cover

རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།

གླེངས་བམ་གསུམ་པ།

རྡོ་གྲུབ་བསྟན་པའི་ཉི་མ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་བྱིན་རླབས་ཅན་མང་པོ་མདོ་སྡེ་ལས་བཏུས་པ་ཐོས་པ་དོན་ལྡན་ངག་གི་རོལ་མོ།

TN03_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་བྱིན་རླབས་ཅན་མང་པོ་མདོ་སྡེ་ལས་བཏུས་པ་ཐོས་པ་དོན་ལྡན་ངག་གི་རོལ་མོ་ཞེས་བྱ་བ་བཞུགས། །

TN03_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

(༤)ན་མ་ཤཱཀྱ་མུ་ན་ཡེ། བཟོད་བཀའ་སྲིད་པའི་ཚ་གདུང་འཇིལ་བའི་སྨན། །བླ་མེད་ཡོན་ཏན་བདུད་རྩིའི་རྒྱུན་ཆགས་པ། །རྒྱལ་དབང་གྲགས་པ་ཀུན་དགའི་མེ་ཏོག་ཐོད། །གཙུག་ཏུ་བཅིངས་ནས་དོན་ལྡན་གཏམ་འདི་གླིང་། །དེ་ཡང་འཕགས་པ་ཞི་བ་ལྷས། དེ་བས་མགོན་པོ་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོས་འགྲོ་བ་ཡི། །འཁོར་གྱི་འཇིགས་པའང་བསལ་བའི་ཕྱིར། །རང་གི་མཚན་ཡང་བྱིན་གྱིས་བརླབས། །ཞེས་གསུངས་པ་དང་ཚུལ་མཐུན་པར། །ཐུགས་རྗེ་ཆེན་པོའི་སྦྱངས་པ་རབ་ཀྱི་མཐར་ཕྱིན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་སྐད་ཅིག་ཙམ་ཡང་གདུལ་བྱའི་ཁམས་ཡལ་བར་མི་འདོར་ཞིང་། རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་གཞན་གྱི་དོན་ལ་གཞོལ་བས། འཕགས་པའི་སྐྱེ་བོ་དང་ཕྲད་པའི་ལས་ཡོངས་སུ་གྲུབ་པ་རྣམས་སྐུ་དངོས་ཀྱི་མཛད་པ་དང་། བསོད་ནམས་ཀྱི་ཚོང་ཟོང་ལེགས་པར་མ་བསྒྲུབས་པའི་སེམས་ཅན་གཞན་རྣམས་ཀྱང་ཐ་ན་མཚན་ལན་གཅིག་

TN03_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

(༥)རྣ་ལམ་དུ་ཐོས་པས་ཀྱང་མཐར་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་ཚུན་ཆད་ཀྱི་ཕྲིན་ལས་ཚད་མེད་པས་རྗེས་སུ་འཛིན་པ་དུས་ལས་མི་ཡོལ་ལོ། །དེའི་ཕྱིར་མགོན་པོ་དེ་དག་གི་མཚན་གྱི་ཡི་གེ་འབྲུ་གཅིག་ཙམ་ཡང་རྣ་བར་ཐོས་པ་དང་། ཡིད་ལ་དྲན་པ་དང་། ངག་ཏུ་བརྗོད་པར་བྱེད་པ་ཐམས་ཅད་གཅིག་ཏུ་དགེ་ལ་དོན་ཡོད་པ་ཁོ་ན་ཡིན་ཏེ། ཆེན་པོ་རྣམས་ཀྱི་མཐུའི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ་སྤྲོས་པས་ཆོག་གོ །དོན་འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དུ་མར་དེ་བཞིན་གཤེགས་པའི་མཚན་མང་པོ་དང་། དེ་དག་གིས་བྱིན་གྱིས་རླབས་དང་། དེའི་རྒྱུ་མཚན་སྔོན་གྱི་ཁྱད་པར་མང་པོ་ལས་བརྩམས་ཏེ་རྒྱ་ཆེར་ཡང་དང་ཡང་དུ་བཀའ་སྩལ་པ་རྣམས་ཀྱི་ནང་ནས་རེ་ཞིག་ཆེ་ལོང་ཙམ་ཞིག་ནི་འདིར་ཡང་བཤད་པར་བྱ་བའི་ཆོས་སོ། །དེ་ནི་འདི་ལྟར་སེམས་ཅན་དགེ་བའི་རྩ་བ་ཡོངས་སུ་བསགས་པ་རྣམས་ཀྱང་གོང་ནས་གོང་དུ་ཁྱད་པར་ཆེན་པོ་

TN03_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

(༦)ལ་སྦྱོར་ཞིང་། །དགེ་རྩ་དམན་པ་རྣམས་ཀྱི་རྒྱུད་ལ་ཡང་བསོད་ནམས་ཀྱི་ཕུང་པོ་མཐའ་ཡས་པ་སྒྲུབ་པའི་ཐབས། ངལ་བ་མང་པོ་ལ་མི་ལྟོས་པས་བརྩོན་འགྲུས་ཆུང་ངུར་གྱུར་པས་ལྷུར་ལེན་པར་འགྱུར་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ལས་བྱུང་བ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་རྒྱ་ཆེར་ཀུན་ལ་སྦྱར་ཏེ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དང་། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དང་། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དང་། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློ་རྣམ་པར་རོལ་པ་མངོན་པར་མཁྱེན་པ་དང་། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་རྣམས་སོ། །དེ་བཞིན་གཤེགས་པ་ཡོན་ཏན་རིན་ཆེན་དཔག་ཏུ་མེད་པ་བཀོད་པའི་གཟི་བརྗིད་ཀྱི་རྒྱལ་པོ་ལྟ་བུ་དང་། དེ་བཞིན་གཤེགས་པ་ཡོན་ཏན་རིན་ཆེན་དཔལ་

TN03_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

(༧)བཀོད་པའི་གཟི་བརྗིད་ཀྱི་རྒྱལ་པོ་ལྟ་བུ་དང་། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ལ་སྤོབས་པ་བཀོད་པའི་དཔལ་དང་། དེ་བཞིན་གཤེགས་པ་སྤོབས་པ་དཔག་མེད་བཀོད་པ་ཡང་དག་པར་སྤྱོད་པའི་བློ་དང་། དེ་བཞིན་གཤེགས་པ་འབྲུག་སྟོང་བསྒྲགས་པའི་སྒྲ་སྐད་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གསེར་མཆོག་འོད་དཔལ་དང་། དེ་བཞིན་གཤེགས་པ་གཟི་བརྗིད་ཀྱི་རྒྱལ་པོ་རྣམ་སྣང་དཔལ་སྣང་དང་། དེ་བཞིན་གཤེགས་པ་བསྐལ་པ་བྱེ་བ་གྲངས་མེད་པར་བྱང་ཆུབ་ཡང་དག་པར་བསྒྲུབས་པ་དང་། དེ་བཞིན་གཤེགས་པ་གསེར་བཟང་པོ་དང་། ནམ་མཁའ་ངེས་པར་སྒྲོགས་པ་བཀོད་པའི་འོད་དང་། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་ཚུལ་ལ་རྣམ་པར་འཕྲུལ་པའི་གཟི་བརྗིད་ཀྱི་འོད་ཅེས་བྱ་བའི་མཚན་རྣམས་ནི། བྱང་ཆུབ་སེམས་དཔའ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་ཞུས་པ་ལས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོས་རབ་ཏུ་འདུལ་བ་དང་། དེ་བཞིན་གཤེགས་པ་ཤིན་ཏུ་རྣམ་པར་གདོན་མི་ཟ་བར་པདྨོ་རབ་ཏུ་རྒྱས་པའི་སྐུ་དང་། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་མཚན་དང་། དེ་བཞིན་གཤེགས་པ་སེངྒེ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། དེ་བཞིན་གཤེགས་པ་ཆོས་ཀྱི་འོད་

TN03_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

(༨)ཟེར་རབ་ཏུ་རྒྱས་པའི་སྐུ་དང་། །དེ་བཞིན་གཤེགས་པ་མངོན་པར་ཤེས་པ་ཐམས་ཅད་བློ་གྲོས་འོད་ཟེར་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཟླ་བའི་ཐུགས་དང་། དེ་བཞིན་གཤེགས་པ་དཔལ་བཟང་པོ་ཞེས་བྱ་བའི་མཚན་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་སོ། །དེ་བཞིན་གཤེགས་པ་ཤིན་ཏུ་ཡོངས་བསྒྲགས་དཔལ་དང་། དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཤིན་ཏུ་རྣམ་པར་གནོན་པ་གྲགས་མཆོག་དཔལ་དང་། དེ་བཞིན་གཤེགས་པ་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བའི་རྩལ་དང་། དེ་བཞིན་གཤེགས་པ་ཡོན་ཏན་བཀོད་པའི་དཔལ་ཀུན་ཏུ་སྣང་བ་དང་། དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དཔལ་ཐོགས་པ་མེད་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་པདྨ་ལས་རྣམ་པར་གནོན་པས་བཞུད་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་པདྨ་ལ་རབ་ཏུ་གནས་པ་སཱ་ལའི་རྒྱལ་པོ་སྟེ་མཚན་འདི་དག་ནི་སངས་རྒྱས་བརྒྱུད་པའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་སོ། །བྱང་ཆུབ་སེམས་དཔའ་རིན་ཆེན་དྲྭ་བ་ཅན་གྱིས་ཞུས་པ་ལས་ཀྱང་དེ་བཞིན་གཤེགས་པའི་མཚན་བརྗོད་པར་མཛད་དེ། དེ་བཞིན་གཤེགས་པ་རིན་ཆེན་འོད་ཟེར་ཟླ་བས་བརྒྱན་པ་མཁས་པའི་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་མེ་ཏོག་གི་འོད་ཀྱི་རྣམ་པར་རོལ་པ་མངོན་པར་མཁྱེན་པ་དང་། དེ་བཞིན་གཤེགས་པ་མེ་ཏོག་རྒྱས་པ་སཱ་ལའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཟླ་བའི་དཀྱིལ་འཁོར་རྣམ་དག་དང་།

TN03_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

(༩)དེ་བཞིན་གཤེགས་པ་རབ་ཏུ་ཞི་བ་མཁས་པའི་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་བརྩོན་འགྲུས་གྲངས་མེད་པར་ཡང་དག་པར་རབ་ཏུ་གནས་པ་ཞེས་བྱ་བ་རྣམས་སོ། །རྒྱལ་པོའི་བུ་རིན་ཆེན་ཟླ་བས་ཞུས་པ་ལས་ཀྱང་གསུངས་ཏེ། དེ་བཞིན་གཤེགས་པ་དཔལ་བཟང་པོ་དང་། དེ་བཞིན་གཤེགས་པ་ཙནྡན་དཔལ་དང་། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་དང་། དེ་བཞིན་གཤེགས་པ་མེ་ཏོག་གི་དཔལ་དང་། དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་དང་། དེ་བཞིན་གཤེགས་པ་རིན་པོ་ཆིའི་མཆོད་སྡོང་དང་། བདེ་བཞིན་གཤེགས་པ་མེ་ཏོག་དཔལ་དང་། དེ་བཞིན་གཤེགས་པ་མངོན་པར་ཤེས་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་རྣམ་པར་རོལ་པ་དང་། དེ་བཞིན་གཤེགས་པ་སྣང་བའི་དཔལ་དང་། དེ་བཞིན་གཤེགས་པ་ནོར་དཔལ་ཞེས་བྱ་བ་རྣམས་སོ། །སངས་རྒྱས་བདུན་པའི་མདོ་ལས་ཀྱང་གསུངས་ཏེ། །དེ་བཞིན་གཤེགས་པ་རྣམ་པར་གཟིགས་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་གཙུག་ཏོར་ཅན་དང་། དེ་བཞིན་གཤེགས་པ་ཐམས་ཅད་སྐྱོ་བ་དང་། དེ་བཞིན་གཤེགས་པ་འཁོར་བ་འཇིགས་དང་། དེ་བཞིན་གཤེགས་པ་གསེར་ཐུབ་དང་། དེ་བཞིན་གཤེགས་པ་འོད་སྲུང་དང་། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་རྣམས་སོ། །གཞན་ཡང་། དེ་བཞིན་གཤེགས་པ་ཏིང་ངེ་འཛིན་གླང་པོ་དམ་པའི་དཔལ་དང་། དེ་བཞིན་གཤེགས་པ་པདྨ་དམ་པའི་དཔལ་དང་། དེ་བཞིན་གཤེགས་པ་ཉི་མའི་

TN03_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

(༡༠)དཀྱིལ་འཁོར་སྣང་བ་དམ་པའི་དཔལ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་གདུགས་གཅིག་པ་དམ་པ་དང་། དེ་བཞིན་གཤེགས་པ་ཏིང་ངེ་འཛིན་དམ་པ་རྣམ་པར་གནོན་པའི་དཔལ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་དཀྱིལ་འཁོར་གཟི་བརྗིད་ཀྱིས་མངོན་པར་འཕགས་པའི་རྒྱལ་པོའི་དཔལ་དང་། དེ་བཞིན་གཤེགས་པ་རིན་ཆེན་མེ་ཏོག་ཀུན་ཏུ་སྣང་བའི་དཔལ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་དང་། དེ་བཞིན་གཤེགས་པ་གོ་འཕང་མཐའ་ཡས་རྣམ་པར་གནོན་དང་། དེ་བཞིན་གཤེགས་པ་སྤོས་མཆོག་མཐའ་ཡས་རྒྱལ་པོ་དང་། དེ་བཞིན་གཤེགས་པ་རིན་ཆེན་དམ་པ་དང་། དེ་བཞིན་གཤེགས་པ་མཐུ་སྣང་ཆེ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེ་དམ་པ་སྟེ་འདི་དག་ནི་མདོ་སྡེ་སངས་རྒྱས་ཀྱི་དབུ་རྒྱན་ལས་སྨོས་པ་རྣམས་སོ། །ཡང་དེ་བཞིན་གཤེགས་པ་ནམ་མཁའི་དཔལ་དྲི་མེད་རྡུལ་སེལ་རབ་མཛེས་ཡོན་ཏན་གྱི་ཏོག་གི་འོད་མེ་ཏོག་པདྨ་བཻཌཱུརྱའི་འོད་ཟེར་རིན་པོ་ཆེའི་གཟུགས་ལྟ་བུའི་སྐུ་དང་ལྡན་པ་སྤོས་མཆོག་དམ་པའི་མཆོད་པ་སྐུ་རྣམ་པར་སྤྲས་ཤིང་ལེགས་པར་བརྒྱན་པ་གཙུག་ཏོར་གྱི་གཙུག་ནས་ཉི་མའི་འོད་ཟེར་དཔག་མེད་ཟླ་འོད་སྨོན་ལམ་གྱིས་བརྒྱན་པ་རབ་སྤྲུལ་བཀོད་པ་ཆེན་པོ་ཆོས་ཀྱི་དབྱིངས་ལས་མངོན་འཕགས་ཆགས་མེད་རིན་ཆེན་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཆུ་ལྷ་གཞོན་ནུ་ཉི་མའི་སྒྲོན་མ་ཟླ་བའི་མེ་ཏོག་རིན་ཆེན་པདྨ་གསེར་སྡུག་ནམ་མཁའ་ལྟ་བུའི་སྐུ་ལྡན་རྣམ་པར་སྣང་མཛད་འོད་ཟེར་རབ་

TN03_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

(༡༡)བརྒྱན་ཐོགས་མེད་འཁོར་ལོའི་དཀྱིལ་འཁོར་ཕྱོགས་བཅུར་འོད་ཟེར་རབ་འབྱིན་འཇིག་རྟེན་ཁམས་ཀུན་ཏུ་སྣང་བྱེད་ཏོག་གི་རྒྱལ་མཚན་རྒྱལ་པོ་དང་། དེ་བཞིན་གཤེགས་པ་བཀོད་པ་ཐམས་ཅད་དྲི་མེད་འོད་དང་། །དེ་བཞིན་གཤེགས་པ་སྤོབས་པའི་རྒྱན་ལ་དགོངས་པ་དང་། དེ་བཞིན་གཤེགས་པ་དྲི་མེད་ཟླ་བའི་ཏོག་གི་རྒྱལ་པོ་གྲགས་ལྡན་དང་། དེ་བཞིན་གཤེགས་པ་མེ་ཏོག་གི་བཀོད་པ་སྣང་བར་མཛད་པ་དང་། དེ་བཞིན་གཤེགས་པ་འོད་མཛད་དང་། དེ་བཞིན་གཤེགས་པ་རིན་པོ་ཆེ་མཆོག་གི་ཏོག་གྲགས་ལྡན་དང་། དེ་བཞིན་གཤེགས་པ་འཇིགས་མེད་རྣམ་པར་གཟིགས་དང་། དེ་བཞིན་གཤེགས་པ་འཇིགས་བྲལ་བག་ཚ་བ་མི་མངའ་སྤུ་ཟིང་མི་བྱེད་དང་། དེ་བཞིན་གཤེགས་པ་སེངྒེ་བསྒྱིངས་པའི་མིད་པ་དང་། དེ་བཞིན་གཤེགས་པ་གསེར་འོད་གཟི་བརྗིད་འཇིགས་བྲལ་རྒྱལ་པོ་ཞེས་བྱ་བ་རྣམས་ནི་སངས་རྒྱས་བཅུ་གཉིས་པའི་མདོ་སྡེ་ལས་གསུངས་སོ། །དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་མཚན་ནི་འཕགས་པ་དཀོན་མཆོག་འབྱུང་གནས་ལས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་གསེར་འོད་སེངྒེ་རྣམ་པར་རོལ་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཡོན་ཏན་ཤིན་ཏུ་གནས་པ་ནོར་བུ་བརྩེགས་པའི་རྒྱལ་པོ་ཞེས་བྱ་བ་རྣམས་ནི་འཕགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལས་གསུངས་སོ། །དེ་བཞིན་གཤེགས་པ་ཀུན་ཏུ་

TN03_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

(༡༢)གཟིགས་པའི་མཚན་ནི་འཇམ་དཔལ་གྱི་ཞིང་ཁམས་བཀོད་པ་ལས་གསུངས་སོ། །དེ་བཞིན་གཤེགས་པ་དྲི་མ་མེད་པར་འབར་བ་རིན་ཆེན་གསེར་གྱི་འོད་ཟེར་སྣང་བའི་ཏོག་དང་། དེ་བཞིན་གཤེགས་པ་འཛམ་བུ་གསེར་གྱི་རྒྱལ་མཚན་གསེར་དུ་སྣང་བ་དང་། དེ་བཞིན་གཤེགས་པ་གསེར་དུ་སྣང་བའི་སྙིང་པོ་དང་། དེ་བཞིན་གཤེགས་པ་ཉི་མ་བརྒྱའི་འོད་ཟེར་སྣང་བའི་སྙིང་པོ་དང་། དེ་བཞིན་གཤེགས་པ་གསེར་རི་རིན་ཆེན་འབྱུང་གནས་གདུགས་བརྩེགས་དང་། དེ་བཞིན་གཤེགས་པ་གསེར་གྱི་མེ་ཏོག་འབར་བའི་འོད་ཟེར་གྱི་ཏོག་དང་། དེ་བཞིན་གཤེགས་པ་སྒྲོན་མ་ཆེན་པོ་དང་། །དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་དང་། དེ་བཞིན་གཤེགས་པ་རྔ་སྒྲ་ལ་སོགས་པ་ནི་གསེར་འོད་དམ་པའི་མདོ་སྡེ་ལས་གསུངས་སོ། །དེ་ནས་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་པ་ཡང་བརྗོད་པར་བྱ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་རྗེས་སྤྱོད་དང་། དེ་བཞིན་གཤེགས་པ་སེམས་དང་པོ་བསྐྱེད་པ་ཡིད་ལ་མཛད་པ་རྣམ་གྲངས་བསྙེངས་པ་དང་བག་ཚ་བ་དང་བྲལ་བས་མངོན་པར་འཕགས་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཁོན་དང་རྒྱགས་པ་རྣམ་པར་གནོན་པ་དང་། དེ་བཞིན་གཤེགས་པ་རིན་ཆེན་གཟུགས་བཀོད་འོད་གནོན་དང་། དེ་བཞིན་གཤེགས་པ་བདུད་དང་ཡིད་གཉིས་ཀུན་འཇོམས་རྣམ་གནོན་དང་། དེ་བཞིན་གཤེགས་པ་སེམས་དང་པོ་བསྐྱེད་པས་ཕྱིར་མི་ལྡོག་པའི་འཁོར་

TN03_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

(༡༣)ལོ་འབྱུང་བའི་དཔལ་དང་། དེ་བཞིན་གཤེགས་པ་རིན་ཆེན་གདུགས་འཕགས་སྣང་དང་། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་འདུལ་བ་དང་། དེ་བཞིན་གཤེགས་པ་སྐྲག་མེད་མུན་བྲལ་ཏིང་ངེ་འཛིན་མངོན་འཕགས་རྒྱལ་པོ་དང་། དེ་བཞིན་གཤེགས་པ་དང་པོ་སེམས་བསྐྱེད་ཐེ་ཚོམ་གཅོད་མཛད་ཉོན་མོངས་བསྐྱོད་ཅེས་བྱ་བ་དག་གོ །འཕགས་པ་བཀྲ་ཤིས་བརྒྱད་པ་ལས་ཀྱང་བཀའ་སྩལ་པ་ནི། དེ་བཞིན་གཤེགས་པ་སྒྲོན་མའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་རྩལ་བརྟན་དོན་གྲུབ་དགོངས་པ་དང་། དེ་བཞིན་གཤེགས་པ་ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན་དང་། དེ་བཞིན་གཤེགས་པ་བྱམས་པའི་རྒྱན་གྱི་དཔལ་དང་། དེ་བཞིན་གཤེགས་པ་དགེ་བར་གྲགས་པ་དཔལ་དམ་པ་དང་། དེ་བཞིན་གཤེགས་པ་ལྷུན་པོ་ལྟར་འཕགས་པ་རྩལ་རབ་གྲགས་པའི་དཔལ་དང་། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ལ་དགོངས་པ་གྲགས་པའི་དཔལ་དང་། དེ་བཞིན་གཤེགས་པ་ཡིད་ཚིམ་པར་མཛད་པ་རྩལ་རབ་གྲགས་པའི་དཔལ་ཞེས་བྱ་བ་རྣམས་སོ། །དེ་དག་ཀྱང་བརྗོད་བྱའི་གཙོ་བོ་ཙམ་ཞིག་སྨོས་པ་ཡིན་གྱི་རྣམ་པ་གཞན་དུ་ན། ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གཞན་གྱིས་མི་ཐུབ་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོ་ཞབས་རིང་བ་བྱང་ཆུབ་སེམས་དཔའི་དགེ་འདུན་གྲངས་མེད་པ་དང་

TN03_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

(༡༤)བཅས་པ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་མདོ་སྡེ་ལས་འབྱུང་བ་བཞིན་དུ་བརྗོད་པར་བྱའོ། །དེ་བཞིན་གཤེགས་པའི་མཚན་དེ་ལྟར་བཤད་ནས། སླར་ཡང་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཅན་འགའ་ཞིག་གི་མཚན་བརྗོད་པ་ལ་འཇུག་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཞེས་རྒྱ་ཆེར་ཀུན་ལ་སྦྱར་ཏེ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རྣམས་ནི་དཀྱིལ་འཁོར་བརྒྱད་པའི་ཆོས་ཀྱི་རྣམས་གྲངས་ལས་བཀའ་སྩལ་ཞིང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཚད་མེད་པ་རྣམས་སུ་བསྔགས་པ་རྒྱ་ཆེར་གསུངས་པ་དག་གོ །བྱང་ཆུབ་སེམས་དཔའ་འོད་ཀྱི་ཏོག་དང་། བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མ་དང་། བྱང་ཆུབ་སེམས་དཔའ་ཞི་བའི་དབང་པོ་དང་། བྱང་ཆུབ་སེམས་དཔའ་སྨོན་ལམ་བློ་གྲོས་ཞེས་བྱ་བ་རྣམས་ནི་འཇམ་དཔལ་གྱི་ཞིང་བཀོད་པ་ལས་གསུངས་སོ། །བྱང་ཆུབ་སེམས་དཔའ་སྤྱོད་པ་ཁྱད་པར་ཅན་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་མཐའ་ཡས་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་རྣམ་

TN03_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥)དག་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་བརྟན་པ་དང་། བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྨན་ཡང་དག་འཕགས་དང་། བྱང་ཆུབ་སེམས་དཔའ་སང་སང་པོའི་དབྱངས་ལ་སོགས་པའི་བསྔགས་པ་ནི་དམ་པའི་ཆོས་པདྨ་དཀར་པོ་ལས་གསུངས་སོ། །བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་དང་། བྱང་ཆུབ་སེམས་དཔའ་གསེར་འོད་དམ་པ་དང་། བྱང་ཆུབ་སེམས་དཔའ་གསེར་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་དུ་དང་། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཞེས་བྱ་བའི་མཚན་རྣམས་ནི་གསེར་འོད་དམ་པ་ལས་གསུངས་སོ། །བྱང་ཆུབ་སེམས་དཔའ་རྡུལ་མེད་རྣམ་པར་གནོན་པ་དང་། བྱང་ཆུབ་སེམས་དཔའ་ལག་ན་པདྨ་དང་། བྱང་ཆུབ་སེམས་དཔའ་ཉི་འོད་ཅེས་བྱ་བ་ནི་སངས་རྒྱས་ཀྱི་དབུ་རྒྱན་ལས་གསུངས་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་སྣང་བའི་མཛོད་ཀྱི་སྙིང་པོས་བྱུང་བ་དང་། བྱང་ཆུབ་སེམས་དཔའ་ཟབ་མོའི་མཛོད་ཀྱི་སྙིང་པོས་བྱུང་བ་དང་། བྱང་ཆུབ་སེམས་དཔའ་དཔལ་གྱི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་དང་། བྱང་ཆུབ་སེམས་དཔའ་སྤྲིན་སྒྲ་ཟབ་མོ་རྣམ་པ་ཐ་དད་པའི་མཛོད་ཀྱི་སྙིང་པོས་བྱུང་བ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་མི་ཕྱེད་པའི་གཙུག་གི་མཛོད་ཀྱི་སྙིང་པོས་བྱུང་བ་དང་། བྱང་ཆུབ་སེམས་དཔའ་ངག་གི་ལམ་མི་གཡོ་བར་ཀུན་ཏུ་འགྲོ་བའི་འོད་ཟེར་སྣང་བའི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་དང་།

TN03_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦)བྱང་ཆུབ་སེམས་དཔའ་གྲགས་པ་སྙན་པ་ཀུན་ཏུ་རྣམ་པར་གྲགས་པའི་འོད་ཀྱི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་དང་། བྱང་ཆུབ་སེམས་དཔའ་རིའི་རྒྱལ་པོ་མི་གཡོ་བའི་འོད་ཟེར་སྣང་བའི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་དང་། བྱང་ཆུབ་སེམས་དཔའ་ཀུན་ནས་བལྟ་བའི་གཟུགས་རྣམ་པར་དམིགས་པའི་འོད་ཟེར་གྱི་རྒྱལ་པོ་སྣང་བའི་གཟི་བརྗིད་ཀྱི་སྙིང་པོས་བྱུང་བ་དང་། བྱང་ཆུབ་སེམས་དཔའ་སྟོབས་བཅུ་རྣམ་པར་དག་པ་ཐུབ་པ་མེད་པའི་འོད་ཟེར་སྣང་བའི་གཟི་བརྗིད་ཀྱི་སྙིང་པོས་བྱུང་བ་སྟེ་འདི་དག་ནི་ཀུན་ཏུ་བཟང་པོས་བསྟན་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་སྣོད་ལས་གསུངས་སོ། །བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་གཙུག་ན་རིན་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་བཟང་པོའི་དཔལ་དང་། བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་། བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་མཛོད་དང་། བྱང་ཆུབ་སེམས་དཔའ་སངས་རྒྱས་བློ་གྲོས་མངོན་སུམ་དང་། བྱང་ཆུབ་སེམས་དཔའ་བུད་མེད་འགྱུར་བ་དང་། བྱང་ཆུབ་

TN03_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

(༡༧)སེམས་དཔའ་སྤོས་ཀྱི་གླང་པོ་དང་། བྱང་ཆུབ་སེམས་དཔའ་ཉི་མ་ལྟར་སྣང་བྱེད་དང་། བྱང་ཆུབ་སེམས་དཔའ་ཟླ་བ་ལྟར་གསལ་བྱེད་དང་། བྱང་ཆུབ་སེམས་དཔའ་རིན་ཆེན་ཕྱིན་དང་། བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་པ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དང་། བྱང་ཆུབ་སེམས་དཔའ་སོར་མོའི་ཕྲེང་བ་དང་། བྱང་ཆུབ་སེམས་དཔའ་དྲྭ་བ་ཅན་གྱི་འོད་དང་། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་སྐོར་བ་དང་། བྱང་ཆུབ་སེམས་དཔའ་ནོར་བཟང་དང་། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་ལྷའི་ཅོད་པ་ལ་སོགས་པ་གཞན་ཡང་རྒྱལ་བའི་སྲས་ཀྱི་འདུས་པའི་ནང་ན་གཙོ་བོར་སྨོས་པ་རྣམས་མདོ་སྡེའི་གླེང་གཞི་དང་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་འདུས་པའི་དགའ་སྟོན་ལ་རྩེ་བའི་སྐབས་རྣམས་སུ་ཤེས་པར་བྱ་སྟེ་འདིར་ནི་ཕྱོགས་ཙམ་ཞིག་བཤད་དོ། །དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་རིན་ཐང་མེད་པའི་རིན་པོ་ཆེའི་མཆོག་འདི་དག་ལ་བརྟེན་ནས། བསོད་ནམས་ཀྱི་འབྱོར་པ་རྒྱ་ཆེན་པོ་སྒྲུབ་པའི་ཚུལ་ཡང་ཇི་ལྟ་བུ་ཞེ་ན། མཚན་དེ་དག་ཐོས་ནས་ལེན་ཅིང་འཛིན་ལ་ཀློག་ཅིང་ཀུན་ཆུབ་པར་བྱེད་དེ་འཇུག་པར་བྱེད་ཅིང་གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན་ཞེས་མདོ་སྡེ་ལས་གསུངས་ཤིང་། དེ་མ་ཟད་མཚན་དེ་དག་ཐོས་པ་ཙམ་དང་བརྗོད་པ་ཙམ་ལའང་སྦྱར་ནས་ཕན་ཡོན་རྒྱ་ཆེར་གསུངས་སོ། །དེས་ན་ཡན་ལག་གི་བྱ་བ་མང་པོ་དང་མ་འབྲེལ་ན་ཡང་མཚན་ཙམ་བརྗོད་པས་དགོས་པ་མི་འགྲུབ་པ་མིན་མོད། ཕྱག་མཆོད་ལ་

TN03_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨)སོགས་པའི་ཚོགས་བསགས་དང་སྦྲེལ་ནས་བརྗོད་ན་སྟོབས་ཆེ་སྟེ། སངས་རྒྱས་བཅུ་གཉིས་པ་དང་། དཔང་ཀོང་ཕྱག་རྒྱ་པ་ལ་སོགས་པ་མཐོང་བ་ལས་ཤེས་སོ། །འཇུག་པ་བདེ་བར་སྨོས་ན། བཟང་པོ་སྤྱོད་པའི་ཕྱག་འཚལ་གྱི་ཚིགས་སུ་བཅད་པ་བཞིའི་རྗེས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་ཐོག་མ་དང་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ་ཞེས་ཐ་མར་སྦྱར་ཏེ་ལན་བདུན་ལ་སོགས་པ་བརྗོད་ཅིང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་རིགས་པ་བགྲེ། དེ་ནས་མཆོད་པ་ནས་བརྩམས་ཏེ་འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག་ཅེས་པའི་མཐར་ཐུག་གི་བར་དུ་བརྗོད་ཅིང་དོན་ཡིད་ལ་དྲན་པར་བྱའོ། །དེའང་སྔ་དྲོ་ལ་སོགས་པའི་དུས་གསུམ་དུ་བྱ་བར་རིན་ཆེན་ཟླ་བས་ཞུས་པ་ལས་གསུངས་ཤིང་། སངས་རྒྱས་བཅུ་གཉིས་པའི་མདོ་ལས། ཉིན་ཞག་བདུན་དུ་ཚང་བར་ནི། །མཚན་རྣམས་འདི་དག་འཛིན་བྱེད་ན། །གང་གིས་འདྲེན་རྣམས་མཐོང་འགྱུར་བའི། །རྒྱ་ཆེན་མིག་ནི་སྦྱང་བར་འགྱུར། །ཞེས་ཉིན་ཞག་གི་གྲངས་ཚད་ཀྱང་གསུངས་སོ། །འདིར་ཕན་ཡོན་གྱི་རིམ་པ་ནི། མདོ་སྡེ་བརྒྱད་བརྒྱ་པར་དེ་བཞིན་གཤེགས་པ་བདུན་གྱི་ཁྱད་པར་བཞི་བཅུ་རྩ་བཞི་གསུངས་པ་དང་། ལི་ཙ་བིས་ཞུས་པར། གང་གིས་སྐྱོབ་པའི་མཚན་ནི་བཟུང་བྱས་ན། །དེ་ལ་བྱང་ཆུབ་དམ་པ་རྙེད་སླ་ཞིང་། །བདེ་བར་གཤེགས་པའི་ཡོན་ཏན་གཞན་རྣམས་དང་། །ཡོན་ཏན་དྲི་མེད་འདི་དག་མིས་འཐོབ་འགྱུར། ཞེས་སོགས་གཙོ་བོའི་ཡོན་ཏན་ངེས་ལེགས་དང་དེའི་ཆ་ལག་ཏུ། རྒྱལ་བ་དེའི་མཚན་ནི་སུས་བཟུང་བ། །མེ་དང་ཆུ་དང་དུག་གིས་མི་འཆི་ཞིང་། །འདི་ལ་མཚོན་གྱིས་མི་ཚུགས་མཁས་པ་དག །མངལ་དུ་མི་སྐྱེ་གཟུངས་རྣམས་མི་དེས་འཐོབ། །ཅེས་སོགས་

TN03_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩)མངོན་མཐོའི་ཡོན་ཏན་ལས་བརྩམས་ཏེ་རྒྱ་ཆེར་བཀའ་སྩལ་པ་དང་། བསམ་གྱིས་མི་ཁྱབ་པའི་རྒྱལ་པོའི་མདོར། མཚན་འདི་དག་ཐོས་པའི་བྱང་ཆུབ་སེམས་དཔའ་འཆི་བའི་ཚེ་ན་རབ་འབྱམས་རྒྱ་མཚོའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མདུན་ན་མངོན་སུམ་དུ་བཞུགས་པ་མཐོང་བར་གསུངས་པ་དང་། སངས་རྒྱས་བརྒྱད་པའི་ཆོས་ཀྱི་རྣམས་གྲངས་ལས། འཇིག་རྟེན་མགོན་པོ་དེ་དག་གི །མཚན་རྣམས་འཛིན་པར་བྱེད་པ་ནི། །མི་ཁོམས་ཐམས་ཅད་ཡོངས་སྤངས་ནས། །མྱུར་དུ་བཟང་འགྲོར་འགྲོ་བར་འགྱུར། །ཞེས་པ་ནས། གྲགས་ལྡན་རྣམས་ཀྱི་མཚན་ཐོས་ནས། །དེ་དག་དཔའ་ཞིང་ཤེས་རབ་ཆེ། །འཇིག་རྟེན་མི་མཆོག་སངས་རྒྱས་འགྱུར། །ཞེས་པའི་བར་དུ་གསུངས་པ་དང་། །རིན་ཆེན་དྲྭ་བ་ཅན་གྱིས་ཞུས་པར་གསུངས་པའི་ཕན་ཡོན་ཀྱང་མདོར་བསྡུ་ན་གང་ཐོས་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དང་། ཚེ་རབས་དྲན་པ་དང་། སེར་སྣའི་སེམས་དང་ལྷན་ཅིག་མི་གནས་པ་དང་། བྱང་ཆུབ་སེམས་དཔའི་འཁོར་གྱིས་མཛེས་པ་དང་། ཡོན་ཏན་གྲངས་མེད་པ་མང་པོས་ཀྱང་ཡོངས་སུ་འཛིན་པ་དང་། སངས་རྒྱས་ཐམས་ཅད་དགྱེས་པར་བགྱིད་པ་དང་། སེམས་ཅན་ཐམས་ཅད་ཚིམ་པར་བགྱིད་པ་དང་། བདུད་ཐམས་ཅད་སྐྲག་པར་བགྱིད་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྦྱོང་བ་དང་། སེམས་ཅན་ཐམས་ཅད་སེམས་ཀྱི་དྲི་མ་སེལ་ཞིང་། དེ་དག་ཆོས་དཀར་པོ་རྣམས་ལ་འཇོག་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ལྷ་རྣམས་ཀྱིས་སྲུང་བ་མཛད་པ་ལ་སོགས་པར་འགྱུར་བའི་དེ་བཞིན་གཤེགས་པའི་མཚན་དེ་དག་གང་ལགས་ཞེས་དྲིས་ནས་སྟོན་པས་སྔར་བཤད་པ་རྣམས་ཀྱི་སྒོ་ནས་ལན་བཏབ་པ་ཡིན་པར་ཤེས་པར་སྣང་བ་དང་།

TN03_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠)རིན་ཆེན་ཟླ་བས་ཞུས་པ་ལས། འཇིག་རྟེན་མགོན་པོ་དེ་རྣམས་ཀྱི། །མཚན་ནི་གང་ཞིག་འཛིན་བྱེད་པ། །མ་འོངས་དུས་ན་དེ་དག་ཀུན། །རྐང་གཉིས་རྣམས་ཀྱི་མཆོག་ཏུ་འགྱུར། །ཞེས་སོགས་མཐར་ཐུག་གི་ཡོན་ཏན་དང་། གང་ཞིག་སྐྱོབ་པ་དེ་དག་གི །མཚན་འདི་དག་ནི་འཛིན་འདི་ལ། །མེ་དང་ཆོམ་རྐུན་དུག་རྣམས་དང་། །མཚན་གྱིས་ཚུགས་པར་མི་འགྱུར་རོ། །ཞེས་སོགས་གནས་སྐབས་ཀྱི་ཡོན་ཏན་ལས་བརྩམས་ཏེ་བཀའ་སྩལ་པ་དང་། དེ་བཞིན་གཤེགས་པ་གཙུག་ཏོར་ཅན་གྱི་མཚན་ཐོས་པའི་ཡོན་ཏན་གསེར་འོད་དམ་པའི་མདོ་སྡེར་གསུངས་པ་དང་། སྟོན་པ་ཤཱཀྱ་ཐུབ་པའི་མཚན་ཐོས་པའི་ཡོན་ཏན་སྙིང་རྗེ་པད་དཀར་ནས་གསུངས་པ་དང་། དེ་བཞིན་གཤེགས་པ་བདུན་པོ་དེའི་མཆོད་རྟེན་གྱི་ཡོན་ཏན་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་ཇི་ལྟར་བསྟན་པ་སོགས་དང་སྒྲུབ་ཚུལ་གཅིག་པའི་སྒོ་ནས་རྟོགས་ནུས་པ་དང་། སངས་རྒྱས་ཀྱི་དབུ་རྒྱན་ལས། འཇིག་རྟེན་འདི་ནི་གངྒཱའི་བྱེ་སྙེད་ཀྱིས། །རིན་ཆེན་གསེར་གྱི་མདོག་གིས་བཀང་འབུལ་བས། །གང་ཞིག་སངས་རྒྱས་མཆོག་གི་མཚན་ཐོས་ནས། །སྦྱིན་ཕུང་དེ་ཡིས་བརྒྱ་ཡི་ཆར་མི་ཕོད། །གང་གིས་སངས་རྒྱས་མཚན་འདི་ཐོས་ནས་འཛིན། །དེ་དག་རིམ་གྱུར་མཆོག་ནི་ལེགས་པར་རྙེད། །དེ་མིའི་འཇིག་རྟེན་དབྱངས་ཀྱི་ཡན་ལག་ལྡན། །རབ་ཏུ་འབྱུང་བ་ལེགས་རྙེད་ཟས་ལེགས་སྤྱད། །ཅེས་འབྱུང་བ་དང་། སངས་རྒྱས་བཅུ་གཉིས་པའི་ཆོས་ཀྱི་རྣམ་གྲངས་ལས། གཟུགས་དང་མཚན་ནི་ཕུན་སུམ་ཚོགས། །ཞེས་དང་། སྤོས་ངད་དེ་ཡི་ཁ་ནས་འབྱུང་། །སོགས་ལུས་ཀྱི་ཡོན་ཏན་དང་། ཚངས་པའི་དབྱངས་ནི་ལྡན་པར་འགྱུར། །སོགས་དག་གི་ཡོན་ཏན་དང་། མོས་བྱེད་ཤེས་རབ་འཆལ་མི་འགྱུར། །སོགས་ཡིད་ཀྱི་ཡོན་

TN03_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡)ཏན་དང་། ནོར་ཆེན་ཁྱིམ་དུ་སྐྱེ་བར་འགྱུར། །ཞེས་དང་། དད་པ་བླ་ན་མེད་པ་འཐོབ། །ཅེས་ཟང་ཟིང་དང་ཆོས་ཀྱི་ལོངས་སྤྱོད་དང་། ལྷ་དང་དྲི་ཟ་ཀླུ་དབང་དང་། །མཁའ་ལྡིང་ལྷ་མིན་གསང་བ་པ། །རྟག་ཏུ་དེ་ལ་སྲུང་བ་བྱེད། །ཅེས་ཐུབ་པར་དཀའ་བའི་ཡོན་ཏན་ལ་སོགས་པ་མང་དུ་འབྱུང་བ་དང་། དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་མཚན་བརྗོད་པའི་ཡོན་ཏན་ཡང་མདོ་སྡེ་དེ་དང་དེར་དངོས་དང་ཤུགས་བསྟན་ཅི་རིགས་པས་གསལ་བར་མཛད་པ་དང་། ཕྱོགས་བཅུ་མུན་སེལ་དང་བཀྲ་ཤིས་བརྒྱད་པའི་མདོར། མཚན་དེ་དག་སྲུང་བ་ཆེན་པོར་བསྟན་པ་དང་། ཟ་མ་ཏོག་བཀོད་པ་ལ་སོགས་པར་བྱང་ཆུབ་སེམས་དཔའི་ཡོན་ཏན་མང་དུ་བསྔགས་པར་རྒྱས་པར་མདོ་ཉིད་ལས་རིག་པར་བྱའོ། །དེ་དག་ལ་ཚད་མས་དྲངས་པའི་ངེས་ཤེས་སྐྱེད་ཚུལ་ཡང་། རིན་ཆེན་དྲྭ་བ་ཅན་གྱིས་ཞུས་པ་ལས། དེའི་མཚན་ལ་སོམ་ཉི་མི་ཟ་ཞིང་། །ངས་མཐོང་བ་ལ་ཡང་ཡིད་ཆེས་ན། །ཞེས་གསུངས་ཏེ་སོམ་ཉི་མི་ཟ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཐེ་ཚོམ་གྱི་ཉེས་པས་ཅི་ཙམ་དུ་སྒྲིབ་པའི་ཚུལ་མདོ་སྡེར་མང་དུ་གསུངས་པའི་དོན་དེ་ལྟ་བུ་ལ་དགོངས་སོ། །ངས་མཐོང་བ་ལ་ཡང་ཡིད་ཆེས་ན་ཞེས་པས་རྒྱལ་བ་དེ་དག་གི་སྔོན་གྱི་སྨོན་ཁམ་གྱི་ཁྱད་པར་རྣམས་ཚུ་རོལ་མཐོང་བ་ལ་ཤིན་ཏུ་ལྐོག་གྱུར་དུ་བསྟན་ནས། དེ་ལ་དེ་བཞིན་གཤེགས་པའི་ཡུལ་ཚད་མར་བྱེད་དགོས་སོ་ཞེས་བཀའ་སྩལ་པ་ཡིན་ཏེ། དེའི་དོན་ནི་འདི་འདྲ་བའི་གནས་ལ་ལུང་དཔྱད་པ་གསུམ་གྱིས་དག་པ་རྒྱུ་མཚན་དུ་བྱེད་པར་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཤད་པ་ལྟ་བུའོ། །མཚན་འདི་དག་གིས་སྔར་ཆོས་མ་ཐོས་ཤིང་དྲན་པར་མ་བྱས་པའི་སེམས་ཅན་འཆིག་མ་རྣམས་ལའང་ཕན་གདགས་པར་བྱ་སྟེ། དེས་ཀྱང་དེ་ལ་སྨན་ཡོན་

TN03_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢)ཆེན་པོ་བཏགས་པར་འགྱུར་བའི་ཕྱིར་ཏེ། རྒྱ་མཚོའི་ཆུ་སྲིན་གྱི་ཕྱུང་བ་སྙིང་རྗེ་པདྨ་དཀར་པོའི་མདོར་བཤད་པ་དང་། ཉ་ཁྲིའི་རབས་ཇི་སྐད་འབྱུང་བ་བཞིན་ནོ། །ཕན་ཡོན་གོང་དུ་སྨྲོས་པ་དེ་དག་འཐོབ་པའི་དུས་ཚད་ཀྱང་ཇི་ལྟ་བུ་ཞེ་ན། འདི་ལ་རྟེན་གྱི་གང་ཟག་ལྷག་པའི་བསམ་པའི་སྟོབས་མཆོག་དམན་གྱི་རིམ་པ་མི་འདྲ་བ་ལ་བརྟེན་ནས་མྱུར་བུལ་གྱི་བྱེ་བྲག་དུ་མ་ཞིག་ཡོད་པར་སངས་རྒྱས་ཕལ་པོ་ཆེ་ལས་བཤད་ལ་ཕན་ཡོན་བརྗོད་ཚུལ་འགའ་ཞིག་ནི་དུས་གཞན་ལ་དགོངས་ཏེ་གསུངས་པའི་དགོངས་པ་ཅན་ཡང་ཆེན་པོ་དག་གིས་བཤད་དེ། ཚུལ་འདིས་ནི་མདོའི་དངོས་བསྟན་དུ་བྱང་ཆུབ་སེམས་དཔའི་འཁོར་གཙོ་བོར་མཛད་དེ་གསུངས་པ་གང་ལ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པའི་མཚན་འདི་དག་དུས་གསུམ་དུ་འཛིན་པར་བྱེད་ན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་རྣམས་ཀྱང་ཐེག་པ་ལ་མ་ཞུགས་པ་རྣམས་ཀྱིས་མཚན་དེ་དག་འཛིན་ན་དོན་དུ་མི་འགྱུར་བའི་དོན་ཅན་མ་ཡིན་པར་ཤེས་པར་བྱ་སྟེ། ཇི་ལྟར་འཕགས་པ་འོད་དཔག་མེད་ཀྱི་ཞིང་ཁམས་བཀོད་པའི་མདོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དུ་བཀའ་སྩལ་པ་ཡིན་ཡང་། །བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་བརྗོད་པ་དེ་ཐོས་ན་སྐྱེ་བོ་གཞན་གྱི་དོན་དུ་མི་འགྱུར་བ་མིན་པར་གྲགས་ཆེ་བ་བཞིན་ནོ། །དེ་ལྟར་ན་བཤད་པར་ཁས་བླངས་པའི་སྐབས་དོན་ཡོངས་སུ་རྫོགས་པར་གླེང་ཟིན་ཏོ། །དཔང་གྱུར་ཀུན་མཁྱེན་ལུང་གི་ཆུ་གཏེར་ཆེ། །ཡང་དག་རིགས་པའི་སྲུབ་ཤིང་གིས་བསྲུབས་པས། །དོན་ལྡན་གཏམ་གྱི་ཟླ་བ་གསར་པ་ཞིག །སྐལ་བཟང་ཡིད་མཁའི་ངོས་སུ་དལ་གྱིས་རྒྱུ། །དེ་ལྟར་བདག་གིས་རྒྱལ་ལ་དད་པ་ཡིས། །ཆོས་

TN03_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣)མཐུན་གཏམ་འདིར་ཅུང་ཟད་ངལ་བ་ལས། །བསོད་ནམས་ཕུང་པོ་གང་ཞིག་སྐྱེས་པའི་མཐུས། །བྱང་ཆུབ་སྙིང་པོར་འགྲོ་ཀུན་གཞོལ་གྱུར་ཅིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་བྱིན་རླབས་ཅན་མདོ་སྡེ་ལས་བཏུས་པ་ཐོས་པ་དོན་ལྡན་ངག་གི་རོལ་མོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་དད་པ་དང་ལྡན་པའི་བཙུན་པ་སོག་ཚ་ཚེ་ཕྱུག་ནས་ནན་ཏན་ཆེན་པོས་བསྐུལ་བའི་ཆེད་དང་། རང་གཞན་མང་པོ་ལ་ཕན་པར་བསམ་པས་ཀྱང་མཚམས་སྦྱར་ཏེ། འཇིགས་མེད་བསྟན་པའི་ཉི་མས་རྣམ་འགྱུར་ཞེས་པ་ལྕགས་སྟག་ས་གས་ཉ་བའི་དཀར་ཕྱོགས་ཀྱི་དགའ་བ་ཐོག་མ་ལ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་བློ་གསལ་དམ་པ་ཚུལ་ཁྲིམས་ནོར་བུས་བགྱིས་པ་འདིས་ཀྱང་རང་དང་གཞན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །སརྦ་མངྒ་ལཾ།། །།

TN03_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤)

བྷོ་ཊའི་ཡུལ་གྱི་སློབ་དཔོན་ཆེན་པོ་མཉྫུ་ཤྲཱི་དྷརྨ་མི་ཏྲའི་ཞབས་ཀྱི་རྟོགས་པ་མདོ་ཙམ་དུ་བརྗོད་པ་འཇིག་རྟེན་ཀུན་དུ་དགའ་བའི་གཏེར།

TN03_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥)བྷོ་ཊའི་ཡུལ་གྱི་སློབ་དཔོན་ཆེན་པོ་མཉྫུ་ཤྲཱི་དྷརྨ་མི་ཏྲའི་ཞབས་ཀྱི་རྟོགས་པ་མདོ་ཙམ་དུ་བརྗོད་པ་འཇིག་རྟེན་ཀུན་དུ་དགའ་བའི་གཏེར་ཞེས་བྱ་བ་བཞུགས་སོ། །

TN03_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

(༢༦)ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། ཚོགས་གཉིས་རི་བོའི་བ་གམ་རྩེར་འཛེགས་ཐུབ་བསྟན་མཁའ་ལ་རྒྱན་དུ་བྱེད། །ཕྲིན་ལས་འོད་ཀྱིས་ཕྱོགས་སྟོང་སྤྱི་བོར་མཛེས་སྡུག་ཅོད་པན་ཉིན་བཞིན་འདོགས། །དམ་པའི་བློ་གྲོས་ཆུ་སྐྱེས་ཚལ་ནང་ཀུན་དགའི་རོལ་པ་འབུམ་འགྱེད་པ། །འཇམ་དབྱངས་རྗེས་བརྩེའི་ཆུ་གཏེར་ལས་བལྟམས་བླ་མའི་ཉིན་བྱེད་རྒྱལ་གྱུར་ཅིག །དེ་ཡི་བཀའ་དྲིན་ལྕགས་ཀྱུས་དྲངས་པའི་ཡིད། །མི་འཕྲོགས་དགའ་བར་ཁོལ་བས་ཉེར་བསྐྱོད་ཅིང་། །འདོད་པའི་གོམ་སྟབས་བསོད་ནམས་ཛམ་བུའི་ནགས། །རྩེ་གཅིག་བསྒྱུར་བའི་ཅ་ཅོ་དབྱངས་སུ་ལེན། །ཟབ་ཅིང་རྒྱ་ཆེའི་སྦྱོར་བ་བརྒྱས་བསགས་པ། །དག་པའི་ཐུགས་མངའ་

TN03_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

(༢༧)རྣམས་ཀྱི་རྣམ་པར་ཐར། །སོ་སོ་རང་རིག་ཡུལ་ལ་བདག་འདྲ་བས། །ཅི་དགར་སྨྲ་བའི་གོ་སྐབས་ག་ལ་རྙེད། །འོན་ཀྱང་བདེན་གསུང་བདུད་རྩིའི་རླབས་ཕྱུར་བ། །དང་བའི་སྙིམ་པར་ཆ་ཙམ་འཐུང་བ་ལས། །བློ་གྲོས་ལང་ཚོ་རྒྱགས་པའི་མྱོས་གླུ་ནི། །རང་བཞིན་བརྗོད་པའི་རྟོགས་བརྗོད་ཕྲེང་བར་སྤེལ། །དེ་ལ་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ། །ཛམ་བུའི་གླིང་ན་ཆེ་བའི་རྣལ་འབྱོར་གྱི་དབང་ཕྱུག །འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ཞེས་སྙན་གྲགས་ཀྱི་ཡི་གེས་ས་གཞིའི་དཀྱིལ་འཁོར་བརྒྱན་པར་མཛད་པ་དེ་ཉིད་འཇིག་རྟེན་དུ་ཇི་ལྟར་བྱུང་བའི་ཚུལ་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གདུལ་ཞིང་། བོད་ཁ་བ་ཅན་གྱི་ཤར་

TN03_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨)ཕྱོགས། མདོ་ཁམས་སྡེ་དགེའི་མངའ་རིས་ལས། ཡུལ་གྱི་དགེ་བཅུ་གཡང་དུ་ཆགས་ཤིང་ཉེ་འཁོར་བཀྲ་ཤིས་རྟགས་བརྒྱད་ཀྱིས་རེ་ཁཱས་བཀྲ་ལ། དཔའ་བོ་མཁའ་འགྲོའི་གྲོང་མང་པོ་དང་འདབ་འབྲེལ་བས་ཁྱད་པར་དུ་འཕགས་པ་གཏེར་ལྷུང་ཞེས་པའི་སའི་ཆ་ཤས། ཉང་རིན་པོ་ཆེའི་གཏེར་ལུང་ལས། རྩེ་སྒང་ཞེས་པའི་རི་བོའི་མདུན༔ ཕ་བོད་ཀླུ་དབང་འཁྱིལ་བའི་སྟེངཿ མངའ་བདག་འཇམ་པའི་དབྱངས་ཞེས་འབྱུང་ཿ བཅུ་གསུམ་ཟབ་མོའི་གཏེར་ལ་སྤྱོད༔ ཅེས་པ་ལྟར། རྒྱབ་རི་རྩེ་སྒང་དུ་གྲགས་པའི་མདུན། བྲག་རི་སྦྲུལ་འཁྱིལ་བ་ལྟ་བུའི་གཟུགས་སུ་གནས་པའི་སྟེང་། དེའུ་མགོ་ཞེས་པའི་གྲོང་དུ་ཡབ་ཚང་ཆགས་ཤིང་། སྐུ་བལྟམས་དངོས་ཁྱུད་ཆེན་བྲག་གི་ཉེ་འདབས་སུ་དབྱར་མལ་ཕོག་ཡོད་པའི་སྐབས། རས་དཀར་གྱི་ལྡིང་གུར་ཕུབ་པའི་ནང་དུ་བྱུང་བས། གུ་རུ་ཚེ་བརྟན་རྒྱལ་མཚན་པའི་གཏེར་ཡིག་ལས། མོན་བུ་སྤྱི་རིང་སྐྲ་ཡི་ལ་བ་ཅནཿ རི་བོ་ཁྱུང་ཆེན་ལྡིང་བའམ་ཞོལ་དུ་འབྱུང་༔ ཞེས་འབྱུང་བ་དང་ཤིན་ཏུ་འགྲིགས། དེའང་མཛེས་སྡུག་གི་ཡོན་ཏན་ལས་མིང་ཆགས་པ་མྱོས་ཀྱི་རིགས་ལས་མི་དབང་སྡེ་དགེའི་དྲུང་ཆེན་གཙུག་ལག་གཉིས་ལ་བློ་གྲོས་མཆོག་ཏུ་ཡངས་པ་རིན་ཆེན་དབང་རྒྱལ་དང་། ཡུམ་མདུན་ན་འདོན་གཙོ་བོའི་རྒྱུད་དུ་བྱུང་བ་དགེར་བ་བུ་མོ་བསོད་

TN03_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩)ནམས་མཚོའི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་མོ་ཡོས་ལ་ལྷུམས་སུ་ཞུགས། དེའི་ཚེ་ཡུམ་གྱི་ལུས་མདངས་དང་ལྡན་ཞིང་བདེ་བ་དང་། དགེ་སེམས་རང་བཞིན་གྱིས་འཕེལ་བར་གྱུར་ཏེ། མངལ་དུ་ཟླ་བ་བརྒྱད་བཞུགས་ནས་ལྕགས་འབྲུག་ཆུ་སྟོད་ཟླ་བའི་ཆོས་འཁོར་དུས་ཆེན་དང་ཉེ་བ་དཀར་ཕྱོགས་རྫོགས་པ་དང་པོའི་ཐོ་རངས་ཁྱིམ་ཉི་མ་ཤར་བ་ལྟ་བུའི་འོད་ཀྱིས་གང་བ་དང་། ཉི་མ་ཤར་དུས་སུ་ཆུ་སྣོད་ཀྱི་ཆུ་འོ་མའི་ཕུང་པོར་བསྙོན་མི་ནུས་པར་སོང་བ་སོགས་ལྟས་ཁྱད་པར་ཅན་གྱིས་མདུན་བསུས་ཏེ། དེ་ཉིད་ཀྱི་ཉི་མའི་གུང་ལ་ཀུན་དགའི་ལང་ཚོ་སྨིན་མཚམས་དཔའ་བོའི་རྒྱ་རྟགས་ཀྱིས་སྤྲས་ཤིང་སྐྱེ་མཆེད་ཤིན་ཏུ་དང་བ། ཁོ་ལག་ཡངས་ཤིང་སྐུ་བྱད་ལྟ་ན་སྡུག་པ། འཁྲི་ཤིང་གསར་པའི་འདབ་མ་ལྟར་མཉེན་ལ་གཟི་བརྗིད་ཀྱིས་སྣུམ་པ། སྤོས་ཀྱི་ཤིང་བཞིན་ལྷན་ཅིག་སྐྱེས་པའི་དྲི་བསུང་ཞིམ་པོ་ཅན། དབྱིག་གི་གདངས་སྤྲིན་གྱི་ང་རོ་ལྟ་བུའི་རྒྱན་དང་ལྡན་པ་ཞིག་དབུ་སྐྲ་ནག་པོ་སིལ་བུར་གྱུར་ཅིང་། ཤ་མའི་གཡོགས་ཆོས་གོས་དཀྲི་ཚུལ་ལྟར་མནབ་པ། ཀུ་ཤའི་སེ་རལ་ཁ་དང་བཅས་པའི་རྣམ་པས་ཡུམ་ལ་གནོད་པ་མེད་པར་བལྟམས། བྱང་ཆུབ་སེམས་དཔའ་རིན་པོ་ཆེ་འདི་བྱུང་བའི་མཐུ་ལས་ཁྱིམ་དེ་བཀྲ་ཤིས་ཀྱི་གཟི་དང་ལྡན་པར་གྱུར་པ་ཙམ་དུ་མ་ཟད། རྒྱལ་ཁམས་སྤྱིར་ཡང་བདེ་བ་དང་ལོ་ལེགས་

TN03_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠)པ་སོགས་འཇིག་རྟེན་སྐྱོང་བ་རྣམས་བཙས་སྟོན་བྱེད་པ་ལ་བརྩོན་པ་བཞིན་དུ་གྱུར་ཏོ། །མདོ་ཁམས་སྟོད་སྨད་ཕལ་ཆེར་སྡོ་འཇམ་དཔལ་རྟག་དུས་གང་བ་འདིའང་རྗེ་བླ་མ་མ་བྱོན་གོང་དུ་མེད་ཟེར་ཏེ། སི་ཏུ་ཆོས་འབྱུང་གི་དྲིས་ལན་ཞིག་དང་བསྟུན་ན་བདེན་པར་གསལ། བྱིས་པའི་དུས་ནས་ནག་པོ་ཆེན་པོ་དང་རེ་མ་ཏིས་རྒྱུན་དུ་སྲུང་བ་རྣམས་དངོས་སུ་གཟིགས། གཞོན་ནུ་དེ་ནི་རང་བཞིན་གྱིས་བརྩེ་བ་ཆེ་ཞིང་། གཏོང་བ་ལ་དགྱེས་པ་དང་། དེས་ཤིང་འགྲོགས་ན་བདེ་བ་དང་། སྙིང་སྟོབས་ཆེན་པོའི་ངང་ཚུལ་སུས་ཀྱང་དགག་ཏུ་མི་བཏུབ། གྲུབ་ཆེན་དྲིལ་བུ་ཞབས་དང་། པནྜི་ཏ་སྒོ་མཐའ་ཡས་པའི་བློ་གྲོས། ནགས་ཀྱི་རིན་ཆེན། མངའ་སྐྱོང་ཁྲི་ལྡེ། འབྲོམ་ཆོས་ཀྱི་རྒྱལ་པོ། ཐང་རྒྱལ་སོགས་འཕགས་བོད་ཀྱི་སྐྱེས་མཆོག་མང་པོར་འཁྲུངས་པའི་སྔོན་རབས་ཀྱི་མཛད་པ་དང་འབྲེལ་བར་ཆོས་ཀྱི་རྣམ་གྲངས་དང་དགེ་བའི་བཤེས་གཉེན་དགོན་གནས་དཀྱིལ་འཁོར་མང་པོ་སོགས་རྗེས་སུ་དྲན། ལར་ཡང་སྐྱེས་བུ་ཆེན་པོ་འདི་ལོ་རྒྱུས་འཆད་པ་ན་སྔོན་རབས་ཀྱི་ཡི་གེ་སྔ་ཕྱི་རྣམས་སུ་མི་འབྱུང་བའི་གཏམ་གྱི་སྦྱོར་ཞིབ་མོ་རང་ཚིག་གིས་མ་བསལ་བ་ཉན་པ་པོའི་བློས་མཁྱུད་དཀའ་བ་ཤ་སྟག་འབྱུང་སྟེ་སྔོན་གནས་རྗེ་དྲན་གྱི་མཐུར་སྣང་། སྐུ་ཚེ་མང་པོར་བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཁྱད་པར་ཅན་ལེགས་པར་

TN03_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡)སྦྱངས་པའི་རྒྱུ་མཐུན་ལས་སྐུ་ན་ཤིན་ཏུ་ཕྲ་མོ་ནས་རབ་བྱུང་ཁོ་ན་ལ་དགྱེས་ཤིང་ཁྱིམ་པའི་རྟགས་རིང་དུ་སྤངས། རྫ་དང་གངས་ཁྲོད་སོགས་དབེན་གནས་འབའ་ཞིག་ལ་རྟག་ཏུ་དགོངས་པའི་རྣམ་འགྱུར་དང་དུས་དང་དུས་སུ་བསམ་གཏན་ལ་མཉམ་པར་འཇོག་པའི་ཀུན་སྤྱོད། ལྡང་བ་ན་ཆོས་འཆད་པའི་ལད་མོ་སོགས་རྨད་དུ་བྱུང་བའི་རོལ་རྩེད་ཀྱང་མཛད། ལྷན་ཅིག་སྐྱེས་པའི་ཤེས་རབ་རླབས་ཆེ་བས་སྐུ་ཚེ་འདིར་སྒྲ་སྙན་སྡེ་བ་སྦྱོར་དང་ནང་གི་རིག་གནས་ཅི་ཡང་མ་བསླབས་པ་དགུང་གྲངས་བཅུ་གཉིས་སྐོར་དུ་ཡང་བསྟོད་ཚོགས་དང་མདོ་སྔགས་ལམ་རིམ། གཞན་དག་ཆོས་ལ་སྐུལ་བའི་གཏམ་སོགས་ཟད་མི་ཤེས་པར་དགོངས་ཉམས་བྱུང་རྒྱལ་གྱི་ངང་ནས་རྩོམ་ཆོག་པ་དང་། དེ་དག་ཀྱང་རྗོད་བྱེད་ཀྱི་ཉམས་འགྱུར། བརྗོད་བྱའི་འགང་། གོང་འོག་གི་འབྲེལ་ཕུན་སུམ་ཚོགས་པས་མཁས་པ་རྣམས་ཀྱི་ཡིད་འཕྲོགས་པ་ཁོ་ན་ཡོད། དགུང་ལོ་བརྒྱད་དུ་ཕེབས་པ་ན་སྙུན་གྱི་ཚོར་བ་རྩུབ་མོས་ཐུགས་བསྡུས་པ་ལྟ་བུའི་རྐྱེན་ལས་མངོན་སུམ་གྱི་སྣང་ཆར་ཨོ་རྒྱན་རིན་པོ་ཆེ་དང་ཌཱ་ཀྐིའི་དབང་མོ་མཁར་ཆེན་བཟས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་བས་བར་ཆད་དངོས་གྲུབ་ཀྱི་གྲོགས་སུ་ལྷོངས་ཤིང་། ལན་གཅིག་གཏེར་ལྷུང་གི་བྲག་སྐྱིབས་ཤིག་ཏུ་ནམ་མཁའ་ནས་དྷཱིའི་རང་སྒྲ་ཆེན་པོ་གྲགས་པས་

TN03_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢)ཅུང་ཟད་བརྒྱལ་ཐབས་སུ་སོང་། དེ་ལས་སད་མ་ཐག་རྗེ་བཙུན་མཁྱེན་པའི་གཏེར་དང་སློབ་དཔོན་འཇམ་དཔལ་བཤེས་གཉེན་དབྱེར་མེད་པའི་སྐུའི་སྣང་བ་དང་དགོངས་པ་ཏིང་ངེ་འཛིན་གྱིས་བརླབས། དགུང་ལོ་བཅོ་ལྔ་པར་ཉིན་སྣང་དངོས་དང་དབྱེ་བ་མི་ཕྱེད་པ་ལྟ་བུའི་ཉམས་ཀྱི་གསལ་ཆར་རྒྱ་གར་རྡོ་རྗེ་གདན་གྱི་གནྡྷོ་ལ་རིམ་པ་དགུ་པ་གསེར་གྱི་རྒྱ་ཕུབ་དང་སྨན་ཤིང་ར་བ་སོགས་བཀོད་པ་བཟང་ཞིང་རྒྱ་ཆེ་བར་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྣལ་འབྱོར་བླ་ན་མེད་པའི་ཆོས་ཀྱི་གསང་མཛོད་ཐོབ། གནྡྷོ་ལའི་སྒོ་དྲུང་དུ་མེ་ཕུང་ཆེན་པོ་འབར་བ་ཞིག་གཟིགས་པར་དབང་མེད་དུ་ཞུགས་པས་རགས་ལུས་སྤྱངས། དྭངས་མ་འོད་ཀྱི་ལུས་སུ་སྣང་བའི་ངང་ལ་པ་ཆེན་བི་མ་ལ་དངོས་ཀྱི་ང་རྒྱལ་དུ་འབྱམས་ཀླས། ལོ་དེའི་རྒྱལ་ཟླ་བར་ཚེ་སྒྲུབ་མཛད་པའི་ཐོ་རངས་ཞིག་བཟླས་པ་ལ་བབས་པ་ན་ནམ་མཁའི་དབྱིངས་ནས་ཌཱ་མ་རུའི་སྒྲ་དང་ཤིན་ཏུ་ཞིམ་པའི་དྲི་བསུང་བཅས་འོད་དམར་བཀྲག་མདངས་འབར་བ་ཞིག་སྒྲུབ་རྫས་ཀྱི་སྟེང་ནས་ཞུགས་ཤིང་འདྲེས་པའི་ཀློང་དུ་ཡེ་ཤེས་ཌཱཀྐི་ཙཎྜ་ལི་གར་སྟབས་བསྒྱུར་བའི་ཞལ་ནས་དབང་དང་གདམས་པ་སྩལ་བའི་མཐར་ཤིས་བརྗོད་ཀྱི་མེ་ཏོག་དམར་པོ་ཆར་དུ་བསྙིལ་བའི་གཟིགས་སྣང་དང་ལྷན་ཅིག་སྒྲུབ་དཀྱིལ་སྟེང་དུ་གཡར་མོ་ཐང་ལྟ་བུའི་མེ་ཏོག་

TN03_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣)གི་ཆར་པ་དངོས་གནས་ལ་བབས། ལོ་བཅུ་དྲུག་བཞེས་པའི་ས་ག་ཟླ་བའི་ཚེས་བཅུར་པདྨ་འོད་གླིང་དུ་ཕེབས་པར་ཟངས་མདོག་དཔལ་རི་བྲག་རི་ལྷུན་ཆགས་ཀྱི་རྣམ་པར་གཟིགས་པའི་ཁོང་དུ་ཤིང་བལ་གྱི་འདབ་མ་སྤུངས་པ་ལྟ་བུའི་སྤྲིན་གསར་མཛེས་པའི་ཀློང་ན་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་མཁའ་འགྲོ་མའི་འཁོར་རྒྱ་མཚོ་ལྟ་བུ་དང་བཅས་པར་གཟིགས་ཤིང་། སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པ་ཐུན་མོང་མ་ཡིན་པ་སྩལ་བ་སོགས་ལས་རྡོ་རྗེ་གསུམ་གྱི་ཡེ་ཤེས་གོང་དུ་འཕེལ། སྐྱེ་བས་ཐོབ་པའི་ཡོན་ཏན་ཕུལ་བྱུང་དང་། །ངང་གིས་རླབས་ཆེན་མགོན་དང་བཅས་གྱུར་པའི། །ཚུལ་འདིས་རྗེ་བཙུན་སྐུ་ཚེ་དུ་མ་ནས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་བསགས་པར་རྟོགས། །དགུང་ལོ་བརྒྱད་ནས་ཡབ་དང་བླ་སྨན་ཆོས་གྲགས་རྒྱ་མཚོ་སོགས་ལས་བྲིས་ཀློག་དང་རྩིས་དཀར་ནག །བོད་ཀྱི་བརྡ་སྤྲོད་གཞུང་གཉིས། གསོ་རིག་རྒྱུད་བཞི་ཡན་ལག་ཕྲ་མོ་ཚུན་གྱི་བཤད་པ་དང་ལག་ལེན། སྐུ་གཟུགས་མཆོད་རྟེན་དང་དཀྱིལ་འཁོར་གྱི་ཆ་ཚད་སྤོས་སྦྱོར་སོགས་ཆེས་མཁས་ཤིང་བྱང་བར་བསླབས། དེ་ནས་རིང་པོ་མ་ལོན་པར་ཡབ་གཤེགས་པའི་རྐྱེན་གྱིས་རེ་ཞིག་གསན་སྦྱངས་འཕྲོ་ཅན་དུ་ལུས། ཡབ་ཡུམ་འདས་ནས་ཅིར་འགྱུར་གཟིགས་པས་ཡབ་ལྕང་ལོ་ཅན་དུ་འཕགས་པ་ལག་ན་རྡོ་རྗེའི་ཞལ་མཐོང་བའི་གནོད་སྦྱིན་ཞིག་དང་།

TN03_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤)ཡུམ་ཞིང་སྐྱེས་ཤ་ཟ་ཌཀྐི་ཞིག་ཏུ་སྐྱེས་པ་མཐོང་གསུངས། དགུང་ལོ་བཅུ་དགུ་པར་ཟེ་ཆེན་པ་འགྱུར་མེད་མཐུ་སྟོབས་ལས་སྒྲ་ཀ་ཙ་དབྱངས་གསུམ་གྱི་རི་མོ་དང་གོ་དོན་རྒྱས་པ། མངོན་བརྗོད་འཆི་མེད་མཛོད་རྩ་འགྲེལ། སྙན་དངགས་མེ་ལོང་། སྡེབ་སྦྱོར་རིན་འབྱུང་སོགས་གསན་བསམ་མང་དུ་སྦྱངས་པས་སོ་སོ་ལ་མཁས་པའི་ཚད་དུ་ཕྱིན། དགུང་གྲངས་ཉེར་གཅིག་པར་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་མཁན་ཆེན་འགྱུར་མེད་རིག་འཛིན་བཟང་པོ་སོགས་དད་པའི་དགེ་འདུན་གྲངས་ཚང་བ་ལས་བསྙེན་པར་རྫོགས། ས་སྐྱ་བདག་ཆེན་རྡོ་རྗེ་རིན་ཆེན་དང་སྨིན་གླིང་ཁྲི་འགྱུར་མེད་སངས་རྒྱས་ཀུན་དགའ་སོགས་དུ་མ་ལས་སྨོན་འཇུག་གི་ཐུགས་བསྐྱེད་བཞེས། སྔ་ཕྱིར་ངོར་ས་སྐྱ་དཔལ་ལྡན་འབྲས་སྤུང་། བཀྲ་ཤིས་ལྷུན་པོ། མདོ་ཁམས་སོགས་སུ་བཞུགས་ཏེ། གཟིམ་འོག་མཆོག་སྤྲུལ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས། སྒོ་མང་ཞབས་དྲུང་དཀོན་མཆོག་བསྟན་པ་རབ་རྒྱས། ཐེ་བོ་སྤྲུལ་སྐུ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ། ལི་ཐང་རབ་འབྱམས་པ་བྱམས་པ་ཕུན་ཚོགས། སེམས་དཔའ་ཆེན་པོ་འཇིགས་མེད་རྒྱལ་བའི་མྱུ་གུ་སོགས་ལས། བྱང་ཆུབ་ལམ་སྒྲོན་དང་པོ་ཏོ་བའི་བེའུ་བུམ་སྔོན་པོ། །བྱང་ཆུབ་ལམ་རིམ་ཆེ་ཆུང་། བློ་སྦྱོང་དོན་བདུན་མ། ལེགས་བཤད་ཀུན་འདུས། ལམ་

TN03_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥)རིམ་བདེ་ལམ་དང་། འཇམ་དཔལ་ཞལ་ལུང་། རྙིང་ཕྱོགས་སྔོན་འགྲོའི་ཁྲིད་རིམ་མང་པོ་སོགས་བསྟན་རིམ་གྱི་ཡི་གེ་དུ་མ་དང་དེ་དག་གི་རྒྱབ་ཆོས་འདུལ་བ་མདོ་རྩ། རྒྱན་འཇུག་གཉིས། མཛོད། རྣམ་འགྲེལ། བསྡུས་གྲྭ་ཚུན་ཆད་རྒྱ་ཆེར་སྦྱངས་པས་ས་དགེའི་ལུགས་སྲོལ་པདྨའི་འདབ་མ་ལྟར་བཀྲ་བ་རྣམས་ལ་རབ་བརྟགས་མ་ཡིན་པར་གཏིང་མཐའ་མེད་པའི་བློ་གྲོས་ཀྱི་འཇུག་པ་སད། གཙོ་བོར་སྨོས་པའི་དམ་པ་དེ་དག་དང་། དཔལ་ས་སྐྱ་པ་ཆེན་པོ་བཀྲ་ཤིས་རིན་ཆེན། ངོར་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་དང་། བྱམས་པ་རྣལ་འབྱོར་བཟང་པོ། །དཔོན་སློབ་རིན་པོ་ཆེ་ངག་དབང་ལེགས་གྲུབ། ཞ་ལུ་མཆོག་སྤྲུལ་རིན་ཆེན་བློ་གསལ་བསྟན་སྐྱོང་། འབྲས་སྤུང་ལྷ་བཙུན་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན། རྟ་ནག་སྒྲོལ་མ་བ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་སོགས་བགྲང་བར་དཀའ་བའི་རྡོ་རྗེའི་སློབ་དཔོན་རྣམས་ལས། བྱ་རྒྱུད་རིགས་གསུམ། རྣམ་སྣང་མངོན་བྱང་། རྡོར་དབྱིངས། འཇམ་དཔལ་གསང་ལྡན་སོགས་ཡོ་གའི་སྐོར་རྡོ་རྗེའི་ཕྲེང་བ། ཀྱེ་རྡོ་རྗེའི་དབང་དང་རྒྱུད་གསུམ་ཡན་ལག་དང་བཅས་པ། གསེར་ཆོས་བཅུ་གསུམ་སོགས་དཔལ་ལྡན་ས་སྐྱ་པའི་དབང་གདམས་ཆེ་ཕྲ་མཐའ་དག སྔགས་རིམ། གསང་

TN03_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦)བདེ་དུས་འཁོར་འཇིགས་བྱེད་སྐོར་སོགས་རྗེ་བཙུན་ཙོང་ཁ་པ་རྗེས་འབྲང་དང་བཅས་པའི་གཞུང་ལུགས་རྒྱ་མཚོ། མདོ་སྒྱུ་སེམས་གསུམ་དང་། བཀའ་བརྒྱད་ཡང་ཕུར་སོགས་རྙིང་ཕྱོགས་བཀའ་བབས་ཀྱི་ཆུ་བོ་བཞིའི་ཆོས་ཚུལ་མཐའ་ཡས་པ་ཕལ་ཆེར་རེ་རེའང་ལན་དུ་མར་གསན་ཏེ། དེ་བཞིན་དུ་ཤངས་ཆོས་མར་ལུགས་ཞི་བྱེད་གཅོད་ཡུལ་སོགས་ལའང་འདྲ་སྟེ་མདོར་ན་ཡོངས་འཛིན་དམ་པ་བརྒྱ་ལྔ་བཅུ་བསྟེན་ནས་བོད་གངས་ཅན་ཙམ་ན་རྒྱུན་བཞུགས་ཚད་ཀྱི་དབང་དང་གདམས་པ་ལ་མ་གསན་པ་མེད་པ་ལྟ་བུར་མཛད། བཀའ་འགྱུར་རིན་པོ་ཆེ་དང་། སྔ་འགྱུར་རྒྱུད་འབུམ། བསྟན་འགྱུར་རྒྱུན་གང་བཞུགས་སོགས་བཀླག་ལུང་ཁོ་ན་ཡང་གླེགས་བམ་བདུན་བརྒྱ་ལྷག་ཙམ་གསན། དེའང་འཆད་ཉན་དང་གླེགས་བམ་གྱི་རྒྱུན་རེ་རེའི་ཆེད་དུའང་རིགས་རུས་སྟོབས་འབྱོར་སོགས་ཀྱིས་ཁེངས་པ་དང་། སྡེ་རིས་དང་གྲུབ་མཐའི་ཕྱོགས་ཞེན་ཤུལ་ལམ་རིམ་བགྲོད་དང་ཆོས་སྒུགས་ཀྱི་ངལ་བས་ཞུམ་པ་སོགས་ཡོད་ཡེ་མི་མངའ་བར་དཀའ་སྤྱད་ཁུར་དུ་ཁྱེར་བའི་ཆོས་ཚོལ་གྱི་རྣམ་ཐར་བརྗོད་པར་མི་ནུས་ཤིང་། ངོར་ཆེན་ལས་བདེ་མཆོག་ནག་པོ་ལུགས་ཀྱི་དབང་གསན་སྐབས་བླ་མ་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པར་གཟིགས་པ་དང་། རྗེ་འཇམ་དཔལ་བཟང་པོ་རྣལ་འབྱོར་དབང་ཕྱུག་བི་རྦ་པར་གཟིགས་པ་སོགས་བླ་མ་སངས་རྒྱས་སུ་

TN03_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧)མཐོང་ཚུལ་རྨད་དུ་བྱུང་བས་བྱང་དྲངས་ཏེ། ཆོས་གསན་པའི་བླ་མ་ཐམས་ཅད་ལ་གཅེས་དགུའི་བདོག་པས་མཆོད་པ་སོགས་སྒོ་དུ་མ་ནས་མཉེས་པ་མ་བསྒྲུབས་པ་དང་། ཕྱིན་ཅི་ལོག་གི་བསམ་སྦྱོར་ངན་པ་གཅིག་བཅངས་པའང་མེད་གསུངས་ཏེ་འདི་ཁོ་ན་ཡང་སྙིགས་མའི་དུས་ཀྱི་རང་བྱུང་གི་ཀུན་མཁྱེན་མང་པོས་བསམ་པར་སླ་བའང་མ་ཡིན་པའི་རྣམ་ཐར་ངོ་མཚར་བར་མཐོང་ངོ། །དབང་ཆོས་གསན་པ་ན་དངོས་གྲུབ་གྲུབ་པའི་ནང་གི་ལྟས་ཁྱད་པར་ཅན་ཡང་མང་དུ་གཟིགས་ཚུལ་མཚན་གཞི་ངོས་འཛིན་ཙམ་བརྗོད་ན། རྡོ་རྗེ་ཕྲེང་བ་གསན་སྐབས་སྟ་གོན་གྱི་ནུབ་མོའི་ཐོ་རངས། སྐྱེས་བུ་བརྗིད་ཆགས་པ་སྣུམ་བག་ཅན་བོང་ཚད་གཞན་ལས་ཉིས་འགྱུར་གྱིས་ཆེ་བ་ཟ་འོག་ནག་པོའི་གོས་ལྷུབ་གྱོན་བྱས་པ་ཞིག་གིས་ཐོག་དྲངས་སྐྱེ་བོའི་རབ་ཏུ་མང་པོས་རང་ཉིད་ལ་འདུད་པ་དང་། ཤར་ཕྱོགས་ནས་ཉི་མ་ཞིག་ཤར་བ་ཐུགས་ཀར་ཐིམ། དེ་ལས་སླར་སྐར་མ་ལྟ་བུའི་ཉི་མ་ཆུང་ངུ་མང་པོ་འཕྲོ་བ་དང་། བྱེའུ་ཆུང་ངུ་ཞིག་ཁྲས་དེད་པ་སྲོག་བསྐྱབ་མཛད་པ་རྣམས་བྱུང་། དེ་ཉིད་ནས་བརྩིས་པའི་ནུབ་བཞི་པར། ཆུ་ཆེན་པོ་ཞིག་བརྒལ་བའི་ཕ་རོལ་ཕ་བོང་ཞིག་གི་སྟེང་དུ་གྲུབ་ཆེན་རྡོ་རྗེ་དྲིལ་བུ་ཞབས་བཞུགས་འདུག །དེའི་འཁྲིས་སུ་ཀུན་ཏུ་རྒྱུའི་ཆ་བྱད་ཅན་ཞིག་གིས་ལི་ཁྲི་དངོས་ཡིན་ཚུལ་གྱིས་ཤིང་ལོ་

TN03_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨)དམར་སེར་རེག་པས་ཚོན་དམར་སེར་དུ་འགྱུར་བ་ཞིག་དཔྲལ་བར་བསླན། དཱུརྦ་དངོས་ཡིན་ཞེས་ཤིང་ཏོག་སེར་པོ་ཞིག་བྱིན་པ་གསོལ་བས་རོ་ཁྱད་པར་དུ་འཕགས་པ་བྱུང་། བཅུད་ལེན་མཆོག་ཏུ་འགྱུར་ཞེས་ཟེར། དེ་ནས་རེ་ཞིག་ན་ལྷ་ཁང་གོག་པོ་ཞིག་ཏུ་རྒྱལ་བ་མ་ཕམ་པའི་སྣང་བརྙན་ཁྱད་འཕགས་ཤིག་ཐིགས་པས་འཇིག་ལ་ཁྱད་དུ་འདུག་པ་ཞིག་གསོས་མཛད་པས་དར་གཅིག་ན་ཞལ་རས་ཡན་ཆད་ལེགས་པོ་ཞིག་གྲུབ། དེའི་སྤྱན་སྔར་རབ་གནས་དང་ཚོགས་ཀྱི་འཁོར་ལོ་མཛད་པའི་མཐར། ཨོཾ་ཤྲཱི་ཨ་ལ་ལ་ཧོཿབདེ་ཆེན་གྱི་ཡེ་ཤེས་མཐར་སོན་པས། ཁ་སྦྱོར་ལ་ཡན་ལག་བདུན་དང་ལྡན། །དཔལ་རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །རྗེ་བླ་མའི་ཞབས་པད་སྙིང་ནས་དྲན། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀུན། །གདན་གསུམ་གྱི་དཀྱིལ་འཁོར་གཅིག་ཏུ་ཤར། །རྗེ་བླ་མ་སྐུ་ཡི་རྡོ་རྗེ་ལ། །ཡུལ་སྣང་སྟོང་གི་ངང་ནས་གསོལ་བ་འདེབས། །རྩ་ཨ་བ་དྷུ་ཏིའི་རྒྱུད་མངས་ལས། རླུང་མི་ཤིགས་ནཱ་དཱི་དབྱངས་སྙན་ལེན། །རྗེ་བླ་མ་གསུང་གི་རྡོ་རྗེ་ལ། །སྒྲ་གྲགས་སྟོང་གི་ངང་ནས་གསོལ་བ་འདེབས། །ཐབས་བདེ་བ་ཆེན་པོས་དྲངས་པ་ཡི། །སྟོང་ཉིད་ལ་སྙིང་རྗེའི་རང་རྩལ་རྫོགས། །རྗེ་བླ་མ་ཐུགས་ཀྱི་རྡོ་རྗེ་ལ། །བློ་རིག་སྟོང་གི་ངང་ནས་གསོལ་བ་འདེབས། །ཆེས་ཕྲ་བའི་རྩ་རླུང་ཐིག་

TN03_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩)ལེའི་ཁམས། །འོད་གསལ་དུ་དྭངས་པའི་ཟུང་འཇུག་སྐུ། །རྗེ་བླ་མ་ཡེ་ཤེས་རྡོ་རྗེ་ལ། །དོན་དབྱེར་མེད་ཀྱི་ངང་ནས་གསོལ་བ་འདེབས། །ངེས་འབྱུང་གི་ཆུ་ཡིས་སྙིང་རབ་བསིལ། །ཚུལ་ཁྲིམས་ཀྱི་བསླབ་པས་ལུས་ངག་དག །ཏིང་འཛིན་གྱི་བྱེད་པོས་སེམས་རྒྱུད་དུལ། །ཤེས་རབ་ཀྱི་མིག་དང་ལྡན་པར་ཤོག །སྣང་བ་ཀུན་འཇའ་ཚོན་ལྷ་སྐུར་ཤར། །སྟོང་པ་ཡང་བདེ་བའི་ཐབས་དང་བཅས། །ཟུང་འཇུག་ལ་དགའ་བཞིའི་རྩལ་རྫོགས་པའི། །གོ་འཕང་དེ་ཚེ་འདིར་འགྲུབ་གྱུར་ཅིག །ཅེས་པའི་གླུ་དབྱངས་མཛད་པ་དང་། ནུབ་བདུན་པར། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་ནང་སྐོར་ལ་ཕེབས་པར་ཕྱག་ཏུ་འབྲས་དཀར་གྱིས་ཁེངས་པའི་རིན་པོ་ཆེའི་ཟ་མ་ཏོག་ཅིག་འདུག་པ་ནས་འཐོར་བཞིན་དུ་བྱོན་པས་ས་ལ་ཆགས་རིམ་བཞིན་དུ་མེ་ཏོག་དཀར་པོ་རེ་ལམ་ལམ་སྐྱེས། ཇོ་བོ་རིན་པོ་ཆེའི་དྲུང་དུ་སྤྲོ་བཞིན་སླེབས། དེར་མར་མེ་བརྒྱ་སྐོང་ཞིག་སྤར་གྲབ་བྱས་འདུག་པའི་འཁྲིས་དེར་ངོ་མི་འཚལ་བའི་མི་ཞིག་གིས། སྐུ་ཞབས་ཀྱི་གྲུབ་རྟགས་ཁྱད་པར་འཕགས། ད་མར་མེ་འདི་རྣམས་ལ་ཐུགས་སྨོན་གནང་ན་རང་འབར་དུ་ཡོང་། དེ་བྱུང་ན་སྨོན་ལམ་གང་བཏབ་མྱུར་དུ་འགྲུབ་ཟེར་བར། མར་མེ་ལ་དམོད་བཙུགས་ཏེ་མེ་ཏོག་འཐོར་བས་རང་འབར་དུ་སོང་། དེར་ཕན་བདེ་འབྱུང་བའི་སོགས་དང་། འཇིག་རྟེན་བདེ་ཞིང་སོགས་ཀྱི་སྨོན་ལམ་བཏབ་

TN03_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠)པས་ད་ཅིའི་མི་དེ་ན་རེ། རང་དོན་དུའང་སྨོན་ལམ་ཞིག་མཛོད་དང་ཟེར་བར། ཕར་ལྟོས་དཔོན་མེད་ཚུར་ལྟོས་གཡོག་མེད་ཅིང་། །འདུལ་རྒྱུའི་དགྲ་མེད་སྐྱོང་རྒྱུའི་གཉེན་མེད་པར། །དབེན་པའི་གནས་སུ་རང་སེམས་འདུལ་བ་དང་། །རླབས་ཆེན་རྒྱལ་སྲས་སྤྱོད་པ་མཐར་ཕྱིན་ཤོག །ཅེས་བཏབ་པས་ཡི་རང་བའི་རྣམ་འགྱུར་སྟོན་པ་དང་། ནུབ་བཅུ་པར་རང་ཉིད་འཁྲུངས་ཡུལ་ཡིན་སྙམ་པའི་སྨན་ལྗོངས་ཉམས་དགའ་བ་ཞིག་ཏུ་སླེབས། དེར་བདུད་རྩི་རིལ་བུར་འགྲོ་བའི་སྔོ་སྨན་རྣམས་ཚོལ་བའི་འདུན་པས་ཕེབས་པར་ཕལ་ཆེར་ཞིག་རྙེད། སླར་ཨ་རུ་རའི་ནགས་ཚལ་ཐོལ་ལེ་བ་ཞིག་ཏུ་ཕྱིན། དེ་ན་སྨན་གྱི་དྲང་སྲོང་ཡིན་ཟེར་བའི་དགེ་སློང་བགྲེས་པོ་ཞིག་འདུག་པས་སྔོ་སྨན་མང་པོའི་ངོས་འཛིན་དང་། སྨན་སྦྱོར་ཁ་ཤས་གསུང་། དེ་ལ་ཡུལ་འདི་རྒྱ་བ་ལ་གྱི་ས་ཆ་ཞིག་ཡིན་འདྲ་སྟེ་ཇི་སྐད་ཟེར་བ་ལགས་ཞུས་པས། དཔལ་འཁོར་ལོ་བདེ་མཆོག་གི་གནས་ཁྱད་པར་ཅན་ཡིན། །སྐུ་རང་བྱོན་ཀྱང་བཞུགས་པས་མཇལ་དུ་འདོང་ཞེས་ཁྲིད། ཁང་བཟང་ཅུང་ཟད་གོག་པ་ཞིག་གི་སྒོ་ཕྱེ་བའི་ནང་དུ་མཚོ་ནག་དམ་པ་ཞིག་གི་དབུས་བདེ་མཆོག་གི་སྐུ་བློས་མི་འཆུད་པའི་ཆེན་པོ་ཞིག་མཇལ། ཟིལ་བསམ་གྱིས་མི་ཁྱབ་པས་རེ་ཞིག་བརྒྱལ་བ་སྙམ་བྱེད་པ་སོགས་མནལ་ལྟས་མཐའ་དག་བརྗོད་པར་མི་ནུས་ཤིང་། ཕྱི་རོལ་དུའང་འཇིགས་མེད་རྒྱལ་བའི་མྱུ་གུ་ལས་

TN03_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥)བྷོ་ཊའི་ཡུལ་གྱི་སློབ་དཔོན་ཆེན་པོ་མཉྫུ་ཤྲཱི་དྷརྨ་མི་ཏྲའི་ཞབས་ཀྱི་རྟོགས་པ་མདོ་ཙམ་དུ་བརྗོད་པ་འཇིག་རྟེན་ཀུན་དུ་དགའ་བའི་གཏེར་ཞེས་བྱ་བ་བཞུགས་སོ། །

TN03_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

(༢༦)ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། ཚོགས་གཉིས་རི་བོའི་བ་གམ་རྩེར་འཛེགས་ཐུབ་བསྟན་མཁའ་ལ་རྒྱན་དུ་བྱེད། །ཕྲིན་ལས་འོད་ཀྱིས་ཕྱོགས་སྟོང་སྤྱི་བོར་མཛེས་སྡུག་ཅོད་པན་ཉིན་བཞིན་འདོགས། །དམ་པའི་བློ་གྲོས་ཆུ་སྐྱེས་ཚལ་ནང་ཀུན་དགའི་རོལ་པ་འབུམ་འགྱེད་པ། །འཇམ་དབྱངས་རྗེས་བརྩེའི་ཆུ་གཏེར་ལས་བལྟམས་བླ་མའི་ཉིན་བྱེད་རྒྱལ་གྱུར་ཅིག །དེ་ཡི་བཀའ་དྲིན་ལྕགས་ཀྱུས་དྲངས་པའི་ཡིད། །མི་འཕྲོགས་དགའ་བར་ཁོལ་བས་ཉེར་བསྐྱོད་ཅིང་། །འདོད་པའི་གོམ་སྟབས་བསོད་ནམས་ཛམ་བུའི་ནགས། །རྩེ་གཅིག་བསྒྱུར་བའི་ཅ་ཅོ་དབྱངས་སུ་ལེན། །ཟབ་ཅིང་རྒྱ་ཆེའི་སྦྱོར་བ་བརྒྱས་བསགས་པ། །དག་པའི་ཐུགས་མངའ་

TN03_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

(༢༧)རྣམས་ཀྱི་རྣམ་པར་ཐར། །སོ་སོ་རང་རིག་ཡུལ་ལ་བདག་འདྲ་བས། །ཅི་དགར་སྨྲ་བའི་གོ་སྐབས་ག་ལ་རྙེད། །འོན་ཀྱང་བདེན་གསུང་བདུད་རྩིའི་རླབས་ཕྱུར་བ། །དང་བའི་སྙིམ་པར་ཆ་ཙམ་འཐུང་བ་ལས། །བློ་གྲོས་ལང་ཚོ་རྒྱགས་པའི་མྱོས་གླུ་ནི། །རང་བཞིན་བརྗོད་པའི་རྟོགས་བརྗོད་ཕྲེང་བར་སྤེལ། །དེ་ལ་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ། །ཛམ་བུའི་གླིང་ན་ཆེ་བའི་རྣལ་འབྱོར་གྱི་དབང་ཕྱུག །འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ཞེས་སྙན་གྲགས་ཀྱི་ཡི་གེས་ས་གཞིའི་དཀྱིལ་འཁོར་བརྒྱན་པར་མཛད་པ་དེ་ཉིད་འཇིག་རྟེན་དུ་ཇི་ལྟར་བྱུང་བའི་ཚུལ་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གདུལ་ཞིང་། བོད་ཁ་བ་ཅན་གྱི་ཤར་

TN03_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨)ཕྱོགས། མདོ་ཁམས་སྡེ་དགེའི་མངའ་རིས་ལས། ཡུལ་གྱི་དགེ་བཅུ་གཡང་དུ་ཆགས་ཤིང་ཉེ་འཁོར་བཀྲ་ཤིས་རྟགས་བརྒྱད་ཀྱིས་རེ་ཁཱས་བཀྲ་ལ། དཔའ་བོ་མཁའ་འགྲོའི་གྲོང་མང་པོ་དང་འདབ་འབྲེལ་བས་ཁྱད་པར་དུ་འཕགས་པ་གཏེར་ལྷུང་ཞེས་པའི་སའི་ཆ་ཤས། ཉང་རིན་པོ་ཆེའི་གཏེར་ལུང་ལས། རྩེ་སྒང་ཞེས་པའི་རི་བོའི་མདུན༔ ཕ་བོད་ཀླུ་དབང་འཁྱིལ་བའི་སྟེངཿ མངའ་བདག་འཇམ་པའི་དབྱངས་ཞེས་འབྱུང་ཿ བཅུ་གསུམ་ཟབ་མོའི་གཏེར་ལ་སྤྱོད༔ ཅེས་པ་ལྟར། རྒྱབ་རི་རྩེ་སྒང་དུ་གྲགས་པའི་མདུན། བྲག་རི་སྦྲུལ་འཁྱིལ་བ་ལྟ་བུའི་གཟུགས་སུ་གནས་པའི་སྟེང་། དེའུ་མགོ་ཞེས་པའི་གྲོང་དུ་ཡབ་ཚང་ཆགས་ཤིང་། སྐུ་བལྟམས་དངོས་ཁྱུད་ཆེན་བྲག་གི་ཉེ་འདབས་སུ་དབྱར་མལ་ཕོག་ཡོད་པའི་སྐབས། རས་དཀར་གྱི་ལྡིང་གུར་ཕུབ་པའི་ནང་དུ་བྱུང་བས། གུ་རུ་ཚེ་བརྟན་རྒྱལ་མཚན་པའི་གཏེར་ཡིག་ལས། མོན་བུ་སྤྱི་རིང་སྐྲ་ཡི་ལ་བ་ཅནཿ རི་བོ་ཁྱུང་ཆེན་ལྡིང་བའམ་ཞོལ་དུ་འབྱུང་༔ ཞེས་འབྱུང་བ་དང་ཤིན་ཏུ་འགྲིགས། དེའང་མཛེས་སྡུག་གི་ཡོན་ཏན་ལས་མིང་ཆགས་པ་མྱོས་ཀྱི་རིགས་ལས་མི་དབང་སྡེ་དགེའི་དྲུང་ཆེན་གཙུག་ལག་གཉིས་ལ་བློ་གྲོས་མཆོག་ཏུ་ཡངས་པ་རིན་ཆེན་དབང་རྒྱལ་དང་། ཡུམ་མདུན་ན་འདོན་གཙོ་བོའི་རྒྱུད་དུ་བྱུང་བ་དགེར་བ་བུ་མོ་བསོད་

TN03_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩)ནམས་མཚོའི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་མོ་ཡོས་ལ་ལྷུམས་སུ་ཞུགས། དེའི་ཚེ་ཡུམ་གྱི་ལུས་མདངས་དང་ལྡན་ཞིང་བདེ་བ་དང་། དགེ་སེམས་རང་བཞིན་གྱིས་འཕེལ་བར་གྱུར་ཏེ། མངལ་དུ་ཟླ་བ་བརྒྱད་བཞུགས་ནས་ལྕགས་འབྲུག་ཆུ་སྟོད་ཟླ་བའི་ཆོས་འཁོར་དུས་ཆེན་དང་ཉེ་བ་དཀར་ཕྱོགས་རྫོགས་པ་དང་པོའི་ཐོ་རངས་ཁྱིམ་ཉི་མ་ཤར་བ་ལྟ་བུའི་འོད་ཀྱིས་གང་བ་དང་། ཉི་མ་ཤར་དུས་སུ་ཆུ་སྣོད་ཀྱི་ཆུ་འོ་མའི་ཕུང་པོར་བསྙོན་མི་ནུས་པར་སོང་བ་སོགས་ལྟས་ཁྱད་པར་ཅན་གྱིས་མདུན་བསུས་ཏེ། དེ་ཉིད་ཀྱི་ཉི་མའི་གུང་ལ་ཀུན་དགའི་ལང་ཚོ་སྨིན་མཚམས་དཔའ་བོའི་རྒྱ་རྟགས་ཀྱིས་སྤྲས་ཤིང་སྐྱེ་མཆེད་ཤིན་ཏུ་དང་བ། ཁོ་ལག་ཡངས་ཤིང་སྐུ་བྱད་ལྟ་ན་སྡུག་པ། འཁྲི་ཤིང་གསར་པའི་འདབ་མ་ལྟར་མཉེན་ལ་གཟི་བརྗིད་ཀྱིས་སྣུམ་པ། སྤོས་ཀྱི་ཤིང་བཞིན་ལྷན་ཅིག་སྐྱེས་པའི་དྲི་བསུང་ཞིམ་པོ་ཅན། དབྱིག་གི་གདངས་སྤྲིན་གྱི་ང་རོ་ལྟ་བུའི་རྒྱན་དང་ལྡན་པ་ཞིག་དབུ་སྐྲ་ནག་པོ་སིལ་བུར་གྱུར་ཅིང་། ཤ་མའི་གཡོགས་ཆོས་གོས་དཀྲི་ཚུལ་ལྟར་མནབ་པ། ཀུ་ཤའི་སེ་རལ་ཁ་དང་བཅས་པའི་རྣམ་པས་ཡུམ་ལ་གནོད་པ་མེད་པར་བལྟམས། བྱང་ཆུབ་སེམས་དཔའ་རིན་པོ་ཆེ་འདི་བྱུང་བའི་མཐུ་ལས་ཁྱིམ་དེ་བཀྲ་ཤིས་ཀྱི་གཟི་དང་ལྡན་པར་གྱུར་པ་ཙམ་དུ་མ་ཟད། རྒྱལ་ཁམས་སྤྱིར་ཡང་བདེ་བ་དང་ལོ་ལེགས་

TN03_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠)པ་སོགས་འཇིག་རྟེན་སྐྱོང་བ་རྣམས་བཙས་སྟོན་བྱེད་པ་ལ་བརྩོན་པ་བཞིན་དུ་གྱུར་ཏོ། །མདོ་ཁམས་སྟོད་སྨད་ཕལ་ཆེར་སྡོ་འཇམ་དཔལ་རྟག་དུས་གང་བ་འདིའང་རྗེ་བླ་མ་མ་བྱོན་གོང་དུ་མེད་ཟེར་ཏེ། སི་ཏུ་ཆོས་འབྱུང་གི་དྲིས་ལན་ཞིག་དང་བསྟུན་ན་བདེན་པར་གསལ། བྱིས་པའི་དུས་ནས་ནག་པོ་ཆེན་པོ་དང་རེ་མ་ཏིས་རྒྱུན་དུ་སྲུང་བ་རྣམས་དངོས་སུ་གཟིགས། གཞོན་ནུ་དེ་ནི་རང་བཞིན་གྱིས་བརྩེ་བ་ཆེ་ཞིང་། གཏོང་བ་ལ་དགྱེས་པ་དང་། དེས་ཤིང་འགྲོགས་ན་བདེ་བ་དང་། སྙིང་སྟོབས་ཆེན་པོའི་ངང་ཚུལ་སུས་ཀྱང་དགག་ཏུ་མི་བཏུབ། གྲུབ་ཆེན་དྲིལ་བུ་ཞབས་དང་། པནྜི་ཏ་སྒོ་མཐའ་ཡས་པའི་བློ་གྲོས། ནགས་ཀྱི་རིན་ཆེན། མངའ་སྐྱོང་ཁྲི་ལྡེ། འབྲོམ་ཆོས་ཀྱི་རྒྱལ་པོ། ཐང་རྒྱལ་སོགས་འཕགས་བོད་ཀྱི་སྐྱེས་མཆོག་མང་པོར་འཁྲུངས་པའི་སྔོན་རབས་ཀྱི་མཛད་པ་དང་འབྲེལ་བར་ཆོས་ཀྱི་རྣམ་གྲངས་དང་དགེ་བའི་བཤེས་གཉེན་དགོན་གནས་དཀྱིལ་འཁོར་མང་པོ་སོགས་རྗེས་སུ་དྲན། ལར་ཡང་སྐྱེས་བུ་ཆེན་པོ་འདི་ལོ་རྒྱུས་འཆད་པ་ན་སྔོན་རབས་ཀྱི་ཡི་གེ་སྔ་ཕྱི་རྣམས་སུ་མི་འབྱུང་བའི་གཏམ་གྱི་སྦྱོར་ཞིབ་མོ་རང་ཚིག་གིས་མ་བསལ་བ་ཉན་པ་པོའི་བློས་མཁྱུད་དཀའ་བ་ཤ་སྟག་འབྱུང་སྟེ་སྔོན་གནས་རྗེ་དྲན་གྱི་མཐུར་སྣང་། སྐུ་ཚེ་མང་པོར་བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཁྱད་པར་ཅན་ལེགས་པར་

TN03_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡)སྦྱངས་པའི་རྒྱུ་མཐུན་ལས་སྐུ་ན་ཤིན་ཏུ་ཕྲ་མོ་ནས་རབ་བྱུང་ཁོ་ན་ལ་དགྱེས་ཤིང་ཁྱིམ་པའི་རྟགས་རིང་དུ་སྤངས། རྫ་དང་གངས་ཁྲོད་སོགས་དབེན་གནས་འབའ་ཞིག་ལ་རྟག་ཏུ་དགོངས་པའི་རྣམ་འགྱུར་དང་དུས་དང་དུས་སུ་བསམ་གཏན་ལ་མཉམ་པར་འཇོག་པའི་ཀུན་སྤྱོད། ལྡང་བ་ན་ཆོས་འཆད་པའི་ལད་མོ་སོགས་རྨད་དུ་བྱུང་བའི་རོལ་རྩེད་ཀྱང་མཛད། ལྷན་ཅིག་སྐྱེས་པའི་ཤེས་རབ་རླབས་ཆེ་བས་སྐུ་ཚེ་འདིར་སྒྲ་སྙན་སྡེབ་སྦྱོར་དང་ནང་གི་རིག་གནས་ཅི་ཡང་མ་བསླབས་པ་དགུང་གྲངས་བཅུ་གཉིས་སྐོར་དུ་ཡང་བསྟོད་ཚོགས་དང་མདོ་སྔགས་ལམ་རིམ། གཞན་དག་ཆོས་ལ་སྐུལ་བའི་གཏམ་སོགས་ཟད་མི་ཤེས་པར་དགོངས་ཉམས་བྱུང་རྒྱལ་གྱི་ངང་ནས་རྩོམ་ཆོག་པ་དང་། དེ་དག་ཀྱང་རྗོད་བྱེད་ཀྱི་ཉམས་འགྱུར། བརྗོད་བྱའི་འགང་། གོང་འོག་གི་འབྲེལ་ཕུན་སུམ་ཚོགས་པས་མཁས་པ་རྣམས་ཀྱི་ཡིད་འཕྲོགས་པ་ཁོ་ན་ཡོད། དགུང་ལོ་བརྒྱད་དུ་ཕེབས་པ་ན་སྙུན་གྱི་ཚོར་བ་རྩུབ་མོས་ཐུགས་བསྡུས་པ་ལྟ་བུའི་རྐྱེན་ལས་མངོན་སུམ་གྱི་སྣང་ཆར་ཨོ་རྒྱན་རིན་པོ་ཆེ་དང་ཌཱ་ཀྐིའི་དབང་མོ་མཁར་ཆེན་བཟས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་བས་བར་ཆད་དངོས་གྲུབ་ཀྱི་གྲོགས་སུ་ལྷོངས་ཤིང་། ལན་གཅིག་གཏེར་ལྷུང་གི་བྲག་སྐྱིབས་ཤིག་ཏུ་ནམ་མཁའ་ནས་དྷཱིའི་རང་སྒྲ་ཆེན་པོ་གྲགས་པས་

TN03_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢)ཅུང་ཟད་བརྒྱལ་ཐབས་སུ་སོང་། དེ་ལས་སད་མ་ཐག་རྗེ་བཙུན་མཁྱེན་པའི་གཏེར་དང་སློབ་དཔོན་འཇམ་དཔལ་བཤེས་གཉེན་དབྱེར་མེད་པའི་སྐུའི་སྣང་བ་དང་དགོངས་པ་ཏིང་ངེ་འཛིན་གྱིས་བརླབས། དགུང་ལོ་བཅོ་ལྔ་པར་ཉིན་སྣང་དངོས་དང་དབྱེ་བ་མི་ཕྱེད་པ་ལྟ་བུའི་ཉམས་ཀྱི་གསལ་ཆར་རྒྱ་གར་རྡོ་རྗེ་གདན་གྱི་གནྡྷོ་ལ་རིམ་པ་དགུ་པ་གསེར་གྱི་རྒྱ་ཕུབ་དང་སྨན་ཤིང་གི་ར་བ་སོགས་བཀོད་པ་བཟང་ཞིང་རྒྱ་ཆེ་བར་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྣལ་འབྱོར་བླ་ན་མེད་པའི་ཆོས་ཀྱི་གསང་མཛོད་ཐོབ། གནྡྷོ་ལའི་སྒོ་དྲུང་དུ་མེ་ཕུང་ཆེན་པོ་འབར་བ་ཞིག་གཟིགས་པར་དབང་མེད་དུ་ཞུགས་པས་རགས་ལུས་སྤྱངས། དྭངས་མ་འོད་ཀྱི་ལུས་སུ་སྣང་བའི་ངང་ལ་པ་ཆེན་བི་མ་ལ་དངོས་ཀྱི་ང་རྒྱལ་དུ་འབྱམས་ཀླས། ལོ་དེའི་རྒྱལ་ཟླ་བར་ཚེ་སྒྲུབ་མཛད་པའི་ཐོ་རངས་ཞིག་བཟླས་པ་ལ་བབས་པ་ན་ནམ་མཁའི་དབྱིངས་ནས་ཌཱ་མ་རུའི་སྒྲ་དང་ཤིན་ཏུ་ཞིམ་པའི་དྲི་བསུང་བཅས་འོད་དམར་བཀྲག་མདངས་འབར་བ་ཞིག་སྒྲུབ་རྫས་ཀྱི་སྟེང་ནས་ཞུགས་ཤིང་འདྲེས་པའི་ཀློང་དུ་ཡེ་ཤེས་ཌཱཀྐི་ཙཎྜ་ལི་གར་སྟབས་བསྒྱུར་བའི་ཞལ་ནས་དབང་དང་གདམས་པ་སྩལ་བའི་མཐར་ཤིས་བརྗོད་ཀྱི་མེ་ཏོག་དམར་པོ་ཆར་དུ་བསྙིལ་བའི་གཟིགས་སྣང་དང་ལྷན་ཅིག་སྒྲུབ་དཀྱིལ་སྟེང་དུ་གཡར་མོ་ཐང་ལྟ་བུའི་མེ་ཏོག་

TN03_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣)གི་ཆར་པ་དངོས་གནས་ལ་བབས། ལོ་བཅུ་དྲུག་བཞེས་པའི་ས་ག་ཟླ་བའི་ཚེས་བཅུར་པདྨ་འོད་གླིང་དུ་ཕེབས་པར་ཟངས་མདོག་དཔལ་རི་བྲག་རི་ལྷུན་ཆགས་ཀྱི་རྣམ་པར་གཟིགས་པའི་ཁོང་དུ་ཤིང་བལ་གྱི་འདབ་མ་སྤུངས་པ་ལྟ་བུའི་སྤྲིན་གསར་མཛེས་པའི་ཀློང་ན་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་མཁའ་འགྲོ་མའི་འཁོར་རྒྱ་མཚོ་ལྟ་བུ་དང་བཅས་པར་གཟིགས་ཤིང་། སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པ་ཐུན་མོང་མ་ཡིན་པ་སྩལ་བ་སོགས་ལས་རྡོ་རྗེ་གསུམ་གྱི་ཡེ་ཤེས་གོང་དུ་འཕེལ། སྐྱེ་བས་ཐོབ་པའི་ཡོན་ཏན་ཕུལ་བྱུང་དང་། །ངང་གིས་རླབས་ཆེན་མགོན་དང་བཅས་གྱུར་པའི། །ཚུལ་འདིས་རྗེ་བཙུན་སྐུ་ཚེ་དུ་མ་ནས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་བསགས་པར་རྟོགས། །དགུང་ལོ་བརྒྱད་ནས་ཡབ་དང་བླ་སྨན་ཆོས་གྲགས་རྒྱ་མཚོ་སོགས་ལས་བྲིས་ཀློག་དང་རྩིས་དཀར་ནག །བོད་ཀྱི་བརྡ་སྤྲོད་གཞུང་གཉིས། གསོ་རིག་རྒྱུད་བཞི་ཡན་ལག་ཕྲ་མོ་ཚུན་གྱི་བཤད་པ་དང་ལག་ལེན། སྐུ་གཟུགས་མཆོད་རྟེན་དང་དཀྱིལ་འཁོར་གྱི་ཆ་ཚད་སྤོས་སྦྱོར་སོགས་ཆེས་མཁས་ཤིང་བྱང་བར་བསླབས། དེ་ནས་རིང་པོ་མ་ལོན་པར་ཡབ་གཤེགས་པའི་རྐྱེན་གྱིས་རེ་ཞིག་གསན་སྦྱངས་འཕྲོ་ཅན་དུ་ལུས། ཡབ་ཡུམ་འདས་ནས་ཅིར་འགྱུར་གཟིགས་པས་ཡབ་ལྕང་ལོ་ཅན་དུ་འཕགས་པ་ལག་ན་རྡོ་རྗེའི་ཞལ་མཐོང་བའི་གནོད་སྦྱིན་ཞིག་དང་།

TN03_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤)ཡུམ་ཞིང་སྐྱེས་ཤ་ཟ་ཌཀྐི་ཞིག་ཏུ་སྐྱེས་པ་མཐོང་གསུངས། དགུང་ལོ་བཅུ་དགུ་པར་ཟེ་ཆེན་པ་འགྱུར་མེད་མཐུ་སྟོབས་ལས་སྒྲ་ཀ་ཙ་དབྱངས་གསུམ་གྱི་རི་མོ་དང་གོ་དོན་རྒྱས་པ། མངོན་བརྗོད་འཆི་མེད་མཛོད་རྩ་འགྲེལ། སྙན་དངགས་མེ་ལོང་། སྡེབ་སྦྱོར་རིན་འབྱུང་སོགས་གསན་བསམ་མང་དུ་སྦྱངས་པས་སོ་སོ་ལ་མཁས་པའི་ཚད་དུ་ཕྱིན། དགུང་གྲངས་ཉེར་གཅིག་པར་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་མཁན་ཆེན་འགྱུར་མེད་རིག་འཛིན་བཟང་པོ་སོགས་དད་པའི་དགེ་འདུན་གྲངས་ཚང་བ་ལས་བསྙེན་པར་རྫོགས། ས་སྐྱ་བདག་ཆེན་རྡོ་རྗེ་རིན་ཆེན་དང་སྨིན་གླིང་ཁྲི་འགྱུར་མེད་སངས་རྒྱས་ཀུན་དགའ་སོགས་དུ་མ་ལས་སྨོན་འཇུག་གི་ཐུགས་བསྐྱེད་བཞེས། སྔ་ཕྱིར་ངོར་ས་སྐྱ་དཔལ་ལྡན་འབྲས་སྤུང་། བཀྲ་ཤིས་ལྷུན་པོ། མདོ་ཁམས་སོགས་སུ་བཞུགས་ཏེ། གཟིམ་འོག་མཆོག་སྤྲུལ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས། སྒོ་མང་ཞབས་དྲུང་དཀོན་མཆོག་བསྟན་པ་རབ་རྒྱས། ཐེ་བོ་སྤྲུལ་སྐུ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ། ལི་ཐང་རབ་འབྱམས་པ་བྱམས་པ་ཕུན་ཚོགས། སེམས་དཔའ་ཆེན་པོ་འཇིགས་མེད་རྒྱལ་བའི་མྱུ་གུ་སོགས་ལས། བྱང་ཆུབ་ལམ་སྒྲོན་དང་པོ་ཏོ་བའི་བེའུ་བུམ་སྔོན་པོ། །བྱང་ཆུབ་ལམ་རིམ་ཆེ་ཆུང་། བློ་སྦྱོང་དོན་བདུན་མ། ལེགས་བཤད་ཀུན་འདུས། ལམ་

TN03_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥)རིམ་བདེ་ལམ་དང་། འཇམ་དཔལ་ཞལ་ལུང་། རྙིང་ཕྱོགས་སྔོན་འགྲོའི་ཁྲིད་རིམ་མང་པོ་སོགས་བསྟན་རིམ་གྱི་ཡི་གེ་དུ་མ་དང་དེ་དག་གི་རྒྱབ་ཆོས་འདུལ་བ་མདོ་རྩ། རྒྱན་འཇུག་གཉིས། མཛོད། རྣམ་འགྲེལ། བསྡུས་གྲྭ་ཚུན་ཆད་རྒྱ་ཆེར་སྦྱངས་པས་ས་དགེའི་ལུགས་སྲོལ་པདྨའི་འདབ་མ་ལྟར་བཀྲ་བ་རྣམས་ལ་རབ་བརྟགས་མ་ཡིན་པར་གཏིང་མཐའ་མེད་པའི་བློ་གྲོས་ཀྱི་འཇུག་པ་སད། གཙོ་བོར་སྨོས་པའི་དམ་པ་དེ་དག་དང་། དཔལ་ས་སྐྱ་པ་ཆེན་པོ་བཀྲ་ཤིས་རིན་ཆེན། ངོར་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་དང་། བྱམས་པ་རྣལ་འབྱོར་བཟང་པོ། །དཔོན་སློབ་རིན་པོ་ཆེ་ངག་དབང་ལེགས་གྲུབ། ཞ་ལུ་མཆོག་སྤྲུལ་རིན་ཆེན་བློ་གསལ་བསྟན་སྐྱོང་། འབྲས་སྤུང་ལྷ་བཙུན་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན། རྟ་ནག་སྒྲོལ་མ་བ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་སོགས་བགྲང་བར་དཀའ་བའི་རྡོ་རྗེའི་སློབ་དཔོན་རྣམས་ལས། བྱ་རྒྱུད་རིགས་གསུམ། རྣམ་སྣང་མངོན་བྱང་། རྡོར་དབྱིངས། འཇམ་དཔལ་གསང་ལྡན་སོགས་ཡོ་གའི་སྐོར་རྡོ་རྗེའི་ཕྲེང་བ། ཀྱེ་རྡོ་རྗེའི་དབང་དང་རྒྱུད་གསུམ་ཡན་ལག་དང་བཅས་པ། གསེར་ཆོས་བཅུ་གསུམ་སོགས་དཔལ་ལྡན་ས་སྐྱ་པའི་དབང་གདམས་ཆེ་ཕྲ་མཐའ་དག སྔགས་རིམ། གསང་

TN03_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦)བདེ་དུས་འཁོར་འཇིགས་བྱེད་སྐོར་སོགས་རྗེ་བཙུན་ཙོང་ཁ་པ་རྗེས་འབྲང་དང་བཅས་པའི་གཞུང་ལུགས་རྒྱ་མཚོ། མདོ་སྒྱུ་སེམས་གསུམ་དང་། བཀའ་བརྒྱད་ཡང་ཕུར་སོགས་རྙིང་ཕྱོགས་བཀའ་བབས་ཀྱི་ཆུ་བོ་བཞིའི་ཆོས་ཚུལ་མཐའ་ཡས་པ་ཕལ་ཆེར་རེ་རེའང་ལན་དུ་མར་གསན་ཏེ། དེ་བཞིན་དུ་ཤངས་ཆོས་མར་ལུགས་ཞི་བྱེད་གཅོད་ཡུལ་སོགས་ལའང་འདྲ་སྟེ་མདོར་ན་ཡོངས་འཛིན་དམ་པ་བརྒྱ་ལྔ་བཅུ་བསྟེན་ནས་བོད་གངས་ཅན་ཙམ་ན་རྒྱུན་བཞུགས་ཚད་ཀྱི་དབང་དང་གདམས་པ་ལ་མ་གསན་པ་མེད་པ་ལྟ་བུར་མཛད། བཀའ་འགྱུར་རིན་པོ་ཆེ་དང་། སྔ་འགྱུར་རྒྱུད་འབུམ། བསྟན་འགྱུར་རྒྱུན་གང་བཞུགས་སོགས་བཀླག་ལུང་ཁོ་ན་ཡང་གླེགས་བམ་བདུན་བརྒྱ་ལྷག་ཙམ་གསན། དེའང་འཆད་ཉན་དང་གླེགས་བམ་གྱི་རྒྱུན་རེ་རེའི་ཆེད་དུའང་རིགས་རུས་སྟོབས་འབྱོར་སོགས་ཀྱིས་ཁེངས་པ་དང་། སྡེ་རིས་དང་གྲུབ་མཐའི་ཕྱོགས་ཞེན་ཤུལ་ལམ་རིམ་བགྲོད་དང་ཆོས་སྒུགས་ཀྱི་ངལ་བས་ཞུམ་པ་སོགས་ཡོད་ཡེ་མི་མངའ་བར་དཀའ་སྤྱད་ཁུར་དུ་ཁྱེར་བའི་ཆོས་ཚོལ་གྱི་རྣམ་ཐར་བརྗོད་པར་མི་ནུས་ཤིང་། ངོར་ཆེན་ལས་བདེ་མཆོག་ནག་པོ་ལུགས་ཀྱི་དབང་གསན་སྐབས་བླ་མ་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པར་གཟིགས་པ་དང་། རྗེ་འཇམ་དཔལ་བཟང་པོ་རྣལ་འབྱོར་དབང་ཕྱུག་བི་རྦ་པར་གཟིགས་པ་སོགས་བླ་མ་སངས་རྒྱས་སུ་

TN03_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧)མཐོང་ཚུལ་རྨད་དུ་བྱུང་བས་བྱང་དྲངས་ཏེ། ཆོས་གསན་པའི་བླ་མ་ཐམས་ཅད་ལ་གཅེས་དགུའི་བདོག་པས་མཆོད་པ་སོགས་སྒོ་དུ་མ་ནས་མཉེས་པ་མ་བསྒྲུབས་པ་དང་། ཕྱིན་ཅི་ལོག་གི་བསམ་སྦྱོར་ངན་པ་གཅིག་བཅངས་པའང་མེད་གསུངས་ཏེ་འདི་ཁོ་ན་ཡང་སྙིགས་མའི་དུས་ཀྱི་རང་བྱུང་གི་ཀུན་མཁྱེན་མང་པོས་བསམ་པར་སླ་བའང་མ་ཡིན་པའི་རྣམ་ཐར་ངོ་མཚར་བར་མཐོང་ངོ། །དབང་ཆོས་གསན་པ་ན་དངོས་གྲུབ་གྲུབ་པའི་ནང་གི་ལྟས་ཁྱད་པར་ཅན་ཡང་མང་དུ་གཟིགས་ཚུལ་མཚན་གཞི་ངོས་འཛིན་ཙམ་བརྗོད་ན། རྡོ་རྗེ་ཕྲེང་བ་གསན་སྐབས་སྟ་གོན་གྱི་ནུབ་མོའི་ཐོ་རངས། སྐྱེས་བུ་བརྗིད་ཆགས་པ་སྣུམ་བག་ཅན་བོང་ཚད་གཞན་ལས་ཉིས་འགྱུར་གྱིས་ཆེ་བ་ཟ་འོག་ནག་པོའི་གོས་ལྷུབ་གྱོན་བྱས་པ་ཞིག་གིས་ཐོག་དྲངས་སྐྱེ་བོའི་རབ་ཏུ་མང་པོས་རང་ཉིད་ལ་འདུད་པ་དང་། ཤར་ཕྱོགས་ནས་ཉི་མ་ཞིག་ཤར་བ་ཐུགས་ཀར་ཐིམ། དེ་ལས་སླར་སྐར་མ་ལྟ་བུའི་ཉི་མ་ཆུང་ངུ་མང་པོ་འཕྲོ་བ་དང་། བྱེའུ་ཆུང་ངུ་ཞིག་ཁྲས་དེད་པ་སྲོག་བསྐྱབ་མཛད་པ་རྣམས་བྱུང་། དེ་ཉིད་ནས་བརྩིས་པའི་ནུབ་བཞི་པར། ཆུ་ཆེན་པོ་ཞིག་བརྒལ་བའི་ཕ་རོལ་ཕ་བོང་ཞིག་གི་སྟེང་དུ་གྲུབ་ཆེན་རྡོ་རྗེ་དྲིལ་བུ་ཞབས་བཞུགས་འདུག །དེའི་འཁྲིས་སུ་ཀུན་ཏུ་རྒྱུའི་ཆ་བྱད་ཅན་ཞིག་གིས་ལི་ཁྲི་དངོས་ཡིན་ཚུལ་གྱིས་ཤིང་ལོ་

TN03_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨)དམར་སེར་རེག་པས་ཚོན་དམར་སེར་དུ་འགྱུར་བ་ཞིག་དཔྲལ་བར་བསླན། དཱུརྦ་དངོས་ཡིན་ཞེས་ཤིང་ཏོག་སེར་པོ་ཞིག་བྱིན་པ་གསོལ་བས་རོ་ཁྱད་པར་དུ་འཕགས་པ་བྱུང་། བཅུད་ལེན་མཆོག་ཏུ་འགྱུར་ཞེས་ཟེར། དེ་ནས་རེ་ཞིག་ན་ལྷ་ཁང་གོག་པོ་ཞིག་ཏུ་རྒྱལ་བ་མ་ཕམ་པའི་སྣང་བརྙན་ཁྱད་འཕགས་ཤིག་ཐིགས་པས་འཇིག་ལ་ཁྱད་དུ་འདུག་པ་ཞིག་གསོས་མཛད་པས་དར་གཅིག་ན་ཞལ་རས་ཡན་ཆད་ལེགས་པོ་ཞིག་གྲུབ། དེའི་སྤྱན་སྔར་རབ་གནས་དང་ཚོགས་ཀྱི་འཁོར་ལོ་མཛད་པའི་མཐར། ཨོཾ་ཤྲཱི་ཨ་ལ་ལ་ཧོཿབདེ་ཆེན་གྱི་ཡེ་ཤེས་མཐར་སོན་པས། ཁ་སྦྱོར་ལ་ཡན་ལག་བདུན་དང་ལྡན། །དཔལ་རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །རྗེ་བླ་མའི་ཞབས་པད་སྙིང་ནས་དྲན། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀུན། །གདན་གསུམ་གྱི་དཀྱིལ་འཁོར་གཅིག་ཏུ་ཤར། །རྗེ་བླ་མ་སྐུ་ཡི་རྡོ་རྗེ་ལ། །ཡུལ་སྣང་སྟོང་གི་ངང་ནས་གསོལ་བ་འདེབས། །རྩ་ཨ་བ་དྷུ་ཏིའི་རྒྱུད་མངས་ལས། རླུང་མི་ཤིགས་ནཱ་དཱི་དབྱངས་སྙན་ལེན། །རྗེ་བླ་མ་གསུང་གི་རྡོ་རྗེ་ལ། །སྒྲ་གྲགས་སྟོང་གི་ངང་ནས་གསོལ་བ་འདེབས། །ཐབས་བདེ་བ་ཆེན་པོས་དྲངས་པ་ཡི། །སྟོང་ཉིད་ལ་སྙིང་རྗེའི་རང་རྩལ་རྫོགས། །རྗེ་བླ་མ་ཐུགས་ཀྱི་རྡོ་རྗེ་ལ། །བློ་རིག་སྟོང་གི་ངང་ནས་གསོལ་བ་འདེབས། །ཆེས་ཕྲ་བའི་རྩ་རླུང་ཐིག་

TN03_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩)ལེའི་ཁམས། །འོད་གསལ་དུ་དྭངས་པའི་ཟུང་འཇུག་སྐུ། །རྗེ་བླ་མ་ཡེ་ཤེས་རྡོ་རྗེ་ལ། །དོན་དབྱེར་མེད་ཀྱི་ངང་ནས་གསོལ་བ་འདེབས། །ངེས་འབྱུང་གི་ཆུ་ཡིས་སྙིང་རབ་བསིལ། །ཚུལ་ཁྲིམས་ཀྱི་བསླབ་པས་ལུས་ངག་དག །ཏིང་འཛིན་གྱི་བྱེད་པོས་སེམས་རྒྱུད་དུལ། །ཤེས་རབ་ཀྱི་མིག་དང་ལྡན་པར་ཤོག །སྣང་བ་ཀུན་འཇའ་ཚོན་ལྷ་སྐུར་ཤར། །སྟོང་པ་ཡང་བདེ་བའི་ཐབས་དང་བཅས། །ཟུང་འཇུག་ལ་དགའ་བཞིའི་རྩལ་རྫོགས་པའི། །གོ་འཕང་དེ་ཚེ་འདིར་འགྲུབ་གྱུར་ཅིག །ཅེས་པའི་གླུ་དབྱངས་མཛད་པ་དང་། ནུབ་བདུན་པར། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་ནང་སྐོར་ལ་ཕེབས་པར་ཕྱག་ཏུ་འབྲས་དཀར་གྱིས་ཁེངས་པའི་རིན་པོ་ཆེའི་ཟ་མ་ཏོག་ཅིག་འདུག་པ་ནས་འཐོར་བཞིན་དུ་བྱོན་པས་ས་ལ་ཆགས་རིམ་བཞིན་དུ་མེ་ཏོག་དཀར་པོ་རེ་ལམ་ལམ་སྐྱེས། ཇོ་བོ་རིན་པོ་ཆེའི་དྲུང་དུ་སྤྲོ་བཞིན་སླེབས། དེར་མར་མེ་བརྒྱ་སྐོང་ཞིག་སྤར་གྲབ་བྱས་འདུག་པའི་འཁྲིས་དེར་ངོ་མི་འཚལ་བའི་མི་ཞིག་གིས། སྐུ་ཞབས་ཀྱི་གྲུབ་རྟགས་ཁྱད་པར་འཕགས། ད་མར་མེ་འདི་རྣམས་ལ་ཐུགས་སྨོན་གནང་ན་རང་འབར་དུ་ཡོང་། དེ་བྱུང་ན་སྨོན་ལམ་གང་བཏབ་མྱུར་དུ་འགྲུབ་ཟེར་བར། མར་མེ་ལ་དམོད་བཙུགས་ཏེ་མེ་ཏོག་འཐོར་བས་རང་འབར་དུ་སོང་། དེར་ཕན་བདེ་འབྱུང་བའི་སོགས་དང་། འཇིག་རྟེན་བདེ་ཞིང་སོགས་ཀྱི་སྨོན་ལམ་བཏབ་

TN03_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠)པས་ད་ཅིའི་མི་དེ་ན་རེ། རང་དོན་དུའང་སྨོན་ལམ་ཞིག་མཛོད་དང་ཟེར་བར། ཕར་ལྟོས་དཔོན་མེད་ཚུར་ལྟོས་གཡོག་མེད་ཅིང་། །འདུལ་རྒྱུའི་དགྲ་མེད་སྐྱོང་རྒྱུའི་གཉེན་མེད་པར། །དབེན་པའི་གནས་སུ་རང་སེམས་འདུལ་བ་དང་། །རླབས་ཆེན་རྒྱལ་སྲས་སྤྱོད་པ་མཐར་ཕྱིན་ཤོག །ཅེས་བཏབ་པས་ཡི་རང་བའི་རྣམ་འགྱུར་སྟོན་པ་དང་། ནུབ་བཅུ་པར་རང་ཉིད་འཁྲུངས་ཡུལ་ཡིན་སྙམ་པའི་སྨན་ལྗོངས་ཉམས་དགའ་བ་ཞིག་ཏུ་སླེབས། དེར་བདུད་རྩི་རིལ་བུར་འགྲོ་བའི་སྔོ་སྨན་རྣམས་ཚོལ་བའི་འདུན་པས་ཕེབས་པར་ཕལ་ཆེར་ཞིག་རྙེད། སླར་ཨ་རུ་རའི་ནགས་ཚལ་ཐོལ་ལེ་བ་ཞིག་ཏུ་ཕྱིན། དེ་ན་སྨན་གྱི་དྲང་སྲོང་ཡིན་ཟེར་བའི་དགེ་སློང་བགྲེས་པོ་ཞིག་འདུག་པས་སྔོ་སྨན་མང་པོའི་ངོས་འཛིན་དང་། སྨན་སྦྱོར་ཁ་ཤས་གསུང་། དེ་ལ་ཡུལ་འདི་རྒྱ་བ་ལ་གྱི་ས་ཆ་ཞིག་ཡིན་འདྲ་སྟེ་ཇི་སྐད་ཟེར་བ་ལགས་ཞུས་པས། དཔལ་འཁོར་ལོ་བདེ་མཆོག་གི་གནས་ཁྱད་པར་ཅན་ཡིན། །སྐུ་རང་བྱོན་ཀྱང་བཞུགས་པས་མཇལ་དུ་འདོང་ཞེས་ཁྲིད། ཁང་བཟང་ཅུང་ཟད་གོག་པ་ཞིག་གི་སྒོ་ཕྱེ་བའི་ནང་དུ་མཚོ་ནག་དམ་པ་ཞིག་གི་དབུས་བདེ་མཆོག་གི་སྐུ་བློས་མི་འཆུད་པའི་ཆེན་པོ་ཞིག་མཇལ། ཟིལ་བསམ་གྱིས་མི་ཁྱབ་པས་རེ་ཞིག་བརྒྱལ་བ་སྙམ་བྱེད་པ་སོགས་མནལ་ལྟས་མཐའ་དག་བརྗོད་པར་མི་ནུས་ཤིང་། ཕྱི་རོལ་དུའང་འཇིགས་མེད་རྒྱལ་བའི་མྱུ་གུ་ལས་

TN03_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡)ཀློང་ཆེན་སྙིང་ཐིག་གི་དབང་ཁྲིད་ཆེ་ལོང་གསན་སྐབས་བཞུགས་སྒར་ལ་འཇའ་ཁ་དོག་ལྔ་པའི་གུར་ཁྱིམ་ཕུབ་པ་སོགས་དགེ་མཚན་ཤར། ཉིད་ཀྱི་ཡོངས་འཛིན་རྣམས་ཀྱང་ཕུལ་དུ་བྱུང་བའི་ཡོན་ཏན་གྱིས་ཐུགས་ཕྲོགས་ཏེ་རྗེ་རང་གི་ཁུ་བོ་རྨོག་སྟོན་མཐུ་སྟོབས་དབང་པོ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེས། ཁྱོད་འཇིགས་བྲལ་གྱི་སློབ་དཔོན་དོན་ཐམས་ཅད་གྲུབ་པ་ཡིན་ནོ་ཞེས་རྗེས་སུ་བསྔགས་པ་དང་། ངོར་ཆེན་ཀུན་དགའ་བསྟན་འཛིན་པས་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པར་བཀུར་བ་དང་། ས་སྐྱ་ཁྲི་ཆེན་བཀྲ་ཤིས་རིན་ཆེན་གྱིས། སྲས་ལྕམ་དྲལ་ལ་ཁྱོད་ཚོས་མདོ་ཁམས་མཆོག་སྤྲུལ་འཇམ་དབྱངས་མཁྱེན་བརྩེའི་ཞལ་མཇལ་རྒྱུ་བྱུང་ན་སྐལ་བ་ཕུན་སུམ་ཚོགས་པ་ཡིན་ཏེ་ད་མཇལ་དཀའ། སྐལ་བཟང་ཆོས་སྒྲོན་ཁྱོད་ཀྱིས་མཇལ་ཡོང་གསུང་བ་དང་། གཙང་པ་ཆེན་ཐམས་ཅད་མཁྱེན་པ་བསྟན་པའི་ཉི་མས་ཕྲིན་ཡིག་གི་ལམ་ནས་བསྔགས་ཤིང་། དངོས་མཇལ་དུས་དར་ནང་མཛོད་མགུལ་དུ་གསོལ། གསེར་ཞོལ་འཁོར་ལྔ་ཕྱག་ཏུ་གཏད། དབུ་ལ་ཕྱག་གིས་བྱུགས་ཏེ་ཐར་རྩེ་མ་ཧཱ་པཎྜི་ཏ་ཞེས་གཅེས་སྤྲས་ཀྱིས་བསྟོད་པ་སོགས་མཐའ་ཡས། སྔ་ཕྱི་ཅི་རིགས་པར་གསོ་རིག་རྒྱུད་བཞི་དང་། བཀའ་པོད་ཀྱི་རྩ་བ་སོགས་གཞུང་མང་པོ་ཐུགས་འཛིན་མཛད། རིས་མེད་པའི་གསུང་རབ་ཀྱི་དཔེ་ཀློག་ཚད་བཟུང་མི་བཏུབ་པས་དུས་

TN03_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢)མང་འདས། བརྡ་སྤྲོད་ལ་ཐུགས་མ་བསྒྲིམས་ཞིང་བསླབས་ནས་རིང་པོ་མ་ལོན་པར་སློབ་དཔོན་མཉེས་པའི་ཚིག་རྒྱུག་ཕུལ་བ་དང་། སྙན་དངགས་གསལ་བྱེད་ངེས་པའི་བྱ་དཀའ་སཾ་སྐྲི་ཏའི་སྐད་དུ་བརྩམས་པ་དང་། མཛད་པ་བཅུ་གཉིས་དང་སྦྱར་བའི་ཀུན་བཟང་འཁོར་ལོའི་རེ་མིག་དབྱངས་ངེས་པའི་ཚིག་རྒྱུན་གྱི་ཕྲེང་བར་སྤེལ་བ་སོགས་རྩོམ་པའི་ཉམས་འགྱུར་ཕུལ་དུ་བྱུང་བ་མངའ་ཞིང་། རང་གི་མཁྱེན་རབ་ཀྱི་རྩལ་གྱིས་ནད་གང་དང་གང་ལ་གཉེན་པོའི་སྨན་སྦྱོར་ཅི་དང་ཅི་བརྩམས་པ་དེ་དག་དེ་ཁོ་ན་ལྟར་མི་བསླུ་བ་དང་། སྨན་དཔྱད་གང་སྦྱར་བ་ཐམས་ཅད་འཚོ་བྱེད་ཕལ་དང་མི་འདྲ་བའི་ཕན་སྟོབས་ཆེན་པོ་ཅན་དུ་འབྱུང་བ་དང་། ནང་རིག་པའི་གཞུང་ལུགས་ཆེན་པོ་ཅི་འདྲ་ཞིག་གཟིགས་ཀྱང་གཟིགས་པ་ཙམ་གྱིས་གཏིང་སླེབ་པར་ནུས་པ་དང་། ཆོས་ཀྱི་གྲགས་པའི་རིགས་གཞུང་ལ་ཞུགས་མ་ཐག་ནས་མཁས་པའི་མདུན་སར་གཏན་ཚིགས་རིག་པའི་བགྲོ་གླེང་མཁས་པ་མགུ་བའི་ཁྱད་ཆོས་ཅན་མཛད་པ་དང་། གྲུབ་མཐའ་ཕྱོགས་མེད་ཀྱི་དགག་བཞག་དང་། རང་ལུགས་ཀྱི་ཁས་ལེན། མདོ་སྔགས་ཀྱི་ལམ་གནད། གྲུབ་ཆེན་སོ་སོའི་ལུགས་སྲོལ། སྒྲུབ་ཕྲིན་གྱི་ལག་ལེན་ཕྲ་མོ་ཡན་ཆད་རྒྱུ་མཚན་ཞི་བ་ཏིག་དང་བཅས་ཏེ་རང་རང་སོ་སོའི་བརྒྱུད་འཛིན་རྣམས་ཀྱང་སྤ་བཀོད་ནུས་པར་བསྙད་དུ་ཡོད་པ་སོགས་བརྩོན་འགྲུས་དང་

TN03_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

(༤༣)ཤེས་རབ་ཀྱི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ། ཇི་སྐད་བརྗོད་པའི་ཆོས་ཚོལ་གྱི་ཁོངས་སུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེ་རྫོགས་པའི་རྟེན་འབྲེལ་ལས། ལན་ཅིག་དགའ་ལྡན་ནས་འོངས་ཟེར་བའི་པཎྜིི་ཏ་ཆོས་གོས་རྡོ་ཚོས་ཅན་མནབ་པ་ཞིག་གིས་བྱམས་ཆོས་ལྔ་ལ་བརྟེན་ནས་གདམས་ངག་དང་རྗེས་བསྟན་སྩལ་ཏེ། དེ་འཕགས་པ་ཐོགས་མེད་ཡིན་པར་འདུག་གསུངས་པ་དང་སློབ་དཔོན་ཀཱ་མ་ལ་ཤཱི་ལ་ལས་དཔལ་ལྡན་ཞི་བ་འཚོའི་རིགས་པའི་ལམ་སྲོལ་གསན་པ་དང་། ཨོ་རྒྱན་གྱི་སློབ་དཔོན་རྡོ་རྗེ་དྲིལ་བུ་པ་ཡུམ་དང་བཅས་པས་བརྡའི་དབང་བཞི་བསྐུར། ལམ་རིམ་པ་ལྔའི་བཅུད་འདྲི་ལ་གསུངས་པའི་མཐར་སྙིང་དབུས་མི་ཤིགས་པའི་ཐིག་ལེར་ཞུགས་པ་དང་། བྱང་ཤམ་བྷ་ལར་གཤེགས་ཏེ་རིགས་ལྡན་དཔལ་སྐྱོང་ལས་མཆོག་གི་དང་པོའི་སངས་རྒྱས་གསན་པ་དང་། སློབ་དཔོན་སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ་དྲ་བའི་ལམ་རིམ་ནོད་པ་དང་། ལྷོ་བྲག་མར་པས་ཕྱག་རྒྱ་ཆེན་པོས་བརྡ་བསྟན་པ་དང་། རིག་འཛིན་དགའ་རབ་རྡོ་རྗེ་གཡས་གཡོན་ན་པདྨ་དང་ཤྲི་སེདྷ་བཞུགས་པས་རྫོགས་ཆེན་གྱི་ལམ་གནད་རྒྱ་ཆེར་ཕྱེ་བ་དང་། བླ་ཆེན་བརྩེ་བ་ཆེན་པོས་མ་རྒྱུད་དགྱེས་པ་རྡོ་རྗེའི་དབང་དང་མན་ངག་གནང་བ་སོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཐེག་མཆོག་འགྲོ་བའི་

TN03_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤)ལོངས་སྤྱོད་རྨི་ལམ་དུའང་རྒྱུན་མི་ཆད་ཅིང་། གཙང་སྟོད་ས་ཆེན་ཕུག་པར་སྨྲ་སེང་གི་སྒྲུབ་པ་མཛད་པའི་ཚེ་རྗེ་བཙུན་འཇམ་པའི་དབྱངས་དམར་སེར་ལི་ཁྲིའི་ཆུ་གཏེར་དྭངས་པའི་འོད་ཕུང་གི་ཀློང་ན་བཞུགས་པའི་ཐུགས་ཀ་ནས་གླེགས་བམ་གྱིས་མཚན་པའི་ཨུཏྤལ་ཁ་ཕྱེ་མ་ཐག་པ་དང་རལ་གྲི་ཞིག་སྤྲོས་ཏེ་རྗེ་ཉིད་ཀྱི་ཐུགས་དང་འདྲེས་པས་ཉིན་ཞག་མང་པོར་ཏིང་ངེ་འཛིན་གྱི་དགྱེས་པས་ཐུགས་དྲངས་པ་སོགས་ལྷག་པའི་ལྷའི་དགོངས་པས་བྱིན་གྱིས་བརླབས་པའི་དབང་གིས་ལྷག་པར་ཡང་མཁྱེན་རབ་དབྱར་གྱི་ཆུ་བོ་ལྟར་རྡོལ། ཚུལ་ཁྲིམས་འཛིན་མར་ཐོས་པའི་ཆུ་ཀླུང་བསགས། །སངས་རྒྱས་ཡེ་ཤེས་ཀླུ་དབང་བྱེ་བས་བཟུང་། །རིགས་ཚུལ་དག་གི་རླབས་ཕྲེང་འབུམ་སྤྲོ་བ། །སྨྲ་བའི་ཁྱུ་མཆོག་རྣམ་པར་བསྒྱིང་བའི་གཏམ། །བསྡུ་བའི་ཚིགས་སུ་བཅད་པའོ། །སྐུ་ན་གཞོན་ནུ་ནས་ཆེན་པོའི་ངོ་སྲུང་དང་ཉེ་དུའི་ཁ་འཛིན་གྱོད་འཁོན་གྱི་གཉེར་བ་སྦྱིན་བདག་ལ་ཁེ་སྤོགས་འཚོལ་བ་དང་གྲོང་ཆོག་ལྡོམ་བུ་བརྒྱ་བཤིག་ནས་སྟོང་འགུགས་པ་སོགས་ཀྱི་བསམ་སྦྱོར་མནལ་ལམ་དུའང་མི་འབྱུང་བའི་བྱ་བཏང་ཆེན་པོར་བཞུགས། དེ་ལྟ་ནའང་དཀྱུས་མའི་མཛད་སྤྱོད་ཀྱི་བབས་ལས་དེ་ལྟར་ཤེས་པ་མ་གཏོགས་སྒེར་གྱི་ཕྱི་ཚུལ་ལ་སྐྱོ་ཤས་ཀྱིས་ཐུགས་ལྷག་པར་གདུང་བ་ལྟ་བུ་དང་། དེའི་ཤན་གྱིས་ཕྱག་དབང་དང་ཆོས་འབྲེལ་ཙམ་ལའང་མི་བཟོད་པའི་རྣམ་པ་འདྲ་པོའི་མངོན་ཚན་ཅན་

TN03_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥)ཡེ་ནས་མི་མཛད། མེས་དབོན་གྱི་ཆོས་འཁོར་གསུམ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་ཆེན་ལྔ་སོགས་སྟོད་ལྷོ་མོན་དང་མངའ་རིས་མན་ཆད་ཀྱི་གཙུག་ལག་ཁང་དང་གྲུབ་པའི་གནས་ཆེན་བགྲང་བར་དཀའ་བ་རྣམས་སུ་མུ་ཏོ་ཀུན་ཏུ་རྒྱུའི་བརྟུལ་ཞུགས་ཀྱིས་དཀའ་བ་དུ་མ་སྤྱད་དེ་རྒྱུ་ཞིང་གཤེགས། ལྷ་ལྡན་ཇོ་བོ་རིན་པོ་ཆེའི་སྤྱན་སྔར་སླེབས་པའི་ཚེ་མཆོག་གི་སྤྲུལ་སྐུ་དངོས་དང་མཇལ་བ་ལྟ་བུའི་མོས་གུས་ཀྱི་འགྱུར་བ་མི་བཟློག་པས་ཐུགས་ཕྲོགས། ཇོ་མདུན་དུ་མཆོད་རྫས་སྣ་གཅིག་འབུལ་རྒྱུ་མེད་པར་འཇུག་མ་མྱོང་ཞིང་། མཇལ་རེས་ཀྱིས་བཀའ་གདམས་ཀྱི་རྣམ་ཐར་གཙང་མ་འཁྱོང་བའི་སྨོན་ལམ་ཁོ་ན་རྩལ་དུ་བཏོན་ནས་བཏབ་གསུངས། གཞན་ཡང་ཆོས་སྡེ་དང་དབེན་གནས་གསུམ་གང་མཇལ་བ་རྣམས་ལ་མཆོད་འབུལ། བསྙེན་སྒྲུབ་ཚོགས་མཆོད། བསྟོད་བསྔགས་དང་སྨོན་ལམ་གྱི་ཚིགས་བཅད་མང་པོ་བརྩམས་ཏེ་ཕུལ་བ་སོགས་ཟད་མི་ཤེས་པའི་བསྟི་སྟངས་མཛད། དེ་དག་ཏུ་བྱིན་རླབས་ཀྱི་ཟིལ་ཆེན་པོས་ཐུགས་སྣང་རང་དབང་མེད་པར་འགྱུར་བ་ལན་མང་དུ་བྱུང་ཞིང་ལྷ་ལྡན་འཕགས་པ་རང་བྱིན་ལྔ་ལྡན་ལས་སྤྲུལ་པའི་རིང་བསྲེལ་འགའ་ཞིག་དང་། ཡར་ཀླུང་ཚེ་ཆུ་འབུམ་པར་ཚེའི་བདུད་རྩི་ཁྱད་པར་ཅན་མིག་འཕྲུལ་ལྟ་བུར་ཕྱག་ཏུ་བབས། ཏི་སྒྲོའི་ཚོགས་ཁང་ཆེན་མོར་ཨོ་རྒྱན་རིན་པོ་ཆེ་ཡབ་ཡུམ་གྱིས་མནལ་ལམ་དུ་དབང་བསྐུར་བ་དང་། བྱང་ར་སྦྲེང་དུ་ཇོ་བོ་འཇམ་པའི་རྡོ་རྗེ་དང་། དཔལ་ལྡན་ཨ་ཏི་ཤའི་འདྲ་སྐུ་དབུ་ཡོན་མ་གཉིས་ལྷ་དང་བླ་མ་དེ་དང་དེ་དངོས་སུ་གཟིགས་པ་ན། དེ་སྐོར་སྦྱར་

TN03_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦)དུག་ཏུ་དོགས་པའི་སྙུན་གཞི་ལྕི་བ་ཞིག་ཡོད་པའང་སྐད་ཅིག་ལ་དྭངས་པའི་ཆོ་འཕྲུལ་དང་། རྩི་ཁོག་ཏུ་རྗེ་བཙུན་དམ་པ་སངས་རྒྱས་ཉི་འོད་མའི་ཆ་བྱད་ཅན་གྱིས་དམ་ཆོས་སྡུག་བསྔལ་ཞི་བྱེད་ཕ་ཕོག་ཏུ་སྩལ་བ་དང་། ཟངས་རི་མཁར་དམར་དུ་ཕེབས་དུས་ལབ་ཀྱི་སྒྲོན་མའི་སྐུ་འདྲ་རིན་པོ་ཆེ་ཞལ་བཞད་ཅིང་སྐུ་གཡོ་འགུལ་མཛད་པས་ས་གཡོ་བ་ལྟ་བུའི་ཟིལ་ཆེན་ཟླ་གྲོགས་ཀུན་གྱིས་ཚོར་བ་དང་བཅས། གཅོད་ཡུལ་གྱི་དཀའ་བབས་བརྙེས་ནས་རིག་རྩལ་གདམས་ངག་ཏུ་ཤར་བའི་གླུ་དབྱངས་ཀྱང་མཛད། ཇོ་ནང་སྐུ་འབུམ་ཆེན་མོར་མཁའ་འགྲོའི་རིགས་ཀྱི་མི་མོ་ཞིག་གིས་སྣ་དྲངས་ཏེ་ཕེབས་པས་དེའི་ལུས་ལས་རླངས་ཟིལ་འདྲ་བོ་ཞིག་བྱུང་བ་སྐུར་རེག་པའི་རྐྱེན་གྱིས་བདེ་སྟོང་གི་ཉམས་མུ་མཐའ་མེད་པར་ཤར་བའི་སྣང་ཆར། ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་ལྟ་བུའི་གཟིགས་མོར་འབར་ཞིང་། དེའི་དབུས་སུ་ཤམ་བྷ་ལའི་ཆོས་རྒྱལ་བདུན་དང་རིགས་ལྡན་གྱི་ཕྲེང་བ་མངོན་སུམ་པར་མཇལ་བའི་གསལ་སྣང་ཤིན་ཏུ་བརྟན་པོའི་མཐར། ནམ་མཁའི་དབྱིངས་ནས་ཨེ་ཝཾ་གྱི་སྔགས་སྒྲ་ཞིག་བྱུང་བ་ལ་བརྟེན་ནས་དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་དོན་མཐའ་དག་ལ་མི་འཇིགས་པ་བརྙེས་པས་མཚོན་ཏེ། དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་ཐུགས་རྒྱུད་རྟོགས་པའི་བྱིན་རླབས་འཕོས་པའི་མཚན་མདོ་མཚར་ཅན་ཐེང་འགའ་མ་ཡིན་པར་གཟིགས། ལང་ཚོའི་དང་པོ་ནས་བརྩམས་ཏེ་སྔ་ཕྱིར་ལོ་གྲངས་བཅུ་གསུམ་སྙེད་དུ་སྒོམ་སྒྲུབ་ཀྱི་མཚམས་བསྡམ་འབའ་ཞིག་མཛད། སྐུ་ཚེ་སྨད་ཕྱོགས་ཐེམ་སྤང་གདན་གཅིག་པའི་བརྟུལ་ཞུགས་ཁོ་ནས་ལོ་

TN03_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧)ཉི་ཤུ་རྩ་གྲངས་བསྐྱལ། དུས་རྒྱུན་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་ཐུགས་དམ་གྱི་མཐིལ་དུ་མཛད་པས། མོས་གུས་ཅན་གྱི་སློབ་མལ་རང་གི་ངང་ཚུལ་མ་བཅབས་པའི་སྤྲིང་ཡིག་སྩལ་བ་རྣམས་སུའང་། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་ཅི་ནུས་སུ་བློ་སྦྱངས་ཁུལ་གྱིས་གནས་ཞེས་འདི་ཉིད་རྟོགས་པ་བརྗོད་ཚུལ་གྱི་གཙོ་བོར་བསྟན། དེར་མ་ཟད་གསང་སྔགས་ཀྱི་ཉམས་ལེན་གང་གི་ཚེ་ཡང་། ངེས་འབྱུང་གི་བསམ་པ། བྱང་ཆུབ་ཀྱི་སེམས་དང་། མཐའ་བྲལ་གྱི་ལྟ་བ། སྨིན་བྱེད་དབང་། སྲོག་འཛིན་དམ་ཚིག་རྣམས་ངོ་བོ་དང་གྲངས་དང་གོ་རིམ་ངེས་པའི་སྒྲོམ་ནས་འདོན་པའི་ཕྱོགས་ཉག་གཅིག་གཙོ་བོར་མཛད། དོན་འདི་བཀའ་རྩོམ་གྱི་གསོལ་འདེབས་དང་སྨོན་ལམ་ཐན་ཐུན་ཙམ་མམ། གཟིམ་ལམ་དུ་མགུར་བཞེས་པའི་ཚིགས་བཅད་ཙམ་ལ་བལྟས་ཀྱང་མཐོང་བའི་ཆོས་སོ། །དེ་ལྟ་བུའི་ཚུལ་གྱིས་བྱ་རྒྱུད་རིགས་གསུམ་སྤྱི་དང་། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་། ཡོ་ག་རྡོ་རྗེ་དབྱིངས་རྣམས་ལ་ལས་རུང་གི་ལྗགས་བསྙེན་དང་ཀུན་རིག་བསྙེན་ཆེན་བཏང་། རྣམ་འཇོམ་དང་གདུགས་དཀར་ལ་སོགས་པའི་བཟླས་སྒོམ་ཐོར་བུ་པའང་མང་དུ་བསྒྲུབས། རྣལ་འབྱོར་བླ་མེད་ཀྱི་གསར་ཕྱོགས་གསང་བདེ་འཇིགས་གསུམ། ཀྱེ་རྡོ་རྗེ་དུས་ཀྱི་འཁོར་ལོ། །རྗེ་བཙུན་མཁའ་སྤྱོད་མ་སོགས་མཁའ་འགྲོ་མའི་བྱེ་བྲག་དུ་མ། གུར་ཞལ་སོགས་ཆོས་སྲུང་མང་པོའི་བསྙེན་པ་དང་། སྒོམ་བཟླས་མཛད་ཅིང་། རྙིང་ཕྱོགས་མདོ་སྒྱུ་གཉིས་བཀའ་བརྒྱད་དང་ཕུར་པ་ལུགས་

TN03_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨)སྲོལ་བཅུ་དགུ་ཙམ། གཏེར་ཁ་མང་པོའི་གུ་རུ་ཞི་དྲག་དང་ཐུགས་རྗེ་ཆེན་པོ། །གསར་རྙིང་གི་ཚེ་སྒྲུབ་བརྒྱ་ཕྲག་ལྷག་པ་གཙོ་བོར་བྱས་པའི་བཟླས་བསྙེན་ཆེས་མང་བ་བསྐྱལ། དེ་དག་གི་ཁོངས་སུ་སོ་སོའི་ཁ་སྐོང་སྦྱིན་སྲེག་དང་། ཕལ་མོ་ཆེའི་ལས་ཚོགས་ཀྱི་བསྙེན་པ་བཅས་ཕྱག་ལེན་གཙང་ལ་ཞིབ་པའི་མཐར་ཐུག་པས་གྲུབ་པར་མཛད། ཇི་སྲིད་ཅིག་ཏུ་སྐུ་མཚམས་ཀྱི་དམ་བཅའ་བཞག་པའི་ཡུན་ཚད་དེ་མ་རྫོགས་པར་ལ་ཉེ་དུ་དང་མི་ཆེན་སྦྱིན་བདག་ངོ་གཉན་སུས་ཀྱང་བཅད་རྒྱ་འདྲལ་བར་ནུས་མི་སྲིད་པས་བརྩམས་པའི་དོན་ལ་མ་ཚང་བ་མི་འབྱུང་། ནང་གི་གྲུབ་རྟགས་མནལ་ལམ་གྱི་སྐབས་སུ་དཔལ་ཧེ་རུ་ཀ་རྡོ་རྗེ་གཞོན་ནུས་ཕྱགས་ཐ་མའི་ཕུར་པས་དབང་བསྐུར་ཏེ་མནལ་སད་པ་ན་སྣང་གྲགས་ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ་སྔགས་ཀྱི་རོལ་པར་མེར་མེར་ཤིག་ཤིག་གཡོ་བ་གཟིགས་ཤིང་། །འཕགས་མ་ཡིད་བཞིན་འཁོར་ལོ་ཡི་གེ་བཅུ་པའི་གསང་སྔགས་ཀྱི་དབྱངས་ཅན་མངོན་སུམ་དུ་གཤེགས་ནས་ཉིད་དང་མི་གཉིས་པར་བྱིན་གྱིས་བརླབས་པ་སོགས་དང་། ཕྱི་རོལ་གྱི་མཚན་མའང་ཚེ་རྟ་ཟུང་འབྲེལ་གྱི་སྒོམ་བཟླས་དུས་འཆི་མེད་ཀྱི་གྲུབ་ཆུ་བུམ་ཆུང་གང་ནམ་མཁའ་ནས་རྡོལ་བ་དང་། ཕྱིས་སུ་ལོ་གསུམ་ཙམ་ལ་ཚེ་སྒྲུབ་ཆག་མེད་མཛད་སྐབས་ཚེ་ཆང་རྒྱུན་བཞག་དེ་དབྱར་མི་རུལ། དགུན་མི་འཁྱག ཁ་དོག་གསེར་སྨུག་ཤིན་ཏུ་གར་བའི་ཉམས་ཅན། དབུས་ནས་གྱེན་དུ་ཕྱུར་བ་ལ་དྲི་རོ་དཔེ་མེད་པའི་ཡ་མཚན་ཅན་དུ་གྱུར་པ་ལྟ་བུ་མང་ཡང་དངོས་གྲུབ་ཡལ་བའི་རྒྱུ་མི་འབྱུང་བ་ཐོབ་

TN03_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩)པས་གྲུབ་པའི་མཚན་མ་ལྟ་ཅི། དེ་ཐད་ཅི་ཞིག་གི་བསྙེན་པ་ལ་བཞུགས་པ་ཙམ་ཡང་ཕལ་ཆེར་ཉེ་གནས་པས་ཀྱང་མི་ཤེས་པ་ཡིན་ལ། ཕྱིས་སུའང་ཁོ་བོས་རྗེ་ཉིད་ཀྱི་ཤིན་ཏུ་གསང་བའི་གཟིགས་སྣང་གི་རྟོགས་བརྗོད་ཅིག་སྩོལ་བར་ཞུས་པས། རྣལ་འབྱོར་པའི་ཉམས་ལ་མི་འཆར་བ་དང་། པྲ་སེ་ནའི་སྣང་བ་ལ་མི་བབ་པ་མེད། དེ་བཤད་བསྡད་ན་སྐྱེས་བུའི་ཚེ་མཐའ་དག་ཟད་ཟད་དུའང་རྫོགས་པ་མི་ཡོང་སྟེ་དགོས་པ་མེད། ཅེས་དང་། གཞན་འགའ་ཞིག་གིས་དེ་རིགས་ཞུས་པ་ལའང་། རླུང་ཁམས་ལྡང་བའི་མིས་མི་རིག་མི་མཐོང་བ་ཅི་ཡོད། དེ་འདྲ་ལ་ཡིད་རྟོན་ཅིའང་མེད་ཅེས་པའི་གསུང་གི་ཟིལ་གྱིས་མནན་པ་ལྟར་དགོས་པའི་དབང་གིས་བརྒྱ་ལམ་ན་རེ་ཟུང་གསུངས་པ་མ་གཏོགས་ཐོས་ཤིན་ཏུ་དཀའ། སྐབས་འགར་རགས་པའི་ཞལ་ཟས་ཕར་ཞོག །གསོལ་ཇའང་འབུལ་ས་མེད་པར་རླུང་འཚོ་ཁོ་ནས་ཞག་བདུན་ཕྲག་དུ་མ་ཡོལ་བར་མཛད་པས་བཅུད་ལེན་གྱི་ནུས་པ་སྟོབས་སུ་གྱུར། ཁྱད་པར་དུ་བདེ་མཆོག་ལཱུ་དྲིལ་དང་ནག་པོ་ལུགས། ཀྱེ་རྡོ་རྗེའི་ལམ་འབྲས། ན་རོ་དང་ནི་གུའི་ཆོས་དྲུག །དུས་ཀྱི་འཁོར་ལོའི་སྦྱོར་དྲུག །རྫོགས་ཆེན་བི་མ་དང་པདྨའི་བཀའ་སྲོལ་སོགས་རྒྱུད་སྡེ་དང་གྲུབ་ཆེན་གྱི་ལམ་སྲོལ་མང་པོ་ལ་བརྟེན་ནས་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་མངོན་དུ་མཛད། རྡོ་རྗེ་ལུས་ཀྱི་རྩ་འཁོར་མངོན་སུམ་དུ་གཟིགས། ཙོང་ཁ་པ་ཆེན་པོའི་ཡི་གེའི་སྟེང་ནས་མངོན་བརྗོད་ཉུད་ངུན་ཐུགས་དཔྱད་མཛད་སྐབས་ཤིག་མནལ་ལམ་དུ། སྐུ་ལུས་

TN03_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠)ལས་རྣག་ཁྲག་དང་མི་གཙང་བ་མང་དུ་ཐོན་པའི་མཐར་དག་ཅིང་འཇམ་ལ་ཆེས་ཡངས་པའི་སྐུ་ཅན་ཞིག་ཏུ་སོང་། དེར་ནམ་མཁའ་ལ་གྱ་གྱུར་བཞུད་ནས་བྲག་དང་ནགས་ཚལ་གྱིས་གཏམ་པའི་རི་བོ་ཐང་མཎྜལ་བཀྲམ་པ་ལྟ་བུའི་མཐར་སྣང་བ་ཞིག་ཏུ་ཕེབས། དེའི་མགུལ་ན་གྲུབ་ཆེན་ལཱུ་ཧི་པ་ཡིན་ཟེར་བའི་རྣལ་འབྱོར་པའི་ཆས་ཅན་ཞིག་མདུན་ཕར་ཕྱོགས་ཏེ་ཁོག་མ་ལ་མེ་འབུད་ཅིང་ཚོད་མ་བཙོ་བ་ལྟར་འདུག་པ། རི་བོའི་ཞོལ་ནས་བདག་ལ་དངོས་གྲུབ་ཅིག་སྩོལ་ཞེས་བོས་པས་ཞལ་ཚུར་གཟིགས་པ་ན་གཟི་བརྗིད་ཉི་མ་ལྟར་བཟོད་དཀའ་བ་ཞིག་སྣང་། སླར་མདུན་གྱི་མེ་དེ་དྲག་ཏུ་གཏོར་བྱུང་བའི་གསེབ་ཏུ་ཉུང་མ་བསྲེགས་པའི་རྡོག་པོ་ལྟ་བུའི་གོང་བུ་གཅིག་འདུག དེ་ཁ་ཕྱེ་བའི་ནང་ནས་ཤིང་ཐོག་ལས་གྲུབ་པ་ལྟ་བུའི་དཔལ་ཧེ་རུ་ཀའི་སྐུ་སེར་སྨུག་ཉམས་བརྒྱར་འབར་བ་ཞིག་རྙེད་པ་ཞལ་དུ་གསོལ་བས་སྐུ་ཐུགས་བདེ་སྟོང་ཆེན་པོའི་རོས་གང་བའི་ངང་ལ་སད་པ་ན་དཔལ་བདེ་མཆོག་གི་བྱིན་རླབས་རྫོགས་པར་བརྙེས་པའི་ངེས་ཤེས་འཁྲུངས་པ་ལ་སོགས་པའི་ཚུལ་གྱིས་རྩ་རླུང་ཐིག་ལེ་ལྷག་པར་ཡང་བྱིན་གྱིས་བརླབས། དུས་གཅིག་ན་བརྟན་གཡོ་ཐམས་ཅད་བདེ་སྟོང་རོལ་པའི་མིག་འཕྲུལ་དུ་གཟིགས་པ་དང་། དཔའ་བོ་ཌཱ་ཀྐིའི་བྱིན་རླབས་ནང་འཛོམ་པའི་རྟེན་འབྲེལ་ལས་སྒྱུ་མ་སྤྲུལ་པ་ལྟར་སྣང་བའི་ས་གཞི་ཡངས་ཤིང་རྒྱ་ཆེ་བར། ཤིང་ལོ་སྔོན་པོའི་སྤྱི་ལ་བུ་སྟེང་ཐམས་ཅད་མེ་ཏོག་མང་པོ་དང་། འོག་གཞིར་ཁ་དོག་སྣ་ཚོགས་པའི་མེ་ཏོག་བཀྲམ་ཞིང་དྲི་ཞིམ་ཁོར་ཡུག་ཏུ་ལྡང་བ་ཞིག་ཕུབ་པ་གཟིགས།

TN03_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡)དེའི་ནང་དུ་རྒྱལ་པོའི་ཆས་ཅན། སྐུ་བོང་མི་ཚད་གཉིས་འགྱུར་ཙམ། གཟི་བརྗིད་ཤིན་ཏུ་ཆེ་བ་ཞིག་བཞུགས་འདུག་པའི་སྤྱན་སྔར་ཕེབས། དེས་ཁྱོད་ཀྱིས་ང་སུ་ཡིན་ཤེས་སམ་གསུང་། མི་ཤེས་ཞུས་པས། ང་ནི་གནས་བརྟན་རྣམས་ཀྱི་གཙོ་བོ་ས་ར་ཧ་ཞེས་གྲགས་པ་དེ་ཡིན་གསུང་། དེར་རྒྱལ་ཆེན་ཨིནྡྲ་བྷུ་ཏི་མིན་ནམ་དགོངས་པ་ཞིག་བྱུང་བའི་སྐབས། དེའི་ཞལ་ནས། ངས་ནི་མི་དུང་ཕྱུར་ཅིག་བསྙེན་པར་རྫོགས་པ་ཡིན། ཁྱོད་ཀྱིས་ཀྱང་ད་སྟེ་མི་ལྔ་བཅུ་བསྙེན་པར་རྫོགས་དགོས་ཀྱི། དོ་ནུབ་ངས་ཁྱོད་བསྙེན་པར་རྫོགས་པར་བྱ་གསུང་། ལས་བྱེད་པའི་དགེ་འདུན་མི་འདུག་སྙམ་དུ་དགོངས་པ་ན། དེས་ལས་བྱེད་འདི་ལྟར་ཡོད་གསུངས་ཏེ་དབང་གི་ལྟ་སྟངས་དང་ལྕགས་ཀྱུའི་ཕྱག་རྒྱ་ཞིག་མཛད་མ་ཐག །གནམ་ཁོལ་བ་དང་། ས་བེར་བསྙམ་བྱེད་པའི་རོལ་མོའི་སྒྲ་དང་ལྷན་ཅིག་གློག་འོད་འཁྱུག་པའི་རུ་མ་ནས་མཁའ་འགྲོ་མ་གཞོན་ནུ་སྔོ་སངས་རུས་པའི་རྒྱན་ཅན་མཛེས་སྡུག་ལྟ་བས་མི་ངོམས་པ་ཞིག་སྐད་ཅིག་ལ་མདུན་དུ་ལྷགས། དེ་ནས་ལེགས་སྦྱར་སྐད་ཤ་སྟག་གིས་དབང་ཞིག་བསྐུར། བུམ་དབང་གི་གནས་སུ་ཕྱག་སྤྱི་བོར་བཞག །གསང་དབང་སྙོམས་འཇུག་གི་བདུད་རྩི་དངོས་ཀྱིས་བསྐུར། ཤེར་དབང་ལ་མཁའ་འགྲོ་མ་དེ་རྩལ་བ་ལས་རྙེད་པའི་དགའ་བཞི་དད་དབང་བཞི་པ་ཚིག་གི་ངོ་སྤྲོད་མཛད་པ་རྣམས་སོ་སོའི་ཐད་དུ་ཡེ་ཤེས་ཀྱི་ཉམས་མི་འདྲ་བ་རེ་རེ་སྐྱེས། མཐར་

TN03_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢)བོད་ཀྱི་སྐད་དུ། དེ་རྣམས་ཀྱིས་དགེ་བསྙེན། དགེ་ཚུལ། དགེ་སློང་། གནས་བརྟན་རྒན་པོའི་གོ་འཕང་རྣམས་རིམ་བཞིན་གྲུབ་པ་ཡིན་ནོ། །ཞེས་གསན་མཐར་འོད་གསལ་མཁའ་ལྟར་ཞི་བའི་དབྱིངས་སུ་སྙོམས་པར་ཞུགས། དེ་ཕྱིན་ཀྱང་མདའ་བསྣུན་ཆེན་པོར་ཕོ་ཉའི་ཟབ་ལམ་གྱི་གཞུང་ཆེན་ཞིག་གསན། མཁའ་སྤྱོད་རྡོ་རྗེ་བཙུན་མོ་ལ་སོགས་པ་ལྷན་སྐྱེས་དང་རྡོ་རྗེ་གཡར་མོ་བསིལ་ལ་སོགས་པ་ཞིང་སྐྱེས་ཀྱི་ཌཱཀྐི་རྣམས་དང་འདུ་བ་ཐོབ་སྟེ་བླ་ན་མེད་པའི་བརྟུལ་ཞུགས་ཀྱི་མཐུ་ཆེན་པོ་གྲུབ། སྐུ་ལུས་ཀྱི་དབྱིངས་ལ་དཔའ་བོ་མཁའ་འགྲོ་ཏིལ་གྱི་གོང་བུ་རྡོལ་བ་ལྟ་བུས་རྡོ་རྗེའི་རྒྱུད་དང་སྔགས་ཀྱི་སྒྲ་མུ་མཐའ་མེད་པར་སྒྲོགས་པ་དང་། དཔལ་དུས་ཀྱི་འཁོར་ལོའི་སྐུར་གྱུར་ཏེ་བདེ་བ་ཆེན་པོའི་མེ་ལོང་དུ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཤེས་བྱའི་དཀྱིལ་འཁོར་རབ་འབྱམས་ཅིག་ཆར་དུ་གསལ་བར་རྫོགས་པ་ལ་སོགས་ཏེ་བདེ་ཆེན་སྒྱུ་མའི་རིག་རྩལ་ཕྱོགས་མེད་དུ་ཤར། སྐུ་དངོས་ལས་རྡོ་རྗེ་སེམས་པའི་དབང་ཐོབ་ཚད་ཕྱིར་མི་ལྡོག་པའི་སྐལ་བ་ཅན་དུ་དཀྱིལ་འཁོར་གྱི་གཙོ་བོས་ལུང་བསྟན། ཆོས་དབང་གཏེར་བྱོན་ཐུགས་རྗེ་ཆེན་པོའི་གདམས་པ་ཉམས་བཞེས་དུས། སྟོབས་བཅུ་མངའ་བའི་གདུང་སྤེལ་བ་པོར་བསྔགས་པའི་ལྟས་སུ། རྗེ་རང་གི་ཕྱག་མཐིལ་ན་དེ་བཞིན་གཤེགས་པའི་རིང་བསྲེལ་གཅིག་འདུག་པར་འཁོར་བ་དོང་སྤྲུགས་ཀྱི་གཟུངས་སྔགས་ཟློས་བཞིན་ཞལ་ཕུ་བཏབ་པས་རིང་བསྲེལ་གྲངས་མེད་པ་སྐད་ཅིག་ལ་འཕེལ་པའི་གཟིམ་ལམ་བྱུང་། ཚད་

TN03_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣)ལ་མ་ནོར་ཐབས་མཁས་ཕུལ་བྱུང་བའི། །རྣལ་འབྱོར་བདུད་རྩིས་སིམ་པའི་ཐུགས་ཅན་རྣམས། །མཁས་པ་མིན་པས་སྨྲར་ཡང་ནུས་མིན་པ། །འདི་འདྲའི་ཡོན་ཏན་འཐོབ་ཀྱི་གཞན་དུ་མིན། །ད་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་གསང་མཛོད་མ་གཏོགས་གཞན་དུ་མ་གྲགས་པའི་ཆོས་ཚུལ་རྒྱ་མཚོའི་གཏེར་ལ་རྫོགས་པར་དབང་བསྒྱུར་བའི་སྒོ་ནས་རྡོ་རྗེ་ཐེག་པའི་ལུང་རྟོགས་ཇེ་རྒྱས་སུ་མཛད་པའི་ཚུལ་གྱི་ཕྱོགས་གཅིག་ཞར་བྱུང་དང་བཅས་པ་བརྗོད་པར་བྱ་སྟེ། དེའང་སྐུ་གཞོན་ནུ་ནས་རྫས་ཆོས་ཀྱི་གཏེར་ཁ་མང་པོར་དབང་བའི་རྟེན་འབྲེལ་སད་ཀྱང་ཆེད་གཉེར་མ་མཛད། ཕྱིས་སུ་ཨོ་རྒྱན་རིན་པོ་ཆེའི་སྨོན་ལམ་གྱི་རི་མོ་བསུབ་ཏུ་མེད་པས། དབུས་སུ་ཕེབས་ལམ་བྱང་འབྲོག་དགེ་རྒྱལ་དུ་ཚེས་བཅུའི་མཆོད་པ་མཛད་སྐབས། སློབ་དཔོན་ཆེན་པོའི་དངོས་ཞལ་གྱི་སྣང་བ་བསྟན་ནས་རྗེས་སུ་བཟུང་། བསམ་ཡས་སུ་ཉང་གཏེར་མཚོ་སྐྱེས་རྡོ་རྗེའི་སྐུ་ཚབ་རིན་པོ་ཆེའི་དྲུང་དུ་མཆོད་པ་རྒྱས་པར་མཛད་པས་སྣང་བརྙན་དེ་མཚོ་སྐྱེས་རྡོ་རྗེ་འཆང་དངོས་སུ་གྱུར་ཏེ་མཚོ་སྐྱེས་སྙིང་ཐིག་གི་གདམས་པ་སྩལ་ཞིང་དགོངས་ཀློང་དབྱེར་མེད་དུ་བྱིན་གྱིས་བརླབས། ལན་ཅིག་ཚེས་བཅུའི་ཉི་ཤར་ལ་མངའ་བདག་ཁྲི་སྲོང་འཁྲུངས་ཡུལ་བྲག་དམར་མགྲིན་བཟང་དུ་ཕེབས་པ་ན། ས་གཡོ་བ་ལྟ་བུའི་རྐྱེན་ལས་སྣོད་བཅུད་ཐམས་ཅད་དཔལ་ཧེ་རུ་ཀའི་ཞིང་ཁམས་སུ་གཟིགས་པའི་མོད། ཡེ་ཤེས་མཁའ་འགྲོས་གཏེར་སྒྲོམ་ལ་བསེའི་གའུ་ཞིག་དངོས་སུ་

TN03_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤)སྩལ་བར་འགྲོ་འདུལ་འཕགས་པ་སེམས་ཉིད་ངལ་གསོའི་ཐུགས་ཏིག་དང་། རྒྱལ་བ་རྒྱ་མཚོའི་གདམས་པ་ཡེ་ཤེས་འོད་ཀྱི་སྙིང་པོ། བྲམ་ཟེ་ཉེར་གཅིག་གི་གདུང་སོགས་བྱོན་པ། མི་ལོ་བཅུ་གསུམ་བར་ཤིན་ཏུ་གསང་ཞིང་གཏེར་ཆོས་ཐུགས་ཉམས་སུ་བཞེས་པ་ལས་གཞན་ལ་འཕྲིགས་ཙམ་ཡང་མ་བྱུང་། རྗེ་བཙུན་ཉིད་ཀྱི་བར་ཆད་ཞི་ཞིང་འགྲོ་འདུལ་གྱི་ཕྲིན་ལས་རྒྱས་པའི་རྟེན་འབྲེལ་ཁྱད་པར་ཅན་འགྲིགས། ཕྱིས་སེམས་ཉིད་ངལ་གསོའི་ཆོས་སྐོར་འགའ་ཞིག་གཏེར་ལུང་ལས། དབང་གི་གནས་སུ་དབང་གི་དུསཿ དབང་ཆེན་པདྨའི་རིགས་སྐྱེས་པའིཿ རྣམ་འཕྲུལ་ཟུང་གི་དོན་དུ་སྟོནཿ ཚོམ་བུ་དང་བཅས་སྐལ་བཟང་འགྱུརཿ ཞེས་པའི་རྟེན་འབྲེལ་མ་བསྒྲིགས་ལྷུན་གྲུབ་ཀྱིས་དཔལ་རི་བོ་དབང་ཞུའི་སྙིང་པོ་བཀྲ་ཤིས་ཟླ་གམ་དབང་ཕུག་ཏུ། དབང་ཆེན་ལྕགས་སྤྲེལ་ལོ་སྤྲེལ་ཟླ་བའི་ཚེས་བཅུར། དབང་ཆེན་གྲུབ་པ་རྒྱལ་བ་མཆོག་དབྱངས་ཀྱི་སྤྲུལ་པ་དཔལ་ཀརྨ་པ་ཐེག་མཆོག་རྡོ་རྗེ་དང་། པདྨ་རིགས་ཀྱི་དབའ་བོ་ཏཱའི་སི་ཏུ་པདྨ་ཀུན་བཟང་ཆོས་རྒྱལ་གཉིས་དང་། གཞན་ཡང་རྗེ་པདྨ་གར་དབང་སོགས་འདུས་པ་དགུ་ལ་ཤོག་སེར་ཕབ་འཕྲེལ་དུ་སྩལ། གཏེར་ཁ་འདི་བཞེས་དུས་དང་ལོ་ཟླ་ཚེས་གྲངས་ཆུ་ཚོད་ཚུན་གཅིག་པར་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཀྱང་ཆོས་རྒྱལ་ཡབ་སྲས་ཀྱི་སྐབས་སྨོན་ལམ་གཅིག་པའི་རྟེན་འབྲེལ་གྱིས་མདོ་ཁམས་ཁ་ལ་རོང་སྒོ་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་བཞེས་ཏེ། དེ་ནས་ལོ་ལྔ་ཙམ་

TN03_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥)འདས་སྐབས་རྗེ་བླ་མ་དང་མཇལ་ནས་དབང་ཆོས་མང་པོ་གསན། སྙིང་ཐིག་གོང་མའི་དབང་གི་དུས་བླ་མ་པ་ཆེན་བི་མ་ལ་དངོས་སུ་གཟིགས་པ་སོགས་དག་པའི་སྣང་བ་ཁྱད་པར་ཅན་གྱིས་གོ་ཕྱེས་ཏེ་གནས་ལུགས་ཀྱི་རང་ཞལ་རྗེན་པར་མཇལ། སྔགས་སྲུང་མའི་སྲོག་དབང་གནང་ཚེ་སྣོད་ཀྱི་འཇིག་རྟེན་འཁྲུགས་པ་ལྟ་བུའི་འཇིགས་ཟིལ་དང་བཅས་རལ་གཅིག་མ་དངོས་སུ་གཟིགས། དཔོན་སློབ་གཉིས་ཆར་ལ་ལོ་གསུམ་མཚམས་སུ་དངོས་གྲུབ་ཆེན་པོ་སྦྱིན་ཞེས་རྫོགས་ཆེན་སྡེ་གསུམ་གྱི་གཏེར་ཁའང་ལུང་བསྟན། །དཔལ་ཡང་དག་ལྷ་དགུའི་དབང་ཆེན་གསན་པ་ན་མགོན་པོ་འདི་དཔལ་ལྡན་ཧེ་རུ་ཀའི་སྐུ་དངོས་སུ་གཟིགས་པའི་མོས་གུས་ཀྱི་རྐྱེན་ལས་ཐུགས་ཀ་ནས་འོད་ཟེར་མཐིང་ཁའི་གོང་བུ་ཧཱུཾ་ཡིག་གིས་མཚན་པ་ཞིག་ཐོན་ཏེ་གཏེར་སྟོན་རང་གི་དབུ་གཙུག་ནས་ཐིམ་པའི་གསལ་སྣང་ཤར་བས་ནང་གི་རྩ་མདུད་ཞིག །རྡོ་རྗེའི་གླུའི་དཀོར་མཛོད་འཛད་མེད་དུ་གྲོལ། སྔོན་ཆད་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྡ་ཇི་བཞིན་མ་ཁྲོལ་བའང་ཚེགས་མེད་པར་མཁྱེན་ཏེ། སྤྱིར་རྗེ་རིན་པོ་ཆེ་དགུང་ལོ་བཅུ་དྲུག་གི་དུས་རྩ་གསུམ་ཐུགས་སྒྲུབ་ཧྲཱིཿརྒྱ་ཅན་བདེ་གཤེགས་འདུས་པས་གཏེར་དུ་བཞེས་པ་ཡོད་ཀྱང་། རྗེས་སུ་མཆོག་གླིང་གིས་ས་གཏེར་ཐོན་ཞིང་། དེ་གཉིས་ཚིག་དོན་གཅིག་ཏུ་འདུག་པས་ཟུར་དུ་མ་སྤེལ་ཞེས་གསུངས་པར་མ་ཟད་སྔ་མ་ཆ་ཤས་ཙམ་ཕབ་པའང་དེ་ཁོ་ན་ལྟར་ཡོད་དེ། ཤོག་སེར་འབེབས་པ་དང་གཏེར་སྒྲུབ་ཀྱང་གཉིས་

TN03_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦)འདུས་སུ་མཛད་པས་རྗེ་འདིའི་གཏེར་ཁར་ཡང་བགྲང་རུང་། ལྕགས་ཕག་ལོར་རྒྱང་ཡོན་པོ་ལུང་གི་གུ་རུའི་སྒྲུབ་ཕུག་ཏུ་ཚོགས་ཀྱི་མཆོད་པ་མཛད་པའི་ཚེ་ཕུག་དེའི་སྒོ་གོང་དུ་གུ་རུའི་སྐུ་ཚབ་དང་། གསོལ་འདེབས་བསམ་པ་ལྷུན་གྲུབ་མའི་ཆོས་སྐོར་བཞུགས་པ་གཟིགས་ཤིང་། ཆོས་ཀྱི་ཞིབ་རྒྱུས་ཀྱང་གཏིང་ཐུག་པར་མཁྱེན། ཕྱིས་སྐུ་ཚབ་རིན་པོ་ཆེ་དངོས་གྲུབ་དཔལ་འབར་དང་། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ཤོག་སེར། དོན་ཀུན་གྲུབ་པའི་གི་ཝཾ་གི་བམ་པོ་རྣམས་རྩི་སྐེ་ནོར་བུ་སྤུན་གསུམ་དུ་བཞུགས་པ་གསལ་བར་གཟིགས་ནས་གཏེར་ཆེན་མཆོག་གྱུར་གླིང་པ་ལ་བཀའ་གནང་སྟེ་སྤྱན་དྲངས། ཤོག་སེར་ལ་བརྡ་ཡིག་མ་གསལ་བ་ཡབ་སྲས་ཞལ་འཛོམ་པས་གཏེར་སྒྲུབ་ཞག་བདུན་དང་སྦྲགས་བདུད་རྩི་ལྔའི་ཆུ་ལ་སྤང་པས་ཞག་ལྔ་ནས་བརྡ་ཡིག་གི་གྲོང་ཁྱེར་བདུན་ལམ་མེར་ཤར། ཐུགས་སྒྲུབ་ཆ་ཙམ་གཏན་ལ་ཕབ། སྒྲུབ་ཆེན་མཛད་པས་གཞལ་མེད་ཁང་རྒྱ་ཁྱོན་བཀོད་པ་བློས་མི་ཁྱུད་པ་ཞིག་ཏུ་ཐུགས་སྒྲུབ་གཉིས་ཀྱི་ལྷ་ཚོགས་བླ་འོག་གི་རྣམ་པར་བཞུགས་པའི་གཙོ་བོའི་ཞལ་ནས། གསོལ་འདེབས་ཚུལ་བཞིས་འཆད་པའི་མན་ངག་སོགས་གསུང་གི་བདུད་རྩི་མང་དུ་གསོལ་ཞིང་། གཏེར་སྲུང་རྣམས་ཀྱིས་ཕྲིན་ལས་སྒྲུབ་པའི་གཡར་དམ་བླངས། ཤངས་ཟམ་བུ་ལུང་གི་ནེའུ་སེང་ཉམས་དགའ་བ་ཞིག་ཏུ་གསོལ་ཚིགས་མཛད་པར། དེའི་བྲག་ལ་རང་གི་གཏེར་སྐལ་གྱི་རྗེ་བཙུན་སྒྲོལ་མའི་ཆོས་སྐོར་རྒྱས་པ་ཞིག་བཞུགས་པ་ཆེས་གསལ་

TN03_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

(༥༧)བར་མཁྱེན་ཀྱང་གཏེར་ཤོག་བཞེས་རྒྱུ་མ་བྱུང་། འོན་ཀྱང་དེའི་ཚིག་དོན་མཐའ་དག་ཐུགས་སུ་ཆུད་དེ་རྩ་བ་ཤོག་ལྡེབ་གསུམ་བཞི་སྙེད་ཕྱག་བྲིས་མཛད་པ་ན། ཇོ་ཇོ་ཞིག་གིས་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་རྟེན་རྗེ་བཙུན་མའི་སྐུ་རྙིང་ཞིག་ཕུལ། འདི་ལ་ཡོན་དུ་གསེར་ཞོ་བདུན་དགོས་ཟེར་ནས། སྐུ་ཆས་ལ་གསེར་ཞོ་བདུན་ཁོ་ན་བཏགས་ཡོད་པ་སྩལ། མི་དེ་ནི་ཉེ་གནས་སྐུ་འཁྲིས་སུ་ཡོད་པས་ཀྱང་མ་མཐོང་སྟེ་གཏེར་སྲུང་དང་། གསེར་རྣམས་གཏེར་ཚབ་ཏུ་དགོས་པ་ཡིན་པར་མངོན། སླད་ནས་སྐུ་གཟུགས་འདིས་གཏེར་ཆེན་མཆོག་གྱུར་གླིང་པར་ལེགས་སོ་གསུམ་གྱི་དབུགས་དབྱུང་བྱིན། དེ་བཞིན་དུ་ཇོ་མོ་ཁ་རག་ཏུ་ཕེབས་ཚེ་རང་གཏེར་གྱི་སྲུང་མས་ཕུར་པ་ཁྱད་པར་ཅན་དངོས་སུ་ཕུལ། རྗེས་ནས་ཁམས་སུ་བཞུགས་རིང་ཞིག །འདམ་ཤོད་ཀྱི་གཏེར་ཁ་ཀླུའི་འཇིམ་པ་ལས་གྲུབ་པའི་གུ་རུའི་སྐུ་ཚབ་ཐོད་ཕྲེང་སྡེ་ལྔ་ཡབ་ཡུམ་གྱི་བྱང་སེམས་ཉི་ཟླའི་ཞུན་གྱིས་གཡོགས་པ་དང་། བླ་མ་སྐུ་བཞིའི་སྒྲུབ་སྐོར། སློབ་དཔོན་ཆེན་པོའི་ཚེམས་ལས་སྤྲུལ་པའི་རིང་བསྲེལ། བླངས་པས་འཛད་པ་མེད་པའི་ངོ་མཚར་ཅན་རྣམས་གཉན་ཆེན་ཐང་ལྷས་སྤྱན་དྲངས་ཏེ་ཕུལ་བ། རིང་བསྲེལ་གྱི་འབྱུང་ཁུངས་རྗེ་ཉིད་གཤེགས་ཁའི་སྔ་ལོ་ཙམ་ནས་གཏེར་སྲུང་གིས་ཕྱིར་ཁྱེར་བས་མ་བཞུགས། དེ་ནས་རབ་ཡིད་རྫོགས་པ་ཟད་པར་གྱི་ལོར། རཏྣྣ་གླིང་པའི་ཕྱག་ཆེན་ཉི་སྙིང་མར། སྟག་ཚང་རོང་དུ་སྦས་པ་འདིཿ མངའ་བདག་

TN03_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨)ཉང་གི་གདུང་བརྒྱུད་ནིཿ མི་རབས་ཡང་བརྒྱུད་བཅུ་གསུམ་ནཿ འཇམ་དབྱངས་སྤྲུལ་པ་བློ་གྲོས་ཅནཿ འཇམ་དཔལ་བཤེས་གཉེན་ཞེས་པས་འདོནཿ གདུལ་བྱ་གངས་ཅན་ཡུལ་ཁྱབ་འབྱུངཿ ཞེས་གསུངས་པ་ལྟར་ཐོ་རང་ཞིག་རྔ་ཡབ་གླིང་ནས་དཔའ་བོའི་ཆས་ཅན་གཉིས་བྱུང་ཏེ། འདི་སྤྲོད་པའི་དུས་ཚོད་དངོས་ཤིང་སྟག་ལོ་ཡིན་ཀྱང་རྟེན་འབྲེལ་ཡོལ། ད་རེས་སློབ་དཔོན་པདྨའི་བཀས་ཁྱོད་ལ་སྤྲོད་དུ་ཕྱིན་ཟེར། ཤོག་དྲིལ་ཞིག་བྱིན་ནས་མི་སྣང་བར་སོང་། ཤོག་དྲིལ་དེ་འཐོར་འབྲུའི་ཟ་མ་ཏོག་ཏུ་བཅུག་སྟེ་ནམ་ལངས་པ་དང་གཟིགས་པས་གཏེར་གྱི་ཁ་བྱང་དུ་འདུག །དེ་དང་མཐུན་པར་ལོ་དེ་ཉིད་ཀྱི་སྨིན་དྲུག་ཟླ་བའི་ཚེས་བཅུར་གཏེར་ཆེན་མཆོག་གླིང་དང་ལྷན་ཅིག་རོང་མེ་འཆི་མེད་དཀར་མོ་སྟག་ཚང་དུ་ཕེབས། བྲག་གི་རྒྱ་བཅུ་གསུམ་བཤིག་སྟེ་རིག་འཛིན་རྡོ་རྗེ་དྲག་རྩལ་གྱི་སྐུ། ཤོག་སེར། ཕྱག་མཚན་གནམ་ལྕགས་ཀྱི་རྡོ་རྗེ་རྣམས་ཁྲོམ་གཏེར་དུ་སྤྱན་དྲངས། དེའི་ཕྱི་ཉིན་ཡང་ཁྲོམ་ཚོགས་མང་པོའི་དབུས་སུ་མ་ཕམ་སེང་རྒོད་གཡུ་མཚོ་ནས། མཇའ་དང་འོད་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་དང་བཅས་ཏེ། རྫུ་འཕྲུལ་རྡོ་རྗེའི་བཀོད་པས་གཏེར་ཁ་གསེར་གྱི་སྒྲོམ་བུ་ཧེ་རུ་ཀ་ཞལ་སྦྱོར་གྱི་རྣམ་པ་ཅན་སོགས་བཞེས་པ་ན་གཏེར་སྲུང་ཀླུའི་རྒྱལ་པོ་གསེར་གྱི་གདུགས་ཅན་འོང་བ་དངོས་སུ་གཟིགས་ཤིང་། ཐུན་མོང་གི་སྣང་བར་མཚོ་ཕྱུར་བ་དང་ལྷན་ཅིག་དར་ཁུང་གི་ཉེ་འགྲམ་

TN03_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩)ཐམས་ཅད་གསེར་ཕྱེས་སེར་ཉུལ་གྱིས་ཁྱབ་པ་མཐོང་། འགའ་ཞིག་གིས་གསེར་ཅུང་ཟད་རྙེད་ཀྱང་རྙེད། །དེར་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་དང་། རྩ་གསུམ་སྒྱུ་འཕྲུལ་དྲ་བའི་ཆོས་སྡེ་བྱོན་ཀྱང་ལམ་རིམ་ཡེ་ཤེས་སྙིང་པོ་ཙམ་ལས་གཞན་འཆད་སྤེལ་མ་གནང་། རབ་ཚེས་སྨིན་དྲུག་ཟླ་བའི་ཚེས་བཅུར་སྟོད་འབྲས་མོ་ལྗོངས་ནས་སྨད་གཡུ་ལུང་གངས་ར་ཡན་ཆད་ཀྱི་གནས་ཆེ་ཆུང་སྟོང་ཕྲག་ལྷག་པའི་བཀོད་པ་དང་གཏེར་ཁ་སོགས་སྒྲིབ་མེད་དུ་གཟིགས། ཞེ་དགའི་ཕྱོགས་བཀྲ་ཤེས་གནས་ཀྱི་ཤར་ཕྱོགས་ཞི་ཁྲོ་ཤེས་ཕུག་ཅེས་སྔོན་ཆད་ཡུལ་དེར་གནས་པས་ཀྱང་རྒྱུས་མེད་པར་རྗེ་ཉིད་ཀྱིས་ལམ་མཚོན་ནས་ཕེབས་ཤིང་གྲོལ་ཏིག་སྐོར་གསུམ་དང་གནས་ཡིག་འགའ་ཞིག་གིས་ཤོག་སེར་བཞེས། རིན་པོ་ཆེ་བློ་གྲོས་མཐའ་ཡས་ཀྱིས་ཡི་གེ་པ་མཛད་དེ་ཤོག་སེར་ལས་ཆ་ཙམ་ཕབ་པ་ན་འཇའ་ཚོན་གྱི་བླ་རེ་བྲེས་ཤིང་མེ་ཏོག་སིལ་མའི་ཆར་བབས། ཁྱུང་ཚང་བྲག་གི་གཏེར་ཁ་རིག་འཛིན་ཡོངས་རྫོགས་ཀྱི་ཐུགས་ཏིག་སོགས་གཏེར་སྲུང་ཀླུ་མོས་གསལ་བར་བསྟན་ནས་རྗེ་མཆོག་གླིང་དང་གདན་འཛོམས་པས་བཞེས། གཏེར་ལྷུང་ཁང་དམར་མདོར་བཞུད་སྐབས་རྗེ་བློ་གྲོས་མཐའ་ཡས་ཀྱིས་ཕྱོག་འདིར་རྡོར་སེམས་ཀྱི་གཏེར་ཁ་ཡོད་པར་བདུད་འདུལ་གཏེར་ལུང་ལས་བཤད་པས། དེ་ལས་སྣ་གཅིག་བཞེས་དགོས་ཞེས་གསོལ་བ་བཏབ་པས། བཻ་རོའི་གསང་ཕུག་ཏུ་ཚོགས་ཀྱི་འཁོར་ལོ་མཛད་པའི་མཐར་

TN03_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠)དེ་ཉིད་ནས་སློབ་དཔོན་བཻ་རོ་ཙ་ནའི་ཐུགས་དམ་རྟེན་གྱི་རྡོ་རྗེ་སེམས་དཔའི་ལི་སྐུ་ཁྱད་འཕགས་ཤིག་བླངས་ནས་སྩལ། རྫོང་ཤོད་བདེ་གཤེགས་འདུས་པའི་སྐུའི་གནས་ནས་དཔག་བསམ་ཤིང་གི་འབྲས་བུ་ལས་གྲུབ་པའི་པདྨ་རྒྱལ་པོའི་སྐུ་རྒྱན་ཤིན་ཏུ་ངོ་མཚར་བ་བཞེས་ཤིང་། དེར་ཚ་སྒང་པ་རིན་ཆེན་རྣམ་རྒྱལ་ཞམ་རིང་དུ་ཁྲིད་དེ་སྔར་མེད་པའི་ཕུག་པ་ཡ་མཚན་ཅན་གྱི་སྒོ་ཕྱེ་ནས་མགོན་པོ་ཕྱག་བཞི་པའི་སྒྲུབ་སྐོར་དང་། ཉང་རིན་པོ་ཆེའི་ཡང་གཏེར་གནམ་ལྕགས་ཀྱི་རྡོ་རྗེ་ཞིག་ཕྱུང་། ཁྲོ་ཟིལ་ཁྲོམ་གྱི་མདུན་ངོས་ཆུ་མིག་གཅིག་ནས་མཁའ་འགྲོ་ལས་ཀྱི་དབང་མོ་ཆེའི་རང་བྱུང་གསང་བའི་བདུད་རྩི་བཏོན། བཀྲ་ཤིས་ཟླ་གམ་དབང་ཕུག་གི་གནམ་ཁུང་ནས་མགོན་པོ་ཛཾ་བྷ་ལའི་སྐུ་དང་སྒྲུབ་སྐོར། དེའི་ཉེ་ཕྱོགས་ཀྱི་བྲག་ནས་རྗེ་བཙུན་སྒྲོལ་མའི་ཚེ་རིལ་ཟླ་བའི་སྙིང་པོ། སེང་གེ་གཡུ་མཚོ་ནས་མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་གྱི་དར་ཤམ་དང་། བྱང་ཆུབ་ཤིང་གི་ལོ་མ་སོགས་གཞན་ཡང་བཞེས། དེ་རྗེས་ཐེམ་པ་མི་འདའ་བར་བཞུགས་དུས་ཤིག་གཏེར་སྟོན་ཀུན་གྲོལ་གསང་བ་ལ། ཕ་བོད་གསེར་གདུགས་ཅན་ན་སངས་རྒྱས་དཔའ་བོ་བདུན་གྱི་རིང་བསྲེལ་དང་། པདྨ་ཤེལ་རིར་ཡང་གཏེར་ཁ་ཞིག་ཡོད་པ་དེ་ལེན་དུ་སོང་བཀའ་སྩལ་བ་ལྟར། ཁོང་གིས་གཏེར་གནས་སུ་ཕེབས་ཏེ་ཚོགས་སྐོང་གསེར་སྐྱེམས་གསོལ་འདེབས་སོགས་མཛད་ཀྱང་རིང་བསྲེལ་མ་རྙེད། ཟླ་གམ་དབང་ཕུག་ཏུ་ཞག་གསུམ་སྒྲུབ་པ་ཚོགས་

