Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོའི་བརྒྱུད་འདེབས་ཁ་སྐོང་།
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོའི་བརྒྱུད་འདེབས་ཁ་སྐོང་།next

མཁའ་འགྲོའི་བརྒྱུད་འདེབས་ཁ་སྐོང་།


TN02_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་བརྒྱུད་འདེབས་ཁ་སྐོང༌། །རླབས་ཆེན་འགྲོ་འདུལ་སྤྱོད་པའི་ཀློང་ཡངས་ནས། །རིག་འཛིན་འཇིགས་


TN02_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྒྱལ་བའི་མྱུ་གུ་ལ། །ནམ་ཐར་རྗེས་དྲན་ངང་ནས་གསོལ་བ་འདེབས། །ཕྱོགས་མེད་འགྲོ་དོན་ནུས་པར་བྱིན་གྱིས་རློབས། །རབ་འབྱམས་ཆོས་ཚུལ་རྒྱ་མཚོའི་ཕོ་བྲང་ནས། །འཇམ་དཔལ་རྡོ་རྗེ་མདོ་སྔགས་གླིང་པའི་ཞབས། །སྒོ་གསུམ་ཟོལ་མེད་ངང་ནས་གསོལ་བ་འདེབས། །ཟབ་ལམ་མཐའ་རུ་འཁྱོལ་བར་བྱིན་གྱིས་རློབས། །མི་འབྲལ་བདེ་ཆེན་འཁོར་ལོའི་ཟུར་ཕུད་ནས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། ཁྱེད་ཤེས་མོས་གུས་ངང་ནས་གསོལ་བ་འདེབས། །དགོངས་བརྒྱུད་བདུད་རྩིས་འཚོ་བར་བྱིན་གྱིས་རློབས།། །།


previousམཁའ་འགྲོའི་བརྒྱུད་འདེབས་ཁ་སྐོང་།next