Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
བྱད་གཏད་ཕྱིར་བཟློག
   


 
previousབྱད་གཏད་ཕྱིར་བཟློགnext

བྱད་གཏད་ཕྱིར་བཟློག


TN02_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་ན་དཀར་དམར་གྱི་གཏོར་མ་བཤམས་ལ་ཐོག་མར་ཨཿཀཿཕྲེང་སྐོར་ཅི་རིགས་བཟླ། དེ་ནས་གཏོར་མ་འབྲུ་གསུམ་གྱིས་བརླབ། མཆོག་གསུམ་ངོ་བོ་དཔལ་མགོན་བླ་མ་དང་སོགས་ཉེར་གཅིག་སོགས་ཀྱིས་མཐར་དཔེ་མི་གསལ་བདག་དེ་མ་བྱུང་ན་འདི་ཀ་དངོས་རྐྱང་བཏོན་ཡང་ཆོག །གང་གི་འོད་གསལ་ཐུགས་ཀྱི་ཐིག་ལེ་རུ། །རྩ་གསུམ་སྲུང་མར་བཅས་ཀུན་ཡོངས་བཟླུམ་པ། །ཐབས་མཁས་ཐུགས་རྗེ་ནུས་པའི་གཏེར་གཅིག་པུ། །ཐོད་ཕྲེང་རྩལ་ཁྱོད་བུ་ཡི་མགོན་དུ་བཞུགས། །རྒྱལ་བའི་ཡུམ་གཅིག་རྡོ་རྗེ་རྣལ་འབྱོར་མ། །འབར་བའི་སྐུར་བཞེངས་བདུད་འདུལ་སེང་གེའི་གདོང༌། །ཡེ་ཤེས་ཕྲ་མེན་མཁའ་འགྲོའི་འཁོར་དང་བཅས། །བཅོམ་ལྡན་གདུགས་དཀར་ཅན་དང་འོད་ཟེར་ཅན། །ཁྲོ་གཉེར་ཅན་སོགས་རིག་པའི་རྒྱལ་མོ་ཆེ། །རྡོ་རྗེའི་རྣམ་ཐར་མཐའ་ཡས་རྩལ་མངའ་རྣམས། །སོ་སོའི་སྤྲུལ་འཁོར་ཕོ་ཉའི་ཚོགས་དང་བཅས། །ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་མཐུ་རྩལ་ཕྱུངས། །བདག་ཅག་དཔོན་སློབ་སྡེ་དགོན་ཆོས་བརྒྱུད་རྣམས། །ཕྱི་ནང་བན་བོན་སྔགས་པའི་བྱད་གཏད་ཀྱིས། །བཅིང་དང་གཟིར་མནན་སྦྱོར་བས་ཉམ་ང་ཆེ། །མཐུ་སྟོབས་རྡོ་རྗེ་འབར་བའི་མཚོན་རྣོན་གྱིས། །རིག་སྔགས་ཆོད་ལ་དམོད་པའི་འཁྲུལ་འཁོར་ཤིགས། །ལྷ་ཀླུ་སྡེ་བརྒྱད་འབྱུང་པོའི་ཟ་ཁ་སྒྱུར། །སྲི་ངན་མི་ཁ་བྲ་མཆུའི་རིགས་གཏོགས་དང༌། །བྱ་འདྲེ་འགོང་པོ་གསར་སྐྱེས་འདྲེ་རྒོད་སོགས། །མི་རུང་མི་ཤིས་བྱུར་གྱི་སྣ་འདྲེན་པ། །བུ་ཡུག་བཞིན་དུ་


