའི་ཁུར་ཆེན་པོ། །རྗེས་དགོངས་འགྲོ་རྣམས་ཡལ་བར་འདོར་རམ་ཅི། །དེ་སླད་གསོལ་བའི་བདེན་འབྲས་བསླུ་མེད་མཐུས། །སྐྱེ་བ་སྤྲུལ་བའི་སྐུ་རུ་མྱུར་བཞེངས་ནས། །སྙིགས་ལྔའི་མུན་ཆེན་དྲྭ་བ་གཞོམ་པ་དང་། །བསྟན་པའི་ཉི་མ་ཆེན་པོ་འཆར་གྱུར་ཅིག །ཅེས་པའང་ས་ཐམ་འོག་མིན་རྣམ་གྲོལ་གླིང་གི་བླ་མ་རྟོགས་ལྡན་ཆེན་པོ་དབང་རྒྱལ་བ་ཞི་བར་གཤེགས་པའི་སྐྱེ་སྤྲུལ་མྱུར་གསལ་ཕྱིར་གང་དེའི་ཞབས་རིམ་འདུས་པ་རྣམས་དང་ལས་འཛིན་བཅས་ནས་བསྐུལ་ངོར་སི་ཏུ་པས་སྤེལ་བ་དོན་དང་ལྡན་པར་གྱུར་ཅིག། །


SPN003_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་རྒྱལ་དང་དམ་ཆོས་འཕགས་ཚོགས་ཀྱི། །ཐུགས་རྗེའི་བདེན་པ་ཟབ་མོས་སྨོན་པའི་འབྲས། །ཡོངས་གྲུབ་ཡིད་ལ་འདོད་པ་འཇོ་བ་ཡི། །བྱིན་རླབས་མཆོག་ཏུ་དེང་འདིར་སྨིན་གྱུར་ཅིག །བསྟན་འགྲོའི་རྒུད་པ་སེལ་བྱེད་དགེ་ལེགས་ཀྱི། །ཉི་གཞོན་ཕུན་སུམ་ཚོགས་པའི་ཕྲིན་ལས་ཅན། །བསོད་ནམས་ཤར་རིའི་ཕྲག་ལས་ཉེ་བ་རུ། །མི་མཐུན་ཆུ་འཛིན་གཡུལ་ལས་རྣམ་གྲོལ་ནས། །གང་འདིར་གདུལ་བྱའི་པད་ཚལ་ཁྱོན་ཡངས་པོ། །ལེགས་བྱས་རྫོགས་ལྡན་དཔལ་གྱིས་གང་བཞིན་པར། །སྤྲུལ་པའི་སྣང་བརྙན་གསལ་བར་འཆར་གྱུར་ནས། །དགེ་འདུན་སྡེ་རྒྱས་རྒྱལ་ཁམས་བདེ་ལེགས་ཤོག །ཅེས་པའང་འཇང་ལ་ཤྲི་བླ་མའི་སྐྱེ་སྤྲུལ་མྱུར་གསལ་ཆེད་དུ་འདུས་ཚོགས་ནས་བསྐུལ་ལྟར་སྤེལ། །ཕྱོགས་བཅུའི་རྒྱལ་ཀུན་ཡེ་ཤེས་རང་གཟུགས་མཆོག། དཔལ་ལྡན་སངས་རྒྱས་མཚོར་འཁྲུངས་པདྨ་སྐྱེས། །གང་གི་ཐུགས་རྗེ་མི་བཟད་གཏེར་ཆེན་པོས། །དེང་འདིར་སྨོན་ལམ་ཡོངས་འགྲུབ་བྱིན་གྱིས་རློབས། །བསྟན་པ་དྲི་མེད་རིང་ལུགས་གསལ་ཕྱིར་དང་། །གདུལ་བྱ་ཐར་ལམ་བཀོད་པའི་ཕྲིན་ལས་ཀྱི། །འགྲོ་འདྲེན་བྱེད་པོར་མངའ་དབང་བསྒྱུར་ནུས་པའི། །སྤྲུལ་པའི་གཟུགས་སྐུ་མྱུར་བར་འཆར་གྱུར་ཅིག །མཆོག་གསུམ་བསླུ་མེད་དོན་དམ་བདེན་པ་དང་། །ཀུན་རྫོབ་མོས་པའི་རྟེན་འབྲེལ་ཟབ་མོ་ཡིས། །ཇི་ལྟར་རེ་བའི་འབྲས་གང་ཡོངས་སྨིན་ནས། །བདེ་ལེགས་དཔལ་གྱིས་རྣམ་ཀུན་ཁྱབ་པར་


SPN003_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཅེས་པ་བྱ་བཏང་བའི་སྐྱེ་སྤྲུལ་མྱུར་གསལ་སླད་དུ་གྲྭ་རིགས་རྣམས་ནས་བསྐུལ་ངོར་སྤེལ་བ་དགེ། །དུས་གསུམ་རྒྱལ་ཀུན་ཐུགས་རྗེའི་རྣམ་པར་རོལ། །གཅིག་བསྡུས་དཀྱིལ་འཁོར་ཀུན་བདག་འཁོར་ལོའི་མགོན། །བརྩེ་ཆེན་ཆོས་ཀྱི་དབྱིངས་ནས་རྗེས་དགོངས་ལ། །འགྲོ་དོན་བསྙེལ་མེད་ཕྲིན་ལས་བསྐྱང་དུ་གསོལ། །དེང་འདིར་བསྟན་དང་འགྲོ་བའི་དཔུང་གཉེན་དུ། །རིང་ནས་བྱམས་ཆེན་དམ་བཅའི་ཁུར་བཞེས་ལྟར། །རྣམ་འཕྲུལ་རྒྱུན་མི་ཆད་པའི་རང་བཞིན་གྱི། །སྤྲུལ་པའི་ཟླ་སྣང་མྱུར་བར་བསྟན་དུ་གསོལ། །དེ་ལྟར་གསོལ་བཏབ་བདེན་པའི་བྱིན་མཐུ་ཡིས། །ཡིད་བཞིན་སྨོན་ལམ་ཡོངས་སུ་འགྲུབ་པ་དང་། །སྒྲུབ་བརྒྱུད་བསྟན་པ་རིན་ཆེན་དར་རྒྱས་ཤིིང་། །རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་འབྱུང་གྱུར་ཅིག །ཞེས་པ་དང་མཚུངས་མེད་བླ་མ་བསྟན་འཛིན་པ་གང་གི་ཐུགས་བཞེད་ལྟར། རྗེ་གར་དབང་རིན་པོ་ཆེ་དེ་ཉིད་ཀྱི་སྤྲུལ་སྐུ་མྱུར་འབྱོན་ཕྱིར་དུ་སི་ཏུ་པས་འོག་མིན་ཀརྨའི་གདན་སར་བཀོད་བ་དགེ། །མཆོག་གསུམ་ངོ་བོ་དཔལ་ལྡན་ཀརྨ་པའི། །ཐུགས་རྗེ་ཆེན་པོའི་ཡེ་ཤེས་འོད་སྣང་གིས། །དེང་འདིར་ཁྱབ་པའི་དཔལ་ཡོན་མི་བཟད་པས། །རྣམ་ཀུན་རེ་བའི་ཤིང་རྟ་འགེངས་གྱུར་ཅིག །བསྟན་འགྲོའི་རྒུད་པ་སེལ་བའི་སྨན་མཆོག་དང་། །ཕན་བདེའི་རྩ་ལག་ཉིད་དུ་ཡོངས་གྲུབ་པ། །བླ་མ་གང་དེའི་སྐྱེ་བའི་རྣམ་པར་རོལ། །དགེ་མཚན་དང་བཅས་རིང་མིན་གསལ་ནས་སུ། །རྒྱལ་བསྟན་སྲི་ཞུ་འཛིན་


SPN003_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་སྤེལ་ནུས་ཤིང་། །འགྲོ་བའི་གཉེན་དུ་འོས་པའི་ཕྲིན་ལས་ནི། །རྒྱ་ཆེན་རྒྱ་མཚོའི་གོས་ཅན་ཁྱབ་བྱེད་དུ། །གེགས་མེད་དེ་ལྟར་ལྷུན་གྱིས་གྲུབ་པར་ཤོག །ཅེས་སི་ཏུ་པས་དབོན་པོ་བླ་མ་ཀརྨ་བསྟན་རྒྱས་ཀྱིས་བཞེད་ངོར་ཟུར་རི་བླ་རྒན་གྱི་སྐྱེ་སྲིད་མྱུར་བྱོན་ཆེད་དུ་སྤེལ་བ་ཛ་ག་ཏམ། །ཆོས་སྐུ་ཟག་མེད་མཁའ་དབྱིངས་ཁྱོན་ཡངས་པོར། །ལོངས་སྐུ་ཡེ་ཤེས་ལྔ་ལྡན་ཉིན་མོར་བྱེད། །སྤྲུལ་སྐུ་སྣ་ཚོགས་སྣང་བའི་འོད་འབུམ་བརྡལ། །དཔལ་ལྡན་ཀརྨ་ཀ་དེས་རྣམ་ཀུན་སྐྱོངས། །ཐུབ་བསྟན་ཀུན་དགའི་དཔྱིད་གྱུར་པདྨོའི་ཚལ། རྣམ་པར་བཞད་པའི་ཕྲིན་ལས་རབ་རྒྱས་ཕྱིར། །འགྲོ་བའི་ངལ་གསོའི་དཔལ་དང་དཔུང་གཉེན་དུ། །སྐྱེ་བའི་ཟློས་གར་རབ་གསལ་སྟོན་གྱུར་ཅིག །ཆོས་དབྱིངས་རང་བཞིན་དོན་དམ་བདེན་པ་དང་། །ཆོས་ཅན་ཀུན་རྫོབ་རྟེན་འབྲེལ་བསླུ་མེད་བདེན། །གང་དེས་དེང་འདིར་སྨོན་པའི་དགེ་ལེགས་ཚོགས། །འབད་མེད་ཡོངས་སུ་འགྲུབ་པའི་བཀྲ་ཤིས་ཤོག །ཆོས་ཉིད་སྤྲུལ་སྐུ་མྱུར་གསལ་ཆེད་དུ་ཁྲ་འབོ་དང་འབའ་ལུང་བླ་མ་གྲྭ་ཚང་རྣམས་ཀྱི་བཞེད་ངོར་སྤེལ་བ་ཛ་ག་ཏཾ། །ན་མོ་གུ་ར་ཝེ། རབ་འབྱམས་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །གངས་ཅན་མགོན་པོ་དཔལ་ལྡན་ཀརྨ་པ། །སྐྱབས་གནས་རྒྱ་མཚོར་གསོལ་འདེབས་བྱིན་རླབས་ཀྱིས། །འགྲོ་སྒྲོལ་ཐུགས་བསྐྱེད་ལྷ་ལམ་ཁྱོན་ཡངས་ནས། །མཐུ་སྟོབས་ཉིན་བྱེད་འོད་འབུམ་བདལ་བ་


SPN003_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །གང་འདིར་བསྟན་དང་འགྲོ་བའི་དགའ་ཚལ་གཉེན། །ཅི་དགར་བཞད་པའི་ཕྲིན་ལས་སྤེལ་སླད་དུ། །སྐྱེ་བའི་སྲིད་པ་མྱུར་བ་རབ་གསལ་ཤོག། ཐེག་གསུམ་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག །མི་ནུབ་གོང་ནས་གོང་དུ་འཕེལ་ཞིང་རྒྱས། །སྐྱེ་དགུ་སྙིགས་ལྔའི་རྒུད་པ་ལས་གྲོལ་ནས། །རྫོགས་ལྡན་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཁྲ་ལེགས་མཆོག་སྤྲུལ་ཐུགས་བཞེད་ལྟར་གང་དེའི་ཕྲིན་ལས་བྱེད་པོའི་སྐྱེ་སྤྲུལ་མྱུར་གསལ་བདེན་ཚིག་ཏུ་སྤེལ་བ་དགེ། །མདྒ་ལམ། །བདེ་ཆེན་འགྱུར་མེད་འོད་གསལ་ཀུན་ཁྱབ་ཀློང་། །རང་བྱུང་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས། །རིགས་དཀྱིལ་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་། །དཔལ་ལྡན་འབྲུག་པའི་ཞབས་ལ་གསོལ་བ་འདེབས། །སྙིགས་ལྔའི་གདུལ་བྱ་རྟག་འཛིན་ཞེན་ཟློག་ཕྱིར། །ཆོས་དབྱིངས་སྤྲོས་བྲལ་ཞི་བར་གཞོལ་ལགས་ཀྱང་། །ཟག་མེད་ཐུགས་ཀྱིས་རྗེས་འཇུག་བརྩེར་དགོངས་ལ། །མཆོག་སྣང་ཉིན་བྱེད་དེང་འདིར་གསལ་དུ་གསོལ། །རྒྱལ་བསྟན་སྤྱི་དང་སྒྲུབ་བརྒྱུད་ངེས་གསང་སྙིང་། །འཛིན་སྤེལ་སྐྱོང་དང་འཛམ་གླིང་སྐྱེ་དགུ་ཡི། །བསོད་ནམས་ཞིང་དུ་གཟུགས་སྐུའི་རྣམ་པར་རོལ། །དགེ་མཚན་བྱེ་བའི་དཔལ་གྱིས་འཆར་གྱུར་ཅིག །ཅེས་སྐྱབས་རྗེ་བཀའ་དྲིན་གསུམ་ལྡན་འབྲུག་པ་རིན་པོ་ཆེའི་མཆོག་སྣང་མྱུར་འབྱོན་དུ་སི་ཏུ་


SPN003_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཉིན་བྱེད་དབང་པོས་རྗེ་དབོན་མཆོག་གི་བཞེད་ངོར་གསོལ་བའོ། །ༀ་སྭསྟི། སྲིད་ཞིའི་འདྲེན་པ་མཉམ་མེད་ཤཱཀྱའི་རྒྱལ། །ཆོས་དང་འཕགས་ཚོགས་རྒྱ་མཚོར་གསོལ་བཏབ་མཐུས། །དེང་འདིར་རྣམ་འདྲེན་མཆོག་གཉིས་གདུལ་བྱའི་ངོར། །རྟག་འཛིན་ཞེན་ལྡོག་ཆོས་དབྱིངས་ཞི་བདེའི་ངང་། །གཞོལ་བ་ཀུན་རྫོབ་སྣང་ཚུལ་དེ་ལྟར་ཡང་། །དོན་དམ་སྐྱེ་དང་འགགས་པའི་མཚན་བྲལ་བཞིན། །སྙིགས་ལྔའི་འགྲོ་རྣམས་ཡལ་བར་འདོར་མིན་ཕྱིར། །བརྩེ་ཆེན་བྱམས་པའི་ཐུགས་བསྐྱེད་རྗེས་དགོངས་ལ། །དེང་འདིར་སྤྲུལ་པའི་སྣང་བྱེད་ཉི་ཟླ་ཟུང་། །ཕྲིན་ལས་འོད་ཀྱི་ཟེར་ཕྲེང་ཟློས་གར་ནི། །སྐྱེ་དགུའི་རྒུད་པ་སེལ་དང་བཀའ་བརྒྱུད་བསྟན། །པད་ཚལ་ཕྱོགས་མཐར་རྒྱས་དང་ལྷན་ཅིག་པར། །བསྐལ་བཟང་རྫོགས་ལྡན་གསར་པའི་དགའ་སྟོན་ལ། །ཡིད་བཞིན་སྤྱོད་པའི་བཀྲ་ཤིས་མྱུར་གསལ་ཤོག །ཅེས་བཀའ་བརྒྱུད་བསྟན་པའི་རྒྱན་མཆོག་རི་བོ་ཆེ་ཡང་དགོན་རྗེ་དྲུང་རིན་པོ་ཆེ་དང་འཕགས་མཆོག་དམ་པ་མཁན་སློབ་ཞི་བར་མནལ་བའི་མཆོག་སྤྲུལ་མྱུར་འབྱོན་འཛི་སྒར་ནས་དབོན་མཛོད་པ་ཀརྨ་བདེ་ཆེན་གྱི་བཞེད་ངོར་སི་ཏུ་པདྨའི་མིང་གིས་སྦས་ཡུལ་ཨ་ཏ་རོང་དང་རྗེས་འབྲེལ་ཐུབ་བསྟན་དཔལ་སྤུངས་གནྡྷོ་ལ་ནས་བཀོད་པ་དགེ། །བསྐལ་བཟང་རྣམ་འདྲེན་ཐུབ་དབང་རིང་ལུགས་ཁྱོན། །རྒྱ་མཚོའི་གོས་ཅན་སྤེལ་བའི་འཇིག་རྟེན་མགོན། །གྲུ་འཛིན་བདག་པོ་ཕྱག་ན་པདྨོ་ཅན། །དཔལ་ལྡན་ཀརྨ་ཀ་ཡི་ཐུགས་རྗེས་སྐྱོངས། །གང་གི་ཕྲིན་ལས་འོད་སྟོང་སྤེལ་སླད་དུ། །


SPN003_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་ཀློང་ཡངས་བདེ་ཆེན་མཁའ་དབྱིངས་ལས། །སྤྲུལ་པའི་སྣང་བྱེད་མྱུར་བར་རབ་གསལ་བའི། །དགེ་ལེགས་བྱེ་བའི་འདབ་བརྒྱ་བཞད་དུ་གསོལ། །སྒྲུབ་བརྒྱུད་བསྟན་པ་རིན་ཆེན་ཕྱོགས་མཐར་རྒྱས། །སྐྱེ་དགུ་བདེ་སྐྱིད་དཔལ་གྱིས་གང་བཞིན་དུ། །བཀྲ་ཤིས་རྫོགས་ལྡན་ལང་ཚོ་རྒྱས་བཞིན་པར། །ཕུན་སུམ་ཚོགས་པས་ཀུན་ཏུ་ཁྱབ་གྱུར་ཅིག །ཅེས་པའང་སི་ཏུ་པས་ཁྲ་འགུ་དབོན་པོ་དང་གྲྭ་ཚང་བཅས་ཀྱི་བཞེད་ངོར་སྤེལ་བ་དགེ། །གདོད་ནས་རང་བྱུང་བདེ་བ་ཆེན་པོའི་གཤིས། །མཁའ་ཁྱབ་ནམ་མཁའི་རྡོ་རྗེར་བྱང་ཆུབ་ཅིང་། །ལྷུན་གྲུབ་ལོངས་སྤྱོད་སྒྱུ་འཕྲུལ་གར་སྟོན་པས། །ཞིང་གཞན་དགོངས་པའི་གནས་ལ་གཞོལ་གྱུར་ཀྱང་། །དེང་འདིར་བསྟན་དང་འགྲོ་ལ་རྗེས་བརྩེ་བའི། །ཐུགས་བསྐྱེད་ཟབ་མོའི་ཀློང་ནས་ཉེར་དགོངས་ལ། །སླར་ཡང་གཟུགས་སྐུའི་དཀྱིལ་འཁོར་འོད་དཀར་ཅན། །གདུལ་བྱ་ཀུ་མུད་ཕན་བདེའི་དགའ་ཚལ་དུ། །མངོན་པར་གསལ་བའི་ཟེར་ཕྲེང་སྣང་པ་ནི། །རྨད་བྱུང་དགེ་ལེགས་བྱེ་བའི་དཔལ་གང་དག །རབ་རྒྱས་རྫོགས་ལྡན་དཔྱིད་ཀྱི་ཡོན་ཏན་ལ། །སྤྱོད་པའི་མཆོག་གསུམ་ཐུགས་རྗེས་སྐྱོང་གྱུར་ཅིག །ཅེས་སི་ཏུ་པས་རྒྱལ་སྲས་བླ་མ་པད་དབང་དང་དབོན་མཛོད་བདེ་ཆེན་བཞེད་ངོར་དཔལ་དགའི་མཆོག་སྤྲུལ་གསལ་བའི་ཆེད་དུ་སྤེལ་བ་དགེ། །རྒྱལ་བ་ཀུན་དངོས་མཚོ་སྐྱེས་པདྨ་འབྱུང་། །སྒྱུ་འཕྲུལ་གར་


SPN003_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་སྤྲུལ་པའི་རིག་པ་འཛིན། །གངས་ལྗོངས་བསྟན་འགྲོའི་དཔུང་གཉེན་གྲུབ་པའི་དབང་། །ཚེ་དབང་དཔལ་དར་མཆོག་ལ་གསོལ་བ་འདེབས། །གང་ཁྱོད་དག་པའི་ཞིང་ཁམས་རྒྱ་མཚོ་ལ། །དབང་བསྒྱུར་རྒྱལ་དང་དེ་སྲས་རྣམ་རོལ་ཀྱིས། །གདུལ་བྱ་རྗེས་འཇུག་འགྲོ་ལ་བརྩེར་དགོངས་ནས། །བསྟན་པ་རིན་ཆེན་གསལ་བྱེད་སྤྲུལ་པའི་སྐུ། །གེགས་མེད་མྱུར་དུ་འཆར་བའི་དགེ་མཚན་ནི། །རྗེ་བཙུན་ཕྱག་ན་པདྨོའི་ཕྲིན་ལས་ཀྱི། །ཤིང་རྟ་འདྲེན་པའི་ཐུགས་བསྐྱེད་དམ་བཅའི་ཁུར། །བསྙེལ་མེད་ལྷུན་གྱིས་གྲུབ་པའི་བཀའ་དྲིན་སྩོལ། །ཞེས་རྒྱལ་དབང་རིན་པོ་ཆེའི་བཀའ་སྩལ་སྤྱིར་ཕེབས་ལྟར་སི་ཏུ་པས་དཔལ་དར་རིན་པོ་ཆེའི་མཆོག་སྤྲུལ་མྱུར་འབྱོན་ཆེད་དུ་ཕུལ་བ་མདྒ་ལམ། །དཔལ་ལྡན་སྟོབས་བཅུ་མངའ་བ་བཅོམ་ལྡན་འདས། །དེས་གསུངས་ལུང་དང་རྟོགས་པ་ཆོས་ཀྱི་མཆོག །ཆགས་བྲལ་ཆོས་ཉིད་བདེན་གཟིགས་འཕགས་དགེ་འདུན། །སྐྱབས་གསུམ་ཐུགས་རྗེ་སྐྱ་རེངས་ཀྱིས་དྲངས་པའི། །དམ་པའི་སྒྱུ་འཕྲུལ་མཁའ་ནོར་འོད་འབུམ་ཅན། །བསྟན་འགྲོ་པདྨའི་དགའ་ཚལ་དཔྱིད་ཀྱི་དཔལ། །སྒྲུབ་བརྒྱུད་རིང་ལུགས་སྤེལ་དང་འགྲོ་བའི་མགོན། །སྤྲུལ་པའི་ཉིན་བྱེད་གེགས་མེད་མྱུར་གསལ་ཤོག །ཅེས་མཉན་པ་མཆོག་གི་སྤྲུལ་པའི་སྐུ་མྱུར་འབྱོན་བདེན་ཚིག་དབོན་འཆི་མེད་སྤྲུལ་སྐུས་བཞེད་ངོར་སྤེལ་བ་ཛ་ཡ། །གདོད་ནས་དག་པ་སྐུ་བཞིའི་རྒྱལ་སྲིད་ཆེ། །ཡོངས་སུ་རྫོགས་པ་དཔལ་ལྡན་འབྲུག་པ་


SPN003_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། །ཛྙཱ་ན་བཛྲ་ཞེས་བྱའི་རྣལ་འབྱོར་མཆོག །ཁྱབ་བདག་འཁོར་ལོའི་མགོན་པོས་སྐྱོང་གྱུར་ཅིག །མགོན་དེའི་རྗེས་འཇུག་ལྷག་པའི་ཐུགས་སྟོབས་ཅན། །བཤད་སྒྲུབ་གཉིས་ཀྱི་ཕྲིན་ལས་སྤེལ་བྱེད་པ། །གང་གི་གདུལ་བྱ་རྫོགས་ནས་ཞི་དབྱིངས་སུ། །གཞོལ་ཚུལ་བསྟན་ཀྱང་སླར་ཡང་ཞིང་འདི་རུ། །སྒྲུབ་བརྒྱུད་བསྟན་པ་ཕྱོགས་མཐར་སྤེལ་པ་དང་། །འགྲོ་བའི་དོན་ཆེན་སྔོན་སྨོན་རྗེས་དགོངས་ལ། །ཞི་བར་མི་གནས་ཐེག་ཆེན་སེམས་བསྐྱེད་ཀྱི། །སྤྲུལ་པའི་སྒྱུ་འཕྲུལ་རིང་མིན་གསལ་གྱུར་ཅིག །ཅེས་ལོ་རི་སྤྲུལ་པའི་སྐུའི་མྱུར་འབྱོན་ཆེད་དུ་ཆོས་གླིང་ནམ་མཁའི་སྒང་གྲྭ་རིགས་རྣམས་ཀྱི་ངོར་སྤེལ། །སྐྱབས་གནས་ཀུན་འདུས་པདྨཱ་ཀ་ར་དང་། །ཡི་དམ་མཁའ་འགྲོ་ཡེ་ཤེས་ཆོས་སྐྱོང་བཅས། །རྩ་གསུམ་བྱིན་རླབས་རྨད་བྱུང་བདེན་པའི་མཐུས། །སྒྲུབ་བརྒྱུད་བསྟན་པའི་ཕྲིན་ལས་ཤིང་རྟ་གང་། །འོད་གསལ་ཆོས་དབྱིངས་མངོན་དུ་བྱས་ཏེ་སླར། །ལོངས་སྤྱོད་ཡོངས་རྫོགས་སྒྱུ་མའི་རོལ་པ་ལས། །སྐྱེ་བ་སྤྲུལ་སྐུའི་སྣང་བརྙན་ཟླ་བའི་གཟུགས། །མོས་ལྡན་ཡིད་མཁར་མྱུར་བར་གསལ་གྱུར་ཅིག །ཅེས་སི་ཏུ་པས་དྲུང་རམ་བླ་མཆན་དང་ལས་བྱེད་འདུས་ཚོགས་རྣམས་ཀྱི་ངོར་སྤེལ་བ་དགེ། །ཆོས་དབྱིངས་ཀུན་ཁྱབ་ནམ་མཁའི་ཀློང་ཡངས་སུ། །བདེ་ཆེན་ལོངས་སྤྱོད་ཡོངས་རྫོགས་ཉིན་མོའི་མགོན། །འགྲོ་བློར་གང་འཚམས་སྤྲུལ་པའི་


SPN003_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

འོད་སྟོང་སྤྲོ། །སྐུ་གསུམ་སྟོན་པ་མཚོ་སྐྱེས་པད་འབྱུང་གི། །བྱིན་རླབས་ནུས་མཐུ་སྨོན་ལམ་བདེན་པའི་སྟོབས། །བསླུ་བ་མེད་པས་གང་གི་ངེས་གསང་བསྟན། །ཕྱོགས་བརྒྱར་སྤེལ་བའི་བྱེད་པོ་སྣང་བའི་གཉེན། །གདུལ་བྱའི་སྣང་བར་གེགས་མེད་གསལ་གྱུར་ཅིག །ཅེས་སི་ཏུ་པས་རྒྱལ་སྲས་སྤྲུལ་པའི་སྐུའི་མྱུར་འབྱོན་དབོན་ཀརྨ་ཆོས་རྒྱལ་གྱིས་བསྐུལ་ངོར་སྤེལ་བ་དགེ། །རྒྱལ་སྲས་གཞོན་ནུ་འཇིག་རྟེན་མཐོང་ན་དགའ། །རྒྱལ་བས་ལུང་བསྟན་ནཱ་ག་ཨརྫུ ན། །རྒྱལ་མཆོག་འཇིག་རྟེན་གསུམ་གྱི་མགོན་པོ་སོགས། །རྒྱལ་ཀུན་ཐུགས་རྗེའི་བྱིན་འོད་དེང་འདིར་སྩོལ། །དཀོན་མཆོག་གདུང་འཚོབ་ངེས་གསང་ཐེག་པ་ཆེའི། །བསྟན་འཛིན་བྱེ་བའི་ཁྱུ་མཆོག་སྒྲུབ་བརྒྱུད་ཀྱི། །ཕྲིན་ལས་ཆུ་རྒྱུན་རྒྱ་མཚོའི་གོས་ཅན་མཐར། །དར་རྒྱས་མཆོག་གི་སྤྲུལ་སྐུ་མྱུར་གསལ་ཤོག །སྤངས་རྟོགས་ཡོངས་སུ་རྫོགས་པའི་ཡིད་བཞིན་ནོར། །བར་ཆད་ཉེར་འཚེའི་ཕྱོགས་ལས་རྣམ་གྲོལ་ཏེ། །བསླབ་གསུམ་རྒྱལ་མཚན་རྩེ་མོར་བཀོད་གྱུར་པས། །ངེས་དོན་བསྟན་པའི་ཁང་བཟང་མཛེས་བྱེད་ཤོག །ལྷོ་ཀུན་བཟང་མཆོག་སྤྲུལ་མྱུར་འབྱོན་དགེ། །དེ་བཞིན་གཤེགས་པ་མ་ཆགས་པདྨའི་སྤྱན། །འཛམ་གླིང་མཛེས་བའི་རྒྱན་གྱུར་འཕགས་པ་ཀླུ། །རིགས་ལྡན་པདྨ་དཀར་འཛིན་ཐུགས་རྗེའི་གར། །འཇིག་རྟེན་མགོན་པོའི་སྣང་བས་བྱིན་རླབས་སྩོལ། །དཀོ༵ན་


SPN003_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

མཆོ༵ག་བསྟན་པའི་སྙིང་པོའི་རྣམ་ཐར་གང་། །འཛི༵ན་ལ་གཞན་དྲིང་མི་འཇོག་གདོད་མ་ནས། །བྱ༵ང་ཆུབ་བརྙེས་ཀྱང་རྒྱས་སྲས་རོལ་པ་ཡིས། །བཟ༵ང་པོ༵་སྤྱོད་མཛད་སྤྲུལ་པའི་སྐུར་གསལ་ཤོག །བསླུ་མེད་མཆོག་གསུམ་རྩ་གསུམ་བདེན་པ་ཡིས། །བསྟན་འགྲོའི་བསོད་ནམས་ཤར་རིའི་ཕྲག་པ་ནས། །གང་གི་ཟླ་ཞལ་མྱུར་བར་རབ་གསལ་ཞིང་། །རྣམ་ཀུན་ཕན་བདེའི་སྣང་བས་ཁྱབ་གྱུར་ཅིག །ལྷོ་ཆུང་ཡང་སྤྲུལ་མྱུར་འབྱོན་བཅས་དཔལ་མེའི་མཛོད་དཀོན་མཆོག་རྒྱལ་མཚན་ངོར་སྤེལ། །ཡེ་ཤེས་བདེ་བ་ཆེན་པོའི་རང་བཞིན་སྐུ། །དག་པའི་ཞིང་ཁམས་རྒྱ་མཚོར་རྒྱལ་སྲས་ཚུལ། །ལྗོངས་འདིར་གསང་བདག་རྡོ་རྗེ་འཛིན་དབང་པོ། །གྲུབ་པའི་དབང་ཕྱུག་དཔལ་ལྡན་དཔའ་པོ་མཆོག །ཆོས་དབྱིངས་རང་བཞིན་མཁའ་ཁྱབ་ཏིང་འཛིན་དང་། །རྒྱལ་ཀུན་ཡེ་ཤེས་གཅིག་གྱུར་བྱང་ཆུབ་ཀྱང་། །དམིགས་མེད་ཐུགས་རྗེའི་རོལ་པ་སྲིད་དང་ཞིའི། །གཉིས་ཆོས་གཡུལ་ངོ་ཟློག་ཕྱིར་སྤྲུལ་པའི་གར། །དག་པའི་མཁའ་ལ་ཉིན་མོར་བྱེད་པ་བཞིན། །གསང་སྔགས་སྟོན་མཆོག་པདྨ་སམྦྷ་ཝའི། །ཕྲིན་ལས་ཕྱོགས་བརྒྱར་སྣང་བྱེད་དཔུང་གཉེན་གང་། །བསྟན་འགྲོའི་མགོན་དུ་མྱུར་བར་གསལ་གྱུར་ཅིག །ཅེས་སི་ཏུ་པདྨའི་མིང་ཅན་གྱིས་དཔལ་ལྡན་དཔའ་པོ་རིན་པོ་ཆེའི་མཆོག་སྤྲུལ་མྱུར་འབྱོན་གསོལ་འདེབས་དབོན་མཛོད་ཆོས་དབང་བཞེད་ལྟར་དགེ། །ན་མོ་རཏྣ་ཏྲ་ཡཱ་ཡ། བསྐལ་བཟང་


SPN003_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྟོང་རྩའི་འབྱུང་གནས་མཆོག །བཅོམ་ལྡན་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས། །རྣམ་འཕྲུལ་དཔལ་ལྡན་ཀརྨ་པ་ཞེས་གྲགས། །གང་གིས་བྱིན་རླབས་ཆར་རྒྱུན་དེང་འདིར་སྩོལ། །སྟོན་པའི་བསྟན་པ་ངེས་དོན་སྒྲུབ་བརྒྱུད་ཀྱི། །རིང་ལུགས་ཕྲིན་ལས་སྤེལ་བའི་ཤིང་རྟ་གང་། །སྙིགས་དུས་སེམས་ཅན་གདུལ་དཀའ་མི་བསྲུན་པའི། །སྣང་ངོར་ཆོས་དབྱིངས་ཞི་བར་གཞོལ་ལགས་ཀྱང་། །སྔོན་ཚེ་བྱང་ཆུབ་ཐུགས་བསྐྱེད་རྗེས་དགོངས་ལ། །དེང་འདིར་སྤྲུལ་པའི་གར་བསྒྱུར་བསྟན་དུ་གསོལ། །བླ་མེད་མཆོག་གསུམ་རྩ་གསུམ་རྒྱ་མཚོ་ཡི། །བདེན་པས་སྨོན་པའི་འདོད་དོན་ལྷུན་གྲུབ་ཤོག །སྤུངས་རི་བླ་མཆན་བཞེད་དོན་སྤེལ། །དཔལ་ལྡན་སངས་རྒྱས་མཚོ་སྐྱེས་རྡོ་རྗེ་ཅན། །དབྱེར་མེད་ཀརྨ་པ་ཡི་ཐུགས་རྗེའི་སྟོབས། །རྨད་བྱུང་བྱིན་རླབས་རྒྱུད་བསྐུལ་གསོལ་བཏབ་པས། །གང་དེའི་སྐྱེ་བའི་སྲིད་པ་བསྟན་དང་འགྲོར། །ཕན་བདེའི་རྩ་ལག་དཔྱིད་དུ་གེགས་བྲལ་བར། །ནོངས་མེད་རབ་གསལ་གཞན་ཕན་མཐར་ཕྱིན་ཤོག །སི་ཏུ་པས་བསོད་དབང་སྤྲུལ་སྐུ་མྱུར་གསལ་མཛོད་དགོན་ཆོས་ཟུར་ཆོས་དར་ངོར་སྤེལ། །རབ་འབྱམས་རྒྱལ་བ་རྒྱ་མཚོའི་ངོ་བོ་ཉིད། །འཕགས་ཡུལ་མཁས་གྲུབ་ཡོངས་ཀྱི་གཙུག་གི་རྒྱན། །ཛྙཱ་ན་སིདྡྷིའི་རྣམ་འཕྲུལ་དཔལ་འབྲུག་པ། །གྲུབ་མཆོག་ཡེ་ཤེས་རྡོ་རྗེས་རྒྱུད་བྱིན་རློབས། །གང་འདིར་དཔལ་ལྡན་དབྱར་རྔའི་རིང་


SPN003_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི། །རྒྱལ་མཚན་འཛིན་ཅིང་རིས་མེད་སྐྱེ་དགུ་ལ། །རྣམ་བཞིའི་ཕྲིན་ལས་སྤེལ་བའི་བདག་ཉིད་ཅན། །གང་གི་སྤྲུལ་པའི་ཟླ་ཞལ་བསྟན་དུ་གསོལ། །མཆོག་གསུམ་རྩ་གསུམ་ལྷ་ཚོགས་ཐུགས་རྗེ་དང་། །ཆོས་ཅན་ཆོས་ཉིད་བདེན་པ་ཟབ་མོའི་མཐུས། །སྒྱུ་འཕྲུལ་རྡོ་རྗེའི་སྣང་བརྙན་རབ་གསལ་བ། །གདུལ་བྱའི་མཁའ་ལ་མངོན་པར་འཆར་གྱུར་ཅིག །ཁམས་པ་སྤྲུལ་སྐུ་མྱུར་འབྱོན་དབོན་དང་འདུས་སྡེའི་ངོར་སྤེལ། །དཀོན་མཆོག་རིན་ཆེན་གསུམ་དང་རྩ་གསུམ་གྱི། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀུན་འདུས་པ། །ཁམས་གསུམ་འགྲོ་བའི་མགོན་པོ་ཀརྨ་པའི། །ཐུགས་རྗེ་ཆེན་པོས་བྱང་ཆུབ་བར་དུ་སྐྱོངས། །གང་གི་བསྟན་པའི་བརྒྱུད་འཛིན་དེ་ཉིད་ཀྱི། །སྐྱེ་བའི་སྲིད་པ་སླར་ཡང་རབ་གསལ་བ། །བསྟན་འགྲོའི་དཔྱིད་དུ་རིང་མིན་འཆར་ནས་སུ། །འགྲོ་དོན་མཐར་ཕྱིན་འགྲུབ་པར་བྱིན་གྱིས་རློབས། །སྙིགས་མའི་རང་མདངས་མི་དགེའི་མཚན་མ་རྣམས། །ཞི་ཞིང་བསྟན་འགྲོར་ཕན་བདེའི་ཉི་འོད་ཀྱིས། །བསྐལ་བཟང་རྫོགས་ལྡན་གསར་པའི་དཔལ་ལ་སྤྱོད། །རྣམ་ཀུན་བསམ་དོན་ཆོས་བཞིན་ཡོངས་འགྲུབ་ཤོག །འདམ་དཀར་ཆོས་གྲྭའི་འདུས་པ་རྣམས་ཀྱིས་བསྐུལ་ངོར་སྤེལ་བ་དགེ། །ན་མོ་རཏྣ་ཏྲ་ཡཱ་ཡ། སངས་རྒྱས་བྱང་སེམས་བླ་མ་ཡི་དམ་ལྷ། །དཔའ་བོ་ཌཱ་ཀི་ཆོས་སྐྱོང་རྒྱ་མཚོའི་ཚོགས། །དེང་འདིར་ཐུགས་རྗེའི་འོད་


SPN003_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་འབུམ་བརྡལ་བས། །ཞིང་གཤེགས་ས་ལམ་བར་ཆད་མུན་ཚོགས་བཅོམ། །ས་བཅུ་ལམ་ལྔ་མཐར་ཕྱིན་བླ་མེད་ཀྱི། །སྐུ་བཞིའི་གོ་འཕང་བདེ་བླག་ཉིད་འགྲུབ་ཅིང། །དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ཐོབ་ནས། །གཞན་དོན་ཕྲིན་ལས་ཐོགས་མེད་དབང་འབྱོར་ཤོག །རྡོ་ཁྱིམ་འབྲུག་སྒར་གྲྭ་རིགས་ངོར་སྤེལ་བ་དགེ། །དུས་གསུམ་རྒྱལ་ཀུན་ཐུགས་རྗེའི་སྤྱི་གཟུགས་མཆོག །ཨོ་རྒྱན་ཆེན་པོ་རང་སེམས་དབྱེར་མེད་པར། །རང་བྱུང་གདོད་ནས་ལྷུན་གྲུབ་ངོ་བོར་གསལ། །རྩེ་གཅིག་མོས་གུས་དྲག་པོས་གསོལ་བ་འདེབས། །གང་གི་རྣམ་རོལ་སྒྱུ་འཕྲུལ་རྡོ་རྗེའི་གར། །ཞིང་འདིའི་གདུལ་བར་བྱ་བའི་བསྟན་དང་འགྲོའི། །ཚོགས་གཉིས་སྤེལ་ཕྱིར་ཕུན་ཚོགས་སྐྱ་རེངས་ཀྱིས། །དྲངས་པ་ཉིན་མོའི་མགོན་པོ་གསལ་གྱུར་ཅིག །བླ་མེད་མཆོག་གསུམ་རྩ་གསུམ་དཀྱིལ་འཁོར་ལྷ། །རབ་འབྱམས་རྒྱ་མཚོའི་མཐུ་སྟོབས་རྨད་བྱུང་བས། །སྙིགས་ལྔའི་རྒུད་པ་མུན་ཆེན་གཞོམ་སླད་དུ། །སྤྲུལ་པའི་སྣང་བརྙན་མྱུར་བར་གསལ་གྱུར་ཅིག །འཛི་སྒར་ལས་ཕྱག་ལྷན་རྒྱས་བཞེད་ངོར་སྤེལ་བ་དགེ། །སྭ་སྟི། རིགས་ཀུན་ཁྱབ་བདག་དཔལ་ལྡན་ཀརྨ་པ། །བཀའ་བརྒྱུད་རིན་ཆེན་ཕྲེང་བའི་བྱིན་རླབས་དང་། །ཡི་དམ་ཞི་ཁྲོ་དཔའ་བོ་རྣལ་འབྱོར་མ། །ཆོས་སྐྱོང་དམ་ཅན་རྒྱན་མཚོའི་བདེན་མཐུ་ཡིས། །བསྟན་འགྲོ་ཕན་བདེའི་གཞིར་གྱུར་དམ་པ་གང་། །ཀུན་རྫོབ་སྣང་ངོར་ཞི་དབྱིངས་མནལ་


