Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འགྲོ་འདུལ་སྡུག་བསྔལ་རང་གྲོལ་ལ་བརྟེན་པའི་སཱཙྪ་སྒྲུབ་ཚུལ།
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousའགྲོ་འདུལ་སྡུག་བསྔལ་རང་གྲོལ་ལ་བརྟེན་པའི་སཱཙྪ་སྒྲུབ་ཚུལ།next

འགྲོ་འདུལ་སྡུག་བསྔལ་རང་གྲོལ་ལ་བརྟེན་པའི་སཱཙྪ་སྒྲུབ་ཚུལ།


TN02_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་འདུལ་སྡུག་བསྔལ་རང་གྲོལ་ལ་བརྟེན་པའི་སཱ་ཙྪ་བསྒྲུབ་ཚུལ་བཞུགས།


TN02_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འཇིག་རྟེན་དབང་ཕྱུག་ལ་ན་མོ། །འགྲོ་འདུལ་འཕགས་པ་སྡུག་བསྔལ་རང་གྲོལ་གྱི་སྒོ་ནས་སཱ་ཙྪ་བསྒྲུབ་ཚུལ་མདོར་བསྡུས་ངག་འདོན་དུ་བརྗོད་ན། རབ་ཏུ་གནས་པའི་སཱ་ཙྪ་རྣམས་སྟེགས་བུ་ཁེབ་ལྡན་ལ་ལེགས་པར་བཀོད། དེའི་མདུན་དུ་མཆོད་པ་རྒྱ་ཆེར་བཤམ། བདག་བསྐྱེད་སྔོན་དུ་བཏང་སྟེ་མཆོད་པ་རྣམས། ཨོཾ་ཨཱཿཧཱཾཨུཿ ཕྱི་ནང་གསང་བའི་མཆོད་རྫས་མ་ལུས་པཿ རྣམ་པ་རྫས་ལ་ངོ་བོ་ཡེ་ཤེས་ཀྱིཿ བདུད་རྩི་ཆེན་པོ་རོ་བརྒྱའི་དཔལ་འཛིན་པསཿ དཀྱིལ་འཁོར་ལྷ་ཚོགས་མཉེས་པའི་དཔྱིད་དུ་གྱུརཿ ཨོཾ་བཛྲ་ཨཱརྒྷཾ་མ་པུཥྤེ་་ཨ་ལོ་ཀེ་་ནཻ་ཝི་དྱེ་ཤབྡ་སརྦ་པཉྩ་རཀྟ་བྷ་ལིངྟ་མ་ཧཱ་སུ་ཁ་པཱུ་ཛ་ཨཱཿཧཱཾཨུཿ ལན་གསུམ་གྱིས་བརླབཿ བསྐྱེད་ཆོག་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ནཱ་བཛྲ་སྭཱ་བྷ་ཝ་་ཀོ྅ཧཾ། ཆོས་ཀུན་མི་དམིགས་གཞི་མེད་རྩ་བྲལ་ངང་ཿ དབྱིངས་རིག་ཟུང་འཇུག་དག་པ་ཆེན་པོའི་ཞིང་ཿ རང་སྣང་


TN02_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་རི་བོ་པོ་ཏཱ་ལཿ དེ་དབུས་རབ་ཡངས་པདྨ་ཟླ་བའི་སྟེང་ཿ རིན་ཆེན་མཆོད་རྟེན་ཡངས་ཤིང་རྒྱ་ཆེ་བཿ གྲངས་མཉམ་རྣམས་ཀྱི་བུམ་ནང་དུཿ བརྡ་རྟགས་མཚན་ཉིད་རྫོགས་པའི་དཀྱིལ་འཁོར་དབུསཿ སྣ་ཚོགས་པདྨ་སྟོང་ལྡན་ཉི་ཟླའི་སྟེང་ཿ ཧྲཱིཿལས་འགྲོ་འདུལ་འཕགས་མཆོག་སྙིང་རྗེའི་ལྷཿ སྡུག་བསྔལ་རང་གྲོལ་སྤྱན་རས་གཟིགས་དབང་སྐུཿ ཞལ་གཅིག་ཕྱག་བཞི་མཉམ་པའི་སྟབས་ཀྱིས་བཞེངསཿ རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་ཚུལཿ ལྷག་མ་རྣམ་གཉིས་བགྲང་ཕྲེང་པད་དཀར་འཆང་ཿ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་མཛེསཿ དཀར་དམར་མདངས་ལྡན་རུས་པའི་རྒྱན་གྱིས་སྤྲསཿ ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་མཛེསཿ དབུ་གཙུག་རིགས་བདག་འོད་དཔག་མེད་པས་མཚནཿ