TN03_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡)མཆོད་བཅས་གྲུབ་པའི་སྔ་དྲོ་གནས་རིའི་དབུ་རྩེར་ལྷ་སྲིན་དམ་བསྒྲགས་པས། པདྨ་ཤེལ་རི་ནས་བྱ་རྒོད་ཅིག་འཇའ་སྤྲིན་འཁྲིགས་པའི་ནང་དུ་འཕུར་ཞིང་འོངས་ཏེ་འོག་གི་བྲག་རྩེར་བབས། སིནྡྷུ་རའི་འཇིམ་པ་རློན་པས་བསྟུམས་པའི་གཏེར་སྒྲོམ་ཞིག་དེར་བཞག་ནས་སོང་བས། སྒྲོམ་བུ་དེ་ཀ་ལྟར་བསྣམས་ཏེ་རྗེ་བླ་མའི་སྤྱན་སྔར་ཕུལ། དེ་ཞལ་ཕྱེས་པའི་ནང་ནས་ཚེ་དབང་རིག་འཛིན་གྱི་སྐུ་ཚབ་ལི་སྨུག་ལས་གྲུབ་པ། རྩ་གསུམ་སྤྱི་འདུས་ཆོས་སྐོར། གནས་ཆེན་མང་པོའི་མདོ་བྱང་གི་ཤོག་སེར་རྣམས་བྱོན། སྐུ་ཚེ་འདིའི་ཟབ་གཏེར་གྱི་གཙོ་བོ་གཙང་གཡས་རུ་རྩིས་ཀྱི་ལྷ་ཁང་གི་ཀ་ཞུ་ལ་བཞུགས་པའི་རྩ་གསུམ་བཀའ་འདུས་ཆེན་མོ་ཡིན་ཡང་། འདོན་པའི་དུས་ཐོག་ལ་ཕེབས་སྟབས་མ་འགྲིགས་པས་ཚོད་ལས་ཡོལ་བ། ཕྱིས་གཙུག་ལག་ཁང་འཇིག་ཏུ་ཉེ་བའི་དབང་གིས་གནས་འཕོས་ཏེ། དེའི་ཉེ་འཁོར་གྱི་བྲག་གཅིག་ལ་བཞུགས་པ་ས་ལེར་གཟིགས་ཤིང་། གཏེར་རྫས་གནམ་ལྕགས་ཀྱི་རྡོ་རྗེ་ཁྱད་འཕགས་ཤིག་ཕྱག་ཏུའང་སོན། དགུང་ལོ་བཞི་བཅུ་པ་དོན་གྲུབ་ཀྱི་ལོར། ཨོ་རྒྱན་རིན་པོ་ཆེ་གཏེར་ཆེན་སངས་རྒྱས་གླིང་པའི་སྐུའི་རྣམ་པར་བསྟན་ནས་གཏེར་འབྱུང་གི་གླེགས་བམ་སྩལ་ཞིང་བྱིན་གྱིས་བརླབས་པས་ཉིད་ཀྱི་སྐུ་གླེགས་བམ་དེར་གྱུར་པ་ལྟ་བུའི་མནལ་ལམ་བརྟན་པོ་ཤར། དེ་ཚུན་ཆད་ནས་བོད་ཡུལ་འདིར་བྱོན་དང་འབྱོན་འགྱུར་གྱི་སྤྲུལ་པའི་

TN03_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢)གཏེར་ཆེན་སྟོང་རྩ་སྙེད་ཀྱི་རྣམ་ཐར་དང་ཟབ་གཏེར་གང་བཞུགས་ཐམས་ཅད་ཅུང་ཟད་ཀྱང་ལྐོག་ཏུ་མ་གྱུར་པའི་ཡེ་ཤེས་ཀྱི་སྤྱན་རྣོན་པོ་བརྙེས་ཤིང་། ཆོས་གཏེར་དེ་ཐམས་ཅད་ཀྱི་བཀའ་བབས་སུ་གྱུར། དེའི་མཐུ་ལས་གཏེར་སྟོན་སངས་རྒྱས་བླ་མའི་གཏེར་ཁ་རྩ་གསུམ་དྲིལ་སྒྲུབ་དངོས་གྲུབ་བརྟན་གཟིགས་ཞུས་ལན་ཉེར་གཅིག་པ་དང་། རྒྱ་ལོ་རྩའི་བླ་མ་བསྟན་གཉིས་སྐོར་གསུམ། ཉི་མ་སེང་གེའི་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ། རོང་ཟོམ་ལོ་ཙཱའི་མཁའ་འགྲོ་རིག་བྱེད་རྩལ། ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བཅུད་དྲིལ། ར་མོ་ཤེལ་སྨན་གྱི་རྡོ་རྗེ་བདུད་རྩི། རྒྱ་སྟོན་པདྨའི་དབང་ཕྱུག་གི་འཁོར་ལོ་བདེ་མཆོག་དམར་པོ། ལྷ་བཙུན་རྒྱ་མཚོ་བློ་གྲོས་ཀྱི་ཞི་བྱེད་བདུན་པ། གཡག་ཕྱར་སྔོན་མོའི་སྒྲོ་ལ་ལྗང་འཇིགས་པ་ཀུན་སྐྱོབ། བལ་པོ་ཨ་ཧཱུྃ་འབར་གྱི་ཡཀྵ་ཛམ་བྷ་ལ་ནག་པོ། མངའ་བདག་མོ་ལ་མི་འཁྱིལ་གྱི་རྒྱལ་བསེན་གནད་འབེབ་འཁོར་ལོའི་མན་ངག །གར་དབང་ལས་འཕྲོ་གླིང་པའི་ཕག་དཀར་ཤེས་རབ་འཁོར་ལོ། །སྣ་ནམ་ཐུབ་རྒྱལ་གྱི་རྟེན་འབྲེལ་ཡང་སྙིང་འདུས་པ། གཙུག་ལག་དཔལ་དགེའི་དྲག་སྔགས་ཐེམ་འདུན། ཁྱུང་པོ་དཔལ་དགེའི་རྒྱལ་པོ་མདོས་བཅུ། རོང་སྨན་ཉི་འོད་གསལ་གྱི་གསོ་དཔྱད་རྫོང་འཕྲང་སྙིང་ཐིག་སོགས་མཐའ་ཡས་པ་ཞིག་རྡོ་རྗེའི་གནས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བརྡ་ཡིག །རྒྱ་དཔེ། བོད་ཀྱི་ཡིག་རྙིང་ཅི་རིགས་པར་པུ་སྟི་ཀ་

TN03_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣)དངོས་སུ་ཕུལ། འོན་ཀྱང་དེ་དག་ལ་འཆད་སྤེལ་གྱིས་ཕྲིན་ལས་བསྐྱང་མ་བསྐྱང་དང་བསྐྱངས་ཀྱང་ཚང་བར་བསྐྱང་མ་བསྐྱང་ནི་སྣ་ཚོགས་ཤིག་ཡོད་པར་སྣང་། ཇོ་མོ་སྨན་མོ་པདྨ་མཚོ་སྐྱིད་ཀྱི་གཏེར་སྐལ་མཁའ་འགྲོ་མའི་གསང་བ་ཀུན་འདུས་ཀྱི་སྐོར་རྣམས་རྗེ་ཉིད་ཆོས་དབང་རིན་པོ་ཆེར་གྱུར་དུས་གཏེར་ཆེན་མ་དང་ཐབས་ཤེས་ཀྱི་རྟེན་འབྲེལ་སྟོབས་སུ་གྱུར་པའི་དབང་གིས་རྗེས་སུ་དྲན་པའི་ཆོ་འཕྲུལ་དང་། ཇོ་མོ་ཆེན་མོས་བཛྲ་ཨ་ར་ལིའི་སྦྱོར་བས་བྱིན་རླབས་བསྟབས་པ་དང་། དགོངས་པ་ནམ་གཏད་དུ་གཏེར་ཡིག་པྲ་ཕབ་པ་ལྟར་འཆར་བ་སྟེ་གསུམ་ལྡན་གྱིས་གཏན་ལ་ཕབ། ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཀྱི་ཐུགས་ཀྱི་གསང་བ་རྗེས་སུ་དྲན་ནས་དེའི་ཐུགས་དམ་ཚེ་སྒྲུབ་ཀྱི་མན་ངག་སྣང་བར་མཛད། སྔོན་ཆད་དགུང་གྲངས་ཉེར་བཞི་པར་འོ་ཡུག་གི་མཐིལ་དུ་གཤེགས་པའི་སྐབས་ཐ་མལ་གྱི་སྣང་ཞེན་དབྱིངས་སུ་ཐིམ་པའི་ཡེ་ཤེས་མེ་ལོང་གཙང་མའི་ངོས་སུ་ལྕེ་བཙུན་སེང་གེ་དབང་ཕྱུག་འོད་ལུས་སུ་བཞེངས་པའི་གནས་དུས་སྟོན་འཁོར་གྱི་ཚོམ་བུ་དང་བཅས་པ་གསལ་བར་ཤར་ནས་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ཐུགས་གཏེར་དུ་བབས་པ་ཡུན་རིང་པོར་གསང་རྒྱས་བཏབ། མཐར་དབྱིངས་ཕྱུག་ཨེ་ཀ་ཛ་ཊིས་ཆོས་སྒོ་དབྱེ་བར་བསྐུལ་ནས་རིམ་པར་སྤེལ། རྗེ་བཙུན་ཡིད་བཞིན་འཁོར་ལོ་དང་རྣལ་འབྱོར་དབང་ཕྱུག་ཐང་སྟོང་པའི་བྱིན་རླབས་ལས་འཆི་

TN03_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

(༦༤)མེད་འཕགས་མོའི་སྙིང་ཐིག་དང་། གྲུབ་ཐོབ་ཐུགས་ཐིག་གི་སྐོར་རྣམས་རང་ཤར་བའི་བྱུང་ཚུལ་ཡང་ཡོད་དེ་གཞན་དུ་ཤེས། རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བཞུགས་སྐབས་ནུབ་གཅིག་འོད་གསལ་གྱི་སྣང་བར། མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་སླེབས། དེར་སྒྲུབ་སྡེའི་བཀའ་བབས་ཀྱི་རིག་འཛིན་བརྒྱད་རྣམས་གུ་རུ་མཚན་བརྒྱད་ཀྱི་རྣམ་ཅན་དང་། ཀུན་འདུས་སློབ་དཔོན་པདྨ་ཐོད་ཕྲེང་བཅས་ཚོམ་བུར་བཞུགས་པའི་སྤྱན་སྔར། བཀའ་བརྒྱད་ཀྱི་གཞུང་མན་ངག སྒྱུ་འཕྲུལ་ཞི་ཁྲོ། ཨ་ནུ་ཡོ་ག །རྫོགས་ཆེན་གྱི་གདམས་པ་རྣམས་རྒྱ་ཆེར་གསན་པས་མཚོན། སྐད་ཅིག་རེ་རེར་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་དབང་དུ་གྱུར་པའི་ཕ་མཐའ་ཡང་སུ་ཞིག་གིས་བརྗོད་ནུས། དེར་ཡང་མ་ཟད་རྡོ་རྗེ་བདུད་རྩིའི་གཏེར་ཡིག་ལས་ཐོག་མར་བསྒྱུར་བ་ན། ཨོ་རྒྱན་རིན་པོ་ཆེར་གསོལ་འདེབས་མང་དུ་མཛད་པས། སྣྲོན་ཟླའི་ཚེས་བཅུར་པདྨ་འོད་ཀྱི་གཞལ་མེད་ཁང་དུ་གུ་རུ་རིན་པོ་ཆེ་རིག་འཛིན་ཌཱཀྐིའི་ཚོགས་དང་བཅས་པས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་གདམས་ངག་རྩལ་སྤྲུགས་སུ་གནང་བ་དང་། རྩ་བའི་ཆོས་བདག་ལ་དབང་བཀའ་གནང་བར་བཞེད་པའི་ཚེ་འོད་གསལ་སྒྱུ་མའི་རོལ་པར། སོ་མ་པུ་རིའི་ལྷ་ཁང་ནམ་མཁའི་ཟུར་ཕུད་ལ་སོན་པ་སྙམ་བྱེད་པའི་མཐོན་པོ་ཞིག་ཏུ་ཕེབས། དེར་ཁྲི་སྟན་སྟོང་པ་ཞིག་འདུག་པ་དེ་ལ་བཞུགས་པ་དང་། མི་

TN03_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

(༦༥)དབང་ཨིནྡྲ་བྷུ་ཏི་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་དང་དབྱེར་མེད་པའི་ཕྱག་ན་ཆང་སྣོད་ལྟ་བུའི་བུམ་པ་ཞིག་ཐོགས་ཏེ། འདི་དེ་དག་གི་དགོངས་པ་གཏད་པ་ལ་བསམ་གྱི་དངོས་སུ་རྗེ་རང་གི་བླ་མའི་ཕྱག་ཡིན་མཆན། འདི་རྒྱལ་པོ་ཛཿལ་བཀའ་བབས་ཀྱི་ཆུ་བོ་བཞི་འདུས་བའི་དབང་གི་ཆུ་རྒྱུན་མ་ཉམས་པ་ཡིན་གསུངས་ནས་གར་ཆང་འདྲ་བའི་བདུད་རྩི་ཞིག་ལྗགས་ལ་ཕབ་པས་སྟོང་གསལ་བདེ་བས་མྱོས་པའི་ཡེ་ཤེས་ཀྱི་ཉམས་འབར་བ་སོགས་ཆོས་སྒོ་རེ་རེ་ལ་བརྟེན་ནས་བྱིན་རླབས་ཀྱི་ཕ་ཕོག་ཐོབ་པའི་ཚུལ་ཡང་དཔག་པར་སླ་བ་མ་ཡིན་ནོ། །དཔའ་བོ་དང་རྣལ་འབྱོར་མའི་ཁྱུ་མཆོག་རྣམས་ཀྱི་དགོངས་དོན་བརྡའི་དེ་ཉིད་ལ་ཆེས་ཆེར་ནང་བྱན་ཚུད་པས། རྗེ་བཙུན་འདིས་བསྒྱུར་ཚད་ཀྱི་གཏེར་གཞུང་ཐམས་ཅད་རྗོད་བྱེད་དབྱིངས་ཆེ་ལ་རྒྱས་བསྡུས་འཚམས། བརྗོད་བྱ་གནད་འདྲིལ་ལ་ཟབ་ཅིང་རྒྱ་ཆེ། བློའི་མཐུ་མི་དམན་པ་རྣམས་ལ་གཞུང་ལུགས་རེ་རེས་ཀྱང་སྔོན་ཡོངས་སུ་གྲགས་པ་དང་མ་གྲགས་པའི་གྲུབ་པའི་གསེང་ལམ་མི་འདྲ་བ་དུ་མ་མཚོན་ནུས་པ་ཤ་སྟག་བཞུགས། རིག་འཛིན་གཏེར་བདག་གླིང་པའི་བཞེད་པས། མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ཆ་ཚང་འདོམས་པ་ཞིག་གཏེར་སྐལ་དུ་དབང་བ་ལ་གཏེར་སྟོན་ཆེན་པོར་འཇོག་སྟེ། དེ་ལྟར་བྱས་ན་མགོན་པོ་འདིའི་གཏེར་གཞུང་སྣ་རེ་ཙམ་ལ་དབང་བས་ཀྱང་གཏེར་ཆེན་གྱི་གྲལ་དུ་བསྒྱིངས་ཆོག་པ་ཡོད། བརྒྱུད་པའི་བབས་སོ་བརྙེས་ཚུལ་ལ་ཡང་།

TN03_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

(༦༦)རིང་བརྒྱུད། གཏེར་བརྒྱུད། དག་སྣང་སྟེ་གསུམ། གཏེར་ལ་དངོས་གཏེར་རམ་ས་གཏེར་དང་དགོངས་གཏེར་གཉིས། ས་གཏེར་ལ་རང་གཏེར་དང་ཡང་གཏེར་གཉིས། དགོངས་གཏེར་ལ་སྤྱི་མིང་ཕྱོགས་གཅིག་ལ་བཏགས་པའི་དགོངས་གཏེར་དང་རྗེས་དྲན་གྱི་གཏེར་གཉིས། དག་སྣང་ལ་ཞལ་གཟིགས་དང་སྙན་བརྒྱུད་གཉིས་ཏེ་བཀའ་བབས་ཀྱི་ཆུ་བོ་བདུན་འདྲེས་ཤིང་། ཡང་གཏེར་གྱི་གསང་མཛོད་ཁོ་ན་ལའང་གཏེར་འབྱིན་གཞན་མཐའ་དག་གི་ཆོས་སྡེ་ཐམས་ཅད་རྫོགས་པ་དང་། དེ་དག་ཀྱང་གཏེར་གནས་ཐག་རིང་པོར་བགྲོད་པའི་དཀའ་ལས་དང་། གཏེར་བདག་མཆོད་པ། རྟེན་འབྲེལ་གྱི་སྣ་ཁ་མི་ལོག་པའི་ཆེད་དུ་སྲུང་རིམ་ཆེན་པོའི་ཡོ་ལང་སོགས་འབད་རྩོལ་སྣ་གཅིག་མི་དགོས་པར་མཁའ་འགྲོ་མའི་འཁོར་ལོས་སྒྱུར་བ་ཆེན་པོའི་གོ་འཕང་བརྙེས་པའི་ལག་རྗེས་སུ་ནམ་མཁའ་དང་ས་འོག་གི་ནོར་བུ་ཆར་བཞིན་དུ་འབྱུང་བ་སོགས་ནི་བདག་ཉིད་ཆེན་པོ་འདིའི་ཁྱད་པར་འཕགས་ཆོས་རྣམ་དག་ཡིན་ནོ། །དེ་འདྲ་བ་རྣམས་ཨོ་རྒྱན་དུས་གསུམ་མཁྱེན་པས་ལུང་སྟོན་པ་ཆོས་ཉིད་ཡིན་པས། ཨུ་རྒྱན་གླིང་པའི་ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་གི་གཏེར་ལུང་ལས། མ་འོངས་ཆོས་ཀྱི་བདག་པོ་དེ་ཉིད་ཀྱངཿ ཤར་གྱི་ཕྱོགས་ནས་འབྲུག་གི་ལོ་པ་འབྱུངཿ རང་ནོར་སྤྱོད་པས་བསྟན་པའི་མེ་རོ་གསོཿ ཞེས་དང་། རིག་འཛིན་ཡོངས་འདུས་ཀྱི་ལུང་བྱང་དུའང་།

TN03_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

(༦༧)བདག་དང་ནམ་མཁའི་སྙིང་པོའི་སྨོན་ལམ་ལསཿ ཁམས་ཀྱི་ཕྱོགས་སུ་འབྲུག་གམ་བྱི་ཕག་ལོཿསྡེ་སྣོད་རྒྱུད་སྡེའི་གསང་བ་ཀུན་བསྡུས་ནསཿརིག་འཛིན་རྣམ་བཞིའི་བརྒྱུད་པ་རྒྱས་པར་བྱེདཿ མཐར་ནི་དཔལ་ཆེན་ཐུགས་དང་གཉིས་སུ་མེདཿ ཅེས་པ་གཉིས་ཀས་འཁྲུངས་ཡུལ། དགུང་སྙིང་སྐྱེས་རབས་སྒོས་མཛད་དང་བཅས་པ་གསལ་བར་བསྟན་ལ། རྡོ་རྗེ་གླིང་པ་དང་རིན་ཆེན་གླིང་པ་བདུད་འདུལ་རྡོ་རྗེ་རོལ་པའི་རྡོ་རྗེ་སོགས་ཀྱི་གཏེར་ལུང་ནའང་རྗེ་བླ་མ་འདི་གསལ་བར་ཟིན་ཚུལ་ཡོད། ལུང་ཟིན་གྱི་སྐྱེས་བུ་འདྲ་མིན་ཤན་འབྱེད་དགོངས་འདུས་ལུང་བསྟན་བཀའ་རྒྱ་མར། གང་ཡང་མི་འགྱུར་བརྡ་རྟགས་གསུམ་དང་ལྡནཿ ལུས་ལ་ལྟེ་སྨེ་སྙིང་གར་ཤ་མཚན་ནམཿ སྨེ་བ་དཀར་དམར་ཐིག་ལེས་སྤྲས་དང་གཅིགཿ ངག་ནི་སྙན་འགྱུར་ངག་ཚིག་རྩོལ་བ་ཅནཿ ཡང་ན་མགྲིན་པར་ཤ་མཚན་ཐིག་ལེའམཿ པདྨ་ལས་བྱུང་པདྨའི་མིང་ལྡན་གཉིསཿ ཡིད་ནི་རྩེ་གཅིག་གདུང་ཤུགས་ང་ཉིད་དྲནཿ ཕུར་ཚུགས་འདི་མིན་ཡིད་ལ་མི་བྱེད་གསུམཿ དེ་གསུམ་གསུམ་འཛོམ་མཆོག་ཡིན་གཉིས་འཛོམ་འབྲིངཿ གཅིག་འཛོམ་ཐ་མ་གང་ཡང་ལས་ཅན་ཏེཿ ཞེས་གསུངས་པའི་མཚན་མ་གསུམ་པོའང་རྗེ་འདི་ལ་ཚང་བར་མངའ། དངོས་གཏེར་ལ་དབང་བའི་རྒྱལ་སྲས་ལྷ་རྗེའི་སྐྱེ་བ་བཅུ་གསུམ་པའང་འདི་ཉིད་ཡིན་པར་རང་གཏེར་གྱི་ལུང་བྱང་ལས་བཤད་དོ། །

TN03_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨)དགུང་ལོ་ཉེར་གཅིག་སྐོར་ནས་ས་ངོར་སོགས་ཀྱི་གདན་སར། བརྡ་སྤྲོད་དང་སྙན་ངགས་སོགས་རིག་གནས་མང་པོའི་བསླབ་གྲྭ་བཙུགས་པས། ས་སྐྱ་གོང་མ་བཀྲ་ཤིས་རིན་ཆེན། ཐར་རྩེ་ཞབས་དྲུངས་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དཔོན་སློབ་རིན་པོ་ཆེ་ངག་དབང་ལེགས་གྲུབ། ན་ལེནྡྲའི་གཟིམ་འོག་མཆོག་སྤྲུལ་བསྟན་འཛིན་སྙན་གྲགས་སོགས་ཆེར་མཁས་པའི་སློབ་མའང་ཐོན། ངོར་དུ་བཞུགས་དུས་བོད་སྟོན་ཞིག་གིས་འདི་སེམས་ཅན་འབུམ་ཕྲག་འདྲེན་པའི་སྟོན་པར་འགྱུར་ཏེ། དེའི་མཚན་མར་ཞབས་གཡས་པའི་མཐེ་བོང་ལ་སྨེ་བ་ཀླུའི་མིག་ལྟ་བུ་ཞིག་སྣང་ཞེས་ལུང་བསྟན། སྐུ་ཚེ་རིལ་པོ་ངུར་སྨྲིག་འཆང་བའི་ཀུན་སྤྱོད་དུལ་བ་དང་ཞི་བའི་དཔལ་གྱིས་བརྒྱན་པ་འབའ་ཞིག་གིས་བསྐྱངས་པར་མཛད། ལར་ཡང་ད་ལྟ་གྲུབ་སྤྱོད་ཡིན་ཞེས་ཉག་ཧོར་གྱི་སྐྱ་ཆས་བྱེད། ནག་ཆད་སྤྱོད། རྟ་རྒྱུགས་མདའ་འཕེན་རི་དྭགས་བཤོར། གླུ་ལེན་བྲོ་རྡུང་ལྷ་བབས་འདྲེ་བབས་ཟེར་ནས་སྲོག་རླུང་ཅན་ཨ་རག་གིས་གཡེངས་པ་ལྟ་བུར་རྫུ་མཁན་མང་སྟེ། ངེད་རང་འདྲ་བས་གཞན་གྱི་རྒྱུད་ཚོད་ལ་ཁ་ཚོན་མི་ཆོད་ཀྱང་། སྦྱིར་བཏང་མཁན་སློབ་ཆོས་གསུམ་གྱི་རིང་ནས། དབུ་ཟླུམ་རབ་བྱུང་དང་། ལྕང་ལོ་སྔགས་པའི་སྡེ་གཉིས་བྱ་བ་ལས། ཁྲམ་ཆས་རྐུན་མའི་སྡེ་ཟེར་རྒྱུའི་ཕུང་པོ་གསུམ་པ་ཞིག་སྲོལ་འཛུགས་

TN03_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩)མ་མྱོང་ཞེས་བསྟན་པའི་མིག་ལྟོས་ལ་དགོངས་པའི་གསུང་བགྲོས་ཀྱང་བྱོན། རིང་མོའི་དུས་ནས་ཚུལ་ཁྲིམས་ནག་ནོག་མེད་པར་བསྲུངས་པའི་བྱིན་གྱིས་རླབས་དང་། སྙིང་རྗེ་ཆེན་པོ་དང་འགྲོ་འདུལ་གྱི་སྨོན་ལམ་བསམ་གྱིས་མི་ཁྱབ་པའི་རྟགས་སྣང་ཕྱི་རོལ་དུ་ཤར་བས་ཞལ་གྱི་འགྱུར་བ་དང་ཕྱག་གི་སྒུལ་སྐྱོད་ལྟ་བུའི་སྤྱོད་ལམ་ཕྲ་མོས་ཀྱང་གཞན་སེམས་དང་བའི་ཤུགས་ཀྱིས་འཁོལ་ནུས་པ་མངའ། དེ་ལྟ་ནའང་དད་མེད་འགའ་ཞིག་གིས། དེ་མཐོང་མ་ཐག་ཏུ་སྣང་བ་སྒྱུར་ཡོང་རྒྱུ་དེ་མགུལ་དུ་ཡིད་བཞིན་ནོར་བུ་འདྲ་བ་ཅང་ཡོད་པ་མིན་ནམ་ཞེས་སྨྲས་འདུག །སྐུའི་ཉེར་སྤྱོད་དང་། དེར་མ་ཟད་གཟིམ་ཁང་གི་སྒོ་ཡོལ་བཏེགས་པ་ཙམ་ནས་སྤོས་དྲི་མ་ཡིན་པའི་དྲི་བསུང་ཤིན་ཏུ་ཞིམ་པ་ཞིག་ཁྱབ་པར་ལྡང་བ་དང་། གང་དུ་བཞུགས་ཀྱང་མེ་ཕུང་གི་ཉེ་འཁོར་ལྟར་ཚ་དྲོད་འཐིབས་པ་ཞིག་རྒྱུན་དུ་ཡོད། སྐལ་བ་དང་ལྡན་པ་འགས་ཐོག་མར་མཇལ་དུས་ཐང་སྟོང་རྒྱལ་པོ་སོགས་སྐུའི་རྣམ་པ་ཐ་དད་དུ་མཐོང་བའི་ལོ་རྒྱུས་ཀྱང་སྣང་། གནས་བྱིན་གྱིས་བརླབས་པས་མ་རུངས་པ་དག་གིས་སྒྲུབ་ཁང་ལ་མེ་སྦར་ཡང་ཞུགས་ཀྱིས་ཟ་བར་མ་ནུས་ཤིང་། བཞུགས་པའི་ཡུལ་ཕྱོགས་སུ་ཡང་ཆོས་སྲིད་ཀྱི་ཕྱྭ་གཡང་ཆགས་པས་ཆུ་སྟོད་ཅན་གྱི་ཟླ་བ་ལྟར་ཉམས་དགའ། རྒྱལ་སྲས་ཆེན་པོ་རྣམས་གདུལ་བྱའི་ཚོགས་སུ་སྤྱོད་མཁས་པས་སུ་དང་

TN03_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠)ཡང་མི་མཐུན་པ་མེད་པའི་སྙོམ་ཆུང་དང་། སྔོན་དུ་སྨྲ་བ་དང་ཕེབས་པར་སྨྲ་བའི་ངང་ཚུལ་བྱིས་པ་མཛངས་པ་ལྟ་བུར་བཞུགས། ལྷག་པར་ཡང་ཕོངས་ཤིང་ཉམ་ཆུང་བའི་འགྲོ་བ་རྣམས་ལ་ཤིན་ཏུ་ཞི་ཞིང་སྨན་པའི་གསུང་གིས་ཀུན་ཏུ་དགའ་བར་མཛད། དུས་འཁྲུགས་ཀྱི་ཡོ་ལང་ཆེན་མོས་འཇིག་རྟེན་མི་ཆོས་ཀྱི་ཕྱོགས་ནས་ཕོ་རྩལ་སྣ་དགུ་དང་། དམ་པའི་ལྷ་ཆོས་ཀྱི་ཕྱོགས་ནས་མངོན་ཤེས་རྫུ་འཕྲུལ་གྱིས་སྙེམས་པས་རྒྱ་སྟག་ངར་མ་ལྟར་འགྱིང་བ་རྣམས་ཀྱང་སྡ་བསམ་ཕྱི་མནོ་ཐམས་ཅད་སྟོར་ཞིང་སྙིང་ལྐོག་མར་ལྷུད་དེ། ཕྱི་མིག་མི་ལྟ་བར་འབྲོས་པའམ། ཤེས་བཞིན་དུ་དགྲའི་དྭངས་མར་བློ་གཏད་ལིང་བསྐྱུར། མགོ་བཅད་པང་བཞག་གི་ངང་ལ་འཕྱན་པའམ། གདོལ་སྤྱོད་ཀྱི་འཁྲུལ་འཁོར་མིག་མང་བཞིན་དུ་རྩེ་བའི་ཕོངས་ཆོས་སོགས་ཅི་བྱེད་འདི་བྱེད་མེད་པར་ཐལ་བ་དེ་འདྲ་བའི་སྐབས་སུའང་། ཕ་རོལ་གྱི་ཚམ་རྔ་འཇིགས་ཟིལ་ཇི་ཙམ་ཆེ་བ་དེ་ཙམ་དུ་ཐུགས་སྟོབས་ལྷག་པར་རྒྱས་ཏེ་ཤིན་ཏུ་ཟུང་ཐུབ་པ་ལྷུན་པོའི་དབང་པོ་ལྟར་བརྗིད་པས་གང་དགའ་བར་བརྫིས་ཏེ་བཞུགས། གཞན་དྲིང་མི་འཇོག་པའི་ཤེས་པ་དང་མཐུའི་རྩལ་གྱིས་རྟག་ཏུ་བསྒྱིངས་ཤིང་རེ་དོགས་ཀྱི་ཟུག་རྔུ་ཐོན་པས་ཕྲིན་ལས་ཐམས་ཅད་གྲགས་ལྡན་གྱི་ཤེས་རློམ་དང་དབང་ཅན་གཞན་སུ་ལའང་ལྟོས་པ་མེད་པར་ཁྱུ་མཆོག་གི་རྗེས་བཞིན་འཇུག །རང་བཞེད་ཀྱི་

TN03_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

(༧༡)མཛད་པ་ཅི་དང་ཅི་བསྐྱངས་ཀྱང་དེ་ལ་སྟོབས་ལྡན་གྱི་ཆེ་དགུ་སུ་འདྲ་བས་ཀྱང་འགོང་བར་མི་ནུས་པས་སའི་སྟེང་ན་གཅིག་པུར་དབང་ཆེ། མཁས་པའི་སྙེམས་པ་དང་། གྲུབ་པའི་ཧུར་སྤྱོད་དང་། མཐོན་པོའི་ཐོབ་ཐང་གིས་ཉི་མ་ལྟར་བསྙེན་དཀའ་བ་རྣམས་ཀྱང་སྐུ་དྲུང་དུ་ཕྱིན་པ་ཙམ་ན་ཟིལ་གྱིས་གནོན་ནུས་པའི་བསོད་ནམས་བརྒྱ་པའི་མཐུ་དཔལ་དང་ཡེ་ཤེས་ཀྱི་གཟི་བརྗིད་མཐོང་བའི་ཆོས། སྔ་ཕྱིར་ལུང་བསྟན་མང་དུ་བཞུགས་ཀྱང་། དེར་གསུངས་པའི་སྤང་བླང་གི་བགྱི་འོས་རིགས་ནི་དུས་ངན་པའི་སེམས་ཅན་དམུ་རྒོད་ཀྱིས་ཐོག་ཁེལ་མི་ནུས། གཏེར་སྟོན་ལུང་བསྟན་གྱིས་ཕུང་བྱ་བ་དེར་ཟད་གསུངས་ནས་སྤྱིར་བརྟགས་ལུང་ཞུས་པ་ལ་མི་མཉེས་ནའང་མདོ་ཁམས་དུས་འགྱུར་ཆེན་མོའི་སྐབས་སོགས་གལ་ཆེ་དུས་གང་གསུང་ཐོག་ཏུ་མ་ཁེལ་བ་མེད་ཅིང་། ཐུགས་དྲང་ཞིང་གཟུ་བོར་གནས་པ་དང་། ལྷ་ཆོས་མི་ཆོས་གང་ལའང་ཐུགས་རབ་རྒྱ་ཆེ་བས་དཔྱོད་ལྡན་མཆོག་དམན་ཀུན་གྱིས་བཀའ་ལ་གསེར་བཞིན་དུ་བརྩི་ཞིང་གསུང་འཕྲོས་ཀྱི་ཚིག་ཟུར་ཡན་ཆད་ལ་སྙིང་པོ་ཅི་ལོན་བྱེད། བླ་ཆེན་ཆོས་བརྒྱད་མཁན་རྣམས་ཀྱི་མདུན་སར་གཏམ་གྱི་མེ་ཏོག་མེད་དུ་མི་རུང་བ་རང་ཉིད་ལ་ངོ་བསྟོད་དང་། ཆེན་པོ་གཞན་ལ་ཟུར་ཟ་སོགས་གསན་མ་ཐག་ནས་དགོངས་པ་ཁྲེལ་པའི་རྣམ་འགྱུར་མཛད་པས་མཚོན།

TN03_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

(༧༢)གྱ་གྱུ་ཅན་གྱི་སྒྱུ་མ་གང་གིས་ཀྱང་བསྙེན་དཀའ། གང་འདུལ་གྱི་མཛད་པ་ལ་ལོག་པར་ལྟ་ཞིང་ཡ་ག་འབོད་པའི་ལོག་སྒྲུབ་མཁན་མང་དུ་མཆིས་ཀྱང་། འདི་ལྟ་མ་ཡིན་ན་དྲང་སྲོང་ཆེན་པོས་སེམས་ཅན་གྱི་བསམ་སྤྱོད་སྣ་ཚོགས་སུ་མི་གསུང་ཞེས་བདེན་ཁ་སྟེར་བས་རྒྱབ་སྐྱོར་བ་མ་གཏོགས་མི་དགྱེས་པ་བག་ཙམ་མི་གནང་། ལྷུན་གྲུབ་སྟེང་དུ་ཆོས་སྟོན་སྐབས་སྐྱེ་བོ་གླང་སྙིང་བ་ཞིག་གིས་དུག་དྲངས་པ་མཁྱེན་བཞིན་དུ་བཞེས་པས་ཚེམ་ནག་པོར་གྱུར་པ་དང་། སྐུ་ལུས་ལ་དུག་གི་མེ་ཏོག་ཤར་བ་སོགས་ཚབ་ཆེར་འཁྲུགས་པ་ལྟར་བྱུང་བའི་ཚེའང་ངན་ལན་གཞན་ལྟ་ཅི། སྦྱོར་ངན་མཁན་སུ་ཡིན་ཙམ་ཡང་མི་སྟོན་པར་སླར་ལ་ཐུགས་གཅུགས་པར་མཛད་པས་སྐྱེས་བུ་ཆེན་པོའི་སེམས་སྟོབས་ཀྱི་ཆེ་བ་བསྟན། གསོལ་ངན་དེའི་རྐྱེན་དང་གཞན་ཡང་ཀུན་མཁྱེན་བླ་མ་འདི་བོད་ཁམས་སྤྱི་ཁྱབ་སྐྱོབ་པའི་མགོན་དུ་བྱོན་པ་ལ་གངས་ཅན་པ་སྤྱིའི་བསོད་ནམས་ཀྱི་དབང་གིས། དེ་སྐོར་ཚུན་ནས་རིམ་གྱིས་སྐུ་ཁམས་ཇེ་ཞན་དང་། སྙུན་གཞི་ཡང་ཇེ་ཆེར་འདྲ་བོར་སོང་། དེ་དག་ཀུན་ཏུའང་སྨན་སྔགས་དཔྱད་སྦྱོར་སོགས་ཅི་དྲག་གི་ངལ་བ་རྒྱང་བཏང་སྟེ། ངེད་ལྟ་བུ་ན་དགའ་ཤི་སྐྱིད་ཡིན་དོགས་མེད། ཆུ་ཚོད་རེར་བདེ་བར་འདུག་རྒྱུ་བྱུང་ནའང་དགའ་སྟེ། དེ་ལས་བདག་གིར་བྱ་བ་ལས་ཐབས་མ་མཆིས་ཞེས་ཁུ་སིམ་མེར་བཞུགས། ཐུགས་ཆེས་སྒམ་པས་ལུགས་

TN03_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

(༧༣)གཉིས་ཀྱི་ཕོ་སྒོ་ཤིན་ཏུ་ཡངས་པ་རྣམས་ཀྱིས་དྲུང་དུ་ཡུན་རིང་པོར་བརྟགས་ཀྱང་དགོངས་པའི་གསོང་མི་ཤེས་པས། རྗེ་བཙུན་མི་ཕམ་པས་བསྟོད་པ་སྦྱར་བ་ལས་ཀྱང་། མཁས་དང་གྲུབ་པའི་སྙན་གྲགས་གཏམ། །རྒྱང་ནས་ཐོས་པའི་རྗེ་བསྙགས་ཏེ། །དྲུང་དུ་ཡུན་རིང་བརྟགས་ན་ཡང་། །ཕྱི་ཕྱིར་གཏིང་དཔག་དཀའ་བ་ཁྱོད། །ཅེས་འབྱུང་། རྙེད་བཀུར་དང་འཁོར་བསྡུ་བའི་རྩོལ་སྒྲུབ་ལྷག་མ་སྨོས་ཅི་དགོས། རང་གཏེར་ཆོས་བདག་གི་རྟེན་འབྲེལ་ཙམ་ཡང་ཆེད་དུ་སྒྲིགས་པའི་སྤྲོས་པ་མི་མཛད་པའི་ཀུན་སྤངས་སྲན་མ་ལྟར་ཟླུམ་པ་ཁོ་ནར་བཞུགས་ཀྱང་། །འདུ་བ་གསུམ་གྱི་རྟེན་འབྲེལ་ལས་སློབ་ཚོགས་ངང་གིས་འདུས་པའི་ཚུལ་ཡང་། དཔལ་ལྡན་ས་སྐྱ་བདག་ཆེན་དང་། རྗེ་བཙུན་མ་རྣམ་གསུམ། ངོར་ཆེན་ཀུན་དགའ་བསྟན་འཛིན་དང་། གཞན་ཡང་ཨེ་ཝཾ་ཐར་བ་རྩེའི་མཁན་པོ་དང་ཞབས་དྲུང་ཕལ་ཆེ་བ། རྗེ་ཞྭ་ལུ་རིན་ཆེན་བློ་གསལ་བསྟན་སྐྱོང་། གཟི་འོག་ཆོས་རྗེ་བསྟན་འཛིན་སྙན་གྲགས། ཡར་ཀླུང་དཔོན་རིན་པོ་ཆེ། ས་སྐྱ་དགའ་ལྡན་དཔོན་སློབ། འདར་གྲོང་ཆེན་སློབ་དཔོན་ཀུན་དགའ་འཇམ་དཔལ། ཤར་བླ་མ་ཀུན་དགའ་དཔལ་ལྡན། དཔལ་ཀརྨ་པ་བཅུ་བཞི་པ་དང་བཅོ་ལྔ་པ། སྟག་ལུང་མ་རིན་པོ་ཆེ་གོང་འོག་

TN03_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

(༧༤)ཁམས་རི་བོ་ཆེའི་ཞབས་དྲུང་ནོ་མི་ཧན་སོགས་སྤྲུལ་སྐུ་རྣམ་གསུམ། སི་ཏུ་པདྨ་ཉིན་བྱེད། ཟླ་བཟང་སྤྲུལ་སྐུ། དཔལ་སྤུངས་དབོན་སྤྲུལ་སྐུ་མཆེད། དཔལ་མདོ་ཁམས་སྤྲུལ། པཎིྜ་ཏ་ཀརྨ་ངེས་དོན། ཁྱབ་བདག་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་སྡེ། སྦྱོར་ར་རིན་པོ་ཆེ། བསམ་སྡིངས་རྡོ་རྗེ་ཕག་མོ། ལྕགས་ཟམ་ཉི་མ་ཆོས་འཕེལ། བཀྲ་ཤིས་འཁྱིལ་བ་ཆེན་པོ་དཀོན་མཆོག་བསྟན་པ་རབ་རྒྱས། ལྷ་བཙུན་དོན་གྲུབ་རྒྱལ་མཚན། བཀྲ་ཤིས་ལྷུན་པོ་དང་སེར་འབྲས་ཀྱི་མཁས་པ་དུ་མ། བྲག་ཡབ་ནོ་མི་ཧན་ཆེན་པོ། ཧོར་ཁང་གསར་སྐྱབས་མགོན། ལི་ཐང་བྱམས་པ་ཕུན་ཚོགས། རྡོར་སྨིན་དཔལ་རི་ལྕགས་ཟམ་སོགས་ཀྱི་བླ་མ་དགེ་འདུན་མང་པོ། ཀ་ཐོག་སི་ཏུ་གོང་འོག །རྨོག་ཚ་སྤྲུལ་སྐུ། རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་དང་། ཟེ་ཆེན་སྐུ་སྐྱེ་རྣམ་གཉིས། རྒྱ་རོང་ནམ་སྤྲུལ་རིན་པོ་ཆེ་དང་རྗེ་དབོན་སྤྲུལ་སྐུ། རྡོ་རྗེ་འཛིན་པ་ཆེན་པོ་པདྨ་བཛྲ། ར་ཤར་པ་ཆེན་ཐུབ་བསྟན་ཆོས་གྲགས་དང་། རྗེ་མི་ཕམ་རྣམ་རྒྱལ་ཞབས། ར་སྒང་པ་ཆོས་ཀྱི་སེང་གེ་སོགས་གོ་ས་དང་ཡོན་ཏན་གྱིས་ཆེ་བའི་བླ་མ་དཔོན་སློབ་དང་། རྒྱ་དཔོན་རྨ་དཱ་ལོ་ཨེ་དང་། བོད་ཀྱིས་དབང་ཆེན་མོ་སོགས་མི་ཆེན་བཀའ་མདའ་རྩིས་གསུམ། སྡེ་དགེ་ཆོས་རྒྱལ། གླིང་ཚང་རྒྱལ་པོ་སོགས་མིའི་གཙོ་བོ་དུ་མས་ཞབས་ལ་གཏུགས།

TN03_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

(༧༥)སྔོན་ཆད་རྒྱལ་སྲས་གཞན་ཕན་མཐའ་ཡས་པས་ཀྱང་ཉང་གཏེར་ཁྲོས་མ་ནག་མོ་སོགས་ཀྱི་སྨིན་གྲོལ་རྒྱ་ཆེར་གསན་རྩིས་དོན་གཉེར་ཆེར་མཛད་ནའང་སྐུ་ཚེ་མཐར་མ་འཁྱོལ་བས་ལུས། ཕྱི་དུས་འདིར་འགྲན་ཟླ་དང་བྲལ་བའི་རྒྱལ་སྲས་དཔའ་བོ་ཆེན་པོ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་ཀྱང་རིགས་གསུམ་སྙིང་ཐིག་མཆོག་གླིང་ལས་གསན་ཅིང་། རྗེ་རིན་པོ་ཆེ་འདི་རྒྱ་གར་གྱི་གྲུབ་ཆེན་ལྟ་བུར་འདུག་ཅེས་ཆེད་བརྗོད་མཛད་ལ། ཚེ་སྐུ་དང་བརྟན་བཞུགས་ཀྱི་སྤྲིང་ཡིག་ལན་མང་པོར་ཕུལ། ཁམས་སུ་ཐེམ་སྤངས་ལ་བཞུགས་དུས་ཀྱང་སྡེ་དགེ་ལྷོ་བྱང་། ཀོ་འཇོ་བྲག་གཡབ་ཆ་མདོ་ལྷོ་ནང་ཆེན་སྤུ་བོ། ཁྱུང་པོ་མགོ་ལོག །གསེར་ཐལ་གླིང་ཚང་ཉག་བརྒྱུད་རྒྱལ་མོ་རོང་སོགས་སྐད་རིགས་མི་གཅིག་པའི་ཡུལ་ཐ་དད་ནས་འདུས་པའི་སྡེ་རིས་དང་ཆོས་རྒྱུད་སྣ་ཚོགས་པའི་བླ་མ། སྡེ་དཔོན་རབ་བྱུང་། སྔགས་པ་དམངས་ཕལ་པ་སོགས་ཕྱག་མཇལ་དང་ཆོས་ཉན་དུ་ལྷག་པ་ཟླ་བ་སྔ་ཕྱིའི་ཁོངས་སུའང་སྟོང་ཕྲག་ལྡང་བ་ལྟ་བུ་རྟག་ཏུ་ཡོད། སྐབས་འདི་ཤེད་ཅིག་ལ་གཙང་པ་ཆེན་བསྟན་པའི་དབང་ཕྱུག་གིས་ཀྱང་རྗེ་འདི་གདན་འདྲེན་ལ་རང་གི་གཟིམ་དཔོན་འཁོར་བཅས་ཆེད་མངགས་མཛད་པར་གཟིམ་དཔོན་ལམ་ནས་གྲོངས། གཡོག་རྣམས་ཀྱིས་བཀའ་ཤོག་འབུལ་དུ་འོང་བས། ཕེབས་མི་ཐུབ་ཚུལ་གྱིས་བཀའ་ལན་སྤྲིང་། །

TN03_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

(༧༦)དེ་བཞིན་དུ་ཐར་རྩེ་ཕྱོགས་ནས་ཀྱང་ཕེབས་བསྐུལ་གྱི་ཡི་གེ་མང་དུ་བྱུང་བ་ཐམས་ཅད་ཇི་མི་སྙམ་པར་བཞག་སྟེ། ད་ང་དབུས་གཙང་དུ་ཕྱིན་ན་རྙེད་བཀུར་སྙན་གྲགས་ཆེན་པོ་ཞིག་འོང་བར་འདུག་སྟེ། དེ་ལ་བརྟེན་ནས་བར་ཆད་འབྱུང་བ་མཐོང་གསུང་། ལྷུན་གྲུབ་སྟེང་དུ་བརྟགས་གཉིས་ཀྱི་བཤད་པ་མཛད་སྐབས་རྒྱལ་པོ་ཤུགས་ལྡན་ཆོས་ཉན་ལ་འོང་། ཁྱོད་ཀྱི་བཤད་པ་སྙན་ཅིང་ཆོས་ལེགས་པས་ཉན་འདོད་སྐྱེས་པ་ཡིན་ཟེར། ཁོ་རང་ལ་དབུ་ཕར་གྱི་དཀའ་གནད་མང་པོ་བཤད་དུ་བཅུག་པས་ཐོགས་པ་མ་བྱུང་གསུངས་པ་ལྟ་བུ་གདུག་པའི་འདྲེ་རྣམས་ཀྱང་ཞལ་གྱི་བདུད་རྩི་འཐུང་བ་ལ་འདུན་པས་མཚོན་ཏེ་མི་མིན་གྱི་གདུལ་བྱ་རྩིས་ཀྱིས་མི་ཆོད། ས་དགེའི་ཕྱོགས་ཀྱི་དོན་གཉེར་གཙོར་གྱུར་ལ་རྡོ་རྗེ་རྣལ་འབྱོར་མའི་སིན་དཀྱིལ་གྱི་བྱིན་རླབས་ཁོ་ནའང་བདུན་ཅུ་རྩ་གྲངས་སོང་། གཞན་དུ་སྨིན་གླིང་རྡོར་སེམས་གཅིག་པོའི་དབང་ཡང་ལྔ་བཅུ་སྐོར་དང་། ཀློང་ཆེན་སྙིང་ཏིག་གི་དབང་ཁྲིད་ཉི་ཤུ་རྩ་སྐོར་རྩ་དབང་རྒྱལ་ཐབས་སྤྱི་བླུགས་བརྒྱ་ཕྲག་ཐལ་བ་སོགས་ནས་བསྟན་བཅོས་མངོན་རྟོགས་རྒྱན་གྱི་བཤད་པ་སོགས་མདོ་ཕྱོགས་དང་། དུས་འཁོར་དབང་ཆེན་དང་འགྲེལ་ཆེན་དྲི་མེད་འོད་ཀྱི་བཤད་པ་སོགས་སྔགས་ཕྱོགས་ཀྱི་གཞུང་བཤད་པ་དང་ལག་ལེན་ལྕི་བ་རྣམས་ཀྱི་འཆད་སྤེལ་བར་ཕྱོགས་ལྷུང་དང་བྲལ་བར་མཛད། གཏེར་ཕྱོགས་སྔོན་འགྲོའི་གདམས་ཁྲིད་དང་། དཀའ་

TN03_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

(༧༧)གདམས་པའི་བློ་སྦྱོང་གི་སྐོར་མང་པོས་གདུལ་བྱ་ཕལ་པ་རྣམས་ལའང་ཐེག་པ་ཆེན་པོའི་ཕྱོགས་སྣང་བའི་བཀའ་དྲིན་བསྐྱངས། ཀུན་མཁྱེན་བླ་མ་འདི་འཁོར་གང་དུ་ཆོས་འཆད་ཀྱང་སེང་གེ་ལྟར་མ་ཞུམས་ཤིང་། དྲན་པ་ཆུ་ཀླུང་བཞིན་དུ་མྱུར་བས། སའི་ཕྱོགས་རྒྱ་མཚོ་ལྟར་ཟབ་པའི་དབྱངས་ཀྱིས་ཁྱབ་པར་མཛད་དེ། ཕྱག་དང་ཞབས་མི་གཡོ་ཞིང་སྨིན་མ་མི་སྐྱོད་པ་སོགས་སྤྱོད་ལམ་མཛེས་པས་ཡིད་དང་བ་འདྲེན་པར་ཆོས་སྟོན་ཏེ། སྤྱིར་སྡེ་སྣོད་མཐའ་དག་དང་། ཁྱད་པར་རྡོ་རྗེ་ཐེག་པའི་གསུང་རབ་འཆད་པ་ན་ཆོས་སྐད་གཙང་ཞིང་བརླིང་ལ་འབྲེལ་ཆགས་པ་དང་། ལུང་དང་རིགས་པའི་རྒྱན་རྒྱ་ཆེན་པོ་དང་ལྡན་པའི་གཏམ་གྱི་སྦྱོར་བས་མཁས་པ་རྣམས་མགུ་བར་མཛད། ཚུལ་དེ་ལྟ་བུས་སྐབས་འགར་ཉིན་རེ་འཁྱོང་བར་ཞལ་ཟས་ཀྱི་བྱ་བའང་བཏང་སྟེ་ཆོས་སྦྱིན་ཉིན་མཚན་སྦྲེལ་མ་བརྒྱ་ཕྲག་བགྲང་བ་སྐྱོ་དུབ་མི་མངའ་བར་ཚར་དུ་དངར། དེ་ལྟར་ཡིན་ཀྱང་དུས་དང་དུས་མིན་གྱི་རྣམ་དབྱེ་ལ་གཟིགས་པས་བཅད་རྒྱའི་སྒང་ལ་རྒྱ་བོད་ཀྱི་ཆེ་དགུ་སུ་འདྲས་ཀྱང་ཟླ་བ་དང་ཞག་བགྲང་ནས་ཆོས་སྒུགས་ལ་སྡོད་དགོས་པ་མཐོང་སྟེ་སྐྱེས་བུ་ཆེན་པོ་འདི་ལས་གདམས་ངག་འཐོབ་པ་ལ་རྙེད་དཀའ་བའི་འདུ་ཤེས་མི་སྐྱེ་བ་མེད་དེ། འདི་གཅིག་པོས་ཀྱང་སེམས་ཅན་མང་པོ་ཆོས་ལ་གུས་པའི་དགེ་ཚོགས་གསོག་པར་སྣང་།

TN03_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

(༧༨)བོད་ཀྱི་བཀའ་བློ་ན་ཕུང་ལུང་པ་དང་། སྡེ་དགེ་གཉེར་ཆེན་རྒྱ་མཁར་བསོད་ནམས། ཨ་རྡོག་ལ་ཁ་བ་འབྱོར་ལྡན་མཁའ་འགྲོ་སོགས་ཁྱིམ་གནས་ཀྱི་དད་ཅན་མང་པོ་རབ་བྱུང་ལ་བཀོད། བསྟན་པའི་གཞི་མ་རིང་དུ་མི་ནུབ་པའི་ཕྱིར། ཆོས་སྡེ་མང་པོར་གཞི་གསུམ་གྱི་ལག་ལེན་རྣམ་པར་དག་པའི་སྲོལ་འཆད་ཉན་དང་བཅས་པ་བཙུགས། སྐུ་དངོས་ཡུན་རིང་པོར་ཐུགས་ལས་ཆུང་ངུ་ལྟ་བུར་བཞུགས་ཀྱང་རྡོ་རྗེ་གསུམ་གྱི་གཟི་བརྗིད་ཀྱིས་ཇི་སྲིད་ཟླ་ཞལ་གྱི་སྣང་བ་མ་བསྡུས་པ་དེ་སྲིད་ཡུལ་ཕྱོགས་ཀུན་ཏུ་དམ་པའི་ཆོས་ཉན་བཤད་དང་སྒོམ་སྒྲུབ། བསགས་སྦྱངས་རྨ་མེད་པའི་ཀུན་དགའི་ལོངས་སྤྱོད་ཤུགས་འབྱུང་དུ་འཕེལ། ལར་སྔོན་དུས་སུ་སྲོག་ཆགས་འབུམ་ཕྲག་བགྲང་བ་ཁ་ལོ་གྱེན་ལ་བསྒྱུར་བ་བས་སྙིགས་མ་བས་ཀྱང་ཆེར་སྙིགས་པའི་དུས་མཐའ་འདིར་སེམས་ཅན་བཅུ་ཕྲག་རེ་ཙམ་ལ་བྱང་ཆུབ་ཀྱི་མྱུ་གུ་བསྐྲུན་པའང་ཡ་མཚན་ཆེ་བའི་ཚོད་ཡིན་ཏེ། མཆོག་ཟུང་དང་ཀ་པི་ན་ཆེན་པོས་སློབ་མ་ལྔ་བརྒྱ་བཏུལ་བའི་ལོ་རྒྱུས་བཞིན་ནོ། །དེ་ཕྱིར་བདག་ཉིད་ཆེན་པོ་འདིའི་མཛད་པ་རྣམས་ནི། ལྟོ་ཕྱིར་རྒྱལ་ཁམས་སྐོར་བ་དང་། གྲགས་སྐམ་གྱི་ཕྱིར་དུ་གཟི་བྱིན་སྒྲུབ་པ། བརྒྱ་བཤིག་ནས་སྟོང་འགུགས་པའི་གཡོ་ཐབས་སོགས་ལ་བྱ་བ་ལས་ཀྱི་འཁོར་ལོ་ཞེས་མིང་

TN03_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

(༧༩)ཚོན་པོ་བཏགས་པའི་རྣམ་ཐར་རྣམས་དང་འདྲ་བའི་གོ་སྐབས་ག་ལ་ཡོད། ལྷག་པར་ཡང་རྗེ་རང་གི་མནལ་ལྟས་ཤིག་ཏུ། རང་ཉིད་བསམ་ཡས་ཀྱི་ཕོ་བྲང་ཞིག་ཏུ་རྒྱལ་པོའི་གཟུགས་ཀྱིས་བཞུགས་ཏེ་འདུག །དེའི་གཡས་ངོས་ཀྱིས་ཕྱོགས་ཡངས་པ་ཞིག་ན་མི་འགའ་ཞིག་སློབ་དཔོན་པདྨ་བོད་ཡུལ་དུ་འབྱོན་པའི་སྐས་འཛུགས་པ་ཡིན་ཟེར་ནས་སྒྲོམ་སྐས་ཆེན་པོ་ཞིག་བར་སྣང་ལ་འཛུགས་གྲབས་བྱེད་ཅིང་། དེར་སྐྱེ་བོ་ཤིན་ཏུ་མང་པོས་ཅ་ཅོ་དང་སྐོར་འཚུབ་ཟིང་ཟིང་བྱེད་པར་འདུག་ཀྱང་། ཤིང་ཐུང་བས་རིང་དུ་མི་སླེབ་པ་དང་། ལྕིད་ཀྱིས་མི་ཐེག་པ་སོགས་ལས་ཕེབས་སུ་རུང་བ་ཞིག་མི་ཡོང་བར་གཟིགས། ཕྱོགས་དེ་ན་མི་གཟི་བརྗིད་ཅན་ཞིག་འདུག་པ། དེ་ན་རེ། འདི་ཚོས་འུད་ཆེན་པོ་བྱེད་ཀྱང་། དོན་ལ་ཁྱོད་དང་། རྗེ་པདྨ་གར་དབང་། མཆོག་གྱུར་གླིང་པ་རྣམས་མ་གཏོགས་སྐས་འདི་འཛུགས་ནུས་མཁན་ནི་སུ་ཡང་མི་འདུག །ཅིས་གསུང་རྡོ་རྗེ་པདྨ་སཾ་བྷ་བའི་ཕྲིན་ལས་ཀྱི་བྱེད་པོའི་ནང་ན་ཁྱུ་མཆོག་ལྟ་བུར་བསྔགས་པ་བཞིན། གཏེར་རྙིང་རིང་བརྒྱུད་མ་ནུབ་པ་རྣམས་རྒྱ་ཆེར་སྤེལ། ནུབ་པ་རྣམས་ཉེ་བརྒྱུད་ལ་བརྟེན་ནས་རྒྱུན་བསབ། གཏེར་གསར་གྱི་རྣམ་གྲངས་དུ་མའི་ཆོས་སྒོ་ཕྱེས། ཟབ་གཏེར་དག་སྣང་གི་ཆོས་

TN03_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

(༨༠)ཚུལ་གསར་རྙིང་མང་པོ་རྒྱུན་གཅིག་ཏུ་བསྡུ་བ་མཛད་དེ། པུ་སྟི་བཅོ་ལྔ་ཙམ་བསྒྲིགས་ནས་འཕྲོ་རྡོ་རྗེའི་སློབ་དཔོན་པདྨ་གར་དབང་ལ་རྩོམ་པའི་གནང་བ་བྱིན་ཏེ་རིན་ཆེན་གཏེར་གྱི་གསང་མཛོད་གསར་པ་བཞེངས། ཉང་གཏེར་རྡོ་རྗེ་ཁྲོས་མའི་དབང་གནང་སྐབས་འདུད་རྩིའི་ཐོད་པ་རེག་ཏུ་མི་བཟོད་པ་ལྟ་བུའི་དྲོད་འབར་བ་དང་། རང་ཉིད་ཀྱི་ཡང་གཏེར་པདྨ་གཏུམ་པོའི་དབང་དུས་མེ་ལོང་ལ་བྲིས་པའི་སྔགས་ཕྲེང་ཕྱིས་བསུབ་ཏུ་མེད་པའི་རང་བྱོན་དུ་གྱུར་པ་དང་། ཁྱུང་ཁྲས་འོག་གདོན་གྱིས་ཟིན་པའི་སློབ་མའི་ནད་གཞི་མེད་དུ་སངས་བ་དང་། གང་ཟག་བཟང་པོ་ཞིག་ལ་འཕགས་མའི་སྙིང་ཏིག་གི་དབང་བསྐུར་མཛད་པ་ན། སྤྱན་བདུན་པོ་ཁྲ་ཧྲིག་གེར་བཀྲ་བ་མཇལ་བས་དད་པའི་ཤུགས་ཀྱིས་ཤེས་པ་བརྒྱལ་ཐབས་སུ་སོང་བ་དང་། མཆོག་གླིང་དང་། ཀུན་མཁྱེན་བླ་མ་འདི། རྗེ་བློ་གྲོས་མཐའ་ཡས་ཏེ་སྤྲུལ་པའི་སྐུ་འདི་གསུམ་གཞོན་རིམ་ནས་སྡུད་པའི་ལུང་བསྟན་ཡོད་པ་ལྟར་ལྕགས་རྟ་ལོར་གཏེར་ཆེན་མཆོག་གླིང་པ་སྐུ་བསྙུན་ཚུལ་བསྟན་ཅིང་ཉིད་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བཞུད་པའི་གསལ་སྣང་ཤར། མི་རིང་བར་ས་གཡོ་དང་འཇའ་འོད་སོགས་ཀྱི་ཆོ་འཕྲུལ་བཅས་ཞི་བར་གཤེགས་པའི་ཞལ་ཆེ་མས་སྐོར་རྗེ་རིན་པོ་ཆེར་བབས་པ་རྒྱལ་ཟླའི་ཚེས་བཅུར་ཚོགས་མཆོད་དང་འབྲེལ་བར་ཁྱབ་བདག་བློ་གྲོས་མཐའ་ཡས་ཞབས་ཀྱིས་ཡི་གེ་པ་མཛད་དེ་གཏན་ལ་ཕབ་པ་ནས་གཞིའི་ཁྱོན་ལ་དྲོད་ཆེན་པོ་ལྷུང་ཐབས་

TN03_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

(༨༡)སུ་བབས་པས་འཁྱགས་པ་རྣགས་ཆུ་བོའི་རྒྱུན་དུ་ཞུ་བའི་མངོན་རྟགས་སོགས་བྱིན་རླབས་ཀྱི་མཚན་མའང་མང་དུ་བསྟན། གཏེར་གཞུང་སྤྱི་དང་བྱེ་བྲག་པའི་ཁོག་དབུབ་མདོར་བསྡུས་ཙམ་རེ་གསུངས་པ་ལའང་རྒྱུད་དོན་འཕགས་ཡུལ་གྱི་གྲུབ་པའི་དབང་པོ་རྣམས་ཀྱིས་འགྲེལ་ལུགས་ལྟ་བུའི་བཤད་ཚུལ་རྨད་དུ་བྱུང་བ་དུ་མ་ཞིག་ཡོད་དེ་ཀུན་ཀྱང་ཉི་མ་དང་འོད་ཟེར་ལྟར་རང་གི་གཟུགས་སྐུའི་སྣང་བ་དང་མཉམ་དུ་བསྡུས་པས་ཡིད་ཕྱ། ཞལ་མཐོང་གི་འབྲེལ་བས་བསྡུས་ཚད་ལ་སྐུ་ཚབ་རིན་པོ་ཆེའི་རྟེན་དབང་མ་ཐོབ་པ་ནི་ཡེ་མི་སྣང་བས་ཨོ་རྒྱན་གུ་རུའི་ཕྲིན་ལས་རྣམ་པ་ཐམས་ཅད་ནས་རྒྱས། བདུད་རྩིའི་སྒྲུབ་པ་ཆེས་མང་དུ་མཛད་ཅིང་། ཆོས་སྨན་དང་། སྐྱེས་བདུན་རིལ་བུ། ཚེ་རྫས་སོགས་རང་ཉིད་དང་སྤྲུལ་པའི་གཏེར་འབྱིན་གཞན་གྱི་གཏེར་བྱོན་རྣམ་གྲངས་བརྒྱ་ཕྲག་དུ་མ་ཕབ་གཏེར་བསྡུས་པ་དང་། སངས་རྒྱས་གཉིས་པའི་ཚེམ་ལས་སྤྲུལ་པའི་རིང་བསྲེལ་སོགས་ཀྱི་སྦྱིན་པས་ནི་གངས་ཅན་མཐའ་དབུས་ཀུན་ཏུའང་ཁྱབ་སྟེ་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་ཆ་གཅིག་ཡིན། ཕྱོགས་དང་ཕྱོགས་ནས་སྐུ་གསུང་ཐུགས་རྟེན་དང་། རྒྱ་བོད་ཀྱི་ནོར་སྣ་ཁྱད་འཕགས་ཕལ་གྱིས་ཡུན་རིང་དུ་བསྒྲུབས་པས་འཐོན་དཀའ་བ་རྣམས་དང་མཁོ་དགུའི་ཉེར་སྤྱོད་སོགས་རྒྱ་ཆེ་ལ་རྒྱུན་མི་ཆད་པར་རྩོལ་མེད་དུ་འདུ། ཡོ་བྱད་ཐམས་ཅད་རྡོ་རྗེའི་ལོངས་སྤྱོད་དུ་བྱིན་གྱིས་བརླབས་པའི་གཟུགས་བརྙན་ཕྱིར་ཤར་བས་

TN03_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

(༨༢)ཕྱག་ཏུ་བཞུགས་ཚད་ཀྱི་སྤྱད་པ་རྣམས་ངན་དོན་ཞིག་ཡིན་རུང་སྤུས་དག་དང་གཞན་དང་མི་འདྲ་བའི་བཀྲག་ཟིལ་ཅན་ལྟ་བུ་འབའ་ཞིག་ཡོད། དབུལ་ཞིང་ཕོངས་པ་རྣམས་ཀྱིས་དངོས་པོ་ངན་ཉུང་ཙམ་ཕུལ་བ་ལའང་། འདི་ཕྱུག་པོ་ཞིག་ཡིན་ན་གསེར་དངུལ་གོས་དར་གྱི་འབུལ་བའི་ཚོད་དུ་འདུག་ཅེས་ཕྲ་ཞིང་ཕྲ་བ་རྣམས་ཀྱང་གནས་མིན་དུ་ཆུད་ཟོས་མི་འགྲོ་བར་མཛད། ནོར་སྲེད་ཀྱི་གསོག་འཇོག་ཡེ་མི་མངའ་བས་རྙེད་པ་གང་བྱུང་བླ་ན་མེད་པ་པའི་བྱང་ཆུབ་ཀྱི་ཚོགས་སུ་འདབ་གཏེར་སྦ་བའི་ཕྱིར། རང་ཉིད་ཀྱི་བླ་མ་རྣམས་ལ་ཆོས་གསན་པའི་ཐོག་མར་མཎྜལ་གྱི་འབུལ་བ་དང་། མཐར་གཏང་རག་གི་མཆོད་པ་དུས་གཞན་དུའང་ཞབས་བརྟན་གྱི་མངའ་དབུལ་སོགས་དག་ཅིང་བཟང་ལ་རྒྱ་ཆེ་བའི་མཆོད་སྤྲིན་ཡང་དང་ཡང་དུ་སྤྲོས་ཏེ་ཕུལ། །དགོན་གནས་གསར་བཞེངས་རིགས། དུས་དབང་གིས་དགོས་པ་ཆུང་བར་གཟིགས་ཏེ་མ་མཛད་ཀྱང་། བར་སྐབས་སུ་སྟོད་སྨད་འཁྲུགས་ལོང་ཀྱི་དབང་གིས་སྡེ་དགེ་ལྷོ་བྱང་ཕྱོགས་ཀྱིས་སྐྱ། རྙིང་མ། དགེ་ལུགས་ཀྱི་དགོན་སྡེ་མང་པོ་ཉམས་ཤིང་ཞིག་རལ་དུ་སོང་བ་ན། ཞིག་གསོའི་ཆ་རྐྱེན་དངོས་ཇ་སུམ་སྟོང་ལྷག་པ་སྩལ་ཞིང་། རྒྱ་བོད་ཀྱི་དཔོན་ཆེན་དང་། མི་དབང་སྡེ་དགེ་རྣམས་ལ་མཐུན་སྦྱོར་སྒྲུབས་ཤིག་པའི་བཀའ་ཕབས་ཏེ་གཞི་བཞེངས་གྲུབ་པ་དང་། མཆོད་ཐེབས་ཞལ་འདེབས་དང་། འཕྲལ་ཡུན་ཀུན་ཏུ་དགེ་བའི་བསླབ་སྟོན་སྒོ་དུ་མས་གཞལ་

TN03_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

(༨༣)བར་དཀའ་བའི་བཀའ་དྲིན་གྱི་ཕུང་པོ་འདུ་མཛད་ཀྱང་། ངས་བྱས་ཀྱི་ཞལ་ཕོ་དང་དྲིན་ཡུས་འདྲེན་པའི་ཚིག་ཟུར་གཅིག་ཙམ་མི་འབྱུང་། ཉེ་བའི་ཆར་འཁོད་པའི་ཆོས་སྡེ་རྣམས་ལ་ལོ་རེ་བཞིན་གཟུངས་སྔག་ཀློག་སྒྲོག་དང་། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ཡོན་སྦྱར་གོང་འོག་བསྡོམ་ན་དངོས་ཇ་བཞི་སྟོང་ལྷག་པའི་རྒྱུ་འགྲོ་ཕུལ། མདོར་ན་ཀུ་སུ་ལི་བྲག་སྐྱིབས་ན་སྤྱོད་པ་ཚུན་ཆད་ཀྱི་གང་ཟག་དང་དགེ་འདུན་ལ་མཆོད་པ་མཛད་པའི་རྣམ་གྲངས་བགྲང་བར་དཀའ། རབ་བྱུང་གིས་རྟེན་བཞེངས་སོགས་ཀྱི་ཆེད་དུ་ཤ་ཐང་ཐང་ལ་ལོངས་སྤྱོད་སྒྲུབ་པ་གསུང་རབ་ལས་བཀག་ཀྱང་། དེ་ལྟར་མ་བསྒྲུབས་བཞིན་དུ་རྙེད་པ་རྣམས་དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱ་བའི་ཆ་རྐྱེན་དུ་སྦྱོར་བར་གསུངས་པའི་སྲོལ་གསོ་བ་དང་། རང་ཉིད་ལ་ཟང་ཟིང་འབའ་ཞིག་གི་འབྲེལ་བས་བསྡུས་པ་རྣམས་ཀྱང་མཐའ་ཡས་པའི་རྒྱལ་དང་དེ་སྲས་ལ་དགེ་བའི་རྩ་བ་རྒྱ་ཆེར་སྐྱེད་པའི་རྟེན་འབྲེལ་དང་བསྟན་འགྲོའི་རྒུད་པ་ཞི་བའི་དགོས་དབང་ཁྱད་པར་ཅན་གཟིགས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུའི་རྣམ་འགྱུར་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་རྩ་གསུམ་ཆོས་སྲུང་དང་བཅས་པའི་སྣང་བརྙན་གཟུངས་ལྡན་གསེར་ཟངས་ལས་གྲུབ་པ་ཉིས་སྟོང་སོར་དང་། གྱང་རིས་ཀྱི་བསྐལ་བཟང་སངས་རྒྱས་སྟོང་སྐུ་གསེར་དུལ་མ་ལྗིབ་ཐུག་ཅན། བྲིང་ཐང་གསེར་

TN03_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

(༨༤)ཆབ་དང་ཟ་འོག་གིས་བྱུགས་པ་བརྒྱ་ཕྲག་བརྒལ་བ། གསར་རྙིང་གི་ཡི་དམ་མང་པོའི་ཆུ་ཚོན་དཀྱིལ་འཁོར་སོགས་བཞེངས། བཀའ་བསྟན་རིན་པོ་ཆེ་རྣམ་གཉིས་དང་། གངས་རིའི་ཁྲོད་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་གསུང་རབ་བྲིས་སྤར་བསྡོམ་པ་གླེགས་བམ་སྟོང་ཕྲག་གཉིས་ཙམ་གླེགས་ཤིང་། ན་བཟའ་གདོང་དར་འཆིང་ཐག །སེང་མགོ་བཅས་སྒྲོས་གཙང་འགང་ལེགས་ཀྱིས་སྤྲས་པ་བསྒྲུབས། རྒྱ་བོད་ཀྱི་གསུང་རབ་པུ་སྟི་བཞི་བཅུར་ཉེ་བ་སྤར་དུ་བཀོད། ལྷུན་གྲུབ་སྟེང་གི་མཆོད་སྡོང་མཐོང་གྲོལ་ཆེན་མོ་དངུལ་སྲང་འཁོར་ལྔ་སྟོང་བཞི་བརྒྱ་ཙམ་གྱིས་བསྐྲུན་པ་གཙོ་བོར་གྱུར་པའི་གསེར་ཟངས་ཀྱི་མཆོད་རྟེན་གཟུངས་ལྡན་ཆ་ཚད་ལེགས་པ་བརྒྱ་རྩ་ལྷག་གསར་བསྐྲུན་མཛད། དེ་རྣམས་ཀྱི་བཞུགས་གནས་ལྷ་ཁང་ཆེ་ཆུང་བཅུ་གསུམ་ཙམ་མཆོད་པའི་ཡོ་བྱད་རྒྱུ་བཟང་ལ་བཟོ་ཁྱད་གཙང་བ་སྣ་ཚོགས་ཀྱིས་བཀོད་ལེགས་པར་བརྒྱན་པ་བཞེངས། འདི་ལྟ་བུའི་མཛད་པའི་བབས་ཀྱིས་སྐུའི་ཉེ་འཁོར་དུ་ཡིག་མཁན། ལྷ་རིས་པ། ཤིང་བཟོ་བརྐོས་མཁན་མགར་བ་གོས་བཟོ་སོགས་བཟོ་རིག་པའི་འདུ་བ་རྒྱུན་ཆད་མེད། དེ་འདྲ་བ་རྣམས་ཀྱང་འབྲེལ་ཚད་དོན་ལྡན་གྱི་སྨོན་ལམ་རླབས་པོ་ཆེའི་བདེན་པས་གཞན་ཕན་གྱི་ཕྲིན་ལས་གཏིང་དཔག་དཀའ་བ་ཤ་སྟག་ཏུ་འཇུག་གི མངགས་གཞུག་ཐ་མལ་བ་གཏན་མིན། དེ་ལ་བཟོ་གནས་པ་ཁ་ཅིག་ནི་ཟླ་བ་མང་པོར་ལྟོ་ཆས་ཕྱག་རྫས་

TN03_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

(༨༥)ནས་འབོགས་ཤིང་། མི་གཞན་གྱི་ལས་ཀར་བརྩོན་པའམ། རང་དགར་གནས་པས་དུས་འདའ་བར་བྱེད་ཀྱང་། ཐུགས་མི་འཁྲུགས་པར་མ་ཟད། མཐར་གནང་སྐྱེས་བཟང་པོ་རེས་དགའ་བ་བསྐྱེད་དེ་དགྱེས་བཞིན་དུ་གཏོང་བ་དང་། ཉམ་ཐག་འགའ་ཞིག་ནི་བཟོ་གནས་ཅི་ཡང་མི་ཤེས་བཞིན་དུ་མངོན་ཚན་ཆུང་ངུས་གླ་ལྟོ་སྟེར་བའི་ཐབས་ཙམ་ལ་དགོངས་ཏེ་ལས་ཀ་བའི་གྲལ་དུ་འཇོག་པ་སོགས་ཅི་དང་ཅི་ནས་ཀྱང་མ་ལྟར་མཉེས་ཤིང་གཤིན་པས་བཟོ་བོ་རྣམས་མ་བསྡུས་པར་ཡང་ཡུལ་ཕྱོགས་དུ་མ་ནས་པདྨའི་དྲི་ལ་བུང་བ་ལྟར་དགའ་ཞིང་འདུ། དེ་དག་ལ་བཟོ་འདི་གྱིས་ཀྱི་བཀའ་སོ་སོར་སྩོལ་བ་ཙམ་ལས་དྲག་འཇུན་དང་མགོ་རྫི་བརྐོ་བཞག་སོགས་ཅི་ཡང་མི་མཛད་རུང་། ངང་གིས་གཡོ་མེད་པར་རང་རང་གི་བགྱི་བ་གང་ཡིན་པ་དེ་ལ་འཇུག་ཅིང་། ཡུན་རིང་པོར་མི་སྐྱོ་བའི་ཡིད་ཀྱིས་གནས། ལས་གྲུབ་ནས་གླ་རྔན་ཡུལ་ལུགས་ལས་ལྷག་པ་ཙམ་ལ། ངོ་སོ་འདོན་པའི་གཏང་རག་ཟུར་པ་དང་བཅས་ཏེ་དངོས་གཙང་ལ་རྔམས་འཐུག་པར་སྩལ་བས། རང་རང་གི་ཞོ་ཤའི་འབྲེལ་འཇོག་ཀྱང་མཇུག་རྗེས་སུ་ཡི་རང་དང་འབྲེལ་བའི་སྒོ་ནས་སྟོབས་དང་ལྡན་པའི་བསོད་ནམས་སུ་གྲུབ་པར་མཛད། གཞན་པ་སུ་དག་རྟེན་བཞེངས་ལ་སྤྲོ་བས་གྲབ་བཤམ་ཡང་ཡོ་བྱད་ཀྱིས་དབུལ་བ་གཟིགས་ཚེ་དེའི་འདུན་པའི་ཡོལ་གོ་གང་ངེས་པའི་ནོར་དབྱིག་སོགས་སྩལ།

TN03_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

(༨༦)གྲྭ་རྐྱང་དཀྱུས་མའི་རིགས་ཀྱིས་འཇིམ་སྐུ་དང་དྲྭ་མིག་ཙམ་བཞེངས་པ་ལའང་ཚོན་རྩི་སོགས་མཐུན་འགྱུར་གྱི་སྦྱིན་པ་དང་བཅས་སྤྲོ་བས་གཟེང་བསྟོད། ལྷག་གནས་ཀྱི་ཆེད་དུ་གཞན་གྱིས་བཅོལ་ཞུ་ཕུལ་བའི་སྐུ་གཟུགས་རྣམས་ཀྱང་གསེར་བྱུགས་ཀྱིས་ཞལ་རས་སྣུམ་པར་མཛད་དེ་ན་བཟའ་སོགས་ཀྱི་བསྟི་སྟངས་སྟོབས། མཆོག་དམན་བར་མའི་འགྲོ་བ་ལ་ཕྱག་མཆོད་ཀྱི་ཞིང་དཀྱུས་མ་དང་། རྟེན་གཞན་བཞེངས་སུ་འཇུག་རྒྱུ་སོགས་ལ་སྐུ་གསུང་ཐུགས་རྟེན་རྙེད་དཀའ་ཁྱད་འཕགས་རིགས་འབྱམས་ཀླས་པ་བཀྱེས་ཤིང་། ཕྱག་དཔེ་གང་བཞུགས་ལ་ཆེ་ཆུང་སུས་ཀྱང་བལྟ་ཞིང་ཀློག་པ་དང་། དཔེ་རྒྱུན་འབྲི་བ་སོགས་བསོད་ནམས་དང་ཡེ་ཤེས་ཀྱི་བྱ་བ་མང་དུ་བྱེད་པའི་གོ་སྐབས་ཡངས་པས་རྟེན་གསུམ་ལ་ནང་རྫས་དང་། གཡང་རྟེན་དང་གཟི་བྱིན་སྒྲུབ་པའི་འཕྱོར་ཆས་ཙམ་དུ་འདུ་ཤེས་ཤིང་སེར་སྣས་དམ་དུ་སྲུང་བའི་དྲེགས་ལྡན་རྣམས་སྨ་ཕབ་ཀྱི་གནས་སུ་བཀོད། སྨོས་མ་ཐག་པའི་ལྷ་ཁང་རྣམས་སུ་སྤོས་དང་མར་མེ་སོགས་ཀྱི་རྒྱུན་ཐེབས་སྦྱོར་འཇག་དང་། དཔལ་ཐམས་ཅད་རིག་པ། བདེ་མཆོག་ནག་པོ་ལུགས། གསང་འདུས་འཇམ་པའི་རྡོ་རྗེ། གཏེར་གསར་རིགས་གསུམ་སྙིང་ཐིག་སོགས་གསར་རྙིང་གི་ཐུགས་དམ་དུ་མའི་སྒྲུབ་མཆོད་ཡོ་བྱད་ཀྱིས་ཕྱུགས་པ་རྒྱུན་བཙུགས། དབྱར་ཀ་ཆུ་ཀླུང་གི་འགྲམ་དུ་ཆུ་མཆོད་སྟོང་ཕྲག་དུ་མ་འབུལ་བའི་ཕྱིར་སྐུ་འཁོར་

TN03_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

(༨༧)ཆེད་མངགས་གནང་བ་དང་། དུས་རྒྱུན་དུ་གཟིམ་སྤྱིལ་གྱི་ལྷ་ཁང་ཕྱི་ནང་བར་ཁྱམས་ཀུན་ཏུ་མར་མེའི་ཕྲེང་བ་ཉིན་མཚན་རྒྱུན་ཆད་མེད་པ་དང་བཟང་སྤོས་རྒྱུན་སྤར། མཆོད་ཡོན་དང་མེ་ཏོག་གི་བྱེ་བྲག་མང་པོ། ཞལ་ཟས་ཀྱི་སྦྲང་ཚར་སོགས་བཀོད་ལེགས་ཤིང་གཙང་སྦྲ་ཐོན་པ་དང་། ཉིན་རེ་ཞིང་བདའ་དགུའི་བཟའ་བཏུང་གི་ལོངས་སྤྱོད་དང་ལྡན་པའི་ཚོགས་ཀྱི་མཆོད་པ་རེ་ཆག་མེད། ཡར་མར་གྱི་ཚེས་བཅུའི་མཆོད་པ་རྣམས་སུ་མར་མེ་ཁོ་ནའང་བརྒྱ་ཕྲག་མ་མཐར་བཞག་པས་མཚོན་ཚོགས་མཆོད་ཀྱི་ཡོ་བྱད་རྒྱས་སྤྲོས། རྒྱལ་བའི་དུས་ཆེན་བཞི་དང་། ཉ་སྟོང་བརྒྱད་གསུམ་ནམ་བྱུང་ལ་སྤོས་དང་མར་མེ་བརྒྱ་རྩའི་ཕྲེང་བ་རབ་ཏུ་མང་བ་གཙོར་བཏོན་གྱི་དངོས་བཤམས་དང་། དེའང་གཟུངས་དང་རིག་པ་དང་མོས་པའི་སྟོབས་ཀྱིས་ཆོས་དབྱིངས་དང་མཉམ་པར་སྤེལ་ཏེ་འབུལ་ཞིང་བཟང་པོ་སྤྱོད་པའི་སྨོན་ལམ་གྱིས་རྒྱས་འདེབས་མཛད། རྣམ་པར་ཐར་པ་འདི་ལ་ནི་ད་ལྟ་ངེས་དོན་གྱི་ལྟ་བ་ལ་ཁག་བཅོལ་ནས་སྤྱོད་ཕྱོགས་ཐབས་ཀྱི་ཆ་ཆེན་པོ་རྣམས་ལ་མཆིལ་མའི་ཐལ་བ་བས་ཀྱང་ལོད་པར་བརྩི་བའི་སྒོམ་ཆེན་དང་གྲུབ་གཏེར་རྣམས་ཀྱིས་ཅུང་ཟད་རེ་དཔྱོད་དགོས་པར་མངོན་ནོ། །སྡེ་དགེ་བློན་ཆེན་པདྨ་ལེགས་གྲུབ་རྒྱལ་པོའི་ཐུགས་སུ་མ་འཐད་པའི་རྐྱེན་གྱིས་ཁམས་བྲག་གཡབ་དང་། སྡེ་དགེ་འགྲས་གཞི་ཆེན་པོ་བྱུང་སྐབས། དེ་ལ་བརྟེན་ནས་དམེ་འཁྲུགས་

TN03_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

(༨༨)འཇིགས་སུ་རུང་བ་ཞིག་ཡོང་བར་མཁྱེན་ཏེ། མི་ཕང་ནོར་ལས་བྱས་པའི་འཁོན་བསྡུམ་མཛད། བསྟན་འགྲོ་སྤྱིའི་བྱུར་སེལ་དུ་ནཻ་པ་ལའི་དོང་ཙེ་གསུམ་བཞི་སྐོར་གྱི་རིན་ཐང་རྫོང་འདེབས་སུ་བཏང་བའི་གླུད་བསྔོ་རེ་ཉིན་བཞིན་མ་ཆག་པ་མཛད། མུ་ཏོ་དང་བྱ་ཁྱིའི་སྐྱེ་གནས་པ་རྣམས་ལ་བརྒྱགས་དང་རྒྱགས་རྟེན་གནང་བའང་ཚད་མེད། དེ་འདྲ་ལ་དགོངས་ནས་ཁྱབ་བདག་བློ་གྲོས་མཐའ་ཡས་པས། བསྟན་འགྲོའི་དོན་དུ་གཅེས་དགུའི་བདོག་པ་ཡང་། །རྩ་བཞིན་གཏོང་བར་མཛད་ལ་གསོལ་བ་འདེབས། །ཞེས་རང་བཞིན་བརྗོད་པའི་གཏམ་དུ་གསུང་། དབུས་གཡོ་རུའི་ཁྲ་འབྲུག་ཏུ་ལུང་བསྟན་གྱི་ངེས་པ་གཟིགས་པ་བཞིན་དཔལ་ཆུ་བོ་རིའི་གུ་རུའི་སྒྲུབ་ཕུག་ནམ་མཁའ་ལྡིང་དུ་བོད་ཁམས་བདེ་ཐབས་ཀྱི་ཕྲིན་ལས་མཛད་པས། ཨོ་རྒྱན་བདེ་བ་ཆེན་པོ་གཙོ་འཁོར་གྲངས་མེད་པས་ནམ་མཁའ་ཁེངས་པ་དང་། སྤྲུལ་པའི་འདུ་འཕྲོས་བོད་ལ་མི་འཇིགས་པ་སྩལ་བ་གཟིགས་ཤིང་། ལོ་སྐོར་གཅིག་ཏུ་མཐའ་དམག་གི་འཚེ་བ་མི་འབྱུང་བའི་མཚན་མ་བརྟན་པོ་བརྙེས། དུས་གཅིག་ན་སྣང་སྲིད་རྨི་ལམ་ལྟར་གཟིགས་པའི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པོ་གསལ་སྣང་ལ་ཆོས་འཁོར་ལྷ་སའི་བར་སྐོར་དུ་ཕེབས། དེ་ན་མཁར་ཆེན་བཟའ་མི་ལས་འདས་པའི་མཚར་སྡུག་རྒྱན་ཆས་ཅན་གཟི་བརྗིད་མཆོག་ཏུ་འབར་བའི་རྣམ་པའི་ཕྱག་ན་མེ་ཏོག་དམར་པོས་བཀང་བའི་བུམ་པ་ཞིག་བསྣམས་ཏེ་བྱུང་བ་དང་མཇལ།

TN03_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

(༨༩)ཕན་ཚུན་མ་བུ་ལྟ་བུའི་བརྩེ་གདུང་གིས་གསུང་གླེང་མང་ཞིག་མཛད་པའི་མཐར། ཇོ་བོ་ཡིད་བཞིན་ནོར་བུའི་སྤྱན་སྔར་འགྲོགས་ཏེ་བྱོན། དེར་བོད་འབངས་བདེ་བའི་སྨོན་ལམ་མང་པོ་མཛད། ཇོ་མོས་བོད་སྤྱི་ལ་ཕན་པའི་ལུང་བསྟན་རྒྱ་ཆེར་སྩལ་ནས་བར་སྣང་ཌཱ་མ་རུའི་སྒྲས་བཀང་། སྟེང་གི་ནམ་མཁའ་ལ་ཐལ་ལེར་གཤེགས། འོན་ཀྱང་དགུང་ལོ་བཅུ་དྲུག་པར་རོང་བཙན་ཁ་བ་དཀར་པོར་མཚོ་རྒྱལ་སྤྲུལ་པའི་མི་མོ་ཞིག་ཕྲིན་ལས་ཀྱི་སྒོ་འབྱེད་དུ་བྱོན་ཡང་དེ་དང་ཞལ་འཛོམ་པའི་མཐུན་རྐྱེན་མ་ཚོགས་པ་དང་། ཕྱིས་མཆོག་གྱུར་གླིང་པ་དབུས་སུ་ཕེབས་སྐབས་མོན་ཡུལ་དཀར་མོ་བྲག་གི་གཏེར་ཁ་འདོན་དགོས་ཚུལ་དུས་གནད་དང་བཅས་པ་ནན་ཆེར་གདམས་ཀྱང་། ཁོང་དཔོན་སློབ་ལམ་བར་ནས་འགྱང་བས་ཐོག་ཏུ་མ་ཁེལ་བ་སོགས་གངས་ཅན་ཕན་བདེ་འབྱུང་བའི་རྟེན་འབྲེལ་གྱི་སྒོ་ཁྱད་པར་ཅན་རྣམས་གདུལ་བྱའི་བསོད་ནམས་ཀྱིས་རྫོགས་པར་མ་ལྕིགས་པས་རགས་པ་མཐུན་སྣང་དུ་བྱིན་རླབས་ཀྱི་ལག་རྗེས་འབྲེང་ཙམ་ཞིག་ལས་ཡུལ་ལ་སྨིན་མ་ཐུབ་པར་གསུང་། ཉག་དཔོན་ཨ་མགོན་རྣམ་པ་གཡུལ་འཁྲུགས་ཀྱི་ཤེ་མོང་དར་བའི་དུས་སུ་སྡེ་དགེའི་རྒྱལ་སྲིད་ཕྲོགས། རྒྱལ་པོ་ཡུམ་སྲས་གསུམ་བཙོན་དུ་བཟུང་ནས་བློན་འབངས་སུས་ཀྱང་ཐར་བའི་རེ་བ་ཟད་པ་ན་རྗེ་བླ་མ་འདིས་སྒྲོལ་མ་བཙོན་འདོན་མའི་ཕྲིན་ལས་ཀྱི་སྦྱོར་བ་མཛད་དེ། མ་རྨས་པར་ཐར་འོང་བའི་ལུང་

TN03_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

(༩༠)བསྟན་གནང་བ་ཇི་བཞིན་དུ་བྱུང་། ཕྱིས་ཤིག་ཏུ་ཉག་རོང་ཨ་མགོན་དང་ངེད་གཉིས་ལ་སྔོན་གྱི་འབྲེལ་བ་འདུག་པས་ཚེ་འདིར་ཕྲད་མ་ཐུབ་པ་མ་གཏོགས། ཕྲད་ན་ངས་དེ་ལ་ཆོས་ཀྱི་ཕན་ཐོགས་ཤིག་ཡོང་རྒྱུ་ཡིན་པར་འདུག་གསུངས། དཀར་པོའི་ཕྱོགས་ལ་བློ་མི་འཇུག་ཅིང་། རླབས་པོ་ཆེའི་སྡིག་སྟོབས་དང་ལྡན་པ་ཉག་བློན་ལུ་གུ་ཚེ་རིང་ལྟ་བུའི་མ་རུངས་པ་ཡང་། རྗེ་བཙུན་ཐུགས་རྗེའི་དབང་ཕྱུག་འདིའི་མཚན་གྱི་བདུད་རྩིས་ཕོག་པས་ཅུང་ཟད་དུལ་བར་གྱུར་ཏེ། ཟང་ཟིང་གིས་བསྙེན་བཀུར་བསྟབས། ཕྱིས་དམེ་ཤོད་ཕྱོགས་པའི་བྱས་ཉེས་ལ་བསྟེན་ནས་ཁོའི་དམག་གིས་རྫོང་གསར་དགོན་ཁང་མེ་ལ་སྦྱངས་མོད། དེར་ཡང་རྗེ་བླ་མ་འདི་ལ་དམག་དཔོན་རྣམས་ཀྱིས་བརླད་སྤྱོད་བརྙས་ཐབས་སྤུ་ཙམ་མ་བྱས་པར་མ་ཟད། ཕྱག་དཔེ་རྣམས་མི་འཇིགས་པའི་ཕྱོགས་སུ་ཐབས་རྩོལ་དུ་མས་སྐྱེལ་བ་སོགས་རང་ཕྱོགས་ལས་ཀྱང་ལྷག་པའི་ཞབས་ཏོག་བྱས། དེ་ནས་མི་འགྱང་བའི་དུས་སུ་རྗེ་རང་གི་ཐབས་ལ་མཁས་པའི་འཕྲུལ་གྱིས་ཆོས་གཞི་སླར་གསོས་ཏེ། བཀྲ་ཤིས་ལྷ་རྩེའི་མདུན་ཐད་དུ་སཱ་ལའི་ནགས་ཆེན་པོ་སྦྲུལ་གྱིས་གང་བ་ཞིག་ཡོད་པ་དེ་ཤིན་ཏུ་གཉན་པས་སྔོན་ཆད་ལྕུགས་ཕྲན་གཅིག་ཀྱང་འབྲེག་ཕོད་མཁན་མེད་པ་ལས། དེ་དུས་རྗེ་བླ་མ་འདི་ཤིང་སློང་མཛད་པས། དེ་ཚུན་ཆད་ནགས་དེར་སྦྲུལ་

TN03_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

(༩༡)གྱི་རྒྱུ་བ་འགག་ཅིང་ཤིང་ཅི་འདོད་དུ་ལེན་བཏུབ། སྔར་དགོན་དེའི་གཙུག་ལག་ཁང་ཞིག་གསོལ་འཚུབ་འགྱུར་ཆེར་ལྡང་བ་ཞིག་ཡོད་པའང་། རྗེ་འདིས་ཉམས་གསོ་མཛད་པ་ནས་བཟུང་རང་འཇམ་ལ་སོང་བར་གླེང་། རབ་བྱུང་བཅོ་ལྔ་པའི་ཐོག་མར་ཁང་དམར་ལུང་མདོར་བསྟན་འགྲོ་སྤྱིའི་སྲུང་བར་དགོངས་ཏེ་སྒྲུབ་ཆེན་མང་པོ་མཛད་པའི་སྐབས་ཤེད་ཅིག །སྡེ་དགེའི་ཆབ་སྲིད་འདི་ལ་སྔར་ཡང་སྟོན་ལོག་གི་སེམས་ཅན་ཉེ་ཆར་འཁོད་པ་འགའ་རེའི་བྱ་བའི་བབས་ཀྱིས་རྨ་ཉེས་མང་པོ་བཏང་། ད་གཟོད་ཀྱང་ལས་སྨོན་ལོག་པ་མང་པོས་མཚམས་སྦྱོར་གྱིས་དོན་ཉན་འོང་དཀའ། འོན་ཀྱང་ད་རེས་ཀྱི་སྲུང་བ་འདིས་ལོ་སྐོར་གཉིས་ལ་བདེ་འཇག་ཡོང་ཤས་ཆེ་གསུངས་པ་ལྟར་དེ་ནས་བརྩམས་ཏེ་རྣམ་འགྱུར་ལྕགས་སྟག་བར་ཆབ་སྲིད་འཇམ་དར་དུ་གནས་ཤིང་། དེའི་ཕྱི་ལོ་ནས་རྒྱལ་བློན་ནང་འཁྲུགས་སོགས་མི་ཤིས་པ་གང་མང་བྱུང་བས་བདེན་པའི་ལུང་དོན་མངོན་སུམ་པར་མཐོང་། གཞུང་སའི་བཀའ་བློན་ཕུ་ལུང་བ་རབ་ཏུ་བྱུང་རྗེས་ཤིག་ལ་དགའ་ལྡན་སྣ་རིང་གི་འཇིགས་པས་ཉེན་པར་གྱུར་ནས། ཚེ་ལྷ་རྣམ་གསུམ་ལ་བརྟེན་པའི་རིམ་གྲོ་མཛད་པས། ཅང་མ་ཕན་གསུང་། དེ་ནས་མི་རིང་བར་ཆུ་ལ་གཡུགས། ཁོང་ཤི་ནས་ཡར་འབྲོག་གི་ལུག་ཅིག་ཏུ་སྐྱེས། དེ་ནས་ས་སྐྱའི་སྐུ་ངོ་ཞིག་ཏུ་སྐྱེ་བར་འགྱུར་

TN03_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

(༩༢)གསུངས། འདི་རིགས་གཞན་ཡང་སློབ་མ་དད་ཅན་ལ་སོ་སོར་འགྱེས་སྐབས་ད་རང་རེ་གཉིས་ཚེ་འདིར་ཕྲད་པར་དཀའ་གསུངས་པ་དང་། ད་དུང་ཐུག་ཡོང་གསུངས་པ་རྣམས་དེ་ཁོ་ན་ལྟར་གྱུར་པ་དང་། རྫོང་གསར་དུ་བཞུགས་སྐབས་ཤིག །དགོན་སྟོད་ལ་མེའི་དོགས་པ་གྱིས་གསུངས་པ་དང་། ལན་ཅིག་དགོན་སླད་དུ་མེ་ཟོན་གྱིས་གསུངས་ནས་བལྟར་ཕྱིན་པས། ཕྱོགས་དེ་དང་དེར་འཁྲིས་སུ་ཡོད་པའི་མི་རྣམས་ཀྱིས་ཀྱང་མ་ཚོར་བར་མེ་ཤོར་ནས་འདུག་པ་དང་། ཞབས་ཏོག་པར་ཕྱི་རོལ་གྱི་ཁད་པའི་ནང་དུ་ཡི་གེ་འབྲི་བའི་ལས་ཀ་སོགས་གནང་བ་ཇི་སྲིད་མ་གྲུབ་བར་ཉིན་ཞག་མང་པོ་སོང་ཡང་དེའི་གླེང་མོ་མི་མཛད་ལ། ཟིན་མཚམས་ཁོ་ནར་ཁྱེར་ཤོག་གི་དྲིལ་བརྡ་གནང་བ་ཞིག་སྟེས་དབང་མིན་པར་ཕལ་ཆེར་ལ་འོང་བ་དང་། སྐུ་མདུན་དུ་གློ་བུར་བའི་སྐྱེ་བོ་སོགས་ཀྱིས་ཞུ་ཕྲིན་བསྐུར་བ་ཉེ་གནས་རྣམས་ཀྱིས་ཞུ་བར་བརྩམས་པ་ན། དེ་བཤད་མི་དགོས། ཧ་གོ །གསུངས་པ་སོགས་དབང་འདས་ཀྱི་དོན་གཟིགས་པའི་མངོན་མཁྱེན་མངའ་བའི་གསུང་ཅི་རིགས་ཀྱང་ཞལ་ལ་བྱོན། སྣོད་བཅུད་ཀྱི་དགེ་ལེགས་ཉམས་པ་གསོ་བའི་ཕྱིར་ལྷག་གནས་དང་བྱིན་འཇུག་གཏེར་བུམ་སྒྲུབ་པ་སོགས་མང་དུ་མཛད། འགྲོ་འདུལ་རྒྱལ་སྲས་དཔའ་བོ་འཇིགས་མེད་ཆོས་དབང་ཞབས་ཀྱིས་ལྷ་རྫས་རིན་ཆེན་གཉིས་པའི་འབུལ་བ་དང་

TN03_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

(༩༣)བཅས་བསྐུལ་མ་མཛད་པ་ལྟར་རྫ་སྟོད་རྡོ་རིང་ཆེན་མོར་ཡེ་ཤེས་བརྟན་བཞུགས་ཀྱི་དགོངས་པ་གཏད་པས། དེའི་ཕྱོགས་དང་རྟ་པའི་ཉིན་ལམ་བདུན་བརྒྱད་ཀྱིས་བར་དུ་ཆོད་ཀྱང་རྟེན་ལ་ལྷག་པར་གནས་པའི་མེ་ཏོག་སེར་པོ་མཐའ་ཡས་པ་བབས་པ་རྡོ་རིང་ཕྱག་མཇལ་བའི་ཕོ་མོ་བརྒྱ་ཕྲག་དུ་མས་མངོན་སུམ་དུ་གྲུབ། གཤིན་པོའི་འགྲོ་བ་རྣམས་ལ་ཕན་གདགས་ཕྱིར་དུས་དང་དུས་སུ་གནས་ལུང་གི་ཆོ་ག་སྲེག་སྦྱོང་སཙྪ་གདབ་ཆོ་ག་དང་བཅས་པ་མཛད་ཅིང་། འདུས་པའི་དགེ་འདུན་ལ་ཀུན་རིག་གི་བྱང་བསྲེག་བགྱིད་དུ་སྩོལ་བ་དང་། སྐུ་ཚེའི་སྨད་ལ་ཉིན་རེ་བཞིན་ཚོགས་མཆོད་ཚར་གསུམ་དང་སྦྲེལ་བའི་སྐོང་བཤགས་ཀྱི་ཆོ་ག་རྒྱས་བསྡུས་གཉིས་རེ་ཆག་མེད་མཛད་པ་སོགས་རྗེས་འཛིན་གྱི་ཕྲིན་ལས་བསྐྱང་བའི་སྒོ་མང་། ཨ་བྷི་ཙརྱའི་ཕྲིན་ལས་ལ་རྩལ་དུ་བཏོན་པའི་བཟླས་བསྒོམ་སྣ་གཅིག་ཙམ་ཡང་མཛད་མ་མྱོང་བ་འདྲ་བོར་ཡོད་ཀྱང་། ཉག་མིའི་འཁྲུགས་ལོང་གིས་མདོ་ཁམས་པ་རྣམས་སྡུག་ལ་སྦྱོར་བའི་སྐབས་ཤིག །མནལ་ལམ་དུ་རང་ཉིད་ཀྱི་མདུན་སར་ལྕགས་གླང་ཞིག་ཏུ་ལིང་ཆུང་སྙིང་གར་སྟག་མའི་ལོ་མ་ལ། ཨེ་རྣི་ཏྲི་ཛཿཞེས་ཁྲག་གིས་བྲིས་པ་རེ་རེས་མཚན་པ་བཞི་བཅུ་རྩ་བཞི་བཀོད་འདུག །དེར་སྐྱེས་བུ་བརྗིད་ལྡན་ཞིག་གིས། འཁྲུགས་པ་འདིའི་རྗེས་འབྲང་ལ་ཕུང་བྱེད་ཀྱི་དམ་སྲི་བཞི་བཅུ་རྩ་བཞི་ཡོད་པས་

TN03_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

(༩༤)དེ་རྣམས་སྒྲོལ་དགོས་ཞེས་ནན་གྱིས་བཏུད་ནས་གསོལ་བ་འདེབས་པར། བྱུང་རྒྱལ་དུ་གུ་རུ་དྲག་པོའི་སྒོམ་བཟླས་ཤིག་བརྩམས་པའི་རྐྱེན་གྱིས་རང་གི་སྐུ་དཔལ་མགོན་མ་ནིང་གི་རྣམ་པར་སྐད་ཅིག་ལ་སོང་། དེ་ཡོངས་སུ་གྱུར་པ་ལས་ཀུན་ཐུབ་རྒྱལ་མོ་སྐུ་མི་ཚད་ལས་ལྷག་པ་ཞིག་ཏུ་བཞེངས། དགུགས་བསྟིམ་གྱི་ཏིང་ངེ་འཛིན་རེ་མཛད་པས། དམ་སྲི་གཅན་གཟན་དང་ཀླུ་ནོར་འདབ་ཆགས་ཤ་ཟན་འཇིགས་རུང་གི་མགོ་ཅན་གྲངས་མེད་པ་འདུས་ཏེ་ལིང་གཟུགས་རྣམས་ལ་ཞུགས། དེའི་མདོ་ལ་དེ་དག་རེ་རེ་ཞིང་གཟུགས་ཆེན་པོ་སྲོག་དང་བཅས་པར་གྱུར་བ། མཐར་གྱིས་མཚོན་ཆ་སྣ་ཚོགས་ཀྱིས་བསྒྲལ། ཁྲག་གི་རྒྱུན་འོ་ཆུ་ལྟར་བབས། ཤ་ཁྲག་དྭངས་སྙིགས་མེད་པར་གསོལ་ཏེ་སླར་ལྡང་བའི་གོ་སྐབས་བཅོམ། དེ་འདྲ་བ་ཉེར་བཞི་རྫོགས་པ་དང་མན་ལ་སད། སད་སྣང་དུའང་ཁྲག་གི་དྲི་ཚོར་བ་སོགས་བྱུང་སྟེ། དེ་སྐབས་སྲུང་ཟློག་གི་འཁྲུལ་འཁོར་སྐོར་རློམ་མང་ཡང་དོན་དུ་ཀུན་མཁྱེན་བླ་མ་འདི་ཁོ་ནའི་གཞན་ཕན་གྱི་ཐུགས་བསྐྱེད་ལ་ཧེ་རུ་ཀའི་བྱིན་རླབས་སྲོག་ཏུ་ཞུགས་ཟིལ་གྱིས་ནག་ཕྱོགས་གདུག་པའི་ཚ་ངར་ཕྱེད་ཙམ་ཞིག་ཞི་བ་ཡིན་པར་སྣང་ངོ། །དེ་རྗེས་ཉག་དཔོན་མགོན་རྣམ་དགའ་ལྡན་ཕོ་བྲང་པའི་དཔུང་གིས་མཐར་སྐྲོད་བཏང་། རྗེ་འདི་ལས་ཞལ་བཀོད་ནོད་པ་ལྟར་ཕོགས་དཔོན་ཕུན་རབས་སྤྱི་ཁྱབ་དཔོན་དུ་བསྐོས། ད་དུང་ཡང་འཕྲལ་

TN03_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

(༩༥)ལ་འཚུབ་འགྱུར་ཞིག་འོང་བར་ལུང་བསྟན་སྩལ་བ་བཞིན། སླར་ཉག་རོང་པ་རྣམས་ངོ་ལོག་ནས་རི་ནང་འབྲུག་རྫོང་གི་མཐའ་ཉིན་ཞག་མང་པོར་དམག་གིས་བསྐོར་ཏེ་བརྒལ་བས་རྫོང་སྡོད་རྣམས་རྔ་ཐོག་ཏུ་སྲན་མ་ལྷུང་བ་ལྟར་བག་མི་ཕེབས་པར་གནས་པའི་ཚེ་རྗེ་འདིས་རྒྱལ་ཁམས་བདེ་བའི་མཐུན་གྲོགས་ལ་རྣམ་སྲས་རྟ་སྔོན་ཅན་གྱི་བསྐུལ་བ་མཛད་པས། ནུབ་གཅིག་སྤྱི་ཁྱབ་དཔོན་གྱི་རྨི་ལམ་དུ། རི་ནང་གི་མདུན་རི་སྤང་འབུར་རྩེར་མི་ནག་པོ་མདུང་དར་ཐོགས་པ་ཤིང་སཱ་ལའི་སྡོང་པོ་བས་བོད་མཐོ་ཞིང་འཇིགས་སུ་རུང་བ་ཞིག་མདུང་རྟིང་ས་ལ་ལན་གསུམ་རྡེག་པའི་མོད་འཛམ་གླིང་གི་ས་གཞི་གཡོ་སྙམ་བྱེད་ཅིང་། ཀྭའི་ཕུན་རབ་པ་ཁྱོད་མ་འཇིགས་ཤིག ངེད་རང་སྡེ་དགེ་དགོན་ཆེན་ནས་འཇམ་དབྱངས་མཁྱེན་བརྩེས་བཏང་བ་ཡིན་ནོ་ཞེས་གསང་མཐོར་སྒྲོག་པའི་དང་ལ་གཉིད་སད། དེར་ཞག་གསུམ་ནས་ཉག་སྡེ་རྣམས་ཀྱིས་བཟོད་གསོལ་དང་བཅས་མགོ་ཚུར་བཏགས་བྱུང་བ་ཡིན་སྐད། སངས་རྒྱས་ཀྱི་ཕྲིན་ལས་པ་རྣམས་ཀྱི་ཐུ་བོ་འདི་ལ་ཀླ་ཀློའི་སྲུང་མ་རྣམས་རང་གི་རྒུད་པ་མི་ཟད་པ་ལྟ་བུར་མཐོང་སྟེ་ལྷག་པར་སྡང་བའི་ཕྱིར་ལན་གཅིག་ཀླ་ཀློའི་ཞགས་པ་བྱུང་ཟེར་ནས་དྲུ་གུ་འདྲ་བ་ཞིག་བབས་ཏེ་སྐུ་ལུས་བཅིངས། དགུ་ཚིགས་ཀྱི་ངོས་ཤིག་ལ་བསྡམས་སོང་བར། ནག་པོ་ཆེན་པོ་ཕྱག་བཞི་པ་

TN03_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

(༩༦)འོང་ནས་གྲི་གུག་བསྣུན་པས་བྱད་ཐག་དུམ་བུར་སོང་། གནམ་དཔག་ཚད་སྟོང་ཕྲག་དུ་མའི་སྟེང་ནས་ཛམ་བུའི་གླིང་གི་ས་ལ་ལྷུང་བར་རྩོམ་པ་ན། དམ་ཅན་རྡོ་རྗེ་ལེགས་པས་ས་ལྟར་ཡངས་པའི་ཐུ་བ་བཟེད་དེ། མགོན་ཆེན་སྡེ་བཞི་འདྲ་པོ་མ་གཏོགས། བདག་འདྲས་གཏོར་མ་ཙམ་ཡང་ཐོབ་མ་མྱོང་སྟེ། འདི་ལྟ་བུའི་གནས་སྐབས་ན་ང་ཡང་དགོས་དགོས་འདྲ་ཟེར་ནས་ཉེ་ཞོ་མེད་པར་བླངས་པའི་མནལ་ལྟས་ཤར། བདེ་ཆེན་པདྨ་ཤལ་ཕུག་ཏུ་གཏེར་གསར་ཐུགས་སྒྲུབ་ཀྱི་ཚོགས་སྐོང་མཛད་དུས་ཁྲོམ་མང་དུ་འདུས་པ་ལ་དབང་ཞིག་མཛད་པར་དགོངས་པའི་ཚེ། དམ་ཅན་དངོས་སུ་འོངས་ནས། འདིར་མི་ཉི་ཤུ་ལས་མང་བ་འཛུད་མི་ཉན་ཞུས་པས་ཁྲོམ་དབང་རྒྱབ་ཏུ་མཛད། པདྨ་ཤེལ་རིར་བཞུགས་དུས་ཕྱི་དྲོ་ཞིག་ལ། ད་ལྟ་འོག་གི་ཕ་བོང་འགྲམ་འདིར་རྡོ་རྗེ་ལེགས་པ་བྱུང་ནས་གཡས་ཀྱི་རྡོ་རྗེས་ཡར་གྱི་བྲག་ལ་བསྟན། མིག་ཟུར་གྱིས་མར་གྱི་སྒྲུབ་ཕུག་འདི་ལ་བལྟས་སོང་བས་འདི་གཉིས་ལ་གཏེར་ཁ་རེ་རེ་ཡོད་པར་འདུག་གསུངས་ཏེ། ཕྱིར་ཉིན་བྲག་གཉིས་པོ་ནས་གཏེར་རེ་རེ་བཞེས། ཟླ་གམ་དབང་ཕུག་ཏུ་བཞུགས་སྐབས། ཁྱབ་བདག་བློ་གྲོས་མཐའ་ཡས་པས་དཔལ་སྤུངས་རི་ཁྲོད་ཀྱི་རྟེན་གཙོ་གསར་བཞེངས་མཛད་པའི་ནང་དུ་གཞུག་རྒྱུའི་བྱིན་རྟེན་ཁྱད་འཕགས་ཤིག་དགོས་ཞུས་པར། རྡོ་རྗེ་གཡུ་སྒྲོན་མ་ལ་ཕྲིན་ལས་བཅོལ་

TN03_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

(༩༧)བས་དེས་རིན་པོ་ཆེ་ཨསྨ་གྷ་ལས་གྲུབ་པའི་རྡོ་རྗེ་སེམས་དཔའི་སྐུ་གཟུགས་ཁྱད་པར་ཅན་དངོས་སུ་ཕུལ། བྱང་ཆུབ་གླིང་པའི་ཟབ་གཏེར་ཀུན་བཟང་ཐུགས་གཏེར་འཁོར་འདས་རང་གྲོལ་གྱི་ཆོས་རྒྱུན་གསོས་སྐབས། ཇོ་མོ་རྒྱ་གར་མ་ཤིང་ལོའི་གོས་ཅན་མནལ་ལམ་དུ་འོངས་ནས། དགའ་རྟགས་འབྲས་ཀྱི་སྙེ་མ་ཞིག་དང་། དེའི་ཕྱི་ནུབ་ཀྱི་མཚན་ཐོག་ཐག་བསྙེན་བཀུར་ཞབས་ཏོག་ཕུལ་བ་སོགས་སྲུང་མའི་དབང་པོ་རྣམས་བྲན་བཞིན་རྟག་ཏུ་གནས་པས་ཕྲིན་ལས་ཐམས་ཅད་ཤུགས་འབྱུང་དུ་འགྲུབ། དེ་ལྟ་བུའི་རྣམ་པར་ཐར་པ་རྣམས་རྗེ་རང་ཉིད་ཀྱིས་མགུར་དུ་བཞེངས་པའང་སྣང་སྟེ། ཨ་ཧོ། དྲན་པས་གདུང་སེལ་ཁྱབ་བདག་གི་བླ་མ། །ཡེ་ཤེས་སྐུ་ཅན་སྙིང་དབུས་སུ་བཞུགས་ནས། །འབྲེལ་ཚད་རྣམ་གྲོལ་གོ་འཕང་ལ་སྦྱོར་བའི། །བྱིན་རླབས་ཟབ་མོ་མངོན་སུམ་དུ་སྩོལ་ཅིག །སྔོན་སྨོན་དཀར་པོའི་ཉེ་རྒྱུ་ལ་བརྟེན་ནས། མ་བསྒྲུབས་ཡི་དམ་ལྷ་ཞལ་དང་མཇལ་བ། བསོད་ཟད་འདྲེ་མཐོང་མཁན་པོ་ནི་མ་ལགས། །མངོན་སུམ་བྱིན་རླབས་ཐོབ་པ་འདི་དགའ་ཡོ། །མཚོ་སྐྱེས་བླ་མའི་ཐུགས་རྗེ་ལ་བརྟེན་ནས། །མ་འབད་ཆོས་ཀྱི་མཛོད་ཆེན་དུ་གྱུར་པ། །ས་རྐོ་རྡོ་རློག་རྫུན་རིབ་ནི་མ་ལགས། །སྤོབས་པའི་གཏེར་ཆེན་གྲོལ་བ་འདི་དགའ་ཡོ། །དྭངས་མ་ལས་རུང་གཟི་བརྗིད་ལ་བརྟེན་ནས། །མ་བོས་ཞིང་སྐྱེས་ཕོ་

TN03_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

(༩༨)ཉ་རྣམས་འདུ་བ། །ལས་ངན་མུ་གེ་རྐུབ་འཕེལ་ནི་མ་ལགས། །བདེ་སྟོང་བརྟུལ་ཞུགས་གྲུབ་པ་འདི་དགའ་ཡོ། །རྩ་རླུང་དྭངས་པའི་རྟེན་འབྲེལ་ལ་བརྟེན་ནས། །གསལ་སྣང་མེ་ལོང་གཟུགས་བརྙན་བཞིན་ཤར་བ། །མི་ཆོས་བླ་མའི་མགོ་སྐོར་ནི་མ་ལགས། །གང་སྨྲས་ཐོག་ཏུ་ཕེབས་པ་འདི་དགའ་ཡོ། །གནས་ལུགས་གཉུག་མའི་གསེང་ལམ་ལ་བརྟེན་ནས། །མ་བསྒོམ་དོན་དམ་མངོན་སུམ་དུ་གྱུར་པ། །ང་རྒྱལ་སྒོམ་ཆེན་རྒན་པོ་ནི་མ་ལགས། །རེ་དོགས་རྩད་ནས་ཟད་པ་འདི་དགའ་ཡོ། །བརྒྱུད་ལྡན་དམ་པའི་གཞུང་བཟང་ལ་བརྟེན་ནས། མ་འབད་གྲུབ་པའི་ངེས་གསང་ཀུན་མཐོང་བ། །རྩལ་བཤད་རྟོག་གེའི་ཚིག་སྐམ་ནི་མ་ལགས། །དོན་གྱི་དགོངས་ཟབ་རྟོགས་པ་འདི་དགའ་ཡོ། །རྩ་གསུམ་བྱིན་རླབས་སྙིང་དབུས་སུ་བཞུགས་པས། །མ་བརྩམས་ལས་བཞི་ཐོགས་མེད་དུ་གྲུབ་པ། །རྔ་གོག་ཟད་ཟད་སྡུག་ཡུས་ནི་མ་ལགས། །རང་གཞན་ཕན་བདེར་སྦྱོར་བ་འདི་དགའ་ཡོ། །སྔོན་བསགས་བསོད་ནམས་འཕེན་ཤུགས་ལ་བརྟེན་ནས། །མ་བསྡུས་ཟང་ཟིང་སྤྲིན་བཞིན་དུ་འདུ་བ། །བརྒྱ་བཤིག་སྟོང་བསྒུགས་བསེ་རག་ནི་མ་ལགས། །འཕྲལ་བྱུང་འཕྲལ་དགའ་མཆོད་སྦྱིན་འདི་དགའ་ཡོ། །གཞན་ཕན་བཟང་པོའི་ལེགས་སྨོན་ལ་བརྟེན་ནས། །མ་བསྐུལ་ཁྲོམ་ཚོགས་ལང་ལོང་དུ་འུར་བ། ཁྱི་རྒན་ལྷག་སྡུད་སློང་མཁན་ནི་མ་ལགས། །འབྲེལ་ཚད་དོན་

TN03_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

(༩༩)དང་ལྡན་པ་འདི་དགའ་ཡོ། །སྣང་བ་དབང་འདུས་རྟེན་འབྲེལ་ལ་བརྟེན་ནས། །མ་བསྟུན་བླ་དཔོན་དྲེགས་ལྡན་ཀུན་འདུད་པ། །ཅི་རག་ངོ་སྲུང་ཡི་དྭགས་ནི་མ་ལགས། །ཀུན་ལ་ཞེན་མེད་ཧུར་སྤྱོད་འདི་དགའ་ཡོ། །ལྷག་བསམ་དཀར་པོའི་རྟེན་འབྲེལ་ལ་བརྟེན་ནས། །མ་བཤད་མོས་ལྡན་ཐར་ལམ་དུ་འཁྲིད་པ། །སྐྱིད་སྡུག་སྒོས་ཁུར་ཚོགས་དཔོན་ནི་མ་ལགས། །གཞན་རྒྱུད་ངང་གིས་འགྱུར་བ་འདི་དགའ་ཡོ། །ཉེ་འཁོན་མེད་པའི་རྟེན་འབྱུང་ལ་བརྟེན་ནས། །མ་རྩོལ་བསྟན་པ་རིས་མེད་དུ་སྤེལ་བ། །རེ་བས་བསྒྲིབས་པའི་ལས་ཐབས་ནི་མ་ལགས། །ཕྱོགས་མེད་རིས་མེད་བློ་བདེ་འདི་དགའ་ཡོ། །ཡོངས་ལ་སྙིང་བརྩེའི་གཞན་དབང་ལ་བརྟེན་ནས། །མ་ཆགས་མི་འཁོན་ཐམས་ཅད་དང་མཛའ་བ། །ངོ་སྲུང་མཐུན་འཇུག་བསླུ་བྲིད་ནི་མ་ལགས། །རྒྱལ་ཁམས་གཅེས་ཕྲུག་གཞོན་ནུ་འདི་དགའ་ཡོ། །གང་ལ་བལྟས་ཀྱང་སྐྱོ་ཤས་དང་ངེས་འབྱུང་། མ་བཅོས་སྙིང་ནས་ལམ་ལམ་དུ་འཆར་བ། །རྟོགས་ལྡན་གསར་པའི་ཙབ་ཙུབ་ནི་མ་ལགས། །མངོན་ཞེན་གཏིང་ནས་ཐོངས་པ་འདི་དགའ་ཡོ། །ཆོས་འགལ་བྱ་བ་རླབས་ཆེན་གྱི་བདུད་ལས། །མ་སྤང་རང་བཞིན་ཤུགས་འབྱུང་གིས་དག་པ། །དགེ་སློང་གཞོན་ནུའི་ཚུལ་འཆོས་ནི་མ་ལགས། །ཆོས་དང་ཞུ་དག་ཕེར་བ་འདི་དགའ་ཡོ། །བླ་མ་ལྷ་ཡི་བྱིན་རླབས་ལ་བརྟེན་ནས། །མ་བཏུལ་རང་རྒྱུད་ཕྱོགས་མེད་དུ་གྲོལ་བ། །སྔགས་པ་རྒན་པོའི་རྦད་ཁམས་ནི་མ་ལགས། །ཤི་ཡང་འགྱོད་པ་མེད་པ་འདི་དགའ་ཡོ། །དགའ་བ་བཅུ་དྲུག་སྙེ་མ་དང་འགྲོགས་ནས། །དྲང་

TN03_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

(༡༠༠)སྲོང་དྲེགས་པའི་ངག་ཚིག་གི་གླིང་བུ། །རེ་དོགས་མེད་པར་ཐོལ་བྱུང་དུ་སྦྲེངས་པས། །འབྲེལ་ཚད་དོན་ལྡན་དགེ་ལེགས་སུ་གྱུར་ཅིག །ཅེས་བཀའ་སྩལ་ཏོ། །སྲིད་ན་གནས་ཀྱང་དེ་ཡི་ཉེས་པའི་རྡུལ། །ཆགས་པའི་གནས་མེད་ཀུན་དགའི་རོལ་རྩེད་ཅན། །ཚུལ་འདིས་བརྟན་རྣམས་འཇིག་རྟེན་དབང་ཕྱུག་གི །ཕྱག་ཡངས་པདྨས་བརྒྱན་པ་བཞིན་དུ་མཛེས། །སྤོང་ཀློག་ལས་གསུམ་དབྱར་གྱི་ཕུན་ཚོགས་བཞིན། །ཕན་ཚུན་མི་འདྲའི་ངོ་མཚར་བརྒྱས་གང་ཞིང་། །ཀུན་ཀྱང་འགལ་མེད་གྲོགས་སུ་སོང་བའི་ཚུལ། །འདི་འདྲའི་གནས་ལ་དཔྱོད་ཤེས་སུ་མི་དད། །བསྡུ་བའི་ཚིགས་སུ་བཅད་པའོ། །དེ་དག་གིས་ནི་དང་པོར་རྣམ་སྨིན་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་རྟེན་ཇི་ལྟར་བཞེས་ཚུལ། དེ་ནས་རྟེན་དེ་ལ་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བརྟེན་ཏེ་ཐོས་པའི་གྲུ་བོ་ཆེས་ལུང་གི་བསྟན་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཚུལ། དེའི་འོག་ཏུ་བསམ་སྒོམ་གྱི་མཁྱེན་རབ་རྨད་དུ་བྱུང་བའི་རྩལ་གྱིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྟོགས་པའི་བསྟན་པ་ལ་མངའ་བརྙེས་ཚུལ། མཐར་གཏིང་དཔག་དཀའ་བའི་ཐབས་མཁས་ཀྱི་འཇུག་པ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་ཚུལ་ཏེ་རྒྱལ་བས་བསྔགས་པའི་རྣམ་ཐར་གྱི་རྩལ་བཞི་པོ་འདི་བརྗོད་པ་ཡིན་ལ། དེ་དག་གི་ཁོངས་སུ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་རྣམས་ཀྱང་ཚང་བར་བསྙད་དེ། མཚན་ཉིད་དེ་དག་

TN03_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

(༡༠༡)ཀྱང་གང་ཞེ་ན། འདི་ལ་མདོ་བསྟན་བཅོས་ནས་མང་དུ་གསུངས་ཀྱང་། རེ་ཞིག་མདོ་སྡེ་རྒྱན་ལས་གསུངས་པ་འདི་དོན་གསལ་ཞིང་རྒྱས་པས། དེ་དང་སྦྱོར་ན། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཞེས་གསུངས་ཏེ། དེ་ལ་དུལ་བ་ནི་ཚུལ་ཁྲིམས་ཀྱི་བསླབ་པས་ཐུགས་སྦྱངས་པ་ལ་བྱེད་པས། དེ་ནི་སྔར་སོ་བྱང་གི་སྡོམ་པ་བཞེས་ཚུལ་དང་། བྱང་ཆུབ་ཀྱི་སེམས་གཉིས་སྦྱངས་པར་བཤད་པའི་ནང་ནས་འཇུག་སེམས་སྦྱངས་པ་དང་། སྐབས་ཕྱི་མར་བསྙེན་རྫོགས་ཀྱི་བསླབ་པ་ལ་གཅེས་སྤྲས་མཛད་ཚུལ་བརྗོད་པ་རྣམས་ཀྱིས་མཚོན་ཞི་བ་དང་། ཉེ་བར་ཞི་བ་ནི་གོ་རིམ་བཞིན་དུ་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པས་ཐུགས་རྒྱུད་བཏུལ་བ་ལ་བྱེད་དེ། དེ་ནི་བྱང་ཆུབ་སེམས་གཉིས་ལ་ཐུགས་སྦྱངས་པར་བསྟན་པའི་ནང་ཚན། དོན་དམ་སེམས་བསྐྱེད་སྦྱངས་པས་བསྡུས་ཏེ། བྱང་ཆུབ་སེམས་དཔས་ཞི་ལྷག་ཟུང་འབྲེལ་གྱི་སྦྱོང་བས་དེ་ཁོ་ན་ཉིད་སྒོམ་པ་ལ་དོན་དེས་སེམས་བསྐྱེད་ཉམས་སུ་ལེན་པར་འཇོག་པས་སོ། །ལུང་གིས་ཕྱུག་པ་ནི་ཐེག་ཆེན་གྱི་གསུང་རབ་རིས་སུ་མ་ཆད་པ་རྣམས་ལ་ལེགས་པར་སྦྱངས་པས་གདམས་ངག་སྟོང་གི་གླེགས་བམ་དུ་གྱུར་ཚུལ་ཇི་སྐད་བརྗོད་པ་རྣམས་ཀྱིས་བསྟན། དེ་ཁོ་ན་ཉིད་གཟིགས་པ་

TN03_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

(༡༠༢)ནི་ཟབ་མོ་དབུ་མའི་གཞུང་དོན་ལ་བློ་གྲོས་ཀྱི་སྣང་བ་ཐོབ་པར་བརྗོད་པ་དེས་བསྟན། ཡོན་ཏན་ལྷག་པ་ནི་སྙིགས་མའི་མཐའ་འདིར་གྲགས་ལྡན་གྱི་ཆེན་པོ་རྣམས་ཀྱི་ནང་ན་ཡང་སྐྱེས་བུ་དམ་པ་འདི་ལྟ་བུ་འབྱོན་པར་དཀའ་ཚུལ་དངོས་ཤུགས་ཅི་རིགས་སུ་བསྟན་པས་མཚོན། སྨྲ་མཁས་པ་དང་ལྡན་པ་ནི་ཆོས་སྟོན་པའི་རྒྱུན་དང་ལྡན་ཚུལ་རྣམས་ཀྱིས་བཤད། བརྩེ་བའི་བདག་ཉིད་ནི་ཅི་མཛད་གཞན་ཕན་དུ་འཇུག་ཚུལ་དང་། དམན་ལ་ལྷག་པར་བརྩེ་བ། གདུལ་བྱའི་ལོག་སྒྲུབ་བཟོད་ཚུལ་རྣམས་ཀྱིས་འཕངས་ཏེ་བསྟན། དེའི་སྔ་མས་གཞན་ཕན་ལ་སྤྲོ་བ་ཆེ་བའི་བརྩོན་བཅས་ཀྱང་འཕེན། སྐྱོ་ངལ་སྤངས་པ་ནི་ཆོས་འཆད་པ་ལ་སྐྱོ་དུབ་མེད་ཚུལ་བཤད་པས་སྟོན་ཏེ། དང་པོ་དྲུག་གིས་རང་རྒྱུད་ཕྱོགས་མེད་དུ་གྲོལ་ཚུལ་དང་། ཕྱི་མ་བཞིས་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་གྲོགས་སུ་གཏོར་ཚུལ་བརྗོད་པ་ཡིན་ནོ། ཁྱད་པར་དུ་གསང་སྔགས་སྟོན་པའི་སློབ་དཔོན་གྱི་མཚན་ཉིད་ལ། རྒྱུད་སྡེ་ཕྱི་ནང་དང་། ནང་པའི་ཡང་རྒྱུད་སྡེ་སོ་སོར་ཆེས་མང་དུ་གསུངས་མོད། གསང་སྔགས་ཀྱི་བླ་མ་བསྟེན་ཚུལ་སྤྱིའི་གཞུང་བླ་མ་ལྔ་བཅུ་པ་ལས་གསུངས་པ་ནི། བརྟན་ཅིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་འདྲི་བའི་ལས་ལ་མཁས། །སྔགས་བཤད་པ་ཡི་

TN03_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

(༡༠༣)སྦྱོར་བ་ཤེས། །རབ་ཏུ་དང་ཞིང་དབང་པོ་དུལ། །ཞེས་པ་སྟེ། འདི་དག་ནི་འགྲེལ་ཆེན་དྲི་མེད་འོད་དུའང་དྲངས་སོ། །དེ་ལ་བརྟན་པ་ནི་ལུས་ཀྱི་ཉེས་སྤྱོད་བསྡམས་པ་དང་། དུལ་བ་ནི་ངག་གི་ཉེས་སྤྱོད་བསྡམས་པ་སྟེ། དེ་གཉིས་ནི་གོང་དུ་སྐུ་གསུང་གི་མཛད་སྤྱོད་ཡོངས་སུ་དག་ཚུལ་ཉུག་ཙམ་སྨོས་པས་བརྗོད། བློ་གྲོས་ལྡན་པ་ནི། སྐྱེས་སྦྱངས་ཀྱི་མཁྱེན་རབ་ཕུལ་དུ་བྱུང་ཚུལ་རྣམས་ཀྱིས་བཤད། །བཟོད་ལྡན་ནི་གཞན་གྱིས་ལོག་སྒྲུབ་བཟོད་ཅིང་ཟབ་མོའི་ལྟ་བ་རྙེད་ཚུལ་བསྟན། དྲང་བ་སྟེ་ལྷག་བསམ་བཟང་བ་ནི་བཀའ་བཙན་ཚུལ་བརྗོད་པའི་སྐབས་སུ་ཐུགས་དགོངས་དྲང་བར་བསྟན་པ་དེས་ཟིན། གཡོ་སྒྱུ་མེད་པ་ནི་གསང་བ་སྲུང་བ་ལ་ཐུགས་སྒམ་པར་བསྟན་པས་མཚོན་ཏེ། རང་གི་ཡོན་ཏན་རྣམ་པར་དག་པ་རྣམས་ཀྱང་གཏེར་བཞིན་དུ་མི་མངོན་པར་མཛད་ན། ཡོན་ཏན་མེད་བཞིན་དུ་ཡོད་རྫུ་དང་། སྐྱོན་ཡོད་པ་ཟོལ་གྱིས་སྒྲིབ་པའི་སྐབས་མེད་པའི་ཕྱིར་རོ། །གཡོ་སྒྱུ་རྙེད་བཀུར་ལ་ཆགས་པས་འདྲེན་པར་བཤད་པས་ཞེན་མེད་ཀྱི་ཀུན་སྤངས་ཆེན་པོར་བཞུགས་ཚུལ་རྣམས་ཀྱིས་ཀྱང་སྟོན་ནོ། །བློ་ལྡན་ནས་འདིའི་བར་ཡིད་བསྡམས་པ་ཡིན་ཞིང་། ལུས་ངག་ཡིད་གསུམ་བསྡམ་ཚུལ་གྱི་གཙོ་བོ་ནི་སྐབས་གསུམ་པར་རྡོ་རྗེ་ཐེག་པའི་དམ་ཚིག་ལ་གཅེས་ནོར་ལྟར་གཟིགས་པར་བསྟན་པ་དེ་ཡིན་ནོ། །འདི་ཡན་ཆད་གྱིས་རྟོགས་བརྗོད་རྣམས་སུ་སྒོ་

TN03_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

(༡༠༤)གསུམ་བསྡམས་པ་དེ་ཉིད་ལ་དབང་སྒྱུར་ཐོབ་ཚུལ་ཡང་བསྡུ་ཡོད་པས་འོག་ནས་འབྱུང་བའི་དབང་པོ་དུལ་བའང་ཚང་། སྔགས་དང་རྒྱུད་ཀྱི་སྦྱོར་བ་ཞེས་པའི་རྒྱུད་ཀྱི་སྦྱོར་བ་ནི་སྨན་སྦྱོར་གྱི་བྱ་བ་ལ་གསུངས་ཏེ། སྔགས་དང་རྫས་ཀྱི་སྒོ་ནས་བགེགས་ཟློག་པ་སོགས་ཤེས་པའོ། །དེ་ནི་འཆད་འགྱུར་གྱི་དེ་ཉིད་བཅུ་སྟོན་བྱེད་དང་ཚིག་གི་རིམ་པ་གཅིག་གོ །སྙིང་བརྩེར་ལྡན་པ་ནི་གོང་སྨོས་བརྩེ་བའི་བདག་ཉིད་དང་གཉིས་ལ། ཐེག་ཆེན་གྱི་བླ་མ་སྤྱིའི་མཚན་ཉིད་དང་། བྱེ་བྲག་ཏུ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དུ་འགྲོ་བའི་ཆ་ཐ་དད་པ་མ་གཏོགས། ངོ་བོའི་བྱེད་པར་གཞན་མེད་པས་འཆད་བྱེད་ཀྱི་ཟུར་དུ་མ་བཀོད། བསྟན་བཅོས་ལ་མཁས་པ་ནི་བཅུ་ཕྲག་རིག་པའི་གཞུང་ལུགས་ལ་ནང་བྱན་ཆུད་ཚུལ་བཤད་པས་ཟིན། དེ་ཉིད་བཅུ་ཤེས་ཞེས་པའི་དེ་ཉིད་བཅུ་ལ་རྒྱུད་སྡེ་འོག་མའི་རྡོ་རྗེ་སློབ་དཔོན་གྱིས་མཁས་པར་བྱ་དགོས་པ་དང་། བླ་མེད་རྒྱུད་ཀྱི་སློབ་དཔོན་གྱིས་བྱེ་བྲག་ཏུ་སློབ་དགོས་པའི་དེ་ཉིད་བཅུ་ཚན་གཉིས་ལས། དང་པོ། དཀྱིལ་འཁོར། ཏིང་འཛིན། ཕྱག་རྒྱ། སྟངས་སྟབས། འདུག་སྟངས། བཟླས་བརྗོད། སྦྱིན་སྲེག །མཆོད་པ། ལས་སྦྱོར། གཤེགས་གསོལ་ཏེ་བཅུ་དང་། ཕྱི་མ་བསྒོམ་པ་དང་བྲིས་པའི་སྲུང་འཁོར་གྱིས་བགེགས་ཟློག་པ། གསང་ཤེར་གཉིས་ཀྱིས་མཚོན་པའི་དབང་བཞི། དགྲ་ཁ་སྦྱོར་དབྱེ་བ། གཏོར་མ། རྡོར་བཟླས་མཚོན་བྱེད་དུ་བྱས་པའི་བཟླས་པ་སྒོ་མང་པོ། ལྷ་ལ་དྲག་ཤུལ་སྒྲུབ་པ།

TN03_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

(༡༠༥)རབ་གནས། དཀྱིལ་འཁོར་སྒྲུབ་པ་སྟེ་བཅུ། དེ་ཐམས་ཅད་ལ་མཁས་པ་ནི་རྒྱུད། སྒྲུབ་ཐབས། ལེ་ལག་མན་ངག །ལག་ལེན་དང་བཅས་པ་ཕྱོགས་ལྷུང་མེད་པར་མཁྱེན་རབ་གཟོ་ཚུལ་གྱིས་བསྙད། ཚིག་གི་རིམ་པ་དེ་ཉིད་ཀྱིས་དཀྱིལ་འཁོར་འདྲི་བའི་ལས་ལ་མཁས་པ་ཡང་བསྟན། སྔགས་བཤད་པའི་སྦྱོར་བ་ཤེས་པ་སྟེ་གསང་སྔགས་འཆད་མཁས་པ་ནི། དཔའ་བོ་མཁའ་འགྲོའི་གསང་མཛོད་ལ་དབང་བསྒྱུར་བའི་སྟོབས་ཀྱིས་གསང་སྔགས་སྨྲ་བའི་ཁྱུ་མཆོག་ཏུ་གྱུར་ཚུལ་ཕྱི་མས་དངོས་སུ་ཟིན། རབ་ཏུ་དང་བསྟེ་ཐེག་ཆེན་ཐུན་མོང་མ་ཡིན་པའི་ཚུལ་རྣམས་ལ་དད་པ་མི་ཕྱེད་པ་ནི། ཆོས་ཚུལ་དེ་དག་ལ་བརྩོན་པ་དྲག་པོས་བྱ་བ་མཛད་ཚུལ་རྣམས་ཀྱིས་འཕེན་ཏེ། བརྩོན་འགྲུས་དད་པའི་རྩ་བ་ཅན་ཡིན་པར་ཤིང་རྟ་ཆེན་པོས་གསུངས་པའི་ཕྱིར་རོ། །གཞུང་དེ་དང་དུས་འཁོར་བསྡུས་རྒྱུད་སོགས་ཀྱི་བླ་མར་མི་རུང་བའི་མཚན་ཉིད་སྟོན་པའི་སྐབས་ལས་བཟློག་པའི་དོན་ལ་ཡོ་བྱད་ལ་སེར་སྣའི་ཀུན་འཛིན་བྲལ་བའང་ཡོད་པས། དེ་ནི་ནོར་གང་བྱུང་ཚོགས་བསགས་སུ་བཏང་བའི་ཚུལ་དང་སྦྱར་རོ། །གཞན་ཡང་རྡོ་རྗེ་གུར་ལས། ཉན་ཐོས་སྤྱོད་པ་སྐྱོང་བྱེད་ཅིང་། །སྔགས་ཀྱི་ཐེག་པའི་རིམ་པར་གུས། །གཟུགས་ལྡན་མཐོང་ན་དགའ་བ་དང་། དཀྱིལ་འཁོར་འདྲི་མཁས་བཟླས་པར་ལྡན། །ཞེས་གསུངས་པའི་དང་པོ་ནི་སྤྱོད་པ་དམ་པའི་ཆོས་འདུལ་བ་དང་བསྟུན་ཚུལ་བཤད་པ་དེས་བསྟན། དུས་ཀྱི་

TN03_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

(༡༠༦)འཁོར་ལོར་བཤད་མ་ཐག་པའི་མཚན་ཉིད་དང་ལྡན་པའི་སློབ་དཔོན་ལ་དགེ་སློང་། དགེ་ཚུལ། ཁྱིམ་པ་སྟེ་གསུམ་ལས། དང་པོ་རབ། དེ་ནས་རིམ་བཞིན་འབྲིང་དང་ཐ་མར་གསུམ་པ་ལ་སྦྱར་ནའང་། མགོན་པོ་འདི་རྡོ་རྗེ་འཛིན་པ་རབ་ཏུ་འགྱུར་ཏེ་དེའི་ཚིག་འཛིན་ཤིན་ཏུ་སླ། སྔགས་ཀྱི་ཐེག་པའི་རིམ་པར་གུས་པ་ནི་རབ་ཏུ་དང་བའི་ཐད་དུ་འདུ། གཟུགས་ལྡན་མཐོང་ན་དགའ་བ་ནི་སྐུའི་གཟི་བྱིན་ཐུན་མོང་མ་ཡིན་པར་བརྗོད་པས་བསྟན། དཀྱིལ་འཁོར་འདྲི་མཁས་ཀྱི་དོན་གོང་དུ་བསྡུས་ཟིན། བཟླས་པར་ལྡན་ཚུལ་ལྷག་པའི་ལྷ་མང་པོའི་བསྙེན་པ་མཛད་ཚུལ་གྱིས་བསྟན། དེའང་རབ་འཁོར་ལོ་ཅན་གྱིས་གནང་བ་དང་། མིན་ཡང་དེས་མ་བཀག་པའི་སྒོ་ནས་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་དུ་བྱེད་པར་གསུངས་པའི་ནང་ཚན་སྔ་མ་ཟུང་འཇུག་གྲུབ་པ་རྣམས་ཀྱིས་རྗེས་སུ་བཟུང་ལུགས་ཁྱད་པར་ཅན་བསྟན་པས་བསྙད། བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ལས། དངོས་གྲུབ་ཀྱིས་གཞན་ལ་ཕན་འདོགས་པའི་སློབ་དཔོན་ལ་མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་སོགས་དགོས་པར་གསུངས་པའང་དངོས་ཟིན་དུ་ཐོབ་པས་མཚོན། དུས་ཀྱི་འཁོར་ལོ་དང་རྫོགས་ཆེན་གྱི་རྒྱུད་སོགས་དུ་མ་དང་སྦྱར་དུ་ཡོད་མོད་ཀྱི། མང་བས་འཇིགས་ནས་མ་སྤྲོས་སོ། །དེ་ལྟ་བུའི་ཡོན་ཏན་རྣམས་རྫོགས་པར་ཚང་བ་མ་རྙེད་ན་ཡོན་ཏན་གྱི་ཕྱོགས་མང་པོ་ཙམ་ཡང་རྡོ་རྗེ་སློབ་དཔོན་དུ་བྱ་རུང་བར་དོན་དམ་བསྙེན་པ་ལས་གསུངས་ཤིང་། དེ་འདྲ་བ་ལ་བསྟེན་པའི་རྒྱུ་མཚན་དུ། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོང་མ་ཡིན། །ཞེས་མཚན་ཉིད་རྫོགས་པའི་བླ་མ་རྙེད་

TN03_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

(༡༠༧)དཀའ་བ་བཀོད་དོ། །དེ་བཞིན་དུ་ཐེག་ཆེན་སྤྱིའི་བླ་མ་ལའང་སྔར་བཤད་པའི་མཚན་ཉིད་ཐམས་ཅད་ཚང་བ་མ་རྙེད་ན། བྱ་རྒྱུད་དཔུང་བཟང་ལས་སྔགས་གཡོག་ལ་གསུངས་པའི་རིགས་པ་སྦྱར་ཏེ་མཚན་ཉིད་ཇི་སྐད་བཤད་པའི་བརྒྱད་ཆ་ཚང་བས་ཀྱང་རུང་བར་བཀའ་གདམས་པ་ཆེན་པོ་དག་གིས་གསུངས་ཏེ། དེ་ལྟར་ན་བདག་ཉིད་ཆེན་པོ་འདིའི་ཡོན་ཏན་གྱི་ཆ་ཕྲ་མོ་རེ་ཙམ་མངའ་བ་ལའང་ཐེག་མཆོག་དགེ་བའི་བཤེས་གཉེན་དང་། རྡོ་རྗེ་ཐེག་པའི་སློབ་དཔོན་གྱི་དོན་དང་ཐ་སྙད་གཉིས་ཀ་གནས་པ་ཡིན་ནོ། །ཚུལ་དེས་འདི་ལྟ་བུའི་རྒྱལ་བའི་གདུང་འཚོ་བ་ཡོན་ཏན་གྱི་ཕུང་པོ་རྣམས་ལ་ནི། བལྟ་བ་དང་། བསྙེན་བཀུར་བྱ་བ་དང་། གདམས་ངག་ལེན་པའི་སླད་དུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་གི་བྱང་ཆུབ་སེམས་དཔའ་དང་། ཁྱད་པར་གསང་སྔགས་ཀྱི་སྒོ་ལ་སྤྱད་པ་སྤྱོད་པའི་རྒྱལ་སྲས་དཔའ་བོ་རྣམས་ཀྱང་དཀའ་བ་མཐའ་ཡས་པ་སྤྱད་དེ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འཇུག་པ་ནི། རང་གི་བླ་མ་ལ་ཕྱོགས་ཞེན་བྱས་པའི་གཏམ་མིན་གྱི། དེ་བཞིན་གཤེགས་པའི་གསུང་ཚད་མར་བགྱིས་ནས་ཅུང་ཟད་དཔྱད་པའོ། །ཚིག་ཚོགས་འདབ་མ་མི་རིང་ཡང་། །རྟོགས་བརྗོད་སྡོང་པོ་མཛེས་བྱེད་རྒྱན། །སྐལ་བཟང་རབ་དགའི་མེ་ཏོག་འདི། །སྨྲ་བའི་བྱིས་པ་བདག་གིས་བསྐྱེད། །བར་སྐབས་ཀྱི་ཚིགས་བཅད་དོ། །གཤེགས་ཀའི་

TN03_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

(༡༠༨)ཕྱོགས་ཀྱི་ལོ་སྔ་ཕྱིར་ཕྱག་འཇལ་བ་སྔར་ལས་ཀྱང་ཆེས་མང་བར་འདུས་པས་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པར་མཛད། མེ་ཕག་ལོར་བདག་ཅག་གིས་ཞབས་པད་རིང་དུ་བརྟན་པར་གསོལ་བ་བཏབ་སྐབས། ཁོ་བོ་སྐྱེ་འཆི་ལ་རང་དབང་ཡོད་ཟེར་རྒྱུ་དཀའ་ཡང་། བསྟན་འགྲོ་དོན་ཆེན་འགྲུབ་པའི་སྒོར་འགྱུར་ངེས་སུ་མཐོང་ན་ལོ་བརྒྱར་ཡང་སྡོད་མི་ཆོག་རྒྱུ་ཆེར་མེད། ཅེས་གསུངས་ནའང་། དེ་ལྟ་བུའི་ལེགས་ཚོགས་བྱང་ཕྱོགས་པའི་སྐལ་བར་མ་ཤོངས་པས། རབ་ཚེས་ཆུ་འབྲུག་གི་གནམ་ལོ་གསར་དུ་འཆར་སྐོར་ཅིག་ལ། ཨ་ཙ་རའི་ཆས་ཅན་གཉིས་བྱུང་སྟེ། ངེད་གཉིས་རྒྱ་གར་ནས་འོངས། ད་ལྟ་རྡོ་རྗེ་གདན་ན་དགེ་འདུན་གྱི་སྡེ་དང་། འཆད་ཉན། མཆོད་པ་སོགས་ཀྱི་སྲོལ་རྣམ་དག་ཡོད་ཀྱང་། མཁན་པོ་མེད་ནས་རྗེ་ཉིད་མཁན་པོར་གདན་འདྲེན་དུ་བཏང་བ་ཡིན་ཟེར་བའི་རྨི་ལམ་ཅིག་བྱུང་ཅི་ཞིག་ཡིན་ཨང་། དེ་སུ་ལ་མ་ཟེར་ཞེས་པ་དང་། བདེ་བ་ཅན་ན་དེ་བཞིན་གཤེགས་པ་འོད་དཔག་མེད་དགེ་སློང་གི་དགེ་འདུན་རྒྱ་མཚོའི་ནང་ན་བཞུགས་པའི་སྣང་བ་འབའ་ཞིག་འཆར་བར་འདུག །ཅིས་ཡིན་མི་ཤེས་ཞེས་ཉེ་གནས་ལ་གསུངས། རྣམ་རྒྱལ་ཆོ་འཕྲུལ་ཟླ་བའི་ཉེར་ལྔ་ལ་དུས་མཆོད་རྒྱས་པ་མཛད། སྐུ་འཁྲིས་ཀྱི་དཔེ་ཉོ་བ་སོགས་དག་པར་བསྡུས་ནས། མཆོད་དཔོན་བླ་མ་ལ་དེ་རིང་ནས་བརྩམས་ཏེ་ཁྱོད་ཀྱི་དཀའ་ལས་ཅིའང་མི་དགོས་གསུངས། དེའི་ཕྱི་ཉིན་ནས་སྐུ་ཁམས་ཅུང་ཟད་རྙོག་པའི་ཚུལ་བསྟན། དྲུང་འཁོར་རྣམས་ཀྱིས་སྐུ་རིམ་སྒྲུབ་དགོས་ཚུལ་ཞུས་

TN03_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

(༡༠༩)པས། ཅི་ཡང་མི་དགོས། ཟླ་བ་རྗེས་མའི་ཉི་ཤུ་སྐོར་ལ་དྭངས་འགྲོ་གསུངས། ནན་གྱིས་ཞུས་པས། ད་འོ་ན་ངས་ཚེ་རིལ་པོར་དབང་ཆོས་ཧ་ཅང་བཤད་ཆེས་ཤིང་། དམ་ཚིག་ལ་སོ་ནམ་བྱེད་མཁན་ཉུང་བར་འདུག་པས་ནད་འདི་བྱུང་བ་ཡིན། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ཅི་འགྲུབ་རེ་བསྒྲུབ་ན་ལེགས་པ་ཡོད། ངེད་ཀྱི་རིང་ལ་གཏོར་བཅའ་མ་མྱོང་བས་དེ་རིགས་ཀྱིས་ནི་དགོས་པ་མི་མཆི་གསུངས། སྨོན་ལམ་གྱི་བྱིན་གྱིས་བརླབས་པའི་སྤྲུལ་པ་ལྔ་འབྱུང་ཞིང་། དེ་ལས་བཞིས་གསུང་སྔགས་སྔ་འགྱུར། ས་སྐྱ། དགེ་ལུགས། བཀའ་རྒྱུད་པ་རྣམས་ཀྱི་རིང་ལུགས་སོ་སོར་བཟུང་སྟེ་བསྟན་པ་ལ་བྱ་བ་བྱེད་ཅིང་། གཅིག་བོན་ལུགས་པ་རྣམས་ལ་མངོན་མཐོའི་འཇུགས་ངོགས་སྟོན་པའི་སླད་དུ་གཡུང་དྲུང་གི་ལུགས་འཛིན་པར་སྔ་གོང་ནས་ལུང་བསྟན། ཉིན་གཅིག་འོ་མ་གསོལ་ཞལ་གང་བཞེས་པ་ལ་སྐྱེམས་ཀྱི་ཕྱི་མར་མཛད། དེ་ནས་དབོ་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་གཉིས་པའི་ནང་སྔ་ཕྱག་བསིལ་ནས། ད་ལས་ཀ་ཚར་བར་འདུག་བཅའ་ལག་ཕར་ཁྱེར་གསུང་། མེ་ཏོག་འཐོར་བ་དང་སྦྲགས་ནས་ཤིས་བརྗོད་ཀྱི་བདེན་ཚིག་མང་གསུང་གི་ཐ་མར་སྩལ། དེར་ཉིས་དྲོས་ཀྱི་ཆ་ཙམ་ན་བི་མའི་ཐུགས་ཏིག་གི་ལུང་བསྟན་ལྟར་ཡེ་ཤེས་ཀྱི་སྐུ་ཕུང་པོ་རགས་པའི་ཟ་མ་ཏོག་སྤངས་ཏེ་འཇམ་དབྱངས་སྤྲུལ་པའི་ཕོ་བྲང་དཔལ་རི་བོ་རྩེ་ལྔའི་གཞལ་མེད་ཁང་ལ་སོགས་པར་ཆུ་ནང་གི་ཟླ་བ་ལྟ་

TN03_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

(༡༡༠)བུའི་གར་གྱིས་གཤེགས། དེ་དང་མི་རིང་པའི་སྔ་ལོགས་ས་གཡོ་འཇམ་པོ་དང་། གཤེགས་རྗེས་སུ་ཞལ་གྱི་དཀྱིལ་འཁོར་ཟླ་བ་ལྟར་དག་པ་དང་། སྐུ་ཤིང་བལ་ལྟར་ཡང་བ་སོགས་བྱུང་། དེར་ཁྱབ་བདག་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་ཞབས་དང་། ཐར་རྩེ་མཁན་ཆེན་རིན་པོ་ཆེ་གཉིས་ཀྱིས་བླ་མ་མཆོད་པ་ཐུགས་རྒྱུད་སྐུལ་བའི་གསོལ་འདེབས་དང་བཅས་པ་རྒྱ་ཆེར་བསྒྲུབས། ཟླ་བ་དེའི་རྫོགས་པ་ཕྱི་མར་སྐུ་གདུང་རིན་པོ་ཆེ་ཙནྡ་ན་དང་དང་ཨ་ཀ་རུ་སོགས་བཟང་ཤིང་འབའ་ཞིག་གི་ཞུགས་ལ་སྤྱན་དྲངས་པས་མེ་ཏོག་དཀར་པོའི་ཆར་པ་ཡང་ཤིན་ཏུ་འཐུག་པར་བབས། སྐྱེ་དགུའི་ཉིན་བྱེད་ནུབ་པའི་བྱུང་བ་འདི། །ཡིད་ལ་གདུང་བསྐྱེད་པས་སྨྲར་མི་སེམས། །དེ་ལྟའང་ཞི་བར་གཟིམས་པའི་གཏམ་གྱིས་ཀྱང་། །སངས་རྒྱས་ཕྲིན་ལས་བྱེད་སྙམས་ཆ་ཙམ་བསྙད། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་རྗེ་རང་གི་སྐུའི་དབོན་པོ་གཙུག་ལག་གཉིས་ལ་རྣམ་དཔྱོད་ཆེ་ཞིང་ལྷག་བསམ་རླབས་པོ་ཆེའི་མཐུ་ཅན་སྐལ་བཟང་རྡོ་རྗེ་ཞེས་རྗེ་ཉིད་ཆོས་དབང་རིན་པོ་ཆེར་གྱུར་དུས། ལྷོ་བྲག་ན་རྡོ་རྗེ་སྒྲོན་མ་ཟེར་བའི་སྦྱིན་བདག་མོ་ཞིག་ཡོད་པ་དེའི་སྐྱེ་བར་ལུང་བསྟན་པ་དེ་དང་། དུལ་ཞིང་བརྟན་ལ་བློ་ཆེ་བ་སོགས་དམ་པའི་ཡོན་ཏན་གྱིས་བརྒྱན་པ། ཁྱད་པར་དུའང་བླ་མ་སངས་རྒྱས་ལྟར་བསྙེན་བཀུར་བའི་མཐུ་ལས་རྒྱལ་བའི་ལུང་རྟོགས་ཀྱི་སྒོ་དུ་མ་ལ་ཞུགས་པ་ཉེ་གནས་ཆེན་པོ་འཇམ་དབྱངས་ལེགས་པའི་བློ་གྲོས་དང་

TN03_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

(༡༡༡)མ་ཏི་རིན་པོ་ཆེ་རྣམ་གཉིས་ལ་སོགས་པས་དབུས་གཙང་ཁམས་གསུམ་དུ་མཆོད་འབུལ། མང་བསྐོལ། འགྱེད་གཏོང་རིགས་བགྲང་བར་དཀའ་བ་དང་། རྟེན་བཞེངས་ཀྱི་བགྱི་བ་རྒྱ་ཆེན་པོས་དགོངས་པ་རྫོགས་པའི་ཐབས་ཚུལ་གསོལ་སྨོན་དང་བཅས་པ་བསྒྲུབས་པ་སྟེ། འདི་དག་གི་དྲིན་ལས་ཀུན་མཁྱེན་བླ་མའི་སྐུ་གདུང་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ཀྱི་རང་བཞིན་ཅན་ཕྱི་མཐའི་བར་དུ་ལྷ་དང་མི་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་མངོན་པར་སྣང་བས། སྐྱེས་བུ་ཆེན་པོའི་ཟླ་བ་ཆོས་དབྱིངས་སུ་མནལ་ཡང་། གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་བདུད་རྩི་དཀར་པོའི་དགའ་བ་ནི་ད་དུང་ཡང་ཉམས་པ་མེད་པར་གྱུར་ཏོ། །དེ་དག་ནི་མདོར་བསྡུས་པ་ཙམ་སྟེ། རྒྱ་ཆེར་ཁྱབ་བདག་བླ་མ་བློ་གྲོས་མཐས་ཡས་ཀྱི་གསུང་རབ་ལས་ཤེས་པར་བྱའོ། །སླར་སྨྲས་པ། མང་ཐོས་ཆུ་གཏེར་བཞི་ཡི་མཚམས་ལས་བརྒལ། །མི་མཉམ་ཡོན་ཏན་རིན་ཆེན་རྡུལ་མང་བརྩེགས། །གཞན་ཕན་རང་འོད་མཁའ་དང་སྙོམས་འཇུག་པ། །རྒྱལ་བསྟན་མཐོ་རིས་འདེགས་པ་གཞན་ཡོད་མིན། །བོད་ཆེན་འཛིན་མའི་ཉུང་འབྲུར་སྲིད་ཞིའི་ཁྱོན། །དོགས་པོར་འགེངས་པའི་རྣམ་ཐར་སྟོང་གསུམ་གཟུགས། །གསལ་རྫོགས་དབང་འབྱོར་སྐྱེ་བའི་ཡ་མཚན་གཏམ། །ཐུན་མོང་མཐོང་བ་དང་སྦྱར་ཆ་ཙམ་བསྙད། །བསྔགས་པའི་གནས་འདི་དུས་མང་སྦྱང་བའི་བློ། །མཐའ་ཡས་རྩལ་མངའ་དེ་ཡིས་ལེགས་ཕྱེ་

TN03_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

(༡༡༢)མོད། །བརྒྱ་བྱིན་རོལ་པ་ཡོངས་འདུའི་མེ་ཏོག་ནང་། རྩེ་བའི་སྐལ་བཟང་བུང་བ་སུ་ཞིག་འགོག །ཀྭ་ཡེ་གྲོགས་དག་མཁྱེན་རབ་ཉིན་བྱེད་ནི། སྨོན་ལམ་དྲོ་བ་སྙིང་རྗེའི་འོད་རྣོན་དང་། །ལྷན་ཅིག་འགྱེད་འདིས་ཁྱེད་བློ་སྨིན་འགྱུར་གྱིས། །ངོ་མཚར་རྟོགས་བརྗོད་རི་བོའི་ཟོམ་འདི་བསྟེན། །བསོད་ནམས་འདི་ཡིས་མཐའ་ཀླས་འགྲོ་བ་ཀུན། །ལམ་སྟོན་ཕྱི་དང་ཐབས་ཤེས་ནང་གི་ནི། །ཡོངས་སུ་འཛིན་པས་སྲིད་ཞིའི་མཐའ་བཀག་སྟེ། །སྐུ་བཞིའི་རྒྱལ་སྲིད་མཆོག་ལ་སྤྱོད་གྱུར་ཅིག །བྷོ་ཊའི་ཡུལ་གྱི་སློབ་དཔོན་ཆེན་པོ་མཉྫུ་ཤྲཱི་དྷརྨ་མི་ཏྲའི་རྟོགས་པ་མདོ་ཙམ་དུ་བརྗོད་པ་འཇིག་རྟེན་ཀུན་ཏུ་དགའ་བའི་གཏེར་ཞེས་བྱ་བ་འདི་ནི། རྗེ་བཙུན་བླ་མ་དེ་ཉིད་ཀྱི་ཉེ་གནས་ཆེན་པོ་འཇམ་དབྱངས་ལེགས་པའི་བློ་གྲོས་པས། བླ་མའི་རྣམ་ཐར་མདོ་རྒྱུད་ནས་གསུངས་པའི་སློབ་དཔོན་གྱི་མཚན་ཉིད་རྣམས་དང་སྦྱར་བ་ཞིག་བྲིས་ཞེས་བཀྲ་ཤིས་པའི་དར་དཀར་སྲིད་དུ་རིང་བ་དང་བྲི་གཞི་སྩལ་བ་བཅས་བསྐུལ་མ་མཛད་ཅིང་། རང་གི་མོས་གུས་ཀྱི་གསོས་སུ་དམིགས་ཏེ། སླར་ལ་བསྐུལ་ཞུ་ཕུལ་བ་ལྟར་གནང་བའི་ཟིན་བྲིས་ཀྱི་ཡི་གེ་ཐོར་བུ་དང་། ལྔ་རིག་སྨྲ་བའི་དབང་པོ་ཀརྨ་ཚེ་དཔལ་བས་ཀྱང་ཟིན་ཐོ་གནང་བ་དག་ལ་བརྟེན་ཅིང་། ཁྱད་པར་བཻ་རོ་དངོས་བྱོན་བཀའ་གཏེར་བསྟན་པའི་ཤིང་རྟ་བླ་མ་རྗེ་བཙུན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས་མཛད་པའི་རྟོགས་བརྗོད་རིན་པོ་ཆེ་ལ་གཞི་བྱས། དེར་ཕྱི་ནང་གསང་བའི་རྣམ་ཐར་ཁུག་པའི་ཚུལ་

TN03_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

(༡༡༣)དུ་གསུངས་པ་རྣམས་འཁོར་ལོ་གསུམ་གྱི་རྟོགས་བརྗོད་ཀྱི་དཀྱུས་སུ་བསྐྱར། ཚིག་རྒྱས་པ་རྣམས་ཅུང་ཟད་བསྡུས། དེར་མི་གསལ་བ་འགའ་ཞིག་ཁ་བསྐངས་ཏེ། རྒྱས་བསྡུས་འབྲིང་པོའི་ཚུལ་དུ། མགོན་པོ་དེ་ཉིད་ཀྱི་ཞབས་རྡུལ་རིན་པོ་ཆེའི་ཕྲེང་བ་གཙུག་གི་རྒྱན་དུ་ཐོབ་པ། མདོ་སྨད་ཀྱི་སྤྲང་པོ་འཇིགས་མེད་བསྟན་པའི་ཉི་མ་ཕྲིན་ལས་ཀུན་ཏུ་ཁྱབ་པའི་དཔལ་གྱིས་མྱོས་བྱེད་ཀྱི་ལོ་ས་ག་ཉ་བའི་དཀར་ཕྱོགས་དགའ་བ་དང་པོར། བརྫི་མེད་ཆོས་ལུང་བསམ་གཏན་དགའ་འཁྱིལ་གྱི་རི་རྩེར་ཉིས་བྲིས་མ་བྱས་པར་གང་དྲན་ཅི་ཐོན་ཆུ་བབས་ཀྱི་རྩ་ཐོར་བཀོད་པ་འདིས་ཀྱང་འགྲོ་ཀུན་ཟུང་འཇུག་བླ་ན་མེད་པའི་རྒྱལ་ཐབས་ལ་རེག་པར་གྱུར་ཅིག །མངྒ་ལཾ།། །།འདི་ནི་དང་པོའི་འཆར་གཞི་ཙམ་བཀོད་པ་ལས་ཕྱིས་ཉིས་བྲིས་མ་ཐུབ་པར་སོར་གནས་སྟེང་མགོ་མཇུག་གི་ཚིགས་བཅད་ཙམ་བསྣན་ནས་སྦྱར་བྱང་བརྒྱབ་པ་ཡིན་པས་བློ་གསལ་མཁས་པས་གཟིགས་ཉན་ཆེར་མེད་ཀྱང་རྐྱེན་འགས་བསྐུལ་ནས་སྤར་དུ་བརྐོས་པ་དགེ། །

TN03_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

(༡༡༤)

མཚུངས་བྲལ་རྒྱལ་བའི་མྱུ་གུ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་རྟོགས་བརྗོད་ཕྱོགས་ཙམ་གླེང་བ་བདུད་རྩིའི་ཟིལ་ཐིགས།

TN03_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

(༡༡༥)མཚུངས་བྲལ་རྒྱལ་བའི་མྱུ་གུ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་རྟོགས་བརྗོད་ཕྱོགས་ཙམ་གླེང་བ་བདུད་རྩིའི་ཟིལ་ཐིགས་ཞེས་བྱ་བ་བཞུགས།

TN03_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

(༡༡༦)དཔལ་ལྡན་བླ་མ་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་ཡབ་གཅིག་རྒྱལ་བའི་ཞིང་ཀུན་ཏུ། །རྒྱལ་སྲས་གཞོན་ནུའི་གཟུགས་ཀྱིས་རྣམ་རོལ་པ། །འཇམ་པའི་དབྱངས་ཞེས་གྲགས་པའི་རྔ་བོ་ཆེའི། །རང་སྒྲས་སྲིད་གསུམ་འགེངས་པ་དེ་ལ་འདུད། །དེ་ཡིས་འཇིགས་མེད་སྤོབས་པའི་མཆོག་བྱིན་ཏེ། །ཟབ་རྒྱས་ཆོས་ཀྱི་སྒྲ་དབྱངས་མི་ཟད་པས། །ཐར་འདོད་རྣམ་བྱང་དབང་པོ་རྒྱས་མཛད་པ། །མཚུངས་མེད་བླ་མ་དེ་ལ་གུས་ཕྱག་འཚལ། །ཞེས་མཆོད་པར་བརྗོད་ནས། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ། སྐུ་ཚེ་དཔག་ཏུ་མེད་པ་ནས་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་བསླབས་ཤིང་། །རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་ལེགས་པར་བསྒྲུབས་པ། གསུང་རབ་ཀྱི་དགོངས་དོན་གསལ་བར་བྱེད་པའི་

TN03_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

(༡༡༧)བཤད་པ་དང་དབེན་པར་ཡང་དག་འཇོག་ལ་བརྩོན་པའི་སྒྲུབ་པ་སྟེ་འཁོར་ལོ་གཉིས་ཀྱིས་ཐེག་པ་མཆོག་གི་བསྟན་པའི་སྲོག་བཟུང་བ། །བསྟན་པའི་སྣང་བ་ཆེས་མི་གསལ་བའི་ཡུལ་གྱི་སྐྱེ་བོའི་ཚོགས་འབུམ་ཕྲག་དུ་མ་ལ་ཡང་མངོན་མཐོ་ངེས་ལེགས་ཀྱི་ལམ་བཟང་ཉིན་མོ་ལྟར་གསལ་བར་མཛད་པས་འགྲོ་བའི་བླ་མ། འཇིག་རྟེན་གྱི་མགོན་པོ་ཞེས་ཕྱོགས་དང་ཕྱོགས་བྲལ་གྱི་དམ་པ་རྣམས་ཀྱིས་སྙན་པའི་རྒྱུད་མངས་མགྲིན་གཅིག་ཏུ་བླངས་པ། དོན་གྱིས་སླད་དུ་མཚན་ནས་སྨོས་ཏེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་རྟོགས་བརྗོད་ཕྱོགས་ཙམ་གླེང་བ་ལ་གཉིས་ཏེ། སྐུ་ཚེ་སྔ་མའི་བྱུང་བ་དང་། སྐུ་ཚེ་འདི་ཉིད་ཀྱི་མཛད་པའོ། །དང་པོ་ནི། རྒྱ་གར་འཕགས་པའི་ཡུལ་དུ་སློབ་དཔོན་ཆེན་པོ་ཞི་བ་ལྷ་དང་། བོད་ཡུལ་

TN03_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

(༡༡༨)དུ་ཨ་རོ་ཡེ་ཤེས་འབྱུང་གནས་སུ་གྱུར་པ་ལ་སོགས་པའི་འཁྲུངས་རབས་ཀྱི་ཕྲེང་བ་དུ་མ་ཞིག་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཟབ་གཏེར་འགྲོ་འདུལ་འཕགས་པ་སེམས་ཉིད་ངལ་གསོའི་ཆོས་སྐོར་ན་བཞུགས་པར་གྲགས་ཀྱང་དེང་དུས་མཇལ་དུ་མི་སྣང་བས་འཆད་པར་མ་ནུས་ལ། སྐུ་འདིའི་སྔ་རོལ་དེ་མ་ཐག་པར་ཡོངས་སུ་གྲགས་པ་ནི་བྱང་རྒྱུད་རྫ་ཆུའི་འགྲམ་གྱི་སྟོད་ཕྱོགས་སུ་བྱུང་བའི་དཔལ་དགེ་བསམ་གཏན་ཕུན་ཚོགས་ཞེས་བྱ་བ་འཕགས་པ་འཇམ་དཔལ་ལ་ཐུགས་དམ་གྱི་ལྷར་མཛད་ཅིང་མཚན་བརྗོད་འབུམ་ཕྲག་ལྷག་པ་ཞལ་འདོན་དུ་མཛད་པ། སྔོན་དུས་རྨོག་གྲུབ་ནམ་མཁའ་ཆོས་དབང་རྫ་སྟོད་མ་མོའི་ཐང་དུ་ཕེབ་སྐབས་ས་ཕྱོགས་འདིར་འཕགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པའི་སྐྱེས་བུ་ཞིག་གི་དམ་ཆོས་ཡི་གེ་དྲུག་མའི་རྡོ་འབུམ་ངོ་མཚར་ཅན་བཞེངས་པར་འགྱུར་ཞེས་ལུང་བསྟན་པ་ལྟར་དཔལ་དགེའི་རྡོ་རིང་མར་གྲགས་པའི་རྟེན་བཞེངས་ཆེན་པོ་མཛད་དེ་མཐོང་ཐོས་དྲན་རེག་གི་འགྲོ་བ་དཔག་ཏུ་མེད་པ་ལ་དཀར་པོ་རྣམ་པར་འཕེལ་བའི་ས་བོན་བཏབ་ཅིང་ད་དུང་དུ་ཡང་ཕྲིན་ལས་ཀྱི་རྒྱུན་ཆུ་བོའི་རྒྱུན་ལྟར་འཇུག་བཞིན་པ་དེའོ། །གཉིས་པ་ནི། བོད་ཀྱི་རུས་ཆེན་སྡེ་ལྔའི་ནང་ཚན་གདོང་སྨུག་པོའི་རིགས་ཀྱི་བྱེ་བྲག་དགེ་རྩེ་ཞེས་པའི་སྡེར་རྒྱལ་ཐོག་ཞེས་པའི་གདུང་ལས་རབ་ཡིད་རྣམ་བྱུང་ཞེས་པས་འབྲུག་གི་ལོར་སྐྱེ་བའི་མྱུ་གུ་སད། དབུ་གདུགས་

TN03_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

()ལྟར་འདུག་པ་དང་ཞལ་རས་པདྨ་ལྟར་རྒྱས་པ། སྐྱེ་མཆེད་ཤིན་ཏུ་དྭངས་པ། རང་བཞིན་གྱིས་སྙུན་ཉུང་བ། ཆུང་ངུ་ཉིད་ནས་ཤེས་རབ་དང་། སྙིང་རྗེ་དང་། སྙིང་སྟོབས་ཆེས་ཆེ་བ། སྤོབས་པའི་གཟེངས་མཐོ་ཞིང་སྨྲ་མཁས་པ་སོགས་ཡོན་ཏན་གྱི་འབྱོར་པ་ཚད་མེད་པས་མཐོ་བ་ཞིག་བྱུང་། འབྲི་ཀློག་དཀའ་བ་མེད་པར་མཁྱེན། རྡོ་བླ་མཁས་གྲུབ་ཆེན་པོ་འཇིགས་མེད་སྐལ་བཟང་གིས་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི། སྤྲུལ་པའི་སྐུར་ངོས་བཟུང་ཞིང་། གྲུབ་པའི་དབང་ཕྱུག་འཇིགས་མེད་ཕྲིན་ལས་འོད་ཟེར་ལའང་དེ་ཚུལ་གྱི་རྒྱུ་མཚན་ཞུས་པས། ཁོང་གི་ཞལ་ནས། དེ་ཁྱེད་ཀྱིས་ངོས་འཛིན་བྱས་པ་ལྟར་ཡིན་ངེས། ངས་ཀྱང་ཀློང་ཆེན་སྙིང་ཐིག་གི་བསྟན་པ་ཡོངས་རྫོགས་དགོངས་གཏད་སྨོན་ལམ་དང་བཅས་པས་དེ་ལ་གཏད་པ་ཡིན་ཅིང་། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོར་མཚན་གསོལ་བ་ཡིན་ཞེས་ཕྱི་མཐའ་གཟིགས་པའི་ལུང་བསྟན་སྩལ། དེ་དག་ལ་བརྟེན་ནས་དཔལ་དགེ་གོང་མའི་དབོན་པོ་དཀོན་མཆོག་གིས་བླ་བྲང་དུ་སྤན་དྲངས་ཏེ་སྤྲུལ་པའི་སྐུར་མངའ་གསོལ། རིག་འཛིན་འཇིགས་མེད་གླིང་པའི་ཐུགས་སྲས་འཇིགས་མེད་རྒྱལ་བའི་མྱུ་གུ་ཞེས་འབྲེལ་ཚད་དོན་ལྡན་གྱི་སྐྱེས་བུ་དམ་པ་དེ་ལས་སྔ་ཕྱིར་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ལམ་ཁྲིད་ཁོ་ནའང་ཚར་ཉི་ཤུ་རྩ་ལྔ་གསན་ཅིང་། ཁྲིད་སྦྱང་ཡང་དེ་སྙེད་གྲུབ་པར་མཛད། གཞན་ཡང་རྩ་རླུང་དང་

TN03_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

(༡༢༠)རྫོགས་ཆེན་གྱི་ཁྲིད་སོགས་ཤིན་ཏུ་སྨིན་པ་དང་། སྔ་འགྱུར་བཀའ་མའི་སྐོར་སོགས་མང་དུ་གསན། གོང་སྨོས་ཀྱི་མཁས་པ་འཇིགས་མེད་སྐལ་བཟང་དང་ཀུན་མཁྱེན་གྱི་དངོས་སློབ་རྗེ་བླ་མ་འཇིགས་མེད་ངོ་མཚར། རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་ལས་ཀྱང་ངལ་གསོ་སྐོར་གསུམ། སྤྱོད་འཇུག །རྩ་རྒྱུད་གསང་བ་སྙིང་པོ། རིག་གནས་སྐོར་འགའ་ཞིག་སོགས་དང་། ཞེ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་ལས་བཀའ་འགྱུར་གྱི་ལུང་དང་སྒྲ་རིག་གསན། གང་གསན་དེ་དག་ལན་རེ་ཙམ་གྱིས་ཐུགས་སུ་ཆུད་ཅིང་། གཙོ་བོར་བཀའ་བསྟན་འགྱུར་རོ་ཅོག་དང་ཀུན་མཁྱེན་ཡབ་སྲས་ས་པ་རྗེ་ཙོང་ཁ་པ་སོགས་རིས་མེད་པའི་སྐྱེས་ཆེན་རྣམས་ཀྱི་ལེགས་བཤད་ལ་དཔེ་གཟིགས་ཁོ་ན་རྟག་འགྲུས་སུ་བརྩོན་པར་མཛད་པས་ཉིན་རེ་ཞིང་མཁྱེན་རྟོགས་ཟླ་བ་ཡར་ངོ་ལྟར་གོང་འཕེལ་དུ་འགྱུར། ཐ་ན་འཇིག་རྟེན་གྱི་ཕོ་སྒོ་འང་འགྲན་ཟླ་མེད་པ་ཞིག་སྟེ། སྐུ་ན་ཤིན་ཏུ་ཆུང་བའི་དུས་ཤིག་དཔལ་དགེ་དབོན་པོ་ལ་བཙན་པོས་གཉའ་གནོན་ལྟ་བུའི་ཁ་མཆུ་ཞིག་ཕོག་སྟེ་སྡེ་དགེའི་སྐུ་ཚབ་རྩར་གཏུག་ཤེར་བྱས་སྐབས་བྱང་སྡེ་རྫ་ཆུ་ཁ་ཙམ་ན་ཕོ་རྒོད་ཡ་མེད་དུ་གྲགས་པའི་འབུམ་ཤུལ་མཐུ་སྟོབས་མགོན་པོ་བྱ་བ་དེ་རྗེ་འདིས་ལན་གཅིག་མ་ཡིན་པར་ཤགས་ཀྱིས་ཕམ་པར་བྱས་ནས་རྒྱལ་ཁ་བླངས་པས་དཔལ་དགེ་དབོན་པོ་མགུ་སྟེ་སྤྲུལ་སྐུ་ཡིན་རུང་མིན་རུང་ལོ་མ་སྤྱད་ཅིག་རེད་ཟེར་སྐད། ཀུན་མཁྱེན་མཆོག་སྤྲུལ་རིན་པོ་

TN03_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

(༡༢༡)ཆེ་འཇིགས་མེད་ཡེ་ཤེས་རྡོ་རྗེ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ཅིང་ཕེབས་སྐབས་ཤིག་རྗེ་འདིས་ཉེ་སྐོར་དུ་བྱོན་ནས་དཔལ་དགེ་ཞེས་བོས་ཏེ། ཁྱེད་དཔའ་སྙིང་ཅི་འདྲ། བཟང་ན་འདིར་ཤོག་གསུངས་ནས་སྐུ་རྩར་ཕྱིན་པ་དང་སྐྲ་ནས་བཟུང་སྟེ་ས་ལ་བརྡབས་ཤིང་དྲུད་དེ་བྱོན་པས་མཚམས་ཤིག་ན་ཆང་གི་དྲི་ཞིག་ཆིལ་གྱིས་བྱུང་། དེར་འོ་ཁོང་གིས་ཆང་གསོལ་ཡོད་པ་འདྲ་གྲུབ་ཐོབ་ཆེན་པོ་འདི་འདྲ་ཡང་ཆང་བཟས་འཆོལ་སྤྱོད་འདི་འདྲ་མཛད་པས་བཅོམ་ལྡན་འདས་ཀྱིས་ཆང་གི་ཉེས་དམིགས་མང་པོ་བཀའ་སྩལ་པ་ཐོག་ཏུ་བབས་སྙམ་པ་ཅིག་བྱུང་བའི་མོད་ཕྱག་གིས་བཏང་སྟེ་ཁྱེད་ཚོ་རྟོག་གེ་བ་བྱ་བ་འདི་འདྲའི་རྣམ་རྟོག་ངན་པ་འཆར་བ་ཕའུ། ཁྱོད་ཁྱི་རྒན་རེད་ཅེས་གདོང་ལ་ཞལ་མཆིལ་བཏབ། མཛུ་གུ་ཆུང་བསྟན་ནས་བཞུད། དེ་འཕྲལ་ག་རེ་ང་འཁྲུལ། །དེ་ངོ་སྤྲོད་ཅིག་ཡིན་པར་འདུག་སྙམ་ནས་ལུས་གནད་བཅོས་ཏེ་བཞུགས་པས་ཟང་ཐལ་གྱི་རིག་པ་ནམ་མཁའ་གཡའ་ཐག་ཆད་པ་ལྟ་བུ་ཞིག་མངོན་དུ་གྱུར་ཏེ་སྔོན་ནས་འཇིགས་མེད་རྒྱལ་བའི་མྱུ་གུས་རིག་ངོ་སྤྲད་པ་དེ་ནམ་ལང་བའི་སྟེང་དུ་ཉི་མ་ཤར་བ་བཞིན་སོང་། ཕྱིས་སུ་ཡང་ཁྱི་རྒན་ཟེར་བ་འདི་སྐུ་ཕྱོགས་མཁྱེན་བརྩེས་ང་ལ་གསང་མིང་བཏགས་པ་ཡིན་ཞེས་ཞལ་རྩེད་གནང་། སྦས་པའི་རྣལ་འབྱོར་པ་ཆེན་པོ་བསོད་ནམས་དཔལ་དགའི་ཞལ་སྔ་ནས་དང་ལྷན་ཅིག་ཀློང་སྙིང་རྩ་རླུང་གི་ཁྲིད་སྦྱང་ཤིན་ཏུ་རྒྱུན་རིང་བསྐྱངས།

TN03_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

(༡༢༢)དཔལ་དགེ་དབོན་པོ་འདས་ནས་གཤེགས་རྗེས་ཀྱི་བྱ་བ་རྣམས་རྫོགས་འཕྲལ་བླ་བྲང་བསྡུས་ནས་ཀུན་སྤང་ཀུན་ཏུ་རྒྱུའི་ཚུལ་གྱིས་གནས་ངེས་མེད་དུ་ཕེབས། རྫོགས་ཆེན་གདན་སར་ཡུན་རིང་ཙམ་བཞུགས། སྐྱབས་མགོན་རྫོགས་ཆེན་རིན་པོ་ཆེ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། སྐུ་ཞབས་གཞན་ཕན་མཐའ་ཡས་འོད་ཟེར་སོགས་ལས་དམ་པའི་ཆོས་ཀྱི་བདུད་རྩི་མཐའ་ཡས་པ་བཞེས། རུ་དམ་ཡང་དབེན་གཤིན་རྗེའི་སྒྲུབ་ཕུག་དང་ཚེ་རིང་ཕུག་སོགས་སུ་ཐུགས་དམ་མཛད་པས་བྱང་ཆུབ་སེམས་གཉིས་དང་། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཀྱི་རྟོགས་པ་ནམ་མཁའ་དང་མཉམ་པ་བརྙེས། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཆེན་མོ་དང་ཐེག་ཆེན་མདོ་སྡེ་མཐོང་བའི་ཕན་ཡོན་སོགས་ལེགས་བཤད་ཀྱི་རྩོམ་པའང་མང་དུ་མཛད། དགུང་ལོ་སུམ་ཅུའི་ནང་ཤེད་ཨ་མདོ་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་གྱི། སྙན་པ་གསན་ནས་མཇལ་དུ་བྱོན་ཡང་། ཞབས་དཀར་གཤེགས་ཚར་བའི་སྐད་ཆ་ལམ་བར་དུ་གསན་ནས་གདུང་དབྱངས་ཀྱི་ཚིགས་བཅད་མཛད་ཅིང་གསེར་ཐལ་ཕྱོགས་ཡར་ལུང་པདྨོ་བཀོད་དུ་དགེ་མང་སྐུ་ཞབས་ཀྱི་གྲྭ་འཁོར་གསེབ་ཏུ་ཞུགས་ནས་ཕེབས། དེར་དགེ་མང་རིན་པོ་ཆེས་གསང་སྙིང་རྒྱུད་བཤད་རྒྱས་པར་གནང་སྐབས་རྗེ་འདིས་ཁྲིད་དཔོན་མཛད་ཅིང་། དེ་རྗེས་ཀྱང་གནས་དེར་ལོ་གཉིས་ཙམ་ལ་ཞག་ཞེ་ལྔ་རེའི་རིང་རྒྱུད་བཤད་ཤིན་ཏུ་རྒྱས་པ་བཀའ་དྲིན་

TN03_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

(༡༢༣)དུ་བསྩལ་བས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་སྤྲིན་མཐོངས་ཀྱི་ཉི་ཞུར་ཙམ་གསལ་བར་བྱུང་བས། ཡུལ་གསེར་སྟོད་དུ་སྙིང་པོའི་བསྟན་པ་དར། ཞེས་པའི་ལུང་བསྟན་ཐོག་ཏུ་ཁེལ་བར་གླེང་། དཔལ་ཤུལ་སྟོབས་རྒྱལ་སོགས་ཀྱིས་སྤྱན་དྲངས་ཏེ་དཔལ་ཤུལ་ཁག་གསུམ། གསེར་ཐལ་ཚོ་མ་ལག་བཅོ་བརྒྱད་ཕལ་མོ་ཆེ་དང་བཅས་པ་ལ་སྤྱོད་འཇུག མ་ི་བཀའ་འབུམ། བདེ་སྨོན་སོགས་ཆོས་ཀྱི་སྦྱིན་པ་གྲངས་མེད་པ་སྩལ་ཞིང་བདེ་སྨོན་དང་ཡི་གེ་དྲུག་མའི་ཕྲིན་ལས་ཁྱབ་གདལ་དུ་སྤེལ། གསོན་རིམ་དང་གཤིན་ཆོག་ལ་སྐམ་ལུག་མང་པོ་བསད་དེ་དགེ་འདུན་ལ་དམར་སྟོན་བྱེད་པའི་སྲོལ་ངན་རྒྱུན་བཅད་ཅིང་ཇག་རྒྱ་རྐུན་ཁྲིམས་བཞག་སྟེ་ཕན་བདེའི་ལམ་སྲོལ་ཆེན་པོ་བཏོད་རིམ་གྱིས་རྡོ་ཡུལ་དུ་ཕེབས་ཤུག་ཆུང་དགོན་སོགས་སུ་ཆོས་ཅི་རིགས་བསྟན། ཤུག་ཆེན་སྟག་མགོར་ཡུན་རིང་བཞུགས་ནས་བཀའ་འགྱུར་རིན་པོ་ཆེ་ཞིབ་ཏུ་གཟིགས་ཤིང་བཀླག་པས་མདོ་སྡེ་མང་པོ་ཐུགས་ལ་ཟིན་གསུངས། ཨ་རིའི་ནགས་ཀྱི་ལྗོན་ཤིང་ཡལ་འདབ་རྒྱས་པ་ཞིག་གི་དྲུང་དུ་ཟླ་བ་ཁ་ཤས་བཞུགས་ཏེ། ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ཞེས་པ་དེ་འདི་འདྲ་ལ་ཟེར་བ་ཡིན་ཞེས་ཐུགས་སྤྲོ་ཉམས་མཛད། དེར་གཞི་ཆེན་སྤྲུལ་སྐུ་སོགས་དོན་གཉེར་ཅན་མང་པོ་ལ་སེམས་ཉིད་ངལ་གསོ་དང་ཡོན་ཏན་མཛོད་ཀྱི་བཤད་ཁྲིད་རྒྱུན་རིང་དུ་བསྐྱངས། འཛི་ཀར་ཡང་ཕེབས་ཏེ་མ་ི་བཀའ་འབུམ་སོགས་

TN03_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

(༡༢༤)གསུངས་ཤིང་ཡིག་དྲུག་གི་ཕྲིན་ལས་རྒྱས་པར་མཛད། ཛ་མཐང་དུ་ཀུན་མཁྱེན་དོལ་པོའི་འགྲེལ་པའི་སྟེང་ནས་རྒྱུད་བླ་མ་རྒྱས་པར་བཤད་ཅིང་བསྡུས་དོན་བརྩམས། གཙང་པ་དགེ་སློང་ངག་དབང་ཆོས་འབྱོར་ལས་སྦྱོར་དྲུག་གསན། མི་ཉག་གི་ཡུལ་དུ་བྱོན་ཏེ་འདྲ་བ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་ལ་ཕར་ཕྱིན་སྐོར་གྱི་དྲི་བ་མང་པོ་ཞུས་པས་ཁྱོད་སུ་ཡིན་གང་ནས་འོང་གསུངས་པར། དཔལ་དགེ་ཟེར་བ་ཁམས་རྫ་ཆུ་ཁ་པ་ཞིག་ཡིན་ཞུས། ཕྱིར་ཕེབས་རྗེས་དགེ་བཤེས་ཆེན་པོ་དེས་ཉེ་གནས་ལ་དེ་སུ་ཡིན། ཁོ་དཔལ་དགེ་བྱ་བ་ཡིན་ཟེར་ཏེ་རྒྱལ་ཁམས་ན་ཡོངས་སུ་གྲགས་པའི་སྐྱེས་བུ་དམ་པ་ཞིག་ཡིན་པའི་འོས་སུ་འདུག་གསུང་སྐད། སྨར་ཁོག་སྟོད་སྨད་མང་པོར་ཡང་མ་ི་བཀའ་འབུམ་གཙོ་བོར་གྱུར་པའི་དམ་པའི་ཆོས་ཀྱི་ཆར་ཕབ་སྟེ་བ་ལང་ལྟ་བུའི་སྐྱེ་བོ་བླུན་པོ་རྣམས་ལའང་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་བསྐྲུན། དད་པ་དང་སྙིང་རྗེ་ཆུང་བ་དཀར་ཕྱོགས་ལ་སྡང་ཞིང་སྡིག་ལ་འཛེམ་མེད་དུ་སྤྱོད་པའི་མི་དཔོན་དང་ཇག་དཔོན་ང་རྒྱལ་ཅན་ཤིན་ཏུ་གདུལ་དཀའ་བ་རྣམས་ཀྱང་སྙིང་རྗེའི་དཀའ་ཐུབ་གྲུབ་པའི་གསུང་གི་མཚམས་ལས་འདའ་བར་མ་ནུས་ཏེ་རྐུན་རྒྱ་ཇག་ཁྲིམས་དང་རྔོན་པ་མང་པོའི་སྡིག་འཕྲོ་གཅོད་པ་སོགས་ཀྱི་སྒོ་ནས་ཡུལ་ཁམས་དཀར་པོར་བསྒྱུར། སྨར་རོང་གི་ཡུལ་མཐའ་སྔོན་ཆད་ཡིག་དྲུག་འདོན་པ་ལྟ་ཅི་བསྒྲང་ཕྲེང་ལག་ཏུ་འཛིན་སྲོལ་ཙམ་ཡང་གཏན་མེད་པའི་ཕྱོགས་སོགས་སུའང་ཆོས་བསྟན་ཏེ་མ་ི་འདོན་པའི་

TN03_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

(༡༢༥)སྲོལ་ལམ་པོ་ཆེ་བཞིན་དུ་ཡངས་པོར་བཏོད་པས་མཚོན་གདུལ་དཀའ་འདུལ་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ། སླར་ཡང་རྡོ་ཡུལ་དུ་བྱོན་ནས་དྷི་ཆུང་ཕུག་ཏུ་བཞུགས་སྐབས་སྐུ་ཞབས་མཁྱེན་བརྩེ་རིན་པོ་ཆེ་སྒར་པ་དར་རྩེ་མདོ་ཕྱོགས་ནས་བཏེགས་ཏེ་གཉན་པོ་གཡུ་རྩེའི་གནས་མདུན་སྔོ་མཚོའི་ཁར་ཕེབས་པ་གསན་ནས་དེར་ཆེད་གཏད་ཀྱིས་བྱོན། སྐུ་ཞབས་ཀྱང་ཤིན་ཏུ་དགྱེས་ནས་ཆོས་ཀྱི་གསུང་གླེང་མང་དུ་མཛད། མཁའ་འགྲོ་བདེ་ཆེན་རྒྱལ་མོའི་དབང་ཞིག་གནང་བར་ཞུས་པས། དེ་ངས་གསང་རྒྱས་བཏབ་ནས་སུ་ལའང་མ་བྱིན་པར་ལོ་མང་སོང་བ་ཡིན་ཏེ། ད་རེས་ཁྱོད་ལ་སྟེར་ཞེས་དགྱེས་བཞིན་གནང་། ལོ་བརྒྱད་ཅུར་འཚོ་བའི་ལུང་བསྟན་དང་འབྲེལ་ཚད་དོན་ལྡན་གྱི་དབུག་དབྱུང་སོགས་ཕྱི་ནང་གསང་བའི་བཀའ་ལུང་མང་པོ་ཐོབ་ནས་སླར་ཡང་རྡོ་ཡུལ་དུ་ཕྱགས་ཕེབས། སྟོད་སྨད་ཕན་ཚུན་གྱིས་སའི་ཆ་དུ་མར་སྤྱོད་འཇུག་གཙོ་བོར་གྱུར་པའི་ཆོས་སྦྱིན་བཀྱེས། དེ་ནས་མི་རིང་བར་སྟོད་ཕྱོགས་སུ་ཞབས་པད་བཀོད། རྫོགས་ཆེན་དགོན་སེང་གེ་རིའི་ཆོས་གྲྭ་དང་པད་མའི་ཐང་དང་ནགས་ཆུང་མའི་རི་ཁྲོད་སོགས་སུ་མངོན་རྟོགས་རྒྱན་དང་། རྩ་བ་ཤེས་རབ། མདོ་སྡེ་རྒྱན། མངོན་པ་མཛོད། སྒྱུ་འཕྲུལ་གསང་སྙིང་། ཡོན་ཏན་མཛོད། སྡོམ་གསུམ་རྣམ་ངེས་སོགས་མང་དུ་བཤད། ལོ་སྔ་ཕྱི་དུ་མར་སྤྱོད་འཇུག་གསུང་སྐབས་ས་ཕྱོགས་དེར་མེ་ཏོག་གསེར་ཆེན་འདབ་མ་སུམ་ཅུ་དང་ལྔ་བཅུ་ཡོད་པ་

TN03_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

(༡༢༦)སོགས་སྔར་མེད་མང་དུ་སྐྱེས་པ་ལ་སྤྱོད་འཇུག་མེ་ཏོག་ཏུ་གྲགས་པ་བྱུང་། མངོན་རྟོགས་རྒྱན་ལ་ལེགས་བཤད་གསེར་ཕྲེང་གི་རྗེས་སུ་འབྲང་བའི་སྒོམ་རིམ་བརྩམ་པ་ཕྱིས་སུ་རྗེ་མི་ཕམ་པས་འདི་ལས་ངོ་མཚར་ཆེ་བ་མ་མཐོང་ཞེས་ཆེད་དུ་བསྔགས། མཁན་པོ་ཤེས་རབ་བཟང་པོ་ལས་རབ་ཏུ་བྱུང་སྟེ་མཚན་འཇིགས་མེད་དགེ་བའི་འབྱུང་གནས་སུ་གསོལ། སྡེ་དགེ་ལྷ་སྲས་འཆི་མེད་རྟག་པའི་རྡོ་རྗེ་སྐུ་མཆེད་ཉག་སྐེད་པའི་འོག་ནས་ཐར་ཏེ་རྒྱལ་སར་འཁོད་དུས་རྫོགས་ཆེན་བླ་བྲང་ནས་གདན་ཞུས་དགའ་སྟོན་ཕུལ། དེ་སྐབས་རྗེ་འདིས་ཀྱང་བཟང་པོ་སྤྱོད་པའི་ཆོས་འབྲེལ་དགྱེས་བཞིན་གནང་། འདི་དུས་མཆོག་གྱུར་བདེ་ཆེན་གླིང་པའང་རྫོགས་དགོན་དུ་བྱོན་ཏེ་རུ་དམ་གངས་ཁྲོད་ནས་བདེ་མཆོག་སངས་རྒྱས་མཉམ་སྦྱོར་གྱི་གཏེར་ཁ་བཞེས། ཆོས་སྐོར་དེ་དང་རིགས་གསུམ་སྙིང་ཐིག་སོགས་ཀྱི་ཆོས་བདག་ཏུ་ངོས་འཛིན་གནང་བ་ལྟར་རྗེ་འདིས་ཀྱང་ཐུགས་དད་ཆེན་པོས་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་བ་རྣོག་ཆོས་སུ་གསན། སླར་ཡང་དགེ་འདུན་ཚོགས་མང་ལ་དགོངས་འདུས་སྒྲུབ་ཐབས་སྐོར་གྱི་ལུང་གནང་བར་རྗེ་འདིས་གསོལ་བ་བཏབ་ནས་དེ་བཞིན་བསྩལ་བ་མཇུག་རྫོགས་མཚམས་སུ་གསུང་མཐོན་པོས་འོ་དེ་རིང་རང་རེ་རྣམས་ཀྱིས་གཏེར་སྟོན་སངས་རྒྱས་གླིང་པའི་མདུན་ནས་བླ་མ་དགོངས་འདུས་ཐོབ་པའི་སྐལ་བཟང་བྱུང་བ་རེད་པས་ཀུན་གྱིས་བསྙེན་སྒྲུབ་རེ་གྱིས། ཞེས་གསུངས། ཀ་ཐོག་རྡོ་རྗེ་

TN03_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

(༡༢༧)གདན་དུའང་ཞབས་ཀྱིས་བཅགས་ཏེ། དམ་གཙང་བྱམས་གསུམ་གྱི་གདུང་འབུམ་ལ་ཕྱག་སྐོར་མང་དུ་མཛད་ཅིང་། སི་ཏུ་མཆོག་སྤྲུལ་དམ་པ་ཆོས་ཀྱི་བློ་གྲོས་སོགས་ཀྱིས་གསོལ་བ་བཏབ་པ་ལྟར། གཙུག་ལག་ཁང་ཆེན་མོར་འདུས་སྡེ་ཡོངས་ལ་སྤྱོད་འཇུག་རྒྱས་པར་གསུངས། ཞིང་སྐྱོང་རིན་པོ་ཆེས་ཀྱང་ཆོས་ཐུན་གཅིག་ཙམ་གསན། དགེ་རྩེ་སེར་ཤུལ་དགོན་དང་། ལབ་ཁྲི་འདུ་དགོན་ཆུ་ཧོར་དགོན་སོགས་རི་བོ་དགེ་ལྡན་པའི་དགོན་ཆེན་མང་པོར་བྱོན་ནས་སྤྱོད་འཇུག་སོགས་ཀྱི་བཤད་པ་རྒྱ་ཆེར་སྩལ། དེ་དག་གི་ཚེ་ཡང་གསར་རྙིང་གི་གྲུབ་མཐའི་ཕྱོགས་འཛིན་དང་། དགག་བཞག་གི་ཟེར་མཆུ་རང་བསྟོད་གཞན་སྨོད་སོགས་སྐབས་སུ་མ་བབས་པ་དང་། དུས་ཀྱིས་དབང་ལས་ཆགས་སྡང་གི་རྒྱུར་འགྲོ་བའི་གཏམ་རྣམས་ཆ་ཤས་ཙམ་ཡང་མ་འདྲེས་པར་འགྲེལ་པ་མཁན་སུའི་ལུགས་ལྟར་བཤད་པ་དེ་དང་དེའི་རང་བཞེད་ཁ་གཙང་། གསལ་ཞིང་དག་ལ་ཟུར་ཕྱིན་པ། དོན་གྱི་གནད་ཐོག་ཏུ་འདྲིལ་ཞིང་། ཧ་ཅང་རྒྱས་བསྡུས་ཀྱི་མཐར་མ་ལྷུང་བ་ཉམས་ལེན་གྱི་སྟེང་དུ་བསྐོར་ནས་གསུངས་པས་ལྷ་ལྡན་སྨོན་ལམ་རབ་འབྱམས་པ་མང་པོས་ཀྱང་ཡི་རང་གི་མེ་ཏོག་འཐོར་ཞིང་གུས་པས་བཏུད། ཧོར་ཁང་གསར་སྐྱབས་མགོན་བྱོན་ནས་གདོལ་པའི་དྲང་སྲོང་གི་གཏམ་དུ་གྲགས་པ། གང་གིས་ཁམས་གསུམ་ཁམས་ཟས་སུ། །ཞེས་པའི་དབུ་ཅན་དེ་བཤད་ཁྲིད་ཀྱི་ལུགས་སུ་གསུང་པར་ཞུས་པས་སྤྱི་དོན་བཀོད་ནས་བཀྲལ་ཏེ་གསུངས་

