Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱུད་ཕུར་རྒྱས་པ་དང་དབང་གི་སྦྱིན་སྲེག་འབྱིན་འཇུག་བགྱི་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousརྒྱུད་ཕུར་རྒྱས་པ་དང་དབང་གི་སྦྱིན་སྲེག་འབྱིན་འཇུག་བགྱི་ཚུལ།next

རྒྱུད་ཕུར་རྒྱས་པ་དང་དབང་གི་སྦྱིན་སྲེག་འབྱིན་འཇུག་བགྱི་ཚུལ།


TN02_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ཡ། རྒྱུད་ཕུར་གཞུང་ལས་རྒྱས་དབང་མཆོག་གི་སྦྱིན་སྲེག་གསུམ་དངོས་སུ་མ་གསུངས་ཀྱང༌། སྲེག་བླུགས་བདུད་རྩི་ཐིགས་པའི་ཚིག་རིས་ལ་འབྱིན་འཇུག་བགྱིས་ཏེ་བྱར་རུང་བས། དེ་ལ་དང་པོ་རྒྱས་པའི་སྦྱིན་སྲེག་སྐབས་ཐབ་བསང་མེ་ལྷ་བསྐྱེད་པའི་ཚིག་སྒྱུར་ནི།


TN02_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷ་ཝ་ནས། ཡོངས་སུ་གྱུར་པ་ལས། །རྒྱས་པའི་ཐབ་ཁུང་གྲུ་བཞི་སེར། །མུ་རན་ཁ་ཁྱེར་རིན་ཆེན་ལྡན། །སྣ་ཚོགས་པདྨའི་ལྟེ་བ་རུ། །རཾ་ལས་རྒྱས་པའི་མེ་ལྷ་ནི། །སྤུན་ལ་ཁ་དོག་སེར་པོ་སྟེ། །འོད་ཟེར་སེར་པོ་འཁྱིལ་ཚུལ་སྤྲོ། །ར་སྐྱེས་གསེར་མདོག་གདན་ལ་བཞུགས། །བགྲང་ཕྲེང་རིན་ཆེན་ཕྱག་ན་བསྣམས། །ལེགས་ཚོགས་མ་ལུས་རྒྱས་མཛད་པ། །དྲང་སྲོང་ཚོགས་ཀྱིས་སོགས། སྤྱན་འདྲེན་གྱི། རབ་ཏུ་སྤུན་ལ་སྐུ་མདོག་གསེར། །ཞེས་སྦྱོར། བསྲེག་རྫས་འབུལ་སྔགས་སྐབས། དི་བྱ་དི་པ་ཡེ་པུཥྟིཾ་ཀུ་རུ་ཨོཾ། ཞེས་མཐའ་བསྒྱུར། དེ་ནས་འདོད་གསོལ་ནི། ཚེ་དང་བསོད་ནམས་གཟི་བརྗིད་སྟོབས། །འཁོར་དང་ལོངས་སྤྱོད་ཤེས་རབ་སྤེལ། །ཆོས་རིགས་བརྒྱུད་འཛིན་ཕུན་ཚོགས་དང༌། །སྙན་གྲགས་ཕྱོགས་བཅུར་རྒྱས་པར་མཛོད། །ཅེས་བརྗོད་བསྲེག་ལྷ་བསྐྱེད་ཆོག་སོགས་དཀྱུས་བཞིན་ལས་བསྲེག་བླུགས་ཀྱི་རྒྱུན་དྲངས་ཏེ་གསོལ་བས། ཞེས་པའི་འཕྲོ། རྒྱས་པའི་ཕྲིན་ལས་མཛད་པར་གྱུར། །ཅེས་དང༌། གཏི་མུག་རྡོ་རྗེ་སོགས་ལ། ཧཱུཾ། སེར་སྣ་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཡུད་ཙམ་གྱིས་ནི་རྒྱས་མཛད་པའི། །རྒྱས་མཛད་མཆོད་པ་བཞེས་སུ་གསོལ། །