TN02_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞིར་པདྨ་འདབ་བཞིའི་གདན་སྟེང་དུཿ ཤར་དུ་རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀརཿ ལྷོ་རུ་འོད་ཟེར་ཅན་མ་གསེར་གྱི་མདོགཿ ནུབ་ཏུ་ཀུ་རུ་ཀུལླེ་པད་རག་མདངསཿ བྱང་དུ་ནོར་རྒྱུན་ལྷ་མོ་སྐུ་མདོག་ལྗང་ཿ ཀུན་ཀྱང་རང་རང་རྒྱན་དང་ཆ་ལུགས་རྫོགསཿ སྒོ་བཞིར་དབང་ཆེན་སྡེ་བཞི་ལས་མདོག་ཅནཿ གྲི་གུག་ཐོད་འཛིན་དོར་སྟབས་འཇིགས་ཚུལ་རྔམསཿ ཁྲོ་བོའི་ཆས་རྫོགས་མེ་དཔུང་ཀློང་ན་འགྱིང་ཿ བར་མཚམས་སངས་རྒྱས་བྱང་སེམས་རིག་འཛིན་དང་ཿ དཔའ་བོ་་དམ་ཅན་སྤྲིན་ལྟར་གཏིབསཿ སྣང་སྟོང་སྒྲིབ་གཡོགས་བྲལ་བའི་དབྱིངས་ན་གསལཿ ཀུན་ཀྱང་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚནཿ དེ་ལས་འོད་འཕྲོས་རང་བཞིན་གནས་མཆོག་དང་ཿ ཁྱད་པར་སྤྲུལ་པའི་ཞིང་ཁམས་པོ་ཏཱ་ལཿ གནས་ཡུལ་ཉེར་བཞི་དུར་ཁྲོད་བརྒྱད་སོགས་ནསཿ ཡེ་ཤེས་ལྷ་ཚོགས་བཛྲ་ས་མཱ་ཛཿ སྤྱན་འདྲེན་པ་ནི། ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དབང་གི་ཕོ་བྲང་ནསཿ མགོན་པོ་འོད་དཔག་མེད་པ་གཤེགས་སུ་གསོལཿ སྤྲུལ་པའི་ཞིང་ཁམས་རི་བོ་ཏཱ་ལ་ནསཿ འགྲོ་འདུལ་སྤྱན་རས་གཟིགས་དབང་གཤེགས་སུ་གསོལཿ ཐུགས་རྗེས་འགྲོ་བ་འདུལ་བའི་ཕོ་བྲང་ནསཿ དཀྱིལ་འཁོར་ལྷ་ཚོགས་མ་ལུས་གཤེགས་སུ་གསོལཿ བདག་ཅག་སྒྲུབ་པ་པོ་ལ་བྱིན་གྱིས་རློབསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ ཨོཾ་ལོ་ཀི་ཤྭ་ར་གུ་རུ་དྷེ་ཝ་་ནི་སརྦ་ས་མ་ཡ་ཛཿཛཿ བཞུགས་སུ་གསོལ་བ་ནི། ཧྲཱིཿ དམིགས་མེད་རང་གྲོལ་ཐུགས་རྗེའི་དཀྱིལ་འཁོར་ལྷརཿ


