Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousདཀོར་སྲུང་དུར་ཁྲོད་ལྷ་མོའི་མངའ་གསོལ།next

དཀོར་སྲུང་དུར་ཁྲོད་ལྷ་མོའི་མངའ་གསོལ།


TN02_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཀོར་སྤུང་དུར་ཁྲོད་ལྷ་མོའི་མངའ་གསོལ་ཡིན་བཞིན་འཕྲུལ་གྱི་ལྕགས་ཀྱུ་ཞེས་བྱ་བ། ཧཱུཾ་བྷྱོ། དུས་གསུམ་འགྱུར་མེད་རྣམས་ཀུན་མཆོག་ལྡན་ཞལ། །ལྷུན་གྲུབ་དགའ་བཞིའི་རོལ་མོར་འབར་བའི་གཟུགས། །ཞི་ཆགས་ཁྲོ་མོའི་གར་གྱིས་རྣམ་རོལ་པ། །བསྟན་སྲུང་འབུམ་སྡེའི་རྗེ་མོར་མངའ་གསོལ་ལོ། །གནས་ཡུལ་དུར་ཁྲོད་རྒྱ་མཚོའི་ཞིང་སྐྱོང་གཙོ། །བརྟུལ་ཞུགས་གྲུབ་བརྙེས་ཡོངས་ཀྱི་མཛའ་ན་མོ། །དགའ་ཆེན་རྡོ་རྗེའི་ལམ་གྱི་ཕོ་ཉ་བ། །བདེ་སྟེར་ཌཱཀྐའི་གཙོ་


TN02_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

མོར་མངའ་གསོལ་ལོ། །འཕོ་འགྱུར་གཉིས་སྣང་རྟོག་པའི་དྲྭ་བ་ཀུན། །འཕོ་མེད་འོད་གསལ་དབྱིངས་སུ་བསྔམས་པ་ལས། །རྗེས་ཆགས་ཉམས་བརྒྱའི་གཟི་བྱིན་འཆང་བའི་དངོས། །ལྷན་སྐྱེས་རང་བྱུང་རྗེ་མོར་མངའ་གསོལ་ལོ། །དབྱིངས་ཕྱུག་སྔགས་ཀྱི་རྒྱལ་མོ་ཨེ་ཀ་ཙ། ཐེག་མཆོག་བསྟན་པ་རྒྱ་མཚོའི་སྲུང་མ་རུ། །ལས་བྱེད་འཁོར་གྱི་མཁའ་འགྲོའི་སྐུར་བཞེངས་པ། །གསང་རྒྱུད་གཉེར་འཛིན་ཆེན་མོར་མངའ་གསོལ་ལོ། །ཀྱན་ཁྱབ་རིག་སྟོང་རྡོ་རྗེའི་ཕྱག་རྒྱ་ཡིས། །ཁམས་གསུམ་ནམ་མཁའི་མཛོད་རྒྱས་བཏབ་པས། །དགྱེས་སྤྲིན་ལོངས་སྤྱོད་ཆེན་པོའི་མཛོད་བརྙེས་པ། །དཀོར་སྲུང་ཁྲོས་པའི་རྒྱལ་མོར་མངའ་གསོལ་ལོ། །སྲོག་རྩོལ་དབུ་མར་ཐིམ་པའི་བདེ་བ་མཆོག །རྡོ་རྗེ་ཆགས་པའི་གཟུགས་སྐུར་མངོན་བཞེངས་ཏེ། །ས་གསུམ་འཕྲུལ་གྱི་ལྕགས་ཀྱུས་འགུགས་མཛད་པ། །གནོད་སྦྱིན་མཛེས་ལྡན་ལྷ་མོར་མངའ་གསོལ་ལོ། །མདོར་ན་དུས་ཀུན་ལྷན་སྐྱེས་ཕོ་ཉ་མོ། །མཁའ་སྤྱོད་གྲུབ་པའི་ཞལ་སྐྱིན་ཁྱོན་མཆོད་ན། །མི་ཕྱེད་ཡེ་ཤེས་འཁྲོར་ལོར་རོ་གཅིག་པས། །གང་འདུལ་ཕྲིན་ལས་རྣམ་བཞིའི་འབྲས་སྨིན་མཛོད། ཅས་བཀའ་


TN02_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

སྡོད་ལས་ཀྱི་་མོའི་ཕྲིན་ལས་ཀྱི་འཛུམ་དཀར་གསར་པས་ཀུན་ནས་འཁྱུད་པའི་བྱིས་པ་གཞོན་ནུ་ཨ་བྷ་ལས་བྲིས་པ་ཀུན་ནས་ཀུན་ཏུ་དགེ་བ་གྱུར་ཅིག སརྦ་མངྒ་ལཾ། །


previousདཀོར་སྲུང་དུར་ཁྲོད་ལྷ་མོའི་མངའ་གསོལ།next