Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
རོལ་བ་སྐྱ་བདུན་གྱི་གསོལ་མཆོད་བསྡུས་པ།
   
   
   
   
   
   
   
   
   


 
previousརོལ་བ་སྐྱ་བདུན་གྱི་གསོལ་མཆོད་བསྡུས་པ།next

རོལ་བ་སྐྱ་བདུན་གྱི་གསོལ་མཆོད་བསྡུས་པ།


TN02_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱཾཨུ་ནས་ནམ་མཁའི་མཛོད་ཀྱིས་བྱིན་གྱིས་བརླབས་ལ། ཀྱཻ། ནུབ་ཕྱོགས་བཙན་ཡུལ་ཟང་ཐང་དམར་པོ་ནས། །པདྨའི་བཀའ་ཉན་རོལ་པ་སྐྱ་བདུན་པོ། །འདིར་གཤེགས་ཡིད་སྤྲུལ་ཕོ་བྲང་གནས་སུ་བཞུགས། །དབང་གི་ཞིང་སྐྱོང་ཟབ་གཏེར་མཛོད་འཆང་བ། །རྗེ་ཡི་དགྲ་ལྷ་མཐུ་ཆེན་ཁྱོད་ལ་བསྟོད། །གཙང་ཞིང་བརྗིད་པའི་གཏོར་ཚོགས་དམ་རྫས་བཤམས། །གསེར་སྐྱེམས་གཡུ་སྐྱེམས་གཙང་མའི་སྣོད་དུ་བསྐྱིལ། །སྔགས་དང་མོས་པས་ནམ་མཁའི་མཐའ་ཀླས་པར། །སྤྲུལ་ཏེ་གུས་གདུང་ཡིད་ཀྱིས་འབུལ་ལ་གསན། །བཞེས་ནས་བདག་ཅག་ཚེ་རིང་ནད་མེད་ཅིང༌། །གཉེན་འཁོར་བདེ་སྐྱིད་དགྲ་མགོ་ཐོ་བས་བརྡུང༌། །དགེ་ལེགས་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་བརྗོད་ཕུད་གཏོར་གཙང་སར་གཤེགས། དབལ་ཤུལ་རྟ་མགྲིན་ངོར་བསྟན་ཉིས་བྲིས་པ་དགེ། །།


previousརོལ་བ་སྐྱ་བདུན་གྱི་གསོལ་མཆོད་བསྡུས་པ།next