TN03_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

(༡༢༨)འདན་པདྨ་རི་མཐོའི་ཤེལ་དཀར་ཕུག་ཏུ་རྒྱང་ཙམ་བཞུགས་སྐབས་སྡེ་དགེའི་གཟིམ་དཔོན་བཀྲ་ཤིས་དགེ་ལེགས་ཀྱིས་ཞུས་ངོར་ལྷ་ཆོས་དང་མཐུན་པའི་གཏམ་པདྨའི་ཚལ་གྱི་ཟློས་གར་ཞེས་བྱ་བའི་ཡ་མཚན་ཅན་དེ་དང་། སྐུ་ཞབས་མཁྱེན་བརྩེའི་གསོལ་འདེབས་ཆེན་མོ་བཀྲ་ཤིས་དགེ་ལེགས་མཛད། ཕྱིས་སུ་གཙོ་བོར་བླ་མ་སྤྱན་རས་གཟིགས་ཀྱི་གདན་ས་རྫ་རྒྱལ་དགོན་གྱི་ཉེ་སྐོར་ཉིད་དུ་བཞུགས་ཤིང་བྱམས་ཆོས་དང་རྩ་ཤེས། བུད་དྷ་པཱ་ལི་ཏ། སྤྱོད་འཇུག །ཡོན་ཏན་མཛོད། བཟང་སྤྱོད་བཤད་པ་སོགས་ཅི་རིགས་པར་གནང་། སྔོན་དུས་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱིས་རྡོ་འབུམ་ཆེན་མོ་བཞེངས་སྐབས་ད་དུང་ངས་སྐྱེ་བ་ཕྱི་མར་ད་ལྟའི་འདི་ལས་རྒྱ་མི་ཆུང་བའི་རྡོ་འབུམ་ཁ་གསོ་བྱེད་རྒྱུ་ཡིན་ཞེས་ཞལ་གྱིས་བཞེས་པར་གྲགས་པ་ལྟར་ཨ་ཐུབ་ཚོང་དཔོན་ཆེན་པོའི་རིགས་ལས་བྱུང་བའི་དད་ལྡན་འཇམ་དབྱངས་བློ་གྲོས་སོགས་བཀས་བསྐུལ་ཞིང་ལོ་བཞི་ལྔ་ཙམ་དུ་མཆོག་དམན་སུས་དད་འབུལ་ཆེ་ཕྲ་བྱུང་ཚད་སྔོན་དུས་དང་མི་འདྲ་བར་བརྩེ་བ་ཞེས་མཛད་དེ་རྡོ་བསྐོས་བཟང་ལ་མང་བ་སོགས་ནས་སྔོན་གྱི་རྡོ་འབུམ་ལས་ཀྱང་རྒྱ་ཆེ་ཞིང་དཔངས་མཐོ་བས་ཁ་གསོ་གནང་ཞིང་རྡོ་བརྐོས་འབུར་ཐམས་ཅད་རྩིས་ལེན་ཞིབ་གཟིགས་ནན་ཏན་དུ་མཛད་པས་ཤིན་ཏུ་འབྱོན་གཙང་སྤུས་ལེགས་མཐའ་རྒྱས་སུ་གྲུབ། བཀའ་ལས་རྟེན་བཞེངས་འདི་སེམས་ཅན་མང་པོ་ལ་ཕན་ཐོགས་ཆེ་བར་འདུག་ཀྱང་ས་འབུམ་དང་ས་

TN03_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

(༡༢༩)སྐུ་སོགས་ནི་ཆར་ཆུས་འཇིག །ཟངས་གསེར་སོགས་ལས་བྱས་པ་ནི་བདག་པོ་ངན་ན་ཆོམ་རྐུན་ཡང་ལྡང་། ལོགས་རིས་དང་ཐང་ཀ་ཡང་རྐྱེན་ཁྱག་ཆུང་། གཙུག་ལག་ཁང་བཞེངས་ན་ནི་ཐིགས་ཚག་སོགས་གཉེར་ཅག་ལེགས་པོ་བྱེད་པའི་དཀོན་གཉེར། དེའི་ཟས་གོས་སྒྲུབ་རྟེན་སོགས་འབད་རྩོལ་བརྒྱ་ཕྲག་དགོས་ཤིང་། དེ་བྱས་ཀྱང་དཀོན་གཉེར་བཟང་པོ་ཡང་བརྒྱུད་མར་རྙེད་དཀའ། གསུང་རྟེན་གླེག་བམ་ཡང་འཐོར་བརླག་ཆུད་ཟོས་སུ་འགྲོ་སླ་ཞིང་། སྤར་བརྐོ་དུས་སྤར་ཡིག་ལ་ཞུ་དག་ལན་དགུ་རེ་བྱས་ཀྱང་ད་དུང་མི་དག་པ་མང་དུ་སྣང་ཟེར་གྱི་འདུག་པས་ཆད་ལྷག་འཁྲུལ་གསུམ་གྱིས་མ་གོས་པ་དཀའ་ཚོད་རེད། རྡོ་འབུམ་འདི་ནི་བཞེངས་ཚར་ནས་དབྱར་དུས་ཐིགས་ཚག་དང་དགུན་དུས་ཁ་བ་ཕྱགས་སྦྲུགས་ཕུག་རོན་དང་བྱི་བ་བསྲུང་བ་དཀོན་གཉེར་བསྐོ་འཇགས་སོགས་གང་ཡང་མི་དགོས། ཡིག་འབྲུ་དྲུག་པོ་དེ་མ་ནོར་ཕན་ཆད་ཞུ་དག་བྱ་མི་དགོས་ཤིང་། དེ་རྡོ་བརྐོས་མི་ནག་པ་རྣམས་ཀྱིའང་བློ་ལ་ཡོད་པས་དཔེ་གཞན་ལ་མི་ལྟོས། མ་ི་འདི་སངས་རྒྱས་ཉིད་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ནང་བཅུད་ཡིག་འབྲུ་དྲུག་ཏུ་བསྡུས་ནས་བྱིན་གྱིས་བརླབས་པ་ཡིན་པས་རྟེན་བཞེངས་གཞན་མང་པོ་ནི་ཡལ་ག་ལ་འཇུས་པ་དང་ངས་འདི་ནི་ལྗོན་ཤིང་གི་རྩ་བའི་གནད་ནས་བཟུང་བ་དང་འདྲ། ལུང་པ་དམག་གིས་ཁེངས་ཡང་འདི་ལ་ཆོམ་རྐུན་ཡོད་དོགས་མི་དགོས་པས་མི་རབས་མང་པོའི་མཐར་

TN03_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

(༡༣༠)ཡང་གནས་ཆོག །གནའ་མྱིའི་ཁ་ངག་ལ། མ་ིའི་རྡོ་ལ་གདན་བཏིང་ན་ད་གཟོད་གཤིན་རྗེ་ཆོས་རྒྱལ་གྱི་དྲུང་དུ་དགེ་སྡིག་རྒྱ་མ་ལ་བཀྱག་དུས་གདན་གྱི་ལྗིད་དེ་དགེ་བའི་ཁ་སྣོན་ལ་བཀྱག་ཆོག་ཟེར། གང་ལྟར་ཡང་འདི་ལ་ནི་འཛམ་བུའི་ཆུ་གསེར་གྱི་གདན་བཏིང་ཡང་འོས་པ་ལས་ལྷག་ཀྱང་ཡིན་ཏེ། འཁོས་ཀྱིས་མི་ལྕོགས། འོན་ཀྱང་ངས་ནི་ས་ཆེན་པོ་འདི་རྡོ་གདན་ལ་བཞག་པ་ཡིན་ཞེས་ངག་ཡིད་གཉིས་ཀས་བསྡོས་ཡོད། ངའི་དགེ་བ་རྒྱ་མ་ལ་བཀྱག་ན་ཨི་མི་ལྗི་སྙམ་ཞེས་གསུངས་ཏེ་རྡོ་འབུམ་འདི་ནི་ཕྱི་རབས་ནས་ཕྱི་རབས་སུ་མཐོང་ཐོས་དྲན་རེག་གི་འགྲོ་བ་གྲངས་མེད་པའི་དོན་དུ་རྗེ་ཉིད་ཀྱི་ཞལ་ཚབས་བྱིན་གྱིས་བརླབས་པ་ཡིན་པར་སྣང་ངོ། །རྫོགས་ཆེན་མཆོག་སྤྲུལ་ལྔ་པ་དང་སྐུ་ཞབས་དགེ་མང་མཆོག་སྤྲུལ། མཁན་ཆེན་རྡོ་རྗེ་འཆང་པདྨ་བཛྲ་དང་། མཁན་པོ་དཀོན་མཆོག་འོད་ཟེར་སོགས་ལ་གསང་སྙིང་རྒྱུད་བཤད་གནང་སྐབས་རྡོ་རིང་ལ་རབ་གནས་མཛད་དུ་བཅུག །སླར་ཡང་རྫོང་གསར་དུ་ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་ཞབས་ཀྱི་སྤྱན་སྔར་དར་ནང་མཛོད་དང་དངུལ་རྟ་རྨིག་གི་ཞུ་རྟེན་བཅས་རབ་གནས་ཀྱི་ཆེད་དུ་ཕྲིན་གྱིས་གསོལ་འདེབས་མཛད་པས། ཆུ་སྟོད་ཟླ་བའི་ཚེས་བཅུར་ལྷག་གནས་མཛད་རྒྱུའི་ཞལ་བཞེས་གནང་པ་ལྟར་དུས་ཚོད་དེ་ནས་བརྩམས་པའི་ཉིན་ཞག་གསུམ་ཙམ་གྱི་རིང་རྡོ་འབུམ་གྱི་སྟེང་ཤོད་བར་གསུམ་ཡོངས་རྫོགས་ལྷག་པར་གནས་

TN03_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

(༡༣༡)པའི་མེ་ཏོག་གིས་ཁྱབ་པའི་ངོ་མཚར་བསྟན། དེ་དང་ལྷག་པར་ལྕེ་བཙུན་སྙིང་ཐིག་གཟིགས་པ་སོགས་ཀྱིས་ཐུགས་དྲངས་ཏེ། དིལ་སྤྲུལ་ཚང་འདི་ནི་རྒྱ་གར་གྱི་གྲུབ་ཆེན་ལྟ་བུའི་ཚོད་དུ་འདུག་ཅེས་དང་། སློབ་མ་མང་པོ་ལའང་། ཁོང་ཀུན་མཁྱེན་ཀློང་ཆེན་པ་དངོས་རང་ཡིན་ཚོད་རེད། ད་ལྟས་སྟེང་ན་ཁོང་ཆེ། དེའི་ཞལ་ཅིག་མཐོང་ན་ཁྱེད་ཚོའི་དཔྲལ་བ་ན་མིག་ཅིག་ཡོད་པ་དེ་ལ་དོན་འབྲས་བྱུང་བ་ཡིན་ཞེས་སོགས་ལན་ཅིག་མིན་པར་བསྔགས། སླད་ནས་ཞབས་བརྟན་གྱི་ཚིག་བཅད་ཚེ་དཔག་མེད་ཀྱི་སྐུ་རྟེན་དང་སྦྲག་པ་ལན་མང་དུ་ཕུལ་བའི་ནང་ནས། རྒྱལ་བའི་རྒྱལ་ཚབས་རིག་འཛིན་བླ་མ་ཆོག་ཅེས་པའི་དབུ་ཅན་སོགས་ཞབས་བརྟན་ཚིགས་བཅད་རེ་ཟུང་ད་ལྟའང་བཀའ་འབུམ་གྱི་ཁྲོད་ན་སྣང་། འཇིགས་མེད་རྒྱལ་བའི་མྱུ་གུར་་ཁྲ་མ་བླ་མ་ཞེས་བཞུགས་མཚན་ཆགས་པའི་ཁྲམ་ལུང་དུ་དགེ་མང་རྗེ་དབོན་རིན་པོ་ཆེ་བསྟན་འཛིན་ནོར་བུ་སོགས་སྣོད་ལྡན་མཆོག་གི་འགའ་ཞིག་དང་ལྷན་ཅིག་འཁོར་འདས་རུ་ཤན་ནས་བཟུང་རྫོགས་ཆེན་ཐུན་མིན་གྱི་སྔོན་འགྲོ་དང་དངོས་གཞི་ཁྲེགས་ཆོད་ཐོད་རྒལ་ཡོངས་རྫོགས་ཀྱི་མྱོང་ཁྲིད་ཤིན་ཏུ་སྨིན་པར་མཛད་པ་དང་སྦྲག་ནས་རྗེ་རང་གིས་ཀྱང་ཁྲིད་སྦྱང་ཡུན་རིང་དུ་གནང་། དགེ་མང་དབོན་རིན་པོ་ཆེའི་ཞལ་ནས། སྔོན་ཆད་ངེད་ཚོས་ཆེན་གོ་ལོ་ཐོས་ལོ་དང་བཤད་མདོག་བྱས་ཚད་ཚིག་སྤྱི་ཡམ་མེ་བ་ཙམ་ལས་ཆེར་ཤེས་པ་མ་བྱུང་། ཁྲམ་ལུང་

TN03_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

(༡༣༢)དུ་ཉམས་ཁྲིད་བཀའ་དྲིན་བསྐྱང་བ་ནས་བཟུང་ཆོས་འདི་ལ་གོ་རྟོགས་མཐིལ་ཕྱིན་པ་ཞིག་ཐོབ་སྙམ་བྱུང་གསུངས། རྫོགས་ཆེན་གྱི་ལམ་སྒྲུབ་པ་པོ་གཉིས་ལས་རིག་པ་རང་སྣང་གི་བློ་ཅན་ཡིན་ཡང་བརྟུལ་ཞུགས་རུ་ཤན་གྱི་སྤྱོད་པ་དང་མོས་གུས་བླ་མའི་རྣལ་འབྱོར་དང་སྦྲེལ་ནས་ཉམས་སུ་བླང་ན་བོགས་ཆེ་བས་སྔ་གོང་རུ་དམ་དུ་བཞུགས་དུས་ཀྱང་གངས་ཁྲོད་དང་ཉེ་བའི་རྫ་གསེབ་ཏུ་རུ་ཤན་མཛད་པར་གྲགས་ཤིང་། ཕྱིས་སྐུ་ན་ཆེས་མཐོན་པོར་ཕེབས་དུས་ཀྱང་མཚན་མོའི་རིང་ཀློང་སྙིང་བླ་མའི་རྣལ་འབྱོར་ལ་ཐུགས་དམ་མཛད་དེ་སྲོད་དང་ནམ་གུང་གི་དུས་མང་པོར། རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེནཿ ཞེས་གདུང་དབྱངས་མཛད་ལྕང་མ་ལུང་དུ་སྡོད་སྐབས་བདག་ཅག་གིས་ཀྱང་མངོན་སུམ་དུ་གྱུར། བསྒྲུབས་འབྲས་ཀྱི་གཙོ་བོ་ནི་བསྒོམས་རྟགས་ཉོན་མོངས་ཆུང་བ་ཞེས་གྲགས་པ་ལྟར། སྨྱོ་ཤུལ་ལུང་རྟོགས་ཞབས་པད་ཡུན་རིང་དུ་བསྟེན་པའི་ཐུགས་གྱི་སློབ་མ་ཡིན་པས་ལན་ཅིག་ཁོང་ལ། ཁྱོད་བླ་མ་སུ་ལ་གསོལ་བ་འདེབས་ཀྱིན་ཡོད་གསུངས་པར། གསོལ་འདེབས་ཀྱང་ཆེར་མི་ཐུབ་འདུག་ཞུས་པས། མི་ཐུབ་དུས་དེར་ཟད་ཐུབ་དུས་སུ་ལ་འདེབས་གསུངས། དེར་འཇིགས་བཞིན་དུ། ཁྱེད་ལ་གསོལ་བ་རེ་འདེབས་པ་ཡིན་ཞེས་གཅོམ་ཆུང་ངུས་ཞུས་པས། རྒྱལ་ཁམས་ན་བླ་མ་འདིའི་མང་ཉུང་ལ་ང་ལ་གསོལ་བ་འདེབས་པ་ཅི་ཡིན་གསུངས་རང་ལ་དགེ་སེམས་སྐད་ཅིག་མ་རེ་སྐྱེས་ཀྱང་འོ་དེ་ཅི་ལས་བྱུང་བསམ་ཙ་ན་ཁྱེད་ཀྱིས་ཆོས་རེ་བཤད་ཀྱི་

TN03_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

(༡༣༣)བསྡད་པའི་མཐུ་ཁོ་ན་རེད་འདུག་པས་དྲིན་ཆེ་སྙམ་པ་ལགས་ཞུས་པས། དེ་ཡིན་ན་ཨ་ཐོ་བདེན་ཐང་ད་ནི་གསོལ་བ་རེ་བཏབ་ཀྱང་རུང་བ་འདྲ། ངའི་རྒྱུད་འདི་ན་ཉོན་མོངས་པ་ཟེར་རྒྱུ་དེ་ཚོ་གཏན་ནས་འཆར་རྒྱུ་མི་འདུག་ཅེས་གསུང་མཐོན་པོ་བྱོན། རྟག་ཏུ་རྗེས་སུ་བཟུང་བའི་ལྷག་པའི་ལྷ་ནི་རྗེ་བཙུན་འཇམ་པའི་དབྱངས་ཏེ། གསོ་རིག་གི་མན་ངག་དྭངས་མ་འགྲིམ་པའི་རྩ་དགུའི་རྣམ་བཤད་ཁྱད་པར་ཅན་ཅིག་མཛད་པ་ན་མན་ངག་དེ་གཡུ་ཐོག་སྙིང་ཐིག་གི་གསོལ་འདེབས་བསྙེན་པ་མཛད་སྐབས་སྨན་རྒྱལ་གུ་འི་ཞབས་དང་འཇམ་པའི་དབྱངས་དབྱེར་མེད་པས་དངོས་སུ་གདམས་པ་ཚིག་ཟིན་ལ་ཐོན་ཅིང་། གཞན་དུ་ཡང་། རབ་དཀར་ཀེལ་ཤ་དཔལ་མཛེས་པ་ལ། །བཻ་ཌཱུར་ཐོར་ཚུགས་བཀོད་དང་གང་མཚུངས་པ། །འཇམ་དཔལ་དཔའ་བོ་རྗེས་འཛིན་མཚུངས་མེད་ལྷས། །ཚེ་རབས་ཕྲེང་བ་རྣམས་སུ་སླར་ཡང་སྐྱོངས། །ཞེས་གསུངས་པ་འདི་འདྲའི་རིགས་མང་པོ་ཞིག་སྣང་། དེའི་ཕྱིར་སྐུ་ན་ཤིན་ཏུ་གཞོན་ནུ་ནས་ཇི་སྲིད་མྱ་ངན་ལས་འདས་ཀྱི་བར་དུ་ཉིན་མཚན་རྒྱུན་གྱི་འཁོར་ལོ་ཕལ་ཆེ་བར་འཇམ་དཔལ་མཚན་བརྗོད་འབའ་ཞིག་ཐུགས་དམ་གྱི་མཐིལ་དུ་མཛད། བཀའ་དགོངས་འགྲེལ་གྱི་ཆོས་གང་ཡང་གཟིགས་པ་ཙམ་གྱིས་དོན་ཐུགས་སུ་ཆུད་ཅིང་། །སྤྱོད་འཇུག་རྩ་བ་དང་མཚན་བརྗོད་ཀྱི་གླེག་བམ་ཞིག་རེས་ཡོད། རེས་གཞན་ལ་གནང་ནས་མེད། དེ་ཙམ་མ་གཏོགས་འགྲེལ་པ་དང་བརྗེད་བྱང་

TN03_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

(༡༣༤)སོགས་ཀྱི་དཔེ་ཆ་ཤོག་ལྡེབ་གཅིག་དང་ཐ་ན་སྣག་སྙུག་ཙམ་ཡང་ཚགས་མཛད་པ་མེད་པར། ཀོག་དེ་ལངས་ན་གཞིས་རྫོགས་པ། བྱ་བ་དེ་ཁོ་ནར་བཞུགས་ཀྱང་དབུ་ཕར་མངོན་པ་སོགས་གཞུང་གང་འཆད་རུང་དཔེ་ཆ་མང་པོ་སྡུ་རྩོལ་དང་ཐུགས་གསོས་སུ་གཟིགས་རྟོག་སྐྱོར་བའི་རིགས་གང་ཡང་མི་དགོས་པར་རལ་གྲི་ཕྱུང་རྒྱགས་ཀྱི་ཚུལ་དུ་ཐོགས་པ་མེད་པར་བཤད་པས་ཆོག་པ་ཡང་འཕགས་པ་འཇམ་དཔལ་གྱིས་མཆོག་སྦྱིན་པའི་བྱིན་རླབས་ཀྱི་ཆ་ཤས་ཞིག་ཏུ་མངོན། རུ་དམ་གཤིན་རྗེའི་སྒྲུབ་ཕུག་འོག་མར་རྗེ་བླ་མ་ཉིད་བཞུགས་ཤིང་། ཕུག་པ་གོང་མར་རྒྱལ་མོ་རོང་པའི་ཆོས་པ་གླེན་ནེ་བ་ཞིག་ཡོད་སྐབས། ཉིན་གཅིག་རྗེའི་ཞལ་ནས། འདི་ལྟར་དབེན་པའི་གནས་སུ་དགེ་སྦྱོར་བྱས་ཏེ་བསྡད་ན་རྣམ་གཡེང་མེད་ཅིང་རིག་པ་ངང་གིས་དྭངས་པས་སྔོན་གནས་རྗེས་དྲན་སོགས་འོང་བ་ལ་ཡང་ཚེགས་མེད། ཁྱོད་ལ་དེ་འདྲ་ཅང་ཨེ་བྱུང་གསུངས་པར། ཁོས་ཅི་ཡང་མ་བྱུང་ཟེར། ངས་ནི་རེས་འགའ་སྔ་མའི་ཚེ་རབས་བརྒྱ་ཕྲག་ལྷག་པ་ཡང་དྲན་པར་བྱུང་། སྔོན་དུས་གྲུབ་ཆེན་ནག་པོ་སྤྱོད་པ་གྲོང་ཁྱེར་དུ་བྱོན་དུས་ཤིག་ང་རང་གྲོང་ཁྱེར་གྱི་སྨད་འཚོང་མར་གྱུར་པས་གསེར་གྱི་གདུ་བུ་ཞིག་ཕུལ་བ་དེ་ཚུན་ཆད་དུ་བླུན་རྨོངས་ཕག་ཐོམ་ལྟ་བུར་ནམ་ཡང་མ་སྐྱེས་པ་ཞིག་ཀྱང་དྲན་གསུངས་སྐད། འདི་ལྟར་མངོན་པར་ཤེས་པ་མངའ་བའི་གསུང་སྒྲོས་སུ་གཏོགས་པ་གཞན་ཡང་རྡོ་སྟོད་ཀྱི་སའི་ཆ་དྷི་ཆུད་ཕུག་ཏུ་བཞུགས་དུས་ཤིག་

TN03_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

(༡༣༥)བོད་ཆུང་རྟ་ཤུལ་གྱི་རྒད་པོ་ཞིག་ཚོང་ལ་འགྲོ་བའི་ལམ་དུ་ཆུས་ཁྱེར་ནས་ཤི་བ་ཟླ་བོ་རྣམས་ཀྱིས་རོ་བཀལ་ནས་ཕུག་པ་དང་ཉེ་བའི་ཕྱོགས་སུ་ཕྱིན་ཏེ་འཕོ་བ་ཞུས་པས་ཆོས་ཞུ་མང་པོ་དང་བཅས་པས་འཕོ་ལུང་གསུངས། མཚམས་ཤིག་ནས་རྗེ་བླ་མ་ཉིད་རྒྱ་ཆེར་བཞད་དེ་འཕོ་ལུང་གསུངས་འཕྲོ་ལུས་ཀྱང་འཁོར་རྣམས་ཀྱིས་མཇུག་རྫོགས་པར་བཏོན། །དེ་སྐབས་ཅི་ཡང་མ་གསུངས། ཕྱིས་རྫ་སྟོད་དུ་རྒྱུ་ཞིང་བཞུད་སྐབས་ཤིག་འཁོར་ཁ་ཅིག་ལ་དེའི་ལོ་རྒྱུས་གསུངས་ནས། དེ་དུས་རྒད་པོ་ཤི་བ་དེའི་བར་སྲིད་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་དུ་ལྷའི་བྱིས་པའི་གཟུགས་ཀྱིས་སླེབས་པ་ཞིག་མཐོང་ནས། མདུན་དེར་རྒད་པོའི་རོ་མགོ་སེ་ཡེ་རེ་བ་འདུག་བལྟས་པས། རྒད་པོ་སེ་བོ་འདིའི་མགྱོག་པ་ལ་ཨང་སྙམ་ནས་ང་དགོད་ཁ་ཤོར་ཏེ་འཕོ་ལུང་འདོན་འཕྲོ་ཆད་པ་ཞིག་བྱུང་ཞེས་གསུངས་པ་ལྟ་བུ་འགའ་རེ་ཡོད་ཚོད་འདུག ཡང་སྔོན་ང་རང་གཤིན་རྗེའི་ཕུག་པར་འདུག་སྐོར་ཞིག་ལ་གཞན་འགའ་རེས་ཁྱོད་ཀྱི་ཤ་མདོག་སོགས་ལ་བལྟས་ན་མཛེ་ནད་ཀྱི་དོགས་པ་ཞིག་འདུག་ཟེར། རང་ལའང་ཀླུ་གདོན་གྱི་རྟགས་མཚན་འགའ་རེ་བྱུང་བར། རཏྣ་གླིང་པའི་གཏེར་ཁའི་རྟ་ནག་དེའི་བསྒོམ་བཟླས་བྱས་པས་རང་གི་ལུས་ལས་སྦྲུལ་ཆེན་པོ་ཕྱིར་ཐོན་པ་རལ་གྲིས་དུམ་བུར་བཅད་པ་སོགས་རྨི་ལྟས་ཡ་མཚན་ཆེ་བ་དང་བཅས་ཞག་བདུན་ཁོ་ནས་ནད་དེ་ཡུལ་བུད་གསུངས། ཡང་མཆོག་གྱུར་གླིང་པའི་རིགས་

TN03_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

(༡༣༦)གསུམ་སྙིང་ཐིག་གི་འཇམ་དཔལ་རྫོགས་ཆེན་དེ་ལ་ངས་བསྙེན་སྒྲུབ་ཅིག་བྱས་པས་དེའི་གཞུང་ནས་བཤད་པའི་རྨི་རྟགས་ཚོ་གསལ་པོ་བྱུང་། མཆོག་གྱུར་བདེ་ཆེན་གླིང་པ་དེ་གཏེར་སྟོན་བདེན་པ་ཞིག་རེད་གསུངས་པ་སོགས་ལས་དཔག་ན་བསྙེན་སྒྲུབ་ཀྱི་རིགས་གཞན་ཡང་མང་པོ་མཛད་ཡོད་ཚོད་སྣང་ཡང་ཕྱིར་མི་མངོན་པས་ཤེས་དཀའ། དུས་ནམ་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁོ་ན་ཐུགས་དམ་དགེ་སྦྱོར་ཐམས་ཅད་ཀྱི་རྩ་བར་འཛིན་ཅིང་། སྐྱེ་བོ་མཆོག་དམན་ཐམས་ཅད་ལ་བསམ་པ་བཟང་པོ་བཟང་པོ་གྱིས་འདི་ལས་གལ་ཆེ་བ་མེད་གསུངས། བསྙེན་སྒྲུབ་བྱེད་པ་ཀུན་ལ་ཡང་། སྡེ་སྣོད་མང་པོ་ཤེས་པ་དང་། སྟོང་པ་ཉིད་ཀྱི་ལྟ་བའི་ཕྱོགས་མཐོང་ཡོད་པ་དང་། ལྷ་བསྒོམ་སྔགས་བཟླས་ཀྱིས་ལོ་ཟླ་མང་པོ་ཕུལ་བ་སོགས་ཀྱང་བསམ་པ་ངན་པའི་དབང་གིས་གདུག་འདྲེར་སྐྱེས་པ་མང་། །སྙིང་རྗེ་ཡི་དམ་གྱི་མཐིལ་པོར་འཛིན་པ་ལ་གདུག་འདྲེར་སྐྱེས་པ་གཅིག་ཀྱང་མི་སྲིད་པས་འདི་ཁོ་ན་གད་མེད་གཡང་མེད་ཀྱི་ཆོས་ཡིན་གསུངས། མིང་གནང་བར་ཞུ་མཁན་ཚོར་ཡང་སྙིང་རྗེ་ཐོག་མར་སྦྱར་ནས་བཏགས་སྣང་། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་དེ་བཞིན་གཤེགས་པའི་གསུང་རབས་ནི་ལེགས་པར་མ་བཀླས་པའི་ཉེས་པས་ནུབ་ཚུལ་གསུངས་པ་ཐུགས་ལ་བཞག་ནས་རྟག་ཏུ་དམ་པའི་ཆོས་འཆད་ཉན་གྱི་བྱ་བ་ལ་གཅེས་སྤྲ་མཛད་ཅིང་། གཞན་ཉ་བཤད་བྱེད་པ་ཀུན་ལ་ཡང་དགྱེས་པ་ཚད་མེད་འབྱུང་། ཆོས་གང་

TN03_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

(༡༣༧)གསུང་ཡང་མཁས་ངོམ་གྱི་སྤྲོས་པ་གང་མང་ཙམ་མིན་པར་གདུལ་བྱའི་བློ་ཚོད་དང་བསྟུན་ནས་ཕན་གང་ཆེ་མཛད་པས། མཁས་པས་བརྟགས་ན་དོན་བཟང་བ། བླུན་པོས་ཉན་ཡང་གོ་སླ་བ། གནད་འདུམ་ལ་འཛིན་བདེ་བ། རན་ལ་འབྲེལ་ཆགས་པ། སྙན་ལ་རོ་ཉམས་དང་ལྡན་པ། འཇམ་རྩུབ་ཇི་ལྟར་བཤད་ཀྱང་གདམ་ངག་གི་རོ་གཅིག་ཏུ་མཐུན་པར་འབྱུང་བས་མཁས་རྨོངས་བར་མའི་སྐྱེ་བོ་མཐའ་དག་གི་ཡིད་འཕྲོགས་པ་ཡོད། རྫ་ཁོག་ག་ཤེད་འདྲེ་ངན་ཁོག་བརླམ་གྱི་སྨྱོན་པ་གཉིས་ཡིད་གཅུག་པའི་གླེང་མོ་མང་དུ་བྱེད་ཀྱིན་འདུག་པར་གཞན་ཅིག་གིས་ཅི་ཡིན་དྲིས་པས་རྫ་སྟོད་དུ་དཔལ་སྤྲུལ་ཚང་གིས་སྤྱོད་འཇུག་བཤད་དུས་པར་མ་ཟེར་བའི་ལུང་པ་དེའི་མདོ་ཡན་ཆད་གང་བའི་ལྷ་འདྲེའི་ཁྲོམ་ཚོགས་ཀྱིས་ཆོས་ཞུས། དེ་དུས་ངེད་གཉིས་གྲོགས་མཆེད་དུ་གྱུར་པས་ངོ་ཤེས་ཀྱི་སྐད་ཆ་ལབ་པ་ཡིན་ཟེར་བས་མཚོན་ཆོས་སྦྱིན་གྱིས་བསྡུས་ཤིང་བསྐྱང་བའི་མི་མིན་གྱི་འཇིག་རྟེན་ཡང་ཚད་མེད་པ་ཞིག་ཡོད་པར་མངོན། སྔོན་དུས་མཚན་ཉིད་ཀྱི་ཆོས་གྲྭ་ཆེ་བ་འདྲ་མ་གཏོགས་གཞན་དུ་སྤྱོད་འཇུག་སོགས་མཚན་ཙམ་ལས་དོན་ཤེས་པ་ལྟ་ཅི། གླེགས་བམ་འཆང་ཙམ་ཡང་དཀོན་པ་ལས་སླད་ནས་རྗེ་བླ་མ་འདི་ཁོ་ནའི་དྲིན་གྱིས་སྟོད་སྨད་བར་གསུམ་ཀུན་ཏུ་སྤྱོད་འཇུག་དང་བྱམས་ཆོས། སྡོམ་གསུམ། ཡོན་ཏན་མཛོད་སོགས་ཀྱི་འཆད་ཉན་ས་ལང་རྡོ་ལང་དུ་དར་ཞིང་བཙུན་ཆུང་ལོ་བཅའ་བཅུ་པ་ཡན་ཆད་ཀྱི་ནང་ན་སྤྱོད་

TN03_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

(༡༣༨)འཇུག་གིས་མགྲིན་པ་བརྒྱན་པ་ཆེས་མང་དུ་ཐོན་པ་དང་། རྒྱུ་མཚན་དེས་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་རྫོགས་ལས་དང་པོ་པའི་དུས་ནས་ཉམས་སུ་ལེན་པའི་རིམ་པ་ལ་བློ་ཁ་ལེགས་པར་ཕྱོགས་ནས་ཕྱོགས་མོས་བྱེད་པ་ཆེས་མང་བས་ས་འདི་དཔལ་ཡོན་ལྡན་པར་གྱུར་པ་དང་། གསང་སྔགས་རྙིང་མའི་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་བསྟན་པ་སྤྱིའི་སྒྲོ་མ་ཆུ་འགོ་གངས་ལ་ཐུག་པ་ལྟ་བུ་སྒྱུ་འཕྲུལ་གསང་སྙིང་ཡིན་ཡང་དེའི་ཆོས་རྒྱུན་ཕལ་ཆེར་ནུབ་ལ་ལ་བ་ཡང་བདག་ཉིད་ཆེན་པོ་དགེ་མང་གཞན་ཕན་མཐའ་ཡས་དང་དམ་པ་འདི་གཉིས་ཀྱི་དྲིན་ལས་ད་ལྟའི་བར་དུ་མ་ནུབ་པར་བཞུགས་པ་དང་། ཐེག་མཆོག་བསྟན་པའི་ཡང་རྩེ་འོད་གསལ་རྡོ་རྗེ་རྩེ་མོའི་རིང་ལུགས་ཀྱང་བླུན་སྒོམ་ཡིད་དཔྱོད་ཀྱི་དྲི་མས་མང་དུ་བསླད་དེ་གསེར་ལ་གཡའ་ཞུགས་པ་ལྟ་བུར་གྱུར་པ་རྗེ་བཙུན་འདིས་ཀུན་མཁྱེན་དྲི་མེད་འོད་ཟེར་ཡབ་སྲས་ཀྱི་ལེགས་བཤད་ལ་བརྟེན་ནས་བྱི་དོར་མཛད་དེ་ཀུན་བཟང་དགོངས་པའི་གནད་གསང་གསལ་བར་མཛད་པའི་བཀའ་དྲིན་གྱི་བདུད་རྩི་ནོད་དེ་རི་སུལ་དུ་གྲུབ་ཐོབ་གོང་མའི་ལུགས་བཞིན་རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པ་མང་དུ་བྱུང་བ་དང་། འཇིག་རྟེན་མི་ནག་གི་སྐྱེ་བོ་ཕོ་མོ་རྣམས་ཀྱང་སྤྱོད་འཇུག་བཤད་པའི་ཆོས་གྲལ་དུ་བག་ཙམ་རེ་ཉན་པས་ཐེག་པ་ཆེན་པོའི་ཆོས་ཀྱི་སྲོག་རྩ་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་ཡིན་པའི་འགྲོ་ཕྱོགས་ཤེས་ཤིང་། བདེ་སྨོན་གསུངས་པ་རྣམས་ཐོས་ནས་བདེ་བ་ཅན་དུ་སྨོན་ལམ་འདེབས་

TN03_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

(༡༣༩)པ་དང་། སངས་རྒྱས་འོད་དཔག་མེད་ཀྱི་མཚན་བརྒྱ་སྟོང་ཁྲི་འབུམ་སོགས་བརྗོད་པ་ལ་ཡི་དམ་ནར་མར་འཛིན་པ་དང་། སྟོབས་བཞིས་སྡིག་པ་སྦྱོང་བའི་ཐབས་ཀྱི་སྒོ་མཐོང་ནས་དེ་ལ་ནན་ཏན་བྱེད་པ་སོགས་དབྱར་གྱི་རྩི་ཤིང་ལྟར་མང་བ་བྱུང་བས་སྙིགས་ལས་ཆེར་སྙིགས་པའི་སྐལ་ངན་གྱི་མུན་རུམ་སྟུག་པོའི་ཁྲོད་དུ་བསྟན་འཛིན་དམ་པའི་ཟླ་བ་སྙིང་རྗེའི་གཟི་རྗིད་ཅན་འདི་ལྟ་བུས་རྗེས་སུ་བཟུང་བ་ནི་དུས་མཐའི་འགྲོ་བ་རྣམས་བསོད་ནམས་ཀྱི་བགོ་སྐལ་མི་དམན་པར་སྣང་ངོ་། །དགུང་གྲངས་བདུན་ཅུ་སྐོར་ཞིག་ལ་རྫ་སྟོད་མ་མོའི་ཐང་དུ་ཁྲོམ་ཚོགས་སྟོང་ཕྲག་ཁ་ཤས་འདུས་པར་བདེ་སྨོན་གྱི་ཁྲིད་རྒྱས་པར་སྩལ། དེ་ཕྱིན་ཆད་ཆོས་ཆེར་མ་གསུངས་ཤིང་ཆོས་ཞུར་འོང་བ་རྣམས་དབོན་རིན་པོ་ཆེ་བསྟན་འཛིན་ནོར་བུ་སོགས་ཀྱི་དྲུང་དུ་གཏོང་། ནན་བསྐྱེད་དེ་གདམ་ངག་ཞུ་བ་ཕལ་ཆེར་བཀའ་བཀྱོན་གནང་། སུ་ལ་ཅི་ཙམ་བཀྱོན་ཡང་ཕྱི་ཕྱིར་དད་གུས་ཇེ་འཕེལ་དུ་འགྲོ་བ་མ་གཏོགས་མི་མཐུན་པར་འཛིན་པ་སུ་ཡང་མེད་པས་རྗེ་ཉིད་ཀྱི་གསུང། དབེན་པའི་རྣལ་འབྱོར་སྨྱོན་པ་རྒྱལ་ཁམས་ཀྱི་གཅེས་ཕྲུག །ལྷག་བསམ་བྱང་སེམས་འབྱོང་བ་འགྲོ་ཀུན་གྱི་སྐྱབས་མགོན། །ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་དང་མ་བཞིན་དུ་མཐུན། སྤྱིར་གྱོང་ཚིག་འཇིགས་ལ་ཟིལ་ཆེ་བ་གནང་ཡང་ཆགས་སྡང་སོགས་ཀྱི་གཏམ་དང་ཡོང་ཡེ་མི་འདྲེ་ཞིང་བརྟགས་ཤེས་ན་དངོས་སམ་བརྒྱུད་ནས་གདམ་ངག་འབའ་ཞིག་ཏུ་ཡོད། གང་

TN03_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

(༡༤༠)གསུང་ཐམས་ཅད་བདེན་ཞིང་ངོ་ལྐོག་མེད་ལ་ཟོལ་ཟོག་གི་ལྷད་དང་གཏན་མི་འགྲོགས་པའི་རིན་ཆེན་གསེར་ལྟར་བཙུན་པ་ཁོ་ནར་གནས་པས་མཆོག་དམན་ཐམས་ཅད་ཀྱིས་ཚད་མར་རྩི། མཐོན་པོ་ལ་ངོ་སྲུང་སེམས་འཛིན་དང་དམན་པ་ལ་བརྙས་བཅོས་ཁྱད་གསོད་མི་མཛད་པར་ཆོས་འགལ་སུས་བྱེད་ཀྱང་བཅོས་སུ་མི་རུང་བའི་གཤིས་ངན་དུ་གཟིགས་ན་མ་གཏོགས་མཚང་ནས་རྒོལ་ཞིང་ཆོས་བཞིན་སྤྱོད་པ་རྣམས་ལ་གཟེང་བསྟོད་དབུགས་དབྱུང་མཛད། བསྙེན་པར་དཀའ་བ་ལྟར་སྣང་ཡང་དྲུང་དུ་ཅི་ཙམ་འགྲོགས་ཀྱང་ཕྱོགས་འཛིན་རེ་དོགས་འགྱུར་ལྡོག་འགལ་འཛོལ་སོགས་ཐེང་གཅིག་ཡོང་མི་སྲིད་པར་འདྲེས་རྟག་ལ་འགྲོགས་བདེ་བ་བག་ཡངས་ཤིང་ལེགས་ཉེས་ཐམས་ཅད་བཟོད་པའི་ངང་ཚུལ་ཅན་ཡིན་པས་འབྲེལ་མི་ཕོད་པ་འབའ་ཞིག་འོང་། བསམ་སྤྱོད་གཡོ་སྒྱུ་ཁྲམ་གསུམ་ལ་གོམས་པའི་བྱི་ལའི་བརྟུལ་ཞུགས་ཅན་རྣམས་ལ་གཏིང་ནས་མི་མཉེས་ཤིང་རྗེ་ཉིད་གཡོ་མེད་དྲང་པོར་གསུང་བའི་ངང་ཚུལ་ལས་ནམ་ཡང་མི་འདའ་བ་གོང་སྨྲོས་ལྟར་བཞུགས་ཀྱང་ཐུགས་ཀྱི་གཏིང་སུས་ཀྱང་དཔོག་པར་དཀའ་བའི་རྒྱ་མཚོ་ལྟར་ཟབ་ཅིང་སྒམ་པའང་ཡིན་པ་དང་། འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་ནས་བཟོ་དང་ལས་ཀྱི་གནས་ཕྲ་མོ་ཡན་ཆད་ཀྱི་རྒྱུས་ཞིབ་མོར་འབྱེད་པའི་བློ་གྲོས་ཀུ་ཤའི་རྩེ་ལྟར་མ་འདྲེས་པ་མངའ་ཡང་གང་ལའང་ཆེད་འཛིན་རྩིས་གདབ་མི་མཛད་པར་ལྟོས་མེད་བག་ཡངས་སུ་སྤྱོད་པའི་བྱ་བཏང་གི་རྒྱལ་པོར་བཞུགས། རང་ཉིད་

TN03_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

(༡༤༡)ཀྱི་བཀའ་ལས། བརྗོད་གཞི་མེད་པའི་སྟོང་སྐད་བསྟོད་ར་གཅིག །ཕན་པ་མེད་པའི་ཆེ་བཀྱག་བཀུར་སྟི་གཉིས། །རྣམ་སྨིན་ལྕི་བའི་དད་རྫས་འབུལ་ནོར་གསུམ། །སྤངས་ནས་ཁྱི་རྒན་ཁྱི་བཞིན་འཆི་ནུས་ཤོག །ཅེས་ཕེབས་པ་ལྟར་ང་རྒྱལ་དང་ཆེ་ཚུགས་བཤིག་ཅིང་གསོལ་ཞལ་དང་འཕྲལ་འཚོ་ཙམ་གྱི་ཟས་གོས་མ་གཏོགས་མངའ་ཐང་གི་གཟི་བྱིན་མཆིལ་མའི་ཐལ་བ་ལྟར་བོར་ཏེ་གདོལ་པའི་བྱིས་པ་སྲང་མདོ་ན་རྒྱུ་བ་ལྟ་བུའི་ཀུན་སྤྱོད་ཀྱིས་བཞུགས་ཀྱང་ཐུགས་བརྟན་ཅིང་སྒམ་ལ་ཆོས་ཀྱི་གཟི་བྱིན་མཚུངས་པ་མེད་པའི་ཆེ་བས་སྟོབས་འབྱོར་གྱི་དྲེགས་པའི་བླ་དཔོན་ཆེ་དགུ་སོགས་ཀྱང་ཟིལ་གྱིས་མནན་ནས་ཐམས་ཅད་ཀྱིས་གདོང་སྨད་དེ་ཞུམ་བཞིན་དུ་བཏུད། མདོར་ན་གསེར་ས་འོག་ཏུ་ཡོད་ན་འོད་ནམ་མཁའ་ལ་འཕྲོ་བའི་དཔེ་ལྟར་སྐུ་ཚེ་རིལ་པོ་སྦས་པའི་བརྟུལ་ཞུགས་ལ་བསྐྱལ་ཡང་ཅི་མཛད་ཐམས་ཅད་བྱང་ཆུབ་ཀྱི་སྤྱོད་པའི་མཚམས་ལས་མི་འདའ་བའི་ཤུགས་ཀྱིས་གང་ནས་བལྟས་ཀྱང་མཛེས་ཤིང་འཚམས་པ། ཅི་ཙམ་བརྟགས་ཀྱང་དག་ཅིང་གཙང་བ། བསམས་ཤིང་བསམ་ན་དད་པ་འཕེལ་བའི་རྣམ་ཐར་འབའ་ཞིག་ཅན་དུ་བཞུགས་པ། གཟུར་གནས་བློ་གྲོས་དད་ལྡན་པ་ཀུན་གྱི་མདུན་སར་རླུང་ལྟར་གྲགས་པ་ཡིན་ནོ། །སྐུ་ཚེའི་མཇུག་ལ་ཉེ་བ་ན་ཨོ་རྒྱན་སངས་རྒྱས་གཉིས་པ་སྲིན་ཡུལ་དུ་བཞུད་ཀར་ཞི་ཁྲོ་ན་རག་དོང་སྤྲུགས་ཀྱི་ཆོ་གས་བོད་འདིར་སྐུ་དངོས་ཀྱི་གདུལ་བྱའི་འཕྲོ་རྫོགས་པར་མཛད་པ་བཞིན་བླ་མ་མཚམས་

TN03_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

(༡༤༢)པ་རིན་པོ་ཆེའི་སྐུ་གདུང་གི་དྲུང་དུ་དོང་སྤྲུགས་ཀྱི་སྒྲུབ་མཆོད་ལོ་ལྔའི་བར་རྒྱུན་ཆགས་སུ་མཛད་དེ་གདུལ་བྱ་དཔག་ཏུ་མེད་པའི་སྲིད་པའི་རྒྱ་མཚོ་གཏིང་སྤྲུགས། རབ་ཚེས་ཐམས་ཅད་འདུལ་ཞེས་པ་མེ་ཕག་གི་ལོའི་སྟོད་ལ་སྐུ་ཁམས་ཅུང་ཟད་རྙོག་ཚུལ་བསྟན། དེ་སྐབས་མ་འོངས་ལུང་བསྟན་སོགས་གཟིགས་སྣང་གི་འཆར་སྒོ་མཐའ་ཡས་པའི་གསུང་གི་དབྱིབས་དོད་ཀྱང་སྔར་དུས་དེ་འདྲ་ཞུ་བ་ལ་མི་མཉེས་པའི་དབང་གིས་སུས་བཀའ་འདྲི་ཞུ་བར་མ་སྤོབས། གནའ་དུས་སྤྱོད་འཇུག་གསུང་བའི་ཞོར་དུ་བདེ་བ་ཅན་གྱི་ཞིང་གི་ཆེ་བ་བཤད་པའི་འཕྲོས་ཤིག་ཏུ། །དག་པའི་ཞིང་ཁམས་ཡོན་ཏན་མཐའ་ཡས་པ་དང་སྨོན་ལམ་བཏབ་ན་སྐྱེ་སླ་བ་གཉིས་འཛོམ་པ་ཞིག་ལ་ཤར་ཕྱོགས་མངོན་པར་དགའ་བ་འགྲན་ཟླ་མེད། དེའི་འོག་ན་བདེ་བ་ཅན་ཁྱད་པར་དུ་འཕགས་ཞེས་གསུངས་ཤིང་། དེ་རྗེས་ཞབས་འབམ་གྱི་བསྙུང་གཡོག་ལ་གླིང་བླའི་དབོན་པོ་འཇམ་དཔལ་ཟེར་བའི་སྨན་པ་དེ་སྡོད་སྐབས། ལན་ཅིག་ཁོང་གིས་ཨ་བུ་ཚང་གི་སྔ་ཕྱིའི་གསུང་སྒྲོས་གང་ལ་བསམ་ཀྱང་ངེད་རང་ཚོས་ཚེ་ཕྱི་མའི་དོན་དུ་སྨོན་ལམ་འདེབས་པ་དེ་ནུབ་ཕྱོགས་བདེ་བ་ཅན་ཁོ་ན་ལ་མཐིལ་གཏད་ན་སྙམ་པ་དེ་ལྟར་ལགས་སམ་ཞུས་པས། ཅུང་ཟད་བཞུགས་ནས། འོ་ཁྱོད་ནུབ་ང་ཤར་རེད་པ་ཞེས་བཀའ་སྩལ། མཐར་བསྙུན་ཚུལ་བསྟན་སྐབས་འདིར་ཡང་ཉིན་མོའི་རེས་ཤིག་ཅུང་ཟད་གཟིམ་ལ་གཡུར་བ་ལྟར་མཛད་རྗེས། ད་རེས་ང་གཉིད་དུ་སོང་བའི་རྨི་ལམ་ན། བནྡེ་འདྲ་བ་གཉིས་ཀྱིས་ཁྱོད་ཀྱི་གདུལ་

TN03_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

(༡༤༣)བྱ་ཤར་ཕྱོགས་ན་ཡོད་ཟེར་བ་ཞིག་བྱུང་། ང་འདྲ་བ་ལ་གདུལ་བྱ་དག་ཅང་ཡོད་དམ་གསུང་། ཡང་སྔར་དུས་ཤིག་ཏུ་ནང་གཅིག་ངེད་ཚོས་གཞན་ལ་བདེ་སྨོན་འདྲ་བ་བཤད་རང་གིས་ཀྱང་དག་པའི་ཞིང་ཁམས་རེར་སྨོན་ལམ་མང་པོ་འདེབས་མདོག་བྱས་པ་ཡིན་ཡང་མདང་སུམ་ཚོར་ཀོ་མོའི་འོ་ལུ་ན་སྔར་དུས་བཞིན་བསྡད་ཡོད་པའི་ཉིད་འཁྲུལ་ཁོ་ནས་མཚན་ཐོག་ཐག་ཡོལ་བ་བྱུང་། ད་དུང་ཡང་དེར་གཅིག་ཡོང་དགོས་པ་ཡིན་ནམ་ཞེས་ཀྱང་གསུངས་སྐད། ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་བརྒྱད་ཉིན་སྐུ་དྲང་པོར་བསྲངས། ཕྱག་མཉམ་བཞག །ཞབས་རྡོ་རྗེ་སྐྱིལ་ཀྲུང་མཛད་དེ་འཆི་སྲིད་རྣམ་པར་དག་པ་ཀ་དག་གི་ནང་དབྱིངས་ཆེན་པོར་སྙོམས་པར་ཞུགས་གཤེགས་རྗེས་ཀྱི་བྱ་བ་རྣམས་དགེ་མང་རྗེ་དབོན་རིན་པོ་ཆེ་དང་ཐུགས་ཟིན་གྱི་ཞམ་རིང་བ་བསོད་ནམས་ཚེ་རིང་སོགས་ཀྱིས་མཐའ་རྒྱས་སུ་བསྒྲུབས། བདག་ཉིད་ཆེན་པོ་འདིའི་སློབ་མར་གྱུར་པ་ནི། ཀ་ཐོག་སི་ཏུ་མཆོག་སྤྲུལ་ཆོས་ཀྱི་བློ་གྲོས། རྫོགས་ཆེན་མཆོག་སྤྲུལ་ལྔ་པ། རྒྱ་རོང་ནམ་སྤྲུལ་རིན་པོ་ཆེ་ཀུན་བཟང་ཐེག་མཆོག་རྡོ་རྗེ། རྫོགས་ཆེན་གླིང་སྤྲུལ་ཐུབ་བསྟན་རྒྱལ་མཚན། རྡོ་གྲུབ་ཡང་སྲིད་འཇིགས་མེད་ཕུན་ཚོགས་འབྱུང་གནས་དང་དྲི་མེད་གྲགས་པ་རྣམ་གཉིས། སྐུ་ཞབས་མཁྱེན་བརྩེའི་རིགས་སྲས་བདེ་ཆེན་རིག་པའི་རལ་གྲི། འགྲོ་འདུལ་སེམས་དཔའ་ཆེན་པོ་འཇིགས་མེད་རྒྱལ་བའི་མྱུ་གུའི་ཡང་སྲིད་ཀུན་བཟང་བདེ་ཆེན་རྡོ་རྗེ།

TN03_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

(༡༤༤)སྐུ་ཞབས་དགེ་མང་རིན་པོ་ཆེའི་མཆོག་སྤྲུལ་གཞན་ཕན་ཆོས་ཀྱི་སྣང་བ། ཨ་འཛོམ་འབྲུག་པ་སྤྲུལ་སྐུ་འགྲོ་འདུལ་རྡོ་རྗེ། སྤྲུལ་པའི་གཏེར་སྟོན་ལས་རབ་གླིང་པ། རིག་གནས་མང་པོ་ལ་མཁས་པ་དཔལ་ཤུལ་རིག་བཟང་དང་དེའི་གཅུང་རྡོ་རྗེ་འཛིན་པ་བསོད་ནམས་རྣམ་རྒྱལ། སེ་རའི་གྲྭ་སར་མཁས་གྲགས་ཀྱི་རྒྱལ་མཚན་ཐོབ་པའི་སེར་ཤུལ་ལྷ་རམ་པ་ཐུབ་བསྟན། དཔལ་སྤུངས་བླ་མ་བཀྲ་ཤིས་འོད་ཟེར། མུ་ར་སྤྲུལ་སྐུ་ཐུབ་བསྟན་ཆོས་དཔལ་བཟང་པོ། ཧོར་འབའ་ཕུག་སྤྲུལ་སྐུ་ཆོས་དཔལ་རྒྱ་མཚོ། སྡེ་དགེ་ས་དབང་སྐུ་མཆེད། འཇུ་བླ་མ་གྲགས་པ་རྒྱལ་མཚན། བླ་སྤྲུལ་ཆེན་པོའི་མིང་མ་བཏགས་ཀྱང་གཞན་ཕན་གྱི་མཛད་པ་བཟང་པོ་ཅན་མགོ་ལོག་བླ་མ་འགྱུར་མེད་དང་ཨ་བོས་དགེ་ལེགས་དང་རྡོ་རྒུ་ཚུལ་ཁྲིམས་སོགས་བགྲང་གིས་མི་ལང་བ་ཡོད་ཀྱང་དམ་པའི་ཆོས་ཉན་བཤད་ཀྱི་ཕྲིན་ལས་ལྷག་པར་སྐྱོང་བའི་སློབ་མ་ནི་མཁན་ཆེན་རྡོ་རྗེ་འཆང་བ་པདྨ་དམ་ཆོས་འོད་ཟེར་དང་། དགེ་མང་རྗེ་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ། མཁས་གྲུབ་ཆེན་པོ་མི་ཕམ་རྣམ་རྒྱལ། རྟོགས་ལྡན་དམ་པ་ལུང་རྟོགས་འཕེལ་རྒྱས་བཟང་པོ། འདུལ་འཛིན་མཁས་པའི་དབང་ཕྱུག་ཐུབ་བསྟན་ཆོས་ཀྱི་གྲགས་པ། རྗེ་མདོ་སྔགས་རྒྱ་མཚོ་སོགས་མང་དུ་བྱོན་ཏེ་དེ་དག་གི་དྲིན་ལས་མཚུངས་བྲལ་རྗེ་བཙུན་མཆོག་གི་རྣམ་དཀར་ཕྲིན་ལས་ཀྱི་འོད་སྣང་དབྱིག་འཛིན་ཡངས་པའི་རྒྱན་དུ་ད་ལྟའང་གནས་བཞིན་པ་སྟེ། ད་དུང་ཡང་བསྐལ་བཟང་སྒྲོན་མེ་ལྔ་པའི་ཉིན་བྱེད་ཀྱིས་

TN03_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

(༡༤༥)འཆར་ཀའི་འོད་དམར་སྤྲོ་བ་ལ་ཕྱོགས་པའི་བར་དུ་འཕེལ་རྒྱས་འབྱུང་བར་གྱུར་ཅིག་གུ །ཡོན་ཏན་རྒྱ་ཆེ་དགོངས་པ་ཤིན་ཏུ་ཟབ། །སྦས་པའི་བརྟུལ་ཞུགས་གཞན་གྱིས་མི་ཤིགས་པ། །བདག་ཉིད་ཆེན་པོའི་རྣམ་ཐར་དཔག་དཀའ་ཡང་། །ཕྱོགས་ཙམ་མཛུ་བ་མོས་ཟླ་བ་བཞིན་དུ་བསྟན། །དད་པའི་འབབ་སྟེགས་ལས་འོང་ཚིག་གི་ཆུ། །དོན་བཟང་རིན་ཆེན་བྱེ་མ་འདྲེན་པའི་རྒྱུན། །ཕབ་འདིས་ལུས་ཅན་སྡིག་པའི་དྲི་འཁྲུད་ཅིང་། །རྗེ་བཙུན་བླ་མ་མཆོག་དེའི་བཀའ་འབངས་ཀྱི་ཐ་ཆུང་འཇིགས་མེད་བསྟན་པའི་ཉི་མས་ཡིད་ལ་དྲན་ཚད་སྨྲས་རིམ་ལྟར་དཀོན་མཆོག་ཆོས་འཕེལ་བཟང་པོས་ཡི་གེར་བྲིས་པ་དགེ་བར་གྱུར་ཅིག །མཛད་པའི་གོ་རིམ་སོགས་རང་གིས་ཇི་བཞིན་མ་ངེས་པའི་འཁྲུལ་པ་མང་དུ་ཡོད་ཤས་ཆེ་བས་རྣམ་ཐར་ལ་འདྲིས་ཞིབ་ཆེ་བ་རྣམས་ཀྱིས་བཅོས་རོགས་མཛད་ན་རྗེས་སུ་ཡི་རང་ངོ་།། །།

TN03_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

(༡༤༦)

གཙུག་ལག་ཁང་ཕྱག་དར་གྱི་གཏམ་བསོད་ནམས་སྤྲིན་གྱི་རྔ་སྒྲ།

TN03_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

(༡༤༧)གཙུག་ལག་ཁང་ཕྱག་དར་གྱི་གཏམ་བསོད་ནམས་སྤྲིན་གྱི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། །

TN03_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

(༡༤༨)བླ་མ་དང་སྟོན་པ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ཡང་འོ་སྐོལ་གྱི་སྟོན་པ་ཤཱཀྱ་ཐུབ་པའི་བཀའ་དྲིན་དང་། མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱི་མཐུ་ལས། ཐོས་བསམ་སྒོམ་པའི་ཤེས་རབ་ཁྱད་པར་ཅན་སྐྱེ་བ་ལ་ཕྱི་ནང་གི་རྐྱེན་ཕལ་མོ་ཆེ་འཛོམ་བཞིན་པའི་གནས་སྐབས་སུ་གྱུར་ཀྱང་། ད་དུང་ས་ལམ་གྱི་རྟོགས་པ་བོགས་མི་ཐོན་པའི་གནད་ཀྱི་ཆེ་ཤོས་ནི་བློ་ལས་སུ་མི་རུང་བར་བྱེད་པ་འགལ་རྐྱེན་ལས་ངན་པའི་སྡིག་སྒྲིབ་ཁོ་ན་ལས་ཡིན་པས་དེ་སྦྱོང་བྱེད་ཞིང་གི་མཐུ་ལ་བསྟེན་ཏེ་ཚོགས་ཀྱི་བསགས་རྒྱབ་མང་བ་ཞིག་གནད་དུ་ཆེ་ཞིང་། དེའི་ཚུལ་ནི་བྱང་ཆུབ་སེམས་དཔའི་ས་དང་སྤྱོད་འཇུག་ལ་སོགས་པར་མཐའ་ཡས་པ་ཞིག་ཡོད་པ་ལས། འདིར་ཇོ་བོ་བཀའ་

TN03_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

(༡༤༩)གདམ་པའི་སྦྱོར་ཆོས་ཀྱི་སྡོམ་དྲུག་གི་ཐོག་མར། གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པའི་སྐབས་ནས་འབྱུང་བ་ལྟར་ཕྱག་དར་གྱི་ཚུལ་ལས་བརྩམས་པའི་གཏམ་ཉུང་ངུར་དྲིལ་ཏེ་འཆད་པ་ལ། ཕན་ཡོན་བཤད་པ་དང་། ཕྱག་དར་གྱི་ཚུལ་དངོས་བརྗོད་པ་སྟེ་གཉིས་ལས། དང་པོ་ལའང་ཕན་ཡོན་དངོས་དང་། དེས་ན་ཚུལ་འདི་ལ་འབད་པར་བསམ་པ་གཉིས་ལས། དང་པོ་ནི། སྔོན་བཙུན་པ་རྣམ་གྲོལ་སྡེས་འཕགས་པ་བྱམས་པ་ལོ་བཅུར་བསྒྲུབས་ཀྱང་མ་གྲུབ་སྟེ། དཔལ་ལྡན་ཟླ་བ་ལ་ཐབས་དྲིས་པས་སྡིག་པ་ཞི་བའི་དོན་དུ་བསྲེགས་བླུགས་གྱིས་ཤིག་པར་གདམས་པ་བཞིན། སྦྱིན་སྲེག་འབུམ་ཕྲག་མང་པོ་བགྱིས་པས་ནམ་ཞིག་མེ་ཐབ་ཀྱི་ཁུང་བུར་བྱམས་པའི་ཞལ་

TN03_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༠)བསྟན་པར་གྲགས་པ་བཞིན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་རང་རང་གི་འགལ་རྐྱེན་ནམ་ཟད་པ་ན་མངོན་དུ་འགྱུར་བ་ཆོས་ཉིད་ཡིན་པས་ཡོན་ཏན་གྱི་ཚོགས་རྫོགས་པ་ལ་སྒྲིབ་སྦྱང་གི་ཐབས་མང་བ་དགོས་ཤིང་། དེ་ལས་སྟོབས་བཞིའི་བཤགས་པ་ལ་སོགས་པ་ཕུང་པོ་གསུམ་གྱི་དགེ་ཚོགས་རླབས་པོ་ཆེ་བསྡུ་བ་ནི་སྐྱེ་བོ་མཁས་ཤིང་མཛངས་པ་རྣམས་ཀྱི་ཡུལ་ཡིན་ཞིང་། དངོས་འབྱོར་གྱི་མཆོད་པ་ཕལ་ཆེར་ཡང་བསོད་ནམས་ཆུང་ངུའི་ད་རི་དྲ་རྣམས་ཀྱི་སྐལ་བས་མི་ཁུག་པ་དང་། ལོག་འཚོ་དང་སེར་སྣས་མ་སྦགས་པའང་དཀའ་ལ། ཡིད་ཀྱིས་སྤྲུལ་པའི་མཆོད་པ་ལ་བརྟེན་ནས་བསོད་ནམས་གསོག་པ་ནི་བློ་ཤིན་ཏུ་རྟུལ་བ་རྣམས་ལ་འཆར་དཀའ་བ་སོགས་ཀྱི་ཕྱིར། བཅོམ་ལྡན་འདས་ཀྱིས་ཀྱང་ལམ་ཆུང་བ་ཧ་ཅང་བུལ་བར་གཟིགས་ཏེ། དགེ་འདུན་གྱི་མཆིལ་ལྷྭམ་དང་ལྷྭམ་སྒྲོག་གུ་ཅན་རྣམས་བྱི་དོར་བྱ་བའི་ལས་འབའ་ཞིག་བཅོལ་ནས་རྡུལ་སྤང་ངོ་། །དྲི་མ་བྲལ་ལོ། །ཞེས་ཟློས་སུ་བཅུག་པས། སྔར་ཨོཾ་བྷུ་ཞེས་པའི་ཡིག་འབྲུ་ཙམ་ཡང་འཛིན་མི་ནུས་པ་ལ་དུས་དེར་དཀོན་མཆོག་གི་ཞིང་ལ་བསྟེན་པའི་ལས་དཀར་པོ་དེའི་ནུས་པས་ཚིག་སྡེ་ཚན་གཉིས་ཀ་ཟིན་ཏེ་ཉིན་རེ་ཞིང་དགེ་འདུན་གྱི་ལས་ཁོ་ན་བགྱིས་པས་ཇེ་ཞིག་ན་འཕགས་པའི་ལམ་གྱིས་རྒྱུད་འགྲོལ་བའི་དགེ་རྩ་སྨིན་ཏེ། རྡུལ་འདི་ས་རྡུལ་མིན་ཏེ་འདོད་ཆགས་རྡུལ། །ཞེས་

TN03_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༡)སོགས་ཆེད་དུ་བརྗོད་དེ་དགྲ་བཅོམ་ཐོབ་པ་ལྟར། བྱ་སླ་ཞིང་ས་ཆོད་ཆེ་ལ་གནད་ཟབ་པའི་ཚོགས་བསགས་ཀྱི་སྒོ་ཆེས་ཆེ་བ་ནི་ཕྱག་དར་གྱི་མཆོད་པའི་བསྙེན་བཀུར་ཡིན་ཏེ། འདི་ནི་ལུས་ཀྱི་ངལ་བ་ཙམ་ལ་བརྟེན་པའི་ཕྱིར་ལོངས་སྤྱོད་ཀྱི་ཤེ་མོང་དང་། དབང་ཐང་གི་ཁྱད་ནོར་སོགས་དཀའ་བ་དང་དཀོན་པའི་རྒྱུ་ཚོགས་ལ་མི་ལྟོས་པས་བྱ་སླ་ལུགས་དེ་ལྟར་ཡིན་ཞིང་། མུ་སྟེགས་ཅན་གྱིས་མེ་ལྔ་བསྟེན་པ་ལྟར་སྲིད་པའི་རྩ་བ་གཅོད་བྱེད་ཀྱི་ཐབས་དང་མ་འབྲེལ་བའི་ཀུན་སྤྱོད་མ་ཡིན་པར། འདི་ནི་སློབ་དཔོན་མ་ཏི་ཙི་ཏྲས་དཀོན་མཆོག་གི་བྱིན་རླབས་རྒྱུད་ལ་འཇུག་མི་འཇུག་གི་ཕྱི་རྐྱེན་སངས་རྒྱས་ལ་སོགས་པ་ཡོད་མེད་ལས་མིན་གྱི། ནང་རྐྱེན་རང་གི་དགེ་བའི་ཚོགས་ཀྱིས་ཡུལ་དེ་ལ་བྱ་བ་བྱས་མ་བྱས་ནས་ཡིན་པར་བསྔགས་འོས་བསྔགས་བསྟོད་དུ་གསུངས་པ་བཞིན། རང་རྒྱུད་ཀྱི་སྲིད་རྩ་ལྡོག་པ་ལ་ཀུན་ཉོན་རྨིང་གྱེལ་གྱི་ཐབས་དེ་རང་དབང་དུ་སྟོན་པ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བདག་རྐྱེན་ལ་བསྟེན་དགོས། བསྟེན་ལུགས་ཀྱང་སངས་རྒྱས་མཐོང་བས་རེ་ཞིག་མི་འདུལ་བ་མཚན་ཐོས་པ་ལ་བརྟེན་ནས་རིམ་གྱིས་འདུལ་བ་དང་། ཆོས་ཐོས་པས་རེ་ཞིག་མི་ཐུལ་བར་སྟོན་པ་ཅང་མི་གསུང་བ་མཐོང་བས་འདུལ་བ་དང་། སངས་རྒྱས་ཀྱི་གཟུགས་ཀྱིས་མི་ཐུལ་གྱི་རང་རྒྱལ་གྱི་གཟུགས་ཀྱིས་འདུལ་བ་དང་། གཏམ་འབེལ་བས་མི་ཐུལ་གྱི་རྫུ་འཕྲུལ་བསྟན་པས་འདུལ་བ་ལ་སོགས་པ་གདུལ་བྱའི་རིགས་མི་འདྲ་བའི་

TN03_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༢)དབྱེ་བ་མཐའ་མེད་པར་མདོ་སྡེ་མང་པོ་ནས་གསུངས་མོད། གང་ལྟར་ཡང་དངོས་སམ་བརྒྱུད་ནས་སངས་རྒྱས་ཀྱི་གདུལ་བྱར་གྱུར་ཕན་ཆད་སྔོན་དེ་བཞིན་གཤེགས་པ་ལ་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ་ཞིག་ནི་ཅི་ནས་ཀྱང་མེད་མི་རུང་དུ་དཀོན་མཆོག་བརྩེགས་པ་ནས་གསུངས་པ་ལྟར་ཡིན་པས་སྟོན་པ་སངས་རྒྱས་ལས་གདམས་ངག་ནོད་དེ་རྣམ་བྱང་གི་ཡོན་ཏན་ཡོངས་སུ་རྫོགས་པའི་རྟེན་འབྲེལ་རྒྱུད་ལ་སྒྲིག་བྱེད་དུ་འགྲོ་བའི་ཕྱིར། ས་ཆོད་ཆེ་ལུགས་དེ་ལྟར་ཡིན་ཏེ། ནེ་ཙོ་མི་སྐད་ཤེས་པ་ཞིག་གིས་བཅོམ་ལྡན་འདས་ལ་སེམས་དང་བས་སྐད་སྙན་པ་གཅིག་ཕྱུང་བ་ཁོ་ནས་ལྷར་སྐྱེས་ཏེ་སྟོན་པའི་སྤྱན་སྔར་བདེན་པ་མཐོང་བར་ལས་བརྒྱ་པར་གསུངས་ན། དེ་ལས་ལྷག་པའི་འབད་རྩོལ་གྱི་ངལ་བ་དང་བཅས་ཏེ་ཞིང་ཁྱད་པར་ཅན་ལ་བསྙེན་བཀུར་བགྱིས་པ་ལྟ་ཅི་སྨོས་པའི་ཕྱིར་རོ། །དེའང་ལས་ཀྱི་རྣམ་སྨིན་ཆེ་ཆུང་དང་སྟོབས་དྲག་ཞན་གྱི་ཁྱད་པར་ནི་ཤེས་སྤྲིང་ལས། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །སོགས་གསུངས་པ་ལྟ་བུ་སྟེ། མདོར་བསྡུ་ན། ཞིང་གི་མཐུ་ཆེ་ཆུང་དང་། བསམ་པའི་ཤུགས་དྲག་ཞན་དང་། སྦྱོར་བའི་འཇུག་པ་མཆོག་དམན་ནས་ཡིན་པས། འདིར་ཡང་ཞིང་ཁྱད་པར་ཅན་དཀོན་མཆོག་གསུམ་ལ་བསྟེན་པ་དང་། བསམ་པ་ཁྱད་པར་ཅན་མཛོད་ལས། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེ་ཡི་དུས་ཀྱི་སློང་ཞེས་བྱ། །ཞེས་པ་ལྟ་བུའི་ཀུན་སློང་གཉིས་པོ་གང་རུང་དུ་དོན་ཆེན་པོ་གསུམ་ལ་དམིགས་པ་དང་།

TN03_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༣)སྦྱོར་བ་ཁྱད་པར་ཅན་རྒྱུན་མི་ཆད་པ་དང་ཤུགས་དྲག་པ་དང་དཀའ་ཚེགས་ཆེན་པོས་བསྒྲུབས་པའི་ཕྱིར་དགེ་བའི་འགྱུར་ཚབ་ཀྱང་དེ་སྙེད་དེ་སྙེད་ཀྱིས་ཤིན་ཏུ་ཆེ་བ་སྟེ། ཡུལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་སྒྱུ་མའི་རྣམ་པ་བསམ་གྱིས་མི་ཁྱབ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་བསམ་གྱིས་མི་ཁྱབ། ཐུགས་རྗེ་ཆེན་པོ་སུམ་ཅུ་རྩ་གཉིས་ཀྱི་འཇུག་པ་བསམ་གྱིས་མི་ཁྱབ། བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་ཀྱི་སྒོ་མོ་ཆེ་མཐའ་ཡས་པ་མཐའ་ཡས་པ་སྐད་ཅིག་སྐད་ཅིག་ལ་ངང་གིས་འཇུག་པ་བཞིན་དུ་ཡུལ་ཅན་སངས་རྒྱས་ལ་དམིགས་པའི་དད་པས་བསྙེན་བཀུར་བགྱིས་པ་ལའང་བསོད་ནམས་ཀྱི་ཕུང་པོ་མཐའ་མེད་དེ། རིན་ཆེན་ཕྲེང་བར། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་བྱང་ཆུབ་སེམས་ཀྱི་ཕན་ཡོན་རིགས་པས་བསྒྲུབས་པ་ཉིད། སངས་རྒྱས་ཡོན་ཏན་ཚད་མེད་ལ། །བསྙེན་བཀུར་དེ་ནི་དེ་འདྲའོ། །ཞེས་འདོན་པ་བསྒྱུར་བས་ཆོག་པའི་ཕྱིར་ཏེ། གནད་ཟབ་ལུགས་དེ་ལྟར་ཡིན་ནོ། །དེའི་ཚུལ་ཞིབ་ཏུ་ནི་བནྡེ་ཡེ་ཤེས་སྡེའི་སངས་རྒྱས་གཙོའི་རྒྱ་ཆེར་འགྲེལ་གྱི། བསམ་མི་ཁྱབ་ལ་དད་བྱས་པའི། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་པའི་འགྲེལ་པ་དང་མདོ་སྡེ་རྣམས་དང་བཞི་བརྒྱ་པའི་འགྲེལ་པ་ལ་སོགས་པར་བལྟས་པས་ཤེས་སོ། །ཕན་ཡོན་འཐོབ་ལུགས་ཀྱང་། སྐུ་གཟུགས་དང་མཆོད་རྟེན་ལྟ་བུ་གཅིག་

TN03_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༤)ལ་དམིགས་ནས་མཆོད་པ་ཕུལ་བ་བས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མཆོད་རྟེན་ལ་དམིགས་པའི་མཆོད་པ་བསོད་ནམས་ཆེས་ལྷག་པར་འཕགས་པ་ཐོགས་མེད་ཞབས་ཀྱིས་བཤད་ཅིང་། སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ཀྱི་ཚུལ་རྒྱ་མཚོ་ལ་ངེས་ཤེས་མ་རྙེད་པར་དེ་བཞིན་གཤེགས་པ་གཅིག་ལ་དམིགས་པའི་མཆོད་པ་དང་། ཐམས་ཅད་ལ་དམིགས་པའི་མཆོད་པ་གཉིས་ཀྱི་ཡང་ཕྱི་མ་བསོད་ནམས་ཆེ་བར་པ་ཆེན་མང་པོས་བཤད་པ་ལྟར་ཡིན་པས་ལྷ་རྟེན་དང་གཙུག་ལག་ཁང་ཉི་ཚེ་བ་རེ་ལ་དམིགས་ནས་ཕྱག་དར་བགྱིས་པ་དང་། མཆོད་རྟེན་ཐམས་ཅད་ལ་དམིགས་པའི་ཕྱག་དར་གྱི་བསྙེན་བཀུར་གཉིས་ལས་ཕྱི་མ་མཆོག་ཏུ་བསྔགས་པ་དང་། སངས་རྒྱས་གཅིག་གི་ཡེ་ཤེས་ཉིད་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་ཞུགས་པར་ངེས་པ་མ་འདྲོང་བའི་གང་ཟག་གིས། རྒྱལ་བ་ཐམས་ཅད་ལ་དམིགས་པ་དང་། རེ་རེ་ལ་དམིགས་པའི་ཕྱག་དར་གྱི་བསྙེན་བཀུར་གཉིས་ལ་ཡང་སྔ་མ་ཆེས་ལྷག་པའི་ཕྱིར་འདུན་ཤུགས་རྒྱ་ཆེ་བ་ཞིག་གནད་དུ་ཆེ་ལ། དེས་མཚོན་ཏེ་ཁྱད་པར་གཞན་ཡང་སྔར་དྲངས་པའི་བཤེས་སྤྲིང་གི་ལུང་ལས་ཤེས་པར་བྱའོ། །སྟོན་པས་ཀྱང་རྗེས་འཇུག་རྣམས་ལ་དོན་དེ་ཉེ་བར་འདོམས་པའི་ཕྱིར། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཉིན་རེ་ཞིང་རྒྱལ་བྱེད་ཚལ་འཕྱག་ཏུ་འོང་བ་ལས། ཉིན་གཅིག་བྲེལ་བ་ཞིག་བྱུང་ནས་ལུས་པས། ཉི་མ་ཤར་བ་དང་སྟོན་པ་ཀུན་དགའ་

TN03_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༥)ར་བའི་སྒོར་འཆགས་པས་རྒྱལ་བྱེད་ཚལ་རྡུལ་གྱིས་གང་བ་གཟིགས་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཕུལ་བའི་རྩ་མཆོག་གི་ཆུན་པོ་བསྣམས་ཏེ། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པས་ཕྱག་དར་མཛད་པ་ཡིན་ཏེ། དེར་མ་ཟད་ཉིན་དེ་ཉིད་ཀྱི་ཕྱི་དྲོ་སྟོན་པས་དགེ་འདུན་བསྡུས་ཏེ། ཕྱག་དར་གྱི་ཡོན་ཏན་ལྔ་བཤད་པར་ཡང་གསུངས་སོ། །ཡོན་ཏན་ལྔ་ནི། ཕྱག་དར་བྱས་པས་རང་གི་སེམས་དང་བ་དང་། །གཞན་གྱི་སེམས་དང་བ་འདྲེན་པ་དང་། ལྷ་རྣམས་ཀྱང་དེ་ལ་དགའ་བ་དང་། མཛེས་པའི་ལས་གསོག་པ་དང་། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་འགྲོ་བ་རྣམས་ཡིན་ཏེ། བསྡུ་ན། ཚེ་འདིའི་ཡོན་ཏན་དང་། ཚེ་རབས་བརྒྱུད་མར་འཐོབ་པའི་ཡོན་ཏན་གཉིས་སུ་ཕྱག་དར་གྱི་ཕན་ཡོན་ཐམས་ཅད་འདུ་ལ། ཚེ་འདིར་ནི། འཕྲལ་དུ་བདེ་བར་གནས་པའི་ཡོན་ཏན་དང་། ཡུན་དུ་དོན་ཆེན་འགྲུབ་པའི་ཡོན་ཏན་གཉིས་འབྱུང་སྟེ། དང་པོ་ནི། སངས་རྒྱས་སམ་དགེ་འདུན་ནམ་བླ་མའམ་མཆོད་རྟེན་ལ་སོགས་པ་བསོད་ནམས་དམ་པའི་ཞིང་ལ་བསྟེན་ཏེ་དགེ་ཚོགས་རྒྱ་ཆེན་པོ་ཡོངས་སུ་བཟླུམ་པའི་མཐུས་ཆུ་སྣོད་ནམ་དྭངས་པ་ན་ཟླ་གཟུགས་ཤུགས་ལ་འཆར་བ་ལྟར་དཀོན་མཆོག་གི་བྱིན་རླབས་རྒྱུད་ལ་འཇུག་གོ །དེ་ཞུགས་ན་དད་པའི་ཉེར་ལེན་དང་ཚོགས་ཞིང་གི་ལྷན་ཅིག་བྱེད་རྐྱེན་ལ་བརྟེན་ནས་གང་ཟག་དེ་ལ་ཕུན་ཚོགས་བདེ་བའི་དངོས་པོ་མཐའ་ཡས་བ་ཞིག་ཉེ་

TN03_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༦)བར་འགྱུར་ཏེ། དགྲ་བཅོམ་པ་མི་སྡུག་སྔོན་གྱི་ལས་དབང་གིས་བསོད་སྙོམས་བསླང་བ་ཡང་མི་རྙེད་པར་བཀྲེས་ལྟོག་གི་གདུངས་པ་ཁོ་ནས་རྟག་ཏུ་མནར་བ་ལས། ཉིན་གཅིག་དེས་སྟོན་པའི་དྲི་གཙང་ཁང་ཕྱག་དར་ལ་ཞུགས་པས། ཉིན་དེར་བསོད་སྙོམས་གྱི་སྐལ་བ་ཆེར་ཐོབ། དེ་ཕན་ཆད་དུ་སྟོན་པའི་གཙང་ཁང་དབྱིབ་དེས་ཁོ་བོའི་ཟས་སྐལ་གཅོད་པ་ཡིན་པས་ལས་འདི་བདག་གི་སྐལ་བར་ཞོག་ཅིག་ཅེས་སྒྲ་བསྒྲགས་པ་བཞིན་ནོ། །དེའང་དགྲ་བཅོམ་པ་ནི་ཕྱིས་ཁམས་གསུམ་དུ་སྐྱེ་བ་མི་ལེན་པས་དེ་འདྲ་དེ་ལ་ནི་བསོད་ནམས་ཀྱི་རྣམ་སྨིན་ཡང་མཐོང་ཆོས་བདེ་བར་གནས་པའི་རྐྱེན་ཙམ་དུ་འཆར་བ་སྟེ། ཆོས་མངོན་པར། དགྲ་བཅོམ་པས་རྒྱལ་བ་མཆོད་པ་ལྟ་བུ་ཕྱི་མའི་བདེ་འབྲས་ཀྱི་སླད་དུ་མ་ཡིན་པས་སྟོན་པ་ལ་དྲིན་དུ་གཟོ་བའམ་བྱས་པ་ཤེས་པའི་ཕྱིར་ཡིན་ནོ། །ཞེས་གྲགས་པས་མཚོན་ལ། །གཞན་ནི་དེ་དང་སྒོ་ཕྱོགས་རེ་ནས་འདྲ་བར་ཟད་ཀྱི། ཐམས་ཅད་ནས་ནི་མ་ཡིན་ནོ། །གཉིས་པ་ནི། སེམས་རྙོག་པ་ཅན་ལ་བདེན་མཐོང་གི་ནུས་པ་མེད་པས། ས་ག་མའི་བུ་རྣམས་གསལ་རྒྱལ་གྱིས་བཀུམ་པའི་ཚེ། དེ་དག་གི་མགོ་བཅད་ནས་སྒྲོམ་དུ་བཅུག་སྟེ་མའི་ཁྱིམ་དུ་བསྐུར་བ་ན། སྟོན་པས། རེ་ཞིག་སྒྲོམ་དེའི་ཁ་མ་དབྱེ་ཞིག །ཅེས་བསྒོས་ནས་ཆོས་བསྟན་པས་ས་ག་མས་བདེན་པ་མཐོང་བའི་འོག་ཏུ་གདོད་སྒྲོམ་དབྱེ་བར་གནང་བ་བཞིན། འཚིག་པ་དང་མངོན་པར་མི་དགའ་བ་ལ་སོགས་པས་སེམས་མ་དཀྲུགས་

TN03_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༧)པ་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་པ་འཆར་སླ་ཞིང་། ཕྱག་དར་ནི་སེམས་དང་བའི་རྣམ་པ་དང་མཐུན་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་དགའ་བ་འདྲེན་པ་དང་། དེར་ཡང་མ་ཟད་དེ་ཕྱག་དར་གྱི་ཚོགས་རྒྱལ་བ་སྲས་བཅས་ལ་བསྟི་སྟང་བགྱིས་པའི་མཐུ་ལས་དཀོན་མཆོག་གི་བྱིན་རླབས་སེམས་ལ་འཇུག་པས་བསམ་བསྒོམ་ལ་མྱོང་བ་ཁྱད་པར་ཅན་འདོན་ནུས་པའང་ཡིན་ནོ། །ཚེ་རབས་བརྒྱུད་མར་འཐོབ་པ་ནི། ཉི་ཚེ་བའི་དམྱལ་བ་ཕལ་མོ་ཆེ་དང་དེ་མ་ཡིན་པའི་དམྱལ་བའི་རིགས་མང་པོ་ཞིག་དགེ་འདུན་གྱི་གཙུག་ལག་ཁང་འདྲལ་བ་དང་སྨོད་པ་དང་ངན་སྐྱུགས་མཆིལ་སྣབས་དོར་བ་དང་། རང་དགར་སྤྱད་པ་ལ་སོགས་པའི་རྣམ་སྨིན་དུ་གསུངས་པ་ལྟར། དེ་ཉིད་འདོན་པ་བསྒྱུར་བ་ལས། དཀོན་མཆོག་གསུམ་ལ་གུས་པ་ཉེ་བར་བཞག་སྟེ། དགེ་འདུན་གྱི་གཙུག་ལག་ཁང་ངམ། མཆོད་རྟེན་གྱི་ཉེ་འཁོར་དང་། བླ་མའི་གནས་གཞི་སོགས་ཕྱག་དང་བྱས་པ་དང་། ཆག་ཆག་བཏབ་པ་དང་། བག་ཡོད་པའི་སེམས་ཀྱིས་བཀུར་སྟིར་བགྱིས་པས་ཀྱང་མཐོ་རིས་ཀྱི་གྲོང་ཁྱེར་བདེ་ཞིང་མི་མཐུན་པ་མེད་པ་རྣམས་སུ་སྐྱེས་ཏེ། འདུག་ན་ཉམས་དགའ་བའི་ཕོ་བྲང་། གཞལ་མེད་ཁང་ཤིན་ཏུ་བདེ་བ་དང་། འགྲོ་ན་ཡིད་དུ་མཆི་བའི་ལམ་སྲང་རིན་པོ་ཆེ་བཀོད་པའི་ངོ་མཚར་དུ་མ་དང་ལྡན་པར་འགྱུར་བ་ལ་སོགས་པ་ཕན་ཡོན་གྱི་སྒོ་འཕར་མང་པོ་ཞིག་མཚོན་ནུས་ཏེ། ཟ་མ་ཏོག་ལྟ་བུའི་གཏམ་ལས། མཆོད་རྟེན་གདུང་བཅས་གཙུག་

TN03_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༨)ལག་ཁང་། །མི་གང་འབད་པས་ཉེན་ཀོར་འཕྱག །ཀུན་ནས་དྲི་མ་མེད་བྱེད་པ། །གསེར་གྱི་ཁ་དོག་འདྲ་བར་འགྱུར། །ཞེས་སོ། །གོང་དུ་སྨོས་པའི་ཕྱག་དར་གྱི་ཡོན་ཏན་བཞི་པའི་སྟེང་ནས་བསྔགས་པ་བརྗོད་དེ་གསུངས་པ་འདིས་ཡོན་ཏན་ལྔ་པའང་མཚོན་ནུས་སོ། །སློབ་དཔོན་ཡེ་ཤེས་རྡོ་རྗེས་དེ་ཉིད་མཐོང་བའི་ལམ་ལས་ཀྱང་། བ་ལྕི་ཆུར་བཅས་སྦྱིན་པ་སྟེ། །སོགས་མཎྜལ་བྱི་དོར་བྱས་པ་དང་བ་བྱུང་གིས་ཆག་ཆག་བཏབ་པ་ལ་སོགས་པ་ཕ་རོལ་ཕྱིན་དྲུག་དང་སྦྱར་ཏེ། དེའི་མཐུས་གནས་སྐབས་སུ་ཁ་དོག་གསེར་དུ་སྣང་ཞིང་ནད་མེད་ལ་ཚེ་རབས་མང་པོར་རྒྱལ་བའི་རིགས་ནོར་མང་པོའི་ཁྱིམ་དུ་སྐྱེ་བ་དང་མཐར་ཐུག་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འགྲུབ་པར་ཡང་གསུངས་ཏེ། མཎྜལ་དེ་ནི་འཕགས་ཡུལ་གྱི་སློབ་དཔོན་མི་ཕམ་བཤེས་གཉེན་གྱི་འཇམ་དཔལ་མཆོད་ཆོག་ཏུ་བཤད་པ་ལྟ་བུའི་སངས་རྒྱས་སྲས་བཅས་གང་དུ་སྤྱན་འདྲེན་པའི་མཆོད་སྟེགས་ཡིན་པས། དེ་ནི་འདིར་ཡང་དཀོན་མཆོག་གསུམ་དངོས་སམ་དེའི་རྟེན་གསུམ་གྱི་གནས་གཙུག་ལག་ཁང་ཀུན་ལ་རིགས་པ་སྦྱར་དུ་ཡོད་མོད། འོན་ཀྱང་དེ་ཉིད་ཕྱག་དར་བྱ་བ་དང་། སྤོས་ཆུས་འདེབས་པ་ལ་སོགས་པ་ཕྱིན་དྲུག་གི་ཡ་གྱལ་དུ་འགྲོ་བ་དང་། ཞིང་ཁམས་རྣམ་དག་གི་སྦྱོང་བྱེད་དུ་འགྲོ་བ་ནི་སེམས་བསྐྱེད་ཀྱི་ས་མ་ཟིན་ན་གཏན་མེད་པས། འཇམ་དཔལ་ཞིང་བཀོད་ལས། མཚན་རབ་སུམ་ཅུ་རྩ་གཉིས་

TN03_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༩)བརྒྱན་པའི་སྐུ། །བདེ་གཤེགས་འགྱུར་བར་སུ་དག་འདོད་པ་དག །སྙིང་ལ་རྫོགས་པའི་བྱང་ཆུབ་སེམས་ཞོག་སྟེ། །མཆོད་པའི་ཕྱིར་ནི་དེ་ཡི་ཐད་དུ་སོང་། །ཞེས་རྐང་པ་དང་པོ་གཉིས་ཀྱི་བསྟན་དོན་དེ་རྐང་པ་བཞི་པའི་བསྟན་དོན་རྐྱང་པ་ཙམ་གྱིས་མི་འགྲུབ་པས། རྐང་པ་གསུམ་པས་ཁྱད་པར་ཅན་གྱི་སྒྲ་སྦྱར་བ་ལྟར་འདིར་ཡང་འདྲའོ། །འོ་ན་ཐེག་ཆེན་པ་དང་ཐུན་མོང་གི་ཕྱག་དར་གྱི་ཕན་ཡོན་ཅི་འདྲ་ཞིག་ཅེ་ན། དེ་ནི་སྔར་ཡང་བཤད་ཟིན་ཏེ། མདོར་ན་ཐེག་པ་དམན་པའི་སེམས་ཀྱིས་བསོད་ནམས་ཅི་ཙམ་ཞིག་བསགས་ཀྱང་རང་འབྲས་ཉན་རང་གི་དགྲ་བཅོམ་གང་རུང་ལས་འགྲོ་ས་མེད་པས་ཚེ་དང་ལྡན་པ་བྲན་བུ་དང་སྐྱོང་བ་གཉིས་ལ་ཕྱག་དར་གྱི་བདག་རྐྱེན་ལས་ཅི་ཙམ་ཐོབ་པའི་ཡོན་ཏན་དེ་ལས་ལྷག་པ་ཞིག་དམན་ལམ་པ་ལ་འགྲུབ་ཏུ་མེད་པར་མཐོང་ངོ་། །དེའི་གཏམ་ནི། མཐའ་འཁོབ་ཀེ་རའི་རྒྱལ་པོས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཁྱེའུ་གཉིས་སྐྱེས་སུ་བསྐུར་ཏེ། གཡོས་ལ་མཁས་པ་བྲན་བུ་དང་། གནས་མལ་གྱི་ལས་ལ་མཁས་པ་སྐྱོང་བ་གཉིས་སོ། །དེ་དག་ཟས་ལ་བརྐམ་དྲག་པས་ཚོད་དུས་ཀྱི་ཟས་སྣ་རྣམས་ཀྱང་བྱུང་རྒྱལ་དུ་སྤྱད་པས་སྐྱེ་བོ་རྣམས་འཕྱ་ཞིང་སྨོད་དོ། །ནམ་ཞིག་དེ་གཉིས་ལས་གཅིག་ནི་ལས་འབྲས་ལ་ལོག་པར་ལྟ། གཅིག་ནི་འཕགས་པ་ལ་སྐུར་བ་འདེབས་པ་ཡིན་པས་གསལ་རྒྱལ་གྱི་ཞབས་རིང་བ་གཉིས་

TN03_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༠)ནི་ལྟ་བ་ངན་པ་ཅན་ནོ་ཞེས་ཕྱོགས་དང་ཕྱོགས་མཚམས་སུ་སྒྲ་རྣམ་པར་གྲགས་པ་རྒྱལ་པོས་མ་བཟོད་པ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱུ་མཆོག་གི་ཚིག་བགམ་པའི་ཕྱིར་དེ་གཉིས་ཁྱིམ་བདག་ལ་བྱིན་ནོ། །དེས་དེ་དག་བགས་ཀྱིས་བསྐྱངས་ནས་ཉིན་གཅིག་རྒྱལ་བྱེད་ཚལ་འཕྱག་ཏུ་བཏང་བ་དང་། དེ་དག་གིས་དེ་འཕྱག་པར་བརྩམ་པ་ན་སྟོན་པས་རྡུལ་གྱི་ཕུང་པོ་དེ་མི་འཛད་པར་བྱིན་གྱིས་རླབས་པ་དང་། དེ་གཉིས་ཇོ་བོ་ལ་སྙིང་ཉེ་བས་སྐྱོ་བཞིན་དུ་མ་བཏང་ངོ། །དེ་ལྟར་ཉིན་མོ་དེ་ཕྱག་དར་གྱིས་འདས་པར་བྱས་ནས་མཚན་ཐོག་ཐག་ཀུན་དགའ་བོའི་དྲུང་དུ་ཉལ་བས། སྟོན་པའི་སྤྱན་སྔར་ལྷ་རྫུ་འཕྲུལ་ཅན་དང་དགྲ་བཅོམ་པ་ཆོ་འཕྲུལ་གྱིས་རྩེ་བ་མཐོང་ནས་ལོག་ལྟ་མ་ལུས་པ་ཞི་སྟེ། རབ་ཏུ་བྱུང་ནས་ལམ་བསྒོམས་པས་དགྲ་བཅོམ་པ་ཐོབ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་རྫུ་འཕྲུལ་གྱི་རྣམ་རོལ་བསྟན་པ་མཐོང་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཀྱང་ལྷག་པར་དད་དེ། ཀྱེ་མའོ་སངས་རྒྱས། ཀྱེ་མ་འོ་ལེགས་པར་གསུང་བའི་ཆོས་འདུལ་བ། བྲན་བུ་དང་སྐྱོང་བ་སྡིག་པའི་ལྟ་བ་ཅན་དེ་དག་ཀྱང་གོ་འཕང་མཐོན་པོ་འདི་ལྟ་བུ་ལ་བཞག་པར་གྱུར་ཏོ་ཞེས་ཆེད་དུ་བརྗོད་དོ། །དེ་ལྟར་སྤྱིར་བཏང་དུ་ཡང་ཕྱག་དར་གྱི་མཆོད་པ་ལ་བསོད་ནམས་ཚད་མེད་པར་གསུངས་ན། དེང་སང་བསྟན་པ་ལྔ་བརྒྱ་ཕྲག་ཐ་མ་ལ་ཤིན་ཏུ་ཉེ་བའི་དུས་ཀྱི་རྒུད་པ་དུ་མས་གཙོར་ཞིང་། དུར་སྨྲིག་གི་རྒྱལ་མཚན་ཅན་ཕལ་མོ་ཆེ་

TN03_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༡)ཡང་དགེ་འདུན་གྱི་གཙུག་ལག་ཁང་མཐོང་ན་གཟི་བྱིན་གང་ཆེ། ཡུལ་དབུས་འགྱུར་འཆང་གི་བཟོ་སྐུ་མཐོང་ན་རིན་ཐང་གང་མང་། གསུང་རབ་ཀྱི་གླེགས་བམ་མཐོང་ན་རྐྱེན་སེལ་གང་བཟང་ལ་དཔྱད་པ་འཇུག་པའི་གནས་སྐབས་འདིར་སྟོན་པ་དང་བསྟན་པ་ལ་རྒྱུ་མཚན་ཤེས་པའི་དད་པས་བསྙེན་བཀུར་ཆུང་ངུ་ཙམ་ཞིག་བྱས་ཀྱང་བསོད་ནམས་ཤིན་ཏུ་མང་བར་འཕེལ་བ་ནི་ཏིང་འཛིན་རྒྱལ་པོར་བསྐལ་པ་གྲངས་མེད་པར་སངས་རྒྱས་གངྒའི་རྡུལ་སྙེད་མཆོད་པ་བས་ཀྱང་དམ་པའི་ཆོས་འཇིག་པ་ལ་ཉེ་བའི་ཚེ་ཉིན་མཚན་ཏུ་བསླབ་པ་སྣ་གཅིག་བསྲུང་བ་ཆེས་ཁྱད་པར་འཕགས་པའི་བསྔགས་བརྗོད་མཛད་པ་བཞིན་ནོ། །གལ་ཏེ་སྔར་བཤད་པའི་གཏམ་གྱི་རབས་དེ་དག་ནི་བཅོམ་ལྡན་འདས་མངོན་སུམ་དུ་བཞུགས་དུས་ཀྱི་དབང་དུ་བྱས་པ་ཤ་སྟག་ཡིན་པས་ད་ལྟ་མི་མཚུངས་སོ་ཞེ་ན། ཤིན་ཏུ་མཚུངས་ཏེ། མཆོད་རྟེན་བསྐོར་བའི་ཕན་ཡོན་ལས། །ད་ལྟ་ང་ལ་མཆོད་པ་དང་། །མ་འོངས་རིང་བསྲེལ་མཆོད་པ་གཉིས། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །ཞེས་གསུངས་པ་ལྟར་དང་། ཁྱད་པར་ཐེག་ཆེན་ཐུན་མོང་མ་ཡིན་པའི་མདོ་སྡེ་ལྟར་བཤད་ན། དེ་བཞིན་གཤེགས་པ་རྣམས་ནི་སྨོན་ལམ་གྱི་མཐའ་ཉི་ཚེ་བ་དང་ལྡན་པ་མ་ཡིན་ཏེ། ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་ཡུན་རིང་པོ་ནས་ཀུན་ཏུ་བཟང་པོའི་

TN03_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༢)སྨོན་ལམ་ཤིན་ཏུ་ཚད་མེད་པས་ངེས་པར་འབྱུང་བ་ཉིད་ཀྱི་ཕྱིར། དེ་ནི་སྔར་ཞིག་འཇིག་རྟེན་ན་བྱུང་གིས་ད་ལྟ་མེད་དོ་ཞེས་བསམ་པར་མི་ནུས་པའི་ཕྱིར་དང་། སྟོན་པ་ད་ལྟ་མི་བཞུགས་སོ་ཞེས་བྱ་བའང་ཆོས་ཀྱི་སྐུ་ལ་བྱ་ན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱུན་ཆད་པར་སུས་ཀྱང་སྨྲ་མི་ནུས་ལ། གཟུགས་ཀྱི་སྐུ་ལ་བྱ་ན་ཡང་ལོངས་སྐུ་ནི་མྱ་ངན་ལས་འདའ་བ་མེད་དེ། ངེས་པ་ལྔ་ལྡན་ཆེན་པོའི་ཚུལ་གསེར་འོད་དམ་པ་ལ་སོགས་པར་བཤད་པ་བཞིན་ཡིན་ལ། སྤྲུལ་སྐུ་མྱ་ངན་ལས་འདས་སོ་ཞེས་ཟེར་ན་ནི་མི་རིགས་ཏེ། བདག་ཅག་གི་སྟོན་པ་ཉིད་ཀྱང་འཇིག་རྟེན་གྱི་ཁམས་གཞན་དང་གཞན་ན་བཅོམ་ལྡན་འདས་ཆོས་འཕགས་བསྐལ་པ་གྲངས་མེད་ཕྲག་བདུན་བརྒྱར་བཞུགས་པ་སོགས་ཆོ་འཕྲུལ་སྤྲུལ་པའི་སྒྱུ་མ་མཐའ་གཅིག་ཏུ་མ་ངེས་པར་སྟོན་ཚུལ་མདོ་སྡེ་མང་པོ་ནས་བཤད་པའི་ཕྱིར་དང་། ཞིང་ཁམས་གཅིག་པོ་འདིའི་དབང་དུ་བྱས་སོ་ཞེས་ཀྱང་མཐའ་གཅིག་ཏུ་སྨྲ་མི་ནུས་ཏེ། འཁོར་གྱི་དཀྱིལ་འཁོར་གཅིག་ན་ཡང་སེམས་ཅན་ལ་ལས་ནི་སྟོན་པ་སངས་རྒྱས་ནས་ལོ་གཅིག་ལོན་པ་ཙམ་དུ་ཤེས་པ་དང་། ཁ་ཅིག་ནི་བསྐལ་པ་གཅིག་ཙམ་དུ་ཤེས་པ་དང་། འགའ་ཞིག་ནི་དང་པོ་ལྷུམས་སུ་ཞུགས་པ་ཙམ་དུ་ཤེས་པ་སོགས་སྣང་ཚུལ་ཚད་མེད་པ་ཞིག་འོང་བར་མདོ་སྡེ་ལས་བཤད་པས་ཞིང་འདི་ཉིད་ནའང་ད་ལྟ་བཅོམ་ལྡན་འདས་བཞུགས་པར་ཤེས་པའི་སེམས་ཅན་མཐའ་ཡས་པ་ཡོད་ན། རྣམ་འགྲེལ་ལས།

TN03_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༣)མ་མཐོང་ཕྱིར་ན་མེད་པ་མིན། །གསུངས་པ་ལྟར་བྱིས་པའི་བློ་གྲོས་ཀྱིས་བབ་ཅོལ་སྨྲ་བར་མི་བྱའོ། །དེས་ན་ད་ལྟ་ང་ལ་ཞེས་སོགས་མ་འོངས་པ་ན་སྟོན་པ་ཉིད་མི་བཞུགས་པ་ལྟར་བསྟན་པ་རྣམས་ཀྱང་སེམས་ཅན་ཕལ་མོ་ཆེའི་བསམ་པའི་དབང་ཉེ་བར་བཟུང་ནས་བཤད་པའོ། །གཉིས་པ་ནི། བློ་སྦྱོང་གི་ཉམས་ལེན་ལ་བརྩོན་འགྲུས་སྐྱེད་པ་རྣམས་ཀྱང་གོང་དུ་སྨོས་པ་ལྟར་རང་གི་སེམས་དང་བ་དང་། ཚོགས་ཞིང་ལ་བསྙེན་བཀུར་བྱ་བའི་ཕྱིར་ཡོན་ཏན་དྲན་པའི་སྒོ་ནས་ཆོས་འདི་ཉིད་ལ་ཐོག་མར་བསླབ་པར་བྱ་སྟེ། དེའང་སྐྱེ་བོ་ཕལ་ཆེར་ཞིག་གདོལ་པའི་ཀུན་སྤྱོད་ལ་འཐས་ཏེ་གཙང་སྦྲ་དང་མཎྜལ་ལ་སོགས་པའི་ཆོ་ག་ལ་བླ་མར་མི་བྱེད་པ་ཡིན་ཏེ། དེ་འདྲ་བ་དག་གིས་ནི་ཕྱག་དར་དང་ཆག་ཆག་བྱ་བ་ལ་ལྷུར་ལེན་ཆེར་མ་བགྱིས་ཀྱང་མི་རུང་བ་མེད་དེ། མ་ཧཱ་ཙི་ན་ལ་སོགས་པའི་ཡུལ་གྲུ་འགའ་ཞིག་སྟན་ལས་ལྡང་བ་ལ་སྲི་ཞུར་བྱེད་ཅིང་། འདུག་པ་ལ་མ་ཡིན་པ་དང་། ཁ་ཅིག་ཏུ་འཁུམ་སྟེ་སྡོད་པ་ལ་སྲི་ཞུར་བྱེད་ཀྱི་ལྡང་བ་ལ་མ་ཡིན་པ་ལ་སོགས་པ་ཁྱད་པར་མང་ཞིང་། སྟོན་པས་ཀྱང་མ་གྷ་དྷ་ལ་སོགས་པ་རྣམས་ཀྱི་ཐ་སྙད་ཀྱི་དབང་གིས་མདོ་སྡེ་དེ་དང་དེར་ཞེ་སའི་ཚུལ་ངེས་པ་ལྟར་བཤད་ཀྱི། གཞན་དུ་ན། བསམ་པ་བཟང་པོས་མཆིལ་ལྷམ་ཞིག །ཐུབ་པའི་དབུ་ལ་བཞག་པ་དང་། །ཞེས་སོགས་བཞི་བརྒྱ་པར་གསུངས་པ་ལྟར། རྒན་མོ་ཀ་ཙ་ལིས་སྟོན་པའི་སྐུ་ལ་འཁྲིལ་བཞིན་དུ་བདེན་པ་མཐོང་

TN03_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༤)བ་ལྟ་བུ་ཆེས་མང་ངོ། །དེ་ལྟ་ནའང་གོང་དུ་བཤད་པའི་ཡོན་ཏན་ཁྱད་པར་བ་དེ་དག་ལྷག་པོར་འཐོབ་པའི་ཕྱིར་དུ། གཞན་ཡང་འཇིག་རྟེན་ཕལ་ཆེར་ནི་གཙང་སྦྲ་ལ་དགའ་ཞིང་མོས་པ་ཉིད་ཡིན་པས། དེ་དག་གི་བསམ་པའི་དབང་གིས་ནི་ཕྱག་དར་ལའང་བརྩོན་འགྲུས་བསྐྱེད་པར་བྱ་སྟེ། རྒྱལ་པོ་གཏུམ་པོ་ཞིག་མགྲོན་ལ་བོས་ཀྱང་ཕུ་དུད་དང་རིམ་གྲོ་བྱ་བ་ཆེས་ཆེན་པོ་དགོས་ན། སངས་རྒྱས་ཆོས་ཀྱི་རྒྱལ་པོ་ས་གསུམ་གྱི་འདྲེན་པ་གཅིག་པུ་བལྟ་ཅི་སྨོས། གལ་ཏེ་སྒྲུབ་པའི་ནན་ཏན་ཆེར་མི་ནུས་པ་ཞིག་ཡིན་ཀྱང་ལས་འདི་ལ་བསླབ་པར་བྱ་སྟེ། ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། སངས་རྒྱས་འཇིག་རྟེན་ཕན་པ་དྲང་སྲོང་ཆེ། །བསྐལ་པ་བྱེ་བ་བརྒྱ་ལམ་འབྱུང་སྲིད་ཙམ། །ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པ་རྣམས་ནི་ཨུ་དུམ་ཝ་ར་ལྟར་འབྱུང་བར་དཀའ་བ་ཡིན་ལ། །སངས་རྒྱས་འབྱུང་བ་མེད་པར་ནི་བསོད་ནམས་ཀྱི་ཞིང་རྨད་དུ་བྱུང་བ་ཉན་ཐོས་དང་རང་སངས་རྒྱས་གཞན་ཡང་མི་འབྱུང་བས་ན། སུ་ཞིག་ཞིང་ཁྱད་པར་ཅན་དང་ཕྲད་བཞིན་དུ་བསོད་ནམས་མི་བྱེད་པ་དེ་དག་ནི་སྨད་པ་སྟེ། རྐང་པ་གཉིས་ཀྱིས་ས་ལ་འགྲོ་ཤེས་པ་ཙམ་མོ། །དེས་ན་ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་དེ་ནན་གྱིས་ཟ་བ་ལྟར་འཕྲད་དཀའ་ཞིང་ཕྲད་ན་ཡུལ་དུ་འཚེང་བའི་བསོད་ནམས་ཀྱི་ཞིང་དེ་སྒོ་དུ་མ་ནས་མཉེས་པར་བགྱི་བའི་ཐབས་ལ་ནན་ཏན་དུ་བྱ་བར་ཤེས་དགོས། དེ་ཤེས་པས་མི་ཆོག །ཆུང་ངུ་ན་ཆུ་ཐིགས་པ་

TN03_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༥)རེ་ཙམ་གྱིས་བསོད་ནམས་གསོག་པའི་ཐབས་ལ་འབད་དགོས། དེ་ལ་འབད་པའང་ཕྱག་དང་མཆོད་པ་སོགས་ཤ་ཐང་ཐང་གི་ངལ་བ་མང་པོ་ལ་བསྟེན་མི་ནུས་ན་ཚེགས་ཆུང་ངུས་དོན་ཆེན་པོ་སྟེར་བའི་ཐབས་མཆོག་ཡང་དག་པ་ཕྱག་དར་གྱི་ལས་འདི་ཙམ་ལ་རྟག་ཏུ་ནན་ཏན་བྱ་སྟེ། གང་ཞིག་དགེ་བའི་ལས་སླ་བ་ཡང་མི་བྱེད་ན་ཤིན་ཏུ་སྨད་དོ་ཞེས་རྣམ་བཤད་རིག་པར་གསུངས་པའི་ཕྱིར་རོ། །འདི་ན་ཆེད་དུ་བྱ་བ་དམན་པ་ལྟོ་འགེང་བ་ཙམ་ཞིག་འདོད་པས་ཀྱང་ཉ་བདའ་བ་དང་རི་དྭགས་བཤོར་བ་དང་ཞིང་རྨེད་པ་ལ་སོགས་པ་མི་བཟད་པའི་གདུངས་བ་བསྟེན་ཅིང་། སྐར་ཆེན་ཞྭར་གྱོན། སྣལ་མའི་ལྕགས་བྲབ། བ་མོ་ལྷམས་སུ་བྱས་ཏེ་ཅང་མི་སེམས་པར་སྙིང་སྲན་སྐྱེད་ན། ཆེད་དུ་བྱ་བ་དམ་པ་རང་གཞན་ཐམས་ཅད་ཀྱི་དོན་ནམ། མིན་དུ་ཟིན་ཀྱང་རང་ཉིད་ཀྱི་ཚེ་རབས་ཀུན་ཏུ་ཕན་དང་བདེ་བའི་དགའ་སྟོན་མི་ཉམས་པར་བྱ་བ་ལ་ད་ལྟ་ཕྱག་དར་གྱི་ངལ་བ་ཆུང་ངུ་ཙམ་ཞིག་ཏུ་མ་ཟད་ཀྱི་དེ་བས་ཆེས་ལྷག་པའི་དཀའ་ཐུབ་ཀྱང་ཅིའི་ཕྱིར་མི་བསྟེན་ཏེ། བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པ་ལས། །བསོད་ནམས་བསགས་ན་བདེ་བར་འགྱུར། །དེ་ཕྱིར་མི་ཡིས་བསོད་ནམས་བསགས། །ཡང་དང་ཡང་དུ་བསོད་ནམས་བསགས། །དེ་ཉིད་ལ་ནི་འདུན་ཏེ་བྱ། །ཞེས་སོགས་འཇིག་རྟེན་ཕ་རོལ་ཏུ་སྒྲེན་མོ་ལག་པ་སྟོང་པར་ཆས་ཏེ་འགྲོ་བ་ན་བསོད་ནམས་མ་གཏོགས་པ་སྐྱབས་དང་དཔུང་གཉེན་གཞན་མེད་པར་རྣམ་གྲངས་དུ་

TN03_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༦)མས་བསྟན་པ་ལྟར་ཡིན་པའི་ཕྱིར་རོ། །དེ་སྐད་དུའང་འཕགས་པ་ཞི་བ་ལྷས། དཀའ་ཟློག་དད་དང་ཀརྞ་པ། །བསྲེགས་དང་བཅད་སོགས་ཚོར་བ་ནི། །དོན་མེད་བཟོད་བྱེད་ཐར་པ་ཡི། །དོན་དུ་བདག་ཀོ་ཅི་ཞིག་སྔར། །ཞེས་གསུངས་སོ། །གཞན་ཡང་ཚོང་དང་ཇག་བྱ་བ་ལ་སོགས་པ་རྒྱུ་སྒྲུབ་པའི་དུས་སུ་ངལ་བ་མང་ཞིང་། འབྲས་བུ་མྱོང་བའི་དུས་ཀྱང་སྡུག་བསྔལ་བ། དེ་དག་ལ་ཡང་སྐྱེ་བོ་རྨོངས་པ་རྣམས་རྒོད་དུར་ཁྲོད་ལ་དགའ་བ་བཞིན་དུ་འཇུག་ན། གནས་ཁང་བྱི་དོར་ཙམ་ཞིག་གིས་དཀོན་མཆོག་གསུམ་ལ་བླ་མར་བྱ་བའི་ཆོ་ག་འདི་ནི་རྒྱུའི་དུས་སུ་ཚེགས་ཆུང་ལ། རྣམ་སྨིན་གྱི་ཚོར་བ་ཡིད་འོང་ཁོ་ནར་འཆར་བའི་ཕྱིར་ཡང་ཅི་སྟེ་མི་བརྩོན་ཏེ། སྤྱོད་འཇུག་ལས། སྤུ་གྲིའི་སོར་ཆགས་སྦྲང་རྩི་ལྟའི། །འདོད་པ་རྣམས་ཀྱིས་མི་ངོམས་ན། །རྣམ་སྨིན་བདེ་ལ་ཞི་བ་ཡི། །བསོད་ནམས་ཀྱིས་ལྟ་ཅི་སྟེ་ངོམས། །ཞེས་གསུངས། དེའི་ཕྱིར་བདེ་བའི་དོན་དུ་བྱས་པར་རློམ་ཀྱང་བདེ་བའི་རྒྱུར་འགྱུར་མིན་མ་ངེས་པ་རྣམས་བྱེད་པ་བས། མཐའ་གཅིག་ཏུ་བདེ་བར་འགྱུར་བའི་བསོད་ནམས་ཀྱི་སྒོ་འཕར་འདི་དབྱེ་བའི་རིགས་སོ། །གཉིས་པ་ཕྱག་དར་གྱི་ཚུལ་དངོས་ནི། བཤད་མ་ཐག་པའི་ཡོན་ཏན་རྣམས་དངོས་སུ་འདྲེན་བྱེད་ཀྱི་ཕྱག་དར་ནི། ཕྱག་དར་ཙམ་ཞིག་མིན་གྱི། ཁྱད་པར་བ་ཞིག་དགོས་སོ། །དེ་ནི་འདི་ལྟར་ཞིང་གི་ཆེ་བ་བླ་མའམ་མཁན་པོ་སོགས་དངོས་སུ་བཞུགས་པའི་གནས་སམ། མཆོད་རྟེན་དང་

TN03_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༧)སྐུ་གཟུགས་དང་སྡེ་སྣོད་ཀྱི་གླེགས་བམ་བཞུགས་པའི་ལྷ་ཁང་ལྟ་བུ་དང་། དེ་དག་མིན་ཀྱང་གནས་དེར་བདག་ཉིད་ཀྱི་མོས་པའི་སྟོབས་ཀྱིས་བླ་མ་རྒྱལ་བ་སྲས་བཅས་མངོན་སུམ་དུ་སྤྱན་དྲང་བར་འདོད་པ་གང་རུང་ཞིག་དགོས་ཀྱི། །དེ་ལྟ་མ་ཡིན་ན་ས་ག་མ་བག་མར་འགྲོ་བ་ལ་གཟས་པའི་ཚེ། །དེའི་མས་མེ་ལོང་བྱི་དོར་གྱིས་ཤིག་པར་བསྒོས་པའི་དོན། ཁྱིམ་མེ་ལོང་འདྲ་བའི་ག་དར་བྱ་བའི་དོན་དུ་བཤད་པ་ལྟ་བུའི་འཇིག་རྟེན་གྱི་རིག་པ་རྣམས་ཀྱང་ཧ་ཅང་ཐལ་བར་འགྱུར་རོ། །བསམ་པའི་ཆེ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་དང་སློབ་དཔོན་དུ་བཅས་པ་ལ་ཆོས་ཀྱི་རྗེ་བོའི་འདུ་ཤེས་དང་། བདག་ཉིད་ལ་ཆོས་ཀྱི་རྗེས་སུ་འབྲང་བའི་ཁོལ་པོའི་འདུ་ཤེས་དང་། ཕྱག་དར་ལ་རི་མོར་བྱ་བའི་འདུ་ཤེས་དང་། ཐབས་འདི་ལ་བརྟེན་ནས་རྣམ་པར་གྲོལ་བའི་ཡོན་ཏན་གྱི་ཕུང་པོ་ལྔ་རྫོགས་པར་བྱ་བའི་འདུ་ཤེས་བསྐྱེད་དེ་བྱ་ཞིང་། བློ་སྦྱོང་གི་དམིགས་རྣམ་སྐྱོང་བའི་སྦྱོར་ཆོས་སུ་བྱེད་པ་ལ་ནི། ཚོགས་ཞིང་ལ་དང་བའི་དད་པ། ལམ་གྱི་མྱོང་བ་ལ་འདོད་པའི་དད་པ། ཕྱག་དར་གྱི་ཕན་ཡོན་ལ་ཡིད་ཆེས་པའི་དད་པ་སྟེ་གསུམ་ཀ་ཚང་བ་ཞིག་དགོས་སོ། །ཕྱག་དར་ནི་ལུས་ཀྱི་རྣམ་རིག་སྟེ། མཛོད་ལས། དོན་དམ་པ་དང་ངོ་བོ་ཉིད་དང་མཚུངས་ལྡན་དང་ཀུན་སློང་གི་དགེ་བ་བཞི་བཤད་པའི་ནང་ཚན་ཀ་ར་ནི་ར་ལས་སྐྱེས་པའི་མེ་ཏོག་ཟེར་བ་ལྟར་བསམ་པའི་དབང་གིས་དགེ་བར་འགྱུར་བ་

TN03_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༨)ཀུན་སློང་གི་དགེ་བ་ཡིན་པས་ཀུན་སློང་བཟང་བ་ཞིག་ཅི་ནས་ཀྱང་གཅེས་སོ། ཁྱད་པར་རྒྱལ་བ་སྲས་བཅས་རྣམས་ཀྱི་སྤྱན་སྔར་བདག་ཉིད་ཞམ་རིང་དུ་གནས་པའི་འདུ་ཤེས་ཡང་དང་ཡང་དུ་བཞག་སྟེ་འབང་རྒྱལ་པོའི་མདུན་སར་བབ་ཅོལ་མི་བྱེད་པ་བཞིན་དུ་མ་གུས་པ་སྐད་ཅིག་ཀྱང་མི་བགྱིད་པར་ཕྱག་དར་སྲི་ཞུའི་དྲན་པ་ཉེ་བར་གནས་ན་མཚན་མོའི་རྨི་ལམ་ལ་ཡང་སངས་རྒྱས་དང་དགེ་འདུན་རྗེས་སུ་དྲན་པ་འབྱུང་བ་ཙམ་གྱི་བག་ཆགས་འཐུག་པོར་འགྲོ་ཞིང་། དེ་ལྟར་སོང་ན་འཆི་ཀ་དང་བར་དོ་ལ་སོགས་པར་དེ་བཞིན་གཤེགས་པའི་སྐུའི་སྣང་བ་ངེས་པར་འབྱུང་ལ། །གཞན་ཡང་སྣམ་སྦྱར་དགེ་སྦྱོང་གི་དྲན་པ་གསོ་བྱེད་དུ་བསྔགས་པ་ལྟར། ཕྱག་དར་གྱི་སྦྱོར་བས་སངས་རྒྱས་རྗེས་སུ་དྲན་པ་ཡང་ཡང་དྲང་ན་དེ་ལ་བརྟེན་ནས་ངོ་ཚ་དང་ཁྲེལ་ཡོད་ཀྱི་བསམ་པས་ཉེས་སྤྱོད་ཆེན་པོའི་སྡིག་ལྟུང་མང་པོ་ཞིག་ཀྱང་འགོག་ནུས་ཏེ། སྤྱོད་འཇུག་ཏུ། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཐམས་ཅད་སྤྱན་སྔ་ན། །རྟག་པར་བདག་ནི་གནས་སོ་ཞེས། །དེ་ལྟར་བསམས་ནས་ངོ་ཚ་དང་། །གུས་དང་འཇིགས་ལྡན་དེ་བཞིན་མ་ནོས། །ཞེས་གསུངས་པ་བཞིན་ནོ། །སྦྱོར་བའི་ཆེ་བ། སླ་ལས་དང་ཁྲལ་ཆོས་སུ་མ་སོང་བར་བརྩོན་འགྲུས་ཀྱི་ངོ་བོ་དགེ་བ་ལ་སྤྲོ་བ་ཡིན་པས་སྤྲོ་ཤུགས་དྲག་ཏུ་བསྐྱེད་དེ། ཐོག་མར་རྡུལ་མི་ལྡང་བའི་ཕྱིར་ཆུ་གཙང་གིས་ཆག་ཆག་བཏབ་སྟེ་ས་གཞིའི་

TN03_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༩)ཁམས་ཅུང་ཟད་བརླན་ལ། དལ་ཞིང་འཇམ་པའི་སྤྱོད་ལམ་གྱིས་རྔ་མའི་ཕོན་པོའམ་རྩའི་ཆུན་པོ་བླང་བས་རྡུལ་རྣམས་བགས་ཀྱིས་འཕྱགས་ཟིན་པ་དང་། བའི་ལྕི་བ་འཇམ་པོས་རྐྱང་ནུལ་བྱ་ཞིང་སྤོས་སམ་དྲི་བཟང་པོའི་ཤིང་གི་དུད་པས་བདུགས་ཏེ་རང་གཞན་གྱི་རྒྱུད་ལ་དང་བ་འདྲེན་ངེས་པར་བྱའོ། །དེའང་རྟེན་གྱི་གང་ཟག་བྱང་ཆུབ་སེམས་དཔའ་ཞིག་ཡིན་ན་ནི་ཕལ་པོ་ཆེ་ལས་གསུངས་པ་ལྟར་སྤྱོད་ཡུལ་ཡོངས་སུ་དག་པའི་སྨོན་ལམ་གྱི་རྒྱས་གདབ་པར་བྱ་སྟེ། འདི་ལྟར། དེས་ནི་དམིགས་པ་རྒྱ་ཆུང་ངུ་དང་ལྷག་པའི་བསམ་པའི་ཆོ་ག་ཉི་ཚེ་བ་ཙམ་ཞིག་མི་བྱའི། མཁའ་ལྟར་གོས་པ་མ་མཆིས་པའི་ཡེ་ཤེས་ཀྱི་སྒོ་ལ་བརྟེན་ཏེ། ཆོས་ཐམས་ཅད་སྒྲ་བརྙན་དང་སྤྲུལ་པའི་རང་བཞིན་དུ་ཚུལ་བཞིན་ཡིད་ལ་བྱེད་དོ། །དེ་ལྟར་ཡིད་ལ་བྱས་ནས་བདག་ཉིད་རྨི་ལམ་གྱི་མི་ལྟ་བུར་མོས་སོ། །ཕུང་པོ་ལྔ་ཆུ་ཤིང་ལྟ་བུར་མོས་སོ། །ཞིང་ཐམས་ཅད་དྲི་ཟའི་གྲོང་ཁྱེར་ལྟར་མོས་སོ། །ཕྱག་དར་ལ་རྨིག་རྒྱུའི་གར་ལྟ་བུར་མོས་སོ། །སངས་རྒྱས་ཐམས་ཅད་སྒྱུ་མའི་རྣམ་པ་ལྟ་བུར་མོས་སོ། །བསྒུལ་བསྐྱོད་ཐམས་ཅད་ཆུ་ནང་གི་ཟླ་བ་ལྟ་བུར་མོས་སོ། །དེ་དེ་ལྟར་ལྷག་པར་ཡིད་ལ་བྱེད་པས་ཆོས་ཐམས་ཅད་རྟོག་པའི་དབང་གིས་བཏགས་པ་ཙམ་མ་གཏོགས་དོན་རང་ངོས་ནས་བཏགས་དོན་འཚོལ་བས་འཐད་པས་གྲུབ་པ་རྡུལ་ཙམ་ཡང་མེད་པར་རྟོགས་ནས་ཕལ་པོ་ཆེའི་བཟོད་པའི་ལེའུ་ནས་བཤད་པ་འདྲ་བ་སྒྲ་

TN03_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

(༡༧༠)བརྙན་ལྟ་བུའི་བཟོད་པ་དང་ཆ་མཐུན་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔ་ན་རང་གི་ལུས་རྒྱ་མཚོ་བྱིན་གྱིས་རླབས་ཏེ། དེ་བཞིན་གཤེགས་པ་རྣམས་ལ་རི་མོར་བྱ་བའི་སླད་དུ་ལུས་རེ་རེ་ལ་ལག་པ་ཞིང་གི་རྡུལ་སྙེད་དང་། ལག་པ་རེ་རེ་ལ་བ་སྤུ་ཞིང་གི་རྡུལ་སྙེད་དང་། བ་སྤུ་རེ་རེ་ལ་འོད་ཟེར་ཞིང་གི་རྡུལ་སྙེད། འོད་ཟེར་རེ་རེ་ལ་ཡང་ལག་པ་རྣམ་པར་ཕྱེ་བ་ཞིང་གི་རྡུལ་སྙེད་དང་དེ་སྙེད་ཀྱི་ཕྱག་དར་བྱ་བའི་ཚུལ་རྒྱ་མཚོ་བསམ་གྱིས་མི་ཁྱབ་པར་དམིགས་པ་ནི། ཕྱག་མཆོད་དཔག་མེད་བཞི་ལྡན་དང་། བསྟོད་དབྱངས་ཡན་ལག་རྒྱ་མཚོ་བཞིན་ནོ། །དེ་ལྟར་ཕྱག་དར་གྱི་ལས་དེ་ལ་ཞུགས་ནས་སྨོན་ལམ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྔོ་སྟེ། འདི་ལྟར་བདག་གིས་ཕྱག་དར་གྱི་སྲི་ཞུས་རྒྱལ་བ་སྲས་བཅས་ལ་ཕུ་དུད་བགྱིས་པའི་དགེ་བའི་རྩ་བ་འདིས། བདག་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་ཀུན་ཏུ་བཟང་པོ་ཁྱུ་མཆོག་གི་མཐུ་ཕྱུང་བའི་ལུས་ཀྱིས་ཕྱི་མའི་མུ་མཐར་ཐུག་གི་བར་དུ་གནས་ཏེ་སངས་རྒྱས་མཆོད་པ་དང་། རིམ་གྲོར་བྱ་བའི་ཚུལ་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱེད་པ་དང་། འཇིག་རྟེན་ཁམས་ཐམས་ཅད་ཀྱི་ངན་སོང་དང་སྡུག་བསྔལ་གྱི་རྡུལ་མ་ལུས་པ་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཕྱག་མས་འདེད་ཅིང་རྣམ་པར་སྦྱང་བ་དང་། ཕྱོགས་བཅུའི་ཞིང་ཐམས་ཅད་ན་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེའི་གཞལ་མེད་ཁང་ཇི་སྙེད་ཅིག་གནས་སོ་ཅོག་བདག་གི་བྱང་ཆུབ་སེམས་དཔའི་

TN03_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

(༡༧༡)སྙིང་སྟོབས་ཀྱིས་ག་དར་བྱེད་ཅིང་། བདུད་དང་མུ་སྟེགས་ལྟ་བ་ངན་པའི་རྡུལ་ཐམས་ཅད་ཐབས་སྟོབས་སྨོན་ལམ་གྱིས་ཕྱག་མས་འདེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁྱུ་མཆོག་ར་ཆད་པ་ལྟ་བུའི་སེམས་ཁེངས་དྲེགས་དང་ང་རྒྱལ་མེད་པས་གནས་ཏེ་ཕྱག་དར་ལྟར་དམན་པའི་ལས་རྣམས་ཀྱང་རང་ཉམས་སུ་བསྟར་བ་དང་། ནམ་ཞིག་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སངས་རྒྱས་ཀྱི་ཞིང་རྡུལ་དང་ཐ་བ་ལས་འདས་པ། ལག་མཐིལ་ལྟར་བདེ་ཞིང་འཇམ་ལ་མཉེན་པ་མགོན་པོ་དོན་ཐམས་ཅད་གྲུབ་པའི་ཞིང་བཀོད་མདོ་སྡེ་དཀོན་མཆོག་འབྱུང་གནས་སུ་བཤད་པ་ལྟ་བུའི་ཡོན་ཏན་ཡོངས་སུ་འགྲུབ་པར་འགྱུར་བ་དེ་ལྟ་དེ་ལྟར་དམིགས་པ་ཚད་མེད་པའི་རྗེས་སུ་སོང་བའི་སྨོན་ལམ་འདེབས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕུ་དུད་ཀྱི་སྒོ་འཕར་ཆེས་ཆེ་བ་ཞིག་ཡིན་པའི་ཕྱིར། འཕགས་པ་རྟག་ཏུ་དུས་ཀྱང་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་བླ་མར་བྱ་བའི་ཕྱིར་འཁོར་གྱི་ཁྱམས་སུ་ཙནྡན་གྱི་ཆུས་ཆག་ཆག་གདབ་པར་བརྩམ་པ་ལས་བདུད་ཀྱི་རྫུ་འཕྲུལ་གྱིས་ཆབ་ཐམས་ཅད་མི་སྣང་བར་བྱས་པས་རང་གི་རྩེའུ་ཆུང་གཏར་བའི་ཁྲག་གིས་ཆག་ཆག་བཏབ་སྟེ་དོ་གལ་ཆེ་ཆེ་མཛད་པའང་དོན་གྱི་དབང་དེ་ལྟར་གཟིགས་ནས་ཡིན་པས་གནད་ཤིན་ཏུ་ཆེའོ། །དེ་ལྟ་བས་ན་བསོད་ནམས་གསོག་པར་འདོད་པས་ཐབས་འདི་ལ་ནན་ཏན་དུ་བྱ་

TN03_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

(༡༧༢)བའི་རིགས་སོ། །དབེན་པའི་བྱ་སྐྱིབ་བྲག་རིའི་བ་གམ་ཅན། །ཤིང་ལོའི་གྲིབ་བསིལ་མི་མཐུན་མེད་པ་ན། །མུ་ཏོའི་ཀུན་སྤྱོད་འཛིན་པའི་གཞོན་ནུ་ཞིག །བསོད་ནམས་གཏམ་གྱི་རོལ་མོ་ཅི་ཡང་འཁྲོལ། །དེ་དགེ་དྲི་མེད་པདྨོ་མདངས་འདྲ་བས། །སྐྱེ་ཞིང་སྐྱེ་བར་བཤེས་གཉེན་མཐོང་བ་དང་། །ཞི་བའི་ནགས་རིར་ཡོན་ཏན་མཆོག་ཚོགས་ཅན། །བཟང་པོ་སྤྱོད་པའི་རྣམ་ཐར་འཛིན་གྱུར་ཅིག །གཙུག་ལག་ཁང་ཕྱག་དར་གྱི་གཏམ་བསོད་ནམས་སྤྲིན་གྱི་རྔ་སྒྲ་ཞེས་བྱ་བ་འདིའང་རྡོ་རོང་གི་སྤྲང་པོ་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་རང་ལོ་ཉེར་གཅིག་པ་ཤིང་བྱ་ཆོ་འཕྲུལ་གྱི་ཟླ་བའི་རྒྱལ་བ་དྲུག་པའི་ཉིན་ལྷུན་གྲུབ་རང་བྱུང་གི་བྲག་སྐྱིབ་ལ་བརྟེན་པའི་ཤིང་ས་ལའི་ལྕུགས་ཕྲན་གྱི་ལྡིང་ཁང་དབེན་ཞིང་ཉམས་དགའ་བར་སྦྱར་བ་དགེ་ཞིང་བཀྲ་ཤིས། །སརྦ་མངྒ་ལཾ།། ༈ །།འཕྲུལ་ཆེན་སྤར་གྱི་ལྗོན་ཤིང་རྒྱས་པའི་རྩེར། །ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུ་བྷཾ་མསྟུ་སརྦ་ཛག་ཏཾ།། །།

མེ་ཏོག་མཆོད་པའི་གཏམ།

TN03_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

(༡༧༣)བླ་མ་སངས་རྒྱས་ལ་ཕྱག་འཚལ་ལོ། །ད་ལྟ་རང་ཅག་རྣམས་ཀྱིས་ཤིན་ཏུ་རྙེད་པར་དཀའ་བའི་མིའི་ལུས་རྟེན་གཙང་མ་དང་། བསོད་ནམས་ཀྱི་ཞིང་མཆོག་བླ་ན་མེད་པ་རྙེད་པའི་དུས་འདིར་ཞིང་གི་མཆོག་ལ་ཇི་ལྟར་ནུས་པ་བཞིན་དུ་ས་བོན་ཅི་ཐེབས་བྱས་ནས། གཅིག་པུར་རང་ལུས་ཚུན་ཆད་ཤུལ་དུ་བོར་ནས་སྲིད་པ་གཞན་དུ་འགྲོ་བའི་དུས་སུ་འཁྱེར་རྒྱུའི་རྒྱགས་སྐལ་མི་ཕམ་པ་རེ་ཅི་ནས་ཀྱང་བྱེད་དགོས་ཏེ། ད་རེས་ཀྱི་བྱེད་སྟངས་ལ་བལྟས་ན་ཡང་སྲིད་མེད་པའི་གོ་འཕང་ལ་རེ་བ་ཟད། དེ་ཕན་ཆད། འདི་ལས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་པ་དེ་འདི་ལ་འབབ་པ་ཡིན། ཐ་ན་ཆུ་དང་མེ་ཏོག་གི་མཆོད་པ་ཙམ་ལའང་གུས་པར་བྱ་ཞིང་བསྒྲིམས་ན་ས་བྱ་སྟེ། བསགས་ན་གྲོག་མཁར་འཕེལ་འགྱུར་ལ། །སྤྱད་ན་མིག་སྨན་ཟད་འགྱུར་བ། །ཞེས་པ་ལྟར་དེ་ཙམ་ཡང་བསགས་ན་མང་པོར་འགྲོ་བའི་ཕྱིར་དང་། །ལས་འཕེལ་ཆེ་བའི་ཕྱིར་དང་། ལྷག་པར་ཡང་ཞིང་གི་མཐུ་ལ་བརྟེན་པའི་ལས་ཕྲ་མོ་གཅིག་ཀྱང་འབྲས་བུ་རྒྱ་ཆེ་ཞིང་ཡངས་པ་བསམ་གྱིས་མི་ཁྱབ་པ་སྐྱེ་བའི་ཕྱིར་རོ། །དེ་ལ་མེ་ཏོག་རྣམས་ནི་ཤིན་ཏུ་གཙང་ལ་དབྱིབས་དང་ཁ་དོག་དང་དྲི་བསུང་དང་རེག་བྱའི་ཡོན་ཏན་ཕུན་སུམ་ཚོགས་ཤིང་ཆོས་ཉིད་ཀྱིས་འཇིག་རྟེན་དགའ་བ་སྐྱེད་པའི་ཡོ་བྱད་མཆོག་ཡིན་པས་རྒྱལ་པོ་ཆེན་པོའི་ལག་གིས་ཕུལ་ཡང་མི་འཚམས་པ་མ་མེད་ལ། དབྱིབས་དང་ཁ་དོག་ཐ་དད་པ་དང་དྲི་བསུང་སྣ་ཚོགས་པ་དང་ཆུ་དང་ཐང་

TN03_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

(༡༧༤)དང་ཤིང་ལས་སྐྱེས་པའི་རིགས་མི་འདྲ་བ་དཔག་ཏུ་མེད་པས་དབྱར་དུས་ས་ཆེན་པོ་འདི་བཀབ་ནས་སྐྱེ་བས་སྤྲང་པོ་རྣམས་ཀྱིས་ཀྱང་ཕང་མེད་དུ་རྙེད། དེའང་སྡིག་མེད་དུ་རྙེད་པས་དངོས་པོ་ཤིན་ཏུ་དག །ཅི་ཙམ་ཕུལ་ཡང་སེར་སྣ་དང་འགྱོད་པ་སོགས་མི་སྐྱེ་བས་སྦྱོར་མཇུག་དངོས་གཞི་ཀུན་ཏུ་བསམ་པའང་དག་པོ་འོང་། །གནས་ཁང་ངན་ངོན་ཡིན་ཡང་མེ་ཏོག་གིས་བརྒྱན་ན་དགའ་ཚལ་བཟང་པོ་ལྟར་སྣང་ཞིང་སེམས་ལྷ་ཡུལ་ལྟར་དྭངས་པར་བྱེད་པས་མཆོད་རྫས་གཅིག་ལ་མཐུ་ཆེ། སྨྲ་འདོད་ཀྱི་སེང་གེས་གནས་ཁང་མེ་ཏོག་གིས་བརྒྱན་པ་ལ་བརྟེན་ནས་སེམས་གནས་རྙེད་དེ་འབྲས་བུ་ཐོབ་པར་གསུངས་པ་ལྟ་བུ་སེམས་དྭངས་པ་ལ་ཡོན་ཏན་གཞན་ཡང་མང་། ལྷ་རྣམས་ཀྱང་མེ་ཏོག་ལ་མཆོད་རྫས་བཟང་ཤོས་སུ་རྩི་སྟེ་མངོན་པར་བྱང་ཆུབ་མ་ཐག་པའི་དེ་བཞིན་གཤེགས་པ་ལ་ཡང་དང་པོར་ལྷའི་མེ་ཏོག་རྣམས་ཀྱིས་མཆོད་པར་རྒྱ་ཆེར་རོལ་པ་ལས་གསུངས། དག་པའི་ཞིང་ནའང་མཆོད་རྫས་ཀྱི་དམ་པར་བྱེད་དེ་འོད་མདོ་ལས། དེ་དག་མེ་ཏོག་ཁ་དོག་ཐ་དད་པ། །དྲི་ཞིམ་ཡིད་འོང་མང་པོ་སྙིམ་ཐོགས་ཏེ། །ཚེ་དཔག་མེད་པ་ལྷ་དང་མིས་མཆོད་པ། །མི་ཡི་འདྲེན་པ་མཆོག་ལ་རབ་ཏུ་འཐོར། །ཞེས་པ་ལྟ་བུ། དེས་ན་འཕགས་པ་རྟག་ཏུ་དུས་ཆོས་འཕགས་དང་། ནོར་བཟངས་ཀྱིས་རྗེ་བཙུན་བྱམས་པ་མཇལ་བ་ན་ཡང་དང་པོར་མེ་ཏོག་གཏོར་བས་མཆོད་པར་གསུངས་ཤིང་། ཞིང་ཐ་དད་ཀྱི་རྒྱལ་བ་ནང་ཕན་ཚུན་མཆོད་པའི་སྐྱེས་སྐུར་བ་

TN03_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

(༡༧༥)ན་ཡང་མེ་ཏོག་ལ་སྐྱེས་མཛད་པར་མདོ་སྡེ་དུ་མ་ལས་གསུངས་སོ། །དེ་ལྟ་བུའི་མཆོད་རྫས་ཕུལ་བའི་ཕན་ཡོན་ཕྱོགས་ཙམ་ནི། ཟ་མ་ཏོག་ལྟ་བུའི་གཏམ་ལས། མེ་ཏོག་བཟང་པོ་དགེ་འདུན་ལ། །རབ་ཏུ་འཐོར་ཞིང་མཆོད་བྱེད་པ། །བརྒྱ་བྱིན་ལས་ལྷག་ལོངས་སྤྱོད་ལྡན། །པདྨའི་དབང་པོ་ལྟ་བུར་མཛེས། །མཆོག་ཏུ་གྲགས་པ་དང་ལྡན་ཞིང་། །རྟག་ཏུ་དེ་ནི་སྐད་ཅིག་གིས། །དགྲ་ལས་རྣམ་པར་རྒྱལ་བ་དང་། །ས་རྣམས་ལ་ནི་སྤྱོད་བྱེད་འགྱུར། །ཞེས་ལོངས་སྤྱོད་ཆེ་བ་དང་། ལུས་མཛེས་པ་དང་། གྲགས་པ་དང་ལྡན་པ་དང་། དགྲ་ལས་རྒྱལ་བ་དང་། དབང་ཕྱུག་ཆེ་བ་རྣམས་གསུངས་ཏེ། མཆོད་པའི་ཡུལ་ལ་དགེ་འདུན་ཞེས་འབྱུང་བ་ནི་མཚོན་བྱེད་ཙམ་སྟེ། རང་སངས་རྒྱས་ཞིང་གི་རྡུལ་རྙེད་ལ་བསྐལ་པ་གངྒཱའི་བྱེ་སྙེད་དུ་ལྷའི་ཟས་དང་ན་བཟས་མཆོད་པ་བས་སངས་རྒྱས་ལ་དམིགས་ནས་མེ་ཏོག་ཅིག་ནམ་མཁའ་ལ་བོར་བ་བསོད་ནམས་ཆེས་ཆེ་བར་མེ་ཏོག་བརྩེགས་པའི་གཟུངས་ལས་སུངས་པ་བསླབ་བཏུས་སུ་དྲངས་སོ། །དཀོན་བརྩེགས་ཀྱི་བློ་གྲོས་བཟང་མོས་ཞུས་པ་དང་དྲི་མ་མེད་ཀྱིས་བྱིན་པས་ཞུས་པ་ལས་ནི། པདྨ་དང་ཨུཏྤལ་སོགས་ཀྱིས་ལག་པ་བཀང་སྟེ་སངས་རྒྱས་ལ་ཕུལ་བས་དེ་བཞིན་གཤེགས་པའི་སྤྱན་སྔར་རིན་པོ་ཆེའི་པདྨ་ཆེན་པོ་རྣམས་ལས་བརྫུས་ཏེ་སྐྱེ་བའི་ཕན་ཡོན་གསུངས་སོ། །འདུལ་བ་ལུང་ལས་ཀྱང་། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །

TN03_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

(༡༧༦)དགའ་བའི་སེམས་ཀྱིས་མེ་ཏོག་སིལ་མ་སྤུངས། །འཛམ་བུའི་ཆུ་གསེར་སྣོད་དུ་བཞག་པ་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་གསུངས་ཏེ་སངས་རྒྱས་ལ་མེ་ཏོག་ཕུལ་བའི་ཕན་ཡོན་རིན་ཐང་རྩི་ན་ཛམ་བུའི་ཆུ་བོའི་གསེར་གྱིས་གཏམས་པའི་སྣོད་འབུམ་ཕྲག་གིས་ཀྱང་དེའི་ཚད་དུ་མི་སླེབ་ཅེས་པའོ། །གཞན་ཡང་སྤྱན་རས་གཟིགས་ཞེས་བྱ་བའི་མདོ་སོགས་མདོ་སྡེ་རྣམས་སུ་ཤེས་པར་བྱའོ། །སངས་རྒྱས་བཞུགས་དུས་མཆོད་པ་དང་། མྱ་ངན་ལས་འདས་རྗེས་སུ་དེ་ལ་དམིགས་ཏེ་མཆོད་པ་བསོད་ནམས་སྐྱེ་བ་ལ་མཉམ་པར་གསུངས་ཤིང་། ལྷ་རྣམས་ཀྱིས་མེ་ཏོག་མན་དཱ་ར་བ་ཕུལ་བ་དང་། རང་རེས་མེ་ཏོག་སེར་ཆེན་སོགས་ཕུལ་བའང་མཉམ་པར་ངེས་ཏེ། གང་འབྱོར་དེ་ཕུལ་བས་བསམ་པའི་ཁྱད་པར་བཞིན་འབྲས་བུ་འབྱུང་གི་དངོས་པོ་མི་གཙོ་བའི་ཕྱིར་ཏེ། གསལ་རྒྱལ་དང་དབུལ་མོ་གྲོང་ཉུལ་མས་མར་མེ་ཕུལ་བའི་ལོ་རྒྱུས་བཞིན་ནོ། །ཕན་ཡོན་དེ་དག་བསམ་ནས་དགའ་སྤྲོ་ཆེན་པོས་འཇུག་པར་རིགས་ཏེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཐུབ་པ་ལ་མཆོད་པའི་ཕྱིར་རྒྱལ་པོའི་ལྡུམ་ར་སྲུང་བ་ལ་པདྨ་གཅིག་ཁོ་ནའི་རིན་དུ་གསེར་སྲང་འབུམ་ཕྲག་འདས་པར་བྱས་ཚུལ་ལས་བརྒྱ་པ་ལས་འབྱུང་བ་དང་། ཇོ་བོ་རྗེ་ལྷ་ཅིག་གིས་མེ་ཏོག་ཤང་དྲིལ་འདི་རྒྱ་གར་ན་མེད། ཡོད་ན་ངས་གསེར་འཇལ་ནུས་གསུངས་པ་སོགས་བསོད་ནམས་ཀྱི་མཛོད་ཟད་མི་ཤེས་པའི་སྐྱེས་བུ་

TN03_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

(༡༧༧)དམ་པ་རྣམས་ཀྱང་འདི་ལ་ཆེད་ཆེར་མཛད་ན། འོ་སྐོལ་ལྟ་ཅི་སྨོས་པའི་ཕྱིར་རོ། །དེའང་དུག་གི་མེ་ཏོག་མཆོད་རྫས་སུ་མི་རུང་ལ། གཞན་མེ་ཏོག་གསར་པ་མ་ཉམས་ཤིང་། གཙང་མའི་ཕྱོགས་སུ་སྐྱེས་པ་རྣམས་སྲོག་ཆགས་ཡོད་མེད་བརྟགས་ཏེ་མེད་པར་ཤེས་ན་ཁ་དང་ལག་པ་བཀྲུས་ལ་བཏུ། སིལ་མ་དང་ཕྲེང་བར་བྱས་ནས་མཆོད་པ་སོ་སོར་སྤྱོད་འཇུག་ཏུ་གསུངས་ཤིང་ཕན་ཡོན་ཡང་བློ་གྲོས་མི་ཟད་པས་བསྟན་པ་སོགས་ནས་སོ་སོར་བཤད་པས་གང་འདོད་དམ་གཉིས་ཀ་བྱ། སིལ་མ་འབུལ་ན་སྙིམ་པ་ལེགས་པར་བཀང་། ཕྲེང་བར་བྱས་པ་ཡིན་ན་ལག་པ་གཉིས་ཀས་བཏེགས། གང་ལྟར་ཡང་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པར་བྱ་ཞིང་། ཡོན་ཏན་མི་ཤེས་ནའང་སངས་རྒྱས་ལ་དམིགས་པ་སྔོན་དུ་བཏང་སྟེ། བདག་གིས་འདི་ལྟར་ཕུལ་བའི་མེ་ཏོག་འདི་དག་དཀོན་མཆོག་ཏཱ་ལ་ལར། མེ་ཏོག་ཕལ་ཆེར་མེ་ཏོག་བླ་བྲེ་དང་། །སོགས་དང་། ཕུང་པོ་གསུམ་པའི་མདོ་ལས། མེ་ཏོག་ཐམས་ཅད་ཀྱི་བླ་རེ་བྲེས་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག །ཅེས་སོགས་ལྟར་ཕྱོགས་བཅུའི་ཞིང་རབ་འབྱམས་ཀྱི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་ལྷ་རྫས་ཀྱི་མེ་ཏོག་བཀོད་པའི་བླ་བྲེ་དང་ཁང་བརྩེགས་དང་ཆུན་འཕྱང་ལ་སོགས་པར་གྱུར་ཏེ། དེ་དག་རེ་རེ་ལས་ཀྱང་རིན་པོ་ཆེ་དང་མེ་ཏོག་ལ་སོགས་པའི་ཆར་གྱིས་ནམ་མཁའི་ཁམས་ཐམས་ཅད་རྒྱས་

TN03_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

(༡༧༨)པར་འགེངས་པའི་འོད་ཟེར་གྱི་སྤྲིན་རྒྱ་མཚོ་འབྱུང་ཞིང་། ཕྱི་མའི་མུ་མཐར་གནས་པར་གྱུར་ཅིག་སྙམ་དུ་བསམ་ལ་དབུལ་ཞིང་། འོད་མདོ་ལས། ལོངས་ལ་ནུབ་ཕྱོགས་སུ་ཕྱོགས་ཏེ་མེ་ཏོག་གཏོར་ལ་ཐལ་མོ་སྦྱོར་ཏེ་ཕྱག་ཚོལ་ཅིག་ཅེས་གསུངས་པ་ལྟར་ཐལ་མོ་སྦྱོར་བ་དང་ཕྱག་འཚལ་བའང་བྱ། །སྐུ་གཟུགས་དང་མཆོད་རྟེན་ལ་འབུལ་བ་ཡིན་ན། སྔོན་དུ་དེའི་ཉེ་འཁོར་གྱིས་ཕྱོགས་བྱི་དོར་བྱ་ཞིང་། །སྔར་ཕུལ་བའི་མེ་ཏོག་རྙིང་པ་ཡོད་ན་ཕྱགས་ཏེ་སྐྱེ་བོས་མི་འགོང་བའི་ཕྱོགས་སུ་དོར་ལ་གདོད་ཕུལ་ན་ལེགས་ཏེ། དེ་འདྲའི་མེ་ཏོག་ཉལ་ཉིལ་འཕྱགས་པ་དང་། གསར་པ་ཕུལ་བ་གཉིས་བསོད་ནམས་མཉམ་པར་མདོ་ལས་གསུངས་སོ། །མཇུག་ཏུ་སྔར་དཀོན་བརྩེགས་དྲངས་ནས་བཤད་པའི་ཕན་ཡོན་སོགས་ལ་བསམ་པ་ཐག་པ་ནས་དམིགས་པའི་སྨོན་ལམ་གདབ་ཅིང་། རིན་པོ་ཆེའི་ཕྲེང་བ་ནས་འབྱུང་བའི་ཚིགས་བཅད་ཉི་ཤུ་པ་སོགས་ཤེས་ན་ངག་ཏུའང་བརྗོད་པར་བྱའོ། །དེ་དག་གི་ཚེ་སྐྱེ་བོ་གཞན་དག་ཀྱང་གྲོགས་སུ་བསྐུལ་ནས་གཉིས་ཆར་གྱིས་བྱེད་པ་དང་། གཞན་ཡང་ཕ་མ་སོགས་རྒན་འཁོགས་དང་ནད་པ་མེ་ཏོག་འཐུར་འགྲོ་མི་ནུས་པ་རྣམས་ལའང་བྱིན་ཏེ་མཆོད་དུ་འཇུག་པ་དང་། ཁྱིམ་པ་སེར་སྣ་ཅན་དང་བྱིས་པ་རྣམས་ཀྱང་ཐབས་མཁས་པས་རྣ་བ་གཏོད་ཅིང་འཛིན་དུ་གཞུག་ནུས་ན་ཚུལ་འདི་ལ་སྦྱོར་བ་དང་། ཕྱོགས་སུ་འགྲོ་བའི་ལམ་གར་ཡི་གེ་དྲུག་མ་རྡོ་ལ་བརྐོས་པ་གཅིག་མཐོང་ཡང་མེ་ཏོག་བཏོགས་ནས་

TN03_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

(༡༧༩)མཆོད་པ་ཚུན་ཆད་ཀྱིས་གོམས་པར་བྱས་ན་སྒོ་དུ་མ་ནས་བསོད་ནམས་ཀྱི་སྟོབས་རྒྱས་ཏེ་ཇི་སྐད་བཤད་པའི་ཕན་ཡོན་ཐམས་ཅད་མྱུར་དུ་འཐོབ་པ་ནི་ལུང་ལས། ཟླ་བ་སྐར་མ་བཅས་པ་གནས་ལྟུང་ཞིང་། །རི་དང་ནགས་ཚལ་བཅས་པའི་ས་གཡོས་ལ། །ནམ་མཁའི་ཁམས་ནི་གཞན་དུ་འགྱུར་སྲིད་ཀྱིས། ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུངས། །ཞེས་གསུངས་པ་ལྟ་བུའོ། །ཞེས་པའང་ཆུ་སྟོད་ཟླ་བའི་མེ་ཏོག་གི་ཆུན་པོ་ཞིག་ན་རེ། ཁོ་བོའི་གཏམ་ཉུང་གསལ་ཞིག་བྲིས་ཞེས་བསྐུལ་ནས་མི་རྒན་རྣམ་རྟོག་རྒྱ་མཚོ་ཅ་ཅོ་མཐས་ཡས་ཞེས་བྱ་བས་ཤང་ཤང་དྲིལ་བུ་རླུང་བསྐྱོད་ཀྱི་ལྡེམ་བག་གཡོ་བའི་བསམ་མཐའི་གཙུག་ལག་ཁང་ཉམས་དགའ་བར་བྲིས་པའོ།། །།

TN03_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༠)

བདེ་བ་ཅན་གྱི་ཞིང་ལས་བརྩམས་པའི་གཏམ་དགེ་བའི་ལོ་ཏོག་སྤེལ་བྱེད་དབྱར་སྐྱེས་སྤྲིན་ཆེན་གླལ་བའི་སྒྲ་དབྱངས།

TN03_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༡)བདེ་བ་ཅན་གྱི་ཞིང་ལས་བརྩམས་པའི་གཏམ་དགེ་བའི་ལོ་ཏོག་སྤེལ་བྱེད་དབྱར་སྐྱེས་སྤྲིན་ཆེན་གླལ་བའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །

TN03_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༢)མགོན་པོ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྒྱལ་བྱེད་འཁོར་ལོའི་མཚན་པ་ཡིས། །བྲིས་པའི་འོད་སྣང་ལི་ཁྲིའི་དོག་པ་གསར་ཐུབ་རྣམས་མགོ་ལ་ཅོད་པན་བཞིན་མཛེས་པ། །འོད་མཛད་ཞབས་པད་དང་བས་ལན་བརྒྱར་མཆོད། །བློ་གསར་ཐར་འདོད་རེ་བའི་ལྗོན་ཤིང་རྩེར། །ལེགས་བཤད་གླུ་དབྱངས་ལེན་མཁས་ཁུ་བྱུག་ཅིག །ཡོངས་དག་ཞིང་གི་འབྱོར་པ་བརྡ་སྤྲོད་ཀྱིས། །གཏན་བདེའི་དགའ་སྟོན་འདོད་རྣམས་གུས་པས་ཉོན། །འདིར་བློ་རབ་འབྲིང་ཐ་མའི་གདུལ་བྱ་རྣམས་ཀྱི་སྤྱད་བྱ་ཐུན་མོང་བར་གྱུར་ཅིང་། ཐོས་ན་དགའ་བ་རྨད་དུ་བྱུང་བ་སྐྱེད་པར་བྱེད་པ། བདེ་བ་ཅན་གྱི་ཞིང་ལས་བརྩམས་པའི་གཏམ་གྱི་སྦྱོར་བ་ཅུང་ཟད་མདོ་སྡེའི་རྗེས་སུ་འབྲངས་ཏེ་བྱ་བ་ལ་གསུམ་

TN03_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༣)དགོས་པ་བསྟན་ནས་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བ་འཛིན་པ་ལ་སྤྲོ་བ་བསྐྱེད་པ། ཞིང་དེར་སྐྱེ་བ་ལ་ཞུམ་པ་སྐྱེ་བའི་སྒོ་དགག་པ། དེར་སྐྱེ་བའི་རྒྱུ་ཚོགས་སྒྲུབ་ཚུལ་བསྟན་པའོ། །དང་པོ་ནི། འཕགས་པ་འོད་དཔག་མེད་ཀྱི་བཀོད་པའི་མདོ་ལས། ཇི་ལྟར་སངས་རྒྱས་མཆོག་གི་གཟི་མཐའ་ཡས། །མི་དབང་གཟི་བརྗིད་ཕྱོགས་ཀུན་ལམ་མེར་གདའ། །དེ་ལྟར་བདག་ཀྱང་སངས་རྒྱས་ཆོས་རྒྱལ་གྱུར། །སྐྱེ་རྒུ་རྒ་དང་འཆི་ལས་རབ་ཐར་བགྱི། །ཞེས་གསུངས་པ་ལྟར། རྒ་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་མི་བཟད་པ་དུ་མས་རྟག་ཏུ་གདུང་བའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོས་ཡིད་བསྐྱོད་པ་རྣམས་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གཅིག་པུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་རིན་པོ་ཆེ་

TN03_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༤)དོན་དུ་གཉེར་བར་བྱེད་ལ། དེའི་ཚེ་དེ་སྒྲུབ་བྱེད་ཀྱི་སྒོ་གཉིས་པ་ནི་མེད་པས་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་ཕྱོགས་ཡོངས་སུ་རྫོགས་པའི་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་དགོས་སོ། །སྤྱོད་པའི་རྒྱ་མཚོ་དེ་ནི་གཏིང་དཔག་དཀའ་ཞིང་མཐའ་ཡས་པའི་ཕྱིར། དང་པོར་འཇུག་པ་དང་། ཞུགས་ན་མཐར་དབྱུང་བ་གཉིས་ཀ་ཤིན་ཏུ་བྱ་དཀའ་བས་རླབས་པོ་ཆེའི་མགོན་ལ་བརྟེན་ནས་བགྲོད་དགོས་སོ། །དགོས་པ་དེའི་ཕྱིར་དུ་བདེ་བ་ཅན་གྱི་ཞིང་དུ་འགྲོ་བ་ནི་འོད་མདོ་ལས་གསུངས་ཏེ། དེ་ཉིད་ལས་ཕྱོགས་བཅུའི་བྱང་སེམས་མང་པོ་བདེ་བ་ཅན་དུ་སྐྱེ་བ་འཛིན་ཚུལ་འཆད་པའི་སྐབས་སུ། །དེ་བཞིན་གཤེགས་པ་འོད་དཔག་མེད་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཡོངས་སུ་དྲི་བར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ལ་བལྟ་བས་ནི། དེ་བཞིན་གཤེགས་པའི་མཚན་དཔེ་དང་། ཞིང་དང་འཁོར་གྱི་ཕུན་ཚོགས་མཐོང་སྟེ་དད་པའི་ཤུགས་སྐྱེ་བ་དང་འཕེལ་བར་བྱེད་དེ། དགེ་བའི་བཤེས་གཉེན་མཉེས་པར་བྱེད་པའི་གཞིའོ། །ཕྱག་དང་བསྙེན་བཀུར་བྱ་བ་ནི་རྙེད་པ་དང་བཀུར་སྟི་དང་རིམ་གྲོའི་སྒོ་ནས་བསྟེན་ཚུལ་ཡིན་ལ། ཡོངས་སུ་དྲི་བས་གདམས་པའི་གནད་ལ་ཐེ་ཚོམ་ཆོད་པར་བྱེད་པ་ནི་གདམས་དོན་མ་ནོར་བར་ཉམས་སུ་ལེན་པའི་ཆེད་ཡིན་པས་སྒྲུབ་པའི་ནན་ཏན་གྱིས་

TN03_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༥)མཉེས་པར་བྱེད་པ་ཡང་སྡུད་དོ། །དེ་ལྟར་ན་མདོ་འདིས་མཆོག་གི་སྤྲུལ་སྐུ་མངོན་སུམ་དུ་མཉེས་པར་བྱེད་ཚུལ་གྱི་ཁོངས་སུ་བཤེས་གཉེན་བསྟེན་པའི་མན་ངག་ཆ་ཚང་ཞིག་བསྟན་ནོ། །དེའང་འོག་ཏུ་འཆད་པ་ལྟར་ཡུལ་སྟོན་པ་དང་རྟེན་ཞིང་དེའི་འགྲོ་བ་གཉིས་ཀ་ཚེ་དཔག་ཏུ་མེད་པའི་ཕྱིར། དེར་སྐྱེས་ན་གདུལ་བྱ་ཐུན་མོང་བ་ཡང་ལམ་མཐོན་པོར་སླེབ་སླེབ་ཏུ་རང་གི་སྟོན་པ་དངོས་ལ་མི་འབྲལ་བར་བསྟེན་དུ་ཡོད་པས་དགེ་ཆོས་ལས་མི་ཉམས་ཤིང་ཡོན་ཏན་གྱི་ཚོགས་ཀྱིས་ཉིན་རེ་བཞིན་དུ་རྒྱས་པར་འགྱུར་བ་ཡིན་ནོ། །གཞན་ཡང་ཞིང་དེར་རྒྱལ་སྲས་མཐུ་ཆེན་མང་པོ་སྐྱེ་ཚུལ་སྟོན་པའི་མདོ་དེ་ཉིད་ཀྱི་འཕྲོར། མི་ཕམ་པ། དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་མཚན་ཐོས་པའི་སེམས་ཅན་དེ་དག་རྙེད་པ་ཇི་སྙེད་ཅིག་ལེགས་པར་རྙེད་པ་ལ་ལྟོས། ཞེས་གསུངས་ཏེ། འདི་ནི་མི་འཁྲུགས་པའི་ཞིང་མདོར་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ན་གནས་པའི་བྱང་སེམས་འཁོར་གྱི་ཡོན་ཏན་མང་པོ་བཤད་ནས་ཞིང་དེར་སྐྱེ་བའི་རྒྱུ་ལ་ནན་ཏན་བྱ་བར་གདམས་པའི་སྐབས་སུ། དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དེ་ལྟ་བུ་དག་དང་ཕྲད་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ཚེགས་ཆུང་ངུས་བྱང་ཆུབ་སེམས་དཔའི་བཤེས་གཉེན་ཁྱད་པར་ཅན་རྣམས་དང་འཕྲད་པར་འགྱུར་བའི་ཕན་ཡོན་སྟོན་པའོ། །མ་དག་པའི་ཞིང་དུ་ནི་སྙིགས་མ་ལྔ་བདོ་བའི་ཤུགས་ཀྱིས་དད་པ་དང་བརྩོན་

TN03_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༦)འགྲུས་དང་ཤེས་རབ་ལ་སོགས་པའི་མཐུ་ཆུང་བ་དང་། ལོངས་སྤྱོད་ཀྱིས་ཕོངས་ཤིང་། དེའི་ཆེད་དུ་བྲེལ་བ་དང་རྩོད་པས་རྒྱུན་དུ་གདུང་བ་དང་། སྐྱིད་ཅིང་ཕྱུག་པར་གྱུར་ན་ནི་དེས་སེམས་བསླུས་ཏེ་མངོན་པར་འབྱུང་བར་མི་ནུས་པ་དང་། ནད་དང་མྱ་ངན་སོགས་ཀྱི་དབང་གིས་དགེ་བ་ལ་འདོད་དགུར་སྦྱོར་མི་བཟོད་པ་དང་། ཆོས་ལྟར་བཅོས་པ་དང་གྲོགས་པོ་ངན་པ་མང་བ་དང་། སྐྱེ་འཆི་དང་འབྲེལ་བའི་སྡུག་བསྔལ་དུ་མས་ཡང་ཡང་བར་དུ་གཅོད་པ་ལ་སོགས་པའི་དབང་གིས་ལམ་བསྒྲུབ་ཀྱང་སྟོབས་ཆུང་ལ། ཐོས་པའི་ཡོན་ཏན་རྣམས་ཀྱང་ཉམས་པར་སླའོ། །ཞིང་འདི་ནི་དེ་འདྲ་བའི་ཉེས་པ་རྣམས་ལས་ཆེས་ཆེར་གཙང་བས་དེར་སོང་ནས་བསྒྲུབ་ན་ལམ་གྱིས་ཆོད་ཤིན་ཏུ་ཆེ་བ་ཡིན་ཏེ། མི་འཁྲུགས་པའི་ཞིང་བཀོད་ཀྱི་མདོ་ལས་རྒྱལ་པོའི་སྦས་ཚུལ་དང་། མཐའ་འཁོབ་ཀྱི་གྲོང་གི་དཔེ་གསུངས་པ་དང་ཕྱོགས་མཚུངས་པ་ཡིན་ནོ། །ཡང་ཞིང་བཀོད་ཀྱི་མདོ་ལས། བྱང་ཆུབ་སེམས་དཔའ་མང་པོ་དེ་དག་གིས། །མཆོད་པ་བྱས་ཏེ་དཔག་མེད་འོད་ཞབས་ལ། །ཕྱག་འཚལ་བསྐོར་བ་བྱས་ནས་འདི་སྐད་དུ། །སངས་རྒྱས་ཞིང་གི་ངོ་མཚར་མཛེས་ཤེས་འཛེར། །དགའ་ཞིང་མགུ་བའི་སེམས་ནི་གཞལ་ཡས་ཀྱིས། །དེ་དག་གིས་ནི་མེ་ཏོག་སྙིམ་གཏོར་ནས། །འདྲེན་པ་དེ་ཡི་སྤྱན་སྔར་འདི་སྐད་དུ། །བདག་ཅག་ཞིང་ཡང་འདི་འདྲར་གྱུར་ཞེས་སྨྲས། །ཞེས་ཕྱོགས་བཅུ་ནས་ལྷགས་པའི་བྱང་སེམས་རྣམས་ཀྱིས་ཞིང་དེའི་སྣོད་བཅུད་

TN03_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༧)ཀྱི་འབྱོར་པའི་ཁྱད་པར་ཕུན་སུམ་ཚོགས་པ་མཐོང་ནས་རང་ཉིད་ཀྱང་དེ་ལྟར་ཡོངས་སུ་དག་པའི་ཞིང་སྒྲུབ་པ་ལ་འཇུག་པར་གསུངས་ཏེ། ཚུལ་འདི་ནི་འཇམ་དཔལ་ཞིང་བཀོད་ལས་ཀྱང་། ཤཱ་རིའི་བུ་གཞན་ཡང་འདི་ལ་བྱང་སེམས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་སྨོན་ཅིང་། དེ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་བ་སྟེ། དེ་ཚུལ་ཁྲིམས་ཡོངས་སུ་དག་པས་གང་དང་གང་དུ་སྨོན་པ་དེ་དང་དེར་སྐྱེས་ཏེ། དེ་དེར་སྐྱེས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་སེམས་ཤིང་རྟོག་སྟེ། ཉན་ཐོས་ཀྱི་ཕུན་སུམ་ཚོགས་པའམ། བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པའམ། །ལོངས་སྤྱོད་དང་ཀུན་ཏུ་སྤྱོད་པ་ཕུན་སུམ་ཚོགས་པ་མཚན་མར་འཛིན་ཏེ། དེས་དེ་དག་མཚན་མར་བཟུང་ནས་གུས་པ་དང་བཅས། ཞེ་ས་དང་བཅས་ཤིང་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པའི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཇི་ལྟར་སྦྱང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་རྒྱ་ཆེན་པོ་ཡོངས་སུ་འཛིན་ཅེས་ཀུན་ཏུ་ཞུས་ནས་དེ་བཞིན་གཤེགས་པ་དེས་ཀྱང་དེའི་ལྷག་པའི་བསམ་པ་མཁྱེན་ནས་གང་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྒྱ་ཆེན་པོ་ཡོངས་སུ་འགྲུབ་པར་འགྱུར་བའི་གནས་དེ་དག་སྟོན་ཅིང་ཡང་དག་པར་རབ་ཏུ་འཆད་དེ། །དེས་དེ་ཐོས་ནས་དེ་བཞིན་དུ་ནན་ཏན་བྱེད་པའོ། །ཞེས་ཤིན་ཏུ་གསལ་

TN03_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༨)བར་གསུངས་སོ། །ཚེ་ཕྱི་མ་ལ་ཞིང་དག་པར་སྐྱེ་བའི་སྒོ་ནས་དགོས་པ་དེ་སྒྲུབ་པ་བཞིན་དུ། ཚེ་འདིར་དག་པའི་ཞིང་གི་བཀོད་པ་དང་། དེ་དག་གི་རྒྱུ་ཚོགས་རྣམས་གཞན་ལས་རྒྱ་ཆེར་ཉན་པ་དང་། དོན་དེ་ཚུལ་བཞིན་གོམས་པར་བྱེད་པའི་སྒོ་ནས་ཀྱང་སྒྲུབ་ཏུ་ཡོད་དེ། འདི་ནི་འཇམ་དཔལ་ཞིང་བཀོད་ཀྱི་ལུང་དེའི་གོང་ཉིད་དུ་གསུངས་ཤིང་། འོད་དཔག་མེད་ཀྱི་བཀོད་པའི་མདོ་ལས། དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་སྟོན་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སྤྱན་སྔར་ལོ་བྱེ་བ་སྲིད་དུ་དེ་བཞིན་གཤེགས་པ་མང་པོའི་ཞིང་གི་ཕུན་ཚོགས་གསན་ནས། གདོད་རང་ཉིད་ཀྱི་ཞིང་བཟུང་བར་བཤད་པ་རྗེས་འཇུག་གི་ཉམས་ལེན་དང་སྦྱར་བའི་སྒོ་ནས་ཀྱང་ཤེས་པར་ནུས་སོ། །འདི་དག་ནི་འོད་མདོར་བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་དང་། སྔོན་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་ཞིང་དེ་ཇི་ལྟར་བསྒྲུབས་པའི་ཚུལ་རྣམས་རྒྱས་པར་བཀའ་སྩལ་བའི་རྒྱུ་མཚན་ཆེན་པོའོ། །དེ་ཡང་འོད་མདོ་ཉིད་ལས། གལ་ཏེ་བདག་ཞིང་རྣམ་པ་དེ་འདྲར་མ་གྱུར་ལ། །སེམས་ཅན་དབུལ་མང་ནོང་མང་སྩལ་བར་མ་གྱུར་དང་། །སྡུག་བསྔལ་གྱུར་པའི་མི་དག་བདེ་བར་མ་བགྱིས་པར། །མི་ཡི་རྒྱལ་པོ་དཀོན་མཆོག་ཏུ་ནི་བདག་མ་གྱུར། །ཅེས་གསུངས་པ་ལྟར་འགྲོ་བ་རྣམས་དང་པོར་མངོན་མཐོའི་བདེ་བ། གནས་དང་། ལུས་དང་། ཡོ་བྱད་དང་། མི་འཇིགས་པའི་སྒོ་ནས་ཆེས་ཕུལ་

TN03_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༩)དུ་བྱུང་བ་ལ་བདེ་བླག་ཏུ་འགོད་པ་དང་། དེ་ལྟར་བཀོད་པའི་དུས་ཉིད་ནས་དེ་དག་ཡང་དག་པ་ཉིད་ལ་ངེས་པའི་ཚོགས་འབའ་ཞིག་ཏུ་མཛད་དེ། ངེས་ལེགས་ཀྱི་བདེ་བ་མྱུར་དུ་སྟེར་བའི་རྒྱལ་སྲས་དཔའ་བོའི་ཐབས་མཁས་དང་ཐུགས་བསྐྱེད་ཀྱི་ཤུགས་སྦྱངས་ཚུལ་ཐུན་མོང་མ་ཡིན་པ་འདིས་ཞིང་མཐའ་ཡས་པའི་སེམས་དཔའ་ཆེན་པོ་རྣམས་ཀྱང་ཐུགས་འཕྲོགས་པར་གསུངས་པས་དད་པའི་རྩ་བ་བརྟན་པར་བྱས་ནས་དེའི་རྗེས་སུ་བསླབ་པར་བྱ་ཡི། དག་པའི་ཞིང་གི་འདོད་ཡོན་ལ་ཆགས་པས་ཡིད་གདུང་ནས་སྨོན་ལམ་འདེབས་པ་ཙམ་ལ་སྤྲོ་བ་ལྷུར་བླང་བར་མི་བྱ་སྟེ། བསམ་པ་ཡོངས་སུ་མ་དག་པ་དེ་འདྲ་བས་སངས་རྒྱས་ཀྱི་ཞིང་རྙོག་པ་མེད་པར་སྐྱེ་བར་དཀའ་བའི་ཕྱིར་ཏེ། མི་འཁྲུགས་པའི་མདོའི་ཤེས་བྱེད་ཀྱང་སྣང་ངོ། །དགོས་པ་གཞན་ཡང་ཞིང་བཀོད་ཀྱི་མདོ་ལས། མི་ཕམ་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དག་གིས་ཐེ་ཚོམ་ཡོངས་སུ་སྤངས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་མྱུར་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སྟོབས་བསྐྱེད་པའི་མཐུ་ཐོབ་པར་བྱ་བའི་ཕྱིར་གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་བཞུགས་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་བྱ་བའི་ཕྱིར་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་བྱའོ། །ཞེས་གསུངས་

TN03_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༠)ཏེ། དེར་སྐྱེས་ན་སེམས་ཅན་ལ་ཕན་བདེ་སྒྲུབ་པའི་མཐུ་འཐོབ་ཚུལ་ནི། མདོ་དེ་ཉིད་ལས། རྒྱ་ཆེན་ཞིང་འདིར་ལྷགས་པར་གྱུར་ནས་ཀྱང་། །ལྷ་ཡི་མིག་དང་ལྷ་ཡི་རྣ་བ་དང་། །ཚེ་རབས་དྲན་དང་བློ་གྲོས་མཁས་མཆོག་དང་། །རྫུ་འཕྲུལ་སྟོབས་ཀྱང་མྱུར་དུ་འཐོབ་པར་འགྱུར། །ཞེས་སོགས་གོང་འོག་ཏུ་ཞིང་དེའི་འགྲོ་བ་རྣམས་མངོན་ཤེས་ལྔ་ལྡན་འབའ་ཞིག་ཏུ་གསུངས་པ་དེའི་སྒོ་ནས་ཡིན་ཏེ། རྫུ་འཕྲུལ་གྱི་མངོན་པར་ཤེས་པས་གདུལ་བྱའི་འཇིག་རྟེན་གར་ཡོད་དུ་སོང་ནས་རྒྱལ་བའི་བསྟན་པ་ལ་མ་དད་པ་རྣམས་དད་པ་དང་། དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱེད་པ་དང་། སྔོན་གནས་དྲན་པའི་མངོན་ཤེས་ཀྱིས་རང་ཉིད་ཀྱིས་འདུལ་བའི་རྒྱུ་སྔོན་སོང་ཅན་གྱི་སེམས་ཅན་ཤེས་པར་བྱེད་ཅིང་། །རང་དང་གཞན་གྱི་སྔོན་བདེ་སྡུག་ཇི་ལྟར་མྱོང་བ་བསྟན་ནས་སྐྱོ་བ་སྐྱེད་པ་དང་། ལྷའི་མིག་གི་མངོན་ཤེས་ཀྱིས་གདུལ་བྱ་གར་ཡོད་རྟོགས་པ་དང་། ལྷའི་རྣ་བའི་མངོན་ཤེས་ཀྱིས་དེ་དག་གིས་གསོལ་བ་འདེབས་པའི་སྒྲ་ལ་སོགས་པ་ཤེས་པ་དང་། ཕ་རོལ་སེམས་ཤེས་ཀྱིས་གདུལ་བྱའི་བསམ་པ་མཆོག་དམན་སོགས་ཀྱི་ཁྱད་པར་ཤེས་ནས་དེ་དག་དང་འཚམས་པར་ཆོས་སྟོན་ནུས་པ་ལ་སོགས་པའོ། །དེས་ན་མ་དག་པའི་ཞིང་གི་འགྲོ་བ་ལ་འཕྲལ་དང་ཡུན་གྱི་བདེ་བས་ཕན་འདོགས་པར་འདོད་ནའང་དང་པོར་རང་ཉིད་བདེ་བ་ཅན་དུ་སྐྱེ་བ་བླངས་པའི་སྒོ་ནས་ཞིང་དག་པའི་རྒྱལ་སྲས་རྣམས་དང་སྐལ་བ་

TN03_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༡)མཉམ་པར་སྒྲུབ་པ་འདི་ཉིད་དེའི་ཐབས་རྨད་དུ་བྱུང་བར་འགྱུར་བ་ཡིན་ནོ། །དེར་མ་ཟད་ཞིང་དེར་སྐྱེས་པའི་རྒྱལ་སྲས་རྣམས་སྔ་དྲོ་རེ་རེར་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་མཆོད་པ་དང་བསྙེན་བཀུར་བྱ་བའི་ཕྱིར་ཞིང་རབ་འབྱམས་སུ་འཇུག་ཅིང་། དེ་དག་གི་སྤྱན་སྔར་མང་དུ་ཐོས་པའི་མཛོད་ཚད་མེད་པ་བསགས་པའི་སྒོ་ནས་རང་གི་དགེ་ཚོགས་གོང་འཕེལ་དུ་འགྲོ་བར་གསུངས་པའང་མངོན་ཤེས་ལ་བརྟེན་ནས་བྱེད་པ་ཡིན་ནོ། །འདི་འདྲ་བའི་དོན་གྱི་དབང་ལ་གཟིགས་ནས་འོད་དཔག་མེད་ཀྱི་ཞིང་བཀོད་མཉན་པའི་ཕྱིར་སྟོང་གསུམ་མེ་འོབས་ཀྱིས་གང་བ་བརྒལ་ཏེ་འགྲོ་དགོས་པ་བྱུང་ཡང་མི་ལྡོག་པའི་བརྩོན་འགྲུས་ཀྱི་གོ་ཆ་གྱོན་དགོས་པར་གསུངས་པ་ཡིན་ཏེ། འདི་ལ་ངེས་པ་བརྟན་པོ་བཙལ་དགོས་སོ། །གཉིས་པ་ནི། དེ་ལྟར་དོན་ཆེན་པོ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་འཛིན་པ་དེའང་ས་མཚམས་དམའ་མོའི་རིང་ལ་མི་འགྲུབ་ན་ནི། བདེ་བ་ཅན་གྱི་ཞིང་དུ་ལམ་སྒྲུབ་པའི་འགལ་རྐྱེན་ཉུང་བ་དང་། མཐུན་རྐྱེན་ཁྱད་པར་ཅན་བདེ་བླག་ཏུ་རྙེད་པའི་དབང་གིས་མ་དག་པའི་ཞིང་དུ་སྐྱེས་པ་རྣམསལས་ལམ་གྱི་བགྲོད་པ་ཆེས་མྱུར་བའི་ཡོན་ཏན་ཡང་ལས་དང་པོ་ལ་འོང་ས་མེད་པས། དེའི་ཆེད་དུ་སྨོན་ལམ་བཏབ་པའང་ལམ་མཐོན་པོའི་ཆེད་དུ་སྨོན་ལམ་བཏབ་པ་དང་འདྲ་བར་འགྱུར་ལ། རྟོགས་པ་མཐོན་པོ་དང་ཁྱད་པར་དུ་བྱང་སེམས་མཐོན་པོས་ནི་ཡོན་ཏན་དེ་གཉིས་དག་པའི་ཞིང་དུ་སྐྱེས་པ་ལ་མི་ལྟོས་པར་ཡང་

TN03_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༢)བདེ་བླག་ཏུ་ཁོ་ནས་འཐོབ་པར་ནུས་སོ། །འོན་ཀྱང་འདི་ནི་དེ་ལྟར་མ་ཡིན་ཏེ། གསུང་རབ་ལས་སོ་སོའི་སྐྱེ་བོ་ལམ་མཐོན་པོར་མ་སླེབས་པ་ཡང་ཞིང་དེར་སྐྱེ་བའི་དབང་དུ་མཛད་ནས་གསུངས་པ་དུ་མ་ཞིག་སྣང་ལ། ཚུལ་དེ་རྣམ་པ་གཞན་དུ་འདྲེན་པའི་ལུང་རིགས་ཀྱང་མེད་པའི་ཕྱིར་དང་། མདོའི་དོན་འགྲེལ་བའི་སྐྱེས་བུ་ཆེན་པོ་དག་གིས་ཀྱང་དེ་ཁོ་ནའི་ཕྱོགས་ལྟར་བཤད་པའི་ཕྱིར་རོ། །གསུང་རབ་ལས་དེ་ལྟར་གསུངས་པའང་ཡིན་ཏེ། མདོ་སྡེ་དང་རྟོག་པ་དུ་མར་རྒྱུ་འདི་ལྟ་བུ་ཞིག་བསྒྲུབ་ན་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བ་འཛིན་ནུས་ཞེས་པ་ནི་གསལ་བར་གསུངས་ལ། དེ་དག་ཀྱང་ལས་དང་པོ་པས་སྒྲུབ་ཏུ་མི་ནུས་པར་མི་སྣང་བའི་ཕྱིར་དང་། འོད་མདོ་དང་སྙིང་རྗེ་པད་དཀར་ལས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་མཚན་ཐོས་ནས་དགེ་བའི་རྩ་བ་རྣམས་བདེ་བ་ཅན་དུ་སྐྱེ་བར་བསྔོས་ན་ཆོས་སྤང་དང་མཚམས་མེད་བྱས་པ་མ་གཏོགས་ཞིང་དེར་སྐྱེ་བར་བཤད་པའང་རྒྱུད་ཚོད་མཐོན་པོར་མ་སླེབས་བར་དུ་ཞིང་དེར་སྐྱེ་མི་ནུས་ན་དེ་འདྲའི་རྣམ་དབྱེ་མཛད་དོན་མེད་པའི་ཕྱིར་དང་། འོད་མདོར་རྒྱལ་བ་འོད་དཔག་མེད་རྗེས་སུ་དྲན་པར་བྱེད་པའི་སེམས་ཅན་རྣམས་ཤི་འཕོས་ནས་ཞིང་དེར་སྐྱེ་བར་མ་ཟད། །ཚེ་འདིར་ཡང་སངས་རྒྱས་མཐོང་བར་སྟོན་པ་ན་རྨི་ལམ་དུ་མཐོང་བ་དང་། འཆི་ཁར་སངས་རྒྱས་ཀྱི་སྤྲུལ་པ་མཐོང་བ་གཉིས་གསུངས་ཤིང་། དེ་དག་ཀྱང་གཞན་རྐྱེན་དེ་བཞིན་གཤེགས་པའི་སྨོན་ལམ་གྱི་དབང་གིས་ཡིན་པར་གསུངས་ཀྱི་དེ་ལས་ལྷག་པ་མ་བཤད་པའང་ཆོས་རྒྱུན་

TN03_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༣)གྱི་ཏིང་ངེ་འཛིན་མ་ཐོབ་པའི་སོ་སྐྱེས་ལ་དགོངས་པར་སྣང་བའི་ཕྱིར་དང་། སྙིང་རྗེ་པདྨ་དཀར་པོར། རྒྱལ་བ་འོད་དཔག་མེད་འཁོར་སྒྱུར་རྩིབས་ཀྱི་མུ་ཁྱུད་དུ་འཁྲུངས་པའི་ཚེ། དཔལ་ཤཱཀྱ་ཐུབ་པ་མདུན་ན་འདོན་གྱི་གཙོ་བོར་གྱུར་པས་བྱང་ཆུབ་ཀྱི་ཐུགས་དང་པོར་འཛིན་དུ་སྩལ་ཚུལ་བཤད་པའི་སྐབས་སུ། རྒྱལ་པོས་སྨྲས་པ། བྲམ་ཟེ་དེ་བཞིན་གཤེགས་པ་འདི་ནི་སྐྱེ་དགུ་ཚེ་ལོ་བརྒྱད་ཁྲི་པ་རྣམས་ཀྱི་ནང་དུ་འཇིག་རྟེན་དུ་བྱུང་ན་དེ་བཞིན་གཤེགས་པས་ངན་སོང་ཐམས་ཅད་ཞི་བར་མཛད་མ་སྤྱོད་དེ་ཞེས་པ་ནས། སེམས་ཅན་རྣམས་རང་རང་གི་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱིས་འཕྱན་པར་གྱུར་པས་ན་འདི་ལྟར་སེམས་ཅན་གཅིག་ཙམ་གྱི་སྡུག་བསྔལ་ཡང་རབ་ཏུ་ཞི་བར་མ་མཛད་ན་བཅོམ་ལྡན་འདས་ཀྱིས་བཏུལ་བའི་སེམས་ཅན་གང་ཞིག་ཡིན། བཅོམ་ལྡན་འདས་ཀྱི་སྐུ་ནི་ཞིང་དུ་གྱུར་པ་འབའ་ཞིག་ཏུ་ཟད་ཀྱི། དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་ཐར་བར་ནི་མི་མཛད་དོ་ཞེས་པ་ནས། གལ་ཏེ་གང་གི་ཚེ་ཁོ་བོ་བླ་ན་མེད་པའི་བྱང་ཆུབ་ལ་རེག་པར་འགྱུར་བའི་སངས་རྒྱས་ཀྱི་ཞིང་དེར་ཁོ་བོས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པར་འགྱུར་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཞིག་འཐོབ་པར་འགྱུར་བ་ལྟ་ན། དེའི་ཚེ་ཁོ་བོ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཁོ་བོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་སྤྱད་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང་། སྔར་དྲངས་པའི་འོད་

TN03_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༤)མདོའི་ལུང་། སེམས་ཅན་དབུལ་མང་ནོར་མང་སྩལ་བར་མ་གྱུར་ལ། །ཞེས་སོགས་ཀྱི་དོན་ཡང་དེ་དང་འདྲ་བའི་ཕྱིར་རོ། །དེ་ལ་སྙིང་རྗེ་པད་དཀར་གྱི་ལུང་འདིའི་དོན་ཅུང་ཟད་བཤད་ན། མ་དག་པའི་ཞིང་དུ་ནི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་དྲུང་དུ་སྐྱེ་བ་ལེན་ཐུབ་ཀྱང་དེ་ཙམ་གྱིས་སྡུག་བསྔལ་གྱི་ཚོར་བའི་འཇིགས་པ་མཐའ་དག་ལས་བརྒལ་ཟིན་པ་མིན་གྱི། ད་དུང་སངས་རྒྱས་ཉིད་དགེ་རྩ་སྐྱེད་པའི་ཞིང་དུ་བཟུང་སྟེ་རིམ་གྱིས་ངན་འགྲོ་ལ་སོགས་པའི་སྡུག་བསྔལ་ལས་འདའ་བར་བྱ་དགོས་སོ་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱི་སྐུ་ནི་ཞིང་དུ་གྱུར་པ་འབའ་ཞིག་ཏུ་ཟད་ཀྱི་ཞེས་པ་ནས། ཐར་བར་ནི་མི་མཛད་དོ་ཞེས་པའི་བར་ཏེ། དེའི་སྔ་ལོགས་ཀྱི་མདོ་རྣམས་ཀྱང་ངོ། །བདེ་བ་ཅན་གྱི་ཞིང་དུ་ནི་སྐྱེ་བ་བླངས་པ་ཙམ་གྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་སྡུག་བསྔལ་གྱི་ཚོར་བ་རྒྱུན་ཆད་པ་ཡིན་པས་དེ་ཞི་བ་ལ་ཐབས་གཞན་བསྟེན་མི་དགོས་ཏེ། །ཞིང་དེར་ཚོར་བ་སྡུག་བསྔལ་དུ་གཏོགས་པ་ཙམ་ཡང་འབྱུང་མི་སྲིད་པ་ནི་སྐྱོབ་པ་འོད་དཔག་མེད་ཀྱི་སྨོན་ལམ་དང་ཚོགས་གཉིས་ཀྱི་སྤྱོད་པས་སྔོན་ནས་བསྒྲུབས་ཟིན་པའི་ཕྱིར་རོ། །དེའང་ནང་དུ་ངན་འགྲོ་ལ་སོགས་པའི་སྡུག་བསྔལ་གྱི་འཇིགས་པ་ལས་གཏན་དུ་འདའ་ནུས་པའི་ཚོད་ཀྱི་ལམ་ལ་མ་སླེབས་ཀྱང་ཕྱི་རོལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཆེ་བས་ཉམས་པ་མེད་པའི་བདེ་བ་དེ་ལྟ་བུ་འཐོབ་པར་སྟོན་པ་ནི། གལ་ཏེ་གང་གི་ཚེ་ཁོ་བོ་བླ་ན་མེད་པའི་བྱང་ཆུབ་ལ་རེག་པར་འགྱུར་བའི་སོགས་ནས། ཐོབ་པར་འགྱུར་བ་ལྟ་ན་

TN03_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༥)ཞེས་པ་སྟེ་ཤིན་ཏུ་གསལ་ཞིང་། གོང་དུ། དེ་བཞིན་གཤེགསཔ་འདི་ནི་ཞེས་པ་ནས། དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་ཐར་བར་ནི་མི་མཛད་དོ། །ཞེས་གསུངས་པའི་ཟླས་དྲང་ན། ཁོ་བོ་ནི་འཚང་རྒྱ་བ་ན་དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་རྣམས་ཀྱང་སྡུག་བསྔལ་ལས་ཐར་བར་བྱའོ་ཞེས་པར་འགྱུར་ཏེ་རྣམ་དཔྱོད་ཡོད་ན་ཅི་སྟེ་མི་མཐོང་། དགེ་བའི་རྩ་བ་མ་བསྐྱེད་པའི་དོན་ནི་བཤད་མ་ཐག་པ་ལྟར་ཡིན་གྱི། དགེ་རྩ་གཏན་ནས་མ་བསྐྱེད་པའི་དོན་ཡེ་མིན་ལ། སྡུག་བསྔལ་ལས་ཐར་བར་མི་མཛད་ཅེས་པའི་སྡུག་བསྔལ་ཡང་ཚོར་བ་སྡུག་བསྔལ་ལ་བཤད་ཟིན་པ་ལྟར་ཡིན་ཏེ། དེ་བཞིན་གཤེགས་པས་ངན་སོང་ཐམས་ཅད་ཞི་བར་མཛད་མ་སྤྱོད་དེ་ཞེས་གསུངས་པས་མཚོན་ནོ། །མདོ་འདི་དག་གིས་ནི་རང་སྟོབས་ཀྱིས་ངན་འགྲོ་ལས་འདའ་བ་དང་། གཞན་སངས་རྒྱས་ཀྱི་ཞིང་དག་པའི་སྟོབས་ཀྱིས་འདའ་བ་གཉིས་ཚུལ་ཐ་དད་དུ་ཕྱེ་ནས་བསྟན་ཏོ། །དེ་ལྟར་བྱས་ཚེ་ཞིང་དེར་སྐྱེ་རྒྱུའི་འགྲོ་བ་ལ་མ་དག་པའི་ཞིང་དུ་སྐྱེས་ན་ངན་འགྲོར་འགྲོ་བའི་གླགས་དང་བཅས་པ་དུ་མ་ཞིག་མེད་ན་མདོ་དེ་དག་ལ་ཇི་ལྟར་འགྲིགས་པ་སོམས་ཤིག ཁ་ཅིག་བདེ་བ་ཅན་དུ་འཕགས་པ་མིན་པ་མི་སྐྱེ་ཞེས་སྨྲ་བ་ལྟར་ན། ཞིང་དེར་སྐྱེས་པའི་བྱང་སེམས་སྔོན་ཐེ་ཚོམ་ཟ་བའི་ཉེས་པས་བསྒྲིབས་པ་རྣམས་པདྨའི་མངལ་དུ་རིང་དུ་གནས་དགོས་པར་གསུངས་པའང་བྱང་སེམས་འཕགས་པ་ལ་བྱ་དགོས་ལ། དེའི་ཚེ་ལོ་ལྔ་བརྒྱར་སངས་

TN03_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༦)རྒྱས་བསྙེན་བཀུར་བྱ་བ་ལས་ཉམས་པའི་བྱང་འཕགས་ཀྱང་ཡོད་པར་ཁས་བླང་དགོས་ཏེ་ཡ་མཚན་ནོ། །བཤད་མ་ཐག་པའི་བྱང་སེམས་རྣམས་སྔོན་རྒྱུ་བསྒྲུབས་པ་ན་ཐེ་ཚོམ་ཟ་བའི་སྒོ་ཡང་གཙོ་བོར་ཞིང་འདི་འགངས་ཤིན་ཏུ་ཆེ་བ་དང་། སྐྱེ་སླ་བ་གཉིས་ཚོགས་པ་འདི་ཡིན་པར་སྣང་ངོ་། །ལུང་ལ་བརྟེན་པའི་གནོད་བྱེད་གཞན་ཡང་ཡོད་དེ་རེ་ཞིག་དེ་ཙམ་མོ། །སངས་རྒྱས་ཀྱི་ཞིང་གང་ལ་འདུན་པ་དྲག་པ་དེར་སྐྱེ་བ་མྱུར་ལ། ཞིང་འདིའི་གདུལ་བྱ་རྣམས་ནི་བདེ་བ་ཅན་གྱི་ཞིང་ལ་མོས་པ་ཤས་ཆེ་བར་མཐོང་བའི་ཕྱིར་དང་། ཡེ་ཤེས་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ་ལས། གང་ཞིག་ཡེ་ཤེས་ཕྱག་རྒྱའི་ཏིང་འཛིན་འདི་ནི་ཡི་གེར་བྲིས། །འཆང་ཞིང་སྟོན་ལ་ཀློག་ཅིང་གང་ཞིག་གཞན་ལ་རབ་འཆད་ན། །དེ་ཡི་བསོད་ནམས་ཕུང་པོ་དཔག་ཏུ་མེད་ཅིང་བསམ་མི་ལང་། །རྒྱལ་བའི་སྲས་པོ་བདེ་བ་ཅན་གྱི་འཇིག་རྟེན་ཁམས་སུ་འགྲོ། །ཞེས་དང་། ཕྱིར་མི་ལྡོག་པའི་འཁོར་ལོའི་མདོའི་ཕན་ཡོན་གྱི་སྐབས་སུ་ཡང་། གང་ཞིག་བྱང་ཆུབ་སེམས་དཔའི་གནས། །བདེ་བ་ཅན་དུ་མཆི་འཚལ་བ། །ཞེས་པ་ནས། རྫོགས་པའི་སངས་རྒྱས་འོད་དཔག་མེད། །བསམ་གྱིས་མི་ཁྱབ་དེ་མཐོང་གྱུར། །ཞེས་གསུངས་ཤིང་། འཕགས་པ་ཏིང་འཛིན་རྒྱལ་པོ་དང་། ཟ་མ་ཏོག་བཀོད་པ་དང་། སྨན་མདོ་བརྒྱད་བརྒྱ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས་སེམས་ཅན་ལ་གཟིགས་ཤིང་ཀུན་ཏུ་སྟོན་པ་དང་།

TN03_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༧)གཙུག་ཏོར་གདུགས་དཀར་དང་། རྣམ་རྒྱལ་མའི་རྟོག་པ་དང་། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གཟུངས་མདོ་སོགས་མདོ་སྡེ་དང་རྟོག་པ་མང་པོར་བདེ་བ་ཅན་དུ་སྐྱེ་བའི་ཕན་ཡོན་གསུངས་པ་དང་། ལྷག་བསམ་བསྐུལ་བར་སེམས་བསྐྱེད་པ་རྣམ་པ་བཅུས་ཞིང་དེར་སྐྱེ་བ་སྒྲུབ་ཚུལ་དང་། ཡོངས་སུ་བསྔོ་བའི་རྒྱལ་པོའི་མདོར། བདག་ནི་འགུམ་པའི་དུས་བགྱིད་ཚེ། །ཕྱིན་ཅི་མ་ལོག་ཡིད་ཀྱིས་སུ། །སངས་རྒྱས་ཚེ་དཔག་མེད་མཐོང་ནས། །འདི་ནས་བདེ་བ་ཅན་དུ་མཆི། །ཞེས་དང་། སྡོང་པོ་བཀོད་པ་ལས། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །ཞེས་སོགས་ཞིང་དེར་སྐྱེ་བ་འཛིན་པ་ལ་སྨོན་ལམ་འདེབས་ཚུལ་མང་དུ་བཀའ་སྩལ་པ་དང་། དེ་དག་དང་མཐུན་པར་རྒྱུད་བླ་མར་ཡང་། དེས་ནི་འགྲོ་འདི་མཐའ་ཡས་འོད་མངའ་དྲང་སྲོང་ཚེ་དཔག་མེད་མཐོང་ཞིང་། །ཞེས་དང་། བཤགས་བསྟོད་ལས། འགྲོ་ཀུན་བདེ་བ་ཅན་དུ་ཕྱིན་པར་ཤོག །ཅེས་སོགས་བསྟན་བཅོས་ལས་ཀྱང་དུ་མ་ཞིག་གསུངས་ཏེ། རྒྱལ་དང་དེ་སྲས་ཀྱིས་ཆོས་བསྟན་པའི་བྱེ་བྲག་ནི་གདུལ་བྱའི་དབང་ལ་བརྟེན་ནས་འཇུག་པས། དེའི་དུས་དང་མ་འོངས་པའི་འཇིག་རྟེན་གྱི་ཁམས་འདིའི་སྐྱེ་བོ་རྣམས་ཞིང་དེར་སྐྱེ་བ་སྒྲུབ་སླ་བ་ལ་དགོངས་ནས་དེ་ལྟར་རྗེས་འཇུག་ལ་བསླབ་པར་གདོན་མི་ཟ་བའི་ཕྱིར་སྨོན་ལམ་བཏབ་ན་ལྷག་པར་འགྲུབ་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་འོད་མདོ་ལས་བདེ་བ་