SPN003_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ཀྱང་། །དོན་དམ་ཡེ་ཤེས་རང་མདངས་སྒྱུ་འཕྲུལ་གར། །གདུལ་བྱའི་མགོན་དུ་མྱུར་བར་གསལ་གྱུར་ཅིག །འགལ་རྐྱེན་བར་ཆད་མུན་ཚོགས་རྒྱང་བསྲིང་ཞིང་། །དྲི་མེད་བསླབ་གསུམ་སྣང་བའི་འོད་དཀར་ཀྱིས། །ལུང་རྟོགས་བསྟན་པའི་ཀུ་མུཏ་བཞད་པ་ལ། །སྐྱེ་དགུའི་སྣང་བྱེད་གཉིས་པར་གསལ་གྱུར་ཅིག །སྐྱིད་ཁྲི་སྟེང་བླ་སྤྲུལ་ཀརྨ་དོན་གྲུབ་བཞེད་ལྟར་སྤེལ། །ཕྱོགས་དུས་རྒྱལ་བའི་དཀྱིལ་འཁོར་ཡོངས་ཀྱི་གཙོ། །ཀུན་བཟང་པདྨ་འབྱུང་གནས་རྩ་བ་གསུམ། །རབ་འབྱམས་རྒྱ་མཚོས་ཡེ་ཤེས་ཀློང་ཡངས་ནས། །རྨད་བྱུང་ཐུགས་རྗེའི་ཆར་རྒྱུན་དེང་འདིར་སྩོལ། །སྙིགས་དུས་བསྟན་དང་འགྲོ་བའི་གཉེན་གཅིག་པུ། །ཟག་མེད་ཆོས་དབྱིངས་ཞི་བར་མནལ་ལགས་ཀྱང་། །སྐལ་ལྡན་རྗེས་འཇུག་ཡལ་བར་འདོར་རམ་ཅི། །རྣམ་འཕྲུལ་ཟླ་ཞལ་གསལ་བར་བསྟན་དུ་གསོལ། །སྔོན་སྨོན་ཐུགས་བསྐྱེད་ཟབ་མོའི་རང་བཞིན་དང་། །བླ་མེད་མཆོག་གསུམ་རིན་ཆེན་མཐུ་བྱིན་སྟོབས། །བདག་སོགས་མི་ཕྱེད་འདུན་པས་གསོལ་བཏབ་ཀྱིིས། །རེ་བའི་ཤིང་རྟ་ཡོངས་སུ་གང་གྱུར་ཅིག །དཔལ་ཡུལ་མཆོག་སྤྲུལ་རིན་པོ་ཆེ་མྱུར་བར་བཞད་པའི་ཆེད་དུ་དབོན་སྤྲུལ་ལྷན་རྒྱས་ཀྱི་བཞེད་ངོར་བཀོད་པ་དགེ་བར་གྱུར་ཅིག །མདྒ་ལམ། །རྒྱལ་བ་རབ་འབྱམས་རྒྱ་མཚོའི་སྤྱི་གཟུགས་མཆོག །སངས་རྒྱས་པད་སྐྱེས་ཐུགས་རྗེའི་ཀློང་ཡངས་ནས། །


SPN003_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་སྣང་བའི་ཉིན་བྱེད་འོད་བརྡལ་བས། །སྤྲུལ་བསྒྱུར་པདྨའི་དགའ་ཚལ་གཉེན་གྱུར་ཅིག། བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་འཛིན་པ་ལ། །སྔོན་སྨོན་ཐུགས་བསྐྱེད་ཟབ་མོ་གཡེལ་མེད་པར། །རྗེས་སུ་དགོངས་ནས་གཟུགས་སྐུའི་རྣམ་པར་རོལ། །འགྲོ་བའི་དོན་དུ་མྱུར་བར་བསྟན་དུ་གསོལ། །མཆོག་གསུམ་རྩ་གསུམ་ཐུགས་རྗེའི་མཐུ་བྱིན་སྟོབས། །ཆོས་ཅན་ཆོས་ཉིད་བདེན་པ་ཟབ་མོ་དང་། །བདག་སོགས་མི་ཕྱེད་མོས་པས་འདུན་པ་ཡི། །སྨོན་ལམ་ཇི་བཞིན་དེང་འདིར་ཡོངས་འགྲུབ་ཤོག །ས་སྐྱོང་ནང་ཆེན་སྲས་ཡུམ་གྱི་བཞེད་ངོར་དེ་ཉིད་ཀྱི་མཆོག་སྤྲུལ་མྱུར་འབྱོན་དུ་སྤེལ་བ་དགེ་བར་གྱུར་ཅིག །ཛ་ཡནྟུ། །སྐུ་གསུམ་སྟོན་པ་ཡོངས་ཀྱི་ཕྲིན་ལས་བདག །དཔལ་ལྡན་ཀརྨ་ཀ་ཡི་ཐུགས་རྗེའི་འཕྲུལ། །བསྟན་དང་འགྲོ་ལ་རྗེས་སུ་དགོངས་པ་ཡིས། །དེང་འདིར་བྱིན་རླབས་འོད་སྣང་ཁྱབ་གྱུར་ཅིག །སྔོན་གོམས་ཐུགས་བསྐྱེད་སྨོན་ལམ་ཟབ་མོའི་མཐུས། །ངེས་དོན་རིང་ལུགས་འཛིན་དང་སྐྱོང་སྤེལ་ཕྱིར། །སྤྲུལ་པའི་བརྒྱུད་འཛིན་རིམ་བྱོན་ཞལ་འཆེས་བཞིན། །གདུལ་བྱའི་མགོན་དུ་གསལ་བར་འ ཆར་གྱུར་ཅིག །མཆོག་གསུམ་རྩ་གསུམ་རབ་འབྱམས་བྱིན་རླབས་སྟོབས། །བསླུ་མེད་བདེན་པས་སྨོན་པའི་རེ་འབྲས་གང་། །ཡིད་བཞིན་ལྷུན་གྲུབ་བར་ཆད་ཉེར་འཚེའི་རིགས། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །ཚེ་བྷྲཱུྃ་བླ་རྒན་མྱུར་འབྱོན་ཆེད་དུ་གདན་ཚབ་བླ་མ་


SPN003_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་བསྐུལ་ངོར་སྤེལ་བ་ཛ་ཡནྟུ། །རྒྱལ་ཀུན་གསང་གསུམ་ཐུགས་རྗེའི་ཡེ་ཤེས་འཕྲུལ། །དབྱེར་མེད་གཅིག་བསྡུས་དཔལ་ལྡན་ཀརྨ་པ། །གསོལ་བ་འདེབས་སོ་བྱིན་རླབས་ཀློང་ཡངས་ནས། །དགོས་འབྱུང་ཡིད་བཞིན་ཆར་རྒྱུན་དེང་འདིར་སྩོལ། །བསྟན་པའི་ཕྲིན་ལས་ཤིང་རྟ་སྐྱེ་དགུའི་གཉེན། །དེ་ཉིད་གདུལ་བྱ་གཞན་དོན་ལ་དགོངས་ནས། །རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་དུ། །མི་མངོན་དབྱིངས་སུ་ཞི་བར་གཤེགས་ལགས་ཀྱང་། །སླར་ཡང་བསྟན་འགྲོར་སྔོན་སྨོན་རྗེས་དགོངས་ལ། །ཐུགས་བསྐྱེད་ཟབ་མོས་བསྐུལ་བའི་སྤྲུལ་བསྒྱུར་གར། །འཁྲུལ་བྲལ་མྱུར་བར་རབ་གསལ་བསྟན་དུ་གསོལ། །འགྲོ་ཀུན་ཕན་བདེའི་སྣང་བས་སྐྱོང་གྱུར་ཅིག །ཚབ་ཚ་མཆོག་སྤྲུལ་ཀྱི་མྱུར་འབྱོན་རྗེས་འཇུག་བླ་གྲྭ་རྣམས་ཀྱི་དགོངས་བཞེད་ལྟར་སྤེལ་བ་སུ་ཛ་ཡ། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་ཀརྨ་པའི། །སྒྱུ་འཕྲུལ་ཐུགས་རྗེའི་རོལ་གར་གང་དེ་ཉིད། །ཆོས་དབྱིངས་ཟག་མེད་ངང་དུ་སྙོམས་ཞུགས་པའི། །ཐུགས་དགོངས་བྱང་ཆུབ་སྙིང་པོར་ཡོངས་རྫོགས་ཤིང་། །སླར་ཡང་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི། །ཡེ་ཤེས་ཆེན་པོའི་རང་གཟུགས་རྨད་བྱུང་བ། །གང་འདིར་འགྲོ་བའི་ཕན་བདེ་སྤེལ་ཕྱིར་དུ། །སྐྱེ་བའི་སྲིད་པ་མྱུར་བར་རབ་གསལ་ཤོག །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བྱིན་རླབས་དང་། །ཆོས་དབྱིངས་རང་བཞིན་དོན་དམ་བདེན་པའི་མཐུས། །ཇི་


SPN003_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྨོན་བཞིན་རེ་བའི་འདོད་དོན་གང་། །གེགས་མེད་ཉིད་དུ་མྱུར་བར་འགྲུབ་གྱུར་ཅིག །ཅེས་ལྷ་རྩེ་གྲྭ་མང་རྣམས་ཀྱི་ངོར་སྤེལ་བ་དགེ། །བཅོམ་ལྡན་ཚེ་འོད་དཔག་མེད་རྣམ་པར་འཕྲུལ། །རྒྱལ་མཆོག་ཡཱ་ན་ས་ར་མ་བཛྲེ། །མཆོག་གི་བྱིན་རླབས་ཐུགས་རྗེའི་འོད་ཟེར་གྱིས། །དེང་འདིར་འགྲོ་བའི་དཔལ་གྱུར་སྤྲུལ་བའི་སྐུ། །མི་མཐུན་ཉེས་གསུམ་ཁྲི་མུན་ལས་གྲོལ་ཞིང་། །བསྟན་དང་འགྲོ་ལ་ཕན་བདེའི་པད་ཚལ་རྒྱས། །གཞན་དོན་མཐའ་དག་ཡིད་བཞིན་ལྷུན་གྱིས་གྲུབ། །ཚེ་དཔལ་ཡེ་ཤེས་སྣང་བ་རྒྱས་གྱུར་ཅིག །ཅེས་དགེ་རྒྱལ་གཅོད་བླ་སྤྲུལ་སྐུའི་ངོར་སྤེལ་བ་དགེ། །དང་པོའི་སངས་རྒྱས་ཀུན་བཟང་པདྨ་འབྱུང་། །སྒྱུ་འཕྲུལ་གར་སྟོན་སྒྲོལ་བའི་མགོན་པོ་མཆོག །བརྒྱུད་པར་བཅས་པའི་ཐུགས་བསྐྱེད་མཁའ་ཀློང་ནས། །དེང་འདིར་བདེན་གཟུང་བདེན་གྲུབ་བྱིན་གྱིས་རློབས། །གང་ཁྱོད་སྐྱེ་འཇིག་མཚན་མ་རིང་སྤངས་ཀྱང་། །གདུལ་བྱ་རྟག་འཛིན་ཆོས་ལ་བསྐུལ་ཕྱིར་དུ། །ཞི་བའི་དབྱིངས་སུ་གཟིམས་ཀྱང་སླར་ཡང་ནི། །བྱང་སེམས་སྣང་བརྙན་རྣམ་རོལ་མྱུར་སྟོན་གསོལ། །ཀུན་བཏགས་འཁྲུལ་པའི་རྗེས་སུ་འཇུག་མིན་ཀྱང་། །གཞན་དོན་ཐུགས་བསྐྱེད་ཟབ་མོས་བརྩེར་དགོངས་ལ། །འགྱུར་མེད་ཡོངས་གྲུབ་སྤྲུལ་པའི་ཟློས་གར་གྱིས། །རེ་བའི་ཤིང་རྟ་ཡོངས་སུ་གང་གྱུར་ཅིག །མཚུངས་བྲལ་ཛམ་ཐང་ཆོས་རྗེ་མཆོག་སྤྲུལ་མྱུར་འབྱོན་ཆེད་དུ་གང་དེའི་དབོན་དང་རྒྱལ་ཚབ་རྣམས་ཀྱི་བཞེད་ངོར་སྤེལ་བར་ཛཡནྟུ། །


SPN003_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་ལྷ་གཅིག་འཕགས་མཆོག་སྤྱན་རས་གཟིགས། །དབྱེར་མེད་རྗེ་བཙུན་བདུད་འདུལ་རྡོ་རྗེ་འཆང་། །རྩ་བ་བརྒྱུད་པར་བཅས་པ་ཐམས་ཅད་དང་། །ཡི་དམ་རྒྱུད་སྡེའི་དཀྱིལ་འཁོར་ལྷ་ཡི་ཚོགས། །ཡེ་ཤེས་ལས་དང་འཇིག་རྟེན་ཆོས་སྐྱོང་བ། །རྩ་གསུམ་རྒྱ་མཚོར་གསོལ་འདེབས་བྱིན་རླབས་སྩོལ། །ཞིང་གཤེགས་དེ་ཉིད་ས་བཅུ་ལམ་ལྔ་ཡི། །ཡོན་ཏན་ཡོངས་རྫོགས་དག་པའི་ཞིང་སྦྱངས་ནས། །སླར་ཡང་སྐྱེ་བའི་སྲིད་པ་མྱུར་གསལ་ཏེ། །བསྟན་འགྲོར་ཕན་བདེའི་སྣང་བ་རྒྱས་གྱུར་ཅིག །དྲན་ཐང་རི་ཁྲོད་སྤྲུལ་སྐུ་མྱུར་གསལ་རྗེས་འཇུག་རྣམས་ཀྱི་ངོར་སྤེལ་བ་དགེ། །།

ཞབས་བརྟན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཚེ་མཆོག་བདུད་རྩིའི་གཏེར་མཛོད།


SPN003_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་བརྟན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཚེ་མཆོག་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས།།


SPN003_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ སྟི། ཕྱོགས་བཅུའི་བདེར་གཤེགས་རྒྱལ་བ་རབ་འབྱམས་ཚོགས། །གཅིག་བསྡུས་གུ་རུ་པདྨ་ཐོད་ཕྲེང་རྩལ། །འཆི་མེད་ཚེ་དབང་ལྷག་པའི་ལྷ་རྣམས་ཀྱིས། །དེང་འདིར་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ། །དཔ༵ལ་ལྡ༵ན་སྒྲུབ་བརྒྱུད་བསྟ༵ན་པ༵འི་རྒྱ་མཚོ་ཆེར། །ཉི༵ན་བྱེ༵ད་འཆི༵་མེ༵ད་ལམ་ལས་ཡོངས་ཤར་བ། །གྲུ༵བ་པ༵འི་ཁྱུ༵་མཆོ༵ག་འགྲོ་བའི་མུན་པ་སེལ། །ཕྲི༵ན་ལ༵ས་རྒྱ༵ས་པ༵འི་དཔལ་མངའ་ཞབས་བརྟན་གསོལ། །གང་གི་གཞན་ཕན་འོད་སྣང་རབ་ཏུ་གསལ། །སྡེ༵་བཞི་པདྨོའི་གེ་སར་རྣམ་པར་བཀྲ། །སྐལ་ལྡན་རྐང་དྲུག་ཐར་པའི་ལམ་སྟོན་མཆོག །བྱང་ཆུབ་སེམས་དཔའ་ཆེན་པོ་ཞབས་བརྟན་གསོལ། །དམ་པ་ཁྱོད་ཀྱི་ཐུགས་བསྐྱེད་ཀུན་དགའི་དཔལ། །དམ་ཆོས་


SPN003_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོའི་བདུད་རྩིའི་ཀླུང་བཟང་པོས། །སྐྱེ་དགུའི་ཉོན་མོངས་ཚ་གདུང་འགོག་བྱེད་པ། །སྨྲ་བའི་དབང་ཕྱུག་བསྐལ་བརྒྱར་ཞབས་བརྟན་གསོལ། །མགོན་ཁྱོད་དོན་དམ་འཕོ་འགྱུར་བྲལ་མོད་ཀྱང་། །ཀུན་རྫོབ་གདུལ་བྱའི་སྣང་ངོར་ཞིང་འདི་རུ། །གསང་གསུམ་མི་ཤིགས་འགྱུར་མེད་རྡོ་རྗེའི་སྐུ། །བསྐལ་པ་རྒྱ་མཚོར་ཞབས་པད་བརྟན་གྱུར་ཅིག །ཅེས་འཇིག་རྟེན་གྱི་འདྲེན་པ་རྒྱལ་མཆོག་ཕྱག་ན་པད་དཀར་འཆང་བ་ཞབས་པད་བསྐལ་པ་དུ་མར་བརྟན་པའི་ཕྱིར། གང་གི་ཞབས་རྡུལ་སྐྱེ་བ་ཀུན་ཏུ་མི་འབྲལ་བར་གཅིག་ཏུ་སྨོན་པའི་ཡིད་ཅན་སི་ཏུ་པདྨ་ཉིན་བྱེད་དབང་པོས་ཆུ་གླང་ལོ་སྨིན་ཟླའི་ཡར་ཚེས་དགེ་བར་གྲུབ་པའི་གནས་ནས་ཕུལ་བ་དགེ་ལེགས་འཕེལ། །ༀ་སྭ་སྟི། དུས་གསུམ་


SPN003_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དང་རྒྱལ་སྲས་ཚོགས་རྣམས་ཀྱིས། །དེང་འདིར་བྱིན་རླབས་ཐུགས་རྗེའི་དངོས་གྲུབ་སྩོལ། །གདོད་ནས་ལྷུན་གྲུབ་བདེ་ཆེན་རྡོ་རྗེའི་སྐུ། །ཞིང་འདིའི་སྟོན་མཆོག་དམ་པར་བཞུགས་གསོལ་འདེབས། །རིམ་གསུམ་ཆོས་ཀྱི་འཁོར་ལོ་མཐའ་ཡས་པས། །འགྲོ་ཀུན་ལེགས་པའི་ལམ་མཆོག་སྟོན་མཛད་ཅིང་། །དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་འཁོར་ལོའི་མགོན། །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་གསོལ། །སྙིང་རྗེའི་རང་གཟུགས་འགྲོ་ལ་རྗེས་ཆགས་པའི། །བྱམས་པ་ཆེན་པོའི་ཐུགས་བསྐྱེད་གཏིང་མཐའ་ཡས། །རྒྱ་ཆེན་ཕྲིན་ལས་ཡིད་བཞིན་དབང་གི་རྒྱལ། །ཀུན་གྱི་འབྱུང་གནས་དམ་པར་ཞབས་བརྟན་གསོལ། །གང་སྐུ་སྐྱེ་མེད་སྒྱུ་མའི་སྐུར་སྣང་བ། །འཕོ་འགྱུར་མཚན་མ་ཡོངས་སུ་བྲལ་མོད་ཀྱང་། །ཞིང་འདིར་བསྟན་འགྲོའི་དཔལ་མགོན་མཆོག་དམ་པར། །བསྐལ་པ་དུ་མར་ཞབས་པད་བརྟན་བཞུགས་གསོལ། །ཆོས་དབྱིངས་རང་བཞིན་དོན་དམ་བདེན་པ་དང་། །ཆོས་ཅན་ཀུན་རྫོབ་བསླུ་མེད་ནུས་པ་ཡིས། །སྐུ་བཞིའི་བདག་ཉིད་ཆོས་ཀྱི་རྒྱལ་པོ་གང་། །བསྐལ་བརྒྱར་ཞབས་བརྟན་ཕྲིན་ལས་རབ་རྒྱས་ཤོག །ཅེས་པའང་སྲིད་ཞིའི་གཙུག་རྒྱན་དམ་པ་དཔལ་ཀརྨ་པ་ཆེན་པོ་བསྐལ་བརྒྱར་ཞབས་པད་བརྟན་པའི་ཆེད་དུ། གང་དེའི་བཀའ་འབངས་སི་ཏུ་པས་འོག་མིན་དཔལ་གྱི་མཚུར་ཕུའི་གནྡྷོ་ལ་ཡི་བྱ་འདབས་སུ་བྲིས་པ་དོན་ལྡན་དུ་གྱུར་ཅིག །སརྦ་མངྒ་ལཾ། །


SPN003_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི། སྲས་བཅས་རྒྱ་མཚོ་བྱང་སེམས་མ་ལུས་པའི། །ཐུགས་རྗེའི་རང་གཟུགས་བདེ་ལྡན་ཞིང་གི་མགོན། །འོད་སྣང་མཐའ་ཡས་མཚོ་སྐྱེས་པདྨ་འབྱུང་། །རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ཀློང་ཡངས་ནས། །སྒྱུ་འཕྲུལ་གར་སྟོན་སྣ་ཚོགས་འོད་ཟེར་བཞིན། །ཇི་སྙེད་ཤེས་བྱའི་འོད་ཀྱི་སྣང་བ་ཡིས། །ལོག་ལྟའི་མུན་ཚོགས་དྲ་བ་གཏན་ནས་བཅོམ། །བསྟན་པའི་གསལ་བྱེད་བསྐལ་བརྒྱར་འཚོ་གཞེས་གསོལ། །ཡོན་ཏན་རིན་ཆེན་ཀུན་གྱི་འབྱུང་གནས་གཏེར། །ཕུན་ཚོགས་ཟབ་མོའི་ཆོས་སྒོ་མཐའ་ཡས་ཀྱིས། །འགྲོ་རྣམས་བྱང་གྲོལ་ལམ་ལ་བཀོད་མཛད་པ། །ཚད་མེད་སྙིང་རྗེའི་དབང་ཕྱུག་འཚོ་གཞེས་གསོལ། །འགྱུར་མེད་རྡོ་རྗེ་ལྟ་བུའི་སྐུ་མངའ་བ། །ཡན་ལག་དྲུག་ཅུའི་དབྱངས་ལྡན་ཚངས་པའི་གསུང་། །བློ་གྲོས་ཀུན་ཁྱབ་མཐའ་མི་མངོན་པའི་ཐུགས། །གསང་གསུམ་མི་ཤིགས་བསྐལ་བརྒྱར་འཚོ་གཞེས་གསོལ། །མཆོག་གསུམ་ངོ་བོ་རྩ་བའི་བླ་མ་དང་། །དཔལ་ཆེན་རྡོ་རྗེ་གཞོན་ནུའི་བྱིན་རླབས་ཀྱིས། །མགོན་ཁྱོད་བསྟན་འགྲོའི་དཔལ་དང་མགོན་དམ་པར། །བསྐལ་བརྒྱར་འཚོ་ཞིང་ཞབས་པད་བརྟན་གྱུར་ཅིག །ཅེས་ཁྱབ་བདག་འཁོར་ལོའི་མགོན་པོ་དཔལ་ལྡན་བླ་མ་དམ་པ་བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་འགྱུར་མེད་ཡོངས་གྲུབ་དམ་ཆོས་ཉི་མའི་སྡེ་ཞབས་པད་རྒྱ་མཚོར་བརྟན་པའི་ཕྱིར་ཀྭན་ཏིང་ཏཱ་ཡི་སི་ཏུས་དཔལ་གྱི་མཚུར་


SPN003_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ཕུའི་གཙུག་ལག་ཁང་ནས་གསོལ་བ་དེ་བཞིན་རེ་འབྲས་དོན་ལྡན་དུ་གྱུར་ཅིག །སརྦ་མངྒ་ལཾ། །ༀ་སྭ་སྟི། མི་ཤིགས་རང་བྱུང་ལྷུན་གྱིས་གྲུབ་པའི་སྐུ། །རྣམ་དག་ཆོས་ཚུལ་ནཱ་དའི་སྒྲ་དབྱངས་ཅན། །ཟབ་ཞི་སྤྲོས་བྲལ་ཏིང་འཛིན་མཆོག་བརྙེས་པའི། །གསང་གསུམ་འགྱུར་མེད་རྡོ་རྗེ་བརྟན་བཞུགས་གསོལ། །མཐའ་བྲལ་ཟབ་མོའི་གནས་རྣམས་ཇི་སྙེད་པ། །འགྲོ་ཁམས་མོས་ངོར་དེ་སྙེད་སྟོན་མཁས་པའི། །གསུང་གི་དབང་ཕྱུག་འཇམ་དཔལ་དཔའ་བོ་ཆེ། །དངོས་སྣང་ཞིང་འདིར་ཆོས་སྟོན་འཚོ་གཞེས་གསོལ། །གསང་སྔགས་བླ་མེད་ཟུང་འཇུག་སྙིང་པོ་ཡི། །སངས་རྒྱས་བསྟན་པའི་ཉི་འོད་འབུམ་བརྡལ་བ། །བདེ་གཤེགས་ཀུན་གྱིས་དབུགས་དབྱུང་བསྔགས་པའི་གནས། །རྣམ་འདྲེན་འཇིག་རྟེན་མགོན་པོ་ཞབས་བརྟན་གསོལ། །སྣང་སྲིད་དབང་བསྒྱུར་ཕྲིན་ལས་རྒྱ་ཆེན་གྱི། །རྨད་བྱུང་གཞན་ཕན་ཐུགས་བསྐྱེད་དཔལ་འབར་བ། །ཡེ་ཤེས་གྲུབ་གཉིས་བྱིན་རླབས་སྩོལ་བའི་གཉེན། །པདྨཱ་ཀཱ་ར་དབྱེར་མེད་རྟག་བཞུགས་གསོལ། །དོན་དམ་འཕོ་འགྱུར་མཚན་མ་བྲལ་མོད་ཀྱང་། །ཀུན་རྫོབ་སྣང་བའི་རིགས་གསུམ་གདུལ་བྱའི་ངོར། །འཆི་མེད་ཚེ་མཐའ་ཡས་པའི་ངོ་བོ་རུ། །བསྐལ་པ་རྒྱ་མཚོར་ཞབས་པད་བརྟན་གྱུར་ཅིག །སྟོན་པ་མཉམ་མེད་བཅོམ་ལྡན་རྡོ་རྗེ་འཆང་། །རྩ་བའི་བླ་མ་སྐུ་བཞིའི་


SPN003_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཅན། །བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་འབྲུག་པའི་ཞབས། །སྒོ་གསུམ་འདུད་དོ་རྙེད་བཀུར་སྒྲུབ་པས་མཆོད། །ནོངས་བཤགས་ཡི་རངས་ཆོས་འཁོར་བསྐོར་བར་བསྐུལ། །མི་འགྱུར་ཁྲི་ལ་མི་གཡོ་བཞུགས་གསོལ་འདེབས། །དུས་གསུམ་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །འགྲོ་མགོན་ཁྱོད་དང་འབྲལ་མེད་བྱིན་གྱིས་རློབས། །ཞེས་བཀའ་བརྒྱུད་ཡོངས་ཀྱི་གཙུག་རྒྱན་འབྲུག་པ་རིན་པོ་ཆེ་བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་གདོད་ནས་ཡོངས་གྲུབ་དམ་ཆོས་ཉི་མའི་སྡེ་བསྐལ་བརྒྱར་ཞབས་བརྟན་གསོལ་འདེབས་འདི་བཞིན་ཀྭན་ཏིང་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོས་ས་སྤྱོད་གསུང་གི་གནས་མཆོག་ཀརྨ་རི་གླིང་ཆོས་འཁོར་གྱི་གཙུག་ལག་ཏུ་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག །ཛ་ག་ཏཾ། །ༀ་སྭ་སྟི། གང་ཞིག་དུས་གསུམ་རྒྱལ་བའི་ཐུགས་རྗེའི་འཕྲུལ། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་རིགས་ཀུན་གྱི། །ཁྱབ་བདག་གདོད་ནས་ལྷུན་གྲུབ་འགྱུར་མེད་སྐུ། །ཐེག་པ་མཆོག་གི་རྡོ་རྗེ་འཚོ་གཞེས་གསོལ། །ཆོས་འཁོར་རིམ་གསུམ་མཐར་ཐུག་དགོངས་པའི་དོན། །དྭགས་པོ་བཀའ་བརྒྱུད་ངེས་དོན་ཀཾ་ཚང་གི། །བསྟན་པ་ཡོངས་རྫོགས་འཛིན་པའི་ཐམས་ཅད་མཁྱེན། །གསང་གསུམ་རྡོ་རྗེའི་ཁམས་སུ་བརྟན་བཞུགས་གསོལ། །ཨོ་རྒྱན་རྡོ་རྗེའི་བཀའ་གསང་ཆོས་ཀྱི་སྒོ། །ཇི་སྙེད་གདུལ་བྱའི་ཁམས་དབང་མོས་པའི་ངོར། །སྟོན་པའི་བདག་ཉིད་


SPN003_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་འཁོར་ལོའི་མགོན། །ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་གྱུར་ཅིག །ཅེས་རྒྱལ་མཆོག་ཕྱག་ན་པདྨ་འཆང་བ་གྲུ་འཛིན་ཕྲེང་བ་རིམ་བྱོན་ལས། བཅུ་བཞི་པ་ཐེག་པ་མཆོག་གི་རྡོ་རྗེ་ཞབས་པད་བརྟན་པའི་གསོལ་འདེབས་སུ། སི་ཏུ་པདྨའི་མིང་ཅན་གྱིས་མཚུར་གནྡྷོ་ལར་བཀོད་པ་དགེའོ། །འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་དབང་གི། །སྙིང་རྗེ་ཆེན་པོའི་ཐུགས་ཀྱི་ཀློང་ཡངས་ནས། །གདུལ་དཀའི་འགྲོ་རྣམས་ཡལ་བར་མ་དོར་སླད། །དེང་འདིར་འགྲོ་བའི་མགོན་པོ་ཀརྨ་པ། །གང་དང་དབྱེར་མེད་འོད་སྣང་མཐའ་ཡས་ཀྱི། །སྒྱུ་འཕྲུལ་སྤྲུལ་པའི་ཟློས་གར་ཡོངས་ཤར་བ། །སྙིགས་དུས་འདྲེན་པ་ཞྭ་དམར་ཅོན་པན་ཅན། །ཞིང་འདིར་ཞབས་པད་བསྐལ་བརྒྱར་བརྟན་གསོལ་འདེབས། །རྒྱལ་བའི་ཕྲིན་ལས་བྱེད་པོར་དབང་བསྐུར་བ། །ཏཱ་ཡི་སི་ཏུ་པདྨ་ཉིན་བྱེད་དབང་། །པདྨའི་རྣམ་རོལ་དམ་ཆོས་ཀུན་འབྱུང་གཏེར། །རིག་པ་འཛིན་དབང་རྡོ་རྗེ་དྲག་པོ་རྩལ། །ཞིང་འདིར་ཞབས་པད་བསྐལ་བརྒྱར་བརྟན་གསོལ་འདེབས། །བསླུ་མེད་དཀོན་མཆོག་ཀུན་འདུས་ངོ་བོ་ཉིད། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བྱིན་རླབས་དང་། །མ་ཧཱ་གུ་རུ་པད་འབྱུང་མཐུ་སྟོབས་ཀྱིས། །འགྲོ་དོན་ཕྲིན་ལས་ཉིན་བྱེད་འོད་སྟོང་གིས། །རྒྱལ་བསྟན་པད་ཚལ་རྒྱས་པའི་རྒྱུར་གྱུར་ཅིག །ཤོ་བུ་བླ་མ་གང་དེས་བསྐུལ་བཞིན། སི་ཏུས་སྤེལ། དགེ་ལེགས་འཕེལ་རྒྱས་ཤོག། །ལྷ་དང་བཅས་པའི་སྐྱེ་


SPN003_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

དགུའི་རྣམ་པར་འདྲེན། །བྱང་ཆུབ་སེམས་དཔའ་བདུད་འདུལ་རྡོ་རྗེ་འཆང་། །བསྐལ་པ་དུ་མར་ཞིང་འདིར་རྟག་བཞུགས་ནས། །བདག་སོགས་གདུལ་བྱ་རྗེས་སུ་འཛིན་མཛད་གསོལ། ལྷ་རྒྱལ་ངོར་སྤེལ། །ༀ་སྭ་སྟི་སིདྡྷནྟུ། གདོད་མའི་ཡེ་ཤེས་ཀུན་ཁྱབ་ཀློང་ཡངས་པར། །བདེ་ཆེན་འགྱུར་མེད་ཐུགས་རྗེའི་རང་བཞིན་ལས། །མ་འགག་སྣ་ཚོགས་རོལ་པའི་གར་སྒྱུར་མཁན། །རང་རིག་སྐུ་གསུམ་དབྱེར་མེད་འཚོ་གཞེས་གསོལ། །མི་གཡོ་རྡོ་རྗེའི་རང་བཞིན་མཚན་དཔེའི་སྐུ། །མི་ཤིགས་རྡོ་རྗེ་ནཱ་དའི་དབྱངས་ལྡན་གསུང་། །མི་རྟོག་རྡོ་རྗེའི་ཏིང་འཛིན་མངའ་བའི་ཐུགས། །མི་འགྱུར་རྡོ་རྗེའི་ཁྲི་ལ་འཚོ་གཞེས་གསོལ། །ཆོས་ཉིད་དོན་དམ་བདེན་པའི་སྟོབས་དག་དང་། །ཆོས་ཅན་ཀུན་རྫོབ་རྟེན་འབྲེལ་བསླུ་མེད་བདེན། །དེང་འདིར་དག་གཙང་དམ་ཚིག་རྣམ་དག་མཐུས། །བསྐལ་བརྒྱར་འཚོ་གཞེས་ཞབས་པད་བརྟན་གྱུར་ཅིག །ཅེས་པའང་གངས་ཅན་ལྷ་གཅིག་རྗེ་བཙུན་འབྲུག་པ་རིན་པོ་ཆེ་བསྐལ་བརྒྱར་ཞབས་པད་བརྟན་པའི་གསོལ་འདེབས་བདེན་ཚིགས་སུ། གང་གི་སློབ་འབངས་སི་ཏུ་པདྨ་ཉིན་བྱེད་དབང་པོས་འཛིན་བྱེད་ཅེས་པ་མེ་བྱི་ལོའི་ནག་ཟླའི་དཀར་ཕྱོགས་རྒྱལ་བ་དང་པོའི་ཚེས་ལ་བཀོད་དེ་ཕུལ་བ་སརྦ་མངྒ་ལཾ། ༈ །ༀ་སྭ་སྟི། དཔལ་ལྡན་ཡེ་ཤེས་རང་བྱུང་ངེ༵ས་པའི་དོ༵ན། །ལྷུ༵ན་གྱིས་གྲུ༵བ་པ་བསྟ༵ན་པ༵འི་ཉི༵ན་མོར་བྱེ༵ད། །མི༵་ཕ༵མ་ཐུགས་རྗེའི་


SPN003_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་འབུམ་བརྡལ་བ། །ཁམས་གསུམ་ཆོ༵ས་ཀྱི་རྒྱ༵ལ་པོར་ཞབས་བརྟན་གསོལ། །གདོ༵ད་ན༵ས་འཆི་མེད་ཡོ༵ངས་གྲུ༵བ་ངོ་བོ་ཉིད། །ཡིད་སྲུབས་ཕྱོགས་ལས་རྣམ་པར་རྒྱལ་བའི་གཟིས། །སྡེ་བཞིའི་པད་ཚལ་ཕྱོགས་བཅུར་རྒྱས་བཞིན་པར། །བསྐལ་མང་འཚོ་གཞེས་ཕྲིན་ལས་མཐར་ཕྱིན་ཤོག །ཆོས་དབྱིངས་རྟག་པ་དམ་པའི་བདེན་པ་དང་། །ཆོས་ཅན་ཀུན་རྫོབ་རྟེན་འབྲེལ་བསླུ་མེད་བདེན། །བདེན་པའི་བདེན་ཚིག་མཐུ་སྟོབས་རྨད་བྱུང་བས། །རེ་བའི་ཤིང་རྟ་ཡོངས་སུ་གང་གྱུར་ཅིག །ཅེས་བཀའ་བརྒྱུད་བསྟན་པའི་གཙུག་རྒྱན་གངས་ལྗོངས་འགྲོ་བའི་མགོན་པོ་དཔལ་ལྡན་འབྲུག་པ་རིན་པོ་ཆེའི་མཆོག་གི་སྤྲུལ་སྐུ་ཉིན་བྱེད་གསར་དུ་ཚེས་པའི་ཞབས་བརྟན་འདི་ཉིད་གུ་རུའི་ལུང་ཟིན་དུ་རློམ་པ། སི་ཏུ་པདྨའི་མིང་ཅན་གྱིས་རྗེ་དབོན་མི་ཕམ་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ་བ་གང་དེས་བསྐུལ་ངོར་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ། །ༀ་སྭ་སྟི། བསླུ་མེད་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཆོག །དཔ༵ལ་ལྡ༵ན་སངས་རྒྱས་གཉིས་པ་པདྨ་འབྱུང་། །དཔའ་བོའི་དབང་ཕྱུག་རྟ་མཆོག་ཧེ་རུ་ཀ །འཆི་མེད་ལྷ་ཡིས་དགེ་ལེགས་མཆོག་སྦྱིན་མཛོད། །ལྷུན་གྲུབ་རྟག་བརྟན་གཞོམ་བྲལ་རྡོ་རྗེའི་ཁྲིར། །གསང་གསུམ་གཡོ་མེད་འགྱུར་བ་མེད་པའི་སྐུ། །ཕྲིན་ལས་གཟི་ཡིས་ལོག་སྨྲའི་མུན་ཚོགས་བཅོམ། །བསྟན་འགྲོ་ཕན་བདེའི་གཞིར་གྱུར་ཞབས་བརྟན་གསོལ། །དྭགས་བརྒྱུད་སྙིང་པོ་དྲི་མེད་པད་དཀར་


SPN003_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །རིང་ལུགས་འདབ་སྟོང་ཕྱོགས་བཅུར་རྒྱ༵ས་པ༵འི་ཕྱིར། །དམ་ལྡན་ཆོས་སྲུང་དཀར་པོའི་སྡེ༵་སྐྱོང་བ། །མཐུ་ལྡན་དྲེགས་པའི་ཚོགས་ཀྱིས་ཕྲིན་ལས་སྒྲུབས། །འགྲོ་མགོན་རྗེ་བཙུན་བླ་མ་སྤྲུལ་པའི་སྐུའི། །དམ་པ་ཆོས་ཀྱི་བདུད་རྩིའི་ཆར་ཆེན་གྱིས། །སྐལ་བཟང་ཐར་པའི་མྱུ་གུ་སྐྱེད་བྱེད་པ། །གཙུ༵ག་ལ༵ག་ཆོ༵ས་ཀྱི་རྒྱ༵ལ་པོ་ཞབས་བརྟན་གསོལ། །མཆོག་གསུམ་རྩ་གསུམ་རྒྱ་མཚོའི་ངོ་བོ་ཉིད། །དཔལ་ལྡན་ཀརྨ་པ་ཡི་བྱིན་རླབས་དང་། །ལྷ་མཆོག་རྡོ་རྗེ་གཞོན་ནུའི་ནུས་རྩལ་གྱིས། །སྨོན་པའི་བདེན་ཚིག་ཡོངས་སུ་འགྲུབ་མཛད་གསོལ། །ཞེས་གྲུབ་པའི་དབང་ཕྱུག་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ་ཞབས་པད་བསྐལ་པ་དུ་མར་བརྟན་པའི་ཕྱིར། གང་དེའི་ཉེ་གནས་པ་ཀརྨ་བདེ་ཆེན་གྱིས་རྟེན་དང་བཅས་བསྐུལ་བར་ཆོ་འཕྲུལ་ཅན་གྱི་ཡར་ཚེས་ལ་འོག་མིན་མཚུར་ཕུ་ནས་གསོལ་བ་དགེ་ལེགས་འཕེལ། །རྒྱལ་བ་ཀུན་འདུས་འཆི་མེད་པདྨ། །རྒྱལ་ཀུན་སྐྱེད་ཡུམ་ཡིད་བཞིན་འཁོར་ལོ། །ཚེ་ཡི་དབང་ཕྱུག་ལྷ་མཆོག་རྣམས་ཀྱིས། །ཚེ་ཡི་དངོས་གྲུབ་འགྱུར་མེད་རྡོ་རྗེ། །གཞོམ་བྲལ་མི་ཤིགས་རྟག་བརྟན་ངོ་བོར། །གཞོམ་བྲལ་གསང་གསུམ་ཉིན་བྱེད་དབང་པོ། །དཔལ་ལྡན་སྙིང་པོའི་དོན་བརྒྱུད་གསལ་བྱེད། །དཔལ་ལྡན་བླ་མ་བསྐལ་བརྒྱར་བཞུགས་གསོལ། །མགོན་ཁྱོད་གདོད་ནས་ལྷུན་གྲུབ་བརྙེས་ཀྱང་། །མགོན་ཁྱོད་ཀུན་རྫོབ་འགྲོ་བློའི་མོས་


