Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚོགས་མཆོད་ཀྱི་ཆོ་ག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousཚོགས་མཆོད་ཀྱི་ཆོ་གnext

ཚོགས་མཆོད་ཀྱི་ཆོ་ག


TN02_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་བློ་ལྡན་མཆོག་སྲེད་ལ་ན་མོ། རྣལ་འབྱོར་པ་གང་ཞིག་གིས་ཚོགས་མཆོད་ཀྱི་ཆོ་ག་ཤིན་ཏུ་བསྡུས་སྟེ་བྱ་བར་འདོད་པས། མདུན་དུ་ཅི་འབྱོར་བའི་བཟའ་བཏུང་གི་མཆོད་པ་བཤམས་ཏེ། ཐོག་མར། ན་མོ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་


TN02_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །རང་ཉིད་སྐད་ཅིག་གིས་དཔལ་ཀུན་ཏུ་བཟང་པོ་ཁ་སྦྱོར་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ཀྱི་སྐུར་གསལ་བའི་ཐུགས་ཀར་གསུང་རྡོ་རྗེ་ཡི་གེ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། སྣང་སྲིད་ཐམས་ཅད་ལྷུན་གྲུབ་འོད་གསལ་གྱི་འཁོར་ལོར་རྫོགས་པར་གྱུར། །ཞེས་བསམ་ལ། ཨོཾ་ཨཱཿཧཱུཾ། ཅི་ནུས་བཟླས་མཐར། ཨཱརྒྷཾ་སོགས་ནས། ཤབྟ་སརྦ་པཉྩ་རཀྟ་བྷ་ལིང་ཏ་མ་ཧཱ་སུ་ཁ་པུ་ཙ་ཨཱཿཧཱུཾ། ཞེས་མཆོད། ཧཱུཾ། སྤྲོས་བྲལ་ཆོས་ཉིད་བསམ་མི་ཁྱབ། ཁྱབ་གདལ་རང་བྱུང་ཡེ་ཤེས་དང༌། །ཟུང་འཇུག་བླ་མ་དང་པོའི་མགོན། །ཐོག་མའི་སངས་རྒྱས་ཁྱོད་ལ་བསྟོད། །ཅེས་བསྟོད་ནས། རཾ་ཡཾ་ཁཾ། གསུམ། མཁའ་ཁྱབ་རྒྱུ་དང་མི་རྒྱུའི་དངོས་སྣང་ཀུན། །ཀ་དག་གཞོན་ནུ་བུམ་སྐུར་སྦྱར་བ་ལས། །ལྷུན་གྲུབ་རིག་པ་རང་སྣང་འདོད་ཡོན་སྤྲིན། །ལྷན་སྐྱེས་བདེ་བའི་རོལ་མོ་ཅིར་ཡང་འབར། །ཨོཾ་ཨཱཿཧཱུཾ། གསུམ། ཞེས་ཚོགས་རྫས་བྱིན་གྱིས་བརླབས། དེ་ནས་སྤོས་བཏུལ་ཏེ་སྙན་པའི་གདངས་ཀྱིས། ཧཱུཾ། ནང་གསལ་ཁྱད་ཆོས་དྲུག་ལྡན་བུམ་པའི་སྐུ། །གཞི་སྣང་ལུ་གུ་རྒྱུད་ཀྱི་ཟློས་གར་མཁན། །མི་སློབ་ཟུང་འཇུག་གྲུབ་པའི་རིག་པ་འཛིན། །ཆོས་