TN03_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༨)ཅན་ན་བཞུགས་པའི་བྱང་སེམས་འཁོར་གྱི་ཡོན་ཏན་འཆད་པ་ན། འཕགས་པ་འབའ་ཞིག་གི་དབང་དུ་བྱས་པ་མང་དུ་གསུངས་པ་དང་འགལ་ཞིང་། གཞུང་གཞན་དུ། འཕགས་དང་མཚམས་མེད་བྱེད་པ་དག །ཡང་དག་ལོག་པ་ཉིད་དུ་ངེས། །ཞེས་ཡང་དག་པར་ངེས་པ་འཕགས་པ་ལ་བཤད་ཅིང་། མདོ་འདིར་བདེ་བ་ཅན་དུ་སྐྱེས་པ་རྣམས་ཡང་དག་པ་ཉིད་ལ་ངེས་པ་ཁོ་ནར་གསུངས་པ་ཡང་ཇི་ལྟར་བསྒྲིགས་ཤེ་ན། སྔ་མ་དེ་ལྟར་བྱུང་ནའང་སྐྱོན་མེད་དེ། མདོ་ལས་རྒྱུན་གཅིག་ལ་གསུངས་པའི་ཡོན་ཏན་རྣམས་ཀྱང་གཞི་ཐ་དད་ཀྱི་སྟེང་ནས་བཤད་ཆོག་པ་དུ་མ་ཡོད་པའི་ཕྱིར་ཏེ། འཕགས་པ་ཐོགས་མེད་ཀྱིས། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ། རིག་པར་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ་ཞེས་པའི་མདོའི་ཚིག་ཕྱི་མ་གསུམ་ཉན་ཐོས་སློབ་པ་འབྲས་གནས་དང་། ཞུགས་ལམ་པ་དང་། མི་སློབ་ལམ་པ་སོ་སོར་གོ་རིམ་བཞིན་སྦྱར་ནས་བཤད་པ་བཞིན་ནོ། །ཕྱི་མ་ནི་དེར་སྐྱེས་ནས་ལས་ཉོན་གྱིས་སྐྱེ་བ་གཉིས་པ་བརྒྱུད་མི་དགོས་པར་མྱ་ངན་ལས་འདས་པའི་ཕྱོགས་སུ་སྐལ་བ་ངེས་པ་ཙམ་ལ་དེ་ལྟར་བཏགས་སམ་སྙམ་སྟེ། ཐེག་པ་ཆེན་པོའི་གཞུང་སྤྱི་སྐད་ལ་བྱང་སེམས་སྐྱེ་བ་གཅིག་ཐོགས་ཞེས་པ་ས་བཅུ་པ་བ་ཁོ་ན་ཡིན་ལ། མདོ་འདིར་བདེ་བ་ཅན་གྱི་བྱང་སེམས་ཐམས་ཅད་སྨོན་ལམ་གྱི་དབང་མ་གཏོགས་པར་བླ་མེད་བྱང་ཆུབ་ལ་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་ཏུ་གསུངས་ཀྱང་། དེར་སྐྱེས་པའི་བྱང་སེམས་ལ་ས་བཅུ་པ་བས་ཁྱབ་པ་སུ་ཡང་མི་འདོད་པ་བཞིན་

TN03_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༩)ནོ། །འོན་ཀྱང་ཐུབ་པའི་དབང་པོའི་དགོངས་པ་བདག་འདྲ་བ་རྣམས་ཀྱིས་ཤེས་པར་དཀའ་བས་ད་དུང་མཁས་པ་དག་གིས་དཔྱད་པར་མཛོད་ཅིག །གསུམ་པ་ལ། རྒྱུ་སྒྲུབ་ཚུལ་སྤྱིར་བསྟན་པ་དང་། རྩ་བ་དད་པ་སྦྱང་ཚུལ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། སྟོན་པ་འོད་དཔག་མེད་ཀྱི་ཚོགས་གཉིས་ཀྱི་འབྲས་བུའི་ཞིང་དང་། ཆོས་ཀྱི་ལོངས་སྤྱོད་ལ་དངོས་སུ་སྤྱོད་པ་ལ་ནི་རྟེན་གྱི་ངོས་ནས་ཀྱང་ཚོགས་དེའི་ཆ་གཅིག་ངེས་པར་སྒྲུབ་དགོས་ཏེ། གཞན་དུ་ན་དེ་བཞིན་གཤེགས་པའི་ཐུགས་རྗེ་དང་མཐུ་ལ་ཕྱོགས་ལྷུང་མེད་པས་དག་པའི་ཞིང་གྲུབ་པ་ཙམ་ནས་སེམས་ཅན་ཐམས་ཅད་དེར་ཕྱིན་པར་ཐལ་བའི་ཕྱིར་རོ། །སྔར་དྲངས་པའི་མདོ་ལས། དེ་བཞིན་གཤེགས་པས་འགྲོ་བ་སྤྱི་མཐུན་གྱི་སྡུག་བསྔལ་སེལ་བའི་མཛད་པ་མ་དག་པའི་ཞིང་དུ་མི་སྟོན་པར་གསུངས་པའང་། སེམས་ཅན་དགེ་རྩ་ཆུང་ཞིང་ལས་སྒྲིབ་ཤས་ཆེ་བ་རྣམས་ཀྱི་ནང་དུ་མཛད་པ་དེ་བསྒྲུབས་མ་བྱུང་བའི་རྒྱུ་མཚན་ཉིད་ཀྱིས་ཡིན་ནོ། །དེ་ལ་རྒྱུའི་ཁྱད་པར་ཅི་ཙམ་ཞིག་བསྒྲུབ་ན་དོན་དེ་འགྲུབ་པ་ནི་ཚུ་རོལ་མཐོང་བའི་མངོན་སུམ་དང་། དངོས་སྟོབས་ཀྱི་ཚད་མས་རྟོགས་མི་ནུས་པས་དྲང་སྲོང་ཆེན་པོའི་ལུང་ཁོ་ན་ལ་བརྟེན་ནས་ཤེས་དགོས་སོ། །དེ་ཡང་འོད་མདོ་ལས། ཀུན་དགའ་བོ་སེམས་ཅན་གང་དག་ཁ་ཅིག་ནི་དེ་བཞིན་གཤེགས་པ་དེ་རྣམ་པས་ཡང་དང་ཡང་དུ་ཡིད་ལ་བྱེད་པ་དང་། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་བསྐྱེད་པ་དང་། བྱང་ཆུབ་ཏུ་སེམས་ཡོངས་སུ་བསྔོས་ཏེ། འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་སྨོན་ལམ་

TN03_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༠)འདེབས་པ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེ་དགེ་སློང་གི་ཚོགས་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ནས་བཞུགས་པར་འགྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་འོད་དཔག་མེད་དེ་མཐོང་ནས་རབ་ཏུ་དང་བའི་སེམས་ཀྱི་ཤི་འཕོས་ཏེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་དང་། ཀུན་དགའ་བོ་གང་དག་ཡང་དེ་བཞིན་གཤེགས་པ་དེ་ཡང་ཡིད་ལ་བྱེད་ཅིང་དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་རྒྱུན་དུ་བསྐྱེད་ལ། སངས་རྒྱས་ཀྱི་ཞིང་དེར་སེམས་ཡང་དག་པར་གཏོད་པ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་དེའི་ཁ་དོག་དང་། དབྱིབས་དང་ཆུ་ཞེང་དང་། ཞབས་འབྲིང་བ་དགེ་སློང་གི་དགེ་འདུན་ཅི་འདྲ་བ་དེ་འདྲ་བའི་སངས་རྒྱས་ཀྱི་སྤྲུལ་པ་དག་མདུན་དུ་གནས་པར་འགྱུར་ཏེ། དེ་དག་དེ་བཞིན་གཤེགས་པ་མཐོང་བས་རབ་ཏུ་དང་བ་ལ་དམིགས་པའི་ཏིང་ངེ་འཛིན་དེ་དང་། བརྗེད་པ་མེད་པའི་དྲན་པས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་ལུང་སྔ་མས་རྒྱུ་བཞི་དང་། ཕྱི་མས་གསུམ་གསུངས་སོ། །བཞིར་གསུངས་པའི་སྐབས་སུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དགོས་པར་གསུངས་པ་ནི། དེའི་འཁོར་གྱི་གཙོ་བོར་སྐྱེ་བའི་དབང་དུ་མཛད་པ་སྟེ། ཞིང་དེར་སྐྱེ་བ་བཟུང་བའི་དགོས་པ་སྔར་བཤད་པ་རྣམས་ཚང་བར་འཐོབ་པ་ལ་སེམས་བསྐྱེད་དགོས་ཞེས་པ་ཡིན་གྱི། དེར་སྐྱེ་བ་ཙམ་ལ་ནི་

TN03_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༡)མ་ཡིན་ཏེ། དེ་ན་ཉན་ཐོས་ཀྱི་འཁོར་ཡང་མཐའ་ཡས་པ་ཡོད་པར་གསུངས་པའི་ཕྱིར་རོ། །འོན་ཀྱང་དེར་སྐྱེ་བ་ཙམ་འཐོབ་པ་ལའང་སེམས་བསྐྱེད་ཡོད་མེད་གཉིས་ལ་ཚེགས་ཆེ་ཆུང་གིས་འཐོབ་པའི་ཁྱད་པར་ནི་ཡོད་པར་མངོན་ནོ། །ཞིང་དེར་བྱེ་བྲག་ཏུ་སྐྱེ་བའི་རྒྱུ་སྟོན་ཐོག་གི་ས་བོན་ལྟ་བུ་ནི་དེར་སྐྱེ་བར་སྨོན་ལམ་འདེབས་པ་ཡིན་ལ། སྨོན་ལམ་དེ་རྒྱུན་རིང་ལ་ཤུགས་དྲག་པ་ཡོད་ན་ཞིང་དེར་སྐྱེ་བའང་དེའི་ཚོད་ཙམ་སླ་ཞིང་། དེ་ལས་བཟློག་ན་དཀའ་བ་ཡིན་ནོ། །སྨོན་ལམ་གྱི་ངོ་བོ་ནི་འདུན་པ་ཡིན་ཅིང་། དེའི་རྩ་བ་དད་པས་བྱེད་པར་གསུངས་པས། སྨོན་ལམ་དེ་ལྟར་འོང་བ་ནི། རྒྱལ་བའི་དབང་པོ་འོད་དཔག་མེད་རྣམ་པས་ཡང་དང་ཡང་དུ་ཡིད་ལ་བྱེད་པའི་དད་པ་སྦྱངས་པ་ལ་ལྟོས་ཏེ། དེ་ནི་རྒྱུ་དང་པོ་ཡིན་ནོ། །འདིར་སྐྱོབ་པ་འོད་དཔག་མེད་ནི་ཡིད་ལ་བྱ་རྒྱུ་དང་། དེ་ཡིད་ལ་བྱེད་པའི་ཚུལ་ནི་རྣམ་པས་ཞེས་པ་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱི་རྣམ་པ་དང་། ཆོས་སྟོན་པ་དང་། སྤྱོད་ལམ་གྱི་རྣམ་པ་དང་། ཉན་ཐོས་དང་བྱང་སེམས་ཀྱི་འཁོར་གྱི་རྣམ་པ་དང་། སངས་རྒྱས་ཀྱི་ཞིང་གི་རྣམ་པ་དང་། སྔོན་གྱི་རྒྱུའི་རྣམ་པ་སོགས་རྣམ་པ་དུ་མའི་སྒོ་ནས་སེམས་པར་མདོ་གཞན་དང་གཞན་ལས་གསུངས་པ་བཞིན་ཏེ། འདི་ནི་དད་པ་སྒོ་དུ་མ་ནས་རྒྱས་པའི་ཆེད་དོ། །དེའང་ལན་རེ་ཟུང་ཙམ་མ་ཡིན་པར་སྒོམ་དགོས་པ་ནི་ཡང་དང་ཡང་དུ་ཞེས་པས་བསྟན་ཏེ། འདིས་ནི་དད་པ་རྒྱུན་རིང་ལ་བརྟན་པ་སྒྲུབ་པར་བྱེད་དོ། །བཤད་མ་ཐག་པའི་རྣམ་པ་དེ་དག་ལ་མཁས་ན་དེ་དག་གི་སྒོ་ནས་སངས་རྒྱས་ཡིད་

TN03_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༢)ལ་བྱེད་ཚུལ་མེད་པས། ཞིང་བཀོད་ཀྱི་མདོ་སྡེ་རིན་པོ་ཆེ་འབད་པ་དུ་མས་ཉན་དགོས་པར་གསུངས་ཏེ། སྟོབས་བཅུ་མངའ་བས་དད་པ་སྦྱང་ཐབས་ཀྱི་མན་ངག་གཏིང་ཐུག་པར་བྱིན་པ་ཡིན་པར་ཟུངས་ཤིག །སྨོན་ལམ་ཁྱད་པར་ཅན་ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པ་ལ། དེའི་རྟེན་དུ་གོང་གི་རྒྱུ་གཉིས་པ་དགེ་བའི་རྩ་བ་མང་པོ་བསགས་པ་དགོས་ཏེ། མདོ་དེ་ཉིད་ལས། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་བྱ་བའི་ཕྱིར་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་བྱའོ། །ཞེས་དང་། སྙིང་རྗེ་པད་དཀར་ལས་ཀྱང་། བདག་གི་མིང་ཐོས་པར་གྱུར་པ་དེ་དག་ཐམས་ཅད་དགེ་བའི་རྩ་བ་སངས་རྒྱས་ཀྱི་ཞིང་དུ་ཡོངས་སུ་བསྔོ་བ་བགྱིས་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །ཅེས་སྨོན་ལམ་འདེབས་ལུགས་ཀྱང་དགེ་རྩ་ཡོངས་སྒྱུར་གྱི་བསྔོ་བའི་རྣམ་པ་ཅན་དུ་བྱེད་པར་གསུངས་སོ། །དགེ་རྩ་གསོག་ལུགས་ནི། སྔར་དྲངས་པའི་མདོ་ལུང་ཕྱི་མར། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་རྒྱུན་དུ་བསྐྱེད་ལ། ཞེས་སྒོ་མང་པོ་ནས་གསོག་པ་དང་། ཞིང་དང་བསམ་པ་སོགས་ཀྱི་དབང་གིས་སྐད་ཅིག་རེར་ཡང་དཔག་ཏུ་མེད་པ་གསོག་པ་དང་། དེ་ལའང་གོམས་པ་རྒྱུན་ཆགས་སུ་བྱེད་པར་གསུངས་སོ། །སྒོ་མང་པོ་ནས་གསོག་ཚུལ་ཡང་། དེ་ཉིད་ལས། ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱའོ། །ཐོས་ནས་ཀྱང་གཡོར་མ་ལྟུང་བའི་རྒྱུད་ཀྱིས་བསམ་པ་ཐག་པ་ནས་རྗེས་སུ་དགའ་བར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། བཅང་བར་བྱ་བ་དང་། ཡི་

TN03_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༣)གེར་བྲི་བ་དང་། བསྒོམ་པའི་ཕྱིར་བརྩོན་འགྲུས་རླབས་པོ་ཆེ་ཆེན་པོ་བརྩམ་པར་བྱའོ། །ཐ་ན་བ་གཅིག་འཇོ་བ་དེ་སྲིད་དུ་གཞན་དག་ལ་བརྗོད་པར་བྱའོ། །ཞེས་གསུངས་ཤིང་། དེའི་འཕྲོ་ཞིག་ན། ཐ་ན་ཡི་གེར་བྲིས་ཏེ་མཆོད་པ་བྱེད་པ་དེ་དག་ཀྱང་བསོད་ནམས་མང་དུ་སྐྱེད་པར་འགྱུར་ཏེ། ཞེས་མཆོད་པ་བྱེད་པ་ཡང་གསུངས་སོ། །དམ་པ་སྔ་མ་དག་སྨོན་ལམ་འགྲུབ་པའི་རྒྱུར་དགེ་རྩ་སྐྱེད་པའི་སྒོ་རྣམས་ཕྱག་འཚལ་བ་ལ་སོགས་པའི་ཡན་ལག་བདུན་དུ་བསྡུ་བར་བཞེད་དེ། སྡོང་པོ་བཀོད་པ་སོགས་ཀྱི་མདོའི་རྗེས་སུ་འབྲངས་པའོ། །འོད་མདོར་རྒྱུ་གཉིས་པ་སྟོན་པའི་སྐབས་སུ། ཇི་སྐད་སྨོས་པའི་ཁྱད་པར་དེ་འདྲ་བ་ཡང་དང་ཡང་དུ་སྦྱར་བས། ལུས་འདི་བོར་ནས་སྐྱེ་སྲིད་གཞན་བར་དུ་མི་བརྒྱུད་པར་ཞིང་དེར་འགྲོ་བ་ལ་དགེ་རྩ་ཤིན་ཏུ་ཤས་ཆེ་བ་དགོས་པར་གསལ་ལ། དེའང་ཚུལ་ཁྲིམས་དང་ལྡན་པ་ལ་འོང་གིས། རྒྱུད་ཉེས་པར་སྤྱོད་པས་ཟིལ་གྱིས་མནན་པ་ལ་ཆེས་ཆེར་དཀའ་བའི་ཕྱིར། མི་དགེ་བཅུ་སྤོང་ལ་མ་མཐའ་བྱས་པའི་ཚུལ་ཁྲིམས་ལ་མང་དུ་གནས་པ་དང་། སྡིག་ལྟུང་བྱུང་ཡང་བཤགས་བསྡམ་འབད་ནས་བྱེད་པ་ཅིག་གལ་ཤིན་ཏུ་ཆེ་བར་སྣང་སྟེ། བསྡུས་དོན་དང་པོའི་ཐད་དུ་དྲང་བའི་འཇམ་དཔལ་ཞིང་བཀོད་ཀྱི་ལུང་གིས་ཀྱང་ཚུལ་ཁྲིམས་དང་སྨོན་ལམ་གཉིས་ཞིང་དག་པར་སྐྱེ་བའི་རྒྱུའི་གཙོ་བོར་བསྟན་ཏོ། །ལྷག་པར་ཡང་དམ་པའི་ཆོས་སྤངས་པ་དང་། མཚམས་མེད་བྱེད་པ་གཉིས་ཀྱིས་བདེ་སྨོན་མི་འགྲུབ་པར་གོང་དུ་བརྗོད་ཟིན་ཅིང་། ལྷག་བསམ་

TN03_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༤)བསྐུལ་བ་ལས་ཀྱང་། སྔོན་དགེ་སློང་ཆོས་སྨྲ་བ་གཉིས་ལ་སྐུར་པ་བཏབ་པའི་བྱང་སེམས་དྲུག་ཅུ་ལས་དེ་ལྷག་མ་མེད་པར་མ་ཟད་ཀྱི་བར་ལ་བདེ་བ་ཅན་དུ་འགྲོ་མི་ནུས་པར་གསུངས་ཏེ། དེའི་ནང་ནས་ཀྱང་། རྒྱལ་བའི་བསྟན་པ་ལ་ཆགས་སྡང་རིས་ཐ་དད་དུ་ཕྱེ་ནས་རྟག་ཏུ་གཞན་གྱི་ལེགས་བཤད་ལ་ཀླན་ཀ་ཚོལ་བའི་བསམ་པ་ཅན་གྱི་མཁས་རློམས་དང་། དྲི་མ་མེད་པའི་གསུང་རབ་དང་དགོངས་འགྲེལ་རིན་པོ་ཆེ་རྣམས་ལ་ཐན་མཐོང་བ་ལྟར་བྱེད་པའི་བླུན་པོ་དང་། རྙེད་བཀུར་གྱིས་དབྱེན་སྤྱོས་ནས་དམ་པ་རྣམས་ཀྱི་ཕུན་ཚོགས་ལ་ཞེ་སྡང་བ་དང་། གཞན་ཡང་དེ་དག་དང་ཕྱོགས་མཐུན་པ་བདག་ཅག་ལྟ་བུ་རྣམས་ལ་ཆོས་དང་ཆོས་སྨྲ་བ་ལ་བརྟེན་པའི་ལས་སྒྲིབ་འདི་དག་འབྱུང་ཤིན་ཏུ་ཉེ་བས། འཕགས་པ་ལྷག་བསམ་བསྐུལ་བ་དང་། རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་སོགས་ཞིབ་ཏུ་བལྟས་ལ། ཉེས་སྤྱོད་ཆེན་པོའི་སྒོ་དེ་དག་གི་རྣམ་དབྱེ་ཤེས་པར་བྱས་ཏེ་མཐུ་ཅི་ཡོད་ཀྱིས་དགག་དགོས་སོ། །རྒྱུ་བཞི་པོ་འདི་དག་ཚུལ་བཞིན་བསྒྲུབས་པའི་སྐྱེས་བུས་ནི་ཚེ་འདིར་ཡང་ཐུབ་པ་འོད་དཔག་མེད་རྨི་ལམ་དུ་མཐོང་ཞིང་། ནམ་ཞིག་འཆི་བ་ལ་མངོན་དུ་ཕྱོགས་པའི་ཚེ་བཅོམ་ལྡན་འདས་དེ་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་ཚོགས་ཀྱིས་བསྐོར་ནས་མདུན་དུ་བཞུགས་པ་མཐོང་སྟེ་དགའ་བ་དང་དད་པའི་ཤུགས་ཀྱིས་ཡིད་འདྲེན་པར་འགྱུར་ལ། དེའི་མཐུས་ལས་ཀྱི་སྒྲིབ་པ་རྣམས་བྱང་ནས་ཐོགས་པ་མེད་པར་བདེ་བ་ཅན་དུ་འགྲོ་བ་འོད་མདོ་དང་སྙིང་རྗེ་པདྨ་དཀར་པོར་ཅི་རིགས་སུ་གསུངས་

TN03_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༥)སོ། །ཞིང་དེའི་བྱང་སེམས་ཀྱི་འཁོར་དུ་སྐྱེས་ཀྱང་རེ་ཞིག་ལ་སྔར་བཤད་པའི་ཕན་ཡོན་རྣམས་ལས་ཉམས་པའི་རྒྱུ་ནི། རྒྱུ་བཞི་བསྒྲུབས་ཀྱང་བཅོམ་ལྡན་འདས་ཀྱིས་ཞིང་གི་ཡོན་ཏན་དང་དེར་རྒྱུ་ཅི་ཙམ་ཞིག་གིས་སྐྱེ་བའི་རྣམ་བཞག་བཀའ་སྩལ་པ་རྣམས་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། དེའི་ཉེས་པས་ཞིང་དེར་པདྨའི་མངལ་དུ་ལོ་ལྔ་བརྒྱར་སངས་རྒྱས་མཐོང་བ་དང་། དེ་ལས་ཆོས་ཉན་པ་དང་། བྱང་ཆུབ་སེམས་དཔའ་མཐོང་བ་དང་། དེ་དག་དང་ལྷན་ཅིག་འབེལ་བའི་ཆོས་ཀྱི་གཏམ་རྣམ་པར་ངེས་པ་བྱ་བ་དང་། དེའི་དོན་ནན་ཏན་གྱིས་བསྒྲུབ་པའི་སྒོ་ནས་རྟོགས་པ་ཁྱད་པར་དུ་འགྲོ་བ་རྣམས་བྱར་མེད་པར་གནས་དགོས་པའི་ཚུལ་རྒྱ་ཆེར་འོད་མདོ་ལས་གསུངས་སོ། །དེ་དག་སངས་རྒྱས་མཐོང་བ་ལས་ཉམས་ཀྱང་ཆོས་ཐོས་པ་ལས་མི་ཉམས་ཟེར་བ་ནི་མདོ་དང་འགལ་ལོ། །ཐེ་ཚོམ་འདི་འགོག་པ་ལ་དཔལ་ཆོས་ཀྱི་གྲགས་པས། མཐོང་དང་མ་མཐོང་དངོས་པོ་ཡི། །དོན་དེ་དག་ལ་མངོན་སུམ་དང་། །རྗེས་དཔག་རྣམ་པ་གཉིས་ཀྱིས་ཀྱང་། །གནོད་མེད་འདི་ཡི་མི་བསླུ་བའོ། །ཞེས་སོགས་གསུངས་པ་ལྟར། དེ་བཞིན་གཤེགས་པས་མཐོང་བ་མངོན་གྱུར་བསྟན་པའི་གསུང་རབ་ལ་མངོན་སུམ་དང་། མཐོང་བ་ལྐོག་གྱུར་བསྟན་པའི་གསུང་རབ་ལ་དངོས་སྟོབས་ཀྱི་བསལ་བ་མི་འཇུག་པའི་ཚུལ་དང་། དེ་ནས་མ་མཐོང་བ་ཤིན་ཏུ་ཀློག་གྱུར་སྟོན་པའི་གསུང་རབ་འདི་འདྲ་བ་རྣམས་ལ་རང་ཚིག་སྔ་ཕྱི་དང་། དངོས་ཤུགས་འགལ་བའི་གནོད་པ་མེད་ཚུལ་ཤེས་པར་

TN03_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༦)བྱས་ཏེ། གསུང་རབ་སྔ་མ་གཉིས་མཐུན་དཔེར་བླངས་ནས་དཔྱད་གསུམ་དག་པའི་ལུང་གི་རྟགས་ཀྱིས་མི་བསླུ་བར་ཡིད་ཆེས་སྐྱེད་པ་དགོས་ཏེ། འདི་ནི་འོད་མདོ་ཉིད་ལས། དེ་བས་མཁས་པ་རིག་པའི་རང་བཞིན་མི། །གང་ཞིག་ང་ཡི་ཚིག་ལ་ཡིད་ཆེས་ཏེ། །རྒྱལ་བའི་ཡེ་ཤེས་ཕུང་པོ་དབང་བྱས་ནས། །སངས་རྒྱས་ཉིད་ཀྱིས་མཁྱེན་ཅེས་ཚིག་ཏུ་བརྗོད། །ཅེས་པའི་དགོངས་པར་ཡང་སྣང་མོད། འདིར་དེ་ཙམ་ལས་མ་བཤད་དོ། །དེ་ལྟར་ཚོགས་གཉིས་ཀྱི་སྤྱོད་པ་རླབས་པོ་ཆེ་བདེ་བླག་ཏུ་རྫོགས་པར་བྱེད་པའི་ཐབས་ལ་མཁས་པ་རྨད་དུ་བྱུང་བ་ལས་ཀྱང་ཆེས་རྨད་དུ་བྱུང་བ་འདི་ལྟ་བུ་རྙེད་ནས་སྒྲུབ་ཏུ་ཡོད་པ་ནི། ད་རེས་འདྲ་བའི་བརྒྱ་ལམ་བརྒྱ་ལམ་ན་ཐུགས་རྗེ་ཅན་གྱི་སྟོན་པ་དང་། སྟོན་པའི་ལུགས་འཛིན་དམ་པ་རྣམས་ཀྱི་དྲིན་ལས་དཀའ་དཀའ་ལྟར་རྙེད་པར་ཟད་ཀྱི། ཡང་དང་ཡང་དུ་རྙེད་པ་མ་ཡིན་པའི་ཚུལ་ལེགས་པར་བསམ་ནས་མདོ་སྡེ་རིན་པོ་ཆེ་གདམས་པའི་མཐིལ་དུ་བཟུང་སྟེ་དོན་ཉམས་སུ་ལེན་པའི་བརྩོན་འགྲུས་དྲག་པོས་རྒྱལ་བ་སྲས་བཅས་ལ་བྱས་པ་གཟོ་བར་བྱ་སྟེ། མདོ་དེ་ཉིད་ལས། མི་ཕམ་པ་སངས་རྒྱས་འབྱུང་བ་རྙེད་པར་དཀའོ། །ཆོས་བསྟན་པ་རྙེད་པར་དཀའོ། །དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའོ། །མི་ཕམ་པ། ངས་ཁྱོད་ལ་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྙད་ཀྱིས། ད་ཁྱོད་ཀྱིས་མངོན་པར་སྦྱོར་ལ་སྒྲུབ་ཤིག །ཅེས་བཀའ་སྩལ་པ་བཞིན་ནོ། །གཉིས་པ་ནི། བདེ་བ་ཅན་དུ་སྐྱེ་བའི་སྨོན་

TN03_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༧)ལམ་དང་། དེའི་གྲོགས་དགེ་རྩ་དུ་མ་ལ་འཇུག་པའི་བརྩོན་འགྲུས་གཉིས་ཀའི་རྩ་བ་ནི་བསམ་གྱིས་མི་ཁྱབ་པའི་ཞིང་གི་འབྱོར་པ་ལ་དད་པ་བརྟན་པ་ཡིན་པས་གཙོ་བོར་དེ་བསྒོམ་པའི་ཕྱིར་དུ་འབད་དགོས་ཏེ། དེ་ཉིད་ལས། དོན་མཆོག་ཐོབ་ཕྱིར་དད་པ་རྩ་བ་སྟེ། །དེ་ལྟ་བས་ན་ཐོས་ནས་ཡིད་གཉིས་སོལ། །ཞེས་གསུངས་སོ། །དེའང་རྒྱུ་འབྲས་གཉིས་ཀའི་སྒོ་ནས་བསམ་ན་བློ་འཁྲུལ་སྟོབས་ཆེ་བས་དེ་ལྟར་ཅུང་ཟད་བཤད་པ་ལ་གཉིས། ཞིང་དེ་དང་པོར་ཇི་ལྟར་བསྒྲུབས་པའི་ཚུལ་དང་། གྲུབ་པའི་ཞིང་གི་ཕུན་ཚོགས་ཉིད་བཤད་པའོ། །དང་པོ་ལའང་། བསམ་པ་སྨོན་ལམ་ཇི་ལྟར་བཏབ་པ། སྦྱོར་བ་ཚོགས་ཇི་ལྟར་བསགས་པ། དེ་དག་གི་ལག་རྗེས་ཇི་ལྟར་གྲུབ་པའི་ཚུལ་དང་གསུམ་ལས། དང་པོ་ནི། སྐྱོབ་པ་འོད་དཔག་མེད་སྔོན་དགེ་སློང་ཆོས་ཀྱི་འབྱུང་གནས་སུ་གྱུར་པ་ན་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཐུགས་རྒྱུད་བསྐུལ་བར་གྱུར་ཏེ་ཕུལ་དུ་བྱུང་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་གཟུང་བའི་ཆེད་དུ་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སྤྱན་སྔར་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་གི་ཡོན་ཏན་སྒྲུབ་བྱེད་ཀྱི་རྒྱུ་དང་བཅས་པ་ལོ་བྱེ་བ་ཐམ་པར་གསན་ཅིང་། དེའི་འོག་ཏུ་རང་ཉིད་ཀྱིས་བསྐལ་པ་ལྔའི་རིང་ལ་ཇི་སྐད་གསན་པའི་ཞིང་དེ་དག་ལས་ཆེས་ཁྱད་པར་དུ་འཕགས་པའི་རྒྱ་ཁྱོན་དང་། རང་བཞིན་དང་། འཁོར་དང་། ལོངས་

TN03_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༨)སྤྱོད་ཀྱི་བྱེ་བྲག་ཟད་མི་ཤེས་པ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ལ་རྩེ་གཅིག་ཏུ་སེམས་ཤིང་འདུག་ནས། གདོད་དེ་བཞིན་གཤེགས་པའི་སྤྱན་སྔར་དེ་འདྲ་བའི་ཞིང་བཟུང་བར་འོད་མདོ་ལས་གསུངས་ཏེ། རྒྱས་པར་ན་དང་པོར་དགེ་སློང་ཆོས་ཀྱི་འབྱུང་གནས་དེ་ཐེག་མཆོག་རིགས་ཀྱི་ནུས་པ་ཁྱད་པར་ཅན་སད་ཚུལ་དང་། དེ་ནས་དགེ་བའི་བཤེས་གཉེན་བསམ་སྦྱོར་ཇི་ལྟ་བུས་བསྟེན་པ་དང་། དགེ་བའི་བཤེས་གཉེན་ལས་འབད་པ་ཆེན་པོས་གདམ་ངག་ཇི་ལྟར་བླངས་པ་དང་། གདམ་ངག་དེ་ལ་བརྟེན་ནས་བསམ་པ་ཕུན་ཚོགས་ཇི་ལྟ་བུ་བརྙེས་པ་དང་། བསམ་པ་དེ་ཐོག་མར་བསྐྱེད་དུས་ནས་ངོ་མཚར་རྨད་དུ་བྱུང་བའི་ལྟས་རྒྱ་ཆེན་པོ་འཇིག་རྟེན་དུ་བྱུང་ཚུལ་རྣམ་དཔྱོད་ཅན་གྱི་འདུན་སར་གླེང་བར་འོས་པ་དུ་མ་ཞིག་ཞིང་བཀོད་ཀྱི་མདོ་ཉིད་ཀྱི་སྟེང་ནས་ཤོད་པར་སྣང་ཡང་མང་བས་འཇིགས་ནས་མ་སྤྲོས་སོ། །སྙིང་རྗེ་པདྨ་དཀར་པོ་ལས་ནི། བཅོམ་ལྡན་འདས་དེས་སངས་རྒྱས་ཀྱི་ཞིང་བཟུང་བའི་སྐུ་ཚེའི་ཐོག་མ་འཁོར་སྒྱུར་རྩི་བས་ཀྱི་མ་ཁྱུད་དུ་འཁྲུངས་པ་དེ་ཡིན་པར་གསུངས་ཏེ། དེས་ལོ་བདུན་དུ་གཡེང་བ་ཐམས་ཅད་སྤངས་ཏེ་ནང་དུ་ཡང་དག་འཇོག་ལ་གནས་པ་ན། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་བྱིན་རླབས་ཀྱིས་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྟོང་གི་རྡུལ་སྙེད་རྣམས་ཀྱི་ཡོན་ཏན་བཀོད་པའི་རྒྱན་དག་མཐོང་བར་གྱུར་ནས་དེ་དག་ལ་ལྟ་ཞིང་གང་དུ་རང་ཉིད་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་

TN03_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༩)ཡོན་ཏན་ཕུན་སུམ་ཚོགས་པར་འགྱུར་བའི་སྨོན་ལམ་གྱི་ཚུལ་ལ་མཁས་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་སྨོན་ལམ་རྒྱ་ཆེར་བཏབ་ཚུལ་རྣམས་བཤད་དོ། །གཉིས་པ་ནི། དེ་ལྟར་སྨོན་པ་ཙམ་གྱིས་ཆོག་ཤེས་པར་ཡང་མ་མཛད་དེ། ཇི་ལྟར་སྨོན་པའི་དོན་དེ་ཉིད་བསྒྲུབ་པར་བྱ་བའི་ཕྱིར། དུས་ཀྱི་ཁྱད་པར་བསྐལ་པ་མཐའ་ཡས་པར། སློབ་ཚུལ་གྱི་ཁྱད་པར་རྟག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་འབའ་ཞིག་གི་རྗེས་སུ་འབྲང་བའི་དྲན་པ་དང་ཤེས་བཞིན་དང་བག་ཡོད་རྣམས་ལ་གནས་ཏེ། བསླབ་བྱའི་རང་བཞིན་ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་ཕྱོགས་རེ་ཙམ་མ་ཡིན་པར་སྡོམ་པ་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་སྤྱོད་པ་ཕྱོགས་རེ་ཙམ་མ་ཡིན་པར་སྒྲུབ་པ་དང་། ཁྱད་པར་དུ་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཚད་བཟུང་དང་བྲལ་བས་མཐར་འཛིན་གྱི་འཆིང་བ་བཅད་དེ། སྦྱིན་པ་ལ་སོགས་པ་བྱང་སེམས་ཀྱི་སྤྱོད་པ་གཞན་རྣམས་ཀྱང་ཤེས་རབ་དེ་ཉིད་ཀྱི་རྒྱས་བཏབ་ནས་གོམས་པར་བྱེད་པ་དང་། དགེ་ཆོས་དེ་རྣམས་ཁྱད་པར་དུ་འགྲོ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བཤེས་གཉེན་བགྲང་བས་མཐའ་མི་རྟོགས་པ་དེ་ཉིད་སྒོ་ཐམས་ཅད་ནས་མཉེས་པར་བྱ་བ་དང་། རང་གང་ལ་གནས་པའི་ལམ་དེ་ཉིད་མཐའ་ཡས་པའི་སེམས་ཅན་གྱིས་དངོས་དང་བརྒྱུད་ནས་རྟོགས་པར་བྱ་བའི་ཕྱིར་ཐབས་ལ་མཁས་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་སྟོན་པ་དང་། དེ་དག་ཐམས་ཅད་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་བསྔོ་

TN03_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༠)ཞིང་ཡོངས་སུ་སྤེལ་བ་སྟེ། མདོར་ན་དགེ་བའི་རྩ་བ་མ་སྦྱངས་པ་རྣམས་ཀྱིས་ཐོས་ན་ཡིད་ཆེས་པ་ཙམ་ཡང་བྱ་དཀའ་བའི་སྤྱོད་པ་རྨད་དུ་བྱུང་བ་རྣམས་ལ་བསླབ་པར་མཛད་པ་ནི། འོད་མདོ་ལས། ཀུན་དགའ་བོ་དགེ་སློང་ཆོས་ཀྱི་འབྱུང་གནས་དེས་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོ་དེའི་སྤྱན་སྔར་ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་སྨོན་ལམ་གྱི་ཁྱད་པར་རྣམ་པ་དེ་ལྟ་བུ་དེ་དག་བསྟན་ནས། ཡང་དག་པའི་ལྟ་བ་བཞིན་དུ་སྒྲུབ་པ་ལ་གནས་པར་གྱུར་ཏེ། ཞེས་སོགས་རྒྱས་པར་གསུངས་སོ། །གསུམ་པ་ནི། །བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ཆེན་པོ་དེ་དག་གི་མཐུ་ལས་སྐུ་ཚེའི་ཕྲེང་བ་ཐམས་ཅད་དུ་ལུས་མཚན་དཔེས་བརྒྱན་ཅིང་། ཁའི་སྒོ་དང་བ་སྤུའི་སྒོ་ཐམས་ཅད་ལས་ལྷ་རྫས་ཀྱི་ཙན་དན་དང་མེ་ཏོག་ཨུཏྤ་ལའི་བསུང་འབྱུང་བ་དང་། ཅི་དང་ཅི་དགོས་པའི་ཡོ་བྱད་ཀྱི་ཁྱད་པར་ཐམས་ཅད་ལག་པ་གཉིས་ནས་རང་འབྱུང་བ་དང་། ཕྱོགས་གང་དུ་སྐྱེས་ཀྱང་དེ་དང་དེར་གཏེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་འཐོན་པ་དེ་ལྟ་བུའི་དཔལ་གྱིས་མཛེས་པར་གྱུར་ཏེ། དེ་ཡང་རིམ་གྱིས་གོང་ནས་གོང་དུ་འཕེལ་ཏེ། མཐར་སངས་རྒྱས་ཀྱི་ཞིང་གི་བཀོད་པའི་རྒྱན་ཇི་ལྟར་བཞེད་པ་ཐམས་ཅད་འགྲུབ་པའི་ནུས་པ་ཡོངས་སུ་རྫོགས་པའི་བར་དུ་གྱུར་པ་ཡང་། དེ་ཉིད་ལས། ཀུན་དགའ་བོ་དེ་ལྟར་དགེ་སློང་ཆོས་ཀྱི་འབྱུང་གནས་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ན་ཡོ་བྱད་ཐམས་ཅད་ལ་དབང་བའི་ཕ་རོལ་ཏུ་སོན་པར་གྱུར་ཏོ། །ཞེས་སོགས་གསུངས་སོ། །

TN03_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༡)དེའང་རྒྱུའི་དགེ་ཚོགས་བཟང་བ་དང་། མང་བ་དང་། ཉེས་སྤྱོད་དང་མ་འདྲེས་པ་དང་། སྣ་ཚོགས་པ་སོགས་ཀྱི་དབང་གིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཟང་བ་དང་། མང་ཞིང་ཕལ་ཆེ་བ་དང་། སྙིགས་མ་ཐམས་ཅད་ཀྱིས་མ་སྦགས་པ་དང་། རྒྱན་སྣ་ཚོགས་པ་སོགས་སོ་སོར་འབྱུང་བར་སྣང་ངོ། །རྒྱུའི་གསལ་བ་ཐ་དད་ལས་སངས་རྒྱས་ཀྱི་ཞིང་ལ་ལག་རྗེས་སོ་སོར་འབྱུང་བའི་ཚུལ་རྒྱས་པར་ནི་སའི་སྙིང་པོའི་འཁོར་ལོ་བཅུ་པ་དང་། འཇམ་དཔལ་ཞིང་བཀོད་ལས་ཤེས་པར་བྱའོ། །དེ་བཞིན་དུ་མཚན་དང་། དཔེ་བྱད་དང་། འོད་དང་། སྐུ་ཚེ་དང་། དབྱངས་དང་། ཡེ་ཤེས་དང་། མཛད་པ་དང་། ཐ་ན་མཚན་གྱི་ཡི་གེ་ཙམ་ཡང་གདུལ་བྱའི་རེ་བ་སྐོང་བ་ལ་ཡིད་བཞིན་གྱི་ནོར་བུ་ལྟ་བུར་རྒྱུ་བསམ་སྦྱོར་ཕུན་ཚོགས་དུས་ཡུན་རིང་ལ་རྣམ་པ་མཐའ་ཡས་པས་བསྒྲུབས་ཚུལ་རྣམས་ཞིབ་ཏུ་བསམ་པར་བྱ་སྟེ། འདི་དག་ལེགས་པར་ཤེས་ན་འོད་མདོ་ལས། གང་གིས་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །བཤིགས་ཤིང་བཏགས་ཏེ་རྡུལ་དུ་བྱས་གྱུར་པ། །དེ་བས་མང་བའི་འཇིག་རྟེན་ཁམས་རྣམས་ཀྱི། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པས་ནི། །གང་གིས་དཔག་ཏུ་མེད་པའི་འོད་མཚན་དང་། །བདེ་བ་ཅན་གྱི་ཡོན་ཏན་ཁྱད་འཕགས་རྣམས། །ཐོས་ནས་དགའ་སྟེ་ཐལ་མོ་སྦྱོར་བྱེད་པ། །བསོད་ནམས་འདི་ཡི་ཆར་ཡང་འགྱུར་མ་ཡིན། །གང་གིས་བདེ་བ་ཅན་གྱི་འཇིག་རྟེན་གྱི། །མིང་ཐོས་པ་ཡི་བསོད་ནམས་དེ་ལ་ནི། །ཞིང་མཆོག་

TN03_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༢)ཐ་གྲུ་ཆེན་པོ་དེ་དག་ཀུན། །ཆ་དང་དཔེར་ཡང་འགྱུར་བ་མ་ཡིན་ནོ། །ཞེས་སོགས་གོང་འོག་ཏུ་གསུངས་པ་དུ་མ་ཞིག་ལ་ངེས་པ་ཡམ་མེ་བ་མིན་པར་སྐྱེའོ། །གཉིས་པ་ལ། སྣོད་ཀྱི་ཡོན་ཏན་དང་། བཅུད་ཀྱི་ཡོན་ཏན་བཤད་པ་གཉིས། དང་པོ་ལའང་། ས་གཞི་དང་ནམ་མཁའི་གནས་བཤད་པ་དང་། དེ་དག་མཛེས་བྱེད་ཀྱི་རྒྱན་བཤད་པ་གཉིས་ལས། དང་པོ་ནི། ཞིང་དེ་ན་ལྷ་དང་མིའི་གནས་རིས་གཉིས་ལས་གནས་གཞན་མེད་ལ། ལྷ་གནས་ལ་རྒྱལ་ཆེན་རིས་བཞི་དང་། སུམ་ཅུ་རྩ་གསུམ་སོགས་ཀྱི་གནས་རིས་སོ་སོར་ཡོད་ཀྱང་། རི་རབ་ལ་བརྟེན་པའི་ལྷ་གནས་ནི་མེད་དེ། དེ་ན་རི་རབ་དང་རྒྱ་མཚོ་ཆེན་པོ་སོགས་མེད་པར་གསུངས་པའི་ཕྱིར་རོ། །དེས་ན་ཐམས་ཅད་ཀྱང་ནམ་མཁའ་ལ་བརྟེན་པ་ཤ་སྟག་སྟེ། འདི་ནི་ཀུན་དགའ་བོས་དྲི་བ་ཞུས་པའི་ལན་གྱི་སྐབས་སུ་རྒྱུ་མཚན་མཐུན་དཔེ་དང་བཅས་ཏེ་གསུངས་སོ། །རྒྱ་མཚོ་ཆེན་པོ་མེད་པས་གླིང་བཞིའི་རྣམ་གཞག་ལ་ཡང་དཔྱད་པར་བྱའོ། །དེ་ལ་ཞིང་དེ་ནི་ཐ་གྲུ་ཆེ་ཞིང་ཤིན་ཏུ་ཡངས་པ། ས་གཞི་སྡོང་དུ་མ་དང་། ཚེར་མ་དང་། གྱོ་གསེག་དང་། ངམ་གྲོག་དང་། གད་པ་དང་། རྡོ་བ་དང་། རི་ནག་པོ་མེད་ཀྱང་། འཇིག་རྟེན་ན་མི་སྤྱོད་པའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ངོས་ལག་མཐིལ་ལྟར་མཉམ་པ། གསེར་གྱི་དྲ་བས་ཁེབས་པ། ཤིན་ཏུ་གཞོན་ཞིང་འཇམ་ལ་སྙི་བས་རེག་ན་བདེ་བ། བཀྲ་ཞིང་ཤིན་ཏུ་མཛེས་པའི་འོད་ཟེར་གྱི་རི་མོ་ཅན། ལེགས་པར་ཕྱིས་པའི་མེ་ལོང་གི་ནང་ལྟར་དག་པས་

TN03_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༣)སངས་རྒྱས་ཀྱི་ཞིང་ཚད་མེད་པའི་རྒྱན་གྱི་གཟུགས་བརྙན་སྣང་བ་སྟེ། འོད་མདོའི་གོང་འོག་བསྒྲིགས་ཤིང་། མདོ་གཞན་ལའང་ཅུང་ཟད་བརྟེན་ནས་བཀོད་པའོ། །གཉིས་པ་ལ། ས་གཞི་ལ་འབྱུང་བའི་རྒྱན་དང་། ནམ་མཁའ་ལ་འབྱུང་བའི་རྒྱན་དང་། དེ་དག་གི་ཁྱད་པར་ཐུན་མོང་དུ་བསྟན་པའོ། །དང་པོ་ལ། རྟག་ཏུ་གནས་པ་དང་། འཕྲལ་དང་འཕྲལ་ལ་བྱུང་བ་གཉིས་ལས། དང་པོ་ལའང་། རིའི་རྒྱན་ནི་འོད་མདོར། རི་ཐམས་ཅད་ཀྱང་རིན་པོ་ཆེའི་རི་ཤ་སྟག་གོ །ཞེས་པ་ཙམ་ལས་མ་བྱུང་ཡང་། མདོ་གཞན་དུ། ལྷ་ཡུལ་གྱི་རི་རྣམས་རྩེ་མོ་སྣ་ཚོགས་པ། ངོས་ཡངས་ཤིང་མཐོ་དམན་མང་པོས་དགའ་བ། རིན་པོ་ཆེའི་སྙེ་ཕུང་འཁྲིགས་པའི་གསབ་གསེབ་དང་། རིན་པོ་ཆེའི་འབྱུང་ཁུངས་དུ་མ་ཅན། ནོར་བུའི་ཕུག་དང་། འཁྲི་ཤིང་གི་ཁྱིམ་གྱི་ཕྲེང་བས་མཛེས་པ་ཡིན་པར་གསུངས་པ་དང་འདྲའམ་སྙམ་མོ། །ཤིང་གི་རྒྱན་ནི། ཤིང་ལྗོན་པ་རེ་རེ་ནས་རིལ་གྱིས་རིན་པོ་ཆེ་སྣ་གཅིག་གི་རང་བཞིན་དང་། གཉིས་དང་། གསུམ་ནས། གསེར་དང་དངུལ་དང་བཻཌཱུརྱ་དང་། ཤེལ་དང་། སྤུག་དང་། མུ་ཏིག་དམར་པོ་དང་། རྡོའི་སྙིང་པོ་སྟེ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་བར་དུ་ཡོད་ལ། དེའི་ནང་ནས་རིན་པོ་ཆེ་སྣ་གཅིག་པ་ལ། གསེར་གྱི་ལྗོན་ཤིང་ནས་རྡོའི་སྙིང་པོའི་ལྗོན་ཤིང་གི་བར་བདུན་དང་། རིན་པོ་ཆེ་སྣ་བདུན་ལས་གྲུབ་ཚུལ་ལ། རྩ་བ། སྡོང་པོ། ཡལ་ག ལོ་མ། འདབ་མ། མེ་ཏོག འབྲས་བུ་རྣམས་སོ་

TN03_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༤)སོར་རིན་པོ་ཆེ་གཞན་དང་གཞན་ལས་གྲུབ་པ་དང་། དེ་བདུན་རེ་རེ་ཡང་རིན་པོ་ཆེ་སྣ་བདུན་ཀ་ལས་གྲུབ་པའི་ཚུལ་གཉིས་གསུངས་ཤིང་། དེའི་སྔ་མ་ལའང་དབྱེ་བ་བདུན་གསུངས་སོ། །ཤིང་ལྗོན་པ་དེ་དག་ཐམས་ཅད་ཀྱང་འཇམ་ཞིང་རེག་ན་བདེ་ལ་དྲི་ཞིམ་པ་སྟེ། དེ་དག་རླུང་གིས་བསྐྱོད་པ་ན་སྙན་ཅིང་ཡིད་དུ་འོང་ལ་མཉན་པས་ཆོག་མི་ཤེས་པའི་སྒྲ་དབྱངས་དག་འབྱུང་ངོ་། །ཤིང་སོ་སོའི་ཁ་དོག་སོ་སོ་དང་། ཤིང་རེ་རེ་ཡང་ཁ་དོག་མི་འདྲ་བ་དུ་མས་ཕྱེ་བ་དེ་དག་གིས་ས་གཞི་རྣམ་པར་བཀྲ་བ་ཡིན་ནོ། །ཆུའི་རྒྱན་ལ། འབབ་ཆུ་དང་། རྫིང་བུའི་རྒྱན་གཉིས་ལས། འབབ་ཆུ་ནི་ཁ་ཞེང་དཔག་ཚད་གཅིག་པ་ནས་དཔག་ཚད་བརྒྱ་སྟོང་པའི་བར་དུ་ཡོད་ལ། ཟབས་སུ་ནི་ཐམས་ཅད་ཀྱང་དཔག་ཚད་བཅུ་གཉིས་པར་མཚུངས་ཏེ། །དེ་དག་ཏུ་རོལ་རྩེད་ལ་འཇུག་པའི་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་ཆུ་ལོང་བུ་ནུབ་ཙམ་ནས། མིད་པ་ནུབ་ཙམ་གྱི་བར་གྱི་ཇི་ལྟར་འདོད་པ་བཞིན་དུ་འགྱུར་བ་ནི་མ་གཏོགས་སོ། །ཆུ་ཀླུང་དེ་དག་ནི་འབབ་སྟེགས་བདེ་བ། འདམ་རྫབ་མེད་པ། གསེར་གྱི་བྱེ་མ་བརྡལ་བ། དྲི་རབ་ཏུ་ཞིམ་པའི་ལྷ་རྫས་ཀྱི་སྤོས་ཀྱིས་བསྒོས་པ། ལྷའི་མེ་ཏོག་གི་ཚོགས་ཀྱིས་ཁེབས་པ། །ལྷའི་སིལ་སྙན་ཡན་ལག་བྱེ་བ་བརྒྱ་སྟོང་དང་ལྡན་པ་རོལ་མོ་མཁན་མཁས་པས་བླངས་པ་བས་ཀྱང་ལྷག་པའི་སྒྲ་སྙན་པ་སྒྲོགས་ཤིང་འབབ་པ། འདོད་པའི་རྗེས་སུ་འབྲང་བའི་རེག་བྱ་ཅན་འགྲམ་གཉིས་རིན་པོ་ཆེའི་སྤོས་ཀྱི་ཤིང་ལྗོན་པས་གང་བ་ཤ་སྟག་སྟེ། དེ་དག་གི་དྲི་དང་།

TN03_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༥)དབྱངས་དང་། མེ་ཏོག་གི་རྒྱན་རྣམས་ཀྱང་རྣམ་པ་སྣ་ཚོགས་པ་ཡིན་ནོ། །ཀླུང་དེ་དག་གི་སྒྲ་དབྱངས་རྣམས་ནི་ཟབ་པ་དང་། རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་ཇི་ལྟར་འདོད་པའི་དབྱངས་སུ་གྲགས་པར་འགྱུར་ལ། སྒྲ་དེ་ཐོས་པར་མི་འདོད་ན་ནི་དེའི་མོད་ལ་ཞི་བར་འགྱུར་རོ། །རྫིང་བུའི་རྒྱན་ནི། འོད་མདོར། འཕགས་པ་མི་ཕམ་པ་ལ་དྲི་བ་མཛད་པའི་སྐབས་སུ། རྫིང་བུ་ཉམས་དགའ་བ་དག་དང་། ཞེས་པ་ཙམ་ལས་མ་གསུངས་ཀྱང་། ཞིང་བཀོད་ཀྱི་མདོ་ཆུང་བ་ལས་གསུངས་ཏེ། གཞི་རིན་པོ་ཆེ་སྣ་བདུན་ལས་གྲུབ་ཅིང་། གསེར་གྱི་བྱེ་མ་བརྡལ་བ། ཆུ་ཡན་ལག་བརྒྱད་དང་ལྡན་པས་བྱ་རོག་གིས་བཏུང་དུ་རུང་བར་གང་བ། རིན་པོ་ཆེའི་པདྨས་ཁེབས་ཤིང་། ཕྱོགས་བཞིར་རིན་པོ་ཆེའི་ཐེམ་སྐས་བཀྲ་བ་དང་ལྡན་པ། ཕྱི་རོལ་རིན་པོ་ཆེའི་ལྗོན་ཤིང་གི་ཕྲེང་བ་སྤེལ་ལེགས་པས་མཛེས་པར་བྱས་པ་དག་གོ །ནགས་ཚལ་དང་ཆུའི་གནས་དེ་དག་ཏུ་དེ་བཞིན་གཤེགས་པས་སྤྲུལ་པའི་བྱ་རྣམ་པ་སྣ་ཚོགས་སྒྲ་ཡིད་དུ་འོང་བ་ཅན་གྱི་ཚོགས་རྣམས་གནས་པར་གསུངས་ཏེ། ཞིང་མདོ་ཆུང་བ་ལས། དེ་དག་ཉིན་རེ་ཞིང་དུས་གསུམ་དུ་འདུས་ནས་བགྲོ་བ་བྱེད་ཅིང་རང་རང་གི་སྐད་དག་གིས་སྨྲ་སྟེ། །དེ་ལྟར་སྨྲ་བ་ན་དབང་པོ་དང་། སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་གི་སྒྲ་འབྱུང་བར་གསུངས་སོ། །པདྨའི་རྒྱན་ནི། རིན་པོ་ཆེ་སྣ་བདུན་གྱི་པདྨ་ཚོན་སྣ་ཚོགས་ཅན་དཔག་ཚད་ཕྱེད་ཀྱི་ཚད་ཙམ་དང་། དཔག་ཚད་གཅིག་གི་ཚད་ཙམ་ནས་དཔག་ཚད་བཅུའི་ཚད་ཀྱི་བར་དུ་ཡོད་དེ། །དེ་ཐམས་

TN03_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༦)ཅད་ལས་ཀྱང་འོད་ཟེར་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དྲུག་དྲུག་དང་། འོད་ཟེར་དེ་རྣམས་ཀྱི་རྩེ་ལས་ཀྱང་དེ་བཞིན་གཤེགས་པའི་གཟུགས་དཔལ་དང་གཟི་བརྗིད་ཀྱིས་འབར་བ་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དྲུག་དྲུག་འབྱུང་སྟེ། དེ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བགྲང་བ་ལས་འདས་པ་དག་ཏུ་གཤེགས་ནས་སེམས་ཅན་ལ་ཆོས་སྟོན་ཏོ། །གཉིས་པ་ལའང་ཟས་ཀྱི་ཡོ་བྱད་ནི། སེམས་ཅན་དེ་དག་ཁམས་ཀྱི་ཟ་བ་རགས་པའི་ཟས་ནི་མི་ཟ་མོད། འོན་ཀྱང་ཁ་ཟས་ཀྱི་བྱེ་བྲག་ཇི་ལྟ་བུ་འདོད་ཀྱང་དེ་ཉིད་དེའི་མོད་ལ་རྙེད་པར་འགྱུར་ཏེ། རྙེད་མ་ཐག་ཏུ་ལུས་ཚིམ་པར་གྱུར་ནས་ཟས་ཀྱི་འདོད་པ་དེ་དང་འབྲལ་བར་བཤད་དོ། །སྤོས་ལ་སོགས་པའི་ཡོ་བྱད་ནི། སྤོས་དང་། ཕྲེང་བ་དང་། བྱུགས་པ་དང་། ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་རྣམས་ཀྱང་འདོད་པ་ཙམ་གྱི་མོད་ལ་རྙེད་དེ། དེའང་ཡོ་བྱད་དེ་དང་དེའི་ཁྱད་པར་ཅི་འདྲ་ཞིག་ཡིད་ལ་འཐད་པ་དེ་ཁོ་ན་བཞིན་དུ་རྙེད་པ་དང་། དེས་སངས་རྒྱས་ཀྱི་ཞིང་དེ་ཁྱབ་པར་འགྱུར་བ་དེ་ལྟར་ཟད་མི་ཤེས་པར་རྙེད་པར་འགྱུར་ཏེ། ཡོ་བྱད་དེ་དག་མངོན་པར་མི་འདོད་པ་རྣམས་ལ་ནི་སྣང་བར་མི་འགྱུར་རོ། །གོས་དང་རྒྱན་གྱི་ཡོ་བྱད་ནི། གོས་ཁ་དོག་ཐ་དད་པ། རིན་ཐང་གཞལ་དུ་མེད་པ་དག་ཀྱང་བསམ་མ་ཐག་ཏུ་སྔ་མ་ལྟར་རྙེད་ཅིང་། ལུས་ལ་རང་བགོས་པར་འགྱུར་བ་དང་། རྒྱན་གྱི་བྱེ་བྲག་ཅི་ལྟ་བུ་འདོད་པ་ཡང་སྐད་ཅིག་དེ་ལ་རིན་པོ་ཆེའི་ཤིང་ལྗོན་པ་རྣམས་ལས་རྙེད་དེ། དེ་དག་གིས་བདག་ཉིད་བརྒྱན་པར་ཤེས་

TN03_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༧)པའོ། །གནས་ཁང་གི་རྒྱན་ནི། གཞལ་མེད་ཁང་རིན་པོ་ཆེ་སྣ་ཚོགས་ཀྱི་བ་གམ་བརྒྱ་སྟོང་གིས་བརྒྱན་པ། རིན་པོ་ཆེའི་ཁྲི་ལྷའི་རས་བཅོས་བུ་སྣ་ཚོགས་བཏིང་བ། སྔས་ཁྲ་བོ་བཞག་པ་དང་ལྡན་པ། དབྱིབས་དང་། ཁ་དོག་དང་། ཆུ་ཞེང་དང་། མཚན་མ་ཇི་ལྟ་བུ་འདོད་པ་དེ་འདྲ་བ་རྣམས་སེམས་ཅན་དེ་དག་གི་མདུན་གྱིས་གཞིར་རང་འབྱུང་སྟེ། དེ་དག་གཞལ་མེད་ཁང་དེ་རྣམས་སུ་ལྷའི་བུ་མོ་བདུན་སྟོང་བདུན་སྟོང་དང་ལྷན་ཅིག་འདུག་ནས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །གཉིས་པ་ལ། རླུང་གི་འབྱོར་པ་ནི། སངས་རྒྱས་ཀྱི་ཞིང་དེར་སྔ་དྲོའི་དུས་སུ་ཕྱོགས་བཞི་ནས་རླུང་ལྡང་སྟེ། དེ་དག་གིས་རིན་པོ་ཆེའི་ཤིང་ལྗོན་པ་ཁ་དོག་བཀྲ་ཞིང་ལྷའི་སྤོས་དྲི་རབ་ཏུ་ཞིམ་པ་སྣ་ཚོགས་ཀྱིས་བསྒོས་པ་དེ་དག་བསྐྱོད་ཅིང་བསྐུལ་བས་ལྷའི་མེ་ཏོག་རྣམ་པ་མང་པོའི་དྲི་ཡིད་དུ་འོང་བ་ཅན། །བལྟ་ན་སྡུག་ལ་ཀ་ཙ་ལིན་དའི་གོས་ལྟར་རེག་ན་བདེ་བ་དག་བྲུལ་ནས་སངས་རྒྱས་ཀྱི་ཞིང་དེ་མི་འགྲེང་བདུན་སྲིད་ཙམ་དུ་མཉམ་པར་ཁེབས་པར་བྱེད་དེ། དེ་ལ་རྐང་པ་འཇོག་པ་དང་འདེགས་པ་ན་སོར་བཞི་ཙམ་གྱིས་དམའ་བ་དང་མཐོ་བར་འགྱུར་རོ། །སྤོས་དྲི་སྣ་ཚོགས་ཀྱིས་བསྒོས་པའི་རླུང་དེ་དག་སེམས་ཅན་དེ་དག་ལ་ཕོག་ན་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་ལྟ་བུའི་བདེ་བ་དང་ལྡན་པར་འགྱུར་རོ། །སྔ་དྲོ་འདས་མ་ཐག་མེ་ཏོག་རྙིང་པ་དེ་དག་མ་ལུས་པ་མེད་པར་འགྱུར་ཏེ། དེའི་འོག་ཏུ་ཞིང་དེ་དབེན་པ་དང་། ཉམས་དགའ་བ་དང་། དག་པར་འགྱུར་ལ་

TN03_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༨)དེ་ནས་ཡང་སྔོན་བཞིན་དུ་མེ་ཏོག་འགྲེམ་པའི་རླུང་གསར་པ་དག་ལྡང་སྟེ། སྔ་དྲོ་ཇི་ལྟ་བར་ཉི་མའི་གུང་དང་། ཕྱི་དྲོ་དང་། སྲོད་དང་། ནམ་གུང་དང་། ཐོ་རངས་ཀྱང་དེ་བཞིན་ནོ། །ཆར་གྱི་འབྱོར་པ་ནི། དུས་དང་དུས་སུ་ལྷའི་སྤོས་ཆུའི་སྤྲིན་གྱི་ཆར་དང་། ལྷའི་མེ་ཏོག་ཁ་དོག་ཐ/མས་ཅད་དང་ལྡན་པ་དག་དང་། ལྷའི་རིན་པོ་ཆེ་སྣ་བདུན་དང་། ལྷའི་ཙན་དན་གྱི་ཕྱེ་མ་དང་། ལྷའི་གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་ཆར་མངོན་པར་འབེབ་པ་དང་། ལྷའི་བླ་རེ་དག་དང་། ལྷའི་རིན་པོ་ཆེའི་གདུགས་རྔ་ཡབ་དང་བཅས་པ་དག་ཀྱང་ནམ་མཁའ་ལ་འཛིན་ཅིང་། ལྷའི་རོལ་མོའི་དབྱངས་སྒྲ་དག་ཀྱང་སྒྲོགས་ལ་ལྷའི་བུ་མོ་དག་ཀྱང་གར་བྱེད་དེ། ཞིང་འདིར་ཆར་དང་འབྲུག་དང་གློག་འབྱུང་བ་བཞིན་ནོ། །གཞན་ཡང་བདག་ཅག་གི་སྟོན་པའི་འཁོར་རྣམས་ལས་སངས་རྒྱས་ཀྱི་མཐུས་བདེ་བ་ཅན་གྱི་ཡོན་ཏན་མངོན་སུམ་དུ་བསྟན་པའི་ཐད་ཀྱི་མདོ་ལས། སྟེང་གི་བར་སྣང་ལ་ཀུན་དགའི་རབ་ཉམས་དགའ་བ་དག་དང་། ནགས་ཚལ་དང་། སྐྱེད་མོས་ཚལ་དང་། ཆུ་ཀླུང་དང་། རྫིང་བུ་ཉམས་དགའ་བ་དང་། འོག་མིན་གྱི་བར་གྱི་ནམ་མཁའི་ངོས་ལ་རིན་པོ་ཆེའི་མེ་ཏོག་བཀྲམ་པའི་འབྱོར་པ་དག་ཀྱང་གསུངས་ཤིང་། ཞིང་དེའི་སེམས་ཅན་རྣམས་གཞལ་མེད་ཁང་དཔག་ཚད་བརྒྱ་སྟོང་ཡོད་པ་དག་ཏུ་ཞུགས་ནས་བར་སྣང་ལ་ཆགས་པ་མེད་པར་འགྲོ་བ་དག་ཀྱང་ཡོད་པར་གསུངས་ཏེ། ནམ་མཁའ་ལ་འབྱུང་བའི་ཁང་བཟང་སོགས་ཀྱང་ཡོད་ལ། ས་གཞི་ལ་བྱུང་བའི་དེ་རྣམས་འདོད་པའི་དབང་གིས་ནམ་མཁར་

TN03_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༩)བགྲོད་པ་ཡང་ཡོད་པ་འདྲ་བས་ཚུལ་གཉིས་སོ། །དེ་དག་ལྷ་དང་མི་གཉིས་ཀའི་ཐུན་མོང་བར་སྣང་ངོ་། །གསུམ་པ་ནི། ཞིང་དེའི་མི་རྣམས་ཀྱི་གནས་ལུས་ལོངས་སྤྱོད་ཀྱང་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་འབྱོར་པ་དང་འདྲ་བར་གསུངས་ཤིང་། མདོ་འདི་ལས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་མདུན་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྤྱན་སྔར་མི་མ་རབས་དང་། མི་དྲ་མ་འདུག་པ་བཞིན་དུ་སྤ་བཀོང་བར་གསུངས་པའི། སུམ་ཅུ་རྩ་གསུམ་པའི་ལྷ་དབང་ཆེ་བར་གྲགས་པ་རྣམས་ཀྱིའང་གནས་དང་རྒྱན་ཆས་ཀྱི་དཀར་བ་ལ་ཟླ་བ་སྟོན་གནམ་དུ་ཤར་བའི་ཁ་དོག་གིས་བཅུ་དྲུག་ཆར་ཡང་མི་ཕོད་པར་དྲན་པ་ཉེར་བཞག་ལས་གསུངས་ཏེ། །འདོད་ཡོན་གྱི་རྣམ་པ་གཞན་ཐམས་ཅད་ལའང་ཁྱད་པར་དེ་ལྟར་ཡོད་པས། བདེ་བ་ཅན་གྱི་ཞིང་གི་རྒྱན་ཕྱོགས་རེ་ཙམ་ཡང་ཕལ་པའི་མིས་ཇི་བཞིན་དུ་བསམ་པར་དཀའོ། །ཞིང་བཀོད་ཀྱི་མདོ་སོགས་ལས་རྒྱན་གྱི་ཁྱད་པར་དེ་ལྟར་གསུངས་པ་རྣམས་ཀྱང་མཚོན་བྱེད་ཙམ་དུ་ཟད་ཀྱི། །རྒྱས་པར་ནི་ཞིང་དེའི་གཟི་བརྗིད་དང་། ཁ་དོག་དང་། འབྱོར་པའི་ཕ་མཐའ་མངོན་སུམ་དུ་བལྟ་ན་ལྷའི་མིག་དང་ལྡན་པས་ཀྱང་མི་རྙེད་ལ། ཚིག་གིས་བསྟན་ན་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཤ་སྟག་ཏུ་གྱུར་པས་བསྐལ་པ་བྱེ་བར་བསྙད་ཀྱང་མི་རྫོགས་པར་མདོ་ཉིད་ལས་གསུངས་སོ། །གཉིས་པ་ལའང་། བཅུད་ཀྱི་ཡོན་ཏན་སྤྱིར་བཤད་པ་དང་། གཙོ་འཁོར་སོ་སོར་ཕྱེ་ནས་བཤད་པ་གཉིས་ལས། དང་པོ་ནི། ཞིང་

TN03_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༠)དེ་ན་ལྷ་དང་མིའི་འགྲོ་བ་གཉིས་ལས་འགྲོ་བའི་རིས་གཞན་པ་ནི་མེད་ལ། དེར་སྐྱེས་ནས་ལས་དབང་གིས་འགྲོ་བ་གཞན་གསུམ་དུ་ལྟུང་བ་ཡང་མེད་དོ། །ལྷ་མི་གཉིས་ཀྱང་མིང་གི་ཁྱད་པར་ཙམ་གྱིས་ཕྱེ་བར་གསུངས་སོ། །དེ་ན་སྒོ་ང་དང་མངལ་དང་དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་ནི་མེད་ཀྱི། ཐམས་ཅད་ཀྱང་རིན་པོ་ཆེའི་པདྨ་ཡངས་ཤིང་ཚོན་སྣ་ཚོགས་པ་རེག་ན་བདེ་ཞིང་དྲི་བསུང་དང་ལྡན་པ་རྣམས་ལས་རྫུས་ཏེ་འབྱུང་ངོ། །སེམས་ཅན་དེ་དག་ནི་གསེར་གྱི་ཁ་དོག་ཏུ་ཁ་དོག་གཅིག་པ་དང་། ལུས་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཚང་བ་དང་། གཤང་གཅི་དང་སྣབས་ལ་སོགས་པའི་མི་གཙང་བ་དང་བྲལ་བ་དང་། རྡོ་རྗེ་ལྟར་མཁྲེགས་པའི་ལུས་ཅན་དང་། སྲེད་མེད་བུའི་སྟོབས་དང་ལྡན་པ་དང་། སྔར་བཤད་པའི་དམིགས་བསལ་མ་གཏོགས་པ་མངོན་པར་ཤེས་པ་ལྔས་རྩེ་བ་དང་། ཤེས་རབ་དང་སྤོབས་པ་མཐའ་ཡས་པ་དང་། སྨོན་ལམ་གྱི་དབང་མ་གཏོགས་ཚེའི་ཚད་ལ་མཐའ་མི་མངོན་པ་ཤ་སྟག་ཡིན་ནོ། །དེ་དག་ལ་གནས་དང་ཡོ་བྱད་ཡོངས་སུ་འཛིན་པའི་འདུ་ཤེས་ནི་ཅུང་ཟད་ཀྱང་མེད་དེ། །ཤིན་ཏུ་གྱ་ནོམ་པ་དང་། རྒྱ་ཆེ་བ་དང་། སྣ་ཚོགས་པ་དང་། འདོད་པའི་རྗེས་སུ་འབྲང་བའི་འབྱོར་པ་རྣམས་ལ་རང་དགར་རྩེ་བས་ཉམས་བདེ་ཞིང་། རང་བཞིན་གྱིས་ཀྱང་མ་དག་པའི་ཞིང་གི་ལྷའི་བདེ་བ་ཕལ་ཆེར་ལས་འདས་པའི་བདེ་བ་དང་ལྡན་ནོ། །གཉིས་པ་ལ་གཙོ་བོ་དེ་བཞིན་གཤེགས་པ་དང་། ཉན་ཐོས་ཀྱི་འཁོར་དང་། བྱང་ཆུབ་སེམས་དཔའི་འཁོར་བཤད་པ་

TN03_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༡)གསུམ་ལས། དང་པོ་ལ་བྱང་ཆུབ་བརྙེས་པའི་གནས། སྐུ་དང་འོད་ཀྱི་ཁྱད་པར། མཛད་པའི་གཙོ་བོ་འཇུག་ཚུལ། སྐུ་ཚེ་ཕུན་སུམ་ཚོགས་པ། སྙན་གྲགས་རྒྱ་ཆེ་བའི་ཡོན་ཏན་དང་ལྔ་ལས། དང་པོ་ནི། ཞིང་དེའི་ས་གཞིའི་དཀྱིལ་འཁོར་གྱི་དབུས་ན་སྟོན་པ་འོད་དཔག་མེད་ཀྱི་བྱང་ཆུབ་ཀྱི་ཤིང་ཡོད་དེ། དེའི་མིང་ནི་རིན་པོ་ཆེའི་པདྨོ་རྣམ་པར་སྣང་བ་ཞེས་བྱ་བ་དང་། དེའི་དྲུང་ན་པདྨའི་གདན་ཡོད་པའི་མིང་ནི། དག་ཅིང་བཟང་ལ་བཀྲ་བའི་འོད་ཟེར་ཅན་ཞེས་བྱ་བ་ཡིན་པར་འཆི་མེད་རྔ་སྒྲ་ལས་བཤད་ཅིང་། ཚད་ནི་དཀོན་བརྩེགས་ལས་བྱང་ཆུབ་ཀྱི་ཤིང་འཕང་དང་རྒྱ་ཚད་དཔག་ཚད་སྟོང་དྲུག་བརྒྱ་བར་མཉམ་པ་དང་། རྩ་བའི་སྦོམ་དང་ཁྲུན་དཔག་ཚད་ལྔ་བརྒྱ་ཡོད་པར་བཤད་ལ། སྙིང་རྗེ་པད་དཀར་ལས་དཔག་ཚད་ཁྲིར་གསུངས་ཏེ། པདྨའི་གདན་ཡང་དེ་དང་འཚམས་པ་ཡིན་ནོ། །དཀོན་བརྩེགས་ལས་ཚད་དེ་ལྟར་གསུངས་པ་དེའང་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཆུང་ཤོས་ཡན་ཆད་ཀྱིས་མཐོང་ཚོད་ཐུན་མོང་བའི་དབང་དུ་མཛད་པ་ཡིན་གྱི། ཁྱབ་མཐའ་བཟུང་བ་མིན་པ་མདོ་རང་གི་ཆོས་ཀྱི་འབྱུང་གནས་ཀྱི་སྨོན་ལམ་བསྟན་པའི་ཐད་ནས་ཤེས་ཤིང་། སྤྱིར་དེ་བཞིན་གཤེགས་པ་གཅིག་གི་བྱང་ཆུབ་ཀྱི་ཤིང་ལ་ཡང་རྒྱ་ཚད་མི་འདྲ་བ་དུ་མ་འོང་བ་མི་འགལ་བ་ནི་འཇུག་པ་རྩ་འགྲེལ་དང་། དུས་འཁོར་འགྲེལ་ཆེན་སོགས་ལས་རྒྱ་ཆེར་བཤད་པའི་རིགས་པས་ཤེས་པར་འགྱུར་བའི་ཕྱིར།

TN03_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༢)མདོ་གཉིས་འགལ་བར་མི་བསམ་མོ། །དེ་ལ་ཤིང་གི་རྒྱལ་པོ་དེ་ནི་རྟག་ཏུ་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཆགས་པ། མདངས་ལྷ་རྫས་ལས་ཀྱང་འདས་པའི་ཁ་དོག་འབུམ་ཕྲག་དུ་མས་བཀྲ་བ། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་བྱེ་བྲག་ཐ་དད་པ། འཇིག་རྟེན་ན་མཆོག་ཏུ་བྱ་བའི་ནོར་བུ་རིན་པོ་ཆེའི་རིགས་སྣ་ཚོགས་ཀྱིས་སྤྲས་པ། གསེར་དང་ནོར་བུའི་སྐུད་པ་དང་། སེ་མོ་དོ་དང་། རིན་པོ་ཆེའི་ཆུན་པོ་དང་། རྒྱན་ཕྲེང་དང་། དོ་ཤལ་དང་སྐ་རགས་མང་པོ་འཕྱང་བ། གསེར་དང་། མུ་ཏིག་དང་། རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བ་དང་། དྲིལ་བུ་གཡེར་ཁའི་དྲ་བས་བླ་རེ་བྲེས་པ། ཆུ་སྲིན་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་བ་དང་། ཟླ་གམ་ལྟ་བུས་ལེགས་པར་བརྒྱན་པ། ནོར་བུ་འཁྲོལ་བ་དང་། གསེར་དང་། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ལེགས་པར་བརྒྱན་པ་སྟེ། དེ་རླུང་གིས་བསྐྱོད་པ་ན་སྒྲ་དབྱངས་སྙན་པ་འབྱུང་བས་འཇིག་རྟེན་གྱི་ཁམས་ཚད་མེད་པ་གོ་བར་བྱེད་དོ། །སེམས་ཅན་གང་གིས་སྒྲ་དེ་ཐོས་པ་དང་། ཤིང་གི་དབང་པོ་དེ་མཐོང་བ་དང་། དེའི་དྲི་ཚོར་བ་དང་། འབྲས་བུའི་རོ་མྱོང་བ་དང་། འོད་ལུས་ལ་ཕོག་པ་དང་། ཤིང་དེ་ཡིད་ལ་སེམས་པ་དེ་དག་བྱང་ཆུབ་ཀྱི་མཐའི་བར་དུ་རྣ་བ་དང་། མིག་དང་། སྣ་དང་། ལྕེ་དང་། ལུས་ལ་ནད་ཀྱིས་མི་འདེབས་ཤིང་། སེམས་མི་གཡེང་བར་འགྱུར་རོ། །གཞན་ཡང་རྒྱལ་བ་དེས་ཆོས་སྟོན་པའི་གནས་ལ། གཙུག་ཏོར་རྣམ་རྒྱལ་གྱི་རྟོག་པ་ལས། ཆོས་

TN03_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༣)ཡང་དག་པར་སྡུད་པའི་ཁང་བཟང་ཞེས་གསུངས་ཤིང་། དོན་ཞགས་ཀྱི་ཆོ་ག་ཞིབ་མོ་སོགས་ལས་ཀྱང་འོད་དཔག་མེད་རིན་པོ་ཆེའི་གཞལ་མེད་ཁང་ན་ཆོས་སྟོན་པའི་བཀོད་པ་གསུངས་ཏེ། དེ་བྱང་ཆུབ་ཤིང་དྲུང་ཡིན་མིན་སོགས་གསལ་བར་བཤད་པ་མ་མཐོང་ངོ། །གཉིས་པ་ནི། དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་རྡུལ་མེད་ཅིང་རྣམ་པར་དག་པ་བཞུགས་ཏེ། དེའི་སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དག་ཅིང་གསལ་ལ་མཛེས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ཤིན་ཏུ་ལེགས་པར་ཕྱེ་བས། སེམས་ཅན་གང་དག་གིས་དེ་དང་པོར་མིག་ལམ་དུ་སྣང་བ་དང་། གཞན་གྱིས་ལན་བརྒྱ་ཕྲག་དུ་མར་མཐོང་བ་གཉིས་འདྲ་བར་མིག་དང་ཡིད་ཚིམ་པར་མཛད་པ་ཡིན་ནོ། །དྲང་སྲོང་ཆེན་པོ་དེ་ནི་འོད་ཟེར་དཔག་ཏུ་མེད་པའི་རྒྱན་འཆང་བ་སྟེ། ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གངྒཱའི་ཀླུང་གི་བྱེ་མ་སྙད་དག་འོད་དེས་རྟག་ཏུ་ཁྱབ་པར་གྱུར་ནས་འདུག་གོ །དེའང་འོད་དྲི་མ་མེད་ཅིང་ཤིན་ཏུ་གསལ་བ་དང་། སྒྲིབ་ཐོགས་ཀྱི་དངོས་པོ་ཐམས་ཅད་ལ་མི་ཐོགས་པ་དང་། མཛེས་པ་གཏིང་མི་མངོན་པའི་ཕྱིར་ལྟ་བས་ཆོག་མི་ཤེས་པ་དང་། མིའི་དབང་པོ་དང་ལྷའི་དབང་པོ་ནས་གནས་གཙང་མའི་ལྷའི་བར་ཐམས་ཅད་ཟིལ་གྱིས་གནོན་ཅིང་མོག་མོག་པོར་བྱེད་པ་དང་། ལུས་དང་སེམས་བདེ་བ་དང་། དགའ་བའི་བདུད་རྩིས་ཚིམ་པ་སྐྱེད་པ་དང་

TN03_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༤)སེམས་ཅན་དགེ་བའི་བསམ་པ་ཅན་རྣམས་ལ་དགེ་བ་དང་ཡངས་བ་དང་། རྟོགས་པ་དང་། མཁས་པ་དང་། བློ་དང་། མཆོག་ཏུ་དགའ་བ་སྐྱེད་པ་དང་། དཀོན་མཆོག་ཏཱ་ལ་དང་། འོད་ཟེར་ཀུན་ཏུ་བཀྱེ་བ་བསྟན་པ་ལས་གསུངས་པ་ལྟར་བསམ་གྱིས་མི་ཁྱབ་པའི་མཐུའི་ཁྱད་པར་དང་ལྡན་པ་སྟེ། དེ་དག་གི་ཕྱིར་ཞིང་བཀོད་ཀྱི་མདོ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་རིའི་རྒྱལ་པོ་རི་རབ་ལྟར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་མངོན་པར་འཕགས་ཏེ། ཕྱོགས་ཐམས་ཅད་ཟིལ་གྱིས་མནན་ནས་ལྷམ་མེ། ལྷན་ནེ། ལྷང་ངེ་མཛེས་པ། ཞེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་སོ་སོར་ཡང་། དེ་ཉིད་ལས། སེམས་ཅན་སྙིང་པོའི་གཟུགས་ནི་མཐའ་ཡས་ཏེ། དེ་བཞིན་སངས་རྒྱས་གསུང་ནི་མཐའ་ཡས་དབྱངས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བརྩོན་འགྲུས་ཀྱང་། ཁྱོད་འདྲ་འཇིག་རྟེན་འདི་ན་གཞན་མ་མཆིས། །ཟབ་ཅིང་ཤིན་ཏུ་རྒྱས་པའི་ཆོས་བརྙེས་པ། །སངས་རྒྱས་མཆོག་གི་ཐུགས་ནི་རྒྱ་མཚོ་བཞིན། །དེས་ཀྱང་སྟོན་ལ་ཁེངས་པ་མི་མངའ་སྟེ། །ཐ་བ་ཞེ་སྡང་སྤངས་ནས་ཕ་མཐར་སྒྲོལ། །ཞེས་གསུངས་པ་ལྟར་ཞིབ་ཏུ་བསམ་པར་བྱའོ། །གསུམ་པ་ནི། །སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ནི། ལུས་ཅན་རྒུད་པ་སྣ་ཚོགས་ཀྱིས་རྒྱུན་དུ་གཙེ་བ་རྣམས་ལ་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ནས། རྒུད་པ་དེ་ལས་སྐྱོབ་པའི་སྒོ་བླ་ན་མེད་པ་རང་གིས་གང་ཞིག་བརྙེས་པའི་

TN03_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༥)རྟོགས་པའི་ཆོས་ཀྱི་བདུད་རྩི་དེ་ཉིད་སོ་སོའི་སྐལ་བ་དང་འཚམས་པར་བགོ་བཤའ་མཛད་པའི་ཆེད་དུ་ཡིན་ལ། དེ་ལྟར་མཛད་པའང་ལུང་གི་ཆོས་བསྟན་པ་ལ་ངེས་པར་རག་ལས་པར་གཟིགས་ནས། ལྷ་དང་བཅས་པའི་འཇིག་རྟེན་རྣམས་ཡན་ལག་དྲུག་ཅུ་རྩ་བཞི་དང་ལྡན་པའི་ལེགས་པར་བཤད་པའི་དབྱངས་ཀྱི་བདུད་རྩིས་རྒྱུན་མི་འཆད་དུ་ཚིམ་པར་མཛད་དེ། འདི་ལྟར་གདུལ་བྱ་ཐེག་དམན་གྱི་རིགས་ཅན་རྣམས་ལ་ནི་ཐོབ་བྱ་ཐར་པ་ཙམ་དང་། ཐོབ་བྱེད་རྟེན་གཞི་ངེས་འབྱུང་གི་བསམ་པ་དང་། བརྟེན་པ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་མདོར་བསྡུས་པ་ལས་བརྩམས་ཏེ་ཆོས་སྟོན་ཅིང་། ཐེག་པ་མཆོག་གི་རིགས་ཅན་རྣམས་ལ་ནི་ཐོབ་བྱ་བླ་ན་མེད་པའི་བྱང་ཆུབ་དང་། ཐོབ་བྱེད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྙིང་རྗེ་ཆེན་པོའི་རྩ་བ་ཅན་གྱི་བསམ་པ་དང་། དེས་དྲངས་པའི་སྦྱོར་བ་ཐེག་པ་འོག་མ་དང་ཐུན་མོང་དང་། ཐུན་མོང་མ་ཡིན་པ་ལས་བརྩམས་ནས་ཤིན་ཏུ་རྒྱས་པའི་ཆོས་འཆད་དེ། མཛད་པ་དོན་ཡོད་པ་བླ་ན་མེད་པ་བརྙེས་པས་ཆོས་བསྟན་པ་རེ་རེས་ཀྱང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་མ་སྨིན་པ་སྨིན་པ་དང་། སྨིན་པ་གྲོལ་བ་དང་། གྲོལ་བ་མཐར་ཕྱིན་པར་མཛད་དོ། །དེའང་གདུལ་བྱ་རང་རང་གིས་ཆོས་ཀྱི་རྣམ་གྲངས་ཇི་ལྟ་བུ་ཞིག་ཉན་པར་འདོད་པ་དེ་དེའི་མོད་ཁོ་ན་ལ་ཐོས་པར་འགྱུར་བར་ཞིང་བཀོད་ཀྱི་མདོ་ལས་གསུངས་སོ། །བཅོམ་ལྡན་འདས་དེའི་བསྟན་པ་ལ་ནི་ཕམ་

TN03_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༦)ལྷག་སོགས་ཀྱི་བཅས་པ་རྣམ་པར་བཞག་པ་ཡང་མེད་དེ། །སངས་རྒྱས་ཀྱི་ཞིང་དེར་ལྟུང་བའི་ཐ་སྙད་བྱས་ཙམ་ཡང་མེད་པར་གསུངས་པའི་ཕྱིར་ཏེ། དཀོན་བརྩེགས་ཀྱི་དྲུག་པར་མི་འཁྲུགས་པའི་ཞིང་ན་ལྟུང་བ་རྣམ་པར་བཞག་པ་མེད་ཚུལ་རྒྱུ་མཚན་དང་བཅས་ཏེ་གསུངས་པའི་རྒྱུ་མཚན་འདིར་ཡང་ཇི་བཞིན་དུ་འདྲ་བའི་ཕྱིར་རོ། །འོན་ཀྱང་དེ་ནི་བསླབ་པའི་གཞི་མ་རྫོགས་པའི་ཉེས་པར་མི་འགྱུར་གྱི། བསྟན་པ་རྙོག་པ་མེད་པའི་ཡོན་ཏན་དུ་འགྱུར་ཏེ། བདག་ཅག་གི་སྟོན་པའི་གསུང་རབ་ལ་ཡང་བཟང་བྱིན་གྱིས་བསྟན་པ་ལ་ཆུ་བུར་མ་བྱུང་བའི་སྔོན་དུ་ཕམ་ལྷག་སོགས་ཀྱི་བཅས་པ་མཛད་པ་མེད་ཀྱང་། སོ་སོར་ཐར་པའི་སྡོམ་པ་ཆེས་ཕུན་སུམ་ཚོགས་པར་འདོད་པ་ཡིན་ནོ། །རྒྱལ་བ་མྱ་ངན་ལས་འདས་པའི་འོག་ཏུ་འཇིག་རྟེན་དུ་གསུང་རབ་མང་པོ་དང་ཉུང་ངུ་གནས་པ་ནི་གདུལ་བྱའི་བློ་དང་དགེ་བའི་རྩ་བ་ཁྱད་པར་ལ་ཐུག་ཅིང་། ཞིང་དེའི་གདུལ་བྱ་རྣམས་ནི་ཤེས་རབ་དང་སྤོབས་པ་མཐའ་ཡས་པ་དང་། དགེ་རྩ་འཐུག་པ་འབའ་ཞིག་ཏུ་བཤད་པས། དེ་བཞིན་གཤེགས་པ་དེ་ནི་མྱ་ངན་ལས་འདས་ནས་ཀྱང་གསུང་རབ་ཀྱི་མཛོད་མ་ཉམས་མ་གོད་པར་གནས་པར་འགྱུར་བར་མངོན་ཏེ། འཕགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་། རིགས་ཀྱི་བུ། འོད་དཔག་མེད་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་པདྨ་དག་དང་ཤིང་ལྗོན་པ་དག་གིས་དེ་བཞིན་གཤེགས་པ་དེ་ཇི་ལྟར་ཆོས་སྟོན་པ་དེ་བཞིན་དུ་ཆོས་ཀྱི་སྒོ་བརྒྱ་ཕྲག་དུ་མ་

TN03_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༧)འབྱུང་བ་བྱེད་པར་འགྱུར་རོ། །ཞེས་སོགས་གསུངས་པས་མཚོན་ནོ། །བཤད་མ་ཐག་པའི་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར། ཞིང་དེར་སྟོན་པ་འདས་ནས་མདོའི་དོན་ཕྱིན་ཅི་ལོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་འཆལ་བར་སྤྱོད་པ་ལ་སོགས་པས་བསྟན་པ་དྲི་མ་ཅན་དུ་བྱེད་པ་རྣམས་ཀྱང་མེད་པར་གསལ་ཏེ། ལུང་དེའི་གོང་ཉིད་དུ། སངས་རྒྱས་འོད་དཔག་མེད་དེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་པ་ནས། ཇི་ལྟར་བཞུགས་པ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་ཀྱང་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་འགྲུབ་སྟེ། ལྷག་ཆད་མེད་པར་འགྱུར་རོ། །ཞེས་དང་། དཀོན་བརྩེགས་ལས་ཀྱང་། ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན་མི་དགེ་བའི་མིང་ཡང་མེད་དོ། །སྒྲིབ་བའི་སྒྲ་ཡང་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བདག་ཅག་གི་སྟོན་པའི་བསྟན་པ་ལ་ལྔ་བརྒྱ་ཕྲག་བཅུའི་རྣམ་དབྱེ་བྱས་པ་ལྟ་བུའི་བསྟན་པ་དྭངས་སྙིགས་ཀྱི་རིམ་པའང་མེད་པ་འདྲའོ། །བསྟན་པ་གནས་པའི་ཡུན་ཚད་ནི། བསྐལ་པ་གངྒཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་དུ་འགའ་་ཞིག་བཞེད་དེ། སྙིང་རྗེ་པད་དཀར་ལས། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་རྗེ་བཙུན་སྤྱན་རས་གཟིགས་བྱང་ཆུབ་མཆོག་ཏུ་ལུང་བསྟན་པའི་ཐད་ན། རིགས་ཀྱི་བུ་ཁྱོད་ནི་འོད་དཔག་མེད་ཡོངས་སུ་མྱ་ངན་ལས་འདས་ནས་བསྐལ་པ་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལུས་པ་ན་འཚང་རྒྱ་བར་འགྱུར་ཏེ། ཞེས་གསུངས་

TN03_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༨)པ་འདི་ལ་བསམ་པར་སྣང་ཡང་མདོ་དེའི་དོན་དེ་ལྟར་འཆད་རྒྱུ་ཡིན་མིན་དཔྱད་དགོས་སོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལས་ནི། རྒྱལ་བ་དེ་མྱ་ངན་ལས་འདས་པའི་འོག་ཏུ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་དམ་པའི་ཆོས་གནས་པར་གསུངས་སོ། །བཞི་པ་ནི། དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་འདི་སྙེད་དང་། བསྐལ་པ་བརྒྱ་ཕྲག་འདི་སྙེད་ནས། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་འདི་སྙེད་ཅིག་ཏུ་བཞུགས་སོ་ཞེས་པའི་བར་དུ་བརྩི་ཚུལ་རྒྱ་ཆེ་ཆུང་ཇི་ལྟ་བུའི་སྒོ་ནས་གཞལ་ཀྱང་མཐའ་མི་རྟོགས་པར་འོད་མདོ་ལས་གསུངས་ཤིང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོར། དེའི་སྐུ་ཚེའི་ཚད་ཀྱི་མཐའ་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་བཤད་ཀྱང་རྟོགས་པར་སླ་བ་མ་ཡིན་ཞེས་བརྩི་བའི་ཡུན་ཚད་ཀྱི་སྒོ་ནས་གསུངས་ཏེ། མདོར་ན་དཔག་ཏུ་མེད་པ་ཡིན་ནོ། །དེའི་ཕྱིར་རྒྱལ་བའི་དབང་པོ་དེའི་མཚན་ཡང་ཚེ་དཔག་མེད་ཅེས་བྱའོ། །ཞིང་དེར་བྱང་ཆུབ་བརྙེས་པའི་མཛད་པ་བསྟན་ནས་ད་ལྟ་ཡུན་ཇི་ཙམ་འདས་པ་ནི། མི་མཇེད་ཀྱི་འཇིག་རྟེན་འདི་པའི་ལུགས་ཀྱི་བསྐལ་པ་བཅུ་ལོན་པར་འོད་མདོ་ལས་གསུངས་ཏེ། ཕལ་ཆེན་ཚེའུར་མི་མཇེད་ཀྱི་ཞིང་གི་བསྐལ་པ་གཅིག་གི་ཡུན་ཚད་དེ་བདེ་བ་ཅན་གྱི་ཉིན་ཞག་གཅིག་ཏུ་བྱེད་པར་གསུངས་པས། ཞིང་དེ་པ་རྣམས་ཀྱི་ངོར་ནི་ཉིན་ཞག་བཅུ་ལས་མ་སོང་བར་གསལ་ཏེ། དབྱར་གྱི་ལང་ཚོ་ཐོག་མ་ལ་བབས་པའི་དགའ་བ་ལྟ་བུའི་ཚོད་དུ་སྣང་ངོ། །སྟོན་པའི་སྐུ་ཚེ་དཔག་ཏུ་མེད་པ་འདི་ནི་

TN03_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༩)ཞིང་གི་འབྱོར་པ་ཆེས་མཆོག་ཏུ་གྱུར་པ་ཡིན་ཏེ། ཞིང་རབ་འབྱམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་རྒྱུན་མི་འཆད་པར་འདུ་བ་དང་། སངས་རྒྱས་ཀྱི་རྣམ་འཕྲུལ་སྔོན་མ་མཐོང་བ་མཐོང་བ་དང་། བྱང་སེམས་ལུང་སྟོན་པ་ལ་སོགས་པའི་དགའ་སྟོན་ལ་ཉིན་རེ་བཞིན་སྤྱོད་དུ་ཡོད་པ་ནི། དེ་བཞིན་གཤེགས་པ་བཞུགས་པའི་མཐུ་ཡིན་པའི་ཕྱིར་རོ། །ལྔ་པ་ནི། །ཐུབ་པའི་དབང་པོ་དེའི་མཚན་ཐོས་པ་ནི་གདུལ་བྱ་ལ་དོན་ཆེན་པོའི་སྒོར་འགྱུར་བར་གཟིགས་ནས། མཐའ་དང་མུ་མེད་པའི་རྒྱལ་བ་རྣམས་ཀྱིས་རང་རང་གི་ཞིང་རྣམས་སུ་དེའི་སྙན་གྲགས་སྒོ་དུ་མ་ནས་ལན་གཅིག་མ་ཡིན་པར་གསལ་བར་མཛད་པར་གསུངས་ཏེ། ཞིང་བཀོད་ཀྱི་མདོ་ལས། དེའི་མཚན་དེ་ཡང་སྒྲིབ་པ་མེད་པར་ཕྱོགས་བཅུར་གྲགས་ཏེ། ཕྱོགས་རེ་རེ་ན་ཡང་སངས་རྒྱས་བཅོམ་ལྡན་འདས་གསུང་ཆགས་པ་མི་མངའ་ཞིང་གསུང་ཐོགས་པ་མི་མངའ་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ལན་འགའ་མ་ཡིན་པར་བསྔགས་པ་བརྗོད་ཅིང་བསྟོད་དེ། སྙན་པར་གསུང་ངོ། །ཞེས་སོ། །དེ་དོན་ཆེན་པོའི་སྒོར་འགྱུར་བའི་ཚུལ་ནི། བཅོམ་ལྡན་འདས་དེའི་མཚན་ཐོས་ནས་སེམས་དང་བས་ཐལ་མོ་སྦྱོར་བ་ཙམ་ལ་ཡང་། གང་གིས་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །ཞེས་སོགས་སྔར་དྲངས་པ་ལྟར་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འཐོབ་ཅིང་། དེར་མ་ཟད་བདེ་བ་ཅན་དུ་སྐྱེས་ནས་དེ་བཞིན་གཤེགས་པའི་ཚོགས་གཉིས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པ་བསམ་གྱིས་

TN03_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༠)མི་ཁྱབ་པ་ལ་ལོངས་སྤྱོད་པའི་རྒྱུ་ཇི་སྙེད་ཅིག་གསུངས་པ་རྣམས་ཀྱང་། བཅོམ་ལྡན་འདས་དེ་དང་དེའི་ཞིང་ཡོངས་སུ་དག་པའི་ཡོན་ཏན་ཐོས་པ་ལས་བྱུང་བ་ཤ་སྟག་གོ །གཞན་ཡང་མཚན་དེ་ཐོས་པའི་མོད་ལ་བྱང་ཆུབ་ཀྱི་བར་གྱི་ཚེ་རབས་ཐམས་ཅད་དུ་རིགས་མཐོན་པོར་སྐྱེ་བ་དང་། སྐྱེས་པའི་དབང་པོ་འཐོབ་པ་དང་། དབང་པོ་མ་ཚང་བ་མེད་པ་དང་། རྟག་ཏུ་ཚངས་སྤྱོད་ལ་གནས་པ་དང་། བྱང་སེམས་ཀྱི་སྤྱོད་པ་ལ་དགའ་ཞིང་མཆོག་ཏུ་དགའ་བ་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྟི་བསྟང་བྱེད་པ་དང་། གཟུངས་དང་ཏིང་ངེ་འཛིན་དང་བཟོད་པའི་སྒོ་རླབས་ཆེ་བ་རྣམས་ལ་སྦྱོར་བ་དང་། བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བའི་དགེ་བའི་རྩ་བ་གྱ་ནོམ་པ་སྐྱེ་ཚུལ་རྒྱ་ཆེར་གསུངས་སོ། །དེ་དག་གི་ཕྱིར་རྒྱལ་བའི་དབང་པོ་དེའི་མཚན་ཡོངས་སུ་སྒྲོགས་པ་ནི་སེམས་ཅན་རྣམས་ལ་ལྷའི་རྒྱལ་སྲིད་བྱིན་པས་ཀྱང་བསྐྲུན་དུ་མེད་པའི་ཕན་བཏགས་པ་དང་། གྲངས་མེད་པའི་རྒྱལ་བ་རྣམས་ཀྱི་ཕྲིན་ལས་སྒྲུབ་པའི་གྲོགས་བྱས་པ་དང་། མགོན་པོ་འོད་དཔག་མེད་ལ་གདུལ་བྱའི་སྐྱེས་ཕུལ་བར་འགྱུར་བའི་ཚུལ་ལ་བསམས་ཏེ་འབད་པ་ཐམས་ཅད་ཀྱིས་བསླབ་པར་བྱ་ཡི། དེ་དག་ནི་ཁྱིམ་པ་རྒན་པོ་དང་རྒན་མོ་རྣམས་ལ་དགོས་ཀྱིས། བདག་ཅག་ལྟ་བུའི་རྣལ་འབྱོར་པའམ། མཁས་པ་ནི་དེ་ཙམ་ལ་མི་རེ་ཞེས་རང་གིས་དེ་བཞིན་གཤེགས་པའི་འགྲོ་འདུལ་གྱི་ཐབས་མཁས་མཐིལ་ཕྱིན་པ་ལ་གོ་བ་ཕྱོགས་མཐོང་ཙམ་ཡང་

TN03_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༡)མ་སྐྱེས་པར་མནའ་བོར་ནས། དེ་ལ་རྨད་དུ་བྱུང་བའི་ཁྱད་པར་འཕགས་ཆོས་སུ་སྒོམ་པར་ནི་མི་བྱ་སྟེ། དེ་ལྟར་བྱེད་པ་ནི་དམ་པ་རྣམས་ཀྱི་མདུན་སར་བཞད་གད་ཀྱི་ཕྱིར་དུ་རང་གིས་རང་ལ་ཐོ་འཚམས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། བཅོམ་ལྡན་འདས་དེའི་ཉན་ཐོས་ཀྱི་འཁོར་ནི་ཡོངས་སུ་དག་ཅིང་གྲངས་མང་བས་འཕགས་ཏེ། འདི་ལྟར། དེ་ན་སོ་སྐྱེའི་ཉན་ཐོས་ཁྱིམ་གྱི་ཡོངས་སུ་བཟུང་བ་ལ་ཆགས་ནས་མངོན་པར་མི་འབྱུང་བ་ནི་ཡེ་མེད་དེ། ང་ཡིར་བྱ་བ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བའི་ཕྱིར་ཏེ། །སྔར་བཤད་ཟིན་ཏོ། །ཐུབ་པའི་བཅས་མཚམས་འདྲལ་བར་བྱེད་པ་ཡང་མེད་དེ། སྙིགས་མ་མེད་པའི་ཞིང་གི་ཉན་ཐོས་ཡིན་པའི་ཕྱིར་ཏེ། འདི་ནི་དཀོན་བརྩེགས་ཀྱི་དྲུག་པར་མི་འཁྲུགས་པའི་ཞིང་ལ་སྦྱར་ནས་གསུངས་པ་རིགས་པ་འདྲའོ། །བརྩོན་འགྲུས་ཆུང་བས་ལམ་སྒྲུབ་ཏུ་མི་ནུས་པ་ཡང་མེད་དེ། ཐམས་ཅད་ཡང་དག་པ་ཉིད་ལ་ངེས་པར་གསུངས་པའི་ཕྱིར་རོ། །ཞིང་དེའི་བྱང་སེམས་ཀྱི་འཁོར་རྣམས་སྐྱེ་བ་གཅིག་ཐོགས་སུ་གསུངས་པའི་རིགས་པས། །ཉན་ཐོས་ལ་ཡང་ལན་བདུན་པ་དང་རིགས་ནས་རིགས་སྐྱེ་སོགས་མེད་དམ་བརྟག་གོ །ཉན་ཐོས་ཀྱི་དགེ་འདུན་ཡོད་ཀྱང་རིགས་སྐྱེ་སོགས་ཀྱི་རྣམ་བཞག་བྱར་མེད་པ་མི་འགལ་བ་ནི་མི་འཁྲུགས་པའི་འཁོར་གྱི་ཉན་ཐོས་ཐམས་ཅད་མཐོང་ཆོས་ཞིར་གསུངས་པ་བཞིན་ནོ། །ཉན་ཐོས་དེ་དག་གི་གྲངས་ནི། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་

TN03_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༢)རང་སངས་རྒྱས་ཤ་སྟག་ཏུ་གྱུར་པས་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་བགྲངས་ཀྱང་མཐའ་མི་རྙེད་པར་གསུངས་ཏེ། དེའང་གཅིག་གིས་གང་བགྲང་བ་དེ་གཉིས་པས་མི་བགྲང་། གཉིས་པས་གང་བགྲང་བ་དེ་གསུམ་པས་མ་བགྲང་བ་དེ་འདྲ་བའི་ཚུལ་གྱིས་བགྲང་བ་ལ་དགོངས་སོ། །དེར་མ་ཟད་འཕགས་པ་མཽ་འགལ་གྱི་བུ་ཆེན་པོས་སྟོང་གསུམ་ན་སྐར་མའི་གཟུགས་ཇི་སྙེད་ཡོད་པ་ཐམས་ཅད་ཉིན་ཞག་གཅིག་གིས་བགྲང་བར་ནུས་ཏེ། དེ་ལྟ་བུའི་རྫུ་འཕྲུལ་དང་ལྡན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ཀྱིས་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ལས་གཞན་མི་བྱེད་པར་བཅོམ་ལྡན་འདས་དེའི་ཉན་ཐོས་འདུས་པ་དང་པོ་གཅིག་པུ་བགྲངས་ཀྱང་བྱེ་བ་བརྒྱའི་ཆ་ཙམ་ཡང་རྩིས་ཀྱིས་མི་ཆོད་པར་གསུངས་སོ། །དེ་དག་ཐམས་ཅད་ཀྱང་འོད་འདོམ་གང་བ་དང་ལྡན་པ་ཤ་སྟག་སྟེ། དུལ་བ་དང་ཉེ་བར་ཞི་བའི་དཔལ་གྱིས་སངས་རྒྱས་ཀྱི་ཞིང་དེ་དགོད་པ་བཞིན་དུ་བྱེད་དོ། །གསུམ་པ་ལ། བྱང་སེམས་འཁོར་གྱི་གཙོ་བོ་དང་། རྒྱལ་སྲས་གྱི་འཁོར་སྤྱིར་བསྟན་པ་གཉིས་ལས། དང་པོ་ནི། སྟོན་པ་འོད་དཔག་མེད་ལས་རྒྱལ་ཚབ་ཀྱི་ཅོད་པན་བླངས་པ་དཔལ་སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་གཉིས་ཏེ། གོ་རིམ་བཞིན་དུ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོའི་ལྟ་སྟངས་སྦྱངས་པ་དང་། རླབས་པོ་ཆེའི་ཐུགས་སྟོབས་མངའ་བའི་ཆ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་མཚན་དེ་ལྟར་བཏགས་པར་སྙིང་རྗེ་པད་དཀར་ལས་སོ། །

TN03_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༣)དེ་གཉིས་ཀྱི་སྐུའི་འོད་ཀྱིས་ནི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་མ་ལུས་པར་བཀང་སྟེ་གནས་ལ། བྱང་སེམས་ཀྱི་འཁོར་གང་དག་དེ་གཉིས་ལས་ཞག་བདུན་དུ་འདྲི་བའི་ལན་ཉན་པ་དེ་དག་དེའི་མོད་ཁོ་ནར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་འཐོབ་པའི་ཕྱིར། །སངས་རྒྱས་ཀྱི་ཞིང་དེ་ནི་སྐྱེས་བུ་དམ་པ་འདི་གཉིས་ལས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པའི་རྒྱལ་སྲས་ཀྱི་ཚོགས་ཀྱིས་གང་བར་མདོ་གཞན་ལས་གསུངས་སོ། །དེའི་ཕྱིར་དེ་དག་ནི་མཉམ་པ་མེད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་དང་ལྡན་པ་སྟེ། རྒྱལ་བའི་དབང་པོ་འོད་དཔག་མེད་བཞུགས་པ་དང་ཡོངས་སུ་མྱ་ངན་ལས་འདས་པའི་གནས་སྐབས་ཀུན་ཏུ་དམ་པའི་ཆོས་ཀྱི་མཛོད་འཛིན་པ་རྣམས་ཀྱི་ནང་ན་རབ་མཆོག་ཏུ་བསྔགས་པ་ཡིན་ནོ། །གཉིས་པ་ནི། ཞིང་དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་གྲངས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་གཏོགས་པ་གཞན་སུས་ཀྱང་བགྲང་བའི་རྔོ་མི་ཐོགས་པར་སྙིང་རྗེ་པད་དཀར་ལས་གསུངས་ཤིང་། ཞིང་བཀོད་ཀྱི་མདོ་ལས། བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་བརྩིས་ཀྱང་གྲངས་ཀྱི་མཐའ་མི་མངོན་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་ནས་བྱང་ཆུབ་སེམས་དཔའི་འཁོར་དག་བདེ་བ་ཅན་དུ་སྐྱེ་བ་འཛིན་པར་འགྱུར་ཏེ། དེ་བཞིན་གཤེགས་པ་རེ་རེའི་དྲུང་ནས་ཀྱང་བྱང་སེམས་བྱེ་བ་ཕྲག་དུ་མ་འགྲོ་བར་གསུངས་སོ། །དེ་ནི་ཞིང་གཞན་ནས་ཤི་འཕོས་ཏེ་འགྲོ་བའི་དབང་དུ་མཛད་ལ། མངོན་ཤེས་ཀྱི་མཐུ་ཐོབ་པའི་རྒྱལ་སྲས་ཆེན་པོ་རྣམས་ཞིང་དག་པའི་འབྱོར་པ་གཟིགས་པ་དང་། ཆོས་

TN03_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༤)ཀྱི་དགའ་སྟོན་ལ་རྩེ་བའི་ཕྱིར་རྫུ་འཕྲུལ་གྱིས་འདུ་བའི་གྲངས་ནི་དེ་བས་ཀྱང་ཆེས་མང་སྟེ། ཇི་ལྟར་བདག་ཅག་གི་སྟོན་པས་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་གསུངས་པ་ན་གླིང་བཞི་པའི་འཇིག་རྟེན་འདི་ན་རྫུ་འཕྲུལ་གྱིས་ཆོས་ཉན་དུ་ལྷགས་པའི་བྱང་སེམས་ཁོ་ནས་གང་བར་མ་གྱུར་པའི་ས་ཕྱོགས་འཁར་བ་འཛུགས་ས་ཙམ་ཡང་མེད་པར་གསུངས་པ་བཞིན་ནོ། །དེ་ལ་ཞིང་དེར་སྐྱེས་པའི་བྱང་སེམས་རྣམས་ཀྱི་ལུས་ཀྱི་བོང་ཚད་ནི་དཔག་ཚད་སྟོང་ཡིན་པར་སྙིང་རྗེ་པད་དཀར་ལས་ཏེ། ཐམས་ཅད་ཀྱང་འོད་དཔག་ཚད་བྱེ་བ་བརྒྱ་སྟོང་པ་འབའ་ཞིག་ཏུ་ཞིང་བཀོད་ཀྱི་མདོ་ལས་གསུངས་སོ། །སྔོན་ཐེ་ཚོམ་ཟོས་པའི་ཉེས་པས་བསྒྲིབས་པ་རྣམས་མ་གཏོགས་པ་ཐམས་ཅད་རྫུ་འཕྲུལ་གྱི་མཐུས་རྣམ་པར་རྩེ་བ་ཁོ་ན་ཡིན་ཏེ། དེ་དག་སྔ་དྲོ་རེ་རེར་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་བསྙེན་བཀུར་བྱེད་དུ་འགྲོ་སྟེ། ནམ་མཁའ་ལྟར་ཡངས་ཤིང་ཚད་མེད་པའི་མཆོད་པ། འཇིག་རྟེན་ཐམས་ཅད་ངོ་མཚར་བར་བྱེད་པ་དག་གིས་བསྟི་བསྟངས་བྱེད་དོ། །དེར་དེ་བཞིན་གཤེགས་པ་དེ་རྣམས་སོ་སོ་ནས་སྔོན་གྱི་སྨོན་ལམ་དང་། སངས་རྒྱས་ཀྱི་ཞིང་དང་། ཆོས་བཤད་པའི་རྣམ་གྲངས་དང་། མཛད་པའི་སྒོ་སྣ་ཚོགས་ཀྱིས་ཁམས་དབང་མོས་པ་མེ་འདྲ་བའི་སེམས་ཅན་ཇི་ལྟར་འདུལ་བའི་ཚུལ་བསམ་གྱིས་མི་ཁྱབ་པ་རྣམས་མཐོང་ཞིང་ལེགས་པར་ཁོང་དུ་ཆུད་ནས་ཟང་ཟིང་མེད་པའི་དགའ་བ་རྒྱ་ཆེ་ཞིང་གྱ་ནོམ་པ་ཆེས་རྨད་དུ་བྱུང་བ་ཐོབ་སྟེ། སླར་

TN03_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༥)ཡང་སྔ་དྲོ་དེ་ཉིད་ལ་རང་གི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་ཉིད་དུ་ཕྱིན་པར་འགྱུར་རོ། །འདིའི་ཐད་ཀྱི་འོད་མདོ་ལས། དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་སྔོན་གྱི་སྨོན་ལམ་གྱི་བྱིན་གྱིས་རླབས་ཀྱིས་ཡོངས་སུ་ཟིན་པ་དང་། སྔོན་ཆོས་མཉན་པ་བྱིན་པ་དང་། སྔོན་གྱི་རྒྱལ་བ་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། སྔོན་གྱི་སྨོན་ལམ་འབྱོར་ཞིང་ཡོངས་སུ་རྫོགས་པ་དང་། མི་ཉུང་བ་དང་། ཤིན་ཏུ་རྣམ་པར་ཕྱེ་བ་དང་། ཤིན་ཏུ་བསྒོམས་པས་སྨོན་ལམ་བཏབ་པ་འགྲུབ་བོ། །ཞེས་གསུངས་པ་ནི། ཞིང་དེའི་བྱང་སེམས་ཀྱི་འཁོར་ཕལ་ཆེར་དེ་ལྟ་བུའི་མཐུ་མ་ཐོབ་པ་མེད་པ་ནི་དེ་བཞིན་གཤེགས་པ་དེའི་སྔོན་སྨོན་དང་དགེ་བའི་རྩ་བའི་མཐུ་ཡིན་ཞེས་སྟོན་པར་མངོན་ནོ། །སྔར་བཤད་པ་ལྟར་དེ་ན་བྱང་སེམས་ཡིན་མིན་ཐམས་ཅད་མངོན་ཤེས་ལྔ་ལྡན་དུ་འབྱུང་མོད་ཀྱི། །འོད་མདོ་ལས། ཞིང་མཐའ་ཡས་པར་རྫུ་འཕྲུལ་གྱིས་འཇུག་ཚུལ་འདི་དག་བྱང་སེམས་འཁོར་འཆད་པའི་སྐབས་ཁོ་ནར་རྒྱས་བཤད་མཛད་པ་ནི། དཀོན་བརྩེགས་ཀྱི་མྱ་ངན་མེད་ཀྱིས་བྱིན་པས་ཞུས་པར། རྒྱ་མཚོ་ཆེན་པོ་དང་བུམ་པ་ཆུས་མི་ངོམས་པ་དང་ངོམས་པའི་དཔེས་གསུངས་པ་ལྟར། ཉན་ཐོས་ནི་རང་གི་དོན་ཉི་ཚེ་སྒྲུབ་པའི་བསམ་པ་ཅན་ཡིན་པས་དགེ་བའི་བཤེས་གཉེན་ཚད་མེད་པ་འཚོལ་བ་ལྷུར་མི་ལེན་པ་ལ་དགོངས་སམ་སྙམ་མོ། །གཞན་ཡང་སེམས་དཔའ་ཆེན་པོ་དེ་དག་གི་ཡོན་ཏན་གྱི་ཁྱད་པར་ནི། ཞིང་བཀོད་ཀྱི་མདོ་ལས། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་དག་འཇིག་རྟེན་གྱི་ཁམས་དེར་

TN03_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༦)སྐྱེས་པ་དེ་དག་ལ་གཞན་གྱི་འདུ་ཤེས་མེད། རང་གི་འདུ་ཤེས་མེད། བདག་གི་འདུ་ཤེས་མེད། འཐབ་པ་མེད། རྩོད་པ་མེད། མི་མཐུན་པ་མེད། མི་མཉམ་པའི་སེམས་མེད་དེ། དེ་དག་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང་། ཕན་པའི་སེམས་དང་། བྱམས་པའི་སེམས་དང་། མཉེན་པའི་སེམས་དང་། འཇམ་པའི་སེམས་དང་། དགེ་བའི་སེམས་དང་། རབ་ཏུ་དང་བའི་སེམས་དང་། བརྟན་པའི་སེམས་དང་། སྒྲིབ་པ་མེད་པའི་སེམས་དང་། འཁྲུགས་པ་མེད་པའི་སེམས་དང་། སྙོགས་པ་མེད་པའི་སེམས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་སྤྱོད་པའི་སེམས་དང་། སེམས་ཀྱི་རྒྱུད་སྒྱུ་མའི་རང་བཞིན་ལ་བློ་རབ་ཏུ་ཞུགས་པ། ཤེས་རབ་རྒྱ་མཚོ་ཆེན་པོ་དང་མཉམ་པ། བློ་རི་རབ་དང་མཚུངས་པ། ཡོན་ཏན་དུ་མ་བསགས་པ། ཞེས་པ་ནས། འཇིག་རྟེན་ཐམས་ཅད་ཀྱིས་མི་གོས་པའི་ཕྱིར་པདྨ་དང་འདྲ་བ། ཆོས་དང་ཆོས་མ་ཡིན་པ་མངོན་པར་སྒྲོག་པས་དུས་ཀྱི་རྗེས་སུ་འབྲངས་པའི་འབྲུག་ཆེན་པོ་དང་མཚུངས་པ། ཆོས་ཀྱི་ཆུའི་ཆར་མངོན་པར་འབེབས་པས་ཆར་པ་ཆེན་པོ་དང་འདྲ་བ། ཚོགས་ཆེན་པོའི་ཟིལ་གྱིས་གནོན་པས་ཁྱུ་མཆོག་དང་མཚུངས་པ། སེམས་ཤིན་ཏུ་མཆོག་ཏུ་དུལ་བས་གླང་པོ་ཆེ་ཆེན་པོ་དང་འདྲ་བ། ཤིན་ཏུ་དུལ་བས་རྟ་ཅང་ཤེས་བཟང་པོ་དང་མཚུངས་པ། རྩལ་དང་མི་འཇིགས་པས་སྐྲག་པ་མེད་པའི་ཕྱིར་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་འདྲ་བ། སེམས་ཅན་ཐམས་ཅད་

TN03_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༧)ཡོངས་སུ་སྐྱོབ་པས་ཤིང་གི་རྒྱལ་པོ་ནྱ་གྲོ་དྷ་དང་མཚུངས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་གཡོ་བས་རིའི་རྒྱལ་པོ་རི་རབ་དང་འདྲ་བ། བྱམས་པ་ཚད་མེད་པ་བསྒོམ་པས་ནམ་མཁའ་དང་མཚུངས་པ། དགེ་བའི་ཆོས་ཐམས་ཅད་ཀྱི་དབང་དུ་བྱ་བའི་སྔོན་དུ་འགྲོ་བས་ཚངས་པ་ཆེན་པོ་དང་འདྲ་བ། གནས་སུ་གསོག་པ་མེད་པས་བྱ་དང་མཚུངས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་རྣམ་པར་འཇོམས་པས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་དང་འདྲ་བ། འབྱུང་བར་དཀའ་བའི་ཕྱིར་ཨུ་དུམ་ཝཱ་རའི་མེ་ཏོག་དང་མཚུངས་པ། གླང་པོ་ཆེ་ལྟར་ཤིན་ཏུ་མཉམ་པར་བཞག་པས་རྣམ་པར་གཡེང་བ་མེད་པ། དབང་པོ་རྨུགས་པ་མེད་པ། རྣམ་པར་གཏན་ལ་འབེབས་པ་ལ་མཁས་པ། བཟོད་པ་དང་དེས་པ་མང་བ། ཕ་རོལ་ཕུན་སུམ་ཚོགས་པར་སྨོན་པས་ཕྲག་དོག་མེད་པ། ཆོས་ཀྱི་གཏམ་རྣམས་ལ་འཇིགས་པ་མེད་པ། ཆོས་ཡོངས་སུ་ཚོལ་བས་ངོམས་མི་མྱོང་བ། ཚུལ་ཁྲིམས་ཀྱིས་བཻཌཱུརྱ་དང་འདྲ་བ། ཐོས་པས་རིན་པོ་ཆེའི་འབྱུང་གནས་དང་མཚུངས་པ། ཞེས་པ་ནས། ཀུན་དགའ་བོ་མདོར་བསྡུ་ན། ཞིང་དེའི་བྱང་སེམས་རྣམས་ནི་འདི་ལྟ་བུ་ཤ་སྟག་སྟེ། རྒྱས་པར་བྱ་ན་གལ་ཏེ་དེ་བཞིན་གཤེགས་པའི་ཚེའི་ཚད་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་གནས་པས་བསྟན་ཀྱང་སྐྱེས་བུ་དམ་པ་དེ་དག་གི་ཡོན་ཏན་གྱི་མཐའ་བསྟན་པར་མི་ནུས། ཞེས་པའི་བར་དུ་རྒྱ་ཆེར་གསུངས་སོ། །དེ་ལྟར་སྣོད་

TN03_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༨)བཅུད་ཀྱི་ཡོན་ཏན་བཟང་ཞིང་རླབས་ཆེ་བ་བྱང་ཆུབ་སྒྲུབ་པའི་རྗེས་སུ་མཐུན་པ་རྣམས་ལ་དད་པ་སྤེལ་ཞིང་། སྨོན་ལམ་དང་དགེ་རྩ་སྟོབས་ལྡན་འཆི་ཁར་མངོན་དུ་འགྱུར་ངེས་སུ་སྦྱངས་པ། ཤཱཀྱའི་རྒྱལ་པོ་ཟས་གཙང་མ་དང་། ཚོང་དཔོན་བཟང་སྐྱོང་དང་། བུ་མོ་ཟླ་བ་མཆོག་དང་། འཕགས་པ་ཀླུ་སྒྲུབ་ལ་སོགས་པ་སྔོན་གྱི་བྱང་སེམས་དཔའ་བོ་ཆེན་པོ་རྣམས་ཀྱི་རྗེས་བཞིན་དུ་འགྲོ་བར་བྱ་སྟེ། ཞིང་བཀོད་ཀྱི་མདོ་ལས། གང་གིས་འོད་མཛད་འཇིག་རྟེན་མགོན། །རྫོགས་པའི་སངས་རྒྱས་མཐོང་ནས་ནི། །གུས་དང་བཅས་པས་ཆོས་ཐོས་པ། །དེ་དག་དགའ་བ་དམ་པ་འཐོབ། །ཅེས་གསུངས་པ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལེགས་ཚོགས་མཐའ་དག་ཟླ་བ་ཡར་གྱི་ངོ་བཞིན་དུ་རྒྱས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་འཛིན་པའི་མན་ངག་ལེགས་པར་བཤད་ཟིན་ཏོ། །ཐུབ་པའི་ལེགས་བཤད་ནོར་བུའི་གཏེར་ཁ་དང་། །ཞིང་མཆོག་བགྲོད་པའི་ལམ་སྲང་མ་འཁྲུགས་པ། །ལྷན་ཅིག་དུས་མཐའི་མུན་རུམ་སྟུག་པོར་ཡང་། །འགྲོ་འདིས་གསལ་པོར་མཐོང་བ་བདག་གིས་བྱས། །ཚུལ་འདིར་མདོ་དོན་ཇི་བཞིན་མིན་བཤད་པའི། །ནོངས་པ་གང་མཆིས་རྒྱལ་ལ་སྙིང་ནས་འཆགས། །དགེ་བས་ལུས་ཅན་སྡུག་བསྔལ་ཆུ་གཏེར་ལས། །འཐོན་ཏེ་འོད་དཔག་མེད་ཀྱི་གནས་བགྲོད་ཤོག །བདག་ཀྱང་མགོ་ལ་སངས་རྒྱས་ཅོད་པན་ཐོགས། །ཡིད་ནི་རྣལ་འབྱོར་དམ་པའི་བདུད་རྩིས་གང་། །རབ་

TN03_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༩)འབྱམས་ཞིང་དུ་འགྲོ་ལ་མཆོག་སྦྱིན་ཕྱིར། །ཐོགས་མེད་རྒྱུ་བ་སྤྱན་རས་གཟིགས་འདྲར་ཤོག །བདེ་བ་ཅན་གྱི་ཞིང་ལས་བརྩམས་པའི་གཏམ་དགེ་བའི་ལོ་ཐོག་སྤེལ་བྱེད་དབྱར་སྐྱེས་སྤྲིན་ཆེན་གླལ་བའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི། བྱང་ཆུབ་ཤིང་གི་བཤད་པ་ཡན་ཆད་གསེར་འཕྱང་གི་ལོར་བྲིས་ཀྱང་། འཕྲོ་རྣམས་སྙོམ་ལས་ཀྱི་ངང་ལ་ཡུན་རིང་པོར་ལུས་པ་ལས། སླར་རང་ལོ་སོ་བདུན་པ་འཕར་བའི་ལོའི་སྟོན་ཀ་བཀྲ་ཤིས་ཀྱི་དཔལ་དང་ལྡན་པའི་ཚེས་ལ་ཡོངས་སུ་རྫོགས་བར་བྱས་ཏེ། །ཐེག་པ་མཆོག་གི་གསུང་རབ་ལ་དད་པ་ཅུང་ཟད་སྐྱེས་བའི་སྐལ་བཟང་འཇིགས་མེད་བསྟན་པའི་ཉི་མས། བཀྲ་ལེགས་མདངས་ཆེན་གྱི་རི་བོའི་ངོས། ནགས་ཚལ་དགའ་བ་ཅན་གྱི་མཐོངས། དགེ་འཕེལ་གྱི་གཙུག་ལག་ཁང་དུ་སྦྱར་བ་འདིས་ཀྱང་སེམས་ཅན་རྣམས་ཀྱི་རྒྱུད་ལ་འོད་དཔག་མེད་ཀྱི་སྨོན་ལམ་མ་ལུས་པ་བདེ་བླག་ཏུ་སྨིན་པར་གྱུར་ཅིག ༈ །།འཕྲུལ་ཆེན་སྤརགྱི་ལྗོན་ཤིང་རྒྱས་པའི་རྩེར། ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུ་བྷཾམསྟུ་སརྦ་ཛ་ག་ཏཾ།

TN03_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༠)

TN03_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༡)མ་ཡིན་ཏེ། དེ་ན་ཉན་ཐོས་ཀྱི་འཁོར་ཡང་མཐའ་ཡས་པ་ཡོད་པར་གསུངས་པའི་ཕྱིར་རོ། །འོན་ཀྱང་དེར་སྐྱེ་བ་ཙམ་འཐོབ་པ་ལའང་སེམས་བསྐྱེད་ཡོད་མེད་གཉིས་ལ་ཚེགས་ཆེ་ཆུང་གིས་འཐོབ་པའི་ཁྱད་པར་ནི་ཡོད་པར་མངོན་ནོ། །ཞིང་དེར་བྱེ་བྲག་ཏུ་སྐྱེ་བའི་རྒྱུ་སྟོན་ཐོག་གིས་བོན་ལྟ་བུ་ནི་དེར་སྐྱེ་བར་སྨོན་ལམ་འདེབས་པ་ཡིན་ལ། སྨོན་ལམ་དེ་རྒྱུན་རིང་ལ་ཤུགས་དྲག་པ་ཡོད་ན་ཞིང་དེར་སྐྱེ་བའང་དེའི་ཚོད་ཙམ་སླ་ཞིང་། དེ་ལས་བཟློག་ན་དཀའ་བ་ཡིན་ནོ། །སྨོན་ལམ་གྱི་ངོ་བོ་ནི་འདུན་པ་ཡིན་ཅིང་། དེའི་རྩ་བ་དད་པས་བྱེད་པར་གསུངས་པས། སྨོན་ལམ་དེ་ལྟར་འོང་བ་ནི། རྒྱལ་བའི་དབང་པོ་འོད་དཔག་མེད་རྣམ་པས་ཡང་དང་ཡང་དུ་ཡིད་ལ་བྱེད་པའི་དད་པ་སྦྱངས་པ་ལ་ལྟོས་ཏེ། དེ་ནི་རྒྱུ་དང་པོ་ཡིན་ནོ། །འདིར་སྐྱོབ་པ་འོད་དཔག་མེད་ནི་ཡིད་ལ་བྱ་རྒྱུ་དང་། དེ་ཡིད་ལ་བྱེད་པའི་ཚུལ་ནི་རྣམ་པས་ཞེས་པ་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱི་རྣམ་པ་དང་། ཆོས་སྟོན་པ་དང་། སྤྱོད་ལམ་གྱི་རྣམ་པ་དང་། ཉན་ཐོས་དང་བྱང་སེམས་ཀྱི་འཁོར་གྱི་རྣམ་པ་དང་། སངས་རྒྱས་ཀྱི་ཞིང་གི་རྣམ་པ་དང་། སྔོན་གྱི་རྒྱུའི་རྣམ་པ་སོགས་རྣམ་པ་དུ་མའི་སྒོ་ནས་སེམས་པར་མདོ་གཞན་དང་གཞན་ལས་གསུངས་པ་བཞིན་ཏེ། འདི་ནི་དད་པ་སྒོ་དུ་མ་ནས་རྒྱས་པའི་ཆེད་དོ། །དེའང་ལན་རེ་ཟུང་ཙམ་མ་ཡིན་པར་སྒོམ་དགོས་པ་ནི་ཡང་དང་ཡང་དུ་ཞེས་པས་བསྟན་ཏེ། འདིས་ནི་དད་པ་རྒྱུན་རིང་ལ་བརྟན་པ་སྒྲུབ་པར་བྱེད་དོ། །བཤད་མ་ཐག་པའི་རྣམ་པ་དེ་དག་ལ་མཁས་ན་དེ་དག་གི་སྒོ་ནས་སངས་རྒྱས་ཡིད་

TN03_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༢)ལ་བྱེད་ཚུལ་མེད་པས། ཞིང་བཀོད་ཀྱི་མདོ་སྡེ་རིན་པོ་ཆེ་འབད་པ་དུ་མས་ཉན་དགོས་པར་གསུངས་ཏེ། སྟོབས་བཅུ་མངའ་བས་དད་པ་སྦྱང་ཐབས་ཀྱི་མན་ངག་གཏིང་ཐུག་པར་བྱིན་པ་ཡིན་པར་ཟུངས་ཤིག །སྨོན་ལམ་ཁྱད་པར་ཅན་ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པ་ལ། དེའི་རྟེན་དུ་གོང་གི་རྒྱུ་གཉིས་པ་དགེ་བའི་རྩ་བ་མང་པོ་བསགས་པ་དགོས་ཏེ། མདོ་དེ་ཉིད་ལས། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་བྱ་བའི་ཕྱིར་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་བྱའོ། །ཞེས་དང་། སྙིང་རྗེ་པད་དཀར་ལས་ཀྱང་། བདག་གི་མིང་ཐོས་པར་གྱུར་པ་དེ་དག་ཐམས་ཅད་དགེ་བའི་རྩ་བ་སངས་རྒྱས་ཀྱི་ཞིང་དུ་ཡོངས་སུ་བསྔོ་བ་བགྱིས་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །ཅེས་སྨོན་ལམ་འདེབས་ལུགས་ཀྱང་དགེ་རྩ་ཡོངས་སྒྱུར་གྱི་བསྔོ་བའི་རྣམ་པ་ཅན་དུ་བྱེད་པར་གསུངས་སོ། །དགེ་རྩ་གསོག་ལུགས་ནི། སྔར་དྲངས་པའི་མདོ་ལུང་ཕྱི་མར། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་རྒྱུན་དུ་བསྐྱེད་ལ། ཞེས་སྒོ་མང་པོ་ནས་གསོག་པ་དང་། ཞིང་དང་བསམ་པ་སོགས་ཀྱི་དབང་གིས་སྐད་ཅིག་རེར་ཡང་དཔག་ཏུ་མེད་པ་གསོག་པ་དང་། དེ་ལའང་གོམས་པ་རྒྱུན་ཆགས་སུ་བྱེད་པར་གསུངས་སོ། །སྒོ་མང་པོ་ནས་གསོག་ཚུལ་ཡང་། དེ་ཉིད་ལས། ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱའོ། །ཐོས་ནས་ཀྱང་གཡོར་མ་ལྟུང་བའི་རྒྱུད་ཀྱིས་བསམ་པ་ཐག་པ་ནས་རྗེས་སུ་དགའ་བར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། བཅང་བར་བྱ་བ་དང་། ཡི་

TN03_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༣)གེར་བྲི་བ་དང་། བསྒོམ་པའི་ཕྱིར་བརྩོན་འགྲུས་རླབས་པོ་ཆེ་ཆེན་པོ་བརྩམ་པར་བྱའོ། །ཐ་ན་བ་གཅིག་འཇོ་བ་དེ་སྲིད་དུ་གཞན་དག་ལ་བརྗོད་པར་བྱའོ། །ཞེས་གསུངས་ཤིང་། དེའི་འཕྲོ་ཞིག་ན། ཐ་ན་ཡི་གེར་བྲིས་ཏེ་མཆོད་པ་བྱེད་པ་དེ་དག་ཀྱང་བསོད་ནམས་མང་དུ་སྐྱེད་པར་འགྱུར་ཏེ། ཞེས་མཆོད་པ་བྱེད་པ་ཡང་གསུངས་སོ། །དམ་པ་སྔ་མ་དག་སྨོན་ལམ་འགྲུབ་པའི་རྒྱུར་དགེ་རྩ་སྐྱེད་པའི་སྒོ་རྣམས་ཕྱག་འཚལ་བ་ལ་སོགས་པའི་ཡན་ལག་བདུན་དུ་བསྡུ་བར་བཞེད་དེ། སྡོང་པོ་བཀོད་པ་སོགས་ཀྱི་མདོའི་རྗེས་སུ་འབྲངས་པའོ། །འོད་མདོར་རྒྱུ་གཉིས་པ་སྟོན་པའི་སྐབས་སུ། ཇི་སྐད་སྨོས་པའི་ཁྱད་པར་དེ་འདྲ་བ་ཡང་དང་ཡང་དུ་སྦྱར་བས། ལུས་འདི་བོར་ནས་སྐྱེ་སྲིད་གཞན་བར་དུ་མི་བརྒྱུད་པར་ཞིང་དེར་འགྲོ་བ་ལ་དགེ་རྩ་ཤིན་ཏུ་ཤས་ཆེ་བ་དགོས་པར་གསལ་ལ། དེའང་ཚུལ་ཁྲིམས་དང་ལྡན་པ་ལ་འོང་གིས། རྒྱུད་ཉེས་པར་སྤྱོད་པས་ཟིལ་གྱིས་མནན་པ་ལ་ཆེས་ཆེར་དཀའ་བའི་ཕྱིར། མི་དགེ་བཅུ་སྤོང་ལ་མ་མཐའ་བྱས་པའི་ཚུལ་ཁྲིམས་ལ་མང་དུ་གནས་པ་དང་། སྡིག་ལྟུང་བྱུང་ཡང་བཤགས་བསྡམ་འབད་ནས་བྱེད་པ་ཅིག་གལ་ཤིན་ཏུ་ཆེ་བར་སྣང་སྟེ། བསྡུས་དོན་དང་པོའི་ཐད་དུ་དྲང་བའི་འཇམ་དཔལ་ཞིང་བཀོད་ཀྱི་ལུང་གིས་ཀྱང་ཚུལ་ཁྲིམས་དང་སྨོན་ལམ་གཉིས་ཞིང་དག་པར་སྐྱེ་བའི་རྒྱུའི་གཙོ་བོར་བསྟན་ཏོ། །ལྷག་པར་ཡང་དམ་པའི་ཆོས་སྤངས་པ་དང་། མཚམས་མེད་བྱེད་པ་གཉིས་ཀྱིས་བདེ་སྨོན་མི་འགྲུབ་པར་གོང་དུ་བརྗོད་ཟིན་ཅིང་། ལྷག་བསམ་

TN03_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༤)བསྐུལ་བ་ལས་ཀྱང་། སྔོན་དགེ་སློང་ཆོས་སྨྲ་བ་གཉིས་ལ་སྐུར་པ་བཏབ་པའི་བྱང་སེམས་དྲུག་ཅུ་ལས་དེ་ལྷག་མ་མེད་པར་མ་ཟད་ཀྱི་བར་ལ་བདེ་བ་ཅན་དུ་འགྲོ་མི་ནུས་པར་གསུངས་ཏེ། དེའི་ནང་ནས་ཀྱང་། རྒྱལ་བའི་བསྟན་པ་ལ་ཆགས་སྡང་རིས་ཐ་དད་དུ་ཕྱེ་ནས་རྟག་ཏུ་གཞན་གྱི་ལེགས་བཤད་ལ་ཀླན་ཀ་ཚོལ་བའི་བསམ་པ་ཅན་གྱི་མཁས་རློམས་དང་། དྲི་མ་མེད་པའི་གསུང་རབ་དང་དགོངས་འགྲེལ་རིན་པོ་ཆེ་རྣམས་ལ་ཐན་མཐོང་བ་ལྟར་བྱེད་པའི་བླུན་པོ་དང་། རྙེད་བཀུར་གྱིས་དབྱེན་སྤྱོས་ནས་དམ་པ་རྣམས་ཀྱི་ཕུན་ཚོགས་ལ་ཞེ་སྡང་བ་དང་། གཞན་ཡང་དེ་དག་དང་ཕྱོགས་མཐུན་པ་བདག་ཅག་ལྟ་བུ་རྣམས་ལ་ཆོས་དང་ཆོས་སྨྲ་བ་ལ་བརྟེན་པའི་ལས་སྒྲིབ་འདི་དག་འབྱུང་ཤིན་ཏུ་ཉེ་བས། འཕགས་པ་ལྷག་བསམ་བསྐུལ་བ་དང་། རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་སོགས་ཞིབ་ཏུ་བལྟས་ལ། ཉེས་སྤྱོད་ཆེན་པོའི་སྒོ་དེ་དག་གི་རྣམ་དབྱེ་ཤེས་པར་བྱས་ཏེ་མཐུ་ཅི་ཡོད་ཀྱིས་དགག་དགོས་སོ། །རྒྱུ་བཞི་པོ་འདི་དག་ཚུལ་བཞིན་བསྒྲུབས་པའི་སྐྱེས་བུས་ནི་ཚེ་འདིར་ཡང་ཐུབ་པ་འོད་དཔག་མེད་རྨི་ལམ་དུ་མཐོང་ཞིང་། ནམ་ཞིག་འཆི་བ་ལ་མངོན་དུ་ཕྱོགས་པའི་ཚེ་བཅོམ་ལྡན་འདས་དེ་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་ཚོགས་ཀྱིས་བསྐོར་ནས་མདུན་དུ་བཞུགས་པ་མཐོང་སྟེ་དགའ་བ་དང་དད་པའི་ཤུགས་ཀྱིས་ཡིད་འདྲེན་པར་འགྱུར་ལ། དེའི་མཐུས་ལས་ཀྱི་སྒྲིབ་པ་རྣམས་བྱང་ནས་ཐོགས་པ་མེད་པར་བདེ་བ་ཅན་དུ་འགྲོ་བ་འོད་མདོ་དང་སྙིང་རྗེ་པདྨ་དཀར་པོར་ཅི་རིགས་སུ་གསུངས་

TN03_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༥)སོ། །ཞིང་དེའི་བྱང་སེམས་ཀྱི་འཁོར་དུ་སྐྱེས་ཀྱང་རེ་ཞིག་ལ་སྔར་བཤད་པའི་ཕན་ཡོན་རྣམས་ལས་ཉམས་པའི་རྒྱུ་ནི། རྒྱུ་བཞི་བསྒྲུབས་ཀྱང་བཅོམ་ལྡན་འདས་ཀྱིས་ཞིང་གི་ཡོན་ཏན་དང་དེར་རྒྱུ་ཅི་ཙམ་ཞིག་གིས་སྐྱེ་བའི་རྣམ་བཞག་བཀའ་སྩལ་པ་རྣམས་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། དེའི་ཉེས་པས་ཞིང་དེར་པདྨའི་མངལ་དུ་ལོ་ལྔ་བརྒྱར་སངས་རྒྱས་མཐོང་བ་དང་། དེ་ལས་ཆོས་ཉན་པ་དང་། བྱང་ཆུབ་སེམས་དཔའ་མཐོང་བ་དང་། དེ་དག་དང་ལྷན་ཅིག་འབེལ་བའི་ཆོས་ཀྱི་གཏམ་རྣམ་པར་ངེས་པ་བྱ་བ་དང་། དེའི་དོན་ནན་ཏན་གྱིས་བསྒྲུབ་པའི་སྒོ་ནས་རྟོགས་པ་ཁྱད་པར་དུ་འགྲོ་བ་རྣམས་བྱར་མེད་པར་གནས་དགོས་པའི་ཚུལ་རྒྱ་ཆེར་འོད་མདོ་ལས་གསུངས་སོ། །དེ་དག་སངས་རྒྱས་མཐོང་བ་ལས་ཉམས་ཀྱང་ཆོས་ཐོས་པ་ལས་མི་ཉམས་ཟེར་བ་ནི་མདོ་དང་འགལ་ལོ། །ཐེ་ཚོམ་འདི་འགོག་པ་ལ་དཔལ་ཆོས་ཀྱི་གྲགས་པས། མཐོང་དང་མ་མཐོང་དངོས་པོ་ཡི། །དོན་དེ་དག་ལ་མངོན་སུམ་དང་། །རྗེས་དཔག་རྣམ་པ་གཉིས་ཀྱིས་ཀྱང་། །གནོད་མེད་འདི་ཡི་མི་བསླུ་བའོ། །ཞེས་སོགས་གསུངས་པ་ལྟར། དེ་བཞིན་གཤེགས་པས་མཐོང་བ་མངོན་གྱུར་བསྟན་པའི་གསུང་རབ་ལ་མངོན་སུམ་དང་། མཐོང་བ་ལྐོག་གྱུར་བསྟན་པའི་གསུང་རབ་ལ་དངོས་སྟོབས་ཀྱི་བསལ་བ་མི་འཇུག་པའི་ཚུལ་དང་། དེ་ནས་མ་མཐོང་བ་ཤིན་ཏུ་ཀློག་གྱུར་སྟོན་པའི་གསུང་རབ་འདི་འདྲ་བ་རྣམས་ལ་རང་ཚིག་སྔ་ཕྱི་དང་། དངོས་ཤུགས་འགལ་བའི་གནོད་པ་མེད་ཚུལ་ཤེས་པར་

TN03_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༦)བྱས་ཏེ། གསུང་རབ་སྔ་མ་གཉིས་མཐུན་དཔེར་བླངས་ནས་དཔྱད་གསུམ་དག་པའི་ལུང་གི་རྟགས་ཀྱིས་མི་བསླུ་བར་ཡིད་ཆེས་སྐྱེད་པ་དགོས་ཏེ། འདི་ནི་འོད་མདོ་ཉིད་ལས། དེ་བས་མཁས་པ་རིག་པའི་རང་བཞིན་མི། །གང་ཞིག་ང་ཡི་ཚིག་ལ་ཡིད་ཆེས་ཏེ། །རྒྱལ་བའི་ཡེ་ཤེས་ཕུང་པོ་དབང་བྱས་ནས། །སངས་རྒྱས་ཉིད་ཀྱིས་མཁྱེན་ཅེས་ཚིག་ཏུ་བརྗོད། །ཅེས་པའི་དགོངས་པར་ཡང་སྣང་མོད། འདིར་དེ་ཙམ་ལས་མ་བཤད་དོ། །དེ་ལྟར་ཚོགས་གཉིས་ཀྱི་སྤྱོད་པ་རླབས་པོ་ཆེ་བདེ་བླག་ཏུ་རྫོགས་པར་བྱེད་པའི་ཐབས་ལ་མཁས་པ་རྨད་དུ་བྱུང་བ་ལས་ཀྱང་ཆེས་རྨད་དུ་བྱུང་བ་འདི་ལྟ་བུ་རྙེད་ནས་སྒྲུབ་ཏུ་ཡོད་པ་ནི། ད་རེས་འདྲ་བའི་བརྒྱ་ལམ་བརྒྱ་ལམ་ན་ཐུགས་རྗེ་ཅན་གྱི་སྟོན་པ་དང་། སྟོན་པའི་ལུགས་འཛིན་དམ་པ་རྣམས་ཀྱི་དྲིན་ལས་དཀའ་དཀའ་ལྟར་རྙེད་པར་ཟད་ཀྱི། ཡང་དང་ཡང་དུ་རྙེད་པ་མ་ཡིན་པའི་ཚུལ་ལེགས་པར་བསམ་ནས་མདོ་སྡེ་རིན་པོ་ཆེ་གདམས་པའི་མཐིལ་དུ་བཟུང་སྟེ་དོན་ཉམས་སུ་ལེན་པའི་བརྩོན་འགྲུས་དྲག་པོས་རྒྱལ་བ་སྲས་བཅས་ལ་བྱས་པ་གཟོ་བར་བྱ་སྟེ། མདོ་དེ་ཉིད་ལས། མི་ཕམ་པ་སངས་རྒྱས་འབྱུང་བ་རྙེད་པར་དཀའོ། །ཆོས་བསྟན་པ་རྙེད་པར་དཀའོ། །དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའོ། །མི་ཕམ་པ། ངས་ཁྱོད་ལ་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྙད་ཀྱིས། ད་ཁྱོད་ཀྱིས་མངོན་པར་སྦྱོར་ལ་སྒྲུབ་ཤིག །ཅེས་བཀའ་སྩལ་པ་བཞིན་ནོ། །གཉིས་པ་ནི། བདེ་བ་ཅན་དུ་སྐྱེ་བའི་སྨོན་

TN03_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༧)ལམ་དང་། དེའི་གྲོགས་དགེ་རྩ་དུ་མ་ལ་འཇུག་པའི་བརྩོན་འགྲུས་གཉིས་ཀའི་རྩ་བ་ནི་བསམ་གྱིས་མི་ཁྱབ་པའི་ཞིང་གི་འབྱོར་པ་ལ་དད་པ་བརྟན་པ་ཡིན་པས་གཙོ་བོར་དེ་བསྒོམ་པའི་ཕྱིར་དུ་འབད་དགོས་ཏེ། དེ་ཉིད་ལས། དོན་མཆོག་ཐོབ་ཕྱིར་དད་པ་རྩ་བ་སྟེ། །དེ་ལྟ་བས་ན་ཐོས་ནས་ཡིད་གཉིས་སོལ། །ཞེས་གསུངས་སོ། །དེའང་རྒྱུ་འབྲས་གཉིས་ཀའི་སྒོ་ནས་བསམ་ན་བློ་འཁྲུལ་སྟོབས་ཆེ་བས་དེ་ལྟར་ཅུང་ཟད་བཤད་པ་ལ་གཉིས། ཞིང་དེ་དང་པོར་ཇི་ལྟར་བསྒྲུབས་པའི་ཚུལ་དང་། གྲུབ་པའི་ཞིང་གི་ཕུན་ཚོགས་ཉིད་བཤད་པའོ། །དང་པོ་ལའང་། བསམ་པ་སྨོན་ལམ་ཇི་ལྟར་བཏབ་པ། སྦྱོར་བ་ཚོགས་ཇི་ལྟར་བསགས་པ། དེ་དག་གི་ལག་རྗེས་ཇི་ལྟར་གྲུབ་པའི་ཚུལ་དང་གསུམ་ལས། དང་པོ་ནི། སྐྱོབ་པ་འོད་དཔག་མེད་སྔོན་དགེ་སློང་ཆོས་ཀྱི་འབྱུང་གནས་སུ་གྱུར་པ་ན་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཐུགས་རྒྱུད་བསྐུལ་བར་གྱུར་ཏེ་ཕུལ་དུ་བྱུང་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་གཟུང་བའི་ཆེད་དུ་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སྤྱན་སྔར་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་གི་ཡོན་ཏན་སྒྲུབ་བྱེད་ཀྱི་རྒྱུ་དང་བཅས་པ་ལོ་བྱེ་བ་ཐམ་པར་གསན་ཅིང་། དེའི་འོག་ཏུ་རང་ཉིད་ཀྱིས་བསྐལ་པ་ལྔའི་རིང་ལ་ཇི་སྐད་གསན་པའི་ཞིང་དེ་དག་ལས་ཆེས་ཁྱད་པར་དུ་འཕགས་པའི་རྒྱ་ཁྱོན་དང་། རང་བཞིན་དང་། འཁོར་དང་། ལོངས་

TN03_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༨)སྤྱོད་ཀྱི་བྱེ་བྲག་ཟད་མི་ཤེས་པ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ལ་རྩེ་གཅིག་ཏུ་སེམས་ཤིང་འདུག་ནས། གདོད་དེ་བཞིན་གཤེགས་པའི་སྤྱན་སྔར་དེ་འདྲ་བའི་ཞིང་བཟུང་བར་འོད་མདོ་ལས་གསུངས་ཏེ། རྒྱས་པར་ན་དང་པོར་དགེ་སློང་ཆོས་ཀྱི་འབྱུང་གནས་དེ་ཐེག་མཆོག་རིགས་ཀྱི་ནུས་པ་ཁྱད་པར་ཅན་སད་ཚུལ་དང་། དེ་ནས་དགེ་བའི་བཤེས་གཉེན་བསམ་སྦྱོར་ཇི་ལྟ་བུས་བསྟེན་པ་དང་། དགེ་བའི་བཤེས་གཉེན་ལས་འབད་པ་ཆེན་པོས་གདམ་ངག་ཇི་ལྟར་བླངས་པ་དང་། གདམ་ངག་དེ་ལ་བརྟེན་ནས་བསམ་པ་ཕུན་ཚོགས་ཇི་ལྟ་བུ་བརྙེས་པ་དང་། བསམ་པ་དེ་ཐོག་མར་བསྐྱེད་དུས་ནས་ངོ་མཚར་རྨད་དུ་བྱུང་བའི་ལྟས་རྒྱ་ཆེན་པོ་འཇིག་རྟེན་དུ་བྱུང་ཚུལ་རྣམ་དཔྱོད་ཅན་གྱི་འདུན་སར་གླེང་བར་འོས་པ་དུ་མ་ཞིག་ཞིང་བཀོད་ཀྱི་མདོ་ཉིད་ཀྱི་སྟེང་ནས་ཤོད་པར་སྣང་ཡང་མང་བས་འཇིགས་ནས་མ་སྤྲོས་སོ། །སྙིང་རྗེ་པདྨ་དཀར་པོ་ལས་ནི། བཅོམ་ལྡན་འདས་དེས་སངས་རྒྱས་ཀྱི་ཞིང་བཟུང་བའི་སྐུ་ཚེའི་ཐོག་མ་འཁོར་སྒྱུར་རྩི་བས་ཀྱི་མ་ཁྱུད་དུ་འཁྲུངས་པ་དེ་ཡིན་པར་གསུངས་ཏེ། དེས་ལོ་བདུན་དུ་གཡེང་བ་ཐམས་ཅད་སྤངས་ཏེ་ནང་དུ་ཡང་དག་འཇོག་ལ་གནས་པ་ན། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་བྱིན་རླབས་ཀྱིས་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྟོང་གི་རྡུལ་སྙེད་རྣམས་ཀྱི་ཡོན་ཏན་བཀོད་པའི་རྒྱན་དག་མཐོང་བར་གྱུར་ནས་དེ་དག་ལ་ལྟ་ཞིང་གང་དུ་རང་ཉིད་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་

TN03_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༩)ཡོན་ཏན་ཕུན་སུམ་ཚོགས་པར་འགྱུར་བའི་སྨོན་ལམ་གྱི་ཚུལ་ལ་མཁས་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་སྨོན་ལམ་རྒྱ་ཆེར་བཏབ་ཚུལ་རྣམས་བཤད་དོ། །གཉིས་པ་ནི། དེ་ལྟར་སྨོན་པ་ཙམ་གྱིས་ཆོག་ཤེས་པར་ཡང་མ་མཛད་དེ། ཇི་ལྟར་སྨོན་པའི་དོན་དེ་ཉིད་བསྒྲུབ་པར་བྱ་བའི་ཕྱིར། དུས་ཀྱི་ཁྱད་པར་བསྐལ་པ་མཐའ་ཡས་པར། སློབ་ཚུལ་གྱི་ཁྱད་པར་རྟག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་འབའ་ཞིག་གི་རྗེས་སུ་འབྲང་བའི་དྲན་པ་དང་ཤེས་བཞིན་དང་བག་ཡོད་རྣམས་ལ་གནས་ཏེ། བསླབ་བྱའི་རང་བཞིན་ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་ཕྱོགས་རེ་ཙམ་མ་ཡིན་པར་སྡོམ་པ་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་སྤྱོད་པ་ཕྱོགས་རེ་ཙམ་མ་ཡིན་པར་སྒྲུབ་པ་དང་། ཁྱད་པར་དུ་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཚད་བཟུང་དང་བྲལ་བས་མཐར་འཛིན་གྱི་འཆིང་བ་བཅད་དེ། སྦྱིན་པ་ལ་སོགས་པ་བྱང་སེམས་ཀྱི་སྤྱོད་པ་གཞན་རྣམས་ཀྱང་ཤེས་རབ་དེ་ཉིད་ཀྱི་རྒྱས་བཏབ་ནས་གོམས་པར་བྱེད་པ་དང་། དགེ་ཆོས་དེ་རྣམས་ཁྱད་པར་དུ་འགྲོ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བཤེས་གཉེན་བགྲང་བས་མཐའ་མི་རྟོགས་པ་དེ་ཉིད་སྒོ་ཐམས་ཅད་ནས་མཉེས་པར་བྱ་བ་དང་། རང་གང་ལ་གནས་པའི་ལམ་དེ་ཉིད་མཐའ་ཡས་པའི་སེམས་ཅན་གྱིས་དངོས་དང་བརྒྱུད་ནས་རྟོགས་པར་བྱ་བའི་ཕྱིར་ཐབས་ལ་མཁས་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་སྟོན་པ་དང་། དེ་དག་ཐམས་ཅད་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་བསྔོ་

TN03_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༠)ཞིང་ཡོངས་སུ་སྤེལ་བ་སྟེ། མདོར་ན་དགེ་བའི་རྩ་བ་མ་སྦྱངས་པ་རྣམས་ཀྱིས་ཐོས་ན་ཡིད་ཆེས་པ་ཙམ་ཡང་བྱ་དཀའ་བའི་སྤྱོད་པ་རྨད་དུ་བྱུང་བ་རྣམས་ལ་བསླབ་པར་མཛད་པ་ནི། འོད་མདོ་ལས། ཀུན་དགའ་བོ་དགེ་སློང་ཆོས་ཀྱི་འབྱུང་གནས་དེས་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོ་དེའི་སྤྱན་སྔར་ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་སྨོན་ལམ་གྱི་ཁྱད་པར་རྣམ་པ་དེ་ལྟ་བུ་དེ་དག་བསྟན་ནས། ཡང་དག་པའི་ལྟ་བ་བཞིན་དུ་སྒྲུབ་པ་ལ་གནས་པར་གྱུར་ཏེ། ཞེས་སོགས་རྒྱས་པར་གསུངས་སོ། །གསུམ་པ་ནི། །བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ཆེན་པོ་དེ་དག་གི་མཐུ་ལས་སྐུ་ཚེའི་ཕྲེང་བ་ཐམས་ཅད་དུ་ལུས་མཚན་དཔེས་བརྒྱན་ཅིང་། ཁའི་སྒོ་དང་བ་སྤུའི་སྒོ་ཐམས་ཅད་ལས་ལྷ་རྫས་ཀྱི་ཙན་དན་དང་མེ་ཏོག་ཨུཏྤ་ལའི་བསུང་འབྱུང་བ་དང་། ཅི་དང་ཅི་དགོས་པའི་ཡོ་བྱད་ཀྱི་ཁྱད་པར་ཐམས་ཅད་ལག་པ་གཉིས་ནས་རང་འབྱུང་བ་དང་། ཕྱོགས་གང་དུ་སྐྱེས་ཀྱང་དེ་དང་དེར་གཏེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་འཐོན་པ་དེ་ལྟ་བུའི་དཔལ་གྱིས་མཛེས་པར་གྱུར་ཏེ། དེ་ཡང་རིམ་གྱིས་གོང་ནས་གོང་དུ་འཕེལ་ཏེ། མཐར་སངས་རྒྱས་ཀྱི་ཞིང་གི་བཀོད་པའི་རྒྱན་ཇི་ལྟར་བཞེད་པ་ཐམས་ཅད་འགྲུབ་པའི་ནུས་པ་ཡོངས་སུ་རྫོགས་པའི་བར་དུ་གྱུར་པ་ཡང་། དེ་ཉིད་ལས། ཀུན་དགའ་བོ་དེ་ལྟར་དགེ་སློང་ཆོས་ཀྱི་འབྱུང་གནས་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ན་ཡོ་བྱད་ཐམས་ཅད་ལ་དབང་བའི་ཕ་རོལ་ཏུ་སོན་པར་གྱུར་ཏོ། །ཞེས་སོགས་གསུངས་སོ། །

TN03_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༡)དེའང་རྒྱུའི་དགེ་ཚོགས་བཟང་བ་དང་། མང་བ་དང་། ཉེས་སྤྱོད་དང་མ་འདྲེས་པ་དང་། སྣ་ཚོགས་པ་སོགས་ཀྱི་དབང་གིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཟང་བ་དང་། མང་ཞིང་ཕལ་ཆེ་བ་དང་། སྙིགས་མ་ཐམས་ཅད་ཀྱིས་མ་སྦགས་པ་དང་། རྒྱན་སྣ་ཚོགས་པ་སོགས་སོ་སོར་འབྱུང་བར་སྣང་ངོ། །རྒྱུའི་གསལ་བ་ཐ་དད་ལས་སངས་རྒྱས་ཀྱི་ཞིང་ལ་ལག་རྗེས་སོ་སོར་འབྱུང་བའི་ཚུལ་རྒྱས་པར་ནི་སའི་སྙིང་པོའི་འཁོར་ལོ་བཅུ་པ་དང་། འཇམ་དཔལ་ཞིང་བཀོད་ལས་ཤེས་པར་བྱའོ། །དེ་བཞིན་དུ་མཚན་དང་། དཔེ་བྱད་དང་། འོད་དང་། སྐུ་ཚེ་དང་། དབྱངས་དང་། ཡེ་ཤེས་དང་། མཛད་པ་དང་། ཐ་ན་མཚན་གྱི་ཡི་གེ་ཙམ་ཡང་གདུལ་བྱའི་རེ་བ་སྐོང་བ་ལ་ཡིད་བཞིན་གྱི་ནོར་བུ་ལྟ་བུར་རྒྱུ་བསམ་སྦྱོར་ཕུན་ཚོགས་དུས་ཡུན་རིང་ལ་རྣམ་པ་མཐའ་ཡས་པས་བསྒྲུབས་ཚུལ་རྣམས་ཞིབ་ཏུ་བསམ་པར་བྱ་སྟེ། འདི་དག་ལེགས་པར་ཤེས་ན་འོད་མདོ་ལས། གང་གིས་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །བཤིགས་ཤིང་བཏགས་ཏེ་རྡུལ་དུ་བྱས་གྱུར་པ། །དེ་བས་མང་བའི་འཇིག་རྟེན་ཁམས་རྣམས་ཀྱི། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པས་ནི། །གང་གིས་དཔག་ཏུ་མེད་པའི་འོད་མཚན་དང་། །བདེ་བ་ཅན་གྱི་ཡོན་ཏན་ཁྱད་འཕགས་རྣམས། །ཐོས་ནས་དགའ་སྟེ་ཐལ་མོ་སྦྱོར་བྱེད་པ། །བསོད་ནམས་འདི་ཡི་ཆར་ཡང་འགྱུར་མ་ཡིན། །གང་གིས་བདེ་བ་ཅན་གྱི་འཇིག་རྟེན་གྱི། །མིང་ཐོས་པ་ཡི་བསོད་ནམས་དེ་ལ་ནི། །ཞིང་མཆོག་

TN03_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༢)ཐ་གྲུ་ཆེན་པོ་དེ་དག་ཀུན། །ཆ་དང་དཔེར་ཡང་འགྱུར་བ་མ་ཡིན་ནོ། །ཞེས་སོགས་གོང་འོག་ཏུ་གསུངས་པ་དུ་མ་ཞིག་ལ་ངེས་པ་ཡམ་མེ་བ་མིན་པར་སྐྱེའོ། །གཉིས་པ་ལ། སྣོད་ཀྱི་ཡོན་ཏན་དང་། བཅུད་ཀྱི་ཡོན་ཏན་བཤད་པ་གཉིས། དང་པོ་ལའང་། ས་གཞི་དང་ནམ་མཁའི་གནས་བཤད་པ་དང་། དེ་དག་མཛེས་བྱེད་ཀྱི་རྒྱན་བཤད་པ་གཉིས་ལས། དང་པོ་ནི། ཞིང་དེ་ན་ལྷ་དང་མིའི་གནས་རིས་གཉིས་ལས་གནས་གཞན་མེད་ལ། ལྷ་གནས་ལ་རྒྱལ་ཆེན་རིས་བཞི་དང་། སུམ་ཅུ་རྩ་གསུམ་སོགས་ཀྱི་གནས་རིས་སོ་སོར་ཡོད་ཀྱང་། རི་རབ་ལ་བརྟེན་པའི་ལྷ་གནས་ནི་མེད་དེ། དེ་ན་རི་རབ་དང་རྒྱ་མཚོ་ཆེན་པོ་སོགས་མེད་པར་གསུངས་པའི་ཕྱིར་རོ། །དེས་ན་ཐམས་ཅད་ཀྱང་ནམ་མཁའ་ལ་བརྟེན་པ་ཤ་སྟག་སྟེ། འདི་ནི་ཀུན་དགའ་བོས་དྲི་བ་ཞུས་པའི་ལན་གྱི་སྐབས་སུ་རྒྱུ་མཚན་མཐུན་དཔེ་དང་བཅས་ཏེ་གསུངས་སོ། །རྒྱ་མཚོ་ཆེན་པོ་མེད་པས་གླིང་བཞིའི་རྣམ་གཞག་ལ་ཡང་དཔྱད་པར་བྱའོ། །དེ་ལ་ཞིང་དེ་ནི་ཐ་གྲུ་ཆེ་ཞིང་ཤིན་ཏུ་ཡངས་པ། ས་གཞི་སྡོང་དུ་མ་དང་། ཚེར་མ་དང་། གྱོ་གསེག་དང་། ངམ་གྲོག་དང་། གད་པ་དང་། རྡོ་བ་དང་། རི་ནག་པོ་མེད་ཀྱང་། འཇིག་རྟེན་ན་མི་སྤྱོད་པའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ངོས་ལག་མཐིལ་ལྟར་མཉམ་པ། གསེར་གྱི་དྲ་བས་ཁེབས་པ། ཤིན་ཏུ་གཞོན་ཞིང་འཇམ་ལ་སྙི་བས་རེག་ན་བདེ་བ། བཀྲ་ཞིང་ཤིན་ཏུ་མཛེས་པའི་འོད་ཟེར་གྱི་རི་མོ་ཅན། ལེགས་པར་ཕྱིས་པའི་མེ་ལོང་གི་ནང་ལྟར་དག་པས་

TN03_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༣)སངས་རྒྱས་ཀྱི་ཞིང་ཚད་མེད་པའི་རྒྱན་གྱི་གཟུགས་བརྙན་སྣང་བ་སྟེ། འོད་མདོའི་གོང་འོག་བསྒྲིགས་ཤིང་། མདོ་གཞན་ལའང་ཅུང་ཟད་བརྟེན་ནས་བཀོད་པའོ། །གཉིས་པ་ལ། ས་གཞི་ལ་འབྱུང་བའི་རྒྱན་དང་། ནམ་མཁའ་ལ་འབྱུང་བའི་རྒྱན་དང་། དེ་དག་གི་ཁྱད་པར་ཐུན་མོང་དུ་བསྟན་པའོ། །དང་པོ་ལ། རྟག་ཏུ་གནས་པ་དང་། འཕྲལ་དང་འཕྲལ་ལ་བྱུང་བ་གཉིས་ལས། དང་པོ་ལའང་། རིའི་རྒྱན་ནི་འོད་མདོར། རི་ཐམས་ཅད་ཀྱང་རིན་པོ་ཆེའི་རི་ཤ་སྟག་གོ །ཞེས་པ་ཙམ་ལས་མ་བྱུང་ཡང་། མདོ་གཞན་དུ། ལྷ་ཡུལ་གྱི་རི་རྣམས་རྩེ་མོ་སྣ་ཚོགས་པ། ངོས་ཡངས་ཤིང་མཐོ་དམན་མང་པོས་དགའ་བ། རིན་པོ་ཆེའི་སྙེ་ཕུང་འཁྲིགས་པའི་གསབ་གསེབ་དང་། རིན་པ་ཆེའི་འབྱུང་ཁུངས་དུ་མ་ཅན། ནོར་བུའི་ཕུག་དང་། འཁྲི་ཤིང་གི་ཁྱིམ་གྱི་ཕྲེང་བས་མཛེས་པ་ཡིན་པར་གསུངས་པ་དང་འདྲའམ་སྙམ་མོ། །ཤིང་གི་རྒྱན་ནི། ཤིང་ལྗོན་པ་རེ་རེ་ནས་རིལ་གྱིས་རིན་པོ་ཆེ་སྣ་གཅིག་གི་རང་བཞིན་དང་། གཉིས་དང་། གསུམ་ནས། གསེར་དང་དངུལ་དང་བཻཌཱུརྱ་དང་། ཤེལ་དང་། སྤུག་དང་། མུ་ཏིག་དམར་པོ་དང་། རྡོའི་སྙིང་པོ་སྟེ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་བར་དུ་ཡོད་ལ། དེའི་ནང་ནས་རིན་པོ་ཆེ་སྣ་གཅིག་པ་ལ། གསེར་གྱི་ལྗོན་ཤིང་ནས་རྡོའི་སྙིང་པོའི་ལྗོན་ཤིང་གི་བར་བདུན་དང་། རིན་པོ་ཆེ་སྣ་བདུན་ལས་གྲུབ་ཚུལ་ལ། རྩ་བ། སྡོང་པོ། ཡལ་ག ལོ་མ། འདབ་མ། མེ་ཏོག འབྲས་བུ་རྣམས་སོ་

TN03_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༤)སོར་རིན་པོ་ཆེ་གཞན་དང་གཞན་ལས་གྲུབ་པ་དང་། དེ་བདུན་རེ་རེ་ཡང་རིན་པོ་ཆེ་སྣ་བདུན་ཀ་ལས་གྲུབ་པའི་ཚུལ་གཉིས་གསུངས་ཤིང་། དེའི་སྔ་མ་ལའང་དབྱེ་བ་བདུན་གསུངས་སོ། །ཤིང་ལྗོན་པ་དེ་དག་ཐམས་ཅད་ཀྱང་འཇམ་ཞིང་རེག་ན་བདེ་ལ་དྲི་ཞིམ་པ་སྟེ། དེ་དག་རླུང་གིས་བསྐྱོད་པ་ན་སྙན་ཅིང་ཡིད་དུ་འོང་ལ་མཉན་པས་ཆོག་མི་ཤེས་པའི་སྒྲ་དབྱངས་དག་འབྱུང་ངོ་། །ཤིང་སོ་སོའི་ཁ་དོག་སོ་སོ་དང་། ཤིང་རེ་རེ་ཡང་ཁ་དོག་མི་འདྲ་བ་དུ་མས་ཕྱེ་བ་དེ་དག་གིས་ས་གཞི་རྣམ་པར་བཀྲ་བ་ཡིན་ནོ། །ཆུའི་རྒྱན་ལ། འབབ་ཆུ་དང་། རྫིང་བུའི་རྒྱན་གཉིས་ལས། འབབ་ཆུ་ནི་ཁ་ཞེང་དཔག་ཚད་གཅིག་པ་ནས་དཔག་ཚད་བརྒྱ་སྟོང་པའི་བར་དུ་ཡོད་ལ། ཟབས་སུ་ནི་ཐམས་ཅད་ཀྱང་དཔག་ཚད་བཅུ་གཉིས་པར་མཚུངས་ཏེ། །དེ་དག་ཏུ་རོལ་རྩེད་ལ་འཇུག་པའི་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་ཆུ་ལོང་བུ་ནུབ་ཙམ་ནས། མིད་པ་ནུབ་ཙམ་གྱི་བར་གྱི་ཇི་ལྟར་འདོད་པ་བཞིན་དུ་འགྱུར་བ་ནི་མ་གཏོགས་སོ། །ཆུ་ཀླུང་དེ་དག་ནི་འབབ་སྟེགས་བདེ་བ། འདམ་རྫབ་མེད་པ། གསེར་གྱི་བྱེ་མ་བརྡལ་བ། དྲི་རབ་ཏུ་ཞིམ་པའི་ལྷ་རྫས་ཀྱི་སྤོས་ཀྱིས་བསྒོས་པ། ལྷའི་མེ་ཏོག་གི་ཚོགས་ཀྱིས་ཁེབས་པ། །ལྷའི་སིལ་སྙན་ཡན་ལག་བྱེ་བ་བརྒྱ་སྟོང་དང་ལྡན་པ་རོལ་མོ་མཁན་མཁས་པས་བླངས་པ་བས་ཀྱང་ལྷག་པའི་སྒྲ་སྙན་པ་སྒྲོགས་ཤིང་འབབ་པ། འདོད་པའི་རྗེས་སུ་འབྲང་བའི་རེག་བྱ་ཅན་འགྲམ་གཉིས་རིན་པོ་ཆེའི་སྤོས་ཀྱི་ཤིང་ལྗོན་པས་གང་བ་ཤ་སྟག་སྟེ། དེ་དག་གི་དྲི་དང་།

TN03_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༥)དབྱངས་དང་། མེ་ཏོག་གི་རྒྱན་རྣམས་ཀྱང་རྣམ་པ་སྣ་ཚོགས་པ་ཡིན་ནོ། །ཀླུང་དེ་དག་གི་སྒྲ་དབྱངས་རྣམས་ནི་ཟབ་པ་དང་། རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་ཇི་ལྟར་འདོད་པའི་དབྱངས་སུ་གྲགས་པར་འགྱུར་ལ། སྒྲ་དེ་ཐོས་པར་མི་འདོད་ན་ནི་དེའི་མོད་ལ་ཞི་བར་འགྱུར་རོ། །རྫིང་བུའི་རྒྱན་ནི། འོད་མདོར། འཕགས་པ་མི་ཕམ་པ་ལ་དྲི་བ་མཛད་པའི་སྐབས་སུ། རྫིང་བུ་ཉམས་དགའ་བ་དག་དང་། ཞེས་པ་ཙམ་ལས་མ་གསུངས་ཀྱང་། ཞིང་བཀོད་ཀྱི་མདོ་ཆུང་བ་ལས་གསུངས་ཏེ། གཞི་རིན་པོ་ཆེ་སྣ་བདུན་ལས་གྲུབ་ཅིང་། གསེར་གྱི་བྱེ་མ་བརྡལ་བ། ཆུ་ཡན་ལག་བརྒྱད་དང་ལྡན་པས་བྱ་རོག་གིས་བཏུང་དུ་རུང་བར་གང་བ། རིན་པོ་ཆེའི་པདྨས་ཁེབས་ཤིང་། ཕྱོགས་བཞིར་རིན་པོ་ཆེའི་ཐེམ་སྐས་བཀྲ་བ་དང་ལྡན་པ། ཕྱི་རོལ་རིན་པོ་ཆེའི་ལྗོན་ཤིང་གི་ཕྲེང་བ་སྤེལ་ལེགས་པས་མཛེས་པར་བྱས་པ་དག་གོ །ནགས་ཚལ་དང་ཆུའི་གནས་དེ་དག་ཏུ་དེ་བཞིན་གཤེགས་པས་སྤྲུལ་པའི་བྱ་རྣམ་པ་སྣ་ཚོགས་སྒྲ་ཡིད་དུ་འོང་བ་ཅན་གྱི་ཚོགས་རྣམས་གནས་པར་གསུངས་ཏེ། ཞིང་མདོ་ཆུང་བ་ལས། དེ་དག་ཉིན་རེ་ཞིང་དུས་གསུམ་དུ་འདུས་ནས་བགྲོ་བ་བྱེད་ཅིང་རང་རང་གི་སྐད་དག་གིས་སྨྲ་སྟེ། །དེ་ལྟར་སྨྲ་བ་ན་དབང་པོ་དང་། སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་གི་སྒྲ་འབྱུང་བར་གསུངས་སོ། །པདྨའི་རྒྱན་ནི། རིན་པོ་ཆེ་སྣ་བདུན་གྱི་པདྨ་ཚོན་སྣ་ཚོགས་ཅན་དཔག་ཚད་ཕྱེད་ཀྱི་ཚད་ཙམ་དང་། དཔག་ཚད་གཅིག་གི་ཚད་ཙམ་ནས་དཔག་ཚད་བཅུའི་ཚད་ཀྱི་བར་དུ་ཡོད་དེ། །དེ་ཐམས་

TN03_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༦)ཅད་ལས་ཀྱང་འོད་ཟེར་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དྲུག་དང་། འོད་ཟེར་དེ་རྣམས་ཀྱི་རྩེ་ལས་ཀྱང་དེ་བཞིན་གཤེགས་པའི་གཟུགས་དཔལ་དང་གཟི་བརྗིད་ཀྱིས་འབར་བ་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དྲུག་དྲུག་འབྱུང་སྟེ། དེ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བགྲང་བ་ལས་འདས་པ་དག་ཏུ་གཤེགས་ནས་སེམས་ཅན་ལ་ཆོས་སྟོན་ཏོ། །གཉིས་པ་ལའང་ཟས་ཀྱི་ཡོ་བྱད་ནི། སེམས་ཅན་དེ་དག་ཁམས་ཀྱི་ཟ་བ་རགས་པའི་ཟས་ནི་མི་ཟ་མོད། འོན་ཀྱང་ཁ་ཟས་ཀྱི་བྱེ་བྲག་ཇི་ལྟ་བུ་འདོད་ཀྱང་དེ་ཉིད་དེའི་མོད་ལ་རྙེད་པར་འགྱུར་ཏེ། རྙེད་མ་ཐག་ཏུ་ལུས་ཚིམ་པར་གྱུར་ནས་ཟས་ཀྱི་འདོད་པ་དེ་དང་འབྲལ་བར་བཤད་དོ། །སྤོས་ལ་སོགས་པའི་ཡོ་བྱད་ནི། སྤོས་དང་། ཕྲེང་བ་དང་། བྱུགས་པ་དང་། ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་རྣམས་ཀྱང་འདོད་པ་ཙམ་གྱི་མོད་ལ་རྙེད་དེ། དེའང་ཡོ་བྱད་དེ་དང་དེའི་ཁྱད་པར་ཅི་འདྲ་ཞིག་ཡིད་ལ་འཐད་པ་དེ་ཁོ་ན་བཞིན་དུ་རྙེད་པ་དང་། དེས་སངས་རྒྱས་ཀྱི་ཞིང་དེ་ཁྱབ་པར་འགྱུར་བ་དེ་ལྟར་ཟད་མི་ཤེས་པར་རྙེད་པར་འགྱུར་ཏེ། ཡོ་བྱད་དེ་དག་མངོན་པར་མི་འདོད་པ་རྣམས་ལ་ནི་སྣང་བར་མི་འགྱུར་རོ། །གོས་དང་རྒྱན་གྱི་ཡོ་བྱད་ནི། གོས་ཁ་དོག་ཐ་དད་པ། རིན་ཐང་གཞལ་དུ་མེད་པ་དག་ཀྱང་བསམ་མ་ཐག་ཏུ་སྔ་མ་ལྟར་རྙེད་ཅིང་། ལུས་ལ་རང་བགོས་པར་འགྱུར་བ་དང་། རྒྱན་གྱི་བྱེ་བྲག་ཅི་ལྟ་བུ་འདོད་པ་ཡང་སྐད་ཅིག་དེ་ལ་རིན་པོ་ཆེའི་ཤིང་ལྗོན་པ་རྣམས་ལས་རྙེད་དེ། དེ་དག་གིས་བདག་ཉིད་བརྒྱན་པར་ཤེས་

TN03_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༧)པའོ། །གནས་ཁང་གི་རྒྱན་ནི། གཞལ་མེད་ཁང་རིན་པོ་ཆེ་སྣ་ཚོགས་ཀྱི་བ་གམ་བརྒྱ་སྟོང་གིས་བརྒྱན་པ། རིན་པོ་ཆེའི་ཁྲི་ལྷའི་རས་བཅོས་བུ་སྣ་ཚོགས་བཏིང་བ། སྔས་ཁྲ་བོ་བཞག་པ་དང་ལྡན་པ། དབྱིབས་དང་། ཁ་དོག་དང་། ཆུ་ཞེང་དང་། མཚན་མ་ཇི་ལྟ་བུ་འདོད་པ་དེ་འདྲ་བ་རྣམས་སེམས་ཅན་དེ་དག་གི་མདུན་གྱིས་གཞིར་རང་འབྱུང་སྟེ། དེ་དག་གཞལ་མེད་ཁང་དེ་རྣམས་སུ་ལྷའི་བུ་མོ་བདུན་སྟོང་བདུན་སྟོང་དང་ལྷན་ཅིག་འདུག་ནས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །གཉིས་པ་ལ། རླུང་གི་འབྱོར་པ་ནི། སངས་རྒྱས་ཀྱི་ཞིང་དེར་སྔ་དྲོའི་དུས་སུ་ཕྱོགས་བཞི་ནས་རླུང་ལྡང་སྟེ། དེ་དག་གིས་རིན་པོ་ཆེའི་ཤིང་ལྗོན་པ་ཁ་དོག་བཀྲ་ཞིང་ལྷའི་སྤོས་དྲི་རབ་ཏུ་ཞིམ་པ་སྣ་ཚོགས་ཀྱིས་བསྒོས་པ་དེ་དག་བསྐྱོད་ཅིང་བསྐུལ་བས་ལྷའི་མེ་ཏོག་རྣམ་པ་མང་པོའི་དྲི་ཡིད་དུ་འོང་བ་ཅན། །བལྟ་ན་སྡུག་ལ་ཀ་ཙ་ལིན་དའི་གོས་ལྟར་རེག་ན་བདེ་བ་དག་བྲུལ་ནས་སངས་རྒྱས་ཀྱི་ཞིང་དེ་མི་འགྲེང་བདུན་སྲིད་ཙམ་དུ་མཉམ་པར་ཁེབས་པར་བྱེད་དེ། དེ་ལ་རྐང་པ་འཇོག་པ་དང་འདེགས་པ་ན་སོར་བཞི་ཙམ་གྱིས་དམའ་བ་དང་མཐོ་བར་འགྱུར་རོ། །སྤོས་དྲི་སྣ་ཚོགས་ཀྱིས་བསྒོས་པའི་རླུང་དེ་དག་སེམས་ཅན་དེ་དག་ལ་ཕོག་ན་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་ལྟ་བུའི་བདེ་བ་དང་ལྡན་པར་འགྱུར་རོ། །སྔ་དྲོ་འདས་མ་ཐག་མེ་ཏོག་རྙིང་པ་དེ་དག་མ་ལུས་པ་མེད་པར་འགྱུར་ཏེ། དེའི་འོག་ཏུ་ཞིང་དེ་དབེན་པ་དང་། ཉམས་དགའ་བ་དང་། དག་པར་འགྱུར་ལ་

TN03_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༨)དེ་ནས་ཡང་སྔོན་བཞིན་དུ་མེ་ཏོག་འགྲེམ་པའི་རླུང་གསར་པ་དག་ལྡང་སྟེ། སྔ་དྲོ་ཇི་ལྟ་བར་ཉི་མའི་གུང་དང་། ཕྱི་དྲོ་དང་། སྲོད་དང་། ནམ་གུང་དང་། ཐོ་རངས་ཀྱང་དེ་བཞིན་ནོ། །ཆར་གྱི་འབྱོར་པ་ནི། དུས་དང་དུས་སུ་ལྷའི་སྤོས་ཆུའི་སྤྲིན་གྱི་ཆར་དང་། ལྷའི་མེ་ཏོག་ཁ་དོག་ཐ/མས་ཅད་དང་ལྡན་པ་དག་དང་། ལྷའི་རིན་པོ་ཆེ་སྣ་བདུན་དང་། ལྷའི་ཙན་དན་གྱི་ཕྱེ་མ་དང་། ལྷའི་གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་ཆར་མངོན་པར་འབེབ་པ་དང་། ལྷའི་བླ་རེ་དག་དང་། ལྷའི་རིན་པོ་ཆེའི་གདུགས་རྔ་ཡབ་དང་བཅས་པ་དག་ཀྱང་ནམ་མཁའ་ལ་འཛིན་ཅིང་། ལྷའི་རོལ་མོའི་དབྱངས་སྒྲ་དག་ཀྱང་སྒྲོགས་ལ་ལྷའི་བུ་མོ་དག་ཀྱང་གར་བྱེད་དེ། ཞིང་འདིར་ཆར་དང་འབྲུག་དང་གློག་འབྱུང་བ་བཞིན་ནོ། །གཞན་ཡང་བདག་ཅག་གི་སྟོན་པའི་འཁོར་རྣམས་ལས་སངས་རྒྱས་ཀྱི་མཐུས་བདེ་བ་ཅན་གྱི་ཡོན་ཏན་མངོན་སུམ་དུ་བསྟན་པའི་ཐད་ཀྱི་མདོ་ལས། སྟེང་གི་བར་སྣང་ལ་ཀུན་དགའི་རབ་ཉམས་དགའ་བ་དག་དང་། ནགས་ཚལ་དང་། སྐྱེད་མོས་ཚལ་དང་། ཆུ་ཀླུང་དང་། རྫིང་བུ་ཉམས་དགའ་བ་དང་། འོག་མིན་གྱི་བར་གྱི་ནམ་མཁའི་ངོས་ལ་རིན་པོ་ཆེའི་མེ་ཏོག་བཀྲམ་པའི་འབྱོར་པ་དག་ཀྱང་གསུངས་ཤིང་། ཞིང་དེའི་སེམས་ཅན་རྣམས་གཞལ་མེད་ཁང་དཔག་ཚད་བརྒྱ་སྟོང་ཡོད་པ་དག་ཏུ་ཞུགས་ནས་བར་སྣང་ལ་ཆགས་པ་མེད་པར་འགྲོ་བ་དག་ཀྱང་ཡོད་པར་གསུངས་ཏེ། ནམ་མཁའ་ལ་འབྱུང་བའི་ཁང་བཟང་སོགས་ཀྱང་ཡོད་ལ། ས་གཞི་ལ་བྱུང་བའི་དེ་རྣམས་འདོད་པའི་དབང་གིས་ནམ་མཁར་

TN03_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༩)བགྲོད་པ་ཡང་ཡོད་པ་འདྲ་བས་ཚུལ་གཉིས་སོ། །དེ་དག་ལྷ་དང་མི་གཉིས་ཀའི་ཐུན་མོང་བར་སྣང་ངོ་། །གསུམ་པ་ནི། ཞིང་དེའི་མི་རྣམས་ཀྱི་གནས་ལུས་ལོངས་སྤྱོད་ཀྱང་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་འབྱོར་པ་དང་འདྲ་བར་གསུངས་ཤིང་། མདོ་འདི་ལས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་མདུན་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྤྱན་སྔར་མི་མ་རབས་དང་། མི་དྲ་མ་འདུག་པ་བཞིན་དུ་སྤ་བཀོང་བར་གསུངས་པའི། སུམ་ཅུ་རྩ་གསུམ་པའི་ལྷ་དབང་ཆེ་བར་གྲགས་པ་རྣམས་ཀྱིའང་གནས་དང་རྒྱན་ཆས་ཀྱི་དཀར་བ་ལ་ཟླ་བ་སྟོན་གནམ་དུ་ཤར་བའི་ཁ་དོག་གིས་བཅུ་དྲུག་ཆར་ཡང་མི་ཕོད་པར་དྲན་པ་ཉེར་བཞག་ལས་གསུངས་ཏེ། །འདོད་ཡོན་གྱི་རྣམ་པ་གཞན་ཐམས་ཅད་ལའང་ཁྱད་པར་དེ་ལྟར་ཡོད་པས། བདེ་བ་ཅན་གྱི་ཞིང་གི་རྒྱན་ཕྱོགས་རེ་ཙམ་ཡང་ཕལ་པའི་མིས་ཇི་བཞིན་དུ་བསམ་པར་དཀའོ། །ཞིང་བཀོད་ཀྱི་མདོ་སོགས་ལས་རྒྱན་གྱི་ཁྱད་པར་དེ་ལྟར་གསུངས་པ་རྣམས་ཀྱང་མཚོན་བྱེད་ཙམ་དུ་ཟད་ཀྱི། །རྒྱས་པར་ནི་ཞིང་དེའི་གཟི་བརྗིད་དང་། ཁ་དོག་དང་། འབྱོར་པའི་ཕ་མཐའ་མངོན་སུམ་དུ་བལྟ་ན་ལྷའི་མིག་དང་ལྡན་པས་ཀྱང་མི་རྙེད་ལ། ཚིག་གིས་བསྟན་ན་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཤ་སྟག་ཏུ་གྱུར་པས་བསྐལ་པ་བྱེ་བར་བསྙད་ཀྱང་མི་རྫོགས་པར་མདོ་ཉིད་ལས་གསུངས་སོ། །གཉིས་པ་ལའང་། བཅུད་ཀྱི་ཡོན་ཏན་སྤྱིར་བཤད་པ་དང་། གཙོ་འཁོར་སོ་སོར་ཕྱེ་ནས་བཤད་པ་གཉིས་ལས། དང་པོ་ནི། ཞིང་

TN03_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༠)དེ་ན་ལྷ་དང་མིའི་འགྲོ་བ་གཉིས་ལས་འགྲོ་བའི་རིས་གཞན་པ་ནི་མེད་ལ། དེར་སྐྱེས་ནས་ལས་དབང་གིས་འགྲོ་བ་གཞན་གསུམ་དུ་ལྟུང་བ་ཡང་མེད་དོ། །ལྷ་མི་གཉིས་ཀྱང་མིང་གི་ཁྱད་པར་ཙམ་གྱིས་ཕྱེ་བར་གསུངས་སོ། །དེ་ན་སྒོ་ང་དང་མངལ་དང་དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་ནི་མེད་ཀྱི། ཐམས་ཅད་ཀྱང་རིན་པོ་ཆེའི་པདྨ་ཡངས་ཤིང་ཚོན་སྣ་ཚོགས་པ་རེག་ན་བདེ་ཞིང་དྲི་བསུང་དང་ལྡན་པ་རྣམས་ལས་རྫུས་ཏེ་འབྱུང་ངོ། །སེམས་ཅན་དེ་དག་ནི་གསེར་གྱི་ཁ་དོག་ཏུ་ཁ་དོག་གཅིག་པ་དང་། ལུས་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཚང་བ་དང་། གཤང་གཅི་དང་སྣབས་ལ་སོགས་པའི་མི་གཙང་བ་དང་བྲལ་བ་དང་། རྡོ་རྗེ་ལྟར་མཁྲེགས་པའི་ལུས་ཅན་དང་། སྲེད་མེད་བུའི་སྟོབས་དང་ལྡན་པ་དང་། སྔར་བཤད་པའི་དམིགས་བསལ་མ་གཏོགས་པ་མངོན་པར་ཤེས་པ་ལྔས་རྩེ་བ་དང་། ཤེས་རབ་དང་སྤོབས་པ་མཐའ་ཡས་པ་དང་། སྨོན་ལམ་གྱི་དབང་མ་གཏོགས་ཚེའི་ཚད་ལ་མཐའ་མི་མངོན་པ་ཤ་སྟག་ཡིན་ནོ། །དེ་དག་ལ་གནས་དང་ཡོ་བྱད་ཡོངས་སུ་འཛིན་པའི་འདུ་ཤེས་ནི་ཅུང་ཟད་ཀྱང་མེད་དེ། །ཤིན་ཏུ་གྱ་ནོམ་པ་དང་། རྒྱ་ཆེ་བ་དང་། སྣ་ཚོགས་པ་དང་། འདོད་པའི་རྗེས་སུ་འབྲང་བའི་འབྱོར་པ་རྣམས་ལ་རང་དགར་རྩེ་བས་ཉམས་བདེ་ཞིང་། རང་བཞིན་གྱིས་ཀྱང་མ་དག་པའི་ཞིང་གི་ལྷའི་བདེ་བ་ཕལ་ཆེར་ལས་འདས་པའི་བདེ་བ་དང་ལྡན་ནོ། །གཉིས་པ་ལ་གཙོ་བོ་དེ་བཞིན་གཤེགས་པ་དང་། ཉན་ཐོས་ཀྱི་འཁོར་དང་། བྱང་ཆུབ་སེམས་དཔའི་འཁོར་བཤད་པ་

TN03_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༡)གསུམ་ལས། དང་པོ་ལ་བྱང་ཆུབ་བརྙེས་པའི་གནས། སྐུ་དང་འོད་ཀྱི་ཁྱད་པར། མཛད་པའི་གཙོ་བོ་འཇུག་ཚུལ། སྐུ་ཚེ་ཕུན་སུམ་ཚོགས་པ། སྙན་གྲགས་རྒྱ་ཆེ་བའི་ཡོན་ཏན་དང་ལྔ་ལས། དང་པོ་ནི། ཞིང་དེའི་ས་གཞིའི་དཀྱིལ་འཁོར་གྱི་དབུས་ན་སྟོན་པ་འོད་དཔག་མེད་ཀྱི་བྱང་ཆུབ་ཀྱི་ཤིང་ཡོད་དེ། དེའི་མིང་ནི་རིན་པོ་ཆེའི་པདྨོ་རྣམ་པར་སྣང་བ་ཞེས་བྱ་བ་དང་། དེའི་དྲུང་ན་པདྨའི་གདན་ཡོད་པའི་མིང་ནི། དག་ཅིང་བཟང་ལ་བཀྲ་བའི་འོད་ཟེར་ཅན་ཞེས་བྱ་བ་ཡིན་པར་འཆི་མེད་རྔ་སྒྲ་ལས་བཤད་ཅིང་། ཚད་ནི་དཀོན་བརྩེགས་ལས་བྱང་ཆུབ་ཀྱི་ཤིང་འཕང་དང་རྒྱ་ཚད་དཔག་ཚད་སྟོང་དྲུག་བརྒྱ་བར་མཉམ་པ་དང་། རྩ་བའི་སྦོམ་དང་ཁྲུན་དཔག་ཚད་ལྔ་བརྒྱ་ཡོད་པར་བཤད་ལ། སྙིང་རྗེ་པད་དཀར་ལས་དཔག་ཚད་ཁྲིར་གསུངས་ཏེ། པདྨའི་གདན་ཡང་དེ་དང་འཚམས་པ་ཡིན་ནོ། །དཀོན་བརྩེགས་ལས་ཚད་དེ་ལྟར་གསུངས་པ་དེའང་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཆུང་ཤོས་ཡན་ཆད་ཀྱིས་མཐོང་ཚོད་ཐུན་མོང་བའི་དབང་དུ་མཛད་པ་ཡིན་གྱི། ཁྱབ་མཐའ་བཟུང་བ་མིན་པ་མདོ་རང་གི་ཆོས་ཀྱི་འབྱུང་གནས་ཀྱི་སྨོན་ལམ་བསྟན་པའི་ཐད་ནས་ཤེས་ཤིང་། སྤྱིར་དེ་བཞིན་གཤེགས་པ་གཅིག་གི་བྱང་ཆུབ་ཀྱི་ཤིང་ལ་ཡང་རྒྱ་ཚད་མི་འདྲ་བ་དུ་མ་འོང་བ་མི་འགལ་བ་ནི་འཇུག་པ་རྩ་འགྲེལ་དང་། དུས་འཁོར་འགྲེལ་ཆེན་སོགས་ལས་རྒྱ་ཆེར་བཤད་པའི་རིགས་པས་ཤེས་པར་འགྱུར་བའི་ཕྱིར།

TN03_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༢)མདོ་གཉིས་འགལ་བར་མི་བསམ་མོ། །དེ་ལ་ཤིང་གི་རྒྱལ་པོ་དེ་ནི་རྟག་ཏུ་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཆགས་པ། མདངས་ལྷ་རྫས་ལས་ཀྱང་འདས་པའི་ཁ་དོག་འབུམ་ཕྲག་དུ་མས་བཀྲ་བ། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་བྱེ་བྲག་ཐ་དད་པ། འཇིག་རྟེན་ན་མཆོག་ཏུ་བྱ་བའི་ནོར་བུ་རིན་པོ་ཆེའི་རིགས་སྣ་ཚོགས་ཀྱིས་སྤྲས་པ། གསེར་དང་ནོར་བུའི་སྐུད་པ་དང་། སེ་མོ་དོ་དང་། རིན་པོ་ཆེའི་ཆུན་པོ་དང་། རྒྱན་ཕྲེང་དང་། དོ་ཤལ་དང་སྐ་རགས་མང་པོ་འཕྱང་བ། གསེར་དང་། མུ་ཏིག་དང་། རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བ་དང་། དྲིལ་བུ་གཡེར་ཁའི་དྲ་བས་བླ་རེ་བྲེས་པ། ཆུ་སྲིན་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་བ་དང་། ཟླ་གམ་ལྟ་བུས་ལེགས་པར་བརྒྱན་པ། ནོར་བུ་འཁྲོལ་བ་དང་། གསེར་དང་། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ལེགས་པར་བརྒྱན་པ་སྟེ། དེ་རླུང་གིས་བསྐྱོད་པ་ན་སྒྲ་དབྱངས་སྙན་པ་འབྱུང་བས་འཇིག་རྟེན་གྱི་ཁམས་ཚད་མེད་པ་གོ་བར་བྱེད་དོ། །སེམས་ཅན་གང་གིས་སྒྲ་དེ་ཐོས་པ་དང་། ཤིང་གི་དབང་པོ་དེ་མཐོང་བ་དང་། དེའི་དྲི་ཚོར་བ་དང་། འབྲས་བུའི་རོ་མྱོང་བ་དང་། འོད་ལུས་ལ་ཕོག་པ་དང་། ཤིང་དེ་ཡིད་ལ་སེམས་པ་དེ་དག་བྱང་ཆུབ་ཀྱི་མཐའི་བར་དུ་རྣ་བ་དང་། མིག་དང་། སྣ་དང་། ལྕེ་དང་། ལུས་ལ་ནད་ཀྱིས་མི་འདེབས་ཤིང་། སེམས་མི་གཡེང་བར་འགྱུར་རོ། །གཞན་ཡང་རྒྱལ་བ་དེས་ཆོས་སྟོན་པའི་གནས་ལ། གཙུག་ཏོར་རྣམ་རྒྱལ་གྱི་རྟོག་པ་ལས། ཆོས་

TN03_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༣)ཡང་དག་པར་སྡུད་པའི་ཁང་བཟང་ཞེས་གསུངས་ཤིང་། དོན་ཞགས་ཀྱི་ཆོ་ག་ཞིབ་མོ་སོགས་ལས་ཀྱང་འོད་དཔག་མེད་རིན་པོ་ཆེའི་གཞལ་མེད་ཁང་ན་ཆོས་སྟོན་པའི་བཀོད་པ་གསུངས་ཏེ། དེ་བྱང་ཆུབ་ཤིང་དྲུང་ཡིན་མིན་སོགས་གསལ་བར་བཤད་པ་མ་མཐོང་ངོ། །གཉིས་པ་ནི། དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་རྡུལ་མེད་ཅིང་རྣམ་པར་དག་པ་བཞུགས་ཏེ། དེའི་སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དག་ཅིང་གསལ་ལ་མཛེས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ཤིན་ཏུ་ལེགས་པར་ཕྱེ་བས། སེམས་ཅན་གང་དག་གིས་དེ་དང་པོར་མིག་ལམ་དུ་སྣང་བ་དང་། གཞན་གྱིས་ལན་བརྒྱ་ཕྲག་དུ་མར་མཐོང་བ་གཉིས་འདྲ་བར་མིག་དང་ཡིད་ཚིམ་པར་མཛད་པ་ཡིན་ནོ། །དྲང་སྲོང་ཆེན་པོ་དེ་ནི་འོད་ཟེར་དཔག་ཏུ་མེད་པའི་རྒྱན་འཆང་བ་སྟེ། ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གངྒཱའི་ཀླུང་གི་བྱེ་མ་སྙད་དག་འོད་དེས་རྟག་ཏུ་ཁྱབ་པར་གྱུར་ནས་འདུག་གོ །དེའང་འོད་དྲི་མ་མེད་ཅིང་ཤིན་ཏུ་གསལ་བ་དང་། སྒྲིབ་ཐོགས་ཀྱི་དངོས་པོ་ཐམས་ཅད་ལ་མི་ཐོགས་པ་དང་། མཛེས་པ་གཏིང་མི་མངོན་པའི་ཕྱིར་ལྟ་བས་ཆོག་མི་ཤེས་པ་དང་། མིའི་དབང་པོ་དང་ལྷའི་དབང་པོ་ནས་གནས་གཙང་མའི་ལྷའི་བར་ཐམས་ཅད་ཟིལ་གྱིས་གནོན་ཅིང་མོག་མོག་པོར་བྱེད་པ་དང་། ལུས་དང་སེམས་བདེ་བ་དང་། དགའ་བའི་བདུད་རྩིས་ཚིམ་པ་སྐྱེད་པ་དང་

TN03_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༤)སེམས་ཅན་དགེ་བའི་བསམ་པ་ཅན་རྣམས་ལ་དགེ་བ་དང་ཡངས་བ་དང་། རྟོགས་པ་དང་། མཁས་པ་དང་། བློ་དང་། མཆོག་ཏུ་དགའ་བ་སྐྱེད་པ་དང་། དཀོན་མཆོག་ཏཱ་ལ་དང་། འོད་ཟེར་ཀུན་ཏུ་བཀྱེ་བ་བསྟན་པ་ལས་གསུངས་པ་ལྟར་བསམ་གྱིས་མི་ཁྱབ་པའི་མཐུའི་ཁྱད་པར་དང་ལྡན་པ་སྟེ། དེ་དག་གི་ཕྱིར་ཞིང་བཀོད་ཀྱི་མདོ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་རིའི་རྒྱལ་པོ་རི་རབ་ལྟར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་མངོན་པར་འཕགས་ཏེ། ཕྱོགས་ཐམས་ཅད་ཟིལ་གྱིས་མནན་ནས་ལྷམ་མེ། ལྷན་ནེ། ལྷང་ངེ་མཛེས་པ། ཞེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་སོ་སོར་ཡང་། དེ་ཉིད་ལས། སེམས་ཅན་སྙིང་པོའི་གཟུགས་ནི་མཐའ་ཡས་ཏེ། དེ་བཞིན་སངས་རྒྱས་གསུང་ནི་མཐའ་ཡས་དབྱངས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བརྩོན་འགྲུས་ཀྱང་། ཁྱོད་འདྲ་འཇིག་རྟེན་འདི་ན་གཞན་མ་མཆིས། །ཟབ་ཅིང་ཤིན་ཏུ་རྒྱས་པའི་ཆོས་བརྙེས་པ། །སངས་རྒྱས་མཆོག་གི་ཐུགས་ནི་རྒྱ་མཚོ་བཞིན། །དེས་ཀྱང་སྟོན་ལ་ཁེངས་པ་མི་མངའ་སྟེ། །ཐ་བ་ཞེ་སྡང་སྤངས་ནས་ཕ་མཐར་སྒྲོལ། །ཞེས་གསུངས་པ་ལྟར་ཞིབ་ཏུ་བསམ་པར་བྱའོ། །གསུམ་པ་ནི། །སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ནི། ལུས་ཅན་རྒུད་པ་སྣ་ཚོགས་ཀྱིས་རྒྱུན་དུ་གཙེ་བ་རྣམས་ལ་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ནས། རྒུད་པ་དེ་ལས་སྐྱོབ་པའི་སྒོ་བླ་ན་མེད་པ་རང་གིས་གང་ཞིག་བརྙེས་པའི་