SPN003_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ངོར། །ཕྲིན་ལས་སྣང་བས་ཕྱོགས་མཐར་ཀུན་ཁྱབ། །ཕྲིན་ལས་རབ་རྒྱས་བཀྲ་ཤིས་དགེ་ལེགས། །དེ་ལྟར་རྒྱལ་བ་ཀུན་གྱི་ཕྲིན་ལས་གདུགས་དཀར་སྲིད་རྩེར་བསྒྲེངས་པ་བླ་མ་དམ་པ་རྡོ་རྗེ་དྲག་པོ་བསྐལ་བརྒྱར་ཞབས་པད་བརྟན་ཕྱིར། སི་ཏུས་སྤེལ་བ་སུ་ཛ་ཡ། །།ༀ་སྭ་སྟི། རྒྱལ་སྲས་མཚོ་སྐྱེས་ཀུན་མཁྱེན་པདྨ་རྒྱལ། །རྒྱལ་ཀུན་རྣམ་རོལ་མཚུངས་མེད་ཆོས་ཀྱི་རྒྱལ། །མཆོག་གི་གསང་གསུམ་རྡོ་རྗེའི་རང་བཞིན་ཅན། །མཆོག་ཏུ་འགྱུར་མེད་ཁམས་སུ་བརྟན་གྱུར་ཅིག །ཆོས་འཁོར་ཟབ་མོའི་བདུད་རྩི་དམ་པའི་ཆོས། །ཆོས་སྒོ་ཇི་སྙེད་སྐལ་བར་འཚམས་པའི་ཆོས། །སྟོན་པའི་རྒྱལ་ཐབས་དམ་པ་སྲིད་ཞིའི་དཔལ། །སྟོན་མཆོག་ཞབས་བརྟན་ཕྲིན་ལས་རྒྱས་གྱུར་ཅིག །ཅེས་ཚངས་པ་ལྷ་ཡི་མེ་ཏོག་བཀའ་བརྒྱུད་བསྟན་པའི་སྒྲོན་མེར་གྱུར་པ་རྡོ་རྗེ་དྲག་པོའི་བརྟན་བཞུགས་སྒྲུབ་བརྒྱུད་དར་རྒྱས་གླིང་གི་རྟོགས་ལྡན་རྣམས་ཀྱི་ཞལ་འདོན་ཁྱེར་བདེར་ཏཱའི་སི་ཏུས་བཀོད་པ་མངྒ་ལཾ། །དཀོན་མཆོག་གསུམ་གྱི་ཐུགས་རྗེའི་མཁའ་ཀློང་ནས། །འགྲོ་ལ་རྗེས་བརྩེའི་སྙིང་རྗེའི་རང་རྩལ་མདངས། །རྒྱལ་ཀུན་ཕྲིན་ལས་མི་ཟད་གཏེར་ཆེན་པོ། །འཕགས་ཆེན་ཕྱག་ན་པདྨོའི་རྣམ་པར་རོལ། །དུས་གསུམ་ཐོགས་མེད་སྤྲུལ་བསྒྱུར་དུ་མ་ཡིས། །མཐའ་ཡས་གདུལ་བྱ་རྗེས་སུ་འཛིན་གྱུར་པའི། །ཐུགས་རྗེ་ཚད་མེད་སྲིད་པའི་མཚོ་སྒྲོལ་བ། །སྐྱེ་དགུའི་འདྲེན་པ་ཆོས་ཀྱི་རྒྱལ་མཚན་མཆོག །མི་འགྱུར་གཡུང་དྲུང་ཁྲི་ལ་


SPN003_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤིགས་དང་། །གསང་གསུམ་རྡོ་རྗེའི་རང་བཞིན་བརྟན་གྱུར་ཏེ། །བྱང་ཆེན་ཐུགས་བསྐྱེད་གོ་ཆ་ཆེ་བཞེས་ནས། །ཞིང་འདིར་བསྐལ་པ་འབྱམས་ཀླས་བརྟན་བཞུགས་གསོལ། །ཞེས་པའང་རྒྱལ་མཆོག་བདུད་འདུལ་རྡོ་རྗེ་འཆང་གང་སླར་ཡང་སྤྲུལ་པའི་ཟླ་ཞལ་འཆར་བའི་གཏམ་རྣ་བའི་བདུད་རྩི་ཐོས་སྐབས་གྲུབ་པའི་རྗེས་འཛིན་རས་སྤྲུལ་ཤེས་རབ་རྒྱ་མཚོའི་བཞེད་ལྟར་སི་ཏུས་སྤེལ་བ་ཛ་ག་ཏཾ། །འགྱུར་མེད་གདོད་ནས་རྒྱལ་ཀུན་གསང་གསུམ་གྱི། །ཡོན་ཏན་མཐའ་ཀླས་གཅིག་བསྡུས་རིན་ཆེན་འབྱུང། །མཚན་དཔེ་ལྷུན་པོའི་ཕྲིན་ལས་མངོན་མཐོ་བ། །ཐེ༵ག་པ༵་མཆོ༵ག་གི༵་སྣང་བྱེད་ཞབས་བརྟན་གསོལ། །ཐུབ་བསྟན་རྒྱ་མཚོའི་གཞུང་ལུགས་གངྒཱའི་ཀླུང་། །གཅིག་གྱུར་ངེས་གསང་རིང་ལུགས་རྨ་མེད་པ། །སྐྱེ་དགུའི་སྐྱབས་སུ་ནུབ་མེད་འཛིན་པའི་བདག །རྡོ་རྗེའི་ཆོས་བདུན་རང་བཞིན་ཞབས་བརྟན་གསོལ། །ཇི་སྙེད་བསྐལ་པར་གདུལ་བྱའི་སྣང་ངོ་རུ། །དེ་སྙེད་སྤྲུལ་སྐུའི་བཀོད་པ་འདི་ཁོ་ན། །ཚེ་འོད་མགོན་བཞིན་རྟག་བརྟན་ལྷུན་གྲུབ་ཀྱི། །ངོ་བོར་འཚོ་གཞེས་ཞབས་པད་བརྟན་གྱུར་ཅིག །ཅེས་པའང་གངས་ཅན་མགོན་པོ་རྒྱལ་མཆོག་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་བསམ་བཞིན་སྐྱེ་བའི་ཟློས་གར་གསར་དུ་བཞད་པའི་སྐབས་བསླབ་གསུམ་ནོར་ལྡན་བླ་མ་སྤྲུལ་སྐུའི་བཞེད་ལྟར་སྤེལ། །གདོད་ནས་རྟག་བརྟན་རྡོ་རྗེ་ལྷུན་གྲུབ་ཀྱི། །རང་བཞིན་མཆོག་ལ་གནས་ཀྱང་གདུལ་བྱའི་ངོར། །མི་ཤིགས་མི་


SPN003_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བསྐལ་བརྒྱར་འཚོ་གཞེས་ནས། །ཐུགས་བསྐྱེད་ཟབ་མོའི་ཕྲིན་ལས་སྣང་བ་ཡིས། །བསྟན་འགྲོའི་དགེ་ལེགས་དབྱར་མཚོ་ལྟར་རྒྱས་ཤིང་། །ཐུབ་བསྟན་འཁོར་ལོ་གསུམ་གྱི་དགོངས་པའི་དོན། །ཉམས་མེད་ཡུན་གནས་གཉུག་མར་གནས་རྣམས་ཀྱང་། །དམ་ཆོས་བདུད་རྩིའི་རྒྱུན་གྱིས་འཚོ་གྱུར་ཅིག །ཅེས་གཅོད་ཡུལ་བ་ཀརྨ་ཡེ་ཤེས་ཀྱི་བཞེད་ལྟར། རྒྱལ་བའི་མཆོག་སྤྲུལ་གསར་འཆར་གྱི་ཞབས་བརྟན་དུ་སི་ཏུས་སྤེལ། །ༀ་སྭ་སྟི། གདོད་ནས་རང་བྱུང་ཟག་མེད་བདེ་ཆེན་དབྱིངས། །སྒྱུ་འཕྲུལ་གར་སྟོན་ཐེ༵ག་མཆོ༵ག་བླ་མེད་ཀྱི། །རྡོ༵་རྗེ༵་འཛིན་དབང་ཟློས་གར་སྤྲུལ་པའི་སྐུ། །གསང་གསུམ་འགྱུར་མེད་རྟག་བརྟན་ཡོངས་གྲུབ་ཤོག །འགྲོ་ལ་ཕན་བདེའི་གཞིར་གྱུར་སྨན་སྩོལ་བ། །སངས་རྒྱས་གཉིས་པ་ལྟ་བུའི་ཐུགས་བསྐྱེད་ཀྱི། །འཇུག་པ་ཟབ་མོའི་ཕྲིན་ལས་རྒྱས་མཛད་པ། །གསང་གསུམ་མི་འགྱུར་རྡོ་རྗེར་ལྷུན་གྲུབ་ཤོག །མཆོག་གསུམ་རབ་འབྱམས་བདེན་པ་ཟབ་མོ་དང་། །ཆོས་དབྱིངས་རང་བཞིན་དོན་དམ་བདེན་པ་ཡིས། །གཞོམ་བྲལ་རྡོ་རྗེའི་ཁྲི་ལ་གཡོ་མེད་པར། །ཚེ་འོད་མགོན་བཞིན་བསྐལ་བརྒྱར་བརྟན་གྱུར་ཅིག །ཅེས་པའང་བསླབ་གསུམ་ནོར་ལྡན་འབྲུག་སྐྱིད་ཕུག་པ་ཚུལ་ཁྲིམས་དར་རྒྱས་བཞེད་ལྟར་རྒྱལ་བའི་ཞབས་བརྟན་དུ་སི་ཏུས་སྤེལ་བ་དགེ། །བསྐལ་མང་ཐུགས་བསྐྱེད་རྒྱ་མཚོའི་འཇུག་ངོགས་ལས། །སྒྱུ་འཕྲུལ་རྡོ་རྗེའི་རོལ་གར་ཡིད་བཞིན་དབང་། །ཚངས་དབང་


SPN003_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་གི་རྒྱན་དུ་མཆོད་པ་གང་། །འཚོ་གཞེས་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །ཟབ་མོའི་ཕྲིན་ལས་འདོད་འཇོའི་བུམ་བཟང་བཞིན། །འབད་མེད་ལྷུན་གྲུབ་དོན་གཉིས་དངོས་གྲུབ་ཆར། །སྐལ་བཟང་ཡིད་མཁར་མངོན་སུམ་སྐྱེད་མཛད་པ། །ཐར་ལམ་སྟོན་མཆོག་སྲིད་མཐར་བརྟན་གྱུར་ཅིག །གསང་གསུམ་ཡོན་ཏན་རྒྱ་མཚོའི་རང་བཞིན་ཅན། །མི་ཤིགས་གཡུང་དྲུང་མི་ནུབ་རྡོ་རྗེའི་ཁྲིར། །བསྟན་འགྲོའི་དཔལ་དང་མགོན་པོ་དམ་པ་རུ། །མི་ནུབ་རྒྱལ་མཚན་ཇི་བཞིན་བརྟན་གྱུར་ཅིག །ཅེས་པའང་གཏེར་སྟོན་ལྷུན་གྲུབ་རབ་བརྟན་གྱིས་དཔལ་ཀརྨ་པའི་ཟླ་ཞལ་གསར་དུ་འཆར་བའི་ཞབས་བརྟན་བསྐུལ་བཞིན་སི་ཏུས་སྤེལ། །ངེས་པ་ལྔ་ལྡན་ལོངས་སྤྱོད་ཡོངས་རྫོགས་པ། །བཅོམ་ལྡན་ཚེ་འོད་ཡེ་ཤེས་སྣང་མཐའ་ཡས། །རྣམ་རོལ་འཕགས་ཡུལ་གྲུབ་པ་མཆོག་རྣམས་དང་། །གངས་ལྗོངས་བསྟན་འཛིན་སྐྱེས་རབས་ཕྲེང་བ་ལས། །ཚར་དུ་དངར་བ་རྗེ་བཙུན་སྤྲུལ་པའི་སྐུ། །གང་འདིར་རྒྱལ་དབང་ཀརྨའི་རིང་ལུགས་ཀྱི། །ཤིང་རྟ་ཆེན་པོར་ཐུགས་བསྐྱེད་ཡོངས་གྲུབ་པའི། །ཕྲིན་ལས་ཕྱོགས་མཐར་རྒྱས་བཞིན་ཞབས་བརྟན་གསོལ། །མཁས་བཙུན་བཟང་གྲུབ་དམ་པའི་སྐྱེས་བུ་ཡི། །རྣམ་ཐར་རྨད་བྱུང་འཛིན་སྤེལ་བསྟན་དང་འགྲོའི། །དོན་རྣམས་མཐར་ཕྱིན་གསང་གསུམ་མི་འགྱུར་བ། །གཞོམ་བྲལ་རྡོ་རྗེའི་ཁམས་སུ་བརྟན་གྱུར་ཅིག །ཅེས་སི་ཏུ་པདྨའི་མིང་ཅན་གྱིས་དགེ་སློང་ཀརྨ་དབང་རྒྱལ་


SPN003_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

ངོར། ཞབས་དྲུང་ཏྲེ་ཧོ་རིན་པོ་ཆེར་ཞབས་བརྟན་བདེན་ཚིགས་སུ་སྤེལ་བ་དགེ། །ༀ་སྭ་སྟི། གདོད་ནས་འཕོ་འགྱུར་བྲི་གང་ལས་འདས་ཤིང་། །བདེ་བ་ཆེན་པོའི་རང་བཞིན་འདུས་མ་བྱས། །རྒྱལ་ཀུན་སྤྲོ་དང་བསྡུ་བའི་གཞིར་གྱུར་པ། །འཕགས་ཆེན་ཕྱག་ན་པདྨོ་ཞབས་བརྟན་གསོལ། །བརྡར་བཏགས་ངག་གི་ལམ་འདས་ཆོས་ཀྱི་སྐུ། །ཡེ་ནས་ཡེ་ཤེས་ནམ་མཁའི་རང་བཞིན་ཅན། །སྐྱེ་འགགས་གནས་བྲལ་རྟག་པའི་རྡོ་རྗེ་དངོས། །ཆོས་དབྱིངས་མཐའ་བྲལ་ཀློང་དུ་ཞབས་བརྟན་གསོལ། །མཁའ་དང་མཉམ་པའི་འགྲོ་བ་སྤྱི་དང་ནི། །ལྷག་པར་སྒྲུབ་བརྒྱུད་ཀཾ་ཚང་རིང་ལུགས་ཉིད། །ཕྱོགས་དང་ཐ་གྲུར་ཁྱབ་པའི་བྱེད་པོ་རུ། །བསྐལ་དང་བསྐལ་པར་ཞབས་པད་བརྟན་པར་གསོལ། །ཞེས་རྒྱལ་དབང་རིན་པོ་ཆེ་བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་ཆེད་དུ་སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་པ་དགེ་བར་གྱུར་ཅིག །ཤུ་བྷཾ། །ༀ་སྭ་སྟི། གང་ཞིག་དུས་གསུམ་རྒྱལ་བའི་ཐུགས་རྗེའི་འཕྲུལ། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་རིགས་ཀུན་གྱི། །ཁྱབ་བདག་གདོད་ནས་ལྷུན་གྲུབ་འགྱུར་མེད་སྐུ། །ཐེ༵ག་པ་མཆོ༵ག་གི་རྡོ༵་རྗེ༵་འཚོ་གཞེས་གསོལ། །ཆོས་འཁོར་རིམ་གསུམ་མཐར་ཐུག་དགོངས་པའི་དོན། །དྭགས་པོ་བཀའ་བརྒྱུད་ངེས་དོན་ཀཾ་ཚང་གི། །བསྟན་པ་ཡོངས་རྫོགས་འཛིན་པའི་ཐམས་ཅད་མཁྱེན། །གསང་གསུམ་རྡོ་རྗེའི་ཁམས་སུ་བརྟན་བཞུགས་གསོལ། །ཨོ་རྒྱན་རྡོ་རྗེའི་བཀའ་


SPN003_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཆོས་ཀྱི་སྒོ། །ཇི་སྙེད་གདུལ་བྱའི་ཁམས་དབང་མོས་པའི་ངོར། །སྟོན་པའི་བདག་ཉིད་བདེ་ཆེན་འཁོར་ལོའི་མགོན། །ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་གྱུར་ཅིག། ཅེས་རྒྱལ་མཆོག་ཕྱག་ན་པདྨ་འཆང་བ་གྲུ་འཛིན་ཕྲེང་བ་རིམ་བྱོན་ལས། བཅུ་བཞི་པ་ཐེག་པ་མཆོག་གི་རྡོ་རྗེ་ཞབས་པད་བརྟན་པའི་གསོལ་འདེབས་སི་ཏུ་པདྨའི་མིང་ཅན་གྱིས་མཚུར་གནྡྷོ་ལར་བཀོད་པ་དགེ། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །སྒྱུ་འཕྲུལ་རྣམ་པར་རྒྱལ་མ་ལྷ་མོའི་སྐུ། །ཐུགས་རྗེ་ཚད་མེད་ཡིད་བཞིན་འཁོར་ལོ་ཡི། །བྱིན་རླབས་འཆི་མེད་བདུད་རྩིའི་གྲུ་ཆར་ནི། །གང་འདིར་སིམ་པའི་ལེགས་བྱས་དཔལ་དེ་ཡིས། །མི་ཤིགས་དྭངས་མ་རྡོ་རྗེའི་སྐུ་བརྙེས་ཤིང་། །བསླབ་གསུམ་རྒྱུད་སྨིན་ཐོས་སྒོམ་མཐར་ཕྱིན་ནས། །བསྟན་དང་འགྲོ་དོན་ལྷུན་གྱིས་འགྲུབ་གྱུར་ཅིག །ཅེས་སི་ཏུ་པདྨའི་མིང་ཅན་གྱིས་གཏེར་སྤྲུལ་གསར་བཞད་ལ་ཀརྨ་གསང་སྔགས་བསྟན་འཛིན་བཟང་པོ་མཚན་དང་ཡུན་འཚོའི་བདེན་ཚིག །གང་དེའི་དབོན་སྤྲུལ་ཀརྨ་རབ་སྒྲུབ་ཀྱིས་བཞེད་ལྟར་སྤེལ་བ་དགེ། །དུས་གསུམ་རྒྱལ་བ་ཡོངས་འདུས་ཀརྨ་པའི། །རིང་ལུགས་ཕྲིན་ལས་ཤིང་རྟར་དབང་བསྒྱུར་བའི། །སྤྲུལ་པའི་རོལ་གར་སྟོན་གང་འཚོ་གཞེས་ཤིང་། །གཞོམ་བྲལ་འགྱུར་མེད་ཁམས་སུ་ལྷུན་འགྲུབ་ཤོག །བསླབ་གསུམ་རྣམ་པར་དག་པའི་གཞི་བརྟན་ཅིང་། །བསྡུ་དངོས་བཞི་དང་འཕགས་ནོར་བདུན་ལ་སོགས། །ཆོས་ཚུལ་སྤྱོད་ལ་ཉེར་


SPN003_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

འཚོའི་གེགས་བྲལ་བར། །འགྲོ་དོན་རླབས་ཆེན་མཐའ་རུ་ཕྱིན་པར་ཤོག །ཅེས་སི་ཏུ་པས་གཅོད་བླ་ཚེ་དབང་བཞེད་ངོར་བསོད་ཆོས་སྤྲུལ་སྐུར་ཡུན་འཚོའི་ཆེད་དུ་སྤེལ་བ་དགེ། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །སྒྱུ་འཕྲུལ་གར་སྟོན་ཡིད་བཞིན་འཁོར་ལོ་ཡུམ། །རྣམ་པར་རྒྱལ་མ་ལ་སོགས་རྩ་བ་གསུམ། །བྱིན་རླབས་ཐུགས་རྗེའི་དབྱིངས་ལས་འཆི་མེད་ཀྱི། །བདུད་རྩིས་དམ་པའི་སྒྱུ་འཕྲུལ་པདྨ་དཀར། །ཡོངས་སུ་བྲན་མཐུས་གསང་གསུམ་མི་ཤིགས་པ། །གདོད་མའི་རྡོ་རྗེ་གསུམ་དངོས་བརྟན་གྱུར་པས། །བཀའ་བརྒྱུད་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག། །ༀ་སྭ་སྟི། ཚེ་དབང་ཡེ་ཤེས་འགྱུར་མེད་གདོད་ནས་གྲུབ། །ཚེ་བརྟན་མགོན་གྱུར་པདྨ་སམྦྷ་ཝ། །ཚེ་ཡི་ལྷ་ཚོགས་རབ་འབྱམས་ཞིང་གང་བས། །ཚེ་དཔལ་སྣང་བ་རབ་རྒྱས་དགེ་ལེགས་སྩོལ། །སྐུ་མཆོག་གསེར་གྱི་ལྷུན་པོ་བཞིན་ཏུ་བརྟན། །གསུང་གསང་མི་ཤིགས་གྲགས་སྙན་ཆོས་རྔ་སྤྲིན། །ཐུགས་ནི་མི་གཡོ་ཏིང་འཛིན་བརྒྱ་ཕྲག་མངའ། །གསང་གསུམ་མི་འགྱུར་བསྐལ་བརྒྱར་འཚོ་གཞེས་བརྟན། །ངེས་དོན་སྙིང་པོའི་རྒྱལ་བསྟན་ཉིན་མོར་བྱེད། །འཛིན་སྐྱོང་སྤེལ་བའི་ཕྲིན་ལས་ཤིང་རྟ་ཡིས། །འགྲོ་ཀུན་ཕན་བདེའི་འོད་སྟོང་སྤྲོ་བཞིན་ཏུ། །རྟག་པར་བཀྲ་ཤིས་ཀུན་ཏུ་ཁྱབ་པར་ཤོག །ཅེས་པའང་སྒྲུབ་བརྒྱུད་བསྟན་པའི་རྒྱན་གྱུར་དམ་པ་དབོན་སྤྲུལ་ཕྲིན་ལས་རབ་རྒྱས་གང་དེར་བརྟན་བཞུགས་སུ་སི་


SPN003_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ཏུའི་མིང་ནས་ཡར་ཚེས་བཟང་པོར་བྲིས་པ་ཛ་ཡནྟུ། །།ༀ་སྭ་སྟི། མཆོག་གསུམ་ངོ་བོ་མཚོ་སྐྱེས་པད་འབྱུང་གི། །ངེས་གསང་རིང་ལུགས་དྲི་མེད་འདབ་སྟོང་ཅན། །ཕྱོགས་བཅུར་སྤེལ་མཁས་དཀོན་མཆོག་འབྱུང་གནས་དང་། །དབྱེར་མེད་ཟབ་གཏེར་མངའ་བདག་ཀློང་གསལ་སྙིང་། །མགོན་དེའི་སྒྱུ་འཕྲུལ་གར་གྱི་རོལ་པ་ལས། །རྒྱལ་བསྟན་གསལ་བྱེད་དབང་གི་རྡོ་རྗེ་གང་། །མཐའ་ཀླས་བསྐལ་པའི་བར་དུ་འཚོ་གཞེས་ནས། །ཕྲིན་ལས་འཛིན་མའི་ཁྱོན་ཀུན་འགེངས་མཛད་གསོལ། །ཚུལ་དེར་སྣང་བའི་ལོག་པའི་བློ་ཅན་རྣམས། །རྨེག་མེད་ཉིད་དུ་ཐལ་བར་བརླག་གྱུར་ཅིག །དགེ་ལེགས་གྲགས་སྙན་བ་དན་སྲིད་པའི་རྩེར། །མི་ནུབ་རྟག་པར་རབ་བརྟན་འཕེལ་རྒྱས་ཤོག །ཅེས་པའང་དད་ནོར་ལྡན་པ་བསོད་ནམས་དབང་རྒྱལ་ངོར་སི་ཏུས་སྤེལ་བ་ཛ་ག་ཏཾ། །རྒྱལ་ཀུན་ཐུགས་རྗེའི་རྣམ་རོལ་པདྨ་འབྱུང་། །ཚེ་དབང་རིག་འཛིན་གྲུབ་པའི་ཚོགས་རྣམས་དང་། །རྩ་གསུམ་ལྷ་ཡིས་དེང་འདིར་འཆི་མེད་ཀྱི། །བདུད་རྩི་དམ་པའི་དཔལ་གྱིས་འཚོ་གྱུར་ཅིག །ངེས་གསང་དྲི་མེད་སྙིང་པོ་དྭགས་བརྒྱུད་ཀྱི། །བསྟན་པ་མི་ནུབ་སྲིད་རྩེར་བསྒྲེང་བའི་སླད། །གྲགས་སྙན་དབྱར་གྱི་རྔ་ཆེན་ལྡིར་བཞིན་དུ། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བཞིན་འཚོ་གྱུར་ཅིག །དོན་དམ་འགྱུར་མེད་རྟག་བརྟན་ལྷུན་གྲུབ་ཀྱང་། །ཀུན་རྫོབ་སྣང་ངོར་བསྐལ་བརྒྱར་འཚོ་གཞེས་ནས། །བསྟན་འགྲོའི་རྒུད་པའི་མུན་


SPN003_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲུངས་ཕྱུང་སྟེ། །ཡང་དག་སྣང་བའི་འོད་སྟོང་སྤྲོ་གྱུར་ཅིག །ཅེས་གྲུབ་པའི་དབང་ཕྱུག་གར་དབང་རིན་པོ་ཆེའི་ཞབས་བརྟན་འདི་བཞིན་བརྩོན་འགྲུས་ཀྱིས་བསྐུལ་ལྟར་སི་ཏུས་སྤེལ་བ་མངྒ་ལམ། །ཚེ་དང་འོད་སྣང་དཔག་མེད་པ། །ཚེ་འཕེལ་ཨཱཪྻ་ཏཱ་རེ་མ། །ཚེ་སྦྱིན་རྣམ་པར་རྒྱལ་མ་སོགས། །ཚེ་ལ་དབང་བའི་ལྷ་རྣམས་ཀྱིས། །དེང་འདིར་འཆི་མེད་མཆོག་སྩོལ་མཛོད། །དམ་ཆོ༵ས་སྐྱོ༵ང་བའི་འདྲེན་པ་གང་། །འགྱུ༵ར་མེ༵ད་རྟག་བརྟན་འཚོ་གཞེས་ཤིང་། །ཕྲི༵ན་ལ༵ས་སྣང་བ་ར༵བ་རྒྱ༵ས་ཤོག །རྒྱལ་དབང་ཀརྨའི་རིང་ལུགས་ནི། །སྐྱེ་དགུའི་བསོད་ནམས་དཔལ་གྱུར་ཅིང་། །ནུབ་མེད་ཡུན་ཏུ་བརྟན་པ་དང་། །འགྲོ་རྣམས་མྱང་འདས་ཆེ་ཐོབ་ཤོག །བླ་མ་བསྟན་པས་བཞེད་ལྟར་སྤེལ་བ་དགེ་བར་གྱུར་ཅིག། །ཚེ་དང་ཡེ་ཤེས་དཔག་མེད་ལ་སོགས་པའི། །དཀོན་མཆོག་རྩ་གསུམ་བདེན་པ་ཆེན་པོ་ཡིས། །རྒྱལ་བསྟན་གསལ་མཛད་མཆོག་ཏུ་སྨིན་པའི་སྐུ། །ངག་དབང་ཡོན་ཏན་རྒྱ་མཚོ་འཚོ་གྱུར་སྨོན། །མཁས་ཚུལ་གསུམ་སོགས་དམ་པའི་ཚུལ་བཟང་པོས། །སྒྲུབ་བརྒྱུད་གཙོར་གྱུར་རྒྱལ་བའི་བསྟན་པ་ཀུན། །སྤེལ་བའི་ཕྲིན་ལས་མི་ནུབ་དབྱར་གྱི་ཆུ། །ཡར་ངོའི་ཟླ་བ་བཞིན་དུ་གོང་འཕེལ་ཤོག །ཅེས་མཁས་བཙུན་བཟང་པོའི་རྣམ་ཐར་རྨད་དུ་བྱུང་བ་ཀོང་པོ་བཾ་སྟེང་པའི་སྐྱེ་སྲིད་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་གང་དེར་རིང་འཚོའི་སྨོན་ཚིག་ཏུ་སི་ཏུ་པདྨའི་མིང་གིས་དགེ་བར་སྤེལ། །ༀ་སྭ་སྟི། ཆོས་དབྱིངས་འགྱུར་མེད་བདེ་ཆེན་སྒྱུ་འཕྲུལ་གར། །ཐུགས་


SPN003_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་རོལ་པ་སྣ་ཚོགས་ཅིར་ཡང་སྟོན། །མཚན་དཔེའི་རྒྱན་གྱིས་སྤྲས་པའི་སྐུར་སྣང་བ། །མཐོང་བས་རྣམ་དག་ལམ་སྟོན་འཚོ་གཞེས་གསོལ། །རྒྱལ་ཀུན་གསུང་གི་གསང་བའི་བདག་པོ་མཆོག །ཡན་ལག་དྲུག་ཅུའི་ཆོས་སྒོ་ཇི་སྙེད་ཀྱི། །དེ་སྙེད་གདུལ་བྱའི་ཁམས་དབང་མོས་པའི་ངོར། །ཐོས་པས་ཡང་དག་དོན་གནས་འཚོ་གཞེས་གསོལ། །ཐུགས་མཆོག་རྡོ་རྗེ་ལྟ་བུའི་ཏིང་འཛིན་ལྡན། །སྒྲིབ་བྲལ་ཡེ་ཤེས་རང་སྣང མངོན་དུ་གྱུར། །དྲན་པས་ངན་འགྲོའི་འཇིགས་ཀུན་སེལ་བའི་མགོན། །ཞིང་འདིར་བསྐལ་བརྒྱར་འཚོ་གཞེས་བརྟན་གྱུར་ཅིག །རྒྱལ་དབང་མཆོག་སྤྲུལ་གྱི་ཞབས་བརྟན་དུ་ཕུལ་བ་དགེ། །དུས་གསུམ་རྒྱལ་ཀུན་ཕྲིན་ལས་ཀྱི། །སྣང་བའི་འོད་ཟེར་གཅིག་བསྡུས་པ། །པད་འབྱུང་ཉིན་མོའི་མགོན་པོ་ཡིས། །བསྟན་འགྲོ་རྒུད་པའི་མུན་ཚོགས་གཞིལ། །ཀརྨ་བཀའ་བརྒྱུད་རིང་ལུགས་ཀྱི། །ཤིང་རྟ་རིག་གྲོལ་འདུས་པ་ཀུན། །རྒྱ་མཚོའི་གོས་ཅན་ཡོངས་སུ་ཁྱབ། །བཤད་སྒྲུབ་འཁོར་ལོའི་ལྗོན་བཟང་པོ། །གེགས་མེད་ལྷུན་གྱིས་གྲུབ་གྱུར་ཏེ། །སྐྱེ་དགུའི་དཔལ་དུ་ཇི་སྲིད་བར། །ནམ་ཡང་གཡོ་མེད་འཚོ་གཞེས་ནས། །ཀུན་ཀྱང་བྱང་ཆུབ་ལམ་སྟོན་ཤོག །ཅེས་འབྲུག་པ་བླ་མ་ཀརྨ་རིག་གྲོལ་རྒྱ་མཚོ་ཡུན་འཚོའི་རྟེན་འབྱུང་བསྐུལ་བཞིན་སྤེལ། །སྟོན་མཆོག་ཞི་བ་ཆགས་བྲལ་ཚོགས་ཀྱི་མཆོག །མཉམ་མེད་ཆོས་དབྱིངས་བདེན་པ་ཟབ་མོ་ཡིས། །


SPN003_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

དེང་འདིར་བསྟན་འགྲོའི་གསོས་སྨིན་སྤྲུལ་པའི་སྐུ། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་གྱུར་ནས། །སྤངས་རྟོགས་ཡོན་ཏན་བདུད་རྩིའི་འོད་དཀར་གང་། །ཆ་ཤས་ཡོངས་རྫོགས་གདུལ་བྱ་ཀུ་མུཏ་ཀྱི། །ཐར་པའི་ལམ་གྱི་འདབ་གྲོལ་གཉེན་དམ་པར། །བསྐལ་པར་ཡུན་དུ་འཚོ་ཞིང་བརྟན་གྱུར་ཅིག །ཅེས་སྒྲུབ་པ་དཀར་པོའི་སྐྱེ་སྤྲུལ་གསར་དུ་བཞད་སྐབས་གང་དེའི་འདུས་སྡེ་རྣམས་ཀྱི་ངོར་སྤེལ། །རྒྱལ་ཀུན་འདུས་གཟུགས་པདྨ་འབྱུང་། །ལྔ་བདོའི་དུས་འདིར་ཁྱད་པར་གྱི། །ཐུགས་རྗེས་འགྲོ་ལ་རྗེས་ཆགས་པའི། །བསྟན་པའི་ཉི་འོད་འབུལ་བརྡལ་བའི། །དེ་ཕྱིར་སྤྲུལ་པའི་གཏེར་སྟོན་གྱི། །འདུལ་བའི་དུས་བབས་ཡོལ་མེད་པར། །བརྒྱུད་པ་དགུ་ལྡན་བྱིན་རླབས་མཆོག །དེང་འདིར་མྱུར་དུ་སྨིན་གྱུར་ནས། །བསྟན་འགྲོའི་དོན་ཀུན་ལྷུན་གྲུབ་ཅིང་། །བསྐལ་བརྒྱར་རབ་ཏུ་ཞབས་བརྟན་ཤོག །བླ་མ་ཕྲིན་ལས་རབ་རྒྱས་ངོར་སྤེལ། །སྭ་སྟི། ཆོས་དབྱིངས་ཀུན་ཁྱབ་རང་བཞིན་གདོད་མའི་མགོན། །སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །བླ་མེད་རྒྱལ་བ་སྲས་དང་བཅས་པ་ཡིས། །དེང་འདིར་དགེ་ལེགས་དཔལ་ཡོན་ལྷུན་གྲུབ་སྩོལ། །གང་སྐུ་ཚོགས་གཉིས་གསེར་གྱི་བང་རིམ་མཐོ། །གསུང་གསང་ཟབ་མོའི་ཆོས་ཀྱི་འོད་བརྒྱ་འཕྲོ། །ཐུགས་མཆོག་རྣམ་པར་མི་རྟོག་ཡེ་ཤེས་རྒྱས། །གསང་གསུམ་བསྐལ་པར་ཞིང་འདིར་འཚོ་གཞེས་གསོལ། །བདེན་པའི་བདག་ཉིད་བཅོམ་ལྡན་སངས་


SPN003_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་། །ཆགས་བྲལ་འཕགས་ཚོགས་ཐུགས་རྗེའི་གྲུ་ཆར་གྱིས། །རྨད་བྱུང་ཕན་བདེའི་གསོས་སུ་ཡོངས་སྨིན་ནས། །བཀྲ་ཤིས་རྫོགས་ལྡན་དགའ་སྟོན་གསལ་གྱུར་ཅིག །ཅེས་པའང་མཚུངས་མེད་དམ་པ་རྒྱལ་བའི་དབང་པོ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞབས་བརྟན་བདེན་ཚིག་རྟེན་འབྱུང་དུ་སྤེལ། །ༀ་སྭ་སྟི། ཆོས་དབྱིངས་འོད་གསལ་བདེ་ཆེན་སྙིང་པོའི་ཁམས། །སྒྱུ་འཕྲུལ་དྲ་བའི་རྣམ་རོལ་སྤྲུལ་པའི་སྐུ། །མཆོག་ཏུ་མི་འགྱུར་དོན་གྱི་ཡེ་ཤེས་ཀྱི། །སྣང་བའི་ཉིན་བྱེད་བསྐལ་བརྒྱར་འཚོ་གྱུར་ཅིག །གཞན་སྐྱོན་མཚན་མས་རིང་སྤོང་ཡང་དག་གི། །ཟབ་དོན་ཐེག་གསུམ་བླ་མེད་ངེས་པའི་དོན། །ཇི་བཞིན་སྟོན་པའི་རྡོ་རྗེ་སློབ་དཔོན་ཆེ། །འོད་དཀར་བདུད་རྩི་སྤེལ་བཞིན་འཚོ་གྱུར་ཅིག །རྒྱལ་རྣམས་ཐུགས་རྗེའི་སྤྱི་བཅུད་ཡོངས་སྨིན་པ། །གང་འདུལ་ཕྲིན་ལས་ངོ་བོར་ལྷུན་གྲུབ་པའི། །ཡོངས་རྫོགས་བསྟན་པའི་རྒྱལ་མཚན་དཔལ་མངའ་བ། །སྟོན་པའི་རྒྱལ་ཐབས་དམ་པར་འཚོ་གྱུར་ཅིག། །དེ་ལྟར་ལྷག་བསམ་གྱིས་མཚོན་ཀུ་མུདྡའི། །ཕྲེང་སྤེལ་ལེགས་བྱས་དགེ་ལེགས་ཀྱིས་བསྐུལ་བའི། །རྣམ་མང་དུས་གསུམ་རྒྱལ་བའི་ནུས་སྟོབས་ཀྱིས། །ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་གྱུར་ཅིག། ཅེས་པའང་སྐྱབས་རྗེ་འཛི་སྒར་རིན་པོ་ཆེའི་མཆོག་སྣང་གསར་འཆར་སྐབས། གང་དེའི་ཕྲིན་ལས་པ་དཔལ་དགའ་སྤྲུལ་སྐུ་ཚེ་དབང་བསྟན་འཛིན་དཔལ་བཟང་གི་བཞེད་ངོར་སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ། །དུས་གསུམ་རྒྱལ་ཀུན་