TN02_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

འཚུབས་ཤིང་འཁོར་ཏོ་ཅོག །ཤུགས་དྲག་ཡེ་ཤེས་ཕྱག་རྒྱའི་འཐོར་རླུང་གིས། །གདོད་ནས་རྣམ་དག་སྟོང་ཆེན་ཆོས་དབྱིངས་སུ། །ཕྱིར་བཟློགས་རྗེས་ཤུལ་མེད་པར་ཚར་ཆོད་ལ། །ཆོས་སྲིད་ལེགས་ཚོགས་རྒྱས་པའི་ཕྲིན་ལས་མཛོད། །སྟོན་མཆོག་བདུད་ལས་རྣམ་རྒྱལ་མིའི་སེང་གེ། །ཏོག་སོགས་བསྐལ་བཟང་འདྲེན་པ་སྟོང༌། །རྒྱལ་སྲས་ཕྱིར་མི་ལྡོག་པའི་དགེ་འདུན་འཁོར། །བསམ་ཡས་ཞིང་རྡུལ་གྲངས་སྙེད་ཚོགས་བཅས་དང༌། །གཞན་ཡང་ཕྱོགས་བཅུའི་ཞིང་བཞུགས་རྒྱལ་བའི་དབང༌། །རྒྱལ་སྲས་ཉན་ཐོས་དགེ་འདུན་འཁོར་དང་བཅས། །ཡེ་ཤེས་གཟིགས་པ་སྒྲིབ་མེད་སྤྱན་ལྡན་རྣམས། །ཐུགས་དམ་བསྐུལ་ལོ་སོགས་ནས། ཕྲིན་ལས་མཛོད། །འཁོར་འདས་ཟིལ་གནོན་ཆེ་མཆོག་ཧེ་རུ་ཀ༌།ཚེ་བདག་འཆར་ཁ་ཀིང་ཀང་དམར་ནག་དང༌། །དུག་གདོང་ལ་སོགས་རིགས་ལྔའི་གཤིན་རྗེ་གཤེད། །རྟ་མཆོག་ཡང་དག་རྡོ་རྗེ་གཞོན་ནུ་ཆེ། །རྦོད་གཏོང་མ་མོ་རིག་འཛིན་ཞི་དྲག་དང༌། །མཆོད་བསྟོད་དྲེགས་པ་དྲེག་སྔགས་དམོད་པའི་ལྷ། །གསང་བདག་དྲང་སྲོང་དྲི་མེད་ཞི་དང་ཁྲོ། །རང་རང་རིགས་ཀྱི་ཚམ་བུའི་འཁོར་དང་བཅས། །ཐུགས་དམ་བསྐུལ་ལོ་སོགས་ནས། ཕྲིན་ལས་མཛོད། །ཡེ་ཤེས་མ་མོ་སྔགས་སྲུང་རལ་གཅིག་མ། །དུར་ཁྲོད་མ་མོ་བོད་སྐྱོང་བརྟན་མའི་སྡེ། །ལྷ་ཆེན་དཔལ་འབར་སྤྲུལ་པའི་མགོན་པོ་ལྔ། །གཟའ་བདུད་ཆེན་པོ་སྐྱེས་མཆོག་ཐིག་ལེ་རྩལ། །རྒྱལ་ཆེན་སྐུ་ལྔ་


TN02_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པ་སྐྱ་བདུན་དང༌། །གཞན་ཡང་གཙང་རིས་མགོན་པོ་བདུན་ཅུ་སོགས། །རྒྱལ་བའི་བསྟན་སྲུང་དམ་ཅན་དྲེགས་པའི་ཚོགས། །ཐམས་ཅད་ལས་ཀྱི་ལྷ་སྟེ་ལས་བཅོལ་སྒྲུབ། །བདག་ཅག་དཔོན་སློབ་སོགས་ནས་ཆོས་སྲིད་ལེགས་ཚོགས་རྒྱས་པའི་ཕྲིན་ལས་མཛོད། །ཅེས་པའང་འཕྲལ་དུ་ཉེར་མཁོའི་དབང་གིས་ཁ་སྨོད་བྱེད་པ་པོ་འཇིགས་མེད་གོ་ཆ་ཡེ་ཤེས་བསྲུང་བའི་རྡོ་རྗེའོ། །རྡོ་གྲུབ་འཇིགས་མེད་བསྟན་པའི་རྒྱལ་མཚན་གསུང༌།


previousབྱད་གཏད་ཕྱིར་བཟློགnext