TN03_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༥)རྟོགས་པའི་ཆོས་ཀྱི་བདུད་རྩི་དེ་ཉིད་སོ་སོའི་སྐལ་བ་དང་འཚམས་པར་བགོ་བཤའ་མཛད་པའི་ཆེད་དུ་ཡིན་ལ། དེ་ལྟར་མཛད་པའང་ལུང་གི་ཆོས་བསྟན་པ་ལ་ངེས་པར་རག་ལས་པར་གཟིགས་ནས། ལྷ་དང་བཅས་པའི་འཇིག་རྟེན་རྣམས་ཡན་ལག་དྲུག་ཅུ་རྩ་བཞི་དང་ལྡན་པའི་ལེགས་པར་བཤད་པའི་དབྱངས་ཀྱི་བདུད་རྩིས་རྒྱུན་མི་འཆད་དུ་ཚིམ་པར་མཛད་དེ། འདི་ལྟར་གདུལ་བྱ་ཐེག་དམན་གྱི་རིགས་ཅན་རྣམས་ལ་ནི་ཐོབ་བྱ་ཐར་པ་ཙམ་དང་། ཐོབ་བྱེད་རྟེན་གཞི་ངེས་འབྱུང་གི་བསམ་པ་དང་། བརྟེན་པ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་མདོར་བསྡུས་པ་ལས་བརྩམས་ཏེ་ཆོས་སྟོན་ཅིང་། ཐེག་པ་མཆོག་གི་རིགས་ཅན་རྣམས་ལ་ནི་ཐོབ་བྱ་བླ་ན་མེད་པའི་བྱང་ཆུབ་དང་། ཐོབ་བྱེད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྙིང་རྗེ་ཆེན་པོའི་རྩ་བ་ཅན་གྱི་བསམ་པ་དང་། དེས་དྲངས་པའི་སྦྱོར་བ་ཐེག་པ་འོག་མ་དང་ཐུན་མོང་དང་། ཐུན་མོང་མ་ཡིན་པ་ལས་བརྩམས་ནས་ཤིན་ཏུ་རྒྱས་པའི་ཆོས་འཆད་དེ། མཛད་པ་དོན་ཡོད་པ་བླ་ན་མེད་པ་བརྙེས་པས་ཆོས་བསྟན་པ་རེ་རེས་ཀྱང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་མ་སྨིན་པ་སྨིན་པ་དང་། སྨིན་པ་གྲོལ་བ་དང་། གྲོལ་བ་མཐར་ཕྱིན་པར་མཛད་དོ། །དེའང་གདུལ་བྱ་རང་རང་གིས་ཆོས་ཀྱི་རྣམ་གྲངས་ཇི་ལྟ་བུ་ཞིག་ཉན་པར་འདོད་པ་དེ་དེའི་མོད་ཁོ་ན་ལ་ཐོས་པར་འགྱུར་བར་ཞིང་བཀོད་ཀྱི་མདོ་ལས་གསུངས་སོ། །བཅོམ་ལྡན་འདས་དེའི་བསྟན་པ་ལ་ནི་ཕམ་

TN03_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༦)ལྷག་སོགས་ཀྱི་བཅས་པ་རྣམ་པར་བཞག་པ་ཡང་མེད་དེ། །སངས་རྒྱས་ཀྱི་ཞིང་དེར་ལྟུང་བའི་ཐ་སྙད་བྱས་ཙམ་ཡང་མེད་པར་གསུངས་པའི་ཕྱིར་ཏེ། དཀོན་བརྩེགས་ཀྱི་དྲུག་པར་མི་འཁྲུགས་པའི་ཞིང་ན་ལྟུང་བ་རྣམ་པར་བཞག་པ་མེད་ཚུལ་རྒྱུ་མཚན་དང་བཅས་ཏེ་གསུངས་པའི་རྒྱུ་མཚན་འདིར་ཡང་ཇི་བཞིན་དུ་འདྲ་བའི་ཕྱིར་རོ། །འོན་ཀྱང་དེ་ནི་བསླབ་པའི་གཞི་མ་རྫོགས་པའི་ཉེས་པར་མི་འགྱུར་གྱི། བསྟན་པ་རྙོག་པ་མེད་པའི་ཡོན་ཏན་དུ་འགྱུར་ཏེ། བདག་ཅག་གི་སྟོན་པའི་གསུང་རབ་ལ་ཡང་བཟང་བྱིན་གྱིས་བསྟན་པ་ལ་ཆུ་བུར་མ་བྱུང་བའི་སྔོན་དུ་ཕམ་ལྷག་སོགས་ཀྱི་བཅས་པ་མཛད་པ་མེད་ཀྱང་། སོ་སོར་ཐར་པའི་སྡོམ་པ་ཆེས་ཕུན་སུམ་ཚོགས་པར་འདོད་པ་ཡིན་ནོ། །རྒྱལ་བ་མྱ་ངན་ལས་འདས་པའི་འོག་ཏུ་འཇིག་རྟེན་དུ་གསུང་རབ་མང་པོ་དང་ཉུང་ངུ་གནས་པ་ནི་གདུལ་བྱའི་བློ་དང་དགེ་བའི་རྩ་བ་ཁྱད་པར་ལ་ཐུག་ཅིང་། ཞིང་དེའི་གདུལ་བྱ་རྣམས་ནི་ཤེས་རབ་དང་སྤོབས་པ་མཐའ་ཡས་པ་དང་། དགེ་རྩ་འཐུག་པ་འབའ་ཞིག་ཏུ་བཤད་པས། དེ་བཞིན་གཤེགས་པ་དེ་ནི་མྱ་ངན་ལས་འདས་ནས་ཀྱང་གསུང་རབ་ཀྱི་མཛོད་མ་ཉམས་མ་གོད་པར་གནས་པར་འགྱུར་བར་མངོན་ཏེ། འཕགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་། རིགས་ཀྱི་བུ། འོད་དཔག་མེད་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་པདྨ་དག་དང་ཤིང་ལྗོན་པ་དག་གིས་དེ་བཞིན་གཤེགས་པ་དེ་ཇི་ལྟར་ཆོས་སྟོན་པ་དེ་བཞིན་དུ་ཆོས་ཀྱི་སྒོ་བརྒྱ་ཕྲག་དུ་མ་

TN03_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༧)འབྱུང་བ་བྱེད་པར་འགྱུར་རོ། །ཞེས་སོགས་གསུངས་པས་མཚོན་ནོ། །བཤད་མ་ཐག་པའི་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར། ཞིང་དེར་སྟོན་པ་འདས་ནས་མདོའི་དོན་ཕྱིན་ཅི་ལོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་འཆལ་བར་སྤྱོད་པ་ལ་སོགས་པས་བསྟན་པ་དྲི་མ་ཅན་དུ་བྱེད་པ་རྣམས་ཀྱང་མེད་པར་གསལ་ཏེ། ལུང་དེའི་གོང་ཉིད་དུ། སངས་རྒྱས་འོད་དཔག་མེད་དེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་པ་ནས། ཇི་ལྟར་བཞུགས་པ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་ཀྱང་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་འགྲུབ་སྟེ། ལྷག་ཆད་མེད་པར་འགྱུར་རོ། །ཞེས་དང་། དཀོན་བརྩེགས་ལས་ཀྱང་། ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན་མི་དགེ་བའི་མིང་ཡང་མེད་དོ། །སྒྲིབ་བའི་སྒྲ་ཡང་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བདག་ཅག་གི་སྟོན་པའི་བསྟན་པ་ལ་ལྔ་བརྒྱ་ཕྲག་བཅུའི་རྣམ་དབྱེ་བྱས་པ་ལྟ་བུའི་བསྟན་པ་དྭངས་སྙིགས་ཀྱི་རིམ་པའང་མེད་པ་འདྲའོ། །བསྟན་པ་གནས་པའི་ཡུན་ཚད་ནི། བསྐལ་པ་གངྒཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་དུ་འགའ་་ཞིག་བཞེད་དེ། སྙིང་རྗེ་པད་དཀར་ལས། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་རྗེ་བཙུན་སྤྱན་རས་གཟིགས་བྱང་ཆུབ་མཆོག་ཏུ་ལུང་བསྟན་པའི་ཐད་ན། རིགས་ཀྱི་བུ་ཁྱོད་ནི་འོད་དཔག་མེད་ཡོངས་སུ་མྱ་ངན་ལས་འདས་ནས་བསྐལ་པ་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལུས་པ་ན་འཚང་རྒྱ་བར་འགྱུར་ཏེ། ཞེས་གསུངས་

TN03_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༨)པ་འདི་ལ་བསམ་པར་སྣང་ཡང་མདོ་དེའི་དོན་དེ་ལྟར་འཆད་རྒྱུ་ཡིན་མིན་དཔྱད་དགོས་སོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལས་ནི། རྒྱལ་བ་དེ་མྱ་ངན་ལས་འདས་པའི་འོག་ཏུ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་དམ་པའི་ཆོས་གནས་པར་གསུངས་སོ། །བཞི་པ་ནི། དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་འདི་སྙེད་དང་། བསྐལ་པ་བརྒྱ་ཕྲག་འདི་སྙེད་ནས། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་འདི་སྙེད་ཅིག་ཏུ་བཞུགས་སོ་ཞེས་པའི་བར་དུ་བརྩི་ཚུལ་རྒྱ་ཆེ་ཆུང་ཇི་ལྟ་བུའི་སྒོ་ནས་གཞལ་ཀྱང་མཐའ་མི་རྟོགས་པར་འོད་མདོ་ལས་གསུངས་ཤིང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོར། དེའི་སྐུ་ཚེའི་ཚད་ཀྱི་མཐའ་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་བཤད་ཀྱང་རྟོགས་པར་སླ་བ་མ་ཡིན་ཞེས་བརྩི་བའི་ཡུན་ཚད་ཀྱི་སྒོ་ནས་གསུངས་ཏེ། མདོར་ན་དཔག་ཏུ་མེད་པ་ཡིན་ནོ། །དེའི་ཕྱིར་རྒྱལ་བའི་དབང་པོ་དེའི་མཚན་ཡང་ཚེ་དཔག་མེད་ཅེས་བྱའོ། །ཞིང་དེར་བྱང་ཆུབ་བརྙེས་པའི་མཛད་པ་བསྟན་ནས་ད་ལྟ་ཡུན་ཇི་ཙམ་འདས་པ་ནི། མི་མཇེད་ཀྱི་འཇིག་རྟེན་འདི་པའི་ལུགས་ཀྱི་བསྐལ་པ་བཅུ་ལོན་པར་འོད་མདོ་ལས་གསུངས་ཏེ། ཕལ་ཆེན་ཚེའུར་མི་མཇེད་ཀྱི་ཞིང་གི་བསྐལ་པ་གཅིག་གི་ཡུན་ཚད་དེ་བདེ་བ་ཅན་གྱི་ཉིན་ཞག་གཅིག་ཏུ་བྱེད་པར་གསུངས་པས། ཞིང་དེ་པ་རྣམས་ཀྱི་ངོར་ནི་ཉིན་ཞག་བཅུ་ལས་མ་སོང་བར་གསལ་ཏེ། དབྱར་གྱི་ལང་ཚོ་ཐོག་མ་ལ་བབས་པའི་དགའ་བ་ལྟ་བུའི་ཚོད་དུ་སྣང་ངོ། །སྟོན་པའི་སྐུ་ཚེ་དཔག་ཏུ་མེད་པ་འདི་ནི་

TN03_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༩)ཞིང་གི་འབྱོར་པ་ཆེས་མཆོག་ཏུ་གྱུར་པ་ཡིན་ཏེ། ཞིང་རབ་འབྱམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་རྒྱུན་མི་འཆད་པར་འདུ་བ་དང་། སངས་རྒྱས་ཀྱི་རྣམ་འཕྲུལ་སྔོན་མ་མཐོང་བ་མཐོང་བ་དང་། བྱང་སེམས་ལུང་སྟོན་པ་ལ་སོགས་པའི་དགའ་སྟོན་ལ་ཉིན་རེ་བཞིན་སྤྱོད་དུ་ཡོད་པ་ནི། དེ་བཞིན་གཤེགས་པ་བཞུགས་པའི་མཐུ་ཡིན་པའི་ཕྱིར་རོ། །ལྔ་པ་ནི། །ཐུབ་པའི་དབང་པོ་དེའི་མཚན་ཐོས་པ་ནི་གདུལ་བྱ་ལ་དོན་ཆེན་པོའི་སྒོར་འགྱུར་བར་གཟིགས་ནས། མཐའ་དང་མུ་མེད་པའི་རྒྱལ་བ་རྣམས་ཀྱིས་རང་རང་གི་ཞིང་རྣམས་སུ་དེའི་སྙན་གྲགས་སྒོ་དུ་མ་ནས་ལན་གཅིག་མ་ཡིན་པར་གསལ་བར་མཛད་པར་གསུངས་ཏེ། ཞིང་བཀོད་ཀྱི་མདོ་ལས། དེའི་མཚན་དེ་ཡང་སྒྲིབ་པ་མེད་པར་ཕྱོགས་བཅུར་གྲགས་ཏེ། ཕྱོགས་རེ་རེ་ན་ཡང་སངས་རྒྱས་བཅོམ་ལྡན་འདས་གསུང་ཆགས་པ་མི་མངའ་ཞིང་གསུང་ཐོགས་པ་མི་མངའ་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ལན་འགའ་མ་ཡིན་པར་བསྔགས་པ་བརྗོད་ཅིང་བསྟོད་དེ། སྙན་པར་གསུང་ངོ། །ཞེས་སོ། །དེ་དོན་ཆེན་པོའི་སྒོར་འགྱུར་བའི་ཚུལ་ནི། བཅོམ་ལྡན་འདས་དེའི་མཚན་ཐོས་ནས་སེམས་དང་བས་ཐལ་མོ་སྦྱོར་བ་ཙམ་ལ་ཡང་། གང་གིས་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །ཞེས་སོགས་སྔར་དྲངས་པ་ལྟར་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འཐོབ་ཅིང་། དེར་མ་ཟད་བདེ་བ་ཅན་དུ་སྐྱེས་ནས་དེ་བཞིན་གཤེགས་པའི་ཚོགས་གཉིས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པ་བསམ་གྱིས་

TN03_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༠)མི་ཁྱབ་པ་ལ་ལོངས་སྤྱོད་པའི་རྒྱུ་ཇི་སྙེད་ཅིག་གསུངས་པ་རྣམས་ཀྱང་། བཅོམ་ལྡན་འདས་དེ་དང་དེའི་ཞིང་ཡོངས་སུ་དག་པའི་ཡོན་ཏན་ཐོས་པ་ལས་བྱུང་བ་ཤ་སྟག་གོ །གཞན་ཡང་མཚན་དེ་ཐོས་པའི་མོད་ལ་བྱང་ཆུབ་ཀྱི་བར་གྱི་ཚེ་རབས་ཐམས་ཅད་དུ་རིགས་མཐོན་པོར་སྐྱེ་བ་དང་། སྐྱེས་པའི་དབང་པོ་འཐོབ་པ་དང་། དབང་པོ་མ་ཚང་བ་མེད་པ་དང་། རྟག་ཏུ་ཚངས་སྤྱོད་ལ་གནས་པ་དང་། བྱང་སེམས་ཀྱི་སྤྱོད་པ་ལ་དགའ་ཞིང་མཆོག་ཏུ་དགའ་བ་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྟི་བསྟང་བྱེད་པ་དང་། གཟུངས་དང་ཏིང་ངེ་འཛིན་དང་བཟོད་པའི་སྒོ་རླབས་ཆེ་བ་རྣམས་ལ་སྦྱོར་བ་དང་། བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བའི་དགེ་བའི་རྩ་བ་གྱ་ནོམ་པ་སྐྱེ་ཚུལ་རྒྱ་ཆེར་གསུངས་སོ། །དེ་དག་གི་ཕྱིར་རྒྱལ་བའི་དབང་པོ་དེའི་མཚན་ཡོངས་སུ་སྒྲོགས་པ་ནི་སེམས་ཅན་རྣམས་ལ་ལྷའི་རྒྱལ་སྲིད་བྱིན་པས་ཀྱང་བསྐྲུན་དུ་མེད་པའི་ཕན་བཏགས་པ་དང་། གྲངས་མེད་པའི་རྒྱལ་བ་རྣམས་ཀྱི་ཕྲིན་ལས་སྒྲུབ་པའི་གྲོགས་བྱས་པ་དང་། མགོན་པོ་འོད་དཔག་མེད་ལ་གདུལ་བྱའི་སྐྱེས་ཕུལ་བར་འགྱུར་བའི་ཚུལ་ལ་བསམས་ཏེ་འབད་པ་ཐམས་ཅད་ཀྱིས་བསླབ་པར་བྱ་ཡི། དེ་དག་ནི་ཁྱིམ་པ་རྒན་པོ་དང་རྒན་མོ་རྣམས་ལ་དགོས་ཀྱིས། བདག་ཅག་ལྟ་བུའི་རྣལ་འབྱོར་པའམ། མཁས་པ་ནི་དེ་ཙམ་ལ་མི་རེ་ཞེས་རང་གིས་དེ་བཞིན་གཤེགས་པའི་འགྲོ་འདུལ་གྱི་ཐབས་མཁས་མཐིལ་ཕྱིན་པ་ལ་གོ་བ་ཕྱོགས་མཐོང་ཙམ་ཡང་

TN03_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༡)མ་སྐྱེས་པར་མནའ་བོར་ནས། དེ་ལ་རྨད་དུ་བྱུང་བའི་ཁྱད་པར་འཕགས་ཆོས་སུ་སྒོམ་པར་ནི་མི་བྱ་སྟེ། དེ་ལྟར་བྱེད་པ་ནི་དམ་པ་རྣམས་ཀྱི་མདུན་སར་བཞད་གད་ཀྱི་ཕྱིར་དུ་རང་གིས་རང་ལ་ཐོ་འཚམས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། བཅོམ་ལྡན་འདས་དེའི་ཉན་ཐོས་ཀྱི་འཁོར་ནི་ཡོངས་སུ་དག་ཅིང་གྲངས་མང་བས་འཕགས་ཏེ། འདི་ལྟར། དེ་ན་སོ་སྐྱེའི་ཉན་ཐོས་ཁྱིམ་གྱི་ཡོངས་སུ་བཟུང་བ་ལ་ཆགས་ནས་མངོན་པར་མི་འབྱུང་བ་ནི་ཡེ་མེད་དེ། ང་ཡིར་བྱ་བ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བའི་ཕྱིར་ཏེ། །སྔར་བཤད་ཟིན་ཏོ། །ཐུབ་པའི་བཅས་མཚམས་འདྲལ་བར་བྱེད་པ་ཡང་མེད་དེ། སྙིགས་མ་མེད་པའི་ཞིང་གི་ཉན་ཐོས་ཡིན་པའི་ཕྱིར་ཏེ། འདི་ནི་དཀོན་བརྩེགས་ཀྱི་དྲུག་པར་མི་འཁྲུགས་པའི་ཞིང་ལ་སྦྱར་ནས་གསུངས་པ་རིགས་པ་འདྲའོ། །བརྩོན་འགྲུས་ཆུང་བས་ལམ་སྒྲུབ་ཏུ་མི་ནུས་པ་ཡང་མེད་དེ། ཐམས་ཅད་ཡང་དག་པ་ཉིད་ལ་ངེས་པར་གསུངས་པའི་ཕྱིར་རོ། །ཞིང་དེའི་བྱང་སེམས་ཀྱི་འཁོར་རྣམས་སྐྱེ་བ་གཅིག་ཐོགས་སུ་གསུངས་པའི་རིགས་པས། །ཉན་ཐོས་ལ་ཡང་ལན་བདུན་པ་དང་རིགས་ནས་རིགས་སྐྱེ་སོགས་མེད་དམ་བརྟག་གོ །ཉན་ཐོས་ཀྱི་དགེ་འདུན་ཡོད་ཀྱང་རིགས་སྐྱེ་སོགས་ཀྱི་རྣམ་བཞག་བྱར་མེད་པ་མི་འགལ་བ་ནི་མི་འཁྲུགས་པའི་འཁོར་གྱི་ཉན་ཐོས་ཐམས་ཅད་མཐོང་ཆོས་ཞིར་གསུངས་པ་བཞིན་ནོ། །ཉན་ཐོས་དེ་དག་གི་གྲངས་ནི། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་

TN03_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༢)རང་སངས་རྒྱས་ཤ་སྟག་ཏུ་གྱུར་པས་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་བགྲངས་ཀྱང་མཐའ་མི་རྙེད་པར་གསུངས་ཏེ། དེའང་གཅིག་གིས་གང་བགྲང་བ་དེ་གཉིས་པས་མི་བགྲང་། གཉིས་པས་གང་བགྲང་བ་དེ་གསུམ་པས་མ་བགྲང་བ་དེ་འདྲ་བའི་ཚུལ་གྱིས་བགྲང་བ་ལ་དགོངས་སོ། །དེར་མ་ཟད་འཕགས་པ་མཽ་འགལ་གྱི་བུ་ཆེན་པོས་སྟོང་གསུམ་ན་སྐར་མའི་གཟུགས་ཇི་སྙེད་ཡོད་པ་ཐམས་ཅད་ཉིན་ཞག་གཅིག་གིས་བགྲང་བར་ནུས་ཏེ། དེ་ལྟ་བུའི་རྫུ་འཕྲུལ་དང་ལྡན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ཀྱིས་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ལས་གཞན་མི་བྱེད་པར་བཅོམ་ལྡན་འདས་དེའི་ཉན་ཐོས་འདུས་པ་དང་པོ་གཅིག་པུ་བགྲངས་ཀྱང་བྱེ་བ་བརྒྱའི་ཆ་ཙམ་ཡང་རྩིས་ཀྱིས་མི་ཆོད་པར་གསུངས་སོ། །དེ་དག་ཐམས་ཅད་ཀྱང་འོད་འདོམ་གང་བ་དང་ལྡན་པ་ཤ་སྟག་སྟེ། དུལ་བ་དང་ཉེ་བར་ཞི་བའི་དཔལ་གྱིས་སངས་རྒྱས་ཀྱི་ཞིང་དེ་དགོད་པ་བཞིན་དུ་བྱེད་དོ། །གསུམ་པ་ལ། བྱང་སེམས་འཁོར་གྱི་གཙོ་བོ་དང་། རྒྱལ་སྲས་གྱི་འཁོར་སྤྱིར་བསྟན་པ་གཉིས་ལས། དང་པོ་ནི། སྟོན་པ་འོད་དཔག་མེད་ལས་རྒྱལ་ཚབ་ཀྱི་ཅོད་པན་བླངས་པ་དཔལ་སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་གཉིས་ཏེ། གོ་རིམ་བཞིན་དུ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོའི་ལྟ་སྟངས་སྦྱངས་པ་དང་། རླབས་པོ་ཆེའི་ཐུགས་སྟོབས་མངའ་བའི་ཆ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་མཚན་དེ་ལྟར་བཏགས་པར་སྙིང་རྗེ་པད་དཀར་ལས་སོ། །

TN03_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༣)དེ་གཉིས་ཀྱི་སྐུའི་འོད་ཀྱིས་ནི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་མ་ལུས་པར་བཀང་སྟེ་གནས་ལ། བྱང་སེམས་ཀྱི་འཁོར་གང་དག་དེ་གཉིས་ལས་ཞག་བདུན་དུ་འདྲི་བའི་ལན་ཉན་པ་དེ་དག་དེའི་མོད་ཁོ་ནར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་འཐོབ་པའི་ཕྱིར། །སངས་རྒྱས་ཀྱི་ཞིང་དེ་ནི་སྐྱེས་བུ་དམ་པ་འདི་གཉིས་ལས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པའི་རྒྱལ་སྲས་ཀྱི་ཚོགས་ཀྱིས་གང་བར་མདོ་གཞན་ལས་གསུངས་སོ། །དེའི་ཕྱིར་དེ་དག་ནི་མཉམ་པ་མེད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་དང་ལྡན་པ་སྟེ། རྒྱལ་བའི་དབང་པོ་འོད་དཔག་མེད་བཞུགས་པ་དང་ཡོངས་སུ་མྱ་ངན་ལས་འདས་པའི་གནས་སྐབས་ཀུན་ཏུ་དམ་པའི་ཆོས་ཀྱི་མཛོད་འཛིན་པ་རྣམས་ཀྱི་ནང་ན་རབ་མཆོག་ཏུ་བསྔགས་པ་ཡིན་ནོ། །གཉིས་པ་ནི། ཞིང་དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་གྲངས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་གཏོགས་པ་གཞན་སུས་ཀྱང་བགྲང་བའི་རྔོ་མི་ཐོགས་པར་སྙིང་རྗེ་པད་དཀར་ལས་གསུངས་ཤིང་། ཞིང་བཀོད་ཀྱི་མདོ་ལས། བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་བརྩིས་ཀྱང་གྲངས་ཀྱི་མཐའ་མི་མངོན་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་ནས་བྱང་ཆུབ་སེམས་དཔའི་འཁོར་དག་བདེ་བ་ཅན་དུ་སྐྱེ་བ་འཛིན་པར་འགྱུར་ཏེ། དེ་བཞིན་གཤེགས་པ་རེ་རེའི་དྲུང་ནས་ཀྱང་བྱང་སེམས་བྱེ་བ་ཕྲག་དུ་མ་འགྲོ་བར་གསུངས་སོ། །དེ་ནི་ཞིང་གཞན་ནས་ཤི་འཕོས་ཏེ་འགྲོ་བའི་དབང་དུ་མཛད་ལ། མངོན་ཤེས་ཀྱི་མཐུ་ཐོབ་པའི་རྒྱལ་སྲས་ཆེན་པོ་རྣམས་ཞིང་དག་པའི་འབྱོར་པ་གཟིགས་པ་དང་། ཆོས་

TN03_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༤)ཀྱི་དགའ་སྟོན་ལ་རྩེ་བའི་ཕྱིར་རྫུ་འཕྲུལ་གྱིས་འདུ་བའི་གྲངས་ནི་དེ་བས་ཀྱང་ཆེས་མང་སྟེ། ཇི་ལྟར་བདག་ཅག་གི་སྟོན་པས་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་གསུངས་པ་ན་གླིང་བཞི་པའི་འཇིག་རྟེན་འདི་ན་རྫུ་འཕྲུལ་གྱིས་ཆོས་ཉན་དུ་ལྷགས་པའི་བྱང་སེམས་ཁོ་ནས་གང་བར་མ་གྱུར་པའི་ས་ཕྱོགས་འཁར་བ་འཛུགས་ས་ཙམ་ཡང་མེད་པར་གསུངས་པ་བཞིན་ནོ། །དེ་ལ་ཞིང་དེར་སྐྱེས་པའི་བྱང་སེམས་རྣམས་ཀྱི་ལུས་ཀྱི་བོང་ཚད་ནི་དཔག་ཚད་སྟོང་ཡིན་པར་སྙིང་རྗེ་པད་དཀར་ལས་ཏེ། ཐམས་ཅད་ཀྱང་འོད་དཔག་ཚད་བྱེ་བ་བརྒྱ་སྟོང་པ་འབའ་ཞིག་ཏུ་ཞིང་བཀོད་ཀྱི་མདོ་ལས་གསུངས་སོ། །སྔོན་ཐེ་ཚོམ་ཟོས་པའི་ཉེས་པས་བསྒྲིབས་པ་རྣམས་མ་གཏོགས་པ་ཐམས་ཅད་རྫུ་འཕྲུལ་གྱི་མཐུས་རྣམ་པར་རྩེ་བ་ཁོ་ན་ཡིན་ཏེ། དེ་དག་སྔ་དྲོ་རེ་རེར་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་བསྙེན་བཀུར་བྱེད་དུ་འགྲོ་སྟེ། ནམ་མཁའ་ལྟར་ཡངས་ཤིང་ཚད་མེད་པའི་མཆོད་པ། འཇིག་རྟེན་ཐམས་ཅད་ངོ་མཚར་བར་བྱེད་པ་དག་གིས་བསྟི་བསྟངས་བྱེད་དོ། །དེར་དེ་བཞིན་གཤེགས་པ་དེ་རྣམས་སོ་སོ་ནས་སྔོན་གྱི་སྨོན་ལམ་དང་། སངས་རྒྱས་ཀྱི་ཞིང་དང་། ཆོས་བཤད་པའི་རྣམ་གྲངས་དང་། མཛད་པའི་སྒོ་སྣ་ཚོགས་ཀྱིས་ཁམས་དབང་མོས་པ་མེ་འདྲ་བའི་སེམས་ཅན་ཇི་ལྟར་འདུལ་བའི་ཚུལ་བསམ་གྱིས་མི་ཁྱབ་པ་རྣམས་མཐོང་ཞིང་ལེགས་པར་ཁོང་དུ་ཆུད་ནས་ཟང་ཟིང་མེད་པའི་དགའ་བ་རྒྱ་ཆེ་ཞིང་གྱ་ནོམ་པ་ཆེས་རྨད་དུ་བྱུང་བ་ཐོབ་སྟེ། སླར་

TN03_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༥)ཡང་སྔ་དྲོ་དེ་ཉིད་ལ་རང་གི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་ཉིད་དུ་ཕྱིན་པར་འགྱུར་རོ། །འདིའི་ཐད་ཀྱི་འོད་མདོ་ལས། དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་སྔོན་གྱི་སྨོན་ལམ་གྱི་བྱིན་གྱིས་རླབས་ཀྱིས་ཡོངས་སུ་ཟིན་པ་དང་། སྔོན་ཆོས་མཉན་པ་བྱིན་པ་དང་། སྔོན་གྱི་རྒྱལ་བ་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། སྔོན་གྱི་སྨོན་ལམ་འབྱོར་ཞིང་ཡོངས་སུ་རྫོགས་པ་དང་། མི་ཉུང་བ་དང་། ཤིན་ཏུ་རྣམ་པར་ཕྱེ་བ་དང་། ཤིན་ཏུ་བསྒོམས་པས་སྨོན་ལམ་བཏབ་པ་འགྲུབ་བོ། །ཞེས་གསུངས་པ་ནི། ཞིང་དེའི་བྱང་སེམས་ཀྱི་འཁོར་ཕལ་ཆེར་དེ་ལྟ་བུའི་མཐུ་མ་ཐོབ་པ་མེད་པ་ནི་དེ་བཞིན་གཤེགས་པ་དེའི་སྔོན་སྨོན་དང་དགེ་བའི་རྩ་བའི་མཐུ་ཡིན་ཞེས་སྟོན་པར་མངོན་ནོ། །སྔར་བཤད་པ་ལྟར་དེ་ན་བྱང་སེམས་ཡིན་མིན་ཐམས་ཅད་མངོན་ཤེས་ལྔ་ལྡན་དུ་འབྱུང་མོད་ཀྱི། །འོད་མདོ་ལས། ཞིང་མཐའ་ཡས་པར་རྫུ་འཕྲུལ་གྱིས་འཇུག་ཚུལ་འདི་དག་བྱང་སེམས་འཁོར་འཆད་པའི་སྐབས་ཁོ་ནར་རྒྱས་བཤད་མཛད་པ་ནི། དཀོན་བརྩེགས་ཀྱི་མྱ་ངན་མེད་ཀྱིས་བྱིན་པས་ཞུས་པར། རྒྱ་མཚོ་ཆེན་པོ་དང་བུམ་པ་ཆུས་མི་ངོམས་པ་དང་ངོམས་པའི་དཔེས་གསུངས་པ་ལྟར། ཉན་ཐོས་ནི་རང་གི་དོན་ཉི་ཚེ་སྒྲུབ་པའི་བསམ་པ་ཅན་ཡིན་པས་དགེ་བའི་བཤེས་གཉེན་ཚད་མེད་པ་འཚོལ་བ་ལྷུར་མི་ལེན་པ་ལ་དགོངས་སམ་སྙམ་མོ། །གཞན་ཡང་སེམས་དཔའ་ཆེན་པོ་དེ་དག་གི་ཡོན་ཏན་གྱི་ཁྱད་པར་ནི། ཞིང་བཀོད་ཀྱི་མདོ་ལས། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་དག་འཇིག་རྟེན་གྱི་ཁམས་དེར་

TN03_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༦)སྐྱེས་པ་དེ་དག་ལ་གཞན་གྱི་འདུ་ཤེས་མེད། རང་གི་འདུ་ཤེས་མེད། བདག་གི་འདུ་ཤེས་མེད། འཐབ་པ་མེད། རྩོད་པ་མེད། མི་མཐུན་པ་མེད། མི་མཉམ་པའི་སེམས་མེད་དེ། དེ་དག་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང་། ཕན་པའི་སེམས་དང་། བྱམས་པའི་སེམས་དང་། མཉེན་པའི་སེམས་དང་། འཇམ་པའི་སེམས་དང་། དགེ་བའི་སེམས་དང་། རབ་ཏུ་དང་བའི་སེམས་དང་། བརྟན་པའི་སེམས་དང་། སྒྲིབ་པ་མེད་པའི་སེམས་དང་། འཁྲུགས་པ་མེད་པའི་སེམས་དང་། སྙོགས་པ་མེད་པའི་སེམས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་སྤྱོད་པའི་སེམས་དང་། སེམས་ཀྱི་རྒྱུད་སྒྱུ་མའི་རང་བཞིན་ལ་བློ་རབ་ཏུ་ཞུགས་པ། ཤེས་རབ་རྒྱ་མཚོ་ཆེན་པོ་དང་མཉམ་པ། བློ་རི་རབ་དང་མཚུངས་པ། ཡོན་ཏན་དུ་མ་བསགས་པ། ཞེས་པ་ནས། འཇིག་རྟེན་ཐམས་ཅད་ཀྱིས་མི་གོས་པའི་ཕྱིར་པདྨ་དང་འདྲ་བ། ཆོས་དང་ཆོས་མ་ཡིན་པ་མངོན་པར་སྒྲོག་པས་དུས་ཀྱི་རྗེས་སུ་འབྲངས་པའི་འབྲུག་ཆེན་པོ་དང་མཚུངས་པ། ཆོས་ཀྱི་ཆུའི་ཆར་མངོན་པར་འབེབས་པས་ཆར་པ་ཆེན་པོ་དང་འདྲ་བ། ཚོགས་ཆེན་པོའི་ཟིལ་གྱིས་གནོན་པས་ཁྱུ་མཆོག་དང་མཚུངས་པ། སེམས་ཤིན་ཏུ་མཆོག་ཏུ་དུལ་བས་གླང་པོ་ཆེ་ཆེན་པོ་དང་འདྲ་བ། ཤིན་ཏུ་དུལ་བས་རྟ་ཅང་ཤེས་བཟང་པོ་དང་མཚུངས་པ། རྩལ་དང་མི་འཇིགས་པས་སྐྲག་པ་མེད་པའི་ཕྱིར་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་འདྲ་བ། སེམས་ཅན་ཐམས་ཅད་

TN03_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༧)ཡོངས་སུ་སྐྱོབ་པས་ཤིང་གི་རྒྱལ་པོ་ནྱ་གྲོ་དྷ་དང་མཚུངས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་གཡོ་བས་རིའི་རྒྱལ་པོ་རི་རབ་དང་འདྲ་བ། བྱམས་པ་ཚད་མེད་པ་བསྒོམ་པས་ནམ་མཁའ་དང་མཚུངས་པ། དགེ་བའི་ཆོས་ཐམས་ཅད་ཀྱི་དབང་དུ་བྱ་བའི་སྔོན་དུ་འགྲོ་བས་ཚངས་པ་ཆེན་པོ་དང་འདྲ་བ། གནས་སུ་གསོག་པ་མེད་པས་བྱ་དང་མཚུངས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་རྣམ་པར་འཇོམས་པས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་དང་འདྲ་བ། འབྱུང་བར་དཀའ་བའི་ཕྱིར་ཨུ་དུམ་ཝཱ་རའི་མེ་ཏོག་དང་མཚུངས་པ། གླང་པོ་ཆེ་ལྟར་ཤིན་ཏུ་མཉམ་པར་བཞག་པས་རྣམ་པར་གཡེང་བ་མེད་པ། དབང་པོ་རྨུགས་པ་མེད་པ། རྣམ་པར་གཏན་ལ་འབེབས་པ་ལ་མཁས་པ། བཟོད་པ་དང་དེས་པ་མང་བ། ཕ་རོལ་ཕུན་སུམ་ཚོགས་པར་སྨོན་པས་ཕྲག་དོག་མེད་པ། ཆོས་ཀྱི་གཏམ་རྣམས་ལ་འཇིགས་པ་མེད་པ། ཆོས་ཡོངས་སུ་ཚོལ་བས་ངོམས་མི་མྱོང་བ། ཚུལ་ཁྲིམས་ཀྱིས་བཻཌཱུརྱ་དང་འདྲ་བ། ཐོས་པས་རིན་པོ་ཆེའི་འབྱུང་གནས་དང་མཚུངས་པ། ཞེས་པ་ནས། ཀུན་དགའ་བོ་མདོར་བསྡུ་ན། ཞིང་དེའི་བྱང་སེམས་རྣམས་ནི་འདི་ལྟ་བུ་ཤ་སྟག་སྟེ། རྒྱས་པར་བྱ་ན་གལ་ཏེ་དེ་བཞིན་གཤེགས་པའི་ཚེའི་ཚད་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་གནས་པས་བསྟན་ཀྱང་སྐྱེས་བུ་དམ་པ་དེ་དག་གི་ཡོན་ཏན་གྱི་མཐའ་བསྟན་པར་མི་ནུས། ཞེས་པའི་བར་དུ་རྒྱ་ཆེར་གསུངས་སོ། །དེ་ལྟར་སྣོད་

TN03_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༨)བཅུད་ཀྱི་ཡོན་ཏན་བཟང་ཞིང་རླབས་ཆེ་བ་བྱང་ཆུབ་སྒྲུབ་པའི་རྗེས་སུ་མཐུན་པ་རྣམས་ལ་དད་པ་སྤེལ་ཞིང་། སྨོན་ལམ་དང་དགེ་རྩ་སྟོབས་ལྡན་འཆི་ཁར་མངོན་དུ་འགྱུར་ངེས་སུ་སྦྱངས་པ། ཤཱཀྱའི་རྒྱལ་པོ་ཟས་གཙང་མ་དང་། ཚོང་དཔོན་བཟང་སྐྱོང་དང་། བུ་མོ་ཟླ་བ་མཆོག་དང་། འཕགས་པ་ཀླུ་སྒྲུབ་ལ་སོགས་པ་སྔོན་གྱི་བྱང་སེམས་དཔའ་བོ་ཆེན་པོ་རྣམས་ཀྱི་རྗེས་བཞིན་དུ་འགྲོ་བར་བྱ་སྟེ། ཞིང་བཀོད་ཀྱི་མདོ་ལས། གང་གིས་འོད་མཛད་འཇིག་རྟེན་མགོན། །རྫོགས་པའི་སངས་རྒྱས་མཐོང་ནས་ནི། །གུས་དང་བཅས་པས་ཆོས་ཐོས་པ། །དེ་དག་དགའ་བ་དམ་པ་འཐོབ། །ཅེས་གསུངས་པ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལེགས་ཚོགས་མཐའ་དག་ཟླ་བ་ཡར་གྱི་ངོ་བཞིན་དུ་རྒྱས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་འཛིན་པའི་མན་ངག་ལེགས་པར་བཤད་ཟིན་ཏོ། །ཐུབ་པའི་ལེགས་བཤད་ནོར་བུའི་གཏེར་ཁ་དང་། །ཞིང་མཆོག་བགྲོད་པའི་ལམ་སྲང་མ་འཁྲུགས་པ། །ལྷན་ཅིག་དུས་མཐའི་མུན་རུམ་སྟུག་པོར་ཡང་། །འགྲོ་འདིས་གསལ་པོར་མཐོང་བ་བདག་གིས་བྱས། །ཚུལ་འདིར་མདོ་དོན་ཇི་བཞིན་མིན་བཤད་པའི། །ནོངས་པ་གང་མཆིས་རྒྱལ་ལ་སྙིང་ནས་འཆགས། །དགེ་བས་ལུས་ཅན་སྡུག་བསྔལ་ཆུ་གཏེར་ལས། །འཐོན་ཏེ་འོད་དཔག་མེད་ཀྱི་གནས་བགྲོད་ཤོག །བདག་ཀྱང་མགོ་ལ་སངས་རྒྱས་ཅོད་པན་ཐོགས། །ཡིད་ནི་རྣལ་འབྱོར་དམ་པའི་བདུད་རྩིས་གང་། །རབ་

TN03_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༩)འབྱམས་ཞིང་དུ་འགྲོ་ལ་མཆོག་སྦྱིན་ཕྱིར། །ཐོགས་མེད་རྒྱུ་བ་སྤྱན་རས་གཟིགས་འདྲར་ཤོག །བདེ་བ་ཅན་གྱི་ཞིང་ལས་བརྩམས་པའི་གཏམ་དགེ་བའི་ལོ་ཐོག་སྤེལ་བྱེད་དབྱར་སྐྱེས་སྤྲིན་ཆེན་གླལ་བའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི། བྱང་ཆུབ་ཤིང་གི་བཤད་པ་ཡན་ཆད་གསེར་འཕྱང་གི་ལོར་བྲིས་ཀྱང་། འཕྲོ་རྣམས་སྙོམ་ལས་ཀྱི་ངང་ལ་ཡུན་རིང་པོར་ལུས་པ་ལས། སླར་རང་ལོ་སོ་བདུན་པ་འཕར་བའི་ལོའི་སྟོན་ཀ་བཀྲ་ཤིས་ཀྱི་དཔལ་དང་ལྡན་པའི་ཚེས་ལ་ཡོངས་སུ་རྫོགས་བར་བྱས་ཏེ། །ཐེག་པ་མཆོག་གི་གསུང་རབ་ལ་དད་པ་ཅུང་ཟད་སྐྱེས་བའི་སྐལ་བཟང་འཇིགས་མེད་བསྟན་པའི་ཉི་མས། བཀྲ་ལེགས་མདངས་ཆེན་གྱི་རི་བོའི་ངོས། ནགས་ཚལ་དགའ་བ་ཅན་གྱི་མཐོངས། དགེ་འཕེལ་གྱི་གཙུག་ལག་ཁང་དུ་སྦྱར་བ་འདིས་ཀྱང་སེམས་ཅན་རྣམས་ཀྱི་རྒྱུད་ལ་འོད་དཔག་མེད་ཀྱི་སྨོན་ལམ་མ་ལུས་པ་བདེ་བླག་ཏུ་སྨིན་པར་གྱུར་ཅིག ༈ །།འཕྲུལ་ཆེན་སྤརགྱི་ལྗོན་ཤིང་རྒྱས་པའི་རྩེར། ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུ་བྷཾམསྟུ་སརྦ་ཛ་ག་ཏཾ།

TN03_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༠)

འཕགས་ཚོགས་མཆོད་པའི་ཆོ་ག་སྙིང་པོར་དྲིལ་བ་རྣམ་པར་ཐར་བ་རྒྱ་མཚོའི་མེ་ཏོག་གི་སྤྲིན་རབ་ཏུ་འབྱུང་བ།

TN03_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༡)འཕགས་ཚོགས་མཆོད་པའི་ཆོ་ག་སྙིང་པོར་དྲིལ་བ་རྣམ་པར་ཐར་པ་རྒྱ་མཚོའི་མེ་ཏོག་གི་སྤྲིན་རབ་ཏུ་འབྱུང་བ་ཞེས་བྱ་བ་བཞུགས་སོ། །

TN03_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༢)བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འདིར་འཕགས་ཚོགས་མཆོད་པའི་ཆོ་ག་སྙིང་པོར་དྲིལ་ཏེ་ཉམས་སུ་ལེན་པར་འདོད་པ་དག་གིས། ཐོག་མར་གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ་དང་། མཆོད་པ་གཡོ་མེད་ཅིང་བཀོད་པས་མཛེས་པར་བཤམས་པ་དང་། སྐྱབས་འགྲོ་སེམས་བསྐྱེད་རྒྱུད་དང་འདྲེས་ངེས་སུ་བྱ་བ་རྣམས་སྔོན་དུ་བཏང་ནས། ཚོགས་ཞིང་མངོན་དུ་བྱ་བ་ནི། མཚན་དཔེའི་སྐུ་མཆོག་ཤིན་ཏུ་ཞི་བ་ནི། །ཉོན་མོངས་རྙོག་པ་ངང་གིས་དྭངས་བྱེད་དེ། །གང་གི་ཡིད་ནི་དམིགས་པ་དེར་འཇུག་པ། །དེ་ཡི་མདུན་ན་རྒྱལ་བརྟག་ཏུ་བཞུགས། །རྒྱན་རབ་བཀོད་པ་འོག་མིན་ཆེན་པོའི་གནས། །རྣམ་པར་སྣང་མཛད་རྒྱལ་བས་ཡོངས་གང་

TN03_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༣)ཞིང་། །གྲགས་ཆེན་རྒྱལ་སྲས་རྒྱ་མཚོའི་འབྱོར་པ་ཅན། །རྣམ་ཀུན་རྒྱུན་གྱིས་རྟག་པའི་འཁོར་ལོ་རོལ། །དེ་དག་འོད་ཟེར་ཀུན་སྣང་གཟི་བརྗིད་སྤྲིན། །བྱང་ཆུབ་པདྨའི་རྒྱལ་པོའི་སྤྲིན་ཚོགས་ཅན། །བདེ་དང་དགེ་བའི་བདུད་རྩི་མཆོག་སྦྱིན་པའི། ངོ་མཚར་སྐུ་ཡི་ཆོ་འཕྲུལ་འཛད་པ་མེད། །གཞན་ཡང་རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི། །སྐུ་དང་ཞིང་གི་རྣམ་རོལ་མཐའ་ཡས་ཏེ། །དེ་ལྟར་ཆོས་དབྱིངས་རྒྱ་མཚོའི་ཞིང་རྣམས་སུ། །སངས་རྒྱས་ཞིང་གི་དཀྱིལ་འཁོར་མུ་མཐའ་མེད། །ཡེ་ཤེས་སྒྱུ་མ་མཁའ་ལྟར་རབ་ཞི་ཡང་། །རྒྱ་ཆེན་སྨོན་ལམ་ཐུགས་རྗེ་དམ་པའི་མཐུ། །རིམ་དང་རིམ་

TN03_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༤)མིན་སྣ་ཚོགས་ཐབས་ཚུལ་གྱིས། །སེམས་ཅན་ཁམས་ལ་ཆུ་ཟླ་བཞིན་དུ་སྣང་། །དེ་འདྲའི་ཡོན་ཏན་མཆོག་ཚོགས་མགོན་པོ་རྣམས། །མཉམ་པའི་ཆོས་ཉིད་གཅིག་ཏུ་དགྱེས་རོལ་བས། །མཁས་པ་གང་གིས་རྣམ་འདྲེན་གཅིག་མཆོད་པ། །དེས་ནི་ཐུབ་ཆེན་ཀུན་ལ་བྱ་བ་བྱས། །དེ་ལྟར་རྒྱལ་བ་དེ་དག་རྗེས་དྲན་ཞིང་། །དེ་སྙེད་ལུས་རྣམས་རྒྱ་མཚོར་བྱིན་བརླབས་ཏེ། །བསྔགས་འོས་རྒྱལ་ཀུན་དགྱེས་པའི་མཆོད་སྤྲིན་གྱིས། །བཟང་པོ་སྤྱོད་པའི་རྣམ་ཐར་རྒྱས་པར་བགྱི། །ཞེས་བརྗོད་ཅིང་དོན་ཡིད་ལ་དྲན་པར་བྱའོ། །དེ་ནས་ཡན་ལག་བདུན་པའི་དང་པོ་ཕྱག་འཚལ་བ་ནི། ༈ །རྡུལ་བྲལ་བསོད་ནམས་བརྒྱ་བའི་ཡེ་ཤེས་སྐུ། །ཕྲ་རག་ཕུང་པོའི་བདུད་ལས་རྣམ་གྲོལ་ཞིང་། །ཐུབ་དཀའ་སྲེད་མེད་བུ་ཡི་ཤུགས་འཆང་བ། །རྡོ་རྗེའི་སྐུ་མཆོག་བརྙེས་ལ་ཕྱག་འཚལ་ལོ། །ཡན་ལག་རྒྱ་མཚོ་ཚངས་པ་རྔ་སྒྲའི་དབྱངས། །ཟིལ་གྱིས་མི་ནོན་སྒྲ་ཀུན་རྗེས་འཇུག་ཅིང་། །གསུང་གི་གདངས་རེར་ཆོས་ཕུང་ཀུན་རྫོགས་པའི། །ཡོན་ཏན་དཔག་མེད་དབྱངས་ལ་ཕྱག་འཚལ་ལོ། །ཞི་བའི་ཆོས་ཉིད་རྣམ་ཐར་སྒོ་གསུམ་དབྱིངས། །ཤེས་དང་ཤེས་བྱ་རོ་མཉམ་ཚུལ་གཟིགས་ཀྱང་། །ཇི་སྙེད་ཆོས་ཀུན་མཁྱེན་པའི་སྐབས་མངའ་བ། །སྟོབས་བཅུའི་རྒྱལ་ཐབས་གནོན་ལ་ཕྱག་འཚལ་ལོ། །དག་དང་མ་དག་

TN03_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༥)གདུལ་བྱའི་ཞིང་རྣམས་སུ། །མཚན་དང་སྐུ་ཡི་རྣམ་འགྱུར་ཐ་དད་ཀྱང་། །སེམས་ཅན་གདུལ་བའི་དབང་དུ་ཚུལ་གཅིག་པ། །ཟླ་མེད་གཞན་ཕན་བརྙེས་ལ་ཕྱག་འཚལ་ལོ། །གཞན་ཡང་རྒྱལ་བ་ཀུན་གྱི་སྲས་རྣམས་དང་། །རང་རྒྱལ་སློབ་མ་དུལ་བའི་དགེ་འདུན་ཚོགས། །ཕྱག་འོས་ཡོན་ཏན་དུ་མས་མངོན་འཕགས་པ། །དེ་དག་ཀུན་ལ་གུས་པས་ཕྱག་འཚལ་ལོ། །གཉིས་པ་མཆོད་པ་ནི་སྐབས་འདིར་ས་བཅད་བཅོ་ལྔར་ཕྱེ་སྟེ་རིམ་བཞིན། འཆི་བ་མེད་པའི་ལམ་ནས་ལྡིང་བ་ཡི། །སྣ་ཚོགས་མཛེས་སྤྲིན་པདྨོའི་སྦུབས་འགྱིང་བ། །དག་བྱེད་བུམ་བཟང་འཛིན་པའི་མེ་ན་ཀས། །སངས་རྒྱས་བསོད་ནམས་ཕུང་པོར་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཨོཾ་ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱཧཱ། བཛྲ་ཝསྟ་ཧཱུཾ། ལྷ་རྫས་ཡིད་བཞིན་དྲྭ་བའི་པདྨོ་མཆོག །འོད་ཟེར་མེ་ཏོག་སྤྲིན་གྱི་ཆར་འབེབས་པས། །མ་ལུས་ཞིང་རྣམས་རྒྱ་མཚོའི་ཁྱོན་འགེང་བ། །བསོད་ནམས་སྤྲིན་གྱི་རོལ་མོར་ཅིར་ཡང་འཇོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་ར་པུཥྤེ་པུ་ཙ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུཾ། རྒྱ་ཆེ་དཔག་བསམ་སྤོས་ཀྱི་ལྗོན་པ་མཆོག །ཀུན་ནས་དགའ་བ་རྒྱ་མཚོའི་དྲི་བསུང་ཅན། །སྤོས་རྡུལ་

TN03_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༦)ཕྱེ་མ་སྣ་ཚོགས་སྤྲིན་འཕྲོ་བ། །དཔལ་ལྡན་ངོ་མཚར་བཀོད་པའི་མཆོད་སྤྲིན་འཁྲིག །ཨོཾ་སརྦ་སོགས་དྷུ་བྤེ་པུ་ཙ༴ །རིན་ཆེན་ཉི་ཟླ་ནོར་བུའི་སྒྲོན་མ་མཆོག །ཚད་མེད་འོད་ཟེར་རྒྱ་མཚོའི་སྣང་བ་ཆེས། །སངས་རྒྱས་ཞིང་ཀུན་མུན་པའི་གོ་འགོག་པས། །རྒྱལ་དང་དེ་སྲས་དགྱེས་པའི་བསྙེན་བཀུར་སྟོབ། །ཨ་ལོ་ཀེ༴ སྤོས་དང་སྨན་སྦྱར་བདུད་རྩིའི་ཕྱུགས་པ་མཆོག །ཡིད་འཕྲོག་དྲི་རྣམས་རྒྱ་མཚོའི་ཆར་འབེབས་ཤིང་། །ཟག་མེད་བདེ་བའི་ཁྱད་པར་འབུམ་སྦྱིན་པ། །ནམ་མཁའ་མཛོད་ཀྱི་ཕུང་པོར་ཟད་མི་ཤེས། །གྷནྡྷེ༴ །ཕུན་ཚོགས་རོ་བརྒྱ་ལྡན་པའི་ཞལ་ཟས་མཆོག །བཟའ་བཅའ་བཏུང་བའི་ཁྱད་པར་རྣམ་མང་པོ། །བྲི་དང་གང་བ་མེད་པར་འབྱམས་ཀླས་པ། །ཏིང་འཛིན་ཞི་བ་མཆོག་གི་རྣམ་པར་རོལ། །ནེ་ཝི་ཏྱ༴ །བསྟོད་སྤྲིན་ཡན་ལག་རྒྱ་མཚོའི་རོལ་མོ་མཆོག །སིལ་སྙན་རྔ་སྒྲའི་སྤྲིན་གྱི་ཆར་འབེབས་ཤིང་། །ས་དང་ཕ་རོལ་ཕྱིན་པའི་སྒྲ་དབྱངས་བརྒྱས། །རབ་འབྱམས་རྒྱ་མཚོའི་འཇིག་རྟེན་རྒྱས་པར་འགེངས། །ཤཔྟ༴ །ནོར་བུའི་ཆུན་འཕྱངས་རྒྱ་མཚོ་མཛེས་བཀོད་པ། །འོད་ཀྱིས་འཇིག་རྟེན་རྣམ་པར་སྣང་བའི་གདུགས། །རབ་འབྱམས་ནམ་མཁའི་ཁྱོན་ལྟར་རྒྱ་ཆེ་ཞིང་། །རྒྱལ་རྣམས་འཁོར་གྱི་དཀྱིལ་འཁོར་མཛེས

TN03_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༧)པའི་རྒྱན། །ཙྪ་ཏྲཾ་ཀ༴ །ཡིད་བཞིན་ནམ་མཁའི་རྒྱན་གྱུར་བླ་བྲེ་ཆེ། །དྲིལ་གཡེར་དྲྭ་བ་བརྒྱ་སྟོང་བྲིས་པའི་གཟུགས། །ཀུན་བཟང་རྣམ་མཐར་རྒྱ་མཚོའི་ཚུལ་སྒྲོག་པ། །སངས་རྒྱས་གཙུག་ཏོར་མཛེས་པའི་ངོ་མཚར་རྫོགས། །བི་ཏཱ་ནཾ༴ །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་བ། །རྣམ་མང་ལྷ་རྫས་དར་གྱི་ལྔ་ལྡི་ཅན། །ཕྱོགས་བཅུ་ཞིང་ཀུན་བསྒྲེང་བའི་རྒྱལ་མཚན་སྤྲིན། །ཆོས་དབྱིངས་མུ་མཐའ་མེད་པར་འབྱམས་སུ་ཀླས། །བྷྭ་ཛ༴ །ལྷ་རྫས་རེག་ན་བདེ་བའི་གོས་མཆོག་སྤྲིན། །གཟི་ལྡན་སྒྲོན་མེའི་ཚོགས་ལྟར་རབ་འབར་བ། །འདྲེས་དང་མ་འདྲེས་རྒྱ་མཚོའི་ཁ་དོག་ཅན། །མཚན་དཔེ་སྒྱུ་མ་མཆོག་གི་འཁོར་ལོས་སིམ། །ཝ་སྟྲ༴ །གདུ་བུ་ཅོད་པན་རྣ་ཀོར་ཕྲེང་བ་སོགས། །སྣ་ཚོགས་ནོར་བུ་བཀོད་པའི་རྒྱན་མང་པོ། །རིན་ཆེན་མེ་ཏོག་རྒྱ་མཚོའི་ཆར་འབེབས་ཤིང་། །ཀུན་བཟང་མཆོད་པའི་དཀྱིལ་འཁོར་རབ་སྣང་བྱེད། །ཨ་ལཾ་ཀཱ་ར༴ །རྣམ་མང་དཔག་བསམ་ལྗོན་པའི་དགའ་ཚལ་དང་། །ཡིད་འོང་ཟླ་བ་ནོར་བུའི་བྲག་སྐྱིབ་ཅན། །དཀའ་ཐུབ་གནས་རྣམས་རྒྱ་མཚོ་རྣམ་ཕྱེ་བ། །བསམ་གཏན་བདེ་བའི་དགའ་སྟོན་སྤྱིན་པའི་དཔྱིད། །བ་ན་ཥ་ནཱཾ༴ །བཞལ་མེད་ཁང་བརྩེགས་རིན་ཆེན་དྲྭ་བ་ཅན། །གླུ་

TN03_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༨)གར་སིལ་སྙན་བསྟོད་དབྱངས་ཆར་འབེབས་ཤིང་། །མཆོད་པའི་ལྷ་མོ་སྣ་ཚོགས་སྤྲིན་འཕྲོ་བ། །ཀུན་བཟང་སྨོན་ལམ་རྒྱ་མཚོའི་རོལ་མོར་འབར། །པྲ་སཱ་ད༴ །རླབས་ཆེན་བསོད་ནམས་སྤྲིན་གྱི་འཇུག་པ་ཅན། །སྲིད་ཞིའི་དགེ་མཚན་འཁྱིལ་བའི་བུམ་པ་བཟང་། །བསམ་ཡས་འདོད་དགུའི་གྲུ་ཆར་རྣམ་འབེབས་པ། །འོག་མིན་སྤྲུལ་པའི་ཞིང་ཀུན་བཀྲག་པའི་རྒྱན། །ནི་དྷི་ཀཱ་ལ་ཤ༴ །དེ་ནས་མཆོད་པའི་མཇུག་བསྡུ་བ་ནི། མདོར་ན་བསྐལ་མང་རྒྱ་མཚོའི་འཁོར་ལོ་ཅན། །དུས་གསུམ་རྒྱ་མཚོ་བློ་ཡིས་མི་ཐུག་པར། །བྱུང་དང་འབྱུང་འགྱུར་མཆོད་སྤྲིན་རྒྱ་མཚོ་ཀུན། །མ་ལུས་ཡོངས་རྫོགས་རྣམ་མཐར་རྒྱ་མཚོའི་རྒྱན། །ཞིང་རྣམས་ཐམས་ཅད་འགྲོ་འོང་མེད་པའི་དབྱིངས། །རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་ཚུལ་འཇུག་པས། །བདེ་གཤེགས་མཆོད་པའི་འདུན་ཁང་རེ་རེར་ཡང་། །ཞིང་རྣམས་རྒྱ་མཚོ་མིག་འཕྲུལ་བཞིན་དུ་སྣང་། །ལུས་རྣམས་ཐམས་ཅད་སྒྱུ་མ་སྤྲུལ་པའི་རྒྱན། །བྲི་དང་གང་བ་མེད་པའི་ཚུལ་འཇུག་པས། །གཙུག་གི་བླ་མ་རིམ་གྲོའི་གངས་ཆེན་མཚོ། །ཡེ་ཤེས་མེ་ཏོག་རྒྱལ་ལ་ལྷག་པར་མོས། །རྡུལ་རྣམས་ཐམས་ཅད་རྡོ་རྗེ་ནམ་མཁའི་དབྱིངས། །སྣང་དང་སྟོང་པ་མཉམ་པའི་ཚུལ་འཇུག་པས། །སྒྱུ་མའི་རྡུལ་རེར་ནམ་མཁའ་རྒྱས་འགེངས་

TN03_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༩)པའི། །མཆོད་སྤྲིན་བཀོད་པའི་རྒྱ་མཚོ་བསམ་མི་ཁྱབ། །སྒྲིབ་བྲལ་མཁྱེན་པ་གཉིས་ལྡན་ཡེ་ཤེས་ཆེ། །དམིགས་མེད་བྱམས་པའི་སྟོབས་མཆོག་མཐའ་ཡས་པས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་འདི་བཞེས་ལ། །ཕུན་ཚོགས་རིག་དང་བརྩེ་བའི་དགའ་སྟོན་སྩོལ། །བི་ཤྭ༴ །ད་ནི་ཡན་ལག་ལྷག་མ་ལྔའི་ནང་ཚན་ཕུང་པོ་གསུམ་གྱི་ཚིགས་སུ་བཅད་པ་བཅོ་ལྔར་ཕྱེ་བ་ལས་དང་པོ་བཤགས་པ་ནི། ཐལ་མོ་སྦྱར་ཏེ། གང་སྔོན་ཚེ་ཡི་རྒྱུད་རྣམས་རྒྱ་མཚོ་རུ། །ཀུན་རྨོངས་ཉེས་པའི་འཆིང་བ་བརྟན་གྱུར་པས། །སྡིག་ཏོའི་ནོངས་པ་མི་བཟད་གང་བགྱིས་པ། །དེ་ཀུན་སྙིང་ནས་འགྱོད་པས་མཐོལ་ཞིང་འཆགས། །གང་ཞིག་སྤངས་ན་འདྲེན་པ་ཀུན་སྤོང་ཞིང་། །བསྟེན་ན་བྱང་ཆེན་ལག་རྩེར་སྦྱིན་པ་ཡི། །མཁས་པའི་བཤེས་གཉེན་ཡོན་ཏན་མིག་གཅིག་པུ། །ཚུལ་བཞིན་མཉེས་པར་མ་བགྱིས་མཐོལ་ཞིང་འཆགས། །བསྟན་པ་ཀུན་གྱི་ནང་ནས་སྙིང་པོ་མཆོག །བྱང་ཆུབ་སྤྱོད་པ་རྒྱ་མཚོའི་ལམ་སྣང་བ། །དོན་ཟབ་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཆོས། །སྤངས་པའི་ཉེས་སྤྱོད་ཆེ་རྣམས་མཐོལ་ཞིང་འཆགས། །ཐུབ་རྣམས་བདག་གཞན་མཉམ་པ་ཉིད་གསུངས་ཏེ། །སེམས་ཅན་ཞིང་རྣམས་རྒྱལ་བ་ལྟར་བསྔགས་ན། །བདག་གིས་དེ་དག་ཡོངས་འཛིན་མ་བགྱིས་

TN03_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥༠)ཤིང་། །འཁྲུགས་དང་གདུང་བ་བསྐྱེད་རྣམས་མཐོལ་ཞིང་འཆགས། །བརྟན་པ་རྣམས་ཀྱི་ཕ་རོལ་ཕྱིན་དྲུག་དང་། །བྱང་ཆུབ་སེམས་དཔའི་རྒྱན་སྣང་རྣམ་བཞི་སོགས། །རྒྱལ་བའི་སྤས་ཀྱི་སྤྱོད་པ་རྒྱ་མཚོ་ལ། །སྒྲིབ་པར་གྱུར་པའི་ལས་ཀུན་སྙིང་ནས་འཆགས། །གཉིས་པ་ཡི་རང་ནི། ངན་འགྲོ་ལོག་པར་ངེས་པའི་ཕུང་པོ་རྣམས། །སྤངས་པའི་མཐོ་རིས་ངལ་འཚོ་ལ་སྦྱོར་བ། །ཆོས་དཀར་དགེ་བའི་བརྟུལ་ཞུགས་མངོན་སྤྱོད་པའི། །ལེགས་སྨོན་ཚུལ་ཁྲིམས་རྒྱ་མཚོར་རྗེས་ཡི་རང་། །འཕགས་པའི་བདེན་པ་བཞི་ཡི་འཇུག་ལྡོག་ལ། །ཚུལ་གནས་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས། །སྲིད་ལས་རྣམ་གྲོལ་ཞི་བ་མཆོག་སྒྲུབ་པའི། །ངེས་འབྱིན་ཐར་ལམ་རྒྱ་མཚོར་རྗེས་ཡི་རང་། །བླ་ན་མེད་པའི་སངས་རྒྱས་ཆོས་རྟོགས་ནས། །སེམས་ཅན་རྒྱ་མཚོ་རྣམ་པར་དགྲོལ་སླད་དུ། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་གསོག་པའི། །ཐེག་མཆོག་བརྟུལ་ཞུགས་རྒྱ་མཚོར་རྗེས་ཡི་རང་། །གྲངས་མེད་རྒྱལ་ལ་བལྟ་དང་ཆོས་ཉན་སོགས། །འཕགས་པའི་ལམ་གྱི་ཁྱད་པར་དུ་མ་ཡིས། །སྒྲིབ་པ་མེད་པའི་གནས་རབ་སྣང་བྱེད་པ། །ས་བཅུའི་ཡོངས་སྦྱོང་རྒྱ་མཚོར་རྗེས་ཡི་རང་། །བདག་དོན་དག་པ་གཉིས་ལྡན་ས་བརྙེས་ནས། །འབད་རྩོལ་སྤྲོས་པའི་འཇུག་

TN03_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥༡)ལྡང་ཉེར་ཞི་བའི། །གཞན་ཕན་སྲིད་པ་ཇི་སྲིད་མི་འགོང་བ། །སངས་རྒྱས་སྤྱོད་པའི་རྒྱ་མཚོར་རྗེས་ཡི་རང་། །གསུམ་པ་བསྐུལ་ཞིང་གསོལ་བ་གདབ་པ་ནི། གང་ཡང་ཕྱོགས་བཅུའི་ཞིང་མང་རྒྱ་མཚོ་རུ། །འཇིག་རྟེན་སྒྲོན་མ་བསྐུལ་བའི་སར་གཞེས་པ། །དེ་དག་རྣམས་ལ་བདུད་རྩིའི་སྒོ་དབྱེ་ཞིང་། །ཆོས་རྔའི་སྒྲ་ཆེན་འབྱིན་པའི་བསྐུལ་མ་འདེབས། །ཤིང་རྒྱལ་དྲུང་ན་རིག་གསུམ་མངོན་མཛད་དེ། །མི་སྨྲའི་བརྟུལ་ཞུགས་ལ་དགྱེས་མགོན་པོ་རྣམས། །ལྷར་བཅས་འཇིག་རྟེན་ཀུན་ལ་སྨན་སླད་དུ། །ཆོས་ཀྱི་འཁོར་ལོ་བླ་མེད་བསྐོར་བར་བསྐུལ། །བདག་རྟོག་མཚན་མའི་སྤྲོས་པ་རབ་གཅོད་ཅིང་། །ཡང་དག་བདེན་དོན་རྟོགས་པའི་སྣང་བ་ཅན། །རྨད་བྱུང་འཕགས་ལམ་རྒྱ་མཚོའི་ཆོས་འཁོར་ཆེ། །རིགས་གསུམ་མོས་པའི་ནམ་མཁར་རབ་སྣང་མཛོད། །གང་གིས་འཇིག་རྟེན་མྱ་ངན་ཁང་བུ་རུ། །མཆི་མའི་རྒྱུན་མང་རབ་ཏུ་བླག་བྱེད་པའི། །མྱ་ངན་འདའ་བ་སྟོན་མཛད་མགོན་པོ་རྣམས། །འགྲོ་སྒྲོལ་འཁོར་བ་ཇི་སྲིད་བཞུགས་གསོལ་འདེབས། །ཡིད་ཅན་རྒྱ་མཚོའི་བསོད་ནམས་ཞིང་སླད་དུ། །འདྲེན་པ་མཆོག་རྣམས་སྐུ་ཚེ་དཔག་མེད་ཅིང་། །མཚན་དཔེའི་མཆོད་སྡོང་མིག་གི་བདུད་རྩི་རུ། །སྤྱོད་པའི་དགེ་མཚན་ཉམས་པ་མེད་

TN03_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥༢)གྱུར་ཅིག །རྗེས་སུ་བསྔོ་སྨོན་གྱི་རིམ་པ་ནི། དགེ་བའི་རྩ་བ་བློ་ཡུལ་དུ་བཞག་སྟེ། བདག་ནི་སྐྱེ་ཞིང་སྐྱེ་བའི་ཕྲེང་བ་ཀུན། །རྨད་བྱུང་འཁོར་ལོ་བཞི་ཡི་ཁྱད་ནོར་ཅན། །དལ་འབྱོར་ཡོན་ཏན་རྫོགས་པའི་རྟེན་རྙེད་ནས། །སྔོན་གནས་ཚེ་རབས་རྗེས་སུ་དྲན་གྱུར་ཅིག །འཇིགས་རུང་འཁོར་བ་མེ་ཡི་འོབས་བཞིན་དུ། །མཐོང་ནས་ཐར་པ་འདོད་པས་ཡིད་དྲངས་ཏེ། །སྟོན་པ་ཟླ་མེད་རྗེས་སུ་རབ་འབྱུང་ཞིང་། །བསླབ་པ་རྒྱ་མཚོའི་འདུན་ཁང་མཛེས་གྱུར་ཅིག ཁྱད་པར་གསུང་རབ་ལྟ་བའི་མིག་སྦྱིན་པ། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་འཛིན་ཞིང་། །གདམ་ངག་གསུང་གི་བདུད་རྩི་བཏུང་བ་ལས། །མི་ཟད་སྤོབས་པའི་གཏེར་ཆེན་རྙེད་པར་ཤོག །ཐུན་མོང་ལམ་གྱི་རིམ་པས་རྒྱུད་སྦྱངས་ཏེ། །ཐུན་མིན་སྐྱེས་བུ་ཆེན་པོའི་ཉམས་ལེན་གནད། །བཅོས་མ་མིན་པའི་བྱང་ཆུབ་སེམས་འབྱོང་ཞིང་། །རྒྱལ་སྲས་སྤྱོད་པའི་རྒྱ་མཚོར་འཇུག་པར་ཤོག །ཤིན་ཏུ་ཞི་བ་དབེན་པའི་ནགས་ཁྲོད་དུ། །རྩེ་གཅིག་རྣམ་གཡེང་མེད་པའི་ཏིང་འཛིན་གྱིས། །ལུས་སེམས་ལས་སུ་རུང་བའི་མཆོག་གྲུབ་སྟེ། །འདོད་ཉོན་འཆིང་བ་ངང་གིས་ཞི་བར་ཤོག །ཉེས་ཀུན་རྩ་བ་འགོག་པའི་ཐབས་ཀྱི་མཆོག །སྟོང་དང་རྟེན་འབྱུང་

TN03_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥༣)ཟབ་མོའི་སྒོར་ཞུགས་ནས། །སྒྲིབ་པ་ལྔ་ལས་འདས་པའི་ལྷག་མཐོང་གི །རྟོགས་པའི་ཉི་མ་ནང་ནས་འཆར་གྱུར་ཅིག །ཆོས་ལ་ཆོས་མིག་རྡུལ་བྲལ་རབ་སྐྱེས་ནས། །བྱང་ཆུབ་དོན་དམ་ཟབ་མོའི་སེམས་ལྡན་ཞིང་། །གྲངས་མེད་འབུམ་ཕྲག་བཅུ་ཡི་སྨོན་ལམ་གྱིས། །འཕགས་པའི་ས་ནས་ས་མཐོ་གནོན་གྱུར་ཅིག །དེ་མཐུས་རྒྱལ་བའི་སྲས་ཀྱི་ཏིང་འཛིན་མཛོད། །གཟུངས་སྟོབས་མངོན་པར་ཤེས་དང་ཡང་དག་རིག །བསམ་ཡས་བརྗོད་དུ་མེད་པའི་རྣམ་པར་ཐར། །གྲུབ་ནས་ལམ་གྱི་བགྲོད་པ་རྫོགས་གྱུར་ཅིག །མཐར་ཐུག་བླ་ན་མེད་པའི་ཡེ་ཤེས་སྐུ། །སྟོབས་དང་མི་འཇིགས་རྒྱ་མཚོའི་མཛོད་བརྙེས་ཏེ། །རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་བདེན་པ་ཡིས། །དོན་གཉིས་འདོད་དགུ་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་འདུན་པ་རྩེ་གཅིག་ཏུ་བྱའོ། །འདི་ནི་ཐེག་པ་ཆེན་པོའི་མདོ་སྡེ་ཕལ་པོ་ཆེའི་སྙིང་པོ་བསྡུས་པ་ཡིན་པས་དོན་ཇི་ལྟ་བ་བཞིན་དུ་བསམ་ན་རྒྱལ་བའི་སྲས་ཀྱི་ལམ་མཐའ་དག་ལ་ཉམས་ལེན་བྱས་པར་འགྲོ་ཞིང་གནས་སྐབས་དང་མཐར་ཐུག་གི་ལེགས་ཚོགས་ཚད་མེད་པའི་གངས་ཆེན་མཚོར་འགྱུར་པའི་ཚུལ་ལ་བསམས་ཏེ་སྐལ་བཟང་རྣམས་ཀྱིས་ཡི་དམ་དུ་བྱ་བར་རིགས་སོ། །ཞེས་པའང་གཞོན་ནུ་འཇིགས་མེད་བསྟན་རྒྱམ་དུ་འབོད་པའི་བན་དེ་སྙོམས་ལས་པས་རང་ལོ་ཉེར་གཅིག་པས་སྐྱོང་གི་ལོ་ཁྲུམ་སྟོད་ཟླ་བའི་

TN03_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥༤)ཡར་ཚེས་ཟླ་བ་གྲོ་བཞིན་གྱི་དགའ་མ་དང་རྩེ་ཞིང་དྲང་སྲོང་རི་ཥི་འཆར་བའི་ཚེ་བྲིས་ཤིང་སྤེལ་བ་མངྒ་ལཾ། གང་ཟག་གཟུ་བོར་གནས་ཤིང་མདོ་སྡེ་མཐོང་བའི་རྣམ་དཔྱོད་ཅན་གྱིས་དཔྱད་ན་ཚིགས་སུ་བཅད་པརེ་རེ་ལའང་མཁས་པ་དགའ་བ་བསྐྱེད་པའི་ཚུལ་མང་པོ་ཞིག་ཡོད་པར་ཤེས་པར་གྱིས་ཤིག །སརྦ་དཱ་ཀཱ་ལ་ཾ་བྷ་བ་ཏུ།། ༈ །།འཇམ་པའི་རྡོ་རྗེ་ལ་ན་མོ། །མཆོད་སྤྲིན་མེ་ཏོག་རབ་འབྱུང་གི་འཕྱོང་ཟུར་དུ་བཀོལ་བ་ནི། དང་པོ་གནས་ཁང་བྱི་དོར་གྱི་ཚེ། སེམས་ཀྱི་རྙོགས་པ་བགྲུངས་ཤིང་ལྷ་རྣམས་དགའ། །མཛེས་པའི་ལང་ཚོ་རབ་འཐོབ་མཐོ་རིས་སྐྱེ། །རྡུལ་བྲལ་ཞི་བའི་མཆོག་ཀྱང་འདིས་སྦྱིན་ཏེ། །ལས་འདིར་ངལ་བ་བརྟེན་རྣམས་དོན་ཡོད་ཡིན། །ཞེས་བརྗོད་དེ་དཀོན་མཆོག་བླ་མར་བྱ་བའི་འདུ་ཤེས་བསྐྱེད་ནས་བསང་ཤིང་གི་དུད་པས་རྡུལ་མནན་ཏེ་ཕྱག་དར་དངོས་ལ་འཇུག །དེའི་འོག་ཏུ་སྤོས་ཆབ་དྲི་ཞིམ་པོས་བརླན་ལ་མེ་ཏོག་སིལ་མ་བཀྲམ་སྟེ་གུང་དུ་མཆོད་པའི་སྟེགས་བང་རིམ་ཅན་བླ་བྲེ་དང་འཕན་གདུགས་སོགས་ཀྱིས་མཛེས་པར་དཀོན་མཆོག་གི་རྟེན་བཞུགས་སུ་གསོལ་ཞིང་མཐའ་བསྐོར་དུ་སྤོས་དང་མར་མེ་སོགས་མཆོད་པའི་ཡོ་བྱད་རྒྱ་ཆེར་བསྟར། རང་ཉིད་སྟན་བདེ་བ་ལ་སྤྱོད་ལམ་ཞི་བས་འཁོད་དེ། །སངས་རྒྱས་ཆོས་ཚོགས་ལྟ་བུས་སྐྱབས་སེམས་བྱ། །ཚོགས་ཞིང་གསལ་གདབ། ཕྱག་འཚལ་གྱི་ཚིག་ཤྭ་ལོ་ཀ་ལྔ་པོ་གང་ནུས་བསྐྱར་ཞིང་ཕྱག་བྱ། མཆོད་པའི་སྤྲིན་གཟུངས་དང་རྟེན་འབྲེལ་སྙིང་པོས་གནས་ཡོ་བྱིན་གྱིས་བརླབས་ཏེ་རོལ་མོ་འཁྲོལ། ཁྲུས་གསོལ་ཀྱི་ཚེ་བཟེད་ཞལ་དུ་ཞབས་བསིལ་སྦྲེང་ཞིང་ཤབྟའི་སྐབས་ལ་སོགས་བར་རོལ་མོ་སྤེལ་བས་ཀྱང་མཆོད། མཆོད་པ་གྲངས་གསོག་ལྟ་བུར་མཎྜལ་ཁོ་ནས་དོན་འགྲུབ་པས་དོན་

TN03_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥༥)བསྡུས་རྗེས་སུ་ཚོམ་བུ་སོ་བདུན་མ་འདི་ཉིད་འབུལ་བར་བྱ་སྟེ། ཐོག་མར་མཎྜལ་གྱི་བྱི་དོར་ལེགས་པར་བྱ་ཞིང་བ་བྱུང་གི་དྲི་ལྔས་བྱུགས་བཞིན་དུ། ཨོཾ་བཛྲ་བྷུ་མི་ཨཱ་ཧཱུཾ། ཞེས་བརྗོད། །དེ་ནས་མེ་ཏོག་གི་ཚོམ་བུ་ཞིག་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ། ཨོཾ་བཛྲ་རེ་ཁཱེ་་ཨཱ་ཧཱུྃ། ཞེས་བྱིན་གྱིས་བརླབས་ལ། དབྱིག་མཆོག་བརྒྱ་ལས་ལེགས་བྲིས་ས་ཡི་གཞིར། །རི་རབ་རིན་ཆེན་ལྷུན་པོ་ལུས་འཕགས་གླིང་། །ཛམ་བུ་ན་དཱའི་གླིང་དང་བ་ལང་སྤྱོད། །སྒྲ་མི་སྙན་གླིང་བཞི་ཡིས་རབ་བརྒྱན་པ། །ལུས་དང་ལུས་འཕགས་རྔ་ཡབ་རྔ་ཡབ་གཞན། །གཡོ་ལྡན་ལམ་མཆོག་འགྲོ་དང་སྒྲ་མི་སྙན། །སྒྲ་མི་སྙན་ཟླ་ཞེས་བྱའི་ཉེ་གླིང་བཅས། །རིན་ཆེན་རི་བོ་དཔག་བསམ་ལྗོན་པའི་ཕྲེང་། །འདོད་འཇོའི་བ་དང་མ་རྨོས་ལོ་ཏོག་ཚལ། །གསེར་སྦྱངས་འཁོར་ལོ་དྲི་མེད་ནོར་བུའི་མཆོག །བདེ་སྦྱིན་བུད་མེད་ཁྱིམ་བདག་ལྷ་མིག་གྲུབ། །ཅང་ཤེས་གླང་པོ་ཤུགས་འཆང་དུལ་བའི་རྟ། །དམག་མི་རིན་ཆེན་འདོད་འབྱུང་གཏེར་གྱི་བུམ། །ཕས་རྒོལ་ཟིལ་གནོན་རལ་གྲི་པགས་པ་འཇམ། །རབ་དགའི་ནགས་ཚལ་ཡིད་རྗེས་འགྲོ་བའི་གོས། །མཐུ་ལྡན་མཆིལ་ལྷམ་གཞལ་མེད་ཁང་བ་བཟང་། །བདེ་བའི་མལ་སྟན་མཚན་མ་བཟང་པོའི་དུང་། །ཉི་མ་ཟླ་བ་ནོར་བུའི་གདུགས་མཆོག་དང་། །

TN03_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥༦)ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སོགས། །ལྷ་མིའི་འབྱོར་ཚོགས་ཡིད་བཞིན་སྤྲིན་ཕུང་ཅན། །འཛད་པའི་ཕ་མཐའ་ཡོང་ཡེ་མི་དམིགས་པ། །ལྷག་པར་མོས་སོ་ཏིང་འཛིན་ཡིད་ཀྱི་འཕྲུལ། །ཐུགས་རྗེས་བཞེས་ཤིག་མགོན་པོ་སྲས་དང་བཅས། །བཞེས་ནས་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཨི་དཾ་གུ་རུ་རཏྣ་མཎྜ་ལ་ཀཾ་ནིརྻ་ཏ་ཡ་མི། ཞེས་ཚོམ་བུ་རྣམས་གསལ་ཞིང་མཛེས་པར་བཀོད་ལ་ཕུལ། སྤྲོ་བ་བསྐྱེད་པའི་ཡན་ལག་ཏུ་ཕན་ཡོན་གྱི་ཚིགས་སུ་བཅད་པ་ནི་ཟ་མ་ཏོག་ལྟ་བུའི་གཏམ་དང་སེམས་རིན་པོ་ཆེ་རྣམ་པར་སྦྱང་བའི་ཕྲིན་ཡིག་སོགས་ནས་འབྱུང་བ་རྣམས་དོན་ལ་ཁྱད་མི་སྣང་ཞིང་། དེ་ཉིད་མཐོང་བའི་ལམ་ལས་ལྷག་པོ་གཅིག་ཀྱང་གསུངས་པས་འདིར་དེ་རྣམས་བསྡོམ་ན། བ་ཡི་ལྕི་བ་ཆུར་བཅས་སྦྱིན་པ་ཡང་དག་བྱི་དོར་ཚུལ་ཁྲིམས་དང་། །སྲོག་ཆགས་ཕྲ་མོའང་བསལ་བ་བཟོད་པ་བྱ་བ་ཉེར་གནས་བརྩོན་འགྲུས་ཏེ། །སྐད་ཅིག་དེའི་སེམས་རྩེ་གཅིག་བསམ་གཏན་རི་མོ་མཛེས་འབར་ཤེས་རབ་ཉིད། །ཐུབ་པའི་མཎྜལ་བགྱིས་པས་ཕ་རོལ་ཕྱིན་དྲུག་འདི་དག་ཐོབ་འགྱུར་ལ། ཁ་དོག་གསེར་དུ་འགྱུར་ཞིང་ནད་ཀུན་ལས་ནི་རྣམ་པར་གྲོལ་བར་འགྱུར། །ལྷ་དང་མི་ལས་ཆེས་ལྷག་འགྱུར་དང་ཟླ་བ་ལྟ་བུར་མཛེས་པ་འབར། །འབྱོར་ལྡན་རྒྱལ་རིགས་གསེར་གྱི་ཚོགས་མང་བདེ་གཤེགས་མཆོད་པའི་ཁྱིམ་དུ་སྐྱེ། །རྡུལ་དང་ཐ་བ་ཤིན་ཏུ་རྣམ་སྤངས་སངས་རྒྱས་ཞིང་མང་འཛིན་པར་འགྱུར། །ཞེས་པའི་རྐང་པ་ཕྱི་མ་གཉིས་ལ་འཕྲི་བསྣོན་ཅུང་ཟད་བགྱིས་པ་ཙམ་མ་གཏོགས་གཞན་རྣམས་སློབ་དཔོན་མི་

TN03_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥༧)ཕམ་བཤེས་གཉེན་གྱི་འཇམ་དཔལ་མཆོད་ཆོག་ནས་བྱུང་བའི་ཚིག་ཡིན་ལ། འདི་དག་མཎྜལ་ཕུལ་བའི་རྗེས་སུ་ཀློག་པར་ཛེ་ཏ་རིས་བཤད་ཅིང་། འཇུག་པ་བདེ་བའི་ཕྱིར་སྔོན་དུ་བཏང་ཡང་མི་འགལ་ལོ། །གཞན་ཡང་རྒྱས་པར་སྐྱེད་ན་ཡན་ལག་བདུན་པོ་རེ་རེ་ནས་གཞུང་ཚིག་དང་བཟང་པོ་སྤྱོད་པའི་ཚིགས་བཅད་སྤེལ་མར་བྱ་བས་མཚོན་ཏེ་ཤེས་ནུས་སོ། །ཞེས་སྔ་སོར་རང་ལོ་ཉེར་གཅིག་པར་མཆོད་གཞུང་དཀྱུས་མ་ཙམ་བྲིས་པ་ལས་སླར་ཡང་ཁ་སྐོང་མཎྜལ་གྱི་འཕྱོང་འདི་མེ་ཕག་ཟླ་གསུམ་པའི་ཉེར་གསུམ་ལ་སྤེལ་བའོ།། །།

བདེ་བ་ཅན་དུ་སྐྱེ་བ་འཛིན་པའི་ཆོ་ག་མདོར་བསྡུས་པ་ཞིང་མཆོག་བགྲོད་པའི་བདེ་ལམ།༄

TN03_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་དུ་སྐྱེ་བ་འཛིན་པའི་ཆོ་ག་མདོར་བསྡུས་པ་ཞིང་མཆོག་བགྲོད་པའི་བདེ་ལམ་ཞེས་བྱ་བ་བཞུགས་སོ། ༈ །ན་མོ་གུ་རུ། བདེ་ཆེན་ཞིང་ཆོག་མདོར་བསྡུས་བྱེད་ན། བདེ་བར་གཤེགས་པའི་སྣང་བརྙན་དང་འོད་མདོའི་གླེགས་བམ་སོགས་རྟེན་གསུམ་གྱི་མདུན། འབྱོར་པ་དང་བསྟུན་པའི་མཆོད་པ་གང་འབྱོར་བཤམས། སྐྱབས་སེམས་སྔོན་དུ་བཏང་ནས། སྲས་བཅས་རྒྱལ་བའི་བསོད་ནམས་ཕུང་པོ་དང་། །སྒྲིབ་བྲལ་ཆོས་དབྱིངས་ཟབ་མོའི་བདེན་མཐུ་ཡིས། །ཕྱོགས་འདིར་ནམ་མཁའི་མཛོད་ཀྱི་འབྱོར་པ་ལྟར། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་མཛེས་གྱུར་ཅིག །མཆོད་པའི་སྤྲིན་གཟུངས་བཟླ། །མི་མཇེད་འཇིག་རྟེན་འདི་ནས་ནུབ་ཕྱོགས་སུ། །སངས་རྒྱས་ཞིང་མང་འདས་པའི་ཕ་མཐའ་ན། །རྒྱལ་སྲས་སྨོན་ལམ་གངྒའི་རྡུལ་སྙེད་དང་། །རྒྱ་ཆེན་བསོད་ནམས་ཡེ་ཤེས་ཕུང་པོ་ལས། །

TN03_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥༨)གྲུབ་པའི་ཞིང་མཆོག་ཕུལ་བྱུང་བདེ་བ་ཅན། །ལག་མཐིལ་ལྟར་མཉམ་ཐ་གྲུ་ཀུན་ནས་ཡངས། །རིན་ཆེན་རི་བོ་ནོར་བུའི་ནགས་ཚལ་དང་། །ལྷ་རྫས་མེ་ཏོག་ཚལ་དང་བདུད་རྩིའི་མཚོ། །དབྱངས་སྙན་སྤོས་ཆུའི་ཆུ་ཀླུང་འབབ་པ་དང་། །ནམ་མཁར་རྒྱུ་བའི་གཞལ་མེད་ཁང་པ་སོགས། །གཞན་འཕྲུལ་འཆི་མེད་དགའ་བའི་གྲོང་ཁྱེར་ལྟར། །ངོ་མཚར་བཀོད་པའི་ཁྱད་པར་འབྱམས་ཀླས་པའི། །སྙིང་པོ་བྱང་ཆུབ་ཤིང་རྒྱལ་མཛེས་པའི་དྲུང་། །རིན་ཆེན་སེང་ཁྲི་པདྨས་བརྒྱན་པའི་སྟེང་། །ས་གསུམ་ཆོས་ཀྱི་རྒྱལ་པོ་ཉག་གཅིག་པུ། །སྙན་གྲགས་ཆོས་ཀྱི་དབྱིངས་མཐར་ཁྱབ་པ་ཡ། །མགོན་པོ་འོད་ཟེར་དཔག་མེད་ཚེ་མཐའ་ཡས། །ལྟ་བའི་མི་ངོམས་མཚན་དཔེའི་དཔལ་འབར་ཞིང་། །རི་རབ་རྒྱ་མཚོ་ཆེ་ལས་འཐོན་པ་བཞིན། །རྣམ་མང་འཁོར་གྱི་ནང་ནས་མངོན་འཕགས་ཏེ། །བསོད་ནམས་ཉི་མ་བརྒྱ་པའི་གཟི་བརྗིད་ཀྱིས། །རབ་འབྱམས་ཞིང་གི་དཀྱིལ་འཁོར་འགེང་བཞིན་དུ། །དྲུག་ཅུ་རྩ་བཞིའི་ཡན་ལག་ཡོངས་རྫོགས་པ། །ཚངས་པའི་དབྱངས་ཀྱིས་སྒྲ་ཀུན་ཟིལ་མནན་ནས། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་པ་སྟེ། །རྒྱལ་སྲས་འཁོར་གྱི་གཙོ་བོ་རྣམ་གཉིས་སོགས། །ཞིང་དེར་པདྨོའི་སྐྱེ་

TN03_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥༩)གནས་བཟུང་བ་དང་། །སངས་རྒྱས་ཞིང་མང་དག་ནས་ལྷགས་པ་ཡི། །དག་པའི་འཁོར་ལ་གདམས་ངག་སྟོན་ཅིང་བཞུགས། །གཟུགས་སྐུ་བདེ་ཆེན་ཞིང་ནས་མི་གཡོ་བཞིན། །མཁྱེན་བརྩེ་རིས་མེད་གདུལ་བྱའི་རྗེས་ཞུགས་པའི། །རྒྱལ་དང་དེ་སྲས་སྤྱོད་ཡུལ་བསམ་མི་ཁྱབ། །དཔང་དུ་བགྱིས་ནས་གསོལ་འདིར་བརྩེ་བས་དགོངས། །ཞེས་ཚོགས་ཞིང་མངོན་དུ་བྱས་ལ་རྩེ་གཅིག་ཏུ་བསྒོམ། དེ་ནས་ལངས་ལ་ཁ་ནུབ་ཏུ་བལྟ་བར་འོད་མདོ་ལས་གསུངས་པ་བཞིན་བྱས་ནས་ཕྱག་འཚལ་བཞིན་དུ། །བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཅན། །འོད་དཔག་མེད་མགོན་ཞབས་ལ་ཕྱག་འཚལ་ཞིང་། །བྱང་ཆུབ་སྙིང་པོ་ཇི་སྲིད་སྐྱབས་སུ་མཆི། །ལན་བདུན་བརྗོད། །སྙིང་རྗེའི་མངའ་བདག་རྗེ་བཙུན་སྤྱན་རས་གཟིགས། །མཐུ་ཆེན་ཐོབ་སོགས་རྒྱལ་སྲས་རྒྱ་མཚོ་དང་། །བགྲང་ཡས་སློབ་མ་དུལ་བའི་དགེ་འདུན་ལ། །གུས་པ་ཆེན་པོས་ཕྱག་འཚལ་སྐྱབས་སུ་མཆི། །ལན་བདུན་ནམ་གསུམ་བརྗོད། མཆོད་ཡོན་མེ་ཏོག་བདུག་པ་མར་མེ་དྲི། །ཞལ་ཟས་སིལ་སྙན་ལ་སོགས་དངོས་བཤམས་དང་། །གཟུངས་རིག་མོས་པ་ལས་བྱུང་མཆོད་པའི་སྤྲིན། །ནམ་མཁའ་གང་བར་དམིགས་ཏེ་གུས་པས་མཆོད། །འཁོར་ཚེ་ཐོག་མ་མེད་ནས་ད་ལྟའི་

TN03_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

(༢༦༠)བར། །རང་བཞིན་བཅས་པའི་སྡིག་ལྟུང་བགྱིས་སོ་འཚལ། །གནོང་འགྱོད་དྲག་པོས་མཐོལ་བཤགས་སླན་ཆད་ཀྱང་། །མི་བགྱིད་སྡོམ་སེམས་བརྟན་པོ་ཡང་དག་བཟུང་། །འཇིག་རྟེན་འཇིག་རྟེན་ལས་འདས་རང་གཞན་གྱི། །དུས་གསུམ་དགེ་ཚོགས་ཀུན་ལ་རྗེས་ཡི་རང་། །ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་གང་བཞུགས་རྣམས། །བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །ལྷར་བཅས་སྐྱེ་རྒུའི་མགོན་པོར་ཡུན་རིང་དུ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །འདིས་མཚོན་དགེ་བས་མ་རྒན་སེམས་ཅན་ཀུན། །རྣམ་པ་ཀུན་མཁྱེན་ཡེ་ཤེས་ལ་འགོད་ཤོག །ཅེས་ཚོགས་བསགས། སླར་ཡང་སྙིམ་པ་མེ་ཏོག་དང་བཅས་ཏེ། འོད་མཛད་སྟོབས་བཅུ་མངའ་བ་སྲས་བཅས་ཀྱི། །མཚན་མཆོག་བརྗོད་དང་ཕྱག་འཚལ་མཆོད་པའི་མཐུས། །གང་ཞབས་དྲན་པས་བྱང་ཆུབ་མཐའ་བར་དུ། །དབང་པོ་ཚང་ཞིང་རིགས་མཐོར་སྐྱེ་བ་དང་། །བུད་མེད་མི་འགྱུར་འཇིག་རྟེན་ཀུན་གྱིས་བཀུར། །འཆི་ཚེ་བདེ་གཤེགས་འཁོར་བཅས་མདུན་བཞུགས་ཤིང་། །སྐྱེ་བ་ཀུན་ཏུ་ཚངས་སྤྱོད་དངོས་པོ་ཐོབ། །རྟག་པར་བྱང་ཆུབ་སྤྱོད་ལ་དགའ་བ་དང་། །གཟུངས་དང་ཏིང་འཛིན་བཟོད་ལ་ཡང་དག་སྤྱོད། །ཕྱིར་མི་ལྡོག་པའི་ས་བོན་འཇོག་པ་སོགས། །མདོར་ན་རྒྱལ་སྲས་

TN03_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

(༢༦༡)ཆོས་ཀྱི་འབྱུང་གནས་ཀྱིས། །བཅོམ་ལྡན་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་། །ཞལ་བཞེས་སྨོན་ལམ་འགྱུར་བ་མི་མངའ་དང་། །གཞན་ཡང་རྗེ་བཙུན་སྤྱན་རས་གཟིགས་དབང་སོགས། །རྒྱལ་སྲས་སོ་སོའི་སྔོན་གྱི་ཐུགས་བསྐྱེད་དང་། །བདེན་གཟིགས་ཉན་ཐོས་ཆེ་རྣམས་བདེན་པ་དང་། །གཟུངས་དང་མདོ་སྡེའི་ཕན་ཡོན་ཚད་མེད་པའི། །དབང་དུ་མཛད་ནས་དེང་འདིར་བདག་ཅག་རྣམས། །གནས་སྐབས་ཚེ་འདིར་ཚེ་རིང་ནད་མེད་ཅིང་། །མི་དང་མི་མིན་འཇིགས་པ་ཀུན་ལས་གྲོལ། །དཔལ་འབྱོར་སྙན་གྲགས་གང་གའི་རྒྱུན་ལྟར་འཕེལ། །ཤུགས་དྲག་བཅོས་མ་མིན་པའི་ཐར་འདོད་དང་། །གཞན་ཕན་སྙིང་རྗེས་དྲངས་པའི་སེམས་བསྐྱེད་དང་། །འཁྲུལ་མེད་ངེས་དོན་རྟོགས་པའི་ལྟ་བ་སོགས། །ཐེག་མཆོག་ལམ་གནད་རྫོགས་པར་རྙེད་པ་དང་། །ཚེ་འཕོས་བདེ་ལྡན་ཞིང་དུ་སྐྱེ་བས་མཚོན། །ཇི་ལྟར་སྨོན་པའི་རེ་འབྲས་ཡིད་བཞིན་དུ། །གེགས་མེད་འཕྲལ་དུ་ཐོབ་པར་བྱིན་གྱིས་རློབས། །ཞེས་མེ་ཏོག་ནུབ་ཕྱོགས་སུ་འཐོར། དེ་ནས་སེམས་བསྐྱེད་བླང་བ་ནི། ཇི་ལྟར་བདེ་གཤེགས་ཁྱེད་སྐུ་ཅི་འདྲ་དང་། །ཡོངས་དག་ཞིང་དང་འཁོར་དང་མཛད་པ་དང་། །མཚན་དང་སྐུ་ཚེ་དཔག་མེད་ཅི་འདྲ་བ། །བདག་ཀྱང་མ་འོངས་དེ་འདྲར་འགྱུར་

TN03_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

(༢༦༢)བགྱིས་ནས། །ནམ་མཁའ་མཉམ་པའི་མར་གྱུར་རིགས་དྲུག་འགྲོ། །འཇིགས་རུང་སྲིད་པའི་ཆུ་བོར་བྱིང་བ་རྣམས། །ཞི་འགོག་བདུད་རྩིའི་དབྱིངས་སུ་དབུགས་འབྱིན་པའི། །སེམས་མཆོག་བསྐྱེད་དོ་མི་ཉམས་འཕེལ་གྱུར་ཅིག །ཅེས་ལན་གསུམ། སེམས་བསྐྱེད་འཛིན་ལུགས་འདི་ནི་ལས་དང་པོ་པས་ཀྱང་བྱར་རུང་བས་འཇུག་པ་བདེ་བ་ཞིག་ཡིན་ནོ། །སྐབས་འདིར་འོད་དཔག་མེད་ཀྱི་གཟུངས་རིང་ཐུང་ཅི་རིགས་པ་བཟླ་ཞིང་། སྤྲོ་ན་འཕགས་པ་འོད་དཔག་མེད་ཀྱིས་བཀོད་པའི་མདོའང་ཀློག །རྩེ་གཅིག་བཟླས་པས་རྒྱལ་བ་འཁོར་བཅས་ཀྱི། །ཐུགས་དམ་རྒྱུད་བསྐུལ་སྐུ་ལས་འོད་ཟེར་བྱུང་། །རང་གཞན་སྡུག་བསྔལ་མཐའ་དག་ཞི་བྱས་ནས། །སྨོན་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །གཟུངས་བུམ་ཡོད་ན་འོད་ཟེར་བསྡུ་འབེབས་ཀྱི་དམིགས་པ་དང་སྦྲགས་ནས། སླར་ཡང་གཟུངས་ཅི་ནུས་བཟླ་ཞིང་རང་གཞན་ལ་ཁྲུས་བྱ། །གང་ལྟར་ཡང་རྗེས་ལ། བཅོམ་ལྡན་དེ་བཞིན་གཤེགས་པ༴ སོགས། ཤོ་ལོ་ཀ་གཉིས་པོ་ཚར་རེ་དང་། ཡན་ལག་བདུན་པ་སྔར་བཞིན་བཏང་མཐར། །གདན་འཛོམས་རྒྱལ་བ་སྲས་བཅས་སྤྱན་སྔ་རུ། །ཕྱག་མཆོད་ཐུགས་དམ་བསྐུལ་སོགས་བགྱིས་པའི་མཐུས། །བདག་སོགས་གནས་སྐབས་བསམ་པ་ཀུན་འགྲུབ་ཅིང་། །མཐར་ཐུག་རྫོགས་བྱང་ཐོབ་པར་བྱིན་གྱིས་རློབས། །གཞན་ཡང་རིས་

TN03_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

(༢༦༣)མེད་རྒྱལ་བསྟན་དར་ཞིང་རྒྱས། །བསྟན་དགྲ་ནག་ཕྱོགས་རྒོལ་བ་མཐའ་དག་ཞི། །བསྟན་འཛིན་དམ་པའི་མགོན་རྣམས་ཞབས་པད་བརྟན། །བསྟན་རྩ་དགེ་འདུན་འཕེལ་བར་བྱིན་གྱིས་རློབས། །དེ་མཐུས་ཡངས་པའི་རྒྱལ་ཁམས་བདེ་ཞིང་སྐྱིད། །སྐྱེ་རྒུ་ཐམས་ཅད་ལེགས་ལམ་དཔལ་ལ་སྤྱོད། །ཕུན་ཚོགས་རྫོགས་ལྡན་ཟླ་བ་གསར་འཆར་བའི། །དགེ་མཚན་ས་གསུམ་སྣང་བར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ། །གང་འདིར་བདག་ཅག་སྦྱོར་བ་དམན་པ་དང་། །དེ་བཞིན་རྫས་དང་བསམ་པ་མ་དག་སོགས། །ནོངས་ཞིང་འཁྲུལ་པ། ཅི་དང་ཅི་མཆིས་པ། །བརྩེ་ལྡན་རྣམས་ཀྱི་སྤྱན་སྔར་སྙིང་ནས་འཆགས། །ཞེས་ནོངས་བཤགས་དང་། དེ་ལྟར་ལེགས་གསུང་མདོ་ཡི་རྗེས་འབྲངས་ཏེ། །ཞིང་མཆོག་སྦྱོང་བའི་ཆོ་ག་ཚུལ་བཞིན་དུ། །བསྒྲུབས་པའི་བསོད་ནམས་ཟླ་ལྟར་དཀར་བ་དེས། །འགྲོ་ཀུན་བདེ་ཆེན་ཞིང་དུ་སྐྱེ་བར་ཤོག། ནམ་ཞིག་ཚེ་འདིའི་འདུ་བྱེད་སྡུད་པའི་ཚེ། །བདེ་གཤེགས་སྐུ་ཡི་སྣང་བ་ལེགས་ཤར་ནས། །དེ་མཐུས་གནད་གཅོད་སྡུག་བསྔལ་མི་འབྱུང་ཞིང་། །དགའ་དང་སྤྲོ་བའི་ངང་ལ་འཕོ་བར་ཤོག །ཤི་འཕོས་སྐྱེ་སྲིད་གཞན་གྱིས་མ་ཆོད་པར། །བདེ་ལྡན་ཞིང་དུ་པདྨའི་སྙིང་པོ་ལས། །

TN03_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

(༢༦༤)བརྫུས་ཏེ་སྐྱེས་ནས་རྒྱལ་བ་འོད་དཔག་མེད། །དུས་ཀུན་མཐོང་བའི་རབ་དགས་འཚོ་བར་ཤོག །དེ་ལས་ཟབ་དང་རྒྱ་ཆེའི་གདམ་ངག་གི །བདུད་རྩི་ཐོབ་ནས་རྒྱལ་སྲས་མཆོག་རྣམས་དང་། །ལྷན་ཅིག་ཐེག་མཆོག་འགྲོ་བ་ལ་དབང་བས། །ཐོས་པའི་ཆུ་གཏེར་ཉིན་བཞིན་འཕེལ་བར་ཤོག །སྐྱེས་མ་ཐག་པར་མངོན་ཤེས་སྟོབས་ཐོབ་སྟེ། །བསམ་ཡས་ཞིང་དུ་སངས་རྒྱས་བལྟ་བ་དང་། །བསྙེན་བཀུར་བྱ་ཕྱིར་ཐོགས་པ་མེད་རྒྱུ་ཞིང་། །རྒྱལ་བ་ཀུན་གྱི་ཆོས་མཛོད་འཛིན་པར་ཤོག །རླབས་ཆེན་ཞིང་གི་འབྱོར་པ་མཐོང་ནས་སུ། །རྣམ་དག་སྨོན་ལམ་དེ་འདྲའི་རྗེས་སློབ་ཅིང་། །མ་དག་ཞིང་དུ་རྒུད་པས་ཉེན་པ་ཡི། །འགྲོ་ཀུན་སྣ་ཚོགས་ཐབས་ཀྱིས་འདྲེན་པར་ཤོག །མདོར་ན་ས་བཅུ་ལམ་ལྔའི་སྤངས་རྟོགས་ཀུན། །ཕུལ་བྱུང་ཞིང་གི་ཁྱད་པར་ལ་བསྟེན་ནས། །མཐོང་བའི་ཆོས་ལ་མིག་འཕྲུལ་བཞིན་བགྲོད་དེ། །ཟླ་མེད་མགོན་པོ་ཁྱོད་འདྲར་འགྱུར་བར་ཤོག། ཅེས་དང་སྨོན་ལམ་གཞན་ཡང་བཀླག་པར་བྱའོ། །ཚར་གྲངས་གསོག་ན་ཚོགས་བསགས་གསོལ་འདེབས་ཁོ་ན་ལ་ཚར་གྲངས་བཟུང་ཡང་རུང་མོད། ཆོ་ག་ཡོངས་སུ་རྫོགས་པས་གྲངས་བཟུང་ན་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ཆ་ཚང་བའི་སྟེང་ནས་ནུས་པ་ཐོན་པར་སྣང་བས་ཤིན་ཏུ་ལེགས། །དེ་ལྟར་ཞག་བདུན་ལ་སོགས་པར་རྩེ་གཅིག་ཏུ་འབད་ན་ངེས་པར་བདེ་བ་ཅན་དུ་སྐྱེ་བའི་ཚུལ་ནི་དྲི་མ་མེད་པའི་ལུང་དང་

TN03_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

(༢༦༥)རིགས་པ་ལས་ཤེས་པར་མཛོད་ཅིག །ཅེས་ཚིག་ཉུང་ལ་འདྲིལ་བས་ཁྱེར་བདེ། དོན་འདུས་ལ་གསལ་བས་གོ་སླ། གདུལ་བྱ་མཆོག་དམན་མེད་པས་སྒོ་ཡངས། ཁུངས་མདོ་སྡེ་དང་འབྲེལ་བས་བྱིན་རླབས་ཆེ། ཕྱག་ལེན་བལྟས་ཆོག་ཏུ་བཀོད་པས་འཇུག་པ་བདེ་བའི་འོད་ཆོག་འདི་ཡང་བློ་གསལ་བསྟན་འཛིན་གྱིས་དར་དཀར་གྱི་སྐྱེས་དང་བཅས་ཏེ་བསྐུལ་བ་ལྟར། འཇིགས་མེད་བསྟན་པའི་ཉི་མས་ལྕགས་སྟག་དབྱུག་པའི་ཉ་བའི་ཐུན་གསེང་དུ་བྲིས་པ་དགེ་ཞིང་བཀྲ་ཤིས།། ༈ །།

TN03_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ལྡན་དག་པའི་ཞིང་མཆོག་བདེ་བ་ཅན། །སྨོན་ལམ་དཔུང་པས་འཛིན་བཟོད་འོད་དཔག་མེད། །མོས་པའི་ཡིད་ལ་མངོན་སུམ་རབ་བྱས་ཏེ། །བདེ་ཆེན་ཞིང་གི་ཆོ་གའི་ཚུལ་འདི་དབྱེ། །དེའང་འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ལས་བཤད་པའི་རྗེས་སུ་འབྲང་སྟེ། བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་བྱ་བའི་ཚུལ་ཆོ་གའི་ཁྲིགས་དང་བཅས་པ་འགོད་པ་ལ། ཐོག་མར་མདུན་དུ་འོད་དཔག་མེད་ཀྱི་སྐུ་གཟུགས་བྲིས་འབུར་ཅི་ལྟར་རིགས་པ་བཤམས་པའི་སྤྱན་སྔར་མར་མེ་སོགས་མཆོད་པའི་རྫས་སྣ་ཚོགས་བསྟར་ལེགས་སུ་བཀོད། །དེ་ནས་བདག་ཉིད་སྟན་བདེ་བ་ལ་འདུག་སྟེ། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བྱམས་པ་ཆེན་པོ་མངོན་དུ་བཞག་ཅིང་དེ་བཞིན་གཤེགས་པ་དེ་ཡིད་ལ་བྱས་ཏེ་ཚིག་འདི་སྐད་ཅེས། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་འཁོར་བྱང་ཆུབ་སེམས་དཔའི་

TN03_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

(༢༦༦)དགེ་སློང་གི་དགེ་འདུན་དང་བཅས་པ་རྣམས་ལ་བྱང་ཆུབ་སྙིང་པོའི་བར་དུ་རྩེ་གཅིག་གུས་པའི་ཡིད་ཀྱིས་སྐྱབས་སུ་མཆིའོ། །ལན་གསུམ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེ་མངོན་དུ་བྱ། དེའི་ཆེད་དུ་བདག་གིས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་བཞིན་གཤེགས་པ་སྲས་དང་བཅས་པའི་ཚོགས་ཀྱིས་བརྟེན་པའི་སངས་རྒྱས་ཀྱི་ཞིང་ཡིད་ལ་བྱས་ཏེ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རྒྱ་མཚོ་ཡོངས་སུ་བསྒྲུབ་པར་བགྱིའོ། །ལན་གསུམ། དེ་ནས་མཆོད་རྫས་བྱིན་གྱིས་བརླབས་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྟོབས་བཅུའི་སྟོབས་དང་ལྡན་པ་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་རྒྱ་མཚོ་གྲངས་མེད་པ་མངའ་བ་རྣམས་ཀྱི་རྣམ་པར་གྲོལ་བའི་ཕུང་པོ་ལྔ་ཤིན་ཏུ་མཐར་ཕྱིན་པའི་བདེན་པ་དང་། བདེན་པའི་ཚིག་འདིས་དེང་བདག་གིས་མཆོད་རྫས་སུ་བསྟར་བའི་མཆོད་ཡོན་ལ་སོགས་པ་འདི་དག་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པའི་སྤྲིན་བཀོད་པ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཀུན་ཏུ་ཁྱབ་ཅིང་ཟད་པའི་མཐའ་མི་མངོན་པ་ཡིད་བཞིན་རིན་པོ་ཆེའི་གཏེར་དུ་འབྱུང་བར་གྱུར་ཅིག །ཅེས་བརྗོད་ཅིང་། མཆོད་པའི་སྤྲིན་གཟུངས་

TN03_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

(༢༦༧)གསུམ་མམ་བདུན་བརྗོད། དེ་ནས་ཞིང་ཁམས་བརྟེན་པར་བཅས་པ་ཡིད་ལ་བྱ་བའི་ཚུལ་དངོས་ནི། ཨོཾ་སྭ་བྷཱ་ཝ་སོགས། ཆོས་ཐམས་ཅད་རང་བཞིན་རྣམ་པར་དག་པ་དེ་བཞིན་ཉིད་ཀྱི་ཀློང་ལས་མ་གཡོས་བཞིན་དུ་དག་ཆེན་རྟེན་འབྱུང་གི་སྣང་ཆར་དེ་བཞིན་གཤེགས་པའི་སྨོན་ལམ་ལས་སྤྲུལ་པའི་ཞིང་ཁམས་རྨད་དུ་བྱུང་བ་བདེ་ཆེན་པདྨོ་བཀོད་པ་ཤིན་ཏུ་ཚད་མེད་ཅིང་སྨོན་ལམ་མཐའ་ཡས་པས་མངོན་པར་འཕགས་པ། བདེ་བའི་རྒྱུའི་ཚོགས་གྲངས་མེད་པ་དང་ལྡན་ཞིང་སྡུག་བསྔལ་དང་མི་ཁོམ་པའི་སྒྲ་ཐམས་ཅད་ལས་ཡང་དག་པར་འདས་པ། །གཞི་ཀུན་ཏུ་མཉམ་ཞིང་རིན་པོ་ཆེ་རྣམ་པ་དུ་མས་ཡོངས་སུ་གང་བ། ལྷའི་སྤོས་ཀྱི་ཆུ་དྲི་རབ་ཏུ་ཞིམ་པས་ཕྱོགས་ཐམས་ཅད་ལེགས་པར་བགོས་པ། དཔག་བསམ་གྱི་ཤིང་སྣ་ཚོགས་པས་བརྒྱན་ཅིང་གསེར་གྱི་དྲ་བས་ཁེབས་པ། རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པའི་པདྨ་འདབ་མ་བརྒྱད་པ་ཀུན་ཏུ་རྒྱས་པ། པདྨ་དེ་དག་ལས་ཀྱང་འོད་ཟེར་ཁ་དོག་ཐ་དད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་འཚེར་བ། ཕྱོགས་ཐ་དད་པ་དག་ནས་འབབ་པའི་བདུད་རྩིའི་ཆུ་ཀླུང་ཡན་ལག་བརྒྱད་དང་ལྡན་པས་གང་བ། ཆུ་ཀླུང་དེ་དག་གི་སྒྲ་དབྱངས་ལྷའི་རོལ་མོ་ཆེན་པོའི་སྒྲ་སྐད་ལས་ཀྱང་མངོན་པར་འཕགས་ཤིང་ཆོས་ཟབ་མོ་རབ་ཏུ་འབྱུང་བ། ཐེག་

TN03_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

(༢༦༨)པ་ཆེན་པོ་མཆོག་གི་གཏམ་སྟོན་པའི་སངས་རྒྱས་ཀྱི་སྤྲུལ་པའི་བྱའི་ཚོགས་དཔག་ཏུ་མེད་པ་ནམ་མཁའི་ལམ་ནས་ལྡིང་ཞིང་འགྲོ་བ། བསོད་ནམས་ཀྱི་གཟི་བརྗིད་ཆེན་པོས་ཁྱད་པར་འཕགས་པའི་ལྷ་དང་མིའི་ཚོགས་ཀྱིས་རྣམ་པར་བརྟེན་པ། དེའི་དབུས་སུ་དེ་བཞིན་གཤེགས་པའི་བསོད་ནམས་ལས་བྱུང་བའི་བྱང་ཆུབ་ཀྱི་ཤིང་འཕངས་སུ་དཔག་ཚད་སྟོང་དང་དྲུག་བརྒྱས་སྤགས་ཤིང་། འདབ་མ་དཔག་ཚད་བརྒྱད་བརྒྱར་འཕྱངས་པ། །ལོ་མ་དང་མེ་ཏོག་དང་འབྲས་བུ་སྣ་ཚོགས་པ་རྟག་ཏུ་ཆགས་ཤིང་ཁ་དོག་ཐ་དད་པ་བཀྲ་བ། །ནོར་བུ་རིན་པོ་ཆེའི་དྲྭ་བས་བྲེས་པ། དར་གྱི་ལྔ་ལྡི་དང་མུ་ཏིག་གི་རྒྱན་ཕྲེང་དུ་མས་འཕྱང་བ། ལུས་དང་སེམས་དགའ་བ་བསྐྱེད་པའི་འོད་ཟེར་གྲངས་མེད་པ་ཕྱོགས་བཅུར་འཕྲོ་བ། སངས་རྒྱས་ཀྱི་སེང་གེའི་ཁྲི་རིན་པོ་ཆེའི་རང་བཞིན་ཅན་གྱི་ཉེ་ལོགས་ན་གནས་པ། དེའི་འགྲམ་ན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་མཚན་དང་དཔེ་བྱད་དང་ལྡན་ཞིང་བསོད་ནམས་ཆེན་པོའི་དཔལ་གྱིས་ལྷང་ངེ་ལྷན་ནེ་ལྷམ་མེར་འཕགས་པ། ནོར་བུ་རིན་པོ་ཆེ་པདྨ་རཱ་གའི་ལྷུན་པོ་ལྟར་གཟི་བརྗིད་ཀྱི་དཔལ་རབ་ཏུ་འབར་བ། འཛུམ་ཞིང་བཞད་པའི་ཞལ་གྱི་དཀྱིལ་འཁོར་

TN03_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

(༢༦༩)པདྨ་འདབ་མ་བརྒྱ་པ་ལྟར་རྒྱས་པ་དྲི་མ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའི་ཕྱག་གཉིས་མཉམ་པར་བཞག་པ། ཞབས་ཟུང་མཉམ་པའི་སྐྱིལ་ཀྲུང་གིས་རིན་པོ་ཆེ་སེངྒེའི་ཁྲི་ལ་བཞུགས་ཤིང་ཆོས་གོས་རྣམ་པ་གསུམ་གྱིས་མཛེས་པར་ཀླུབས་པ། ལུས་དང་སེམས་དགའ་བ་བསྐྱེད་ཅིང་ཆོས་ཀྱི་སྣང་བ་ཆེན་པོ་ཀུན་ཏུ་སྟེར་བའི་འོད་ཟེར་བྱེ་བ་ཕྲག་འབུམ་དུ་འཕྲོ་བ། ཟབ་ཅིང་རྒྱ་ཆེ་བའི་ཚུལ་ལས་བརྩམས་པའི་གཏམ་གྱི་རྒྱུད་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་འདུན་པར་མཛད་པ། དེའི་འཁོར་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དང་། མཐུ་ཆེན་ཐོབ་པ་ལ་སོགས་པ་འཕགས་པའི་གང་ཟག་ཚད་མེད་ཅིང་དཔག་ཏུ་མེད་པ། དེ་དག་ཀུན་ཀྱང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ཤིང་རྣམ་པར་ཐར་པ་རྒྱ་མཚོ་གྲངས་མེད་པ་ལ་མངའ་དབང་འབྱོར་བ། བློ་རི་རབ་ལྟར་བརྟན་ཞིང་ཤེས་རབ་ནམ་མཁའ་དང་མཚུངས་པ། སེམས་ཅན་གྱི་ཁམས་སྨིན་པར་བྱེད་པའི་ཐབས་ལ་མཁས་པ་ཚད་མེད་པའི་ཕ་རོལ་ཏུ་སོན་པ། ཡོན་ཏན་མཐའ་ཡས་ཤིང་མུ་མེད་པ་ཤ་སྟག་གོ །དེ་ལྟར་བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་པ་སྲས་བྱང་ཆུབ་སེམས་དཔའི་ཚོགས་

TN03_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

(༢༧༠)དང་བཅས་པ་དྲན་ཞིང་ཡོན་ཏན་ཡིད་ལ་བྱས་ཏེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འདུན་པའི་ཤུགས་གཏོང་བ་དང་བསོད་ནམས་ཀྱི་སྒོ་འཕར་ཇི་ལྟར་བྱ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱིས་སྔོན་གྱི་སྨོན་ལམ་བསམ་གྱིས་མི་ཁྱབ་པའི་བདེན་པ་དེང་བདག་ལ་མངོན་སུམ་དུ་འགྱུར་བ་ཅི་གནང་། ཞེས་བརྗོད་ཅིང་བསམ་ནས་ཡུན་རིང་པོར་དམིགས་པ་དེ་ཁོ་ན་ལ་ནན་ཏན་བྱ། དེ་ནས་སྤྲོ་ན་ཕྱག་དང་མཆོད་པ་བྱ་སྟེ། གང་ཞིག་ལུས་པ་མེད་པའི་སེམས་ཅན་ཁམས། །བསྐལ་པ་དུ་མར་སྙིང་རྗེས་རབ་བཟུང་བ། །དེ་དག་དོན་སླད་བླ་མེད་བྱང་ཆུབ་ཆེ། །མངོན་མཛད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སེམས་ཅན་གང་དག་སྡུག་བསྔལ་མཚོར་ལྟུང་ཞིང་། །རྣམ་མང་མྱ་ངན་ནད་ཀྱིས་རབ་གཟིར་བ། །དེ་དག་དོན་ཕྱིར་ཞིང་ཁམས་བདེ་བ་ཅན། །སྨོན་ལམ་སྐལ་པས་བཟུང་ལ་ཕྱག་འཚལ་ལོ། །གང་གིས་ཆོས་ཀུན་མཉམ་པ་ཉིད་གཟིགས་ཤིང་། །མཉམ་པའི་ཆོས་ཉིད་མངོན་སུམ་མ་གྱུར་པའི། །འགྲོ་བར་སྣ་ཚོགས་ཐབས་ཀྱིས་ཆོས་སྟོན་པ། །མཉམ་ཉིད་དོན་སྟོན་དེ་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་པའི་ཐབས་མཁས་མཆོག་བརྙེས་ཤིང་། །ཀུན་ཏུ་བཟང་པོའི་སྨོན་ལམ་མཐར་ཕྱིན་ཏེ། །བདེ་ལྡན་ཞིང་ན་མངོན་པར་བྱང་ཆུབ་པའི། །རྫོགས་སྨིན་

TN03_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

(༢༧༡)སྦྱངས་པ་མཐར་སོན་དེར་ཕྱག་འཚལ། །ཚུལ་ཁྲིམ་ཏིང་ངེ་འཛིན་གྱིས་བྱིན་བརླབས་པའི། ཁྱོད་མཚན་རྣ་བར་ལན་གཅིག་གྲགས་པས་ཀྱང་། །མཐོ་རིས་བདུད་རྩིའི་སྒོ་མོ་རྣམ་དབྱེ་བ། །འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །རྩོལ་དང་རྟོག་པའི་འཆིང་བ་བརྟུལ་ཟིན་ཀྱང་། །རྩོལ་མེད་ལྷུན་གྲུབ་ཆེན་པོའི་ཕྲིན་ལས་ཀྱིས། །ནམ་མཁའ་ཇི་སྲིད་འགྲོ་བའི་དོན་སྤྱོད་པ། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །རིན་ཆེན་སེམས་དེ་སོགས། །སྤྱོད་འཇུག་ལས་བྱུང་བའི་མཆོད་ཕྲེང་སྙན་ལ་དལ་བར་བརྗོད། དེ་ནས་འདོད་ཆགས་ཞེ་སྡང་སོགས། བཟང་སྤྱོད་ཀྱི་ཡན་ལག་ཕྱི་མ་ལྔའང་འདོན། །དེ་ནས་མཚན་སྔགས་བཟླ་བར་འདོད་པས། ཕུལ་བྱུང་ཡེ་ཤེས་རྒྱ་མཚོའི་ངོ་བོ་ཉིད། །མཐའ་ཀླས་གཟུགས་སྐུའི་རོལ་མོར་སྣང་མཛད་པ། །བདེ་གཤེགས་འོད་དཔག་མེད་པ་རྗེས་དྲན་གྱིས། །བདག་ཡིད་འཕགས་པའི་ལམ་ལ་བསྒྱུར་དུ་གསོལ། །སངས་རྒྱས་རྗེས་སུ་དྲན་པའི་བློ་བཞག་སྟེ། །ལྷ་ཁྱོད་མོས་པའི་ཡུལ་དུ་རབ་བྱེད་ན། །སྙིང་ལ་ཡེ་ཤེས་སྣང་བ་འབུམ་སྩོལ་ཞིང་། །བྱིན་རླབས་མཆོག་གི་དུས་སྟོན་སྦྱིན་མཛོད་ཅིག །འགྲོ་ལ་བདུད་རྩིའི་ཆོས་ཆར་ངས་སྟེར་ཞེས། ཁྱོད་ཀྱིས་སྔོན་སྨོན་ཕུལ་བྱུང་གང་བཏབ་པ། །དེ་

TN03_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

(༢༧༢)དག་དེ་རིང་བདག་ལ་མངོན་སུམ་དུ། །སྣང་བའི་འཕྲུལ་ཆེན་མྱུར་བར་འདུ་མཛོད་ཅིག །ཡེ་ཤེས་ཉི་མ་འབར་བའི་བྱིན་རླབས་གཟིས། །བདག་ཡིད་སྒྲིབ་པའི་མུན་ནག་བསལ་མཛད་དེ། །འཕགས་ལམ་ཡན་ལག་བརྒྱད་ཀྱི་མེ་ཏོག་ཚལ། །འཛུམ་པའི་དགའ་སྟོན་ཅིར་ཡང་སྣང་བར་མཛོད། །ཅེས་བརྗོད། ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཞེས་ཅི་ནུས་བཟླ། ཐུན་མཐར། མཆོད་བསྟོད་འབུལ་བ་ནི། ཕྱོགས་བཅུའི་རབ་འབྱམས་རྒྱལ་བའི་ཞིང་རྣམས་ཀུན། །ཕུལ་བྱུང་མཆོད་པའི་སྤྲིན་གྱིས་རབ་བཀང་སྟེ། །བླ་མ་འོད་དཔག་མེད་པ་སྲས་བཅས་མཆོད། །འགྲོ་ཀུན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་བོ་དྷི་སཏྭ་ཨརྒྷཾ་སོགས། ཤབྡ་པཱུ་ཙ་ཧོ། མཐའ་ཡས་ཞིང་ན་རྒྱལ་དང་རྒྱལ་སྲས་ཚོགས། །གང་གི་ཡོན་ཏན་བསྔགས་པ་ལྷུར་བཞེས་པའི། །འདྲེན་པ་སྟོབས་བཅུའི་དབང་ཕྱུག་འོད་དཔག་མེད། །འཕགས་ཚོགས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་ནས། བཅོམ་ལྡན་འདས་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་སོགས། །བདེ་བ་ཅན་གྱི་སྨོན་ལམ་གདབ། དེ་རྗེས་བཀྲ་ཤིས་བརྗོད་པས་མཐའ་བསྡུ་བ་ཙམ་མ་གཏོགས་བསྡུ་རིམ་སོགས་མི་དགོས་ཏེ། དེ་ནི་ད་ལྟར་གྱི་ཞིང་ཁམས་བདེ་བ་ཅན་ཡིད་ལ་བྱས་པ་ཙམ་ཡིན་པའི་ཕྱིར་རོ། །ཞིང་

TN03_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

(༢༧༣)མཆོག་བདེ་བ་ཅན་དུ་བགྲོད་པའི་ཐབས། །འོད་ཟབ་མདོ་ཡི་རྗེས་སུ་འབྲང་བ་འདིས། །སྲིད་ན་བཀྲ་ཤིས་སྣང་བ་སྟོང་སྩོལ་ཞིང་། །ས་གསུམ་དགེ་ལེགས་མཆོག་གིས་ཁྱབ་བྱེད་ཤོག །ཅེས་པའང་བཙུན་པ་ཚེ་ཕྱུག་གི་ངོར། སྤྲང་སྨྱོན་འཇིགས་མེད་པས་གང་དྲན་མགྱོགས་བྲིས་སུ་བྱས་པའོ། །དགེའོ།། །།བཅོམ་ལྡན་འདས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཡང་ཡང་དྲན་ནོ་ཞིང་ཁམས་བདེ་བ་ཅན། །སྙིང་ནས་དྲན་ནོ་འདྲེན་པ་འོད་དཔག་མེད། །རྩེ་གཅིག་དྲན་ནོ་རྒྱལ་སྲས་རྒྱ་མཚོའི་འཁོར། །བྱིན་གྱིས་རློབས་ཤིག་སྐྱབས་མེད་སྐྱོབ་པའི་ཚོགས། །ཐུགས་རྗེའི་བདག་ཉིད་མགོན་པོ་ཁྱེད་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་བཞིན་མྱ་ངན་མི་འདའ་གསོལ། །བདག་གིས་མཁའ་མཉམ་འགྲོ་བའི་དོན་སླད་དུ། །ཡང་དག་རྫོགས་པའི་བྱང་ཆུབ་བསྒྲུབ་བྱའི་ཕྱིར། །སངས་རྒྱས་ཞིང་ཁམས་ཡོངས་སུ་སྦྱོང་བ་ཡི། །རྣམ་ཐར་སྨོན་ལམ་རྒྱ་མཚོ་རྫོགས་གྱུར་ཅིག །འདིས་མཚོན་དགེ་བས་བདག་སོགས་ཡིད་ཅན་ཀུན། །ཕྱི་མ་དག་པའི་ཞིང་ཁམས་བདེ་བ་ཅན། །རྨད་བྱུང་ངོ་མཚར་བཀོད་པས་རབ་མཛེས་པས། །སྐྱེས་ནས་ཐེག་མཆོག་དགའ་སྟོན་མྱོང་

TN03_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

(༢༧༤)བར་ཤོག །ཅེས་པའང་དགེ་བའི་བཤེས་གཉེན་ཨོ་ཊི་ཡ་ནའི་ངོར་འཇིགས་མེད་པས་སོ།། ༈ །།བཅོམ་ལྡན་འོད་དཔག་མེད་ལ་ཕྱག་འཚལ་ལོ། །གང་མཚན་གྲགས་པ་དཀར་པོའི་ག་བུར་རྡུལ། །མཐའ་ཡས་ཞིང་ཁམས་རྒྱ་མཚོའི་ཁྱོན་ཡངས་པོར། །རྣ་ལུང་དཔྱངས་པའི་མོད་ལ་སྲིད་པའི་སྨག །སྐྲག་མཛད་འོད་མཚན་སྟོང་འབར་ལ་ཕྱག་འཚལ། །གང་གིས་གྲངས་མེད་བསྐལ་པའི་སྔོན་རོལ་ནས། །བགྲང་ཡས་བྱང་ཆུབ་སྤྱོད་པའི་ཁུར་བཟུང་ནས། །འཕགས་པའི་སྨོན་ལམ་རྒྱ་མཚོའི་མཐར་སོན་པས། །བདེ་ལྡན་ཞིང་ཁམས་བཟུང་ལ་ཕྱག་འཚལ་ལོ། །གང་དག་ང་ཡི་མིང་ཙམ་ཐོས་པ་ཡང་། །ཕུན་ཚོགས་དག་པའི་ཞིང་དེར་དྲང་བྱ་ཞེས། །བདེན་གསུང་སེང་གེའི་སྒྲ་དབྱངས་བསྒྲགས་མཛད་པའི། །ཐུགས་བསྐྱེད་བདེན་པས་བདག་སོགས་སྐྱོང་མཛོད་ཅིག །སངས་རྒྱས་གངྒའི་བྱེ་སྙེད་དུ་མའི་ཞིང་། །ཡོན་ཏན་ཕུང་པོ་བསྡུས་འདྲའི་འཇིག་རྟེན་ཁམས། །བདེ་བ་ཅན་ཞེས་མངོན་བརྗོད་མ་འཁྲུལ་པ། །དེར་ནི་བདག་ཅག་སྨོན་པའི་སྒོ་འཕར་ཕྱེ། །ལག་མཐིལ་ལྟར་མཉམ་ཡིད་བཞིན་བཀོད་པའི་ཞིང་། །རིན་ཆེན་དབྱིག་བརྒྱའི་ལྕིད་ཀྱིས་རྣམ་སྒེགས་ཤིང་། །མནྡ་ར་བའི་འཁྱུད་མོས་ཉེར་བཅིངས་པ། །བདེ་ལྡན་དག་པའི་ཞིང་དེར་སྐྱེ་བར་ཤོག །ལྷ་རྫས་

TN03_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

(༢༧༥)རིན་ཆེན་ལྗོན་པའི་གར་སྟབས་དང་། །སྤོས་ཆུའི་ཆུ་ཀླུང་འབབ་པའི་སྙན་འགྱུར་གླུ། །འགྲན་པ་བཞིན་དུ་ཀུན་ནས་སྣང་བའི་དཔྱིད། །བདེ་ལྡན་དག་པའི་ཞིང་དེར་སྐྱེ་བར་ཤོག །སངས་རྒྱས་སྤྲུལ་པ་གཉིས་སྐྱེས་གཞོན་ནུ་ཡང་། །འཕགས་པའི་རྣམ་ཐར་རྒྱ་མཚོའི་སྒྲ་དབྱངས་ལས། །དམ་པ་མིན་པའི་གླུ་རུ་མི་འཛའ་བའི། །བདེ་ལྡན་དག་པའི་ཞིང་དེར་སྐྱེ་བར་ཤོག །སྡུག་བསྔལ་འཇིགས་པའི་མིང་ཡང་མི་གྲགས་ཤིང་། །བདེ་བའི་རྒྱུ་ཚོགས་ནམ་ཡང་འཛད་མེད་པའི། །ཞིང་གི་ཡོན་ཏན་སུས་ཀྱང་གཞལ་དཀའ་བ། །བདེ་ལྡན་དག་པའི་ཞིང་དེར་སྐྱེ་བར་ཤོག །གང་ན་འཚོ་ཞིང་གཞེས་པའི་འདྲེན་པ་མཆོག །ཀུན་གཟིགས་སྐྱོབ་པ་མཚུངས་མེད་འོད་མཐའ་ཡས། །བློ་མཆོག་སེམས་དཔའི་ཚོགས་ཀྱིས་ཡོངས་བསྐོར་བ། །ལྟ་བའི་སྐལ་བཟང་སྣང་བ་རྙེད་གྱུར་ཅིག །ཀུན་ཤེས་བཟོད་པ་ཐོབ་ཅིང་རིགས་པ་བརྒྱས། །ཆོས་ཉིད་ཞི་བ་རྟོགས་པའི་ཡེ་ཤེས་ཅན། །རྒྱལ་སྲས་ཚོགས་མཆོག་འདུས་པའི་ལྷ་གྲལ་དུ། །བསོད་ནམས་གཟི་བརྗིད་ཆེན་པོའི་མཐུས་གནས་ཤོག །མདོར་ན་ཀུན་བཟང་སྤྱོད་པ་རྨད་བྱུང་བས། །འོད་དཔག་མེད་པའི་གནས་རབ་ཐོབ་ནས་སླར། །རྫོགས་སྨིན་སྦྱངས་པའི་ཡོན་ཏན་མི་ཟད་པས། །

TN03_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

(༢༧༦)དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་དོན་གཉེར་ཅན་བློ་ལྡན་དང་ལུང་རྟོགས་བསྟན་པའི་ཉི་མ་དག་གི་ངོར་སྤྲང་སྨྱོན་འཇིགས་མེད་པས་གང་དྲན་རྡོལ་ཐབས་སུ་སྨྲས་པའི་ཡེ་གེ་པ་ནི་ཤཱཀྱའི་བཙུན་པ་འཇིགས་མེད་བཟང་པོས་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།། །།

TN03_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

(༢༧༧)ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་སྐོར་ཚོ་སྣ་ཚོགས་ཕྱོགས་བསྡེབས་མཐོང་བ་དོན་ལྡན་བཞུགས། །

TN03_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

(༢༧༨)འཕགས་པ་དང་སྒྲོལ་མ་སྤྲེའུ་དང་བྲག་སྲིན་དུ་སྤྲུལ། སླར་ཡང་སྤྲུལ་གཞི་ཉིད་ཀྱིས་དེ་གཉིས་བཟའ་མིར་གནང་ཞིང་བྱིན་གྱིས་བརླབས། འགྲོ་བ་རིག་དྲུག་ནས་འཕོས་པའི་སེམས་ཅན་དྲུག་དེ་གཉིས་ཀྱི་བུ་ཕྲུག་ཏུ་བྱིན་གྱིས་བརླབས་ནས་རིག་དྲུག་གི་འགྲོ་བ་རྣམས་འཕགས་པའི་སྲས་སུ་བསྐྱེད་པའི་རྟེན་འབྲེལ་མཛད། དེ་ནས་བཟུང་སྟེ་སྤྲེལ་སྒོམ་གྱི་ཚ་བརྒྱུད་དུ་སྐྱེས་ཚད་ཐམས་ཅད་འཕགས་པ་ཡབ་ཡུམ་ཉིད་ཀྱིས་རང་གི་གདུང་རིགས་སུ་འབྱུང་བར་བྱིན་གྱིས་བརླབས་པ་ཁོ་ན་ཡིན་ཏེ། །དེ་ལྟར་བྱིན་གྱིས་བརླབས་པའི་རྒྱུ་མཚན་དང་དགོས་པའང་མ་ིའི་རྣལ་འབྱོར་གྲུབ་པའི་སྔགས་བརྒྱུད་དུ་མཛད་ནས་དེའི་དངོས་གྲུབ་འབད་མེད་དུ་འགྲུབ་པར་བྱ་བའི་ཆེད་དོ། །དེའང་སེམས་ཅན་དེ་དག་ཐམས་ཅད་ནི་སྔོན་འཕགས་པ་

TN03_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

(༢༧༩)སྤྱན་རས་གཟིགས་ཀྱིས་བསྡུ་བའི་དངོས་པོ་བཞིས་དངོས་སམ་བརྒྱུད་ནས་བསྡུས་ཏེ། མ་ིའི་རིག་སྔགས་འཆང་གི་རིགས་སུ་སྨོན་ལམ་གྱིས་བདག་གིར་བཟུང་ཞིང་། དགོངས་པ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ་དང་། འཕགས་པའི་བཀའ་དྲིན་གྱི་ཆ་ཤས་དང་རིག་སྔགས་ཀྱི་ཕམ་ཕབ་ལ་སྤྱོད་པའི་དགེ་རྩ་རྒྱུད་ལྡན་གྱི་སྐལ་བ་ཅན་ཤ་སྟག་སྟེ། ཚོན་ནམ་རྡོ་ཡི་ནང་ན་གསེར། །བག་ལ་ཞ་བ་ལྟ་བུར་གཟིགས། །ཞེས་པ་ལྟ་བུའོ། །འདི་དག་ནི་སྙིང་རྗེ་པད་དཀར་ཆུང་བར། །སྔོན་ཐུབ་པ་ལ་ལས་འབྲེལ་མེད་ན་ད་ལྟ་དེའི་བསྟན་པའི་ཆོས་གཏན་ནས་མི་གོ་བར་གསུངས་པ་སོགས་མང་པོས་ཤེས་སོ། །བཤེས་སྤྲིང་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །སོགས་ཐད་བཀའ་གདམས་གསར་མ་ཁ་ཅིག་

TN03_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༠)དེ་ལྟར་དེད་ནས་བསམ་ཚེ་རང་རེའི་ལུས་འདི་སེམས་ཅན་བརྒྱ་སྟོང་གྲངས་མེད་ཀྱི་མི་གཙང་བའི་རྫས་ཀྱི་རྒྱུན་འདུས་པ་ལས་གྲུབ་པར་ཤེས་ནས་ལུས་སྲེད་དང་རྒྱགས་པ་སོགས་འདུལ་གསུང་སྐད། །དེ་བཞིན་དུ་བོད་འབངས་ཚོའི་ལུས་ཀྱི་བྱུང་ཁུངས་ཡར་དེད་བྱས་ནས་བསམ་ན། འཕགས་པ་དང་ཇོ་མོའི་ཉི་ཟླ་ལ་ཐུག་འགྲོ་བས་རང་རེའི་ལུས་འདི་སྤུ་སེན་མོ་སྐྲ་ཤ་རུས་རྒྱུས་པ་ཁྲག་སོགས་རེ་རེ་ནས་མ་ི་པདྨེའི་རིག་སྔགས་ཀྱི་བདུད་རྩིའི་རྒྱུན་ལས་མ་བྱུང་བ་ཅུང་ཟད་ཀྱང་མེད་དོ། །འོན་ཀྱང་ལོ་ཏོག་འདོད་པས་ས་བོན་དུ་འོས་པའི་ནས་སམ་གྲོ་སོགས་འབྲུ་བཟང་ལ་སྤུས་གཙང་བ་རྙེད་རུང་དེས་མི་ཆོག །ཞིང་བཟང་པོ་ལ་བཏབ་ནས་སོ་ནམ་རེ་མ་དགོས། དེ་བཞིན་དུ་རང་རེའི་སྒོ་གསུམ་ལ་མ་ིའི་ཕབ་གཏའ་ཡོད་ལུགས་དེ་ལྟར་ངོ་འཕྲོད་ཐོག་ནས་སྒོམ་བཟླས་ཀྱི་ལས་ཀས་འཕགས་པའི་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཀྱི་ཆང་ལ་ངོས་ཤེས་པ་བྱེད་རྒྱུ་གལ་ཆེ། དེ་ནི་ཐུན་མོང་ལྟར་བཤད་པའོ། །རང་རྒྱུད་ཀྱི་སྔགས་ཀྱི་ཕབ་གཏའ་མཐར་ཐུག་ནི་གཉུག་མ་མི་ཤིགས་པའི་སྒོ་གསུམ་གདོད་ནས་ཐུགས་རྗེ་ཆེན་པོའི་ངོ་བོར་བཞུགས་པ་འདི་ཁོ་ན་ཡིན་ཏེ། འདི་ནི་རྒྱལ་པོ་བཀའ་འབུམ་གྱི་ཞལ་གདམས་སྐོར་ན་ཤིན་ཏུ་རྒྱས་ཤིང་ཡང་འདུས་སོགས་མང་པོར་ཡང་ཡོད། །སྣང་བ་ལྷར་སྒྲུབ་ལྟར་དཔྱོད་དང་ཤེས། འདི་ནི་ཡོངས་དག་གཉུག་མའི་སྒྲུབ་གཞི་སྟེ་སེམས་ཅན་ཐམས་ཅད་ལ་ཁྱད་མེད་དུ་ཡོད། སྔ་མ་ནི་གློ་བུར་ཐ་མལ་གྱི་རགས་ཕུང་སྟེང་ནས་

TN03_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

(༢༧༧)ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་སྐོར་ཚོ་སྣ་ཚོགས་ཕྱོགས་བསྡེབས་མཐོང་བ་དོན་ལྡན་བཞུགས། །

TN03_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

(༢༧༨)འཕགས་པ་དང་སྒྲོལ་མ་སྤྲེའུ་དང་བྲག་སྲིན་དུ་སྤྲུལ། སླར་ཡང་སྤྲུལ་གཞི་ཉིད་ཀྱིས་དེ་གཉིས་བཟའ་མིར་གནང་ཞིང་བྱིན་གྱིས་བརླབས། འགྲོ་བ་རིག་དྲུག་ནས་འཕོས་པའི་སེམས་ཅན་དྲུག་དེ་གཉིས་ཀྱི་བུ་ཕྲུག་ཏུ་བྱིན་གྱིས་བརླབས་ནས་རིག་དྲུག་གི་འགྲོ་བ་རྣམས་འཕགས་པའི་སྲས་སུ་བསྐྱེད་པའི་རྟེན་འབྲེལ་མཛད། དེ་ནས་བཟུང་སྟེ་སྤྲེལ་སྒོམ་གྱི་ཚ་བརྒྱུད་དུ་སྐྱེས་ཚད་ཐམས་ཅད་འཕགས་པ་ཡབ་ཡུམ་ཉིད་ཀྱིས་རང་གི་གདུང་རིགས་སུ་འབྱུང་བར་བྱིན་གྱིས་བརླབས་པ་ཁོ་ན་ཡིན་ཏེ། །དེ་ལྟར་བྱིན་གྱིས་བརླབས་པའི་རྒྱུ་མཚན་དང་དགོས་པའང་མ་ིའི་རྣལ་འབྱོར་གྲུབ་པའི་སྔགས་བརྒྱུད་དུ་མཛད་ནས་དེའི་དངོས་གྲུབ་འབད་མེད་དུ་འགྲུབ་པར་བྱ་བའི་ཆེད་དོ། །དེའང་སེམས་ཅན་དེ་དག་ཐམས་ཅད་ནི་སྔོན་འཕགས་པ་

TN03_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

(༢༧༩)སྤྱན་རས་གཟིགས་ཀྱིས་བསྡུ་བའི་དངོས་པོ་བཞིས་དངོས་སམ་བརྒྱུད་ནས་བསྡུས་ཏེ། མ་ིའི་རིག་སྔགས་འཆང་གི་རིགས་སུ་སྨོན་ལམ་གྱིས་བདག་གིར་བཟུང་ཞིང་། དགོངས་པ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ་དང་། འཕགས་པའི་བཀའ་དྲིན་གྱི་ཆ་ཤས་དང་རིག་སྔགས་ཀྱི་ཕམ་ཕབ་ལ་སྤྱོད་པའི་དགེ་རྩ་རྒྱུད་ལྡན་གྱི་སྐལ་བ་ཅན་ཤ་སྟག་སྟེ། ཚོན་ནམ་རྡོ་ཡི་ནང་ན་གསེར། །བག་ལ་ཞ་བ་ལྟ་བུར་གཟིགས། །ཞེས་པ་ལྟ་བུའོ། །འདི་དག་ནི་སྙིང་རྗེ་པད་དཀར་ཆུང་བར། །སྔོན་ཐུབ་པ་ལ་ལས་འབྲེལ་མེད་ན་ད་ལྟ་དེའི་བསྟན་པའི་ཆོས་གཏན་ནས་མི་གོ་བར་གསུངས་པ་སོགས་མང་པོས་ཤེས་སོ། །བཤེས་སྤྲིང་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །སོགས་ཐད་བཀའ་གདམས་གསར་མ་ཁ་ཅིག་

TN03_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༠)དེ་ལྟར་དེད་ནས་བསམ་ཚེ་རང་རེའི་ལུས་འདི་སེམས་ཅན་བརྒྱ་སྟོང་གྲངས་མེད་ཀྱི་མི་གཙང་བའི་རྫས་ཀྱི་རྒྱུན་འདུས་པ་ལས་གྲུབ་པར་ཤེས་ནས་ལུས་སྲེད་དང་རྒྱགས་པ་སོགས་འདུལ་གསུང་སྐད། །དེ་བཞིན་དུ་བོད་འབངས་ཚོའི་ལུས་ཀྱི་བྱུང་ཁུངས་ཡར་དེད་བྱས་ནས་བསམ་ན། འཕགས་པ་དང་ཇོ་མོའི་ཉི་ཟླ་ལ་ཐུག་འགྲོ་བས་རང་རེའི་ལུས་འདི་སྤུ་སེན་མོ་སྐྲ་ཤ་རུས་རྒྱུས་པ་ཁྲག་སོགས་རེ་རེ་ནས་མ་ི་པདྨེའི་རིག་སྔགས་ཀྱི་བདུད་རྩིའི་རྒྱུན་ལས་མ་བྱུང་བ་ཅུང་ཟད་ཀྱང་མེད་དོ། །འོན་ཀྱང་ལོ་ཏོག་འདོད་པས་ས་བོན་དུ་འོས་པའི་ནས་སམ་གྲོ་སོགས་འབྲུ་བཟང་ལ་སྤུས་གཙང་བ་རྙེད་རུང་དེས་མི་ཆོག །ཞིང་བཟང་པོ་ལ་བཏབ་ནས་སོ་ནམ་རེ་མ་དགོས། དེ་བཞིན་དུ་རང་རེའི་སྒོ་གསུམ་ལ་མ་ིའི་ཕབ་གཏའ་ཡོད་ལུགས་དེ་ལྟར་ངོ་འཕྲོད་ཐོག་ནས་སྒོམ་བཟླས་ཀྱི་ལས་ཀས་འཕགས་པའི་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཀྱི་ཆང་ལ་ངོས་ཤེས་པ་བྱེད་རྒྱུ་གལ་ཆེ། དེ་ནི་ཐུན་མོང་ལྟར་བཤད་པའོ། །རང་རྒྱུད་ཀྱི་སྔགས་ཀྱི་ཕབ་གཏའ་མཐར་ཐུག་ནི་གཉུག་མ་མི་ཤིགས་པའི་སྒོ་གསུམ་གདོད་ནས་ཐུགས་རྗེ་ཆེན་པོའི་ངོ་བོར་བཞུགས་པ་འདི་ཁོ་ན་ཡིན་ཏེ། འདི་ནི་རྒྱལ་པོ་བཀའ་འབུམ་གྱི་ཞལ་གདམས་སྐོར་ན་ཤིན་ཏུ་རྒྱས་ཤིང་ཡང་འདུས་སོགས་མང་པོར་ཡང་ཡོད། །སྣང་བ་ལྷར་སྒྲུབ་ལྟར་དཔྱོད་དང་ཤེས། འདི་ནི་ཡོངས་དག་གཉུག་མའི་སྒྲུབ་གཞི་སྟེ་སེམས་ཅན་ཐམས་ཅད་ལ་ཁྱད་མེད་དུ་ཡོད། སྔ་མ་ནི་གློ་བུར་ཐ་མལ་གྱི་རགས་ཕུང་སྟེང་ནས་

TN03_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༡)བཤད་པ་སྟེ། བོད་ཀྱི་སྒོས་ཆོས་སོ། །སྔ་ནས་དངོས་གྲུབ་ཀྱི་བྱ་བ་སྒྲུབ་པ་ལ་སྔགས་ཀྱི་རྣལ་འབྱོར་པ་ངོ་ཏི་དགོས། ཕྱི་མའི་སྟེང་ནས་གསོལ་འདེབས་གདུང་དབྱངས་ཀྱི་ཚུལ་དུ་བཏོན་པས་རྗེས་འཛིན་གྱི་བྱ་བ་བྱེད་པ་ནི་མི་ནག་དང་ཡང་ཐུན་མོང་ངོ། །གོང་འོག་ཏུ་བྲིས་ལྟར་འཕགས་པ་ལ་སྔོན་དགེ་རྩ་ཆེ་ཕྲ་ཅི་རིགས་ཀྱིས་འབྲེལ་བའི་ལས་མཐུན་ཁོ་ན་བོད་ཀྱི་ཡུལ་མིར་སྐྱེ། དེ་བསྙེན་འབྲེལ་ཐོགས་པ་དང་དཔེ་དོན་དུ་སྦྱར་བ་ནི་འབྲེལ་བ་ཐོགས་པའི་དཔེ་ཙམ་ཡིན། དེའང་སྔོན་འཕགས་པ་ལ་བསྐྱེད་རྒྱུའི་དགེ་རྩ་ནི་བསམ་སྦྱོར་གྱི་ངོས་ནས་ཆེས་ཆུང་ལ་ཞན་ཡང་ཞིང་གི་མཐུས་ཚད་མེད་པར་འཕེལ་འགྲོ་བ་འདུལ་བ་ལུང་དུ་ནྱ་གྲོ་དྷའི་ལྗོན་པ་དང་དེའི་ས་བོན་གྱི་དཔེ་དང་། ང་ལས་ནུའི་གཏམ་རྒྱུད་སོགས་ལྟ་བུའོ། །དེང་སང་མ་ི་དུང་ཡོན་བརྒྱབ་པ་སོགས་ལས་ཚེ་འདིར་ཕན་ཡོན་འཐོབ་མི་འཐོབ་དང་། ཚེ་སྔོན་འཕགས་པའི་རྟེན་ལ་མཇལ་ཕྱག་ཞུ་བའི་གསེབ་ཏུ་ཕྱིན་པ་སོགས་ཀྱི་ཕན་ཡོན་ཡང་རིགས་འགྲེ་མི་སྦྱོར་ཏེ། སྔ་མ་ནི་དུས་དེ་རང་ལ་འཕགས་པ་ལ་འབྲེལ་བ་ཐེབ་པ་རེད་ཀྱང་། འཕེན་བྱེད་ཀྱིས་འཕང་ཡང་འགྲུབ་བྱེད་ཀྱིས་མ་བསྒྲུབ་པས་སྨིན་དཀའ། དེ་མ་སྨིན་ཡང་སྔོན་དགེ་གཞན་གྱི་འབྲས་བུ་སད་པའི་རྐྱེན་ཙམ་བྱེད་པ་འཐད་དེ་འགབ་ན་ཡོད། ཕྱི་མ་ནི་ལས་དེ་རིམ་གྱིས་བཅུ་པ་སྲིད་པའི་རྟེན་འབྲེལ་དུ་སོང་ནས། ད་ལྟའི་ལུས་རྟེན་འཕེན་རྫོགས་ཅི་རིགས་བྱས་ཟིན་

TN03_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༢)རེད་པས་སྔ་མ་དཔྱིད་ལས་དང་། ཕྱི་མ་ལས་ཀྱི་སྟོན་ཐོག་ལ་སྤྱོད་སྐབས་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་སྔོན་འབྲེལ་གྱིས་རྒྱུ་བྱས། འཕགས་པ་ཡིད་བཞིན་ནོར་བུའི་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱིས་རྐྱེན་བྱས་ནས་ད་ལྟ་འཕགས་པ་སྤྲེལ་སྒོམ་གྱི་གདུང་བརྒྱུད་དུ་བྱུང་། འཕགས་པ་ལ་བསྐྱེད་པའི་དགེ་རྩའི་དབང་འབྲས་སྨིན་པའི་ཡུལ་དུ་སྐྱེས། ཟང་ཟིང་གི་ལོངས་སྤྱོད་འཕགས་པས་ལྟོ་སྐལ་དུ་གནང་བའི་རྩམ་པ་དང་། ཆོས་ཀྱི་ལོངས་སྤྱོད་ཡིག་དྲུག་ལ་སྤྱོད་པར་སྐྱེས་པ་རེད་པར། བོད་དུ་སྐྱེས་ནས་མ་ི་འདོན་པ་ནི་རང་གི་རིགས་ཆོས་ཀྱི་ཀུན་སྤྱོད་དུ་བསོད་ནམས་ཀྱི་ལས་ཀྱིས་བསྐོས་པ་ཁོ་ནའོ། །དབུ་ཕར་སོགས་དང་ལམ་རིམ་སོགས་ཆོས་ཀྱི་ལོངས་སྤྱོད་ལར་མང་ཡང་། ཆུ་ཐུན་མོང་གི་བཏུང་བ། ཉི་འོད་ཐུན་མོང་གི་གོས་ཡིན་པ་ལྟར། མཆོག་དམན། མཁས་བླུན། སྐྱ་སེར། ཕོ་མོ། རྒན་གཞོན་ཀུན་གྱི་ཐུན་མོང་དུ་ཁྱབ་ཆེ། དར་ཆེ་བའི་མོད་ཤོས་དང་། མོད་ཀྱང་སུས་སྤྱོད་སྲོལ་མེད་པ་མ་ཡིན་པར་ནམ་དང་ནམ་ཡང་ཀུན་གྱི་ཁ་ལ་རང་བབས་ལྟ་བུར་འོང་བ་ནི་མ་ི་ཁོ་ན་སྟེ། དེས་ན་རང་གི་ལྷ་སྐལ་དང་། ཆོས་སྐལ་གར་ཡོད་ཕར་བཙལ་མ་དགོས་པར་ཚུར་ང་ཡིན་ཞེས་གསལ་བར་བསྟན་པ་རེད་པས་འདི་ལ་མི་འཇུ་ན་ཅི་ལ་འཇུ། བློ་ཐག་རྦད་བཅད། བློ་རྩེ་གཅིག་ཧྲིལ་དྲིལ་ནས་འདི་ལ་སྒྲིལ་བར་བྱའོ། །དེས་ན་སྒབ་ཏུ། བོད་མིས་མ་ི་རང་ཤེས་པ་རྒྱུའི་སྟོབས་དང་རྐྱེན་གྱི་སྟོབས་ཡིན་

TN03_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༣)དཔྱོད་སྨྲས་པ་དེ་རྩིང་བས། གཉིས་ཀའི་སྟོབས་ཡིན་ལུགས་འདི་བཞིན་དགོས་ལ། འཕགས་པའི་སྔོན་སྨོན་གྱིས་མ་ི་རང་ཤེས་དཔེར་ན་འོད་མདོར། བདེ་བ་ཅན་པ་རྣམས་སངས་རྒྱས་གྲངས་མེད་ཀྱི་ཆོས་ཀྱི་ལོངས་སྤྱོད་ལ་རོལ་བར་གསུངས་ནས། དེ་ཅིའི་ཕྱིར་ཞེ་ན། འོད་དཔག་མེད་ཀྱིས་སྔོན་སེམས་ཅན་རྣམས་ལ་ཆོས་མཉན་པ་བྱིན་པ་དང་། སྔོན་སྨོན་ལམ་བཏབ་པ་གྲུབ་བོ། །ཞེས་པ་ལྟ་བུ་འདི་རིགས་རྣལ་འབྱོར་པའི་ཆེ་བས་འཆད་ཚུལ་དང་ཅུང་ཟད་ཚུལ་མི་གཅིག་གམ་དཔྱོད། འཕགས་པ་ལ་སྔོན་འབྲེལ་ཡོད་པས་ད་ལྟ་མ་ིའི་ཞིང་འདིར་སྐྱེས་ཞེས་པའི་སྔོན་འབྲེལ་དེ་ལག་ཚད་དགོས་ཞེ་ན། འཇམ་དཔལ་རྩ་རྒྱུད་དུ་སེམས་ཅན་མིག་ཟུར་གྱིས་བལྟས་པའང་། རྗེས་སུ་བཟུང་བ་ཉིད་དུ་འགྱུར། སོགས་དང་། གཞོན་ནུ་མ་བདུན་གྱི་སྔོན་གྱི་རྒྱུ་སོགས་ཀྱིས་དཔགས་ན་ཆེར་མི་དགོས་པ་འདྲ་སྟེ། ཞིང་གི་ཆེ་བས་སོ། ༈ །ཐུགས་རྗེ་ཆེན་པོའི་འདུལ་སྐལ་མིན་པ་བོད་ཡུལ་གྱི་མིར་མི་སྐྱེ། བོད་ཡུལ་གྱི་མིར་སྐྱེས་པ་ཙམ་ནས་འཕགས་པ་ཐུགས་རྗེ་ཆེན་པོ་བསྒྲུབ་ན་འགྲུབ་ཐག་ཉེ་བ་ཁོ་ནར་ངེས། ༈ སྔོན་གྱི་འབྲེལ་བའི་དབང་གིས་ད་ལྟ་རྡོལ་ཤེས་སམ་རང་ཤེས་སུ་འོང་བ་ནི་དཔེར་ན་ལོ་ཆེན་རིན་བཟང་སྔོན་མཁས་པར་གྱུར་དབང་གིས་ཚེ་འདིར་ཨ་ལི་ཀཱ་ལི་རང་ཤེས་པའམ། དུད་འགྲོ་ཚུན་ཆད་མ་བུ་ཕན་ཚུན་ངོ་རང་འཕྲོད་པ་དང་། ལུང་ཕྲན་ཚེགས་

TN03_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༤)སུ་རྐུན་ཆེན་གྱི་བུས་པ་མེ་ཏོག་ཕྲེང་གིས་ངོས་བཟུང་བ་ལྟ་བུ་སྟེ། ཚེ་རབས་གཞན་ལ་རྨི་ལམ་བཞིན་དུ་སྤྱོད། །ཅེས་སྐྱེས་རབས་ལས་སོ། །དེ་ལྟར་སྔོན་ནས་མ་ི་ལ་འབྲེལ་བ་སོང་དབང་གིས་འདིར་ཏིང་འཛིན་མེད་པར་ཁ་རྐྱང་བས་བཏོན་པ་ལའང་བྱིན་རླབས་ཆེར་འབྱུང་བ་ནི། དཔེར་ན་དྲག་སྔགས་ལྟ་བུ་ལ་བསྙེན་པ་སྔོན་དུ་བཏང་བའི་མིས་སྔགས་དེ་ངག་ཏུ་བརྗོད་པ་ཁོ་ནའི་ནུས་པ་ཡང་། སྔར་བསྙེན་པ་མ་མྱོང་བའི་མིས་དམིགས་རིམ་དང་སྦྲགས་ནས་བཟླས་པ་ལའང་མེད་པ་དང་འདྲའོ། །འོན་ཀྱང་བོད་མིས་མ་ི་རང་ཤེས་པ་འདི་རྒྱུའི་སྟོབས་ཀྱིས་ཡིན་ནམ། རྐྱེན་གྱི་མཐུས་ཡིན་དཔྱོད་ལ་ཞིབ་ཆ་གྱིས། གལ་ཏེ་རྐྱེན་སྟོབས་ཡིན་ན་འཕགས་པའི་བྱིན་རླབས་ཀྱིས་ཡིན་ཏེ། ལུས་ཅན་ཀུན་གྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང་། །སོགས་ལྟར། དེའི་དབང་དུ་བཏང་ཡང་། དེ་ལྟར་འཕགས་པ་ཉིད་ཀྱིས་ངག་དང་ཡིད་བྱིན་རླབས་སྟོབས་ཀྱིས་མ་ི་ལྷན་སྐྱེས་ལྟ་བུར་ཤེས་པ་ནི་འཕགས་པ་ཉིད་ལས་རིག་སྔགས་འདོན་པ་ལ་གནང་བ་ཐོབ་པའི་ཕྱོགས་གཏོགས་ཡིན་པས་ཡུལ་གཞན་གྱི་མིས་བཟླས་པ་དང་ནུས་པ་མི་མཉམ་སྟེ། དཔེར་ན་ལྷས་གནང་བའི་མཚན་མ་ཐོབ་ན་སེམས་བརྟན་པའི་མཚན་མ་མ་རྙེད་ཀྱང་དབང་སྐུར་བའི་ནུས་པ་རྙེད་པར་འཇོག་པ་བཞིན་ནོ། ༈ །ལྷར་སྐྱེ་བའི་ལས་ཅན་རྣམས་ལྷ་ཡུལ་བའི་སྡེ་ཚན། མིར་སྐྱེ་བའི་རྣམས་དེའི་སྡེ་ཚན་དུ་འོང་ལ། །མཐའ་འཁོབ་

TN03_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༥)ཏུ་སྐྱེ་བའི་ལས་ཅན་རྣམས་སྡེ་ཚན་དུ་བྱས་ནས་དེར་སྐྱེ། ཡུལ་དབུས་སུ་སྐྱེ་བའི་ལས་ཅན་རྣམས་ཀྱང་ལས་ཀྱིས་འཕང་ལུགས་ལྟར་ཡུལ་དབུས་རང་དུ་སྐྱེ། ལྷ་ཡུལ་དེ་སེམས་ཅན་བསོད་ནམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་དབང་འབྲས། །མི་ཡུལ་བསོད་ནམས་བར་མ་པ་རྣམས་ཀྱི་སོགས། །ཡུལ་དབུས་སྙིང་པོ་ལྟ་བུའི་སེམས་ཅན་རྣམས་ཀྱི་ལས་དབང་ཤས་ཆེ་བ་ལས། མཐའ་འཁོབ་སྤུན་པ་ལྟ་བུའི་སེམས་ཅན་གྱི་ལས་ཤས་ཆེ་བ་ལས་གྲུབ། དེའི་འགྲེས་ཀྱིས་འཕགས་པ་ལ་བརྟེན་པའི་དགེ་ལས་ཀྱིས་མིར་སྐྱེས་པ་སོགས་འཕགས་པ་ལ་བསྐྱེད་པའི་ལས་མཐུན་རྣམས་སྡེ་ཚན་དུ་འོང་སྟེ་བོད་ཀྱི་མིའོ། །ལྷར་སྐྱེ་བའི་ལས་ཀྱི་དབང་འབྲས་སུ་ལྷ་ཡུལ་གྲུབ་པ་ལྟར། བོད་ཀྱི་ཡུལ་རི་བྲག་ནགས་ཚལ་ཆུ་མཚོ་དང་བཅས་པ་ཡང་འཕགས་པ་མ་ི་དང་ལས་འབྲེལ་ཆེ་བའི་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་འབྲས་སོ། །དེ་ལྟར་ན་བོད་འབངས་སྤྱི་མཐུན་གྱི་ལས་འབྲེལ་ཆེ་ཤོས་སུ་ཡོད་པ་འཕགས་པ་འདི་ཡིན་པས་དེའི་ཕྲིན་ལས་འཇུག་མྱུར། དེ་རྣམས་ཀྱི་ལས་ཀྱི་དབང་འབྲས་སུ་གྲུབ་པའི་ཡུལ་གྲུ་འདི་ཡང་ཡིག་དྲུག་སྒྲུབ་པའི་གནས་སུ་བཀྲ་ཤིས་ཤིང་བྱིན་ཆེའོ། །དགེ་བའི་དབང་འབྲས་རྒུད་ཀྱང་བསོད་ནམས་ཀྱིས་གསོ་ནུས་པ་ཤི་བིའི་རྒྱལ་ཁམས་ཀྱི་གཏམ་རྒྱུད་ལྟ་བུ། སྡིག་པའི་དབང་འབྲས་ཀྱི་ཉེས་པ་དགེ་བའི་གཟི་བརྗིད་ཀྱིས་ཀྱང་སེལ་དཀའ་བ་མཽང་

TN03_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༦)གལ་བུས་མནར་མེད་དུ་ཆར་ཕབ་པ་ལྟ་བུ། དེའི་རིགས་པས་བོད་ཀྱིས་ཆ་འདིའི་རྒུད་པ་སེལ་བ་དང་ལེགས་ཚོགས་གསོ་བ་ལ་དགེ་ལས་གཞན་པས་ཡིག་དྲུག་ཚོགས་འདོན་སྟོབས་ཤིན་ཏུ་ཆེ་འདྲ། ༈ །ནང་རྣམས་སྨིན་གྱི་ལུས་ལ་ནད་མེད་དང་ཚེ་དང་ལང་ཚོ་སོགས་ཀྱི་དངོས་གྲུབ་སྒྲུབ་པའི་སྒོར་སྔོན་འབྲེལ་ཆེ་བའི་ལྷག་ལྷའི་བཟླས་སྒོམ་རྣོ་བ་ལྟར། ཕྱི་རོལ་ལས་ཀྱི་དབང་འབྲས་ཀྱི་ཡུལ་ལ་རྩི་སྨན་རླུང་ཆུ་སོགས་ཀྱི་ཉེས་རྒུད་སེལ་ཞིང་ཡོན་ཏན་སྐྱེད་པ་ལའང་དེ་ཀ་རང་རྣོ་བར་གསལ། ༈ །གྲུབ་རྗེས་སོགས་ཡུལ་དུ་རྒྱ་མི་མང་པོས་འཛིན་འཆིང་བྱེད་པའི་མནལ་ལྟས་གཟིགས་ཚེ། ཡིག་དྲུག་དུང་ཕྱུར་འུར་འདོན་རྒྱབ་ཆོག་བྱས་པར་གསུངས་ཏེ། གཤིན་རྗེ་ཆོས་རྒྱལ་གྱི་ཆད་པ་ཡིག་དྲུག་གིས་ཞི་ནུས་པར་དགོངས་པར་སྣང་། ༈ །ལན་ཅིག་ཏ་ར་ན་ཐ་བསྙུང་སྟེ། ཉིན་མཚན་ཀུན་ཏུ་སྐུ་ཁམས་ཉོག་ཅིང་དུབ། །མགོ་ལུས་ཚིག་གསུམ་ཐམས་ཅད་མི་ན་ས་གཅིག་ཀྱང་མེད། ཟུངས་ཤོར། དང་ཁ་འགག །རྟག་ཏུ་མགོ་འཁོར་བའི་རྣམ་པ་ཡོད་པ། མིག་སོགས་དབང་པོ་འགྲིབ་པ་སོགས་ནད་ཚབ་ཆེ་ལ་དོས་དྲག་པ་བྱུང་བར་ཞག་མང་རབས་སོང་། དེ་ནས་སྔ་དྲོ་ཞིག་སྤྱོད་འཇུག་གི །མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་འབབ་པ་ཡིས། །སོགས་ཡང་ཡང་དྲན་པས་རྐྱེན་བྱས་ནས་འཕགས་པ་སྤྱན་རས་གཟིགས་འབའ་ཞིག་ཡིད་ལ་དྲན་ཞིང་། མོས་གུས་གདུང་ཤུགས་དྲག་པོས་མཆི་མ་རང་དབང་

TN03_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༧)མེད་པར་འཆོར་བ་ཁོ་ན་ཞག་གཉིས་གསུམ་ལ་ཤུགས་འབྱུང་དུ་བྱུང་། དེ་ཀའི་ངང་ལ་ཉིན་གཅིག་གཉིད་དུ་འཕྲི་ཙམ་སོང་བར། འཕགས་པ་སེམས་ཉིད་ངལ་གསོ་འདྲ་བ་ཞིག་བཀྲ་ལམ་གྱིས་གསལ་པོར་བྱུང་། གཉིད་སད་པ་ན་དེ་འཕྲལ་རང་དུ་ཁམས་ཅུང་ཟད་བདེར་སོང་འདུག །དེ་ནས་ཞག་པོ་གཉིས་གསུམ་ན་ནད་རགས་པ་དེ་དྭངས་གསུངས། ༈ །རི་གངས་དཀར་གྱིས་གཡོགས་པ། ཆུ་དྭངས་བསིལ་དུ་འབྱུང་བ། ཆུ་ལ་ཤེལ་ཟམ་འཆགས་པ། ཆར་ཁ་བར་འབབ་པ། སོགས་རྒྱ་གར་ན་མེད་པའི་བོད་ཡུལ་གྱི་ཁྱད་ཆོས་ཡིན་ལ། གཞན་ཡང་ཇོ་བོས་རྒྱ་གར་ན་མེད་པར་གསུངས་པའི་མེ་ཏོག་ཤང་དྲིལ་སོགས་འབྲུ་སྨན་མེ་ཏོག་གི་རིགས་བཟང་མང་སྐྱེ་བ། བྲག་རིའི་ཕུག་དང་ཤིང་གི་དྲུང་སོགས་བསམ་གཏན་སྤྱོད་པའི་གནས་མང་བ། ས་གཙང་ལ་དབེན་ཞིང་ཉམ་དགའ་བ། མ་ིའི་དར་དང་རྡོ་མཁར་གྱིས་གནས་དང་གནས་རྣམས་མཚན་པ། རྨ་རྒྱལ་ན་ཁ་སར་པ་ིའི་གངས་རི་དང་། བསོ་ཐོག་གནས་ན་རི་གཙོ་སྤྱན་རས་གཟིགས་ཀྱི་གནས་རི། འབྲོང་རི་སྨུག་པོ་སོགས་འཇིག་རྟེན་ཕལ་བའི་ཁ་དང་གསལ་ཡང་ཐུགས་རྗེ་ཆེན་པོའི་ཕོ་བྲང་དུ་གྲགས་ཤིང་དེ་ལྟར་འདུ་ཤེས་པ་མང་བ། རྒྱ་ནག་པདྨེ། ཡིད་ལྷུང་མ་ི། ཁྲོ་སྐྱབ་འུར་འུར། བྲག་དཀར་སྤྲེལ་རྫོང་ན་འཕགས་པའི་སྐུ་དང་ཡིག་དྲུག་རང་བྱོན། མཚམས་ཀྱི་ཡི་གེ་དྲུག་མ་སོགས་འཕགས་པའི་རྟེན་གསུམ་

TN03_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༨)ཁྱད་པར་ཅན་གྱིས་སྟོད་སྨད་ཀུན་ཏུ་བརྒྱན་པ། རྒྱལ་རབས་གསལ་མེ་སོགས་ལྟར་ན་བོད་འདིར་ཉུང་རྡོག་དང་དེའི་ལོ་མ་ཟ་བ་རྣམས་ཀྱང་ལྷ་ཅིག་ཀོང་ཇོའི་ཕྱག་རྗེས་སུ་གསལ་བ་སོགས་འཕགས་པའི་སྒྲུབ་གནས་ཀྱི་མཚན་ཉིད་མང་པོས་ཁྱད་པར་དུ་བྱས་ཤིང་། སྨྱུང་གནས་པ་སོགས་འཕགས་པའི་སྒྲུབ་པ་པོ་མཐའ་ཡས་པས་སྣོད་བཅུད་ཐམས་ཅད་གྲུ་འཛིན་རི་དང་བདེ་བ་ཅན་གྱི་རྟེན་བརྟེན་པར་ཡང་ཡང་དང་བརྒྱུད་མར་བརླབ། ༈ །ལྷོ་རྒྱུད་ན་མཚམས་ཀྱི་ཡི་གེ་དྲུག་མ་ཟེར་བའི་གནས་རི་ཡོད། ༈ །ལྷ་སྲིན་བཀའ་འོག་ཏུ་སྡུད་པའི་དབང་སྡུད་སྐབས། ང་ནི་འཇིག་རྟེན་ཀུན་གྱི་རྣལ་འབྱོར་དབང་མཛད་ནས། །ཞེས་པ་ལྟར་སའི་ལྷའི་གཙོ་བོ་སོགས་མི་རྒྱུ་བའི་འཇིག་རྟེན་གྱི་དང་། ཚངས་དབང་སོགས་རྒྱུ་བའི་འཇིག་རྟེན་གྱི་དབང་འདི་ལྟར་དཔལ་མཆོག་དང་པོ་དང་ཟ་མ་ཏོག་གཉིས་ཀར་གསུངས་ལ་ཧ་ལམ་དམ་ཆོས་པད་དཀར་སོགས་ལས་ཀྱང་འབྱུང་། ཕྱུག་དང་ཀུན་གྱི་དབང་ཕྱུག་དཔལ་རྟ་མཆོག་རོལ་པ་སོགས་མ་ཧཱ་ཀཱ་ལ་མྱུར་མཛད། ཀྱི་ངོ་བོ་ཉིད་ངའོ་ང་ཁོ་ནའོ་ཞེས་ང་རྒྱལ་གཟུང་བ་ལ་བསླབ་དགོས་ཤིང་། དེའང་ཡིན་ཏེ། འདིར་ལྷ་འདི་ཕྱག་རྡོར་ཡང་ཡིན། ཡ་མཱནྟ་ཀྲིཏ་ནས་བིགྣན་ཏ་ཀྲི་ཏ་བར་ཡང་ཡིན་པའི་ཕྱིར་ཏེ། སེམས་དཔའ་སེམས་མ་བཅུ་དྲུག་དང་། རིག་པའི་ཁྲོ་བོ་ཡབ་ཡུམ་བརྒྱད་འདུས་པ་ཡིན་པའི་ཕྱིར་ཏེ། འདི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་ཡིན་པ་གང་ཞིག །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་གཙོ་བོ་གཅིག་

TN03_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༩)པུ་ལ་འདུ་བའི་ཕྱིར་རོ། །དེས་ན་འཁོར་གྱི་ཕྲིན་ལས་ལ་གཙོ་བོའི་ཕྲིན་ལས་སུ་མི་འདུ་བ་ཅུང་ཟད་ཀྱང་མེད་དོ། །དེ་ལྟ་བུའི་གོ་བ་ཡོད་ན་གཙོ་བོའི་ཕྲིན་ལས་ལ་རྩལ་ཐོབ་པ་ཉིད་ཀྱིས་འཁོར་གྱི་ཕྲིན་ལས་རབ་འབྱམས་ལ་རྩལ་ཐོན་འོང་ངོ་། །བྱང་སེམས་ཀྱི་སྟོབས་བཅུ་དཀོན་མཆོག་སྤྲིན་དུ་གསུངས་པའི་ནང་གི་བཀའ་མི་གཅོག་པའི་སྟོབས་ལ་སྣང་ཞེན་བསླབ་པ་དང་། བཀའ་འབུམ་ལས་ཚོགས་ཀྱི་དབང་ལས་དང་ཛབ་དབྱངས་ཉེར་གཅིག་སོགས་ལྟོ་སྦྱར། དབང་ལས་དེ་ཁ་སྐོང་བྱ་ན། སྔགས་ལས་འོད་དམར་འཕྲོས། སྡེ་བརྒྱད་གང་ཡིན་དེའི་གནས་ལུས་ཐམས་ཅད་བཏུམ་ནས་དམར་ཁྱིལ་ཁྱིལ། ཡོམ་ཡོམ། དེས་ཁོ་འོད་དམར་གྱི་སྲོག་ཡིག་ཏུ་བཞུ་བ་ཁབ་ལེན་གྱིས་ལྕགས་ཕྱེའམ་རླུང་གིས་རས་བལ་ཁྱེར་བ་ལྟར་ཚུར་དྲངས། ཐུགས་སྲོག་གི་གདན་ལ་བསྟིམ་ནས་མཉམ་བཞག །ད་དུང་ཐུགས་སྒྲུབ་ལས་བཞིའི་ཐད་དང་བསྒྲིགས། ༈སྟོང་ཉིད་སྙིང་རྗེའི་ལམ་སྟོན་པའི་གསུང་རབ་གཞན་ལས་ཀྱང་། ལམ་དེ་རིག་སྔགས་ཀྱི་སྒོ་ནས་བསྟན་པ་འདི་ཁྱད་དུ་འཕགས་ཏེ། དོན་ལ་སྒྲུབ་པ་སྙིང་པོར་བྱས་ན་གོ་འཕང་ཇེ་མཐོར་འགྲོ་བ་ལ་ཁྱད་མེད་ཀྱང་། སྔ་མའི་དོན་ལ་སྦྱངས་ཀྱང་རྟོགས་པ་ཡ་ཚད་ལ་མ་སླེབ་བར་དུ་རྣམ་འགྲེལ་ལས། སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། །ནས། ཇི་ལྟར་བྱས་པ་ཉམས་པར་འགྱུར། །ཞེས་པ་ལྟར་ཡིན་ལ། རིག་སྔགས་ནི་སྔགས་ཚིག་ཁོ་རང་

TN03_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༠)གི་རང་ལྡོག་ནས། རྣལ་འབྱོར་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་དང་། སྨན་དང་ནོར་བུ་དང་རིག་སྔགས་ཀྱི་མཐུ་བསམ་གྱིས་མི་ཁྱབ་ཅེས་བསམ་མི་ཁྱབ་ཀྱི་རིགས་ཐ་དད་དུ་བཞག་པ་ལྟར་ཡིན་ཏེ། སྔགས་ཀྱི་ནུས་པས་མེ་བསིལ་བར་འགྱུར། ཆུ་ཁོལ་བར། དུག་བདུད་རྩིར་བྱེད། རྒས་པ་གཞོན་ནུར་འགྱུར། ན་བ་གསོ། ཤི་བ་སློང་། ཤིང་སྐམ་ལ་མེ་ཏོག་འབྱུང་། ལས་ཀྱི་རྣམ་སྨིན་གྱི་འབྲས་བུའི་མི་ལུས་ཀྱང་དུད་འགྲོར་སྒྱུར་ཞིང་། མིའི་རྟེན་ཉིད་རིག་འཛིན་གྱི་ལུས་སུ་སྒྱུར་བ་སོགས་མཐའ་ཡས་སོ། །དེ་དག་གི་དེ་གཙོ་བོའི་མཐུ། །ཞེས་སོ། །དེའང་རིག་སྔགས་ཡིན་པ། བྱེད་པོ་འཇིག་རྟེན་ལས་འདས་པ། རྒྱལ་བསྟན་དང་ཐེག་ཆེན་ཁོ་ནའི་དབང་དུ་བྱས་ནས་བཤད་པ། དོན་ཟབ་ཅིང་རྒྱ་ཆེ་བ་ཡོངས་སུ་རྫོགས་པ་སོགས་རེ་རེས་ཀྱང་ཕན་བདེ་མཐའ་ཡས་སྟེར་ན་ཀུན་རྫོགས་ན་སྨོས་ཅི་དགོས། ༈ །དོན་དམ་རྟོགས་པའི་ཤེས་རབ་ལས་བྱུང་དམིགས་མེད་སྙིང་རྗེ་ཤིན་ཏུ་སྦྱངས་པས་སྙིང་རྗེ་དེ་ཀས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའམ་སངས་རྒྱས་པ། ༈ །ལོངས་སྤྱོད་ཆེན་པོ་སྒྲུབ་བྱེད་ལ་མ་ི་འཕགས་ཏེ། འཕགས་པའི་སྦྱིན་པའི་ཕར་ཕྱིན་སྔགས་ཀྱི་ཡི་གེར་བརླབས་པ་ཡིན་པས་སོ། །གཟུགས་བཟང་པོ་སྒྲུབ་བྱེད་ལའང་མ་ི་མཆོག་སྟེ། འཕགས་པའི་བཟོད་པའི་ཕར་ཕྱིན་དེར་མཛད་པས་སོ། །སོགས། ༈ །རང་བཞིན་གང་ཁོ་ན་ཕུ་ཐག་

TN03_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༡)ཆོད་པར་རམ་དཔྱིས་ཕྱིན་པར་མ་རྙེད་པས་ལུས་ཅན་རྣམས་ལས་དང་ཉོན་མོངས་དང་སྡུག་བསྔལ་གྱི་འཁྲུལ་འཁོར་རྒྱུན་མི་འཆད་པ་དང་། བྱིས་པའི་རྒུད་པ་རྣམས་ལས་མི་འདའ་བ་དང་། ཕྱོགས་བཅུར་ཆུ་ཟླ་ལྟ་བུའི་ལས་ཀྱིས་འགྲོ་དོན་བྱེད་པའི་མཐུ་དབང་མི་འཐོབ་པ་དང་། གང་རྟོགས་ཆེད་བྱང་སེམས་རྣམས་དགའ་བ་མཐའ་ཡས་པ་སྤྱོད་པའི་རང་བཞིན་དེ་སེམས་ཅན་ཐམས་ཅད་ལ་ཤིན་ཏུ་བསྟན་པར་བྱའོ་ཞེས་པ་སྐྱོབ་འདོད་ཀྱི་སྙིང་རྗེའི་སྲོག་རེད། ༈ །དྲི་ཟའི་པི་ཝཾ་རྒྱུད་སྟོང་ལྡན་པ་ཡོད་ཀྱང་། མ་བསྐུལ་བར་སྒྲ་མི་འབྱུང་། དེའང་རྒྱུད་གང་དང་གང་བསྐུལ་བ་དེ་ཁོ་ནའི་སྒྲ་དེ་ལས་གཞན་མི་འབྱུང་། དེ་བཞིན་དུ་འཕགས་པ་ལ་ཐུགས་རྗེ་ཆེན་པོ་ཡོད་རུང་། དངོས་གྲུབ་ཀྱི་དོན་དུ་གསོལ་བ་མ་བཏབ་ན་དོན་དེ་མི་འགྲུབ། དེའང་དངོས་གྲུབ་གང་གསོལ་བ་དེ་ཁོ་ན་བཞིན་དུ་ཐུགས་རྗེ་སྨོན་ལམ་གྱི་བྱིན་རླབས་ཀྱི་ཆ་སོ་སོའི་ལག་རྗེས་འབྱུང་བར་གསལ། ༈ །བླ་མ་ཞལ་དངོས་སུ་ཡུན་རིང་མ་མཇལ་བར་སྒུགས་དགོས་བྱུང་ན། ཡུན་རིང་པོར་ད་ངའི་དགེ་བའི་བཤེས་གཉེན་དེ་ནམ་མཐོང་བར་འགྱུར་སྙམ་དུ་དེ་མཐོང་བ་ལ་སྒོམ་པའི་ཡིད་བྱེད་དང་དོན་གཉེར་ཇི་སྙིད་དང་ཅི་ཙམ་མང་དུ་བྱུང་བ་དེའི་ཚོད་ཙམ་གྱི་ཆོས་ཀྱི་སྒྲིབ་པ་འདག་ཅིང་ཆོས་དང་ཆོས་སྨྲ་བས་བྱིན་རླབས་འཇུག་པའི་བསོད་ནམས་ཀྱི་ཕུང་པོ་མཐའ་ཡས་པ་འཛིན་པས། སྟོན་པ་ཡང་དག་

TN03_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༢)འཇོག་ལ་བཞུགས་པའི་དགོས་ཆེད་ཀྱི་ནང་ན། སངས་རྒྱས་མཐོང་བ་ལ་སྒོམ་པར་བྱ་བའི་ཕྱིར་དང་། ཞེས་ཡོད་ལ། རྟག་ཏུ་དུས་ཆོས་འཕགས་ལོ་བདུན་དུ་མ་མཇལ་བ་ལྟ་བུ་ཡོད། དཔེ་དེ་བཞིན་བསྒྲུབ་པ་པོ་དད་གུས་ཤིན་ཏུ་བརྟན་ཅིང་བློ་མི་འགྱུར་བ་རྣམས་ཀྱིས་མཐོང་བ་ན་དགའ་བ་ཆེས་ཆེར་ལྷག་པར་སྐྱེ་བའི་ཆེད་ཀྱང་ཡིན་ཏེ། སྙན་ངག་མེ་ལོང་མར་རེ་བ་མེད་པའི་དགའ་བ་དང་རེ་བ་དང་བཅས་པའི་དགའ་བའི་རྒྱན་བཤད་པ་ལྟ་བུ། དགའ་བ་ཇི་ལྟར་ལྷག་པ་ལྟར་དེ་ལ་ཡིད་འགྲུས་ཤིང་གཏོད་པའི་གུས་པ་སྐྱེད། སངས་རྒྱས་མཐོང་བ་རྙེད་དཀར་ཤེས་ན་དེ་ལ་གུས་པ་ཆེན་པོ་སྐྱེ་པའང་འདི་འདྲ་ཞིག་རེད། ཡི་དམ་ཡུན་རིང་བསྒྲུབས་ནས་གྲུབ་རྟགས་མ་ཐོན་ན་ཡང་། དེས་སྒྱིད་མི་ལུག་པར་ཕྱི་ཕྱིར་ལྷ་མཆོག་དེས་མངོན་སུམ་རྗེས་འཛིན་ལ་དོན་གཉེར་གྱི་སྒོམ་ཚད་དྲག་པོ་བཅོས་མིན་དུ་འཕེལ་ནས་སྒྲུབ་ལ་བརྩོན་པར་བྱེད་ལ་དེ་ལྟར་བྱས་པས་མ་འོངས་པ་ན་རྨི་ལམ་དང་ཉམས་སྣང་ལྟ་བུ་མིན་པར་མངོན་སུམ་དུ་རྗེས་སུ་འཛིན་པ་དང་། དངོས་གྲུབ་རླབས་ཆེ་ཞིང་གྱ་ནོམས་པ་མང་པོ་དང་སྣ་ཚོགས་པ་དང་ཆེས་བརྟན་པོ་འཐོབ་པ་དང་། གདོན་མི་ཟ་བར་འཐོབ་པའི་དགེ་རྩ་ཡུན་རིང་དང་། །སྟོབས་ལྡན། རྒྱུན་ཆགས་སུ་སོག་ནས་དོན་ཆེན་པོ་ལ་སྦྱོར་བས། སྒྲུབ་པོ་འདོད་ཐག་ཉེལ་སྒྱིད་ལུག་སྐྱེ་བ་འགའི་བསམ་ངོ་དང་བསྟུན་ནས་གྲུབ་པའི་རྟགས་མཚན་ཐན་ཐུན་འགའ་རེ་མྱུར་

TN03_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༣)དུ་བསྟན་པ་ལས་དེ་ཆེས་ལྷག་པར་སེམས་ཏེ། དཔེར་ན། ཁྱོད་ཀྱིས་སང་གནངས་སྐོར་ལས་སྒུགས་མི་ནུས་ན་རས་སྦོམ་པོ་དང་སྣམ་ཕྲུག་ངན་ངོན་ཁ་ཤས་སྟེར། སང་ཕོད་རྒྱ་མཚོའི་ཚོང་བ་ཐོན་ཐོན་སྒུགས་ནུས་ན་གསེར་སྲང་བྱེ་བ་བརྒྱ་སྟོང་རི་བའི་རིན་པོ་ཆེ་མང་པོ་སྟེར་ཟེར་ན་ཕྱི་མ་ཆེས་དོན་དུ་གཉེར་བྱ་ཡིན་པ་ལྟ་བུའོ། །དཀའ་སྤྱད་ཀྱིས་སྣ་དྲང་ན་དངོས་གྲུབ་ཚན་ཆེ་ལ་མཐའ་བརྟན་པ་ཡོང་བར་བླ་མ་དམར་ཁྲིད་དུ་གསུངས་པའང་དེ་ལྟར་རེད་སྙམ། ༈ །ཕྱག་སྟོང་སྤྱན་སྟོང་གི་མདོར། ཐེ་ཚོམ་ཟ་བ་དང་། འཕགས་པ་ཉིད་ལ་རྩེ་གཅིག་ཡིད་མ་གཏད་ཅིང་མ་དམིགས་པར་བཟླས་ཀྱང་མི་འགྲུབ་གསུངས་ཤིང་། སེམས་རྩེ་གཅིག་ཏུ་མ་བགྱིས་པ་ནི་མ་གཏོགས་སོ། །ཞེས་གཞན་དུའང་གསུངས་པས་སྔགས་ཀྱི་ལྷ་ལས་གཞན་དུ་གཏན་མ་ཡེངས་པར་བཟླ་དགོས། དམར་པོའི་རྒྱུད་དུ། གཞན་དུ་གཡེངས་པའི་སེམས་ཀྱིས་ནི། །བསྐལ་བར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་དང་། ཌོཾ་བྷི་པས། སྐད་ཅིག་ཙམ་ཡང་གཞན་གཟུགས་ཀྱིས། །དངོས་གྲུབ་འདོད་པས་གནས་མི་བྱ། །ཞེས་སོགས་མང་ངོ། །ལས་ཚོགས་སྒྲུབ་དུས་སོགས་ལ་ཐེ་ཚོམ་མི་ཟ་བའི་རོགས་སུ། མཁའ་འགྲོའི་རོལ་རྩེད་ལས་བཤད་པའི་སྨྱོན་པ་དང་བུ་ཆུང་གི་སྣང་ཤས་ལ་གནས་པའང་འགྲོའམ་སྙམ། ༈ །མ་ི་ཡིག་འབྲུ་རྣམས་མཁའ་འགྲོ་སྡེ་

TN03_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༤)ལྔར་སྦྱོར་བ་འོག་ཏུ་བཤད་ལྟར། མཁའ་འགྲོ་སྡེ་ལྔ་འདི་ནི་འབུམ་ཕྲག་ཡངས་པའི་མཁའ་འགྲོ་རིགས་བསྡུས་པ་སྟེ། བདེ་མཆོག་ལས་རི་རབ་སོ་བདུན་རྡུལ་སྙེད་ཀྱི་ཌ་ཀི་ནི་ཐམས་ཅད་སྙིང་པོའི་རྣལ་འབྱོར་མ་བཞི་ལ་འདུ་བར་གསུངས་པའི་བཞི་པོའང་རྡོ་རྗེ་མཁའ་འགྲོ་སོགས་བཞི་པོ་འདི་ཀ་ཡིན་ནོ། །སྨིན་གླིང་གསང་ཡེའི་དབང་ཆོག་ཏུ། གསང་ཡེའི་དབང་ཐོབ་པ་ཁོ་ནས་ཞིང་སྔགས་ལྷན་སྐྱེས་ཀྱི་ཕོ་ཉ་མོ་ཐམས་ཅད་དང་རྟེན་འབྲེལ་འགྲིགས་ཚུལ་གསུངས་ཡོད། མདོར་ན་ཡོ་ག་དང་གསང་འདུས་སོགས་ཐུན་མོང་དུ་གསུངས་པའི་ཡུམ་བཞི་དང་། རྣལ་འབྱོར་གསང་མཐའི་ཐུན་མིན་སྙིང་པོའི་རྣལ་འབྱོར་མ་བཞི་པོ་རིལ་གྱི་སྔགས་ཡིན། དེའང་སྔགས་འདིའི་ཆ་ཤས་ཀྱི་ཡི་གེ་རྣམས་མཁའ་འགྲོ་སྡེ་བཞི་དང་། ཆ་ཅན་སྔགས་ཉིད་གསང་ཡེ་རེད། དེའང་གསང་ཡེ་ཉིད་མཁའ་འགྲོ་མ་སྟོང་ཕྲག་བདུན་ཅུ་རྩ་གཉིས་གཅིག་ཏུ་དྲིལ་བར་ངེས་ཤེས་སྐྱེད་ཅིང་། སྙིང་གར་བཀོད་པའི་ཡིག་དྲུག་ཀྱང་། སྔགས་ཀྱི་གཟུགས་ཅན་རྣལ་འབྱོར་མ། །ཞེས་པ་ལྟར། གསང་ཡེ་དངོས་རང་ཡིན་པའི་ང་རྒྱལ་བཞག་ནས་བཟླས་པས་བསྐུལ་བས། བཟླས་བརྗོད་ལས་སུ་རུང་བ་ན་གསང་ཡེ་ཉིད་འཕགས་པ་དང་ལྷན་ཅིག་རྒྱུད་ལ་ཞུགས་ནས་སམ་སྙིང་གའི་མི་ཤིགས་པ་ལ་ཞུགས་ནས། དེ་ལས་འཕྲོས་ཏེ་ཆགས་པའི་རྩ་ཐིག་རླུང་གསུམ་གྱི་ཆ་ཐམས་ཅད་བྱིན་གྱིས་བརླབས་པར་མཛད་

TN03_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༥)ནས་འབར་བ་གསུམ་འབྱུང་སྟེ། དེ་མན་ཕག་མའི་ཟིན་ཐོ་ལྟོས། ༈ །མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱིས་མ་ི་དུང་ཕྱུར་ལྷག་བཟླས། འཕགས་པ་ཡི་གེ་དྲུག་པ་ཞག་མང་པོར་གཟིགས། ལས་དག་པས་སྤྱན་རས་གཟིགས་དངོས་སུ་མཐོང་བའང་བྱུང་། རྡོ་རིང་བ་ཆེན་པོས་ཀྱང་སྐྱེར་སྒང་བའི་ཡིག་དྲུག་ཉམས་ལེན་མཛད་འཕགས་པ་ལན་གསུམ་མཇལ། ཆེད་དུ་ཐུགས་གཏད་ན་མདུན་གྱི་བར་སྣང་ལ་ཡིག་དྲུག་གི་སྒྲ་མི་བཅུས་བཟླས་པའི་སྒྲ་ཙམ་རྒྱུན་དུ་གསན། གནས་གསར་བ་མཁྱེན་བརྩེའི་ཞབས་ཀྱིས་བྱང་གཏེར་འགྲོ་བ་ཀུན་སྒྲོལ་གྱིས་མ་ི་རིལ་སྒྲུབ་མཛད་པས་རིལ་བུམ་ལ་གཞི་བདག་གཏེར་སྲུང་གིས་སྐོར་བ་བྱེད་པ། རིལ་བུ་དྲིལ་བུ་བདུན་འཕེལ་བ། འཇའ་གུར་དང་མེ་ཏོག་གི་ཆར་པ། གླིང་ཐམས་ཅད་དྲི་བཟང་གིས་ཁྱབ་པ། །རིལ་བུའི་དབང་གི་སྐབས་གཞི་བདག་འབྲོག་པ་བརྗིད་བག་ཅན་གྱི་རྣམ་པས་དངོས་སུ་དབང་ཞུ་བ་སོགས་བྱུང་། སེམས་ཅན་འབུམ་ཕྲག་གསུམ་འཁོར་བ་ལས་སྒྲོལ་བའི་ལུང་བསྟན་གྱིས་བསྔགས། ཡར་འབྲོག་མཚོ་དང་། གནམ་མཚོ་སོགས་ཐམས་ཅད་དུ་རིལ་བུ་འཁྱོལ་གང་ཆེ་མཛད། །ད་དུང་མ་ི་རིལ་སྒྲུབ་གང་མང་མཛད་པར་ཐུགས་འདུན་ཆེན་པོ་འཁྲུངས། རྒྱ་ཡུལ་དུ་ཧ་ཤང་ཊིའུ་ཥན་བྱ་བའི་དགེ་སློང་བཟང་པོ་ཞིག་རྒྱལ་པོའི་བཀའ་ནན་ལྟར་ཁྲི་རིན་ཐང་ཅན་སྤྱད་པས་པུས་མོའི་ལྷ་ངར་ཕོལ་མིག་སྨིན་མ་དང་མིག་དང་

TN03_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༦)ཁ་སོགས་དོད་པ། ཁར་ཟས་བཅུག་ན་ཟ་བ། ན་ཟུག་བཟོད་བླགས་མེད་པ་ཞིག་བྱུང་སྟེ་ཤིན་ཏུ་གདུངས། དེའི་ཚེ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་ཧ་ཤང་ཞིག་གིས། གོང་མ་ཡུང་གི་དུས་ཧ་ཤང་ཊིའུ་ཥན་འདི་ནང་བློན་གིད་དྷི་དང་། ཕོལ་མིག་ཁྱོད་བློན་པོ་བཞོའུ་ཚིར་གྱུར། གིད་དྷིས་དབྱེན་བྱས་ཏེ་གོང་མས་བཞོའུ་ཚི་བསད། དེ་ཚུན་སྐྱེ་བ་བཅུར་ལན་ཆགས་སྙོགས་ཕྱིར་ཁྱོད་འདིའི་རྗེས་སུ་འབྲངས་ཀྱང་། གིད་དྷི་འགྱོད་ནས་རབ་ཏུ་བྱུང་། དེ་ཚུན་སྐྱེ་བ་ཀུན་ཏུ་ཚུལ་ཁྲིམས་དག་པ་ཤ་སྟག་ཏུ་བརྒྱུད་པས་གླག་མ་རྙེད་ཅེས་དེ་རྣམས་ཨེ་ཡིན་ཞེས་རིམ་པར་དྲིས་པས་ཕོལ་མིག་གིས་ཀྱང་སོ་སོར་ཨང་ཞེས་ལན་བཏབ། ད་རེས་བཅས་འགལ་གྱི་ལྟུང་བ་བྱུང་བས་འདི་ལྟར་གླག་རྙེད་འདུག་ཀྱང་ཁྱོད་ལའང་ལས་འདིའི་འབྲས་བུ་ངན་པ་འོང་བས་ངས་བསྡུམ་པ་ཡིན་གྱིས་སོང་ཞིག་ཅེས་ཆུས་བཀྲུས། རྔ་ཡབ་ཀྱིས་བྱབ་པས་འབག་དོར་བ་ལྟར་ལྷུང་བར་བཤད། ༈ །འགུ་སྔགས་འཆང་རྟར་བས་མ་ི་བུམ་སྒྲུབ་མཛད་པར་ཡང་། དུར་ཁྲོད་མ་གསུམ་གྱིས་མདོང་གསོལ་ཕུལ་བ་སོགས་འཇམ་དབྱངས་མཁྱེན་བརྩེ་དང་མཚུངས་པའི་གྲུབ་རྟགས་ཐོན། མཁན་ཆེན་སྡིང་མ་བ་དང་། རྗེ་དབང་རབ་ཀྱིས་ཀྱང་མ་ིའི་རིལ་བུ་སྒྲུབ་པས་སྔ་མ་དང་ཕྱོགས་འདྲ་བྱུང་། གྲུབ་ཐོབ་འདར་ཕྱར་གྱིས་ཉི་ཕུག་པ་ལས་ཐུགས་རྗེ་ཆེན་པོའི་སྐོར་གསན། ཏི་སེ་དར་ནགས་རྒྱལ་གྱི་གནས་སུ་འཕགས་པའི་ཞལ་