SPN003_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་གཏེར་ཆེན་པོ། །མཚོར་འཁྲུངས་པདྨ་འབྱུང་གནས་བྱིན་རླབས་ཀྱི། །ཆ་ཤས་མོས་ཐོབ་པདྨ་ཉིན་བྱེད་དབང་། །བསྐལ་མང་སྨོན་ལམ་ཇི་བཞིན་དེ་ལྟར་གྱིས། །ངེས་གསང་མཐར་ཐུག་འོད་གསལ་སྙིང་པོའི་བསྟན། །ཉམས་མེད་ཡུན་གནས་ལྷག་བསམ་ཟླ་སྣང་དཀར། །མི་མཐུན་བར་ཆད་ཆུ་འཛིན་རིང་དུ་བསྲིངས། །བསྟན་འགྲོའི་དོན་སྐྱོང་འོད་ཀྱིས་ཐ་གྲུར་ཁྱབ། །བསྐལ་མང་ཞིང་འདིར་འཚོ་གཞེས་བརྟན་གྱུར་ནས། །ཟབ་དོན་རིམ་གཉིས་བཅུད་ཀྱི་བདུད་རྩི་ཡིས། །རང་གཞན་རྒྱུད་བརླན་བྱང་ཆུབ་འབྲས་སྨིན་ཅིང་། །རྟག་ཏུ་བསམ་དོན་ལྷུན་གྲུབ་བཀྲ་ཤིས་ཀྱི། །དཔལ་འབར་ཧེ་རུ་ཀ་དཔལ་རྡོ་རྗེ་བེར། །མཆོག་གི་གསང་གསུམ་དབྱེར་མེད་སྒྲུབ་བརྒྱུད་བསྟན། །སྤེལ་ཕྱིར་ཚེ་མཐའ་ཡས་པའི་ངོ་བོ་རུ། །མི་ཤིགས་མི་འགྱུར་མི་ནུབ་ཞབས་བརྟན་ཤོག །ཅེས་པའང་རྣལ་འབྱོར་བི་ཛ་ཡའི་ངོར་སྤེལ། །ༀ་སྭ་སྟི། དཔལ་ལྡན་དོན་ཀུན་ཡོངས་གྲུབ་བཅོམ་ལྡན་འདས། །དཔལ་མཆོག་ཕྱོགས་བཅུའི་བདེར་གཤེགས་མ་ལུས་པའི། །དཔལ་ཀུན་གཅིག་བསྡུས་མཚོ་སྐྱེས་པདྨ་འབྱུང་། །དཔལ་འབར་དགེ་ལེགས་དངོས་གྲུབ་ཟླ་རྒྱས་སྩོལ། །མི་ཤིགས་ཡོངས་གྲུབ་བདེ་ཆེན་ངོ་བོ་རུ། །མི་འགྱུར་གསང་གསུམ་གཞོམ་བྲལ་རྡོ་རྗེའི་སྐུ། །མི་གཡོ་རྟག་བརྟན་རང་བཞིན་གཡུང་དྲུང་ཁམས། །མི་ནུབ་རྒྱལ་མཚན་ལྟ་བུར་སྒྱུ་འཕྲུལ་གྱི། །རོལ་པ་འདི་ཡང་བསྐལ་པ་བསྐལ་པའི་བར། །སྒྲུབ་བརྒྱུད་


SPN003_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ལུགས་ཕྲིན་ལས་བ་དན་དཀར། །ཕྱོགས་མཐར་བསྒྲེངས་བའི་ཐུགས་བསྐྱེད་རྨད་བྱུང་བ། །དེང་འདིར་འབད་མེད་ཡིད་བཞིན་འགྲུབ་པར་ཤོག །དྲི་མེད་ངེས་གསང་རྡོ་རྗེ་སྙིང་པོ་ཡི། །བསྟན་དང་བསྟན་འཛིན་འཚོ་གཞེས་ཞབས་བརྟན་ཅིང་། །བསླབ་གསུམ་ནོར་ལྡན་དགེ་འདུན་འདུས་པ་རྒྱས། །མི་མཐུན་གཡུལ་རྒྱལ་རྣམ་ཀུན་བཀྲ་ཤིས་ཤོག །ཅེས་པའང་དད་གསུམ་མངོན་པར་མཐོ་བ་ཡོངས་དགེ་སྤྲུལ་སྐུ་ནས་རྟེན་དང་བཅས་བསྐུལ་བའི་ངོར། བཀའ་བརྒྱུད་བསྟན་པའི་ཕྲིན་ལས་པ་ཆེན་པོ་ལྷ་ཐོག་རྗེ་དྲུང་འགྱུར་མེད་ཀྱི་མཆོག་སྤྲུལ་དང་། སར་གནས་བྱང་སེམས་ངོ་བོ་སྲས་པོ་བླ་མ་བཅས་ཀྱི་ཞབས་བརྟན་དུ་སི་ཏུས་སྤེལ། །སྐྱབས་གསུམ་འདུས་པ་རྡོ་རྗེ་ཅན། །པདྨ་འབྱུང་གནས་ཐུགས་རྗེའི་མཐུས། །ངེས་གསང་རིང་ལུགས་རྨ་མེད་པ། །འཛིན་སྐྱོང་ཕྲིན་ལས་དཔལ་ཡོན་འཆང་། །དབང་གི་རྡོ་རྗེ་གསང་བ་གསུམ། །མི་ཤིགས་གཡུང་དྲུང་ངོ་བོ་རུ། །བསྐལ་པ་ལས་ཀྱང་བསྐལ་པའི་བར། །འཚོ་གཞེས་ཞབས་པད་བརྟན་གྱུར་ཅིག །དེ་མཐུས་བདག་ཀྱང་རྣམ་ཀུན་ཏུ། །བསམ་པ་ལྷུན་གྱིས་གྲུབ་པ་དང་། །རང་བྱུང་ཡེ་ཤེས་མཐར་ཕྱིན་ནས། །སྐུ་བཞིའི་བདག་ཉིད་འགྱུར་བར་ཤོག །རིག་འཛིན་བསམ་འཕེལ་ནས་བསྐུལ་ངོར་སྤེལ། །ༀ་སྭ་སྟི། མཆོག་གསུམ་འདུས་ཞལ་རྒྱལ་བ་རྒྱལ་བའི་གཙོ། །དཔལ་ལྡན་རིགས་རྣམས་ཁྱབ་བདག་འཁོར་ལོའི་མགོན། །གངས་ཅན་མགོན་པོ་ཕྱག་ན་


SPN003_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

པད་དཀར་ཅན། །ཀརྨ་ཀ་ཞེས་གང་དེས་བདེ་ལེགས་སྩོལ། །དེ་ཡང་མདོ་སྔགས་བསྟན་གཉིས་ཟབ་མོའི་སྲོལ། །དྲི་མེད་གཅེས་སྤྲས་འཛིན་པའི་དཔལ་མངའ་བ། །མི་འགྱུར་རྡོ་རྗེ་ཅན་ཞེས་གྲགས་དེ་ཡི། །སྤྲུལ་པའི་སྣང་བརྙན་གང་ཁྱོད་རྟག་པ་རུ། །གསང་གསུམ་འགྱུར་མེད་རི་དབང་ལྷུན་པོ་བཞིན། །རྟག་བརྟན་བསྐལ་མང་འཚོ་གཞེས་བརྟན་གྱུར་ནས། །མཐའ་ཀླས་སྲིད་མཚོ་མ་སྐེམ་དེ་སྲིད་དུ། །ཐུགས་བསྐྱེད་དམ་བཅའི་ཁུར་ཆེན་ཡོལ་མེད་ཤོག །ཅེས་པའང་རིག་འཛིན་མཆོག་གི་སྤྲུལ་སྐུར་ཤིས་བརྗོད་དུ་སི་ཏུས་སྤེལ་བ་མངྒ་ལཾ། །ༀ་སྭ་སྟི། དཔ༵ལ་ལྡ༵ན་སྒྲུབ་བརྒྱུད་ཀཾ་ཚང་ངེས་དོན་གྱི། །འགྱུ༵ར་མེ༵ད་བསྟ༵ན་པ་འཛི༵ན་ལ་མངའ་བརྙེས་པ། །ཕྱོ༵གས་རྣམས་ཀུན་ལ༵ས་རྣ༵མ་གྲོ༵ལ་ཕྲིན་ལས་ཅན། །པ༵དྨ༵་ཀཱ་ར་ཇི་བཞིན་ཞབས་བརྟན་ཤོག །ཉི༵ན་བྱེ༵ད་གསང་གསུམ་ཡོན་ཏན་དཔལ་འབར་བས། །ཚངས་དང་དབ༵ང་པོ༵འི་སྡེ༵་སོགས་གུས་པའི་གནས། །དགོས་འབྱུང་དབ༵ང་གི༵་རྒྱལ་བཞིན་རྡོ༵་རྗེ༵་གསུམ། །འཚོ་གཞེས་གསོལ་འདེབས་འགྲོ་རྣམས་བྱང་ཆེན་ལམ། །བཀོད་པའི་ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ནས། །བསྐལ་བརྒྱར་གཡོ་མེད་ཞབས་པད་བརྟན་གྱུར་ཅིག །ཅེས་དངོས་ཅག་སྤྲུལ་སྐུ་རྣམས་ཀྱི་ཞབས་བརྟན་དུ་ཕུར་སྒྲུབ་བླ་མ་བསྟན་པ་དར་རྒྱས་ཀྱི་ངོར་སྤེལ་བ་ཤུ་བྷ་པུཥྚིཾ། །བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱའི་རྒྱལ། །དབྱེར་མེད་སངས་རྒྱས་པད་སྐྱེས་རིང་ལུགས་ཀྱི། །དོན་བརྒྱུད་མཐར་ཐུག་ངེས་


SPN003_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བསྟན་པའི་བདག །གྲུ་འཛིན་བདག་པོ་ཀརྨ་ཀ་དེས་སྐྱོངས། །གང་འདིར་བསྟན་དང འགྲོ་ལ་ཕན་བདེའི་གཞིར། །རིང་ནས་ཐུགས་བསྐྱེད་ཟབ་མོས་ཉེར་གྲུབ་པའི། །གཟུགས་སྐུ་བསྐལ་པར་འཚོ་བརྟན་རྣམ་ཀུན་དུ། །གཞན་རྐྱེན་ནོངས་པའི་དྲི་མ་རྒྱང་བསྲིང་ཤོག །གསང་གསུམ་རྡོ་རྗེའི་ཁམས་སུ་ལྷུན་གྲུབ་ནས། །རྟག་པར་བྱང་སེམས་དམ་པའི་ངང་ཚུལ་གྱི། །ཕྲིན་ལས་བཟང་པོས་སྐྱེ་དགུ་སྨིན་གྲོལ་ལམ། །བཀོད་པའི་གཞན་དོན་མཐའ་རུ་ཕྱིན་གྱུར་ཅིག །ཅེས་པའང་བཀྲམ་དྲུང་པ་སྤྲུལ་པའི་སྐུའི་ཞབས་བརྟན་དུ་སྐུ་ཞང་བླ་མ་ཚེ་དབང་རྣམ་རྒྱལ་གྱི་བཞེད་ལྟར་སི་ཏུས་སྤེལ་བ་དགེ། །རབ་འབྱམས་ཞིང་བདག་རྒྱལ་བ་ཚེ་མཐའ་ཡས། །རྡོ་རྗེ་གསུམ་བདག་འཆི་མེད་ལྷ་ཡི་ཚོགས། །དེང་འདིར་དོན་ཀུན་ཡོངས་སུ་གྲུབ་པའི་ཆར། །བྱིན་རླབས་མཆོག་སྩོལ་བདེ་ལེགས་ཀུན་དགར་མཛོད། །རིགས་ཀུན་ཁྱབ་བདག་བདེ་ཆེན་འཁོར་ལོའི་མགོན། །དཔལ་ལྡན་རྡོ་རྗེ་ཅན་དངོས་གྲུབ་པའི་གཙོ། །བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་འཛིན་པ་གང་། །གདོད་ནས་ཡོངས་གྲུབ་རྟག་བརྟན་འཚོ་གཞེས་གསོལ། །དམ་ཆོས་ཉི་མའི་སྡེ་ཞེས་གྲགས་སྙན་གྱི། །སྤྲིན་སྒྲས་ཕྱོགས་ཀྱི་མདངས་ལྡན་ཡིད་སིམ་སླད། །བསྐལ་པ་ལས་ཀྱང་བསྐལ་ཆེན་བགྲང་ཡས་པར། །མི་འགྱུར་རྡོ་རྗེའི་རང་བཞིན་ཞབས་བརྟན་གསོལ། །དེ་ལྟར་དཔལ་ལྡན་བླ་མའི་ཞབས་བརྟན་ཅིང་། །བདག་སོགས་རྣམས་ཀྱང་ཚེ་དཔལ་ཆོས་ལྡན་ཞིང་། །བསམ་པའི་


SPN003_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཉིས་མཐའ་རུ་ཕྱིན་པ་ཡི། །བཀྲ་ཤིས་ཀུན་ཁྱབ་རྟག་བརྟན་རབ་རྒྱས་ཤོག །ཅེས་པའང་དཔལ་ལྡན་འབྲུག་པ་རིན་པོ་ཆེ་མཆོག་གི་རྡོ་རྗེ་འཛིན་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་ཞབས་བརྟན་གསོལ་འདེབས་སུ། སི་ཏུ་པདྨ་ཉིན་བྱེད་དབང་པོས་གུས་པས་གསོལ་བ་བཏབ་པའོ། །མངྒ་ལཾ། །ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོའི་རྒྱལ་དང་སྲས། །ཐུགས་རྗེའི་གཏེར་ཆེན་མགོན་པོ་ཚེ་མཐའ་ཡས། །འཆི་མེད་རྡོ་རྗེ་ལྷ་ཡི་མཆོག་རྣམས་ཀྱིས། །དཔལ་འབར་དངོས་གྲུབ་ཤིས་པ་སྩོལ་གྱུར་ཅིག །བཀའ་བརྒྱུད་རིང་ལུགས་ཕྲིན་ལས་སྣང་བྱེད་བདག །འགྲོ་ལ་སྨན་པའི་ཡོན་ཏན་རང་བཞིན་ཅན། །དཀྱིལ་འཁོར་ཀུན་བདག་རྡོ་རྗེ་འཛིན་དབང་པོ། །བསྐལ་ཆེན་རིང་དུ་ཞབས་བརྟན་འཚོ་གཞེས་གསོལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་བསྐྱེད་དང་། །ཡི་དམ་ལྷ་དང་ཆོས་སྲུང་མཐུ་བྱིན་གྱིས། །དེང་འདིར་སྨོན་པ་ཡོངས་གྲུབ་འབྲས་སྨིན་ཞིང་། །རྟག་པར་བདེ་ལེགས་བསམ་དོན་ལྷུན་གྲུབ་ཤོག །ཅེས་པའང་རིགས་དཀྱིལ་བདག་པོ་གར་དབང་ཆོས་སྐྱོང་འགྱུར་མེད་མཆོག་གི་ཞབས་པད་རིང་འཚོའི་རྟེན་འབྱུང་ཆེད། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་མངྒ་ལཾ། །དཔ༵ལ་ལྡ༵ན་འཆི་མེད་རྡོ་རྗེ་ལྷའི་དཀྱིལ་འཁོར། །ཡོངས་བསྡུས་འ ཆི༵་མེ༵ད་པ༵དྨ༵འི་བྱིན་རླབས་ཀྱིས། །གང་འདིར་འཆི་མེད་ཚེ་དངོས་གྲུབ་པ་ཡི། །རྟག་བརྟན་འཆི་མེད་ཡོངས་གྲུབ་དགེ་ལེགས་སྩོལ། །གསང་གསུམ་མི་འགྱུར་གཞོམ་བྲལ་འཚོ་གཞེས་ཤིང་། །ཐུགས་བསྐྱེད་ཟབ་མོས་བསྟ༵ན་


SPN003_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

པ༵འི་ཕྲིན་ལས་ཀྱི། །འདོད་དགུར་བསྒྱུར་བཞིན་གདུལ་བྱའི་ལས་སྐལ་དང་། །འཚམས་པའི་ཆོས་འཁོར་བསྐོར་བཞིན་བརྟན་བཞུགས་གསོལ། །བདག་སོགས་དད་དང་དམ་ཚིག་རྣམ་དག་དང་། །ཆོས་ཅན་ཆོས་ཉིད་བདེན་པའི་སྟོབས་ཆེན་པོས། །གང་ཁྱོད་བདུད་བཞི་ལས་རྒྱལ་བཞེད་དོན་ཀུན། །ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ར༵བ་རྒྱ༵ས་ཤོག །ཅེས་ཀརྨ་ཆགས་མེད་མཆོག་སྤྲུལ་ཡུན་འཚོའི་རྟེན་འབྱུང་དུ་དྲུང་ངམ་བླ་མའི་བཞེད་ངོར་སི་ཏུ་པས་སྤེལ་བ་མངྒ་ལཾ། །དཔག་ཡས་ཚེ་ཡི་མཆོག་སྩོལ་རྒྱལ་དང་རྒྱལ། །ཕུན་ཚོགས་འདོད་དགུའི་འབྱུང་གནས་ལྷ་ཡི་ཚོགས། །གང་འདིར་མི་འགྱུར་འཆི་མེད་དངོས་ཀུན་གྱི། །དགའ་ཆར་དམ་པའི་སྣང་བ་སྩོལ་གྱུར་ཅིག །དཔལ་ལྡན་ངེས་གསང་བསྟན་པའི་རྒྱན་གྱུར་པའི། །གང་དེའི་གསང་གསུམ་གཞོམ་བྲལ་རྡོ་རྗེ་ལྟར། །ལྷུན་གྲུབ་ཕྲིན་ལས་དཔལ་གཟི་འབར་བཞིན་དུ། །ཞིང་འདིར་འཚོ་གཞེས་ཆོས་སྟོན་བཞུགས་གསོལ་འདེབས། །རྒྱལ་བསྟན་སྙིང་པོ་རབ་རྒྱས་དེ་འཛིན་གྱི། །སྐྱེས་མཆོག་ཞབས་བརྟན་དགེ་འདུན་སྡེ་འཕེལ་ཞིང་། །ཡུལ་རིས་བདེ་ལེགས་རྫོགས་ལྡན་ལང་ཚོ་རྒྱས། །བཀྲ་ཤིས་ཀུན་ཏུ་ཁྱབ་ཅིང་རབ་བརྟན་ཤོག །ཅེས་པའང་ཚེ་དབང་རབ་འབྱོར་བཞེད་ལྟར་ཀརྨ་བདེ་ཆེན་སྤྲུལ་སྐུའི་ཞབས་བརྟན་དུ་སྤེལ། །ཆོས་དབྱིངས་གདོད་མའི་གནས་ལུགས་དོན་དམ་པ། །རང་


SPN003_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ལྷན་སྐྱེས་གཉུག་མ་སྤྲོས་བྲལ་ངང་། །འགྱུར་མེད་བདེ་བ་ཆེན་པོའི་རང་མདངས་ཀྱི། །རྩལ་སྣང་མ་འགག་སྤྲུལ་སྒྱུར་གར་རོལ་པ། །ཅིར་ཡང་སྟོན་པའི་རྣམ་འཕྲུལ་གཟུགས་ཀྱི་སྐུ། །ཚར་དུ་དངར་བའི་འགྲོ་སྒྲོལ་དེད་དཔོན་ཆེ། །གང་ཁྱོད་གདུལ་བྱ་སྙིགས་ལྔར་ཆེས་དགོངས་ནས། །སྙིང་སྟོབས་དཔའ་བའི་སྟོབས་ཀྱིས་གསང་བ་གསུམ། །མི་ཤིགས་འགྱུར་མེད་གཤིས་ཀྱི་རང་བཞིན་ལ། །ནམ་ཡང་གཡོ་མེད་བྱིས་བློའི་སྣང་ངོ་རུ། །གཞན་རྐྱེན་མཚན་མས་མི་བསྐྱོད་བདེ་ལྡན་མགོན། །ཇི་ལྟར་ཞབས་བརྟན་བསྟན་འགྲོར་དགེ་ལེགས་ཤོག། ཅེས་པའང་རྟོགས་ལྡན་རབ་འབྱོར་ངོར་བདེ་ཆེན་སྙིང་པོའི་སྤྲུལ་སྐུའི་ཞབས་བརྟན་དུ་སྤེལ། །འཆི་མེད་བཅོམ་ལྡན་ལྷ་ཡི་ལྷར་གྱུར་པ། །ཚེ་དང་འོད་སྣང་མཐའ་ཡས་པདྨ་འབྱུང། །མཆོག་དངོས་གྲུབ་པའི་སར་བཞུགས་རྒྱལ་དང་རྒྱལ། །གང་རྣམས་ཐུགས་རྗེས་རིང་དུ་སྐྱོང་གྱུར་ཅིག །དཔལ་ལྡན་ཀརྨའི་རིང་ལུགས་སྐྱོང་བ་དང་། །ལུས་ཅན་ཉེར་འཚོའི་གཞིར་གྱུར་མཆོད་གནས་སུ། །གང་དེའི་ཟློས་གར་སྣང་བ་གསལ་འདི་དག །འཕྲལ་ཡུན་བདུད་བཞིའི་གཡུལ་རྒྱལ་འཚོ་བརྟན་ཤོག། བསྟན་པའི་ཕྲིན་ལས་གཞན་དོན་ཇི་སྙེད་པ། །གེགས་མེད་ཡོངས་སུ་གྲུབ་པའི་དཔལ་ཐོབ་ཅིང་། །མི་འགྱུར་རྡོ་རྗེའི་ངོ་བོར་རྟག་བརྟན་ནས། །དོན་གཉིས་མཐར་ཕྱིན་རྣམ་ཀུན་བདེ་ལེགས་ཤོག། འཇའ་མོ་སྤྲུལ་སྐུ་ཡུན་འཚོའི་བདེན་ཚིག་དབང་འཛིན་གྱིས་བསྐུལ་ངོར་སྤེལ། །


SPN003_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་རྒྱ་མཚོའི་ཐུགས་རྗེའི་མཁའ་ཀློང་ནས། །ཕྲིན་ལས་ཕན་བདེའི་ཉི་མ་རབ་གསལ་བ། །གང་ཞིག་ཉེས་པའི་མུན་ཚོགས་ཀུན་འཇོམས་པའི། །རྨད་བྱུང་འོད་སྣང་ཟེར་ཕྲེང་སྤྲོ་གྱུར་ཅིག །ཐུགས་བསྐྱེད་དཔྱིད་ཀྱི་དཔལ་ལས་གྲུབ་པ་ཡི། །གཟུགས་སྐུའི་པད་ཚལ་བསླབ་གསུམ་དྲི་བསུང་ལྡན། །ཡིད་ཅན་བུང་ཚོགས་འདུ་ཞིང་རྒྱལ་བསྟན་གྱི། །མཛེས་པའི་རྒྱན་གྱུར་དེང་འདིར་འཚོ་བརྟན་ཤོག། སྒྲུབ་བརྒྱུད་རིང་ལུགས་ཕྱོགས་མཐར་ཁྱབ་ཡུན་གནས། །བསྟན་འཛིན་ཞབས་བརྟན་དགེ་འདུན་སྡེ་རྒྱས་ཤིང་། །རྒྱལ་ཁམས་བདེ་ཞིང་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །རྟག་ཏུ་དགེ་བའི་དཔལ་ཡོན་སྩོལ་གྱུར་ཅིག །གར་བསྟན་བྱ་བཏང་མཁན་སློབ་ནས་བཞེད་ངོར་རས་སྤྲུལ་ཡུན་འཚོའི་བདེན་ཚིག་ཏུ་སྤེལ། །ཚེ་དང་ཡེ་ཤེས་ཡོན་ཏན་དཔག་མེད་མགོན། །དུས་གསུམ་རྒྱལ་ཀུན་སྐྱེད་ཡུམ་སྒྲོལ་མ་དཀར། །རྣམ་པར་རྒྱལ་སོགས་འཆི་མེད་མཆོག་སྟེར་ལྷས། །གང་འདིར་དགེ་ལེགས་སྣང་བ་འབར་གྱུར་ཅིག །བསྟན་འགྲོའི་ཕན་དང་བདེ་འབྱུང་ཀུན་གྱི་གཞི། །ཡོངས་གྲུབ་སྔོན་སྨོན་ཇི་བཞིན་སྤྲུལ་པའི་སྐུ། །མི་མཐུན་ཉེར་འཚེའི་ཚོགས་ལས་རབ་གྲོལ་ནས། །ཞིང་འདིར་རྟག་པར་གཡོ་མེད་འཚོ་གཞེས་ཤོག །གཞན་དོན་ཕྲིན་ལས་ཡར་ཟླ་ལྟར་འཕེལ་ཞིང་། །སྒྲུབ་བརྒྱུད་རིང་ལུགས་དར་ཞིང་རྒྱས་པ་དང་། །དགེ་འདུན་ཐུགས་མཐུན་ཆོས་སྤྱོད་བཅུ་དང་ལྡན། །སྐྱེ་དགུ་བདེ་


SPN003_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་དཔལ་གྱིས་དགེ་གྱུར་ཅིག །པད་སྙིང་སྐྱེ་སྤྲུལ་ཡུན་འཚོར་གང་དེའི་དབོན་རིགས་ནས་བསྐུལ་ལྟར་སྤེལ། །དུས་གསུམ་རྣམ་འདྲེན་ཐུགས་རྗེའི་སྒྱུ་འཕྲུལ་ལས། །ཡོངས་ཤར་སྤྲུལ་པའི་གཟུགས་སྐུའི་རྣམ་པར་རོལ། །འགྲོ་བའི་མགོན་དུ་བསྙེལ་མེད་ཕྲིན་ལས་ཅན། །བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་འཚོ་གཞེས་གསོལ། །འཕགས་ཆེན་བྱང་ཆུབ་སྤྱོད་པའི་རང་བཞིན་གྱི། །སྙིང་སྟོབས་གོ་ཆ་མཆོག་ཏུ་དཔའ་བ་ཡིས། །སྙིགས་དུས་གདུལ་བྱར་འཚམས་པའི་དམ་ཆོས་ཀྱི། །སྨིན་གྲོལ་སྟོན་བཞིན་བསྐལ་བརྒྱར་ཞབས་བརྟན་གསོལ། །དོན་དམ་འཕོ་མེད་རྟག་བདེའི་རང་བཞིན་ཀྱང་། །སྣང་ཚུལ་གཞན་རྐྱེན་དྲི་མ་རིང་སྤངས་ཞིང་། །རྡོ་རྗེ་ཆོས་བདུན་ངོ་བོར་ལྷུན་གྲུབ་ནས། །འཚོ་གཞེས་བཞེད་དོན་ཇི་ལྟར་འགྲུབ་གྱུར་ཅིག །ཅེས་དམ་པ་གཞན་ལའང་མཚན་གྱི་ཁ་བསྒྱུར་བདེ་ཁྱད་ཅན་དུ། ཀརྨ་ཆོས་མཆོག་ནས་བསྐུལ་ལྟར་སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ། །ཕྱོགས་བཅུའི་རྒྱལ་ཀུན་ལྷ་ལམ་ཁྱོན་ཡངས་པོར། །མི་བཟད་བྱིན་རླབས་འོད་སྟོང་འཆར་བའི་མཐུས། །དེང་འདིར་གང་དེའི་གསང་གསུམ་དགའ་ཚལ་གྱི། །ལེགས་བྱས་འདབ་བརྒྱ་རྣམ་ཀུན་གྲོལ་གྱུར་ཅིག །སྤངས་རྟོགས་ཡོན་ཏན་གེ་སར་འཛུམ་ཕྲེང་རྒྱས། །རྒྱལ་བསྟན་སྐྱོང་བའི་ལྷག་བློའི་རྩ་བ་བརྟན། །ཡིད་ཅན་འཚོ་བའི་དཔལ་གྱིས་གང་བཞིན་པར། །དུས་ཀྱི་ཉེར་འཚེ་རིང་དུ་བསྲིང་གྱུར་ཅིག །ཆོས་དབྱིངས་དོན་དམ་བདེན་


SPN003_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆོས་ཅན་གྱི། །ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་བདེན་པས། །ཇི་ལྟར་སྨོན་པའི་འབྲས་གང་ཡོངས་འགྲུབ་ནས། །དགེ་འདུན་སྡེ་རྒྱས་འཇིག་རྟེན་བདེ་ལེགས་ཤོག །ཅེས་གྲུབ་ཚ་བླ་ཆོས་ཀྱི་ངོར་སི་ཏུ་པས་སྤེལ་བ་དགེ། །ༀ་སྭ་སྟི། གདོད་ནས་ཡེ་ཤེས་ལྔ་བདག་ཚེ་འོད་མགོན། །དབྱེར་མེད་སངས་རྒྱས་པད་སྐྱེས་མཐུ་སྟོབས་ཀྱི། །ཐུགས་རྗེའི་སྣང་བྱེད་གང་འདིར་རབ་གསལ་ནས། །རྣམ་ཀུན་འཆི་མེད་ཚེ་དབང་རྒྱས་གྱུར་ཅིག །རྒྱལ་བསྟན་འཛིན་དང་ལུས་ཅན་ཕན་བདེའི་གཞི། །ཕྲིན་ལས་རྨད་བྱུང་དམ་པའི་རྣམ་ཐར་ལྡན། །སྤངས་དང་རྟོགས་པའི་ཡོན་ཏན་ཀུན་འབྱུང་གནས། །གསང་གསུམ་རྟག་བརྟན་རྡོ་རྗེ་ཡོངས་གྲུབ་ཤོག །སྟོང་ཉིད་གཞོམ་བྲལ་རང་བྱུང་གུར་ཁང་དབུས། །མ་བཅོས་དོན་དམ་འགྱུར་མེད་སྐུ་མངའ་བ། །ཡེ་གྲུབ་མི་ཤིགས་ངོ་བོར་འཚོ་གཞེས་ནས། །བཞེད་དོན་ཡིད་བཞིན་འདོད་འཇོའི་བཀྲ་ཤིས་ཤོག །ཅེས་བླ་མ་དཔལ་དགའི་ཞབས་བརྟན་འདི་བཞིན་ཀུན་དགའ་ཡེ་ཤེས་པས་བསྐུལ་བར་སྤེལ་བ་སརྦ་ཐཱ་མངྒ་ལ་ཤུ་བྷ་པུཥྚིཾ། །རྒྱལ་བ་སྟོབས་བཅུའི་མངའ་བདག་སངས་རྒྱས་དང་། །ཤེས་རབ་ཕར་ཕྱིན་ཞི་བ་ཆོས་ཀྱི་མཆོག །རིག་དང་གྲོལ་བའི་སར་གནས་འཕགས་ཚོགས་ཏེ། །རིན་ཆེན་རྣམ་གསུམ་ཐུགས་རྗེས་དེང་འདིར་སྐྱོངས། །དྲུག་པ་སེང་གེ་ཀརྨ་པར་གྲགས་པའི། །སྙིང་པོའི་རིང་ལུགས་གསལ་བྱེད་སྤྲུལ་པའི་སྐུ། །གསང་གསུམ་མི་མཐུན་


SPN003_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་འཚེ་ལས་རྒྱལ་ནས། །བསྟན་ལ་བྱ་བ་བྱེད་པའི་དཔལ་ཐོབ་ཤོག །འབྲེལ་ཚད་གདུལ་བྱར་ཕན་བདེའི་ཕྲིན་ལས་དང་། །རང་དོན་ཐོས་བསམ་སྒོམ་པར་དབང་སྒྱུར་ཞིང་། །བཞེད་དོན་རྣམ་དག་ལྷུན་གྱིས་གྲུབ་གྱུར་པའི། །དགེ་ལེགས་ཡོངས་འདུའི་བཀྲ་ཤིས་རབ་རྒྱས་ཤོག །ཅེས་པའང་གནས་སྒོ་སྤྲུལ་པའི་སྐུར་དགེ་བའི་ཤིས་བརྗོད་འདི་བཞིན་བླ་མ་གཞན་ཕན་རྒྱ་མཚོས་བསྐུལ་ངོར་སྤེལ་བ་དགེ། །ༀ་སྭ་སྟི། དཔལ་ལྡན་སྟོབས་བཅུའི་མངའ་བདག་རྫོགས་སངས་རྒྱས། །བརྒྱད་ཁྲི་བཞི་སྟོང་འབྱུང་གནས་དམ་པའི་ཆོས། །ལུང་རྟོགས་ཡོན་ཏན་གཏེར་མངའ་རིག་གྲོལ་སྡེ། །བླ་མེད་མཆོག་གསུམ་རྒྱལ་བས་དེང་འདིར་སྐྱོངས། །གང་སྔོན་བྱང་ཆུབ་བརྙེས་པར་གྱུར་མོད་ཀྱང་། །འགྲོ་ལ་བརྩེ་ཆེན་དགོངས་ཟབ་མ་སྨད་པས། །གཞན་དྲིང་མི་འཇོག་སྙིང་རྗེའི་ཐབས་ཚུལ་གྱིས། །གཟུགས་སྐུར་བསམ་བཞིན་བཞེངས་གང་རྒྱལ་གྱུར་ཅིག །གསང་གསུམ་རྟག་བརྟན་བདེ་བ་ཆེན་པོའི་ངང་། །ལྷུན་གྲུབ་གཞན་རྐྱེན་དང་བྲལ་ཕྲིན་ལས་ཀྱིས། །རྒྱ་མཚོའི་གོས་ཅན་ཡོངས་ཁྱབ་རྣམ་པ་ཀུན། །བདེ་ལེགས་དཔལ་འབར་ཕྱོགས་ལས་རྣམ་རྒྱལ་ཤོག །ཅེས་པའང་གྲུབ་པའི་དབང་ཕྱུག་དམ་པ་ས་ཐམ་བླ་མ་དབང་རྒྱལ་རིན་པོ་ཆེའི་སྤྲུལ་སྐུ་འཁྲུལ་མེད་ཀརྨ་རྒྱ་མཚོ་བདེ་ལེགས་དཔལ་འབར་ཕྱོགས་ལས་རྣམ་རྒྱལ་ཞེས་པར་ཡུན་འཚོའི་ཤིས་བརྗོད་དུ་སི་ཏུ་པས་སྤེལ་བ་ཤུ་བྷ་མ སྟུ་སརྦ་ཛ་ག་ཏཾ། །སྐུ་གསུམ་སྟོན་པ་མཆོག་གི་རྣམ་པར་


SPN003_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ། །མཁས་དང་གྲུབ་པ་ཡོངས་ཀྱི་འཁོར་ལོས་སྒྱུར། །རྣལ་འབྱོར་དབང་ཕྱུག་རྗེ་བཙུན་ཨ་རཱ་གའི། །ཐུགས་རྗེ་ཆེན་པོས་གང་འདིར་སྐྱོང་གྱུར་ཅིག། མགོན་ཁྱོད་བསྟན་དང་འགྲོ་ལ་རྗེས་བརྩེའི་མཐུས། །འཁོར་བ་སྲིད་དུ་སྤྲུལ་པའི་རོལ་རྩེད་ཀྱིས། །ངེས་གསང་བསྟན་སྤེལ་གདུལ་བྱ་སྨིན་གྲོལ་ལམ། །འགོད་མཛད་མཆོག་གི་རྣམ་རོལ་ཞབས་བརྟན་གསོལ། །འཁོར་ལོ་གསུམ་གྱི་བསྟན་པའི་རྩ་ལག་དང་། །སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་འཛིན་སྤེལ་སྐྱོང་། །གཞན་དྲིང་མི་འཇོག་སྔོན་སྨོན་ཐུགས་བསྐྱེད་སྟོབས། །དེང་འདིར་ཡོངས་སྨིན་མཛད་ཕྲིན་ལྷུན་གྲུབ་ཤོག །ཅེས་པའང་སི་ཏུ་པདྨའི་མིང་ཅན་གྱིས་གང་དེའི་བླ་མཆན་སྤྲུལ་སྐུ་དང་དབོན་པོ་མཛོད་པ་སོགས་ཀྱི་བཞེད་ངོར་སྤེལ། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །སྒྱུ་འཕྲུལ་རྣམ་པར་རྒྱལ་མ་ལྷ་མོའི་སྐུ། །ཐུགས་རྗེ་ཚད་མེད་ཡིད་བཞིན་འཁོར་ལོ་ཡི། །བྱིན་རླབས་འཆི་མེད་བདུད་རྩིའི་གྲུ་ཆར་རྒྱུན། །གང་འདིར་སིམ་པའི་ལེགས་བྱས་དཔལ་དེ་ཡིས། །མི་ཤིགས་དྭངས་མ་རྡོ་རྗེའི་སྐུ་བརྙེས་ཤིང་། །བསླབ་གསུམ་རྒྱུད་སྨིན་ཐོས་སྒོམ་མཐར་ཕྱིན་ནས། །བསྟན་དང་འགྲོ་དོན་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་སི་ཏུ་པདྨའི་མིང་ཅན་གྱིས་མི་འགྱུར་རྡོ་རྗེའི་སྤྲུལ་སྐུ་གསར་བཞད་ལ་ཀརྨ་གསང་སྔགས་བསྟན་འཛིན་བཟང་པོ་ཞེས་པའི་མཚན་དང་ཡུན་འཚོའི་བདེན་ཚིག་གང་དེའ་ིདབོན་སྤྲུལ་ཀརྨ་རབ་སྒྲུབ་ཀྱིས་བཞེད་ལྟར་སྤེལ་བ་དགེ། །


SPN003_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མེད་བདེ་ཆེན་ཐིག་ལེར་དངོས་ཀུན་གྱི། །དྲྭ་བ་སྡོམ་པ་ལྷན་སྐྱེས་བཅོམ་ལྡན་འདས། །རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེར་རོལ་པའི། །སྒྱུ་འཕྲུལ་ུའགྲོ་བློའི་གྲངས་སྙེད་བསྟན་པ་ལས། །གནོད་གནས་དབང་པོས་སྐྱོང་བའི་ལྗོངས་ཀྱི་དཔྱིད། །བསོད་ནམས་རྡུལ་བརྩེགས་མཆོག་སྐུའི་ཟླ་གཞོན་གང་། །འཆི་མེད་གཉུག་མའི་ཆ་ཤས་རབ་རྫོགས་པའི། །འོད་སྣང་བསྟན་འགྲོའི་དཔལ་དུ་རྟག་འཆར་བས། །བསླབ་པ་གསུམ་དང་ཐོས་བསམ་སྒོམ་པ་ཡིས། །སྟོན་པའི་བསྟན་པ་ཆེས་ཆེར་སྤེལ་བ་དང་། །རྫོགས་ལྡན་དང་པོའི་དཔལ་འབྱོར་རྒྱ་མཚོ་ཡིས། །ལུས་ཅན་བདེ་དགར་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་པའང་སི་ཏུ་པདྨའི་མིང་ཅན་གྱིས་གཙང་ཆེན་མཆོག་གི་སྤྲུལ་པའི་སྐུ་ཟླ་གསར་བཞད་པའི་ཡུན་འཚོའི་ཆེད་དུ་བསྐུལ་བར་སྤེལ་དགེ་ཛ་ཡནྟུ། །ༀ་སྭ་སྟི། རྒྱལ་ཀུན་འདུས་ཞལ་རྩ་བརྒྱུད་བླ་མ་དང་། །ཡི་དམ་མཁའ་གྲོ་ཆོས་སྐྱོང་ཚོགས་རྣམས་ཀྱི། །ཐུགས་བསྐྱེད་བདེན་པ་ཟབ་མོས་སྤྲུལ་པའི་སྐུ། །བདུད་བཞིའི་གཡུལ་རྒྱལ་འཚོ་གཞེས་བརྟན་གྱུར་ཅིག །བསླབ་གསུམ་རྣམ་དག་རིན་ཆེན་རྒྱན་གྱིས་སྤྲས། །སྟོབས་བཅུའི་བདག་ཉིད་སྤོས་གླང་ཇི་བཞིན་པར། །སྒྲུབ་བརྒྱུད་བསྟན་པའི་ཁུར་འདེགས་ངལ་མེད་ཅིང་། །ཐོས་བསམ་སྒོམ་པ་མཐར་ཕྱིན་འཚོ་བརྟན་ཤོག །གཞན་དོན་སྙིང་རྗེའི་ཁྱུང་སྔོན་སྐྱེས་དྲངས་པའི། །རང་དོན་ཆོས་སྐུ་


