Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་གྱི་མངོན་རྟོགས་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousརྟ་མགྲིན་གྱི་མངོན་རྟོགས་བསྡུས་པ།next

རྟ་མགྲིན་གྱི་མངོན་རྟོགས་བསྡུས་པ།


TN02_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་མངོན་རྟོགས་བསྡུས་པ་བཞུགས་སོ། །དང་པོ་སྐྱབས་སེམས་སྔོན་སོང་ནས། །དངོས་གཞི་བསྐྱེད་པའི་རིམ་པ་ནི། ཨོཾ། །རང་རིག་སྤྲོས་བྲལ་ངང་ཉིད་ལས། །མཁའ་ལ་འཇའ་ཚོན་ཤར་བ་བཞིན། །དཔལ་ཆེན་པདྨ་ཧེ་རུ་ཀ༌།སྐུ་མདོག་བསྐལ་པའི་མེ་ལྟར་འབར། །ཞལ་གཅིག་ཕྱག་གཉིས་གར་དགུས་བརྗིད། །དབུ་གཙུག་རྟ་མགོ་ལྗང་ཞུར་


TN02_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

འཚེར། །ཕྱག་གཡས་དབྱུག་ཏོ་གཡོན་སྡིགས་མཛུབ། །ཞབས་གཉིས་གྱད་ཀྱི་འདོར་སྟབས་ཀྱིས། །པད་ཉི་བམ་རོའི་གདན་ལ་བཞུགས། །དུར་ཁྲོད་ཆས་ཀུན་བརྗིད་པར་གསོལ། །བསྐལ་པའི་མེ་དཔུང་རབ་འབར་ཀློང༌། ཁམས་གསུམ་ཟིལ་གནོན་ཆེན་པོར་བཞེངས། །བདག་ཉིད་དེ་ལྟར་གསལ་བ་ཡི། །ཐུགས་ཀར་པད་ཉི་ས་བོན་མཐར། །བཟླ་བྱའི་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས། །ཀ་དག་སྟོང་གསལ་ཆེན་པོའི་ངང༌། །གྲགས་སྟོང་སྐྱེ་མེད་སྔགས་འདི་བཟླ། །ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱཾཨུ་ཕཊཿ སྣང་བ་ལྷ་དང་སྒྲ་གྲགས་སྔགས། །དྲན་རྟོག་ཆོས་ཉིད་འཁོར་ལོ་རུ། །ཤེས་པར་བྱ་བ་གནད་ཡིན་ལ། །རྗེས་ཐོབ་དགེ་བ་འགྲོ་ལ་བསྔོ། །ཤྲཱི་སིང་ཧའི་ངོར། རྡོ་སྤྲུལ་མིང་གིས་སོ། །རྒྱལ་ཀུན་གསུང་གི་རྡོ་རྗེ་འོད་དཔག་མེད། །དྲག་པོའི་སྐུར་བཞེངས་པདྨ་ཧེ་རུ་ཀ༌།གར་དགུའི་ཉམས་ལྡན་རྟ་མཆོག་རོལ་པ་ལ། །གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །ཅེས་བསྟོད་དོ།། །།


previousརྟ་མགྲིན་གྱི་མངོན་རྟོགས་བསྡུས་པ།next