TN03_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༧)གཟིགས། འདས་དུས་དབུ་ཐོད་ལ་ཡི་གེ་དྲུག་པ་ཕྱེད་སྐྱིལ་དུ་བཞུགས་པ་ཤར། སི་ཏུ་ཆོས་འབྱུང་རྣམ་ཐར་ན། གཞི་བདག་གི་གདུག་རྩུབ་སོགས་ལས་ཐོག་སེར་ནམ་བྱུང་དུ། སྣང་གྲགས་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཡོ་ལང་དུ་བལྟས་ནས་མ་ི་བཏོན་པ་ཁོ་ནས་ཞི་བར་བཤད་ལ། ཆུའི་འཇིགས་པས་ཉེན་ཚེ་ཆུ་ལ་ཡིག་དྲུག་བསྒོམ་པས་ཐར་རབས་ལམ་འབྲས་བརྒྱུད་པའི་ལོ་རྒྱུས་ཞིག་ན་ཡོད། དེའི་རིགས་པས། དགྲ་བྱུང་ཚེ་ཅིར་སྣང་འཕགས་པར་ལྟ་ཞིང་། མཚོན་ཆར་པུནྡ་རི་ཀའི་ཕྱག་མཚན་དུ་བལྟས་ལ་ཡིག་དྲུག་བཏོན་པས་དགྲའི་སྡང་སེམས་ཞི། མཚོན་ཁ་སྙོལ། དམེ་འདྲེ་མེད་པ་སོགས་དང་། ཡམས་ནད་ལ། ཅིར་སྣང་འཕགས་པའི་དཀྱིལ་འཁོར་དུ་ལྟ་བ་ཐམས་ཅད་ལ་འདྲ། ནད་མ་ིའི་བདུད་རྩིར་བསམ་པས་ཞི་བ་དང་། དུག་ཞི་བར་ཡང་དེ་བཞིན། དབང་སྡུད་ལ། རྟ་མགྲིན་གྱི། སྣང་བ་ལྷ་ལ་གྲགས་པ་སྔགས། སོས་དབང་སྡུད་དུ་འགྱུར་ལུགས་ཟུར་ཐོ་ཤོག་དྲིལ་ལྟར་ལས། རྟ་མགྲིན་ཞེས་པ་འཕགས་པ་ཞི་བར་འདོན་པ་སྤོས་པས་ཆོག་སྟེ། མདོར་ན་སྣང་སྲིད་སྣོད་བཅུད་འཁོར་འདས་ཐམས་ཅད་བདག་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པ་ཉག་གཅིག་གི་རང་བཞིན་དུ་བསྡུ་ཞིང་རྒྱས་འདེབས་པའོ། །གདོན་འདུལ། རྒྱལ་པོའི་ཆད་པ་ཞི་བ། འབྱུང་བའི་དུག་གཞིལ་བ། ལྷས་ངན་དང་བྱད་བྱུར་

TN03_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༨)ཆག་སྒོ་ཞི་བ། གཟའ་སྐར་གྱི་གནོད་པ་ཞི་བ། ནང་འཐབ། སྡེ་འཁྲུགས། ཉམས་གྲིབ། མི་ཁ་བྲ་མཆུ། ལྷ་འཁྲུགས། ནད་སྣ་ཚོགས་ཞི་བར་བྱ་བ་སོགས་མཐའ་ཡས་པར་འཕྲུལ་བ་ནི། གཞུང་གི །གང་འདུལ་ཕྲིན་ལས་ལྷུན་གྲུབ་བསམ༔ ཞེས་པར་ཤིན་ཏུ་འབྱོར། ཨ་བ་ཏ་རར། དཔའ་བོའི་རང་བཞིན་གྱི་ང་རྒྱལ་བྱ་བ་སོགས་དྲང་། ༈ །དངུལ་ཆུ་རྒྱལ་སྲས་རིན་པོ་ཆེས། ཆོས་ཉིད་ཐུགས་ཆད་ཐུགས་ཀར་ཐལ་མོ་སྦྱར། །ཐུགས་རྗེ་རྒྱུན་མི་འཆད་པའི་ཕྲེང་བ་འཛིན། །འཁོར་བའི་འདམ་གྱིས་མ་གོས་པདྨ་བསྣམ། །ཞེས་བཀོད་འདུག །འཕགས་མའི་སྙིང་ཏིག་ལས། རང་འཕགས་མའམ་འཕགས་པར་བསྒོམ། ཐུགས་ཀར་ཚེ་དཔག་མེད་དམ་རྟ་མཆོག །དེའི་ཐུགས་ཀར་ཡིག་བཅུའམ། ཡིག་བདུན་བཀོད། དེ་ངག་ཏུ་བཟླ། ཞར་ལ་ཨ་མ་ར་ིའམ། རྟ་སྔགས་བཟླ་ཞེས་དང་། རིགས་པ་དེས་ཁྲོ་བོར་ཡང་འགྲུབ་པས་ཁྲོ་བོའི་ནང་དུ་མ་ི་འདྲེན་ཆོག་པ། ཀུན་མཁྱེན་ཕྱི་མའི་རྒྱུན་ཁྱེར་གཅིག་པུ་མིན་ཡང་ཁུངས་རྙེད་སྣང་། ༈ །གསང་ཡེ་ནི་ཞིང་རྡོ་རྗེའི་གནས་མཆོག་ཨོ་རྒྱན་གྱི་མཁའ་འགྲོ་མའི་ཚོགས་དཔོན་དུ་སྨིན་གླིང་གསང་ཡེ་དང་། བཀའ་གདམས་གླེགས་བམ་སོགས་ན་ཡོངས་གྲགས། དེ་ཡི་གེ་དྲུག་མར་བསྟན་པས་ནི་ལྷ་མོ་ཡི་གེ་དྲུག་མ་ཉིད་ཛམ་གླིང་འདི་ཉིད་ཀྱི་ཨོ་ཊི་ཡ་ན་གསང་སྔགས་ཀྱི་འབྱུང་གནས་ན་སྐུ་དངོས་ཀྱིས་ད་ལྟའང་བཞུགས་ནས་སྒྲུབ་པ་པོ་བྱིན་གྱིས་རློབས་པར་

TN03_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༩)སྟོན་པས། བྱིན་ཆེ་ཞིང་མྱུར་བར་སྟོན་ཏེ་གལ་ཆེའོ། །ཡབ་ཀྱི་ཐལ་སྦྱར་སངས་རྒྱས་ཐམས་ཅད་བྱང་ཆུབ་སེམས་གཉིས་ཀྱི་དངོས་གྲུབ་དོན་དུ་སྐུལ། ཡུམ་གྱི་ཅང་ཏེ་འུས་ལས་དང་ཡེ་ཤེས་ཕོ་ཉ་མོ་རྣམས་བདེ་ཆེན་སྐྱེད་དང་ཕྲིན་ལས་དོན་དུ་སྐུལ་སྙམ། ༈ །སྐྱེས་རབས་ཀྱི་ཀུན་ཏུ་རྒྱུ་བྱང་ཆུབ་ཀྱི་ཐད་ནའང་སྤྲེལ་ལྤགས་སྤྲུལ་ཞེས་མ་གསུངས་པར་པགས་པའི་ཆེད་དུ་སྤྲེའུ་འདིའང་འཕགས་པའི་ཕྱག་གཡོན་པའི་འོད་ཟེར་ལས་སྤྲུལ་པར་གུར་བཀྲའི་ཆོས་འབྱུང་གི་བརྒྱ་ཉེར་ལྔ་ན་ཡོད། འཇམ་དཔལ་ཕྱག་རྡོར་དབང་བསྐུལ་རེད་རྩ་རྒྱུད་ལས། བྱང་གི་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་ལག་ན་པདྨ་འགྲུབ་བོ། །ཞེས་དང་སོགས་བོད་འབངས་སྤྲེལ་ཚ། བོད་རྗེ་ལི་ཙ་བིའི་རིགས་སོ། །བུའི་རིགས་ཀྱི་ཐུན་མིན་གྱི་རྒྱུ་ཕ་རེད་པས་སྤྲེའུ་ལས་མི་སྐྱེ་ཞེ་ན། བདེན་ཡང་། མིའི་འགྲོ་བ་སྔགས་ཀྱིས་སྤྲེའུ་བྱས་པ་ཡོད་ཀྱང་། དེ་འདྲའི་སྤྲེའུ་དེ་བྱོལ་སོང་གི་འགྲོ་བར་བཞག་དཀའ་སྟེ། འཇམ་མགོན་བླ་མ་ཙོང་ཁ་པས་གྲོང་འཇུག་གི་ལུས་གཞན་བླང་བ་སྐྱེ་འཆི་མཚན་ཉིད་པ་མིན་པར་བཤད་པ་ལྟར་ཏེ། དེ་ལྟར་འདིའང་སྤྲེའུའི་གཟུགས་འཛིན་པའི་མིའི་རྟེན་ཅན་དུ་ཁས་ལེན་ནམ་དཔྱོད། དགེ་བསྙེན་དུ་བཤད་པའང་དེ་ལྟར་རོ། །དེའང་ཡིན་ཏེ། སྤྲེའུ་ལྟ་བུའི་མི་ཡོད་པའི་ཕྱིར་ཏེ། དྲང་སྲོང་ཆེན་པོ་རྔ་བོང་བཞིན་ནོ། ༈ །འཕགས་པ་འདི་ལ་འཇིག་རྟེན་དབང་ཕྱུག་ཅེས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་ཀྱི་

TN03_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༠)དབང་པོར་བསྔགས་ལ། རྒྱལ་པོ་ནི་འཁོར་སྡུད་པས་རབ་ཏུ་ཕྱེལ་སྟེ་སྟེང་ནས་འཇོག་དགོས་ལ། འཁོར་བསྡུ་བའི་སྒོ་ཡོངས་སུ་རྫོགས་པ་ནི་བསྡུ་དངོས་བཞི་ཡིན་པས་བསྡུ་བཞིའི་ལྷའོ། ༈ །རྡོ་རིང་པའི་རྣམ་ཐར་ཚར་ཆེན་གྱིས་མཛད་པ་ལས་རྒྱ་བོད་ཐམས་ཅད་དུ་ཡོངས་སུ་གྲགས་ཤིང་ཡི་གེ་དྲུག་པའི་ཕྲིན་ལས་ཀྱི་རྒྱུན་གྱིས་འཁོར་བ་མཐའ་ཅན་དུ་མཛད་པ་གྲུབ་ཐོབ་ཐང་སྟོང་རྒྱལ་པོར་གྲགས་པ་ཞེས་དང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང་ངེད་དཔོན་སློབ་ཀྱི་རྣམ་ཐར་སུ་ཡིན་གྱི་བློ་ལ་ཤོང་བ་མེད་གསུང་། །ཞེས་སོ། ༈ །འཁྲུལ་ཞིག་སེང་གེ་རྒྱབ་པ་དང་། རིག་འཛིན་བླ་མ་ཀུ་མ་ར་ཛ། གུ་རུ་འོད་གསལ་རང་གྲོལ་སོགས་ཀྱི་རྣམ་ཐར་ནའང་འཕགས་པས་རྗེས་སུ་བཟུང་རབས་ཡོད། ༈ །རྭ་ལོ་རྡོ་རྗེ་གྲགས་པས་ཀྱང་ཡིག་དྲུག་གི་ཕྲིན་ལས་རྒྱ་ཆེར་སྤེལ་ཞིང་། འཕགས་པ་དབུ་གང་ལ་མཆོད་པ་མཛད་སྐབས། ཕྱག་མཆོད་ཀྱི་ཆུ་དྲི་རོ་བཟང་པོར་གྱུར་ཅིང་འཕགས་པའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་མ་ིའི་རང་སྒྲ་སྒྲོགས་པ་ཕྱུང་སྟེ། རྭ་ཆེན་གྱི་ཐུགས་ཀར་ཐིམ་པ་ཀུན་གྱིས་མཐོང་བ་དང་། ལྷ་སར་འཕགས་པ་རང་བྱོན་གྱི་ལྔ་ལྡན་མཇལ་ཚེ་དེའི་ཐུགས་ཀ་ནས་ཆོས་རྒྱལ་སྲོང་བཙན་བྱོན་ནས་གདམས་པ་མང་དུ་སྩལ་བ་དང་། རྒྱ་མར་ཆོས་རྒྱལ་སྲོང་བཙན་གྱི་འཁྲུངས་པ་གཟིགས་པ་ལ་གསོལ་འདེབས་མཛད་པས་ལུང་པ་འཇའ་འོད་ཀྱིས་གང་བའི་གསེབ་ནས་དངུལ་གྱི་ཡིག་དྲུག་ཆར་དུ་

TN03_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༡)འབབ་པ་ཀུན་གྱིས་མཐོང་བ་དང་། ཆེ་གཉན་གྱི་ཡུལ་མཆོག་མང་པོར་དྲག་ལས་མང་དུ་མཛད་པའང་འཕགས་པ་སྤྱན་རས་གཟིགས་ལས་མངོན་སྤྱོད་ཀྱིས་འགྲོ་དོན་བྱེད་པར་གནང་བ་ནོད་ནས་བྱས་པ་ཡིན་པར་བཤད་པ་སོགས་མང་། ༈ །དམ་པ་དམར་པོ་བྱིས་པའི་དུས་བྲ་མའི་ནང་དུ་ཁྱི་སྨྱོན་རོ་བསྲེགས་པས་ཀླུ་ནད་བྱུང་། ཕྱིས་རྡོ་རྗེ་གདན་པ་ལ་སྒོམ་ལུང་ཞུས། ཟླ་བ་གཅིག་ཏུ་མ་ི་བཟླས་པས་རྨི་ལམ་དུ་སྡིག་སྤྲུལ་མང་པོ་ལུས་ལས་ཐོན་པ་རྨིས། མལ་ཆུ་སེར་གྱིས་གང་། ཡིད་དངས་སིང་བ་བྱུང་། ཤ་རོ་དང་བལ་ལྡོག་སོགས་ཀྱང་མི་འདུག །གྲུབ་རྟགས་ནུས་པ་ཆེར་ཐོན། ༈ །བྱང་སེམས་ཟླ་རྒྱལ་གྱི་སློབ་མ་སྐྱི་ཚ་འོད་འབྱུང་གི་སློབ་མ་ཞང་དབུ་དཀར་བས་ཐུགས་ཆེན་དམར་ཁྲིད་ཀྱི་སྔོན་འགྲོའི་མ་ི་ལ་ནུས་པ་རྙེད་ནས་ལྷ་འདྲེ་ལ་ཕྲིན་བཏང་བས་ཆོག་པ་དང་བདེན་ཚིག་གྲུབ་པ་བྱུང་། འདིའི་སློབ་བརྒྱུད་ལ་འཕགས་པའི་ཞལ་མཐོང་མང་དུ་བྱུང་། ༈ །གཙང་པ་རྒྱ་རས་གཤེགས་ཚེ་སྒལ་ཚིགས་ལ་སྤྱན་རས་གཟིགས་ཀྱི་སྐུ་ཉེར་གཅིག་ཕེབས། ༈ །བྱ་ཡུལ་བའི་ཐུགས་སྲས་གཙང་པ་རིན་ཆེན་རོ་སྟོད་ཆེར་བསྙུང་ཚེ། མི་དཀར་པོ་རལ་པའི་ཐོར་ཅོག་ཅན་ཞིག་གིས་རིལ་བ་སྤྱི་བླུགས་ནས་བདུད་རྩི་བླུགས་པས་ནང་ཐམས་ཅད་གང་བའི་སྣང་བ་བྱུང་ནས་དྭངས། བཀའ་གདམས་པ་ཞིག་མཛེས་བསྙུང་བས་ཅིས་ཀྱང་མ་ཕན་ནས། ད་ང་རང་མི་ཁྱུ་ནས་

TN03_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༢)བུད་ངོ་ཤེས་པར་བྱས་ཏེ་ཀྱི་མོ་རྫ་འཕྲང་གི་འོག་དེར་ལམ་ཟན་ལ་བརྟེན་ནས་བསྡད་དེ་མ་ི་བགྲང་ལ་ཚེ་བསྐྱལ་ལོ་སྙམ་དུ་ཐག་བཅད་པས་དེ་ནུབ་རང་ཁོང་ཆུས་ཁྱེར་བ་ལས་མི་དཀར་པོ་ཞིག་གིས་བཏོན་ནས་བྲག་ཐོག་ཅིག་ཏུ་བཞག་པས་ལུས་ལས་ཆུ་མང་པོ་ཟག་པ་རྨིས་ནས་སད་པ་དང་མལ་ཐམས་ཅད་ཆུ་སེར་གྱིས་གང་ནས་འདུག་སྟེ་མཛེ་ནད་ཡུལ་ཐོན་ཞེས་རྒྱལ་སྲས་རིན་པོ་ཆེས་གསུངས། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་གྲྭ་སར་སློབ་གཉེར་མཛད་དུས། ཆོས་ཀྱི་གྲགས་པའི་རིག་གཞུང་གི་གནད་ཕྲ་བ་འཆར་དཀར་བར་བྱུང་བས། ཞྭ་ལུའི་ཐུགས་རྗེ་ཆེན་པོའི་རྡོ་སྐུ་རང་བྱོན་དེ་ལ་སྐོར་བ་མང་པོ་མཛད་དེ་གསོལ་བ་བཏབ་པས། དེའི་མོད་ལ་བློ་གྲོས་ཀྱི་མཐུ་ཆེན་པོ་སྐྱེས་ཏེ། ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་སྤྱན་སྔར་ཡང་མཁས་གྲགས་ཀྱི་རྒྱལ་མཚན་ཐོབ། ༈ །ད་ལྟའི་ཨ་བཟང་རྡོར་གྲགས་ཀྱི་ཨ་ཕྱི་དེ་ལོ་ཉི་ཤུའི་ནང་མིག་ལོང་། མ་ི་འབད་ནས་བཟླས་པས། ལོ་བཞི་བཅུ་སྐོར་ན་མིག་ཕྱེ་སྟེ་སྔོན་བཞིན་གྱུར། རྫོང་མདའི་མི་ཞིག་གི་མིག་ལོང་། མ་ི་རྩེ་གཅིག་བཏོན་པས་ནམ་ཞིག་འཆིར་ཉེ་དུས། ཁྱེའུ་དཀར་པོ་ཞིག་གིས་ལག་ནས་ཁྲིད་དེ་ལམ་དཀར་པོ་ཞིག་རི་རྩེར་ཟུག་པ་ནས་ཕར་ཕྱིན། རི་རྩེར་ས་ཕྱོགས་སྐྱིད་ཉམས་ཅན་ཞིག་ཏུ་སླེབས་པ་རྨིས། །ཕྱིར་ཉིན་ཚེ་འཕོས། མགར་སྐོར་གྱི་ཁང་སྲུང་མི་སྐྱ་རྫུན་མེད་ཞིག་གིས་མ་ི་ཁོ་ན་བཏོན་པས། ཁང་པ་དེར་མི་གཞན་མེད་དུས་ཕལ་ཆེ་བར་

TN03_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༣)ཁྱེའུ་དཀར་པོ་ཞིག་འོང་ནས་མི་རྒན་ཁོ་རང་ལ་དགའ་ཉམས་སྟོན། ཁོ་ཁང་པའི་སྒོའི་ཐང་ན་གཅིག་པོར་བསྡད་དེ་སྐད་རྒྱང་མཐོན་པོས་མ་ི་འདོན་དུས་ཚོར། ཁང་པའི་སྐར་ཁུང་ནས་ཁྱེའུ་དེས་བཞིན་བསྟན་ནས་དགོད་ཅིང་མ་ིའི་འུར་རྒྱངས་བྱེད་པ་བྱུང་ཟེར་ཏེ། འཕགས་པ་ཡིན་འདྲ་ཡང་ཁོ་རང་གིས་ནི་འདི་ཚང་གི་ཁྱིམ་ལྷ་ཨི་མི་ཡིན་ཞེས་ཟེར། ཁྲ་སྐྱབ་ཚེ་གཟུང་གི་མེས་པོས་མ་ི་འབད་པས་བཏོན་པས་ཡང་ཡང་རྨི་ལམ་དུ་ཁྱེའི་དཀར་པོས་གཅེས་ཉམས་སྟོན་པ་མཐོང་། འདི་རིགས་མི་ནག་ཕོ་མོས་བཏོན་པའི་མཐུ་རེད། འབྲི་ཁོག་གཤེད་མི་རྒན་དད་ཅན་ཞིག་གིས་མ་ི་ཁོ་ན་བརྩོན་པ་ཆེན་པོས་བཟླས་པས་ཁོ་ཤི་ནས་ཡུན་རིང་བར་དུ་སྔོན་མལ་བཅས་ཤུལ་དེའི་ཉེར་ཁོར་ནས་མ་ིའི་རང་སྒྲ་ཁོར་ཡུག་ཏུ་གྲགས་པ་བྱུང་། འདིའི་སྐྱེ་བ་དེ་མ་ཐག་པ་རྗེ་དཔོན་ཀུན་གྲོལ་རྣམ་རྒྱལ་ཡིན་པར་བཤད། ༈ །ཐུགས་རྗེ་ཆེན་པོའི་སྒྲུབ་པས་ནི། དེ་པ་ཐམས་ཅད་ཀྱི་ཐུགས་རྗེ་ཕྱག་ན་རྡོ་རྗེ་གྲུབ་ཟེར་བ་ལྟ་བུ། འགྲུབ་ཡོང་བ་སྟེ། དེ་པ་ཐམས་ཅད་ཀྱི་བདག་ཉིད་སྤྱན་རས་ཀྱིས་བཙའ་བའི་དངོས་གྲུབ་སྒྲུབ་པ་ཞེས་སྣང་། ༈ །ཛམ་བུ་གླིང་པ་འོད་གསལ་གྱི་ལྷའི་རྒྱུད་ལས་མཆེད་ཀྱང་སྤྱིར་བཏང་ཡིན། དམིགས་བསལ་དུ་བོད་མི་ལ་རྗེ་འབངས་གཉིས་ལས་འབངས་རྣམས་ནི་ཐུགས་རྗེ་ཆེན་པོའི་མི་རྒྱུད་ཡིན་ཏེ། སྤྱན་རས་གཟིགས་དང་སྒྲོལ་མ་སྤྲེའུ་དང་བྲག་སྲིན་དུ་

TN03_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༤)སྤྲུལ་པ་འདུས་པའི་ས་བོན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་ལ་བྱུང་། མ་ི་འདོན་མཁན་གྱི་དབུགས་ཀྱིས་ཕོག་ཚད་རྣམ་པར་གྲོལ་བའི་སྐལ་བ་ཅན་དུ་འགྱུར་ཞིང་། མ་ི་པ་དེའི་བདུན་བརྒྱུད་ཚུན་ཆད་རྙེད་པ་ལེགས་པར་རྙེད་པ་དང་ཡིད་བཞིན་གྱི་ནོར་བུ་འཛིན་པར་མདོ་སྡེ་ཟ་མ་ཏོག་ལས་བཀའ་སྩལ་བས་མ་ི་པ་གཅིག་ཁོ་ནའི་བྱིན་རླབས་ཡོན་ཏན་ཡང་དེའི་མི་རབས་མི་བརྒྱུད་ཐམས་ཅད་ལ་སྤང་ལ་མེ་ཤོར་ལྟར་མཆེད་འགྲོ་ན་སྤྲེལ་སྒོམ་ལྟ་བུ་འཕགས་པ་དངོས་ཀྱི་རྣམ་འཕྲུལ་ལྟ་ཅི་སྨོས། དེས་ན་རང་ཅག་ལ་འཕགས་པའི་རབ་གནས་ཆགས་སླ་སྟེ། ཆུ་ལས་བྱུང་བའི་ལན་ཚ་ཆུ་ཉིད་དུ་ཞུ་བའི་ཚུལ་དུ་སྒོ་གསུམ་འཕགས་པའི་གསང་བ་གསུམ་དུ་འགྲུབ་པ་ལ་ཚེགས་མེད། བོད་འབངས་འཚོ་བའི་ལོ་ཏོག་གི་ཁྱད་པར་རྣམས་ཀྱང་འཕགས་པས་འབྲུ་སྣ་བདུན་བོད་དུ་གཏོར་ནས་སྨོན་ལམ་བཏབ་པ་ལས་བྱུང་བས་སྤྱན་རས་གཟིགས་ཀྱི་སྨོན་ལམ་ལས་བྱུང་བའི་ཁ་ཟས་ཅན་ཤ་སྟག་གོ །དེས་ན་འཕགས་པ་ལ་སྔོན་ལས་འབྲེལ་ཐོགས་ངེས་མིན་པ་བོད་ཡུལ་གྱི་མིར་མི་སྐྱེ། ལས་འབྲེལ་ཆེ་རྟགས་སུ་བྱིས་པ་ལོ་གསུམ་པ་རྣམས་ཀྱང་མ་ི་འདོན་ཤེས། སྐྱེ་བོ་ཡི་གེ་མི་ཤེས་པ་ཡང་མ་ི་རྐོ་ཤེས། སྤྲང་ཕྲུག་ལྟོ་སློང་བ་ཡང་མ་ི་ལ་ངོ་ཆེན་སྒྲོན། མི་ནག་ཆོས་དྲན་ཡང་མ་ི་སྣ་ལ་འོང་བ་སོགས་ལྟ་ས་ན་ཡོད་པས་ཀྱང་ཆོག །དེ་ལྟར་སྔོན་གྱི་ལས་འཕྲོ་ཡོད་པས་འདི་ལྷ་སྔགས་

TN03_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༥)གཞན་དང་མི་འདྲ་བའི་ཏིང་འཛིན་མེད་པར་ཁ་ཙམ་ཚིག་ཙམ་གྱིས་མ་ི་བཏོན་བསྡད་ཀྱང་བྱིན་རླབས་འཇུག །སྔགས་གཞན་མང་དུ་བཟླས་པ་བས་མ་ི་ལན་རེ་བཟླས་པ་བྱིན་རླབས་ཆེ་ཞེས་དཔལ་སྤྲུལ་རིན་པོ་ཆེ་གསུང་། དེ་ལྟར་བོད་འབངས་ལ་སྤྱན་རས་གཟིགས་ལ་བརྟེན་པའི་སྤྱི་མཐུན་གྱི་བསོད་ནམས་ཆེན་པོ་ཡོད་པའི་དབང་གིས། འཕགས་པ་ཉིད་སྲིད་སྐྱོང་རྒྱལ་པོའི་རྣམ་པར་དངོས་སུ་བྱོན་ཏེ་ཐུགས་དམ་གྱི་ལྷར་གསོལ་འདེབས་མཛད་དུས་ཚུན་ཆད་ལ། ངའི་བོད་འབངས་རྣམས་ལ་ཐུགས་རྗེས་གཟིགས་ཤིག །ཅེས་གསུངས་ཏེ། མི་བདག་བྱམས་པའི་སྟོབས་ཀྱི་སྐྱེས་རབས་བཞིན། དེ་ལྟར་བདག་ཏུ་བཟུང་ཚད་འཕགས་པའི་མིར་སོང་བ་ཡིན་པས་ཤིན་ཏུ་ཉེ་བ་ཤེས་སླ། སྤྲུལ་པའི་རྒྱལ་པོ་དེས་མ་འོངས་པའི་བོད་འབངས་རྣམས་ལའང་རང་ཉིད་དངོས་སུ་བཞུགས་པ་དང་རྣམ་དབྱེར་མེད་པའི་བྱིན་རླབས་མཛད་ཕྲིན་འཇུག་ཆེད་ཉིད་ཀྱི་སྐུ་འབག་ཏུ་རང་བྱོན་བཅུ་གཅིག་ཞལ་བཞེངས་ནས་ཡབ་ཡུམ་གསུམ་ཀ་དེར་ཐིམ་ཞིང་། སླར་ཐུགས་ཀ་དང་ནུ་མ་ལས་དབུ་ཉུག་མཛད་དེ་ཞལ་ཆེམས་ཡང་སྩལ་བས་ཆོས་རྒྱལ་ཡབ་ཡུམ་དངོས་ཀྱི་འདུ་ཤེས་བརྟན་པར་མཛད། གཞན་ཡང་དམར་པོ་རིའི་རང་བྱོན་ལོ་ཀི་ཤྭ་ར་དང་། དེ་གར་བཞུགས་སུ་ཞལ་གཟིགས་ནས་བོད་འབངས་ཀྱི་ཆེད་དུ་ངོ་ཆེན་ཞུ་བའི་ཚུལ་ཅན་སྲོང་བཙན་ང་འདྲ་མར་གྲགས་པ་དེང་སང་

TN03_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༦)ཇོ་ཁང་སྟེང་ན་བཞུགས་པ་དང་། ཡར་འཕྲང་གི་ཡི་གེ་དྲུག་མ་དང་། ཚེ་ཆུ་འབུམ་པར་ཆུ་ཤེལ་གྱི་འཕགས་པ་རང་བྱོན་ཡོད་པར་བཤད། རྒྱ་ནག་པདྨེ། ཡིད་ལྷུང་དུ་མ་ི་གད་མགོར་གྲགས་པ། ཁྲོ་སྐྱབས་འཕགས་པ་རང་བྱོན་སོགས་ཀྱང་བོད་འབངས་སྤྱན་རས་གྱིས་འཚོ་བའི་རྗེས་དྲན་གྱི་མཚན་མ་དང་། ཐ་ཚིག་མི་འགྱུར་བའི་དོན་རྟགས་ཡིན། དེ་འདྲའི་རྟེན་འབྲེལ་གྱིས་གངས་ཅན་མཐའ་དབུས་ཀྱི་མི་ཐམས་ཅད་ད་དུང་ལྷ་ས་ལ་མཇལ་ཕྱག་སྐོར་བ་དང་མཆོད་པ་དང་སྨོན་ལམ་གྱི་འབྲེལ་བ་འཇོག་ཏུ་འགྲོ་ཞིང་། ཕྱོགས་ཞེན་མོས་དུང་ཁྱབ་གདལ་དུ་ཆེ་བ་དང་། མཐའ་དབུས་ཀུན་ཏུ་ཆོས་དང་ཟང་ཟིང་གི་དཔལ་འབྱོར་འབྱུང་བའི་རྩ་བའི་ཁུངས་ཀྱང་ལྷ་ལྡན་ཡིན་པ་སོགས་སྲོང་བཙན་དངོས་བཞུགས་དུས་དར་འགྲོ་དོན་ཕྲིན་ལས་ཕྱོགས་མཚུངས་པ་མཐོང་ཆོས་ལ་ཡོད། མདོར་ན་རང་ཅག་བོད་འབངས་རྣམས་སྤྱན་རས་གཟིགས་ཀྱི་མི་རྒྱུད་ཡིན་ཅིང་། གོང་རྗེར་བཅུ་གཅིག་ཞལ་དངོས་རང་བཞུགས་པས་དུས་ཀྱི་མཐར་ཡང་མ་ིའི་ནུས་པ་དང་ཡོན་ཏན་རིག་སྔགས་གཞན་དང་མི་མཉམ་པར་ཐོགས་མེད་དུ་འབྱུང་བ་ཡིན་ནོ། །བོད་འདིར་དམ་པའི་ཆོས་ཀྱི་དབུ་ཡང་མདོ་སྡེ་ཟ་མ་ཏོག་ནས་བརྙེས་པ་དང་། སྤྲུལ་པའི་རྒྱལ་པོས་ཕྱོགས་འདིར་རྒྱལ་བསྟན་རིན་པོ་ཆེའི་གཡང་འཁོར་ཆེད་ཤཱཀྱ་མུ་ནེ་མཆེད་གཉིས་སྤྱན་འདྲེན་པ་དང་། ནག་ཕྱོགས་ཀྱི་འབྱུང་པོ་མང་

TN03_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༧)པོ་འདུལ་བ་དང་། གཙུག་ལག་ཁང་ཐོག་མར་རྩིགས་པའི་ས་འཚོལ་བ་དང་རྨིང་འདིད་བ་ལ་སོགས་པའི་མཛད་ཆེན་ཐམས་ཅད་འཕགས་པ་ཁོ་ན་ལ་གཞི་རྟེན་དང་སྲོག་ཤིང་བཅོལ། དེའི་སྒོ་ནས་ཁོག་ཕུབ་སྟེ་མཛད་པའང་འདི་བོད་ཀྱི་ལྷ་སྐལ་དང་། བོད་འདིའི་གདུལ་ཞིང་ཡིན་པའི་གནད་ལ་གཟིགས་ནས་ཡིན་ཅིང་། ཕྱིས་རྒྱ་གར་གྱི་པ་གྲུབ་གནམ་གྱི་སྐར་མ་ལྟར་མང་བའི་ནང་ནས་བོད་དུ་བསྟན་པའི་སྲོལ་འབྱེད་མཁན་ལ་རིག་འཛིན་ཡོངས་འདུས་ལས། སྤྱན་རས་གཟིགས་དབང་སྲོང་བཙན་སྒམ་པོ་ཉིད། །དྷ་ན་ཀོ་ཤར་སྐུ་རུ་སྤྲུལ་མཛད་དེ། །ཞེས་དང་། ལོངས་སྐུ་ཐུགས་རྗེ་ཆེན་པོ་སྤྲུལ་སྐུ་པདྨ་འབྱུང་གནས་ཞེས་མང་པོ་ལས་གསུངས་པ་དང་། །བཀའ་རྩིས་དང་རྒྱལ་པོ་བཀའ་འབུམ་སོགས་མཐའ་ཡས་པ་ནས་གསུངས་པ་ལྟར་སྤྱན་རས་གཟིགས་ཉིད་རིག་འཛིན་སློབ་དཔོན་གྱི་གཟུགས་སུ་བྱོན་པ་གུ་རུ་པདྨ་དང་། དེ་དང་ཐུགས་རྒྱུད་གཅིག་པར་བཀའ་གདམས་གླེགས་བམ་ནས་གསུངས་པའི་དཔལ་ལྡན་ཞི་འཚོ་གཉིས་པོ་རང་བྱུང་བ་དང་། བསམ་ཡས་བཞེངས་དུས་ཀྱང་ཐོག་མར་སྤྱན་རས་གཟིགས་དང་སྒྲོལ་མའི་ལྷ་ཁང་མ་བཞེངས་བར་དུ་བརྩིགས་མི་བཏུབ་ཅེས་གསུངས་ནས་ཨརྱ་པ་ལོའི་གླིང་བརྩིགས་པ་དང་། ཁྲི་སྲོང་དང་རལ་པ་ཅན་སོགས་ཀྱིས་ལྷ་ཁང་ནམ་བཞེངས་སུ་བར་ཆད་མེད་ཅིང་བྱིན་ཆགས་

TN03_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༨)བཀྲ་ཤིས་འབྱུང་ཆེད་སྲོང་བཙན་གྱི་ཕྱག་རྗེས་ར་ས་ལ་བཟོ་ཕུད་ཕུལ་ནས་བཞེངས་པ་དང་། གུ་རུ་རིན་པོ་ཆེས་གསང་སྔགས་སྟོན་དུས་སྤྱི་ཁྱབ་ལ། བོད་ཀྱི་བླ་མའི་སྐལ་བ༴ །ལྷ་སྐལ་ཇོ་བོ༴ །ཞེས་དང་། མཚན་མོ་བྱུང་རེས་པདྨ་ང་ཉིད་སྒོམཿ །རང་གི་དོན་དུ་བཛྲ་གུ་རུ་སྒྲོངསཿ །ཉིན་མོ་འཕགས་པ༴ །སེམས་ཅན་དོན་དུ་མ་ི་ཞེས་གསུངས་ཤིང་། གུ་རུས་བོད་སྤྱི་ཁྱབ་ལ་གདམས་པ་ཡ་གི་ཐམས་ཅད་སྲིན་ཡུལ་བཞུད་ཀ་གནང་བ་ཁོ་ན་རེད། སྲིན་ཡུལ་བཞུད་ཀའང་སྤྱི་ཁྱབ་ལ་ཡིག་དྲུག་གི་ཕན་ཡོན་གསུངས། གཏེར་ཆོས་རྒྱ་ཆེ་བ་སྒྲུབ་སྡེ་བརྒྱད་དང་། ཡན་ལག་ལས་ཚོགས་རབ་འབྱམས་སོགས་ཀྱི་གནད་བསྡུས་སྙིང་པོ་བླ་རྫོགས་ཐུགས་གསུམ་ཞེས་འབྱུང་ཞིང་། དེ་གསུམ་མ་ཚང་ན་གཏེར་ཆེན་མིན་ཞེས་གཏེར་ཆོས་ཀྱི་སྐབས་སུའང་སྲོག་གི་དབང་པོ་ལྟ་བུར་བསྔགས་པ་དང་། ཆོས་དབང་རིན་པོ་ཆེ་དང་རྗེ་ཐང་སྟོང་པ་རད་གླིང་སོགས་ཀྱིས་ཡིག་དྲུག་རྒྱ་ཆེར་སྤེལ་ཞིང་མ་ིའི་རིལ་སྒྲུབ་ཀྱི་རྒྱུན་བཙུགས་པ་དང་། ཇོ་བོ་རྗེ་ལྷ་ཅིག་གི་གསང་ཆོས་བཀའ་གདམས་སྙིང་པོའི་མན་ངག །བསྟན་པ་བསྟན་འཛིན་དང་བཅས་པའི་བློ་རྡོ་ལྟ་བུར་བསྔགས་པ་ཐིག་ལེ་བཅུ་དྲུག་ཀྱང་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རང་ཡིན་པ་དང་། མངའ་བདག་ཉང་དང་ཆོས་དབང་རིན་པོ་ཆེས་ལྷ་སར་མར་མེའི་མཆོད་རྒྱུན་བཙུགས་པ་དང་། རྗེ་བཙུན་ཙོང་ཁ་བས་མགོན་པོ་འཇམ་དབྱངས་ཀྱི་བཀའ་བཞིན་མཛད་ཆེན་བཞིའི་ཆེ་

TN03_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༩)ཤོས་སྨོན་ལམ་ཆེན་མོའང་སྲོང་བཙན་གྱི་དངུལ་དམ་རྟ་མགོ་མ་གཏེར་བཞེས་སོགས་དང་འབྲེལ་བར་ལྷ་སའི་ཞབས་ཏོག་ཏུ་མཛད་པ་སོགས་མཐའ་ཡས་པ་ཞིག་རྒྱུ་མཚན་དེའི་སྟེང་ནས་བཤད་པར་བྱའོ། །དེ་ལྟར་རང་དང་སྔོན་བསོད་ནམས་ཀྱི་ལས་འབྲེལ་ཆེ་བའི་ལྷ་དང་ཆོས་ཤིག་བསྒྲུབས་ནས་རླན་ཤས་ཆེ་སར་ཆུ་ཕོ་བ་དང་འདྲ་བར་སྔོན་དང་ད་ལྟའི་ལས་གཉིས་གཅིག་དཔུང་གཅིག་གིས་བྱས་ནས་འགྲུབ་ཐག་ཉེ། འོན་ཀྱང་ཀོ་སྐམ་སྙུང་བུས་ཕུག་པ་ལྟར་མིག་ཧུ་རེ་བའི་སྒྲུབ་འབྲས་དགོས་ན་ནི་དེ་གཉིས་ནང་འཛོམ་ཙམ་གྱིས་ཀྱང་མི་ཆོག་གི་ལྷ་སྔགས་གཅིག་པོ་དེར་རྩེ་གཅིག་ཏུ་ཕུར་ཚུགས་སུ་གཏད་ནས་བྱ་དགོས། གང་ཟག་སྒོས་བཙན་ལ་འཕགས་པ་དང་སྔོན་འབྲེལ་ཡོད་པས་མ་ི་བཏོན་ན་སྟོབས་ཆེ་བ་དང་། འཕགས་པ་ལ་བསྐྱེད་པའི་སྤྱི་མཐུན་གྱི་བསོད་ནམས་ཀྱི་དབང་གིས་ཡུལ་དུས་འདིར་བཙུགས་འགྲུབ་ཐག་ཉེ་བ་དོན་མི་གཅིག་པས་ཕྱི་མ་འདི་ཡང་གནད་དམ་པ་གཅིག་ཏུ་བཟུང་ངོ་། །ཆོས་ཡང་དག་པར་སྡུད་པ་སོགས་མདོ་སྡེ་དུ་མར་རྗེ་བཙུན་འདི་སོགས་བྱང་སེམས་ཀྱི་ཚོགས་ལ་ཆོས་ཀྱི་མཛོད་གཏད་དེ་ལྔ་བརྒྱ་པ་ཐ་མ་ལ་ཛམ་བུའི་གླིང་དུ་རྒྱས་པར་བྱོས་སོགས་དང་། དེའི་རྒྱུ་མཚན་བྱམས་པ་སེངྒེའི་སྒྲའི་མདོར་འཆིར་ཉེ་བ་དང་མི་ཚེ་རིང་ལ་ནོར་བཅོལ་བའི་དཔེས་བསྟན་ནས་གདུལ་བྱའི་ལྷག་མ་སྐྱོང་བར་བཀའ་

TN03_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༠)བསྒོས། རི་བོ་ཏ་ལའི་ལམ་ཡིག་སོགས་ལྟར་ད་དུང་གླིང་འདིར་བཞུགས་པ། སྟོན་པ་ལམ་གྲོགས་ཀྱི་འཕྲོས་ཟུར་བྲིས་སོགས་བསྒྲིགས་ན་སྤྱི་དཔོན་ཚངས་རྒྱལ་བ་པ་མི་མཇེད་བདག་པོ་འདྲ་བ་དེ་ལས་ཀྱང་སྒོས་དཔོན་མིའི་ཆོས་རྒྱལ་རྒྱལ་སྲས་འདྲ་བ་འདི་མཇལ་བདེ་འདྲིས་སླ་ཞུ་ལམ་བཙལ་སླ་བ་འདྲ། སྔར་བཤད་དེས་ན་རང་ལ་ཐུགས་རྗེ་ཆེན་པོའི་བུ་རྒྱུད་དང་། ཐུགས་རྗེ་ཆེན་པོ་ལ་ཕ་མེས་ཀྱི་འདུ་ཤེས་བསྐྱེད་དེ། སྙིང་ཉེ་ལྷན་ནེ། ཡིད་དུང་དུན་ནེ་བ་བྱ་སྟེ། སངས་རྒྱས་ཀྱི་ཐུགས་ལ་ཉེ་རིང་མེད། མཐའ་གཅིག་ཏུ་ཉེ་བ་རྐྱང་ཡིན་ཡང་། རང་གི་འདུ་ཤེས་འཇོག་ལུགས་ཀྱིས་ཉེ་རིང་ལྟར་འགྱུར་བས་འགྲུབ་ཐག་ཉེའོ། །གཞན་ཡང་། ལས་ལྔ་དག་གི་རྒྱལ་སྲས་རྣམས། །སེམས་ཅན་ཕ་དང་འདྲ་བ་ཞེས་པའང་དྲན་པར་བྱའོ། །ལྔ་པོའི་ནང་དེར། སངས་རྒྱས་ལ་ནི་གསོལ་བ་དང་། །ཞེས་ཡོད་པ་ཐལ་མོ་སྦྱར་བའི་ཕྱག་གི་གོ་དོན་དང་མཐུན། འདི་དང་བགྲང་ནོར་གྱིས་སངས་རྒྱས་ཐམས་ཅད་ཀྱིས་མགོ་ལ་ཕྱག་གིས་དབང་བསྐུར་བར་གསུངས་པ་ཟ་མ་ཏོག་གི་མདོར་ཡིག་དྲུག་ཟློ་བའི་ཕྱོགས་དེར་སངས་རྒྱས་མང་དུ་འདུ་བར་གསུངས་པ་བཞིན་ཏེ། དམ་ཆོས་པད་དཀར་གྱི་གངྒ་རེ་གཉིས་ཀྱི་བྱེ་སྙེད་ཀྱི་རྒྱལ་བ་མཆོད་པ་སོགས་ལས་འཕགས་པ་འདིའི་མཚན་བརྗོད་པ་ལྷག་པར་བསྔགས་པ་དང་། རྟོག་གེ་འབར་བར་ཕར་གྱུར་པའི་ཕྱིར་དང་སོགས་

TN03_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༡)ཀྱང་འདིར་མཁོ། རྟ་མགྲིན་རྟ་སྐད་ཀྱིས་མཁའ་འགྲོ་དམ་ཅན་སྡུད་པའི་དོད་དུ། འདིའི་ཤེལ་ཕྲེང་སོགས་ལ་དམིགས་ནས་མ་ི་བཟླས་པས་དེའི་མདོ་ཁོ་ནར་གངྒའི་བྱེ་སྙེད་ཀྱི་དེ་བཞིན་གཤེགས་པའི་ཐུགས་རྗེ་་འཁུལ་ཏེ། དེ་རྣམས་ཀྱིས་ལྷག་པར་དགོངས་ཤིང་བྱིན་གྱིས་རློབས་པ་ཉིད་ཡིན་ཏེ། དེ་ལྟར་དགོངས་ཤིང་བརླབས་པས་རྨི་ལམ་དུ་ཡང་རྒྱལ་བ་སྲས་བཅས་མཐོང་ཞིང་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ཀྱིས་མི་བརྫི་བ་དང་། ཕྱིན་ཅི་ལོག་གི་བློ་སྣ་སོགས་དང་འཇིགས་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བའི་ཕྱོགས་ཐམས་ཅད་ངང་གིས་འགྲིབ་ཅིང་། དཀར་པོའི་ཆོས་དང་བདེ་སྐྱིད་ལེགས་ཚོགས་ཐམས་ཅད་སྟོབས་འཕེལ་ནས་གོང་འཕེལ་དུ་འགྲོ། སྒྲུབ་པ་པོས་ཇི་ལྟར་དོན་དུ་གཉེར་བ་དེ་ལྟར་གཟུངས་སྤོབས། ཏིང་འཛིན་མངོན་ཤེས་སྙིང་རྗེ། ཚིག་བཙན་པའི་ངག་གི་དབང་ཕྱུག །ཚེ་སྟོབས་ནད་མེད་བདེ་བ་ལང་ཚོ་དབང་ཕྱུག་གཟི་བརྗིད་གནས་ལུས་འཁོར་དང་ལོངས་སྤྱོད་རྩོམ་པ་ཕུན་ཚོགས་སོགས་ནས་མཁའ་སྤྱོད་དང་མི་སྣང་བ་སོགས་སྒྲུབ་པ་པོའི་ནུས་པ་ཇི་ལྟ་བ་བཞིན་སྩོལ་བར་མཛད། དེས་ན་མཐའ་ཡས་པའི་རྒྱལ་བ་རྣམས་ནི་དཔག་བསམ་གྱི་ནགས་ཚལ། དེ་རྣམས་ཀྱི་བྱིན་རླབས་དངོས་གྲུབ་ནི་ཡོངས་འདུའི་མེ་ཏོག །ཡིག་དྲུག་བཟླས་སྒོམ་ནི་ལྷའི་རླུང་། དེས་དེ་རྣམས་བསྐུལ་བས་

TN03_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༢)གང་འདོད་བཞིན་འཐོབ་པ་ནི་ཤིང་ལས་མེ་ཏོག་ཕྲུལ་བ་ལྟ་བུར་གོ །དེས་ན་འཁྲུལ་འཁོར་གྱི་གནད་གཅིག་ནས་བསྐུལ་བས་འཁྲུལ་འཁོར་བརྒྱ་སྟོང་མང་པོ་གཡོ་འགུལ་བྱས་ཡོད་པའི་འཕྲུལ་ཐབས། སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་གནད་ཆེ་ཤོས་ཀྱི་གཟེར་བུ་གཅིག་བསྐུལ་བས་རྒྱལ་བ་ཐམས་ཅད་བསྐུལ་ཡོང་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་གནད་གཟེར་ནི་འཕགས་པའི་ལྷ་སྔགས་དེའི་ནང་ནས་ཀྱང་ཡི་གེ་དྲུག་པ། །དེས་བསྐུལ་ཙ་ན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་འཁུལ། དེ་འཁུལ་བ་ཉིད་དེ་རྣམས་ཀྱི་སྟོབས་དང་མི་འཇིགས་མ་འདྲེས་དབང་བཅུ་སོ་རིག་བཞི་སོགས་འབྲས་ཆོས་ཐམས་ཅད་འཁུལ་བ་སྟེ། འབྲས་ཆོས་དེ་ཐམས་ཅད་ཀྱི་གནད་སྲོག་སྐྱེ་ལ་ཐུགས་རྗེ་ཆེན་པོ་ཡིན་པས་སམ། འབྲས་ཆོས་དེ་ཐམས་ཅད་སྙིང་རྗེ་ཆེན་པོས་གཞན་དོན་ཁོ་ནར་བསྒྲུབ་པ་ཡིན་པའི་ཕྱིར་རོ། །སངས་རྒྱས་བསྐུལ་ནས་ཞུ་རྒྱུའི་དངོས་གྲུབ་ཀྱི་གཙོ་བོ་ནི་བྱང་ཆུབ་སེམས་གཉིས་ཀྱི་དངོས་གྲུབ་སྟེ། མི་གོས་པ་དང་། འཇིག་རྟེན་ལ་དབང་བསྒྱུར་བ་གཉིས་ཚོགས་ཀྱི་འགྲོ་བ་འདུལ་བའི་ཡེ་ཤེས་ཞེས་པ་དེའོ། །དངོས་སུ་བསྒྲུབ་བྱ་གཞན་ལ་བྱེད་ན་ནི། འདི་ལ་དགྲའམ་མི་མིན་ནམ་འབྱུང་བའི་གནོད་པ་འདི་ལྟ་བུས་གཙེས་སམ་གཙེར་དོགས་པས་མི་འཇིགས་པ་སྩོལ་ཅིག་ཅེའམ། རྒྱལ་སྲིད་སྩོལ་ཅིག་ཅེས་

TN03_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༣)པ་ལྟ་བུ་སྟེ། འདི་མ་ི་ལ་ནུས་པ་ཅུང་ཟད་རྙེད་པ་ཡན་ཆད་ཀྱིས་བྱའོ། ༈ །མ་ི་རྟག་ཏུ་འཛིན་ཅིང་རྗེས་སུ་དྲན་པར་བྱེད་པ་རྣམས་འཁོར་བའི་སྡུག་བསྔལ་མཐའ་ཡས་པ་ལས་ཐར་བར་འགྱུར། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཚེ་རབས་དྲན་པར་འགྱུར། ལུས་བ་ལང་གི་སྤོས་ཀྱི་ཙན་དན་སྣོམ་པར་འགྱུར། ཁ་ནས་ཨུད་པ་ལའི་དྲི་འབྱུང་། ལུས་ཡོངས་སུ་རྫོགས་པར་འགྱུར། སྟོབས་པོ་ཆེའི་སྟོབས་ཀྱི་ཤུགས་དང་ལྡན་པར་འགྱུར་རོ། །ཞེས་དང་། མ་ིའི་ཡིག་འབྲུ་གཅིག་འདྲིར་བཅུག་ཀྱང་རིགས་ངན་དུ་མི་སྐྱེ། དབང་པོ་ཉམས་པར་མི་འགྱུར། ཐེང་པོ་དང་སྒུར་པོ་དང་མཛེ་ཅན་སོགས་སུ་མི་འགྱུར། ལུས་ལ་ནད་ཀྱིས་འདེབས་པར་མི་འགྱུར་ཏེ། ནད་མེད་པ་དང་། མཐུ་ཆེ་བ་དང་། དབང་པོ་གསལ་བར་འགྱུར་ཞེས་གསུངས་ཤིང་། ཡིག་དྲུག་འདྲིར་འཇུག་པ་དེ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འདྲི་བཅུག་པར་འགྱུར་ཞིང་། གླིང་བཞི་ལ་དབང་བའི་འཁོར་སྒྱུར་དུ་འགྱུར་བར་གསུངས་ཏེ་རྡོ་འབུམ་བཞེངས་པ་སོགས་ལ་སྦྱོར། ཕྱི་རོལ་རྡོ་དང་གྲོ་ཤོག་སོགས་ལ་འདྲི་བ་དང་། ནང་བསྒོམ་པས་འདྲི་བ་གཉིས་ཀྱི་ཕྱི་མ་ལའང་སྦྱོར་རུང་ངམ་སྟེ། ཡིད་གཙོ་བོ་ཡིན་པའི་ཕྱིར་ཏེ་འཕགས་པ་ཉིད་ཀྱིས་སངས་རྒྱས་པདྨའི་མཆོག་ལ་རིག་སྔགས་ཕུལ་ཐང་། དཀྱིལ་འཁོར་ཚོན་གྱིས་འདྲི་བ་མ་འབྱོར་ན་ཡིད་ཀྱིས་འབྲི་བ་དེའི་དོད་དུ་

TN03_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༤)གསུང་བ་བཞིན་ནོ། །ཡང་། ཡིག་དྲུག་རྟག་ཏུ་འཛིན་ཅིང་ཟློས་པ་ལ་བརྩོན་པ་རྣམས་ནི་བསོད་ནམས་ཆེན་པོ་དང་ལྡན་པ་སྟེ། དེ་དག་གིས་ཟློས་པར་བྱེད་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་འདུ་བར་འགྱུར། བྱང་སེམས་རྡུལ་ཕྲ་རབ་སྙེད་འདུ་བར་འགྱུར། ཕར་ཕྱིན་དྲུག་སྒོ་ན་གནས་པར་འགྱུར། །གཞན་ཡང་ལྷའི་སྡེ་སུམ་ཅུ་རྩ་གཉིས་ཀྱི་ལྷའི་བུ་དག་འདུ་བར་འགྱུར། རྒྱལ་པོ་ཆེན་པོ་བཞི་ཡང་ཕྱོགས་བཞི་སྲུང་བར་འགྱུར། །ཀླུའི་རྒྱལ་པོ་རྒྱ་མཚོ་དང་། མ་དྲོས་པ་དང་། འཇོག་བོ་སོགས་ཀླུ་བྱེ་བ་ཁྲག་འབུམ་དུ་མས་ཡོངས་སུ་སྲུང་བར་བྱེད། །ས་བླའི་གནོད་སྦྱིན་དག་ནི་བླ་གབ་མེད་པར་སྲུང་བར་བྱེད། རིགས་ཀྱི་བུ་དེའི་བ་སྤུའི་ཁུད་བུ་རེ་རེར་ཡང་སངས་རྒྱས་བྱེ་བ་དག་བཞུགས་ནས་རུས་ཀྱི་རིགས་བདུན་བརྒྱུད་དང་། ལྟོ་ན་གནས་པའི་སྲོག་ཆགས་རྣམས་ཀྱང་དབུགས་འབྱིན་པར་མཛད། འདི་འཆང་བ་དེའི་ལུས་ནི་རྡོ་རྗེའི་ལུས་དང་། རིང་བསྲེལ་གྱི་མཆོད་རྟེན་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་བྱེ་བར་རིག་པར་བྱའོ། །འདི་ཟློས་པ་དེ་ནི་སྤོབས་པ་མི་ཟད་པར་འགྱུར། ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པར་འགྱུར། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པར་འགྱུར། དེ་ཉི་མ་རེ་རེ་ཞིང་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པར་འགྱུར། དེ་རིག་འཛིན་གྱི་འཁོར་ལོས་སྒྱུར་བའི་དབང་ཐོབ་པར་འགྱུར། ལ་ལ་ཞིག་

TN03_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༥)ལ་དེའི་དབུགས་ཀྱིས་རེག་གམ་ལག་པས་རེག་གམ་ལ་ལ་ཞིག་གིས་དེ་མཐོང་བར་གྱུར་ན་སྐྱེས་པ་བུད་མེད་ཁྱེའུ་བུ་མོ་བྱ་དང་རི་དྭགས་བ་ལང་དང་བོང་བུ་སོགས་གང་སུ་ཡང་རུང་སྟེ་ཐམས་ཅད་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་འགྱུར། སྐྱེ་རྒ་ན་འཆི་དང་མཛའ་བ་དང་བྲལ་བའི་སྡུག་བསྔལ་མེད་པར་འགྱུར། རྣལ་འབྱོར་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར། བསམ་གཏན་དཔག་ཏུ་མ་མཆིས་པ་ཟིལ་གྱིས་གནོན་པར་བགྱིད། ཆོས་ཀྱི་མཛོད་ཡོངས་སུ་གང་བར་བགྱིད་དོ། །ཞེས་གསུངས། དེ་བཞིན་གཤེགས་པ་རྡུལ་ཕྲ་རབ་སྙེད་ཀྱི་སྐུ་གཟུགས་ལྷའི་གསེར་རིན་པོ་ཆེ་ལས་བྱེད་ཅིང་བྱས་ནས་ཉིན་གཅིག་བཞིན་དུ་རིང་བསྲེལ་འཇུག་པ་དེའི་འབྲས་བུ་རྣམ་པར་སྨིན་པ་ནི་ཡི་གེ་དྲུག་པའི་ཡིག་འབྲུ་གཅིག་གི་འབྲས་བུའི་ཡིག་དྲུག་གཅིག་གི་འབྲས་བུ་ཞེས་པ་འདི་ཡིག་འབྲུ་གཅིག་བྲིས་པའི་འབྲས་བུ་སྟེ། དེའི་གོང་ན་དངོས་བསྟན་སྒྲས་ཟིན་ཡོད་དོ། །རྣམ་པར་སྨིན་པ་ཙམ་མོ། །ཞེས་སོ། །ཡུལ་ཁོར་མོར་འཇིག་གི་ཆོས་སྨྲ་མ་ི་བ་བའི་ལོ་རྒྱུས་ཀྱི་ཐད་ན། ལྷ་དང་ཀླུ་དང་གནོད་སྦྱིན་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་དག་ཁྱོད་ལས་ཆོས་ཉན་ཏེ། ཁྱོད་ལ་ཆོས་ཉན་པའི་ཚེ་ཐམས་ཅད་འདུ་བར་བགྱིད་དོ། ཁྱོད་ནི་རྡོ་རྗེ་ཆེན་པོ་དང་མཉམ་པའི་ཆོས་ཀྱི་རྣམ་གྲངས་འཆད་པར་མཛད་དོ། །སེམས་ཅན་འཁོར་

TN03_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༦)བའི་བཅིང་བས་བཅིང་བ་མང་པོ་ཐར་བར་མཛད་དོ། །ཞེས་གསུངས་ཏེ་རྡོ་རྗེ་དང་མཉམ་ལུགས་ནི་འོག་ཏུ་འཆིང་བ་གཅོད་པར་གསུངས་པ་འདི་ཡིན་པ་འདྲ་སྟེ། རྡོ་རྗེ་ལྕགས་སྒྲོག་གཅོག་པ་ཡིན་ནོ། །ཡང་། དཔེར་ན་མེས་ནགས་ཀྱི་འདབ་མ་མྱུར་དུ་འཚིག་པར་བགྱིད་པ་དེ་བཞིན་དུ་ཁྱོད་མཐོང་མ་ཐག་ཏུ་སྡིག་པ་ཐམས་ཅད་འཕྲོག་པར་མཛད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱང་མཁྱེན་ཏོ། །གཞན་ཡང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་། ཚངས་པ་དང་། འཇུག་སྲེད་དང་། དབང་ཕྱུག་ཆེན་པོ་དང་། ཉི་མ་དང་། ཟླ་བ་དང་། རླུང་གི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དག་ཁྱོད་ལ་མཆོད་པའི་ལས་བྱ་བའི་ཕྱིར་མཆིའོ། །ཞེས་སོ། །ཡང་། ངེས་པར་འབྱུང་བ་ཚོལ་བ་ཁ་ཅིག་དབང་ཕྱུག་ཆེན་པོ་དང་། འཇུག་སྲེད་སོགས་ལ་རབ་ཏུ་འབྱུང་སྟེ། དེ་དག་ལ་ཡང་ཐར་པ་མེད། མགོན་ཡང་མ་ཡིན། བརྟུལ་ཞུགས་ཅན་ཡང་མ་ཡིན་ནོ། །ལྷ་མང་པོ་དང་། ཚངས་པ་དང་། འཇུག་སྲེད་དང་། དབང་ཕྱུག་ཆེན་པོ་དང་། བརྒྱ་བྱིན་ལྷའི་དབང་པོ་དང་། ཉི་མ་དང་། ཟླ་བ་དང་། རླུང་གི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དང་། གཤིན་རྗེ་ཆོས་རྒྱལ་གྱིས་ཕྱག་བྱས་ཚུལ་ཟ་མ་ཏོག་དང་འགྲེལ་ཆེན་དྲི་མེད་འོད་ལས་སོ། །དབང་ཕྱུག་དང་གཽ་རི་ལུང་བསྟན་པ། ལྷ་མོ་

TN03_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༧)དཔལ་གྱིས་གླིང་བཞིའི་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་ཀྱི་ཕྱིར་བྲེ་བོ་ལོ་ཏོག་གིས་གང་བ་ཕུལ་བ། ཚོགས་བདག་གླང་པོ་གདོང་གི་ལོ་རྒྱུས༴ །རྒྱལ་པོ་ཆེན་པོ་བཞི་དག་རྟག་ཏུ་ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་སློང་ངོ་། །ཞེས་དང་། འདི་ལ་ཅུང་ཟད་བཟླས་པས་ཀྱང་ཐེག་པ་ཆེན་པོའི་རྣམ་པ་མང་པོ་མདོ་དང་། དབྱངས་ཀྱིས་བསྙད་པ་ནས་གཏན་ལ་ཕབ་པར་བསྟན་པའི་བར་བཅུ་གཉིས་དང་། ཞི་བ་དང་། ཐར་པ་ཡང་ཐོབ་པར་འགྱུར་རོ། །མང་དུ་བཤད་ཅི་དགོས་ཏེ། སའི་ནང་དུ་གཏོགས་པ་ལ་སྙིང་པོར་འཛིན་པ་ཅི་ཡིན་ཞེ་ན། འབྲས་ནི་སྙིང་པོར་འཛིན་ཏེ་ཁྱེར་ནས་བདག་གི་ཁྱིམ་དུ་སྣོད་རྣམས་ཡོངས་སུ་བཀང་སྟེ་འཇོག་གོ །བཞག་ནས་ཉི་མའི་ཚུལ་བཞིན་དུ་ཉི་མ་ཚ་བ་ལ་སྐེམས་སོ། །བསྐམས་ནས་གཏུན་ལ་བརྡུངས་ཤིང་ཕུབ་མ་རྣམས་སེལ་ཏོ། དེའི་སྙིང་པོ་ནི་འབྲས་རྨེའུ་ཡིན་ཏེ། དེ་བཞིན་དུ་རྣལ་འབྱོར་གཞན་དག་ཕུབ་མ་དང་འདྲའོ། རྣལ་འབྱོར་ཐམས་ཅད་ཀྱི་ནང་ན་ཡིག་དྲུག་གི་རིག་སྔགས་འདི་ནི་འབྲས་རྨེའུར་གྱུར་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཕྱིར་ཚོགས་འབྱིན་ཏེ་བཟླས་པ་གཅིག་བྱས་པས་ཕྱིན་དྲུག་ཡོངས་སུ་རྡོགས་པར་འགྱུར་རོ། །ལ་ལ་ཞིག་གིས་ལག་པས་རེག་ན་དེ་དག་ཀྱང་ཕྱིར་མི་ལྡོག་པའི་ས་འཐོབ་བོ། །འདིའི་མོང་ལན་གཅིག་བཟུང་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་ན་

TN03_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༨)བཟའ་དང་བཤེས་དང་མལ་སྟན་དང་སྙུན་གྱི་གསོས་སྨན་དང་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟིར་བྱས་པར་འགྱུར་རོ། །ཞེས་སོ། །འདི་འདྲའི་རྟགས་ལྡན་དེ་ཡིག་དྲུག་ཕྱིན་དྲུག་དང་སྦྱོར་བའི་ཁུངས་སུ་འགྲོའམ་དཔྱོད། འཇམ་དཔལ་རྩ་རྒྱུད་ལས་འཇིག་རྟེན་དབང་པོའི་སྐུའི་ཏིང་ངེ་འཛིན་ལས་སྒྲོལ་མ་དང་གོས་དཀར་མོ་སོགས་བྱུང་གསུངས་ཤིང་། རྣམ་སྣང་མངོན་བྱང་འགྲེལ་པར་ཁྲོ་གཉེར་གྱི་རྒྱུད་ལས་ཁྲོ་གཉེར་ཅན་བྱུང་གསུངས་ལ། ཟ་མ་ཏོག་ལས་བ་སྤུ་རེ་རེར་ཡང་ཏིང་ངེ་འཛིན་མང་པོ་ཡིད་པར་གསུངས་ཏ། བ་སྤུ་རེ་རེ་སྒྲུབ་བྱེད་ཀྱི་ཏིང་ངེ་འཛིན་གྱི་སྟེང་གི་འགྲོ་འདུལ་གྱི་ཕྲིན་ལས་ཀྱང་མཐར་ཐུག་པ་མེད་དོ། །དེའང་ཀ་ན་ཀ་དང་། ཉི་མའི་འོད་དང་། བདུད་རྩི་དང་། རྡོ་རྗེའི་སྒོ་དང་། ཀྲིཥྞ་དང་། སྨན་ཆེན་པོ་སོགས་བ་སྤུའི་ཁུང་བུ་རྣམས་ན། ཨིནྜ་ནཱི་ལ་ལ་སོགས་པ་རིན་པོ་ཆེའི་རང་བཞིན་གྱི་རི་བོ་ཤིན་ཏུ་རྒྱ་ཆེ་ཞིང་ལྷུན་མཐོ་བརྩེ་མོ་སྣ་ཚོགས་ཅན། ངོས་རྣམས་ལྷའི་ནོར་བུ་རིན་པོ་ཆེའི་སྐྱེད་མོའི་ཚལ་གྱིས་བརྒྱན་པ། སིལ་སྙན་གྱི་སྒྲས་ཁྱབ་པ་དང་། ལྷའི་གཞལ་མེད་ཁང་ཤིན་ཏུ་བཟང་ཞིང་ལྟ་ན་སྡུག་ལ་རྣམ་པ་སྣ་ཚོགས་པ། ལྷའི་རིན་པོ་ཆེའི་འོད་ཀྱིས་སྣང་བར་བྱས་པ། ནོར་བུ་དང་། མུ་ཏིག་གི་ཆུན་འཕྱང་དང་སེ་མོ་དང་། དར་གྱི་ལྡ་ལྡི་དང་། གསེར་གྱི་དྲིལ་བུའི་དྲྭ་བས་བརྒྱན་པ། གསེར་གྱི་ཐེམ་སྐས་ཅན་མཆོག་ཏུ་དགའ་བར་བྱེད་པ་མང་

TN03_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༩)།པོ་དང་། འཆག་ས་དང་སྐྱེད་མོའི་ཚལ་རྣམས་ན་དཔག་བསམ་གྱི་ཤིང་ཁང་པ་བརྩེགས་པ་ལྟ་བུ་ལ་ལྷའི་གོས་དང་རྒྱན་དང་དྲིལ་བུ་འཕྱང་བའི་ནགས་ཚལ་དང་། སྤོས་ཀྱི་ཤིང་གྲངས་མེད་པས་དཀྲིགས་ཤིང་། ལ་ལ་ཆུ་ཡན་ལག་བརྒྱད་དང་ལྡན་པས་གང་། ལ་ལ་ཆུ་དང་མེ་ཏོག་གིས་གང་བའི་རྫིང་བུ་འབུམ་ཕྲག་མང་པོས་མཛེས་པ། དེ་དག་གི་མེ་ཏོག་ཀྱང་ཨུཏྤལ་དང་པདྨ་དང་ཀུ་མུ་ཏ་དང་། པུནྜ་རི་ཀ་དང་། མནྡྷ་ར་བ་དང་། མནྡྷ་ར་བ་ཆེན་པོ་སོགས་སྣ་ཚོགས་པ། རིན་པོ་ཆེ་ཤ་རི་ད་ཀ་ཞེས་བྱ་བ་དང་མེ་ཏོག་པདྨ་ལྟར་སྣང་བ་ཞེས་བྱ་བ་སོགས་བསམ་དགུ་འབྱུང་བའི་ནོར་བུ་རིན་པོ་ཆེའི་ཁྱད་པར་ཡོད་པ། དྲང་སྲོང་མངོན་ཤེས་ཐོབ་པ་དང་། ལྷ་དང་དྲི་ཟ་དང་མི་འམ་ཅི་དང་དྲི་ཟའི་བུ་མོ་དམ་པའི་ཆོས་ཀྱི་དགའ་བའི་ཟས་ཅན་གྲངས་མེད་པ་དང་། རྗེ་བཙུན་གྱི་རྗེས་སུ་སློབ་པའི་བྱང་སེམས་ཕྱིར་མི་ལྡོག་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་ལ་ལ་ནི་བསམ་གཏན་བྱེད། ལ་ལ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་གཏམ་བྱེད་ཅིང་གནས་པ། བྱ་དང་རི་དྭགས་རྣམས་ཀྱང་མདོ་སྡེ་ཟ་མ་ཏོག་རྗེས་སུ་དྲན་པར་བྱེད་པ། རྗེ་བཙུན་གྱི་མཚན་དྲན་པ་ཙམ་གྱིས་ལྷའི་ཟས་རོ་མཆོག་དང་ལྡན་པ་དང་ལྷའི་གོས་སོགས་ལྷ་རྫས་ཀྱི་ལོངས་སྤྱོད་འབྱུང་བ་སྟེ། རྗེ་བཙུན་སྤྱན་རས་གཟིགས་ཡི་གེ་དྲུག་པའི་རིག་སྔགས་ཀྱི་མིང་གིས་རྗེས་སུ་དྲན་ན་

TN03_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༠)བ་སྤུའི་ཁུང་བུ་དེ་དག་ཏུ་སྐྱེའོ། །སླར་འཁོར་བར་མི་འཁོར་རོ། །བ་སྤུའི་ཁུང་བུ་ནས་བ་སྤུའི་ཁུང་བུར་འགྲོ་སྟེ། མྱ་ངན་ལས་འདས་པ་ཐོབ་ཀྱི་བར་དུ་དེ་དག་ན་གནས་པར་འགྱུར་བར་གསུངས་སོ། །སྤྱན་རས་གཟིགས་ཀྱི་སྤྱོད་ཡུལ་འདིའི་སྤྱོད་ཡུལ་ཞེས་པ་ནི་མངོན་སུམ་གྱི་སྤྱོད་ཡུལ་ལྟ་བུ་ལ་མི་ཟེར་གྱི། སྤྱོད་ཡུལ་གྱི་གྲོང་ཞེས་པ་ལྟར་ཤས་ཆེར་མང་དུ་གནས་པའི་སྤྱོད་ཡུལ་ལོ། །འདྲ་བ་སངས་རྒྱས་རྣམས་ལའང་མེད་གསུང་པའི་དགོངས་པ་བརྟགས་ན། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་ལྟར་སངས་རྒྱས་ཀྱི་ལམ་འབྲས་མཐའ་དག་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཕྲ་རགས་ཐམས་ཅད་བསལ་ཆེད་ཁོ་ནར་བྱུང་བས་སྙིང་རྗེའི་རྩ་བ་ལས་འཕྲོས་པ་ཤ་སྟག་ཡིན་ལ། སེམས་ཅན་གྱི་ནང་ནས་ཀྱང་སེམས་ཀྱི་རྒྱུད་ཚིག་ཅིང་ཉེས་སྤྱོད་རྒྱུ་འབྲས་ཀྱི་སྟོབས་བདོ་བ་རྣམས་ཕྱག་མཚན་གཙོ་བོར་བཞེས་ནས་སྒྲོལ་བའི་ཁུར་བསྣམ་པ་ནི་སངས་རྒྱས་ཀྱི་ནང་ནའང་ལྷང་ངེར་འཕགས་པ་ཡིན་ཏེ། བྱ་དཀའ་བ་ལྷག་པར་མཛད་པའི་ཕྱིར་ཏེ། ཤཱཀྱའི་རྒྱལ་པོ་པད་དཀར་ལྟ་བུར་བསྔགས་པའི་རྒྱུ་མཚན་གྱིས་ཤེས་སོ། །འཕགས་པ་འདི་ས་དང་པོ་ཐུགས་བསྐྱེད་དུས་ནས་རང་དོན་ཡིད་བྱེད་ཀྱི་དྲི་མས་མ་སྦགས་པའི་སྙིང་རྗེ་ཆེན་པོ་དང་། དེའི་ནང་ནས་ཀྱང་དམིགས་མེད་ཀྱི་བརྩེ་ཆེན་རབ་མཐའི་བསམ་གཏན་ལ་བརྟེན་པའི་རྣལ་འབྱོར་ཉིད་རྩལ་འདོན་གྱིས་ལྷུར་མཛད་ཚུལ་དང་། དེའི་སྟེང་ནས་

TN03_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༡)མ་དག་པའི་ཞིང་གི་འགྲོ་བ་ལས་ཀྱང་ནས་བཀྲབ་སྙིགས་ཀྱི་བྲ་ཡིག་ཕྱག་དར་དུ་བོར་བ་ལྟར་ཅིར་མི་རུང་གི་སེམས་ཅན་ལས་ངན་འཇིགས་པ་དང་སྡུག་བསྔལ་གང་ཆེ་ཆེ་ཐུ་ཐུ་རྣམས་གཙོ་བོར་དང་ལྷག་པར་རྗེས་སུ་འཛིན་པའི་ཐུགས་བསྐྱེད་སྨོན་ལམ་གྱི་ཤུགས་སྦྱང་ཚུལ་དང་དེ་ཐུགས་དམ་གྱི་གཙོ་བོར་བཞེས་པ་འདྲ་བ་བྱང་སེམས་གཞན་ལ་དཀའ་བར་མ་ཟད། དེ་བཞིན་གཤེགས་པ་ལས་ཀྱང་ལྷག་ཚུལ་ཤཱཀྱའི་དབང་པོ་བསྔགས་པའི་ཚུལ་དེས་ཤེས་པས། གང་དང་ཡང་མི་མཉམ་པར་བསྔགས་པ་སྟེ། འདི་འདྲ་མི་འཁྲུགས་པའི་སྤྱོད་པ་འདྲ་བས་སངས་རྒྱས་སྟོང་དང་རིན་ཆེན་ཏོག་སོགས་ལ་མེད་པར་གསུངས་པ་ལྟ་བུ་གཞན་ཡང་སྣང་ངོ་། །ད་དུང་བཤད་ན། མནར་མེད་སོགས་སྡུག་བསྔལ་གང་ཆེ་གདུལ་གང་དཀའ། སྐལ་བ་གང་ངན་གྱི་འགྲོ་བ་རྣམས་ལ་ལྷག་པར་བརྩེ་བས་རང་ཉིད་སྙིང་རྗེ་ཆེན་པོའི་རིག་སྔགས་ཀྱི་ལྷར་ཞལ་གྱིས་བཞེས་ཏེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་སྐྱོབ་པའི་སྙིང་རྗེ་དང་སྙིང་རྗེའི་སྤྱོད་པ་མཐའ་དག་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མཐུ་བསམ་གྱིས་མི་ཁྱབ་པའི་རིག་སྔགས་ཀྱི་ཡི་གེར་བྱིན་གྱིས་བརླབས་ཏེ། དེའི་སྒོ་ནས་སྨོས་མ་ཐག་པའི་སེམས་ཅན་ལས་ངན་རྣམས་ཀྱི་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་མིག་འཕྲུལ་བཤིགས་པ་ཙམ་དུ་མྱུར་ལ་ཚེགས་ཆུང་ངུས་ཞི་བར་མཛད་

TN03_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༢)ཅིང་། བདེ་བ་ཅན་དང་གྲུ་འཛིན་ལ་སོགས་པར་བཙན་ཐབས་སུ་འདྲེན། དེའི་ཆེད་དུ་བྱིས་པ་གཞོན་ནུ་ནི་རྟག་ཏུ་སྤྱོད་པའི་གནས་རྩེ་མོ་བྱེད་པའི་ནང་ཁོ་ན་ཡིན་པ་ལྟར་ཤས་ཆེར་མང་དུ་བཞུགས་པའི་གནས་ངན་སོང་སོགས་གང་དང་གང་ན་སེམས་ཅན་ཕོངས་ཤིང་སྡུག་བསྔལ་བ་གནས་པ་རྣམས་ལ་མཛད་པ་དང་། ཚུལ་དེས་སྐད་ཅིག་རེར་ཡང་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་ཁམས་རྣམས་སུ་ཆུའི་ཟླ་བ་པད་དཀར་དུ། ཐབས་དང་ཡེ་ཤེས་ཡངས་པ་བསླབ་པས་ན། །ཕྱོགས་བཅུའི་འགྲོ་བ་མང་པོ་ཐམས་ཅད་དང་། །མ་ལུས་ཞིང་ཀུན་ཏུ་ཡང་རབ་ཏུ་སྣང་། །ཞེས་སོགས་ལྟར་བཞུགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལྟར་དང་། འཇིག་རྟེན་གྱི་ཁམས་རེ་རེའི་རྡུལ་ཕྲ་རབ་རེ་རེར་ཡང་མཐའ་དང་དབུས་མེད་པའི་འཇིག་རྟེན་དང་དེ་རེ་རེར་ཡང་སྤྲུལ་པའི་སྤྲིན་ཚད་མེད་པ་སོགས་དེ་དག་བྱང་སེམས་གཞན་ལས་ཀྱང་ཤས་ཆེར་མང་དུ་གནས་པས་འཕགས་ལ་མཆོག་ཟུང་ལྟ་བུ། སྔོན་གྱི་རྗེས་སུ་འབྲང་བའི་དབང་གིས་དེ་བཞིན་གཤེགས་པ་ལས་ཀྱང་ལྷག་ཚུལ་སྔ་མ་བཞིན་ནོ། །དེའི་སྟེང་ནས་དཔྱད་ན། མ་ི་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་པོ་དམ་པ་ཡིན་པས་སུས་ཀྱང་མི་ཤེས། དེ་བཞིན་གཤེགས་པས་ཀྱང་མི་མཁྱེན་ཞེས་བསྐའ་སྩལ་བའི་དགོངས་པའང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་རྟོགས་རིགས་ཀྱི་དབང་དུ་བཏང་ན་ཤེས་རབ་ལས་ཀྱང་སྙིང་རྗེ་ཆེན་པོ་གཙོ་སྟེ། བླ་མེད་

TN03_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༣)བྱང་ཆུབ་ལས་ཕྱིར་མི་ལྡོག་གི་རྟགས་ཐོབ་མཚམས་ཡང་རང་དོན་ཡིད་བྱེད་ཀྱི་གོ་སྐབས་བཅོམ་པའི་གཞན་ཕན་གྱི་སེམས་རང་གི་ཐོག་ནས་བཞག་འདུག་པ། བླ་མེད་བྱང་ཆུབ་བྱ་བ་དེ། སློབ་དཔོན་སེང་བཟང་ཞབས་ཀྱིས། སྡུད་པའི། བདག་གི་བདེ་བ་བཏང་ནས་རེ་བ་མེད་སེམས་ཀྱིས། །ཞེས་པ་ལ་སྦྱར་བ་ལྟར་ཡིན་པས་སོ། །དེས་ན་སྙིང་རྗེ་ཆེན་པོ་ཇི་ལྟ་ཇི་ལྟར་ཕུལ་བྱུང་དང་ཁྱད་པར་ཅན་དུ་སྐྱེས་པ་དེ་ལྟ་དེ་ལྟར་དེའི་རྟེན་ཅན་གྱི་སྤྱོད་པ་མཐའ་དག་ཕུལ་བྱུང་དང་ཁྱད་པར་ཅན་དུ་སྐྱེ་བ་ཆོས་ཉིད་ཡིན་པས་གོང་ལྟར་རྗེ་བཙུན་གྱིས་སྙིང་རྗེ་ལ་སྒྲུབ་པ་ཉམས་ལེན་ནམ་སྒོམ་པའི་སྦྱོར་བ་བསྟེན་པ་འདྲ་བ་རྒྱལ་སྲས་གཞན་ལ་མེད་བྱས་དུས། དེའི་བྱང་ཆུབ་ཀྱི་སྤྱོད་པ་ཅི་ཙམ་རླབས་ཆེ་བ་དེ་ཙམ་དུ་རླབས་ཆེ་བའི་སྤྱོད་པ་རྒྱལ་སྲས་གཞན་ལ་མེད་ཅེས་པར་ཡང་འགྱུར་རོ། །མ་ི་ཕྱིན་དྲུག་གི་ངོ་བོ་ཉིད་ཡིན་ཞེས་པའི་ཕྱིན་དྲུག་ནི་ཕར་ཕྱིན་དྲུག་ཡིན་ཚད་ལ་མི་བྱེད་ཀྱི། །ཐུགས་རྗེ་ཆེན་པོའི་ཐུགས་རྒྱུད་ཀྱི་དེ་དག་ལ་བྱེད་པས་ཕྱིན་དྲུག་ལ་རིང་དུ་སྤྱད་པའི་རྒྱལ་སྲས་རྣམས་ཀྱིས་ཀྱང་མ་ིའི་སྔགས་དོན་གྱི་གཏིང་སླེབས་པར་དཀའ་བ་མི་འགལ་ལོ། །འདི་བཞིན་བྱས་ན། འདི་ནི་རྣལ་འབྱོར་དཔག་ཏུ་མེད་པའི་ཕྱིར་སྒྲུབ་དཀའ་བའོ། །ཞེས་པའང་བཤད་བདེ། ཚུལ་འདི་གདུལ་བྱ་ལ་བསྟན་ཆེད་སྒྲིབ་སེལ་

TN03_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༤)ལྟ་བུས་ཀྱང་མ་ི་ལ་སྒོམ་ཚུལ་དང་དེའི་ཆེད་དུ་འོ་བརྒྱལ་མཛད་སྣང་། འདི་ནི་ནོར་བཟངས་ཀྱི་བླ་མ་རྣམས་ཀྱིས། དེ་དག་གི་སྤྱོད་པ་ཤེས་པའམ་ཡོན་ཏན་བརྗོད་པར་ནུས་རེ་སྐན། ཞེས་གསུངས་པ་དང་ཚུལ་མཐུན། དེའི་འགྲེལ་ཀྱིས་མ་ིའི་དེ་ཉིད་ལ་དེ་བཞིན་གཤེགས་པ་མང་པོའི་རྣམ་ཐར་ལས་ཀྱང་ལྷག་པའི་སྒོས་ཆོས་བཤད་ཟིན་ལྟར་ཡོད་པས། འཕགས་པ་ཁོ་རང་གིས་མ་གནང་བར་དུ་ཡིག་དྲུག་རང་དབང་དུ་སྦྱིན་པར་སངས་རྒྱས་ཉིད་ཀྱིས་ཀྱང་མི་སྤྱོད་པས་སངས་རྒྱས་པདྨ་དམ་པ་དེ་བཞིན་གཤེགས་པར་གྱུར་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་མང་པོར་ཡིག་དྲུག་འཚོལ་དུ་གཤེགས་པར་བསྟན་ཏེ། སྒྲིབ་སེལ་ཁྱོད་ཀྱིས་ཀྱང་འཕགས་པ་མཉེས་ཕྱིར་མ་ིའི་ཆོས་སྨྲ་བ་ངན་ངོན་ལྟར་སྣང་བ་ལ་ཡང་ང་རྒྱལ་དང་བརྙས་སེམས་རྣམ་པ་ཐམས་ཅད་དུ་བཅོམ་པའི་གུས་པ་ཆེན་པོ་བསྐྱེད་དེ་ཉོན་ཞེས་པ་སྟེ། འདིས་ནི་འདིའི་ཆོས་དང་བླ་མ་ལ་མི་གུས་པ་ལ་མ་ི་མ་སྦྱིན་ཅིག །ཅེས་པ་དང་། གུས་པ་མེད་པས་རིག་སྔགས་ཀྱི་རྒྱལ་མོ་མི་འགྲུབ་ཅེས་དང་། འདི་སྟེར་བའི་བླ་མའི་ཕྱོགས་སུ་དཀའ་སྤྱོད་ཅི་ཙམ་བྱས་པ་དེ་ཙམ་དུ་འདིའི་སྣོད་དུ་འགྱུར་ཞེས་བསྟན་པར་འགྱུར་ཏེ། རྗེ་བཙུན་ཉིད་ཀྱིས་པདྨའི་བླ་མ་ལ་ཕུལ་སྐབས་ན། མ་དད་པ་རྣམས་ལ་སྦྱིན་པར་མི་བྱ། ཞེས་གསུངས་པ་དང་། སྒྲིབ་

TN03_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༥""སེལ་ཁོར་མོ་འཇིག་གི་ཆོས་སྨྲའི་དྲུང་དུ་བྱོན་ཐད་ན། བྱང་ཆུབ་སེམས་དཔའ་འདིས་དཀའ་བ་མང་པོ་སྤྱད་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་བྱིན་ཅིག །ཅེས་གསུངས་སོ། །དེ་དག་གིས་ནི། ཀྱེ་མའོ་བླ་ན་མེད་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་ནི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་ཞུས་ཀྱང་ཐོབ་དཀའ་བའོ་སྙམ་དུ་ཕྱི་མའི་སྐྱེ་བོ་རྣམས་གུས་པ་ཆེར་བསྐྱེད་པར་མཛད་དོ། །ཇོ་བོ་རྗེས་ང་ལ་ཡོན་ཏན་ཅི་ཡང་མེད་གསུངས། འདི་དང་འདི་འདུག་པ་ཞུས་དུས་དེ་བླ་མའི་དྲིན་ཡིན་གསུངས་པ་ལྟར་འདི་ངས་ཤེས་པ་མིན་གྱི། བླ་མའི་དྲིན་ལས་ཤེས་པས་ཁྱོད་ཀྱང་བླ་མའི་ཕྱིར་དཀའ་སྤྱད་གྱིས་ཞེས་བཤད་ཀྱང་ལོ་མ་ཙམ་སྟེ། སྔ་མ་བཟང་སྙམ། གོང་སྨོས་ཀྱི་ཕྱིན་དྲུག་རླབས་པོ་ཆེ་རྣམས་དམིགས་མེད་ཀྱི་བརྩེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་སྟེང་དུ་འདྲིལ་བའམ། ཕྱིན་དྲུག་དེ་རྣམས་བསྡུས་པའི་རང་བཞིན་གྱི་བརྩེ་ཆེན་ནི་ཡི་གེ་དྲུག་པོ་སྔགས་གཅིག་ཏུ་ཚོགས་པའི་རིག་སྔགས་ཀྱི་རྒྱལ་མོའི་དེ་ཉིད་ཡིན་ལ། དེ་འདྲའི་བརྩེ་ཆེན་དེ་ལ་ནི་ཤེར་ཕྱིན་མས་ཀྱང་ཕྱག་མཛད་དེ། ཤེར་ཕྱིན་སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱི་ཡུལ་དུ་འགྱུར་བ་ནི་དེ་མགོན་དུ་ཐོབ་པའི་མཐུ་དང་དྲིན་ཡིན་པའི་ཕྱིར་རོ། །དེས་ན་ཡི་གེ་དྲུག་མ་ལ་རྒྱལ་བའི་ཡུམ་གྱིས་ཀྱང་ཕྱག་འཚལ་བར་གསུངས། འཕགས་པའི་བ་སྤུ་

TN03_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༦)གཅིག་གི་བསོད་ནམས་ཀྱི་ཚད་བཤད་ནས་དེ་འདྲ་སངས་རྒྱས་ལའང་མེད་གསུངས་པའང་། དེའི་བ་སྤུ་གཅིག་འགྲུབ་བྱེད་ཀྱི་བསོད་ནམས་ལ་དགོངས་པ་མིན་ནམ་སྙམ་སྟེ། བསོད་ནམས་དེ་བས་ཆེས་ཆེ་བ་རྩེ་སྦྱོར་ཐོབ་པའི་བྱང་སེམས་ཕལ་ཆེར་ལའང་ཡོད་པར་བཤད་པས་སོ། །དེས་ན་ཚེ་མདོ་ལ་བསྐྱེད་པའི་བསོད་ནམས་ལ་ཚེ་མདོའི་བསོད་ནམས་ཟིལ་གྱིས་གནོན་ཞེས་པ་སྟེ། གོང་དུ་བཤད་པའི་ཚུལ་གྱིས་སེམས་ཅན་ལ་ཕན་འདོགས་པ་ཆེ་བའི་ངོས་ནས་སངས་རྒྱས་ལས་ཀྱང་ལྷག་ཚུལ་ཡོད་པའི་ཕྱིར་ཏེ། དེས་ན་ཕན་འདོགས་ཀྱི་ཞིང་ལ་ལྟོས་ནས་བཞག་པའོ། །མ་ི་འདོན་པའི་མདུན་དུ་དེ་བཞིན་གཤེགས་པ་མང་པོ་འདུ་བར་གསུངས་པའི་རྒྱུ་མཚན་ནི། སྡུད་པའི། མ་ཞིག་ན་བར་གྱུར་པའི་སོགས་དང་། པདྨའི་མཆོག་གིས་ཐག་རིང་དུ་བཙལ་ཞིང་ཆོས་ཀྱི་དགའ་བ་སྩལ་བ། སྒྲིབ་སེལ་གྱིས་བདུད་རྩི་ཐོབ་ན་རོ་མྱང་བས་ཆོག་མ་འཚལ་ཞེས་ཆོས་ཀྱི་མཆོད་པ་ཆེན་པོ་མཛད་དུ་ཕེབས་པ། །སྟོན་པས་ཀུན་དགའ་བོ་ལ་བྱང་ཆུབ་ལན་ལག་གསན་པ། དམ་ཆོས་པད་དཀར་གསན་ཆེད་རིན་ཆེན་མང་བྱོན་པ་སོགས་མང་པོས་དཔྱོད། གཙོ་བོར་དང་པོ་བྱིན་གྱིས་བརླབས་ཚུལ་གྱིས་ཡིན་ཏེ། །དེ་དག་གི་དེ་གཙོ་བོའི་མཐུ་ཞེས་སོ། ༈ །ཡིག་དྲུག་འབྱུང་བར་སྦྱར་བ་

TN03_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༧)།ལ། ཕྱིའི་ས་ཆུ་མེ་རླུང་དང་། ནང་ལུས་འབྱུང་དང་། གསང་བ་སེམས་ཀྱི་ཆ་ལ་སྦྱར་བ་སོ་སོར་ཡོད། གདོན་སྲུང་བ་ལ་ཡི་གེ་དྲུག་པོ་གོ་རིམ་བཞིན་དུ། ལྷའི་གདོན་དང་མོ་གདོན། རྒྱལ་འགོང་། ས་བདག་གི་གདོན། བདུད་དང་གཤིན་རྗེ། གནོད་སྦྱིན་དང་གཟའ་རྣམས་ཐུབ་པའི་སྲུང་བ་ཡིན། ནད་འདོན་ལ་འདུས་པ། ཚད་པ། རླུང་། བད་ཀན། གྲང་བ། མཁྲིས་པའི་ནད་རྣམས་ཡུལ་འདོན་ཏེ་གོ་རིམ་བཞིན་ནོ། །དེའང་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་དེ་ལྟར་ནད་འདོན་དུ་བྱིན་གྱིས་བརླབས་ཚུལ་ཤེས་ནས་ཐེ་ཚོམ་སྤང་ལ། དེ་རྩལ་དུ་བཏོན་པའི་སྟེང་ནས་ལས་རུང་རྙེད་རྙེད་དུ་སྒོམ་བཟླས་བརྩོན་ན་ནད་ཞི་བ་ལ་རྩལ་འཐོན་ཏེ། སྣ་ཚོགས་ནོར་བུ་བཞིན་ནོ། །བྱང་གཏེར་ལས་ཕྲིན་ལས་བཞིའི་སྦྱར་བ་སོགས་ཀུན་ལ་དེ་ལྟར་ཤེས་པར་བྱའོ། །མད་གདོན་ལ་སྦྱར་བ་འདི་དང་བཀའ་འབུམ་ལས་ཚོགས་ཀྱི་ནད་གདོན་དྲུག་ལྟོ་སྦྱར་ན་ཡིད་ཚིམ་ཐུབ་ཡོད། ཡུལ་ཀ་ལ་སྦྱར་ན། ཨོཾ་ཡུམ་ཡི་གེ་དྲུག་མ། ལྷག་མ་ལྔ་སྤྱན་སོགས་ཡུལ་ལྔ་སྟེ། གསང་འདུས་སུ་ཡུམ་བཞིའི་ཕྲེང་སྔགས་བསྟན་པ་སོགས་དྲན་པར་བྱ། ཡང་ཨོཾ་དེ་བཞིན་ཏེ་ཐམས་ཅད་མཁའ་འགྲོ། མ་སངས་རྒྱས་མཁའ་འགྲོ་སོགས་མཁའ་འགྲོ་རིགས་ལྔ་སྟེ། མཁའ་འགྲོ་མའི་བརྡ་སྐ་བྱིན་རླབས་འབེབས་པའི་

TN03_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༨)སྔགས་ཡིན་གསུངས། དེའང་ཡུལ་ཡི་གེ་དྲུག་མའི་སྔགས་ཀྱི་འོད་ཟེར་གྱིས་གནས་ཉེར་བཞི་དང་། དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་མ་རྣམས་གནད་ནས་བསྐུལ་ཏེ། རང་དབང་མེད་པར་ཤིང་ལོ་སྐམ་པོ་རླུང་གིས་ཁྱེར་བ་ལྟར་བཀུག །བྱ་ནག་མོའི་ཁྱུ་འདྲོགས་པ་ལྟར་མདུན་དུ་གར་དང་སྟངས་སྟབས་སྒྱུར་ཞིང་སྤུངས་སེ་བྱོན་ནས་བྱིན་རླབས་དངོས་གྲུབ་ཐོགས་མེད་དུ་རྩོལ་བར་བསམ་པ་བཀའ་འབུམ་སྔ་དུམ་སུམ་ཅུ་སོ་གཅིག་ན་ཡོད་ཅིང་། ད་དུང་ཡོད། ༈ ནད་འདོན་དུ་བསྔགས་པ་ནི། ནད་ནི་རྣམ་འཚེའི་ལས་འབྲས་ཡིན་ལ་སྙིང་རྗེའི་རྣམ་པར་མི་འཚེ་བའི་ལས་ཅན་ནོ་ཞེས་མངོན་པ་ལས་འབྱུང་བས་སྙིང་རྗེའི་ལྷ་མཆོག་ཡིན་པའི་རྒྱུ་མཚན་གྱིས་ཏེ། ཇོ་བོའི་ལོ་རྒྱུས་ན་རྣམ་འཚེ་སྤངས་པས་སྙུན་དང་བྲལ་བའི་ཆེ་བ་ཞེས་པ་དང་གནད་གཅིག །དེས་ན་ནད་འདོན་གཙོ་བོར་བྱེད་ན་སྙིང་རྗེའི་དག་དྲན་གཙོ་བོར་བྱ་དགོས། ༈ །ཕྱག་རྡོར་དྲང་སྲོང་གི་ཚུལ་བཟུང་ལོཀྟྲི་པ་ལ་ལྟ་བུ་ཡོད་ཀྱང་། རྩ་བའི་སྤྲུལ་སྐུ་གནོད་སྦྱིན་སྟོབས་པོ་ཆེའི་གཟུགས། རྗེ་བཙུན་ཐུགས་རྗེའི་གཏེར་ནི་གཙོ་བོར་རིག་སྔགས་འཆང་གྲུབ་པའི་ལྷའི་དྲང་སྲོང་ཕན་འདོགས་ནུས་པའི་གཟུགས་ཅན་ཏེ་རི་དྭགས་པགས་པ་རལ་པའི་ཅོད་པན་དང་། བགྲང་ཕྲེང་ཞེས་པ་ནས། དྲང་སྲོང་གཟུགས་ཀྱིས་ཕྱོགས་རྣམས་ཀུན་ཏུ་རྒྱུ། །ཞེས་བླ་མ་

TN03_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༩)།གསུང་། ཕྲེང་བའམ་བགྲང་ནོར་བསྣམས་པའང་དེ་ལྟར་རོ། །ཆ་བྱད་འགའ་དྲང་སྲོང་དང་བསྟུན་ཡང་ཐམས་ཅད་མཐུན་མི་དགོས། རིག་སྔགས་ནི་འདིར་ཤེས་རབ་སྙིང་རྗེ་སྟེ། མན་ཏྲ་ཡ་ཞེས་ཡིད་སྐྱོ་བ། ༈ །མ་ིའི་སྲུང་གུར་དང་གནས་ཁང་བྱིན་དབབ་བྱེད་ན། ངོས་བཞི་དང་སྟེང་འོག་རྣམས་འབྲུ་དྲུག་གི་རྣམ་པར་ལྟ་བ་བཀའ་གདམས་ཕ་ཆོས་ལྟར། ༈ །ཡིག་དྲུག་འབྱུང་བཞིར་སྦྱར་ལུགས་བཀའ་འབུམ་ན་བཞུགས་པ། དཔལ་མཆོག་ཏུ་འཕགས་པ་ཉིད་སའི་ལྷ་དང་ཆུའི་ལྷར་བཞེངས་པ་སོགས་བཤད་པ་དང་བསྒྲིགས་ནས་དེ་དག་གི་སྔགས་སུ་ཡང་འགྱུར་ལུགས་ཡོད་པར་ཤེས་ཆོག །དེའི་སྟེང་ནས་ཡིག་དྲུག་ལས་ས་རླུང་རྙེད་ན། ས་བཅུད་དང་ཆུ་བཅུད་གསོ་བ། ས་ལ་དབང་སྒྱུར་བ། ཆར་དབབ་པ། ཆུ་དང་རྩི་ཐོག་ལ་ཕན་པའི་རླུང་དགུག་ཅིང་། དུག་ལྡན་གྱི་རླུང་ཞི་བར་བྱ་བ་སོགས་འབྱུང་བཞིའི་གནོད་པ་ཞི་ཞིང་དངོས་གྲུབ་བྱེད་ཚུལ་མང་པོ་ཡོང་བར་གསལ། ༈ རིག་འཛིན་ཞི་བར། རིགས་ལྔའི་དབུ་རྒྱན་གྱི་གཙོ་བོ་རྣམ་སྣང་། སྤྱི་བོར་རིགས་བདག་ཚེ་དཔག་མེད་རེད། དེའི་རིགས་པས་ཡི་དམ་ཞི་བར་ཡང་རྣམ་སྣང་སོགས་ཀྱིས་རྒྱས་བཏབ་ཀྱང་། རིགས་བདག་འོད་དཔག་མེད་སྒོམ་རུང་ངམ་སྟེ། དཔལ་འདུས་སུའང་མི་བསྐྱོད་པ་སོགས་ཀྱིས་དབུ་བརྒྱན་ཡང་རིགས་བདག་སྣང་མཐས་མཛད་

TN03_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༠)པ་ལྟ་བུ། ༈ །སྲོང་བཙན་སྒམ་པོའི་ངའི་དབོན་སྲས་རྣམས་ཀྱིས་ལྷ་ཁང་བཞེངས་ནའང་ངའི་ར་ས་ལ་ས་རྡོ་ཤིང་གསུམ་གྱི་ཕུད་བསྐྱལ་ནས་བཞེངས་ན་བར་ཆད་མེད་གསུངས་པ་ལྟར་བསམ་ཡས་བཞེངས་པའི་ཐོག་མར་བཟོ་ཕུད་ཕུལ། དེ་ནས་དང་པོར་ཨརྱ་པ་ལོའི་གླིང་རྩིག་ཅེས་སྒྲོལ་མས་ལུང་བསྟན་ནས་དེ་བཞེངས། གུ་རུ་རིན་པོ་ཆེ་སྲིན་ཡུལ་བཞུད་ཀའང་ཐུགས་རྗེ་ཆེན་པོའི་ལྷ་སྔགས་ཡི་དམ་མཐིལ་དུ་ཟུངས་ཤིག་པའི་ཞལ་གདམས་གནང་། རྗེ་འབངས་འདུས་པ་ཡོངས་ལ་ཐུགས་རྗེ་ཆེན་པོའི་ཆོས་ཀྱི་གཏད་རྒྱ་མཛད་དེ་སླར་བོད་ཡུལ་དུ་དེའི་སྒོ་ནས་ཕྲིན་ལས་བྱེད་པར་ལུང་བསྟན་ཅིང་བྱིན་གྱིས་བརླབས། གངས་བྲག་མཚོ་གསུམ་སོགས་འཕགས་པའི་ཆོས་གཏེར་གྱིས་གཏམས་དེ་ཁོ་ན་ལྟར་ཕྱིས་གཏེར་འདོན་དུས་ཀྱང་བླ་རྫོགས་ཐུགས་གསུམ་ཆ་ཚང་མ་ཐོན་ན་གཏེར་ཆེན་མིན་ཞེས་འབྱུང་བ་བཞིན་ཐུགས་རྗེ་ཆེན་པོའི་གདམས་སྐོར་རེ་མེད་པའི་གཏེར་ཁ་ཆེན་པོ་མི་སྣང་། གཏེར་སྟོན་རྣམས་ཀྱི་རྩ་བའི་ཐུགས་དམ་ཡང་ཕལ་ཆེར་འདི་ལ་མཛད་པ་གོང་འོག་གཉིས་དང་སངས་གླིང་སོགས་ཀྱི་རྣམ་ཐར་གྱིས་མཚོན་ནུས། མ་ིའི་བཟླས་རྒྱུན་སྤེལ་བ་དང་སྐྱེ་བདུན་བུམ་སྒྲུབ་སོགས་མ་ིའི་ཕྲིན་ལས་ཚད་བཟུང་མེད་པར་བསྐྱང་ཚུལ་ཡང་ཆོས་དབང་རིན་པོ་ཆེ་དང་། ཐང་སྟོང་རྒྱལ་པོ། འགྲོ་

TN03_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༡)འདུལ་ལས་གླིང་། རད་གླིང་། རྡོར་བྲག་རིག་འཛིན་སོགས་ཀྱི་ལོ་རྒྱུས་ལས་ཤེས། ས་གཏེར་ལ་མང་ཤོས་བླ་རྫོགས་ཐུགས་གསུམ་ཡིན་པའི་རྒྱུ་མཚན་དེས་གཏེར་སྲུང་རྣམས་ཀྱང་ཐུགས་རྗེ་ཆེན་པོ་ཞི་དྲག་གི་དཀྱིལ་འཁོར་དུ་ཞུགས་ཤིང་དམ་ཚིག་ནོད་པ་ཤ་སྟག་ཡིན་པར་ཤེས་ནུས། གཏེར་སྲུང་དེ་དག་ནི་བོད་ཀྱི་ས་བདག་ཆུ་བདག་ཆེ་ཤོས་རྣམས་སོ། །དེ་དག་ཐམས་ཅད་ཀྱང་བོད་སྤྱི་མཐུན་ལ་སྔགས་ཀྱི་ལྷའི་ནང་ནས་ལས་སྨོན་གྱི་འབྲེལ་བ་ཆེ་ལ་མང་ཤོས་ཐུགས་རྗེ་ཆེན་པོ་ཡིན་པའི་གནད་ལ་གཏུགས་དགོས། རྗེ་འབངས་ཐམས་ཅད་ལ་འཕགས་པའི་གདམས་སྐོར་གྱི་བཀའ་བབས་སུ་ལུང་བསྟན་མ་ཐོབ་པ་མེད་པ་དང་། ས་གཞི་ཐམས་ཅད་འཕགས་པའི་ཆོས་གཏེར་གྱིས་གཏམས་པར་ཅིས་འགྲུབ་ཅེ་ན། འདི་ལ་ལུང་ཁུངས་མང་པོ་ཡོད་མཆི་སྟེ་ད་རེས་དཔེ་མ་འབྱོར། འོན་ཀྱང་བླ་རྫོགས་ཐུགས་གསུམ་མི་ཚང་བའི་གཏེར་ཆེན་མེད་པ་དེ་ཀས་གསལ་བར་འགྲུབ། བིནྡྷུའི་རྟགས་ཅན་འདིར། བོད་འདིར་སྟོན་པའི་དམ་ཆོས་དར་བ་དང་དེ་ལ་བརྟེན་ནས་ཕན་བདེ་རྒྱ་འབྱུང་བ་ཐམས་ཅད་ཀྱི་རྩ་བའི་གླེང་གཞི་ལྟ་བུ་ནི་སྤྱིར་བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་ཞིང་འདི་སྔོན་ཡོངས་སུ་སྦྱང་བའི་ལག་རྗེས་ཀྱི་ཁོངས་སུ་ཚང་བ་སྨོས་

TN03_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༢)མི་དགོས་ཀྱང་། བྱེ་བྲག་ཏུ་ཡུལ་འདིའི་སྐྱེ་བོ་རྣམས་འཕགས་པ་དང་ལས་འབྲེལ་ཆེ་ལ་མང་བ་དང་། འཕགས་པས་དེ་རྣམས་ལ་ཤཱཀྱའི་རྒྱལ་པོའི་ཕྲིན་ལས་ཀྱི་ཆུ་བོའི་འོལ་ཁ་སྒྱུར་བའི་སྨོན་ལམ་དང་ཐབས་མཁས་པའི་ཁྱད་པར་ཉིད་དོ། །ཤཱཀྱའི་རྒྱལ་པོའི་བསྟན་པ་རྫིང་ཆུ། བོད་ཡུལ་ཞིང་ས། ཐུགས་རྗེ་ཆེན་པོའི་ལྷ་སྔགས་ཡུར་བ་རེད་པས་ཞིང་དུ་ཆུ་དཀོན་པོར་སོང་ན་ཡུར་བ་རྩ་ཤིང་རྡོ་གསུམ་མ་གུས་པ་དང་སྙོམ་ལས་སོགས། ལྟ་བུའི་འགག་རྟགས་རེད་པས་དེ་སྦྱང་བ་ལ་འབོད། དེས་ན་བོད་འདིར་དམ་ཆོས་མི་ནུབ་ཆེད་སྲུང་རིམ་གཞན་བྱེད་པ་ལས་མ་ིའི་སྒྲུབ་དང་ལས་སྦྱོར་རྣོ་བ་འདྲ་སྟེ། ཆོས་ཀྱི་དབུ་བརྙེས། སྲོལ་བཏོད། རྒྱས་པར་བྱེད་པ་སོགས་མགོ་འཇོག་ལུགས་ཀྱི་རྟེན་འབྲེལ་ལས་སོ། ༈ །རྣམ་པ་གཅིག་ཏུ་ན། རྒྱལ་བསྟན་བྱ་བ་ལུང་རྟོགས་ཡིན་གྱི་འར་རེ་འུར་རེ་ལ་མི་ཟེར། བོད་འདིར་རྒྱལ་བསྟན་སྤྱི་ཁྱབ་དེའི་ལམ་སྲོལ་འཛུགས་མཁན་དང་འབྱེད་བྱེད་སོགས་མ་ིའི་ལྷ་སྔགས་ཡིན་པའི་རྟེན་འབྲེལ་དེས་སྒོས་ཀྱི་བསྟན་པ་རང་རྒྱུད་ལ་དར་རྒྱས་འབྱུང་བའི་ཐབས་སུའང་མ་ིའི་རྣལ་འབྱོར་ཁོ་ན་ཟབ། དེས་ན་གསང་འདུས་ཀྱི་གོས་དཀར་མོའི་ཕྲེང་སྔགས་ཐད་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའི་ཆོས་ཀྱི་དངོས་གྲུབ་བཤད་པ་དང་འདྲ་བ་མ་ི་ལ་ཆོས་ཀྱི་དངོས་གྲུབ་སྒྲུབ་པར་

TN03_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༣)ཡིད་གཏོད་པར་བྱའོ། །བཀའ་གདམས་ཐིག་ལེ་བཅུ་དྲུག་ཏུ་བསྟན་པ་རྒྱས་པའི་ཆོ་གར་བསྔགས་པའང་དེ་ལྟར་རོ། ༈ །བ་སྤུའི་ཁུང་བུ་ཀྲིཥྞའི་བྱ་རི་དྭགས་དང་། རིན་ཆེན་རྣ་ཆའི་དྲི་ཟའི་བུ་མོའི་དང་། རྡོ་རྗེ་སྒོའི་མིའམ་ཅིའི་ཐད་ཀུན་ན་མ་ི་དྲན་པའི་མོད་ལ་བདེ་བའི་ཡོ་བྱད་ཐམས་ཅད་རང་འབྱུང་བར་གསུངས་པ་ལ་བརྟེན་ནས། སྒྲིབ་སེལ་གྱིས། ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་གི་མིང་དྲན་པ་ཙམ་ལ་ཡང་དེ་འདྲའི་མཐུ་ཡོད་ན། མདོ་དེ་ཉན་ཀློག་འཛིན་པ་སོགས་ལ་ལྟ་ཅི་སྨོས་ཞེས་ཆེད་དུ་བརྗོད། ཟ་མ་ཏོག་ཅེས་པ་རྣམས་ནི་མ་ི་ཉིད་དོ། ༈ །ཡང་ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོའི་མིང་ལན་གཅིག་བཟུང་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་ན་བཟའ་དང་། བཤེས་དང་། གཟིམ་ཆ་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པར་འགྱུར་རོ། །ཞེས་གསུངས། ཡང་ཡིག་དྲུག་ཟློས་པ་པོ་དེ་ལ་ནོར་བུ་རིན་པོ་ཆེ་འཛིན་པ་དང་། དམྱལ་བ་དང་བྱོལ་སོང་སྐེམ་པ་དང་། རྡོ་རྗེའི་གོ་ཆ་དང་། རྐང་པ་ཤིན་ཏུ་གནས་པ་དང་། ཐབས་མཁས་པ་ཐམས་ཅད་དང་། བསམ་གཏན་གྱི་རྒྱན་དང་། ཆོས་ཀྱི་ཤིང་རྟ་ལ་འཇུག་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྟོན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བ་ལ་

TN03_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༤)སོགས་པ་ཏིང་ངེ་འཛིན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །ཞེས་གསུངས། ༈ །ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་གནད་ཆེ་ཤོས་ཞི་མཐའ་འགོག་བྱེད་རྣམས་ཡིན་པས་བྱང་སེམས་ཀྱིས་དེ་ལ་གཙོ་བོར་འཛིན་དགོས་ཤིང་། ལུང་ལས། འཆག་པས་ཐོབ་པའི་ཏིང་ངེ་འཛིན་ནི་རིང་དུ་གནས་སོ་ཞེས་པ་ལྟར། དེའི་ནང་ནས་ཀྱང་གཙོ་ཆེར་རམ་ཤས་ཆེར་སེམས་ཅན་གདུལ་གང་དཀའ། བསྐྱབ་གང་དཀའ། ལས་སྒྲིབ་གང་འཐུག །སྡིག་སྟོབས་གང་ཆེན་རྣམས་ཁོ་ན་ལ་ཀྱོག་པའི་ཤིང་ལ་སྲོང་བའི་ཚུལ་བཞིན་དམིགས་ཕུག་སྟེ་ཐབས་ཤེས་ཀྱི་ལམ་ཐམས་ཅད་ཆེད་གཏད་ཀྱིས་དུས་མཐའ་ཡས་པར་རྩལ་སྦྱང་བ་ནི་མགོན་མེད་ཀྱི་འགྲོ་བ་རྗེས་འཛིན་གྱི་རྩལ་ཐོན་ཕྱོགས་དང་། རྣོ་ནུས་སྐྱེ་ཕུལ་གཞན་དང་ཁྱད་ཞུགས་པ་ཡིན། བྱང་སེམས་ན་མཉམ་ལའང་དེ་འདྲའི་ཁྱད་འོང་བ་ནི་འགལ་ཏེ། ཉན་ཐོས་དགྲ་བཅོམ་ཡིན་མཉམ་ལའང་མཆོག་ཟུང་འགྲན་མེད་དུ་གསུངས་པ་བཞིན་ནོ། །ཕལ་ཆེར་དོན་ཡོད་དང་། རྣམ་ཀུན་དོན་ཡོད་སོགས་ཀྱང་ཆོས་དབྱིངས་མངོན་སུམ་རྟོགས་པར་འདྲ་ཡང་ཐབས་ཤེས་ཀྱི་རྟོགས་པ་རྩལ་བྱང་མ་བྱང་དང་། མཐུ་ཆེ་ཆུང་ཡིན་ལ། དེ་བཞིན་དུ་སྤྱིར་སེམས་ཅན་སྒྲོལ་བ་ལ་རྟོགས་པའི་རྩལ་བྱང་མཉམ་ཡིན་ཡང་ཆེས་ཆེར་སྙིགས་ཤིང་རྒྱུད་ཚིག་

TN03_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༥)པའི་གདུལ་དཀའི་འགྲོ་བ་ལྷག་པར་སྐྱོབ་པ་ལ་རྟོགས་པའི་རྩལ་བྱང་ཚབས་ཆེ་ཆུང་། བུར་ཤིང་འོ་མ་བུ་རམ་གྱི། །མངར་བ་ཉིད་ནི་ཁྱད་པར་ཆེ། །ཞེས་པ་ལྟ་བུ་ཡོད་པའོ།། ༈ །རྗེ་བཙུན་གྱིས་སྟོང་ཉིད་སྙིང་རྗེའི་ལམ་འདི་སངས་རྒྱས་གྲངས་མེད་མཆོད་ནས་བཙལ། རྙེད་ནས་སྨོན་ལམ་གྲངས་མེད་འབུམ་བཅུ་སོགས་དང་། སྦྱིན་སོགས་སྤྱོད་པ་དཔག་མེད་ཚད་མེད་ཀྱིས་བརྒྱན། རྟག་འགྲུས་རྒྱུན་མི་འཆད་དང་། སྒོ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་ཤིང་རྣམ་པར་དག་ལ་ཆེས་ཕུལ་བྱུང་དང་མི་འཕྲོགས་པའི་སྒྲུབ་པ་མཛད་དེ། ཤིན་ཏུ་མཐར་ཕྱིན་ཅིང་ཡོངས་སུ་རྫོགས་པ་ན་དེ་ཉིད་ཡིག་དྲུག་ཏུ་བརླབས་པ་རེད་པས་དེ་ཐམས་ཅད་ཀྱི་ནུས་པ་ཡིག་དྲུག་ཁོ་ན་ལ་ཡོད་དོ། །དེས་ན་མནར་མེད་དུ་བྱོན་ཚེ་ཡང་མ་ི་ཚར་རེ་གསུངས་པ་རྐྱང་པས་ས་ཆེན་པོའི་རྡུལ་ལྟར་མཐའ་ཡས་པའི་དམྱལ་བ་ཚང་སྤྲུགས་སུ་སྤྲུགས་ནུས་པ་རེད་དོ། །ཡང་། སོ་སྐྱེས་ཆོས་སྨྲ་སོགས་སྟོང་གསུམ་གྱི་རྡུལ་སྙེད་ཀྱིས་བསྐལ་བ་མཐའ་ཡས་པར་ཆོས་རྒྱ་ཆེར་བཤད་པ་བས། རྗེ་བཙུན་གྱིས་མ་ི་རྡོག་གཅིག་གསུངས་པ་གཞན་ཕན་གྲངས་མེད་འགྱུར་དུ་ཆེ་བ་ནི། སྟོབས་བཅུ་མངའ་བའི་གནད་ཀྱིས་ཡིན་ཏེ། སྟོབས་རྣམས་མ་རིག་སྒྲིབ་ལ་རྡོ་རྗེ་བཞིན། །ཞེས་པའང་གཞན་རྒྱུད་

TN03_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༦)ཀྱི་མ་རིག་སྒྲིབ་ལ་ཞེས་པའོ། །འདོམས་པར་བྱེད་པ་པོ་ཉམས་ཆེ་ཆུང་གིས་འཁོར་གདུལ་བ་ཁྱད་ཞུགས་པ་ཐམས་ཅད་འདི་དང་འགྲོ་ཕྱོགས་འདྲའོ། ༈ །སྔར་ཀླད་བྲིས་སྐོར་འཁྲུལ་པ་ལ་ཡང་བྲི་བྱས་པ། མངོན་སྤྱོད་མཁན་ཙ་ན་ཀྱས་མི་བརྒྱ་སྟོང་མང་པོ་ལ་གདུང་བ་བསྐྱེད་པ་ནི་སེམས་ཅན་དེ་དག་གི་ལས་ངན་གྱི་ནུས་པ་དྲག་སྔགས་ཀྱི་ལྷན་ཅིག་བྱེད་རྐྱེན་གྱིས་བསླང་བ་ཡིན་ཅིང་། མངོན་སྤྱོད་དེའི་རྣམ་སྨིན་ནི་ཕྱི་མར་ཡི་དྭགས་ཀྱི་རྗེ་བོར་སྐྱེ་བ་དེ་རེད། དེར་མ་ཟད། ཙ་ན་ཀྱའི་བརླང་སྤྱོད་དེ་ལས་ཤིན་ཏུ་སྟོབས་ལྡན་ཡིན་པས་མཐོང་ཆོས་མྱོང་འགྱུར་རེད་པས། ཚེ་དེར་ལུས་ཚལ་བར་གས་པའི་ནད་ཀྱིས་ཤི་བ་རེད། དེ་གོ་བཟློག་སྟེ་ཚེ་སྒྲུབ་སོགས་ལའང་འདོན་པ་སྒྱུར་ཆོག་འདུག །དེའི་འགྲེས་ཀྱིས་མ་ིའི་རྒྱབ་ཆོག །གོ་འཚོགས་སོགས་ཀྱིས་སྔོན་ལས་ངན་པའི་འབྲས་བུ་ནད་གནོད་བྱུང་ཆག་སོགས་ལ་ལོ་ཏོག་སེར་བས་བཅོམ་ལྟར་འགལ་རྐྱེན་བྱས་ནས་ཕྱིར་བཟློག་པ་དང་། རྒྱལ་པོ་ལ་ཙན་དན་ཕུལ་བས་ཡུལ་ཐོབ་པ་ལྟར། ཚེ་རིང་ནད་མེད་སོགས་ཀྱི་རྒྱུའི་སྔོན་ལས་ཚེ་འདིར་འདྲེན་པའི་རྐྱེན་བྱེད་པ་ཙམ་རེད་ལ། མ་ིའི་ཆོས་འདོན་ལ་ཡོན་ཕུལ་བའི་ལས་འབྲས་ནི་ད་གཟོད་ཚེ་རབས་ཕྱི་མ་ལ་སྨིན་རྒྱུ་ཡིན་ལ། ཞིང་དང་བསམ་པ་ཕྱུལ་བྱུང་འགའ་ཞིག་མཐོང་ཆོས་མྱོང་འགྱུར་ཡང་

TN03_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༧)ཡོད། སྔོན་འབྲེལ་ཆེ་ཆུང་སོགས་ཀྱི་དབང་གིས་རྒྱབ་ཆོག་སྐུ་རིམ་ལའང་སྔོན་གྱི་དགེ་བའི་ལས་གཞན་གྱི་འབྲས་བུ་འཕྲལ་ལ་སད་རྐྱེན་བྱེད་ནུས་མི་ནུས་མང་པོ་ཡོད་ཀྱང་གསོལ་བ་བཏབ་ན་སྔོན་གྱི་དགེ་འབྲས་ནམ་འདོད་དེར་འདྲོང་ཐུབ་པ་ལ་མ་ི་སྟོབས་ཆེ། རྣམ་སྨིན་སྟོབས་ཆེ་བ་ནི་སླའོ། །དེས་ན་ལས་གཞན་གྱི་སད་རྐྱེན་བྱེད་ལུགས་ལའང་། གཞན་རྒྱུད་ལ་དང་། རང་རྒྱུད་ལ་བྱེད་ཚུལ་གཉིས་ཡོད་པར་སྣང་། འདི་ཞ་དམར་ལམ་རིམ་ལྟར་ན་མ་ི་བཏོན་པའི་སྐྱེས་བུ་བྱེད་འབྲས་སུ་བྱའམ་སྙམ། ༈ །རྩི་ཤིང་གི་བཅུད་དབྱར་ཀ་རྩེ་ན་ཡོད་རྟགས་སུ་དེའི་རོ་ནུས་ཁྱད་པར་འཕགས་བྱས་པ་རྐྱང་དམ་ཡེའི་རྡོ་རྗེ་གསུམ་དབྱེར་མེད། གིས་མི་ཆོག་བཅུད་རྩེ་མོར་ཡོད་རྟགས་སུ་འབྲས་བུའམ་ཐོག་འབྲུ་གསུམ། གུ་ཆགས་དགོས། ༈ གནས་གསུམ་གོ་ཆ་ནི་རང་རྒྱུད་ཀྱི་སྒོ་གསུམ་དང་སངས་རྒྱས་རྣམས་ཀྱི་རྡོ་རྗེ་གསུམ་གཅིག་ཏུ་སྦྱར་ནས་མདུད་པ་བརྒྱབ་པ་ཡིན་པས། སངས་རྒྱས་རྣམས་ཀྱི་རྡོ་རྗེ་གསུམ་གྱི་དབྱིངས་སུ་རང་གི་སྒོ་གསུམ་སྦ་བ་སྟེ། ཆུ་ཐིགས་རྒྱ་མཚོ་ལ་བཞག་ནས་ཉི་མའི་གདུང་བ་ལས་སྲུང་བ་བཞིན་ནོ། ༈ །པདྨའི་རིགས་ལ་དམ་པའི་ཆོས་ཀྱི་འོད་ཟེར་དང་། མདོ་སྡེ་བཤད་པའི་མཐུ་རྙེད་ཕྱིར་སོགས་ཡོ་གར་བཤད་པ་ནི། གཏི་མུག་གི་གཉེན་པོ་ཤེས་ཕྱིན་གྱི་ངོ་བོ་ཉིད་པདྨ་འགྲོ་

TN03_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༨)འདུལ་གྱི་རིགས་ས་དཔལ་མཆོག་འགྲེལ་ཆེན་དུ་བཤད་པས། ཤེར་ཕྱིན་གྱི་མཚོན་བྱེད་གླེགས་བམ་དུ་བྱེད་པ་དང་། ཆོས་དབྱིངས་རྟོགས་པའི་རྒྱུ་མཐུན་པའི་གསུང་རབ་ཅེས་པ་དང་འདྲ་བས་མི་གོས་པའི་དེ་ཉིད་ཀྱི་སྟེང་ནས་ཤེས་པར་བྱ་སྙམ། འདི་ལྟར་ཡིན་ངེས་ཏེ། ཀུན་སྙིང་གི་ཧྲཱིཿབཤད་དུ། ཆོས་ཀྱི་རིགས་ཞེས་པའི་ཆོས་ནི་རང་བཞིན་དག་པའི་ཆོས་ལ་གཟིགས་པའི་ཤེས་ཕྱིན་དུ་གསུངས་པའི་ཕྱིར་རོ། །དེའང་ཉན་རང་གིས་ནི་དག་བྱ་ཉོན་སྒྲིབ་ལ་ལྟོས་ཏེ་རང་བཞིན་དག་པའི་ཆ་ཙམ་མངོན་སུམ་རྟོགས་ཏེ། དེའི་དབང་གིས་དག་པ་ཕྱོགས་གཅིག་པ་དེ་ལ་བརྟེན་པའམ་དེའི་ཡིན་ཏན་དུ་གྱུར་པའི་འཕགས་པའི་ཆོས་ཀྱང་ཉེ་ཚེ་བ་ཙམ་བརྙེས་ལ། ཐེག་ཆེན་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་བྱར་བཞག་པའི་རང་བཞིན་དག་པ་མཐའ་དག་མངོན་དུ་བྱེད་དེ་དེའི་དབང་གིས་དག་པ་མ་ལུས་པ་དེའི་ཡོན་ཏན་དག་པ་དེ་ལ་བརྟེན་པའང་མཐའ་དག་པ་འཐོབ་སྟེ། འདི་ནི་རང་བཞིན་དག་པ་དེ་སྒོམ་བྱེད་ལམ་གྱི་དབང་གིས་ཆོས་ཀྱི་དབྱིངས་སམ་འཕགས་ཆོས་ཀྱི་འབྱུང་ཁུངས་སུ་འགྱུར་ཚུལ་རྒྱ་ཆེ་ཆུང་ངོ། །རྟོགས་པའི་ཆོས་ཀྱི་འབྱུང་ཁུངས་ཡིན་པར་མ་ཟད་ལུན་གི་ཆོས་ཐམས་ཅད་ཀྱི་འབྱུང་མཐར་ཐུག་ཀྱང་ཡིན་ཏེ། རྒྱུ་མཐུན་དེ་དག་ཐུབ་པ་བཞེད། ཅེས་ཆོས་དབྱིངས་རྟོགས་

TN03_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༩)པའི་རྒྱུ་མཐུན་པའི་གསུང་རབ་ཅེས་གྲགས་པ་ལྟར་རོ། །སོ་སོ་ཡང་དག་རིག་བཞི་ཞེས་པའི་སྒྲ་བཤད་ཀྱིས་ཀྱང་ཤེས། དེས་ན་ལུང་གི་ཆོས་ཐམས་ཅད་ཀྱང་འགོག་བདེན་ཆོས་དབྱིངས་རྣམ་དག་གི་ཡོན་ཏན་ཁོ་ནའོ། །ལམ་རིམ་གྱི་ལྷག་མཐོང་གི་སྟོང་ཉིད་བཙལ་དགོས་པའི་རྒྱུ་མཚན་ཐད་ལྟར་དེ་ཁོ་ན་ཉིད་འཚོལ་བ་ནི་གློ་བུར་གྱི་དྲི་མ་སྦྱངས་ནས་དག་པར་བྱ་བའི་ཆེད་དོ། །དྲི་མའི་གཙོ་བོ་ནི་རྨོངས་པ་བག་ཆགས་དང་བཅས་པ་སྟེ། དེ་རང་བཞིན་གྱིས་དག་ཚུལ་འདི་རང་བཞིན་དག་པ་ཞེས་པའི་གཙོ་བོར་བཟུང་ངོ་། ༈ །རྒྱུན་འཁྱེར་དུ་བཟླ་ན། སྐྱབས་སེམས་དང་ཤུནྱཏའི་དོན་དྲན་སྔོན་བཏང་སོགས་མ་བྱུང་རུང་སྔར་གྱི་གོམས་ཤུགས་ལྟར་ལྷ་གསལ་བཏབ་སྟེ་རྡོ་རྗེ་ཕྲེང་བཟུང་ལུགས་སུ་བཟླས་པས་འགྲུབ་པ་དང་། དེའང་ལྷའི་རྣམ་པ་གསལ་བར་མ་གྱུར་ཀྱང་ཡེ་ནས་རང་གི་སྒོ་གསུམ་ལྷའི་རང་བཞིན་དུ་སངས་རྒྱས་པའི་ང་རྒྱལ་གྱིས་བཟླས་པས་ཀྱང་ཆོག་པ་མན་ངག་གི་གནད་དང་འབྲེལ་བ་ཡིན་ཞེས་རིག་འཛིན་ཐུགས་ཐིག་གི་བསྙེན་ཡིག་ཏུ་གཏེར་ཆེན་གྱིས་བཤད། ༈ །ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཐོབ་རྣམས་གཞན་ལས་བྱ་དཀའ་ཞེས་བྱ་འགའ་ཡོད་མིན། ༈ །ཕྱག་དྲུག་པའི་ཡུམ་གྱི་སྔགས་ལ་ཡང་། བྷྱོ་ནག་མོ་བཻཏ་ལི་ཞེས་རྒྱུད་ལས་གསུངས་སོ། ༈ །འོ་རྐྱལ་ སྒོམ་

TN03_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༠)བཟླས། བསྲུབ་བསྒྲིལ་ཡུས་ཆེ་བས་མི་ཆོག ཟོ་མར་དྲོད་ཚད་གྱི་གོང་བུ་ཐོན་པ་དགོས། ༈ །རྡོ་རྗེའི་དེ་ཉིད་ནི་མི་ཆོད་མི་ཤིགས་མི་ཕྱེད་པ་སྟེ། དེ་དྲན་ནས་ལི་པི་ཤ་ཏ་བཟླས་པས་ཤིན་ཏུ་བརྟན་པར་བྱེད། ༈ འཕགས་མཆོག་གང་དུ་དམིགས་པ་དེར་ས་བཅུ་པར་ལག་ན་རྡོ་རྗེ་སྟོང་ཕྲག་བརྒྱ་རྟག་ཏུ་ཕྱི་བཞིན་འབྲང་བར་གསུང་པ་ལྟར་གྱི་ལག་ན་རྡོ་རྗེའི་སྲུང་མ་དང་། རྟ་མཆོག་རིག་པ་བྱེ་བའི་འཁོར་དང་བཅས་པ་སོགས་འཁོར་དག་པ་གཞལ་མེད་རྣམས་མིའི་ལུས་ཤིག་མེད་ན་མེད་དུ་ཟད། ཡོད་ཕན་ཆད་གྲིབ་མ་ཞིག་ངེས་པར་ཡོད་པ་དང་། ག་བུར་ཞིག་ཡོད་ན་དྲི་བསུང་ངེས་པར་ཡོད་པ་ལྟར་འབྲལ་མེད་དུ་ཡོད་ངེས་པ་དམིགས་འོག་ཏུ་ཆུག་དགོས། ཁོང་རིགས་ཀྱི་འཁོར་ལོས་སྒྱུར་བ་རེད་པ། འཁོར་ལོ་སྒྱུར་བའི་རྒྱལ་པོ་དཔུང་ཚོགས་ཡན་ལག་བཞི་དང་མི་ལྡན་པ་ཞིག་ཤེས་བྱ་ལ་མི་སྲིད་དེས་ན་རྡོ་རྗེ་ཁྲོ་བོའི་དམག་དཔུང་བྱེ་བ་ཁྲག་ཁྲིག་རང་ཤུགས་ཀྱིས་རྗེས་སུ་འབྲང་བ་ཡིན་པར་ཤེས་པར་བྱའོ། ༈ །པདྨའི་མི་གོས་པའི་དེ་ཉིད་དང་། ཆུ་འདམ་ནས་སྐྱེས་ཤིང་ཆུ་འདམ་ན་གནས་པའི་དེ་ཉིད་གཉིས་རིམ་བཞིན་དོན་དམ་སེམས་བསྐྱེད་དང་ཀུན་རྫོབ་སེམས་བསྐྱེད། ཤེས་པ་རྣམ་དག་དང་། ཤེས་བྱ་རྣམ་དག །སྲིད་མཐའ་འགོག་བྱེད་དང་། ཞི་མཐའ་འགོག་བྱེད། མངོན་མཐོ་མཐར་ཐུག་

TN03_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༡)དང་ངེས་ལེགས་མཐར་ཐུག །རང་དོན་དམ་པ་ཕུན་ཚོགས་དང་གཞན་དོན་དམ་པ། ཐུགས་དབེན་པའི་བདེ་མཐོང་ཆོས་བདེ་གནས་སོགས་ཀྱང་བས་གང་ཞིང་། སྐུ་འདུ་འཛིའི་ཁྲོད་ན་ཡང་སྤྱོད་པ། ༈ །ཕྱག་སྟོང་སྤྱན་སྟོང་གི་མདོར། གལ་ཏེ་ཆོས་བཞིན་དུ་བཟླས་བརྗོད་བྱས་ཏེ་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སེམས་བསྐྱེད་པར་གྱུར་ན་བདག་ཀྱང་དེའི་ཚེ་དགེ་བའི་ལྷ་དང་། ཀླུའི་རྒྱལ་པོ་ཐམས་ཅད་དང་། ལག་ན་རྡོ་རྗེ་གསང་བ་རྣམས་ལ་རྟག་པར་དེའི་རྗེས་སུ་འབྲང་ཞིང་ཡོངས་སུ་སྲུང་བ་གྱིས་ཤིག །དེའི་ཉེ་འཁོར་ན་གནས་ནས་མིག་གི་འབྲས་བུ་བཞིན་དུ་ཡོངས་སུ་སྲུངས་ཤིག རང་གི་སྲོག་གི་དབང་པོ་བཞིན་དུ་ཡོངས་སུ་སྐྱོབས་ཤིག་ཅེས་བསྒོ་བར་འགྱུར་རོ། །བདག་གིས་གསང་བའི་བདག་པོ་རྡོ་རྗེ་འཆང་། །བདུད་རྩི་འཁྱིལ་བ་སྨེ་བརྩེགས་ལྕགས་ཀྱུ་ཅན། །སྟོབས་ལྡན་ཤཾ་ཀ་ར་དང་སྡེ་བརྒྱད་དག །བཏང་ནས་རྟག་ཏུ་གཟུངས་འཛིན་སྲུང་བར་བྱེད། །ཅེས་སོགས་མང་དུ་གསུངས་ཏེ། མ་ི་ཟློས་ཚེ་ལྷ་ཀླུ་མང་པོས་སྲུང་ཚུལ་ཀ་རཎྜར་གསུངས་པ་དང་འདྲའོ། །དེ་ལྟར་སྲུང་མ་རང་འཁོར་བའི་དབང་གིས་འབྲོག་དགོན་སོགས་སུ་གཅིག་པུར་ཉལ་ཡང་གདོན་བགེགས་ཀྱིས་གཙེ་མི་ནུས་པ་དང་། མྱ་ངམ་སོགས་སུ་ལམ་གོལ་བར་འཁྱམ་ཡང་། ལྷ་ཀླུའི་སྤྲུལ་པས་ལམ་སྟོན་

TN03_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༢)བ་དང་། ནགས་ཚལ་སྟོང་པ་སོགས་སུ་མེའམ་ཆུས་ཕོངས་ན་དེ་དག་སྦྱིན་པར་གསུངས་ཏེ། དགྲ་ཇག་ཆོམ་རྐུན་འཆིང་བ་དང་། མཐུན་པའི་ཡོ་བྱད་གཞན་འདུ་བ་སོགས་མང་པོར་སྦྱོར་ཆོག ༈ །ཐུགས་ཀའི་ཡེ་སེམས་རྟ་མགྲིན་དུ་བྱས་ནས་སྔགས་འཁོར་བཀོད་དེ། རྟ་སྐད་ཀྱིས་བདེ་གཤེགས་གསུང་གི་དངོས་གྲུབ་སྡུད་པ་ལ་དམིགས་པ་གཏད་ནས་བཟླས་ན་སྔགས་ཀྱི་ནུས་པ་སྐྱེ་བའི་ཁྱད་ཆེ་འདྲ། ༈ །མདོར་ན་ཆོས་ནི་མི་འཚེ་བའོ། །ཞེས་རྒྱལ་བའི་བསྟན་པ་སྙིང་རྗེས་ཕྱེ། ༈ །ལྷ་ཆེན་དམོད་པ་གྲུབ་པ་སོགས་ནས། མགོན་ཁྱོད་ཐུགས་རྗེ་གྲུབ་པ་ལས་སོགས་ལྷ་དང་དྲང་སྲོང་དམོད་པའི་མཚོན་ཆ་ཅན་རྣམས་ཀྱི་དམོད་པས་མི་ཁྱིམ་འབུམ་ཕྲག་དུ་མས་གང་བའི་གྲོང་ཆེན་རིང་པོར་མི་ཐོགས་པར་འབྲོག་དགོན་སྟོང་པར་བྱས་སྐད་དེ་རྦབ་ཐུར་ལ་བཏང་བ་ལྟ་བུ་འཇིགས་རུང་གི་དཔེར་བྱེད། སངས་རྒྱས་ཀྱི་ཐུགས་བསྐྱེད་པ་རེ་རེས་སམ་འོད་ཟེར་རེ་རེས་སྟོང་གསུམ་བརྗོད་མེད་བརྗོད་མེད་ཚད་མེད་གཞལ་མེད་ཀྱི་རྡུལ་སྙེད་ཀྱི་འགྲོ་བ་མངོན་མཐོ་ངེས་ལེགས་ཀྱི་བདེ་བ་བཟང་མང་ལ་འཇོག་པ་རེད། རྦབ་གྱེན་ལ་འཐེན་པ་ལྟ་བུ་སྟེ་ཐུར་དུ་རྦབ་སྟོང་སྒྲིལ་བ་བས། གྱེན་དུ་ཕ་བོང་གཅིག་འདྲེན་པ་ཆེས་དཀའ་བས་ཡ་མཚན་དཔེ་མེད། མཐུ་ཕྱི་མ་འདིས་དང་པོའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ནས་རིམ་གྱིས་ནར་སོན་ཚུལ་སོགས། ༈ །དང་པོ་རྩ་བ་ཐ་མ་འབྲས་མཆོག་ལྡན། །

TN03_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༣)སོགས་དང་། རྣམ་སྣང་མངོན་བྱང་ལས། སྙིང་རྗེའི་རྩ་བ་ཅན་ཡིན་ཞེས། །སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །ཞེས། ༈ །ཐེག་ཆེན་ཕྱིར་མི་ལྡོག་གི་རྟགས་ཀྱང་རང་དོན་ཡིད་བྱེད་བསྡམ་པའི་སྟེང་ནས་བཞག་ཡོད། ༈ །མཛོད་འགྲེལ་དང་རྣམ་འགྲེལ་རང་འགྲེལ་ལས་སོགས་འཐད་སྒྲུབ་སྐོར། ༈ །ཚད་ཆེན་འགྲེལ་པར། དེ་འདོད་པའི་ཕྱིར་རོ་ཞེས་སོགས་ཀྱིས་གཞན་དོན་རང་གི་འདོད་དོན་ཡིན་ལུགས་བདག་གཅེས་འཛིན་གྱིས་ཕོངས་ཤིང་རང་དོན་ཕུན་ཚོགས་མི་འབྱུང་ལ་བཟློག་ན་དོན་གཉིས་འབྱུང་ལུགས་གཉིས་ཀྱིས་སྙིང་རྗེ་སྐྱེད་ནུས་དང་། སྐྱེད་དགོས་གཉིས་བསྟན། དང་པོ་ནི། བརྩེ་མེད་གོམས་ན་དེར་འགྱུར་བ་རོ་སྲེག་མཁན་བརྩེ་བྲལ་དང་། བྲམ་ཟེ་གཙང་ཞེན་སོགས་ཀྱིས་བསྒྲུབ་ཡོད། དགྲ་གསོད་ཕྲོག་ལ་རང་དོན་དུ་ཞེན་པ་ལ་འདོད་པའི་ཕྱིར་རོ་ཞེས་པ་ལས་སྒྲུབ་བྱེད་གཞན་མེད་དེའི་རིགས་པས་སྙིང་རྗེ་ཤིན་ཏུ་གོམས་ན་ཞེས་སོགས་ཁ་བསྒྱུར། ༈ །གཞན་ཕན་དགའ་བ་སོགས་སློབ་སྤྲིང་དང་། སེམས་ཅན་རྣམས་ནི་གྲོལ་བ་ན་སོགས། འགྲོ་དྲུག་སྐྱེད་ཚུལ་དུས་སྟོན་ལྟར། །རང་གི་ཡོན་ཏན་སེམས་ཅན་ཕན་འདོགས་དགའ། ༈ །ཐུབ་པའི་སྐྱེས་རབ་ཐམས་ཅད་བདག་པས་གཞན་གཅེས་མཛད་ཚུལ་ཁོ་ནར་གསུངས། ༈ །མཐོང་བའམ་གྲོང་ཁྱེར་རྒྱུ་བ་ན། །ལོང་བས་

TN03_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༤)མིག་ཐོབ་སོགས། མཚན་བཟུང་བ་ཙམ་ཡང་བརྒྱད་བརྒྱ་པ་སོགས་ལྟར། སྟོན་པ་དང་ཤཱ་རིའི་བུའི་སྣམ་སྦྱར་སྟེང་ཕུག་རོན་བབས་པ། སྟོན་པ་དང་ཀུན་དགའ་བོས་སེངྒེལ་རེག་པ། རྣམ་ཀུན་དོན་ཡོད་ནི། སངས་རྒྱས་རྣམས་ཀྱི་གཡོ་བ་ནི་སོགས། ༈ །དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་བརྒྱད། ༈ །བརྒྱ་ལྔ་བཅུ་བའི་ཐུགས་རྗེ་ལ་བསྟོད་པ། ༈ །གང་ཕྱིར་བརྩེ་ཉིད་རྒྱལ་བའི་སོགས། ༈ །སྙིང་རྗེས་སྤྱོད་པ་རྒྱས། སྤྱོད་པས་སྙིང་རྗེ་རྒྱས། ༈ །བསོད་ནམས་དག་གི་རྒྱུ་མཐུན་པ་ཞེས་སྙིང་རྗེའི་སྤྱོད་པ་མཐའ་དག་སྙིང་རྗེའི་རྒྱུར་བསྔོས། ༈ །དེ་པ་ཐམས་ཅད་ཆོས་ཀྱི་དབྱིངས་ནས་རྫུ་འཕྲུལ་དང་ཆོས་སྟོན་སོགས་འགྲོ་འདུལ་གྱི་མཛད་པ་ལ་སྐུལ་བའི་བྱེད་པོ་གཅིག་པུ་ནི་སྐྱེ་ལ་ཐུགས་རྗེ་ཆེན་པོ་ཡིན་པས། ཐལ་མོ་སྦྱར་བའི་ཕྱག་ལ་ངེས་པ་སྟེར། དེར་མ་ཟད་བགྲང་ནོར་གྱི་ལས་ཕྱག་སྟོང་སྤྱན་སྟོང་མདོར་འབྱུང་བ་དང་བགྲང་ནོར་སྙིང་རྗེ་སྦྱར་བ་གཉིས་བསྒྲིགས་པའང་འདི་དང་བསྟུན་ན་ལེགས་འདྲ། ༈ །ཅི་ཙམ་བཙལ་ཡང་ཆོས་དབྱིངས་གཏིང་མཐའ་ལ། །ཐུག་པ་ཡོད་མིན་དེ་ཚུལ་མ་ལུས་པར། །མངོན་མཛད་སོར་རྟོག་ཡེ་ཤེས་མཁྱེན་པའང་དེ་བཞིན་ཏེ། །དེ་ཡི་དབང་གི་དབང་དང་མངོན་ཤེས་སོགས། །དེ་ཡི་བྱིན་རླབས་མཐུ་ཡང་ཐུག་པ་མེད། །སོར་རྟོག་ཡེ་ཤེས་སྔགས་སུ་

TN03_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༥)བྱིན་བརླབ་པའི། །སྔགས་ཀྱི་བྱིན་རླབས་མཐུ་ཡང་དེ་ཉིད་དེ། །ཅི་ཙམ་སྔགས་ཀྱི་དངོས་གྲུབ་གཏེར་ཕྱུང་ཡང་། །དེ་ལ་ཚད་དང་མཐའ་མ་དམིགས་མི་འགྱུར། །དེ་བཞིན་རྒྱ་ཆེའི་ལམ་གྱི་རྟོགས་པ་ཡང་། །སོ་སོར་ཚད་མེད་རེ་རེའི་རྣོ་ནུས་ཀྱང་། །ཐུག་པ་ཡོང་མེད་དེ་ཀུན་གཅིག་བསྡོམ་ནས། །སྔགས་སུ་ཤར་བའི་ནུས་མཐུ་དེ་ཡི་ཤེས། ༈ །སྒྲ་གཅན་འཛིན་ཆེན་པོ། །ཆུང་བ་བློ་བརྟན། ཧ་ཡ་ལི་ལ། ཧ་ཡ་གྷོ་ཥ། ཉི་མ་སྦས་པ། ཐམས་ཅད་མཁྱེན་བཤེས། ཀ་ན་ཀ་ཤྲི། ཀནྡྷ་པ། ཏཱ་ར་ཤྲི། ཋཀྐི་ནག་ན་པ། མནྡིར་པ་ལ། ཤཱཀྱ་རཀྵི་ཏ། ལོ་ཀ་པྲ་དཱ་པ། ངག་དབང་གྲགས་པ། དགེ་བསྙེན་བཙུན་པ། དཀོན་མཆོག་གསུམ་གྱི་འབངས། ཛེ་ཏ་རི། ཙནྡྲ་གོ་མི། ཇོ་བོ་རྗེ། ཏུ་རུཥྐ་མང་པོས་བཀུར་བ། སེངྒེ་ལྔ་པ། ༈ འཕགས་ཡུལ་དུ་ཁ་སརྤ་ིའི་གཙུག་ལག་ཁང་དུ་ས་ཐེ་བཙུགས་ནས་གང་གསོལ་འགྲུབ་པར་གྲགས། བོད་དུ་དེའི་དོད་ལྔ་ལྡན་རང་བྱོན་ལ་ཇོ་བོ་རྗེས་ལྷ་དངོས་རེད་གསུངས། མངའ་བདག་ཉང་གིས་འདིའི་ཞབས་འོག་ནས་གཏེར་བཞེས་ཤིང་འདས་དུས་གདུང་ཁང་ནས་འཇའ་ཟུག སངས་གླིང་ལ་མ་ིའི་གསུང་བྱོན། སྤྱན་སྔ་གྲགས་བྱང་བས་བསྐོར་བ་མཛད་པས་དར་ལམ་བརྐྱངས། རྗེ་རིན་པོ་ཆེས་སྨྱུང་གནས་མཛད་པས་སྐུ་ཚེའི་ལུང་བསྟན་བརྙེས། ཞང་སྟོན་དར་མ་

TN03_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༦)རྒྱལ་མཚན་གྱིས། ཆོས་ཡང་དག་པར་སྡུད་པར་དཔེ་གསུམ་དང་སྦྱར་བའི་སྙིང་རྗེའི་ཆེ་བ་གསུངས། དེ་ལས་བར་བར་བྱང་སེམས་ཀྱི་དགེ་ཆོས་ཀྱི་སྤྱོད་པ་ཕྱིན་དྲུག་བསྡུ་བཞི་སོགས་དཔུང་གི་ཚོགས། སྙིང་རྗེའི་འཁོར་ལོ་དེ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་དངོས་ཟིན། འཁོར་ལོ་བྱུང་ན་དཔུང་ཚོགས་ཐམས་ཅད་མ་བརྩལ་བར་འབྱུང་། འཁོར་ལོ་མ་བྱུང་བར་ལ་གཞན་མི་མཆི་བས་གཅིག་ཡོད་ན་ཐམས་ཅད་ཤུགས་འབྱུང་དུ་འོང་བ་ནི་འཁོར་ལོ་ཁོ་ན་རེད་པ་དེ་ལྟར་སྙིང་རྗེ་ཆེན་པོ་ཡོད་ན་སྤྱོད་པ་ཐམས་ཅད་ལྷུན་གྲུབ་ཏུ་འབྱུང་། ༈ །བྱང་སེམས་ནི་ཆོས་ངན་པ་ལ་དམིགས་པའི་སྙིང་རྗེ་ལས་གོ་འཕང་མཆོག་གྲུབ། ཉན་རང་དེ་ལས་ཟློག ༈ །སྐྱེ་བ་དཔག་ཏུ་མེད་པར་ལྷ་མི་ཡི། །འཇིག་རྟེན་ཀུན་གྱི་རྣལ་འབྱོར་དབང་མཛད་ནས། །ཞེས་པར་བསམ་གཏན་གཟུགས་མེད་ཀྱི་མཐར་སོན་པའི་སྙིང་རྗེས་འཇིག་རྟེན་ལ་དབང་སྒྱུར་སོགས། ༈ །སྙིང་རྗེ་ཆེན་པོ་ཁོ་རང་ཞི་མཐའ་འགོག་བྱེད། སྙིང་རྗེའི་རྒྱུ་ཡིད་འོང་དང་སྡུག་བསྔལ་སེམས་པ། ཕྱི་མ་ལ་སྡུག་བསྔལ་བརྒྱ་རྩ་བཅུ་སོགས་ཇི་ཙམ་བསམ་ནས་ཡིད་འབྱུང་རྒྱས་པ་དེ་ཙམ་དུ་སྙིང་རྗེ་འཕེལ་བ། སྲིད་མཐའ་འགོག་བྱེད། སྐྱོན་མཐོང་ཕྱིར་ནི་སྲིད་པ་མིན། ཞེས་སྲིད་པའི་ཉེས་དམིགས་རིག་པ་སྟེ། མི་རྟག་སྡུག་བསྔལ་སོགས་ཀྱི་རྣམ་ཅན།

TN03_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༧)རྒྱ་མའི་བློ་སྦྱོང་གི་འགྲོ་དོན་རབ་ཐད་ན། འདོད་འདུ་ལ་ཡིད་མ་ལོག་པ་ལ་སྙིང་རྗེ་རྣལ་མ་གཏན་མེད་གསུངས་ཏེ། འདོད་བདེ་ཅན་བདུད་དང་། སེམས་བདེ་ཅན་ཚངས་པ་ལྟ་བུ་མན་ཆད་ཐམས་ཅད་སྙིང་རྗེ་བའི་གནས་སུ་འཆར་བ་ལ། སྲིད་བདེ་དེ་ཐམས་ཅད་སྡུག་བསྔལ་དུ་མཐོང་བ་དགོས། དེས་ན་སྙིང་རྗེའི་རྩ་བའི་རྒྱུས་སྲིད་མཐའ་ཁེགས་པས་སྙིང་རྗེ་ཆེན་པོ་གོམས་པས་སྲིད་ཞིའི་མཐའ་གཉིས་ཀ་སེལ་བྱས་ཀྱང་རུང་བར་གོ ༈ །སེམས་ཅན་རང་ངོས་ནས་གྲུབ་ན། ཐེར་ཟུག་ཆོས་ནི་མྱ་ངན་འདའ་མི་འགྱུར། །ཞེས་པ་ལྟར་རེད་ལ། རྟེན་ཅིང་འབྲེལ་འབྱུང་སྤྲུལ་པའི་གྲོང་ཁྱེར་ལྟ་བུར་མཐོང་ཕུལ་ཆེ་ན། མྱ་ངན་ཟློ་བ་ལ་མི་འཇིགས་ཏེ། རེ་ཞིག་སྒྱུ་མ་མཁན་པོའང་སྐྱེ་བོའི་མིག་ཁྲལ་ཁྲུལ་དུ་སྦྲིད་པར་བྱེད་པའི་སྒྱུ་མའི་གྲོང་ཁྱེར་མང་ལ་རྒྱ་ཆེ་བ་ཡང་། རིག་སྔགས་ཕྱིར་བརྟུལ་བ་ཙམ་གྱིས་བསྡུ་ནུས་པར་ཤེས་ནས་ཕྱིར་བསྡུ་བ་ལ་མི་ཞུམ་ན། འགྲོ་བ་དང་སྐྱེ་གནས་དང་སྡུག་བསྔལ་གྱི་གྲོང་ཁྱེར་ཚད་མེད་པ་ཐམས་ཅད་མ་རིག་པའི་འཁྲུལ་འཁོར་རྒྱས་པ་ཙམ་དུ་མཐོང་ཞིང་། རང་ཉིད་དག་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཙང་མ་དམ་པ་བརྙེས་པས་མཚན་བརྒྱ་ནས་བཤད་ལྟར་གཞན་རྒྱུད་ཀྱང་རྣམ་པར་དག་པའི་བདག་ཉིད་དུ་སྦྱོར་ནུས་པར་གཟིགས་ནས་མི་འཇིགས་པ་

TN03_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༨)བརྙེས་ཤིང་དགྱེས་པ་འཕེལ་བའི་སྙིང་རྗེའི་རྩལ་རྫོགས་པའོ། །ལས་ཉོན་གྱི་རིག་སྔགས་ཀྱིས་སྤྲུལ་པའི་བདེན་སྟོང་རྟེན་འབྲེལ་ཙམ་དུ་མཐོང་བས། ཤེར་ཕྱིན་གྱི་རིག་སྔགས་ཀྱིས་ལས་ཉོན་གྱི་སྒྱུ་མའི་རིག་སྔགས་དེ་བཅད་ཅིང་བརྟུལ་བ་ཙམ་གྱིས་སྡུད་པར་རིག་སྟེ་སྤྲོ་བ་འཕེལ། ཀུན་ཉོན་རྐྱེན་བྱུང་གི་ཆོས་ཐམས་ཅད་རྐྱེན་དབང་གིས་འབྱུང་ཞིང་། །རྐྱེན་བཤིགས་ན་ནུབ་པ་ཁོ་ན། དེའི་རྐྱེན་དེའང་གློ་བུར་བ་ཁོ་ནར་རིག་ནས་མི་འཇིགས་པའོ། །དམིགས་མེད་སྙིང་རྗེ་ནི་ཡིད་བཞིན་ནོར་བུ་ལྟར་སེམས་ཅན་གྱི་རེ་བ་སྐོང་བར་བསྔགས་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཡོན་ཏན་ནམ་བྱིན་གྱི་རླབས་སོ། ༈ །བྱང་འཕགས་ཀྱི་དམིགས་མེད་སྙིང་རྗེ་ནི་གཉིས་སྣང་འཁྲུལ་པའི་བསླད་པ་ཅན་དང་། སངས་རྒྱས་ཀྱི་ནི་བསླད་པ་དེ་མེད་པས་ཁྱད་པར་གནམ་ས་ཙམ་མོ། ༈ །སྐྱེ་བོ་ཆེ་ཆུང་གི་ཁྱད་པར་ནི། སེམས་རྒྱ་ཆེ་ཆུང་ངམ། བསམ་པ་རྒྱ་ཆེ་ཆུང་གིས་འབྱེད་དེ། དབུ་མ་སྙིང་པོར། ཝ་ནི་གླང་ཆེན་དྲེགས་ཁྱུ་ཡི། །སོགས་ལྟ། རྟོག་གེ་འབར་བར། མེ་ཁྱེར་དང་ཉི་མའི་དཔེ་བསྟན་པ་སོགས་ཀྱང་དེ་བཞིན་ནོ། །དེས་ན། ཆོས་ཀྱི་དབྱིངས་ན་སྐྱེས་བུ་གཅིག་པུ་བ། །ཞེས་སོགས་འབྱུང་ངོ་། ༈ །པདྨའི་ཁ་དོག་དཀར་བས་རང་བཞིན་དག་པའི་ཆོས་ལ་གཟིགས་པའི་སོར་རྟོག་ཡེ་ཤེས་མཚོན།

TN03_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༩)དམར་བས་སྲིད་པར་ཆགས་པའི་སྙིང་རྗེ་མཚོན་མོད་ཀྱི་ཕྱི་མས་ཤིན་སྦྱང་གི་དགའ་བདེ་འདྲེན་པའི་ཏིང་ངེ་འཛིན་གྱི་དམར་བའང་སྟོན་ལུགས་ཡོད་དམ་དཔྱད། པད་དཀར་ཅན་ནི་སྐུ་མདོག་དང་ཧྲཱིཿཡང་དཀར། སྐུ་མདོག་དམར་པོ་ཅན་ནི་ཕྱག་མཚན་དང་སྲོག་ཡིག་ཀྱང་དམར་ཏེ་དེ་ཐམས་ཅད་དེ་ཉིད་གཅིག་པས་སོ། ༈ །བྱང་སེམས་ཀྱི་སྙིང་རྗེ་ལ་བརྩེ་བ་ཙམ་གྱིས་མི་ཆོག་སེམས་ཅན་གྲངས་མང་། བྱེད་པ་ངན་པ། སྡུག་བསྔལ་གྱི་རྒྱ་མཚོ་ཚད་མེད་པ་སོགས་གང་གིས་ཀྱང་མི་ཟློག་ཅིང་མི་འཇིགས་པ་དང་། སྒྱིད་ལུག་པ་མེད་པར་ཤིན་ཏུ་དཔའ་བའི་སྙིང་རྗེ་སྟོབས་ལྡན་རླབས་ཆེ་བ་བློ་གྲོས་རྒྱ་མཚོས་ཞུས་པར། གྲོང་དཔོན་ཕ་མ་གཉིས་ཀྱི་དཔེ་གསུངས་པ་ལྟ་བུ། དགོས་ལ། དེ་ལ་སྡུག་བསྔལ་འབྲལ་འདོད་ཀྱིས་བསྐྱབ་དགོས་སུ་མཐོང་བ་ཙམ་གྱིས་མི་ཆོག །བསྐྱབ་ནུས་སུ་མཐོང་བ་སྟོབས་ལྡན་དགོས། དེ་ལ་དབང་རྣོན་གྱིས་སེམས་ཅན་སྐྱོབ་པར་ཁུར་འཁྱེར་བའི་སྙིང་རྗེ་སྐྱེ་བའི་སྔོན་འགྲོ། ཡང་དག་ཤེས་ཚོལ་སྔོན་བཏང་སྟེ་སོགས་ལྟར་དགོས། དབང་རྣོན་ལ་འབྲལ་འདོད་ཀྱི་སྙིང་རྗེ་ཆེན་པོ་སྐྱེ་བ་ལ་སྟོང་རྟོགས་སྔོན་འགྲོ་མི་དགོས་ཀྱང་། སྐྱོབ་འདོད་ཀྱི་བརྩེ་ཆེན་མཚན་ཉིད་རྫོགས་པ་ལ་དགོས་ཞེས་པ། །ལུང་འདིའི། འགྲོ་དོན་བྱེད་པར་དཔའ་གྱུར་པ། །ཞེས་པ་གོ་རྒྱུ་ཆེ་སྟེ། སྙིང་རྗེ་ཡོད་ཀྱང་སྔར་བག་དང་བཅས་པ་

TN03_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༠)མང་བས་དེ་ལས་ཁྱད་སྐྱོབ་འདོད་འདོན་ནོ། །དེས་ན་སེམས་ཅན་ཐམས་ཅད་གཤོབ་གཅིག་གི་བདེན་འཛིན་འཁྲུལ་འཁོར་ཁོ་ན་ལ་བརྟེན་ནས་མ་རིག་པའི་འཁྲུལ་འཁོར་རྒྱས་པ་ཙམ་དུ་ཤེས་ནས། སྡུག་བསྔལ་བའི་གནད་ཤེས་ནས་གཤོབ་དེའི་མཚང་བརྟོལ་བ་ཙམ་ཞིག་སེམས་ཅན་དགྲོལ་བའི་གནད་དུ་མཐོང་ན་ཞུམ་པ་སོགས་མི་སྐྱེ་བས་སེམས་ཅན་ཐམས་ཅད་དགྲོལ་བའི་སྙིང་རྗེ་ལ་དམིགས་མེད་ཀྱི་སྙིང་རྗེ་བསྔགས། དེའང་སྙིང་རྗེ་དང་བདག་མེད་རྟོགས་པ་རྒྱུད་ན་སོ་སོར་ཡོད་ཙམ་ཉན་རང་ལའང་ཡོད་པས། དེ་གཉིས་སྦྱར་ནས་ཕན་ཚུན་གཅིག་གིས་གཅིག་ཟིན་པར། བོགས་འདོན་རེས་ཀྱིས་དམིགས་ཕུག་སྟེ་རྒྱ་ཆེར་སྦྱང་དགོས། ༈ །སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་བདུད་རྩི་གྱ་ནོམ་པ་དེ་ཉན་རང་གིས་ངེས་འབྱུང་གི་བསམ་པས་ཟོས་ན་རང་གི་སྡུག་བསྔལ་གཏན་ཞི་བ་ཙམ་དུ་འགྱུར་ལ། རྒྱལ་སྲས་ཀྱིས་སྙིང་རྗེ་ཆེན་པོའི་བློས་ཟོས་ནས་འཁོར་བར་བསྔོས་ན་ནི་གཞན་དོན་གྱི་བྱ་བ་སྒྲུབ་པ་ལ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཁོ་ནར་འགྱུར་ཏེ། ཀེ་ཏ་ཀའི་མེ་ཏོག་གླང་པོ་ཆེ་གཞན་གྱིས་ཟོས་ན་ལྕི་བ་དང་། སྤོས་གླང་གིས་ཟོས་ན་གླ་རྩི་ལྟ་བུར་འགྱུར་བ་དང་མཚུངས། སྟོང་རྟོགས་ཀྱིས་མ་བརྒྱན་པའི་སྙིང་རྗེ་ནི་ནོར་བུ་ཕལ་པ་དང་འདྲ། སྙིང་རྗེའི་སྤྲུལ་ཆེན་ཟབ་མོའི་ཤེས་རབ་ཀྱི་ནམ་མཁའ་ལྡིང་གི་ལྟོ་བའི་མེས་ལེགས་པར་སྦྱང་ན་གཞན་སྐྱོབ་པ་ལ་ནོར་བུ་

TN03_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༡""ཏོག་གི་བློ་གྲོས་ལྟ་བུར་འགྱུར། སྙིང་རྗེ་ཛམ་བུའི་ཤིང་ཐོག་དང་འདྲ། ཟབ་མོའི་ཤེས་རབ་མ་དྲོས་མཚོ་དང་འདྲ། དེ་དེས་བཟུང་ཞིང་རིང་དུ་བཟུང་ན་སྒྱུ་མ་ལྟ་བུའི་དབང་འབྱོར་གྱི་མཐུ་ཕུལ་བྱུང་ཛམ་བུའི་ཆུ་གསེར་དུ་འོང་སྟེ་སྙིང་རྗེ་དེ་ལ་ཆོས་ཀྱི་དབྱིངས་བསམ་མི་ཁྱབ་ཀྱི་བྱིན་རླབས་ཞུགས་པས་སོ། །འདི་ལྟར་སྙིང་རྗེ་དེ་ཆོས་དབྱིངས་རྟོགས་པའི་འབྱུང་ཁུངས་མཆོག་ནས་བྱུང་བའི་ཡོན་ཏན་ཡིན་པའི་ཕྱིར་ཏེ། དོན་ལ་ཆོས་དབྱིངས་རྟོགས་པས་ཤིན་ཏུ་ཟིན་པའོ། །སེམས་ཅན་ལ་དམིགས་པའི་སྙིང་རྗེ་སོགས་ནི་རྡོའི་ནོར་བུ་ལྟར་བཟང་ཡང་འོད་ཟེར་ཅང་མེད། དམིགས་མེད་ཀྱི་བརྩེ་བ་ནི་ཤེས་རབ་ཀྱ་སྣང་པ་འབར་བས་འཇིག་རྟེན་སྣང་ནུས། ༈ སྟོང་རྟོགས་ཀྱིས་ཟིན་ན་སྐྱོབ་ནུས་སུ་མཐོང་བ་ལྷག་པར་མ་ཟད། སྐྱོབ་དགོས་སུ་མཐོང་བའང་ཁྱད་འདོན་ཏེ། བདག་གཞན་མཉམ་པ་ཉིད་དུ་ལྷག་བསམ་དག་པའི་ས་ཞེས་པ་ལྟ་བུ། མཐོང་ནས་སོ། །བདག་ཆགས་ལྷག་པའི་སྐྱོན་ལྔ་དེ་དག་ལ། ཡོད་པ་དེ་དག་དེ་སྤོང་དོན་དུ་གསུངས། ཞེས་སོ། ༈ །རྟག་པ་དམ་པའི་ལག་རྗེས་འཇོག་བྱེད། ༈ །མྱ་ངན་འདས་ལ་མངོན་དགའི་ཕྱིར་ཞེས་འདི་སྐོར་མི་མཐུན་ཕྱོགས་དང་གཉེན་པོ་ཕྱོགས་ཀྱི་གཞི་ཤེས་ཀྱི་ཐད་དང་སྒྲིགས་དང་ལེགས་པོ་གོའོང་། ཞི་བདེ་དང་འཁོར་བའི་སྡུག་བསྔལ་ཁ་ཐག་རིང་བས་ཉན་རང་གི་ཐུགས་ལ་འགྲོ་བའི་སྡུག་བསྔལ་

TN03_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༢)གྱི་རྣམ་པ་འཆར་བའང་དཀའ། གོང་མའི་ལུགས་ལའང་། སྲིད་པའི་ཆོས་ཉིད་སྟོང་ཉིད་ཡིན་ཡང་། སྟོང་ཉིད་དང་ཀུན་རྫོབ་གཉིས་བློ་ངོར་རང་བཞིན་ཆེས་བསྐལ་བས་སྙིང་རྗེ་བྲལ་བས་སྟོང་རྟོགས་ལ་ཆིག་དྲིལ་བྱས་ན། མཐར་སྟོང་དབྱིངས་སུ་གཉིད་ལ་གཡུར་བ་ལྟ་བུ་དང་། འདུས་བྱས་འཁོར་བ་ལ་བློ་གཏན་མི་འཇུག་པ་འདྲ་མོ་ཡོང་། སྟོང་པ་ནམ་བསྒོམ་ལ་སྙིང་རྗེའི་རྩི་དྲག་པོས་ཟིན་ངེས་དང་། སྟོང་ཉིད་རྟོགས་རིམ་བཞིན་དེ་སྙིང་རྗེའི་གྲོགས་སུ་འགྲོ་ཚབས་ཇེ་ཆེ་དང་། སྙིང་རྗེ་ཡང་སྟོང་པའི་གྲོགས་སུ་ཇེ་འགྲོར་བསླབ་པས། བློ་གྲོས་རྒྱ་མཚོ་ཞུས་པར། ཤིང་སྡོང་གཅོད་པའི་དཔེ་དང་ཞིང་ལ་ཆུ་བཀྱེ་བའི་དཔེ་ལྟར། སྟོང་ཉིད་ལ་ཞུགས་ཚབས་ཆེ་རུང་། སྙིང་རྗེའི་ཤུགས་ན་རེ་བ་དང་། སྙིང་རྗེའི་དྲན་པ་མ་ཉམས་པར་ཡོད་པས། སྟོང་ཉིད་ལ་མཉམ་པར་བཞག་པའི་དུས་ཉིད་ན་འཁོར་བ་བློས་མ་དོར་བར་ཡོད་ཕྱིར། ནམ་ལྡང་བ་ན་དེ་མ་རྟོགས་པ་ལ་བརྩེ་བའི་སྙིང་རྗེའི་སྟེང་དུ་ཧྲིལ་གྱིས་འོང་། རིང་དུ་སོང་བར་བློ་ལྷག་པའང་སྟོང་ཉིད་སྙིང་རྗེ་སྦྲེལ་བའི་ལག་རྗེས་སོགས། ཉན་རང་གི་སྟོང་ཉིད་རྟོགས་པའི་ལྷག་མཐོང་ནི་ས་སྐམ་ལྟར་ཧྲོག་ཧྲོག་ཡིན། བྱང་སེམས་ཀྱི་ལྷག་མཐོང་ནི་སྙིང་རྗེའི་ཟིལ་བ་ཧྲོལ་ལེ་བ་རེད། ལར་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དང་། སྙིང་རྗེ་སྟོང་པའི་སྙིང་པོ་ཅན་ཟེར་ཏེ།

TN03_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༣)དེ་དག་ཙམ་མིན་གྱི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སྦྱིན་སོགས་སྤྱོད་པ་རྒྱ་ཆེན་པོ་ཐམས་ཅད་བྱའོ། །སྦྱིན་པའང་དེ་གཉིས་ཀྱི་སྙིང་པོ་ཅན་ཡིན་དུས་གཞན་ཅི་སྨོས། ཤིན་ཏུ་ཕྲ་བའི་སྟོང་ཉིད་ལ་དམིགས་པའི་ཤེས་རབ་དང་། ཆེས་རགས་པའི་སྲིད་པའི་སྡུག་བསྔལ་ལ་དམིགས་པའི་སྙིང་རྗེ་གཉིས་ཟབ་པ་དང་གསལ་བ་སྟེ། ཕན་ཚུན་གཅིག་གིས་གཅིག་རྩལ་འབྱིན་ཅིང་རྒྱས་པར་བྱེད་པ་འདི་ནི་རང་སེམས་ལ་འདོད་དགུར་དབང་སྒྱུར་བའི་གནད་ཆེན་པོ་སྟེ། ཐོད་རྒལ་གྱི་ཏིང་ངེ་འཛིན་ཡང་གནད་འདི་ལས་སླ་བར་གོ ༈ །ས་ཐོབ་ནས་སྨོན་ལམ་ཆེན་པོ་གྲངས་མེད་འབུམ་ཕྲག་བཅུ་བྱང་སེམས་ཀྱི་བསླབ་པ་མཐའ་དག་པའི་ཚུལ་ཁྲིམས་ཀྱི་གཞི་བླངས་པ་ལ་རྩལ་ཤིན་ཏུ་འབྱོར་བརགྱུར་ཏེ། དེ་འདྲ་བའི་ཀུན་ཏུ་བཟང་པོའི་སྨོན་ལམ་ཐམས་ཅད་པའི་རྩིའམ། འདུ་བྱེད་དམ་ཤུགས་དྲག་པོས། རང་བཞིན་དག་པའི་དེ་ཁོ་ན་ཉིད་རྟོགས་པའི་ཤེར་ཕྱིན་གྱི་མཉམ་བཞག་སེམས་ཅད་ཐམས་ཅད་དང་ཐུན་མོང་དུ་བསྔོས་པའམ། སྙིང་རྗེས་ཤེར་ཕྱིན་ལུས་ཅན་མ་ལུས་པའི་ཐུན་མོང་གི་སྤྱད་བྱར་བསྔོས་ཚུལ་ལམ་བརླབ་ཚུལ་ནི། མ་མཐའ་ཐེག་ཆེན་ཚོགས་ལམ་དུས་ནས་སྟོང་ཉིད་ལ་དམིགས་པའི་བསམ་བྱུང་ནམ་སྒོམ་དུ་དེ་གཞན་དོན་ཁོ་ན་ལ་དམིགས་ནས་སམ་གཞན་དོན་ཆེད་དུ་བྱ་བར་བཞག་ནས་སྒོམ་ལ། དེ་གོང་ནས་གོང་དུ་ནར་སོན་ནས་ས་ཐོབ་བར་དུ་མཐུ་ཇེ་ཆེར་འགྱུར་བའོ། །སེམས་ཅན་

TN03_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༤)ཐམས་ཅད་ཀྱི་ཉེར་འཚོར་བྱིན་གྱིས་བརླབས་པ་ཡིན་ལ། དེའི་རྒྱུ་མཚན་གྱིས་མཉམ་བཞག་དེ་ལ་འཁོར་བ་འཛིན་བྱེད་དམ་མངོན་མཐོ་སྒྲུབ་བྱེད་ཐབས་བསོད་ནམས་ཀྱི་ཚོགས་ཐམས་ཅད་ཀྱང་ནུས་པ་མཐུ་ཅན་དུ་ཚང་སྟེ། དེ་ཕར་ཕྱིན་དྲུག་ལྡན་དང་། སྒྲིབ་གཉིས་སྤོང་བའི་ནུས་ལྡན་དང་། ལོངས་སྐུའི་འཁོར་དུ་སྐྱེ་བ་ལེན་པའི་རྣམ་སྨིན་གྱི་རྒྱུ་སོགས་ཡིན་པའི་ཕྱིར་རོ། །དེས་ན་མཉམ་བཞག་དེ་ཀ་འཁོར་བ་ལས་འདའ་བྱེད་དུ་མ་ཟད། འཁོར་བར་གནས་བྱེད་ཀྱི་རྒྱུར་ཡང་འགྱུར། དེ་བཞིན་དུ་ཤེར་ཕྱིན་ངེས་བཟུང་བའི་འམ། དེ་སྙིང་པོར་ཡོད་པའི་སྙིང་རྗེའང་འཁོར་བར་གནས་བྱེད་དུ་མ་ཟད། འཁོར་བའི་ཉེས་པ་ལས་འདའ་བྱེད་དུའང་འགྱུར། བྱམས་སྙིང་རྗེ་འཇིག་རྟེན་གྱི་གཙོ་བོའི་གོ་འཕང་བྱེད་ཡིན་ལུགས་ཐད། རྒྱུ་བྱམས་པའི་དམིགས་རྣམ་རྒྱ་ཆེ་ཆུང་ལྟར། འབྲས་བུ་རྒྱལ་སྲིད་ཆེ་ཆུང་དུ་འགྱུར་ཚུལ། སྟོང་གསུམ་བྱམས་པའི་དམིགས་འོག་ཏུ་ཆུག་ན་ཚངས་ཆེན་དང་མི་མཇེད་བདག་པོར་སྐྱེ་བ་སོགས་བེ་བུ་མོ་སྔོན་པོ་ལྟར། ༈ །རྒྱུད་བླའི། ཇི་བཞིན་ཡང་དག༴ སྐྱེ་སོགས་རྣམས་ལས་ཞེས་པ་ནི་ཁྱད་གཞི་དཀར་བ་དང་། ཁྱད་ཆོས་མི་གོས་པ། སྙིང་རྗེའི་བདག་ཉིད༴ འཆི་དང་རྒ་དང་། ཞེས་པ་འདམ་ལས་སྐྱེས་དང་འདམ་ན་གནས་པའི་དེ་ཉིད། དེ་ནི་སྙིང་རྗེས་འཇིག་རྟེན་

TN03_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༥)སྡུག །དེ་ཉིད་ཀྱིས་ནི་ཡུན་རིང་གནས། །ཞེས་སོ། །ལུས་མི་གོས་པ་ནས། ངག །ཡིད། སྤྱོད་པ་མི་གོས་ཚུལ་མང་། སྐྱེ་འཆི་བར་དོའི་ཉེས་པ་དང་། སྙིགས་མ་ལྔས་མི་གོས་ཚུལ་སོགས། ༈ །རང་བཞིན་དག་པར་རྟོགས་པའི་བར་ཆད་མེད་ལམ། དེས་ལག་རྗེས་བཞག་པའི་རྣམ་གྲོལ་ལམ། ཐག་བསྲིང་གི་གཉེན་པོ་ཁྱད་པར་ལམ། དེའང་ས་བཅུའི་རིམ་པས་གོང་ནས་གོང་དུ་ཁྱད་ཞུགས་པས་ཁམས་གསུམ་ལས་ཤིན་ཏུ་འདས་པ་ཡིན། དེ་ལྟར་འདས་པ་དང་ཁྱད་དུ་འཕགས་པ་དོན་འདྲ། གོང་མས་འོག་མ་ཟིལ་གྱིས་གནོན་པ་དང་། དབང་བསྒྱུར་ནུས་པ་ནི་ཚངས་པས་འདོད་ལྷ་བཞིན་ནོ། །དེ་ལྟར་ཁམས་གསུམ་ལས་ཤིན་ཏུ་ཐག་བསྲིང་བའི་དབེན་པ་མཐར་ཐུག་བརྙེས་པ་ན། དབང་མེད་དུ་ཁམས་གསུམ་ན་སྤྱོད་པའི་ཆ་ཐམས་ཅད་ལྷག་མ་མེད་པར་གཏན་ལོག་ཏུ་སོང་བ་ཡིན་ཅིང་། དེ་ཉིད་ཀྱང་བསྐལ་པ་མཐའ་ཡས་པར་གོམས་ནས་ངང་དུ་གྱུར་པའི་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོས་འཁོར་བར་བསྡོས་པས། རང་དབང་ཆེན་པོ་ཐོབ་པས་དབང་ཕྱུག་ཅེས་བྱ། སྤྱན་རས་གཟིགས་ཞེས་པ་ལ་ཟབ་རྒྱ་ཆེའི་ཕྱོགས་ཀྱི་བཤད་ཚུལ་གཉིས་ཡོད་པ་བཞིན་དུ། དབང་ཕྱུག་ཅེས་པ་ལའང་ཟབ་རྒྱས་ཀྱི་ཕྱོགས་ནས་བཤད་ཚུལ་གཉིས་ཡོད་ལ། དེའི་ནང་ནས་རྒྱ་ཆེའི་ཕྱོགས་ལྟར་སྤྱོར་དུས་ཆོས་ཀྱི་དབྱིངས་དྲི་མ་མེད་པའི་རྒྱལ་

TN03_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༦)སྲིག་བརྙེས་ཀྱང་། ཞི་བདེ་དེས་ཅུང་ཟད་ཀྱང་མི་འཕྲོག་པར་མཐའ་དང་དབུས་མེད་པའི་འཁོར་བའི་གཟུགས་བཟུང་སྟེ་ཁམས་དབང་མོས་པ་ཚད་མེད་པའི་སེམས་ཅན་སྣ་ཚོགས་པའི་ཐབས་ཀྱིས་སོ་སོའི་དུས་ལས་སྐད་ཅིག་ཀྱང་མི་འདའ་བར་འདུལ་བ་དེ་ཡིན་འདྲ། དེའི་ཚེ་སྨོན་ལམ་དང་དམིགས་མེད་ཀྱི་སྙིང་རྗེ་ཡོངས་དག་ཁོ་ནས་ཆུའི་ཟླ་བ་དང་སྒྱུ་མའི་རྒྱལ་ཐབས་ལྟ་བུའི་གཟུགས་བཟུང་སྟེ། སྔོན་བསྐལ་པ་གྲངས་མེད་གསུམ་དུ་སེམས་ཅན་ཐམས་ཅད་བདག་གིར་བཟུང་། བདག་ཏུ་བཟུང་བའི་གཞན་གཅེས་འཛིན་གྱི་ནུས་པ་རྫོགས་ཤིང་ཀློང་དུ་གྱུར་པའི་དབང་གིས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སུ་གདུལ་བྱའི་དཀྱིལ་འཁོར་ལ་དབང་བསྒྱུར་བའི་འཇིག་རྟེན་དབང་ཕྱུག་མིང་དོན་མཐུན་པར་འགྱུར་བ་ཡིན་ནོ། །འདི་ལྟར་བྱས་ན་ཁམས་གསུམ་གྱི་དབང་པོའི་ལག་རྗེས་འཇོག་བྱེད་ཀྱང་ཤེས་རབ། ཏིང་ངེ་འཛིན་སྙིང་རྗེ་ཆེན་པོ་གསུམ་ཀ་ཡིན་ལུགས་དཔྱད་སླ། ༈ །སྒྲོལ་མའི་མཚན་བརྒྱ་འགྱུར་གསར་ལེགས་པ་ལས། དཔལ་ལྡན་ཡིད་འོང་པོ་ཊ་ལ། སྣ་ཚོགས་ཁམས་ཀྱིས་རྣམ་པར་སྤྲས། སྣ་ཚོགས་ལྗོན་པ་འཁྲི་ཤིང་བཀྲམ། །འདབ་ཆགས་དུ་མ་སྒྲ་འབྱིན་པ། །འབབ་ཆུ་སྣ་ཚོགས་ལྷུང་ལྷུང་སྒྲོགས། །རི་དྭགས་མང་པོས་ཀུན་ཏུ་དཀྲིག །མེ་ཏོག་སྣ་ཚོགས་རིགས་རྣམས་ཀྱིས། །ཀུན་ཏུ་དྲི་ཡིས་བཀང་བ་སྟེ། །སྣ་ཚོགས་ཡིད་

TN03_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༧)།འོང་འབྲས་བུར་ལྔན། །རྐང་དྲུག་པ་རྣམས་གླུ་སྒྲ་འབྱིན། །མིའམ་ཅི་རྣམས་དབྱངས་སྙན་ལེན། །གླང་པོ་མྱོས་པས་རབ་ཏུ་གཏམས། །གྲུབ་པ་རིག་འཛིན་ཚོགས་དང་ནི། །དྲི་ཟ་རྣམས་ཀྱིས་གླུ་བླངས་པ། །ཐུབ་པ་འདོད་ཆགས་བྲལ་རྣམས་ཀྱིས། །རྟག་ཏུ་ལེགས་པར་བསྟེན་པ་ན། །བྱང་ཆུབ་སེམས་དཔའི་ཚོགས་གཞན་དང་། །ས་བཅུའི་དབང་ཕྱུག་རྣམས་ཀྱང་སྟེ། །འཕགས་མ་སྒྲོལ་སོགས་ལྷ་མོ་རྣམས། རིག་པའི་རྒྱལ་མོ་སྟོང་རྣམས་དང་། ཁྲོ་བོའི་རྒྱལ་པོའི་ཚོགས་གཞན་དང་། །རྟ་མགྲིན་ལ་སོགས་ཀྱིས་བསྐོར་བའི། །སེམས་ཅན་ཀུན་ལ་ཕན་བརྩོན་པ། །བཅོམ་ལྡན་འདས་ནི་སྤྱན་རས་གཟིགས། །བཞུགས་ཏེ་དེ་ནས་དཔལ་དང་ལྡན། །པདྨའི་སྙིང་པོའི་གདན་བཞུགས་པའི། །དཀའ་ཐུབ་ཆེན་པོ་དང་ལྡན་པ། །བྱམས་དང་སྙིང་རྗེ་ལྡན་པ་ཡིས། །ལྷ་ཡི་འཁོར་ནི་ཆེན་པོ་ལ། །དེ་ཡི་ཆོས་ནི་སྟོན་པར་བཞེད། །ཅེས་གསུངས། ཡང་དེ་ལས། སྐྱོབ་པ་འོད་དཔག་མེད་པ་ཡི། །སྨོན་ལམ་དབང་གིས་བྱུང་བ་སྟེ། །བདག་གི་ཨརྱ་པ་ལོ། །བཀའ་ཡིས་འཇིག་རྟེན་མ། །སྙིང་རྗེ་ཆེ་དང་ལྡན་པ་ཡིས། །འགྲོ་བ་འདོན་པར་བརྩོན་པ་མོ། །ཉི་མ་ཤར་བ་དང་འདྲ་བ། །ཟླ་བ་ཉ་འདྲ་བྱད་ཀྱི་འོད། །ལྷ་དང་ལྷ་མིན་མིར་བཅས་པ། །

TN03_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༨)འདི་རྣམས་སྒྲོལ་ཞིང་སྣང་བར་བྱེད། །འཇིག་རྟེན་གསུམ་པོ་གཡོ་བར་བྱེད། །གནོད་སྦྱིན་སྲིན་པོ་འཇིགས་པར་བྱེད། །ལྷ་མོ་ཨུཏྤལ་སྔོན་པོའི་ཕྱག །མ་འཇིགས་མ་འཇིགས་ཞེས་བརྗོད་མ། །འགྲོ་བ་ཡང་དག་བསྲུང་དོན་དུ། །རྒྱལ་བ་རྣམས་ཀྱིས་བདག་བསྐྱེད་པས། །འབྲོག་དགོན་མཚོན་ཆ་ལྟུང་བ་དང་། །སྣ་ཚོགས་འཇིགས་པ་འཁྲུགས་པའི་ཚེ། །མིང་རྣམས་དྲན་པ་ཉིད་ཀྱིས་ནི། །བདག་གིས་རྟག་ཏུ་སེམས་ཅན་སྲུང་། །སྣ་ཚོགས་འཇིགས་པའི་རྒྱ་མཚོ་ལས། །སེམས་ཅན་ཐམས་ཅད་བདག་གིས་བསྒྲལ། །དེས་ན་བདག་ལ་འཇིག་རྟེན་དུ། །ཐུབ་པའི་ཚོགས་ཀྱིས་སྒྲོལ་མར་སྒྲོགས། །ཞེས་སོ། ༈ །བཟླས་པའི་ངེས་ཚིག་ནི་དགེ་བ་ལ་བརྩོན་པས་རྒྱལ་བར་འགྱུར་ཞིང་ཡོན་ཏན་རྨད་དུ་བྱུང་བས་བཟླས་པ་སྟེ། རྩེ་མོ་ལས། རྨད་བྱུང་ཆེན་པོའི་བཟླས་པ་བྱ། །ཅི་ཡི་ཕྱིར་ན་བཟླས་པར་བརྗོད། །དགེ་བ་ལ་བརྩོན་རྒྱལ་འགྱུར་ཞིང་། །རྨད་བྱུང་རྣམས་ཀྱང་མཐོང་བར་འགྱུར། །བྱང་ཆུབ་སྤྱོད་པ་རྒྱལ་འགྱུར་ཞིང་། །སངས་རྒྱས་རོལ་པ་མངོན་པར་འགྱུར། །ཞེས་སོ། །ཞེས་པ་ཀུན་རིག་ཊི་ཀ་ཆེན་ལས་སོ། ༈ །རྣམ་སྣང་མངོན་བྱང་གི་རྒྱུད་ཕྱི་མར་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་ལ་གནས་པས་གཏོར་མ་སྦྱིན་པར་གསུངས་ཞེས་ཀུན་རིག་

TN03_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༩)ཊི་ཀ་ཆེན་ལས་ཆ་གསུམ་འགྲེལ་ཐད་དུའོ། ༈ །འཕགས་མཆོག་འཇིག་རྟེན་དབང་ཕྱུག །ཉག་གཅིག་དཔའ་བ། འཇིག་རྟེན་མ་ལུས་པ་ལ་སྲུང་བ་གཅིག་པུ་མཛད་པ། ཞེས་སོ། ༈ །ཇི་ལྟར་སྙིང་རྗེ་གོམས་པ་དེ་ལྟར་སྙིང་རྗེའི་བྱེ་བྲག་ཏུ་འགྱུར། སྙིང་རྗེའི་སྲོག་ཚུལ་ཁྲིམས་ཀྱིས་འཛིན་ཏེ། བྱང་སྡོམ་གྱི་སྲོག་ཀྱང་སོ་ཐར་གྱི་སྡོམ་པའི་ཚུལ་ཁྲིམས་ཡིན་ཅིང་། དེའི་སྲོག་ཀྱང་གཞན་ལ་མི་འཚེ་བའི་བརྟུལ་ཞུགས་རེད་པས་ཚུལ་ཁྲིམས་ལྡན་ན་ངང་གིས་སྙིང་རྗེ་དང་མཐུན་པའི་རྒྱུད་བཟང་པོར་འགྱུར། སྡུག་བསྔལ་བརྒྱ་རྩ་བཅུ་སོགས་དམིགས་པ་མང་ཞིང་རྒྱ་ཆེ་བ། སྦྱོང་ཚུལ་རྒྱུ་འབྲས་བདུན་མ་དང་མཉམ་བརྗེ་སོགས་མང་ངོ་། །སྙིང་རྗེའི་རྣལ་འབྱོར་རྒྱུན་མི་འཆད་པའི་འཕེན་སྨོན་དང་རྒྱུ་མཐུན་གྱིས་སྐྱེ་བ་དཔག་མེད་དང་བསྐལ་པ་ཚད་མེད་པར་སྦྱང་བ། འགྲུས་པར་རམ་བསྒྲིམས་ཏེའམ་སེམས་ཐམས་ཅད་ཀྱིས་བསླབ་པ་བར་མ་ཆད་པར་སྦྱང་བ། བཟོད་པའི་སྒོ་ནས་ལོག་སྒྲུབ་སོགས་ཀྱིས་མི་འཕྲོག་པའི་རྩལ་ཐོན་པ་སྟེ་བྱང་བ། བསམ་གཏན་གྱི་སེམས་རྟེན་ལ་སྙིང་རྗེ་སྦྱང་བ། ཤེས་རབ་ཀྱི་སྟོབས་ཀྱིས་དམིགས་མེད་ཀྱི་སྙིང་རྗེར་བྱས་པ། སྙིང་རྗེ་དང་སྦྱིན་སོགས་ལ་གང་བསླབ་སྙིང་རྗེ་ཆེན་པོ་བརྒྱུད་པའི་ཆེད་དུ་བསྔོ་བ། སྙིང་རྗེ་འཕེལ་བ་བརྟན་

TN03_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༠)སོགས་ཕྱིར་སངས་རྒྱས་གྲངས་མེད་མཆོད་པ་སོགས་སྒོ་ཚད་མེད་ནས་སྙིང་རྗེའི་ཤུགས་རྒྱས་པ་རེད། ཅི་ཙམ་དུ་སྙིང་རྗེ་ལྷག་པ་དེ་ལྟར་གཞན་ཕན་གྱི་དགའ་བ་ལྷག་པར་འགྱུར་བ་ནི། དམིགས་ཡུལ་གྱི་སེམས་ཅན་ཅི་ཙམ་ཕོངས་ཤིང་རྒུད་པས་ཉེན་པ་དེ་ལྟར་དེ་ལ་དམིགས་པའི་སྙིང་རྗེ་ལྷག་པར་འགྱུར་ལ། དེ་ཅི་ཙམ་ལྷག་པའི་ཚོད་ཙམ་དུ་དེ་དག་བསྐྱབ་པ་ལས་བྱུང་བའི་དགའ་བ་ལྷག་སྟེ། བུ་ལ་ཚེར་མ་ཟུག་པ་དང་། བུ་རྒྱལ་པོ་གདུག་པའི་ཁྲི་མུན་དུ་ཆུད་པ་གཉིས་མ་ལ་སེམས་ཁྲལ་སྐྱེ་ཕུལ་མི་འདྲ། དེའི་དབང་གིས་སྔ་མ་ཐོན་པ་དང་། ཕྱི་མ་ལས་ཐར་པའང་དགའ་བ་ཆེ་ཆུང་ཕྱོགས་མི་འདྲ་བ་ལྟ་བུའོ། །འཕགས་མཆོག་དམྱལ་བར་མང་དུ་འབྱོན་པའང་དེར་འབྱོན་པ་ལ་དགྱེས་ནས་ཡིན་གྱི། མི་དགྱེས་བཞིན་མིན་ལ། དེའང་དམྱལ་བ་ན་ཆེན་པོའི་འབྱོར་པ་བླ་མེད་ཡོད་པའི་དབང་གིས་ཏེ། ཆེན་པོའི་འབྱོར་པ་ནི། ཆེན་པོ་ནི་འཁྲི་ཤིང་ལ། ཟླ་བའི་ཀུན་དགའ་ཉི་མའི་རབ་གསལ་དང་། །སོགས་དང་། སློབ་སྤྲིང་དུ། རང་དོན་འགལ་མེད་ཆེན་པོ་རྣམས་ཀྱི་རང་བཞིན་དེ་འདྲ་སྟེ། །ཞེས་དང་། དབུ་མ་སྙིང་པོའི་ལེའུ་དང་པོར། རིགས་ངན་དང་རྒྱལ་པོ་ཆེན་པོའི་དཔེས་བཤད་པ་ལྟར་ཡིན་ཅིང་། དེའི་འབྱོར་པ་ནི་སེམས་ཅན་ཡོངས་སུ་སྨིན་པའི་གཞན་ཕན་གྱི་

TN03_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༡)དགའ་བའོ། །དེའི་ཕྱིར་འཁོར་སྒྱུར་ལྷའི་སྐྱེད་ཚལ་དུ་འཇུག་པ་ལྟ་བུར་ཟ་མ་ཏོག་ལས་གསུངས། གཞན་ཕན་གྱི་དགའ་བ་ཅི་ཙམ་ཡོད་པ་གསལ་བར་ཕོངས་པ་ལ་རང་སྲོག་དང་རྒྱལ་སྲིད་ཆེན་པོ་བྱིན་ཚེ་རྟེན་གྱི་དགའ་བ་ཕུལ་བྱུང་གི་ཚོད་ཙམ་ཡུལ་ལ་མེད་པར་མདོ་རྒྱན་ལས་དང་། འཇུག་པར། །ཇི་ལྟར་བྱིན་ཅིག་ཅེས་སྒྲ་སོགས་ཀྱི་འགྲེས་སྦྱར་ན་སླ། །དེ་འདྲའི་གཞན་ཕན་གྱི་བདེ་བ་ནི་གཞན་འཕྲུལ་འདོད་བདེ་དང་ཚངས་པའི་བསམ་གཏན་བདེ་བ་དང་ཉན་རང་གི་ཞི་བའི་བདེ་བ་གང་གིས་ཀྱང་མི་མཚོན་པར། སློབ་སྤྲིང་གི །གཞན་ཕན་དགའ་བ་རྣམས་ཀྱི་སོགས་དང་། སྤྱོད་འཇུག་གི སེམས་ཅན་རྣམས་ནི་གྲོལ་བ་ན། །སོགས་ལྟར་རོ། །སྤྱན་རས་གཟིགས་ཀྱི་དབང་པོའི་མཚན་དོན་ཐད། རང་བཞིན་དག་པའི་ཆོས་ལ་གཟིགས་པ་ལ་དབང་ཐོབ་པའམ་དབང་སྒྱུར་བརྙེས་པའི་དོན་ནི། །སྙིང་རྗེ་ཤིན་ཏུ་ཤུགས་དྲག་སྟོབས་ལྡན་གྱི་རྩིའི་གཞན་དབང་དུ་གྱུར་པའི་སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་འཛིན་ཕུལ་བྱུང་གི་མཐུས་བསམ་གཏན་རྣམས་བཟློག་ནས་འདོད་ཁམས་སུ་འགྲོ་བ་ལྔའི་གཟུགས་སྣ་ཚོགས་སུ་སྐྱེ་བ་སྟོན་པ་དང་། རང་བཞིན་དག་པའི་ཆོས་ལ་དམིགས་པའི་ཏིང་འཛིན་གོམས་པས་འགོག་པ་ཐོབ་པ་ཞེས་བསྐལ་བ་ལ་སོགས་པར་

TN03_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༢)རང་བཞིན་དག་པའི་དབྱིངས་ལས་མི་ལྡང་བའི་མཐུ་ཡུན་རིང་མོ་ནས་ཐོབ་ཀྱང་། ས་བདུན་པར་བློ་ལྷག་སྟོབས་ཀྱིས་ཞི་མཐའ་འགོག་པའི་ནུས་པ་ཐོབ་ཅིང་། ས་དགུ་པར་ཞི་མཐའི་འཇིགས་པ་དང་བྲལ་ནས་ཡུན་རིང་ལོན་པ་ལ་སོགས་པའི་སྒོ་ནས་ཟག་མེད་ཀྱི་དབྱིངས་སུ་མི་ལྷུང་བར་འཁོར་བར་གཟུགས་སྣ་ཚོགས་འཛིན་པ་སྟེ། མདོར་ན་རང་བཞིན་དག་པའི་དབྱིངས་ལ་གཟིགས་པའི་ཏིང་ངེ་འཛིན་རྩལ་རྫོགས་ཀྱང་རྣལ་འབྱོར་པ་ཏིང་ངེ་འཛིན་གྱི་གཞན་དབང་དུ་ཕར་མི་འཆོར་བར། ཏིང་ངེ་འཛིན་དེ་རྣལ་འབྱོར་པའི་རང་དབང་དུ་ཚུར་འདུས་ནས་གང་འདོད་བྱར་ཡོད་པ་སྟེ། འདི་ཀོ་ས་ལའི་རྒྱན་ལ་བརྟེན་ནས་བཤད་དོ། ༈ །པད་གླིང་གཏེར་བྱོན་གཡུ་སྒྲོན་མའི་སྒྲུབ་ཐབས་དང་པྲ་སྒྲུབ་ན། བདག་བསྐྱེད་ཐུགས་རྗེ་ཆེན་པོའི་བྱེད་པར་བཤད་དེ། པྲ་སྒྲུབ་ལ་བདག་བསྐྱེད་དེ་ལྟར་བསྔགས་པ་ནི། པྲ་སྔགས་ལ་ཆུ་བུར་མིག་གི་སྒོ་སོལ། ཞེས་མེད་པར་སྔགས་འབྲུ་དྲུག་དང་། སྤྱན་རས་གཟིགས་ཀྱི་མོ་སྟོན་ཞེས་འབྱུང་བ་ལྟར་སྤྱན་རས་གཟིགས་མིག་འབྱེད་དམ་སྤྱན་འབྱེད་ཀྱི་ལྷར་བསྔགས་པའི་རྒྱུ་མཚན་གྱིས་ཡིན་པར་མངོན། ཡོ་ག་ལས་མངོན་ཤེས་ཀྱི་ལྷར་བསྔགས་པ་ཏིང་ངེ་འཛིན་གྱི་ལྷར་སེམས་དཔའ་བཅུ་དྲུག་འབྱུང་བའི་ཐད་ནས་གསུངས་པ་ལྟ་བུའི་གནད་

TN03_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༣)ཀྱིས་ཡིན་ཏེ། དེའི་སྟེང་ནས་ཀྱང་རྣོ་མཐོང་མངོན་ཤེས་རིགས་སྤྱི་ལ་བསྔགས་པར་རྟོགས་ནུས་པ་འདྲ་སྟེ་ གསང་བ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་དཀྱིལ་ཆོག་རྔོར་ཕྲེང་དང་སྔགས་རིམ་ལས་ཀྱང་སྤྱན་རས་གཟིགས་ལ་བརྟེན་ནས་རྨི་ལམ་བརྟགས་པ་གསུངས་སོ། ༈ །སྤྱན་རས་གཟིགས་དབང་ཕྱུག་གི་སྒྲའི་ཟུར་ཕྱི་མ་འདིར་འདི་ངེས་ན་བྲིས་པ་འདིའི་རིགས་པ་སྦྱར་ན། སྲིབ་ངོ་འདིར་འཁོད་འདི་ནི་སྟོང་རྟོགས་སོར་རྟོག་ཡེ་ཤེས་ལ་སྦྱར་བ་སྟེ། དེས་དཔགས་ནས་སྙིང་རྗེ་ལ་སྦྱར་ན། འཁོར་བ་པ་རྣམས་ལ་སྙིང་རྗེའི་འཛུམ་མིག་རྟག་ཏུ་ཆགས་པས་འཁོར་བར་སྐྱེ་བ་འཛིན་ཀྱང་མི་དམིགས་པའི་ཤེས་རབ་ཀྱིས་ཤིན་ཏུ་ཟིན་པའམ་དམིགས་མེད་ཀྱི་སྙིང་རྗེ་ཡིན་ཕྱིར་རང་དབང་བརྙེས་པས་ཅི་འདོད་དུ་འཁོར་བ་ན་གཟུགས་འཛིན་པར་ཟད་ཀྱི། འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་པས་ཀྱང་་། སོགས་ལྟར་དབང་མེད་དུ་སྐྱེ་བ་སོགས་མིན་གྱི། སྙིང་རྗེས་འཁོར་བ་འཛིན་བཞིན་དུ་དག་པའི་ཆོས་དབྱིངས་སུ་འདོད་དགུར་སྤྱོད་ནུས་པའོ། །སོར་རྟོག་དང་སྦྱོར་ཚེ་ཀུན་སྙིང་དང་ཤཱཀྱ་མི་ཏྲ་ཅུང་མི་འདྲའམ་དཔྱོད། གྲུབ་ཆེན་མི་ཏྲ་ལྟར་ན། ཡོ་ག་དང་བསྟུན་ཚེ་མ་ི་རང་བཞིན་དག་པའི་རྣལ་འབྱོར་དང་། པདྨེ་གཟུགས་སྣ་ཚོགས་ལ་སྦྱར་ནས་ཟབ་རྒྱས་ཀྱི་མདོ་སྡེ་བསྡུས་པར་