SPN003_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་མའི་ཉིན་བྱེད་གང་། །མདོ་སྔགས་རིང་ལུགས་པད་ཚལ་བཞད་པའི་གཉེན། །ཡོངས་གྲུབ་གསང་གསུམ་གཞོམ་བྲལ་བརྟན་གྱུར་ཅིག །ཅེས་སི་ཏུ་པདྨའི་མིང་ཅན་གྱིས་གཏེར་སྒར་རྒྱལ་སྲས་སྤྲུལ་སྐུ་ཡུན་འཚོའི་ཆེད་དུ་དབོན་བླ་མ་ཀརྨ་ཚེ་རྒྱལ་ངོར་སྤེལ། །ཕྱོགས་བཅུའི་རྒྱལ་བའི་ཐུགས་རྗེའི་རང་གཟུགས་མཆོག །དཔལ་ལྡན་སངས་རྒྱས་མཚོ་སྐྱེས་རྣམ་པར་རོལ། །བསམ་བཞིན་སྐྱེ་བའི་སྒྱུ་འཕྲུལ་རྡོ་རྗེའི་གར། །ཞིང་འདིར་བསྐལ་བརྒྱར་འཚོ་གཞེས་བརྟན་གྱུར་ཅིག །བསྐལ་བཟང་སངས་རྒྱས་དྲུག་པ་སེངྒེའི་མཚན། །ཞིང་འདིར་ཀརྨ་ཀ་ཞེས་ས་གསུམ་དུ། །གྲགས་པའི་འོད་དཀར་ཅན་དེའི་རིང་ལུགས་གང་། །ཕྲིན་ལས་ཕྱོགས་མཐར་སྤེལ་བཞིན་འཚོ་གཞེས་གསོལ། །དཀོན་མཆོག་རྩ་གསུམ་བྱིན་རླབས་མཐུ་སྟོབས་དང་། །ཆོས་ཅན་ཆོས་ཉིད་རྟེན་འབྲེལ་བསླུ་མེད་ཀྱིས། །གསང་གསུམ་རྡོ་རྗེའི་ཆོས་བདུན་ངོ་བོ་རུ། །བསྟན་འགྲོའི་དོན་ཆེན་མཐར་ཕྱིན་བཀྲ་ཤིས་ཤོག །དཔལ་ལྡན་དཔའ་བོ་རིན་པོ་ཆེའི་མཆོག་སྤྲུལ་ཞབས་བརྟན་དུ། དབོན་བསོད་ནམས་ཐོགས་མེད་ནས་བསྐུལ་ངོར་སྤེལ་བ་ཛ་ཡ། །རྒྱལ་མཆོག་འཇིག་རྟེན་དབང་ཕྱུག་ཀརྨ་པའི། །ཕྲིན་ལས་རྒྱ་མཚོའི་གོས་ཅན་སྤེལ་བའི་ཕྱིར། །བྱང་སེམས་ཀུན་ཏུ་བཟང་པོའི་རྣམ་པར་རོལ། །གང་ཁྱོད་གསང་གསུམ་འཚོ་གཞེས་བརྟན་གྱུར་ཅིག །མཁྱེན་པས་ཤེས་དང་ཤེས་བྱ་ཐུགས་སུ་ཆུད། །བརྩེ་བས་སྙིགས་


SPN003_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གདུལ་བྱ་རྗེས་སུ་འཛིན། །ནུས་པས་མི་སྲུན་བདུད་སྡེ་ཕ་མཐར་བསྐྲད། །དམ་པའི་སྐྱེས་མཆོག་བསྐལ་པར་འཚོ་བརྟན་གསོལ། །ཁྱད་པར་ངེས་དོན་སྙིང་པོའི་ཆོས་སྒོ་ཡིས། །འགྲོ་ཁམས་ལེགས་པའི་ལམ་མཆོག་སྟོན་བྱེད་པའི། །འཁོར་ལོ་བླ་ན་མེད་པ་བསྐོར་བཞིན་དུ། །སྟོན་མཆོག་རིང་ལུགས་ཤིང་རྟ་འདྲེན་གྱུར་ཅིག །རྒྱལ་ཚབ་ཕྱག་མཛོད་བཞེད་ལྟར་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་རྟེན་འབྱུང་ཆེད་དུ་སྤེལ་བ་དགེ། །རབ་འབྱམས་ཕྱོགས་བཅུའི་རྒྱལ་ཀུན་འདུས་པའི་སྐུ། །དཔལ་ལྡན་ཀརྨ་པ་ཡི་ངེས་དོན་གྱི། །རིང་ལུགས་ཆོས་ཀྱི་ཉི་མ་ཡོངས་འཆར་བ། །རྟག་པར་འཚོ་གཞེས་ཕྲིན་ལས་རྒྱས་གྱུར་ཅིག །སྙིང་པོའི་དོན་བརྒྱུད་བསྟན་གསལ་སྔོན་སྨོན་མཐུས། །འབྲས་བཟང་སྨིན་པའི་སྟོབས་ལས་གྲུབ་པ་ཡི། །འགྲོ་བའི་དཔལ་དང་དཔུང་གཉེན་གང་དག་རྣམས། །བར་ཆད་ཉེར་འཚེ་ལས་གྲོལ་འཚོ་བརྟན་ཤོག །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །དགེ་འདུན་རྣམས་ཀྱང་བསླབ་གསུམ་ཆོས་ལྡན་ཞིང་། །རྒྱལ་ཁམས་བདེ་ཞིང་མི་མཐུན་རྒུད་པ་ཞི། །བཀྲ་ཤིས་བདེ་ལེགས་ལྷུན་གྱིས་འགྲུབ་གྱུར་ཅིག །དྲུང་རམ་སྤྲུལ་སྐུ་གཉིས་ལ་ཡུན་འཚོ་ཁོ་པ་དམ་ཆོས་ངོར་སྤེལ། །རྡོ་རྗེའི་ཚེ་ལ་དབང་སྒྱུར་དཀྱིལ་འཁོར་ལྷ། །གཙོ་མཆོག་པདྨཱ་ཀ་རའི་མཁའ་ཀློང་ལ། །ཐུགས་རྗེའི་སྤྲིན་ཚོགས་འདུས་པའི་གྲུ་ཆར་གྱིས། །དེང་འདིར་འཆི་མེད་ཡོངས་གྲུབ་བྱིན་གྱིས་


SPN003_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །མཉམ་མེད་དྭགས་པོ་བཀའ་བརྒྱུད་རིང་ལུགས་ཀྱི། །འཛིན་སྤེལ་སྐྱོང་བའི་ཕྲིན་ལས་ཤིང་རྟ་པ། །ཀརྨ་ཡེ་ཤེས་བསྟན་པའི་ཉི་མ་མཆོག །བསྟན་དང་འགྲོ་དོན་སྤེལ་ཕྱིར་འཚོ་གཞེས་གསོལ། །སྔོན་ཚེ་གཞན་ཕན་བྱང་ཆུབ་ཐུགས་བསྐྱེད་ནས། །སྤྱོད་པ་རྨད་བྱུང་རྗེས་སུ་དགོངས་པ་ཡིས། །སྙིགས་ལྔའི་གདུལ་བྱར་ལྷག་པར་བརྩེ་ཆེན་གྱིས། །ཞིང་འདིར་འཚོ་གཞེས་བཞེད་དོན་ལྷུན་གྲུབ་ཤོག །ཁྲ་ལེགས་པའི་ཞབས་གྲས་ཕན་བདེའི་ངོར་སྤེལ། །དཔལ་ལྡན་མཚོ་སྐྱེས་རྒྱལ་བའི་ཟབ་གཏེར་འཆང་། །རིག་པ་འཛིན་དབང་ལ་ལི་ཏ་བཛྲ། །གང་འདུལ་སྤྲུལ་པའི་རོལ་རྩེད་ཡང་འཆར་བ། །བསྟན་འགྲོའི་མགོན་དུ་ཞིང་འདིར་འཚོ་གཞེས་གསོལ། །རྣམ་དག་བསླབ་གསུམ་ཡར་ངོའི་ཟླ་ལྟར་འཕེལ། །མི་མཐུན་མཁའ་ཡི་གླང་པོས་མ་གོས་པར། །རྒྱལ་མཆོག་ཕྱག་ན་པད་འཆང་ཀརྨ་པའི། །རིང་ལུགས་ཀུནྡའི་དགའ་ཚལ་རྒྱས་བྱེད་ཤོག །བསླུ་མེད་རྩ་གསུམ་ཐུགས་རྗེའི་འོད་སྟོང་གིས། །བར་ཆད་ཉེས་ཚོགས་ཁྲི་མུན་རྒྱང་བསྲིངས་ནས། །ཕུན་ཚོགས་ལྔ་ལྡན་དཔལ་ལ་དབང་འབྱོར་བའི། །སྣང་བ་དམ་པས་རྟག་པར་སྐྱོང་གྱུར་ཅིག །ཅེས་གཏེར་སྤྲུལ་ཡུན་འཚོའི་ཆེད་དུ་བན་དབོན་ཀརྨ་མཐར་ཕྱིན་ངོར་སྤེལ་བ་དགེ། ཛ་ཡནྟུ། །།སངས་རྒྱས་པདྨ་སྐྱེས་མཆོག་རྡོ་རྗེ་འཆང་། །ངོ་མཚར་རྣམ་རོལ་རྒྱལ་ཀུན་ཕྲིན་ལས་ཀྱི། །གསང་བའི་


SPN003_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་འཆང་གྲུབ་པ་ཨོ་རྒྱན་མཚན། །གང་གི་རང་བཞིན་བསམ་མི་ཁྱབ་པའི་འཕྲུལ། །རྣལ་འབྱོར་ཀརྨ་ཏིཥྛ་བསྟན་དང་འགྲོའི། །ཕན་བདེའི་སྣང་བ་སྤེལ་ཕྱིར་གསང་བ་གསུམ། །ཡེ་ཤེས་རྡོ་རྗེ་གཞོམ་བྲལ་རྟག་བརྟན་གྱི། །ངོ་བོ་ཉིད་དུ་ཡུན་རིང་འཚོ་གཞེས་ནས། །དམ་པའི་སྤྱོད་པས་མོས་ལྡན་སྨིན་ཅིང་གྲོལ། །ཐར་པའི་ལམ་བཟང་མཆོག་ལ་སྤྱོད་གྱུར་ཅིག །ཅེས་དབོན་པདྨ་མགོན་གྱི་གཡར་ངོར་སྤེལ། །ༀ་སྭ་སྟི། གདོད་ནས་འགྱུར་མེད་རང་བྱུང་ཡེ་ཤེས་རྩལ། །བདེ་ཆེན་ལྷུན་གྲུབ་ལོངས་སྤྱོད་ཡོངས་རྫོགས་པ། །སྒྱུ་འཕྲུལ་དྲ་བའི་རང་གཟུགས་སྣ་ཚོགས་ཀྱི། །ཕྲིན་ལས་གར་སྟོན་དཔལ་ལྡན་ཀརྨ་པ། །མཆོག་གི་རིང་ལུགས་ངེས་དོན་སྙིང་པོའི་བསྟན། །རྒྱལ་མཚན་སྲིད་རྩེར་བསྒྲེང་བའི་དཔལ་མངའ་བ། །བསམ་བཞིན་སྤྲུལ་པའི་ཟློས་གར་ཉི་ཟླ་ཟུང་། །གསང་གསུམ་རྡོ་རྗེའི་ཁམས་སུ་འཚོ་བརྟན་ཤོག །ཆོས་དབྱིངས་རྟག་པ་དོན་དམ་འཕོ་བྲལ་དང་། །གཞན་རྐྱེན་ཆུ་འཛིན་དྲི་མ་རྒྱང་བསྲིང་ནས། །བསྐལ་པར་འཚོ་བརྟན་བསྡུ་བཞི་ཆོས་བཅུ་ཡི། །སྣང་བས་ཀུན་གསལ་འཛམ་གླིང་རྒྱན་དུ་ཤོག །ཅེས་པའང་ཟུར་མང་གར་བསྟན་སྤྲུལ་པའི་སྐུ་ལྷན་རྒྱས་ཡུན་འཚོར་དབོན་བླ་མ་གཉིས་ནས་བསྐུལ་ངོར་སྤེལ། །འགྲོ་མགོན་པདྨཱ་ཀཱ་རའི་ཐུགས་རྗེའི་འོད། །ཉིན་བྱེད་ལྷ་དབང་རྡོ་རྗེ་རྩེ་བརྒྱ་པས། །མི་མཐུན་བདུད་བཞིའི་དཔུང་ཚོགས་གཞོམ་བཞིན་དུ། །སྒྲུབ་བརྒྱུད་བསྟན་


SPN003_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

པ༵་འཛིན་སྐྱོང་མཐར་ཕྱིན་པའི། །རྣམ་བཞིའི་ཕྲི༵ན་ལ༵ས་ར༵བ་རྒྱ༵ས་ཡོངས་གྲུབ་ཅིང་། །དམ་པའི་རྣམ་ཐར་ཟབ་མོའི་རྒྱུན་བསྐྱང་ནས། །ལུས་ཅན་འགྲོ་བའི་ཕན་བདེའི་རྩ་ལག་ཏུ། །རྟག་པར་འཚོ་བརྟན་འགྲོ་དོན་ལྷུན་འགྲུབ་ཤོག །དེ་ལྟར་རབ་དཀར་ལྷག་བློ་པུཎྜཱ་རི། །ཇི་བཞིན་མཆོག་གསུམ་ཐུགས་རྗེ་བསྐུལ་བའི་མཐུས། །སྨོན་པ་ཡོངས་གྲུབ་དགེ་འདུན་སྡེ་རྒྱས་ཤིང་། །སངས་རྒྱས་བསྟན་པ་རྒྱས་པའི་དཔལ་གྱུར་ཅིག །ཅེས་བློ་མཆོག་ངོར་སྤེལ་བ་དགེ། །སྭསྟི། སྟོན་པ་བདེར་གཤེགས་སྟོབས་བཅུའི་མངའ་བདག་མཆོག །ལུང་རྟོགས་ཡོན་ཏན་འབྱུང་གནས་དམ་པའི་ཆོས། །རིག་དང་གྲོལ་བའི་སར་གནས་ཚོགས་མཆོག་སྡེ། །བླ་མེད་དམ་པའི་ཐུགས་རྗེས་སྐྱོང་རྒྱུར་ཅིག །ངེས་གསང་རིང་ལུགས་དྲི་མེད་འཛིན་པའི་བདག །གང་དེའི་གསང་གསུམ་གཞོམ་བྲལ་གཡོ་མེད་པ། །བསྐལ་བརྒྱར་འཚོ་བརྟན་ཕྲིན་ལས་སྣང་བ་ཡིས། །རྒྱ་མཚོའི་གོ་ཅན་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་བྱ་བཏང་སྤྲུལ་སྐུར་སྡེ་བ་བསྟན་རྣམ་ངོར་སྨོན་ལམ་དུ་སྤེལ། །།ༀ་སྭ་སྟི། དུས་གསུམ་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད། །སྐུ་གསུམ་བདག་ཉིད་མཚོ་སྐྱེས་པདྨ་འབྱུང་། །རྩ་གསུམ་ཞི་ཁྲོའི་སྐུར་སྟོན་ལྷ་ཚོགས་ལ། །སྒོ་གསུམ་རྩེ་གཅིག་གསོལ་བཏབ་བདེན་པ་ཡིས། །འཆི་མེད་རྡོ་རྗེ་དྭངས་མའི་སྐུ་བརྙེས་ཤིང་། །རྣམ་དག་བསླབ་གསུམ་ལྗོན་པའི་རྩ་བ་བརྟན། །ཐོས་བསམ་སྒྲུབ་དང་


SPN003_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པའི་ལོ་འདབ་རྒྱས། །རིམ་གཉིས་མཆོག་གི་འབྲས་བཟང་མྱུར་སྨིན་ཤོག །འཕགས་ནོར་བདུན་དང་བསྡུ་བའི་དངོས་པོ་བཞི། །ཕར་ཕྱིན་དྲུག་ལྡན་རང་གཞན་དོན་མཐར་ཕྱིན། །ཞི་སོགས་རབ་འབྱམས་ཕྲིན་ལས་དབང་བསྒྱུར་ནས། །འགྲོ་ཁམས་རྒྱ་མཚོའི་དོན་ཆེན་ལྷུན་འགྲུབ་ཤོག །རྒྱལ་བསྟན་སྤྱི་དང་སྒྲུབ་བརྒྱུད་ངེས་དོན་གྱི། །རིང་ལུགས་རྒྱལ་མཚན་མི་ནུབ་སྲིད་རྩེར་བསྒྲེང་། །སྟོབས་དང་མི་འཇིགས་མ་འདྲེས་ཆོས་ལ་སོགས། །རྒྱུད་སྨིན་སྐུ་བཞིའི་གོ་འཕང་མངོན་གྱུར་ཤོག། སྐྱོ་བྲག་བསྟན་སྙིང་སྤྲུལ་སྐུ་ལ་ཡུན་འཚོའི་བཞེད་ལྟར་སྤེལ་བ་དགེ། །རྒྱལ་ཀུན་སྤྱི་གཟུགས་ཐོད་ཕྲེང་རྩལ། །རྒྱལ་བ་སྲས་བཅས་བྱིན་རླབས་ཀྱིས། །རྒྱལ་བསྟན་འཛིན་པའི་དབང་ཕྱུག་གང་། །རྒྱལ་མཆོག་ཚེ་འོད་མགོན་ཇི་ལྟར། །གང་ཞིག་བསྐལ་བརྒྱར་བརྟན་བཞུགས་འཚལ། །གང་དག་མི་མཐུན་ཉེར་ཞི་ཞིང་། །གང་གི་ཕྲིན་ལས་རྒྱ་མཚོའི་དཔལ། །གང་རྣམས་མི་ནུབ་རབ་རྒྱས་ཤོག། ཅེས་ཨུ་རྒྱན་ཚེ་དབང་གིས་བསྐུལ་ངོར་ཀརྨ་རྣམ་རྒྱལ་རྡོ་རྗེ་རབ་བརྟན་གྱི་བརྟན་བཞུགས་རྒྱུར་སི་ཏུས་བརྗོད་པ་དགེ། །།

ཏཱའི་སི་ཏུ་པདྨའི་ལྗགས་ལྡན་དང་པོ་རྗེ་པདྨ་ཉིན་བྱེད་དབང་པོའི་བཀའ་འབུམ་གྱི་དཀར་ཆག་ཡིད་འཕྲོག་བདུད་རྩིའི་གཏེར་མཛོད།


SPN003_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱའི་སི་ཏུ་པདྨའི་ལྗགས་ལྡན་དང་པོ་རྗེ་པདྨ་ཉིན་བྱེད་དབང་པོའི་བཀའ་འབུམ་གྱི་དཀར་ཆག་ཡིད་འཕྲོག་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།


SPN003_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་ཤྲི་ཡེ། པ༵དྨ༵འི་འདབ་ལྟར་ཡངས་པའི་སྤྱན་རས་དང་། །ལྷན་ཅིག་རང་བྱུང་ཡེ་ཤེས་གཟིགས་པ་ཡི། །དགེ་མཚན་ཉི༵ན་བྱེ༵ད་བྱེ་བའི་དཔལ་འབར་བ། །སྲིད་ཞིའི་རྣམ་འདྲེན་དབ༵ང་པོ༵་གང་དེར་འདུད། །ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་མངའ་ཐང་ལ། །བཟང་པོ་སྤྱོད་པའི་རྣམ་ཐར་རྒྱ་མཚོ་ཡིས། །རྟག་གནས་དོན་ཀུན་གྲུབ་པའི་བརྟུལ་ཞུགས་ནི། །ལྷུན་གྱིས་གྲུབ་པ་ཁྱོད་འདྲ་སྲིད་ན་དཀོན། །དེ་ཕྱིར་གདོད་ནས་དང་པོའི་སངས་རྒྱས་དང་། །གཉིས་སུ་མེད་པའི་བདག་ཉིད་ཆེན་པོ་སྟེ། །འདི་ན་བདེ་གཤེགས་བྱེ་བ་ཕྲག་བརྒྱ་ཡི། །སྤྱི་གཟུགས་ཉིད་དུ་ངེས་པ་ཅིས་མི་རྙེད། །དད་


SPN003_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

དང་གུས་པས་བསྙེན་རྣམས་ལྟ་ཅི་སྨོས། །སྐད་ཅིག་ཡིད་མཁར་ཤར་བས་ཀྱང་མཆོག་དངོས། །བདེ་བླག་ཉིད་འགྲུབ་དེས་ན་སྐལ་བཟང་གི། །འགྲོ་བ་ཕྱི་མཐར་ཐུག་པའང་འགོག་ཏུ་ཅི། །གང་དང་གང་ལ་ཕན་བདེ་ཁྱད་པར་ཅན། །སྲིད་མཐའི་བར་དུ་སྟེར་སླད་དོན་ཆེ་བ། །གང་གསུང་ཆོས་འཁོར་སླར་ལ་འདོད་འཇོའི་སྤྲིན། །མི་ཟད་དབྱིག་ཏུ་དེང་དུས་འཆར་འདི་རྨད། །ཐམས་ཅད་མཁྱེན་གཟིགས་ཏཱའི་སི་ཏུ་ཞེས་པའི་སྐྱེ་ཕྲེང་རྣམས་རྒྱལ་དབང་འཇིག་རྟེན་དབང་ཕྱུག་མཆོག་དང་ངོ་བོ་ཐུགས་རྒྱུད་དབྱེ་བ་མེད་པར་ཞལ་གྱིས་བཞེས་པ་ལྟར་ལ་རྣམ་པ་ཐུགས་སྲས་ཀྱི་ཐུ་བོའི་ཚུལ་བཟུང་ནས་བསྟན་འགྲོའི་དོན་


SPN003_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་པོ་ཆེ་མཛད་པའི་བདག་ཉིད་ཅན་ཏེ་དཔལ་ལྡན་དུས་གསུམ་མཁྱེན་པའི་སྐབས་སི་ཏུ་འགྲོ་མགོན་རས་ཆེན་ནས་བཟུང་དེང་བར་ཉི་མ་དང་ཟེར་བཞིན་སྐྱེ་བའི་ཕྲེང་བ་ལྷན་ཅིག་ཏུ་རྒྱུན་མི་ཆད་པ་བསྟར་བ་རྣམས་འཕགས་ཆེན་ཁོ་ནའི་རྣམ་ཐར་བྲི་གང་དང་བྲལ་བ་འཛིན་པ་ཤ་སྟག་མུ་ཏིག་བསྟར་ལ་བརྒྱུས་པ་དང་འདྲ་བ་ཚར་དུ་དངར་བའི་ཕུལ་དུ་བྱོན་པ་བྱུང་ཞིང་། ལྷག་པར་སངས་རྒྱས་ཀརྨ་པའི་ཕྲིན་ལས་འཛིན་པ་ལ་ཐུགས་བསྐྱེད་དང་སྨོན་ལམ་ཁྱད་པར་འཕགས་པ་ལྟ་བུས་ཐུགས་སྲས་རྒྱ་མཚོའི་ནང་ནས་གསང་གསུམ་མཛད་རླབས་དང་བཅས་པ་གང་ཅིའི་ཐད་སི་ཏུའི་སྐྱེས་རབས་རྣམས་དང་མཉམ་པ་འགའ་ཡང་མ་བྱུང་བ་འདྲ་སྟེ། སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱིས་རྒྱལ་དབང་ལྔ་པ་རྒྱ་ནས་ཡར་ཕེབས་ཀརྨའི་དགོན་དུ་བཞུགས་སྐབས་སྟོན་འཁོར་ཁྲི་ཚོ་མང་པོར་ཡུན་རིང་ཞབས་ཏོག་བསྙེན་བཀུར་འདོད་འཇོའི་ཆར་བཞིན་ཞུས་པ་ཙམ་ཁོ་ན་ཡང་གཞན་སུ་ལའང་བྱུང་སྐད་མི་འདུག་པ་སོགས་ཀྱིས་མཚོན་ནོ། །སི་ཏུ་བཀྲ་ཤིས་དཔལ་འབྱོར་ཉིད་རྒྱལ་དབང་ཆོས་གྲགས་རྒྱ་མཚོ་རང་གི་སྤྲུལ་སྐུ་ཡིན་པར་ཞལ་གྱིས་བཞེས་པས་མཚོན་རྒྱལ་དབང་རིམ་ཅན་ནས་རྟོགས་པ་དོན་གྱི་ཐུགས་རྒྱུད་དབྱེ་བ་མེད་པའི་དགོངས་བཞེས་ཐོག །མཐོང་གྲོལ་པདྨ་རཱ་གའི་ཅོད་པན་དབུར་བཅིངས་པ་ནས་བཟུང་སི་ཏུའི་སྐུ་ཕྲེང་རྣམས་རྒྱལ་དབང་རྣམས་


SPN003_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

དང་གདན་གཅིག་དང་། བཅུ་གཉིས་པ་བྱང་ཆུབ་རྡོ་རྗེས་ཀུན་མཁྱེན་ཆོས་འབྱུང་ལ་འཇའ་ས་དང་ཤེལ་ཐམ་གནང་པ་སོགས་ཞྭ་དམར་གྱི་མཚན་གཉིས་པ་འདྲ་མཉམ་དུ་བྱུང་བ་ལྟ་བུ་ནི། ཕྱིས་ཞྭ་དམར་དངོས་སྐུ་སྐྱེའི་སྤྲོས་པར་དགོངས་གཏད་མི་མཛད་པའི་རྗེས་སུ་ཞྭ་དམར་པའི་རྒྱལ་ཚབ་ཏུ་དོན་གྱིས་མངའ་གསོལ་བའི་རྟེན་འབྱུང་གི་གནད་དུ་ཡིན་པར་མངོན་ཏེ། དེང་སང་ཞྭ་དམར་ནག་གཉིས་ཞེས་མཚན་ལྷུར་ལེན་ཡོངས་སུ་གྲགས་པ་ལྟར་རོ། །གང་ལྟར་ཡང་གདན་ས་བར་མའི་འདུ་ཁང་ཆེན་མོའི་སྦུག་ཏུ་བཞུགས་ཁྲི་རྙིང་པ་མདུན་ཕྱོགས་བསྟན་ལ་བལྟས་ན་མཐོ་དམན་ཨན་ཙམ་ལས་མི་འདུག་པ་སྔར་ནས་ཡབ་སྲས་གསུམ་པོ་ཐོབ་ཐང་མཉམ་ཉིད་དུ་མཛད་སྲོལ་ཡོད་པ་འདྲའོ། །ཆོས་ཀྱི་འབྱུང་གནས་བར་ཀརྨ་དགོན་གྱི་བསྟན་བདག་ཏུ་བསྐོ་བཞག་མཛད་དོན་ལྟར་བཞུགས་པ་ཤ་སྟག་དང་། ཆོས་ཀྱི་རྒྱལ་མཚན་སྔ་མ་ལ་འཇམ་དབྱངས་གོང་མ་ཆེན་པོས་ལས་ལུང་གི་གཟེངས་བསྟོད་མཚན་གསོལ་གནང་བ་ནས། ཏཱའི་སི་ཏུ་ཞེས་པའི་མཚན་ཆགས་པ་ཡིན་འདུག་ཅིང་། དེ་ནས་བཟུང་སི་ཏུ་ཞེས་པའི་སྐྱེ་ཕྲེང་བསྒྲངས་པའི་སི་ཏུ་བརྒྱད་པ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ནི་འཁྲུངས་ཡུལ་གྱི་དབང་གིས་མེ་ཏོག་ཕོག་པའི་ལྷ་སྐལ་ཞེས་གདན་སར་བསླུར་མ་བཏང་བར་དབང་ཤུགས་ཀྱིས་ཆོས་རྒྱལ་


SPN003_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཚེ་རིང་ཞེས་གྲགས་པའམ། རྒྱལ་བས། ཆུ་བོ་གསེར་ལྡན་འབབ་པའི་འགྲམ། །རྒྱལ་པོ་བྱིས་པའི་མིང་ཅན་འབྱུང་། །ཞེས་ལུང་བསྟན་པའི་ལུང་དོན་དང་མཐུན་པར་མིང་བླ་དྭགས་བུ་ཞེས་འབོད་པ་དེ་ཉིད་ཀྱིས་བདག་བཟུང་མཛད་ཐོག་དགུང་ལོ་ཉེར་བརྒྱད་དུས་དཔལ་སྤུངས་དགོན་ཞེས་པའི་ལྷ་ཁང་དང་འབྲེལ་བའི་ཆོས་སྡེ་གསར་དུ་བསྐྲུན་ནས་དགེ་འདུན་གྱི་སྡེ་བཙུགས། ཡུལ་འབྲོག་གཉིས་ཆར་ནས་གྲྭ་རྩ་རྣམས་དང་རྣམ་དཀར་མཆོད་ཐེབས་རྩ་བ་ས་ཞིང་སྡེ་འཁོར་སོགས་ཤིན་ཏུ་རྒྱ་ཆེ་ཕུལ་སྦྱོར་སྟེང་གདན་ས་འདིར་བཞུགས་སུ་གསོལ་བ་སོགས་ཀྱི་མཐུན་རྐྱེན་བླ་མེད་དུ་མཛད་པས་བཀའ་བརྒྱུད་བསྟན་པའི་དོན་དུ་སྔོན་སྨོན་གྱིས་མཚམས་སྦྱར་བའི་མཆོད་ཡོན་ཐུན་མིན་གྱི་རྟེན་འབྲེལ་ལེགས་འགྲིགས་སུ་གྱུར་ཅིང་། དེ་ཡི་སྲས་བླ་ཆེན་ཕུན་ཚོགས་བསྟན་པ་ནས་ལྷག་པར་དར་རྒྱས་སུ་བཏང་བ་ཡིན་འདུག་པས་གཙོས་སྡེ་དགེ་ས་དབང་རིམ་བྱོན་ནས་ཞབས་འདེགས་སྲི་ཞུ་གང་སྨར་རྒྱུན་བསྲིངས་དེང་སང་བར་བྱུང་དང་འབྱུང་བཞིན་པ་བཅས། དཔལ་སྤུངས་དགོན་ཞེས་རྒྱ་བོད་ཧོར་སོག་གི་ལྗོངས་རྣམས་ཡོངས་སུ་གྲགས་པ་ཀར་དགོན་ཀུན་གྱི་འཆེལ་ས་བཤད་སྒྲུབ་ཀྱི་ཆོས་སྡེ་ཆེན་པོ་འགྲན་ཟླ་དང་བྲལ་བ་འདི་བྱུང་ངོ་། །འདི་ཉིད་སྤྲུལ་པའི་སྐྱེས་ཆེན་འགྲན་ཟླ་ཀུན་བྲལ་ཡིན་རྒྱུའི་ཡོན་ཏན་ངོ་


SPN003_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་བ་རྣམས་ནི་ཐུན་མོང་སྣང་ངོ་ལའང་སྐུ་བཙས་མ་ཐག་པ་ནས་འཕགས་མཆོག་དངོས་དང་མཚུངས་པ་བྱིས་པའི་སྤྱོད་ཡུལ་ལས་འདས་པ་ཕལ་ཆེར་ལྷན་སྐྱེས་སུ་མངའ་བའི་ཚུལ་བསྟན་མཛད་པ་སོགས་རྣམ་ཐར་གཞན་དུ་ཡོངས་གྲགས་ལྟར་ལས་མ་མཆིས་ཤིང་། །འཕགས་ཡུལ་གྱི་པཎྜི ཏའི་བག་ཆགས་ཐུགས་ལ་སད་པ་ལྟ་བུས་ལེགས་སྦྱར་གྱི་གཞུང་ལ་རང་སྟོབས་ཀྱིས་ལྷག་པར་མངའ་དབང་འབྱོར་ཞིང་། རྒྱ་གར་པའི་ཕལ་སྐད་རྣམས་སྔོན་གནས་རྗེས་དྲན་དུ་བྱུང་གསུངས་འདུག་པ་ལྟར་དང་བཅས་ཆོས་བསྒྱུར་བ་ལ་པཎྜིཏ་དང་ལོ་ཙཱ་གཉིས་འཛོམས་མི་དགོས་པར་རང་སྟོབས་ཀྱིས་གཙང་ཞིང་དག་པར་བསྒྱུར་བ་དང་། སྔར་བསྒྱུར་རིགས་འགྱུར་བཅོས་མཛད་པ་སོགས་ལ་གཞིག་ན་སྔོན་བྱོན་ལོ་ཙཱ་མང་པོ་བྱོན་རིགས་ཕལ་ཆེ་བས་འགྲན་དུ་མེད་པར་རིས་མེད་མཁས་གྲུབ་ཡོངས་ཀྱིས་མགྲིན་གཅིག་ཆེད་དུ་བརྗོད་པ་ལྟར་རོ། །རྒྱལ་མཆོག་བཅུ་གཉིས་པ་དང་། ཁྱད་པར་བཅུ་གསུམ་བདུད་འདུལ་རྡོ་རྗེའི་རིགས་བདག་གཅིག་པུར་གྱུར་ཅིང་། ཀར་བསྟན་ལ་འཕོ་འགྱུར་ཅུང་བྱུང་བའི་སྐབས། འཕགས་ཡུལ་བའི་མཁས་པ་སྒོ་དྲུག་སོགས་དང་འདྲ་བའི་མཚན་དང་སྙན་གྲགས་ནོར་འཛིན་ཡངས་པའི་ཁྱོན་རྣམས་སུ་རླུང་ལྟར་རྒྱུ་བས་རྒྱ་བོད་སོག་གསུམ་སོགས་ཀྱི་ལྗོངས་ཀུན་


SPN003_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བླ་ཆེན་དཔོན་ཆེན་ཆེ་རྒུ་ཀུན་གྱི་དབུས་མཆོག་དམན་སེར་སྐྱ་མཐའ་དག་རྣམ་ཐར་ཡོན་ཏན་གྱི་ཆེ་བས་དད་གུས་ཀྱི་ལམ་དུ་དབང་བསྒྱུར་དུ་བྱུང་བ་ཉག་གཅིག་ལ་བརྟེན། ཐབས་མཁས་ཐུགས་རྗེ་གཞན་དྲིང་མི་འཇོག་པས་མཚམས་སྦྱར་ནས། ཀརྨ་ཀཾ་ཚང་གི་བསྟན་པའི་མེ་རོ་རྨང་ནས་གསོ་བའི་ཕྱག་རྗེས་འགྲན་ཟླ་དང་བྲལ་བས་ན་སྙིང་པོའི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བར་གྱུར་པ་སྟེ། བླ་སློབ་ནང་མའི་བཀའ་འགྲོས་ཐོག་ཀཾ་ཚང་སྟོན་བསྟན་ཁོ་ནའི་ཆེད་དུ་ནམ་སྙིང་རྣམ་འཕྲུལ་རིག་འཛིན་ཚེ་དབང་ནོར་བུ་ཞལ་ཚབ་ཏུ་དབུས་ཕྱོགས་སུ་ཕེབས་ཏེ་སྐུ་ཚེ་རིལ་པོར་རྒྱུན་བཞུགས་མཛད་ནས་མཁས་གྲུབ་ཀྱི་གཟི་བརྗིད་མེ་ལྟར་འབར་བས་བོད་ཁམས་ཀུན་དབང་དུ་བསྡུས་ནས་གོང་བཀུར་མཆོད་འོས་སུ་བྱུང་སྐབས་ཀར་བསྟན་ལ་ཞབས་འདེགས་ཤིན་ཏུ་གོང་ལེགས་སྟེང་། མཐིང་དམར་ཅོད་པན་འཆང་བ་སྦུག་མཇལ་ནམ་བྱུང་སྐབས་གོང་ས་ལྷ་མིའི་གཙུག་རྒྱན་ཆེན་པོ་གསེར་ཁྲི་ལས་བཞེངས་ཏེ་ཐང་ཤད་ཀྱི་ཕྱག་ལེན་ཙམ་གནང་རྒྱུའི་གཟིགས་བཟོས་གཟེངས་བསྟོད་རྒྱུན་འཇགས་སུ་ཐོབ་བྱུང་བས་ཡབ་སྲས་ཟུང་གི་བསྟན་སྲིད་ལ་སྲི་ཞུ་ནི་ཕྱོགས་ལས་རྣམ་རྒྱལ་གྱུར་སོང་ངོ་ཞེས་རིག་འཛིན་དེ་ཉིད་ཀྱིས་རྗེ་ཆོས་འབྱུང་ལ་གནང་བའི་གསུང་ཕྲིན་ཕྱག་བྲིས་ངོ་མ་མིག་མཐོང་དུ་བྱུང་བ་སོགས་ཀྱིས་ཀྱང་དུ་བའི་རྟགས་


SPN003_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མེ་བཞིན་རྒྱུ་མཚན་མཚོན་ནུས་སོ། །སྤྱིར་སི་ཏུའི་སྐུ་ཕྲེང་རྣམས་བྱམས་པ་མགོན་པོའི་རྣམ་འཕྲུལ་ནི་ཡོངས་གྲགས་ལྟར་ལ། འཕགས་ཡུལ་གྱི་གྲུབ་པའི་དབང་ཕྱུག་ཌོམྦྷི་ཧེ་རུ་ཀ །བོད་ཡུལ་དུ་མར་པ་ལོ་ཙཱ་སོགས་དང་། དགོངས་འདུས་བཀའ་རྒྱ་མ་ལས། ཨོ་རྒྱན་ཆེན་པོ་པདྨའི་རྣམ་རོལ་ཆོས་ཀྱི་སྤྱན་ཅན་དྲུག་དང་། པདྨའི་ལྗགས་ལྡན་དྲུག་འབྲེལ་ཆགས་སུ་འབྱུང་བ་ལུང་དུ་བསྟན་པ་དང་། དམིགས་བསལ་རྗེ་འདི་རང་ཉིད་ཀྱི་སྔོན་གནས་རྗེས་དྲན་ལྟ་བུ་འགའ་ཞིག །ཤྲཱི་སིདྷ། ལོ་ཙཱ་བ་འདན་མ་རྩེ་མང་། སྤང་མཁན་ཆེན་འོད་ཟེར་བླ་མ་སོགས་གསལ་བར་བྱུང་འདུག་ཅིང་། གཞན་ཡང་ཡོངས་དགེ་མི་འགྱུར་རྡོ་རྗེས། ས་སྐྱ་པཎ་ཆེན། བོ་དོང་འཇིགས་བྲལ། ཇོ་ནང་རྗེ་བཙུན། རྔོག་ལོ་ཆེན་པོ། རྗེ་ཙོང་ཁ་པ་སོགས་ཀྱི་སྐུ་སྐྱེ་ཡིན་ཚུལ་ཡང་ཡང་ཞལ་ནས་གསུངས་པ་དང་། དབུས་ནས་རྒྱ་ནག་ཏུ་འགྲོ་བའི་མཁན་ནང་ཞིག་བུད་མེད་སོགས་ཀྱིས་ཇ་ཆང་གིས་སྐྱེལ་ནས་བཞད་འཐེན་གྱིས་གཤར་ཡོང་བ་དང་འཕྲད་ནས་བཞད་ཀྱི་གླུ་རྟ་འདི་གདངས་ཞིག་ལ་སྦྱར་ན་རུང་ངོ་སྙམ་ནས་གྲོ་ལོད་སྤྱན་འདྲེན་སོགས་ལ་སྦྱར་དགོས་དགོངས་ཏེ་ཐུགས་ལ་གསལ་འདེབས་སྐབས་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་གང་བའི་གྲོ་ལོད་ཀྱི་སྐུ་ཆེ་ཕྲ་དུ་མའི་ཞལ་གཟིགས། མཚུར་ཕུ་གུང་གི་


SPN003_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲོད་དུ་སྒྲོལ་དཀར་ལྗགས་བསྙེན་མཛད་སྐབས་སྒྲོལ་དཀར་གྱི་ཞལ་གཟིགས། དཔལ་སྤུངས་དགུ་གཏོར་གྱི་གྲལ་དབུར་བྱོན་ནས་མགོན་པོའི་གདན་འབུལ་སྐབས་ཤིག་མགོན་པོ་བེར་ནག་གསལ་བར་མཇལ་རྒྱུ་དང་དཔལ་འཁོར་ལོ་བདེ་མཆོག་གི་སྐུ་གཟུགས་ཤིན་ཏུ་ཆེ་བ་གསལ་བར་མཇལ་རྒྱུ་བྱུང་འདུག་པ་སོགས་ནི་ཆ་ཤས་ཙམ་མོ། །ཙཱ་རི་རྩེ་སྐོར་ལ་ཕེབས་དུས་ས་རྡོ་རི་བྲག་སོགས་ཡུལ་ཁམས་དང་དེར་ཡོད་མི་ཐམས་ཅད་སྟོང་གཟུགས་འཇའ་འོད་ཀྱི་རང་བཞིན་དུ་གཟིགས། དབུ་མ་སོགས་གསན་བསམ་ཁོང་ནས་རྒྱུད་བླ་གསན་ནུབ་འཕགས་པ་ཐོགས་མེད་ཡིན་སྙམ་པའི་ལྷའི་རྣམ་པ་ཞིག་གསལ་བར་མཇལ་བའི་ཉམས་སྣང་བྱུང་བ་ལ་བརྟེན། དགོན་འདི་ལ་ས་ལ་སྤྱོད་པའི་དགའ་ལྡན་ཡིད་དགའ་ཆོས་འཛིན་ཞེས་བའི་མིང་དུ་བཏགས་པ་ཡིན་གསུངས་འདུག །བླ་མའི་གཙོ་བོ་ཞྭ་དམར་བརྒྱད་པ། རིག་འཛིན་ཚེ་དབང་ནོར་བུ་སོགས་དང་། སློབ་མའི་གཙོ་བོ་རྒྱལ་དབང་བཅུ་གཉིས་པ་དང་། བཅུ་གསུམ་པ། ཞྭ་དམར་བཅུ་པ། རིག་འཛིན་ཆེན་པོ་དང་། ཀར་འབྲུག་ཡོངས་རྫོགས་ཀྱི་བསྟན་འཛིན་གྱི་སྐྱེས་བུ་ཡོད་དོ་ཅོག་དང་། ས་དགེ་རྙིང་སོགས་ཀྱི་བསྟན་འཛིན་དགེ་བཤེས་དཔག་ཏུ་མེད་པ་རྣམས་སོ། །སྦྱིན་བདག་གི་གཙོ་བོ་ལུང་ནས་ཟིན་རིགས་མི་དབང་བསོད་ནམས་སྟོབས་རྒྱལ། སྡེ་དགེ་


