Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་སྒྲུབ་དཔལ་ཆེན་འདུས་པའི་ལས་བྱང་ལ་སྦྱོར་རྒྱུའི་བསྐང་བ་མདོར་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousཐུགས་སྒྲུབ་དཔལ་ཆེན་འདུས་པའི་ལས་བྱང་ལ་སྦྱོར་རྒྱུའི་བསྐང་བ་མདོར་བ།next

ཐུགས་སྒྲུབ་དཔལ་ཆེན་འདུས་པའི་ལས་བྱང་ལ་སྦྱོར་རྒྱུའི་བསྐང་བ་མདོར་བ།


TN02_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤྲཱི་ཧེ་རུ་ཀ༌།ཐུགས་སྒྲུབ་དཔལ་ཆེན་འདུས་པའི་ལས་བྱང་ལ་སྦྱོར་རྒྱུའི་བསྐང་བ་མདོར་བསྡུས་ནི། སྐང་རྫས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ་ལ། ཧཱུྃ་ཆོས་དབྱིངས་ཀུན་ཁྱབ་ཡེ་ཤེས་ཆེན་པོའི་རྩལ། །འགགས་མེད་སྒྱུ་འཕྲུལ་དྲ་བའི་རོལ་མོ་ནི། །སྣང་བའི་དངོས་ཀུན་དག་ཆེན་རྡོ་རྗེའི་ཞིང༌། །ལྷུན་གྲུབ་རིག་པ་སྣང་སྲིད་གཞི་བཞེངས་ཆེའི། །དཀྱིལ་འཁོར་ཡོངས་རྫོགས་འོག་མིན་ཆེན་པོའི་གནས། །གཡོ་བའི་དངོས་སྣང་དག་པ་རབ་འབྱམས་ཀྱི། །ཡེ་ཤེས་ནམ་མཁའི་རྡོ་རྗེར་ལྷུན་རྫོགས་པའི། །བདེ་ཆེན་


TN02_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་བདུད་རྩིའི་མཆོད་སྤྲིན་གཏེར། །ཕྱི་ལྟར་ཉེར་སྤྱོད་འདོད་པའི་ཡོན་ཏན་རྫས། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང༌། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་སྤྲིན། །ནང་ལྟར་ཡུལ་དྲུག་དབྱིངས་སུ་ཐིམ་པའི་རྩལ། །རྡོ་རྗེ་སྒེག་བཞད་གླུ་དང་གར་མཁན་མ། །མཆོད་པའི་ལྷ་མོས་འདོད་ཡོན་ཆར་དུ་འབེབས། །གསང་བ་སྦྱོར་སྒྲོལ་སྨན་གཏོར་རྐྟ་སོགས། །ཡེ་ཤེས་སྒྱུ་མ་ལོངས་སྤྱོད་ཆེན་པོའི་རྫས། །ཀུན་བཟང་རིག་པ་རང་སྣང་རོལ་པའི་སྤྲིན། །ཆོས་ཀྱི་དབྱིངས་ལྟར་འདོད་དགུའི་ཆར་འབེབས་པས། །བླ་མ་ཧེ་རུ་ཀ་དཔལ་ཐུགས་དམ་བསྐང༌། །ཆེ་མཆོག་རྡོ་རྗེ་སྲིན་པོའི་ཐུགས་དམ་བསྐང༌། །དཔལ་ཆེན་ཡང་དག་ལྷ་ཚོགས་ཐུགས་དམ་བསྐང༌། །འཇམ་དཔལ་དུས་དགྲའི་ལྷ་ཚོགས་ཐུགས་དམ་བསྐང༌། །རྟ་མཆོག་དབང་གི་ལྷ་ཚོགས༴ ཐལ་འབྱིན་ཕུར་པའི༴ རྦོད་གཏོང་མ་མོའི༴ རིག་འཛིན་སློབ་དཔོན༴ འཇིག་རྟེན་མཆོད་བསྟོད༴ དྲག་སྔགས་དམོད་པའི༴ བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཐུགས་དམ་བསྐང༌། །མདོར་ན་ཡེ་ཤེས་ཀློང་དགུའི་རྣམ་རོལ་ལས། །གང་འདུལ་སྒྱུ་འཕྲུལ་དྲ་བའི་ཟློས་གར་གྱིས། །དོན་གཉིས་འདོད་པ་ཡོངས་སུ་རྫོགས་མཛད་པ། །སྒྲུབ་


TN02_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་བསྐང༌། །ཧཱུྃ། དེ་ལྟར་ཐུགས་དམ་བསྐང་ཞིང་མཆོད་པའི་མཐུས། །བདག་གཞན་སྒོ་གསུམ་ཉེས་ཚོགས་ཡོངས་དག་ནས། །རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་སྤྱི་གཟུགས་མཆོག །ཧེ་རུ་ཀ་དཔལ་ཚེ་འདིར་མངོན་འགྲུབ་ཤོག །ཅེས་པའང་བཙུན་པ་ཟླ་བའི་མིང་ཅན་གྱི་ངོར་སྤྲང་པོ་འཇིགས་མེད་པས་སོ།། །།


previousཐུགས་སྒྲུབ་དཔལ་ཆེན་འདུས་པའི་ལས་བྱང་ལ་སྦྱོར་རྒྱུའི་བསྐང་བ་མདོར་བ།next