TN03_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༤)བཤད་ལོ། བཀའ་འབུམ་ན་པདྨེ་ཤེས་རབ་དང་། མི་ཏྲས་པདྨེ་ཐབས་ལ་སྦྱར་མོད། གཉིས་ཀ་ཕྱག་མཚན་བཞིན་དུ་བྱ་རྒྱུ་ཡིན་ཏེ། མ་ི་པདྨེ་ཞེས་པའང་ནོར་བུ་པདྨ་ཅན་ཞེས་པར་བཤད་པས་ནོར་པད་འཛིན་པ་ཞེས་པའམ་ཕྱག་ན་ནོར་པད་ཞེས་པར་འགྱུར་བས་སོ། །གུར་འགྲེལ་དང་བསྟུན་ཚེ་ཕྱག་མཚན་ལ་མི་བྱེད་པ་འདྲ། དེས་ན་གུར་འགྲེལ་ན་མ་ི་པདྨེ་གཉིས་ཀ་སོར་རྟོག་ལ་སྦྱར་ཡང་། བཀའ་འབུམ་ན་མ་ི་སྟེ་བགྲང་ནོར་སྙིང་རྗེར་སྦྱར་བ་་འགྲོས་ཐ་དད་རེད་དམ་བརྟགས། ཡང་ན་མི་ཏྲའི་བཤད་ཚུལ་ཡང་ཕྱག་མཚན་ལ་སྦྱོར་མི་དགོས་སམ་སྟེ། རྗེ་དགེ་འདུན་རྒྱ་མཚོས་ཡེ་ཞེས་པ་ཅན་ལ་མ་བཤད་པར་འབོད་པ་ལ་བཤད་པ་ལྟ་བུ། གལ་ཏེ་མི་ཏྲ་དང་བཀའ་འབུམ་བསྟུན་རྒྱུ་བྱེད་ན། ཀྲི་ཡོག་གི་པདྨའི་བཤད་ལུགས་མི་འདྲ་སྟེ། བྱ་སྤྱོད་དུ་པདྨ་དཀར་པོ་མཛད་ནས་པདྨ་སྙིང་རྗེ་དང་། དེའི་ཁ་དོག་དཀར་པོ་རང་བཞིན་དག་པ་མཁྱེན་པའི་སོར་རྟོག་ཡེ་ཤེས་ལ་སྦྱར། ཡོ་གར་པདྨ་དམར་པོ་མཛད་ནས་པདྨ་ཆོས་ཀྱི་ཏིང་འཛིན་ནམ་རང་བཞིན་དག་པའི་ཏིང་འཛིན་དང་། དམར་བ་སྙིང་རྗེ་ལ་སྦྱར། དེ་བཞིན་དུ་པད་དཀར་ཁོ་ནའང་ཁྱད་གཞི་འམ་རྟེན་གཞིའི་སྟེང་ནས་བཤད་ཚེ་མི་ཏྲ་ལྟར་དང་། ཁྱད་ཆོས་སམ་རྟེན་ཆོས་ཀྱི་ངོས་ནས་བཤད་ན་བཀའ་འབུམ་ལྟར་

TN03_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༥)འགྱུར། །མ་ི་བགྲང་ནོར་དུ་བྱེད་ཚེའང་། ཡིད་སྐྱོབ་ཀྱི་ཆ་ནས་རང་རྒྱུད་ལྡན་སྐྱོབ་ཚེ་མི་ཏྲ་ལྟར། གཞན་རྒྱུད་སྐྱོབ་པར་སྦྱར་ཚེ་བཀའ་འབུམ་ལྟར། འདི་ཐམས་ཅད་དཔྱད་གཞིར་བཀོད། ༈ །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པ་རྣམས་ཀྱི་ལུས་ནི་ཐེག་པ་ཆེན་པོའི་དམ་པའི་ཆོས་ཀྱི་རང་བཞིན་གྱི་ལུས་ཡིན་ཕྱིར། གོམ་པ་འདེགས་འཇོག །ལག་པ་བརྐྱང་བསྐུམ། དབུགས་འབྱུང་རྔུབ། སེམས་སེམས་བྱུང་། སེམས་བསྐྱེད་པའི་སྐད་ཅིག་ཐམས་ཅད་ཕ་རོལ་ཕྱིན་དྲུག་དང་ལྡན་པ་ཁོ་ནར་འབྱུང་སྟེ། སྤོས་ཀྱི་རིགས་འབུམ་ཕྲག་སྦྱར་བའི་ཕྱི་མའམ་ལྡེ་གུ་ལ་སྤོས་སྣ་གཞན་དང་མ་འདྲེས་མ་བསྒོས་པའི་སྤོས་རྡུལ་ཅིག་ལེན་རྒྱུ་མེད་པ་ལྟ་བུར་མདོ་ལས་གསུངས། ཡིག་དྲུག་ཕྱིན་དྲུག་གི་ངོ་བོ་ཉིད་ཡིན་ཅིང་། ལྷ་སྔགས་ཡེ་ཤེས་དབྱེར་མེད་པས་སྤྱན་རས་གཟིགས་ཀྱི་གསང་གསུམ་གྱི་ཆ་ཕྲ་མོ་རེའང་ཡིག་དྲུག་འདུས་པའི་རང་བཞིན་མ་ཡིན་པ་མེད་ལ། ཡིག་དྲུག་གི་ཡིག་འབྲུ་རེ་རེའི་ཐོག་མཐའ་དབུས་ཀྱི་ཆ་ཕྲ་མོ་རེ་ཡང་རྗེ་བཙུན་གྱི་ཐུགས་རྒྱུད་ཀྱི་ཕྱིན་དྲུག་ཀུན་འདུས་ཀྱི་རང་བཞིན་མིན་པ་ཡོང་ཡེ་མེད་པར་ཤེས་པར་བྱའོ། ༈ །གཡས་པའི་ཕྲེང་བ་སྙིང་རྗེ། གཡོན་པའི་པདྨ་ཤེས་རབ་ལྟ་བུ་མི་ཟེར་བར། ཕྲེང་བས་སྟོང་ཉིད་

TN03_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༦)སྙིང་རྗེས་གྲངས་མེད་པའི་སེམས་ཅན་ཡང་ཡང་སྐྱོབ་པའི་ཡོན་ཏན་དང་། པདྨས་སྟོང་ཉིད་སྙིང་རྗེའི་མི་གོས་པའི་ཡོན་ཏན་མཚོན་ཏེ། མདོར་ན་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རྣལ་འབྱོར་གྱིས་གཞན་ཡིད་སྐྱོབ་པ་དང་། རང་རྒྱུད་མི་གོས་པའི་ཡོན་ཏན་སོ་སོར་སྟོན་ནམ་བྱའམ་དཔྱད། ༈ །འོག་བྲིས་འདིས་དག་ཐེར། གླེང་གཞི་ནི། སྤྱིར་བོད་དང་བོད་ཆེན་གྱི་ཡུལ་ཡང་མི་མཇེད་ཀྱི་ཞིང་གི་ཁོངས་སུ་ཐུབ་པས་བཟུང་བ་སྨོས་མི་དགོས་ཀྱང་། ནང་གསེས་སུ་རྒྱལ་སྲས་ཆེན་པོ་སོ་སོ་བཞུགས་ནས་བརྐྱང་བའི་ཁྱད་པར་དུ་མ་ཡོད་པ་ལས། བོད་འདྲེ་སྲིན་གདུག་པའི་ཡུལ་འདི་སྔ་ནས་རྗེ་འདིས་རང་གི་བཞུགས་གནས་དང་གདུལ་ཞིང་དུ་ཐུགས་རྗེ་དང་སྨོན་ལམ་གྱི་ས་བཟུང་ཞིང་བྱིན་གྱིས་བརླབས་ནས། ཁོ་བོ་ལ་སོགས་འོག་བྲིས་ལྟར་རོ། །དེས་ན་བདེ་བ་ཅན་དུ་སྐྱེས་ཚད་འོད་དཔག་མེད་ལ་འབྲེལ་བ་ཆེ་བ་ཁོ་ན་ཡིན་པར་དཔོགས་ནུས་པ་ལྟར་བསྟན་པ་འདི་ལ་མི་མཇེད་དུ་སྐྱེས་ཚད་ཤཱཀྱའི་རྒྱལ་པོས་སྔོན་བསྡུ་བཞིའི་སྤྱོད་པའི་ཤས་ཀྱིས་ཟིན་པ་རེ་ཡིན་དགོས་ཏེ། དེའི་ཞིང་ཡིན་པའི་ཕྱིར། དེ་ལས་ཀྱང་བོད་དུ་སྐྱེས་ཚད་སྤྱན་རས་གཟིགས་ལ་ལྷག་པར་ལས་འབྲེལ་ཆེ་བ་ཁོ་ན་ཡིན་པར་བསྟན་པ་འདིར་བོད་དུ་སྐྱེས་པའི་རྟགས་ཀྱི་དཔོགས་ནུས། དེས་ན་འདི་ཐམས་ཅད་

TN03_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༧)ཀྱི་རྩ་བར་སྟོན་པས་བོད་འདི་འཕགས་པ་འདི་ལ་གཏད་ཅིང་ལུང་བསྟན་པ་དེ་གྲུབ་ན་དེས་འཐུས་ལ། དེ་ནི་ཆོས་རྒྱལ་བཀའ་འབུམ་དང་། བཀའ་ཆེམས་ཀ་ཁོལ་མ་སོགས་ཀྱིས་འགྲུབ་ཅིང་། ཕྱག་རྡོར་དབང་བསྐུར་གྱི། བྱང་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་ལག་ན་པདྨ་འགྲུབ་བོ། །ཞེས་པའང་དེ་ལྟར་རོ། །བོད་འདི་ཤཱཀྱའི་རྒྱལ་པོའི་ཞིང་གི་ཆ་ཤས་སུ་འདོད་དགོས་ལ། ཞིང་གཅིག་ན་སྟོན་པ་གཅིག་ཏུ་ཟད་པས་སྤྱན་རས་གཟིགས་ཀྱི་ཞིང་དུ་ཇི་ལྟར་རུང་ཞེ་ན། གླིང་བཞི་ཡོངས་རྫོགས་འཁོར་སྒྱུར་གཅིག་གི་མངའ་འོག་ཡིན་ཡང་། ནང་གསེས་སུ་ཁམས་ཀྱི་རྒྱལ་པོ་བརྒྱད་ཁྲི་སོགས་ལ་སོ་སོར་དབང་བའི་ཡུལ་འཁོར་རིས་སུ་བཅད་པ་རེ་ཡོད་པ་མི་འགལ་བ་ལྟ་བུ་སྟེ། རྗེ་བཙུན་འདི་འོག་མིན་དུ་སངས་རྒྱས་ཟིན་དང་། བདེ་བ་ཅན་ན་རྒྱལ་ཚབ་གཅིག་པུ་ཡིན་ཡང་ཞིང་འདིར་མཛད་པ་བསྟན་ཚུལ་ལ་བསམ་དགོས། ༈ །མ་ི་ནི་ནོར་བུ་སྟེ། རྟོག་པ་མེད་པ་དང་། དགོས་འདོད་སྦྱིན་པ་གཉིས་ཀྱི་གཞི་མཐུན་ལྟར། སྤྲོས་པའི་རྟོག་པ་མེད་པ་དང་། གཞན་དོན་གྱི་ཕྲིན་ལས་རྟག་ཁྱབ་ཏུ་འབྱུང་བའི་གཞི་མཐུན་ཏེ། དེ་འདྲ་སྟོང་རྟོགས་ཀྱི་ཤེས་རབ་རྐྱང་པ་གོམས་པ་ལ་མེད་ཀྱི། སྟོང་རྟོགས་དེ་སྙིང་རྗེའི་སྙིང་པོ་ཅན་དུ་བྱས་ནས་མཐར་ཕྱིན་པ་ཁོ་ན་

TN03_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༨)ལས་སོ། །དེས་ན་མ་ི་ཞེས་པས་སྟོང་རྟོགས་ཀྱི་ཤེས་རབ་བསྟན་པ་ཙམ་མིན་ཏེ། དེ་ལ་དགོས་འདོད་འབྱུང་བའི་དོན་མ་ཚང་བའི་ཕྱིར་རོ། །དེས་ན་ཤེས་རབ་དེ་སྙིང་རྗེའི་སྙིང་པོ་ཅན་དང་། ཤེས་རབ་དེ་ཉིད་ཀྱིས་སྲིད་ཞིའི་མཐའ་གཉིས་སེལ་ཚུལ་ལམ། དོན་གཉིས་ཕུན་ཚོགས་སྟེར་ཚུལ་སྟོན་པའི་ཚིག་ནུས་ཆེན་པོ་དང་། སྟོན་ཚུལ་ཁྱད་པ་ཅན་ཡིན་པས་འཇམ་ཞུད་མ་བྱེད། དེའི་འགྲོས་ཀྱིས། པདྨ་ཡང་ཆུ་ལས་སྐྱེས་ཤིང་ཆུའི་དཔལ་དུ་གྱུར་པ་དང་། སྙིང་རྗེ་དེ་ཕུལ་དུ་བྱུང་བའི་ཡོན་ཏན་གྱི་ལང་ཚོ་འཇིག་རྟེན་སྡུད་པས་འཁོར་བའི་གནས་ལ་མཛེས་པ་སྐྱེད་ཅིང་ཉམ་དགའ་དགའ་ལྟར་བྱེད་པས། ཡོན་ཏན་ནི་གཞན་ལ་ཕན་འདོགས་པའི་ཡོན་ཏན་ནོ། །ཆུའི་ཉེས་པ་ཉ་ལྕི་བས་དང་འདམ་གྱི་སྐྱ་དྲི་སོགས་ཀྱིས་མ་གོས་ཤིང་དཀར་མདངས་དྲི་མེད་ཉིས་ཚོགས་ཀྱི་སྟེང་ནས་སྙིང་རྗེ་སྟོང་ཉིད་ཀྱི་སྙིང་པོ་ཅན་ཞེས་དམིགས་མེད་ཀྱི་སྙིང་རྗེ་འཆད་ཚུལ་ཤེས་སླ། ༈ །འཕགས་པས་པདྨ་དམ་པ་ལ་མ་ི་བྱིན་པའི་ཚེ་གླིང་བཞི་ལྷ་གནས་དང་བཅས་པ་ཤིང་ཆུ་སྐྱེས་ཀྱི་འདབ་མ་བཞིན་དུ་འགུལ། རྒྱ་མཚོ་བཞི་ཡང་འཁྲུགས། བགེགས་དང་བར་ཆད་བྱེད་པ་ཐམས་ཅད་ཀྱང་སྐྲག་ཅིང་བྲོས་པར་གསུངས་ཏེ། ཕྱག་སྟོང་སྤྱན་སྟོང་གི་མདོར། རིག་སྔགས་འདིས་ནི་རི་རྣམས་འཇོམས་ཤིང་རྒྱ་མཚོ་ཆེན་པོ་སྐེམ་པར་བྱེད་དོ། །ལྷ་མ་ཡིན་གྱི་དམག་རྣམས་རྣམ་པར་བཅོམ་

TN03_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༩)ནས་ཕམ་པར་བྱེད་དོ། །ཡུལ་འཁོར་རྣམས་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་རྣམས་ཡོངས་སུ་སྲུང་བར་བྱེད་དོ། །འདྲེ་གདོན་དང་། ནད་དང་། སྨན་གྱི་དུག་དང་། སྲིན་བུའི་དུག་དང་། ལོག་པ་དང་། མ་རུངས་པའི་མི་རྣམས་ཕམ་ཞིང་རབ་ཏུ་ཞི་བར་བྱེད་དོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བཏུལ་ནས་རབ་ཏུ་དུལ་བར་བྱེད་དོ། །ཞེས་གསུངས་པ་དང་འདྲའོ། །ཟ་མ་ཏོག་གི་གོང་འོག་གཉིས་ཙམ་ན། ཕྱག་བརྒྱ་སྟོང་པ། སྤྱན་བྱེ་བ་བརྒྱ་སྟོང་པ། །དབུ་བཅུ་གཅིག་པ་ཞེས་འབྱུང་ཞིང་། དོན་ཡོད་པའི་ཞགས་པ་སྟོན་པ། ཞེས་འབྱུང་བ་འཕགས་པ་ཡི་གེ་དྲུག་པ་ལ་བསྔགས་པའི་སྐབས་ཡིན་པས། ཡིག་དྲུག་ཉིད་བཅུ་གཅིག་ཞལ་དང་དོན་ཞགས་ཀྱི་སྔགས་སུ་ཡང་འགྱུར་བར་ཤེས་ནུས་སམ་དཔྱོད། ༈ །ཡང་གཤིན་རྗེའི་རྒྱལ་པོས་བསྟོད་པར། ནད་ལས་ཡོངས་སུ་ཐར་བར་མཛད་པ། ཞེས་པས་ནད་ཞིའི་སྔགས་སུ་འགྲུབ་བམ་སྙམ་པའང་དེ་བཞིན་ནོ། ༈ །ཡང་ཕྱག་སྟོང་སྤྱན་སྟོང་ལས། ཟས་སྐོམ་དུག་ཅན་གྱིས་ནི་གསོད་པའི་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །དུག་ཉིད་ཟིལ་མངར་ཟས་སྐོམ་ཉིད་དུ་འགྱུར། །ཞེས་སོ། ༈ །ཀུན་སྙིང་གི་འགྲོ་འདུལ་འགྲེལ་པར། ཆོས་ཐམས་ཅད་རང་

TN03_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༠)བཞིན་གྱིས་རྣམ་པར་དག་པ་བདག་ཡིན་ནོ་ཞེས་བསྒོམ་ལ་ནང་གི་བདག་ཉིད་ཅན་གྱི་ཁྲུས་བྱས་ཏེ། སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ་དངོས་པོར་འཛིན་པའི་མངོན་པར་ཞེན་པ་མི་བྱའོ། །ཞེས་སོ། །འདི་དང་ཨ་བ་ཏ་རའི། དཔའ་བོའི་རང་བཞིན་གྱི་ང་རྒྱལ་བྱ་སོགས་བསྒྲིག་ཚེ་པདྨ་དཀར་པོའི་ཁ་དོག་གི་དེ་ཉིད་ཀྱིས་བགེགས་དང་ཉམས་གྲིབ་སོགས་སེལ་ཚུལ་ཤེས། ༈ །རྡོ་རྗེ་ཆོས་ནི་གླུར་བླང་བས། ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོའི་སེམས་དང་སེམས་ལས་བྱུང་བ་དང་པདྨའི་རིགས་ནི་རྡོ་རྗེ་ཆོས་སོ། །དེ་གླུར་བླང་བ་ནི་ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པའོ། །ཞེས་སོ་སོར་རྟོག་པ་སྟེ། །དེའང་གསལ་བའི་དབྱེ་བས་རྣམ་པ་སྣ་ཚོགས་སོ་སོར་རྟོག་པ་ཡིན་ཏེ། དེ་བས་ན་གླུར་བླངས་པ་ཞེས་གསུངས་པ་ཡིན་ནོ། །ཞེས་དེ་ཉིད་སྣང་བ་ལས་སོ། ༈ །ལོ་རྒྱུས་ཐད། བོད་འདིར་ཕན་བདེའི་སྣང་བ་རྒྱ་ཆེར་འཆར་བའི་གླེང་གཞི་གཙོ་ཆེ་ཤོས་ནི། ཕྱོགས་འདིའི་འགྲོ་བ་རྣམས་འཕགས་པ་ལ་ལས་ཀྱི་འབྲེལ་བ་ལྷག་པར་ཆེ་ཞིང་། །འཕགས་པ་ཉིད་ཀྱི་སྔོན་གྱི་སྨོན་ལམ་གྱི་དབང་དང་། སྟོན་པས་ཀྱང་ཡུལ་འདི་རྗེ་བཙུན་འདིའི་གདུལ་ཞིང་དུ་བྱིན་གྱིས་བརླབས་པའི་མཐུས་སོ། །སྨོན་ལམ་ནི། །གངས་རིའི་ལྗོང་དེ་སྙིང་རྗེའི་བསིལ་འོད་དང་རྗེས་སུ་

TN03_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༡)མཐུན་པས་བདག་གི་ཞིང་དུ་དང་། དེར་ཁོ་བོ་ལ་ལས་སྨོན་གྱི་འབྲེལ་བ་ཅན་རྣམས་ཤས་ཆེར་འབྱུང་བར་དང་། །བདག་གི་མཐུས་དེ་ན་ཐམས་ཅད་ཀྱང་རིག་སྔགས་ཀྱི་རྒྱལ་མོ་སྨྲ་བར་གྱུར་ཅིག་སོགས་ཡིན་ཏེ། བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སྨོན་ལམ་གྱི་རིགས་པ་སྦྱར་བའོ། ༈ །འཕགས་པའི་རྣམ་ཐར་ནི་མདོ་སྡེ་བཞི་དང་མདོ་སྡེ་དུ་མའི་གླེང་གཞི་སོགས་ནས་རྒྱས་པར་འབྱུང་ལ། སྔགས་དང་དཀྱིལ་འཁོར་དང་བསམ་གཏན་དང་ཕྲིན་ལས་ལ་སོགས་པའི་སྒོ་ནས་རྒྱུད་སྡེ་བཞི་ཀ་ལས་ཡང་ཡང་གསུངས། འཕགས་མ་སྒྲོལ་མ་དཀར་སྔོ་དང་། གོས་དཀར་མོ། །ལོ་གྱོན་མ། རྨ་བྱ་ཆེན་མོ་སོགས་མགོན་པོ་འདིའི་ཏིང་ངེ་འཛིན་གྱི་སྐུའི་ཆ་ཤས་ལས་བྱུང་བར་གསུངས་ལ། དཔལ་ན་ག་ཛུ་ནས་དེ་དག་གི་ནང་ཚན་རྨ་བྱ་ཆེན་མོའི་རིག་སྔགས་ལ་བརྟེན་ནས་ཀླུའི་འཇིག་རྟེན་དུ་འགྲོ་བའི་དོན་མཛད་ཅིང་། རྒྱལ་བའི་ཡུམ་རྒྱས་པ་སོགས་མི་ཡུལ་དུ་སྤྱན་དྲངས་པར་གྲགས་ཏེ། འཇམ་དཔལ་རྩ་རྒྱུད་ལས། རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །ཅེས་གསུངས་པ་དང་མཐུན་ཏེ། ཀླུ་སྒྲུབ་ཀྱིས་ལྷ་འདི་གྲུབ་ལ་ཚད་བཟུང་མེད་ཀྱང་། འཇིག་རྟེན་ཡོངས་གྲགས་ལ་སྨོས་མ་ཐག་པའི་མཛད་པ་འདི་ཁོ་ན་གྲགས་ཆེ་བར་མ་

TN03_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༢)ཟད་ཀླུ་སྒྲུབ་ཅེས་པའི་མཚན་ཡང་དེའི་སྒོ་ནས་གསོལ་བ་ཡིན་ཅིང་། མཛད་པ་དེ་རྨ་བྱ་ཆེན་མོའི་རིག་སྔགས་ཀྱི་སྒོ་ནས་མཛད་ཅེས་བྱས་ན་ཐུགས་དམ་ལྷའི་ནང་ནས་དེ་ཁོ་ན་སྨོས་པའི་རྒྱུ་མཚན་ཡང་བཤད་བདེ་བ་འདྲ། དེར་མ་ཟད་བཤད་བྱ་ཤེར་ཕྱིན་གྱི་མདོ་སྡེ་སྤྱན་དྲངས། འཆད་བྱེད་དབུ་མ་རྩ་བ་མཛད་ནས་དེའི་མཚན་ལའང་ཤེས་མདོ་ལས་ཤེས་རབ་ཅེས་བཏགས་ཏེ། འདི་གཉིས་ཤིང་རྟའི་སྲོལ་འབྱེད་ཀྱི་དང་པོར་འཇོག་བྱེད་དང་། ཐེག་ཆེན་གྱི་བསྟན་པ་ལ་བཀའ་དྲིན་ཆེ་བར་བྱེད་པའི་སྒོ་ཆེ་ཤོས་སོ། །གཞན་ཡང་ཡེ་ཤེས་སྙིང་པོ། །ཙནྡྲ་གོ་མི། ཙརྤར་ཏི་པ། སྒྲ་མཁན་པ་ི། བྲམ་ཟེ་མོ་རབ་གསལ་ངང་ཚུལ། བྲམ་ཟེ་མཆོག་སྲེད། བྲམ་ཟེ་བ་སུ་ནེ་ཏྲ། དགེ་སློང་མ་དཔལ་མོ། ཚོང་དཔོན་གྱི་བུ་སུ་ཁ་དེ་བ་ཁྱོ་ཤུག་ཁངྒ་པ། ཀ་མ་ལ་གོ་མི། །དགེ་བསྙེན་ཞི་བའི་གོ་ཆ། བཛྲ་དེ་བ། དཔལ་ལྡན་མར་མེ་མཛད་ཡེ་ཤེས། གྲུབ་ཆེན་དཔེ་མེད་འཚོ། མི་ཏྲ་ཛོ་ཀི །རྣམ་རྒྱལ་གྲགས་པའི་ལྷ། སངས་རྒྱས་གསང་བ། སངས་རྒྱས་ཞི་བ་སོགས་འཕགས་པའི་རིག་སྔགས་གྲུབ་པའི་གཏམ་རྒྱུད་མང་། ལྷོ་ཕྱོགས་དཔལ་གྱི་རིར་ཀླུ་སྒྲུབ་ཀྱི་སྐུ་གདུང་གི་རྫུ་འཕྲུལ་གྱིས་རྡོ་ལ་བྱོན་པའི་འཕགས་པ་གཙོ་འཁོར་ལྔ་པ། ཨོ་ཊི་བི་ཤར་རྡོ་རྗེ་དྲིལ་བུ་པས་རྫུ་

TN03_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༣)འཕྲུལ་གྱིས་སྤྱན་དྲངས་པའི་རྡོ་སྐུ། ཤར་ཕྱོགས་ཁར་ས་པ་ིའི་ལྷ་ཁང་སོགས། ༈ །མི་དབང་གཽ་སཱ་ལ་ནི་ཁ་སར་པ་ིའི་གཙུག་ལག་ཁང་དུ་ཕྱིན་ནས་གསོལ་བ་བཏབ་པས་རྒྱལ་སྲིད་ཐོབ་བའོ། །གཏེར་སྟོན་ཆེན་པོ་ཕལ་ཆེར་གྱི་ཐུགས་དམ་གྱི་མཐིལ་ཡང་འདི་ལ་མཛད་དེ། ཉང་། ཆོས་དབང་། སངས་གླིང་། གཏེར་བདག་གླིང་པ་སོགས་ཀྱི་ལོ་རྒྱུས་ཀྱིས་ཤེས། ཕྱི་མ་འདིའང་བདེ་གཤེགས་ཀུན་འདུས་སུ། པདྨ་དབང་གི་སྙིང་ཁྲག་གཏེར་སྒོ་འབྱེད། །ཅེས་དང་། འགྱུར་མེད་རྡོ་རྗེ་པདྨའི་རིགས༔ ཞེས་སོ། །གློང་གཉིང་གི་དང་པོར་ཡང་ཐུགས་རྗེ་ཆེན་པོའི་སྐོར་བྱུང་ཚུལ་ཌ་ཀིའི་གསང་གཏམ་ལྟར། དེར། ཐུགས་རྗེ་ཆེན་པོའི་ཞལ་མཐོང་ཞིང་། །ཞེས་པ་ལྟར། བོད་གངས་ཅན་གྱི་ལྷ་གཅིག་སྙིང་རྗེའི་གཏེར། །སོགས་དང་། གསོལ་འདེབས་ཞལ་གཟིགས་མར། འཕགས་པས་རྗེས་སུ་བཟུང་བའི་རྟགས༔ སོགས། ༈ ཡི་གེ་ཕྱེད་བཞི་པ་དང་། ཁརྶ་པ་ིའི་ཡིག་བཞི་དང་། བྱ་རྒྱུད་དུ་ཛི་ཛི་ཛི་ནཾ་སོགས་དང་། དོན་ཞགས་དང་བཅུ་གཅིག་ཞལ་གྱི་གཟུངས་རིང་སོགས། འཕགས་པའི་རིག་སྔགས་མཐའ་ཡས་ཀྱང་། བྱིས་པ་བརྡ་མི་འཕྲོད་པ་ལ་ཡང་། བསླབ་མི་དགོས་པར་རང་ཤེས་སུ་འོང་བའི་སྒོ་ནས་སྐྱོབ་པ་

TN03_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༤)འཇིག་རྟེན་དབང་ཕྱུག་མི་མཆོག་དམན་མེད་པའི་སྙིང་དང་ཁའི་སྒོར་རིག་སྔགས་ཀྱི་གཟུགས་ཀྱིས་བཞུགས་ནས་བྱིན་གྱིས་རློབས་པའི་རྟགས་མི་འཁྲུལ་བ་མ་ི་འདི་ལ་མངོན་སུམ་དུ་གྲུབ་པ་འདྲ་བ་གང་ཡང་མི་སྣང་སྟེ། དེ་ལྟར་སྔགས་འདི་ནི་བོད་ལ་རང་བཞིན་གྱིས་གྲུབ་པར་ཤིན་ཏུ་གསལ་བ་ཡིན་ཞིང་། བོད་སྤྱིའི་ཆོས་སྐལ་གཅིག་པུ་ཟླ་མེད་ཅིང་། གཅིག་ཆོག་ཡིད་བཞིན་ནོར་བུའི་གཏེར་ཡིན་པར་ཤེས། ཟླ་མེད་པ་ཞེས་པ་འདི་ལ་མྱང་རྒྱུ་ཞིམ་པོ་ཡོད། ༈ །བཀའ་གདམས་བརྒྱུད་པ་ན་ཡང་། ཐུགས་རྗེ་ཆེན་པོའི་གྲུབ་ཐོབ། ཡོལ་ཆོས་དབང་། རྔོག་སྒོམ་ཡོན་ཏན་རྒྱལ་པོ། ཆག་ཁྲི་མཆོག་སོགས་ཇོ་བོའི་དངོས་སློབ་དང་། སླད་ནས་རྒྱལ་སྲས་རིན་པོ་ཆེ་ཐོགས་མེད་བཟང་པོ་དཔལ་སོགས་སྨྱུང་གནས་བརྒྱུད་པ་ཉི་ཕུག་པ་མན་ཆད་ཐམས་ཅད་དང་ཐིག་ལེ་བཅུ་དྲུག་གི་བརྒྱུད་པའི་བླ་མ་སོགས་བཟང་མང་བྱོན། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་ཀྱང་མ་ི་དུང་ཕྱུར་གཉིས་གསུངས། ༈ །ལྷ་འདིའི་རིགས་ཀྱི་ཞི་དྲག་གི་ལྷ་གཞན་རྣམས་ཀྱང་མཁྱེན་བརྩེ་ནུས་གསུམ་ལས་ཤས་ཆེར་བརྩེ་བའི་རིགས་ཀྱི་ལྷ་ཡིན་སྟབས་གཞན་ལས་བྱིན་རླབས་མྱུར་བ་ཤ་སྟག་སྟེ། སྒྲོལ་མ་དཀར་མོ། ལྗང་མོ། རྟ་མགྲིན། ཛམ་

TN03_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༥)དཀར། མགོན་པོ་མྱུར་མཛད་སོགས་སོ་ཞེས་ཀོང་སྤྲུལ་རིན་པོ་ཆེ་གསུང་། ༈ །རིགས་གསུམ་བྱེད་དུས། བརྩེ་བའི་རིགས་ལ་ནུས་པའི་རིགས་ཀྱི་དངོས་གྲུབ་ཚང་བ་ཆོས་དམིགས་ཀྱི་སྙིང་རྗེ་ལ་སེམས་ཅན་ལ་དམིགས་པ་ཚང་ཡང་གསུམ་དུ་ཕྱེ་བའི་སེམས་ཅན་ལ་དམིགས་པ་མིན་པ་ལྟ་བུ། བླ་མེད་དུའང་ལས་རིགས་པདྨའི་རིགས་སུ་འདུ་གསུངས། ༈ །བོད་འདིར་ཕྲིན་ལས་ཆེ་བའི་འཕགས་པའི་གདམ་པ་ནི། དཔལ་མོ་ལུགས་ཀྱི་སྨྱུང་གནས། ཇོ་བོའི་ཡི་གེ་དྲུག་པ། སྲོང་བཙན་བཀའ་འབུམ་རྣམས་ཡིན་སྣང་། ཕྱི་མ་འདི་གྲུབ་ཐོབ་དངོས་གྲུབ་ནས་རོག་བདེ་གཤེགས་ཆེན་པོ་ཤེས་རབ་འོད་དང་། མངའ་བདག་ཉང་གཉིས་ལ་བཀའ་བབས་ཤིང་། གྲུབ་མཐའ་ཐམས་ཅད་ལ་དར། ཆོས་དབང་ཡང་སྙིང་འདུས་པའང་ཕྲིན་ལས་ཚད་མེད། གཞན་ཡང་དམ་པ་དམར་པོ་བ་རི་ལྕོ། །གཉན་ཚེམ་བུ་པ་མཚན་དར་མ་འོད་ཟེར་ཏེ། འདི་ལ་འཕགས་པ་ཉིད་ཀྱིས་ཡི་གེ་དྲུག་པའི་བསྐྱེད་རྫོགས་ཀྱི་དམར་ཁྲིད་གནང་བ་ཟབ་པར་གྲགས་ཤིང་དམ་པ་དུ་མས་ཐུགས་དམ་མཛད། སོགས་ནས་བརྒྱུད་པ་མང་། དེ་འདྲ་རྣམས་རབ་བྱུང་དང་སྔགས་པ་རྣམས་ལ་དར་ཆེ་བ་རེད། མི་ནག་ཚོ་ལའང་རིས་མེད་དུ་ཁྱབ་པ་ནི། འབྲུ་དྲུག་ཆིག་རྐྱང་དེའོ། ༈ །ལྷན་སྐྱེས་རོལ་པས་མཛད་པའི་

TN03_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༦)སྒྲུབ་ཐབས་སུ། སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་རྟོག་པའི་སྔགས་ཀྱི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་འདི་མཚན་མ་མེད་པའི་སྦྱོར་བས་བལྟ་ཞིང་བཟླས་པ་བྱའོ། །ཨོཾ་མ་ི་པདྨེ་ཧཱུྃ། ཞེས་སོགས་རྒྱ་གཞུང་རྣམས་ལས་ཡིག་དྲུག་ཁོ་ན་འབྱུང་ཡང་། གཏེར་ཕྱོགས་སུ་ཡིག་བདུན་མང་ལ། དེའི་རྒྱུ་མཚན་ཡང་བྱང་གཏེར་ལས། ཕྱི་ནི་སྲོག་སྦས་ཞི་བའི་ཚུལ༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ ཞེས་པ་ནས། གསང་བ་སྲོག་གི་མཐའ་རྟེན་ཅན༔ སྙིགས་མའི་དུས་སུ་སྲོག་མཐར་རྟེན༔ ཞེས་གསུངས་ཏེ། སྤྱིར་ཡིག་དྲུག་རང་ཡང་ཐུགས་སྲོག་སྐུལ་བའི་སྔགས་ལས་མ་འདས་མོད། འོན་ཀྱང་གཉིས་ཀ་སྐུལ་བྱེད་ཡིག་དྲུག་དང་། བསྐུལ་བྱ་སྲོག་ཡིག །དངོས་སུ་སྦྲེལ་ནས་བཟླས་ན་ཐུགས་རྗེ་གནད་ནས་སྐུལ་བ་ལ་ལྷག་པར་རྣོ་བས། སྔགས་འགྲུབ་པར་དཀའ་བའི་དུས་སུ་འདི་གཙོ་བོར་གཟུང་ཞེས་པ་ཡིན་ནམ་དཔྱད། ༈ །རྡོ་རྗེ་སྙིང་པོ་རྒྱན་ལས་སོགས། འཕགས་ཡུལ་པ་ཆེན་ཚོས་ཀྱང་བྱང་སེམས་ཆེན་པོའི་ནང་ནས་སྤྱོད་པ་རྨད་བྱུང་འབུར་ཆ་ཐོན་པར་བསྔགས་ཏེ། བཤེས་སྤྲིང་དང་སྤྱོད་འཇུག་གསང་བ་གྲུབ་པར་སྔགས་ཀྱི་ལྷའི་ནང་ནས་ཀྱང་འབུར་དོད་དུ་གསུངས་ཤིང་བསྔགས། ལྷ་གཞན་གྱི་བསྟོད་པར་ཡང་བསྔགས་ཏེའམ་གཞན་ལ་བསྟོད་པའི་སྒོ་ནས་ཀྱང་འདི་ལ་སྟེ། ཐམས་ཅད་

TN03_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༧)མཁྱེན་བཤེས་ཀྱིས། འཕགས་པ་འཇིག་རྟེན་དབང་ཕྱུག་ཞབས་མཐིལ་བཀྲ་ཤིས་ཀྱི། སོགས་དང་། བྲམ་ཟེ་ཕུར་བུས། སྤྱན་རས་གཟིགས་དབང་སོགས་དང་། ཉི་མ་སྦས་པའི་ཕྱག་འཚལ་དང་པོའི་འགྲེལ་པ། དེ་ནས་རྒྱ་གར་དུ་གྲུབ་བརྙེས་བྱུང་རབས། ༈ །བཤེས་སྤྲིང་གི་དོན། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་བདག་ཉིད་ཆེ་བས་ཁམས་གསུམ་གྱི་དབང་པོ་བརྙེས་ནས་འགྲོ་བ་ཉམ་ཐག་རྣམས་ཀྱི་མགོན་མཛད་པའི་སྒོ་ནས་བྱང་སེམས་གཞན་ལས་འབུར་དོད་དུ་བསྔགས་པར་སྣང་། སྤྱོད་འཇུག་ཏུ། ཐུགས་རྗེའི་སྤྱོད་པ་མ་འཁྲུལ་པ། །ཞེས་ཕུལ་བྱུང་མ་ལྟར། ཐབས་མཁས་པའི་སྙིང་རྗེ་ཆེན་པོའི་སྒོ་ནས་བྱང་སེམས་ཀྱི་སྤྱོད་པ་འཁྲུལ་པ་སྟེ། དྲི་མའི་ནག་ནོག་ཅུང་ཟད་ཀྱང་མེད་པ། དེའི་ཚུལ་ཅུང་རྒྱས་ནི། དེ་བས་ཇི་ལྟར། ཡང་ན་ཐུགས་རྗེའི་སྤྱོད་པ་ནི། རིན་ཆེན་ཕྲེང་བར། རང་གི་དོན་ལ་མི་ལྟ་བར། །སོགས་ལྟར་གཞན་ཕན་གྱི་སྤྱོད་པ་རེད་ལ། དེ་མ་འཁྲུལ་པ་ནི་རང་དོན་ཡིད་བྱེད་སོགས་ཀྱི་དྲི་མ་མེད་པ་ཆུང་ངུ་ན། སོགས་བྱིས་པ་རྣམས་ཅི་བྱེད་རང་བདེ་འདོད་པ་ཕུགས་བཅུག་ལས་མི་འདའ་ཞིང་། རང་འདོད་ལ་བར་གསེང་མི་འཆོར་བ་ལྟར། དེ་གོ་བཟློག་པའི་སྟེང་ནས་བསྔགས་ཏེ། འཁོར་གྱི་འཇིགས་པའང་བསལ་བའི་ཕྱིར། །ཞེས་

TN03_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༨)སྡོང་པོ་བཀོད་པའི་ལུང་དང་སྦྱར་བར་མཛད། འདིའང་བཤེས་སྤྲིང་གི །འགྲོ་བ་ཉམ་ཐག་མང་པོ་རྗེས་བཟུང་སྟེ། །ཞེས་པའི་རྒྱས་བཤད་ལྟ་བུར་འགྱུར། དེ་ལྟར་བདག་གཞན་མཉམ་བརྗེའི་སྒོ་ནས་བསྔགས་པ་འདིས། དེ་ལྟར་རྒྱུད་ནི་གོམས་གྱུར་པས། །སོགས་ལྟར་ལྷར་བཅས་འཇིག་རྟེན་ཉན་རང་མན་ཆད་དང་ཐུན་མོང་མ་ཡིན་པའི་གཞན་ཕན་གྱི་བདེ་བའི་འབྱོར་པ་རྒྱ་ཆེ་ལ་གྱ་ནོམ་པ་མི་འཕྲོག་པའི་སྒོ་ནས་བསྔགས་པར་ཡང་འགྲོ་སྟེ། ལྷ་དབང་དང་འཁོར་སྒྱུར་ལ་འདོད་ཡོན་གྱི་དཔལ་འབྱོར་དང་། ཚངས་པ་ལ་བསམ་གཏན་གྱི་དགའ་བས་བསྔགས་པ་སོགས་ནི། འདི་དང་གཤིབ་ན་ཉི་མའི་དྲུང་ན་མེ་ཁྱེར་དང་། ཛམ་གསེར་དང་ར་གན་བཞིན་ནོ། །མདོ་རྒྱན་དུ། རྒྱན་དང་སྟོན་མོ་ས་མཆོག་རྩེ་དགའ་བ། །སོགས་དང་གཅིག་རེད། ༈ །བོད་འབངས་སྤྲེའུ་དང་བྲག་སྲིན་ལས་ཆད་ཟེར་ཏེ། དེར་སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་ཞེས་གྲགས་པ་ལྟར་ན། རང་རེ་ཚོའི་རིགས་བརྒྱུད་ཀྱི་དང་པོ་ནས་འཕགས་མས་བྱིན་གྱིས་བརླབས་པར་མངོན། དེ་ནས་དམ་པའི་ཆོས་ཀྱི་སྲོལ་འཛུགས་པའི་ཐོག་མར་ལྷ་ཅིག་ཀོང་ཇོར་མཛད་དེ་ཇོ་བོ་རིན་པོ་ཆེ་བོད་ཡུལ་གྱི་ལྟེ་བར་སྤྱན་དྲངས་ནས་ས་གཞི་བྱིན་གྱིས་བརླབས། བཙན་པོ་ཁྲི་སྲོང་གིས་བསམ་ཡས་བཞེངས་དུས་ཀྱང་

TN03_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༩)སློབ་དཔོན་ཆེན་པོས་ཏཱ་རེའི་ལྷ་ཁང་མ་བཞེངས་བར་དུ་གཙུག་ལག་ཁང་བཞེངས་སུ་མི་བཏུབ་གསུངས་ཏེ་ཨརྻ་པ་ལོའི་གླིང་སྔོན་ལ་བརྩིགས། སློབ་དཔོན་ཆེན་པོའི་བཀའ་བརྒྱུད་གཙོ་བོར་གྱུར་པའི་བོད་འབངས་ལ་བཀའ་དྲིན་འགྲན་ཟླ་བྲལ་བ་ཇོ་མོ་མཚོ་རྒྱལ་ཡང་སྒྲོལ་མའི་སྐུའི་རྣམ་འགྱུར་ཁོ་ནར་རད་གླིང་དང་རིག་འཛིན་འཇིགས་མེད་གླིང་པ་དང་ལྔ་པ་ཆེན་པོའི་གདམས་ངག་སྐོར་ནས་གསུངས། ཕྱིས་སུ་གླང་དར་མས་བསྟན་པ་བསྣུབས་སྟེ་ལོ་ཆེན་རིན་བཟང་སོགས་ཀྱིས་ཀྱང་སོར་ཆུད་པར་གསོ་མ་ནུས་པའི་སྐབས་སུ་དཔལ་ལྡན་མར་མེ་མཛད་ཡེ་ཤེས་སྒྲོལ་མའི་ལུང་གིས་བསྐུལ་ནས་བྱོན་ཏེ་རྒྱལ་བསྟན་ཉིན་མོ་ལྟར་གསལ་བར་མཛད། འདིའི་དངོས་སློབ་ལ་ནག་ཚོ་ལོ་ཙཱ་བ་དང་། རྔོག་གསང་ཕུ་བ། ཀ་བ་ཤཱཀྱ་དབང་ཕྱུག །གློ་བོའི་ཡུལ་གྱི་སྟོན་པ་ཡང་རབ། གུང་ཐང་གི་སྒོམ་ཆེན་གཞོན་ནུ་ཚུལ་ཁྲིམས། ཞང་བཙུན་དྲི་མེད། བཙུན་པ་དགེ་བ་སྐྱོང་། རྣལ་འབྱོར་པ་ཁྲི་མཆོག་སོགས་སྒྲོལ་མའི་ཞལ་མཐོང་གི་གྲུབ་ཐོབ་མང་དུ་བྱུང་། རྣལ་འབྱོར་པ་ཁྲི་མཆོག་ཆོམ་རྐུན་གྱི་འཇིགས་པ་ལས་བསྐྱབས་པ་དང་། ཁ་རག་སྒོམ་ཆུང་གིས་སྲོགས་ཆགས་གྲངས་མེད་པ་རི་མེ་ཤོར་བས་འཚིག་ཏུ་ཉེ་བ་གཟིགས་ནས་སྒྲོལ་མ་ལ་

TN03_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༠)བོས་ཤིང་མེ་ནང་དུ་མཆོང་བས་ཆུས་བཏབ་ལྟར་ཞི་བ་དང་། ས་སྐྱ་བདག་ཆེན་བཟང་པོ་དཔལ་ལ་གདུང་རྒྱུད་ཀྱི་མཆོག་སྩལ་བ་དང་། རོང་པ་སྒ་ལོའི་སྲས་དང་ཉེ་གནས་ཁྲི་མོན་ནས་བཏོན་པ་དང་། གཉན་ལོ་རྒྱ་གར་དུ་དུག་སྦྲུལ་ལས་བསྐྱབས་པ་དང་། འབྲི་གུང་སྤྱན་སྔའི་ཉེ་གནས་ཧོར་མི་ཆེན་གྱི་ཆད་པ་ལས་བསྐྱབས་པ་དང་། སྟེང་བ་ལོ་ཙ། ཆག་དགྲ་བཅོམ། ཞྭ་དམར་རྟོགས་ལྡན་གྲགས་པ་སེང་གེ་སོགས་ཚད་ནད་ལས་དང་། བླ་མ་རིན་ཡེ་བ་ཆུའི་འཇིགས་པ་ལས་དང་། རྟ་པ་བདུན་ཆུས་ཁྱེར་བ་རྒྱལ་སྲས་ཆོས་རྫོངས་བས་སྒྲོལ་མ་ལ་གསོལ་འདེབས་མཛད་པས་བདེ་བར་བསྐྱབས་པ་སོགས་སྔོན་དང་ད་ལྟར་བྱུང་བ་གྲངས་མེད། སྤྱན་སྔ་བའི་སློབ་མ་དགེ་བཤེས་སྒྲེ་པས་སྣེའུ་ཟུར་བ་ལ་བདག་གིས་མི་གཡོ་བའི་ཡིག་བཅུ་བཟླས་པས་མི་གཡོ་བའི་ཞལ་མཐོང་སྟེ། དེའི་ཚེ་སྔོན་ལ་སྒྲོལ་མ་མཐོང་བ་ཞིག་བྱུང་བ་ཅིས་ཡིན་ཞུས་པས། ཡི་དམ་གྱི་ལྷ་གང་གི་ཞལ་མཐོང་ཡང་སྔོན་ལ་ལས་ཀྱི་ལྷ་མོ་ཡིན་པས་སྒྲོལ་མ་མཐོང་བ་ཆོས་ཉིད་ཡིན་གསུང་། ཞང་སྟོན་དགྲ་འཇིགས་ཀྱིས་ཀྱང་སྨན་བླ་དང་འཕགས་པ་བཅུ་གཅིག་ཞལ་མཇལ་ཚེ་ཐོག་མར་སྒྲོལ་མ་ཞལ་གཟིགས་གསུང་། ཆོས་རྒྱལ་འཕགས་པ་རིན་པོ་ཆེར་གཞན་གྱིས་སྔགས་ཀྱི་ལྷའི་ནང་ན་

TN03_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༡)འགྲུབ་ཐག་ཉེ་ཤོས་གང་ཡིན་དྲིས་པའི་ལན་དུ། གསང་སྔགས་ཕྱི་ནང་ཐུན་མོང་གི་ལྷའི་ནང་ན་འཕགས་མ་སྒྲོལ་མ་དང་། ཐུན་མིན་ལ་བདེ་མཆོག་ཉེ་ཞིང་མྱུར་བར་འཇམ་དབྱངས་ས་པ་གསུངས་པར་བཤད། འཇམ་དཔལ་རྩ་རྒྱུད་དུ། འདི་ནི་འབད་མེད་གྲུབ་པ་སྟེ། །ཞེས་སོ། །ཐུབ་བསྟན་རྒྱས་པའི་ཆེད་དུ་གནས་བརྟན་བཅུ་དྲུག་མཆོད་ཅིང་གསོལ་བ་གདབ་པ་བསྔགས་མོད་ཀྱི། ཐེག་ཆེན་གྱི་བསྟན་པ་རྒྱས་པ་དང་བསྟན་འཛིན་ལ་བར་ཆད་མེད་ཅིང་ཕྲིན་ལས་གོང་འཕེལ་དུ་བྱེད་པ་ལ་དེ་བས་ཀྱང་སྒྲོལ་མ་ལ་གསོལ་བ་བཏབ་ན་ཚན་ཆེ་སྟེ། བོད་ཀྱི་པཎྜི་ཏ་གཅིག་ལ་སྐུ་ཚེ་བརྒྱུད་མར་ཕྲིན་ལས་ཆེ་བ། རྗེ་དགེ་འདུན་གྲུབ་ཀྱིས་གཙང་དུ་ཆོས་གཞི་བཙུགས་པ་ན་སྐུ་རིམ་རྒྱབ་ཆོག་སྣ་ཁ་མང་པོ་མི་མཛད་པར་སྒྲོལ་བསྟོད་ཁོ་ན་འབུམ་ཐེར་མང་པོ་བསགས་པའི་ལོ་རྒྱུས་དང་། དགེ་འདུན་རྒྱ་མཚོའི་བསྟོད་ཊི་ཀ་ལས་ཀྱང་རྗེ་བཙུན་སྒྲོལ་མ་ཕྲིན་ལས་ཀྱི་ལྷ་ཡིན་པས་རྒྱལ་བའི་ཕྲིན་ལས་རྒྱས་པའི་ཆེད་དུ་གསོལ་བ་གདབ་པར་བྱའོ་ཞེས་གསུངས། ཡབ་རྗེ་ཀུན་མཁྱེན་བླ་མ་འཇིགས་མེད་གླིང་པས་ཀྱང་གྲུ་འཛིན་གྱི་བཀོད་པའི་སྟེང་མཁར་སྒྲོལ་མ་བཞུགས་པ་ཞལ་གཟིགས་ཤིང་། སྲོང་བཙན་བང་སོར་སྒྲོལ་བསྟོད་འབུམ་

TN03_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༢)ཐེར་བསགས་པས་འཇིག་རྟེན་དུ་དགེ་ལེགས་ཀྱི་མཚན་མ་བྱུང་བ་དང་། ཚེ་ལྗོངས་སུ་གཙུག་ལག་ཁང་བཞེངས་ཚེའང་ནང་རྟེན་གྱི་ཐོག་མར་སྒྲོལ་མའི་སྐུ་གཟུགས་བཞེངས་དགོས་པའི་ལུང་བསྟན་བྱུང་ཚུལ་དཀར་ཆག་ཏུ་རྒྱས་པར་བཞུགས། ༈ །ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་ལོ་རྒྱུས་ནི། བླ་མ་ར་ཧུ་ལ་གུབྟ་བཛྲ་གྱིས་རི་ནག་པོའི་ཁོང་གསེང་དུ་སྒྲུབ་པ་མཛད་པས་དགྱེས་རྡོར་སོགས་ཡི་དམ་མང་པོའི་ཞལ་གཟིགས། ཁྱད་པར་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མེད་པར་གཟིགས། དེས་དཔལ་ལྡན་ཨ་ཏི་ཤ་ལ་གནང་ནས་སོ་མ་པུ་རིའི་ནགས་སུ་ཟླ་བ་གསུམ་སྒྲུབ་པ་མཛད་པས་ཞལ་དངོས་སུ་བསྟན་ནས་བྱང་ཆུབ་སེམས་སྦྱོང་གི་གདམས་པ་སྩལ། ཇོ་བོ་ལ་ནག་ཚོ་ལོ་ཙཱ་བས་ལོ་བཅུ་དགུ་བསྟེན་ནས་རྒྱུད་དང་སྒྲུབ་ཐབས་མང་པོ་གསན་ཅིང་། ཁྱད་པར་ཇོ་བོའི་ཞལ་ནས། ཐུགས་རྗེ་ཆེན་པོ་སྒྲུབས་ཤིག་གསུངས་ཏེ་སྒྲུབ་པས་ཞལ་མཐོང་ཞིང་ལུང་བསྟན་མང་པོའང་གནང་། རྣལ་འབྱོར་པ་ཤེས་རབ་རྡོ་རྗེས་ཀྱང་ཇོ་བོ་ལས་གདམས་པ་བླངས་ཏེ་སྒྲུབ་པས་ཞལ་གཟིགས། ལན་ཅིག་གི་ཚེ་མ་ི་བཟླས་པས་ཞལ་ནས་འོད་ཟེར་ཤྭ་ཤྭ་འོང་བ་ལ། རྣལ་འབྱོར་པ་ཆེན་པོའི་ཞལ་ནས། སྒོམ་ཆེན་འདི་ཁོ་ན་རེ་སྐྱིད་བྱང་ཆུབ་ཀྱི་ཐུགས་མངའ་བ་གསུང་།

TN03_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༣)འདིས་གསང་ཕུ་དང་རྭ་སྒྲེང་གི་བར་དུ་འབྱོན་བཞུད་མཛད་པ་ལ་དྲོ་ཟན་འཁྱེར་མི་དགོས་གསུངས་ཏེ། རྐང་མགྱོགས་ཀྱི་རྫུ་འཕྲུལ་ཐོབ་པར་གྲགས། ནག་ཚོས་རོང་བ་ལག་སོར་བ་ཞེས་སྐྱེ་བ་གསུམ་དྲན་ཞིང་བསྒོམས་སྟོབས་ཀྱིས་རིག་པའི་གནས་ལྔ་ལ་མཁས་པ། དགེ་བཤེས་སྟོན་པ། རྣལ་འབྱོར་པ། དགོན་པ་བ། ཇོ་བོ་ལེགས། ཞང་བཙུན་ཡེར་བ་པ་སོགས་ཇོ་བོའི་དངོས་སློབ་བདུན་དང་། ཉིད་སློབ་གཉིས་ལ་ཐུག་པ་དེ་ལ་གནང་ཞིང་ལུང་བསྟན་མཛད། ཁོང་གིས་ལག་སོར་དགོན་དུ་ལོ་གསུམ་སྒྲུབ་པས་འཕགས་པ་དངོས་དང་མཇལ་ནས་ཁྱོད་ཀྱིས་ཚེ་འདི་ཉིད་དུ་གྲུབ་པ་ཐོབ་སྟེ། སློབ་མ་ཡང་སུམ་ཅུ་ཙམ་གྱིས་ང་མཐོང་བར་འགྱུར་ཞེས་ལུང་བསྟན། །ལག་སོར་བས་བ་ཡུ་བ་ཤེས་རབ་ཚུལ་ཁྲིམས་ལ་གདམས། དེས་ལོ་ལྔ་སྒྲུབ་པས་ཞལ་མཐོང་སྟེ་སྦྱོར་ལམ་ཆེན་པོ་བརྙེས། དེ་ལ་འཕགས་པ་ལྕེ་སྒོམ་དང་། མངའ་རིས་པ་ཤེས་རབ་རྒྱལ་མཚན་གཉིས་ཀྱིས་ཞུས་ཏེ། འདི་གཉིས་ཀྱང་ཚོགས་ལམ་ཆེན་པོ་པ་ཡིན་གསུངས། ལྕེ་སྒོམ་གྱིས་བྲག་ལྷ་བློ་ཕུག་ཏུ་སྒྲུབ་པས་ལོ་ངོ་བརྒྱད་ན་མཐོང་། མངའ་རིས་པས་རུ་མཚམས་ཀྱི་བྲག་ཕུག་ཏུ་སྒྲུབ་པས་ལོ་བཞི་ན་ཞལ་མཐོང་། འདི་ལ་རྒྱུན་དུ་མི་མ་ཡིན་རྣམས་ཀྱིས་འཚོ་བ་དྲངས་གསུང་། དེ་གཉིས་ཀ་ལ་གྲུབ་ཐོབ་

TN03_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༤)ཆེན་པོ་སྐྱེར་སྒང་བས་ཞུས་ཏེ། ལོ་ཕྱེད་དང་བཞིར་སྒྲུབ་པ་མཛད་པས་ཞལ་བསྟན་ནས། སྙིགས་མའི་དུས་སུ་ཞལ་མཐོང་བ་འབའ་ཞིག་གི་བརྒྱུད་པ་འབྱུང་བར་འགྱུར་རོ་ཞེས་ལུང་བསྟན་ཏེ། སློབ་མ་ཡང་ལྔ་བཅུ་ཙམ་གྱིས་ཞལ་མཐོང་། སྒྲུབ་པ་ལོ་གསུམ་བྱེད་པ་སོགས་ཀྱི་སྒོ་ནས་ཆོས་འདི་ལ་འབྲེལ་བ་བཞག་པའི་སློབ་མ་ནི་མཐའ་ཡས། དེས་སངས་རྒྱས་གཉན་སྟོན་ལ་གནང་། ཁོང་གིས་ལོ་གསུམ་སྒྲུབ་པས་ཡི་གེ་དྲུག་པ་དང་། ཁ་སརྤ་ི་དང་། བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་རྣམས་ཞལ་གཟིགས་ཤིང་། སློབ་མའང་བཅུ་གཅིག་གིས་ཞལ་མཐོང་བར་འགྱུར་བའི་ལུང་བསྟན་མཛད། ཕྱིས་དེ་ཁོ་ན་བཞིན་བྱུང་གསུང་ངོ། །བླ་མ་དེས་སངས་རྒྱས་སྟོན་པ་ལ་གནང་ནས་དག་པའི་ཞིང་དུ་འགྲོ་ངེས་ཀྱི་སློབ་མ་བརྒྱ་རྩ་བརྒྱད་འབྱུང་བར་ལུང་བསྟན་པ་བཞིན་འགྲོ་བ་མང་པོའི་དོན་མཛད། དེ་ལ་མཁས་གྲུབ་ཤངས་སྟོན་ཆེན་པོས་ཞུས་ཏེ། ཐུགས་དམ་ལྷའི་གཙོ་བོར་མཛད། སྐུ་ལ་སྲིན་འབུ་མེད་ཅིང་། དྲི་མ་རང་སང་ཏེ་ཤེལ་ལྟར་དྭངས་པར་གྱུར་པས་གཙང་མ་ཤངས་སྟོན་དུ་གྲགས། ལྗགས་ཆབ་དང་དྲི་ཆུ་འཐུང་བྱུག་བགྱིས་པ་ཙམ་གྱིས་ནད་གདོན་ལས་གྲོལ་བ་དང་། མཐོང་བ་དང་ཐོས་པ་ཙམ་གྱིས་དགེ་སེམས་ཁྱད་པར་ཅན་སྐྱེ་བ་སོགས་རྣམ་ཐར་ངོ་མཚར་བ་མངའ། ཡང་སངས་རྒྱས་

TN03_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༥)སྟོན་པ་ལ་བླ་མ་ཨ་སེང་དང་མཁས་བཙུན་གཞོན་ནུ་གྲུབ་ཀྱིས་ཞུས་ནས་ཉམས་བཞེས་མཛད། དེ་དག་ནས་བྲག་པོ་ཆེ་བ་རྡོ་རྗེ་དཔལ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། རྒོད་ཕྲུག་རས་པར་གྲགས་པ་ཆོས་རྗེ་གྲགས་པ་འབྱུང་གནས་སོགས་ལ་བརྒྱུད་དེ་སོ་སོས་ཐུགས་ཉམས་སུ་བཞེས་ཤིང་འགྲོ་དོན་མཛད། དོན་བདུན་མའི་བླ་བརྒྱུད་ནང་གི་མཁན་ཆེན་བདེ་བ་དཔལ་དང་། དཀའ་བཞི་པ་གྲགས་གཞོན། མཁན་ཆེན་བསོད་ནམས་གྲགས་པ་སོགས་ཀྱིས་ཀྱང་ཆོས་འདིའི་ཕྲིན་ལས་བསྐྱངས་ཏེ། མཚོན་བྱེད་ཙམ་བཀོད་པའོ། །ཕྱིས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྐྱེར་སྒང་བའི་གདམས་པ་ཐམས་ཅད་ཚང་བར་གསན་ནས་མི་ལོ་བཅུ་བཞིའི་བར་མི་དང་མི་ཕྲད་པའི་སྨྲ་བཅད་ཁོ་ནས་མ་ི་དུང་ཕྱུར་གཉིས་བཟླས། ཁ་ཆེར་དགེ་སློང་པདྨ་ཀ་ར་སོགས་སྐུ་ཚེའི་ཕྲེང་བ་མང་པོར་ཐུགས་རྗེ་ཆེན་པོའི་སྒྲུབ་པ་པོར་གྱུར་བ་དྲན། མགོན་པོ་ཕྱག་དྲུག་སོགས་ཆོས་སྐྱོང་ཆེན་པོ་རྣམས་ཀྱི་སྤྱི་བོར་དམ་ཚིག་གི་རྡོ་རྗེ་བཞག་ཅིང་། ལྷ་འདྲེ་དྲེགས་པ་ཅན་མང་པོ་དམ་ལ་བཞག །རྒྱལ་བསྟན་ལ་གནོད་པའི་བོན་གྱི་འབུམ་པ་སོགས་ནུས་མེད་དུ་མཛད། བདེན་ཚིག་བརྗོད་པ་ཙམ་གྱིས་སྟག་བྱམས་པ་ལ་གནས་པ་དང་། དྲེད་དམག་གིས་ཁལ་བསྐྱལ་བ་སོགས་ནུས་པ་དཔག་ཏུ་མེད།

TN03_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༦)འཕགས་པའི་ལུང་བཞིན་ལྕགས་ཟམ་བྱང་ཆུབ་རྒྱུན་ལམ་བགྲང་དཀའ་བ་བཙུགས། ཀློ་ཡུལ་དཀར་པོར་བསྒྱུར། དབུས་གཙང་གིས་མདུད་སྒྲུབ་ཁང་གིས་མནན་ཅིང་། ས་གནད་མེ་བཙའ་མང་པོ་བཏབ་ནས་མཐའ་དམག་འབྱུང་བའི་གོ་སྐབས་བཅོམ། ནད་མུག་འཁྲུགས་རྩོད་ཀྱི་སྡུག་བསྔལ་རྒྱུན་བཅད། ལྷ་སའི་ཇོ་ཤཀ་ལ་བརྟན་བཞུགས་མཛད་ཅིང་རྟེན་བཞེངས་གྲངས་མེད་པས་འཇིག་རྟེན་དུ་དགེ་ལེགས་སྤེལ། །ཡི་གེ་དྲུག་པའི་ཕྲིན་ལས་ཀྱིས་བོད་ཁམས་བཀང་། དད་པས་གསོལ་བ་བཏབ་པ་རྣམས་མི་དང་མི་མིན་འབྱུང་བའི་འཇིགས་པ་ལས་བསྐྱབ་ཚུལ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་ལོ་རྒྱུས་ལ་འགྲན་པ་ཡོད། གཞན་ཡང་དོན་ཞགས་པ་སངས་རྒྱས་རིན་ཆེན་གྱི་ཞལ་ནས། །ངའི་བླ་མ་འཕགས་པ་དོན་ཞགས་པ་ཆེན་པོ་ཤེས་རབ་བརྩོན་འགྲུས་ཀྱི་བཀའ་ལས། ཇོ་བོ་ཡི་གེ་དྲུག་པ་འདི་སྙིང་པོའི་དོན་ཡིན་པས་འདི་ལ་དྲིལ་ཅིག་གསུངས་པས་འུ་ཅག་གིས་ཀྱང་བསྙེན་པའི་མཐིལ་འདི་ལ་བྱས་གསུངས། ༈ །ཨོཾ་མ་ི་པདྨེ་ཧཱུྃཿ མཁའ་ལྟར་རྒྱ་ཆེའི་སྐུ་དང་མཆོག་སྩོལ་གསུངས། །ཟབ་བརླིང་ཡེ་ཤེས་ཕུང་པོ་རོ་མཉམ་པ། །དྲན་དང་བརྗོད་པས་བསོད་ནམས་ལེན་པའི་སྔགས། །ཨོཾ་གྱི་དེ་ཉིད་བརྙེས་ལ་ཕྱག་འཚལ་ལོ། །ཨོཾ་ནི་ཨ་ཨུ་མ་གསུམ་འདུས་

TN03_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༧)པ་ཡིན་ལ་འདུ་རྒྱུའི་ཡི་གེ་གསུམ་པོ་དེས་ཤིན་ཏུ་རྣམ་པར་དག་པའི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་མཚོན་ལ། དེ་དག་འདུས་པའི་ཨོཾ་ཡིག་གིས་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་ཟུང་འཇུག་གི་གོ་འཕང་སྟོན་ཏེ། སྔགས་དོན་དེ་ལྟར་ཤེས་ནས་ཨོཾ་ཞེས་བརྗོད་པས་བསོད་ནམས་རླབས་པོ་ཆེ་འབྱུང་བར་བྱེད་པས་ན་ནོར་བུ་འཛིན་པའི་སྔགས་ཞེས་རྡོ་རྗེ་རྩེ་མོ་ལས་བཤད་དོ། །སྲིད་ཞིའི་ཕུན་ཚོགས་ཡོངས་ཀྱི་ཟ་མ་ཏོག །རབ་འབྱམས་རྒྱལ་ཀུན་ཨོཾ་གྱི་རིག་སྔགས་ཀྱིས། །ཐར་འདོད་བློ་གྲོས་རྟག་ཏུ་དགེ་བྱེད་ཅིང་། །འགྲོ་ཀུན་ཨོཾ་གྱི་གནས་སུ་འཁོད་པར་ཤོག ༈ །མཐའ་བྲལ་དེ་ཉིད་གཟིགས་པའི་ཡེ་ཤེས་ཀྱིས། །འགྲོ་སེམས་ཐ་མལ་རྟོག་པའི་འཇིགས་པ་ལས། །སྐྱོབ་པའི་བྱ་བ་རྟག་ཏུ་འཇུག་མཚོན་ཕྱིར། །ཟླ་ཤེལ་མ་ི་འཆང་ལ་ཕྱག་འཚལ་ལོ། །མ་ི་ནི་ནོར་བུའི་སྐད་དོད་དེ། འདིར་བགྲང་བའི་ནོར་བུ་ཞེས་གྲགས་པ་བགྲང་ལ་བྱེད་དོ། །བགྲང་ཕྲེང་གི་དེ་ཉིད་ནི་སྔགས་ཡིན་ལ། །སྔགས་ཀྱི་སྐད་དོད། མནྟྲ་ཞེས་པ་ཡིད་སྐྱོབ་པ་ལ་འཇུག་པས་ཡིད་སྡུག་བསྔལ་དང་། དེའི་རྒྱུ་ལས་ཉོན་དང་། ཀུན་གྱི་རྩ་བ་བདག་ཏུ་རྟོག་པ་བག་ཆགས་དང་བཅས་པ་ལས་སྐྱོབ་པར་བྱེད་པའི་ཤེས་རབ། །བདེན་པ་གཉིས་ཀྱི་གནད་ལ་མཁས་པས་རྟག་པ་དང་ཆད་པའི་མཐའ་

TN03_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༨)གཉིས་ལས་བརྒལ་བ་སྟེ། གྲུབ་ཆེན་མི་ཏྲའི་གསུང་ལ་བརྟེན་པའོ། །ཤེས་རབ་ཀྱི་ཕར་ཕྱིན་དེ་ཉིད་གདུལ་བྱ་གཞན་གྱི་རྒྱུད་འཁོར་བ་ལས་སྐྱོབ་པའི་བྱ་བ་ལ་ལྟོས་ནས་ཡང་དང་ཡང་དུ་འདྲེན་པས་བགྲང་ཕྲེང་གི་མཚོན་དོན་དུ་འཇོག་པར་རྒྱལ་དབང་པདྨས་བཤད་སྣང་ངོ། །འགྲོ་འདི་རྒྱལ་རྣམས་ཤེར་ཕྱིན་མ་ི་ཡིས། །མི་ཤེས་དུག་རྣོན་འཕྲོགས་པའི་སྣོད་གྱུར་ཏེ། །དྲི་བཅས་བློ་གྲོས་ཐ་མལ་རྡོ་ཡི་ཁམས། །ཀུན་མཁྱེན་ཡེ་ཤེས་མ་ིར་འགྱུར་བར་ཤོག ༈ །སྲིད་པའི་ཆུ་ལས་བལྟམས་ཀྱང་དེ་ཡི་སྐྱོན། །མི་ཆགས་སྲིད་གསུམ་སྤྱི་བོར་ལེགས་གྱེས་པའི། །ཐུགས་རྗེས་འཇིག་རྟེན་ཀུན་དགར་མཛད་པའི་དཔེར། །ཡིད་འཛིན་པདྨེ་བསྣམས་ལ་ཕྱག་འཚལ་ལོ། །པདྨེ་ཞེས་པ་པདྨ་འཛིན་པར་མཛད་པ་སྟེ། ཇི་ལྟར་མེ་ཏོག་པདྨ་ནི་ཆུ་ལས་སྐྱེས། འོན་ཀྱང་ཆུའི་སྐྱོན་གྱིས་མ་གོས། མ་གོས་པར་མ་ཟད་མཛེས་སྡུག་དང་དྲི་བསུང་གིས་ཆུའི་རྒྱན་བྱེད་པ་ལྟར། རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ཡང་སེམས་ཅན་སྲིད་པའི་སྡུག་བསྔལ་གྱིས་མནར་བ་ལ་དམིགས་ནས་སྐྱེས་པས། སྲིད་པ་ཡོངས་སུ་མི་གཏོང་བའི་རྣམ་པ་ཅན་ཡིན་ཀྱང་། ཐབས་ལ་མཁས་པའི་ཤེས་རབ་ཀྱིས་བཟུང་བ་ཡིན་པས་འཇིག་རྟེན་གྱི་ཉེས་པས་མི་གོས་ཤིང་། སླར་ལ་ཟང་ཟིང་དང་མི་འཇིགས་པ་དང་

TN03_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༩)ཆོས་ཀྱི་འབྱོར་བ་ལ་སོགས་སོགས་སྒྲས། ཚུལ་བཟོད་བརྩོན་བསམ་སྡུད། །པས་འཁོར་བའི་རྒྱན་བྱེད་ཅིང་མཁས་པ་རྣམས་ཀྱི་ཡིད་འཕྲོགས་པ་སྟེ། དཔལ་མོས་མཛད་པའི་བསྟོད་པ་དང་། གྲུབ་ཆེན་མི་ཏྲའི་གཞུང་ལ་བརྟེན་ནས་བཤད་དོ། །རྒྱལ་དང་བྱང་སེམས་རྣམས་ཀྱི་རྗེས་བརྩེ་ཡི། །པདྨེའི་བཅུད་ལ་འགྲོ་འདི་རྟག་འཐུང་ཞིང་། །སྐྱེ་དགུའི་བློ་གྲོས་དཔུང་བའི་ལྟ་ཟུར་ངོས། །བརྩེ་ཆེན་པདྨེའི་འཁྲི་ཤིང་གིས་མཛེས་ཤོག ༈ །ཕུལ་བྱུང་ཤེས་རབ་སྙིང་རྗེའི་སྙིང་པོ་ཅན། །ཧཱུྃ་ཞེས་གདུལ་བྱའི་སྙིང་ལ་སྐད་ཅིག་གིས། །གསལ་མཛད་འཇིག་རྟེན་དབང་ཕྱུག་ལ་འདུད་ཀྱི། །བདག་གི་བློ་གྲོས་རྣམ་ཀུན་དགེ་བ་མཛོད། །ཧཱུྃ་ཞེས་པ་ནི་གསལ་བར་བྱེད་པ་སྟེ། སྔར་བཤད་པའི་སྲིད་མཐའ་འགོག་བྱེད་མ་ིའི་དོན་དང་། ཞི་མཐའ་འགོག་བྱེད་པདྨེའི་དོན་ཏེ། ལམ་དེ་གཉིས་སྒྲུབ་པ་པོའི་རྒྱུད་ལ་གསལ་བར་བྱེད་པར་བསྐུལ་བའོ། །ཐེག་པ་ཆེན་པོའི་ལམ་གྱི་ཆ་ཐམས་ཅད་ཐབས་དང་ཤེས་རབ་ཀྱི་ཕྱོགས་གཉིས་སུ་འདུ་ལ། དེ་གཉིས་ཀྱི་སྒོ་ཐམས་ཅད་མ་ིའི་སྔགས་དོན་དྲིལ་བ་འདི་ལ་ཞིབ་ཏུ་བསམ་ནས་ཡིག་དྲུག་ཆོས་ཀྱི་ཡང་སྙིང་དུ་གསུངས་པ་ལ་ངེས་པ་བརྟན་པར་བྱའོ། །འགྲོ་ཀུན་འཇིག་རྟེན་དབང་ཕྱུག་ཉིན་རེ་བཞིན། །ཧཱུྃ་ཞེས་བསྐུལ་བས་སྒྲུབ་ལ་འཇུག་

TN03_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༠)བྱེད་ཅིང་། །དེ་མཐུས་ཡིད་ཅན་ཀུན་གྱི་བློ་གྲོས་ལ། །མཆོག་བྱེད་ཧཱུྃ་གི་སྔགས་དོན་མྱུར་འགྲུབ་ཤོག ༈ །འགྲོ་དྲུག་རྒྱ་མཚོར་བྱིང་བས་ཉམ་ཐག་རྣམས། །རླབས་ཆེན་ཕ་རོལ་ཕྱིན་དྲུག་སྤྱོད་པའི་གྲུས། །སྒྲོལ་མཛད་སྙིང་རྗེའི་ལྷ་ཁྱོད་བྱང་ཆུབ་བར། །བདག་གི་བློ་གྲོས་བརྒྱན་པར་མཛད་སླད་བཞུགས། །ཨོཾ། མ།ི། པད། མེ། ཧཱུྃ། ཞེས་རེ་རེ་ནས་ཕྲལ་བའི་དྲུག་པོ་དེས་དམྱལ་བ་ལ་སོགས་པའི་འགྲོ་བ་དྲུག་སྦྱོང་བར་བྱེད་ཅིང་། ཕྱིན་དྲུག་གི་ཡོན་ཏན་རྒྱས་པར་བྱེད་པར་མི་ཏྲ་ཛོ་ཀི་དང་། དཔལ་དི་པཾ་ཀཱ་ར་སོགས་ཀྱིས་བཤད་དེ། བཤེས་སྤྲིང་ལས། འཕགས་པ་སྤྱན་རས་གཟིགས་དབང་སྤྱོད་པ་ཡིས། །འགྲོ་བ་ཉམ་ཐག་མང་པོ་རྗེས་བཟུང་སྟེ། །ཞེས་པ་ལྟར། ཕྱིན་དྲུག་གི་སྒོ་ནས་འགྲོ་བ་དྲུག་གི་སྡུག་བསྔལ་རྒྱུ་དང་བཅས་པ་ཞི་བར་བྱེད་པའི་དོན་ཏོ། །འདིར་དོན་གཉིས་དང་། གཞན་དོན་རྣམ་པ་ཐམས་ཅད་པ་སྒྲུབ་པ་སོགས་ལ་ལྟོས་པའི་ཕྱིན་དྲུག་གི་གྲངས་ངེས་རྣམས་ཀྱང་དྲན་པར་བྱ་སྟེ། ཡི་གེ་སོ་སོའི་དོན་འཆད་ཚུལ་གཞན་ཡང་ཡོད་དོ། །དེའང་སྔགས་ཀྱི་མཚོན་དོན་དེ་དང་དེ་མཛུབ་མོས་ཟླ་བ་བཞིན་མཚོན་པ་ཁོ་ན་ཡིན་ནམ་ཞེ་ན་མ་ཡིན་གྱི། སྔགས་ཀྱི་ཆ་དེ་དང་དེ་མཚོན་དོན་ཡེ་ཤེས་ཀྱི་ཆ་དེ་དང་དེ་ལས་སྤྲུལ་པ་དང་། དེའི་དབང་གིས་སྒྲུབ་པ་པོའི་རྒྱུད་ལ་ཡོན་ཏན་དེ་དང་དེ་སད་པར་

TN03_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༡)བྱེད་པ་ལ་སོ་སོ་སོ་སོར་བསྔགས་པའི་སྒོ་ནས་ལྷ་སྔགས་ངོ་བོ་དབྱེར་མེད་ཀྱི་ངེས་ཤེས་དྲང་དགོས་སོ། །སྨིན་དང་མ་སྨིན་བློ་གྲོས་སྒོ་ངའི་བྱ། །སངས་རྒྱས་བྱིན་རླབས་དྲོད་ཀྱིས་བསྐྱེད་བསྲིང་བས། །བསོད་ནམས་ལུས་ཟུངས་སྨིན་པའི་ཡེ་ཤེས་རྩལ། །རྣམ་གྲོལ་ནམ་མཁའི་རྒྱན་དུ་སྤྱོད་པར་ཤོག ༈ ཡིག་དྲུག་ལན་རེ་བཏོན་པས་ཀྱང་ཚེ་རབས་དུ་མ་ནས་བསགས་པའི་ལས་སྒྲིབ་མང་པོ་བྱང་ཞིང་། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་སྒྲུབ་པ་པོའི་ལུས་ལ་ཞུགས་ནས་བྱིན་གྱིས་རློབ་པ་དང་། དེའི་ལུས་ལ་གནས་པའི་སྲིན་བུ་ཚུན་ཆད་བླ་མེད་བྱང་ཆུབ་ཀྱི་སྐལ་བ་ཅན་དུ་བྱེད་པ་ལ་སོགས་པའི་ཕན་ཡོན་མཐའ་ཡས་པ་རྒྱལ་པོ་བཀའ་འབུམ་དུ་གསུང་རབ་མང་པོ་དྲང་བ་ལས་ཤེས་ཤིང་། ཁྱད་པར་དུ་རང་རེ་གངས་ཅན་པ་རྣམས་ལ་ལྷ་དང་སྔགས་འདི་ཉིད་གྲུབ་པ་ལྷག་པར་མྱུར་བའི་རྟགས་སུ། ཐ་ན་བྱིས་པ་ལོ་གསུམ་ལོན་པ་དང་། མུ་ཏོ་དབྱུག་ཐོགས་ཡན་ཆད་ཀྱི་མགྲིན་པར་རིག་སྔགས་འདི་ཉིད་ལི་ཤི་ལ་དྲི་ཞིམ་ལྟར་ངང་གིས་ཐོབ་ཅིང་། ལྷ་སྔགས་གཞན་ནི་སྒོམ་བཟླས་ལ་བརྩོན་མཁན་ཉུང་ཞིང་། ཅུང་ཟད་ཡོད་པ་རྣམས་སུའང་ཚེ་འདིའི་ལག་ཆ་འབའ་ཞིག་ཏུ་འཁྱེར་མཁན་ཁོ་ན་མང་བ། འདི་ནི་ཁྱིམ་པ་ཕོ་མོ་ཡན་ཆད་ཀྱི་ཁྲོད་ན་བྱེ་བ་དང་དུང་

TN03_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༢)ཕྱུར་སོགས་སུ་ཟློ་བ་སའི་རྩི་ཤིང་ལྟར་མང་ཞིང་དེ་ཡང་འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་ཆེད་དུ་བྱེད་པ་ཁོ་ན་མང་བ་དང་། དེ་ལྟ་ནའང་ཚེ་འདིར་ཚེ་རིང་བ་དང་། ནད་ཉུང་བ་སོགས་ཀྱི་ཕུན་ཚོགས་འཐོབ་པ་ལ་ཡང་མ་ི་ཟློ་མཁན་རྣམས་འབའ་ཞིག་ཁྱད་པར་དུ་འཕགས་པ་སོགས་མངོན་སུམ་དུ་མཐོང་བས། བདག་ལེགས་སུ་འདོད་ན་འདི་ལ་འབད་པར་བྱ་ཞིང་སྔགས་དོན་ཤེས་པ་དང་མི་ཤེས་པའི་བཟླས་བརྗོད་ལ་སྟོབས་ཆེ་ཆུང་ཆེས་མི་འདྲ་བ་ཡོད་པས་མདོར་བསྡུས་ཤིག་བཀོད་དོ། །ཨོཾ་མ་ི་པདྨེ་ཧཱུྃ། སྙིང་ལ་མཛའ་བ་མི་ཕྱེད་དྲང་པོའི་བློ། །འདིར་བདེ་ཕྱི་མར་ལེགས་པའི་འདུན་གྲོས་ཅན། ཁྱོད་དང་ཚེ་རབས་ཕྲེང་བར་ཐེག་མཆོག་གི །ཆོས་ཀྱི་འདུན་སར་ལྷན་ཅིག་ལོངས་སྤྱོད་ཤོག དགེ་རྒན་སྐུ་དྲིན་ཅན་གྱི་བཞེད་པ་དང་མཐུན་པར་བསྟན་པའི་ཉི་མས་བྲིས་པའི་རེ་འདོད་ལ་འཇིག་རྟེན་དབང་པོའི་སྤྱན་རས་ཀྱིས་འཚོ་བར་གྱུར་ཅིག ༈ །ཐུགས་རྗེ་ཆེན་པོའི་བརྡ་དོན་ནི། བཤད་འགྲེལ་ཆེན་མོར། ཞལ་གཅིག་ནི་སེམས་ཅན་ལ་ཐུགས་རྗེ་མི་འགྱུར་བ། ཞེས་སྙིང་རྗེ་ངོ་གཉིས་པ་དང་། ངོ་མི་རྟག་པ་སྤངས་པ། སྒྲུབ་ཐབས་གཅིག་སྐོར་དུ་ནི། ཞལ་གཅིག་ནི་ལྷན་སྐྱེས་ཡེ་ཤེས་རང་དང་གཉིས་སུ་མེད་པའི་བརྡ། །ཞེས་སོ། །འཛུམ་མདངས་ལྡན་པ་ནི་སེམས་

TN03_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༣)ཅན་ལ་བྱམས་པར་མཛད་པ། སྤྱན་མི་ཟུམ་པ་ནི་སེམས་ཅན་ལ་ཐུགས་རྗེས་གཟིགས་པ། ཕྱག་བཞི་ནི། ཚད་མེད་རྣམ་པ་བཞི་ལྡན་པས། །འགྲོ་དོན་ཕྱོགས་མེད་མཛད་པའི་རྟགས། །ཞེས་སོ། །ཡང་། གཉིས་མེད་ཆོས་སྐུའི་ཕྱག་གཉིས་ཐལ་མོ་སྦྱར། །ལོངས་སྐུ་ཤེས་རབ་པདྨ་གཡོན་ན་འཛིན། །སྤྲུལ་སྐུ་ཐབས་ཀྱི་བགྲང་ཕྲེང་གཡས་ན་འཛིན། །ཞེས་དང་། ཞལ་བཅུ་གཅིག་པའི་ཐད་དུ། རྩ་བ་ཆོས་སྐུའི་ཕྱག་གཉིས་ཐལ་མོ་སྦྱར། །ཡན་ལག་ལོངས་སྐུའི་ཕྱག་གི་དང་པོ་ན། །སྐྱོན་གྱིས་མ་གོས་པདྨ་དཀར་པོ་འཛིན། །ཉིང་ལག་སྤྲུལ་སྐུའི་ཕྱག་གི་དང་པོ་ན། །འཁོར་བའི་སེམས་ཅན་འདྲེན་པའི་བགྲང་ཕྲེང་འཛིན། །ཞེས་ཏེ། ཕྱི་མ་གཉིས་ནི། མུ་ཏིག་གི་ཕྲེང་བ་སྙིང་རྗེ་རྒྱུན་ཆད་མེད་པས་སེམས་ཅན་འཁོར་བ་ནས་བྱང་ཆུབ་ཏུ་འདྲེན་པའོ། །པདྨ་ནི། འཁོར་བར་སེམས་ཅན་གྱི་དོན་མཛད་ཀྱང་འཁོར་བའི་ཉོན་མོངས་པ་དང་རྣམ་རྟོག་གི་སྐྱོན་གྱིས་མ་གོས་པའོ། །ཞེས་སོ། །ཕྱག་བཞི་སྐུ་གསུམ་དང་སྦྱར་བར་མ་ཟད། །ཕྱག་མཚན་དེ་ལྟར་སྦྱར་བའང་སྣང་སྟེ། ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། དང་པོའི་ཕྱག་གཉིས་སྟོང་ཉིད་ཕྱག་རྒྱ་མཛད༔ གཡས་འོག་ཤེལ་ཕྲེང་གྲགས་སྟོང་སྔགས་སྒྲ་སྒྲོགས༔ གཡོན་འོག་

TN03_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༤)པད་དཀར་སྒྱུ་འཕྲུལ་སྤྲུལ་པ་འགྱེད༔ ཅེས་རྡོ་རྗེ་གསུམ་གྱི་བཤད་པ་མཛད་དེ། སྔ་མ་དང་བསྲེ་རྒྱུ་མིན་པ་འདྲ། །ཚུལ་ཁྲིམས་བཟང་པོའི་ལུགས་ལས། ཞལ་ཆོས་སྐུ་ཐིག་ལེ་གཅིག་ཏུ་འཁྱིལ། །སྤྱན་ཐབས་ཤེས་སྙིང་རྗེས་ཟིམ་བུར་གཟིགས། །ཕྱག་ཚད་མེད་བཞི་ལྡན་འཇམ་ཞིང་མཉེན། །ཞེས་སོ། །སྐུ་མདོག་དཀར་པོ་ནི། ཆོས་སྐུ་དྲི་མ་མེད་པའི་བརྡ། །ཞེས་དང་། དཀར་འཚེར་ཞེས་པ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་འཁོར་བའི་རྟོག་འཛིན་གྱིས་མ་གོས་པ། །ཞེས་སོ། །ཞབས་མཉམ་སྐྱིལ་ནི། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་ལ་ཐུགས་མཉམ་པ་ཉིད་ལས་མི་གཡོ་བར་བཞུགས་པ། ཞེས་དང་། ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་བཞུགས། །མཉམ་བཞག་དོན་ལ་མ་གཡོས་རྟགས། །ཞེས་ཏེ། ཞབས་གཉིས་ཆོས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བརྡ། ཞེས་དང་། འགྲོ་བའི་དོན་ལ་ཐབས་ཤེས་ཟུང་འཇུག་གིས་མཉམ་པར་བཞུགས་པ། །ཞེས་ཀྱང་ངོ་། །རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ནི། འདོད་པའི་ཡོན་ཏན་ཐམས་ཅད་ལ་སྤྱོད་ཀྱང་ཞེན་མེད་དུ་སེམས་ཅན་གྱི་དོན་དང་ཚུལ་བསྟུན་པའི་བརྡ། ཞེས་དང་། འདོད་ཡོན་མ་སྤངས་པར་ཆོས་ཉིད་རོལ་པའི་རྒྱན་དུ་ཤར་བ། ཞེས་ཏེ། དགོས་འདོད་ཕུན་ཚོགས་

TN03_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༥)འབྱུང་བའི་རྟགས་སུའང་བཤད་དོ། །ནམ་མཁའི་རྒྱལ་པོའི་སྒྲུབ་ཐབས་སུ། རི་དྭགས་ཀྱི་པགས་པ་ནི་སྙིང་རྗེ་ཆེན་པོ་དང་མ་བྲལ་བ། དར་གྱི་ཤམ་ཐབས་ནི་ཆོས་ཀྱི་ངོ་ཚ་དང་ལྡན་པ། །ཞེས་སོ། །བར་ཆད་ཀུན་སེལ་དུ། སྡུག་བསྔལ་གདུང་སེལ་དར་གྱི་སྟོད་གཡོགས་དང་༔ །ཉོན་མོངས་དྲི་མས་མ་གོས་ཤམ་ཐབས་གསོལ༔ །དགོས་འདོད་རེ་སྐོང་རིན་ཆེན་རྒྱན་གྱིས་སྤྲས༔ །སྙིང་རྗེའི་རི་དྭགས་ལྤགས་པ་ཕྲག་ན་འཆང་༔ །ཞེས་སོ། །ཉི་ཟླ་པདྨའི་གདན་ལ་བཞུགས་པ་ནི། ཐུགས་རྗེ་སེམས་ཅན་ལ་ཉི་ཟླ་ལྟར་སྙོམས་པ་དང་། འཁོར་བའི་སྐྱོན་གྱིས་མི་གོས་པའི་བརྡའོ། །ཡུམ་གསང་ཡེ་ནི། གཟུང་འཛིན་གྱི་དྲི་མ་བྲལ་བས་དཀར་གསལ། འགྲོ་བ་ལ་རྗེས་སུ་ཆགས་པས་དམར་མདངས་འཚེར་བ། ཕྱག་མཚན་ལ། ཐུགས་རྒྱུད་བདེ་སྟོང་གི་རོས་མྱོས་ཤིང་གང་བས་ཐོད་ཆང་། ཡེ་ཤེས་དེས་སྲིད་ཞི་བདེ་སྟོང་ཤེར་ཕྱིན་གྱི་རང་སྒྲས་སངས་རྒྱས་ཀྱི་ཞིང་ཐམས་ཅད་གཡོ། སངས་རྒྱས་ཐམས་ཅད་སྐུལ། འགྲོ་བའི་གནས་ཐམས་ཅད་སྐྱོད། སེམས་ཅན་རྣམས་གཏི་མུག་གི་གཉིད་ལས་སློང་། ཐམས་ཅད་སྐུལ་ཞིང་དབང་དུ་སྡུད་པས་ཌྭ་རུ་སྟེ། ཡེ་ཤེས་དང་། ཕྲིན་ལས་ཀྱི་ཁྱད་དམ། ཡང་ན། སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ནས་བདེ་ཆེན་གྱི་ཡེ་ཤེས་འབེབས་པས་ཌྭ་རུ། ཡེ་ཤེས་ཀྱི་

TN03_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༦)བཏུང་བའི་རྒྱུན་དེ་ཟད་མི་ཤེས་པར་འཆང་བས་ན་ཐོད་ཆང་སྟེ། བན་སྣོད་ན་གནས་པ་དང་། མྱོས་པར་བྱེད་པ་གཉིས་ཆར་བདེ་བ་ཆེན་པོ་དང་མཐུན་ནོ། ༈ །ཛབ་དབྱངས་ཉེར་གཅིག་ནི་མཁའ་འགྲོ་གསང་སྐོར་དུ་བསྟན་པར་ཟད་ཀྱི། འགྲོ་འདུལ་ཡིད་བཞིན་ནོར་བུའི་གཞུང་དཀྱུས་སུ་བསྟན་པ་ནི། བཟླ་ཚུལ་དྲུག་སྟེ། ཕྱི་མདོ་སྡེ་ལྟར་གཞན་དོན་དུ་བཟླས་པ། ནང་གསང་སྔགས་ལྟར་བསྙེན་སྒྲུབ་ཏུ་བཟླས་པ། གསང་བ་མཁའ་འགྲོ་མས་བྱིན་རླབས་བརྡའི་ཚུལ་དུ་བཟླས་པ། བླ་མ་དང་ལྷ་ལ་གསོལ་བ་གདབ་པ་མ་ལ་བུས་འབོད་ཀྱི་ཚུལ་དུ་བཟླས་པ། སྒྲིབ་སྦྱོང་ཆོས་སྤྱོད་ཀྱི་ཚུལ་དུ་བཟླས་པ། རྡོ་རྗེའི་བཟླས་པ་མཉམ་བཞག་བསམ་གཏན་གྱི་ཚུལ་དུ་བཟླས་པའོ། །དེ་རྣམས་ལ་ཛབ་དགོངས་དྲུག །སྔགས་དོན་འཆད་ཚུལ་དྲུག །དབྱངས་ཀྱི་འདྲེན་སྟངས་དྲུག་སོགས་ཡོད་དེ་བཤད་འགྲེལ་ཆེན་མོ་ལས་ཤེས་པར་བྱའོ། ༈ །ཡི་དམ་ཞི་བའི་ཟིན་བྲིས་ཀུན་ཏུ་བཟང་པོའི་གཞལ་མེད་ཁང་ལ་འཇུག་པའི་སྒོ་ཞེས་བྱ་བ། རྗེ་བླ་མ་གྲུབ་ཐོབ་ཆེན་པོ་ལ་ཕྱག་འཚལ་ལོ། །སྤྱིར་བརྒྱུད་པ་གསུམ་གྱིས་འཕགས་ཤིང་། གུ་རུས་སྙིགས་དུས་ཀྱི་མཐར་བྱིན་རླབས་ཀྱི་རྣོ་སོ་འབྱུང་བར་དགོངས་པའི་དབང་གིས་ཆོས་ལ་གཏེར་ཆོས་རྣོ། །དེ་ལས་ཀྱང་དེང་སང་རང་

TN03_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༧)འདིའི་དུས་བབས་ཀྱི་ཟབ་ཆོས་མཆོག་ནི་རྗེའི་ཟབ་གཏེར་རྣམས་ཏེ། །གཏེར་བཀའ་དེ་ཉིད་ལ་ལྟོས་པའི་འབྲས་བུའི་དུས་མ་ཡོལ་བའི་བཟང་སྒང་ཡིན། །ངས་ཨ་ཕ། ཨ་ཕས་སངས་རྒྱས་དངོས་ལ་ཐོབ་ཅེས་སྨྲ་ཆོག་པས་བརྒྱུད་པ་ཉེ། །རང་ཉིད་ལ་ཐུགས་རྗེ་གཞན་ཕན་ཀུན་ཁྱབ་ཕྲིན་ལས་རབ་བརྟན་རྣམ་པར་རྒྱལ་བའི་སྡེ། །མཆོག་བརྙེས་པའི་གྲུབ་ཆེན་རྣམས་ཀྱིས་སྐལ་ལྡན་རྩ་བའི་ཆོས་བདག་ཏུ་དགོངས་པ་གཏད་ཡོད་པས་ཆོས་ཚན་འདི་ལྷག་པར་བྱིན་རླབས་ཆེ། ལར་སངས་རྒྱས་ཀྱི་གདུལ་བྱ་རྗེས་སུ་འཛིན་པའི་རྒྱུའི་གཙོ་བོ་ནི་བརྩེ་བ་ཐུགས་རྗེ་ཆེན་པོ་ཡིན་ལ། དེ་རྒྱུ་དང་དམིགས་རྣམ་དང་རྒྱུད་ཀྱི་ཕྱེ་བས་མཐའ་ཡས་པ་ཐམས་ཅད་གཅིག་ཏུ་བསྡུས་ནས་བཞིན་ལག་གི་རྣམ་པར་ཤར་བ་ནི་འཕགས་པ་འདི་ཡིན་པས་སྒྲུབ་ཐག་ཉེ། ཛམ་གླིང་འདི་ཉིད་ཀྱི་རིའི་རྒྱལ་པོ་གྲུ་འཛིན་ན་ད་དུང་ཡང་བཞུགས་ཤིང་། ཟུར་ཐོ་ལྟར་བོད་ཀྱི་ཁྱད་པར་གྱི་ལྷ་སྐལ་ཡིན་པས་ཀྱང་བྱིན་རླབས་ཆེ། དེའང་རིགས་རེ་རེའང་རིགས་ཐམས་ཅད་དང་། སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཀྱང་ཡེ་ཤེས་ལྔ་ཀའི་ངོར་བོར་བཤད་པ་ལྟར་སྐབས་འདིར་འཕགས་པ་རིགས་དྲུག་ཏུ་ཕྱེ་སྟེ། རིགས་ལྔའི་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་རྗེ་ཆེན་པོ་ཉིད་ཀྱི་རྣམ་པར་རིགས་བསྡུས་ནས་སྒྲུབ་པ་དང་།

TN03_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༨)དེ་བཞིན་གཤེགས་མ་རྣམས་དང་། སེམས་དཔའ། སེམས་མ། ཁྲོ་བོ་ཁྲོ་མོ། །གཞང་ཡང་མགྲོན་ཐབས་ཀྱི་ལྷའི་རྣམ་འགྱུར་དཔག་ཏུ་མེད་པ་རྣམས་ཀྱང་ཐུགས་རྗེ་ཆེན་པོའི་རིགས་དང་རྣམ་འཕྲུལ་ཉག་གཅིག་ཏུ་བྱས་པའི་སྒྲུབ་ལུགས་འདི་ནི། ལྷའི་རིགས་ཐམས་ཅད་དང་། རིགས་ཀྱི་ལྷ་ཐམས་ཅད་འགྲུབ་ཐག་ཤིན་ཏུ་ཉེ་བས་འགྲུབ་པའི་ཐབས་མཁས་ཆེན་པོ་སྟེ། དེས་ན་རིགས་ཉེ་ཚེ་བའི་འགྲོ་འདུལ་གྱི་སྒྲུབ་ཚུལ་རྣམས་ལས་ཀྱང་ཁྱད་པར་དུ་འཕགས་སོ། །དེ་ལ་སྐྱེ་འཆི་བར་དོ་སྐུ་གསུམ་དུ་སྦྱོང་ཚུལ་སོགས་ནི་སྒྱུ་འཕྲུལ་ལྟར་བྱ་ལ། ཕྱག་མཚན་སྐབས། རྩ་ཕྱག་ཐལ་མོ་སྦྱར་བ་ནི་རྒྱལ་པོའི་དབང་པོ་ཐམས་ཅད་ཅེས་བྱ་བའི་ཕྱག་རྒྱ་ཡིན་པར་ཟ་མ་ཏོག་ལས་གསུངས། བཀའ་འབུམ་ལས། ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །སྟོང་དང་སྙིང་རྗེ་དབྱེར་མེད་པས། །སེམས་ཅན་དོན་ལ་གནས་པའི་རྟགས། །རྗེ་མཉམ་ཉིད་ངང་ལ་ཕྱགས་འཚལ་བསྟོད། །ཅེས་གསུངས། འདི་ལ་སྲོང་བཙན་གྱིས་ནམ་མཁའི་རྒྱལ་པོའི་བསྟོད་པར། པདྨའི་འདབ་འདྲ་དང་པོ་ཡི། །ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་ནས། །སངས་རྒྱས་ཀུན་གྱི་ཐུགས་རྗེ་རྣམས། །བསྐུལ་བར་མཛད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་སྔགས་བླ་མེད་

TN03_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༩)སྐབས། དགོངས་པ་ལུང་སྟོན་ལས། ཕན་ཚུན་སྦྱོར་བ་རྡོ་རྗེ་སེམས། །ཤེས་རབ་ཐབས་ཀྱི་གོ་འཕང་མཆོག །ཐལ་མོ་སྦྱར་བ་ཙམ་གྱིས་ནི། །སངས་རྒྱས་ཐམས་ཅད་ངེས་པར་འགུགས། །ཅེས་སོགས་ལྟར་བྱ་རུང་ངམ་སྙམ། དཔལ་མོས་མཛད་པའི་བསྟོད་པར། ཐུགས་རྗེ་དང་ནི་ཤེས་རབ་གཉིས། །མཉམ་པར་སྦྱོར་བའི་ཐུགས་མངའ་ཞིང་། །ཕྱག་གཉིས་ཐུགས་ཀར་མཉམ་སྦྱོར་བ། །དཔལ་ལྡན་མཉམ་སྦྱོར་ལ་ཕྱག་འཚལ། །ཞེས་སོ། །བགྲང་ཕྲེང་ནི་སྔགས་ཀྱི་ནོར་བུ་སྟེ། །མནྟྲའི་སྒྲ་ལས་ཡིད་སྡུག་བསྔལ་རྒྱུ་བཅས་ལས་སྐྱོབ་པའི་ཤེར་ཕྱིན་ཏེ། དཔལ་མོས། སངས་རྒྱས་ཀུན་གྱི་སྙིང་པོ་གཙོ། །གསང་སྔགས་རྒྱལ་པོའི་བགྲང་ཕྲེང་མཆོག །མུ་ཏིག་ལྟར་དཀར་གཡས་ན་འཛིན། །རིག་སྔགས་འཆང་ལ་ཕྱག་འཚལ་ལོ། །ཞེས་པ་ལས་མི་གསལ་ཡང་མི་ཏྲས་མ་ི་ལ་བཤད་པའི་རིགས་པ་སྦྱར་བའོ། །གཏེར་ཕྱོགས་ལས། ལུས་ཅན་འཁོར་བ་དང་ངན་སོང་ལས་རྒྱུན་མི་འཆད་དུ་འདྲེན་པའི་བརྡར་ཤེལ་ཕྲེང་འདྲེན་པར་བཤད་པའང་། ཤེར་ཕྱིན་ཆོས་རྒྱལ་བཀའ་འབུམ་ལས། ཕྱག་གཡས་མུ་ཏིག་ཕྲེང་བ་བསྣམ། །ཐུགས་རྗེ་རྒྱུན་ཆད་མེད་པ་ཡིས། །འཁོར་བའི་གནས་ནས་འདྲེན་པའི་རྟགས། །རྗེ་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །ཅེས་པ་དང་མི་འགྲིགས་

TN03_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༠)པས་རྩིངས་སམ་སྙམ་སྟེ་དཔྱད། གྱི་རྣལ་འབྱོར་དེ་ཉིད་གདུལ་བྱ་འདྲེན་པའི་ཕྲིན་ལས་ལ་རྒྱུན་མི་འཆད་དུ་འཇུག་པ་ལ་བྱ་དགོས་སམ་བརྟག །པདྨ་དཀར་པོའི་རྣམ་བཤད་ཟུར་དུ་ཡོད། པདྨ་དམར་པོའི་དེ་ཉིད་རྣལ་འབྱོར་རྒྱུད་ན་ཤིན་ཏུ་རྒྱས་པར་བཞུགས་ཀྱང་འདིར་སྐབས་སུ་མ་བབས། །པད་དཀར་གྱི་དེ་ཉིད་བསྡུས་པ་ནི། དཔལ་མོས། འཁོར་བའི་འདམ་གྱིས་མ་གོས་པས། །དག་པའི་ཤེལ་ལྟར་འོད་གསལ་བ། །པདྨ་དཀར་པོ་གཡོན་ན་འཛིན། །ཕྱག་ན་པདྨ་ཕྱག་འཚལ་ལོ། །ཞེས་ཏེ། །གྲུབ་ཆེན་མི་ཏྲ་ལྟར་ན་སྙིང་རྗེ་ཆེན་པོ་དང་སྦྱོར་བ་འདྲ། །དེ་ལྟར་ན་བགྲང་ཕྲེང་ཆོས་སྐུ་སྒྲུབ་བྱེད་ཀྱི་གཙོ་བོ་ཡེ་ཤེས་ཀྱི་ཚོགས་དང་། །པད་དཀར་གཟུགས་སྐུའི་རྒྱུའི་གཙོ་བོ་བསོད་ནམས་ཀྱི་ཚོགས་དང་སྦྱོར་བར་འཐད་དེ། །ཤེས་རབ་དང་ཐབས་ཀྱི་ཕྱོགས་སོ་སོར་འགྱུར་རོ། །ཕྱག་སྟོང་སྤྱན་སྟོང་གི་མདོར། སེམས་ཅན་ཐམས་ཅད་ཀྱིས་གཅེས་ཤིང་ཡིད་དུ་འོང་བར་འདོད་ན་ཐལ་མོ་སྦྱར་བའི་ཕྱག་དང་། །སངས་རྒྱས་ཐམས་ཅད་ཀྱིས་མགོ་ལ་ཕྱག་གིས་ཉུག་ཅིང་ལུང་སྟོན་པར་འདོད་ན་སྔགས་ཀྱི་ནོར་བུ་ཐོགས་པའི་ཕྱག་དང་། ཡོན་ཏན་རྣམ་པ་སྣ་ཚོགས་ཀྱི་ཕྱིར་ནི་པད་དཀར་ཐོགས་པའི་ཕྱག་ལ་མཆོད་ཅིང་བལྟ་ཞེས་བྱེད་ལས་ཀྱི་ཁྱད་པར་ཡང་བསྟན་ནོ། །འདིའི་

TN03_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༡)ཡུམ་གསང་ཡེ་ནི། ཐུགས་ཆེན་པད་རྒྱལ་དུ། ཡི་གེ་དྲུག་མ་གསང་བ་ཡེ་ཤེས། བཀའ་འབུམ་བཤད་འགྲེལ་ཆེན་མོར། ཕྱི་ལྟར་ན་ཡུམ་ཡི་གེ་དྲུག་མ། ནང་ལྟར་ན་གསང་བ་ཡེ་ཤེས། ཞེས་སོ། །ཞེས་པ་ལྟར་ལྷ་མོ་ཡི་གེ་དྲུག་མར་ཤེས་དགོས་སོ། །བཟླས་པའི་ཐད། ཁྱད་པར་འགྲོ་འདུལ་ཐུགས་རྗེ་ཆེའི༔ བྱིན་རླབས་དངོས་གྲུབ། ཅེས་པ་ནི། འགྲོ་འདུལ་ཐུགས་རྗེའི་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས། ཅེས་དང་། འགྲོ་འདུལ་ཐུགས་རྗེའི་དངོས་གྲུབ། ཅེས་དངོས་གྲུབ་ངོས་བཟུང་བ་གཉིས་ཀ་ལ་སྦྱར་བཏུབ། གཞུང་འདིའི་གོང་འོག་ཀུན་ཏུ་སྤྱན་རས་གཟིགས་བརྩེ་བའི་ལྷར་བཟུང་སྟེ་སྒྲུབ་པར་གསུངས་པ་འདི་བཞིན། མདོ་རྒྱུད་མང་པོ་ལས་མཐོང་སྟེ། ཟ་མ་ཏོག་ལས་འཕགས་པ་འདིའི་རྣམ་ཐར་ཐམས་ཅད་སེམས་ཅན་སྡུག་བསྔལ་བ་རྣམས་ལ་རྗེས་བརྩེར་མཛད་ཚུལ་ཁོ་ནའི་སྒོ་ནས་བསྟན་པ་དང་། སྡོང་པོ་བཀོད་པར། བདེ་གཤེགས་སྲས་པོ་ངས་ནི་རྣམ་ཐར་གཅིག་བསྒོམ་སྟེ། །ཡེ་ཤེས་སྙིང་པོ་རྒྱལ་བ་ཀུན་གྱི་ཐུགས་རྗེ་སྡུག །འགྲོ་བ་ཐམས་ཅད་བསྐྱབ་ཅིང་ཡོངས་སུ་བསྡུ་ཕྱིར་བྱུང་། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། ཆོས་ཡང་དག་པར་སྡུད་པའི་གོང་འོག་གཉིས་སུ་རྗེ་བཙུན་འདིས་སྟོན་པའི་སྤྱན་སྔར་རང་གི་རྟོགས་པ་བརྗོད་པ་

TN03_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༢)ན་སྙིང་རྗེ་ཆེན་པོ་ཉིད་ཀྱི་སྟེང་ནས་བརྗོད་པ་དང་། སྤྱོད་འཇུག་ཏུ། བདག་གཅེས་འཛིན་གོམ་པའི་དབང་གིས་རང་ལ་མི་སྙན་པ་ཆུང་ངུ་ཡང་མི་བཟོད་པ་ལྟར། བརྩེ་བ་གོམས་པའི་ཤུགས་རྒྱས་པ་ན་གཞན་གྱི་མི་བདེ་བ་ཕྲ་མོའང་མི་བཟོད་པའི་དཔེར། རྗེ་བཙུན་འདིའི་རྣམ་ཐར་དྲངས་ཏེ། དེ་བས་ཇི་ལྟར་སོགས་ནས། མཚན་ཡང་བྱིན་གྱི་རླབས། ཅེས་པའི་བར་རོ། །མཚན། སྙིང་རྗེ་པད་དཀར་ལས་སྤྱན་རས་གཟིགས་ཞེས་པའི་མཚན་འདི་ཡང་སྙིང་རྗེ་ཆེན་པོའི་ཡོན་ཏན་གྱི་སྒོ་ནས་སྔོན་གྱི་སངས་རྒྱས་ཀྱིས་བཏགས་པར་གསུངས་པ་དང་། ལག་ན་རྡོ་རྗེ་དབང་བསྐུར་གྱི་གླེང་གཞིར་སངས་རྒྱས་འོད་དཔག་མེད་ཀྱིས་རྗེ་བཙུན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་སྟོབས་ཀྱི་རྡོ་རྗེ་པདྨའི་མཆོག་གི་སྙིང་པོ་བྱིན་ནས་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་བཀོད་པའི་ཞིང་འདི་ལུས་ཀྱི་སྤྲིན་རྣམས་ཀྱིས་བཀང་ནས་སྣང་བར་བྱེད་་དུ་བཏང་བར་གསུངས་པ་དང་། དེ་ཉིད་བསྡུས་པར་བདག་ཅག་གི་སྟོན་པ་རྣམ་སྣང་ཉིད་སྙིང་རྗེའི་ཉམས་ཀྱིས་འདུལ་བའི་སེམས་ཅན་གདུལ་ཕྱིར་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུར་བསྟན་པར་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་ཐད་དུ་གསུངས་པ་དང་། སྤྱན་རས་གཟིགས་ཞེས་པའི་སྒྲ་བཤད་ཀྱང་སོར་རྟོག་ཡེ་ཤེས་ཀྱི་སྤྱན་གྱིས་རང་བཞིན་དག་པའི་ཆོས་ལ་རྟག་ཏུ་གཟིགས་པ་དང་། ཐུགས་རྗེ་ཆེན་པོའི་སྤྱན་གྱིས་འཇིག་རྟེན་ཐམས་ཅད་ལ་གཟིགས་པ་

TN03_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༣)ལྷུར་ལེན་པའི་ཕྱོགས་ནས་བཤད་ཚུལ་གཉིས་དེ་ཉིད་སྣང་ཆེན་དང་། ཀོ་ས་ལའི་རྒྱན། དཔལ་མཆོག་འགྲེལ་ཆེན། །རྣམ་སྣང་མངོན་བྱང་གི་འགྲེལ་པ་རྣམས་སུ་གསུངས་པའི་ཕྱི་མ་དང་། ལེགས་གྲུབ་ཏུ་ཡང་། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །ཞེས་སོགས་མཐའ་ཡས་སོ། །རི་དྭགས་ཀྲིཥྞའི་པགས་པས་ནུ་གཡོན་བཀབ་བར་བཤད་པའང་དེ་ལྟར་ཡིན་ཏེ། དབུ་མ་སྙིང་པོར། སྙིང་རྗེའི་པགས་པ་གནག་འཆང་ཞིང་། །ཞེས་པར་འདྲའོ། །འདིར་ལམ་གྱི་གཙོ་བོ་སྙིང་རྗེ་ཆེན་པོར་བྱེད་པའི་རྒྱུ་མཚན་ཡང་། མདོ་སྔགས་ཁྱད་འབྱེད་སྐབས། གཞན་དོན་བཟོ་ཁོག་དང་། རྫོགས་བྱང་སྒྲུབ་པའི་ལམ་ཐམས་ཅད་དེའི་ཆ་ལག་ཏུ་བྱེད་པ་ལ་ཐེག་ཆེན་གཉིས་འདྲ་བར་བཤད་པ་བཞིན། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་གཟུངས་སྤོབས་མངོན་ཤེས་སོགས་ཡོན་ཏན་ཐམས་ཅད་སྙིང་རྗེ་ཆེན་པོའི་བཞེད་དོན་སྒྲུབ་བྱེད་ཀྱི་འཁོར་ཁོ་ནར་ཟད་པས། རིན་ཆེན་བདུན་གྱི་བདག་པོ་འཁོར་སྒྱུར་ཡིན་པ་ལྟར། ཡོན་ཏན་དེ་ཐམས་ཅད་ཀྱི་རྩ་བའི་བདག་པོ་སྙིང་རྗེ་ཆེན་པོ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་ཀྱི་སའི་ཡོན་ཏན་ཐམས་ཅད་

TN03_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༤)ཀྱི་གཙོ་བོའམ་བདག་པོའང་སྐྱེ་ལ་ཐུགས་རྗེ་ཆེན་པོ་ཡིན་ཏེ། འབྲས་དུས་ཀྱི་རྣམ་བཞག་མང་པོ་སྔོན་གྱི་རྗེས་སུ་འབྲང་བའི་སྒོ་ནས་བྱེད་པར་གསུངས་པ་བཞིན་ནོ། །དེའང་སློབ་ལམ་དུ་སྙིང་རྗེ་ཆེན་པོ་དེ་ཐེག་གསུམ་གྱི་རྟོགས་རིགས་མཐའ་དག་དང་འབྲེལ་བར་སྦྱང་བས་མཐར་སོན་པ་ན། བརྩེ་ཆེན་གྱི་བློ་མངོན་གྱུར་པ་དེ་ཉིད་ལམ་གྱི་རྣམ་པ་མ་ལུས་པའི་ངོ་བོར་སྐྱེ་བ་ལ་གེགས་སུ་གྱུར་པའི་གནས་ངན་ལེན་གྱི་ཆ་ཐམས་ཅད་རྒྱུན་མཐའི་རྡོར་ཏིང་གིས་བཅོམ་ནས། དེའི་རྣམ་གྲོལ་ལམ་ལ་སླར་ཡང་སྙིང་རྗེ་ཆེན་པོ་མངོན་གྱུར་དུ་འབྱུང་སྟེ། དེ་ནི་སྟོང་ཉིད་ལ་མཉམ་པར་བཞག་པ་སོགས་ལུང་རྟོགས་ཀྱི་ཡོན་ཏན་རྣམ་པ་ཐམས་ཅད་པའི་མཚན་ཉིད་ཅན་དུ་སྐྱེའོ། །དངོས་གྲུབ་ཀྱི་སྙིང་པོ་དེ་ལྟར་ངོས་ཟིན་པ་དེ་ཉིད་རྒྱ་གང་ཆེ་ནས་སྒྲུབ་དགོས་ཀྱི། །གཞན་དུ་དཔེར་ན་བླ་མ་མཁས་གྲུབ་ཆེན་པོ་དང་མཇལ་ཡང་སྐར་མའི་དཔྱད་ལྟ་བུའི་དོན་དམན་པ་ཞིག་ལས་ཅི་ཡང་མ་དྲིས་ན་གདམས་པའི་མཆོག་རྣམས་ཟུར་ཙམ་ཡང་མི་ཐོབ་པ་དང་འདྲའོ། །སྤྱིར་ཡང་སྒོ་ཐམས་ཅད་ནས་སྙིང་རྗེ་ལ་མང་དུ་གནས་པར་བྱ་བ་ནི་སྤྱན་རས་གཟིགས་ཀྱི་སྔགས་པའི་ཁྱད་པར་གྱི་དམ་ཚིག་ཡིན་པར་ཕྱག་སྟོང་སྤྱན་སྟོང་གི་མདོ་དང་། རྒྱལ་པོ་བཀའ་འབུམ། །ཀུན་བཟང་ཐུགས་གཏེར་སོགས་ལས་ནན་ཏན་དུ་

TN03_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༥)གསུངས་ཏེ། དེ་ལ་བརྩོན་ན་འཕགས་པ་དང་བརྟུལ་ཞུགས་གཅིག་ལ་གནས་པར་འགྱུར་བས་འཕགས་པ་དགྱེས་པའི་དེའང་སྤྱིར་སྙིང་རྗེ་སྒོམ་པ་ཙམ་གྱིས་མི་ཆོག་གི །དེ་འཕགས་པ་དགྱེས་པའི་ཆེད་དུ་དམིགས་ནས་སྒོམ་པ་ཞིག་དགོས་ཏེ། འདིའི་དམ་ཚིག་ཁྱད་པར་བར་འགྲོ་ལུགས་ཤེས་པའི་སྟེང་ནས་སོ། །དཀའ་ཐུབ་ཀྱི་ནོར་ཅན་ཏེ། རྗེས་འཛིན་གྱི་གནད་ཆེས་ཆེན་པོའོ། །ཐུགས་སྲོག་ཧྲཱིཿཡིག་གི་དོན་ནི། དེ་ཉིད་བསྡུས་པའི་དུམ་བུ་གསུམ་པ་ལས། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་ཀྱི་དམ་ཚིག་ལས་བྱུང་བའི་བྱིན་གྱིས་རླབས་པདྨོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། ཧྲཱི༔ །དེ་ནས་དེ་ཕྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་པདྨ་ལྟ་བུའི་འོད་ཟེར་ཁ་དོག་དང་གཟུགས་དང་རྟགས་དང་སྤྱོད་ལམ་དང་འོད་རྣམ་པ་དུ་མ་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདོད་ཆགས་ལ་སོགས་པ་རྣམ་པར་དག་པ་དང་། ཆོས་ཉིད་ཀྱི་ཡེ་ཤེས་ཡང་དག་པར་སྦྱངས་ནས་ཡང་སླར་ལོག་སྟེ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོའི་ཐུགས་ཀར་ཞུགས་སོ། །ཞེས་གསུངས་ཏེ། སྙིང་པོ་

TN03_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༦)འདི་ལ་དེ་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་གསུངས་པའི་ཆོས་ནི་པདྨའི་རིགས་རྣམས་ཏེ་རང་བཞིན་དག་པའི་ཆོས་མཁྱེན་པའི་ཤེར་ཕྱིན་གྱི་ངོ་བོ་ཉིད་ཡིན་པས་སོ། །དམ་ཚིག་ནི་རྒྱུའི་དོན་ཏེ། རིགས་དེ་སྤྲུལ་པའི་རྒྱུ་ཡིན་པའོ། །དེ་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་པ་ནི་ཐུགས་ཀའི་སེམས་དཔའི་རྡོ་རྗེའི་ངོ་བོ་ཉིད་ཡིན་པའོ། །དེ་ཕྱུང་མ་ཐག་ཏུ་སོགས་ཀྱིས་ནི་ཧྲཱིཿ ཞེས་བྱ་བའི་སྙིང་པོ་འདིས་པདྨའི་རིགས་ཐམས་ཅད་སྤྲུལ་ཚུལ་དང་། སྤྲུལ་ནས་རང་གི་རིགས་དང་མཐུན་པའི་མཛད་པ་མཛད་ཚུལ་རྣམས་སྟོན་ཏེ། ཀུན་སྙིང་ལྟར་བྱས་སོ། །དཔལ་མཆོག་ལས་ཀྱང་། དེ་ནས་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ངོ་བོ་ཉིད་དག་པའི་ཆོས་ཉིད་ཐོབ་པས་ཡང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་སྤྱན་རས་གཟིགས་དབང་ཕྱུག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་ཏེ། འདོད་ཆགས་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་འཇིག་རྟེན་ན་ཞེ་སྡང་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དྲི་མ་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་འཇིག་རྟེན་ན་སྡིག་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ཆོས་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན་སེམས་ཅན་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ཤེས་པ་ཐམས་ཅད་

TN03_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༧)རྣམ་པར་དག་པས་འཇིག་རྟེན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པར་འགྱུར་རོ། །ཞེས་པ་ནས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དོན་གྱི་གནས་འདི་ཉིད་ཡང་རྒྱ་ཆེར་སྟོན་ཅིང་བཞིན་རབ་ཏུ་འཛུམ་དམུལ་ཏེ། པདྨའི་འདམ་མཁའ་བྱེད་པས་འདོད་ཆགས་ལ་སོགས་པའི་དྲི་མས་མི་གོས་པ་ལ་བལྟ་ཞིང་། འགྲོ་བ་ཐམས་ཅད་ཀྱི་ཕྱིར་པདྨའི་གཟུགས་སྣ་ཚོགས་ཞེས་བྱ་བའི་སྙིང་པོ་འདི་གསུངས་སོ། །ཧྲཱིཿ དེ་ནས་འདི་གསུངས་པ་ཙམ་གྱིས་པདྨ་ཆེན་པོ་དེ་ལས་དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་ཐམས་ཅད་བཅོམ་ལྡན་འདས་སྤྱན་རས་གཟིགས། དང་འདྲ་བའི་པདྨས་མཚན་པའི་གཟུགས་ཅན་ངེས་པར་བྱུང་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་རིམ་པ་དང་པོའི་དཀྱིལ་འཁོར་གྱི་ཚུལ་དུ་བཞུགས་པར་གྱུར་ཏོ། །ཞེས་གསུངས་ཏེ། དོན་གྱི་གནས་འདི་ཉིད་ཅེས་པ་ནི། འདོད་ཆགས་རྣམ་པར་དག་པ་སོགས་གོང་གི་གཞུང་ཚན་བཞིས་བསྟན་པ་རྣམས་ཏེ། ཡང་རྒྱ་ཆེར་སྟོན་ཅིང་ཞེས་པ་ནི་ཧྲཱིཿཞེས་བྱ་བའི་ཡི་གེ་སྤྲུལ་པའི་སྒོ་ནས་སླར་ཡང་སྟོན་པར་མཛད་པའོ། །འགྲོ་བ་ཐམས་ཅད་ནི་པདྨའི་རིགས་རྣམས་ཏེ། །དེ་ཡོངས་སུ་རྫོགས་པར་སྐྱེད་པའི་ཕྱིར་སྙིང་པོ་འབྲུ་

TN03_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༨)གཅིག་འདི་གསུངས་པའོ། །པདྨའི་གཟུགས་སྣ་ཚོགས་པ་ཞེས་པ་ནི་སྙིང་པོའི་ཡི་གེ་ཧྲཱིཿཞེས་པ་འདིའི་མིང་ངོ་ཞེས་དཔལ་མཆོག་འགྲེལ་ཆེན་ལས་སོ། །པདྨའི་གཟུགས་སྣ་ཚོགས་ཅེས་བྱ་བའི་སྙིང་པོ་ཞེས་པ་འདི་ལ་ཤེར་དུམ་གྱི་འགྲེལ་པར། འགྲོ་བ་ཐམས་ཅད་ཀྱི་གཟུགས་སུ་སྣང་བས་ན་གཟུགས་སྣ་ཚོགས་དང་། དེ་ལྟར་སྣང་ཡང་འཁོར་བའི་ཉེས་པ་རྣམས་ཀྱིས་མི་གོས་པས་ན་པདྨ། དེ་འདྲའི་སྙིང་པོ་དངོས་ནི་གཟུགས་ཀུན་སྙིང་གི་ཐམས་ཅད་ངེས་པར་སྟོན་པའི་ཡེ་ཤེས་ཉིད་ཡིན་ཡང་། །དེ་མཚོན་པར་བྱེད་པའི་ཧྲཱིཿཡིག་ལ་བཏགས་ནས་བསྟན་གསུངས། འདི་གསུངས་པ་ཙམ་གྱིས་སོགས་ནི། སྙིང་པོ་འདིའི་མཐུས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་པདྨའི་རིགས་ཀྱི་རྣམ་པར་གྱུར་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཕྱག་མཚན་པདྨོ་ལས་བྱུང་ཞེས་པདྨའི་རིགས་སྤྲོ་བྱེད་དུ་གསུངས་པའོ། །མན་སྙེ་ལས། ཧྲཱིཿནི་གསལ་བར་གྱིས་ཤིག་པ་སྟེ། ཉེ་བ་མ་ཡིན་པ་ཉེ་བར་གྱུར་པ་གསལ་པོར་གྱིས་ཤིག་པའོ། །ཞེས་སྐབས་གཞན་དུ་བཤད་དེ། ཤེར་ཕྱིན་གྱི་ས་བོན་ཡིན་པ་དང་གསལ་བར་བྱེད་པ་ལ་སྦྱར་བ་གཉིས་གནད་འདྲ་བར་མཐོང་ཞེས་དམ་པ་དག་འཆད། དེ་དཔལ་མཆོག་དང་སྒྲིགས་ན།

TN03_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༩)པདྨ་ལྟར་གོས་པ་མེད་པའི་ཤེར་ཕྱིན་གྱི་རིགས་ཀྱི་གཟུགས་སྣ་ཚོགས་གསལ་བར་གྱིས་ཞེས་པར་བཤད་དགོས་པ་འདྲ། གྲོལ་ཐིག་གཏེར་གཞུང་དུ། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པར་སྟོན་པར་བྱེད་པའི་ཡི་གེ་ཧྲཱིཿ ཞེས་པ་ལྟར་ན། རྒྱུད་བླ་མར། གཞལ་མེད་གྲངས་མེད་མི་མཉམ་དང་། །སོགས་ངོ་བོ་ཉིད་སྐུ་ཁྱད་པར་ལྔ་ལྡན་དུ་གསུངས་པ་ལྟར། ཤེར་ཕྱིན་གྱི་མཐུས་ཆོས་ཀྱི་དབྱིངས་ཀྱི་གཏིང་གཡོགས་པ་ཐམས་ཅད་དང་བྲལ་བའི་ཚུལ་གྱིས་ས་ལེར་གསལ་བར་གྱིས་ཤིག་ཅེས་འཆད་ཚུལ་ཡང་ཡོད་དམ་སྙམ། ཡིག་དྲུག་གི་སྔགས་དོན་ལ། ཨོཾ་ནི་ཨ་ཨུ་མ་གསུམ་གྱིས་སྐུ་གསུང་ཐུགས་གསུམ་མཚོན་ལ། དེ་གསུམ་གཅིག་ཏུ་སྦྱར་བའི་ཨོཾ་ཡིག་གིས་རྡོ་རྗེ་གསུམ་དབྱེར་མེད་པའི་གོ་འཕང་མཚོན་ཏེ། སྔགས་དོན་དེ་ལྟར་དྲན་ནས་བརྗོད་པས་མཆོག་སྩོལ་ཞིང་བསོད་ནམས་ལེན་པའི་ཕྱིར་ནོར་བུ་འཛིན་པ་ཞེས་རྡོ་རྗེ་རྩེ་མོར་རོ། །དེ་ནས་ནི། རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པར་ཡིག་དྲུག་འདི་ནད་ཐམས་ཅད་ཞི་བར་བྱེད་པའི་སྔགས་སུ་གསུངས་པའི་འགྲེལ་པར་ལྷའི་རིགས་ཀྱི་བློ་གྲོས་ཆེན་པོས། །མ་ི་ཞེས་བྱ་བ་ནི་ཤིན་ཏུ་རིན་ཐང་མེད་པའི་ནོར་བུ་དང་འདྲ་བའི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཅི་སྟེ་ཡེ་ཤེས་སོ་སོར་རྟོག་

TN03_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༠)པ་ཡིན་ན་རྟོག་པ་དང་བཅས་པར་མི་འགྱུར་རམ་ཞེ་ན། པདྨ་ཞེས་བྱ་བ་སྨོས་ཏེ། ཅི་ལྟར་པདྨ་འདམ་གྱིས་མ་གོས་པ་ལྟར་ཡེ་ཤེས་དེ་རྟོག་པའི་སྐྱོན་གྱིས་གོས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཧཱུཾ་ཕཊ་ཅེས་བྱ་བ་སྨོས་ཏེ། ཧཱུཾ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པས་སྟོང་པའི་ཡིད་དོ། །ཕཊ་ཅེས་བྱ་བ་ནི་རྣམ་པར་རྟོག་པ་འདྲལ་བའོ། །ཞེས་གསུངས་ཏེ། སོར་རྟོག་ཡེ་ཤེས་ནོར་བུའི་རྒྱལ་པོ་དང་འདྲ་ཚུལ་ནི་མདོ་རྒྱན་ལས། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་པ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་བྱེད་པའི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་འཕགས་པ་སངས་རྒྱས་ཀྱི་ས་ལ་བརྟེན་ནས་བཤད་དོ། །ཡེ་ཤེས་དེ་སོ་སོར་རྟོག་པ་ཡིན་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་མི་འཐད་དོ་ཞེ་ན། །རྟོག་པ་ནི་མི་གསལ་བ་སྟེ། འདམ་གྱིས་སྦགས་པས་ནག་ནོག་ཏུ་འགྱུར་བ་དང་འདྲའོ། །ཡེ་ཤེས་འདི་ནི་སོར་རྟོག་ཡིན་ཡང་ཤེས་བྱ་ཐམས་ཅད་མངོན་སུམ་དུ་བལྟ་བ་ལ་བཀྲ་ཞིང་ཤིན་ཏུ་གསལ་བའི་ཡོན་ཏན་གྱིས་མཛེས་པས་སམ། འཁྲུལ་པའི་བག་

TN03_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༡)ཆགས་ཀྱི་གཉིད་མ་ལུས་པ་སད་པས་ཤིན་ཏུ་རྒྱས་ཤིང་ཁ་ཕྱེ་བས་ན་པདྨ་ལྟ་བུར་བཤད་ཅེས་འཆད་དམ། པདྨ་འདམ་ལས་སྐྱེས་ཀྱང་ཆུ་ཞག་དང་ཉ་ལྕིབས་སོགས་འདམ་གྱི་ཉེས་པ་རྣམས་ཀྱིས་མ་སྦགས་པ་ལྟར། ཡེ་ཤེས་དེ་མིང་ཚིག་ཡི་གེའི་རྣམ་པ་ཅན་གྱི་རྟོག་པ་ཡོངས་སུ་གྱུར་པ་ལས་སྐྱེས་ཀྱང་། ཕྱིན་ཅི་ལོག་གི་ཆ་ཐམས་ཅད་ལོག་པའི་ཕྱིར་གཉིས་སྣང་འཁྲུལ་པའི་རྟོག་པ་གཏན་མིན་ཞེས་པ་སྟེ། སངས་རྒྱས་ལ་ཞེན་རིག་གི་རྟོག་པ་མེད་ཀྱང་ཐ་སྙད་བྱེད་པའི་བློ་རིགས་ཡོད་དགོས་ཏེ། སོ་རིག་བཞིས་ཤེས་པའི་ཕྱིར་རོ། །དེས་ན་གཉིས་སྣང་གི་འཁྲུལ་པའི་རབ་རིབ་མཐའ་དག་དང་བྲལ་བའི་སོ་སོར་རྟོག་པའི་སྤྱན་ཤིན་ཏུ་གསལ་བ་ཡིན་ཞེས་ཧཱཾུ་གིས་བསྟན་ཏོ། །འདི་ལྟར་ན་སོར་རྟོག་ཡེ་ཤེས་གཅིག་པོ་དེ་གདུལ་བྱའི་བསམ་པ་རྫོགས་པར་མཛད་པའི་ཆ་ནས་ནོར་བུ་དང་། དེ་ཉིད་གདུལ་བྱའི་བསམ་པ་ཐ་དད་པ་དང་། དེ་ལ་ཇི་ལྟར་འཚམས་པའི་ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་པ་ཐམས་ཅད་མ་འཛིང་བར་འབྱེད་པའི་སོར་རྟོག་ཡིན་ཡང་། རྟོག་པའི་སྐྱོན་གྱིས་མ་གོས་པར་མི་འགལ་བའི་ཆ་ནས་པདྨ་སྟེ་གཉིས་ཀར་འཇོག་པར་གསལ་ལོ། །ད་དུང་གོ་བདེར་བཤད་ན། སོར་རྟོག་ཡེ་ཤེས་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་

TN03_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༢)དང་། འགྲོ་བའི་རེ་བ་སྐོང་བའི་མཐུ་ཕུལ་དུ་བྱུང་བའི་ཕྱིར་མ་ི་སྟེ་ནོར་བུའི་རྒྱལ་པོའོ། །དེ་རྣམ་རྟོག་མེད་པར་མི་འཐད་དེ། སོར་རྟོག་ཡིན་པའི་ཕྱིར་རོ་ཞེ་ན། དེ་རྟོག་པ་ལས་སྐྱེས་ཀྱང་། རྟོག་པའི་དྲི་མས་མ་བསླད་པར་སྐྱེས་ཏེ། པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་ཉེས་པས་མ་གོས་པར་སྐྱེ་བ་བཞིན་ནོ། །དེར་མ་ཟད་སོར་རྟོག་དེ་ཉིད་ཀྱི་མཐུས་གཟུང་འཛིན་འཁྲུལ་པའི་གཡེང་བའི་གནས་ངན་ལེན་གྱི་ཆ་མ་ལུས་པ་འཇོམས་ཤིང་འགོག་པས་ན་ཧཱུཾ་ཞེས་སོ། །བདེ་ཆེན་ཤེས་རབ་སྙིང་རྗེ་མཆོག །ཅེས་པའི་སྒྲུབ་ཐབས་སུ་དཔལ་མི་ཏྲ་ཛོ་ཀིས་ནི། ཨོཾ་མ་ི་ཧཱུཾ། ཤེས་རབ་ཆེན་པོ་དྲི་མ་མེད། །རྣམ་པར་ཤེས་ཀུན་མཚན་ཉིད་དེ། །མ་སྐྱེས་མི་གནས་འགག་པ་མེད། །གདོད་ནས་རྣམ་གྲོལ་མངོན་སུམ་པ། ཨོཾ་ཨཱ་ཿཧྲཱིཿཔདྨེ་ཧཱཱུཾ། སྙིང་རྗེ་ཆེན་པོ་ལྷུན་གྱིས་གྲུབ། །དམིགས་པ་ཀུན་གྱི་མཚན་ཉིད་དེ། །མི་ཕྱེད་མི་འགྱུར་འབྲལ་བ་མེད། །སྐྱོ་མེད་རེ་བ་རྣམ་སྤངས་པའོ། །ཞེས་བཤད་དེ། མ་ི་ནི་ཤེས་རབ་ཀྱི་ཕར་ཕྱིན་ཏེ་རྣམ་རྟོག་མེད་ཅིང་། མཐུ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །པདྨ་ནི་སྙིང་རྗེ་ཆེན་པོ་སྟེ། འདམ་རྫབ་ལྟ་བུའི་འཁོར་བ་ལ་བརྟེན་ནས་སམ་དམིགས་ནས་སྐྱེ་བ་དང་། སེམས་ཅན་ཐམས་ཅད་དགའ་བར་བྱེད་པའི་ཕྱིར་རོ། །དེའང་

TN03_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༣)བྱང་སེམས་ཀྱི་མཉམ་བཞག་ཏུ་ནི་སྙིང་རྗེས་ཟིན་པའི་ཤེས་རབ་མངོན་གྱུར་དུ་འཇུག་སྟེ། སྤང་བྱ་དངོས་སུ་སྤོང་བ་སོགས་ལ་འདི་ཁོ་ན་དགོས་ཤིང་། སྙིང་རྗེའི་མཐུ་དང་བྱེད་ལས་གཞན་ཡང་དེ་ལ་ཡོད་དོ། །རྗེས་ཐོབ་ཏུ་ནི་ཤེས་རབ་ཀྱིས་ཟིན་པའི་སྙིང་རྗེ་སྟེ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་མངོན་དུ་འགྱུར་ཏེ། གཞན་དོན་གྱི་བྱ་བ་དངོས་སུ་སྒྲུབ་པ་སོགས་ལ་འདི་ཁོ་ན་དགོས་ཤིང་། ཤེས་རབ་ཀྱི་མཐུ་དང་བྱེད་ལས་གཞན་ཡང་དེ་ལ་ཡོད་དོ། །སངས་རྒྱས་ཀྱིས་ན་ནི་དེ་གཉིས་ཀ་བློ་གཅིག་ལ་མངོན་གྱུར་དུ་ལྡན་པས་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཅེས་བརྗོད་པ་ཡིན་ཏེ། འདི་དག་ནི་ལམ་དང་འབྲས་བུའི་དུས་ཀུན་ཏུ་མ་ི་དང་པདྨེ་གཉིས་མི་འབྲལ་བར་ཕན་ཚུན་གྲོགས་སུ་འཇུག་པའི་ཚུལ་ལོ། །ཐེག་ཆེན་གྱི་བསམ་སྦྱོར་གཉིས་ལས་བསམ་པ་སྙིང་རྗེ་ཆེན་པོ་པདྨེ་དང་། སྦྱོར་བའམ་སྤྱོད་པའི་གཙོ་བོ་དང་རབ་མཆོག་ཤེར་ཕྱིན་མ་ིར་བཞག་པས། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་དང་ས་བཅུ་པར་བཤད་པའི་སྨོན་ལམ་འབུམ་ཕྲག་གྲངས་མེད་བཅུ་སོགས་པདྨེར་སྡུད་ཅིང་། སྦྱིན་སོགས་ཕར་ཕྱིན་སྔ་མ་ལྔ་མ་ིར་བསྡུ་བ་འདྲ། ཕྱི་མ་ཅུང་ཟད་བཤད་ན། དཔེར་ན་མ་རིག་པ་ནི་མ་འདྲེས་པའི་མ་རིག་པ་ཙམ་དུ་མ་ཟད་ཀྱི། ཆགས་སོགས་ཉོན་མོངས་

TN03_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༤)པའི་སྒོ་སྣ་ཚོགས་དང་བསྡོངས་ནས་ཕྱི་ཕྱིར་སྟོབས་རྒྱས་པར་འགྱུར་བས། ཆགས་སོགས་དེ་དག་ནི་མ་རིག་པའི་དཔུང་གྲགས་སོ། །དེ་བཞིན་དུ་ཤེར་ཕྱིན་ཡང་རང་རྐྱང་ཙམ་སྒོམ་པ་མིན་གྱི། །སྦྱིན་སོགས་རྒྱ་ཆེ་བའི་སྤྱོད་ཕྱོགས་ཐམས་ཅད་དེས་མ་ཟིན་པ་མེད་པར་བྱས་ཏེ་སྦྱང་བས། སྒོ་སྣ་ཚོགས་ཤིག་ནས་ཤེར་ཕྱིན་སྟོབས་རྒྱས་པར་འགྱུར་ཏེ། །དེས་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་རི་མོ་མཁན་དུ་མས་འཁོར་སྒྱུར་གྱི་གཟུགས་གཅིག་འབྲི་བའི་དཔེས་མདོ་དང་རྒྱུད་བླ་མར་བཤད་པའི་རིགས་པས་མཚན་ཉིད་ཡོངས་སུ་རྫོགས་པའི་ཤེར་ཕྱིན་གྱི་རྟོགས་པ་རྙེད་པ་ནི་ཚོགས་མཐའ་ཡས་པ་ལ་ལྟོས་པས། ཚོགས་དེ་དག་ནི་དེའི་དོན་དུ་གསུངས་སོ། །རྐང་པ་གཉིས་པ་གཉིས་ཀྱི་དོན་ནི། མ་ིར་འཇོག་རྒྱུའི་ཤེས་རབ་དེ་ཤེས་པ་རྣམ་པར་དག་པ་རང་དོན་ཕུན་ཚོགས་ཟབ་པ་ཡེ་ཤེས་ཆོས་སྐུའི་ངོ་བོ་ཉིད་དང་། པདྨེར་འགྲོ་རྒྱུའི་སྙིང་རྗེ་དེ་དམིགས་པའམ་ཤེས་བྱ་རྣམ་པར་དག་པ་གཞན་དོན་ཕུན་ཚོགས་རྒྱ་ཆེ་བ་གཟུགས་སྐུའི་མཚན་ཉིད་དམ་འཇོག་བྱེད་ཡིན་པ་སྟེ། དེ་ལྟར་ན་སྔར་ཕྱག་མཚན་ཐད་དུ་བརྗོད་པ་ལྟར་བྱས་ཀྱང་འགྲིགས་པ་ཡོད། པདྨ་ཞེས་བྱ་རྒྱུ་ལ། པདྨེ་ཞེས་སྦྱར་བ་ནི་བོད་པའི་དོན་ཏེ། ནོར་བུ་པདྨ་ཞེས་སྤྱན་རས་གཟིགས་ལ་ཉེ་བའི་སྒོ་ནས་བོད་པའི་དོན་ཡིན་པས་འཕགས་པའི་ཐུགས་རྒྱུད་རང་ལ་ཉེ་ལྷང་བ་ལྟ་བུར་ཡོད་པར་

TN03_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༥)བསྒོམ་ལ་བཟླ་ཞེས་རྒྱལ་དབང་དགེ་འདུན་རྒྱ་མཚོས་བཤད། དེའང་ཐེག་ཆེན་གཉིས་ཀྱི་ཐུན་མོང་ལྟར་ཡིན་ལ། ད་དུང་བྱ་རྒྱུད་པའི་ཟབ་རྒྱ་ཆེའི་ལམ་གཉིས་སྒྲུབ་ཚུལ་ནས། །སྔགས་བླ་ན་མེད་པའི་ཤེས་པ་འོད་གསལ་དང་། ཤེས་བྱ་ཡེ་ཤེས་ཀྱི་སྐུ་སྒྲུབ་ལུགས་ཀྱི་བར་སོ་སོར་སྦྱར་ནས་བཤད་ན་རླབས་ཆེའོ། །ཡང་སྒྲུབ་ཐབས་དེ་ཉིད་ལས། རྣལ་འབྱོར་རྒྱལ་པོ་ཤེས་རབ་ཐབས། །རིག་འཛིན་དཀྱིལ་འཁོར་བླ་ན་མེད། །དཔལ་ལྡན་ཕ་རོལ་ཕྱིན་དྲུག་དངོས། ཆོ་གའི་དམ་པ་འདི་གསུངས་སོ། །ཨོཾ་མ་ི་པདྨེ་ཧཱུཾ། གསང་སྔགས་རྒྱལ་པོ་ཡི་གེ་དྲུག ལུགས་འབྱུང་བ་དང་ལུགས་བཟློག་ལས། །རྒྱུད་དྲུག་འགོག་དང་ལམ་དྲུག་སྦྱོང་། །འབྲས་བུ་དྲུག་ལ་རབ་སྦྱོར་ཉིད། །དེ་བཞིན་རྒྱུད་དྲུག་བསྐྱེད་པ་དང་། །ལམ་དྲུག་ལ་ནི་སྦྱོར་བ་དང་། །འབྲས་བུ་དྲུག་ནི་མངོན་དུ་བྱ། །གཟི་བརྗིད་དྲུག་པ་ཞེས་བཤད་དོ། །ཞེས་ཡི་གེ་དྲུག་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོ་ཉིད་དང་། འགྲོ་བ་དྲུག་སྦྱོང་བྱེད་སོགས་སུ་གསུངས་ཏེ། འདི་ནི་སྲོང་བཙན་བཀའ་འབུམ་དང་། བཀའ་གདམས་གླེགས་བམ་སོགས་སུའང་བཤད་དོ། །སྲོང་བཙན་བཀའ་འབུམ་ན་གཞན་ཡང་། རྡོ་རྗེ་དང་རིན་པོ་ཆེ་ལ་སོགས་པ་རིགས་ལྔ་རིགས་ཐམས་ཅད་བསྡུས་པ་དང་བཅས་པའི་དྲུག་གི་ངོ་བོར་སྦྱོར་ཚུལ་དང་། ཡེ་ཤེས་ལྔ་ལྷན་སྐྱེས་

TN03_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༦)ཡེ་ཤེས་དང་དྲུག་ལ་སྦྱར་བ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བྱིན་རླབས་སོ་སོར་འབེབས་པ། བྱིན་རླབས་ཐམས་ཅད་ཐོགས་མེད་དུ་འབྱུང་བ་དང་བཅས་པའི་དྲུག་ལ་སྦྱར་བ་དང་། དུག་ལྔ་ཉོན་མོངས་སྤྱི་དང་དྲུག་སྦྱོང་བྱེད་དུ་སྦྱར་བ། འབྱུང་བ་ལྔ་སོ་སོ་དང་ཐམས་ཅད་འདུས་པ་སྟེ་དྲུག་ལ་སྦྱར་བ་སོགས་ཆེས་མང་དུ་གསུངས་ཤིང་། ཕྱིན་དྲུག་དང་སྦྱོར་ཚུལ་ལ་ཡང་། ཨོཾ་སྦྱིན་པ་ནས། ཧཱུཾ་ཤེས་རབ་ཀྱི་བར་གོ་རིམ་བཞིན་དུ་སྦྱར་བ་དང་། ཨོཾ་ཤེས་རབ། མ་བསམ་གཏན།ི་ཚུལ་ཁྲིམས། པད་བརྩོན་འགྲུས། མེ་སྦྱིན་པ། ཧཱུཾ་བཟོད་པ་དང་སྦྱར་ཏེ་བསྟན་པ་སོགས་དེ་ཉིད་དུ་ལྟ་བར་བྱའོ། །ལྷན་སྐྱེས་རོལ་པས་མཛད་པའི་སྒྲུབ་ཐབས་སུ། སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་རྟོག་པའི་སྔགས་ཀྱི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་འདི་མཚན་མ་མེད་པའི་སྦྱར་བས་བལྟ་ཞིང་བཟླས་པ་བྱའོ། །ཨོཾ་མ་ི་པདྨེ་ཧཱུཾ། ཞེས་སོགས་རྒྱ་གཞུང་རྣམས་ལས་ཡིག་དྲུག་ཁོ་ན་འབྱུང་ཡང་། །གཏེར་ཕྱོགས་སུ་ཡིག་བདུན་མང་ལ། །དེའི་རྒྱུ་མཚན་ཡང་བྱང་གཏེར་ལས། ཕྱི་ནི་སྲོག་སྦས་ཞི་བའི་ཚུལ༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ ཞེས་པ་ནས། གསང་བ་སྲོག་གི་མཐའ་རྟེན་ཅན༔ སྙིགས་མའི་དུས་སུ་སྲོག་མཐར་རྟེན༔ ཞེས་གསུངས་ཏེ། སྤྱིར་ཡིག་དྲུག་རང་ཡང་ཐུགས་སྲོག་སྐུལ་བའི་སྔགས་

TN03_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༧)ལས་མ་འདས་མོད། འོན་ཀྱང་སྐུལ་བྱེད་ཡིག་དྲུག་དང་། བསྐུལ་བྱ་སྲོག་ཡིག་གཉིས་ཀ་དངོས་སུ་སྦྲེལ་ནས་བཟླས་ན་ཐུགས་རྗེ་གནད་ནས་སྐུལ་བ་ལ་ལྷག་པར་རྣོ་བས། སྔགས་འགྲུབ་པར་དཀའ་བའི་དུས་སུ་འདི་གཙོ་བོར་གཟུང་ཞེས་པ་ཡིན་ནམ་དཔྱད། །ཛབ་དབྱངས་ནི། མོས་གུས་གདུང་དབྱངས་ཀྱི་ཛབ་རྔ་མོ་བུ་སྟོར་བ་ལྟ་བུ་སོགས་ཉེར་གཅིག་བཀའ་འབུམ་དུ་བཤད། །སྒྲུབ་སྔགས་ཐད། ལྷ་མོ་ཡི་གེ་དྲུག་མ་བླ་མེད་ལུགས་ཀྱི་བསྙེན་སྔགས་ཡིག་བདུན་དང་། སྒྲུབ་སྔགས་དྷུ་མ་གྷ་ཡེ་ལ་མཛད་པ་སྟེ། ཡི་གེ་དྲུག་མ་བླ་མེད་ལུགས་ཀྱང་མང་པོ་ཡོད་ཆོག་ཀྱང་གཙོ་བོ་གཅིག་གསང་ཡེ་སྟེ། །གྲོལ་ཐིག་ཏུ། གསང་ཡེ་འདི་གོས་དཀར་མོར་ཡང་བཤད། དེ་ལྟར་བྱས་ན་སྒྲོལ་མ་བླ་མེད་ལུགས་ཀྱི་སྔགས་ཡིག་བཅུར་བྱས་པ་ལྟ་བུར་སྣང་། བསྙེན་སྔགས་གཙོ་བོ་ཡབ་ཡུམ་གྱི་ཐུན་མོང་དང་། སྒྲུབ་སྔགས་སོ་སོར་མཛད་པའོ། །བསྙེན་དུས་གཙོ་བོ་ཡབ་ཡུམ་གྱི་སྔགས་གཅིག་དྲིལ་དང་། སྒྲུབ་དུས་སོ་སོར་ཕྱེ་སྟེ་སྦྲེལ་བ་རེད་པས་ཡབ་ཡུམ་གྱི་སྐུ་དྲིལ་སྒྲུབ་ཏུ་མ་ཟད་གསུང་ཡང་དྲིལ་སྒྲུབ་ཏུ་འགྲོ་བའི་ཟབ་ཁྱད་སྣང་། ཡུམ་གྱི་སྒྲུབ་སྔགས་ལ་ཨོཾ་ལོགས་སུ་མེད་པ་ནི་སྒྲུབ་སྔགས་ཀྱི་ཐོག་མའི་ཨོཾ་དེ་ཡབ་ཡུམ་སྔགས་གཉིས་ཀའི་ཐུན་མོང་གི་མགོ་འདྲེན་དུ་མངོན་ཏེ། ཀློང་སྙིང་བདེ་རྒྱལ་ལས་ཚོགས་སུ་སྒྲོལ་མའི་ཡིག་བཅུ་ཚང་བར་མཛད་རྒྱུར་སྣང་ཡང་ཨོཾ་གཅིག་གིས་མཚོ་རྒྱལ་དང་སྒྲོལ་མ་གཉིས་ཆར་གྱི་མགོ་འདྲེན་གོ་ཆོད་མཛད་པ་ལྟ་བུ། མ་ི་བཀའ་འབུམ་གྱི་གསང་ཡེའི་སྔགས་ཀྱིས་དཔྱོད་ཚུལ་ཡང་ཡོད། ཆོས་དབྱིངས་ཀྱིས་མཐའ་ཀླས་པའི་སྣང་གྲགས་རིག་གསུམ་ཐམས་ཅད་འཕགས་པའི་གསང་གསུམ་སྒྱུ་འཕྲུལ་

TN03_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༨)དྲྭ་བའི་འཁོར་ལོར་བལྟས་ནས་སྒོམ་པ་ནི། སྤྱན་རས་གཟིགས་ཀྱི་ཁྱད་པར་གྱི་རྣམ་ཐར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྔགས་ཀྱི་ཆོ་གའི་སྒོ་ནས་སློབ་ཚུལ་ངོ་མཚར་བ་ཡིན་ཅིང་། སྒྱུ་འཕྲུལ་དང་སྦྱར་ན། དག་པའི་སྣང་ཞེན་རྩལ་རྒྱས་ཆེད་བསམ་ཡས་ལྷུན་གྲུབ་ཀྱི་རྒྱ་སྤྲོས་སོགས་སྒོམ་པ་དང་གནད་འདྲའོ། །ཡུམ་གསང་ཡེ་ལྷ་མོ་ཡི་གེ་དྲུག་མ་ཡིན་ན་དེའི་སྔགས་ཀྱང་ཡིག་དྲུག་ཉིད་དུ་རིགས་ཀྱི། དྷུ་མ་གྷ་ཡེའི་སྔགས་ཟུར་དུ་སྟོན་མི་རིགས་སོ་ཞེ་ན། །གསང་ཡེ་ནི་འཕགས་མ་ཡི་གེ་དྲུག་མ་ཉིད་སྔགས་བླ་མེད་ཀྱི་དགོས་ལྷར་བསྟན་པ་ཡིན་ཅིང་། དེ་བཞིན་དུ་དྷུ་མ་གྷ་ཡེའི་སྔགས་ཀྱང་ཡིག་དྲུག་ཉིད་བླ་མེད་ཀྱི་ལྷན་ཅིག་སྐྱེས་མའི་དགོས་སྔགས་སུ་སྤྲུལ་པ་ཡིན་ཟེར་རམ་བརྟགས། ལས་སྦྱོར་སྐབས། ཡི་དྭགས་སུ་སྐྱེ་བའི་རྒྱུ་ལ་སེར་སྣ་གཙོ་ཆེ་ཡང་དེས་ཁྱབ་པ་ནི་གཏན་མིན་པས་འགྲོ་བ་དེར་སྨིན་རྒྱུའི་ལས་ཉོན་འབྲས་གསུམ་ཐམས་ཅད་འདིར་པྲ་ཡིག་ཏུ་དྲིལ་ནས་ནོར་བུའི་རིགས་ཀྱི་འོད་ཟེར་གྱིས་སྦྱོང་བ་ཡིན་ལ། །དེས་རྡོ་རྗེའི་རིགས་ཀྱིས་སྦྱང་བྱ་ལ་ཁོང་ཁྲོ་རྒྱུ་འབྲས་ཀྱིས་མ་ཁྱབ་པ་སོགས་ཀྱང་འགྲེ། དེ་ལ་ཨ་ནྲྀ་སོགས་ས་བོན་དྲུག་པོ་ནི་རླུང་སེམས་དང་བཅས་པའི་ཐིག་ལེའི་སྙིགས་མ་རིགས་དྲུག་སྟེ། ནྲྀ་ཡིག་ཏུ་འཇོག་རྒྱུའི་རླུང་སེམས་ཀྱི་ཐིག་ལེའི་སྟེང་ན་ཐོག་མེད་ནས་བརྒྱུད་པའི། མིའི་གནས་ལུས་

TN03_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༩)ལོངས་སྤྱོད་སྤྱོད་ཚུལ་སོགས་མདོར་ན་མིའི་འགྲོ་བའི་ཕྱོགས་ཀྱི་ཐ་མལ་སྣང་ཞེན་གྱི་ནུས་པའི་ཆ་རྣམས་བརྟེན་ནས་གནས་པས། མིར་སྐྱེ་བའི་ལས་ཉོན་གྱི་ཆ་ཐམས་ཅད་དེའི་སྟེང་དུ་སོག་ཅིང་། ལས་ཉོན་དེ་དག་གིས་བསྐྱེད་པའི་ཕྱི་སྣོད་ཀྱི་རྒུད་པ་དང་། ནང་དུ་རྨོངས་དང་བརྗེད་ངས། ངག་ལྐུགས། དབང་པོ་ཉམས་པ། དབུལ་ཕོངས། ནད་མང་། གྲགས་ངན། འཁྲུགས་རྩོད་སོགས་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་ཡི་གེ་དེ་ལས་མཆེད་པའི་སྣང་བ་ཡིན་ནོ། །དེས་གཞན་ལྔ་ཡང་ཤེས། དེའང་སྙིགས་མའི་རླུང་སེམས་དང་འགྲོགས་པའི་ཐིག་ལེ་རིགས་དྲུག་པ་དེ། ཡི་གེ་དྲུག་ཏུ་མོས་ནས་སྦྱོང་བ་ཡིན་ལ། ཡི་གེ་འདི་དྲུག་འགྲོ་བ་དྲུག་ལ་སྦྱོར་བའི་རྒྱུ་མཚན་ནི། །ངེས་ཚིག་གི་བཤད་པ་ལ་བརྟེན་པར་མངོན་ལ། འགྲོ་བ་གང་གི་ཡི་གེ་ཡིན་པ་དེ་འགྲོ་བ་དེའི་གནས་སྐབས་སྐྱེད་པའི་ཐིག་ལེའི་མཚན་མར་ཡང་འཐད་དོ། །མིའི་གནས་སྐབས་སྐྱེད་པའི་ཐིག་ལེ་མིའི་ངེས་ཚིག་དང་ལྡན་པའི་ཡི་གེའི་རྣམ་པར་བྱེད་པ་སོགས་སོ། །མཆན། འདི་དག་ཀློང་གསལ་སོགས་ལས་རྐང་མཐིལ་ལ་སོགས་པའི་གནས་དྲུག་ཏུ་སོ་སོར་བརྟེན་པར་བཤད་ཀྱང་། ཐམས་ཅད་ཀྱི་རྩ་བའི་གནས་མཐར་ཐུག་པ་ནི་སྙིང་ཀ་ཡིན་པར་སྒྱུ་འཕྲུལ་སྐོར་ལས་རྒྱས་པར་བཤད་དོ། །དེའི་ཕྱིར་འདི་དག་བཀྲུས་ན་འཁོར་བའི་སྣོད་བཅུད་ཀྱི་རྒུད་པ་མཐའ་དག་བཀྲུས་པར་འགྱུར་ཞིང་།

TN03_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༠)དེ་དག་གི་བག་ཆགས་ནི་ཤེས་སྒྲིབ་ཡིན་པས་དེ་སྦྱང་ན་སྲིད་ཞིའི་རྒུད་པ་ཐམས་ཅད་སྦྱང་བར་ཡང་འགྲོ་སྟེ། རྟེན་འབྲེལ་སྒྲིགས་ཚུལ་ཙམ་བཤད་པར་ཟད་ཀྱི་ཤེས་སྒྲིབ་བསྐྱེད་བཟླས་ཙམ་གྱིས་ག་ལ་འདག་འབྱུང་འགྱུར་གྱི་དམྱལ་བའི་སྡུག་བསྔལ་སོགས་སྦྱོང་དམིགས་ལ་འབད་པ་ལྟར། །མ་འོངས་པ་ན་གསོག་འགྱུར་དང་བྱེད་འགྱུར་གྱི་ལས་སྒྲིབ་རྣམས། འབྱུང་འགྱུར་གྱི་ནད་སྨན་བཅུད་ཀྱིས་ལེན་གྱིས་བཀག་པ་བཞིན་དུ་རྒྱུན་གཅོད་པའི་ཕྲིན་ལས་ཀྱང་གལ་ཆེ་མོད། བསགས་ཟིན་སྦྱོང་བ་རྐྱང་ལས་མ་གོ་བ་མང་། དེ་ལྟར་ན་ལས་སྦྱོར་འདི་ནི་ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་ཀྱི་འཇིག་རྟེན་མཐའ་དག་རང་གི་གདུལ་ཞིང་དུ་བྱིན་གྱིས་རློབ་པའི་མན་ངག་ཁྱད་པར་ཅན་ཡིན་པས་ཐད་ཀར་ཝ་ཤཾ་ཀུ་རུ་ཞེས་མ་བཟླས་ཀྱང་ཁམས་གསུམ་གྱི་དབང་ཕྱུག་སྒྲུབ་པའི་ལས་སྦྱོར་ཆེན་པོ་སྟེ། ཚན་ཆེ་ལ་བཀྲ་ཤིས་པ། དབང་སྡུད་སྟོང་གི་ནང་ན་རི་རབ་བཞིན་དུ་འཕགས་པ་ཡིན་ནོ། །ཡོ་གར་རྗེ་བཙུན་འདིས་དམིགས་མེད་ཀྱི་བརྩེ་བའི་སྒོ་ནས་ཁམས་གསུམ་གྱི་དབང་པོ་བརྙེས་པར་གསུངས་པ་དེ་གཞུང་འདིར་ཕྱག་ལེན་ལ་བཏབ་འདུག་གོ མ་ིའི་སྔགས་དོན་སྟོང་ཉིད་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ཟུང་འབྲེལ་གྱི་སྒོ་ནས་བཤད་པ་དང་། ཡིག་དྲུག་ཕྱིན་དྲུག་དང་སྔགས་ཀྱི་ལྷའི་རིགས་དྲུག་ལ་

TN03_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༡)སྦྱར་བ་ལྟར་སྔགས་དེ་ལམ་འབྲས་ཀྱི་ཆོས་དེ་དག་གི་རང་བཞིན་དུ་ང་རྒྱལ་བརྟན་པོ་བཞག་སྟེ་སྔགས་དེའི་འོད་ཟེར་རིགས་སོ་སོའི་ཚུལ་ཁྲིམས་བཟང་པོའི་ཡིག་དྲུག་སྒྲུབ་ཐབས་ལྟར། ཁ་དོག་དང་བྱེད་ལས་ཅན་གྱིས་གཞན་དོན་དེ་ལྟར་བྱེད་པའི་རྣལ་འབྱོར་ལ་སྦྱང་ན་རང་ཉིད་བྱང་ཆུབ་ཀྱི་བར་དུ་སྟོང་ཉིད་སྙིང་རྗེའི་ཐབས་ཤེས་ཟུང་འཇུག་གམ། ཕྱིན་དྲུག་གི་ཆོས་ཀྱི་འོད་ཟེར་གྱི་སྣང་བ་སྟུག་པོས་ཞིང་རབ་འབྱམས་ཀྱི་འགྲོ་བའི་རྒུད་པ་མཐའ་དག་འཕྲོགས་ནུས་ཀྱི་དཔའ་བོ་ཆེན་པོར་སྒྲུབ་པ་དང་། འདི་ནི་ཐུབ་བསྟན་སྒོ་ཐམས་ཅད་ནས་རྒྱས་པར་བྱེད་པའི་དབང་ཕྱུག་གི་མཐུ་སྒྲུབ་བྱེད་དུ་འགྲོ་ལུགས་སོ། །རང་ཉིད་ལ་བརྟེན་ནས་འཁོར་ལོ་དང་རྡོ་རྗེ་དང་རིན་པོ་ཆེ་སོགས་རིགས་དྲུག་གི་རྣམ་པར་ཐར་པའི་སྒོ་ཐམས་ཅད་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་འགྲོ་འདུལ་གྱི་ཕྲིན་ལས་དུས་ཀུན་ཏུ་རྟག་པ་དང་ཕྱོགས་ཀུན་ཏུ་ཁྱབ་པ་དང་། འབད་མེད་ལྷུན་གྲུབ་ཏུ་རྒྱས་པར་འགྱུར་བའི་ཐབས་དམ་པར་ཡང་འགྲོ་བས་མཁས་པ་སྒྲུབ་བྱེད་དང་། མངོན་ཤེས་ཀྱི་མཐུ་ཅན་དང་། །ཚུལ་ཁྲིམས་དག་པ་དང་། དཔལ་འབྱོར་མི་ཟད་པ་སོགས་པདྨའི་རིགས་སམ་དམ་པའི་ཆོས་ཀྱི་རིགས་ཀྱི་ཕྲིན་ལས་ཀྱིས་འགྲོ་བ་ཐམས་ཅད་རྣམ་པར་དག་པར་ལྟ་བའི་བསམ་གཏན་ལ་གནས་པ་ནི་དམ་པའི་ཆོས་འཛིན་པའི་རྣམ་པར་ཐར་པ་སྒྲུབ་ཚུལ་

TN03_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༢)རྨད་དུ་བྱུང་བའོ། །སྒྲུབ་ཐབས་ཀྱི་མན་ངག་ཅི་ཡང་ཟུར་དུ་བཙལ་མི་དགོས་སོ། །རྒྱུ་དང་མི་རྒྱུའི་འཇིག་རྟེན་མ་ལུས་པ་སྙིང་རྗེ་ཆེན་པོའི་ཡེ་ཤེས་སྒྱུ་མའི་རིག་སྔགས་ཀྱིས་ཤིན་ཏུ་རྣམ་དག་གི་གཟུགས་སུ་སྤྲུལ་པར་བྱེད་པའི་བསམ་གཏན་ཡིན་པའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ལྷག་པར་རྩལ་སྦྱང་བར་ཡང་འགྱུར་ལ། །དེར་མ་ཟད་རང་ཉིད་གང་དུ་འཚང་རྒྱ་བའི་ཞིང་སྦྱོང་བ་སོགས་རྫོགས་སྨིན་སྦྱང་གསུམ་གྱི་གནད་བསྡུས་པའི་མན་ངག་ཀྱང་ཡིན་ཏེ། ཉི་མ་མཁའ་ཁྱབ། ཆུ་བོ་དབྱིངས་ཁྱབ། གཡོས་ཁང་ཟས་སྦྱོར་ལ་སོགས་པ་འགྲོ་འདུལ་གྱི་ལས་ཚོགས་གཞན་མང་པོའི་གནད་ཀྱང་འདི་ལ་མ་ཚང་བ་མེད་དོ། །རྒྱལ་བའི་ཡུམ་སོགས་ལས་བྱང་སེམས་ཀྱི་འཁོར་བསྡུ་བ། ལྷའི་འཁོར་གྱི་དྲེགས་པ་འདུལ་བ། ངན་འགྲོ་སྦྱོང་བ་སོགས་ཐུབ་པས་མཛད་པ་ཕལ་ཆེར་འོད་ཟེར་གྱིས་སྒྲུབ་པར་གསུངས་པ་དང་། འོད་ཟེར་ཀུན་ཏུ་བཀྱེ་བ་བསྟན་པ་དང་། དཀོན་མཆོག་ཏ་ལ་ལས་འོད་ཟེར་གྱི་རབ་དབྱེ་དང་རྒྱུ་དང་བྱ་བའི་ཁྱད་པར་རྒྱ་ཆེར་བསྟན་པ་དང་། སྔགས་ཀྱི་དག་པ་བཞི་ལམ་བྱེད་ཀྱི་ཐད་ན། འོད་ཟེར་གྱིས་རེག་པ་ཙམ་གྱིས་སེམས་ཅན་གྲངས་མེད་པ་རྡོ་རྗེ་སེམས་དཔའི་གོ་འཕང་ལ་འགོད་པ་ལ་སོགས་པའི་མཛད་པ་དང་། ཞེས་པ་སོགས་ཀྱིས་འོད་ཟེར་སྤྲོ་བསྡུའི་དམིགས་རིམ་ལ་ངེས་པ་དྲང་བར་བྱའོ། །

TN03_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༣)འཇིག་རྟེན་དུ་ནད་དང་། གདོན་དང་། ལྟས་ངན་དང་དབུལ་ཕོངས་དང་། འཐབ་རྩོད་དང་། འབྱུང་བཞིའི་འཇིགས་པ་སོགས་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་ཞི་ནས། བདེ་སྐྱིད་བཀྲ་ཤིས་ཀྱི་དཔལ་འཕེལ་ཞིང་རྒྱས་པའི་ལས་སྦྱོར་ལའང་འདི་ལས་ཟབ་པ་མེད་དེ། །རྒྱལ་པོ་འོད་ཆེན་པོའི་རྣམ་ཐར་བཞིན་ནོ། །ལས་སྦྱོར་འདི་ཚང་མ་སྔགས་ཤམ་མེད་པར་ཡིག་དྲུག་རང་རྐྱང་བཟླས་ནས་སྒྲུབ་ལུགས་ཀྱང་། གྲུབ་དབང་ཚུལ་ཁྲིམས་བཟང་པོའི་ལུགས་དང་། ཐུགས་སྒྲུབ་བར་ཆད་ཀུན་སེལ་སོགས་ན་ཡོད་དོ། །རྟགས་མཐོང་འགྱུར༔ ཞེས་པའི་རྟགས་ནི་ཐུགས་སྒྲུབ་ཏུ། དངོས་ཉམས་འཕགས་པའི་ཞལ་མཐོང་ཞིང༔ གཞན་ཕན་སྙིང་རྗེ་རྩོལ་མེད་སྐྱེ༔ རྨི་ལམ་རྣག་ཁྲག་མི་གཙང་འབབ༔ ཁྲུས་བྱས་གོས་དཀར་གྱོན་པ་དང༔ མཁའ་ལ་འཕུར་དང་ཆུ་སྟེང་བགྲོད༔ ཉམ་ངའི་གནས་ལས་འགྲོ་མང་བསྒྲལ༔ དེ་སོགས་དགེ་བའི་མཚན་མ་རྣམས༔ སྒྲིབ་དག་གཞན་ཕན་ལྟས་སུ་ཤེས༔ ཞེས་སོགས་སྒྲས། གངས་རི་མཐོང་ཞིང་དེར་འཛེགས་པ། ཉི་ཟླ་ཤར་བ། རོལ་མོ་འཁྲོལ་བ། ཤེལ་ཕྲེང་དང་མེ་ཏོག་དཀར་པོ་རྙེད་པ་སོགས་གཞན་ལས་མང་དུ་གསུངས་པ་རྣམས་སོ། །གཞན་ཕན་གྱི་ཕྲིན་ལས་འབྱུང་བའི་རྒྱུ་ཐུན་མིན་ནས་ཀྱི་ས་བོན་ལྟ་བུ་ནི། གཞན་ཕན་གྱི་བསམ་པ་ཉིད་ཡིན་ཏེ། །བསམ་པ་དེ་མཐུ་ཇི་ལྟར་ལྷག་པ་དེ་ལྟར་འབྲས་བུ་གཞན་དོན་ཡང་ལྷག་པར་འགྱུར་རོ། །

TN03_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༤)དེའང་ཐེག་ཆེན་ནས་གསུངས་པ་ལྟ་བུའི་གཞན་ཕན་ཐུག་མེད་འགྲུབ་པ་ལ་ནི་བསམ་པ་དེའི་མཐུན་ཕྱོགས་རེ་སྐྱེས་པས་མི་ཆོག་གི །རྣམ་པ་ཐམས་ཅད་ནས་རྒྱས་དགོས་ལ། དེ་ལྟར་རྒྱས་བྱེད་དུ་སྦྱིན་སོགས་སྤྱོད་པ་ཐུག་མེད་ལ་སློབ་པ་ཡིན་པས་སྤྱོད་པ་དེ་དག་ནི་བསམ་པ་དེའི་གྲོགས་སམ་དཔུང་ངོ། །བསམ་པ་དེ་ཕུལ་དུ་དབྱུང་དུ་མེད་པར་མཐར་ཕྱིན་པ་དེ་བཞིན་གཤེགས་པ་རྣམས་ཀྱི་རྒྱུད་ལ་གྲུབ་ཟིན་པ་རྣམས་ལྷ་གཅིག་གི་རྣམ་པར་བསྡུས་པ་ནི་རྗེ་བཙུན་འདི་ཡིན་པས། དེའི་སྔགས་ཀྱི་ཟླ་ཟེར་རང་རྒྱུད་ལ་གདོད་ནས་བཞུགས་པའི་སྤྱན་རས་གཟིགས་ཀྱི་ཆུ་ཤེལ་ལ་བཅུག་ནས་སྒྲུབ་ལུགས་འདིས་ནི་འགྲོ་འདུལ་ཕྲིན་ལས་ཀྱི་དངོས་གྲུབ་ཡས་བབ་ཐོག་རྒྱགས་ལྟ་བུའི་ཚུལ་དུ་འཐོབ་པར་ནུས་སོ། །དེ་བཞིན་དུ་ཡིག་དྲུག་ཕྱིན་དྲུག་དང་སྦྱོར་སྐབས་ཀྱང་། ལྷ་སྔགས་ཀྱི་མཐུས་ཕྱིན་དྲུག་གི་རྟོགས་པ་སྩོལ་བར་མ་ཟད། ཕྱིན་དྲུག་གི་འབྲས་བུའི་ཡོན་ཏན་ལོངས་སྤྱོད་དང་ལུས་འཁོར་རྩོམ་པ་ཕུན་ཚོགས་སོགས་འཕྲལ་ལ་ཐོད་རྒལ་དུ་སྟེར་བར་ཡང་འགྱུར་ཏེ། འདི་ལྟར་དོན་ཆེན་པོ་དེ་དག་འོ་སྐོལ་རང་གི་མཐུས་སྒྲུབ་པ་དང་། དེ་བཞིན་གཤེགས་པས་ཐོག་མ་མེད་པ་ནས་བསྒྲུབས་ཟིན་པའི་སྙིང་རྗེ་དང་ཕྱིན་དྲུག་རིག་སྔགས་ཀྱི་རྣམ་པར་ཤར་བ་ལ་བརྟེན་ནས་སྒྲུབ་པ་གཉིས་ནི་ཚུལ་ལམ་ལུགས་མི་གཅིག་སྟེ།

TN03_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༥)རིག་སྔགས་འདི་གྲུབ་པ་ནི་བདེ་བ་ཅན་དུ་སྐྱེས་པ་དང་འདྲ། དེའི་ཚེ་དེ་འདྲ་བའི་དངོས་གྲུབ་མང་པོ་ལ་མྱུར་བ་དེར་དབང་སྒྱུར་ནུས་པ་ནི་ཞིང་དེར་སངས་རྒྱས་བྱང་སེམས་ཀྱི་འབྱོར་པ་བསམ་མི་ཁྱབ་ལ་ཅི་དགར་སྤྱོད་དུ་ཡོད་པ་དང་འདྲ། རིག་སྔགས་ལ་མ་བརྟེན་ན་གྲུབ་པ་དེ་དག་ཚེ་རབས་མང་པོས་ཀྱང་འཐོབ་ཏུ་མེད་པ་ནི་ཞིང་དེའི་ལོངས་སྤྱོད་དེ་དག་གདུལ་བྱའི་དགེ་རྩའི་རང་སྟོབས་ཀྱིས་སྒྲུབ་དགོས་ན་ཤིང་ལོ་གཅིག་ཀྱང་བསྐལ་པ་དུ་མར་ཡང་འགྲུབ་མི་ནུས་པ་དང་འདྲ་བས་སོ། །འོན་ཀྱང་ཕར་ཕྱིན་གཅིག་གི་བྱ་བ་ལའང་ལྷག་མ་རྣམས་ཀྱིས་ཕན་འདོགས་པས་རྩོམ་པ་ཕུན་ཚོགས་ཙམ་སྒྲུབ་ཀྱང་ཡི་གེ་དྲུག་ཀ་ཚང་བ་ཚན་ཆེའི། །བརྩོན་འགྲུས་ཀྱི་ཡི་གེ་རྐྱང་པས་ནི་མིན་ནོ། །མདོ་ལས་ཡིག་དྲུག་འདི་ལྷ་མོ་ཡེ་གེ་དྲུག་མའི་སྲུང་བར་བཤད་ཅིང་། འདིའི་དེ་ཉིད་ཕར་ཕྱིན་དྲུག་གི་རེ་རེར་ཡང་དྲུག་དྲུག་ཚང་བར་བསྡུས་ནས་སྒྲུབ་པ་ལ་གོ་ཆའི་སྒྲུབ་པ་ཞེས་མི་མཐུན་ཕྱོགས་ཀྱིས་མི་བརྫི་བས་རྒྱལ་སྲས་རྣམས་ཀྱི་གོ་ཆ་ཡིན་པར་གསུངས་ཏེ། དེ་ལྟར་བཟླས་ན་འཇིགས་པ་མཐའ་དག་སྲུང་བའི་སྔགས་ཀྱི་དམ་པར་ཡང་། སྔགས་འདིས་ལོངས་སྤྱོད་དང་ཤེས་རབ་དང་སྲུང་བ་སོགས་གང་སྒྲུབ་ཀྱང་དོན་དེ་དང་དེའི་ཆེད་དུ་འདུན་སྟོབས་དང་བསམ་གཏན་གྱིས་ལྡེ་ཁ་

TN03_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༦)སྒྱུར་བ་ནི་ངེས་པར་དགོས་སོ། །ནོར་བུ་ཆུ་ཤེལ་ཚོན་གང་ལ་ཉེ་བ་དེའི་ཁ་དོག་ཏུ་སྣང་བ་བཞིན་ནོ། །ལས་ཚོགས་རབ་འབྱམས་གཞན་ཡང་སྒྲུབ་ལུགས་ནི། ཉང་གི་འགྲོ་འདུལ་སོགས་ལས་ཤིན་ཏུ་མང་བ་བཤད་ཀྱང་འདིར་བླ་མ་ཞི་བ་ལྟར་ལས་བཞིར་དྲིལ་ན། །རྒྱལ་པོ་བཀའ་འབུམ་དུ་ཡིག་དྲུག་རྐྱང་པ་དེ་དམིགས་མེད་དབང་གིས་ལས་སོ་སོར་བྱེད་པར་གསུངས་པ་ལྟར་རམ། ཉང་གི་འགྲོ་འདུལ་ལས་སོ་སོའི་ཤམ་སྔགས་སྦྲེལ་བར་གསུངས་པ་ལྟར་ན་བླ་མ་ཞི་བ་ལྟར་སྦྱོར། གང་ལྟར་ཡང་ཏིང་ངེ་འཛིན་གལ་ཆེ་བས། དེ་ལ་རྒྱལ་པོ་བཀའ་འབུམ་སོགས་སུ་ལྷའི་སྐུ་མདོག་ཀྱང་ལས་ཀྱི་ཁ་དོག་ཏུ་སྒྱུར་བར་བཤད་ཀྱང་། དེ་མ་བསྒྱུར་བར་འོད་ཟེར་ལས་མདོག་ཅན་གྱིས་ཕྲིན་ལས་སོ་སོར་མཛད་པར་བལྟས་པས་ཀྱང་འགྲུབ་པར་པདྨ་ཞི་ཁྲོར་བཤད་པ་བཞིན་བྱ། །གལ་ཏེ་ལས་བཞིའི་ཆོ་ག་དེ་ལས་རྒྱས་པ་ལ་དགའ་ན། པདྨ་ཞི་ཁྲོའི་སཙྪ་དང་ཆུ་ལ་བརྟེན་པ་སོགས་སྦྱར་ན་ལེགས་པར་མཐོང་ངོ། །སྲུང་འཁོར་འབྲིན་རྒྱལ་པོ་བཀའ་འབུམ་ལྟར་དང་། ཚེ་སྒྲུབ་བྱེད་ན་བླ་མ་ཞི་བ་ནས་བླང་། མཆན། གཏེར་གསར་གྱི་གཞུང་ལ་ལར། མི་ཟབ་པའི་བསྐྱེད་རིམ་གྱི་འོག་ཏུ་ལུས་དཀྱིལ་ལམ་ཟབ་པའི་བསྐྱེད་རིམ་སྒོམ་པར་བཤད་ཀྱང་། འདིར་མ་གསུངས་ཏེ། ལར་འདིའི་ལྷ་བསྐྱེད་ལྟར་རྟེན་དང་བརྟེན་པའི་འཁོར་ལོ་ཐམས་ཅད་ཕུང་ཁམས་དག་པའི་བདེ་ཆེན་ཡེ་ཤེས་

TN03_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༧)ཀྱི་དག་ལྡོག་སོ་སོའི་སྟེང་ནས་སྒོམ་པ་འདི་ལ་རྩལ་འབྱོང་བར་བྱས་ཀྱང་ཕུང་ཁམས་འོད་གསལ་དུ་དེང་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་ལུས་དཀྱིལ་སྒོམ་པའི་གོ་ཆོད་པ་ཞིག་ཡོད་འདྲ་སྟེ། དུས་འཁོར་བཞིན་ནོ། །དེར་མ་ཟད་འདིའི་རྩ་གཞུང་བླ་མ་ཞི་བར། ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ གདན་གསུམ་སྒྱུ་འཕྲུལ་ཞི་ཁྲོ་ཡི༔ ཞེས་སོགས་ལྟར་ཕུང་ཁམས་ཐམས་ཅད་ལ་སྒྱུ་འཕྲུལ་ཞི་ཁྲོའི་ལྷ་རྣམས་གཟུགས་སོགས་ནང་གི་ཆོས་དེ་དང་དེར་ཤར་བའི་སྣང་ཞེན་འཇོག་པའང་གལ་ཆེའོ། །སྣང་ཞེན་འཇོག་པའི་གཞི་ལ། རགས་པ་ཕུང་སོགས་དང་། །ཕྲ་བ་རྩ་ཁམས་ཀྱི་ཁྱད་ཡོད་པ་མ་གཏོགས་པ། ཡུམ་ཀ་ལའང་ཚུལ་འདི་འདྲའོ། ༈ །བྱ་བ་སྤྱིའི་རྒྱུད་དཔུང་བཟང་དང་ལེགས་གྲུབ་གསང་བ་སྤྱི་རྒྱུད། བྱེ་བྲག་གི་རྒྱུད་དོན་ཞགས་ཆོ་ག་ཞི་བ་མོ་དང་ཕྱག་སྟོང་སྤྱན་སྟོང་གི་གཟུངས་མདོ་སོགས། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་། ཡོ་ག་དེ་ཉིད་བསྡུས་པ་དང་དཔལ་མཆོག །བླ་མེད་གསང་འདུས་དང་བདེ་མཆོག་མངོན་བརྗོད་བླ་མ་དུས་འཁོར་སོགས་ཀུན་ཏུ་གསུངས་པས་འདི་ནི་རྒྱུད་སྡེ་བཞི་ཀའི་ལྷ་ཡིན། ༈ འདི་དེ་ཁོ་ན་ཉིད་ལ་བློ་རྒྱས་པར་བྱེད་པའི་བློ་འཕེལ་གྱི་ལྷར་བསྔགས་ཏེ། དེ་ཉིད་སྣང་བ་དང་དཔལ་མཆོག་འགྲེལ་པར། སེམས་ཅན་གཏི་མུག་

TN03_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༨)ཤས་ཆེ་བ་རྣམས་སྦྱོང་བྱེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་འགྲོ་འདུལ་པདྨའི་རིགས་སྤྲུལ་པར་གསུངས་པ་དང་། རང་བཞིན་དག་པའི་ཆོས་ལ་སོར་རྟོག་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པའི་ཆ་ནས་སྤྱན་རས་གཟིགས་སུ་བརྗོད་ཚུལ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་དང་དོན་ཞགས་སོགས་མང་པོར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྟེང་ནས་སྒོས་ཀྱི་ཆེ་བ་བསྟན་པ་སོགས། ༈ གསུངས་རབས་ཀྱི་མཛོད་ཐམས་ཅད་ཀྱི་བདག་པོར་སྒྲུབ་པའི་ལྷར་བསྔགས་པའང་། །རྣམ་སྣང་མངོན་བྱང་དང་ཡོ་ག་དང་བླ་མེད་རྒྱུད་ཀུན་ཏུ་འདི་སོར་རྟོག་ཡེ་ཤེས་ཀྱི་ལྷ་མཐར་ཐུག་ཏུ་བཤད་ཅིང་། །ཡེ་ཤེས་དེ་སྔོན་ཆོས་བསྟན་པའི་རྒྱུ་ལས་བྱུང་ཞིང་། ཆོས་ཀྱི་ལོངས་སྤྱོད་རྒྱས་པའི་བྱེད་ལས་ཅན་ཡིན་ཚུལ་མདོ་རྒྱན་ལས་དང་། དེ་ཉིད་བསྡུས་པར། འདི་ཉིད་དང་པོར་རྒྱལ་བ་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་འོད་ཟེར་ལས་སྤྲུལ་ཚུལ་དང་སངས་རྒྱས་རྣམས་ཀྱིས་པདྨ་བྱིན་ནས་བཛྲ་དྷརྨ་ཞེས་མིང་གིས་དབང་བསྐུར་ཚུལ། །སངས་རྒྱས་གསང་བ་དང་ཤཱཀྱ་མི་ཏྲས། མདོ་སྡེ་བཤད་པའི་མཐུ་རྙེད་པའི་ཕྱིར། །ཞེས་སོགས་དུ་མ། གསང་འདུས་སོགས་ལས་འདི་ཉིད་རྡོ་རྗེ་སེམས་དཔའི་ལྗགས་ལྷའི་རྣམ་པར་ཤར་བར་གསུངས་ཏེ། ལྗགས་ནི་གསུང་རབ་ཆོས་ཕུང་ཐམས་ཅད་ཀྱི་བདག་པོ་ཡིན་ཚུལ་བསྔགས་འོས་བསྔགས་བསྟོད་ཀྱི་བཅུ་གཅིག་པ་

TN03_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༩)ལྟར། འདིའི་རིགས་ཀྱི་དམ་ཚིག་ཏུའང་། དམ་པའི་ཆོས་ནི་མ་ལུས་བཟུང་། །ཞེས་འབྱུང་། ༈ གཟུངས་ཀྱི་སྒོ་ཚད་མེད་པ་སྒྲུབ་པར་ཡང་བསྔགས་ཏེ། མདོ་རྒྱན་ལས་སོར་རྟོག་ཡེ་ཤེས་ལ་དག་གཟུངས་རྣམས་ཀྱི། གཏེར་དང་འདྲ་བ། ཞེས་དང་། ཏིང་ངེ་འཛིན་གྱི་གཟུངས་ཁོ་ན་གཟུངས་ཆེན་པོར་འཇོག་པ་དང་ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱིས་ཆོས་འཛིན་པ་སོགས་རྗེ་བཙུན་འདི་ཏིང་ངེ་འཛིན་གྱི་ལྷར་བསྔགས་ཚུལ་འཆད་འགྱུར་དང་སྒྲིགས་ལ་སོམས། ༈ །སྒྲ་རིག་དང་དེའི་འཁོར་སྙན་ངག་སོགས་ལ་མཁས་པ་དང་། རྩོད་པ་སྨྲ་བའི་ཁྱུ་མཆོག་སོགས་སྒྲུབ་པར་ཡང་བསྔགས་ཏེ། ཐེག་བསྡུས་དབང་འབྱོར་ལྔའི་ཐད། འདུ་ཤེས་གྱུར་བས་སྨྲ་བ་ལ་དབང་འབྱོར་བར་གསུངས་ཤིང་འདི་འདུ་ཤེས་དག་པའི་རིགས་ཀྱི་འཁོར་སྒྱུར་དུ་བཤད་པ། འདུས་པའི་ངག་བྱིན་རླབས་སྐབས་སོ་རིག་བཞི་གསུང་རྡོ་རྗེར་སྦྱར་བ། དབྱངས་ཅན་མའི་བྱུང་བ། ཡོ་གར་རྡོ་རྗེ་གླུ་མའི་ཐད། འདི་དེ་བཞིན་གཤེགས་པའི་རྡོ་རྗེའི་ལྗགས་ཀྱི་ལྷར་བསྟན་པ་སོགས་ཀྱིས་སོ། ༈ །བསྟན་པ་དང་འགྲོ་བ་ལ་རྒྱ་ཆེར་ཕན་འདོགས་པའི་མཐུ་ནི་མངོན་ཤེས་ལ་ལྟོས་ཤིང་། དེ་སྦྱིན་པར་ཡང་བསྔགས་ཏེ། ཀོ་ས་ལའི་རྒྱན་ལས་རྡོ་རྗེ་ཆོས་དང་རྣོན་པོ་གཉིས་ཀྱི་གོ་རིམ་སྐབས། འདི་ཏིང་ངེ་འཛིན་གྱི་ལྷར་ཁྱད་པར་དུ་བསྟན་པ་དང་། ཨ་བ་ཏ་རར་མངོན་

TN03_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

(༤༣༠)ཤེས་ཀྱི་དངོས་གྲུབ་འཇིག་རྟེན་དབང་པོའི་ཏིང་ངེ་འཛིན་གྱིས་སྒྲུབ་པར་བཤད་པ། མདོ་རྒྱན་ལས་ཏིང་ངེ་འཛིན་གྱི་སྒོ་བསམ་མི་ཁྱབ་རྣམས་སོར་རྟོག་ཡེ་ཤེས་ལ་སྦྱར་བ། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས་བསྔགས་ཚུལ་གོང་བཞིན་དང་། ཟ་མ་ཏོག་ལས་ཀུན་ཏུ་བཟང་པོ་དང་ཏིང་འཛིན་གྱི་རྩལ་འགྲན་ཚུལ་སོགས་རྒྱ་ཆེར་གསུངས་པའི་རིགས་པས་སོ། ༈ །ས་གསུམ་གྱི་འགྲོ་བ་དབང་དུ་བྱེད་པར་ཡང་བསྔགས་ཏེ། རྡོ་རྗེ་སྙིང་པོ་རྒྱན་དུ། འཇིག་རྟེན་གསུམ་གྱི་རྒྱལ་སྲིད་ནི། །སོགས་དང་། བཤེས་སྤྲིང་དུ། འཇིག་རྟེན་ཀུན་གྱི་རྣལ་འབྱོར་དབང་མཛད་ནས། །ཞེས་པ་རྩ་འགྲེལ་དང་། ཡོ་གའི་མཁས་པ་གསུམ་གྱིས། པདྨའི་དེ་ཉིད་ལ་གཟིགས་པས་ཁམས་གསུམ་གྱི་དབང་པོ་བརྙེས་ཚུལ་རྒྱས་པར་བཤད་པས་སོ། ༈ འདི་ཉིད་རང་ལས་ནི། འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་སྒྲུབ་པར་བསྔགས་ཏེ། སྡོང་པོ་བཀོད་པར། སེམས་བསྐྱེད་གདུལ་བྱ་འདྲེན་པས་ཆུ་ལྷའི་ཞགས་པ་ལྟ་བུར་གསུངས་པ་དང་། །ལྷག་པར་སྡོང་པོ་བཀོད་པར། རི་རབ་ཀྱི་དཔེ་དང་། རྩི་ཐམས་ཅད་བསྡུས་པའི་དཔེས་གསུངས་པ་གཉིས་འབྱོར། ཀུན་ཏུ་བཟང་པོའི་སྨོན་ལམ་ཐམས་ཅད་ཀྱི་སྡོམ་སེམས་བསྐྱེད་དུ་བཤད་པ་སོགས་མཐའ་ཡས་ཤིང་། འདི་སེམས་བསྐྱེད་ཀྱི་ལྷར་བཀའ་གདམས་གླེགས་བམ་སོགས་ལས་བཤད་པ་དང་། ནོར་བཟང་རྣམ་ཐར་ལས་འབྲེལ་

TN03_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

(༤༣༡)ཚད་སྨིན་པར་མཛད་ཚུལ་གསུངས་པ། ཀྲི་ཡོག་སྡེ་གསུམ་ཀུན་ཏུ་པདྨའི་དེ་ཉིད་སྙིང་རྗེར་བཤད་པ། ཡོ་གར་འདིའི་མཚན་འགྲོ་བ་འདུལ་བ་ཞེས་བཤད་པ། རྣམ་སྣང་སྙིང་རྗེའི་ཉམས་ཀྱིས་འདུལ་བའི་སེམས་ཅན་ལ་འགྲོ་འདུལ་དུ་བསྟན་པ་སོགས་མཐའ་ཡས། ༈ །བར་དོའི་འཕྲང་དང་མའི་མངལ། །སྙིགས་མ་ལྔ་བདོ་བའི་ཡུལ་དུས་སོགས་སུ་ཡང་དེ་དག་གི་ཉེས་པས་མ་གོས་ཤིང་། དེར་མ་ཟད་དེ་དག་དགེ་ཆོས་ཀྱི་གྲོགས་སུ་འགྱུར་བར་རློབ་པའི་ལྷར་ཁྱད་པར་དུ་བསྔགས་ཏེ། དཔལ་མཆོག་དང་པོར་འདིའི་རྣལ་འབྱོར་འཆང་བ་ལ། ཉོན་མོངས་པ་ཐམས་ཅད་ཀྱི་ནང་ན་འདུག་ཀྱང་པདྨ་ལྟ་བུར་སོགས་གསུངས། འདི་ནི་ཇི་ལྟར་པདྨ་དམར་པོ་འདི། སོགས་པདྨའི་དེ་ཉིད་ལས་ཤེས་དགོས་ཏེ། ཡོ་ག་ན་ཤིན་ཏུ་རྒྱས་ཤིང་། རྣམ་སྣང་མངོན་བྱང་འགྲེལ་པར་ཡང་ཡོད། དཔལ་མོའི་བསྟོད་པ་དང་། སྲོང་བཙན་བཀའ་འབུམ་སོགས་ཀུན་ཏུ་པད་དཀར་མི་གོས་པའི་དེ་ཉིད་དང་སྦྱར་ཡོད། ༈ །འཇིགས་པ་ཐམས་ཅད་མི་འབྱུང་ལ། །གཞན་འཇིགས་པ་ལས་སྐྱོབ་པའི་མཐུ་སྟེར་བར་ཡང་བསྔགས་ཏེ། དམ་ཆོས་པད་དཀར་དང་། ནོར་བཟང་རྣམ་ཐར། ཟ་མ་ཏོག །བཅུ་གཅིག་ཞལ་གྱི་མདོ་གཟུངས་རྣམས་ན་གསལ་ཞིང་རྒྱས། སྤྱོད་འཇུག་ལས་ཀྱང་། འཁོར་གྱི་འཇིགས་པའང་བསལ་

TN03_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

(༤༣༢)བའི་ཕྱིར། །སོགས་དང་། འདི་བྱམས་བརྩེའི་ལྷ་ཡིན་ཅིང་རྒྱལ་པོ་བྱམས་པའི་སྟོབས་ཀྱིས་མངའ་རིས་བསྲུང་བ་དང་། སྟོན་པས་བདུད་དཔུང་བྱམས་པས་བཏུལ་བ། སྒྲོལ་མའི་སྔོན་བྱུང་སོགས་ཀྱིས་ཤེས་སོ། །འཕགས་པ་འདིའི་སྤྱན་ཆབ་ལས་སྒྲོལ་མ་དང་ཁྲོ་གཉེར་གྱི་རྒྱུད་ལས་ཁྲོ་གཉེར་ཅན། མཆེ་བ་ལས་དབྱངས་ཅན་མ་སོགས་བྱུང་ཚུལ་འཇམ་དཔལ་རྩ་རྒྱུད་དང་། གོས་དཀར་མོ་དང་། རྨ་བྱ་ཆེན་མོ། །ཡིད་ཀྱི་ཤིང་རྟ་མ། ལོངས་སྤྱོད་ལྡན་མ་སོགས། ཟ་མ་ཏོག་སོགས་ལས་གསུངས་པ་དང་། དཔལ་མཆོག་འགྲེལ་པར། བརྒྱ་བྱིན། ཁྱབ་འཇུག །དྲག་པོ། ཚངས་པ། སའི་ལྷ། རྒྱ་མཚོའི་ལྷ། ཉི་མ། རླུང་གི་ལྷའི་གཟུགས་ཅན་གྱི་རྗེ་བཙུན་སོགས་གསུངས་ཏེ། འདིས་འཇིགས་རྟེན་དབང་ཕྱུག་ཅེས་པའི་སྒྲ་བཤད་ཀྱང་ཤེས། སྤྱན་རས་གཟིགས་ཞེས་པའི་མཚན་འདི་ཉིད་འཆང་བའི་སྐུ་ལ་ཡང་། བཅུ་གཅིག་ཞལ། མཁའ་སྤྱོད། སེང་གེ་སྒྲ། མགྲིན་སྔོན། འཕྲོགས་བྱེད་གསུམ་ལ་ཞོན་པ། ཧཱ་ལ་ཧཱ་ལ་སོགས་མཐའ་ཡས་ཏེ། སྒྱུ་མའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་མཐུ་ལ་དད་པར་བྱའོ། །རྡོ་རྗེ་སྙིང་པོ་རྒྱན་ལས། འཇིག་རྟེན་དབང་ཕྱུག་ཐུབ་ཆེན་པོ། །བཅོམ་ལྡན་རྣལ་འབྱོར་ཅན་གྲུབ་ན། །དཔའ་བོ་ཐམས་ཅད་རྩོལ་འགྱུར་ཞིང་། །རང་གི་དངོས་གྲུབ་མཆོག་རྣམས་དང་། །རྣལ་

TN03_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

(༤༣༣)འབྱོར་ཐམས་ཅད་འཛིན་ཉིད་དང་། །རྣམ་པར་རྒྱས་པའི་ནོར་སྟེར་འགྱུར། །རིག་པ་འཛིན་དང་འཁོར་ལོ་ཅན། །ས་དང་ཕ་རོལ་ཕྱིན་སོགས་དང་། །སངས་རྒྱས་རྣམས་ཀྱང་རྩོལ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་གསུངས་སོ། །དམ་ཆོས་པད་དཀར་ལས། དེ་བཞིན་གཤེགས་པ་གངྒའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་མཚན་ནས་བརྗོད་ཅིང་ཕྱག་བྱས་པ་དང་། སྤྱན་རས་གཟིགས་ཀྱི་མཚན་ལན་གཅིག་བརྗོད་ཅིང་ཕྱག་གཅིག་བྱས་པ་བསོད་ནམས་མཉམ་པར་གསུངས་ཏེ། དེའི་རྒྱུ་མཚན་ཡང་། རྟོག་གེ་འབར་བར། ཕར་གྱུར་པའི་ཕྱིར་དང་། ཞེས་སོགས་ལྟར་རོ། །ཟ་མ་ཏོག་དང་སྡོང་པོ་བཀོད་པར་ནད་ཀྱི་འཇིགས་པ་སེལ་བའི་ལྷར་བསྔགས་ཤིང་། རྡོ་རྗེ་གུར་ལས་ཡིག་དྲུག་ནད་ཐམས་ཅད་ཞི་བའི་སྔགས་སུ་གསུངས་པ་དང་། །མ་ི་བཀའ་འབུམ་ལས་ནད་འདོན་དྲུག་དང་བརྟུལ་ཞུགས་དྲུག་དབྱུག་བཅོས་སོགས་ནད་གདོན་སེལ་བའི་ཕྲིན་ལས་ཁོ་ན་རྩལ་དུ་བཏོན་ཡོད་པས་ནད་གསོ་བ་ལ་ཆེས་རྣོ། ཁྱད་པར་དུ་གསོ་རིག་ལས་མིག་འབྱེད་ལ་ཟབ་པར་གསུངས་ཤིང་། ཉང་གཏེར་མིག་འབྱེད་སོགས། རྣམ་ཐར་ཟངས་གླིང་མར་ནད་པའི་དོན་དུ་རྐྱེན་ཟློག་རིམ་གྲོ་སྨན་དཔྱད་ཅི་བྱེད་པ་བས་མ་ི་སྟོབས་ཆེ་གསུངས། འདི་དག་རྗེ་ཉིད་ནས་ཟིན་ཐོ་ལྟ་བུར་བཏབ་ཡོད་པ་རྣམས་