SPN003_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་མགོན་པོ། ཆོས་རྒྱལ་བསྟན་པ་ཚེ་རིང་། ཆོས་རྒྱལ་ཤཱཀྱ་རྒྱལ་མཚན་སྐུ་མཆེད་ཡབ་སྲས་རྣམས་དང་། རྡོ་སྟོད་སྨད་ཀྱི་དཔོན་ལ་སོགས་པའོ། །ཆོས་ཀྱི་འབྱུང་གནས་ཀྱི་སྤྲུལ་པའི་སྐུ་དེ་མ་ཐག་པ་སི་ཏུ་དགུ་པ་རྗེ་པདྨ་ཉིན་བྱེད་དབང་པོ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཕྱི་ནང་གསང་བའི་རྣམ་པར་ཐར་པ་ནི་བསམ་གྱིས་མི་ཁྱབ་ཀྱང་། རྣམ་ཐར་གསོལ་འདེབས་ཚིགས་བཅད་ལོ་ཆེན་གྱིས་མཛད་པ་ཞིག་དང་། འཇམ་མགོན་རིན་པོ་ཆེས་གཏེར་བརྒྱའི་རྣམ་ཐར་གྲས་སུ་ས་བོན་ཙམ་སྨོས་པ་ལྟར་ལས། ཞིབ་ཏུ་ཡི་གེར་བཀོད་པ་སོགས་གང་ཡང་མཇལ་རྒྱུ་མི་འདུག །འདི་ཉིད་ཀརྨ་པ། ཞྭ་དམར། དཔའ་བོ་གསུམ་གྱིས་ངོས་འཛིན་མཛད། ཁྱད་པར་དཔའ་བོས། སློབ་དཔོན་པད་འབྱུང་ཆོས་དབྱིངས་ཡེ་ཤེས་ཀྱི་ཀློང་དུ་མཇལ་ནས། སྦྲ་སྒོ་ཤར་དུ་བསྟན་ཅིང་། །ལོངས་སྤྱོད་འགྲང་ལྟོགས་སྙོམས་པར། །བྱིས་པ་ཤིང་རྟ་ལོ་པ། །མགྲིན་རྩ་དུང་དཀར་དབྱིབས་འདྲ། །ལྟེ་ལྟག་སྨེ་བ་དམར་ནག །བརླ་གཡས་སྟག་རིས་ཡོད་དེ། །འཕགས་པའི་ས་ལ་བཞུགས་པའི། །བྱང་ཆུབ་སེམས་དཔའ་ཆེན་པོའི། །རྣམ་འཕྲུལ་ཆོས་ཀྱི་འབྱུང་གནས། །འཁྲུལ་མེད་སྤྲུལ་སྐུ་ཉིད་དོ། །ཞེས་ལུང་བསྟན་པ་དང་རྗེ་


SPN003_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མའི་ཞལ་ཆེ མས་དང་ཡང་མཐུན་པར་ཡིད་ལྷུང་འབྲོག་སྡེའི་ནང་དུ་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས། ཞྭ་དམར་ཆོས་འགྲུབ་རྒྱ་མཚོས་ཁྲི་འདོན་སོགས་གནང་། དགོངས་འདུས་ལུང་བྱང་ཆོས་འབྱུང་ཡན་ཆོས་ཀྱི་སྤྱན་ཅན་དྲུག་རྫོགས་ནས། རྗེ་འདི་ཉིད་པདྨའི་ལྗགས་ལྡན་དང་པོར་ངེས་པས་པདྨ་དབང་ཆེན་ཞེས་པའི་མཚན་དང་དཔའ་བོས་ཀྱང་དག་སྣང་དུ་དེ་བཞིན་གསལ་བ་ལྟར། དཔལ་ལྡན་འགྱུར་མེད་བསྟན་འཛིན་ཕྱོགས་ལས་རྣམ་གྲོལ་པདྨ་ཉིན་བྱེད་དབང་པོའི་སྡེ་ཞེས་པའི་མཚན་གྱི་ཅོད་པན་བཅིངས་། གཏེར་ཆེན་བདུད་འདུལ་བའི་མ་འོངས་སྤྱི་ལུང་དུ། ཡིད་ལྷུང་ཕྱོགས་ནས་པདྨའི་མིང་ཅན་འབྱུང ༔ ཞེས་པའི་མིང་དང་ཤུགས་ཀྱིས་འགྲིགས་པར་གྱུར། རྒྱལ་དབང་བཅུ་གསུམ་པ་ལས་རབ་བྱུང་གསན་སྐབས། དཔལ་ལྡན་བསྟན་འཛིན་ཉིན་བྱེད་ཕྲིན་ལས་ཀུན་ཁྱབ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་པའི་མཚན་གནང་། རྒྱལ་བ་དེ་ཉིད་དང་། ཞྭ་དམར་ཆོས་འགྲུབ་རྒྱ་མཚོ། འབྲུག་ཆེན་ཀུན་གཟིགས་ཆོས་ཀྱི་སྣང་བ། གར་དབང་ཆོས་སྐྱོང་འགྱུར་མེད། འཛི་སྒར་བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ་སོགས་བླ་མར་བསྟེན་ཅིང་། གཙོ་བོར་རྗེ་བདུད་འདུལ་རྡོ་རྗེ་རྩ་བའི་བླ་མར་འཛིན། དེ་རྣམས་ལས་བཀའ་བརྒྱུད་ཀཾ་ཚང་གི་སྨིན་གྲོལ་ཡན་ལག་དང་བཅས་པའི་རྒྱུན་ཅི་མཆིས་


SPN003_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འབྲི་འབྲུག་སྟག་ལུང་ཤངས་པ་ཞི་བྱེད་བཀའ་གདམས་སྐོར། རྙིང་མ་བཀའ་གཏེར་གྱི་ཆོས་རྒྱུན་ཕལ་ཆེ་བ་སོགས་གྲུབ་མཐའ་རིས་མེད་ཀྱི་ཆོས་ལུགས་ཀུན་ལ་གསན་བསམ་རྒྱ་ཆེར་མཛད། ཁྱད་པར་སྡོམ་པ་གསུམ་གྱི་བཅས་ཁྲིམས་ཕྲ་མོ་ཙམ་ལས་ཀྱང་ནམ་ཡང་མི་འདའ་བའི་སྐུ་བཙུན་པའི་མཆོག་ཏུ་གྱུར། སྐྱེས་ཐོབ་ཀྱི་ཡོན་ཏན་འབད་མེད་དུ་སད་པའི་དབང་གིས་རིག་གནས་སྐོར་དང་། ལྷག་པར་མདོ་སྔགས་ཀྱི་གཞུང་ལུགས་ཀུན་ལ་མཁྱེན་པ་རྒྱས་པས་མཁས་པའི་ཕུལ་དུ་སོན། གཞན་ཡང་རྒྱ་དཀར་ནག་གི་ཡིག་རིས། སྐུ་བརྙན་གྱི་བྲི་བཀོད། གསར་རྙིང་རྒྱུད་སྡེ་རྒྱ་མཚོའི་ཕྱག་ལེན་གར་ཐིག་དབྱངས་རོལ་སོགས་ཤེས་བྱ་ཆེ་ཕྲ་མཐའ་དག་རང་བཞིན་གྱིས་མ་མཁྱེན་པ་གང་ཡང་མེད་པ་ངོ་མཚར་བའི་གནས་དང་། སྒོམ་བྱུང་གི་ཤེས་རབ་ཀློང་ནས་བརྡོལ་བས་འཆད་རྩོམ་རིགས་ལ་འཇིགས་པ་མེད་པའི་སྤོབས་པ་ཐོབ། མགྲིན་པའི་རྩ་མདུད་གྲོལ་བས་རྡོ་རྗེའི་མགུར་མ་ཐོལ་བྱུང་དུ་བླངས་པ་རྣམས་ལྷག་པར་ངོ་མཚར་ཆེ། བསྟན་འགྲོའི་དོན་ལ་གཅིག་ཏུ་གཞོལ་བའི་ཐུགས་བསྐྱེད་རླབས་ཆེན་དུ་མངའ་བས་བཟང་པོའི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ། ཀརྨ་པ་བཅུ་གསུམ་པས་ངེས་དོན་སྙིང་པོའི་བསྟན་པ་གཏད། བཅུ་བཞི་པའི་རིགས་བདག་གཅིག་པུར་ཕེབས། དབུས་


SPN003_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་ལན་གསུམ་བཞུད། གཞི་བྱེས་ཀུན་ཏུ་ཕྱོགས་འདུས་བགྲང་དུ་མི་ལངས་པ་ལ། རྟག་པར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བས་དུས་འདའ་བར་མཛད། སྟོད་མངའ་རིས་ནས་འཇང་རྒྱ་མཚམས་ཡན། རྡོ་སོག་ཚུན་བཀའ་བརྒྱུད་ཀྱི་བསྟན་པ་གང་མཆིས་ཉམས་པ་སོར་ཆུད། མ་ཉམས་གོང་འཕེལ་ཐོག །དགོན་སྡེ་གསར་བསྐྲུན་འགའ་ཞིག་དང་། དེ་དག་རྣམས་སུ་དབང་ལུང་ཁྲིད་གསུམ་སོགས་སྨིན་གྲོལ་ཆོས་ཀྱི་ཆར་པ་ཕབ་ཅིང་། བླང་དོར་བཅས་ཁྲིམས་ཀྱི་རིམ་པ་ལས་ནམ་ཡང་འདའ་བ་མེད་པའི་བཅའ་བཀོད་གཙང་བཙན་བསྟར། མཆོད་རྒྱུན་དང་སྒྲུབ་རྒྱུན་བརྒྱ་ཕྲག་མང་པོ་བཙུགས། སྐུ་གསུང་ཐུགས་གསུམ། མཆོད་ཆས་ཡོ་བྱད་སྐོར་སོགས་བགྲང་ཡས་སྤུས་ཁྱད་གྱ་ནོམ་ལྡན་པ་བསྟན་དགོན་ཆེ་ཆུང་གི་བབས་དང་བསྟུན་པའི་རྟེན་བཞག་ཤིན་ཏུ་རྒྱ་ཆེར་གནང་བས་མ་ཐེམ་པ་སུའང་མེད་པ་ལྟ་བུ་མངོན་སུམ་དུ་གྲུབ་པ་ལྟར་དང་། སྔ་ཕྱིར་དངུལ་འགྱེད་སྤོམ་མཐོ་ཁོ་ན་ལན་གསུམ་སོགས་ལན་མང་གནང་བས་མཚོན། རྟེན་བཞག་སོགས་མཛད་ཚུལ་བཀའ་འབུམ་ནང་ཐོ་ཙམ་འདི་རེས་འགའ་བ་ཞིག་སྟེས་དབང་གིས་ཡི་གེར་འཁོད་པ་མ་གཏོགས་དེ་ལས་རྒྱ་ཆེ་བ་ཕལ་ཆེར་མངོན་སུམ་མཐོང་ཆོས་སུ་གསལ་རུང་མཐའ་དག་ཡིག་


SPN003_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

རིས་སུ་བཀོད་རྒྱུའི་སྤྲོས་པ་ཆེད་གཏད་མཛད་སྲོལ་མེད་འདྲ་སྟེ་མདོར་ན་བློ་ཡི་རྭ་བ་ལས་འདས་པ་ལྟ་བུའོ། །སྤྱིར་རྒྱུན་དུ་རྟེན་བཞེངས་རྒྱ་ཆེ་ཁོར་མོ་ཡུག་ཏུ་མཛད་རིགས་རྣམས་ཀར་དགོན་བརྒྱ་དང་བརྒྱད་ཅུ་ཞེས་གྲགས་པའི་དགོན་ཁག་ལ་སོགས་པ་རྣམས་སུ་ཆེད་དུ་གནང་རྒྱུའི་སྤྲོས་པ་ལས་གདན་ས་འདིར་དགོས་འོས་གལ་ཆེ་འགའ་ཞིག་ལས་དམིགས་བསལ་རྒྱ་ཆེར་མཛད་པའི་བཞེད་སྲོལ་མེད་པ་ལྟ་བུར་གྲུབ་བོ། །དེས་ན་ཕྱི་དུས་བསྟན་པ་ཉམས་དམན་སྐབས་བཀའ་བརྒྱུད་བསྟན་པ་སྔར་ཡོད་རྣམས་ཕྱོགས་གང་དུ་ཡང་ཉི་མ་ནུབ་རིར་མ་ཕྱོགས་ཙམ་བྱུང་བ་འདི་སི་ཏུ་གོང་འོག་གི་བཀའ་དྲིན་ཐུགས་རྗེ་ཁོ་ན་ལ་རག་ལས་པ་སྟེ། དེ་ལྟ་བུ་རྒྱུ་མཚན་དུ་བྱས་ནས་དཔལ་སྤུངས་དགོན་འདི་བཀའ་བརྒྱུད་བསྟན་པ་རྒྱ་མཚོའི་ཆུ་མགོ་གཉིས་པ་ཁྱད་འཕགས་ཉིད་དུ་གྱུར་ཏོ་ཞེས་གྲགས་པ་དོན་ལ་གནས་པ་ཉིད་དོ། །གཙོ་བོར་དུས་དང་རྒྱུན་དུ་ཟབ་མོའི་རྣལ་འབྱོར་ཁོ་ན་ལ་གཞོལ་ཞིང་། ཉམས་བཞེས་ཀྱི་གཙོ་བོ་བདེ་ཕག །རྒྱལ་རྒྱམ། དཀོན་སྤྱི་སོགས་དང་། ཁྱད་པར་ཡི་དམ་སྙིང་པོ་སྒྲོལ་དཀར་ལ་མཛད། བློ་སྦྱོང་། ཆོས་དྲུག །ཕྱག་ཆེན། རྫོགས་ཆེན་ཁྲེགས་ཐོད་སོགས་ལ་རྟག་ཏུ་བརྩོན་ཅིང་བསྐྱེད་རྫོགས་ཀྱི་ཏིང་འཛིན་མཐར་ཕྱིན་པའི་སྒོ་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་སྟེ། དབང་རབ་ཀྱི་འབྲིང་


SPN003_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱི་ཚུལ་བསྟན། ཐུན་བཞི་བཅད་ཁྲིགས་ནམ་ཡང་ཐང་ལྷོད་མེད་ཅིང་། མཚན་མོར་ཡང་ཅུང་ཟད་རེ་མནལ་བ་ལས་ཕལ་ཆེར་གཉིད་སྤང་གི་བརྟུལ་ཞུགས་འཛིན་པ་སོགས་གདོད་ནས་སངས་རྒྱས་ཀྱང་ལམ་སྦྱོང་བའི་ཚུལ་སྟོན་གྱི་རིམ་པ་ཡང་དཔེ་ལས་འདས་པའི་ཐུགས་བརྩོན་གནང་ཞིང་། ཕྱིས་སུ་རྗེས་འཇུག་གདུལ་བྱ་རྣམས་མིག་ལྟོས་འདྲེན་སླད་དགུང་ལོ་རེ་གཅིག་ནས་བརྒྱད་ཅུའི་བར་སྒྲུབ་ཁང་ཆེན་མོར་ཐེམ་པ་མི་འདའ་བའི་སྤོང་བ་བསམ་གཏན་གྱི་འཁོར་ལོར་རྩེ་གཅིག་ཏུ་བཞུགས་པ་ཉིད་དོ། །རྣམ་ཀུན་གསོལ་འདེབས་རྗེས་དྲན་གྱི་ཡུལ་ནི་བླ་མ་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ་ཁོ་ན་ཡིན་པར་སྣང་སྟེ། རྗེ་བཅུ་གསུམ་པས། པདྨ་འབྱུང་གནས་ཐུགས་རྗེའི་སྟོབས་ཆེན་པོ། །མཆོག་གི་སྤྲུལ་སྐུ་པདྨ་ཉིན་བྱེད་ཞབས། །ཞེས་ཨོ་རྒྱན་ཆེན་པོའི་སྤྲུལ་པ་དངོས་ཡིན་རྒྱུར་གསུངས་པའི་བག་ཆགས་ཐུགས་ལ་འཁྱིལ་བའི་ཉེར་ལེན་གྱི་དབང་དུ་གྱུར་པས་སོ། །ཐུགས་སྲས་ཀྱི་གཙོ་བོ་ནི་དཔལ་ཀརྨ་པ་ཐེག་མཆོག་རྡོ་རྗེ། འབྲུག་ཆེན་རིན་པོ་ཆེ། དཔའ་བོ་གཙུག་ལག་ཆོས་རྒྱལ། ཏྲེ་ཧོ་སོགས་ཀར་འབྲུག་གི་སྐྱེས་ཆེན་མཐའ་ཡས་རྣམས་དང་། ནང་ཐུགས་ཀྱི་སྲས་ཟླ་བཟང་ངེས་དོན་བསྟན་པ་རབ་རྒྱས། ཁྱད་པར་དུ་རྒྱལ་བས་ལུང་བསྟན་ཛམ་གླིང་ཆོས་ཀྱི་ཤིང་རྟ་འཇམ་མགོན་ཀོང་སྤྲུལ་


SPN003_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་ཡོན་ཏན་རྒྱ་མཚོ་གཉིས་ཡིན་ལ། དེ་མཚུངས་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་ཕྱག་ཆེན་ཆོས་དྲུག་སོགས་སྨིན་གྲོལ་ཅི་རིགས་པ་གནང་། ཐུགས་གཏད་ཤིན་ཏུ་ཆེ། དོན་བརྒྱུད་བྱིན་གྱིས་བརླབས་པར་ཞལ་གྱིས་བཞེས། ཐུགས་སྲས་ཀྱི་མཆོག་ཏུ་གྱུར། གཏེར་རྙིང་སྐོར་འཆད་སྤེལ་དང་། ཕྱོགས་བསྡུ་བྱུང་ན་ལེགས་ཚུལ་བཀའ་ཕེབས་པའང་རིན་གཏེར་ཆེན་མོའི་ལུང་བསྟན་དོན་གྱིས་གནང་བ་མཐར་ཕྱིན་མངོན་དུ་གྱུར་པ་འདི་ལྟར་ཡིན་འཇམ་མགོན་རིན་པོ་ཆེས་གསུངས། གཞན་ཡང་རྙིང་ཕྱོགས་ཀྱི་བསྟན་འཛིན་རྣམས་དང་། རང་དགོན་དབོན་སྤྲུལ་གོང་འོག་རྣམས་དང་། དཔལ་ཡུལ་ཀརྨ་འགྱུར་མེད་སོགས་ཤིན་ཏུ་མང་ངོ་། །གྲུབ་པའི་ཡོན་ཏན་ནི། ཏེ་ལོ་ནཱ་རོ། མར་མི་དྭགས་གསུམ་སོགས་དང་མཉམ་ཡང་དགོངས་གཞི་དགོས་པའི་དབང་གིས་བཀའ་གདམས་པའི་དགེ་བཤེས་རྣམས་ཀྱི་རྣམ་ཐར་ལྷུར་ལེན་མཛད་སྟབས་རང་གི་ཡོན་ཏན་བུམ་ནང་གི་མར་མེ་ལྟར་སྦེད་ཅིང་གསང་བ་སྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་ཕྱི་ནང་སུས་ཀྱང་ཕྲ་མོ་ཙམ་ཡང་གཏིང་མི་དཔོག །སྐབས་འགར་རབ་གནས་ཟང་ཐལ་དུ་ཕེབས་ཤིང་། རྡོ་ལ་ཞབས་རྗེས། ཞབས་ས་ལ་མི་རེག་པ་སོགས་དང་། ཆུ་རྡོ་ནག་པོ་ལ་ཨ་དཀར་


SPN003_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

འབུར་དུ་དོད་པ་རྫུ་འཕྲུལ་གྱིས་རང་བྱོན་དུ་བརྐོས་པ་ཞིག་ད་ལྟ་སྒྲུབ་ཁང་གི་རྟེན་སྒམ་དུ་མཇལ་རྒྱུ་ཡོད་པ་སོགས་ཐུན་མོང་གི་སྤྱོད་ཡུལ་དུ་དེ་འདྲ་འགའ་ཞིག་བསྟན། ལྷག་པར་གཞན་སེམས་མཁྱེན་པ་སོགས་ཟག་མེད་ཀྱི་མངོན་ཤེས་ནི་སངས་རྒྱས་ལྟ་བུ་མཉམ་རྗེས་དབྱེ་བ་མེད་པར་རྒྱུན་ལྡན་མངའ་བ་ཡོངས་སུ་གྲགས་ཤིང་། སྤྲུལ་སྐུ་ངོས་འཛིན་གནང་རིགས་རྣམས་ཀྱང་འཁྲུལ་པ་དང་བྲལ་བ་བསྟན་པ་ལ་ཕན་ཐོགས་པའི་ཡོན་ཏན་ཁྱད་འཕགས་དང་ལྡན་པ་ཤ་སྟག་བྱུང་ངོ་། །ངེས་དོན་སྙིང་པོའི་བསྟན་པ་ཀརྨ་པ་བཅུ་བཞི་དང་། འཇམ་མགོན་བླ་མ་ཟུང་ལ་གཏད། བགྲང་བྱ་བརྒྱད་ཅུར་ཕེབས་པ་ན་གཞན་དོན་དུ་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་བསྟན་པའི་སྐབས། འདི་ལྟར། ནམ་མཁའ་སྤྲིན་དང་རླུང་སེར་རྡུལ་ཙམ་མེད་པའི་གཡའ་དག །ས་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པའི་རྟགས་སུ་ཡངས་པའི་ས་ཆེན་རྣམ་པ་དྲུག་ཏུ་གཡོས། སྐུ་སྤུར་བཞུགས་གདན་ལ་མ་རེག་པར་ཞག་བདུན་ཕྲག་ལྔའི་བར་དུ་བར་སྣང་ལ་ཏིང་ངེ་འཛིན་དུ་བཞུགས་ཤིང་། སྤུར་སྦྱོང་བའི་དུས་རྗེས་འཇུག་སློབ་ཚོགས་དང་། འཇིག་རྟེན་ལྷ་མི་ཀུན་གྱི་ཕྱག་མཆོད་རྟེན་དུ་དབུ་བུམ་རིལ་དུ་བྱོན་ཅིང་། དེ་ལ་གུ་རུ་རིན་པོ་ཆེའི་སྣང་བརྙན་ཟ་ཧོར་ལུགས་འབུར་དུ་དོད་པ། ལུགས་སུ་བླུགས་པ་ལྟ་བུ་


SPN003_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱོན་དུ་ཕེབས་པ་སོགས་ངོ་མཚར་དུ་མ་མངའ་བའི་འཕགས་ཆེན་དམ་པ་ཉིད་དོ་ཞེས་འཇམ་མགོན་རིན་པོ་ཆེས་ཡི་གེར་བཀོད་པའི་ཕྱག་བྲིས་ངོ་མ་མཇལ་དུ་བྱུང་བ་སོགས་ཡ་མཚན་མཐའ་ཡས་པ་ལགས་སོ། །རྗེ་འདི་ཉིད་ཀྱི་གཅུང་དཔའ་བོ་བརྒྱད་པ་སྟེ། ཟབ་གཏེར་སོགས་ཀྱི་བཀའ་བབས་ཤིང་དམ་པའི་སྐྱེས་བུ་འགྲན་ཟླ་བྲལ་བ་ཞིག་བཞུགས་པར་གྲགས་སོ། །རྗེ་པདྨ་ཉིན་བྱེད་དབང་པོའི་སྐུ་སྐྱེ་སི་ཏུ་བཅུ་པ་པདྨ་ཀུན་བཟང་ཆོས་ཀྱི་རྒྱལ་པོ་དེ་ཉིད་ནི་རྗེ་ཉིད་ཞིང་གཞན་དུ་ཕེབས་ཁར་ཐུགས་སྲས་རྣམས་ཀྱིས་གསོལ་བ་བཏབ་པ་བཞིན་བསྟན་འགྲོའི་དཔུང་གཉེན་དུ་ཡང་སྲིད་མྱུར་དུ་འབྱོན་པར་ཞལ་གྱིས་བཞེས། དེ་རྒྱལ་དབང་རིན་པོ་ཆེར་ཞུས་དང་ཐེ་ཚོམ་དང་བྲལ་བར་ཐག་ཆོད་པ་འབྱུང་ངོ་ཞེས་གསུངས་པ་ལྟར་བཅུ་བཞི་པ་ཐེག་མཆོག་རྡོ་རྗེས་ཟག་བྲལ་ཡེ་ཤེས་ཀྱི་གཟིགས་པར་སྐུ་འཁྲུངས་པའི་ཡུལ་དང་སྦྲ་ཁྱིམ་ཡབ་ཡུམ་གྱི་མཚན་དགུང་སྙིང་རིགས་རུས་བཅས་ས་ལེར་ཤར་བ་རང་བྱུང་རྡོ་རྗེའི་མགུར་མ་ཚིགས་སུ་བཅད་པ་མང་པོས་ལུང་བསྟན་པ་ངེས་གསལ་སོམ་ཉི་དང་བྲལ་བ་ནི་བྱང་གནམ་མཚོ་ཁར་ཤིང་ཕག་ལོར་འཁྲུངས་འདུག་པ་ངེས་རྙེད་གྱུར་ཏེ་ཐུགས་ཐག་བཅད་ནས་ངོས་འཛིན་མཛད། དུས་གསུམ་སྒྲིབ་བྲལ་དུ་མཁྱེན་ཅིང་སྔོན་གནས་རྗེས་དྲན་


SPN003_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ངོ་མཚར་བའི་ཡོན་ཏན་དུ་མ་མངའ། གཏེར་ཆེན་མཆོག་གླིང་གི་ཡེལ་ཕུག་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་ཀྱང་། ཐང་གི་ལྷ་ལ་གནམ་གྱི་མཚོ་ཡོད་པར། །ང་ཡི་སྤྲུལ་པ་ས་མནྟ་བྷ་དྲ། །ཤིང་ཕག་ལོ་ལ་འགྲོ་བའི་དོན་བྱེད་འབྱུང་། །ཞེས་སོགས་ཀྱི་ལུང་བྱང་དང་ཡང་ཇི་ལྟ་བ་བཞིན་དུ་འགྲིགས་པར་གྱུར་ནས་ཀུན་ཀྱང་ཡིད་ཆེས་ཀྱི་ཕུལ་དུ་གྱུར། རྗེ་ཉིད་སྐུ་གཤེགས་ཁར་ཐང་ལྷའི་ཞལ་ཐང་ནུབ་ནས་ཤར་དུ་ཡོང་པ་ཞིག་བྲི་དགོས་གསུངས་ནས་བྲི་རྒྱུ་མཛད་པའང་འདི་ལྟའི་རྟེན་འབྲེལ་གྱི་བརྡ་སྟོན་ཡིན་པར་གསུངས། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་སྟོན་འཁོར་མཚུར་ཕུར་གདན་ཞུས་སུ་ཆེད་ཕེབས་ཐོག་རིམ་པར་དཔལ་སྤུངས་དགོན་དུ་སྤྱན་དྲངས་པ་དང་ལྷན་ཅིག །ཀརྨ་པ་ཆེན་པོས་ཁྲི་ཁར་མངའ་གསོལ། སྐུ་ཆུང་ངུའི་དུས་ནས་མངོན་ཤེས་དང་རྫུ་འཕྲུལ་ཡ་མ་ཟུང་སྟོན་པ་ལ་ཐོགས་པ་མེད། རྒྱལ་དབང་རིན་པོ་ཆེའི་མདུན་ནས་རབ་བྱུང་བསྙེན་རྫོགས་གསན། རྣམ་ཀུན་སུམ་ལྡན་རྡོ་རྗེ་འཛིན་པའི་ཚུལ་དུ་བཞུགས། མཁན་ཆེན་བླ་མ་བཀྲ་ཤིས་འོད་ཟེར་ཡོངས་འཛིན་དུ་བསྟེན་ནས་བོད་བརྡ་སུམ་རྟགས་སོགས་དང་གཞུང་ལུགས་འགའ་རེ་གསན། ཀརྨ་པའི་མདུན་ནས་དོན་བརྒྱུད་ཀྱི་མན་ངག་སྙིང་པོར་དྲིལ་བ་རྣམས་དང་། འཇམ་མགོན་རིན་པོ་ཆེའི་མདུན་ནས་བཀའ་བརྒྱུད་སྔགས་


SPN003_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། རིན་ཆེན་གཏེར་མཛོད་སོགས་ཤིན་ཏུ་རྒྱ་ཆེན་དང་། ཀུན་གཟིགས་མཁྱེན་བརྩེའི་མདུན་ནས་དེ་བཞིན་དབང་ལུང་ཁྲིད་སོགས་མང་དུ་གསན། རིགས་བདག་གི་བླ་མ་མང་དུ་བསྟེན་ཀྱང་། གཙོ་བོར་ཀརྨ་པ་དང་འཇམ་མགོན་རྣམ་གཉིས་རྩ་བའི་བླ་མར་འཛིན། དགོན་འདིའི་ཚོགས་སྒོ་སྔར་ཡོད་དང་། གསར་སྤྲོས་ཀྱི་རིམ་པ། བཅའ་ཁྲིམས། སྒྲིག་ལམ་སྐོར་ཡར་འཕེལ་ཚགས་ཚུད་ཁོར་མོ་ཡུག་ཏུ་དཔེ་ཟླ་བྲལ་པར་མཛད། གཞན་ཁམས་བོད་ཀྱི་དགོན་ལག་མཐའ་དག་རྣམས་ལུགས་གཉིས་ཀྱི་སྒོ་ནས་གཟིགས་རྟོག་ཉམས་སྐྱོང་། ཉམས་གསོའི་ཐེབས་རྩ། ཕན་ཆ་སྦྱིན་སྒོ་སོགས་བསྟན་པ་ཉམས་མེད་ཡར་དར་ཡོང་བའི་ཐུགས་ཁུར་ཟབ་པ་ཁོ་ན་ལ་རྩེ་གཅིག་རྒྱུན་བརྩོན་གནང་། དབུས་ཕྱོགས་སུ་ལན་ཁ་ཤས་ཕེབས། གཏེར་ཁ་གསར་རྙིང་སྔ་ཕྱི་དུ་མ་ནས་པདྨའི་སྙིང་པོ་ཞེས་ལུང་དུ་བསྟན་ཅིང་། པདྨའི་ལྗགས་ལྡན་གཉིས་པར་སོན། ཐུགས་རྗེ་ཡས་སྤྲུལ་གྱི་བདག་ཉིད་ཨོ་རྒྱན་ཆེན་པོ་སྐུ་ཤ་རློན་པ་དངོས་སུ་གྲུབ་བོ་ཞེས་ཀུན་གཟིགས་མཁྱེན་བརྩེས་དུས་རྒྱུན་དད་འདུན་བསྔགས་བརྗོད་གནང་བ་ལྟར། དུས་གསུམ་ས་ལེར་གཟིགས་པ་ལས་ནམ་ཡང་གཡོ་བ་མི་མངའ། ལྐོག་གྱུར་དང་། མ་འོངས་པ་ལུང་དུ་བསྟན་


SPN003_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཐམས་ཅད་ཐོག་ཏུ་མ་ཁེལ་བ་གཅིག་ཀྱང་མེད་པས་ཀུན་གྱིས་ཡིད་ཆེས་ཚད་མར་འཛིན་པར་གྱུར། སྐུ་ཤིན་ཏུ་ཆུང་ངུའི་དུས་བླ་བྲང་དུ་བཞུགས་ཡོད་པའི་ཉིན་གུང་ཞིག་ལ་རི་ཁྲོད་རྒྱབ་རིའི་ཕྱོགས་ནས་འཇམ་མགོན་རིན་པོ་ཆེ་བྱོན་པ་ཆིབ་བརྡབ་ཕོག་པ་དེ་འཕྲལ་དུ་མཁྱེན་ནས་སྐྲག་དངངས་ཤོར་ཏེ་སྐྱབས་གསོལ་མཛད་པ་དེ་ཉིན་ཁོང་ལ་བར་ཆད་ཆེ་བ་ཞིག་ཡོད་འདུག་པ་སྐྱབས་མགོན་རིན་པོ་ཆེས་བསལ་བ་ཡིན་འདུག །གཞན་དང་མི་འདྲ་ཚུལ་ཕྱིས་ཀྱང་རྒྱུན་ལྡན་གསུང་སྲོལ་ཡོད་དར་བཤད་རྒྱུ་འདུག །ཚུར་མཐོང་གྲུབ་པ་ཆེན་པོའི་བརྟུལ་ཞུགས་འཆང་བའི་ཚུལ་འཛིན་པས། སྣང་སེམས་རོ་གཅིག་ཏུ་འདྲེས་པའི་རྟགས་གདན་ས་འདི་དང་། རང་གཏོགས་དགོན་ཁག་ཕྱོགས་དང་ས་ཡུལ་གང་དང་གང་དུ་གཤེགས་པ་ན་སྲ་མཁྲེགས་རྡོ་ལ་ཕྱག་ཞབས་ཀྱི་རྗེས་འདམ་བུའི་ཚལ་དུ་གླང་པོའི་རྗེས་བཞིན་བཞག་པ་མང་ཞིང་། ཁྱད་པར་བྱང་ཁ་རྫ་རྒྱུད་ཀྱི་ས་ཆར་རྡོ་ལེབ་སྲ་མཁྲེགས་ཤིན་ཏུ་ཆེན་པོ་ཞིག་གི་སྟེང་དུ་ཞབས་རྗེས་དང་། ཆིབས་པའི་རྗེས་རེ་ཟུང་ཟབ་ལ་གསལ་བ་ཁྱད་མཚར་ཞིག་བཞག་པ་དེང་སང་མཇལ་རྒྱུ་ཡོད། ཕྱོགས་དེའི་གཞི་བདག་ནག་ཕྱོགས་པ་ཞིག་དམ་ལ་བཏགས་པའི་ཆེད་དུ་ཡིན་པར་གྲགས། ཕྱིས་སུ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་དེ་གཟིགས་ས་ཆེད་དུ་ཕེབས་པ་ན་


SPN003_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མཚུངས་མེད་པའི་རྗེས་རྣམས་དང་། ཁྱད་པར་ཆིབས་པའི་རྗེས་འདི་འདྲ་ཤིན་ཏུ་དཀའ་བས་ངོ་མཚར་མཆོག་ཏུ་ཆེ་སྟེ་ཨོ་རྒྱན་རིན་པོ་ཆེ་དངོས་ཡིན་འདུག་ཅེས་ཐུགས་ཡིད་འཕྲོག་པའི་གསུང་དངོས་སུ་ཐོས་ཚུལ་གྲྭ་སློབ་འགའ་ཞིག་གི་ཁ་ནས་བཤད་རྒྱུ་འདུག །འདན་ཁོགས་ཕྱོགས་ནས་འབྲི་ཆུ་ཆེན་མོར་ཆིབས་བཅིབས་པ་དང་བཅས་སྐུ་སྟོད་མན་ནུབ་ཙམ་ཐོལ་བྱུང་གིས་བརྒལ་བས་ཕ་རིར་ཟིན་ཁར་རྟ་དང་སྐུ་ལུས་ན་བཟའ་ལ་ཆུ་ཡི་ཟིལ་པ་ཙམ་ཡང་གོས་མི་འདུག་པ་མངོན་སུམ་མཐོང་ཞེས་ཕྱོགས་དེར་ཡོད་པ་རྣམས་ཀྱིས་གླེང་རྒྱུ་བྱུང་བ་སོགས་འབྲི་ཆུ་ལ་ཟང་ཐལ་དུ་གཤེགས་པ་ལན་ཁ་ཤས་དང་། བོད་དུ་ཕེབས་ལམ་ཆུ་ཆེན་རྒྱལ་མོ་དངུལ་ཆུ་དབྱར་ཆུ་རྒྱས་པས་གྲུས་ཀྱང་བརྒལ་དུ་བྱ་ཐབས་མེད་དུས། རྟ་དྲེལ་སྟོན་འཁོར་ཚང་མ་ཚམ་ཚོམ་མེད་པར་དྲག་རྩལ་གྱིས་གཤེགས་རྒྱུར་མཛད་བྱུང་བས་ཆུ་རྐང་པ་ནུབ་ཙམ་ལས་མ་མཐོང་ངོས་ཕར་ཀར་བདེ་བླག་ཏུ་འབྱོར་སོང་ཞེས་གྲྭ་ཚང་དུ་སོང་བའི་གྲྭ་རྒན་འགའ་ཡི་ངག་ནས་དངོས་སུ་ཐོས། ཉིན་གཅིག་འབྲལ་སྤང་བེར་ནག་སྐུ་བརྙན་མདུན་རང་ཕྱོགས་ཀྱི་བསྟན་དང་བསྟན་འཛིན་ལ་སྐྱོབ་སྲུང་མེད་ཁར་བསྟན་དགྲ་མི་སྒྲོལ་བར་དོན་མེད་ཞལ་གདངས་མཆེ་གཙིགས་སུ་བཞུགས་པ་ཅི་འདྲ་ཡིན་ཞེས་བཀའ་བཀྱོན་ལྟ་བུར་མཛད་སོང་


SPN003_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

བས་དེ་ཉིན་རྒྱལ་རོང་ཤུ་བྷམ་དགོན་པའི་བསྟན་པ་ལ་ཕན་ཐོགས་དཔེ་ཟླ་བྲལ་བ་ཅན་ཁྲོ་ཆུ་རྒྱལ་པོའི་སྲས་བླ་མ་ཉིད་དགོན་པར་གཟིགས་རྟོག་ཕྱོགས་ལྷུང་ཆེ་བར་མ་བཟོད་ནས་སྤུན་ཡ་དཔོན་སྐྱ་ནག་ཕྱོགས་ཅན་ནས་ནང་དམེ་བྱས་ཏེ་བསད་སོང་བ་ཡིན་རྒྱུ་དང་། ཁོ་རང་ཡང་དེ་འཕྲལ་དུ་རྐྱེན་ལམ་སོང་བ་ཡིན་ཚུལ་སོགས་ཀྱི་གླེང་གཞི་བཅས། སྤྱིར་གར་བྱོན་ཐམས་ཅད་དུ་རྫུ་འཕྲུལ་སྣ་ཚོགས་སྟོན་རྒྱུ་དང་། དགོས་པའི་དུས་མངོན་ཤེས་ལུང་བསྟན་ཐོགས་མེད་དུ་སྟོན་པ་སོགས་ཀྱི་ལོ་རྒྱུས་ངོ་མཚར་བ་རྒྱུས་ཡོད་བླ་རྒན་རྣམས་ནས་འབྱམས་ཀླས་བཤད་རྒྱུ་འདུག་ཀྱང་བརྗེད་ཐོར་མ་འཁོད་པ་སོགས་ཀྱིས་འདིར་ཇི་བཞིན་བྲི་བ་རྔོ་མ་ཐོགས། འཇང་དང་། རྒྱལ་རོང་། རྡོ་སོགས་དགོན་ལག་འགའ་རེར་རབ་གནས་ཟླ་ལམ་ཙམ་རེར་ཟང་ཐལ་དུ་སོང་བ་དང་། སྤུ་བོ་ཤུལ་རྫོང་དགོན་དུ་རབ་གནས་ཀྱི་མེ་ཏོག་འདི་ནས་འཐོར་བ་ལྷ་ཁང་ནང་དུ་ཁ་བ་བཞིན་བབས་བྱུང་བ་ཁོ་ན་ཚུར་བསྡུས་པ་ད་ལྟ་འདང་བརྒྱད་དགུ་ཙམ་ལོངས་པ་ནང་རྟེན་དུ་བཞག་འདུག་ཟེར། མཐའ་ཡི་དགོན་ལག་རིགས་གྲྭ་རྒོད་རྣམས་རང་མོས་བྱུང་རྒྱལ་གྱི་སྤྱོད་པ་དང་། དགོན་ཡུལ་སྡེ་གང་ས་ནས་ཁྲིམས་མེད་ངན་པ་ལང་ཤོར་བྱུང་རིགས་རྣམས་རྫུ་འཕྲུལ་གྱིས་སྤ་བཀོང་བ་དང་། སྨན་དཔྱད་ཀྱིས་ཀྱང་བཅོས་རྒྱུ་མེད་པའི་ཕོ་སྐྲན་