TN02_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་འོད་སྐུའི་བླ་མ་དབྱིངས་ནས་གཤེགས། །གུ་རུ་བཛྲ་ས་མ་ཡ་ཛཿ རང་བྱུང་རྒྱལ་ཡུམ་ཕག་མོ་རྣལ་འབྱོར་མ། །དབྱིངས་ཕྱུག ཚོགས་བཅས་གཤེགས་སུ་གསོལ། །བཛྲ་ཛྙཱ་ན་ཌཀྐི་ནི་ས་མ་ཡ་ཛཿ ཞེས་རྩ་གསུམ་ཞི་ཁྲོ་རབ་འབྱམས་རྡོ་རྗེ་སློབ་དཔོན་གྱི་གསང་བ་གསུམ་དང་རོ་གཅིག་པར་ཤེས་པས་སྤྱན་དྲངས་ཞིང་མཁའ་སྤྱོད་དཔའ་བོ་མཁའ་འགྲོའི་སྤྲིན་ཕུང་ནམ་མཁའ་གང་བར་སད་པར་བལྟས་ལ། ཧཱཾཨུ་སྣང་ཞིང་སྲིད་པའི་བཏན་གཡོ་མ་ལུས་པ། །འཕོ་མེད་རིག་སྟོང་རྡོ་རྗེའི་ཏིང་འཛིན་གྱིས། །དགའ་ཆེན་དགྱེས་པ་མཆོག་གི་ལོངས་སྤྱོད་ཆེར། །བྱིན་གྱིས་བརླབས་པའི་དམ་རྫས་འདོད་ཡོན་སྤྲིན། །ནམ་མཁའ་གང་བའི་ཆོ་འཕྲུལ་མི་ཟད་པས། །བླ་མ་རིགས་རྣམས་ཀུན་གྱི་ཁྱབ་བདག་མཆོག །རྒྱལ་ཡུམ་མཁའ་སྤྱོད་་གཙོ་མོ་ཆེ། །རྩ་གསུམ་ཞི་ཁྲོ་བཅས་པའི་ཐུགས་དམ་བསྐངས། །ཀུན་རྟོག་གློ་བུར་འཁྲུལ་པའི་གཞན་དབང་གིས། །རྣལ་འབྱོར་དམ་ཚིག་ཉམས་པ་མཐོལ་ཞིང་འཆགས། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ། །མི་འགྱུར་བདེ་སྟོང་རྣམ་ཀུན་མཆོག་ལྡན་གྱི༌།དངོས་གྲུབ་དཀའ་བ་མེད་པར་མྱུར་འགྲུབ་མཛོད། །ག་ན་ཙཀྲ་པུ་ཙ་ཁཱ་ཧི། ཞེས་ཚོགས་མཆོད་ཕུལ། ཨོཾ་ཨཱཿཧཱུྃ་ཧཱ་སརྦ་པཉྩ་


TN02_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲི་ཏ་སརྦ་སིདྡྷི་ཕ་ལ་ཧོ། །ཞེས་ཚོགས་ལ་རོལ། དེ་ནས་ལྷག་མ། ཨོཾ་ཨཱཿཧཱུྃ། ཞེས་བྱིན་རླབས་བྱ། ཧཱུྃ། ཀུན་བཟང་རིག་པ་རྩལ་གྱི་འཁོར་ལོ་ཆེ། །འོད་གསལ་བཅུད་དུ་སྨིན་པའི་གིང་ལང་ཀ༌།དབང་ཕྱུག་བསྟན་མ་རྒྱ་མཚོའི་ཚོགས་བཅས་ཀྱིས། །བདུད་རྩིའི་ལྷག་གཏོར་འདི་བཞེས་ཕྲིན་ལས་སྒྲུབས། །ཨུཥྩི་ཊ་བ་ལིང་ཏ་ཁཱ་ཧི། ཞེས་མཆོད། གདན་གསུམ་རིག་པ་རང་སྣང་དཀྱིལ་འཁོར་དུ། །དགྱེས་སྤྲིན་ཚོགས་ཀྱི་མཆོད་པ་འདི་ཕུལ་བས། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་སྟེ། །དོན་གཉིས་ཡིད་བཞིན་འཇོ་བའི་བཀྲ་ཤིས་ཤོག །ཅེས་སྨོན་ལམ་དང་བཀྲ་ཤིས་བརྗོད་དེ། །ཚོགས་ཞིང་རྣམས། བཛྲ་མུས་གཤེགས་སུ་གསོལ། བདག་བསྐྱེད་དབྱིངས་སུ་བསྡུའོ། །ཞེས་པའང་བཙུན་པ་བློ་གསལ་འཇིགས་མེད་བཟང་པོའི་ངོར། གཞོན་ནུ་འཇིགས་མེད་པས་གང་དྲན་བྱུང་རྒྱལ་དུ་བྲིས་པ་དགེ། །།


previousཚོགས་མཆོད་ཀྱི་ཆོ་གnext