TN02_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བསྒྱུར་ནས། རྒྱས་པ་ལ་སེར་སྣ་རྡོ་རྗེའི་ཕྱག་བཞེས་གཙོ་ཆེ་ཞིང༌། དཀྱིལ་འཁོར་གྱི་གཙོ་བོ་ཞེ་སྡང་རྡོ་རྗེ་ཡིན་ཡང༌། བདུད་རྩི་ཐིགས་པ་གཏི་མུག་རྡོ་རྗེ་སོགས་ཀྱི་ཚིགས་བཅད་གཅིག་པུ་འབྱུང་བ་དང་འགྲིགས་སམ་སྙམ། རྫས་སྔགས་ཀྱི་མཐའ་མེ་ལྷའི་སྐབས་བཞིན་བརྗོད། བར་མཚམས་སུ་འདོད་དོན་གསོལ་བའི་ཚེ། བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས། །ཚེ་དང་བསོད་ནམས་གཟི་བརྗིད་སྟོབས། །སོགས་གོང་བཞིན་དང་དེ་མཐར། ལྷ་ཚོགས་རྣམས་ཀྱི་སྐུ་ལས་བཙོ་མའི་གསེར་ཞུན་ལྟ་བུའི་འོད་ཟེར་འཕྲོས། རང་དང་བསྒྲུབ་བྱ་ལ་རེག་པས་ཚེ་བསོད་ཡེ་ཤེས་ལོངས་སྤྱོད་སྲིད་ཞིའི་ཡོན་ཏན་ཐམས་ཅད་རྒྱས་པར་གྱུར། ཅེས་སྦྱར་མེ་ལྷར་གཏང་རག་དབུལ་སྔགས་ཀྱང་སྔ་མ་བཞིན་ཁ་བསྒྱུར་བྱ་སྟེ། གཞན་ནི་དཀྱུས་ཉིད་ལྟར་རོ། །དབང་གི་སྦྱིན་སྲེག་ལ་ཡང་དེའི་འགྲེས་ཀྱིས་མེ་ལྷ་བསྐྱེད་པར། དབང་གི་ཐབ་ཁུང་ཟླ་གམ་དམར། །མུ་རན་ཁ་ཁྱེར་ལྕགས་ཀྱུ་ཅན། །སྣ་ཚོགས་པདྨའི་ལྟེ་བ་རུ། །རཾ་ལས་དབང་གི་མེ་ལྷ་ནི། །སྤུན་ལ་ཁ་དོག་དམར་པོ་སྟེ། །འོད་ཟེར་དམར་པོ་འཁྱིལ་ཚུལ་སྤྲོ། །ཟངས་ཀྱི་ར་སྐྱེས་གདན་ལ་བཞུགས། །བགྲང་ཕྲེང་ལྕགས་ཀྱུ་ཕྱག་ན་བསྣམས། །སྣང་སྲིད་ཐམས་ཅད་དབང་མཛད་སོགས། ལྷག་མ་རྣམས་ལ། རབ་ཏུ་སྤུན་ལ་སྐུ་མདོག་དམར། །དི་པ་ཡེ་ཝ་ཤཾ་ཀུ་རུ་ཧོ། །ས་གསུམ་སྣོད་ཀྱི་དགེ་མཚན་


TN02_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །མཐུ་ཆེན་རྒྱལ་བློན་སྡེ་དང་དཔུང༌། །ལྷ་ཀླུ་གནོད་སྦྱིན་དྲེགས་པའི་ཚོགས། །ཐམས་ཅད་དབང་དུ་འདུ་བར་མཛོད། །ཅེས་དང༌། རྒྱུན་དྲངས་ཏེ་གསོལ་བས་དབང་གི་ཕྲིན་ལས་མཛད་པར་གྱུར། ཧཱུཾ། འདོད་ཆགས་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཡུད་ཙམ་གྱིས་ནི་དབང་མཛད་པའི། །དབང་མཛད་མཆོད་པ༴ སོགས། འདོད་གསོལ་ནི། བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། སོགས། ས་གསུམ་སྣོད་ཀྱི་སོགས། ལྷ་ཚོགས་རྣམས་ཀྱི་སྐུ་ལས་འཆར་ཀའི་དམར་འོད་ལྟ་བུའི་འོད་ཟེར་འཕྲོས། རང་དང་བསྒྲུབ་བྱ་ལ་རེག་པས་རང་གཞན་གྱི་སྣང་བ་དབང་དུ་འདུ་བར་གྱུར། ཅེས་བསྒྱུར། མཆོག་གི་སྲེག་བླུགས་སྐབས། ཕལ་ཆེར་ཞི་བའི་སྦྱིན་སྲེག་ལྟར་དང༌། འདོད་གསོལ་གྱི་ཁྱད་པར་སྐབས། ཟབ་གསལ་གཉིས་མེད་ཡེ་ཤེས་ཀྱིས། །སྒྲིབ་པའི་བུད་ཤིང་འཚིག་པར་མཛོད། །དོན་གཉིས་རྣམ་པ་ཐམས་ཅད་པའི། །སྐུ་དང་ཡེ་ཤེས་རྒྱས་པར་མཛོད། །ཅེས་པ་ལྟ་བུ་དང༌། སྤྲོ་ན་སྔགས་མཐར། མཆོག་གི་དངོས་གྲུབ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་དང༌། བསྲེག་ལྷ་ལ་དངོས་གྲུབ་བླང་བ་ལ་སོགས་པའི་ལས་རིམ་དང༌། ལས་བཞི་སོ་སོའི་ཐབ་དང་བུད་ཤིང་རྫས་ཀྱི་རྣམ་དབྱེ་སོགས། སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྦྱིན་སྲེག་ཆོ་ག་སོགས་ལས་ཤེས་པར་


TN02_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཞེས་པའང༌། འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་སོ།། ༈ །།


previousརྒྱུད་ཕུར་རྒྱས་པ་དང་དབང་གི་སྦྱིན་སྲེག་འབྱིན་འཇུག་བགྱི་ཚུལ།next