SPN003_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱིས་གཙོས། ནད་གདོན་བགེགས་རིགས་རྣམས་འགའ་ཞིག་གསང་ཆབ་ཁ་ལ་སོང་བ་སོགས་ཀྱིས་རྩད་ནས་འཇོམས་པ་དང་། འགའ་ཞིག་ཕྱག་འབེབས་དང་ཞབས་དབང་ཙམ་གྱིས་འཇོམས་པ་སོགས་མང་དུ་བྱུང་བ་ཀུན་ལ་ཡོངས་གྲགས་ལྟར་དང་། ནད་པ་ཚེ་ཟད་ཤི་ལ་ཁད་པ་འགའ་ཐུགས་གཏད་ཙམ་གྱིས་ཚེ་རིང་དུ་བསྲིང་བ་སོགས་དེ་དང་དེ་འདྲ་བའི་ལོ་རྒྱུས་ཤིན་ཏུ་མང་། ལྷ་གདན་དུ། མ་ད་ནས་བཀང་བའི་དཀར་ཡོལ་གྱི་ཁ་སྨན་ཁུག་བཞིན་དུ་བསྡུས་ནས་བལ་པོའི་ཚོང་པ་ཞིག་ལ་གཡང་རྟེན་དུ་གནང་བ། ཕྱིས་སྣོད་བཅུད་གཉིས་ཀ་མ་ཉམས་པ་དངོས་སུ་མཐོང་ཞེས་ཁམས་པའི་ཚོང་དཔོན་ཞིག་གི་ཁ་ནས་ལབ་པ་ཐོས། རྩ་གསུམ་ལྷ་ཡི་ཞལ་གཟིགས་དང་། ཁྱད་པར་སྲུང་མའི་གཙོ་བོ་བེར་ནག་པོ་ཅན་འཁོར་བཅས་ལུས་དང་གྲིབ་བཞིན་འགྲོགས་པས་མཚོན་རང་བསྟན་སྲུང་མ་རྒྱ་མཚོས་ཅི་བཅོལ་བཀའ་བཞིན་བསྒྲུབ་པ་དང་། ན་བཟའ་ཕྱག་མདུད་ཙམ་འཆང་བ་རྣམས་ཕ་རོལ་དགྲ་སོགས་ཀྱི་མཚོན་ཆ་ལུས་ལ་མི་ཐེབས་ཤིང་། ནད་གདོན་བགེགས་བར་སོགས་ཀྱིས་མི་ཚུགས་པ་དེ་འདྲ་མངོན་སུམ་མཐོང་ཆོས་སུ་གྱུར་པ་བགྲང་ལས་འདས་སོ། །སློབ་མའི་ཚོགས་བཀའ་བརྒྱུད་བསྟན་འཛིན་ཆེ་གྲས་རྣམས་ཏེ། སྐུ་ཚེ་ཆེར་མ་བཞེས་སྟབས་


SPN003_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གྲགས་མང་ཚན་ཡོད་པར་མ་མངོན་ནོ། །ཕྱི་དུས་ཀྱི་གྲུབ་ཐོབ་ཆེན་པོ་བྷྱོ་རིག་འཛིན་སྤྲུལ་བསྒྱུར་གྱིས་དགའ་ལྡན་དུ་ཕེབས་པས་བྱམས་པའི་མདུན་སྐུ་ཞབས་སི་ཏུ་ཕེབས་འོང་རྒྱུའི་འུར་སྒྲ་ཞིག་གི་ངང་དགའ་ལྡན་ཕོ་བྲང་དུ་དངོས་སུ་བྱོན་བྱུང་བ་མཇལ་བས་ད་ནི་ཞིང་འདིར་ཡུན་རིང་མི་བཞུགས་ངོ་མ་ལ་བྱམས་པ་དངོས་ཡིན་འདུག་པའི་ད་ལྟ་མཇལ་རྒྱུ་ཡོད་དུས་མཇལ་སར་མགྱོགས་པར་སོང་ཞེས་སློབ་ཚོགས་རྣམས་ལ་བཀའ་ཕེབས་པ་ལྟར་ཐམས་ཅད་ཅི་མགྱོགས་ཀྱིས་ཡོང་བས་བསྙུན་ཁམས་ལྗིད་སྐབས་ཁེལ་འདུག་རུང་རྒྱུ་མཚན་ཞུས་པས་ཞལ་མཇལ་ཙམ་བྱུང་བས་གྲུབ་ཐོབ་ཆེན་པོས་དོན་ཆེན་པོ་འགྲུབ་འདུག་ཅེས་གསུངས་བྱུང་ཚུལ་ཐུགས་སྲས་ཀྱི་ཐུ་བོ་བཀའ་འགྱུར་བ་བླ་མ་ལྷ་རྒྱལ་གྱི་ཞལ་ལས་དངོས་སུ་ཐོས་སོ། །ལྗགས་གླིང་རྫོང་སར་མ་ཞེས་སྔོན་མེད་གསར་རྩོམ་འདི་ཡང་དེང་སང་ཀར་རྙིང་ཀུན་དང་། སེ་འབྲས་དགའ་གསུམ། ས་སྐྱ་གོང་མན་དགོན་ཁག་ཀུན་ལ་ལུགས་སྲོལ་ཁྱབ་བརྡལ་ཆེ་ཐང་དུ་གྱུར་སྐད་འདུག་པ་དགོངས་གཞི་དགོས་པ་ཁྱད་པར་ཅན་འཕགས་པའི་སྤྱོད་ཡུལ་གྱི་གནས་སོ། །གཞན་དོན་དུ་གཤེགས་དགོས་པའི་དགོངས་པ་ལྟར་བགྲང་བྱ་སོ་གཉིས་ལ་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་བསྟན་པའི་དེ་མ་ཐག་ཀུན་གཟིགས་མཁྱེན་བརྩེའི་མདུན་དུ་ཕེབས་ནས་ད་ནི་འདི་


SPN003_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས་འགྲོ་དོན་མི་འོང་བས་རྒྱ་ནག་གི་ཡུལ་ཕྱོགས་སུ་གཤེགས་ཚུལ་གསུངས་པ་དེ་འདྲ་ལ་དགོངས་པ་མི་གཏད་པའི་བཤོལ་འདེབས་ནན་ཏན་ཞུས་པས་མཐར་ལི་ཐང་ཕྱོགས་ནས་བསྐོར་ཏེ་ཡར་བཞུད་ཡོང་བས་མྱུར་དུ་མཇལ་ཡོང་ཞེས་གསུངས་ནས་མི་སྣང་བར་གྱུར་ཅེས་རྗེ་བླ་མའི་ཞལ་ནས་དངོས་སུ་ཐོས་ཞེས་ཞབས་སློབ་རིགས་ཀྱི་ཞལ་ནས་ཐོས་སོ། །ཁུངས་བཙུན་གང་ཐོས་ཕྲན་བུ་འདི་ཙམ་ལས་རྣམ་ཐར་ཡི་གེར་བཀོད་པ་སོགས་ཀྱི་རྩོལ་བ་སུས་ཀྱང་མ་མཛད་སྟབས་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་ཞིབ་པ་ནི་གདུལ་བྱ་ཐུན་མོང་ངོར་སྣང་མེད་དུ་གྱུར་པ་སྟེ། མདོར་ན་འཕགས་བོད་ཀྱི་གྲུབ་ཐོབ་ཆེན་པོ་སོགས་དང་མཉམ་ངེས་པ་བཅས་དུས་ཕྱིས་བོད་ཁམས་སུ་གྲུབ་ཐོབ་ཀྱི་སྤྱོད་པ་ཅན་འདི་འདྲ་བ་འགའ་ཡང་མ་བྱུང་བ་ལྟ་བུའོ། །པདྨ་ཀུན་བཟང་ཆོས་ཀྱི་རྒྱལ་པོའི་སྐུ་སྐྱེ་དེ་མ་ཐག་པ་ནི་སི་ཏུ་སྐྱེ་ཕྲེང་བཅུ་གཅིག་པདྨ་དབང་མཆོག་རྒྱལ་པོ་ཞེས་ད་ལྟ་འཚོ་ཞིང་གཞེས་པ་ཉིད། རྒྱལ་དབང་བཅོ་ལྔ་པས་ཚེ་རིང་མཆེད་ལྔ་དང་ཞུ་བ་ཞུ་ལན་དུ་བགྲོས་ནས་ལུང་བསྟན་ཚིགས་སུ་བཅད་པ་མང་པོའི་དོན་དང་མཐུན་པར་ཡབ་ཡུམ་ཀྱི་མཚན་དང་། ས་ཆ་ཡུལ་རིས་ཁང་ཁྱིམ་སོགས་ས་བཀྲར་བཀོད་པ་ནས། འཇམ་མགོན་རྣམ་གཉིས་ཀྱི་གཟིགས་པ་སྔར་ཞིག་ནས་ཐུགས་ལ་མངའ་བ་དང་ཡང་དགོངས་པ་གཅིག་མཐུན་གྱིས་ལི་


SPN003_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་གནམ་ཆེན་བྲག་དཀར་གྱི་ཉེ་འདབས་དང་འབྲེལ་བའི་ཡུལ་ལྗོངས་སུ་སྔགས་རིག་འཛིན་པ་ཆེན་པོའི་རིགས་རུས་གཙང་མར་རབ་བྱུང་བཅུ་དྲུག་པའི་ནང་གསེས་མེ་ཁྱི་ལོར་སྐུ་འཁྲུངས་པ་ངེས་རྙེད་གྱུར་ནས་ངོས་འཛིན་མཛད། ཀརྨ་པ་དང་གོང་མའི་ཕྱག་ཕྲེང་སོགས་སོ་སོར་ངོས་འཛིན་ཡིད་ཆེས་སུ་གནང་། བལྟམས་མ་ཐག་ནས་བཟུང་ངོ་མཚར་བའི་ལྟས་ཁྱད་འཕགས་མཐུན་སྣང་དུ་གྲུབ། ཆུང་དུས་ནས་ཆགས་ཐོགས་མེད་པའི་མཁྱེན་པ་ལ་མངའ་དབང་འབྱོར། དགུང་ལོ་བཞི་སོན་པས་གླང་ལོར་དཔལ་སྤུངས་གདན་སར་སྤྱན་དྲངས། རྒྱལ་དབང་བཅོ་ལྔ་པས་ཁྲི་འདོན་མཛད། མཚན། དཔལ་ལྡན་ཀུན་ཁྱབ་ངེས་དོན་སྨྲ་བའི་སེངྒེ་འཆི་མེད་པདྨ་དབང་མཆོག་གྲུབ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ། ཞེས་པ་གསོལ། རབ་ཏུ་བྱུང་བར་མཛད་ནས། ཚུལ་བསྟན་ལྗགས་ཀློག་སྐོར་ཚེགས་མེད་པ་དང་། ཡིག་རིས། སུམ་རྟགས། སྙན་ངག །སྒྲ་ཙཱནྜ་པ་སོགས་རིག་གནས་ལ་བརྩོན་པ་ཆེན་པོས་སྦྱངས། ཀརྨ་པ། འཇམ་མགོན་རིན་པོ་ཆེ། འཇམ་དབྱངས་མཁྱེན་བརྩེ། མཁན་ཆེན་བཀྲ་ཤིས་འོད་ཟེར། བླ་མ་སྟོབས་ལྡན་ནམ་ཐུབ་བསྟན་རྒྱལ་མཚན། ངོར་དཔོན་སློབ་འཇམ་དབྱངས་བློ་གཏེར་དབང་པོ། བཀའ་འགྱུར་བ་བླ་མ་བཙད་པོ་ལྷ་རྒྱལ་སོགས་བླ་མ་མང་དུ་བསྟེན། དེ་དག་རྣམས་ལས་ཀཾ་ཚང་རང་ལུགས་གཙོ་བོར་གྱུར་པའི་བཀའ་


SPN003_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་སྤྱི་བྱེ་བྲག་གི་སྨིན་གྲོལ་གྱི་རིམ་པ་དང་། ཕྱག་ཆེན། ཆོས་དྲུག་སོགས་མན་ངག་ཟབ་གནད་ཀྱི་རྒྱུན་ཅི་མཆིས་ལྷག་མེད་བཞེས་པས་མཚོན་རིས་སུ་མ་ཆད་པའི་བསྟན་པ་ཀུན་ལ་གཅིག་ཏུ་གུས་པས་ས་དགེ་རྙིང་གསུམ་གྱི་སོ་སོའི་བཤད་སྒྲུབ་གྱི་རྒྱུན་ཕལ་ཆེ་བ་གསན་པ་སོགས་ནི་ཞིབ་པར་གསན་ཡིག་ཏུ་གསལ། དགུང་ལོ་ཉེར་བཞིའི་དུས་མཁན་ཆེན་བླ་མ་བཀྲ་ཤིས་འོད་ཟེར་མདུན་ནས་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་སྟབས་གཅིག་བཞེས། དགེ་སློང་གི་མཚན། ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེ་ངེས་དོན་བསྟན་པའི་རྒྱལ་མཚན་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ། ཞེས་པ་གསོལ། དགུང་ལོ་ཉེར་ལྔའི་དུས་ནས་བཟུང་ལོ་བཅུ་ཕྲག་ལྷག་ཙམ་བར་དཔལ་སྤྲུལ་རིན་པོ་ཆེའི་སློབ་བརྒྱུད་འཇམ་པའི་དབྱངས་གཞན་ཕན་ཆོས་ཀྱི་སྣང་བའི་མདུན་ནས། དབུ་ཕར་འདུལ་མཛོད་སོགས་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ། སྒོམ་རིམ་སོགས་མདོ་ཕྱོགས་ཀྱི་སྐོར་རྣམས་དང་། རྒྱུད་གསང་སྙིང་སོགས་སྔགས་གཞུང་གི་སྐོར་དང་། རོང་ཟོམ་པ། ཀློང་ཆེན་པའི་རྫོགས་ཆེན་སྐོར་གྱི་མན་ངག་ཟབ་མོ་རྣམས་ཞིབ་པར་གསན་སྦྱངས་མཛད་པས་མཚོན་མདོ་སྔགས་ཀྱི་གཞུང་ལུགས་རིག་གནས་དང་བཅས་པ་ལ་མཁས་པའི་ཕུལ་དུ་སོན། སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོའི་ཚུལ་དུ་བཞུགས་པས་བཙུན་པའི་མཆོག་


SPN003_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གྱུར། གདུལ་བྱ་གང་ལ་གང་འདུལ་རྣམས་སུ་ཐབས་མཁས་ཐུགས་རྗེ་ཆོས་དང་ཟང་ཟིང་མི་འཇིགས་པའི་སྦྱིན་པ་སོགས་ཕན་བདེ་ཁོར་མོ་ཡུག་ཏུ་བརྡལ། རང་གཏོགས་བཀའ་དགོན་སྤྱི་བྱེར་རྣམས་ལ་དུས་གཟར་ཅི་ཆེའི་སྐབས་ཉམས་པ་སོར་ཆུད་ཉམས་ཕན་འཚོ་སྐྱོང་། མ་ཉམས་གོང་འཕེལ་སོགས་ཅི་འགབ་དང་། སྒྲིག་ཁྲིམས་བཅའ་བ་ཉམས་གསོས་ཐེབས་རྩ། རྟེན་བཞག་སྦྱིན་སྒོ་སོགས་རྒྱ་ཆེ་མུ་མེད་དང་། དབང་ལུང་ཁྲིད་གསུམ། སོ་ཐར་སྡོམ་འབོག་སོགས་བགྲང་ཡས་དང་། གཞན་རྒྱ་བོད་འཁྲུགས་ཟིང་སྐབས་སོགས་སུ་རྫོགས་ཆེན་གཙོས་རྙིང་དགོན་རིགས་དང་ས་དགོན་སོགས་ལ་ཞབས་འདེགས་ཕན་ཆ་ཅི་དྲག་དང་། སྡེ་དགེའི་རྒྱལ་ཁབ་ལའང་རང་དབང་བདག་ཐོབ་ཡོང་བ་སོགས་ཀྱི་ཐུགས་ཁུར་ལྷུར་བཞེས་གནང་བ་སོགས་བཟང་པོའི་ཕྲིན་ལས་ཚད་ལས་འདས། ལོ་རེ་བཞིན་སྲོག་བླུ་བརྒྱ་ཕྲག་མང་པོ། ཉམ་ཐག་དུད་འགྲོ་ཡན་བྱམས་པས་སྐྱོང་བ་སོགས་སྙིང་རྗེའི་མངའ་བདག་ཏུ་གྱུར། དུས་བཟང་སྐབས་སོགས་དུས་རྒྱུན་མར་མེ་སྟོང་དང་ཁྲི་མང་པོ་ཁ་ཡར་གང་འགྲོ། མཆོད་འབུལ་ཚོགས་གསོག་རྒྱ་གང་ཆེ། རྡོ་འབུམ་ཤིན་ཏུ་བགྲང་ཡས། རྡོར་སེམས་སྒྲུབ་མཆོད་ཚད་ལྡན་གསར་འཛུགས། དགོན་འདིའི་མཆོད་ཆས་སྐོར་གསེར་དངུལ་ལས་གྲུབ་པ་སྤུས་དག་དང་། ཚེས་བཅུ་ཆེན་མོའི་ཡོ་བྱད་ནོམ་


SPN003_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རིན་ཐང་བྲལ་བ་རྣམས་བཞེངས། སྤར་ཁང་། དུང་འཁོར་ཁང་། ཁྱད་པར་འདུ་ཁང་ཆེན་མོ་བླ་བྲང་གོང་འོག་རྣམས་དང་བཅས་པ་ཞིག་གསོས་འགྲན་བྲལ་མཐོང་བས་ཡིད་འཕྲོག་ཅན་རྐང་ནས་གསར་བཟོས། ནང་རྟེན་བྱམས་ཆེན་གཙོས་གསེར་ཟངས་ལས་གྲུབ་པའི་སྐུ་བརྙན་དང་མཆོད་རྟེན་རིགས་ཤིན་ཏུ་ཆེ་ལེགས་གྲངས་མང་། ཐུབ་པ་དང་། བྱམས་པའི་སྐྱེས་རབས། ཕུར་པ་གཙོ་འཁོར་བཅས་པའི་ཞལ་ཐང་དཔེ་བྲལ་སྐོར། མཛོད་ཆེན་རྣམ་ལྔའི་ཁ་སྐོང་དང་། བསྟན་བཅོས་བཀའ་དང་མཚུངས་རིགས་སྤར་དུ་བརྐོས་པ་པུསྟི་ཀ་ཤིན་ཏུ་གྲངས་མང་ལོངས་པ་སོགས་ཕྱི་ནང་རྟེན་བཞེངས་རིགས་ཁོར་མོ་ཡུག་ཏུ་མཛད་དང་མཛད་བཞིན་པ་སྟེ། དགོན་འདིར་སྔར་ཐུབ་ཆེན་འདག་བཟོ་ཙམ་ལས་གསེར་ཟངས་ལས་གྲུབ་པའི་སྐུ་བརྙན་སོགས་ཆེ་རིགས་གྲངས་མང་འགའ་ཡང་མི་བཞུགས་པ་ལྟར་ན། དེང་སང་རྟེན་གསུམ་མང་ཉུང་ཆེ་ཆུང་ཇི་བཞུགས་མཆོད་ཆས་ཡན་བཅས་ཕྱི་བཀོད་ནང་རྟེན་ཚང་མ་སྐྱབས་མགོན་འདི་ཉིད་ཀྱི་ཕྱག་རྗེས་ཏེ། མདོར་ན་རྣམ་དཀར་གྱི་བྱ་བ་རླབས་སུ་ཆེ་བ་བསམ་ལས་འདས་པ་འདི་འདྲ་ནི་སི་ཏུ་སྐུ་ཕྲེང་གོང་མ་རིམ་བྱོན་རྣམས་ལའང་མ་བྱུང་བ་མངོན་སུམ་ལྟར་རོ། །ཕྱི་དུས་རྒྱ་ནག་རྒྱལ་ཁབ་ནས་ཀྱང་སྐྱབས་འཇུག་ཞུ་རྒྱུ་ཡོང་བ་སོགས་ཀྱིས་མཚོན་ཆོས་སྲིད་གཉིས་ཀའི་མཁྱེན་རྒྱ་ཆེ་བས་རྒྱ་བོད་ཕལ་ཆེར་གུས་འདུད་དབང་དུ་འདུས་ཤིང་། དྲག་ཞན་སེར་སྐྱ་སུ་ཡང་


SPN003_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་མ་ཐག་ཏུ་དད་པས་ཡིད་དགའ་ཞིང་གྲོལ་བ་དང་། ཅི་གསུང་བཀའ་ལ་ཉན་པ་འབའ་ཞིག་ཏུ་གྱུར། ཡབ་སྲས་ལི་ཐང་དུ་ཕེབས་སྐབས་སྨྲི་ཏི་དང་ལྕག་སྦུབ་ཟེར་བ་གཉིས་དམེ་འཁྲུགས་ལོ་མང་དེ་ཕྱོགས་ཀྱི་ཡུལ་ཁམས་སྡུག་མནར་ཆེ་བ་དྲུང་ལྷན་རྒྱས་ནས་བསྡུམས་པར་མཛད་པས་དགེ་ཕན་ཤིན་ཏུ་ཆེ་བར་གྱུར། ཀུན་གཟིགས་མཁྱེན་བརྩེས་ཀྱང་ཁོང་གི་ཐུགས་རྒྱུད་འཕོ་བའི་སྤྲུལ་སྐུ་ཡིན་རྒྱུར་འཇམ་མགོན་རིན་པོ་ཆེ། མཁན་ཆེན་བླ་མ་སོགས་ལ་ཞལ་བཞེས་གནང་བ་དང་། རྟེན་འབྲེལ་ཞིག་གི་རྒྱུ་རྐྱེན་ལས་སྐུ་བསོད་དབང་ཐང་། འགྲོ་དོན་ཕྲིན་ལས་ཆེན་པོ་ཞིག་ཡོང་གསུངས་པའང་ཐོས། སྤྲུལ་སྐུ་ངོས་འཛིན་དགོས་རིགས་འཁྲུལ་པ་དང་བྲལ་བའི་ངོས་འཛིན་ངོ་མཚར་བ་ཤ་སྟག་དང་། ཁྱད་པར་རྒྱལ་དབང་ཀརྨ་པ་བཅུ་དྲུག་རང་བྱུང་རིག་པའི་རྡོ་རྗེ་ཉིད་སྒྲིབ་བྲལ་ཡེ་ཤེས་ཀྱི་གཟིགས་པར་ཤར་བའི་ཐོལ་བྱུང་དུ་ངོས་འཛིན་གནང་བ་ཕྱིས་གོང་མའི་འདའ་ཀའི་ཞལ་ཆེམས་ཉེ་གནས་རྣམས་ཀྱིས་གསང་རྒྱས་བཏབ་པ་དང་གུང་འགྲིགས་ཏེ་རང་གཞན་ཐམས་ཅད་ཡིད་ཆེས་ཡ་མཚན་གྱི་གནས་སུ་གྱུར། སྐབས་སུ་བབས་པའི་ཚེ་ན་བཟའ་མཚན་གསོལ་དང་། གདན་སར་ཁྲི་འདོན་ལེགས་གྲུབ་སོགས་ཀྱི་མཛད་པ་དང་འབད་པ་བརྒྱ་ཕྲག་བསྐྱངས་བ་མཐར་ཕྱིན་བྱུང་བ་འདི་ཉིད་ནི་རྣམ་ཐར་རྒྱ་མཚོའི་སྙིང་པོ་ལྟ་བུའོ། །དུས་


SPN003_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་དགོན་འདིར་སྡོམ་ཞིབ་དབྱེ་བསལ་ཤིན་ཏུ་ཚད་ལྡན་ཐོག་ཕྱིན་ཆད་གཙང་གྲའི་སྲོལ་ཁྲིགས་ཆགས་ཀྱི་དམ་རྒྱ་རྒྱུན་མཛེས་སུ་བསྟར་བ་ནི་ཀུན་ལ་མིག་ལྟོས་ཡར་ལྡན་གྱི་མཛད་པ་ཆེ་ཤོས་དང་། སྤྱིར་སྐྱབས་མགོན་འདིའི་སྐུ་རིང་ཀར་དགོན་ཆེ་ཕྲ་ཚང་མར་འདུལ་ཁྲིམས་ལ་གཅེས་སྤྲས་གཙོར་བཟུང་འཁོར་ལོ་གསུམ་གྱི་འདུས་སྡེ་དབྱར་མཚོ་ལྟར་འཕེལ་རྒྱས་སུ་བྱུང་བ་ཡང་མངོན་སུམ་ཡོངས་གྲགས་བཞིན་ནོ། །རྒྱལ་དབང་བཅོ་ལྔ་པ་དང་། འཇམ་མགོན་བླ་མ་ཟུང་ནས་ངེས་དོན་སྙིང་པོའི་བསྟན་པ་གཏད། རྒྱལ་དབང་བཅུ་དྲུག་རང་བྱུང་རིག་པའི་རྡོ་རྗེ་མཆོག་ནས། རབ་བྱུང་སོ་ཐར་ནས་བཟུང་། ཀཾ་ཚང་རང་ལུགས་ཀྱི་སྨིན་གྲོལ་གྱི་ཆོས་སྐོར་ཇི་སྙེད་ཀྱིས་མཚོན་སྔགས་མཛོད་དང་གདམས་མཛོད། སྒྲུབ་བཏུས་སོགས་ཤིན་ཏུ་ཆོས་བཀའ་རྒྱ་ཆེན་གསན་དང་གསན་འགྱུར་བཅས། རིགས་བདག་གཙུག་གི་ནོར་བུ་གཅིག་པུར་བཀུར་བར་མཛད་ཅིང་། རྒྱལ་དབང་གོང་མ་ནས་ཀྱང་བཀའ་བརྒྱད་དགོངས་འདུས་ཀྱི་ལུང་སོགས་སྨིན་གྲོལ་ཅི་རིགས་གསན། སྤྱིར་བཀའ་བརྒྱུད་སྔགས་མཛོད་ལན་གྲངས་དང་། དབང་ལུང་གསན་རིགས་ཕལ་ཆེར་སྐབས་སྐབས་འཆད་སྤེལ་གྱི་ཆོས་འཁོར་རྒྱ་ཆེ་བ་བསྐོར་བར་མཛད་པ་སོགས་མདོར་ན་བསྟན་འགྲོར་སྨན་པའི་ཕྲིན་ལས་ནི་བསམ་གྱིས་མི་ཁྱབ་པའི་རང་བཞིན་ནོ། །དེར་མ་ཟད་མཁན་ཆེན་བཀྲ་ཤིས་འོད་ཟེར་དགོངས་བཞེད་ཉག་གཅིག་འཇམ་པའི་དབྱངས་གཞན་དགའ་རིན་པོ་ཆེ་འདི་དགོན་དུ་


SPN003_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ཞུས་ཡུན་རིང་བཞུགས་འཇགས་སྟེང་རིན་པོ་ཆེས་གསན་བསམ་གོང་སྨོས་ལྟར་དང་། དབྱར་གནས་སུ་མདོ་སྔགས་སློབ་གྲྭའི་རྒྱུན་གསར་འཛུགས་བཤད་སྒྲུབ་གཉིས་ཀ་ཚང་བའི་ཆོས་སྡེ་ཆེན་པོའི་མཚན་གཞི་ཐོགས་པའི་རྒྱུར་ངོ་མཚར་བའི་མཛད་པ་བླ་མེད་དུ་ཆེ་ཞིང་དར་རྒྱས་ཡུན་དུ་གནས་པར་སྨོན་ནོ། །བླ་མ་མང་དུ་བཞུགས་པའི་ནང་ནས་ཡིད་འཕྲོག་དོན་གྱི་བླ་མ་ནི་ཀརྨ་པ་བཅོ་ལྔ་པ། འཇམ་མགོན་རིན་པོ་ཆེ། མཁན་ཆེན་བཀྲ་ཤིས་འོད་ཟེར། གཞན་ཕན་ཆོས་ཀྱི་སྣང་བ་རྣམ་པ་བཞི་པོ་ཁོ་ན་དང་། རྩ་བའི་བླ་མ་དངོས་འཇམ་མགོན་རིན་པོ་ཆེ་ཡིན་པ་འདྲའོ། །གདོད་ནས་སངས་རྒྱས་ཐུགས་རྗེ་ཡས་སྤྲུལ་ལ་ས་ལམ་སྦྱངས་ཅི་ལ་དགོས་ཀྱང་། ཚུལ་བསྟན་ཙམ་དུ་ཕྱག་རྫོགས་ཆོས་དྲུག་སོགས་ཉམས་བཞེས་ལ་དུས་རྟག་ཏུ་རང་བབ་ཀྱིས་བརྩོན་ཅིང་རིག་པ་གཅིག་ཅར་བའི་འགྲོས་ཀྱིས་གནས་ལུགས་ལ་རང་བྱན་ཆུབ་པའི་ཀློང་ཆེན་པོར་གཡོ་བ་མེད་པ་མཉམ་རྗེས་དབྱེར་མེད་དུ་བཞུགས་པར་ངེས་ཀྱང་དགོངས་པ་རྒྱ་མཚོའི་འཇིང་ལྟར་ཟབ་པས་སུས་ཀྱང་གཏིང་མི་དཔོག །ཡི་དམ་གྱི་ལྷ་གང་ལ་མཛད་ངེས་ཏིག་མ་འཚལ་ཡང་ཐུན་མོང་ཙམ་དུ་སྒྲོལ་དཀར་ལ་མཛད་ཅིང་ལྗགས་བསྙེན་དུང་ཕྱུར་ཁ་ལོངས་པ་དང་། སོའུ་མང་དུ་སྐྱེས་པ་སོགས་འགྲུབ་རྟགས་ཀྱང་ཅི་རིགས་བྱུང་བར་མངོན། དག་སྣང་མོས་གུས་ཕྱོགས་མེད་དུ་འབྱོངས་པ་མཐུན་སྣང་དུ་གྲུབ་ཅིང་། རྣམ་ཀུན་ཁྱེར་སོ་གསུམ་གྱི་རང་གཤིས་རྣལ་དུ་རྩོལ་མེད་འབྱོར་བཞིན་བཞུགས། ལྷག་པར་རང་བཞིན་ཤུགས་འབྱུང་དང་། དགོས་པའི་དུས་སུ་གསུང་ཟུར་ཕེབས་


SPN003_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་དང་དཔག་དུས་གསུམ་ས་ལེར་མཁྱེན་པར་གདོན་མི་ཟ་བའི་མཚན་མ་ནི་རང་གཞན་ཀུན་གྱི་སྣང་ངོར་སྐབས་འགར་མངོན་སུམ་གསལ། འོན་ཀྱང་ཞལ་གཟིགས་ལུང་བསྟན། མངོན་ཤེས་ཉམས་སྣང་སོགས་ལ་ཐུགས་དགྱེས་ཚོར་ཆེར་མི་མཛད། རྩིང་སྤྱོད་མཁན་རྣམས་རྟག་ཏུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་ཟིལ་གྱིས་མནན། འདོད་ཆུང་ཆོག་ཤེས། མཁས་བཙུན་བཟང་གསུམ། ཐོས་བསམ་སྒོམ་གསུམ་དང་ལྡན་པའི་གང་ཟག་ཆོས་ལ་སྤྱོད་པ་རྣམས་དང་ལེན་གོང་བཀུར་དཔེ་མེད་གནང་། གཞན་དུ་མ་རོ་གཅིག་ལ་མངའ་དབང་འབྱོར་པའི་རྟགས། འདི་ཕྱོགས་དང་། རྫ་རྒྱུད་བྱང་ཁ་སོགས་སུ་ཞབས་རྗེས་བཞག་པ་མང་ཞིང་། ས་སྟག་ལོར་ཡབ་སྲས་ལྷན་རྒྱས་ལི་ཐང་འདབ་སྨད་དུ་ཕེབས་པ་ན་སྤང་ཕུག་དགོན་གྱི་གཙུག་ལག་ཁང་མདུན་རྒྱབ་ཉེ་ལོགས་སོགས་ལ་ཀརྨ་པ་གཞོན་ནུའི་ཞབས་རྗེས་མང་ཙམ། རིན་པོ་ཆེའི་ཞབས་རྗེས་གསལ་བར་ཁ་ཤས། ལྷག་པར་སི་ཏུ་རིན་པོ་ཆེ་ཉིད་ཀྱི་ཆིབ་པ་ཐང་སྨུག་གི་རྗེས་འདམ་ནང་བརྫིས་པ་ལྟ་བུ་དྲུག་བདུན་ཙམ་འཆམ་སར་རྡོ་གཅལ་སྟེང་དུ་ཟབ་ལ་གསལ་བ་བཞག་འདུག་པ་དེར་ཡོད་ཀུན་གྱི་མིག་གི་སྤྱོད་ཡུལ་དུ་གྱུར། སྔར་བྱེས་ཕེབས་ཞིག་གི་སྐབས་སྒ་སྟོད་ནས་ཕེབས་ལམ་འབྲི་ཆུ་ལ་ལྷ་དར་


SPN003_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གཅིག་ཙམ་གློ་བུར་ཆགས། དབུ་ཆེ་ནས་རབ་གནས་ཀྱི་མེ་ཏོག་འཐོར་བ་དཔེ་ཝར་འབལ་མོ་ནང་གི་གཞི་བདག་གི་རི་མགོར་ཟང་ཐལ་དུ་སོང་བ་མངོན་སུམ་དང་། རྒྱལ་དབང་ཆིབ་སྐྱེལ་བོད་ཕེབས་སྐབས་ཧོར་སོག་སྡེ་དང་འབྲང་སྡེ་གཉིས་ཤ་འཁོན་ཐུག་སྒོ་ཆེ་བའི་འབྲང་སྟོད་དཔོན་ནས་སྐྱབས་འཇུག་ཞུས་པ་གསོལ་ཀ་དང་དགྲ་ཆོས་རྒྱས་པ་ཚར་གཅིག་གསུངས་པས་དེ་རྗེས་སོག་སྡེའི་དམག་རྒྱུས་ཡོད་ཀྱིས་འབྲང་དཔོན་གྱི་དགུན་རུ་སྡོད་བཞིན་པའི་ས་ཆར་བབས་ཀྱང་དཔོན་གྱི་སྦྲ་དང་རུ་འཁོར་བཅས་གཏན་ནས་མ་མཐོང་ཞིང་ལུང་སྟོང་ཞིག་ཏུ་མཐོང་ནས་ཕྱིར་ལོག་སོང་བ་ཡིན་ཞེས་སོག་སྡེའི་དམག་འགྲོ་མཁན་རྣམས་ཀྱི་ཁ་ནས་ཡོངས་གྲགས་ལབ་པ་དང་། འབྲང་དཔོན་ནས་ཀྱང་ལུང་པའི་རི་དྭགས་རྣམས་སུ་བསྐོར་ཉུལ་བྱས་ནས་རང་བཞིན་གྱིས་ཕྱིར་ཐེགས་སོང་ཞེས་དངོས་སུ་བཤད་རྒྱུ་འདུག་པ་སོགས་འདི་འདྲའི་རིགས་ཤིན་ཏུ་ཆེས་མང་སྟེ་བྲི་བ་ལ་དགོས་པ་ཆེར་མི་འདུག །གནས་གཟིགས་ཕེབས་སྐབས་གཙང་འབྲུག་ར་ལུང་དགོན་དུ་གླིང་རྗེ་རས་པའི་འདྲ་ཞལ་གསུང་བྱོན་མ་དེའི་ཞལ་ངོ་ཚོན་དཀར་པོ་བྱུགས་པ་ཅན་ཞིག་རེད་འདུག་ནན་ཏན་གསུངས་ཀྱང་ཡང་ཡང་བལྟས་པས་དངོས་གནས་གསེར་ཆབ་གསོལ་བ་ཞིག་ཡིན་འདུག་གོ། ནད་པ་ཚབ་ཆེན་རིགས་


SPN003_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བསྒོ་བྱིན་རླབས་དང་ཐུགས་གཏད་ཙམ་གྱིས་འཇོམས་པ། ཕྱག་མདུད་ལུས་ལ་འཆང་བ་འགའ་ཞིག་ཕ་རོལ་གྱི་མཚོན་གྱིས་མི་ཚུགས་པ། གཅན་གཟན་གྱི་འཇིགས་པ་ལས་སྐྱོབ་པ་སོགས་དངོས་མཐོང་རེ་དང་། ཁང་པ་མེ་ཤོར་བ་སོ་སོའི་ཁུངས་སུ་དད་རྟེན་ཆགས་ལྷྭམ་དང་། ཆོས་གོས་གནང་བ་ཡོད་པ་འགའ་ཞིག་ལ་མེ་དྲེག་ཙམ་ཡང་གོས་མི་འདུག་ཚུལ་ལྗོངས་ཕྱོགས་ཕྱོགས་འགའ་ནས་བཤད་རྒྱུའང་འདུག །འབྲང་སྲས་བླ་མ་བློ་གྲོས་རབ་གསལ་དུས་རྒྱུན་ནད་གདོན་གྱིས་མནར་བ་ལ་གུ་གུལ་ལ་ལྗགས་སྔགས་ཤིག་མཛད་ནས་རྒྱུན་དུ་བདུག་རྒྱུ་གནང་བའི་ནང་ཕྱིས་སུ་རིང་བསྲེལ་དཀར་པོ་བརྒྱ་ཕྲག་སོགས་གྲངས་མང་འཁྲུངས་འདུག་པ་བདག་གིས་ཀྱང་དངོས་མཐོང་བྱུང་བ་སོགས་མཐའ་ཡས་སོ། །སློབ་མའི་གཙོ་བོ་ནི་རྒྱལ་དབང་བཅུ་དྲུག་པ། དཔའ་བོ་རིན་པོ་ཆེ། ཏྲེ་བོ་ཞབས་དྲུང་། སངས་རྒྱས་མཉན་པ། ཟུར་མང་བསྟན་སྤྲུལ། འདིར་དགོན་གྱི་སྐུ་མཆེད་རྣམས་སོགས་ཀྱིས་གཙོས་བཀའ་བརྒྱུད་པའི་བླ་སྤྲུལ་ཕལ་ཆེ་བ་རྣམས་སོ། །སྐྱབས་མགོན་འདི་ཉིད་ཀྱི་རྣམ་ཐར་ཅུང་ཞིབ་རྒྱས་ནི་སློབ་མའི་ཐུ་བོ་མཁས་བཙུན་གྲུབ་པའི་བདག་ཉིད་ཅན་གྱིས་རྩོམ་པར་གནང་འགྱུར་ལྟར་ལས་མ་མཆིས་ཤིང་། འདིར་དཔལ་སྤུངས་དགོན་གྱི་གདན་རབས་ཀྱི་རྣམ་ཐར་སྐྲ་རྩེ་ཙམ་བཀའ་འབུམ་