TN02_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་བྱོན་བཞུགས་སུ་གསོལ་བར་མི་དམིགས་ཀྱང་ཿ གཉིས་སྣང་གློ་བུར་དྲི་མ་སྦྱང་བའི་ཕྱིརཿ དམ་ཡེ་གཉིས་མེད་ངོ་བོར་བརྟན་པར་བཞུགསཿ བཛྲ་ས་མ་ཡ་ཏིཥྛ་ཧོཿ ཕྱག་འཚལ་བ་ནི། ཧྲཱིཿ བཅོམ་ལྡན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལཿ རང་ཤེས་འཁྲུལ་པ་བྲལ་བའི་བརྡ་ཕྱག་གརཿ ལྷ་ཆེན་འཕྲུལ་དགའི་རྣམ་འགྱུར་ཇི་བཞིན་དུཿ སྤང་བླང་མེད་པའི་ངང་ནས་བཙལ་བར་བགྱིཿ ན་མོ་པུ་རུ་ཤ་ཡ་ཧོཿ མཆོད་པ་ནི། ཧྲཱིཿ ཀུན་ཏུ་བཟང་པོའི་རྣམ་རོལ་མཆོད་པའི་སྤྲིནཿ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་ཿ ཞལ་ཟས་རོལ་མོ་འདོད་པའི་ཡོན་ཏན་ལྔཿ ལྷ་མིའི་དཔལ་འབྱོར་མ་ལུས་འབུལ་ལོ་བཞེསཿ ཨོཾ་བཛྲ་ཨཱརྒྷཾ་ནས་ཤབྟ་རཱུ་པ་ཤབྟ་་རཱ་ས་པརྴེ་མ་ཧཱ་སརྦ་པཱུ་ཛ་ཁཱ་ཧིཿ ཁྱད་པར་གྱི་མཆོད་པ་ནི། ཧྲཱིཿ ཁྱད་པར་རྨད་བྱུང་བདེ་བ་ཆེན་པོའི་རྫསཿ སྨན་གཏོར་རྐྟ་ཚོགས་མཆོད་དང་རེ་སྤྲོཿ ཤེས་རབ་རིག་མ་བློ་འདས་གཉུག་མའི་གཤིསཿ འབུལ་ལོ་བཞེས་ནས་དབང་དང་དངོས་གྲུབ་སྩོལཿ སརྦ་པཉྩ་རཀྟ་བྷ་ལིངྟ་མ་ཧཱ་སུ་ཁ་་་པཱུ་ཙ་ཧོཿ བསྟོད་པ་ནི། ཧྲཱིཿ ཆོས་དབྱིངས་སྤྲོས་པ་བྲལ་བའི་ཕོ་བྲང་ནསཿ ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་མངའ་དབང་ཅནཿ ཚད་མེད་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགསཿ སྡུག་བསྔལ་རང་གྲོལ་སྐུ་ལ་ཕྱག་འཚལ་བསྟོདཿ ཚད་མེད་བཞི་ཡིས་འགྲོ་ཀུན་ཐར་ལམ་འདྲེནཿ གང་ལ་གང་འདུལ་ཐུགས་རྗེ་རོལ་པའི་གརཿ ཅིར་ཡང་སྒྱུར་བའི་མཐུ་སྟོབས་རྫུ་འཕྲུལ་ཅནཿ རིགས་བཞིའི་སེམས་མ་རྣམས་ལ་ཕྱག་འཚལ་བསྟོདཿ རྣམ་བཞིའི་ཕྲིན་ལས་ཀུན་ལ་


TN02_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྒྱུར་ཞིང་ཿ ལོག་འདྲེན་འདུལ་ཕྱིར་ཁྲོ་གཏུམ་རོལ་པའི་སྟབསཿ ཐོགས་མེད་བསྒྱུར་བའི་རིགས་བཞིའི་ཧྱ་གྲཱྀཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ རང་ཐུགས་རྗེ་ཆེན་པོར་གསལ་བའི་ཞལ་ནས་སྔགས་ཀྱི་སྒྲ་དབྱངས་སྒྲོགས་བཞིན་པས། དམིགས་ཡུལ་དེ་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ་སྙམ་པའི་ཡིད་ཀྱིས་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ལྷའི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་དཀར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས་དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་རྣམས་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། སྤྱན་རས་གཟིགས་ཀྱི་གོ་འཕང་ལ་བཀོད་པར་གྱུར། བར་དམིགས་ལ། མ་ཎི་གཙོ་བོར་བཟླ་ཞིང་མཚམས་ཅི་རིགས་པར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་དུན་ཧཱཾཨུ་ཕཊཿ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་དུན་ཧཱཾཨུ་ཕཊཿ ཨོཾ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་དུན་ཧཱཾཨུ་ཕཊཿ ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨ་སུ་ར་ཀ་ག་ཏེ་ཧེ་དུན་ཧཱཾཨུ་ཕཊཿ ཨོཾ་ཚིནྡྷ་ཚིནྡྷ་སརྦ་ནྲི་ཀ་ག་ཏེ་ཧེ་དུན་ཧཱཾཨུ་ཕཊཿ ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་སུ་ར་ཀ་ག་ཏེ་ཧེ་དུན་ཧཱཾཨུ་ཕཊཿ དམིགས་བྱའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་པས་སྔགས་ཤམ་སྦྱར། ཐུན་མཇུག་ཏུ་མཆོད་པ་ནི། ཧྲཱིཿ ཀུན་ཏུ་བཟང་པོའི་རྣམ་རོལ་མཆོད་པའི་སྤྲིནཿ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་ཿ ཞལ་ཟས་རོལ་མོ་འདོད་པའི་ཡོན་ཏན་ལྔཿ ལྷ་མིའི་དཔལ་འབྱོར་མ་ལུས་འབུལ་ལོ་བཞེསཿ ཨོཾ་བཛྲ་ཨཱརྒྷཾ་ནས་ཤབྟ་རཱུ་པ་ཤབྟ་་རཱ་ས་པརྴེ་མ་ཧཱ་སརྦ་པཱུ་ཛ་ཁཱ་ཧིཿ ཧྲཱིཿ ཆོས་དབྱིངས་སྤྲོས་པ་བྲལ་བའི་ཕོ་བྲང་ནསཿ ལྷུན་གྲུབ་ལོངས་


