Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཡང་སྒྲུབ་བྱ་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousགཡང་སྒྲུབ་བྱ་ཚུལ།next

གཡང་སྒྲུབ་བྱ་ཚུལ།


TN02_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་རྫས་བསག་ཚུལ་གཡང་སྒྲུབ་མགོའི་ཡིག་ཆུང་ལྟར་དང༌། འདི་ནི་སྦྱིན་པའི་རང་བཞིན་ཆུ་སོགས་ཀྱིས་ཁྲུས་བྱ། །འཛོམས་ན་དམེ་བརྩེགས་ལྟ་བུས་བུམ་པ་སྒྲུབ་ནས་ཁྲུས་བྱས་ན་ལེགས། བགེགས་གཏོར་བྱིན་བརླབས། ཧཱུྃ། ང་ནི་སྤྱི་དཔལ་ཆེན་པོ་སོགས་ཀྱིས་བགེགས་བསྐྲད། ཧཱུཾ། བདག་ཉིད་ཞེ་སྡང་སོགས་ཀྱི་སྲུང་འཁོར་བསྒོམ། ཧོཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལཿ སོགས་ཡན་ལག་བདུན་པ། ཨོཾ་བཛྲ་ཨ་མྲྀ་ཏ་སོགས། ཨོཾ་སྭཱ་བྷ་ཝ་སོགས་ཀྱིས་སངས་སྦྱངས། སྟོང་པའི་ངང་ལས་སོགས་ནས། ཕྱྭ་ཁུ་ཡེ། གཡང་ཁུ་ཡེ། ཡིག་ཆུང་བཞིན། ཚེ་དང་ལོངས་སྤྱོད་བརྟན་པར་བསམ་མོ། །ཡེ་་ཉེར་གཅིག་བརྗོད། ཧཱཾཨུ་ཧཱཾཨུ་ཧཱུྃ། སྐུ་གསུང་ཐུགས་ཀྱི་མགོན་པོ། མན་ཆད། དེ་འདྲ་ཚར་ཅི་མང་ལྡབ། དགོང་མོ་འཇོག་དུས་འོག་གི༌།རྣལ་འབྱོར་བདག་ཅག་ཡོན་མཆོད་སོགས་སྨོན་ལམ་མན་ཆད་མཐར་ཆགས་སུ་འདོན། ཉིན་སྔ་མ་རྣམས་ལ་དེ་འདྲ་སྦྱར་བ་རེད། ཉིན་རྗེས་མ་ལ། གོང་གི་ཚེ་དང་ལོངས་སྤྱོད་བརྟན་པར་བསམ་མོའི་མཐར། རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །སོགས་མན་རྔ་མ་ཕུད་ནས། ཡེ་དྷ་རྨཱ་ཅི་མང་བཟླ། ཡང་ན་གཡང་སྒྲུབ་མགོ་མཇུག་ཚང་མ་རེ་རེ་བཞིན་འདོན་ནས་བཀྲ་ཤིས་འཇུག་ཏུ། ཡེ་༴ ཅི་མང་བ་སོགས་ནས། ཧཱུཾ། སྐུ་གསུང་ཐུགས་ཀྱི་


TN02_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ༴ མན་ཆད་ཝོར་སྲོལ་ཡང་དར་ལགས། ཡིག་ཆུང་ལ་ཞིབ་ཏུ་ལྟོས་དང་གསལ་པོ་ཡོད་ལགས།། ༈ །།


previousགཡང་སྒྲུབ་བྱ་ཚུལ།next