SPN003_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཆགས་ཀྱི་ཁོགས་དབུབ་ལྟ་བུར་བྲིས་པ་ཡིན་ལ། ཡང་སྙིང་སི་ཏུའི་སྐུ་ཕྲེང་རྣམས་ནི་བྱམས་པ་མགོན་པོ་དང་། ཨོ་རྒྱན་རིན་པོ་ཆེ་ཟུང་དུ་འཇུག་པའི་རྣམ་འཕྲུལ་ཤ་སྟག་པ་སྟེ། མ་འོངས་རྣམ་འདྲེན་ལྔ་པར་འཚང་རྒྱ་རྒྱུར་མགྲིན་གཅིག་ལུང་ནས་གསལ་བ་བཅས་སངས་རྒྱས་དངོས་སུ་གྲུབ་པ་ལ་རྨོངས་པས་དོན་མི་འགྱུར་པའི་གྱ་ཚོམ་གྱི་ཚིག་རིས་མང་པོ་བྲི་བ་ནི་སྒྲོ་སྐུར་གྱི་གཞི་དང་ཡོན་ཏན་བསླད་པའི་སྐྱོན་དུ་འགྱུར་ཉེན་ཆེ་བས་འབྲེལ་ཡོད་མེད་ནི་ཅི་ཆ་སྟེ་སྤྱིར་འཐད་པ་དང་བྲལ་ལོ་སྙམ་མོ། །དམིགས་བསལ་སྐབས་དོན་ངོ་མ། རྗེ་བདག་ཉིད་ཆེན་པོ་མཆོག་འདི་གསུང་རྩོམ་ཆོག་བསྒྲིགས་སོགས་སྔར་ཡོད་ལས་གསར་སྤྲོས་རིགས་ལ་ཐུགས་དགྱེས་ཚོར་ཆེར་མེད་ཚུལ་གསུངས་པ་ལྟར་ཡང་། རྒྱལ་དབང་རིན་པོ་ཆེས་གཙོས་སློབ་མ་རྣམས་དང་། གཞན་མཆོག་ཕལ་གྱི་གདུལ་བྱ་རྣམས་ཀྱིས་ནན་ཏན་དུ་གསོལ་བ་བཏབ་པའི་ངོར། སྒྲུབ་དཀྱིལ་དང་ཆོག་བསྒྲིགས། དབང་ཆོག་མཚམས་སྦྱོར་བཅས་དང་། ཞལ་གདམས་གསོལ་འདེབས། མཆོད་ཆོག །སྨོན་ལམ། ཟིན་བྲིས་ཀྱི་རིམ་པ་ཇི་སྙེད་སོགས་དང་། ཁྱད་པར་ཨོ་རྒྱན་རྗེ་འབངས་ཉེར་ལྔའི་སྒྲུབ་ཐབས་འདི་དགོངས་གཏེར་བྱིན་རླབས་ཀྱི་ཚན་ཁ་ཆེས་ཁྱད་འཕགས་དང་ལྡན་པ་


SPN003_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེས་འཇམ་མགོན་རིན་པོ་ཆེས་ཞལ་གྱིས་བཞེས་པ་བཅས་གང་ཅིར་བྲིས་མ་གླེགས་བམ་གསུམ་ཙམ་བཞུགས་པ་འདི་རིགས་ཉེར་མཁོ་ཤིན་ཏུ་ཆེ་བ་མེད་ན་ཐབས་ཆག་ལྟ་བུ་མང་བར་མ་ཟད། མཛོད་ལྔའི་ཤིང་རྟ་པདྨའི་རྒྱལ་ཚབ་རྗེ་རང་གི་ཐུགས་ཀྱི་སྲས་གཅིག་རྒྱལ་བས་ལུང་བསྟན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ལ་ལྗགས་ལུང་གདམས་གཏད་དང་། དེ་རྗེས་ཡེ་ཤེས་ཀྱི་སྐུས་ཀྱང་ལན་གཅིག་བསྐྱར་གནང་ཉེ་བརྒྱུད་ཀྱི་བྱིན་རླབས་ངོ་མཚར་བ་དང་། གཞན་ལའང་འཆད་སྤེལ་དགོས་པའི་བཀའ་ལུང་བཅས་ཆེད་དུ་བསྩལ་འདུག་པ་སོགས་བྱིན་རླབས་ཀྱི་ངད་མ་ཡལ་བའི་ལུང་རྒྱུན་ཁྱད་འཕགས་ད་ལྟ་བཞུགས་བཞིན་པ་སོགས་སྒོ་གང་ཐད་ནས་སྤར་དུ་བསྐྲུན་པའི་ཐུགས་རྩོལ་ཞིག་བཀའ་དྲིན་མ་ཆུང་ཞེས་མཁས་བཙུན་བཟང་གསུམ་སོགས་དམ་པའི་ཚུལ་དགུས་ཕྱུག་པ་ཟུར་མང་བསྟན་འཛིན་སྤྲུལ་སྐུ་མཆོག་ནས་གསོལ་བ་བཏབ་པ་ཐུགས་ལ་བཞག་པ་དང་འབྲེལ་སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་ཀུན་གཟིགས་བྱམས་མགོན་རིན་པོ་ཆེ་སི་ཏུ་སྐུ་ཕྲེང་བཅུ་གཅིག་པ། ཀརྨ་པ་དང་། འཇམ་མགོན་བླ་མ་ཟུང་གི་ལུང་དོན་དང་མཐུན་པའི་མཚན་བསྡུས་པ་ཡོངས་གྲགས་སུ་པདྨ་དབང་མཆོག་རྒྱལ་པོ་ཞེས་གསོལ་བའི་པདྨའི་ལྗགས་ལྡན་གསུམ་པས་ཆོས་སྦྱིན་གྱི་ཕྱི་མོར་རབ་བྱུང་བཅུ་དྲུག་པའི་ནང་གསེས་ས་ཡོས་ལོ་ནས་འགོ་བརྩམས། བྲིས་རྐོས་མི་


SPN003_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བརྒྱད་དགུ་རེ་ལ་ལག་བརྐོས་སུ་བརྐོ་བཅོལ་རྒྱུ་མཛད་པ་འདི་ལོ་ཁྱུ་མཆོག་ཅེས་པ་ལྕགས་སྦྲུལ་སྟོན་ཀའི་ལང་ཚོ་དར་ལ་བབས་པའི་སྐབས་སུ་ཞུ་དག་བརྐོ་བཙུགས་བཅས་མཐར་ཕྱིན་པར་གྲུབ་པ་ཡིན་ནོ། །གཞི་ནས་བཀའ་འབུམ་ཆེད་དུ་བསྒྲིག་རྒྱུའི་ཐུགས་གཉེར་ཡོད་མ་འདྲ་བ་དང་། ཉེར་མཁོ་ཆེ་རིགས་རྣམས་འཐོར་འཁྱར་དུ་སོང་བ་ཡིན་སྙམ་བཅས་ད་དུང་འདི་ནང་གསུང་ཡོངས་རྫོགས་མ་ཚང་བ་མང་ཚན་ཡོད་ངེས་ཏེ། མ་དཔེ་བྲིས་མའི་ཀ་ཐོ་ནང་དུའང་མ་འཁོད་པ་དངོས་མཐོང་མང་ཞིང་། འཁོད་རིགས་གྲས་ནས་ཞྭ་ནག་རྟོགས་བརྗོད་དང་། དབང་བསྐུར་གྱི་དགེ་བསྐུལ། ཚེ་རིང་མའི་གཡང་སྐྱབས་སོགས་མཁོ་ཁྱད་ཆེ་བ་ཅན་འགའ་དང་འགའ་ཞིག་ཀྱང་ཕྱིས་སུ་དཔེ་གྲས་སུ་མ་བཞུགས་པ་སོགས་ཀྱིས་མཚོན། སླད་ནས་གསུང་ཚོགས་ངོ་མ་རིགས་ཕྱོགས་གང་ནས་གལ་སྲིད་ཤུགས་འབྱུང་དང་རྩོལ་བ་ཟུང་དུ་འཇུག་པས་ངེས་རྙེད་ལྟ་བུ་བྱུང་ཚེ་རིམ་པར་ཁ་སྐོང་དུ་འཇོག་འོས་ཤིན་ཏུ་ཆེ་བའང་ཞར་བྱུང་གི་འཕྲོས་པའོ། །དེ་ལྟར་རྣམ་པར་དཀར་བའི་ལེགས་བྱས་རབ་ཏུ་བསྒྲུབས་པའི་དགེ་བའི་རྩ་བ་ཟླ་བ་བདུད་རྩི་ལྟ་བུ་ཅི་མཆིས་པ་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་སྙིང་པོར་ཡོངས་སུ་སྨིན་པའི་རིམ་པ་ནི་དམིགས་མེད་ཐུགས་རྗེ་ཆེན་པོའི་ཀློང་ནས་ཀུན་


SPN003_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་བྱམས་མགོན་རིན་པོ་ཆེ་མཆོག་གིས་འཁོར་གསུམ་རྙོག་བྲལ་གྱི་རང་བཞིན་དུ་བསྔོ་བའི་དགོངས་གཏད་རྩོལ་མེད་ལྷུན་གྱིས་གྲུབ་པར་གནང་བ་གོར་མ་ཆག་པ་ལྟར་ལས་གཞན་དུ་སྤྲོས་འོས་མ་མཆིས་སོ། །ད་ནི་དཀར་ཆག་གི་རིམ་པ་དངོས་འགོད་པ་ལ། མདོ་རྗི་ༀ་ཨཱཿཧཱུྃ་དང་འབྲེལ་བའི་པོད་གསུམ་དུ་བསྒྲིགས་པ་སྟེ།

དང་པོར། ༀ། པོད་ལ།


SPN003_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར། ༀ། པོད་ལ། ལམ་ཟབ་བླ་མའི་རྣལ་འབྱོར་སྤྱི་དང་བྱེ་བྲག་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཡེ་ཤེས་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༩༤ གུ་རུ་དྷརྨ་རཱ་ཛའི་རྣལ་འབྱོར་གྱི་ཉམས་དབྱངས་མཆོད་སྤྲིན་རབ་འབྱམས་ཀྱི་གླུ་ཞེས་བྱ་བ་ལ་ལྡེབ། ༢ བདེ་ཆེན་ཞིང་གི་སྒྲུབ་པ་ལྷ་དང་བླ་མ་དབྱེར་མེད་ཀྱི་རྣལ་འབྱོར་རྟ་མཆོག་བ་ལ་ཧ་ལ་ལྡེབ། ༧ ཨོ་རྒྱན་རིན་པོ་ཆེ་བདེ་གཤེགས་སྤྱི་དྲིལ་དུ་བསྒྲུབས་པའི་རྣལ་འབྱོར་གྲུབ་གཉིས་ནོར་བུའི་ཆར་འབེབས་ལ་ལྡེབ། ༡༤ ཨོ་རྒྱན་རིན་པོ་ཆེ་རྗེ་འབངས་ཉེར་ལྔའི་ལས་བྱང་དངོས་གྲུབ་སྤྲིན་ཕྲེང་བྱིན་རླབས་ཆར་འབེབས་ལ་ལྡེབ། ༨ རྒྱུན་ཁྱེར་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་དངོས་གྲུབ་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༡༥ གསོ་སྦྱོང་རྒྱུན་ཁྱེར་ལྡེབ། ༢ མ་ཧཱ་མཱ་ཡའི་ཚོགས་མཆོད་འདོད་རྒུ་མྱུར་སྟེར་ལ་


SPN003_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེབ། ༤ གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༥༣ ཐུན་མིན་ཞལ་གདམས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ངེས་དོན་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༣༣ དབང་བཤད་ཀྱི་སྐོར་ཕྱོགས་གཅིག་ཏུ་བསྡེབས་པ་ངོ་མཚར་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༣༥ བདེ་མཆོག་ལྷ་ལྔའི་སྒོ་ནས་སློབ་མ་རྗེས་སུ་འཛིན་པའི་རིམ་པ་ཟབ་མོའི་སྒོ་འབྱེད་ལ་ལྡེབ། ༢༢ འཕགས་མཆོག་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་བསྐུར་ཡེ་ཤེས་མྱུར་འབེབས་ལ་ལྡེབ། ༢༥ བཅོམ་ལྡན་འདས་རྡོ་རྗེ་ཕག་མོའི་མངོན་དཀྱིལ་གསང་ཆེན་མྱུར་ལམ་དང་དབང་བསྐུར་བདེ་ཆེན་ལམ་གྱི་སྣང་བྱེད་སྦྲེལ་མ་ལ་ལྡེབ། ༣༡ ཀུན་རིག་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེའུ་མིག་ལ་ལྡེབ། ༡༥ རྗེ་མཁའ་སྤྱོད་དབང་པོས་མཛད་པའི་མ་མགོན་ཞལ་སྦྱོར་གྱི་དབང་བཞི་ཡོངས་རྫོགས་རྒྱན་དབང་དང་བཅས་པའི་ཡིག་སྣ་གཉིས་གབ་སྤྲད་འཁྲུགས་བསལ་བལྟས་ཆོག་ཏུ་བཀོད་པ་ལ་ལྡེབ། ༣༩ བཅས། །།

གཉིས་པ། ཨཱཿ པོད་ལ།


SPN003_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། ཨཱཿ པོད་ལ། ཚེ་དཔག་ལྷ་དགུའི་དཀྱིལ་ཆོག་སྨིན་དབང་རབ་གསལ་སྣང་བའི་ཉིན་བྱེད་ལ་ལྡེབ། ༢༡ འཕགས་སྒྲོལ་


SPN003_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་དོན་འགྲུབ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ལ་ལྡེབ། ༢༦ སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གྲུབ་གཉིས་མཆོག་སྩོལ་ལ་ལྡེབ། ༢༠ འཕགས་མ་སྒྲོལ་མ་ཉེར་གཅིག་གི་ཆོ་ག་དབང་ཆོག་དང་བཅས་པ་མེ་ཏོག་པད་དཀར་ཕྲེང་བ་ལ་ལྡེབ། ༣༦ སྒྲོལ་མའི་རྣམ་བཤད་གསལ་པའི་འོད་ཟེར་སྔར་ཡོད་ལྡེབ། ༧ གཙུག་ཏོར་རྣམ་རྒྱལ་མའི་མཆོད་ཆོག་ཡིད་བཞིན་རེ་སྐོང་ནོར་བུའི་གྲུ་ཆར་ལ་ལྡེབ། ༡༨ རྩ་གསུམ་དྲིལ་སྒྲུབ་ཚེ་གཡང་འགུགས་པའི་རིམ་པ་འདོད་རྒུའི་བུམ་བཟང་ལ་ལྡེབ། ༤༠ སྟོན་པ་མཆོག་དང་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་བཅས་མཆོད་ཅིང་གསོལ་བ་དང་སྨོན་ལམ་གདབ་པའི་ཆོ་ག་བྱང་ཆུབ་ཆེན་པོའི་སྤྱོད་པ་རབ་ཏུ་རྒྱས་པ་ཞེས་བྱ་བ་ལ་ལྡེབ། ༣༧ ཆོས་དྲུག་བདུད་རྩིའི་ཉིང་ཁུའི་སྔོན་འགྲོ་དངོས་གྲུབ་མྱུར་སྩོལ་ལ་ལྡེབ། ༤ ཟབ་ལམ་ནཱ་རོ་ཆོས་དྲུག་གི་འཁྲུལ་འཁོར་ཟིན་བྲིས་མཐོང་བས་ཁོང་ཆུད་གསུང་རྒྱུན་གོ་བདེ་རབ་གསལ་ལ་ལྡེབ། ༩ དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་སྔོན་འགྲོ་ཆོས་སྤྱོད་ཀྱི་ངག་འདོན་བརྒྱུད་འདེབས་དང་བཅས་པ་ལ་ལྡེབ། ༡༢ དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོའི་རྫོགས་རིམ་སྐོར་གྱི་ཟབ་ཁྲིད་ལ་ལྡེབ།


SPN003_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

༢༢ རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཀྱི་སྔོན་འགྲོའི་འདོན་ཆ་རབ་གསལ། ཁྲིད་ཡིག་མན་ངག་བླ་མའི་ཞལ་ཤེས་ཀྱི་ཟིན་བྲིས། རྩ་གསུམ་འཆི་མེད་དྲིལ་སྒྲུབ་རྒྱུན་ཁྱེར་བཅས་སྦྲེལ་མ་ལ་ལྡེབ། ༤༥ རབ་གནས་ཆོ་ག་མདོར་བསྡུས་ལྡེབ། ༡༣ སྨོན་ལམ་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཐར་ལམ་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༤༤ གསང་སྔགས་ནང་གཏོར་ཀུན་གྱི་དོན་བསྡུས་ལ་ལྡེབ། ༦ གཏོར་བསྔོས་ཁྱེར་བདེའི་རིགས་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཕྲིན་ལས་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༡༨ སྔགས་ཡིག་སྣ་ཚོགས་པ་ལྡེབ། ༣ ཇོ་བོ་སྔགས་ཀྱི་བདག་པོའི་གཡང་སྐྱབས་དངོས་གྲུབ་འབྱུང་བའི་རྒྱ་མཚོ་ལ་ལྡེབ། ༡༠ རྡུལ་ཚོན་ཆུར་གཤེགས་སམ་ཀླུ་ཆོག་གདེངས་ཅན་འདོད་འཇོ་ལ་ལྡེབ། ༢ བཅས། །

གསུམ་པ། ཧཱུྃ། པོད་ལ།


SPN003_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ། ཧཱུྃ། པོད་ལ། བསྟན་པའི་བཀའ་སྲུང་ཨ་ཕྱི་ཆེན་མོའི་མཆོད་ཕྲེང་བཀྲ་ཤིས་ཆར་འབེབས་ལ་ལྡེབ། ༢༣ བསང་མཆོད་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཕན་བདེ་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༨༥ ཟིན་བྲིས་ཀྱི་རིམ་པ་སྣ་ཚོགས་པའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཡོན་ཏན་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༡༣༡ ཡན་ལག་བརྒྱད་


SPN003_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གསོ་སྦྱོང་སྨྱུང་གནས་སྒྲུབ་ཐབས་དང་འབྲེལ་བའི་ཕན་ཡོན་མདོར་བསྡུས་སྐལ་ལྡན་ངལ་གསོ་ལ་ལྡེབ། ༥༡ སྤྲིངས་ཡིག་གི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་རྡོ་རྗེ་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༨ བཅའ་ཡིག་ལེ་ཚན་གསུམ་ལ་ལྡེབ། ༡༥ འབུལ་ཐོ་སྐོར་ལྡེབ། ༢༡ ཕྲིན་ཡིག་སྐོར་ལྡེབ། ༦ རྟེན་བཞག་སྐོར་ལྡེབ། ༡༡ སྤྲུལ་སྐུ་མྱུར་འབྱོན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་མཆོག་སྣང་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༡༧ ཞབས་བརྟན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཚེ་མཆོག་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༢༡ ཆོས་སྦྱིན་ཕྱི་མོའི་འཕྲུལ་དུ་བསྒྲུབས་པའི་བཀའ་འབུམ་གྱི་དཀར་ཆག་ཡིད་འཕྲོག་བདུད་རྩིའི་གཏེར་མཛོད་ལ་ལྡེབ། ༢༤ བཅས་བཞུགས། སྨྲས་པ། མཁའ་ཁྱབ་གདུལ་བྱའི་ཡུལ་རྣམས་དོན་གཉིས་ལ། །ལོངས་སུ་སྤྱོད་པའི་ཉེར་ལེན་བྱིན་རླབས་དང་། །དངོས་གྲུབ་ཕྲིན་ལས་ཀུན་གྱི་འབྱུང་གནས་ཕུལ། །རྩ་གསུམ་རྒྱལ་བ་རྒྱ་མཚོས་དེང་འདིར་སྐྱོངས། །གང་ཞིག་འདྲེན་པ་མཆོག་རྣམས་གཞན་དོན་སླད། །ཆོས་ཀྱི་འཁོར་ལོ་བསྐོར་ལ་དུས་ནམ་ཡང་། །འདའ་བ་མེད་པས་འགྲོ་ལ་རྣམ་གྲོལ་གྱི། །སྒོ་ཆེན་མཁའ་དང་མཉམ་པར་རྟག་ཏུ་ཕྱེས། །འདི་ན་རྒྱལ་


SPN003_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཡེ་ཤེས་གཅིག་འདུས་པ། །བཀའ་བརྒྱུད་བླ་མའི་ཚོགས་རྣམས་གསང་གསུམ་གྱི། །རྣམ་ཐར་མཛད་སྒོ་ལྔ་ལྡན་ཞིང་ཁམས་ཀྱི། །མཚན་ཉིད་ཡོངས་སུ་རྫོགས་ལས་གཞན་དུ་མིན། །ལྷག་པར་མདོ་སྔགས་ཆོས་ཀྱི་རང་གཟུགས་དངོས། །བྱམས་པ་མགོན་དང་པདྨཱ་ཀཱ་ར་སྟེ། །ཟུང་འཇུག་རྣམ་འཕྲུལ་པདྨའི་མཚན་ཅན་མཆོག །སྟོན་པ་ཀུན་ཏུ་བཟང་དང་རྣམ་དབྱེ་ཅི། །གང་ཉིད་གཅིག་ཤེས་ཀུན་གྲོལ་རྒྱལ་ས་ལ། །ལྷུན་གྲུབ་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ནས། །ཐམས་ཅད་མཁྱེན་པར་བཞུགས་བཞིན་སྐུ་གསུམ་གྱི། །ཁ་ལོ་སྒྱུར་བའི་ཆོ་འཕྲུལ་ཅི་ཡང་ངོམ། །རང་བྱུང་ཡེ་ཤེས་ཀློང་ནས་རྩོལ་མེད་དུ། །དགོངས་པའི་རྩལ་ཕྱུངས་རིམ་གཉིས་ཟབ་དོན་གྱི། །སྙིང་པོ་གསེར་གྱི་ཞུན་མ་བརྒྱ་ཕྲག་དག །སྤྲོས་འདི་ཁྱད་ཆོས་འབུམ་དང་ལྡན་པས་འཕགས། །ཐེག་པ་སྣ་ཚོགས་དཀོན་མཆོག་ཀུན་འདུས་བཞིན། །ཁྱད་པར་གསང་ཆེན་ཐབས་གྲོལ་མན་ངག་བཅས། །མཚན་ཉིད་ལྡན་པའི་སྙིང་ཐིག་བྱིན་རླབས་ཀྱི། །ངད་དང་ལྡན་ལ་འདི་འདྲ་སྲིད་ན་དཀོན། །མཆོག་དམན་བར་མ་ཀུན་གྱི་སྤྱོད་ཡུལ་དུ། །ཉེར་འབབས་ཀུན་ལ་ཟུག་རྔུ་བཅིལ་བའི་སྨན། །སྙིང་གའི་རྫིང་བུར་གལ་ཏེ་བསྐྱིལ་ཙམ་ན། །བདུད་རྩིའི་ཆུ་དང་མཚུངས་མིན་ད་གདོད་ཤེས། །སོ་སོར་རྟོག་པས་ལེགས་


SPN003_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེས་ཚིག་དང་དོན། །རིགས་འདུས་ཆོས་ཀྱི་ཕོ་བྲང་ཕྱོགས་གཅིག་ཅེས། །དགོངས་བརྡ་སྙན་བརྒྱུད་རྣམས་ཀྱང་གཟེངས་མཐོ་ནས། །དལ་གྱིས་རྩེ་དགས་འཁྱུད་ལ་བྲེལ་བ་བཞིན། །རྡོ་རྗེ་འཆང་ནས་རིམ་བརྒྱུད་མན་ངག་སྒོར། །ཐབས་དང་སྤྲོས་པ་འཕྱུགས་མེད་བསྟན་པའི་རྒྱུན། །སྲིད་མཐར་བཟུང་སླད་ལེགས་བཤད་ཆ་རེ་ཡང་། །རྒྱལ་བསྟན་གཡང་དུ་ཆགས་པའི་རྒྱུ་རུ་མཛེས། །རང་གཞན་བདེ་ལེགས་ལག་ཏུ་བསྟར་འདོད་པ། །ཀུན་ལ་ཆུ་བཞིན་བྲིམ་པའི་ཆོས་བཀའ་སྟེ། །དེ་ཕྱིར་ཁྱབ་བདལ་འཕེལ་བའི་རི་མོ་དག །འབྲི་བ་འདི་འདྲར་ཕན་ཡོན་བརྗོད་མི་ཤེས། །འདི་བྲིས་ལྷག་བསམ་རྣམ་པར་དཀར་བའི་མཐུས། །ལེགས་བྱས་ཉིད་དུ་རློམ་ན་དགེ་བའི་ཚོགས། །ཅི་མཆིས་མཁའ་ཁྱབ་སྐྱེ་རྒུ་མུ་མེད་རྣམས། །བྱང་ཆུབ་ལམ་ལ་འགོད་པའི་རྒྱུ་རུ་བསྔོ། །ལུང་རྟོགས་བསྟན་པ་བཤད་སྒྲུབ་ཟུང་འབྲེལ་སྒོར། །དར་ཞིང་རྒྱས་ལ་བསྟན་འཛིན་སྐྱེས་བུ་རྣམས། །བསྐལ་བརྒྱར་ཞབས་བརྟན་སྣོད་བཅུད་རྫོགས་ལྡན་གྱི། །དཔལ་དང་ལྡན་པའི་དགེ་མཚན་ལྷུན་འགྲུབ་ཤོག །ཅེས་བྱམས་མགོན་ཆོས་ཀྱི་རྒྱལ་པོ་པདྨའི་ལྗགས་ལྡན་དང་པོ་གང་གི་གསུང་རབ་རྣམས་ཆོས་སྦྱིན་ཕྱི་མོའི་འཕྲུལ་དུ་བསྒྲུབས་པ་ལས་བརྩམས་པའི་དཀར་ཆག་དང་འབྲེལ་བའི་འགྲོས་གཏམ་ཉུང་ངུ་འདི་ཡང་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ནས་སུག་བྲིས་སུ་བགྱིས་པ་དགེའོ། །

པར་བྱང་སྨོན་ཚིག


SPN003_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བུདྡྷ་བཛྲ་དྷ་ར་ཡེ། ཟག་བྲལ་རང་བཞིན་འདུས་མ་བྱས་པ་དོན་དམ་ཆོས་ཉིད་ལྷུན་གྲུབ་འགྱུར་བ་མེད་པའི་རྩལ་དང་མདངས། །ཟག་བཅས་འགྲོ་བའི་འདུས་བྱས་ཀུན་རྫོབ་ཡིད་ཀྱི་དབང་པོར་གདོད་ནས་ལས་སྨོན་ཇི་བཞིན་གསལ་བ་ནི། །ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་དབང་གང་འདུལ་རོལ་པར་དུས་མེད་རྒྱུན་གྱི་འཁོར་ལོ་ཤར་བ་ཉིད། །དག་གཙང་མོས་གུས་སེམས་བསྐྱེད་ལས་འཁྲུངས་བརྒྱུད་པའི་བྱིན་རླབས་ཚོགས་གཉིས་ཡེ་ཤེས་གནས་ལུགས་གཞི་ལ་འཁྲུངས།། རབ་འབྱམས་མཐའ་ཡས་ཞིང་ཀུན་ཏུ། །རྫོགས་པའི་སངས་རྒྱས་བགྲང་ཡས་ཀྱང་། །ཞིང་འདིའི་རྣམ་འདྲེན་བཞི་པ་ནི། །བདག་སོགས་གདུལ་བྱའི་སྐྱབས་ཀྱི་མཆོག །ཉིད་ཀྱི་ཟབ་གསལ་དམ་པའི་ཆོས། །གང་འདུལ་དེར་སྣང་མཐའ་ཡས་པ། །བརྒྱུད་འཛིན་པཎ་གྲུབ་ཚོགས་རྣམས་ཀྱིས།། ཐེག་པ་གསུམ་དུ་བསྡུས་ཏེ་སྤེལ། །ཉན་ཐོས་ཐེག་པའི་ལྟ་སྒོམ་སྤྱོད། །རྣམ་གྲངས་མང་ཡང་སྙིང་པོའི་དོན། །སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ། །ཞི་ལྷག་ཟུང་འཇུག་ཉམས་ལེན་ཉིད། །ཐེག་ཆེན་ཟབ་མོ་ལྟ་བ་དང་། །རྒྱ་ཆེན་སྤྱོད་པ་སྟོང་རྟེན་འབྱུང་། །སྨོན་འཇུག་སེམས་བསྐྱེད་ཚད་མེད་ཀུན། །ཕ་རོལ་ཕྱིན་པ་དྲུག་ཏུ་འདུས། །རྡོ་རྗེ་ཐེག་པའི་གཞི་ལམ་འབྲས། །རྒྱུད་སྡེ་བཞི་དྲུག་བསྐྱེད་རྫོགས་ཀུན། །སྙིང་པོ་ཕྱག་རྫོགས་མན་ངག་དང་། །ཡང་སྙིང་ཟུང་འཇུག་རྣལ་འབྱོར་ཆེ།། སྔར་བྱོན་མེས་པོ་བཀའ་དྲིན་ཅན། །རྒྱ་བལ་པཎ་གྲུབ་ཆེ་རྣམས་དང་། །བོད་ཀྱི་སྐྱེས་ཆེན་ལོ་ཙཱ་བ། །ཆོས་རྒྱལ་དད་འབངས་བཅས་པ་ཀུན། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །བཀའ་དང་དེ་འབྲེལ་བསྟན་བཅོས་ཚོགས། །གཞུང་རྒྱུད་ཁྲིད་དང་མན་ངག་བཅས། །


SPN003_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་བར་ཕྱི་མར་བསྒྱུར་ཅིང་ཞུས། །རྒྱལ་བའི་གདུང་འཚོབ་འཚོ་སྐྱེས་རྗེ། །གྲུབ་པའི་དབང་ཕྱུག་དུ་མ་ཡི། །གསར་རྙིང་གཏེར་ཁ་ལས་འཁྲུངས་པའི། །ཟབ་ཆོས་ཉེ་བརྒྱུད་དུས་སུ་སྨིན། །རྙིང་མ་ལམ་འབྲས་བཀའ་གདམས་པ། །མར་པ་བཀའ་བརྒྱུད་ཤངས་པ་དང་། །ཞི་བྱེད་སྦྱོར་དྲུག་རྡོ་རྗེ་བསྙེན། །ཤིང་རྟ་བརྒྱད་ཀྱི་བརྒྱུད་པ་འཁྲུངས། །སྟོད་ཀྱི་མངའ་རིས་སྐོར་གསུམ་དང་། །བར་གྱི་དབུས་གཙང་རུ་བཞི་དང་། །སྨད་ཀྱི་མདོ་ཁམས་སྒང་དྲུག་ཏུ། །བསྟན་པའི་རྩ་བ་ཟབ་ཅིང་བརྟན། །སྟོན་མཆོག་ཐུབ་པའི་དབང་པོ་དང་། །གུ་རུའི་ལུང་བཞིན་སྒྱུ་འཕྲུལ་གར། །རྒྱལ་ཚབ་བྱམས་མགོན་ཆོས་ཀྱི་རྗེ། །མངའ་བདག་མར་པ་ལོ་ཙཱ་བྱོན། །རྒྱ་གར་འཕགས་པའི་ཡུལ་དུ་ཕེབས། །ན་རོ་མཻ་ཏྲི་ལ་སོགས་བསྟེན། །གདམས་ངག་ཟབ་དགུ་མ་ལུས་པ། །བོད་དུ་སྤྱན་དྲངས་སློབ་ཚོགས་བསྐྱངས།། ཡང་སྤྲུལ་འགྲོ་མགོན་རས་ཆེན་དང་། །རྒྱལ་བའི་དབང་པོ་ཀརྨ་ཀ །དམ་ཚིག་གོང་བུ་གཅིག་ཏུ་བརྒྱུད། །གདན་ས་ཀརྨ་རིན་ཆེན་གླིང་། །གྲུབ་ཆེན་ཆོས་ཀྱི་རྒྱལ་མཚན་ཉིད། །གོང་མ་གཡུང་ལོས་གཙུག་ཏུ་བཀུར། །སྐུ་ཡི་ཕྲེང་བ་བརྒྱད་པ་ནི། །ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་འཁྲུངས། །བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་གི། །མགར་བློན་རིག་པ་ཅན་གྱི་རྒྱུད། །སྡེ་དགེ་ཆོས་རྒྱལ་ཆེན་པོ་ཡིས།། དབུ་ཡི་མཆོད་གནས་གཙུག་ན་འཛིན། །མདོ་སྔགས་རྒྱུད་ལུང་མན་ངག་དང་། །གཞུང་ལུགས་རིག་གནས་མ་ལུས་པའི། །ཆུ་མགོ་ཀུན་ཕན་འཛམ་གླིང་རྒྱན། །དཔལ་ཀུན་སྤུངས་པའི་གདན་ས་བཏབས།། ༧ གོང་ས་བསྐལ་བཟང་རྒྱ་མཚོའི་དབུས། །བསྟན་འཛིན་སྐྱེས་ཆེན་དུ་མ་དང་། །ཐུགས་ཡིད་བསྟན་པའི་རྒྱན་དུ་གཅིག །མཐའ་དབུས་རྒྱལ་བློན་


SPN003_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་བཅས་བཀུར། །པདྨའི་ལྗགས་ལྡན་ཉིན་བྱེད་དབང་། །འགྲོ་མགོན་མཁྱེན་ཀོང་མཆོག་གསུམ་གྱིས། །བསྟན་པའི་ཉི་མ་དགུང་ལ་བསྟོད། །ཕྲིན་ལས་ཐ་གྲུ་ཀུན་ཏུ་རྒྱས། །དགོན་ལག་བརྒྱ་དང་བརྒྱད་ཅུ་དང་། །དགོན་ཕྲན་སྟོང་དང་རྩ་གཉིས་སོགས། །ཆོས་སྡེ་ཆེན་པོ་བཅུ་གསུམ་བཅས། །བོད་དང་བོད་ཆེན་ལྗོངས་ཀུན་ཁྱབ། །དུས་རབས་ཉི་ཤུའི་གཞུང་གི་མཐར། །འདུས་བྱས་ཆོས་ཉིད་མི་རྟག་བཞིན།། གངས་ལྗོངས་རྒྱལ་བསྟན་སྤྱི་བྱེ་བྲག །སྣུམ་ཟད་མར་མེ་བཞིན་དུ་གྱུར། །སྟོན་པའི་ཐུགས་བསྐྱེད་ཚད་མེད་སྟོབས། །བསྟན་པའི་ཕྲིན་ལས་མ་རྫོགས་ཤིང་། །གདུལ་བྱའི་བསོད་ནམས་མ་ཟད་པས། །ལུང་རྟོགས་བསྟན་པའི་ཉི་མ་ཤར། །སྤྱན་རས་གཟིགས་དབང་ཐམས་ཅད་མཁྱེན། །རྒྱལ་བའི་དབང་པོ་རྡོ་རྗེ་འཆང་། །རང་བྱུང་རིག་པའི་རྡོ་རྗེ་རྩལ། །ཁོ་བོའི་རིགས་ཀྱི་བདག་པོར་བཞུགས། །སངས་རྒྱས་དངོས་སྣང་ཆོས་ཀྱི་རྗེས། །སོ་བྱང་སྔགས་ཀྱི་གདམས་པ་དང་། །ཟུང་འཇུག་མན་ངག་ཡང་ཟབ་ཀུན། །བུམ་པ་གང་བྱོའི་ཚུལ་དུ་བསྩལ། །གསུམ་ལྡན་རྡོ་རྗེ་འཛིན་པ་ཡི། །སྐྱེས་ཆེན་མཁན་སློབ་དུ་མའི་དྲུང་། །རིག་གཞུང་དབང་ལུང་མན་ངག་ཚོགས། །རང་བློ་ཚིམས་པའི་བཀའ་དྲིན་ཐོབ། །རྒྱ་མཚོ་ཆུ་ཐིགས་དཔེ་ཇི་བཞིན། །འཕགས་ཡུལ་བྱང་ཕྱོགས་དབེན་གནས་སུ། །གདན་ས་དཔལ་སྤུངས་ཤེས་རབ་གླིང་། །གོང་མའི་མཛད་རྗེས་བསྐྱང་ཕྱིར་བཏབས། །བཤད་སྒྲུབ་ལས་ཀྱི་འཁོར་ལོ་གསུམ། །ངལ་བ་བརྒྱ་ཕྲག་ཁུར་ཁྱེར་ཏེ། །ལྟོས་བཅས་རྗེས་འཇུག་ལྷག་བསམ་ཅན། །གདུང་ཤུགས་ཕྱར་བ་གྲུ་འདེགས་བྱས། །རྒྱལ་བའི་བསྟན་པ་ལུང་རྟོགས་གཉིས། །དེ་འཛིན་བཤད་དང་སྒྲུབ་པའི་སྡེ། །


SPN003_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་གསུང་རབ་དམ་པའི་ཆོས། །ཡང་སྙིང་དམ་གཙང་བརྒྱུད་པ་ཉིད། །གསུང་རབ་བཀའ་དང་བསྟན་བཅོས་དང་། །རིག་གནས་རྒྱལ་རབས་ཆོས་འབྱུང་སོགས། །ཉམས་པ་གསོ་ཞིང་སྤེལ་བ་ནི། །བསྟན་འགྲོའི་དོན་ཆེན་ཡིན་པར་མཐོང་།། དཔལ་སྤུངས་ཆོས་ཀྱི་བང་མཛོད་དུ། །བཞུགས་པའི་མདོ་སྔགས་རིག་གཞུང་ཀུན། །དུས་རབས་གསར་བའི་ལག་རྩལ་གྱིས། །ཕྱི་མོ་ཉིད་དུ་པར་བསྐྲུན་བྱས། །འབད་བརྩོན་ལྷག་བསམ་ཞབས་འདེགས་ཀུན། །དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་། །སྤྲོ་བཞིན་བསྒྲུབས་པའི་འགན་འཛིན་དང་། །ལས་བྱེད་ཡོངས་ཀྱིས་འབད་དེ་བསྒྲུབས། །བཟང་པོའི་བྱ་བ་འདིར་འབྲེལ་ཀུན།། འདི་ཕྱི་ཀུན་ཏུ་དགེ་བ་དང་། །བསྟན་དང་འགྲོ་ལ་ཕན་པའི་ཕྱིར། །སྐྱབས་གནས་དམ་པས་དགེ་ལེགས་སྩོལ། །གང་ཞིག་སྔོན་ཚེ་འཕགས་མཆོག་ཀུན་ཏུ་བཟང་པོའི་སྨོན་ལམ་བཞིན། །རྒྱལ་དང་དེ་སྲས་མཁས་གྲུབ་དགོངས་བཅུད་གསུང་རབ་སྤེལ་བ་འདིས། །བསྟན་པ་རིན་ཆེན་འདི་ཉིད་དར་རྒྱས་ཡུན་དུ་གནས་པ་དང་། །འགྲོ་ཀུན་བདེ་བའི་ལམ་བཟང་མཐོང་བའི་མིག་ཏུ་འགྱུར་བར་ཤོག། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་བདུད་རྩིའི་ཆར་རྒྱུན་རིགས་དྲུག་འགྲོ་བའི་གཙུག་ན་བབས། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་ལ་སོགས་ལྷ་ཡི་ཚོགས་ཀྱིས་སྨན་སྤྲིན་མེ་ཏོག་མཛེས་པས་ལྗོངས་ཀུན་གཏམས། །སྐྱེ་འགྲོ་ཡོངས་ཀྱི་སེམས་རྒྱུད་གདོད་ནས་དག་པའི་བྱིན་རླབས་ཡེ་ཤེས་བཟང་པོ་ལྷུན་གྲུབ་ནང་ནས་གྲོལ། །འཇིག་རྟེན་ཁམས་ཀུན་ཟག་པ་མེད་པའི་སྐལ་བཟང་དགའ་སྟོན་རྫོགས་ལྡན་ཞིང་མཆོག་རྟག་ཏུ་མངོན་གྱུར་ཤོག །ཅེས་པ་འདི་ཉིད་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་


SPN003_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རྣམ་པར་རྒྱལ་བའི་གླིང་གི་གསུང་རབ་ཉམས་གསོ་ཁང་ནས་རྒྱལ་བའི་བཀའ་དང་དེ་འབྲེལ་བསྟན་བཅོས། མཁས་གྲུབ་རྣམས་ཀྱི་གསུང་རབ་ཁྲིད་ཡིག །བཀའ་འབུམ། གཏེར་ཆོས། གདངས་དབྱངས། གར་འཆམ། མཆོད་བཞེངས་སོགས་ཆོ་ག་ཕྱག་ལེན། རིག་གནས། རྒྱལ་རབས་ཆོས་འབྱུང་སོགས་ཡོད་དོ་ཅོག་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཆེད་པར་བསྐྲུན་བགྱིད་རྒྱུའི་ཐོག་མར་གདན་ས་ཆེན་པོ་ཤར་སྡེ་དགེ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་པར་ཁང་དམ་ཆོས་བང་མཛོད་དུ་བཞུགས་པའི་དཔེ་ཆ་ཡོངས་རྫོགས་པར་བསྐྲུན་བྱེད་པའི་སྐབས་པར་བྱང་སྨོན་ཚིག་ཏུ་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་གི་བྱང་ཆུབ་ཆེན་པོའི་གཙུག་ལག་ཁང་དུ་ཀྭན་ཏིང་ཏཱའི་སི་ཏུ་པས་བོད་རབ་བྱུང་༡༧ པའི་ཤིང་བྱ་ཟླ་༥ ཚེས་༤ ཡེ་ལོ་༢༠༠༥ ཟླ་༧ ཚེས་༡༠ ཉིན་ཤར་མར་བྲིས་པ་དགེ་ལེགས་འཕེལ། ཤྲཱི་བི་ཛ་ཡནྟུ།། །།