TN02_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྫོགས་པའི་མངའ་དབང་ཅནཿ ཚད་མེད་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགསཿ སྡུག་བསྔལ་རང་གྲོལ་སྐུ་ལ་ཕྱག་འཚལ་བསྟོདཿ ཚད་མེད་བཞི་ཡིས་འགྲོ་ཀུན་ཐར་ལམ་འདྲེནཿ གང་ལ་གང་འདུལ་ཐུགས་རྗེ་རོལ་པའི་གརཿ ཅིར་ཡང་སྒྱུར་བའི་མཐུ་སྟོབས་རྫུ་འཕྲུལ་ཅནཿ རིགས་བཞིའི་སེམས་མ་རྣམས་ལ་ཕྱག་འཚལ་བསྟོདཿ རྣམ་བཞིའི་ཕྲིན་ལས་ཀུན་ལ་དབང་བསྒྱུར་ཞིང་ཿ ལོག་འདྲེན་འདུལ་ཕྱིར་ཁྲོ་གཏུམ་རོལ་པའི་སྟབསཿ ཐོགས་མེད་བསྒྱུར་བའི་རིགས་བཞིའི་ཧྱ་གྲཱྀཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ ཅེས་བསྟོད་མཐར། ཨོཾཿ བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདགཿ སྡུག་བསྔལ་རང་གྲོལ་ལྷ་ཚོགས་རྣམསཿ མགོན་མེད་འགྲོ་ལ་ཐུགས་རྗེས་གཟིགསཿ སངས་རྒྱས་ཕྲིན་ལས་མཛད་དུ་གསོལཿ འཁོར་བ་ངན་སོང་སྡུག་བསྔལ་དང་ཿ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོདཿ ཡང་དག་ཡེ་ཤེས་སྣང་བ་ཡིསཿ བྱང་ཆུབ་ལམ་ལ་འགོད་མཛད་གསོལཿ ཞེས་པའི་ཚིག་གིས་གསོལ་བ་བཏབ། ནོངས་པ་བཤགས། མཆོད་རྟེན་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་་རྣམ་པ་ཇི་ལྟ་བར་གྱུར། པར་བསམ། སླར་ཡང༌། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང༌། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །ཅེས་མཆོད་ཅིང་བསྟོད། ཕྱོགས་བཅུ་ན་


TN02_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུའང་རྟེན་འདི་ལ་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་རྟེན་འདི་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་དམིགས་བྱའི་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མཐའ་དག་ཞི་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལེགས་ཚོགས་ཐམས་ཅད་འབྱུང་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་བརྗོད་རྟེན་སྙིང་བཟླས་པས་མེ་ཏོག་འཐོར་ཞིང༌། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཡང་བཟླ། བདག་བསྐྱེད་ཉེར་བསྡུ་ནས་ཤིས་བརྗོད་བར་རྫོགས་པར་བྱའོ། །དེ་ལྟར་ཞག་བདུན་ལ་སོགས་པར་བསྒྲུབ་ནས་་རྣམས་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ཏུ་བལྟས་ལ། རྒྱ་མཚོར་འབབ་པའི་ཆུ་ཀླུང་ཆེན་པོར་སྤྱན་དྲངས་ཏེ་བཟང་པོ་སྤྱོད་པའི་སྨོན་ལམ་ལ་སོགས་པས་ཆུ་ནང་སྤྱོད་པའི་སེམས་ཅན་རྣམས་ལ་ཕན་འདོགས་པར་འགྱུར་རོ། །དེ་ལྟར་བགྱིས་པས་ཕན་ཡོན་ཀྱང༌། རྒྱུད་ལས། དེ་ནི་ངེས་པར་དམྱལ་གནས་ནས། །དེ་བྱས་པས་ནི་གྲོལ་བར་འགྱུར། །ཡི་དྭགས་བྱོལ་སོང་སྡུག་བསྔལ་ལས། །གྲོལ་ཏེ་ལྷ་ཡི་གནས་སུ་སྐྱེ། །ཞེས་སོགས་རྒྱ་ཆེར་བསྔགས་པ་ཡིན་ནོ། །ཞེས་པའང་རྗེ་བླ་མའི་སྨིན་གླིང་རྡོར་སེམས་ཆོ་གའི་ཁ་སྐོང་དུ་གསུངས་པའི་ཚིགས་ལ་འདོན་པ་ཅུང་ཟད་བསྒྱུར་ནས་བྲིས་པ་མཆོག་ཏུ་དགེ་བར་གྱུར་ཅིག །ཅེས་རྡོ་གྲུབ་གསུམ་པ་འཇིགས་མེད་བསྟན་པའི་ཉི་མས་སོ།། །།


previousའགྲོ་འདུལ་སྡུག་བསྔལ་རང་གྲོལ་ལ་བརྟེན་པའི་སཱཙྪ་སྒྲུབ་ཚུལ།next