Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེང་གདོང་བརྒྱུད་འདེབས་ཁ་སྐོང་།
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousསེང་གདོང་བརྒྱུད་འདེབས་ཁ་སྐོང་།next

སེང་གདོང་བརྒྱུད་འདེབས་ཁ་སྐོང་།


TN02_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གདོང་བརྒྱུད་འདེབས་ཁ་སྐོང༌། བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་ཕོ་བྲང་ནས། །སྣང་མཛད་རིག་པའི་རྡོ་རྗེ་ལ་གསོལ་བ་འདེབས། །དགོངས་བརྒྱུད་ཡེ་ཤེས་འཕོ་བར་བྱིན་གྱིས་རློབས། །སྤྲོས་བྲལ་འོད་གསལ་སྙིང་པོའི་ཕོ་བྲང་ནས། །གྲུབ་དབང་པདྨ་བཛྲ་ལ་གསོལ་བ་འདེབས། །གཟུང་འཛིན་འཁྲུལ་པ་ཞིག་པར་བྱིན་གྱིས་རློབས། །སྤངས་རྟོགས་རྩལ་ཆེན་རྫོགས་པའི་ཕོ་བྲང་ནས། །འོད་གསལ་སྤྲུལ་པའི་རྡོ་རྗེ་ལ་གསོལ་བ་འདེབས། །གཟུང་འཇུག་ལམ་བཟང་རྙེད་པར་བྱིན་གྱིས་རློབས། །མོས་གུས་རིན་ཆེན་བརྩེགས་པའི་ཕོ་བྲང་ནས། །དྲིན་ཆེན་ཆོས་རྗེ་བླ་མ་ལ་གསོལ་བ་འདེབས། །དོན་གཉིས་ཕྱོགས་མེད་འགྲུབ་པར་བྱིན་གྱིས་རློབས། །འཇིགས་མེད་བསྟན་པའི་ཉི་མས་སོ།། །།


previousསེང་གདོང་བརྒྱུད་འདེབས་ཁ་སྐོང་།next