TN03_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

(༤༣༤)གཞན་དུ་འཁྱར་གྱིས་དོགས་ནས་རྗེས་འཇུག་འགའ་ཞིག་གིས་ཕྱོགས་གཅིག་ཏུ་བསྒྲིག་ཁུལ་བྱས་ཏེ་ཕྱག་བྲིས་ཇི་ལྟ་བ་བཞིན་བཅོས་བསླད་མེད་པར་སྤར་དུ་བསྐྲུན་པ་དགེ་ལེགས་འཕེལ། ༈ འཕྲུལ་ཆེན་སྤར་གྱི་ལྗོན་ཤིང་རྒྱས་པའི་རྩེར། །ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག ཤུ་བྷཾ་མསྟུ་ས་རྦ་ཛ་ག་ཏཾ།

TN03_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༡)བཤད་པ་སྟེ། བོད་ཀྱི་སྒོས་ཆོས་སོ། །སྔ་ནས་དངོས་གྲུབ་ཀྱི་བྱ་བ་སྒྲུབ་པ་ལ་སྔགས་ཀྱི་རྣལ་འབྱོར་པ་ངོ་ཏི་དགོས། ཕྱི་མའི་སྟེང་ནས་གསོལ་འདེབས་གདུང་དབྱངས་ཀྱི་ཚུལ་དུ་བཏོན་པས་རྗེས་འཛིན་གྱི་བྱ་བ་བྱེད་པ་ནི་མི་ནག་དང་ཡང་ཐུན་མོང་ངོ། །གོང་འོག་ཏུ་བྲིས་ལྟར་འཕགས་པ་ལ་སྔོན་དགེ་རྩ་ཆེ་ཕྲ་ཅི་རིགས་ཀྱིས་འབྲེལ་བའི་ལས་མཐུན་ཁོ་ན་བོད་ཀྱི་ཡུལ་མིར་སྐྱེ། དེ་བསྙེན་འབྲེལ་ཐོགས་པ་དང་དཔེ་དོན་དུ་སྦྱར་བ་ནི་འབྲེལ་བ་ཐོགས་པའི་དཔེ་ཙམ་ཡིན། དེའང་སྔོན་འཕགས་པ་ལ་བསྐྱེད་རྒྱུའི་དགེ་རྩ་ནི་བསམ་སྦྱོར་གྱི་ངོས་ནས་ཆེས་ཆུང་ལ་ཞན་ཡང་ཞིང་གི་མཐུས་ཚད་མེད་པར་འཕེལ་འགྲོ་བ་འདུལ་བ་ལུང་དུ་ནྱ་གྲོ་དྷའི་ལྗོན་པ་དང་དེའི་ས་བོན་གྱི་དཔེ་དང་། ང་ལས་ནུའི་གཏམ་རྒྱུད་སོགས་ལྟ་བུའོ། །དེང་སང་མ་ི་དུང་ཡོན་བརྒྱབ་པ་སོགས་ལས་ཚེ་འདིར་ཕན་ཡོན་འཐོབ་མི་འཐོབ་དང་། ཚེ་སྔོན་འཕགས་པའི་རྟེན་ལ་མཇལ་ཕྱག་ཞུ་བའི་གསེབ་ཏུ་ཕྱིན་པ་སོགས་ཀྱི་ཕན་ཡོན་ཡང་རིགས་འགྲེ་མི་སྦྱོར་ཏེ། སྔ་མ་ནི་དུས་དེ་རང་ལ་འཕགས་པ་ལ་འབྲེལ་བ་ཐེབ་པ་རེད་ཀྱང་། འཕེན་བྱེད་ཀྱིས་འཕང་ཡང་འགྲུབ་བྱེད་ཀྱིས་མ་བསྒྲུབ་པས་སྨིན་དཀའ། དེ་མ་སྨིན་ཡང་སྔོན་དགེ་གཞན་གྱི་འབྲས་བུ་སད་པའི་རྐྱེན་ཙམ་བྱེད་པ་འཐད་དེ་འགབ་ན་ཡོད། ཕྱི་མ་ནི་ལས་དེ་རིམ་གྱིས་བཅུ་པ་སྲིད་པའི་རྟེན་འབྲེལ་དུ་སོང་ནས། ད་ལྟའི་ལུས་རྟེན་འཕེན་རྫོགས་ཅི་རིགས་བྱས་ཟིན་

TN03_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༢)རེད་པས་སྔ་མ་དཔྱིད་ལས་དང་། ཕྱི་མ་ལས་ཀྱི་སྟོན་ཐོག་ལ་སྤྱོད་སྐབས་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་སྔོན་འབྲེལ་གྱིས་རྒྱུ་བྱས། འཕགས་པ་ཡིད་བཞིན་ནོར་བུའི་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱིས་རྐྱེན་བྱས་ནས་ད་ལྟ་འཕགས་པ་སྤྲེལ་སྒོམ་གྱི་གདུང་བརྒྱུད་དུ་བྱུང་། འཕགས་པ་ལ་བསྐྱེད་པའི་དགེ་རྩའི་དབང་འབྲས་སྨིན་པའི་ཡུལ་དུ་སྐྱེས། ཟང་ཟིང་གི་ལོངས་སྤྱོད་འཕགས་པས་ལྟོ་སྐལ་དུ་གནང་བའི་རྩམ་པ་དང་། ཆོས་ཀྱི་ལོངས་སྤྱོད་ཡིག་དྲུག་ལ་སྤྱོད་པར་སྐྱེས་པ་རེད་པར། བོད་དུ་སྐྱེས་ནས་མ་ི་འདོན་པ་ནི་རང་གི་རིགས་ཆོས་ཀྱི་ཀུན་སྤྱོད་དུ་བསོད་ནམས་ཀྱི་ལས་ཀྱིས་བསྐོས་པ་ཁོ་ནའོ། །དབུ་ཕར་སོགས་དང་ལམ་རིམ་སོགས་ཆོས་ཀྱི་ལོངས་སྤྱོད་ལར་མང་ཡང་། ཆུ་ཐུན་མོང་གི་བཏུང་བ། ཉི་འོད་ཐུན་མོང་གི་གོས་ཡིན་པ་ལྟར། མཆོག་དམན། མཁས་བླུན། སྐྱ་སེར། ཕོ་མོ། རྒན་གཞོན་ཀུན་གྱི་ཐུན་མོང་དུ་ཁྱབ་ཆེ། དར་ཆེ་བའི་མོད་ཤོས་དང་། མོད་ཀྱང་སུས་སྤྱོད་སྲོལ་མེད་པ་མ་ཡིན་པར་ནམ་དང་ནམ་ཡང་ཀུན་གྱི་ཁ་ལ་རང་བབས་ལྟ་བུར་འོང་བ་ནི་མ་ི་ཁོ་ན་སྟེ། དེས་ན་རང་གི་ལྷ་སྐལ་དང་། ཆོས་སྐལ་གར་ཡོད་ཕར་བཙལ་མ་དགོས་པར་ཚུར་ང་ཡིན་ཞེས་གསལ་བར་བསྟན་པ་རེད་པས་འདི་ལ་མི་འཇུ་ན་ཅི་ལ་འཇུ། བློ་ཐག་རྦད་བཅད། བློ་རྩེ་གཅིག་ཧྲིལ་དྲིལ་ནས་འདི་ལ་སྒྲིལ་བར་བྱའོ། །དེས་ན་སྒབ་ཏུ། བོད་མིས་མ་ི་རང་ཤེས་པ་རྒྱུའི་སྟོབས་དང་རྐྱེན་གྱི་སྟོབས་ཡིན་

TN03_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༣)དཔྱོད་སྨྲས་པ་དེ་རྩིང་བས། གཉིས་ཀའི་སྟོབས་ཡིན་ལུགས་འདི་བཞིན་དགོས་ལ། འཕགས་པའི་སྔོན་སྨོན་གྱིས་མ་ི་རང་ཤེས་དཔེར་ན་འོད་མདོར། བདེ་བ་ཅན་པ་རྣམས་སངས་རྒྱས་གྲངས་མེད་ཀྱི་ཆོས་ཀྱི་ལོངས་སྤྱོད་ལ་རོལ་བར་གསུངས་ནས། དེ་ཅིའི་ཕྱིར་ཞེ་ན། འོད་དཔག་མེད་ཀྱིས་སྔོན་སེམས་ཅན་རྣམས་ལ་ཆོས་མཉན་པ་བྱིན་པ་དང་། སྔོན་སྨོན་ལམ་བཏབ་པ་གྲུབ་བོ། །ཞེས་པ་ལྟ་བུ་འདི་རིགས་རྣལ་འབྱོར་པའི་ཆེ་བས་འཆད་ཚུལ་དང་ཅུང་ཟད་ཚུལ་མི་གཅིག་གམ་དཔྱོད། འཕགས་པ་ལ་སྔོན་འབྲེལ་ཡོད་པས་ད་ལྟ་མ་ིའི་ཞིང་འདིར་སྐྱེས་ཞེས་པའི་སྔོན་འབྲེལ་དེ་ལག་ཚད་དགོས་ཞེ་ན། འཇམ་དཔལ་རྩ་རྒྱུད་དུ་སེམས་ཅན་མིག་ཟུར་གྱིས་བལྟས་པའང་། རྗེས་སུ་བཟུང་བ་ཉིད་དུ་འགྱུར། སོགས་དང་། གཞོན་ནུ་མ་བདུན་གྱི་སྔོན་གྱི་རྒྱུ་སོགས་ཀྱིས་དཔགས་ན་ཆེར་མི་དགོས་པ་འདྲ་སྟེ། ཞིང་གི་ཆེ་བས་སོ། ༈ །ཐུགས་རྗེ་ཆེན་པོའི་འདུལ་སྐལ་མིན་པ་བོད་ཡུལ་གྱི་མིར་མི་སྐྱེ། བོད་ཡུལ་གྱི་མིར་སྐྱེས་པ་ཙམ་ནས་འཕགས་པ་ཐུགས་རྗེ་ཆེན་པོ་བསྒྲུབ་ན་འགྲུབ་ཐག་ཉེ་བ་ཁོ་ནར་ངེས། ༈ སྔོན་གྱི་འབྲེལ་བའི་དབང་གིས་ད་ལྟ་རྡོལ་ཤེས་སམ་རང་ཤེས་སུ་འོང་བ་ནི་དཔེར་ན་ལོ་ཆེན་རིན་བཟང་སྔོན་མཁས་པར་གྱུར་དབང་གིས་ཚེ་འདིར་ཨ་ལི་ཀཱ་ལི་རང་ཤེས་པའམ། དུད་འགྲོ་ཚུན་ཆད་མ་བུ་ཕན་ཚུན་ངོ་རང་འཕྲོད་པ་དང་། ལུང་ཕྲན་ཚེགས་

TN03_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༤)སུ་རྐུན་ཆེན་གྱི་བུས་པ་མེ་ཏོག་ཕྲེང་གིས་ངོས་བཟུང་བ་ལྟ་བུ་སྟེ། ཚེ་རབས་གཞན་ལ་རྨི་ལམ་བཞིན་དུ་སྤྱོད། །ཅེས་སྐྱེས་རབས་ལས་སོ། །དེ་ལྟར་སྔོན་ནས་མ་ི་ལ་འབྲེལ་བ་སོང་དབང་གིས་འདིར་ཏིང་འཛིན་མེད་པར་ཁ་རྐྱང་བས་བཏོན་པ་ལའང་བྱིན་རླབས་ཆེར་འབྱུང་བ་ནི། དཔེར་ན་དྲག་སྔགས་ལྟ་བུ་ལ་བསྙེན་པ་སྔོན་དུ་བཏང་བའི་མིས་སྔགས་དེ་ངག་ཏུ་བརྗོད་པ་ཁོ་ནའི་ནུས་པ་ཡང་། སྔར་བསྙེན་པ་མ་མྱོང་བའི་མིས་དམིགས་རིམ་དང་སྦྲགས་ནས་བཟླས་པ་ལའང་མེད་པ་དང་འདྲའོ། །འོན་ཀྱང་བོད་མིས་མ་ི་རང་ཤེས་པ་འདི་རྒྱུའི་སྟོབས་ཀྱིས་ཡིན་ནམ། རྐྱེན་གྱི་མཐུས་ཡིན་དཔྱོད་ལ་ཞིབ་ཆ་གྱིས། གལ་ཏེ་རྐྱེན་སྟོབས་ཡིན་ན་འཕགས་པའི་བྱིན་རླབས་ཀྱིས་ཡིན་ཏེ། ལུས་ཅན་ཀུན་གྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང་། །སོགས་ལྟར། དེའི་དབང་དུ་བཏང་ཡང་། དེ་ལྟར་འཕགས་པ་ཉིད་ཀྱིས་ངག་དང་ཡིད་བྱིན་རླབས་སྟོབས་ཀྱིས་མ་ི་ལྷན་སྐྱེས་ལྟ་བུར་ཤེས་པ་ནི་འཕགས་པ་ཉིད་ལས་རིག་སྔགས་འདོན་པ་ལ་གནང་བ་ཐོབ་པའི་ཕྱོགས་གཏོགས་ཡིན་པས་ཡུལ་གཞན་གྱི་མིས་བཟླས་པ་དང་ནུས་པ་མི་མཉམ་སྟེ། དཔེར་ན་ལྷས་གནང་བའི་མཚན་མ་ཐོབ་ན་སེམས་བརྟན་པའི་མཚན་མ་མ་རྙེད་ཀྱང་དབང་སྐུར་བའི་ནུས་པ་རྙེད་པར་འཇོག་པ་བཞིན་ནོ། ༈ །ལྷར་སྐྱེ་བའི་ལས་ཅན་རྣམས་ལྷ་ཡུལ་བའི་སྡེ་ཚན། མིར་སྐྱེ་བའི་རྣམས་དེའི་སྡེ་ཚན་དུ་འོང་ལ། །མཐའ་འཁོབ་

TN03_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༥)ཏུ་སྐྱེ་བའི་ལས་ཅན་རྣམས་སྡེ་ཚན་དུ་བྱས་ནས་དེར་སྐྱེ། ཡུལ་དབུས་སུ་སྐྱེ་བའི་ལས་ཅན་རྣམས་ཀྱང་ལས་ཀྱིས་འཕང་ལུགས་ལྟར་ཡུལ་དབུས་རང་དུ་སྐྱེ། ལྷ་ཡུལ་དེ་སེམས་ཅན་བསོད་ནམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་དབང་འབྲས། །མི་ཡུལ་བསོད་ནམས་བར་མ་པ་རྣམས་ཀྱི་སོགས། །ཡུལ་དབུས་སྙིང་པོ་ལྟ་བུའི་སེམས་ཅན་རྣམས་ཀྱི་ལས་དབང་ཤས་ཆེ་བ་ལས། མཐའ་འཁོབ་སྤུན་པ་ལྟ་བུའི་སེམས་ཅན་གྱི་ལས་ཤས་ཆེ་བ་ལས་གྲུབ། དེའི་འགྲེས་ཀྱིས་འཕགས་པ་ལ་བརྟེན་པའི་དགེ་ལས་ཀྱིས་མིར་སྐྱེས་པ་སོགས་འཕགས་པ་ལ་བསྐྱེད་པའི་ལས་མཐུན་རྣམས་སྡེ་ཚན་དུ་འོང་སྟེ་བོད་ཀྱི་མིའོ། །ལྷར་སྐྱེ་བའི་ལས་ཀྱི་དབང་འབྲས་སུ་ལྷ་ཡུལ་གྲུབ་པ་ལྟར། བོད་ཀྱི་ཡུལ་རི་བྲག་ནགས་ཚལ་ཆུ་མཚོ་དང་བཅས་པ་ཡང་འཕགས་པ་མ་ི་དང་ལས་འབྲེལ་ཆེ་བའི་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་འབྲས་སོ། །དེ་ལྟར་ན་བོད་འབངས་སྤྱི་མཐུན་གྱི་ལས་འབྲེལ་ཆེ་ཤོས་སུ་ཡོད་པ་འཕགས་པ་འདི་ཡིན་པས་དེའི་ཕྲིན་ལས་འཇུག་མྱུར། དེ་རྣམས་ཀྱི་ལས་ཀྱི་དབང་འབྲས་སུ་གྲུབ་པའི་ཡུལ་གྲུ་འདི་ཡང་ཡིག་དྲུག་སྒྲུབ་པའི་གནས་སུ་བཀྲ་ཤིས་ཤིང་བྱིན་ཆེའོ། །དགེ་བའི་དབང་འབྲས་རྒུད་ཀྱང་བསོད་ནམས་ཀྱིས་གསོ་ནུས་པ་ཤི་བིའི་རྒྱལ་ཁམས་ཀྱི་གཏམ་རྒྱུད་ལྟ་བུ། སྡིག་པའི་དབང་འབྲས་ཀྱི་ཉེས་པ་དགེ་བའི་གཟི་བརྗིད་ཀྱིས་ཀྱང་སེལ་དཀའ་བ་མཽང་

TN03_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༦)གལ་བུས་མནར་མེད་དུ་ཆར་ཕབ་པ་ལྟ་བུ། དེའི་རིགས་པས་བོད་ཀྱིས་ཆ་འདིའི་རྒུད་པ་སེལ་བ་དང་ལེགས་ཚོགས་གསོ་བ་ལ་དགེ་ལས་གཞན་པས་ཡིག་དྲུག་ཚོགས་འདོན་སྟོབས་ཤིན་ཏུ་ཆེ་འདྲ། ༈ །ནང་རྣམས་སྨིན་གྱི་ལུས་ལ་ནད་མེད་དང་ཚེ་དང་ལང་ཚོ་སོགས་ཀྱི་དངོས་གྲུབ་སྒྲུབ་པའི་སྒོར་སྔོན་འབྲེལ་ཆེ་བའི་ལྷག་ལྷའི་བཟླས་སྒོམ་རྣོ་བ་ལྟར། ཕྱི་རོལ་ལས་ཀྱི་དབང་འབྲས་ཀྱི་ཡུལ་ལ་རྩི་སྨན་རླུང་ཆུ་སོགས་ཀྱི་ཉེས་རྒུད་སེལ་ཞིང་ཡོན་ཏན་སྐྱེད་པ་ལའང་དེ་ཀ་རང་རྣོ་བར་གསལ། ༈ །གྲུབ་རྗེས་སོགས་ཡུལ་དུ་རྒྱ་མི་མང་པོས་འཛིན་འཆིང་བྱེད་པའི་མནལ་ལྟས་གཟིགས་ཚེ། ཡིག་དྲུག་དུང་ཕྱུར་འུར་འདོན་རྒྱབ་ཆོག་བྱས་པར་གསུངས་ཏེ། གཤིན་རྗེ་ཆོས་རྒྱལ་གྱི་ཆད་པ་ཡིག་དྲུག་གིས་ཞི་ནུས་པར་དགོངས་པར་སྣང་། ༈ །ལན་ཅིག་ཏ་ར་ན་ཐ་བསྙུང་སྟེ། ཉིན་མཚན་ཀུན་ཏུ་སྐུ་ཁམས་ཉོག་ཅིང་དུབ། །མགོ་ལུས་ཚིག་གསུམ་ཐམས་ཅད་མི་ནས་གཅིག་ཀྱང་མེད། ཟུངས་ཤོར། དང་ཁ་འགག །རྟག་ཏུ་མགོ་འཁོར་བའི་རྣམ་པ་ཡོད་པ། མིག་སོགས་དབང་པོ་འགྲིབ་པ་སོགས་ནད་ཚབ་ཆེ་ལ་དོས་དྲག་པ་བྱུང་བར་ཞག་མང་རབས་སོང་། དེ་ནས་སྔ་དྲོ་ཞིག་སྤྱོད་འཇུག་གི །མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་འབབ་པ་ཡིས། །སོགས་ཡང་ཡང་དྲན་པས་རྐྱེན་བྱས་ནས་འཕགས་པ་སྤྱན་རས་གཟིགས་འབའ་ཞིག་ཡིད་ལ་དྲན་ཞིང་། མོས་གུས་གདུང་ཤུགས་དྲག་པོས་མཆི་མ་རང་དབང་

TN03_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༧)མེད་པར་འཆོར་བ་ཁོ་ན་ཞག་གཉིས་གསུམ་ལ་ཤུགས་འབྱུང་དུ་བྱུང་། དེ་ཀའི་ངང་ལ་ཉིན་གཅིག་གཉིད་དུ་འཕྲི་ཙམ་སོང་བར། འཕགས་པ་སེམས་ཉིད་ངལ་གསོ་འདྲ་བ་ཞིག་བཀྲ་ལམ་གྱིས་གསལ་པོར་བྱུང་། གཉིད་སད་པ་ན་དེ་འཕྲལ་རང་དུ་ཁམས་ཅུང་ཟད་བདེར་སོང་འདུག །དེ་ནས་ཞག་པོ་གཉིས་གསུམ་ན་ནད་རགས་པ་དེ་དྭངས་གསུངས། ༈ །རི་གངས་དཀར་གྱིས་གཡོགས་པ། ཆུ་དྭངས་བསིལ་དུ་འབྱུང་བ། ཆུ་ལ་ཤེལ་ཟམ་འཆགས་པ། ཆར་ཁ་བར་འབབ་པ། སོགས་རྒྱ་གར་ན་མེད་པའི་བོད་ཡུལ་གྱི་ཁྱད་ཆོས་ཡིན་ལ། གཞན་ཡང་ཇོ་བོས་རྒྱ་གར་ན་མེད་པར་གསུངས་པའི་མེ་ཏོག་ཤང་དྲིལ་སོགས་འབྲུ་སྨན་མེ་ཏོག་གི་རིགས་བཟང་མང་སྐྱེ་བ། བྲག་རིའི་ཕུག་དང་ཤིང་གི་དྲུང་སོགས་བསམ་གཏན་སྤྱོད་པའི་གནས་མང་བ། ས་གཙང་ལ་དབེན་ཞིང་ཉམ་དགའ་བ། མ་ིའི་དར་དང་རྡོ་མཁར་གྱིས་གནས་དང་གནས་རྣམས་མཚན་པ། རྨ་རྒྱལ་ན་ཁ་སར་པ་ིའི་གངས་རི་དང་། བསོ་ཐོག་གནས་ན་རི་གཙོ་སྤྱན་རས་གཟིགས་ཀྱི་གནས་རི། འབྲོང་རི་སྨུག་པོ་སོགས་འཇིག་རྟེན་ཕལ་བའི་ཁ་དང་གསལ་ཡང་ཐུགས་རྗེ་ཆེན་པོའི་ཕོ་བྲང་དུ་གྲགས་ཤིང་དེ་ལྟར་འདུ་ཤེས་པ་མང་བ། རྒྱ་ནག་པདྨེ། ཡིད་ལྷུང་མ་ི། ཁྲོ་སྐྱབ་འུར་འུར། བྲག་དཀར་སྤྲེལ་རྫོང་ན་འཕགས་པའི་སྐུ་དང་ཡིག་དྲུག་རང་བྱོན། མཚམས་ཀྱི་ཡི་གེ་དྲུག་མ་སོགས་འཕགས་པའི་རྟེན་གསུམ་

TN03_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༨)ཁྱད་པར་ཅན་གྱིས་སྟོད་སྨད་ཀུན་ཏུ་བརྒྱན་པ། རྒྱལ་རབས་གསལ་མེ་སོགས་ལྟར་ན་བོད་འདིར་ཉུང་རྡོག་དང་དེའི་ལོ་མ་ཟ་བ་རྣམས་ཀྱང་ལྷ་ཅིག་ཀོང་ཇོའི་ཕྱག་རྗེས་སུ་གསལ་བ་སོགས་འཕགས་པའི་སྒྲུབ་གནས་ཀྱི་མཚན་ཉིད་མང་པོས་ཁྱད་པར་དུ་བྱས་ཤིང་། སྨྱུང་གནས་པ་སོགས་འཕགས་པའི་སྒྲུབ་པ་པོ་མཐའ་ཡས་པས་སྣོད་བཅུད་ཐམས་ཅད་གྲུ་འཛིན་རི་དང་བདེ་བ་ཅན་གྱི་རྟེན་བརྟེན་པར་ཡང་ཡང་དང་བརྒྱུད་མར་བརླབ། ༈ །ལྷོ་རྒྱུད་ན་མཚམས་ཀྱི་ཡི་གེ་དྲུག་མ་ཟེར་བའི་གནས་རི་ཡོད། ༈ །ལྷ་སྲིན་བཀའ་འོག་ཏུ་སྡུད་པའི་དབང་སྡུད་སྐབས། ང་ནི་འཇིག་རྟེན་ཀུན་གྱི་རྣལ་འབྱོར་དབང་མཛད་ནས། །ཞེས་པ་ལྟར་སའི་ལྷའི་གཙོ་བོ་སོགས་མི་རྒྱུ་བའི་འཇིག་རྟེན་གྱི་དང་། ཚངས་དབང་སོགས་རྒྱུ་བའི་འཇིག་རྟེན་གྱི་དབང་འདི་ལྟར་དཔལ་མཆོག་དང་པོ་དང་ཟ་མ་ཏོག་གཉིས་ཀར་གསུངས་ལ་ཧ་ལམ་དམ་ཆོས་པད་དཀར་སོགས་ལས་ཀྱང་འབྱུང་། ཕྱུག་དང་ཀུན་གྱི་དབང་ཕྱུག་དཔལ་རྟ་མཆོག་རོལ་པ་སོགས་མ་ཧཱ་ཀཱ་ལ་མྱུར་མཛད། ཀྱི་ངོ་བོ་ཉིད་ངའོ་ང་ཁོ་ནའོ་ཞེས་ང་རྒྱལ་གཟུང་བ་ལ་བསླབ་དགོས་ཤིང་། དེའང་ཡིན་ཏེ། འདིར་ལྷ་འདི་ཕྱག་རྡོར་ཡང་ཡིན། ཡ་མཱནྟ་ཀྲིཏ་ནས་བིགྣན་ཏ་ཀྲི་ཏ་བར་ཡང་ཡིན་པའི་ཕྱིར་ཏེ། སེམས་དཔའ་སེམས་མ་བཅུ་དྲུག་དང་། རིག་པའི་ཁྲོ་བོ་ཡབ་ཡུམ་བརྒྱད་འདུས་པ་ཡིན་པའི་ཕྱིར་ཏེ། འདི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་ཡིན་པ་གང་ཞིག །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་གཙོ་བོ་གཅིག་

TN03_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

(༢༨༩)པུ་ལ་འདུ་བའི་ཕྱིར་རོ། །དེས་ན་འཁོར་གྱི་ཕྲིན་ལས་ལ་གཙོ་བོའི་ཕྲིན་ལས་སུ་མི་འདུ་བ་ཅུང་ཟད་ཀྱང་མེད་དོ། །དེ་ལྟ་བུའི་གོ་བ་ཡོད་ན་གཙོ་བོའི་ཕྲིན་ལས་ལ་རྩལ་ཐོབ་པ་ཉིད་ཀྱིས་འཁོར་གྱི་ཕྲིན་ལས་རབ་འབྱམས་ལ་རྩལ་ཐོན་འོང་ངོ། །བྱང་སེམས་ཀྱི་སྟོབས་བཅུ་དཀོན་མཆོག་སྤྲིན་དུ་གསུངས་པའི་ནང་གི་བཀའ་མི་གཅོག་པའི་སྟོབས་ལ་སྣང་ཞེན་བསླབ་པ་དང་། བཀའ་འབུམ་ལས་ཚོགས་ཀྱི་དབང་ལས་དང་ཛབ་དབྱངས་ཉེར་གཅིག་སོགས་ལྟོ་སྦྱར། དབང་ལས་དེ་ཁ་སྐོང་བྱ་ན། སྔགས་ལས་འོད་དམར་འཕྲོས། སྡེ་བརྒྱད་གང་ཡིན་དེའི་གནས་ལུས་ཐམས་ཅད་བཏུམ་ནས་དམར་ཁྱིལ་ཁྱིལ། ཡོམ་ཡོམ། དེས་ཁོ་འོད་དམར་གྱི་སྲོག་ཡིག་ཏུ་བཞུ་བ་ཁབ་ལེན་གྱིས་ལྕགས་ཕྱེའམ་རླུང་གིས་རས་བལ་ཁྱེར་བ་ལྟར་ཚུར་དྲངས། ཐུགས་སྲོག་གི་གདན་ལ་བསྟིམ་ནས་མཉམ་བཞག །ད་དུང་ཐུགས་སྒྲུབ་ལས་བཞིའི་ཐད་དང་བསྒྲིགས། ༈སྟོང་ཉིད་སྙིང་རྗེའི་ལམ་སྟོན་པའི་གསུང་རབ་གཞན་ལས་ཀྱང་། ལམ་དེ་རིག་སྔགས་ཀྱི་སྒོ་ནས་བསྟན་པ་འདི་ཁྱད་དུ་འཕགས་ཏེ། དོན་ལ་སྒྲུབ་པ་སྙིང་པོར་བྱས་ན་གོ་འཕང་ཇེ་མཐོར་འགྲོ་བ་ལ་ཁྱད་མེད་ཀྱང་། སྔ་མའི་དོན་ལ་སྦྱངས་ཀྱང་རྟོགས་པ་ཡ་ཚད་ལ་མ་སླེབ་བར་དུ་རྣམ་འགྲེལ་ལས། སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། །ནས། ཇི་ལྟར་བྱས་པ་ཉམས་པར་འགྱུར། །ཞེས་པ་ལྟར་ཡིན་ལ། རིག་སྔགས་ནི་སྔགས་ཚིག་ཁོ་རང་

TN03_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༠)གི་རང་ལྡོག་ནས། རྣལ་འབྱོར་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་དང་། སྨན་དང་ནོར་བུ་དང་རིག་སྔགས་ཀྱི་མཐུ་བསམ་གྱིས་མི་ཁྱབ་ཅེས་བསམ་མི་ཁྱབ་ཀྱི་རིགས་ཐ་དད་དུ་བཞག་པ་ལྟར་ཡིན་ཏེ། སྔགས་ཀྱི་ནུས་པས་མེ་བསིལ་བར་འགྱུར། ཆུ་ཁོལ་བར། དུག་བདུད་རྩིར་བྱེད། རྒས་པ་གཞོན་ནུར་འགྱུར། ན་བ་གསོ། ཤི་བ་སློང་། ཤིང་སྐམ་ལ་མེ་ཏོག་འབྱུང་། ལས་ཀྱི་རྣམ་སྨིན་གྱི་འབྲས་བུའི་མི་ལུས་ཀྱང་དུད་འགྲོར་སྒྱུར་ཞིང་། མིའི་རྟེན་ཉིད་རིག་འཛིན་གྱི་ལུས་སུ་སྒྱུར་བ་སོགས་མཐའ་ཡས་སོ། །དེ་དག་གི་དེ་གཙོ་བོའི་མཐུ། །ཞེས་སོ། །དེའང་རིག་སྔགས་ཡིན་པ། བྱེད་པོ་འཇིག་རྟེན་ལས་འདས་པ། རྒྱལ་བསྟན་དང་ཐེག་ཆེན་ཁོ་ནའི་དབང་དུ་བྱས་ནས་བཤད་པ། དོན་ཟབ་ཅིང་རྒྱ་ཆེ་བ་ཡོངས་སུ་རྫོགས་པ་སོགས་རེ་རེས་ཀྱང་ཕན་བདེ་མཐའ་ཡས་སྟེར་ན་ཀུན་རྫོགས་ན་སྨོས་ཅི་དགོས། ༈ །དོན་དམ་རྟོགས་པའི་ཤེས་རབ་ལས་བྱུང་དམིགས་མེད་སྙིང་རྗེ་ཤིན་ཏུ་སྦྱངས་པས་སྙིང་རྗེ་དེ་ཀས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའམ་སངས་རྒྱས་པ། ༈ །ལོངས་སྤྱོད་ཆེན་པོ་སྒྲུབ་བྱེད་ལ་མ་ི་འཕགས་ཏེ། འཕགས་པའི་སྦྱིན་པའི་ཕར་ཕྱིན་སྔགས་ཀྱི་ཡི་གེར་བརླབས་པ་ཡིན་པས་སོ། །གཟུགས་བཟང་པོ་སྒྲུབ་བྱེད་ལའང་མ་ི་མཆོག་སྟེ། འཕགས་པའི་བཟོད་པའི་ཕར་ཕྱིན་དེར་མཛད་པས་སོ། །སོགས། ༈ །རང་བཞིན་གང་ཁོ་ན་ཕུ་ཐག་

TN03_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༡)ཆོད་པར་རམ་དཔྱིས་ཕྱིན་པར་མ་རྙེད་པས་ལུས་ཅན་རྣམས་ལས་དང་ཉོན་མོངས་དང་སྡུག་བསྔལ་གྱི་འཁྲུལ་འཁོར་རྒྱུན་མི་འཆད་པ་དང་། བྱིས་པའི་རྒུད་པ་རྣམས་ལས་མི་འདའ་བ་དང་། ཕྱོགས་བཅུར་ཆུ་ཟླ་ལྟ་བུའི་ལས་ཀྱིས་འགྲོ་དོན་བྱེད་པའི་མཐུ་དབང་མི་འཐོབ་པ་དང་། གང་རྟོགས་ཆེད་བྱང་སེམས་རྣམས་དགའ་བ་མཐའ་ཡས་པ་སྤྱོད་པའི་རང་བཞིན་དེ་སེམས་ཅན་ཐམས་ཅད་ལ་ཤིན་ཏུ་བསྟན་པར་བྱའོ་ཞེས་པ་སྐྱོབ་འདོད་ཀྱི་སྙིང་རྗེའི་སྲོག་རེད། ༈ །དྲི་ཟའི་པི་ཝཾ་རྒྱུད་སྟོང་ལྡན་པ་ཡོད་ཀྱང་། མ་་བསྐུལ་བར་སྒྲ་མི་འབྱུང་། དེའང་རྒྱུད་གང་དང་གང་བསྐུལ་བ་དེ་ཁོ་ནའི་སྒྲ་དེ་ལས་གཞན་མི་འབྱུང་། དེ་བཞིན་དུ་འཕགས་པ་ལ་ཐུགས་རྗེ་ཆེན་པོ་ཡོད་རུང་། དངོས་གྲུབ་ཀྱི་དོན་དུ་གསོལ་བ་མ་བཏབ་ན་དོན་དེ་མི་འགྲུབ། དེའང་དངོས་གྲུབ་གང་གསོལ་བ་དེ་ཁོ་ན་བཞིན་དུ་ཐུགས་རྗེ་སྨོན་ལམ་གྱི་བྱིན་རླབས་ཀྱི་ཆ་སོ་སོའི་ལག་རྗེས་འབྱུང་བར་གསལ། ༈ །བླ་མ་ཞལ་དངོས་སུ་ཡུན་རིང་མ་མཇལ་བར་སྒུགས་དགོས་བྱུང་ན། ཡུན་རིང་པོར་ད་ངའི་དགེ་བའི་བཤེས་གཉེན་དེ་ནམ་མཐོང་བར་འགྱུར་སྙམ་དུ་དེ་མཐོང་བ་ལ་སྒོམ་པའི་ཡིད་བྱེད་དང་དོན་གཉེར་ཇི་སྙིད་དང་ཅི་ཙམ་མང་དུ་བྱུང་བ་དེའི་ཚོད་ཙམ་གྱི་ཆོས་ཀྱི་སྒྲིབ་པ་འདག་ཅིང་ཆོས་དང་ཆོས་སྨྲ་བས་བྱིན་རླབས་འཇུག་པའི་བསོད་ནམས་ཀྱི་ཕུང་པོ་མཐའ་ཡས་པ་འཛིན་པས། སྟོན་པ་ཡང་དག་

TN03_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༢)འཇོག་ལ་བཞུགས་པའི་དགོས་ཆེད་ཀྱི་ནང་ན། སངས་རྒྱས་མཐོང་བ་ལ་སྒོམ་པར་བྱ་བའི་ཕྱིར་དང་། ཞེས་ཡོད་ལ། རྟག་ཏུ་དུས་ཆོས་འཕགས་ལོ་བདུན་དུ་མ་མཇལ་བ་ལྟ་བུ་ཡོད། དཔེ་དེ་བཞིན་བསྒྲུབ་པ་པོ་དད་གུས་ཤིན་ཏུ་བརྟན་ཅིང་བློ་མི་འགྱུར་བ་རྣམས་ཀྱིས་མཐོང་བ་ན་དགའ་བ་ཆེས་ཆེར་ལྷག་པར་སྐྱེ་བའི་ཆེད་ཀྱང་ཡིན་ཏེ། སྙན་ངག་མེ་ལོང་མར་རེ་བ་མེད་པའི་དགའ་བ་དང་རེ་བ་དང་བཅས་པའི་དགའ་བའི་རྒྱན་བཤད་པ་ལྟ་བུ། དགའ་བ་ཇི་ལྟར་ལྷག་པ་ལྟར་དེ་ལ་ཡིད་འགྲུས་ཤིང་གཏོད་པའི་གུས་པ་སྐྱེད། སངས་རྒྱས་མཐོང་བ་རྙེད་དཀར་ཤེས་ན་དེ་ལ་གུས་པ་ཆེན་པོ་སྐྱེ་པའང་འདི་འདྲ་ཞིག་རེད། ཡི་དམ་ཡུན་རིང་བསྒྲུབས་ནས་གྲུབ་རྟགས་མ་ཐོན་ན་ཡང་། དེས་སྒྱིད་མི་ལུག་པར་ཕྱི་ཕྱིར་ལྷ་མཆོག་དེས་མངོན་སུམ་རྗེས་འཛིན་ལ་དོན་གཉེར་གྱི་སྒོམ་ཚད་དྲག་པོ་བཅོས་མིན་དུ་འཕེལ་ནས་སྒྲུབ་ལ་བརྩོན་པར་བྱེད་ལ་དེ་ལྟར་བྱས་པས་མ་འོངས་པ་ན་རྨི་ལམ་དང་ཉམས་སྣང་ལྟ་བུ་མིན་པར་མངོན་སུམ་དུ་རྗེས་སུ་འཛིན་པ་དང་། དངོས་གྲུབ་རླབས་ཆེ་ཞིང་གྱ་ནོམས་པ་མང་པོ་དང་སྣ་ཚོགས་པ་དང་ཆེས་བརྟན་པོ་འཐོབ་པ་དང་། གདོན་མི་ཟ་བར་འཐོབ་པའི་དགེ་རྩ་ཡུན་རིང་དང་། །སྟོབས་ལྡན། རྒྱུན་ཆགས་སུ་སོག་ནས་དོན་ཆེན་པོ་ལ་སྦྱོར་བས། སྒྲུབ་པོ་འདོད་ཐག་ཉེལ་སྒྱིད་ལུག་སྐྱེ་བ་འགའི་བསམ་ངོ་དང་བསྟུན་ནས་གྲུབ་པའི་རྟགས་མཚན་ཐན་ཐུན་འགའ་རེ་མྱུར་

TN03_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༣)དུ་བསྟན་པ་ལས་དེ་ཆེས་ལྷག་པར་སེམས་ཏེ། དཔེར་ན། ཁྱོད་ཀྱིས་སང་གནངས་སྐོར་ལས་སྒུགས་མི་ནུས་ན་རས་སྦོམ་པོ་དང་སྣམ་ཕྲུག་ངན་ངོན་ཁ་ཤས་སྟེར། སང་ཕོད་རྒྱ་མཚོའི་ཚོང་བ་ཐོན་ཐོན་སྒུགས་ནུས་ན་གསེར་སྤང་བྱེ་བ་བརྒྱ་སྟོང་རི་བའི་རིན་པོ་ཆེ་མང་པོ་སྟེར་ཟེར་ན་ཕྱི་མ་ཆེས་དོན་དུ་གཉེར་བྱ་ཡིན་པ་ལྟ་བུའོ། །དཀའ་སྤྱད་ཀྱིས་སྣ་དྲང་ན་དངོས་གྲུབ་ཚན་ཆེ་ལ་མཐའ་བརྟན་པ་ཡོང་བར་བླ་མ་དམར་ཁྲིད་དུ་གསུངས་པའང་དེ་ལྟར་རེད་སྙམ། ༈ །ཕྱག་སྟོང་སྤྱན་སྟོང་གི་མདོར། ཐེ་ཚོམ་ཟ་བ་དང་། འཕགས་པ་ཉིད་ལ་རྩེ་གཅིག་ཡིད་མ་གཏད་ཅིང་མ་དམིགས་པར་བཟླས་ཀྱང་མི་འགྲུབ་གསུངས་ཤིང་། སེམས་རྩེ་གཅིག་ཏུ་མ་བགྱིས་པ་ནི་མ་གཏོགས་སོ། །ཞེས་གཞན་དུའང་གསུངས་པས་སྔགས་ཀྱི་ལྷ་ལས་གཞན་དུ་གཏན་མ་ཡེངས་པར་བཟླ་དགོས། དམར་པོའི་རྒྱུད་དུ། གཞན་དུ་གཡེངས་པའི་སེམས་ཀྱིས་ནི། །བསྐལ་བར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་དང་། ཌོཾ་བྷི་པས། སྐད་ཅིག་ཙམ་ཡང་གཞན་གཟུགས་ཀྱིས། །དངོས་གྲུབ་འདོད་པས་གནས་མི་བྱ། །ཞེས་སོགས་མང་ངོ། །ལས་ཚོགས་སྒྲུབ་དུས་སོགས་ལ་ཐེ་ཚོམ་མི་ཟ་བའི་རོགས་སུ། མཁའ་འགྲོའི་རོལ་རྩེད་ལས་བཤད་པའི་སྨྱོན་པ་དང་བུ་ཆུང་གི་སྣང་ཤས་ལ་གནས་པའང་འགྲོའམ་སྙམ། ༈ །མ་ི་ཡིག་འབྲུ་རྣམས་མཁའ་འགྲོ་སྡེ་

TN03_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༤)ལྔར་སྦྱོར་བ་འོག་ཏུ་བཤད་ལྟར། མཁའ་འགྲོ་སྡེ་ལྔ་འདི་ནི་འབུམ་ཕྲག་ཡངས་པའི་མཁའ་འགྲོ་རིགས་བསྡུས་པ་སྟེ། བདེ་མཆོག་ལས་རི་རབ་སོ་བདུན་རྡུལ་སྙེད་ཀྱི་ཌ་ཀི་ནི་ཐམས་ཅད་སྙིང་པོའི་རྣལ་འབྱོར་མ་བཞི་ལ་འདུ་བར་གསུངས་པའི་བཞི་པོའང་རྡོ་རྗེ་མཁའ་འགྲོ་སོགས་བཞི་པོ་འདི་ཀ་ཡིན་ནོ། །སྨིན་གླིང་གསང་ཡེའི་དབང་ཆོག་ཏུ། གསང་ཡེའི་དབང་ཐོབ་པ་ཁོ་ནས་ཞིང་སྔགས་ལྷན་སྐྱེས་ཀྱི་ཕོ་ཉ་མོ་ཐམས་ཅད་དང་རྟེན་འབྲེལ་འགྲིགས་ཚུལ་གསུངས་ཡོད། མདོར་ན་ཡོ་ག་དང་གསང་འདུས་སོགས་ཐུན་མོང་དུ་གསུངས་པའི་ཡུམ་བཞི་དང་། རྣལ་འབྱོར་གསང་མཐའི་ཐུན་མིན་སྙིང་པོའི་རྣལ་འབྱོར་མ་བཞི་པོ་རིལ་གྱི་སྔགས་ཡིན། དེའང་སྔགས་འདིའི་ཆ་ཤས་ཀྱི་ཡི་གེ་རྣམས་མཁའ་འགྲོ་སྡེ་བཞི་དང་། ཆ་ཅན་སྔགས་ཉིད་གསང་ཡེ་རེད། དེའང་གསང་ཡེ་ཉིད་མཁའ་འགྲོ་མ་སྟོང་ཕྲག་བདུན་ཅུ་རྩ་གཉིས་གཅིག་ཏུ་དྲིལ་བར་ངེས་ཤེས་སྐྱེད་ཅིང་། སྙིང་གར་བཀོད་པའི་ཡིག་དྲུག་ཀྱང་། སྔགས་ཀྱི་གཟུགས་ཅན་རྣལ་འབྱོར་མ། །ཞེས་པ་ལྟར། གསང་ཡེ་དངོས་རང་ཡིན་པའི་ང་རྒྱལ་བཞག་ནས་བཟླས་པས་བསྐུལ་བས། བཟླས་བརྗོད་ལས་སུ་རུང་བ་ན་གསང་ཡེ་ཉིད་འཕགས་པ་དང་ལྷན་ཅིག་རྒྱུད་ལ་ཞུགས་ནས་སམ་སྙིང་གའི་མི་ཤིགས་པ་ལ་ཞུགས་ནས། དེ་ལས་འཕྲོས་ཏེ་ཆགས་པའི་རྩ་ཐིག་རླུང་གསུམ་གྱི་ཆ་ཐམས་ཅད་བྱིན་གྱིས་བརླབས་པར་མཛད་

TN03_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༥)ནས་འབར་བ་གསུམ་འབྱུང་སྟེ། དེ་མན་ཕག་མའི་ཟིན་ཐོ་ལྟོས། ༈ །མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱིས་མ་ི་དུང་ཕྱུར་ལྷག་བཟླས། འཕགས་པ་ཡི་གེ་དྲུག་པ་ཞག་མང་པོར་གཟིགས། ལས་དག་པས་སྤྱན་རས་གཟིགས་དངོས་སུ་མཐོང་བའང་བྱུང་། རྡོ་རིང་བ་ཆེན་པོས་ཀྱང་སྐྱེར་སྒང་བའི་ཡིག་དྲུག་ཉམས་ལེན་མཛད་འཕགས་པ་ལན་གསུམ་མཇལ། ཆེད་དུ་ཐུགས་གཏད་ན་མདུན་གྱི་བར་སྣང་ལ་ཡིག་དྲུག་གི་སྒྲ་མི་བཅུས་བཟླས་པའི་སྒྲ་ཙམ་རྒྱུན་དུ་གསན། གནས་གསར་བ་མཁྱེན་བརྩེའི་ཞབས་ཀྱིས་བྱང་གཏེར་འགྲོ་བ་ཀུན་སྒྲོལ་གྱིས་མ་ི་རིལ་སྒྲུབ་མཛད་པས་རིལ་བུམ་ལ་གཞི་བདག་གཏེར་སྲུང་གིས་སྐོར་བ་བྱེད་པ། རིལ་བུ་དྲིལ་བུ་བདུན་འཕེལ་བ། འཇའ་གུར་དང་མེ་ཏོག་གི་ཆར་པ། གླིང་ཐམས་ཅད་དྲི་བཟང་གིས་ཁྱབ་པ། །རིལ་བུའི་དབང་གི་སྐབས་གཞི་བདག་འབྲོག་པ་བརྗིད་བག་ཅན་གྱི་རྣམ་པས་དངོས་སུ་དབང་ཞུ་བ་སོགས་བྱུང་། སེམས་ཅན་འབུམ་ཕྲག་གསུམ་འཁོར་བ་ལས་སྒྲོལ་བའི་ལུང་བསྟན་གྱིས་བསྔགས། ཡར་འབྲོག་མཚོ་དང་། གནམ་མཚོ་སོགས་ཐམས་ཅད་དུ་རིལ་བུ་འཁྱོལ་གང་ཆེ་མཛད། །ད་དུང་མ་ི་རིལ་སྒྲུབ་གང་མང་མཛད་པར་ཐུགས་འདུན་ཆེན་པོ་འཁྲུངས། རྒྱ་ཡུལ་དུ་ཧ་ཤང་ཊིའུ་ཥན་བྱ་བའི་དགེ་སློང་བཟང་པོ་ཞིག་རྒྱལ་པོའི་བཀའ་ནན་ལྟར་ཁྲི་རིན་ཐང་ཅན་སྤྱད་པས་པུས་མོའི་ལྷ་ངར་ཕོལ་མིག་སྨིན་མ་དང་མིག་དང་

TN03_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༦)ཁ་སོགས་དོད་པ། ཁར་ཟས་བཅུག་ན་ཟབ། ན་ཟུག་བཟོད་བླགས་མེད་པ་ཞིག་བྱུང་སྟེ་ཤིན་ཏུ་གདུངས། དེའི་ཚེ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་ཧ་ཤང་ཞིག་གིས། གོང་མ་ཡུང་གི་དུས་ཧ་ཤང་ཊིའུ་ཥན་འདི་ནང་བློན་གི་གིད་དྷི་དང་། ཕོལ་མིག་ཁྱོད་བློན་པོ་བཞོའུ་ཚིར་གྱུར། གིད་དྷིས་དབྱེན་བྱས་ཏེ་གོང་མས་བཞོའུ་ཚི་བསད། དེ་ཚུན་སྐྱེ་བ་བཅུར་ལན་ཆགས་སྙོགས་ཕྱིར་ཁྱོད་འདིའི་རྗེས་སུ་འབྲངས་ཀྱང་། གིད་དྷི་འགྱོད་ནས་རབ་ཏུ་བྱུང་། དེ་ཚུན་སྐྱེ་བ་ཀུན་ཏུ་ཚུལ་ཁྲིམས་དག་པ་ཤ་སྟག་ཏུ་བརྒྱུད་པས་གླག་མ་རྙེད་ཅེས་དེ་རྣམས་ཨེ་ཡིན་ཞེས་རིམ་པར་དྲིས་པས་ཕོལ་མིག་གིས་ཀྱང་སོ་སོར་ཨང་ཞེས་ལན་བཏབ། ད་རེས་བཅས་འགལ་གྱི་ལྟུང་བ་བྱུང་བས་འདི་ལྟར་གླག་རྙེད་འདུག་ཀྱང་ཁྱོད་ལའང་ལས་འདིའི་འབྲས་བུ་ངན་པ་འོང་བས་ངས་བསྡུམ་པ་ཡིན་གྱིས་སོང་ཞིག་ཅེས་ཆུས་བཀྲུས། རྔ་ཡབ་ཀྱིས་བྱབ་པས་འབག་དོར་བ་ལྟར་ལྷུང་བར་བཤད། ༈ །འགུ་སྔགས་འཆང་རྟར་བས་མ་ི་བུམ་སྒྲུབ་མཛད་པར་ཡང་། དུར་ཁྲོད་མ་གསུམ་གྱིས་མདོང་གསོལ་ཕུལ་བ་སོགས་འཇམ་དབྱངས་མཁྱེན་བརྩེ་དང་མཚུངས་པའི་གྲུབ་རྟགས་ཐོན། མཁན་ཆེན་སྡིང་མ་བ་དང་། རྗེ་དབང་རབ་ཀྱིས་ཀྱང་མ་ིའི་རིལ་བུ་སྒྲུབ་པས་སྔ་མ་དང་ཕྱོགས་འདྲ་བྱུང་། གྲུབ་ཐོབ་འདར་ཕྱར་གྱིས་ཉི་ཕུག་པ་ལས་ཐུགས་རྗེ་ཆེན་པོའི་སྐོར་གསན། ཏི་སེ་དར་ནགས་རྒྱལ་གྱི་གནས་སུ་འཕགས་པའི་ཞལ་

TN03_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༧)གཟིགས། འདས་དུས་དབུ་ཐོད་ལ་ཡི་གེ་དྲུག་པ་ཕྱེད་སྐྱིལ་དུ་བཞུགས་པ་ཤར། སི་ཏུ་ཆོས་འབྱུང་རྣམ་ཐར་ན། གཞི་བདག་གི་གདུག་རྩུབ་སོགས་ལས་ཐོག་སེར་ནམ་བྱུང་དུ། སྣང་གྲགས་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཡོ་ལང་དུ་བལྟས་ནས་མ་ི་བཏོན་པ་ཁོ་ནས་ཞི་བར་བཤད་ལ། ཆུའི་འཇིགས་པས་ཉེན་ཚེ་ཆུ་ལ་ཡིག་དྲུག་བསྒོམ་པས་ཐར་རབས་ལམ་འབྲས་བརྒྱུད་པའི་ལོ་རྒྱུས་ཞིག་ན་ཡོད། དེའི་རིགས་པས། དགྲ་བྱུང་ཚེ་ཅིར་སྣང་འཕགས་པར་ལྟ་ཞིང་། མཚོན་ཆར་པུནྡ་རི་ཀའི་ཕྱག་མཚན་དུ་བལྟས་ལ་ཡིག་དྲུག་བཏོན་པས་དགྲའི་སྡང་སེམས་ཞི། མཚོན་ཁ་སྙོལ། དམེ་འདྲེ་མེད་པ་སོགས་དང་། ཡམས་ནད་ལ། ཅིར་སྣང་འཕགས་པའི་དཀྱིལ་འཁོར་དུ་ལྟ་བ་ཐམས་ཅད་ལ་འདྲ། ནད་མ་ིའི་བདུད་རྩིར་བསམ་པས་ཞི་བ་དང་། དུག་ཞི་བར་ཡང་དེ་བཞིན། དབང་སྡུད་ལ། རྟ་མགྲིན་གྱི། སྣང་བ་ལྷ་ལ་གྲགས་པ་སྔགས། སོས་དབང་སྡུད་དུ་འགྱུར་ལུགས་ཟུར་ཐོ་ཤོག་དྲིལ་ལྟར་ལས། རྟ་མགྲིན་ཞེས་པ་འཕགས་པ་ཞི་བར་འདོན་པ་སྤོས་པས་ཆོག་སྟེ། མདོར་ན་སྣང་སྲིད་སྣོད་བཅུད་འཁོར་འདས་ཐམས་ཅད་བདག་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པ་ཉག་གཅིག་གི་རང་བཞིན་དུ་བསྡུ་ཞིང་རྒྱས་འདེབས་པའོ། །གདོན་འདུལ། རྒྱལ་པོའི་ཆད་པ་ཞི་བ། འབྱུང་བའི་དུག་གཞི་ལ་བ། ལྷས་ངན་དང་བྱད་བྱུར་

TN03_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༨)ཆག་སྒོ་ཞི་བ། གཟའ་སྐར་གྱི་གནོད་པ་ཞི་བ། ནང་འཐབ། སྡེ་འཁྲུགས། ཉམས་གྲིབ། མི་ཁ་བྲ་མཆུ། ལྷ་འཁྲུགས། ནད་སྣ་ཚོགས་ཞི་བར་བྱ་བ་སོགས་མཐའ་ཡས་པར་འཕྲུལ་བ་ནི། གཞུང་གི །གང་འདུལ་ཕྲིན་ལས་ལྷུན་གྲུབ་བསམ༔ ཞེས་པར་ཤིན་ཏུ་འབྱོར། ཨ་བ་ཏ་རར། དཔའ་བོའི་རང་བཞིན་གྱི་ང་རྒྱལ་བྱ་བ་སོགས་དྲང་། ༈ །དངུལ་ཆུ་རྒྱལ་སྲས་རིན་པོ་ཆེས། ཆོས་ཉིད་ཐུགས་ཆད་ཐུགས་ཀར་ཐལ་མོ་སྦྱར། །ཐུགས་རྗེ་རྒྱུན་མི་འཆད་པའི་ཕྲེང་བ་འཛིན། །འཁོར་བའི་འདམ་གྱིས་མ་གོས་པདྨ་བསྣམ། །ཞེས་བཀོད་འདུག །འཕགས་མའི་སྙིང་ཏིག་ལས། རང་འཕགས་མའམ་འཕགས་པར་བསྒོམ། ཐུགས་ཀར་ཚེ་དཔག་མེད་དམ་རྟ་མཆོག །དེའི་ཐུགས་ཀར་ཡིག་བཅུའམ། ཡིག་བདུན་བཀོད། དེ་ངག་ཏུ་བཟླ། ཞར་ལ་ཨ་མ་ར་ིའམ། རྟ་སྔགས་བཟླ་ཞེས་དང་། རིགས་པ་དེས་ཁྲོ་བོར་ཡང་འགྲུབ་པས་ཁྲོ་བོའི་ནང་དུ་མ་ི་འདྲེན་ཆོག་པ། ཀུན་མཁྱེན་ཕྱི་མའི་རྒྱུན་ཁྱེར་གཅིག་པུ་མིན་ཡང་ཁུངས་རྙེད་སྣང་། ༈ །གསང་ཡེ་ནི་ཞིང་རྡོ་རྗེའི་གནས་མཆོག་ཨོ་རྒྱན་གྱི་མཁའ་འགྲོ་མའི་ཚོགས་དཔོན་དུ་སྨིན་གླིང་གསང་ཡེ་དང་། བཀའ་གདམས་གླེགས་བམ་སོགས་ན་ཡོངས་གྲགས། དེ་ཡི་གེ་དྲུག་མར་བསྟན་པས་ནི་ལྷ་མོ་ཡི་གེ་དྲུག་མ་ཉིད་ཛམ་གླིང་འདི་ཉིད་ཀྱི་ཨོ་ཊི་ཡ་ན་གསང་སྔགས་ཀྱི་འབྱུང་གནས་ན་སྐུ་དངོས་ཀྱིས་ད་ལྟའང་བཞུགས་ནས་སྒྲུབ་པ་པོ་བྱིན་གྱིས་རློབས་པར་

TN03_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

(༢༩༩)སྟོན་པས། བྱིན་ཆེ་ཞིང་མྱུར་བར་སྟོན་ཏེ་གལ་ཆེའོ། །ཡབ་ཀྱི་ཐལ་སྦྱར་སངས་རྒྱས་ཐམས་ཅད་བྱང་ཆུབ་སེམས་གཉིས་ཀྱི་དངོས་གྲུབ་དོན་དུ་སྐུལ། ཡུམ་གྱི་ཅང་ཏེ་འུས་ལས་དང་ཡེ་ཤེས་ཕོ་ཉ་མོ་རྣམས་བདེ་ཆེན་སྐྱེད་དང་ཕྲིན་ལས་དོན་དུ་སྐུལ་སྙམ། ༈ །སྐྱེས་རབས་ཀྱི་ཀུན་ཏུ་རྒྱུ་བྱང་ཆུབ་ཀྱི་ཐད་ནའང་སྤྲེལ་ལྤགས་སྤྲུལ་ཞེས་མ་གསུངས་པར་པགས་པའི་ཆེད་དུ་སྤྲེའུ་འདིའང་འཕགས་པའི་ཕྱག་གཡོན་པའི་འོད་ཟེར་ལས་སྤྲུལ་པར་གུར་བཀྲའི་ཆོས་འབྱུང་གི་བརྒྱ་ཉེར་ལྔ་ན་ཡོད། འཇམ་དཔལ་ཕྱག་རྡོར་དབང་བསྐུལ་རེད་རྩ་རྒྱུད་ལས། བྱང་གི་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་ལག་ན་པདྨ་འགྲུབ་བོ། །ཞེས་དང་སོགས་བོད་འབངས་སྤྲེལ་ཚ། བོད་རྗེ་ལི་ཙ་བིའི་རིགས་སོ། །བུའི་རིགས་ཀྱི་ཐུན་མིན་གྱི་རྒྱུ་ཕ་རེད་པས་སྤྲེའུ་ལས་མི་སྐྱེ་ཞེ་ན། བདེན་ཡང་། མིའི་འགྲོ་བ་སྔགས་ཀྱིས་སྤྲེའུ་བྱས་པ་ཡོད་ཀྱང་། དེ་འདྲའི་སྤྲེའུ་དེ་བྱོལ་སོང་གི་འགྲོ་བར་བཞག་དཀའ་སྟེ། འཇམ་མགོན་བླ་མ་ཙོང་ཁ་པས་གྲོང་འཇུག་གི་ལུས་གཞན་བླང་བ་སྐྱེ་འཆི་མཚན་ཉིད་པ་མིན་པར་བཤད་པ་ལྟར་ཏེ། དེ་ལྟར་འདིའང་སྤྲེའུའི་གཟུགས་འཛིན་པའི་མིའི་རྟེན་ཅན་དུ་ཁས་ལེན་ནམ་དཔྱོད། དགེ་བསྙེན་དུ་བཤད་པའང་དེ་ལྟར་རོ། །དེའང་ཡིན་ཏེ། སྤྲེའུ་ལྟ་བུའི་མི་ཡོད་པའི་ཕྱིར་ཏེ། དྲང་སྲོང་ཆེན་པོ་རྔ་བོང་བཞིན་ནོ། ༈ །འཕགས་པ་འདི་ལ་འཇིག་རྟེན་དབང་ཕྱུག་ཅེས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་ཀྱི་

TN03_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༠)དབང་པོར་བསྔགས་ལ། རྒྱལ་པོ་ནི་འཁོར་སྡུད་པས་རབ་ཏུ་ཕྱེལ་སྟེ་སྟེང་ནས་འཇོག་དགོས་ལ། འཁོར་བསྡུ་བའི་སྒོ་ཡོངས་སུ་རྫོགས་པ་ནི་བསྡུ་དངོས་བཞི་ཡིན་པས་བསྡུ་བཞིའི་ལྷའོ། ༈ །རྡོ་རིང་པའི་རྣམ་ཐར་ཚར་ཆེན་གྱིས་མཛད་པ་ལས་རྒྱ་བོད་ཐམས་ཅད་དུ་ཡོངས་སུ་གྲགས་ཤིང་ཡི་གེ་དྲུག་པའི་ཕྲིན་ལས་ཀྱི་རྒྱུན་གྱིས་འཁོར་བ་མཐའ་ཅན་དུ་མཛད་པ་གྲུབ་ཐོབ་ཐང་སྟོང་རྒྱལ་པོར་གྲགས་པ་ཞེས་དང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང་ངེད་དཔོན་སློབ་ཀྱི་རྣམ་ཐར་སུ་ཡིན་གྱི་བློ་ལ་ཤོང་བ་མེད་གསུང་། །ཞེས་སོ། ༈ །འཁྲུལ་ཞིག་སེང་གེ་རྒྱབ་པ་དང་། རིག་འཛིན་བླ་མ་ཀུ་མ་ར་ཛ། གུ་རུ་འོད་གསལ་རང་གྲོལ་སོགས་ཀྱི་རྣམ་ཐར་ནའང་འཕགས་པས་རྗེས་སུ་བཟུང་རབས་ཡོད། ༈ །རྭ་ལོ་རྡོ་རྗེ་གྲགས་པས་ཀྱང་ཡིག་དྲུག་གི་ཕྲིན་ལས་རྒྱ་ཆེར་སྤེལ་ཞིང་། འཕགས་པ་དབུ་གང་ལ་མཆོད་པ་མཛད་སྐབས། ཕྱག་མཆོད་ཀྱི་ཆུ་དྲི་རོ་བཟང་པོར་གྱུར་ཅིང་འཕགས་པའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་མ་ིའི་རང་སྒྲ་སྒྲོགས་པ་ཕྱུང་སྟེ། རྭ་ཆེན་གྱི་ཐུགས་ཀར་ཐིམ་པ་ཀུན་གྱིས་མཐོང་བ་དང་། ལྷ་སར་འཕགས་པ་རང་བྱོན་གྱི་ལྔ་ལྡན་མཇལ་ཚེ་དེའི་ཐུགས་ཀ་ནས་ཆོས་རྒྱལ་སྲོང་བཙན་བྱོན་ནས་གདམས་པ་མང་དུ་སྩལ་བ་དང་། རྒྱ་མར་ཆོས་རྒྱལ་སྲོང་བཙན་གྱི་འཁྲུངས་པ་གཟིགས་པ་ལ་གསོལ་འདེབས་མཛད་པས་ལུང་པ་འཇའ་འོད་ཀྱིས་གང་བའི་གསེབ་ནས་དངུལ་གྱི་ཡིག་དྲུག་ཆར་དུ་

TN03_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༡)འབབ་པ་ཀུན་གྱིས་མཐོང་བ་དང་། ཆེ་གཉན་གྱི་ཡུལ་མཆོག་མང་པོར་དྲག་ལས་མང་དུ་མཛད་པའང་འཕགས་པ་སྤྱན་རས་གཟིགས་ལས་མངོན་སྤྱོད་ཀྱིས་འགྲོ་དོན་བྱེད་པར་གནང་བ་ནོད་ནས་བྱས་པ་ཡིན་པར་བཤད་པ་སོགས་མང་། ༈ །དམ་པ་དམར་པོ་བྱིས་པའི་དུས་བྲ་མའི་ནང་དུ་ཁྱི་སྨྱོན་རོ་བསྲེགས་པས་ཀླུ་ནད་བྱུང་། ཕྱིས་རྡོ་རྗེ་གདན་པ་ལ་སྒོམ་ལུང་ཞུས། ཟླ་བ་གཅིག་ཏུ་མ་ི་བཟླས་པས་རྨི་ལམ་དུ་སྡིག་སྤྲུལ་མང་པོ་ལུས་ལས་ཐོན་པ་རྨིས། མལ་ཆུ་སེར་གྱིས་གང་། ཡིད་དངས་སིང་བ་བྱུང་། ཤ་རོ་དང་བལ་ལྡོག་སོགས་ཀྱང་མི་འདུག །གྲུབ་རྟགས་ནུས་པ་ཆེར་ཐོན། ༈ །བྱང་སེམས་ཟླ་རྒྱལ་གྱི་སློབ་མ་སྐྱི་ཚ་འོད་འབྱུང་གི་སློབ་མ་ཞང་དབུ་དཀར་བས་ཐུགས་ཆེན་དམར་ཁྲིད་ཀྱི་སྔོན་འགྲོའི་མ་ི་ལ་ནུས་པ་རྙེད་ནས་ལྷ་འདྲེ་ལ་ཕྲིན་བཏང་བས་ཆོག་པ་དང་བདེན་ཚིག་གྲུབ་པ་བྱུང་། འདིའི་སློབ་བརྒྱུད་ལ་འཕགས་པའི་ཞལ་མཐོང་མང་དུ་བྱུང་། ༈ །གཙང་པ་རྒྱ་རས་གཤེགས་ཚེ་སྒལ་ཚིགས་ལ་སྤྱན་རས་གཟིགས་ཀྱི་སྐུ་ཉེར་གཅིག་ཕེབས། ༈ །བྱ་ཡུལ་བའི་ཐུགས་སྲས་གཙང་པ་རིན་ཆེན་རོ་སྟོད་ཆེར་བསྙུང་ཚེ། མི་དཀར་པོ་རལ་པའི་ཐོར་ཅོག་ཅན་ཞིག་གིས་རིལ་བ་སྤྱི་བླུགས་ནས་བདུད་རྩི་བླུགས་པས་ནང་ཐམས་ཅད་གང་བའི་སྣང་བ་བྱུང་ནས་དྭངས། བཀའ་གདམས་པ་ཞིག་མཛེས་བསྙུང་བས་ཅིས་ཀྱང་མ་ཕན་ནས། ད་ང་རང་མི་ཁྱུ་ནས་

TN03_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༢)བུད་ངོ་ཤེས་པར་བྱས་ཏེ་ཀྱི་མོ་རྫ་འཕྲང་གི་འོག་དེར་ལམ་ཟན་ལ་བརྟེན་ནས་བསྡད་དེ་མ་ི་བགྲང་ལ་ཚེ་བསྐྱལ་ལོ་སྙམ་དུ་ཐག་བཅད་པས་དེ་ནུབ་རང་ཁོང་ཆུས་ཁྱེར་བ་ལས་མི་དཀར་པོ་ཞིག་གིས་བཏོན་ནས་བྲག་ཐོག་ཅིག་ཏུ་བཞག་པས་ལུས་ལས་ཆུ་མང་པོ་ཟག་པ་རྨིས་ནས་སད་པ་དང་མལ་ཐམས་ཅད་ཆུ་སེར་གྱིས་གང་ནས་འདུག་སྟེ་མཛེ་ནད་ཡུལ་ཐོན་ཞེས་རྒྱལ་སྲས་རིན་པོ་ཆེས་གསུངས། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་གྲྭ་སར་སློབ་གཉེར་མཛད་དུས། ཆོས་ཀྱི་གྲགས་པའི་རིག་གཞུང་གི་གནད་ཕྲ་བ་འཆར་དཀར་བར་བྱུང་བས། ཞྭ་ལུའི་ཐུགས་རྗེ་ཆེན་པོའི་རྡོ་སྐུ་རང་བྱོན་དེ་ལ་སྐོར་བ་མང་པོ་མཛད་དེ་གསོལ་བ་བཏབ་པས། དེའི་མོད་ལ་བློ་གྲོས་ཀྱི་མཐུ་ཆེན་པོ་སྐྱེས་ཏེ། ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་སྤྱན་སྔར་ཡང་མཁས་གྲགས་ཀྱི་རྒྱལ་མཚན་ཐོབ། ༈ །ད་ལྟའི་ཨ་བཟང་རྡོར་གྲགས་ཀྱི་ཨ་ཕྱི་དེ་ལོ་ཉི་ཤུའི་ནང་མིག་ལོང་། མ་ི་འབད་ནས་བཟླས་པས། ལོ་བཞི་བཅུ་སྐོར་ན་མིག་ཕྱེ་སྟེ་སྔོན་བཞིན་གྱུར། རྫོང་མདའི་མི་ཞིག་གི་མིག་ལོང་། མ་ི་རྩེ་གཅིག་བཏོན་པས་ནམ་ཞིག་འཆིར་ཉེ་དུས། ཁྱེའུ་དཀར་པོ་ཞིག་གིས་ལག་ནས་ཁྲིད་དེ་ལམ་དཀར་པོ་ཞིག་རི་རྩེར་ཟུག་པ་ནས་ཕར་ཕྱིན། རི་རྩེར་ས་ཕྱོགས་སྐྱིད་ཉམས་ཅན་ཞིག་ཏུ་སླེབས་པ་རྨིས། །ཕྱིར་ཉིན་ཚེ་འཕོས། མགར་སྐོར་གྱི་ཁང་སྲུང་མི་སྐྱ་རྫུན་མེད་ཞིག་གིས་མ་ི་ཁོ་ན་བཏོན་པས། ཁང་པ་དེར་མི་གཞན་མེད་དུས་ཕལ་ཆེ་བར་

TN03_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༣)ཁྱེའུ་དཀར་པོ་ཞིག་འོང་ནས་མི་རྒན་ཁོ་རང་ལ་དགའ་ཉམས་སྟོན། ཁོ་ཁང་པའི་སྒོའི་ཐང་ན་གཅིག་པོར་བསྡད་དེ་སྐད་རྒྱང་མཐོན་པོས་མ་ི་འདོན་དུས་ཚོར། ཁང་པའི་སྐར་ཁུང་ནས་ཁྱེའུ་དེས་བཞིན་བསྟན་ནས་དགོད་ཅིང་མ་ིའི་འུར་རྒྱངས་བྱེད་པ་བྱུང་ཟེར་ཏེ། འཕགས་པ་ཡིན་འདྲ་ཡང་ཁོ་རང་གིས་ནི་འདི་ཚང་གི་ཁྱིམ་ལྷ་ཨི་མི་ཡིན་ཞེས་ཟེར། ཁྲ་སྐྱབ་ཚེ་གཟུང་གི་མེས་པོས་མ་ི་འབད་པས་བཏོན་པས་ཡང་ཡང་རྨི་ལམ་དུ་ཁྱེའི་དཀར་པོས་གཅེས་ཉམས་སྟོན་པ་མཐོང་། འདི་རིགས་མི་ནག་ཕོ་མོས་བཏོན་པའི་མཐུ་རེད། འབྲི་ཁོག་གཤེད་མི་རྒན་དད་ཅན་ཞིག་གིས་མ་ི་ཁོ་ན་བརྩོན་པ་ཆེན་པོས་བཟླས་པས་ཁོ་ཤི་ནས་ཡུན་རིང་བར་དུ་སྔོན་མལ་བཅས་ཤུལ་དེའི་ཉེར་ཁོར་ནས་མ་ིའི་རང་སྒྲ་ཁོར་ཡུག་ཏུ་གྲགས་པ་བྱུང་། འདིའི་སྐྱེ་བ་དེ་མ་ཐག་པ་རྗེ་དཔོན་ཀུན་གྲོལ་རྣམ་རྒྱལ་ཡིན་པར་བཤད། ༈ །ཐུགས་རྗེ་ཆེན་པོའི་སྒྲུབ་པས་ནི། དེ་པ་ཐམས་ཅད་ཀྱི་ཐུགས་རྗེ་ཕྱག་ན་རྡོ་རྗེ་གྲུབ་ཟེར་བ་ལྟ་བུ། འགྲུབ་ཡོང་བ་སྟེ། དེ་པ་ཐམས་ཅད་ཀྱི་བདག་ཉིད་སྤྱན་རས་ཀྱིས་བཙའ་བའི་དངོས་གྲུབ་སྒྲུབ་པ་ཞེས་སྣང་། ༈ །ཛམ་བུ་གླིང་པ་འོད་གསལ་གྱི་ལྷའི་རྒྱུད་ལས་མཆེད་ཀྱང་སྤྱིར་བཏང་ཡིན། དམིགས་བསལ་དུ་བོད་མི་ལ་རྗེ་འབངས་གཉིས་ལས་འབངས་རྣམས་ནི་ཐུགས་རྗེ་ཆེན་པོའི་མི་རྒྱུད་ཡིན་ཏེ། སྤྱན་རས་གཟིགས་དང་སྒྲོལ་མ་སྤྲེའུ་དང་བྲག་སྲིན་དུ་

TN03_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༤)སྤྲུལ་པ་འདུས་པའི་ས་བོན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་ལ་བྱུང་། མ་ི་འདོན་མཁན་གྱི་དབུགས་ཀྱིས་ཕོག་ཚད་རྣམ་པར་གྲོལ་བའི་སྐལ་བ་ཅན་དུ་འགྱུར་ཞིང་། མ་ི་པ་དེའི་བདུན་བརྒྱུད་ཚུན་ཆད་རྙེད་པ་ལེགས་པར་རྙེད་པ་དང་ཡིད་བཞིན་གྱི་ནོར་བུ་འཛིན་པར་མདོ་སྡེ་ཟ་མ་ཏོག་ལས་བཀའ་སྩལ་བས་མ་ི་པ་གཅིག་ཁོ་ནའི་བྱིན་རླབས་ཡོན་ཏན་ཡང་དེའི་མི་རབས་མི་བརྒྱུད་ཐམས་ཅད་ལ་སྤང་ལ་མེ་ཤོར་ལྟར་མཆེད་འགྲོ་ན་སྤྲེལ་སྒོམ་ལྟ་བུ་འཕགས་པ་དངོས་ཀྱི་རྣམ་འཕྲུལ་ལྟ་ཅི་སྨོས། དེས་ན་རང་ཅག་ལ་འཕགས་པའི་རབ་གནས་ཆགས་སླ་སྟེ། ཆུ་ལས་བྱུང་བའི་ལན་ཚ་ཆུ་ཉིད་དུ་ཞུ་བའི་ཚུལ་དུ་སྒོ་གསུམ་འཕགས་པའི་གསང་བ་གསུམ་དུ་འགྲུབ་པ་ལ་ཚེགས་མེད། བོད་འབངས་འཚོ་བའི་ལོ་ཏོག་གི་ཁྱད་པར་རྣམས་ཀྱང་འཕགས་པས་འབྲུ་སྣ་བདུན་བོད་དུ་གཏོར་ནས་སྨོན་ལམ་བཏབ་པ་ལས་བྱུང་བས་སྤྱན་རས་གཟིགས་ཀྱི་སྨོན་ལམ་ལས་བྱུང་བའི་ཁ་ཟས་ཅན་ཤ་སྟག་གོ །དེས་ན་འཕགས་པ་ལ་སྔོན་ལས་འབྲེལ་ཐོགས་ངེས་མིན་པ་བོད་ཡུལ་གྱི་མིར་མི་སྐྱེ། ལས་འབྲེལ་ཆེ་རྟགས་སུ་བྱིས་པ་ལོ་གསུམ་པ་རྣམས་ཀྱང་མ་ི་འདོན་ཤེས། སྐྱེ་བོ་ཡི་གེ་མི་ཤེས་པ་ཡང་མ་ི་རྐོ་ཤེས། སྤྲང་ཕྲུག་ལྟོ་སློང་བ་ཡང་མ་ི་ལ་ངོ་ཆེན་སྒྲོན། མི་ནག་ཆོས་དྲན་ཡང་མ་ི་སྣ་ལ་འོང་བ་སོགས་ལྟ་ས་ན་ཡོད་པས་ཀྱང་ཆོག །དེ་ལྟར་སྔོན་གྱི་ལས་འཕྲོ་ཡོད་པས་འདི་ལྷ་སྔགས་

TN03_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༥)གཞན་དང་མི་འདྲ་བའི་ཏིང་འཛིན་མེད་པར་ཁ་ཙམ་ཚིག་ཙམ་གྱིས་མ་ི་བཏོན་བསྡད་ཀྱང་བྱིན་རླབས་འཇུག །སྔགས་གཞན་མང་དུ་བཟླས་པ་བས་མ་ི་ལན་རེ་བཟླས་པ་བྱིན་རླབས་ཆེ་ཞེས་དཔལ་སྤྲུལ་རིན་པོ་ཆེ་གསུང་། དེ་ལྟར་བོད་འབངས་ལ་སྤྱན་རས་གཟིགས་ལ་བརྟེན་པའི་སྤྱི་མཐུན་གྱི་བསོད་ནམས་ཆེན་པོ་ཡོད་པའི་དབང་གིས། འཕགས་པ་ཉིད་སྲིད་སྐྱོང་རྒྱལ་པོའི་རྣམ་པར་དངོས་སུ་བྱོན་ཏེ་ཐུགས་དམ་གྱི་ལྷར་གསོལ་འདེབས་མཛད་དུས་ཚུན་ཆད་ལ། ངའི་བོད་འབངས་རྣམས་ལ་ཐུགས་རྗེས་གཟིགས་ཤིག །ཅེས་གསུངས་ཏེ། མི་བདག་བྱམས་པའི་སྟོབས་ཀྱི་སྐྱེས་རབས་བཞིན། དེ་ལྟར་བདག་ཏུ་བཟུང་ཚད་འཕགས་པའི་མིར་སོང་བ་ཡིན་པས་ཤིན་ཏུ་ཉེ་བ་ཤེས་སླ། སྤྲུལ་པའི་རྒྱལ་པོ་དེས་མ་འོངས་པའི་བོད་འབངས་རྣམས་ལའང་རང་ཉིད་དངོས་སུ་བཞུགས་པ་དང་རྣམ་དབྱེར་མེད་པའི་བྱིན་རླབས་མཛད་ཕྲིན་འཇུག་ཆེད་ཉིད་ཀྱི་སྐུ་འབག་ཏུ་རང་བྱོན་བཅུ་གཅིག་ཞལ་བཞེངས་ནས་ཡབ་ཡུམ་གསུམ་ཀ་དེར་ཐིམ་ཞིང་། སླར་ཐུགས་ཀ་དང་ནུ་མ་ལས་དབུ་ཉུག་མཛད་དེ་ཞལ་ཆེམས་ཡང་སྩལ་བས་ཆོས་རྒྱལ་ཡབ་ཡུམ་དངོས་ཀྱི་འདུ་ཤེས་བརྟན་པར་མཛད། གཞན་ཡང་དམར་པོ་རིའི་རང་བྱོན་ལོ་ཀི་ཤྭ་ར་དང་། དེ་གར་བཞུགས་སུ་ཞལ་གཟིགས་ནས་བོད་འབངས་ཀྱི་ཆེད་དུ་ངོ་ཆེན་ཞུ་བའི་ཚུལ་ཅན་སྲོང་བཙན་ང་འདྲ་མར་གྲགས་པ་དེང་སང་

TN03_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༦)ཇོ་ཁང་སྟེང་ན་བཞུགས་པ་དང་། ཡར་འཕྲང་གི་ཡི་གེ་དྲུག་མ་དང་། ཚེ་ཆུ་འབུམ་པར་ཆུ་ཤེལ་གྱི་འཕགས་པ་རང་བྱོན་ཡོད་པར་བཤད། རྒྱ་ནག་མདྨེ། ཡིད་ལྷུང་དུ་མ་ི་གད་མགོར་གྲགས་པ། ཁྲོ་སྐྱབས་འཕགས་པ་རང་བྱོན་སོགས་ཀྱང་བོད་འབངས་སྤྱན་རས་གྱིས་འཚོ་བའི་རྗེས་དྲན་གྱི་མཚན་མ་དང་། ཐ་ཚིག་མི་འགྱུར་བའི་དོན་རྟགས་ཡིན། དེ་འདྲའི་རྟེན་འབྲེལ་གྱིས་གངས་ཅན་མཐའ་དབུས་ཀྱི་མི་ཐམས་ཅད་ད་དུང་ལྷ་ས་ལ་མཇལ་ཕྱག་སྐོར་བ་དང་མཆོད་པ་དང་སྨོན་ལམ་གྱི་འབྲེལ་བ་འཇོག་ཏུ་འགྲོ་ཞིང་། ཕྱོགས་ཞེན་མོས་དུང་ཁྱབ་གདལ་དུ་ཆེ་བ་དང་། མཐའ་དབུས་ཀུན་ཏུ་ཆོས་དང་ཟང་ཟིང་གི་དཔལ་འབྱོར་འབྱུང་བའི་རྩ་བའི་ཁུངས་ཀྱང་ལྷ་ལྡན་ཡིན་པ་སོགས་སྲོང་བཙན་དངོས་བཞུགས་དུས་དར་འགྲོ་དོན་ཕྲིན་ལས་ཕྱོགས་མཚུངས་པ་མཐོང་ཆོས་ལ་ཡོད། མདོར་ན་རང་ཅག་བོད་འབངས་རྣམས་སྤྱན་རས་གཟིགས་ཀྱི་མི་རྒྱུད་ཡིན་ཅིང་། གོང་རྗེར་བཅུ་གཅིག་ཞལ་དངོས་རང་བཞུགས་པས་དུས་ཀྱི་མཐར་ཡང་མ་ིའི་ནུས་པ་དང་ཡོན་ཏན་རིག་སྔགས་གཞན་དང་མི་མཉམ་པར་ཐོགས་མེད་དུ་འབྱུང་བ་ཡིན་ནོ། །བོད་འདིར་དམ་པའི་ཆོས་ཀྱི་དབུ་ཡང་མདོ་སྡེ་ཟ་མ་ཏོག་ནས་བརྙེས་པ་དང་། སྤྲུལ་པའི་རྒྱལ་པོས་ཕྱོགས་འདིར་རྒྱལ་བསྟན་རིན་པོ་ཆེའི་གཡང་འཁོར་ཆེད་ཤཱཀྱ་མུ་ནེ་མཆེད་གཉིས་སྤྱན་འདྲེན་པ་དང་། ནག་ཕྱོགས་ཀྱི་འབྱུང་པོ་མང་

TN03_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༧)པོ་འདུལ་བ་དང་། གཙུག་ལག་ཁང་ཐོག་མར་རྩིགས་པའི་ས་འཚོལ་བ་དང་རྨིང་འདིད་བ་ལ་སོགས་པའི་མཛད་ཆེན་ཐམས་ཅད་འཕགས་པ་ཁོ་ན་ལ་གཞི་རྟེན་དང་སྲོག་ཤིང་བཅོལ། དེའི་སྒོ་ནས་ཁོག་ཕུབ་སྟེ་མཛད་པའང་འདི་བོད་ཀྱི་ལྷ་སྐལ་དང་། བོད་འདིའི་གདུལ་ཞིང་ཡིན་པའི་གནད་ལ་གཟིགས་ནས་ཡིན་ཅིང་། ཕྱིས་རྒྱ་གར་གྱི་པ་གྲུབ་གནམ་གྱི་སྐར་མ་ལྟར་མང་བའི་ནང་ནས་བོད་དུ་བསྟན་པའི་སྲོལ་འབྱེད་མཁན་ལ་རིག་འཛིན་ཡོངས་འདུས་ལས། སྤྱན་རས་གཟིགས་དབང་སྲོང་བཙན་སྒམ་པོ་ཉིད། །དྷ་ན་ཀོ་ཤར་སྐུ་རུ་སྤྲུལ་མཛད་དེ། །ཞེས་དང་། ལོངས་སྐུ་ཐུགས་རྗེ་ཆེན་པོ་སྤྲུལ་སྐུ་པདྨ་འབྱུང་གནས་ཞེས་མང་པོ་ལས་གསུངས་པ་དང་། །བཀའ་རྩིས་དང་རྒྱལ་པོ་བཀའ་འབུམ་སོགས་མཐའ་ཡས་པ་ནས་གསུངས་པ་ལྟར་སྤྱན་རས་གཟིགས་ཉིད་རིག་འཛིན་སློབ་དཔོན་གྱི་གཟུགས་སུ་བྱོན་པ་གུ་རུ་པདྨ་དང་། དེ་དང་ཐུགས་རྒྱུད་གཅིག་པར་བཀའ་གདམས་གླེགས་བམ་ནས་གསུངས་པའི་དཔལ་ལྡན་ཞི་འཚོ་གཉིས་པོ་རང་བྱུང་བ་དང་། བསམ་ཡས་བཞེངས་དུས་ཀྱང་ཐོག་མར་སྤྱན་རས་གཟིགས་དང་སྒྲོལ་མའི་ལྷ་ཁང་མ་བཞེངས་བར་དུ་བརྩིགས་མི་བཏུབ་ཅེས་གསུངས་ནས་ཨརྱ་པ་ལོའི་གླིང་བརྩིགས་པ་དང་། ཁྲི་སྲོང་དང་རལ་པ་ཅན་སོགས་ཀྱིས་ལྷ་ཁང་ནམ་བཞེངས་སུ་བར་ཆད་མེད་ཅིང་བྱིན་ཆགས་

TN03_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༨)བཀྲ་ཤིས་འབྱུང་ཆེད་སྲོང་བཙན་གྱི་ཕྱག་རྗེས་ར་ས་ལ་བཟོ་ཕུད་ཕུལ་ནས་བཞེངས་པ་དང་། གུ་རུ་རིན་པོ་ཆེས་གསང་སྔགས་སྟོན་དུས་སྤྱི་ཁྱབ་ལ། བོད་ཀྱི་བླ་མའི་སྐལ་བ༴ །ལྷ་སྐལ་ཇོ་བོ༴ །ཞེས་དང་། མཚན་མོ་བྱུང་རེས་པདྨ་ང་ཉིད་སྒོམཿ །རང་གི་དོན་དུ་བཛྲ་གུ་རུ་སྒྲོངསཿ །ཉིན་མོ་འཕགས་པ༴ །སེམས་ཅན་དོན་དུ་མ་ི་ཞེས་གསུངས་ཤིང་། གུ་རུས་བོད་སྤྱི་ཁྱབ་ལ་གདམས་པ་ཡ་གི་ཐམས་ཅད་སྲིན་ཡུལ་བཞུད་ཀ་གནང་བ་ཁོ་ན་རེད། སྲིན་ཡུལ་བཞུད་ཀའང་སྤྱི་ཁྱབ་ལ་ཡིག་དྲུག་གི་ཕན་ཡོན་གསུངས། གཏེར་ཆོས་རྒྱ་ཆེ་བ་སྒྲུབ་སྡེ་བརྒྱད་དང་། ཡན་ལག་ལས་ཚོགས་རབ་འབྱམས་སོགས་ཀྱི་གནད་བསྡུས་སྙིང་པོ་བླ་རྫོགས་ཐུགས་གསུམ་ཞེས་འབྱུང་ཞིང་། དེ་གསུམ་མ་ཚང་ན་གཏེར་ཆེན་མིན་ཞེས་གཏེར་ཆོས་ཀྱི་སྐབས་སུའང་སྲོག་གི་དབང་པོ་ལྟ་བུར་བསྔགས་པ་དང་། ཆོས་དབང་རིན་པོ་ཆེ་དང་རྗེ་ཐང་སྟོང་པ་རད་གླིང་སོགས་ཀྱིས་ཡིག་དྲུག་རྒྱ་ཆེར་སྤེལ་ཞིང་མ་ིའི་རིལ་སྒྲུབ་ཀྱི་རྒྱུན་བཙུགས་པ་དང་། ཇོ་བོ་རྗེ་ལྷ་ཅིག་གི་གསང་ཆོས་བཀའ་གདམས་སྙིང་པོའི་མན་ངག །བསྟན་པ་བསྟན་འཛིན་དང་བཅས་པའི་བློ་རྡོ་ལྟ་བུར་བསྔགས་པ་ཐིག་ལེ་བཅུ་དྲུག་ཀྱང་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རང་ཡིན་པ་དང་། མངའ་བདག་ཉང་དང་ཆོས་དབང་རིན་པོ་ཆེས་ལྷ་སར་མར་མེའི་མཆོད་རྒྱུན་བཙུགས་པ་དང་། རྗེ་བཙུན་ཙོང་ཁ་བས་མགོན་པོ་འཇམ་དབྱངས་ཀྱི་བཀའ་བཞིན་མཛད་ཆེན་བཞིའི་ཆེ་

TN03_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

(༣༠༩)ཤོས་སྨོན་ལམ་ཆེན་མོའང་སྲོང་བཙན་གྱི་དངུལ་དམ་རྟ་མགོ་མ་གཏེར་བཞེས་སོགས་དང་འབྲེལ་བར་ལྷ་སའི་ཞབས་ཏོག་ཏུ་མཛད་པ་སོགས་མཐའ་ཡས་པ་ཞིག་རྒྱུ་མཚན་དེའི་སྟེང་ནས་བཤད་པར་བྱའོ། །དེ་ལྟར་རང་དང་སྔོན་བསོད་ནམས་ཀྱི་ལས་འབྲེལ་ཆེ་བའི་ལྷ་དང་ཆོས་ཤིག་བསྒྲུབས་ནས་རླན་ཤས་ཆེ་སར་ཆུ་ཕོ་བ་དང་འདྲ་བར་སྔོན་དང་ད་ལྟའི་ལས་གཉིས་གཅིག་དཔུང་གཅིག་གིས་བྱས་ནས་འགྲུབ་ཐག་ཉེ། འོན་ཀྱང་ཀོ་སྐམ་སྙུང་བུས་ཕུག་པ་ལྟར་མིག་ཧུ་རེ་བའི་སྒྲུབ་འབྲས་དགོས་ན་ནི་དེ་གཉིས་ནང་འཛོམ་ཙམ་གྱིས་ཀྱང་མི་ཆོག་གི་ལྷ་སྔགས་གཅིག་པོ་དེར་རྩེ་གཅིག་ཏུ་ཕུར་ཚུགས་སུ་གཏད་ནས་བྱ་དགོས། གང་ཟག་སྒོས་བཙན་ལ་འཕགས་པ་དང་སྔོན་འབྲེལ་ཡོད་པས་མ་ི་བཏོན་ན་སྟོབས་ཆེ་བ་དང་། འཕགས་པ་ལ་བསྐྱེད་པའི་སྤྱི་མཐུན་གྱི་བསོད་ནམས་ཀྱི་དབང་གིས་ཡུལ་དུས་འདིར་བཙུགས་འགྲུབ་ཐག་ཉེ་བ་དོན་མི་གཅིག་པས་ཕྱི་མ་འདི་ཡང་གནད་དམ་པ་གཅིག་ཏུ་བཟུང་ངོ་། །ཆོས་ཡང་དག་པར་སྡུད་པ་སོགས་མདོ་སྡེ་དུ་མར་རྗེ་བཙུན་འདི་སོགས་བྱང་སེམས་ཀྱི་ཚོགས་ལ་ཆོས་ཀྱི་མཛོད་གཏད་དེ་ལྔ་བརྒྱ་པ་ཐ་མ་ལ་ཛམ་བུའི་གླིང་དུ་རྒྱས་པར་བྱོས་སོགས་དང་། དེའི་རྒྱུ་མཚན་བྱམས་པ་སེངྒེའི་སྒྲའི་མདོར་འཆིར་ཉེ་བ་དང་མི་ཚེ་རིང་ལ་ནོར་བཅོལ་བའི་དཔེས་བསྟན་ནས་གདུལ་བྱའི་ལྷག་མ་སྐྱོང་བར་བཀའ་

TN03_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༠)བསྒོས། རི་བོ་ཏ་ལའི་ལམ་ཡིག་སོགས་ལྟར་ད་དུང་གླིང་འདིར་བཞུགས་པ། སྟོན་པ་ལམ་གྲོགས་ཀྱི་འཕྲོས་ཟུར་བྲིས་སོགས་བསྒྲིགས་ན་སྤྱི་དཔོན་ཚངས་རྒྱལ་བ་པ་མི་མཇེད་བདག་པོ་འདྲ་བ་དེ་ལས་ཀྱང་སྒོས་དཔོན་མིའི་ཆོས་རྒྱལ་རྒྱལ་སྲས་འདྲ་བ་འདི་མཇལ་བདེ་འདྲིས་སླ་ཞུ་ལམ་བཙལ་སླ་བ་འདྲ། སྔར་བཤད་དེས་ན་རང་ལ་ཐུགས་རྗེ་ཆེན་པོའི་བུ་རྒྱུད་དང་། ཐུགས་རྗེ་ཆེན་པོ་ལ་ཕ་མེས་ཀྱི་འདུ་ཤེས་བསྐྱེད་དེ། སྙིང་ཉེ་ལྷན་ནེ། ཡིད་དུང་དུན་ནེ་བ་བྱ་སྟེ། སངས་རྒྱས་ཀྱི་ཐུགས་ལ་ཉེ་རིང་མེད། མཐའ་གཅིག་ཏུ་ཉེ་བ་རྐྱང་ཡིན་ཡང་། རང་གི་འདུ་ཤེས་འཇོག་ལུགས་ཀྱིས་ཉེ་རིང་ལྟར་འགྱུར་བས་འགྲུབ་ཐག་ཉེའོ། །གཞན་ཡང་། ལས་ལྔ་དག་གི་རྒྱལ་སྲས་རྣམས། །སེམས་ཅན་ཕ་དང་འདྲ་བ་ཞེས་པའང་དྲན་པར་བྱའོ། །ལྔ་པོའི་ནང་དེར། སངས་རྒྱས་ལ་ནི་གསོལ་བ་དང་། །ཞེས་ཡོད་པ་ཐལ་མོ་སྦྱར་བའི་ཕྱག་གི་གོ་དོན་དང་མཐུན། འདི་དང་བགྲང་ནོར་གྱིས་སངས་རྒྱས་ཐམས་ཅད་ཀྱིས་མགོ་ལ་ཕྱག་གིས་དབང་བསྐུར་བར་གསུངས་པ་ཟ་མ་ཏོག་གི་མདོར་ཡིག་དྲུག་ཟློ་བའི་ཕྱོགས་དེར་སངས་རྒྱས་མང་དུ་འདུ་བར་གསུངས་པ་བཞིན་ཏེ། དམ་ཆོས་པད་དཀར་གྱི་གངྒ་རེ་གཉིས་ཀྱི་བྱེ་སྙེད་ཀྱི་རྒྱལ་བ་མཆོད་པ་སོགས་ལས་འཕགས་པ་འདིའི་མཚན་བརྗོད་པ་ལྷག་པར་བསྔགས་པ་དང་། རྟོག་གེ་འབར་བར་ཕར་གྱུར་པའི་ཕྱིར་དང་སོགས་

TN03_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༡)ཀྱང་འདིར་མཁོ། རྟ་མགྲིན་རྟ་སྐད་ཀྱིས་མཁའ་འགྲོ་དམ་ཅན་སྡུད་པའི་དོད་དུ། འདིའི་ཤེལ་ཕྲེང་སོགས་ལ་དམིགས་ནས་མ་ི་བཟླས་པས་དེའི་མདོ་ཁོ་ནར་གངྒའི་བྱེ་སྙེད་ཀྱི་དེ་བཞིན་གཤེགས་པའི་ཐུགས་རྗེ་་འཁུལ་ཏེ། དེ་རྣམས་ཀྱིས་ལྷག་པར་དགོངས་ཤིང་བྱིན་གྱིས་རློབས་པ་ཉིད་ཡིན་ཏེ། དེ་ལྟར་དགོངས་ཤིང་བརླབས་པས་རྨི་ལམ་དུ་ཡང་རྒྱལ་བ་སྲས་བཅས་མཐོང་ཞིང་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ཀྱིས་མི་བརྫི་བ་དང་། ཕྱིན་ཅི་ལོག་གི་བློ་སྣ་སོགས་དང་འཇིགས་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བའི་ཕྱོགས་ཐམས་ཅད་ངང་གིས་འགྲིབ་ཅིང་། དཀར་པོའི་ཆོས་དང་བདེ་སྐྱིད་ལེགས་ཚོགས་ཐམས་ཅད་སྟོབས་འཕེལ་ནས་གོང་འཕེལ་དུ་འགྲོ། སྒྲུབ་པ་པོས་ཇི་ལྟར་དོན་དུ་གཉེར་བ་དེ་ལྟར་གཟུངས་སྤོབས། ཏིང་འཛིན་མངོན་ཤེས་སྙིང་རྗེ། ཚིག་བཙན་པའི་ངག་གི་དབང་ཕྱུག །ཚེ་སྟོབས་ནད་མེད་བདེ་བ་ལང་ཚོ་དབང་ཕྱུག་གཟི་བརྗིད་གནས་ལུས་འཁོར་དང་ལོངས་སྤྱོད་རྩོམ་པ་ཕུན་ཚོགས་སོགས་ནས་མཁའ་སྤྱོད་དང་མི་སྣང་བ་སོགས་སྒྲུབ་པ་པོའི་ནུས་པ་ཇི་ལྟ་བ་བཞིན་སྩོལ་བར་མཛད། དེས་ན་མཐའ་ཡས་པའི་རྒྱལ་བ་རྣམས་ནི་དཔག་བསམ་གྱི་ནགས་ཚལ། དེ་རྣམས་ཀྱི་བྱིན་རླབས་དངོས་གྲུབ་ནི་ཡོངས་འདུའི་མེ་ཏོག །ཡིག་དྲུག་བཟླས་སྒོམ་ནི་ལྷའི་རླུང་། དེས་དེ་རྣམས་བསྐུལ་བས་

TN03_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༢)གང་འདོད་བཞིན་འཐོབ་པ་ནི་ཤིང་ལས་མེ་ཏོག་ཕྲུལ་བ་ལྟ་བུར་གོ །དེས་ན་འཁྲུལ་འཁོར་གྱི་གནད་གཅིག་ནས་བསྐུལ་བས་འཁྲུལ་འཁོར་བརྒྱ་སྟོང་མང་པོ་གཡོ་འགུལ་བྱས་ཡོད་པའི་འཕྲུལ་ཐབས། སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་གནད་ཆེ་ཤོས་ཀྱི་གཟེར་བུ་གཅིག་བསྐུལ་བས་རྒྱལ་བ་ཐམས་ཅད་བསྐུལ་ཡོང་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་གནད་གཟེར་ནི་འཕགས་པའི་ལྷ་སྔགས་དེའི་ནང་ནས་ཀྱང་ཡི་གེ་དྲུག་པ། །དེས་བསྐུལ་ཙ་ན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་འཁུལ། དེ་འཁུལ་བ་ཉིད་དེ་རྣམས་ཀྱི་སྟོབས་དང་མི་འཇིགས་མ་འདྲེས་དབང་བཅུ་སོ་རིག་བཞི་སོགས་འབྲས་ཆོས་ཐམས་ཅད་འཁུལ་བ་སྟེ། འབྲས་ཆོས་དེ་ཐམས་ཅད་ཀྱི་གནད་སྲོག་སྐྱེ་ལ་ཐུགས་རྗེ་ཆེན་པོ་ཡིན་པས་སམ། འབྲས་ཆོས་དེ་ཐམས་ཅད་སྙིང་རྗེ་ཆེན་པོས་གཞན་དོན་ཁོ་ནར་བསྒྲུབ་པ་ཡིན་པའི་ཕྱིར་རོ། །སངས་རྒྱས་བསྐུལ་ནས་ཞུ་རྒྱུའི་དངོས་གྲུབ་ཀྱི་གཙོ་བོ་ནི་བྱང་ཆུབ་སེམས་གཉིས་ཀྱི་དངོས་གྲུབ་སྟེ། མི་གོས་པ་དང་། འཇིག་རྟེན་ལ་དབང་བསྒྱུར་བ་གཉིས་ཚོགས་ཀྱི་འགྲོ་བ་འདུལ་བའི་ཡེ་ཤེས་ཞེས་པ་དེའོ། །དངོས་སུ་བསྒྲུབ་བྱ་གཞན་ལ་བྱེད་ན་ནི། འདི་ལ་དགྲའམ་མི་མིན་ནམ་འབྱུང་བའི་གནོད་པ་འདི་ལྟ་བུས་གཙེས་སམ་གཙེར་དོགས་པས་མི་འཇིགས་པ་སྩོལ་ཅིག་ཅེའམ། རྒྱལ་སྲིད་སྩོལ་ཅིག་ཅེས་

TN03_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༣)པ་ལྟ་བུ་སྟེ། འདི་མ་ི་ལ་ནུས་པ་ཅུང་ཟད་རྙེད་པ་ཡན་ཆད་ཀྱིས་བྱའོ། ༈ །མ་ི་རྟག་ཏུ་འཛིན་ཅིང་རྗེས་སུ་དྲན་པར་བྱེད་པ་རྣམས་འཁོར་བའི་སྡུག་བསྔལ་མཐའ་ཡས་པ་ལས་ཐར་བར་འགྱུར། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཚེ་རབས་དྲན་པར་འགྱུར། ལུས་བ་ལང་གི་སྤོས་ཀྱི་ཙན་དན་སྣོམ་པར་འགྱུར། ཁ་ནས་ཨུད་པ་ལའི་དྲི་འབྱུང་། ལུས་ཡོངས་སུ་རྫོགས་པར་འགྱུར། སྟོབས་པོ་ཆེའི་སྟོབས་ཀྱི་ཤུགས་དང་ལྡན་པར་འགྱུར་རོ། །ཞེས་དང་། མ་ིའི་ཡིག་འབྲུ་གཅིག་འདྲིར་བཅུག་ཀྱང་རིགས་ངན་དུ་མི་སྐྱེ། དབང་པོ་ཉམས་པར་མི་འགྱུར། ཐེང་པོ་དང་སྒུར་པོ་དང་མཛེ་ཅན་སོགས་སུ་མི་འགྱུར། ལུས་ལ་ནད་ཀྱིས་འདེབས་པར་མི་འགྱུར་ཏེ། ནད་མེད་པ་དང་། མཐུ་ཆེ་བ་དང་། དབང་པོ་གསལ་བར་འགྱུར་ཞེས་གསུངས་ཤིང་། ཡིག་དྲུག་འདྲིར་འཇུག་པ་དེ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འདྲི་བཅུག་པར་འགྱུར་ཞིང་། གླིང་བཞི་ལ་དབང་བའི་འཁོར་སྒྱུར་དུ་འགྱུར་བར་གསུངས་ཏེ་རྡོ་འབུམ་བཞེངས་པ་སོགས་ལ་སྦྱོར། ཕྱི་རོལ་རྡོ་དང་གྲོ་ཤོག་སོགས་ལ་འདྲི་བ་དང་། ནང་བསྒོམ་པས་འདྲི་བ་གཉིས་ཀྱི་ཕྱི་མ་ལའང་སྦྱོར་རུང་ངམ་སྟེ། ཡིད་གཙོ་བོ་ཡིན་པའི་ཕྱིར་ཏེ་འཕགས་པ་ཉིད་ཀྱིས་སངས་རྒྱས་པདྨའི་མཆོག་ལ་རིག་སྔགས་ཕུལ་ཐང་། དཀྱིལ་འཁོར་ཚོན་གྱིས་འདྲི་བ་མ་འབྱོར་ན་ཡིད་ཀྱིས་འབྲི་བ་དེའི་དོད་དུ་

TN03_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༤)གསུང་བ་བཞིན་ནོ། །ཡང་། ཡིག་དྲུག་རྟག་ཏུ་འཛིན་ཅིང་ཟློས་པ་ལ་བརྩོན་པ་རྣམས་ནི་བསོད་ནམས་ཆེན་པོ་དང་ལྡན་པ་སྟེ། དེ་དག་གིས་ཟློས་པར་བྱེད་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་འདུ་བར་འགྱུར། བྱང་སེམས་རྡུལ་ཕྲ་རབ་སྙེད་འདུ་བར་འགྱུར། ཕར་ཕྱིན་དྲུག་སྒོ་ན་གནས་པར་འགྱུར། །གཞན་ཡང་ལྷའི་སྡེ་སུམ་ཅུ་རྩ་གཉིས་ཀྱི་ལྷའི་བུ་དག་འདུ་བར་འགྱུར། རྒྱལ་པོ་ཆེན་པོ་བཞི་ཡང་ཕྱོགས་བཞི་སྲུང་བར་འགྱུར། །ཀླུའི་རྒྱལ་པོ་རྒྱ་མཚོ་དང་། མ་དྲོས་པ་དང་། འཇོག་བོ་སོགས་ཀླུ་བྱེ་བ་ཁྲག་འབུམ་དུ་མས་ཡོངས་སུ་སྲུང་བར་བྱེད། །ས་བླའི་གནོད་སྦྱིན་དག་ནི་བླ་གབ་མེད་པར་སྲུང་བར་བྱེད། རིགས་ཀྱི་བུ་དེའི་བ་སྤུའི་ཁུད་བུ་རེ་རེར་ཡང་སངས་རྒྱས་བྱེ་བ་དག་བཞུགས་ནས་རུས་ཀྱི་རིགས་བདུན་བརྒྱུད་དང་། ལྟོ་ན་གནས་པའི་སྲོག་ཆགས་རྣམས་ཀྱང་དབུགས་འབྱིན་པར་མཛད། འདི་འཆང་བ་དེའི་ལུས་ནི་རྡོ་རྗེའི་ལུས་དང་། རིང་བསྲེལ་གྱི་མཆོད་རྟེན་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་བྱེ་བར་རིག་པར་བྱའོ། །འདི་ཟློས་པ་དེ་ནི་སྤོབས་པ་མི་ཟད་པར་འགྱུར། ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པར་འགྱུར། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པར་འགྱུར། དེ་ཉི་མ་རེ་རེ་ཞིང་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པར་འགྱུར། དེ་རིག་འཛིན་གྱི་འཁོར་ལོས་སྒྱུར་བའི་དབང་ཐོབ་པར་འགྱུར། ལ་ལ་ཞིག་

TN03_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༥)ལ་དེའི་དབུགས་ཀྱིས་རེག་གམ་ལག་པས་རེག་གམ་ལ་ལ་ཞིག་གིས་དེ་མཐོང་བར་གྱུར་ན་སྐྱེས་པ་བུད་མེད་ཁྱེའུ་བུ་མོ་བྱ་དང་རི་དྭགས་བ་ལང་དང་བོང་བུ་སོགས་གང་སུ་ཡང་རུང་སྟེ་ཐམས་ཅད་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་འགྱུར། སྐྱེ་རྒ་ན་འཆི་དང་མཛའ་བ་དང་བྲལ་བའི་སྡུག་བསྔལ་མེད་པར་འགྱུར། རྣལ་འབྱོར་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར། བསམ་གཏན་དཔག་ཏུ་མ་མཆིས་པ་ཟིལ་གྱིས་གནོན་པར་བགྱིད། ཆོས་ཀྱི་མཛོད་ཡོངས་སུ་གང་བར་བགྱིད་དོ། །ཞེས་གསུངས། དེ་བཞིན་གཤེགས་པ་རྡུལ་ཕྲ་རབ་སྙེད་ཀྱི་སྐུ་གཟུགས་ལྷའི་གསེར་རིན་པོ་ཆེ་ལས་བྱེད་ཅིང་བྱས་ནས་ཉིན་གཅིག་བཞིན་དུ་རིང་བསྲེལ་འཇུག་པ་དེའི་འབྲས་བུ་རྣམ་པར་སྨིན་པ་ནི་ཡི་གེ་དྲུག་པའི་ཡིག་འབྲུ་གཅིག་གི་འབྲས་བུའི་ཡིག་དྲུག་གཅིག་གི་འབྲས་བུ་ཞེས་པ་འདི་ཡིག་འབྲུ་གཅིག་བྲིས་པའི་འབྲས་བུ་སྟེ། དེའི་གོང་ན་དངོས་བསྟན་སྒྲས་ཟིན་ཡོད་དོ། །རྣམ་པར་སྨིན་པ་ཙམ་མོ། །ཞེས་སོ། །ཡུལ་ཁོར་མོར་འཇིག་གི་ཆོས་སྨྲ་མ་ི་བ་བའི་ལོ་རྒྱུས་ཀྱི་ཐད་ན། ལྷ་དང་ཀླུ་དང་གནོད་སྦྱིན་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་དག་ཁྱོད་ལས་ཆོས་ཉན་ཏེ། ཁྱོད་ལ་ཆོས་ཉན་པའི་ཚེ་ཐམས་ཅད་འདུ་བར་བགྱིད་དོ། ཁྱོད་ནི་རྡོ་རྗེ་ཆེན་པོ་དང་མཉམ་པའི་ཆོས་ཀྱི་རྣམ་གྲངས་འཆད་པར་མཛད་དོ། །སེམས་ཅན་འཁོར་

TN03_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༦)བའི་བཅིང་བས་བཅིང་བ་མང་པོ་ཐར་བར་མཛད་དོ། །ཞེས་གསུངས་ཏེ་རྡོ་རྗེ་དང་མཉམ་ལུགས་ནི་འོག་ཏུ་འཆིང་བ་གཅོད་པར་གསུངས་པ་འདི་ཡིན་པ་འདྲ་སྟེ། རྡོ་རྗེ་ལྕགས་སྒྲོག་གཅོག་པ་ཡིན་ནོ། །ཡང་། དཔེར་ན་མེས་ནགས་ཀྱི་འདབ་མ་མྱུར་དུ་འཚིག་པར་བགྱིད་པ་དེ་བཞིན་དུ་ཁྱོད་མཐོང་མ་ཐག་ཏུ་སྡིག་པ་ཐམས་ཅད་འཕྲོག་པར་མཛད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱང་མཁྱེན་ཏོ། །གཞན་ཡང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་། ཚངས་པ་དང་། འཇུག་སྲེད་དང་། དབང་ཕྱུག་ཆེན་པོ་དང་། ཉི་མ་དང་། ཟླ་བ་དང་། རླུང་གི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དག་ཁྱོད་ལ་མཆོད་པའི་ལས་བྱ་བའི་ཕྱིར་མཆིའོ། །ཞེས་སོ། །ཡང་། ངེས་པར་འབྱུང་བ་ཚོལ་བ་ཁ་ཅིག་དབང་ཕྱུག་ཆེན་པོ་དང་། འཇུག་སྲེད་སོགས་ལ་རབ་ཏུ་འབྱུང་སྟེ། དེ་དག་ལ་ཡང་ཐར་པ་མེད། མགོན་ཡང་མ་ཡིན། བརྟུལ་ཞུགས་ཅན་ཡང་མ་ཡིན་ནོ། །ལྷ་མང་པོ་དང་། ཚངས་པ་དང་། འཇུག་སྲེད་དང་། དབང་ཕྱུག་ཆེན་པོ་དང་། བརྒྱ་བྱིན་ལྷའི་དབང་པོ་དང་། ཉི་མ་དང་། ཟླ་བ་དང་། རླུང་གི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དང་། གཤིན་རྗེ་ཆོས་རྒྱལ་གྱིས་ཕྱག་བྱས་ཚུལ་ཟ་མ་ཏོག་དང་འགྲེལ་ཆེན་དྲི་མེད་འོད་ལས་སོ། །དབང་ཕྱུག་དང་གཽ་རི་ལུང་བསྟན་པ། ལྷ་མོ་

TN03_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༧)དཔལ་གྱིས་གླིང་བཞིའི་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་ཀྱི་ཕྱིར་བྲེ་བོ་ལོ་ཏོག་གིས་གང་བ་ཕུལ་བ། ཚོགས་བདག་གླང་པོ་གདོང་གི་ལོ་རྒྱུས༴ །རྒྱལ་པོ་ཆེན་པོ་བཞི་དག་རྟག་ཏུ་ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་སློང་ངོ་། །ཞེས་དང་། འདི་ལ་ཅུང་ཟད་བཟླས་པས་ཀྱང་ཐེག་པ་ཆེན་པོའི་རྣམ་པ་མང་པོ་མདོ་དང་། དབྱངས་ཀྱིས་བསྙད་པ་ནས་གཏན་ལ་ཕབ་པར་བསྟན་པའི་བར་བཅུ་གཉིས་དང་། ཞི་བ་དང་། ཐར་པ་ཡང་ཐོབ་པར་འགྱུར་རོ། །མང་དུ་བཤད་ཅི་དགོས་ཏེ། སའི་ནང་དུ་གཏོགས་པ་ལ་སྙིང་པོར་འཛིན་པ་ཅི་ཡིན་ཞེ་ན། འབྲས་ནི་སྙིང་པོར་འཛིན་ཏེ་ཁྱེར་ནས་བདག་གི་ཁྱིམ་དུ་སྣོད་རྣམས་ཡོངས་སུ་བཀང་སྟེ་འཇོག་གོ །བཞག་ནས་ཉི་མའི་ཚུལ་བཞིན་དུ་ཉི་མ་ཚ་བ་ལ་སྐེམས་སོ། །བསྐམས་ནས་གཏུན་ལ་བརྡུངས་ཤིང་ཕུབ་མ་རྣམས་སེལ་ཏོ། དེའི་སྙིང་པོ་ནི་འབྲས་རྨེའུ་ཡིན་ཏེ། དེ་བཞིན་དུ་རྣལ་འབྱོར་གཞན་དག་ཕུབ་མ་དང་འདྲའོ། རྣལ་འབྱོར་ཐམས་ཅད་ཀྱི་ནང་ན་ཡིག་དྲུག་གི་རིག་སྔགས་འདི་ནི་འབྲས་རྨེའུར་གྱུར་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཕྱིར་ཚོགས་འབྱིན་ཏེ་བཟླས་པ་གཅིག་བྱས་པས་ཕྱིན་དྲུག་ཡོངས་སུ་རྡོགས་པར་འགྱུར་རོ། །ལ་ལ་ཞིག་གིས་ལག་པས་རེག་ན་དེ་དག་ཀྱང་ཕྱིར་མི་ལྡོག་པའི་ས་འཐོབ་བོ། །འདིའི་མོང་ལན་གཅིག་བཟུང་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་ན་

TN03_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༨)བཟའ་དང་བཤེས་དང་མལ་སྟན་དང་སྙུན་གྱི་གསོས་སྨན་དང་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟིར་བྱས་པར་འགྱུར་རོ། །ཞེས་སོ། །འདི་འདྲའི་རྟགས་ལྡན་དེ་ཡིག་དྲུག་ཕྱིན་དྲུག་དང་སྦྱོར་བའི་ཁུངས་སུ་འགྲོའམ་དཔྱོད། འཇམ་དཔལ་རྩ་རྒྱུད་ལས་འཇིག་རྟེན་དབང་པོའི་སྐུའི་ཏིང་ངེ་འཛིན་ལས་སྒྲོལ་མ་དང་གོས་དཀར་མོ་སོགས་བྱུང་གསུངས་ཤིང་། རྣམ་སྣང་མངོན་བྱང་འགྲེལ་པར་ཁྲོ་གཉེར་གྱི་རྒྱུད་ལས་ཁྲོ་གཉེར་ཅན་བྱུང་གསུངས་ལ། ཟ་མ་ཏོག་ལས་བ་སྤུ་རེ་རེར་ཡང་ཏིང་ངེ་འཛིན་མང་པོ་ཡིད་པར་གསུངས་ཏ། བ་སྤུ་རེ་རེ་སྒྲུབ་བྱེད་ཀྱི་ཏིང་ངེ་འཛིན་གྱི་སྟེང་གི་འགྲོ་འདུལ་གྱི་ཕྲིན་ལས་ཀྱང་མཐར་ཐུག་པ་མེད་དོ། །དེའང་ཀ་ན་ཀ་དང་། ཉི་མའི་འོད་དང་། བདུད་རྩི་དང་། རྡོ་རྗེའི་སྒོ་དང་། ཀྲིཥྞ་དང་། སྨན་ཆེན་པོ་སོགས་བ་སྤུའི་ཁུང་བུ་རྣམས་ན། ཨིནྜ་ནཱི་ལ་ལ་སོགས་པ་རིན་པོ་ཆེའི་རང་བཞིན་གྱི་རི་བོ་ཤིན་ཏུ་རྒྱ་ཆེ་ཞིང་ལྷུན་མཐོ་བརྩེ་མོ་སྣ་ཚོགས་ཅན། ངོས་རྣམས་ལྷའི་ནོར་བུ་རིན་པོ་ཆེའི་སྐྱེད་མོའི་ཚལ་གྱིས་བརྒྱན་པ། སིལ་སྙན་གྱི་སྒྲས་ཁྱབ་པ་དང་། ལྷའི་གཞལ་མེད་ཁང་ཤིན་ཏུ་བཟང་ཞིང་ལྟ་ན་སྡུག་ལ་རྣམ་པ་སྣ་ཚོགས་པ། ལྷའི་རིན་པོ་ཆེའི་འོད་ཀྱིས་སྣང་བར་བྱས་པ། ནོར་བུ་དང་། མུ་ཏིག་གི་ཆུན་འཕྱང་དང་སེ་མོ་དང་། དར་གྱི་ལྡ་ལྡི་དང་། གསེར་གྱི་དྲིལ་བུའི་དྲྭ་བས་བརྒྱན་པ། གསེར་གྱི་ཐེམ་སྐས་ཅན་མཆོག་ཏུ་དགའ་བར་བྱེད་པ་མང་

TN03_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

(༣༡༩)།པོ་དང་། འཆག་ས་དང་སྐྱེད་མོའི་ཚལ་རྣམས་ན་དཔག་བསམ་གྱི་ཤིང་ཁང་པ་བརྩེགས་པ་ལྟ་བུ་ལ་ལྷའི་གོས་དང་རྒྱན་དང་དྲིལ་བུ་འཕྱང་བའི་ནགས་ཚལ་དང་། སྤོས་ཀྱི་ཤིང་གྲངས་མེད་པས་དཀྲིགས་ཤིང་། ལ་ལ་ཆུ་ཡན་ལག་བརྒྱད་དང་ལྡན་པས་གང་། ལ་ལ་ཆུ་དང་མེ་ཏོག་གིས་གང་བའི་རྫིང་བུ་འབུམ་ཕྲག་མང་པོས་མཛེས་པ། དེ་དག་གི་མེ་ཏོག་ཀྱང་ཨུཏྤལ་དང་པདྨ་དང་ཀུ་མུ་ཏ་དང་། པུནྜ་རི་ཀ་དང་། མནྡྷ་ར་བ་ཆེན་པོ་སོགས་སྣ་ཚོགས་པ། རིན་པོ་ཆེ་ཤ་རི་ད་ཀ་ཞེས་བྱ་བ་དང་མེ་ཏོག་པདྨ་ལྟར་སྣང་བ་ཞེས་བྱ་བ་སོགས་བསམ་དགུ་འབྱུང་བའི་ནོར་བུ་རིན་པོ་ཆེའི་ཁྱད་པར་ཡོད་པ། དྲང་སྲོང་མངོན་ཤེས་ཐོབ་པ་དང་། ལྷ་དང་དྲི་ཟ་དང་མི་འམ་ཅི་དང་དྲི་ཟའི་བུ་མོ་དམ་པའི་ཆོས་ཀྱི་དགའ་བའི་ཟས་ཅན་གྲངས་མེད་པ་དང་། རྗེ་བཙུན་གྱི་རྗེས་སུ་སློབ་པའི་བྱང་སེམས་ཕྱིར་མི་ལྡོག་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་ལ་ལ་ནི་བསམ་གཏན་བྱེད། ལ་ལ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་གཏམ་བྱེད་ཅིང་གནས་པ། བྱ་དང་རི་དྭགས་རྣམས་ཀྱང་མདོ་སྡེ་ཟ་མ་ཏོག་རྗེས་སུ་དྲན་པར་བྱེད་པ། རྗེ་བཙུན་གྱི་མཚན་དྲན་པ་ཙམ་གྱིས་ལྷའི་ཟས་རོ་མཆོག་དང་ལྡན་པ་དང་ལྷའི་གོས་སོགས་ལྷ་རྫས་ཀྱི་ལོངས་སྤྱོད་འབྱུང་བ་སྟེ། རྗེ་བཙུན་སྤྱན་རས་གཟིགས་ཡི་གེ་དྲུག་པའི་རིག་སྔགས་ཀྱི་མིང་གིས་རྗེས་སུ་དྲན་ན་

TN03_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༠)བ་སྤུའི་ཁུང་བུ་དེ་དག་ཏུ་སྐྱེའོ། །སླར་འཁོར་བར་མི་འཁོར་རོ། །བ་སྤུའི་ཁུང་བུ་ནས་བ་སྤུའི་ཁུང་བུར་འགྲོ་སྟེ། མྱ་ངན་ལས་འདས་པ་ཐོབ་ཀྱི་བར་དུ་དེ་དག་ན་གནས་པར་འགྱུར་བར་གསུངས་སོ། །སྤྱན་རས་གཟིགས་ཀྱི་སྤྱོད་ཡུལ་འདིའི་སྤྱོད་ཡུལ་ཞེས་པ་ནི་མངོན་སུམ་གྱི་སྤྱོད་ཡུལ་ལྟ་བུ་ལ་མི་ཟེར་གྱི། སྤྱོད་ཡུལ་གྱི་གྲོང་ཞེས་པ་ལྟར་ཤས་ཆེར་མང་དུ་གནས་པའི་སྤྱོད་ཡུལ་ལོ། །འདྲ་བ་སངས་རྒྱས་རྣམས་ལའང་མེད་གསུང་པའི་དགོངས་པ་བརྟགས་ན། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་ལྟར་སངས་རྒྱས་ཀྱི་ལམ་འབྲས་མཐའ་དག་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཕྲ་རགས་ཐམས་ཅད་བསལ་ཆེད་ཁོ་ནར་བྱུང་བས་སྙིང་རྗེའི་རྩ་བ་ལས་འཕྲོས་པ་ཤ་སྟག་ཡིན་ལ། སེམས་ཅན་གྱི་ནང་ནས་ཀྱང་སེམས་ཀྱི་རྒྱུད་ཚིག་ཅིང་ཉེས་སྤྱོད་རྒྱུ་འབྲས་ཀྱི་སྟོབས་བདོ་བ་རྣམས་ཕྱག་མཚན་གཙོ་བོར་བཞེས་ནས་སྒྲོལ་བའི་ཁུར་བསྣམ་པ་ནི་སངས་རྒྱས་ཀྱི་ནང་ནའང་ལྷང་ངེར་འཕགས་པ་ཡིན་ཏེ། བྱ་དཀའ་བ་ལྷག་པར་མཛད་པའི་ཕྱིར་ཏེ། ཤཱཀྱའི་རྒྱལ་པོ་པད་དཀར་ལྟ་བུར་བསྔགས་པའི་རྒྱུ་མཚན་གྱིས་ཤེས་སོ། །འཕགས་པ་འདི་ས་དང་པོ་ཐུགས་བསྐྱེད་དུས་ནས་རང་དོན་ཡིད་བྱེད་ཀྱི་དྲི་མས་མ་སྦགས་པའི་སྙིང་རྗེ་ཆེན་པོ་དང་། དེའི་ནང་ནས་ཀྱང་དམིགས་མེད་ཀྱི་བརྩེ་ཆེན་རབ་མཐའི་བསམ་གཏན་ལ་བརྟེན་པའི་རྣལ་འབྱོར་ཉིད་རྩལ་འདོན་གྱིས་ལྷུར་མཛད་ཚུལ་དང་། དེའི་སྟེང་ནས་

TN03_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༡)མ་དག་པའི་ཞིང་གི་འགྲོ་བ་ལས་ཀྱང་ནས་བཀྲབ་སྙིགས་ཀྱི་བྲ་ཡིག་ཕྱག་དར་དུ་བོར་བ་ལྟར་ཅིར་མི་རུང་གི་སེམས་ཅན་ལས་ངན་འཇིགས་པ་དང་སྡུག་བསྔལ་གང་ཆེ་ཆེ་ཐུ་ཐུ་རྣམས་གཙོ་བོར་དང་ལྷག་པར་རྗེས་སུ་འཛིན་པའི་ཐུགས་བསྐྱེད་སྨོན་ལམ་གྱི་ཤུགས་སྦྱང་ཚུལ་དང་དེ་ཐུགས་དམ་གྱི་གཙོ་བོར་བཞེས་པ་འདྲ་བ་བྱང་སེམས་གཞན་ལ་དཀའ་བར་མ་ཟད། དེ་བཞིན་གཤེགས་པ་ལས་ཀྱང་ལྷག་ཚུལ་ཤཱཀྱའི་དབང་པོ་བསྔགས་པའི་ཚུལ་དེས་ཤེས་པས། གང་དང་ཡང་མི་མཉམ་པར་བསྔགས་པ་སྟེ། འདི་འདྲ་མི་འཁྲུགས་པའི་སྤྱོད་པ་འདྲ་བས་སངས་རྒྱས་སྟོང་དང་རིན་ཆེན་ཏོག་སོགས་ལ་མེད་པར་གསུངས་པ་ལྟ་བུ་གཞན་ཡང་སྣང་ངོ་། །ད་དུང་བཤད་ན། མནར་མེད་སོགས་སྡུག་བསྔལ་གང་ཆེ་གདུལ་གང་དཀའ། སྐལ་བ་གང་ངན་གྱི་འགྲོ་བ་རྣམས་ལ་ལྷག་པར་བརྩེ་བས་རང་ཉིད་སྙིང་རྗེ་ཆེན་པོའི་རིག་སྔགས་ཀྱི་ལྷར་ཞལ་གྱིས་བཞེས་ཏེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་སྐྱོབ་པའི་སྙིང་རྗེ་དང་སྙིང་རྗེའི་སྤྱོད་པ་མཐའ་དག་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མཐུ་བསམ་གྱིས་མི་ཁྱབ་པའི་རིག་སྔགས་ཀྱི་ཡི་གེར་བྱིན་གྱིས་བརླབས་ཏེ། དེའི་སྒོ་ནས་སྨོས་མ་ཐག་པའི་སེམས་ཅན་ལས་ངན་རྣམས་ཀྱི་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་མིག་འཕྲུལ་བཤིགས་པ་ཙམ་དུ་མྱུར་ལ་ཚེགས་ཆུང་ངུས་ཞི་བར་མཛད་

TN03_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༢)ཅིང་། བདེ་བ་ཅན་དང་གྲུ་འཛིན་ལ་སོགས་པར་བཙན་ཐབས་སུ་འདྲེན། དེའི་ཆེད་དུ་བྱིས་པ་གཞོན་ནུ་ནི་རྟག་ཏུ་སྤྱོད་པའི་གནས་རྩེ་མོ་བྱེད་པའི་ནང་ཁོ་ན་ཡིན་པ་ལྟར་ཤས་ཆེར་མང་དུ་བཞུགས་པའི་གནས་ངན་སོང་སོགས་གང་དང་གང་ན་སེམས་ཅན་ཕོངས་ཤིང་སྡུག་བསྔལ་བ་གནས་པ་རྣམས་ལ་མཛད་པ་དང་། ཚུལ་དེས་སྐད་ཅིག་རེར་ཡང་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་ཁམས་རྣམས་སུ་ཆུའི་ཟླ་བ་པད་དཀར་དུ། ཐབས་དང་ཡེ་ཤེས་ཡངས་པ་བསླབ་པས་ན། །ཕྱོགས་བཅུའི་འགྲོ་བ་མང་པོ་ཐམས་ཅད་དང་། །མ་ལུས་ཞིང་ཀུན་ཏུ་ཡང་རབ་ཏུ་སྣང་། །ཞེས་སོགས་ལྟར་བཞུགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལྟར་དང་། འཇིག་རྟེན་གྱི་ཁམས་རེ་རེའི་རྡུལ་ཕྲ་རབ་རེ་རེར་ཡང་མཐའ་དང་དབུས་མེད་པའི་འཇིག་རྟེན་དང་དེ་རེ་རེར་ཡང་སྤྲུལ་པའི་སྤྲིན་ཚད་མེད་པ་སོགས་དེ་དག་བྱང་སེམས་གཞན་ལས་ཀྱང་ཤས་ཆེར་མང་དུ་གནས་པས་འཕགས་ལ་མཆོག་ཟུང་ལྟ་བུ། སྔོན་གྱི་རྗེས་སུ་འབྲང་བའི་དབང་གིས་དེ་བཞིན་གཤེགས་པ་ལས་ཀྱང་ལྷག་ཚུལ་སྔ་མ་བཞིན་ནོ། །དེའི་སྟེང་ནས་དཔྱད་ན། མ་ི་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་པོ་དམ་པ་ཡིན་པས་སུས་ཀྱང་མི་ཤེས། དེ་བཞིན་གཤེགས་པས་ཀྱང་མི་མཁྱེན་ཞེས་བསྐའ་སྩལ་བའི་དགོངས་པའང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་རྟོགས་རིགས་ཀྱི་དབང་དུ་བཏང་ན་ཤེས་རབ་ལས་ཀྱང་སྙིང་རྗེ་ཆེན་པོ་གཙོ་སྟེ། བླ་མེད་

TN03_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༣)བྱང་ཆུབ་ལས་ཕྱིར་མི་ལྡོག་གི་རྟགས་ཐོབ་མཚམས་ཡང་རང་དོན་ཡིད་བྱེད་ཀྱི་གོ་སྐབས་བཅོམ་པའི་གཞན་ཕན་གྱི་སེམས་རང་གི་ཐོག་ནས་བཞག་འདུག་པ། བླ་མེད་བྱང་ཆུབ་བྱ་བ་དེ། སློབ་དཔོན་སེང་བཟང་ཞབས་ཀྱིས། སྡུད་པའི། བདག་གི་བདེ་བ་བཏང་ནས་རེ་བ་མེད་སེམས་ཀྱིས། །ཞེས་པ་ལ་སྦྱར་བ་ལྟར་ཡིན་པས་སོ། །དེས་ན་སྙིང་རྗེ་ཆེན་པོ་ཇི་ལྟ་ཇི་ལྟར་ཕུལ་བྱུང་དང་ཁྱད་པར་ཅན་དུ་སྐྱེས་པ་དེ་ལྟ་དེ་ལྟར་དེའི་རྟེན་ཅན་གྱི་སྤྱོད་པ་མཐའ་དག་ཕུལ་བྱུང་དང་ཁྱད་པར་ཅན་དུ་སྐྱེ་བ་ཆོས་ཉིད་ཡིན་པས་གོང་ལྟར་རྗེ་བཙུན་གྱིས་སྙིང་རྗེ་ལ་སྒྲུབ་པ་ཉམས་ལེན་ནམ་སྒོམ་པའི་སྦྱོར་བ་བསྟེན་པ་འདྲ་བ་རྒྱལ་སྲས་གཞན་ལ་མེད་བྱས་དུས། དེའི་བྱང་ཆུབ་ཀྱི་སྤྱོད་པ་ཅི་ཙམ་རླབས་ཆེ་བ་དེ་ཙམ་དུ་རླབས་ཆེ་བའི་སྤྱོད་པ་རྒྱལ་སྲས་གཞན་ལ་མེད་ཅེས་པར་ཡང་འགྱུར་རོ། །མ་ི་ཕྱིན་དྲུག་གི་ངོ་བོ་ཉིད་ཡིན་ཞེས་པའི་ཕྱིན་དྲུག་ནི་ཕར་ཕྱིན་དྲུག་ཡིན་ཚད་ལ་མི་བྱེད་ཀྱི། །ཐུགས་རྗེ་ཆེན་པོའི་ཐུགས་རྒྱུད་ཀྱི་དེ་དག་ལ་བྱེད་པས་ཕྱིན་དྲུག་ལ་རིང་དུ་སྤྱད་པའི་རྒྱལ་སྲས་རྣམས་ཀྱིས་ཀྱང་མ་ིའི་སྔགས་དོན་གྱི་གཏིང་སླེབས་པར་དཀའ་བ་མི་འགལ་ལོ། །འདི་བཞིན་བྱས་ན། འདི་ནི་རྣལ་འབྱོར་དཔག་ཏུ་མེད་པའི་ཕྱིར་སྒྲུབ་དཀའ་བའོ། །ཞེས་པའང་བཤད་བདེ། ཚུལ་འདི་གདུལ་བྱ་ལ་བསྟན་ཆེད་སྒྲིབ་སེལ་

TN03_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༤)ལྟ་བུས་ཀྱང་མ་ི་ལ་སྒོམ་ཚུལ་དང་དེའི་ཆེད་དུ་འོ་བརྒྱལ་མཛད་སྣང་། འདི་ནི་ནོར་བཟངས་ཀྱི་བླ་མ་རྣམས་ཀྱིས། དེ་དག་གི་སྤྱོད་པ་ཤེས་པའམ་ཡོན་ཏན་བརྗོད་པར་ནུས་རེ་སྐན། ཞེས་གསུངས་པ་དང་ཚུལ་མཐུན། དེའི་འགྲེལ་ཀྱིས་མ་ིའི་དེ་ཉིད་ལ་དེ་བཞིན་གཤེགས་པ་མང་པོའི་རྣམ་ཐར་ལས་ཀྱང་ལྷག་པའི་སྒོས་ཆོས་བཤད་ཟིན་ལྟར་ཡོད་པས། འཕགས་པ་ཁོ་རང་གིས་མ་གནང་བར་དུ་ཡིག་དྲུག་རང་དབང་དུ་སྦྱིན་པར་སངས་རྒྱས་ཉིད་ཀྱིས་ཀྱང་མི་སྤྱོད་པས་སངས་རྒྱས་པདྨ་དམ་པ་དེ་བཞིན་གཤེགས་པར་གྱུར་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་མང་པོར་ཡིག་དྲུག་འཚོལ་དུ་གཤེགས་པར་བསྟན་ཏེ། སྒྲིབ་སེལ་ཁྱོད་ཀྱིས་ཀྱང་འཕགས་པ་མཉེས་ཕྱིར་མ་ིའི་ཆོས་སྨྲ་བ་ངན་ངོན་ལྟར་སྣང་བ་ལ་ཡང་ང་རྒྱལ་དང་བརྙས་སེམས་རྣམ་པ་ཐམས་ཅད་དུ་བཅོམ་པའི་གུས་པ་ཆེན་པོ་བསྐྱེད་དེ་ཉོན་ཞེས་པ་སྟེ། འདིས་ནི་འདིའི་ཆོས་དང་བླ་མ་ལ་མི་གུས་པ་ལ་མ་ི་མ་སྦྱིན་ཅིག །ཅེས་པ་དང་། གུས་པ་མེད་པས་རིག་སྔགས་ཀྱི་རྒྱལ་མོ་མི་འགྲུབ་ཅེས་དང་། འདི་སྟེར་བའི་བླ་མའི་ཕྱོགས་སུ་དཀའ་སྤྱོད་ཅི་ཙམ་བྱས་པ་དེ་ཙམ་དུ་འདིའི་སྣོད་དུ་འགྱུར་ཞེས་བསྟན་པར་འགྱུར་ཏེ། རྗེ་བཙུན་ཉིད་ཀྱིས་པདྨའི་བླ་མ་ལ་ཕུལ་སྐབས་ན། མ་དད་པ་རྣམས་ལ་སྦྱིན་པར་མི་བྱ། ཞེས་གསུངས་པ་དང་། སྒྲིབ་

TN03_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༥""སེལ་ཁོར་མོ་འཇིག་གི་ཆོས་སྨྲའི་དྲུང་དུ་བྱོན་ཐད་ན། བྱང་ཆུབ་སེམས་དཔའ་འདིས་དཀའ་བ་མང་པོ་སྤྱད་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་བྱིན་ཅིག །ཅེས་གསུངས་སོ། །དེ་དག་གིས་ནི། ཀྱེ་མའོ་བླ་ན་མེད་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་ནི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་ཞུས་ཀྱང་ཐོབ་དཀའ་བའོ་སྙམ་དུ་ཕྱི་མའི་སྐྱེ་བོ་རྣམས་གུས་པ་ཆེར་བསྐྱེད་པར་མཛད་དོ། །ཇོ་བོ་རྗེས་ང་ལ་ཡོན་ཏན་ཅི་ཡང་མེད་གསུངས། འདི་དང་འདི་འདུག་པ་ཞུས་དུས་དེ་བླ་མའི་དྲིན་ཡིན་གསུངས་པ་ལྟར་འདི་ངས་ཤེས་པ་མིན་གྱི། བླ་མའི་དྲིན་ལས་ཤེས་པས་ཁྱོད་ཀྱང་བླ་མའི་ཕྱིར་དཀའ་སྤྱད་གྱིས་ཞེས་བཤད་ཀྱང་ལོ་མ་ཙམ་སྟེ། སྔ་མ་བཟང་སྙམ། གོང་སྨོས་ཀྱི་ཕྱིན་དྲུག་རླབས་པོ་ཆེ་རྣམས་དམིགས་མེད་ཀྱི་བརྩེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་སྟེང་དུ་འདྲིལ་བའམ། ཕྱིན་དྲུག་དེ་རྣམས་བསྡུས་པའི་རང་བཞིན་གྱི་བརྩེ་ཆེན་ནི་ཡི་གེ་དྲུག་པོ་སྔགས་གཅིག་ཏུ་ཚོགས་པའི་རིག་སྔགས་ཀྱི་རྒྱལ་མོའི་དེ་ཉིད་ཡིན་ལ། དེ་འདྲའི་བརྩེ་ཆེན་དེ་ལ་ནི་ཤེར་ཕྱིན་མས་ཀྱང་ཕྱག་མཛད་དེ། ཤེར་ཕྱིན་སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱི་ཡུལ་དུ་འགྱུར་བ་ནི་དེ་མགོན་དུ་ཐོབ་པའི་མཐུ་དང་དྲིན་ཡིན་པའི་ཕྱིར་རོ། །དེས་ན་ཡི་གེ་དྲུག་མ་ལ་རྒྱལ་བའི་ཡུམ་གྱིས་ཀྱང་ཕྱག་འཚལ་བར་གསུངས། འཕགས་པའི་བ་སྤུ་

TN03_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༦)གཅིག་གི་བསོད་ནམས་ཀྱི་ཚད་བཤད་ནས་དེ་འདྲ་སངས་རྒྱས་ལའང་མེད་གསུངས་པའང་། དེའི་བ་སྤུ་གཅིག་འགྲུབ་བྱེད་ཀྱི་བསོད་ནམས་ལ་དགོངས་པ་མིན་ནམ་སྙམ་སྟེ། བསོད་ནམས་དེ་བས་ཆེས་ཆེ་བ་རྩེ་སྦྱོར་ཐོབ་པའི་བྱང་སེམས་ཕལ་ཆེར་ལའང་ཡོད་པར་བཤད་པས་སོ། །དེས་ན་ཚེ་མདོ་ལ་བསྐྱེད་པའི་བསོད་ནམས་ལ་ཚེ་མདོའི་བསོད་ནམས་ཟིལ་གྱིས་གནོན་ཞེས་པ་སྟེ། གོང་དུ་བཤད་པའི་ཚུལ་གྱིས་སེམས་ཅན་ལ་ཕན་འདོགས་པ་ཆེ་བའི་ངོས་ནས་སངས་རྒྱས་ལས་ཀྱང་ལྷག་ཚུལ་ཡོད་པའི་ཕྱིར་ཏེ། དེས་ན་ཕན་འདོགས་ཀྱི་ཞིང་ལ་ལྟོས་ནས་བཞག་པའོ། །མ་ི་འདོན་པའི་མདུན་དུ་དེ་བཞིན་གཤེགས་པ་མང་པོ་འདུ་བར་གསུངས་པའི་རྒྱུ་མཚན་ནི། སྡུད་པའི། མ་ཞིག་ན་བར་གྱུར་པའི་སོགས་དང་། པདྨའི་མཆོག་གིས་ཐག་རིང་དུ་བཙལ་ཞིང་ཆོས་ཀྱི་དགའ་བ་སྩལ་བ། སྒྲིབ་སེལ་གྱིས་བདུད་རྩི་ཐོབ་ན་རོ་མྱང་བས་ཆོག་མ་འཚལ་ཞེས་ཆོས་ཀྱི་མཆོད་པ་ཆེན་པོ་མཛད་དུ་ཕེབས་པ། །སྟོན་པས་ཀུན་དགའ་བོ་ལ་བྱང་ཆུབ་ལན་ལག་གསན་པ། དམ་ཆོས་པད་དཀར་གསན་ཆེད་རིན་ཆེན་མང་བྱོན་པ་སོགས་མང་པོས་དཔྱོད། གཙོ་བོར་དང་པོ་བྱིན་གྱིས་བརླབས་ཚུལ་གྱིས་ཡིན་ཏེ། །དེ་དག་གི་དེ་གཙོ་བོའི་མཐུ་ཞེས་སོ། ༈ །ཡིག་དྲུག་འབྱུང་བར་སྦྱར་བ་

TN03_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༧)།ལ། ཕྱིའི་ས་ཆུ་མེ་རླུང་དང་། ནང་ལུས་འབྱུང་དང་། གསང་བ་སེམས་ཀྱི་ཆ་ལ་སྦྱར་བ་སོ་སོར་ཡོད། གདོན་སྲུང་བ་ལ་ཡི་གེ་དྲུག་པོ་གོ་རིམ་བཞིན་དུ། ལྷའི་གདོན་དང་མོ་གདོན། རྒྱལ་འགོང་། ས་བདག་གི་གདོན། བདུད་དང་གཤིན་རྗེ། གནོད་སྦྱིན་དང་གཟའ་རྣམས་ཐུབ་པའི་སྲུང་བ་ཡིན། ནད་འདོན་ལ་འདུས་པ། ཚད་པ། རླུང་། བད་ཀན། གྲང་བ། མཁྲིས་པའི་ནད་རྣམས་ཡུལ་འདོན་ཏེ་གོ་རིམ་བཞིན་ནོ། །དེའང་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་དེ་ལྟར་ནད་འདོན་དུ་བྱིན་གྱིས་བརླབས་ཚུལ་ཤེས་ནས་ཐེ་ཚོམ་སྤང་ལ། དེ་རྩལ་དུ་བཏོན་པའི་སྟེང་ནས་ལས་རུང་རྙེད་རྙེད་དུ་སྒོམ་བཟླས་བརྩོན་ན་ནད་ཞི་བ་ལ་རྩལ་འཐོན་ཏེ། སྣ་ཚོགས་ནོར་བུ་བཞིན་ནོ། །བྱང་གཏེར་ལས་ཕྲིན་ལས་བཞིའི་སྦྱར་བ་སོགས་ཀུན་ལ་དེ་ལྟར་ཤེས་པར་བྱའོ། །མད་གདོན་ལ་སྦྱར་བ་འདི་དང་བཀའ་འབུམ་ལས་ཚོགས་ཀྱི་ནད་གདོན་དྲུག་ལྟོ་སྦྱར་ན་ཡིད་ཚིམ་ཐུབ་ཡོད། ཡུལ་ཀ་ལ་སྦྱར་ན། ཨོཾ་ཡུམ་ཡི་གེ་དྲུག་མ། ལྷག་མ་ལྔ་སྤྱན་སོགས་ཡུལ་ལྔ་སྟེ། གསང་འདུས་སུ་ཡུམ་བཞིའི་ཕྲེང་སྔགས་བསྟན་པ་སོགས་དྲན་པར་བྱ། ཡང་ཨོཾ་དེ་བཞིན་ཏེ་ཐམས་ཅད་མཁའ་འགྲོ། མ་སངས་རྒྱས་མཁའ་འགྲོ་སོགས་མཁའ་འགྲོ་རིགས་ལྔ་སྟེ། མཁའ་འགྲོ་མའི་བརྡ་སྐ་བྱིན་རླབས་འབེབས་པའི་

TN03_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༨)སྔགས་ཡིན་གསུངས། དེའང་ཡུལ་ཡི་གེ་དྲུག་མའི་སྔགས་ཀྱི་འོད་ཟེར་གྱིས་གནས་ཉེར་བཞི་དང་། དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་མ་རྣམས་གནད་ནས་བསྐུལ་ཏེ། རང་དབང་མེད་པར་ཤིང་ལོ་སྐམ་པོ་རླུང་གིས་ཁྱེར་བ་ལྟར་བཀུག །བྱ་ནག་མོའི་ཁྱུ་འདྲོགས་པ་ལྟར་མདུན་དུ་གར་དང་སྟངས་སྟབས་སྒྱུར་ཞིང་སྤུངས་སེ་བྱོན་ནས་བྱིན་རླབས་དངོས་གྲུབ་ཐོགས་མེད་དུ་རྩོལ་བར་བསམ་པ་བཀའ་འབུམ་སྔ་དུམ་སུམ་ཅུ་སོ་གཅིག་ན་ཡོད་ཅིང་། ད་དུང་ཡོད། ༈ ནད་འདོན་དུ་བསྔགས་པ་ནི། ནད་ནི་རྣམ་འཚེའི་ལས་འབྲས་ཡིན་ལ་སྙིང་རྗེའི་རྣམ་པར་མི་འཚེ་བའི་ལས་ཅན་ནོ་ཞེས་མངོན་པ་ལས་འབྱུང་བས་སྙིང་རྗེའི་ལྷ་མཆོག་ཡིན་པའི་རྒྱུ་མཚན་གྱིས་ཏེ། ཇོ་བོའི་ལོ་རྒྱུས་ན་རྣམ་འཚེ་སྤངས་པས་སྙུན་དང་བྲལ་བའི་ཆེ་བ་ཞེས་པ་དང་གནད་གཅིག །དེས་ན་ནད་འདོན་གཙོ་བོར་བྱེད་ན་སྙིང་རྗེའི་དག་དྲན་གཙོ་བོར་བྱ་དགོས། ༈ །ཕྱག་རྡོར་དྲང་སྲོང་གི་ཚུལ་བཟུང་ལོཀྟྲི་པ་ལ་ལྟ་བུ་ཡོད་ཀྱང་། རྩ་བའི་སྤྲུལ་སྐུ་གནོད་སྦྱིན་སྟོབས་པོ་ཆེའི་གཟུགས། རྗེ་བཙུན་ཐུགས་རྗེའི་གཏེར་ནི་གཙོ་བོར་རིག་སྔགས་འཆང་གྲུབ་པའི་ལྷའི་དྲང་སྲོང་ཕན་འདོགས་ནུས་པའི་གཟུགས་ཅན་ཏེ་རི་དྭགས་པགས་པ་རལ་པའི་ཅོད་པན་དང་། བགྲང་ཕྲེང་ཞེས་པ་ནས། དྲང་སྲོང་གཟུགས་ཀྱིས་ཕྱོགས་རྣམས་ཀུན་ཏུ་རྒྱུ། །ཞེས་བླ་མ་

TN03_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

(༣༢༩)།གསུང་། ཕྲེང་བའམ་བགྲང་ནོར་བསྣམས་པའང་དེ་ལྟར་རོ། །ཆ་བྱད་འགའ་དྲང་སྲོང་དང་བསྟུན་ཡང་ཐམས་ཅད་མཐུན་མི་དགོས། རིག་སྔགས་ནི་འདིར་ཤེས་རབ་སྙིང་རྗེ་སྟེ། མན་ཏྲ་ཡ་ཞེས་ཡིད་སྐྱོབ། ༈ །མ་ིའི་སྲུང་གུར་དང་གནས་ཁང་བྱིན་དབབ་བྱེད་ན། ངོས་བཞི་དང་སྟེང་འོག་རྣམས་འབྲུ་དྲུག་གི་རྣམ་པར་ལྟ་བ་བཀའ་གདམས་ཕ་ཆོས་ལྟར། ༈ །ཡིག་དྲུག་འབྱུང་བཞིར་སྦྱར་ལུགས་བཀའ་འབུམ་ན་བཞུགས་པ། དཔལ་མཆོག་ཏུ་འཕགས་པ་ཉིད་སའི་ལྷ་དང་ཆུའི་ལྷར་བཞེངས་པ་སོགས་བཤད་པ་དང་བསྒྲིགས་ནས་དེ་དག་གི་སྔགས་སུ་ཡང་འགྱུར་ལུགས་ཡོད་པར་ཤེས་ཆོག །དེའི་སྟེང་ནས་ཡིག་དྲུག་ལས་ས་རླུང་རྙེད་ན། ས་བཅུད་དང་ཆུ་བཅུད་གསོ་བ། ས་ལ་དབང་སྒྱུར་བ། ཆར་དབབ་པ། ཆུ་དང་རྩི་ཐོག་ལ་ཕན་པའི་རླུང་དགུག་ཅིང་། དུག་ལྡན་གྱི་རླུང་ཞི་བར་བྱ་བ་སོགས་འབྱུང་བཞིའི་གནོད་པ་ཞི་ཞིང་དངོས་གྲུབ་བྱེད་ཚུལ་མང་པོ་ཡོང་བར་གསལ། ༈ རིག་འཛིན་ཞི་བར། རིགས་ལྔའི་དབུ་རྒྱན་གྱི་གཙོ་བོ་རྣམ་སྣང་། སྤྱི་བོར་རིགས་བདག་ཚེ་དཔག་མེད་རེད། དེའི་རིགས་པས་ཡི་དམ་ཞི་བར་ཡང་རྣམ་སྣང་སོགས་ཀྱིས་རྒྱས་བཏབ་ཀྱང་། རིགས་བདག་འོད་དཔག་མེད་སྒོམ་རུང་ངམ་སྟེ། དཔལ་འདུས་སུའང་མི་བསྐྱོད་པ་སོགས་ཀྱིས་དབུ་བརྒྱན་ཡང་རིགས་བདག་སྣང་མཐས་མཛད་

TN03_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༠)པ་ལྟ་བུ། ༈ །སྲོང་བཙན་སྒམ་པོའི་ངའི་དབོན་སྲས་རྣམས་ཀྱིས་ལྷ་ཁང་བཞེངས་ནའང་ངའི་ར་ས་ལ་ས་རྡོ་ཤིང་གསུམ་གྱི་ཕུད་བསྐྱལ་ནས་བཞེངས་ན་བར་ཆད་མེད་གསུངས་པ་ལྟར་བསམ་ཡས་བཞེངས་པའི་ཐོག་མར་བཟོ་ཕུད་ཕུལ། དེ་ནས་དང་པོར་ཨརྱ་པ་ལོའི་གླིང་རྩིག་ཅེས་སྒྲོལ་མས་ལུང་བསྟན་ནས་དེ་བཞེངས། གུ་རུ་རིན་པོ་ཆེ་སྲིན་ཡུལ་བཞུད་ཀའང་ཐུགས་རྗེ་ཆེན་པོའི་ལྷ་སྔགས་ཡི་དམ་མཐིལ་དུ་ཟུངས་ཤིག་པའི་ཞལ་གདམས་གནང་། རྗེ་འབངས་འདུས་པ་ཡོངས་ལ་ཐུགས་རྗེ་ཆེན་པོའི་ཆོས་ཀྱི་གཏད་རྒྱ་མཛད་དེ་སླར་བོད་ཡུལ་དུ་དེའི་སྒོ་ནས་ཕྲིན་ལས་བྱེད་པར་ལུང་བསྟན་ཅིང་བྱིན་གྱིས་བརླབས། གངས་བྲག་མཚོ་གསུམ་སོགས་འཕགས་པའི་ཆོས་གཏེར་གྱིས་གཏམས་དེ་ཁོ་ན་ལྟར་ཕྱིས་གཏེར་འདོན་དུས་ཀྱང་བླ་རྫོགས་ཐུགས་གསུམ་ཆ་ཚང་མ་ཐོན་ན་གཏེར་ཆེན་མིན་ཞེས་འབྱུང་བ་བཞིན་ཐུགས་རྗེ་ཆེན་པོའི་གདམས་སྐོར་རེ་མེད་པའི་གཏེར་ཁ་ཆེན་པོ་མི་སྣང་། གཏེར་སྟོན་རྣམས་ཀྱི་རྩ་བའི་ཐུགས་དམ་ཡང་ཕལ་ཆེར་འདི་ལ་མཛད་པ་གོང་འོག་གཉིས་དང་སངས་གླིང་སོགས་ཀྱི་རྣམ་ཐར་གྱིས་མཚོན་ནུས། མ་ིའི་བཟླས་རྒྱུན་སྤེལ་བ་དང་སྐྱེ་བདུན་བུམ་སྒྲུབ་སོགས་མ་ིའི་ཕྲིན་ལས་ཚད་བཟུང་མེད་པར་བསྐྱང་ཚུལ་ཡང་ཆོས་དབང་རིན་པོ་ཆེ་དང་། ཐང་སྟོང་རྒྱལ་པོ། འགྲོ་

TN03_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༡)འདུལ་ལས་གླིང་། རད་གླིང་། རྡོར་བྲག་རིག་འཛིན་སོགས་ཀྱི་ལོ་རྒྱུས་ལས་ཤེས། ས་གཏེར་ལ་མང་ཤོས་བླ་རྫོགས་ཐུགས་གསུམ་ཡིན་པའི་རྒྱུ་མཚན་དེས་གཏེར་སྲུང་རྣམས་ཀྱང་ཐུགས་རྗེ་ཆེན་པོ་ཞི་དྲག་གི་དཀྱིལ་འཁོར་དུ་ཞུགས་ཤིང་དམ་ཚིག་ནོད་པ་ཤ་སྟག་ཡིན་པར་ཤེས་ནུས། གཏེར་སྲུང་དེ་དག་ནི་བོད་ཀྱི་ས་བདག་ཆུ་བདག་ཆེ་ཤོས་རྣམས་སོ། །དེ་དག་ཐམས་ཅད་ཀྱང་བོད་སྤྱི་མཐུན་ལ་སྔགས་ཀྱི་ལྷའི་ནང་ནས་ལས་སྨོན་གྱི་འབྲེལ་བ་ཆེ་ལ་མང་ཤོས་ཐུགས་རྗེ་ཆེན་པོ་ཡིན་པའི་གནད་ལ་གཏུགས་དགོས། རྗེ་འབངས་ཐམས་ཅད་ལ་འཕགས་པའི་གདམས་སྐོར་གྱི་བཀའ་བབས་སུ་ལུང་བསྟན་མ་ཐོབ་པ་མེད་པ་དང་། ས་གཞི་ཐམས་ཅད་འཕགས་པའི་ཆོས་གཏེར་གྱིས་གཏམས་པར་ཅིས་འགྲུབ་ཅེ་ན། འདི་ལ་ལུང་ཁུངས་མང་པོ་ཡོད་མཆི་སྟེ་ད་རེས་དཔེ་མ་འབྱོར། འོན་ཀྱང་བླ་རྫོགས་ཐུགས་གསུམ་མི་ཚང་བའི་གཏེར་ཆེན་མེད་པ་དེ་ཀས་གསལ་བར་འགྲུབ། བིནྡྷུའི་རྟགས་ཅན་འདིར། བོད་འདིར་སྟོན་པའི་དམ་ཆོས་དར་བ་དང་དེ་ལ་བརྟེན་ནས་ཕན་བདེ་རྒྱ་འབྱུང་བ་ཐམས་ཅད་ཀྱི་རྩ་བའི་གླེང་གཞི་ལྟ་བུ་ནི་སྤྱིར་བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་ཞིང་འདི་སྔོན་ཡོངས་སུ་སྦྱང་བའི་ལག་རྗེས་ཀྱི་ཁོངས་སུ་ཚང་བ་སྨོས་

TN03_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༢)མི་དགོས་ཀྱང་། བྱེ་བྲག་ཏུ་ཡུལ་འདིའི་སྐྱེ་བོ་རྣམས་འཕགས་པ་དང་ལས་འབྲེལ་ཆེ་ལ་མང་བ་དང་། འཕགས་པས་དེ་རྣམས་ལ་ཤཱཀྱའི་རྒྱལ་པོའི་ཕྲིན་ལས་ཀྱི་ཆུ་བོའི་འོལ་ཁ་སྒྱུར་བའི་སྨོན་ལམ་དང་ཐབས་མཁས་པའི་ཁྱད་པར་ཉིད་དོ། །ཤཱཀྱའི་རྒྱལ་པོའི་བསྟན་པ་རྫིང་ཆུ། བོད་ཡུལ་ཞིང་ས། ཐུགས་རྗེ་ཆེན་པོའི་ལྷ་སྔགས་ཡུར་བ་རེད་པས་ཞིང་དུ་ཆུ་དཀོན་པོར་སོང་ན་ཡུར་བ་རྩ་ཤིང་རྡོ་གསུམ་མ་གུས་པ་དང་སྙོམ་ལས་སོགས། ལྟ་བུའི་འགག་རྟགས་རེད་པས་དེ་སྦྱང་བ་ལ་འབོད། དེས་ན་བོད་འདིར་དམ་ཆོས་མི་ནུབ་ཆེད་སྲུང་རིམ་གཞན་བྱེད་པ་ལས་མ་ིའི་སྒྲུབ་དང་ལས་སྦྱོར་རྣོ་བ་འདྲ་སྟེ། ཆོས་ཀྱི་དབུ་བརྙེས། སྲོལ་བཏོད། རྒྱས་པར་བྱེད་པ་སོགས་མགོ་འཇོག་ལུགས་ཀྱི་རྟེན་འབྲེལ་ལས་སོ། ༈ །རྣམ་པ་གཅིག་ཏུ་ན། རྒྱལ་བསྟན་བྱ་བ་ལུང་རྟོགས་ཡིན་གྱི་འར་རེ་འུར་རེ་ལ་མི་ཟེར། བོད་འདིར་རྒྱལ་བསྟན་སྤྱི་ཁྱབ་དེའི་ལམ་སྲོལ་འཛུགས་མཁན་དང་འབྱེད་བྱེད་སོགས་མ་ིའི་ལྷ་སྔགས་ཡིན་པའི་རྟེན་འབྲེལ་དེས་སྒོས་ཀྱི་བསྟན་པ་རང་རྒྱུད་ལ་དར་རྒྱས་འབྱུང་བའི་ཐབས་སུའང་མ་ིའི་རྣལ་འབྱོར་ཁོ་ན་ཟབ། དེས་ན་གསང་འདུས་ཀྱི་གོས་དཀར་མོའི་ཕྲེང་སྔགས་ཐད་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའི་ཆོས་ཀྱི་དངོས་གྲུབ་བཤད་པ་དང་འདྲ་བ་མ་ི་ལ་ཆོས་ཀྱི་དངོས་གྲུབ་སྒྲུབ་པར་

TN03_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༣)ཡིད་གཏོད་པར་བྱའོ། །བཀའ་གདམས་ཐིག་ལེ་བཅུ་དྲུག་ཏུ་བསྟན་པ་རྒྱས་པའི་ཆོ་གར་བསྔགས་པའང་དེ་ལྟར་རོ། ༈ །བ་སྤུའི་ཁུང་བུ་ཀྲིཥྞའི་བྱ་རི་དྭགས་དང་། རིན་ཆེན་རྣ་ཆའི་དྲི་ཟའི་བུ་མོའི་དང་། རྡོ་རྗེ་སྒོའི་མིའམ་ཅིའི་ཐད་ཀུན་ན་མ་ི་དྲན་པའི་མོད་ལ་བདེ་བའི་ཡོ་བྱད་ཐམས་ཅད་རང་འབྱུང་བར་གསུངས་པ་ལ་བརྟེན་ནས། སྒྲིབ་སེལ་གྱིས། ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་གི་མིང་དྲན་པ་ཙམ་ལ་ཡང་དེ་འདྲའི་མཐུ་ཡོད་ན། མདོ་དེ་ཉན་ཀློག་འཛིན་པ་སོགས་ལ་ལྟ་ཅི་སྨོས་ཞེས་ཆེད་དུ་བརྗོད། ཟ་མ་ཏོག་ཅེས་པ་རྣམས་ནི་མ་ི་ཉིད་དོ། ༈ །ཡང་ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོའི་མིང་ལན་གཅིག་བཟུང་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་ན་བཟའ་དང་། བཤེས་དང་། གཟིམ་ཆ་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པར་འགྱུར་རོ། །ཞེས་གསུངས། ཡང་ཡིག་དྲུག་ཟློས་པ་པོ་དེ་ལ་ནོར་བུ་རིན་པོ་ཆེ་འཛིན་པ་དང་། དམྱལ་བ་དང་བྱོལ་སོང་སྐེམ་པ་དང་། རྡོ་རྗེའི་གོ་ཆ་དང་། རྐང་པ་ཤིན་ཏུ་གནས་པ་དང་། ཐབས་མཁས་པ་ཐམས་ཅད་དང་། བསམ་གཏན་གྱི་རྒྱན་དང་། ཆོས་ཀྱི་ཤིང་རྟ་ལ་འཇུག་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྟོན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བ་ལ་

TN03_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༤)སོགས་པ་ཏིང་ངེ་འཛིན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །ཞེས་གསུངས། ༈ །ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་གནད་ཆེ་ཤོས་ཞི་མཐའ་འགོག་བྱེད་རྣམས་ཡིན་པས་བྱང་སེམས་ཀྱིས་དེ་ལ་གཙོ་བོར་འཛིན་དགོས་ཤིང་། ལུང་ལས། འཆག་པས་ཐོབ་པའི་ཏིང་ངེ་འཛིན་ནི་རིང་དུ་གནས་སོ་ཞེས་པ་ལྟར། དེའི་ནང་ནས་ཀྱང་གཙོ་ཆེར་རམ་ཤས་ཆེར་སེམས་ཅན་གདུལ་གང་དཀའ། བསྐྱབ་གང་དཀའ། ལས་སྒྲིབ་གང་འཐུག །སྡིག་སྟོབས་གང་ཆེན་རྣམས་ཁོ་ན་ལ་ཀྱོག་པའི་ཤིང་ལ་སྲོང་བའི་ཚུལ་བཞིན་དམིགས་ཕུག་སྟེ་ཐབས་ཤེས་ཀྱི་ལམ་ཐམས་ཅད་ཆེད་གཏད་ཀྱིས་དུས་མཐའ་ཡས་པར་རྩལ་སྦྱང་བ་ནི་མགོན་མེད་ཀྱི་འགྲོ་བ་རྗེས་འཛིན་གྱི་རྩལ་ཐོན་ཕྱོགས་དང་། རྣོ་ནུས་སྐྱེ་ཕུལ་གཞན་དང་ཁྱད་ཞུགས་པ་ཡིན། བྱང་སེམས་ན་མཉམ་ལའང་དེ་འདྲའི་ཁྱད་འོང་བ་ནི་འགལ་ཏེ། ཉན་ཐོས་དགྲ་བཅོམ་ཡིན་མཉམ་ལའང་མཆོག་ཟུང་འགྲན་མེད་དུ་གསུངས་པ་བཞིན་ནོ། །ཕལ་ཆེར་དོན་ཡོད་དང་། རྣམ་ཀུན་དོན་ཡོད་སོགས་ཀྱང་ཆོས་དབྱིངས་མངོན་སུམ་རྟོགས་པར་འདྲ་ཡང་ཐབས་ཤེས་ཀྱི་རྟོགས་པ་རྩལ་བྱང་མ་བྱང་དང་། མཐུ་ཆེ་ཆུང་ཡིན་ལ། དེ་བཞིན་དུ་སྤྱིར་སེམས་ཅན་སྒྲོལ་བ་ལ་རྟོགས་པའི་རྩལ་བྱང་མཉམ་ཡིན་ཡང་ཆེས་ཆེར་སྙིགས་ཤིང་རྒྱུད་ཚིག་

TN03_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༥)པའི་གདུལ་དཀའི་འགྲོ་བ་ལྷག་པར་སྐྱོབ་པ་ལ་རྟོགས་པའི་རྩལ་བྱང་ཚབས་ཆེ་ཆུང་། བུར་ཤིང་འོ་མ་བུ་རམ་གྱི། །མངར་བ་ཉིད་ནི་ཁྱད་པར་ཆེ། །ཞེས་པ་ལྟ་བུ་ཡོད་པའོ།། ༈ །རྗེ་བཙུན་གྱིས་སྟོང་ཉིད་སྙིང་རྗེའི་ལམ་འདི་སངས་རྒྱས་གྲངས་མེད་མཆོད་ནས་བཙལ། རྙེད་ནས་སྨོན་ལམ་གྲངས་མེད་འབུམ་བཅུ་སོགས་དང་། སྦྱིན་སོགས་སྤྱོད་པ་དཔག་མེད་ཚད་མེད་ཀྱིས་བརྒྱན། རྟག་འགྲུས་རྒྱུན་མི་འཆད་དང་། སྒོ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་ཤིང་རྣམ་པར་དག་ལ་ཆེས་ཕུལ་བྱུང་དང་མི་འཕྲོགས་པའི་སྒྲུབ་པ་མཛད་དེ། ཤིན་ཏུ་མཐར་ཕྱིན་ཅིང་ཡོངས་སུ་རྫོགས་པ་ན་དེ་ཉིད་ཡིག་དྲུག་ཏུ་བརླབས་པ་རེད་པས་དེ་ཐམས་ཅད་ཀྱི་ནུས་པ་ཡིག་དྲུག་ཁོ་ན་ལ་ཡོད་དོ། །དེས་ན་མནར་མེད་དུ་བྱོན་ཚེ་ཡང་མ་ི་ཚར་རེ་གསུངས་པ་རྐྱང་པས་ས་ཆེན་པོའི་རྡུལ་ལྟར་མཐའ་ཡས་པའི་དམྱལ་བ་ཚང་སྤུགས་སུ་སྤྲུགས་ནུས་པ་རེད་དོ། །ཡང་། སོ་སྐྱེས་ཆོས་སྨྲ་སོགས་སྟོང་གསུམ་གྱི་རྡུལ་སྙེད་ཀྱིས་བསྐལ་བ་མཐའ་ཡས་པར་ཆོས་རྒྱ་ཆེར་བཤད་པ་བས། རྗེ་བཙུན་གྱིས་མ་ི་རྡོག་གཅིག་གསུངས་པ་གཞན་ཕན་གྲངས་མེད་འགྱུར་དུ་ཆེ་བ་ནི། སྟོབས་བཅུ་མངའ་བའི་གནད་ཀྱིས་ཡིན་ཏེ། སྟོབས་རྣམས་མ་རིག་སྒྲིབ་ལ་རྡོ་རྗེ་བཞིན། །ཞེས་པའང་གཞན་རྒྱུད་

TN03_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༦)ཀྱི་མ་རིག་སྒྲིབ་ལ་ཞེས་པའོ། །འདོམས་པར་བྱེད་པ་པོ་ཉམས་ཆེ་ཆུང་གིས་འཁོར་གདུལ་བ་ཁྱད་ཞུགས་པ་ཐམས་ཅད་འདི་དང་འགྲོ་ཕྱོགས་འདྲའོ། ༈ །སྔར་ཀླད་བྲིས་སྐོར་འཁྲུལ་པ་ལ་ཡང་བྲི་བྱས་པ། མངོན་སྤྱོད་མཁན་ཙ་ན་ཀྱས་མི་བརྒྱ་སྟོང་མང་པོ་ལ་གདུང་བ་བསྐྱེད་པ་ནི་སེམས་ཅན་དེ་དག་གི་ལས་ངན་གྱི་ནུས་པ་དྲག་སྔགས་ཀྱི་ལྷན་ཅིག་བྱེད་རྐྱེན་གྱིས་བསླང་བ་ཡིན་ཅིང་། མངོན་སྤྱོད་དེའི་རྣམ་སྨིན་ནི་ཕྱི་མར་ཡི་དྭགས་ཀྱི་རྗེ་བོར་སྐྱེ་བ་དེ་རེད། དེར་མ་ཟད། ཙ་ན་ཀྱའི་བརླང་སྤྱོད་དེ་ལས་ཤིན་ཏུ་སྟོབས་ལྡན་ཡིན་པས་མཐོང་ཆོས་མྱོང་འགྱུར་རེད་པས། ཚེ་དེར་ལུས་ཚལ་བར་གས་པའི་ནད་ཀྱིས་ཤི་བ་རེད། དེ་གོ་བཟློག་སྟེ་ཚེ་སྒྲུབ་སོགས་ལའང་འདོན་པ་སྒྱུར་ཆོག་འདུག །དེའི་འགྲེས་ཀྱིས་མ་ིའི་རྒྱབ་ཆོག །གོ་འཚོགས་སོགས་ཀྱིས་སྔོན་ལས་ངན་པའི་འབྲས་བུ་ནད་གནོད་བྱུང་ཆག་སོགས་ལ་ལོ་ཏོག་སེར་བས་བཅོམ་ལྟར་འགལ་རྐྱེན་བྱས་ནས་ཕྱིར་བཟློག་པ་དང་། རྒྱལ་པོ་ལ་ཙ་ན་དན་ཕུལ་བས་ཡུལ་ཐོབ་པ་ལྟར། ཚེ་རིང་ནད་མེད་སོགས་ཀྱི་རྒྱུའི་སྔོན་ལས་ཚེ་འདིར་འདྲེན་པའི་རྐྱེན་བྱེད་པ་ཙམ་རེད་ལ། མ་ིའི་ཆོས་འདོན་ལ་ཡོན་ཕུལ་བའི་ལས་འབྲས་ནི་ད་གཟོད་ཚེ་རབས་ཕྱི་མ་ལ་སྨིན་རྒྱུ་ཡིན་ལ། ཞིང་དང་བསམ་པ་ཕྱུལ་བྱུང་འགའ་ཞིག་མཐོང་ཆོས་མྱོང་འགྱུར་ཡང་

TN03_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༧)ཡོད། སྔོན་འབྲེལ་ཆེ་ཆུང་སོགས་ཀྱི་དབང་གིས་རྒྱབ་ཆོག་སྐུ་རིམ་ལའང་སྔོན་གྱི་དགེ་བའི་ལས་གཞན་གྱི་འབྲས་བུ་འཕྲལ་ལ་སད་རྐྱེན་བྱེད་ནུས་མི་ནུས་མང་པོ་ཡོད་ཀྱངཨ་ནམ་འདོད་དེར་འདྲོང་ཐུབ་པ་ལ་མ་ི་སྟོབས་ཆེ། རྣམ་སྨིན་སྟོབས་ཆེ་བ་ནི་སླའོ། །དེས་ན་ལས་གཞན་གྱི་སད་རྐྱེན་བྱེད་ལུགས་ལའང་། གཞན་རྒྱུད་ལ་དང་། རང་རྒྱུད་ལ་བྱེད་ཚུལ་གཉིས་ཡོད་པར་སྣང་། འདི་ཞ་དམར་ལམ་རིམ་ལྟར་ན་མ་ི་བཏོན་པའི་སྐྱེས་བུ་བྱེད་འབྲས་སུ་བྱའམ་སྙམ། ༈ །རྩི་ཤིང་གི་བཅུད་དབྱར་ཀ་རྩེ་ན་ཡོད་རྟགས་སུ་དེའི་རོ་ནུས་ཁྱད་པར་འཕགས་བྱས་པ་རྐྱང་དམ་ཡེའི་རྡོ་རྗེ་གསུམ་དབྱེར་མེད། གིས་མི་ཆོག་བཅུད་རྩེ་མོར་ཡོད་རྟགས་སུ་འབྲས་བུའམ་ཐོག་འབྲུ་གསུམ། གུ་ཆགས་དགོས། ༈ གནས་གསུམ་གོ་ཆ་ནི་རང་རྒྱུད་ཀྱི་སྒོ་གསུམ་དང་སངས་རྒྱས་རྣམས་ཀྱི་རྡོ་རྗེ་གསུམ་གཅིག་ཏུ་སྦྱར་ནས་མདུད་པ་བརྒྱབ་པ་ཡིན་པས། སངས་རྒྱས་རྣམས་ཀྱི་རྡོ་རྗེ་གསུམ་གྱི་དབྱིངས་སུ་རང་གི་སྒོ་གསུམ་སྦ་བ་སྟེ། ཆུ་ཐིགས་རྒྱ་མཚོ་ལ་བཞག་ནས་ཉི་མའི་གདུང་བ་ལས་སྲུང་བ་བཞིན་ནོ། ༈ །པདྨའི་རིགས་ལ་དམ་པའི་ཆོས་ཀྱི་འོད་ཟེར་དང་། མདོ་སྡེ་བཤད་པའི་མཐུ་རྙེད་ཕྱིར་སོགས་ཡོ་གར་བཤད་པ་ནི། གཏི་མུག་གི་གཉེན་པོ་ཤེས་ཕྱིན་གྱི་ངོ་བོ་ཉིད་པདྨ་འགྲོ་

TN03_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༨)འདུལ་གྱི་རིགས་ས་དཔལ་མཆོག་འགྲེལ་ཆེན་དུ་བཤད་པས། ཤེར་ཕྱིན་གྱི་མཚོན་བྱེད་གླེགས་བམ་དུ་བྱེད་པ་དང་། ཆོས་དབྱིངས་རྟོགས་པའི་རྒྱུ་མཐུན་པའི་གསུང་རབ་ཅེས་པ་དང་འདྲ་བས་མི་གོས་པའི་དེ་ཉིད་ཀྱི་སྟེང་ནས་ཤེས་པར་བྱ་སྙམ། འདི་ལྟར་ཡིན་ངེས་ཏེ། ཀུན་སྙིང་གི་ཧྲཱིཿབཤད་དུ། ཆོས་ཀྱི་རིགས་ཞེས་པའི་ཆོས་ནི་རང་བཞིན་དག་པའ་ཆོས་ལ་གཟིགས་པའི་ཤེས་ཕྱིན་དུ་གསུངས་པའི་ཕྱིར་རོ། །དེའང་ཉན་རང་གིས་ནི་དག་བྱ་ཉོན་སྒྲིབ་ལ་ལྟོས་ཏེ་རང་བཞིན་དག་པའི་ཆ་ཙམ་མངོན་སུམ་རྟོགས་ཏེ། དེའི་དབང་གིས་དག་པ་ཕྱོགས་གཅིག་པ་དེ་ལ་བརྟེན་པའམ་དེའི་ཡིན་ཏན་དུ་གྱུར་པའི་འཕགས་པའི་ཆོས་ཀྱང་མ་ཚེ་བ་ཙམ་བརྙེས་ལ། ཐེག་ཆེན་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་བྱར་བཞག་པའི་རང་བཞིན་དག་པ་མཐའ་དག་མངོན་དུ་བྱེད་དེ་དེའི་དབང་གིས་དག་པ་མ་ལུས་པ་དེའི་ཡོན་ཏན་དག་པ་དེ་ལ་བརྟེན་པའང་མཐའ་དག་པ་འཐོབ་སྟེ། འདི་ནི་རང་བཞིན་དག་པ་དེ་སྒོམ་བྱེད་ལམ་གྱི་དབང་གིས་ཆོས་ཀྱི་དབྱིངས་སམ་འཕགས་ཆོས་ཀྱི་འབྱུང་ཁུངས་སུ་འགྱུར་ཚུལ་རྒྱ་ཆེ་ཆུང་ངོ། །རྟོགས་པའི་ཆོས་ཀྱི་འབྱུང་ཁུངས་ཡིན་པར་མ་ཟད་ལུན་གི་ཆོས་ཐམས་ཅད་ཀྱི་འབྱུང་མཐར་ཐུག་ཀྱང་ཡིན་ཏེ། རྒྱུ་མཐུན་དེ་དག་ཐུབ་པ་བཞེད། ཅེས་ཆོས་དབྱིངས་རྟོགས་

TN03_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

(༣༣༩)པའི་རྒྱུ་མཐུན་པའི་གསུང་རབ་ཅེས་གྲགས་པ་ལྟར་རོ། །སོ་སོ་ཡང་དག་རིག་བཞི་ཞེས་པའི་སྒྲ་བཤད་ཀྱིས་ཀྱང་ཤེས། དེས་ན་ལུང་གི་ཆོས་ཐམས་ཅད་ཀྱང་འགོག་བདེན་ཆོས་དབྱིངས་རྣམ་དག་གི་ཡོན་ཏན་ཁོ་ནའོ། །ལམ་རིམ་གྱི་ལྷག་མཐོང་གི་སྟོང་ཉིད་བཙལ་དགོས་པའི་རྒྱུ་མཚན་ཐད་ལྟར་དེ་ཁོ་ན་ཉིད་འཚོལ་བ་ནི་གློ་བུར་གྱི་དྲི་མ་སྦྱངས་ནས་དག་པར་བྱ་བའི་ཆེད་དོ། །དྲི་མའི་གཙོ་བོ་ནི་རྨོངས་པ་བག་ཆགས་དང་བཅས་པ་སྟེ། དེ་རང་བཞིན་གྱིས་དག་ཚུལ་འདི་རང་བཞིན་དག་པ་ཞེས་པའི་གཙོ་བོར་བཟུང་ངོ་། ༈ །རྒྱུན་འཁྱེར་དུ་བཟླ་ན། སྐྱབས་སེམས་དང་ཤུནྱཏའི་དོན་དྲན་སྔོན་བཏང་སོགས་མ་བྱུང་རུང་སྔར་གྱི་གོམས་ཤུགས་ལྟར་ལྷ་གསལ་བཏབ་སྟེ་རྡོ་རྗེ་ཕྲེང་བཟུང་ལུགས་སུ་བཟླས་པས་འགྲུབ་པ་དང་། དེའང་ལྷའི་རྣམ་པ་གསལ་བར་མ་གྱུར་ཀྱང་ཡེ་ནས་རང་གི་སྒོ་གསུམ་ལྷའི་རང་བཞིན་དུ་སངས་རྒྱས་པའི་ང་རྒྱལ་གྱིས་བཟླས་པས་ཀྱང་ཆོག་པ་མན་ངག་གི་གནད་དང་འབྲེལ་བ་ཡིན་ཞེས་རིག་འཛིན་ཐུགས་ཐིག་གི་བསྙེན་ཡིག་ཏུ་གཏེར་ཆེན་གྱིས་བཤད། ༈ །ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཐོབ་རྣམས་གཞན་ལས་བྱ་དཀའ་ཞེས་བྱ་འགའ་ཡོད་མིན། ༈ །ཕྱག་དྲུག་པའི་ཡུམ་གྱི་སྔགས་ལ་ཡང་། བྷྱོ་ནག་མོ་བཻཏ་ལི་ཞེས་རྒྱུད་ལས་གསུངས་སོ། ༈ །འོ་རྐྱལ་ སྒོམ་

TN03_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༠)བཟླས། བསྲུབ་བསྒྲིལ་ཡུས་ཆེ་བས་མི་ཆོག ཟོ་མར་དྲོད་ཚད་གྱི་གོང་བུ་ཐོན་པ་དགོས། ༈ །རྡོ་རྗེའི་དེ་ཉིད་ནི་མི་ཆོད་མི་ཤིགས་མི་ཕྱེད་པ་སྟེ། དེ་དྲན་ནས་ལི་པི་ཤ་ཏ་བཟླས་པས་ཤིན་ཏུ་བརྟན་པར་བྱེད། ༈ འཕགས་མཆོག་གང་དུ་དམིགས་པ་དེར་ས་བཅུ་པར་ལག་ན་རྡོ་རྗེ་སྟོང་ཕྲག་བརྒྱ་རྟག་ཏུ་ཕྱི་བཞིན་འབྲང་བར་གསུང་པ་ལྟར་གྱི་ལག་ན་རྡོ་རྗེའི་སྲུང་མ་དང་། རྟ་མཆོག་རིག་པ་བྱེ་བའི་འཁོར་དང་བཅས་པ་སོགས་འཁོར་དག་པ་གཞལ་མེད་རྣམས་མིའི་ལུས་ཤིག་མེད་ན་མེད་དུ་ཟད། ཡོད་ཕན་ཆད་གྲིབ་མ་ཞིག་ངེས་པར་ཡོད་པ་དང་། ག་བུར་ཞིག་ཡོད་ན་དྲི་བསུང་ངེས་པར་ཡོད་པ་ལྟར་འབྲལ་མེད་དུ་ཡོད་ངེས་པ་དམིགས་འོག་ཏུ་ཆུག་དགོས། ཁོང་རིགས་ཀྱི་འཁོར་ལོས་སྒྱུར་བ་རེད་པ། འཁོར་ལོ་སྒྱུར་བའི་རྒྱལ་པོ་དཔུང་ཚོགས་ཡན་ལག་བཞི་དང་མི་ལྡན་པ་ཞིག་ཤེས་བྱ་ལ་མི་སྲིད་དེས་ན་རྡོ་རྗེ་ཁྲོ་བོའི་དམག་དཔུང་བྱེ་བ་ཁྲག་ཁྲིག་རང་ཤུགས་ཀྱིས་རྗེས་སུ་འབྲང་བ་ཡིན་པར་ཤེས་པར་བྱའོ། ༈ །པདྨའི་མི་གོས་པའི་དེ་ཉིད་དང་། ཆུ་འདམ་ནས་སྐྱེས་ཤིང་ཆུ་འདམ་ན་གནས་པའི་དེ་ཉིད་གཉིས་རིམ་བཞིན་དོན་དམ་སེམས་བསྐྱེད་དང་ཀུན་རྫོབ་སེམས་བསྐྱེད། ཤེས་པ་རྣམ་དག་དང་། ཤེས་བྱ་རྣམ་དག །སྲིད་མཐའ་འགོག་བྱེད་དང་། ཞི་མཐའ་འགོག་བྱེད། མངོན་མཐོ་མཐར་ཐུག་

TN03_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༡)དང་ངེས་ལེགས་མཐར་ཐུག །རང་དོན་དམ་པ་ཕུན་ཚོགས་དང་གཞན་དོན་དམ་པ། ཐུགས་དབེན་པའི་བདེ་མཐོང་ཆོས་བདེ་གནས་སོགས་ཀྱང་བས་གང་ཞིང་། སྐུ་འདུ་འཛིའི་ཁྲོད་ན་ཡང་སྤྱོད་པ། ༈ །ཕྱག་སྟོང་སྤྱན་སྟོང་གི་མདོར། གལ་ཏེ་ཆོས་བཞིན་དུ་བཟླས་བརྗོད་བྱས་ཏེ་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སེམས་བསྐྱེད་པར་གྱུར་ན་བདག་ཀྱང་དེའི་ཚེ་དགེ་བའི་ལྷ་དང་། ཀླུའི་རྒྱལ་པོ་ཐམས་ཅད་དང་། ལག་ན་རྡོ་རྗེ་གསང་བ་རྣམས་ལ་རྟག་པར་དེའི་རྗེས་སུ་འབྲང་ཞིང་ཡོངས་སུ་སྲུང་བ་གྱིས་ཤིག །དེའི་ཉེ་འཁོར་ན་གནས་ནས་མིག་གི་འབྲས་བུ་བཞིན་དུ་ཡོངས་སུ་སྲུངས་ཤིག རང་གི་སྲོག་གི་དབང་པོ་བཞིན་དུ་ཡོངས་སུ་སྐྱོབས་ཤིག་ཅེས་བསྒོ་བར་འགྱུར་རོ། །བདག་གིས་གསང་བའི་བདག་པོ་རྡོ་རྗེ་འཆང་། །བདུད་རྩི་འཁྱིལ་བ་སྨེ་བརྩེགས་ལྕགས་ཀྱུ་ཅན། །སྟོབས་ལྡན་ཤཾ་ཀ་ར་དང་སྡེ་བརྒྱད་དག །བཏང་ནས་རྟག་ཏུ་གཟུངས་འཛིན་སྲུང་བར་བྱེད། །ཅེས་སོགས་མང་དུ་གསུངས་ཏེ། མ་ི་ཟློས་ཚེ་ལྷ་ཀླུ་མང་པོས་སྲུང་ཚུལ་ཀ་རཎྜར་གསུངས་པ་དང་འདྲའོ། །དེ་ལྟར་སྲུང་མ་རང་འཁོར་བའི་དབང་གིས་འབྲོག་དགོན་སོགས་སུ་གཅིག་པུར་ཉལ་ཡང་གདོན་བགེགས་ཀྱིས་གཙེ་མི་ནུས་པ་དང་། མྱ་ངམ་སོགས་སུ་ལམ་གོལ་བར་འཁྱམ་ཡང་། ལྷ་ཀླུའི་སྤྲུལ་པས་ལམ་སྟོན་

TN03_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༢)བ་དང་། ནགས་ཚལ་སྟོང་པ་སོགས་སུ་མེའམ་ཆུས་ཕོངས་ན་དེ་དག་སྦྱིན་པར་གསུངས་ཏེ། དགྲ་ཇག་ཆོམ་རྐུན་འཆིང་བ་དང་། མཐུན་པའི་ཡོ་བྱད་གཞན་འདུ་བ་སོགས་མང་པོར་སྦྱོར་ཆོག ༈ །ཐུགས་ཀའི་ཡེ་སེམས་རྟ་མགྲིན་དུ་བྱས་ནས་སྔགས་འཁོར་བཀོད་དེ། རྟ་སྐད་ཀྱིས་བདེ་གཤེགས་གསུང་གི་དངོས་གྲུབ་སྡུད་པ་ལ་དམིགས་པ་གཏད་ནས་བཟླས་ན་སྔགས་ཀྱི་ནུས་པ་སྐྱེ་བའི་ཁྱད་ཆེ་འདྲ། ༈ །མདོར་ན་ཆོས་ནི་མི་འཚེ་བའོ། །ཞེས་རྒྱལ་བའི་བསྟན་པ་སྙིང་རྗེས་ཕྱེ། ༈ །ལྷ་ཆེན་དམོད་པ་གྲུབ་པ་སོགས་ནས། མགོན་ཁྱོད་ཐུགས་རྗེ་གྲུབ་པ་ལས་སོགས་ལྷ་དང་དྲང་སྲོང་དམོད་པའི་མཚོན་ཆ་ཅན་རྣམས་ཀྱི་དམོད་པས་མི་ཁྱིམ་འབུམ་ཕྲག་དུ་མས་གང་བའི་གྲོང་ཆེན་རིང་པོར་མི་ཐོགས་པར་འབྲོག་དགོན་སྟོང་པར་བྱས་སྐད་དེ་རྦབ་ཐུར་ལ་བཏང་བ་ལྟ་བུ་འཇིགས་རུང་གི་དཔེར་བྱེད། སངས་རྒྱས་ཀྱི་ཐུགས་བསྐྱེད་པ་རེ་རེས་སམ་འོད་ཟེར་རེ་རེས་སྟོང་གསུམ་བརྗོད་མེད་བརྗོད་མེད་ཚད་མེད་གཞལ་མེད་ཀྱི་རྡུལ་སྙེད་ཀྱི་འགྲོ་བ་མངོན་མཐོ་ངེས་ལེགས་ཀྱི་བདེ་བ་བཟང་མང་ལ་འཇོག་པ་རེད། རྦབ་གྱེན་ལ་འཐེན་པ་ལྟ་བུ་སྟེ་ཐུར་དུ་རྦབ་སྟོང་སྒྲིལ་བ་བས། གྱེན་དུ་ཕ་བོང་གཅིག་འདྲེན་པ་ཆེས་དཀའ་བས་ཡ་མཚན་དཔེ་མེད། མཐུ་ཕྱི་མ་འདིས་དང་པོའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ནས་རིམ་གྱིས་ནར་སོན་ཚུལ་སོགས། ༈ །དང་པོ་རྩ་བ་ཐ་མ་འབྲས་མཆོག་ལྡན། །

TN03_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༣)སོགས་དང་། རྣམ་སྣང་མངོན་བྱང་ལས། སྙིང་རྗེའི་རྩ་བ་ཅན་ཡིན་ཞེས། །སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །ཞེས། ༈ །ཐེག་ཆེན་ཕྱིར་མི་ལྡོག་གི་རྟགས་ཀྱང་རང་དོན་ཡིད་བྱེད་བསྡམ་པའི་སྟེང་ནས་བཞག་ཡོད། ༈ །མཛོད་འགྲེལ་དང་རྣམ་འགྲེལ་རང་འགྲེལ་ལས་སོགས་འཐད་སྒྲུབ་སྐོར། ༈ །ཚད་ཆེན་འགྲེལ་པར། དེ་འདོད་པའི་ཕྱིར་རོ་ཞེས་སོགས་ཀྱིས་གཞན་དོན་རང་གི་འདོད་དོན་ཡིན་ལུགས་བདག་གཅེས་འཛིན་གྱིས་ཕོངས་ཤིང་རང་དོན་ཕུན་ཚོགས་མི་འབྱུང་ལ་བཟློག་ན་དོན་གཉིས་འབྱུང་ལུགས་གཉིས་ཀྱིས་སྙིང་རྗེ་སྐྱེད་ནུས་དང་། སྐྱེད་དགོས་གཉིས་བསྟན། དང་པོ་ནི། བརྩེ་མེད་གོམས་ན་དེར་འགྱུར་བ་རོ་སྲེག་མཁན་བརྩེ་བྲལ་དང་། བྲམ་ཟེ་གཙང་ཞེན་སོགས་ཀྱིས་བསྒྲུབ་ཡོད། དགྲ་གསོད་ཕྲོག་ལ་རང་དོན་དུ་ཞེན་པ་ལ་འདོད་པའི་ཕྱིར་རོ་ཞེས་པ་ལས་སྒྲུབ་བྱེད་གཞན་མེད་དེའི་རིགས་པས་སྙིང་རྗེ་ཤིན་ཏུ་གོམས་ན་ཞེས་སོགས་ཁ་བསྒྱུར། ༈ །གཞན་ཕན་དགའ་བ་སོགས་སློབ་སྤྲིང་དང་། སེམས་ཅན་རྣམས་ནི་གྲོལ་བ་ན་སོགས། འགྲོ་དྲུག་སྐྱེད་ཚུལ་དུས་སྟོན་ལྟར། །རང་གི་ཡོན་ཏན་སེམས་ཅན་ཕན་འདོགས་དགའ། ༈ །ཐུབ་པའི་སྐྱེས་རབ་ཐམས་ཅད་བདག་པས་གཞན་གཅེས་མཛད་ཚུལ་ཁོ་ནར་གསུངས། ༈ །མཐོང་བའམ་གྲོང་ཁྱེར་རྒྱུ་བ་ན། །ལོང་བས་

TN03_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༤)མིག་ཐོབ་སོགས། མཚན་བཟུང་བ་ཙམ་ཡང་བརྒྱད་བརྒྱ་པ་སོགས་ལྟར། སྟོན་པ་དང་ཤཱ་རིའི་བུའི་སྣམ་སྦྱར་སྟེང་ཕུག་རོན་བབས་པ། སྟོན་པ་དང་ཀུན་དགའ་བོས་སེངྒེལ་རེག་པ། རྣམ་ཀུན་དོན་ཡོད་ནི། སངས་རྒྱས་རྣམས་ཀྱི་གཡོ་བ་ནི་སོགས། ༈ །དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་བརྒྱད། ༈ །བརྒྱ་ལྔ་བཅུ་བའི་ཐུགས་རྗེ་ལ་བསྟོད་པ། ༈ །གང་ཕྱིར་བརྩེ་ཉིད་རྒྱལ་བའི་སོགས། ༈ །སྙིང་རྗེས་སྤྱོད་པ་རྒྱས། སྤྱོད་པས་སྙིང་རྗེ་རྒྱས། ༈ །བསོད་ནམས་དག་གི་རྒྱུ་མཐུན་པ་ཞེས་སྙིང་རྗེའི་སྤྱོད་པ་མཐའ་དག་སྙིང་རྗེའི་རྒྱུར་བསྔོས། ༈ །དེ་པ་ཐམས་ཅད་ཆོས་ཀྱི་དབྱིངས་ནས་རྫུ་འཕྲུལ་དང་ཆོས་སྟོན་སོགས་འགྲོ་འདུལ་གྱི་མཛད་པ་ལ་སྐུལ་བའི་བྱེད་པོ་གཅིག་པུ་ནི་སྐྱེ་ལ་ཐུགས་རྗེ་ཆེན་པོ་ཡིན་པས། ཐལ་མོ་སྦྱར་བའི་ཕྱག་ལ་ངེས་པ་སྟེར། དེར་མ་ཟད་བགྲང་ནོར་གྱི་ལས་ཕྱག་སྟོང་སྤྱན་སྟོང་མདོར་འབྱུང་བ་དང་བགྲང་ནོར་སྙིང་རྗེ་སྦྱར་བ་གཉིས་བསྒྲིགས་པའང་འདི་དང་བསྟུན་ན་ལེགས་འདྲ། ༈ །ཅི་ཙམ་བཙལ་ཡང་ཆོས་དབྱིངས་གཏིང་མཐའ་ལ། །ཐུག་པ་ཡོད་མིན་དེ་ཚུལ་མ་ལུས་པར། །མངོན་མཛད་སོར་རྟོག་ཡེ་ཤེས་མཁྱེན་པའང་དེ་བཞིན་ཏེ། །དེ་ཡི་དབང་གི་དབང་དང་མངོན་ཤེས་སོགས། །དེ་ཡི་བྱིན་རླབས་མཐུ་ཡང་ཐུག་པ་མེད། །སོར་རྟོག་ཡེ་ཤེས་སྔགས་སུ་

TN03_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༥)བྱིན་བརླབ་པའི། །སྔགས་ཀྱི་བྱིན་རླབས་མཐུ་ཡང་དེ་ཉིད་དེ། །ཅི་ཙམ་སྔགས་དངོས་གྲུབ་གཏེར་ཕྱུང་ཡང་། །དེ་ལ་ཚད་དང་མཐའ་མ་དམིགས་མི་འགྱུར། །དེ་བཞིན་རྒྱ་ཆེའི་ལམ་གྱི་རྟོགས་པ་ཡང་། །སོ་སོར་ཚད་མེད་རེ་རེའི་རྣོ་ནུས་ཀྱང་། །ཐུག་པ་ཡོང་མེད་དེ་ཀུན་གཅིག་བསྡོམ་ནས། །སྔགས་སུ་ཤར་བའི་ནུས་མཐུ་དེ་ཡི་ཤེས། ༈ །སྒྲ་གཅན་འཛིན་ཆེན་པོ། །ཆུང་བ་བློ་བརྟན། ཧ་ཡ་ལི་ལ། ཧ་ལ་གྷོ་ཥ། ཉི་མ་སྦས་པ། ཐམས་ཅད་མཁྱེན་བཤེས། ཀ་ན་ཀ་ཤྲི། ཀནྡྷ་པ། ཏཱ་ར་ཤྲི། ཋཀྐི་ནག་ན་པ། མནྡིར་པ་ལ། ཤཱཀྱ་རཀྵི་ཏ། ལོ་ཀ་པྲ་དཱ་པ། ངག་དབང་གྲགས་པ། དགེ་བསྙེན་བཙུན་པ། དཀོན་མཆོག་གསུམ་གྱི་འབངས། ཛེ་ཏ་རི། ཙནྡྲ་གོ་མི། ཇོ་བོ་རྗེ། ཏུ་རུཥྐ་མང་པོས་བཀུར་བ། སེངྒེ་ལྔ་པ། ༈ འཕགས་ཡུལ་དུ་ཁ་སརྤ་ིའི་གཙུག་ལག་ཁང་དུ་ས་ཐེ་བཙུགས་ནས་གང་གསོལ་འགྲུབ་པར་གྲགས། བོད་དུ་དེའི་དོད་ལྔ་ལྡན་རང་བྱོན་ལ་ཇོ་བོ་རྗེས་ལྷ་དངོས་རེད་གསུངས། མངའ་བདག་ཉང་གིས་འདིའི་ཞབས་འོག་ནས་གཏེར་བཞེས་ཤིང་འདས་དུས་གདུང་ཁང་ནས་འཇའ་ཟུག སངས་གླིང་ལ་མ་ིའི་གསུང་བྱོན། སྤྱན་སྔ་གྲགས་བྱང་བས་བསྐོར་བ་མཛད་པས་དར་ལམ་བརྐྱངས། རྗེ་རིན་པོ་ཆེས་སྨྱུང་གནས་མཛད་པས་སྐུ་ཚེའི་ལུང་བསྟན་བརྙེས། ཞང་སྟོན་དར་མ་

TN03_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༦)རྒྱལ་མཚན་གྱིས། ཆོས་ཡང་དག་པར་སྡུད་པར་དཔེ་གསུམ་དང་སྦྱར་བའི་སྙིང་རྗེའི་ཆེ་བ་གསུངས། དེ་ལས་བར་བར་བྱང་སེམས་ཀྱི་དགེ་ཆོས་ཀྱི་སྤྱོད་པ་ཕྱིན་དྲུག་བསྡུ་བཞི་སོགས་དཔུང་གི་ཚོགས། སྙིང་རྗེའི་འཁོར་ལོ་དེ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་དངོས་ཟིན། འཁོར་ལོ་བྱུང་ན་དཔུང་ཚོགས་ཐམས་ཅད་མ་བརྩལ་བར་འབྱུང་། འཁོར་ལོ་མ་བྱུང་བར་ལ་གཞན་མི་མཆི་བས་གཅིག་ཡོད་ན་ཐམས་ཅད་ཤུགས་འབྱུང་དུ་འོང་བ་ནི་འཁོར་ལོ་ཁོ་ན་རེད་པ་དེ་ལྟར་སྙིང་རྗེ་ཆེན་པོ་ཡོད་ན་སྤྱོད་པ་ཐམས་ཅད་ལྷུན་གྲུབ་ཏུ་འབྱུང་། ༈ །བྱང་སེམས་ནི་ཆོས་ངན་པ་ལ་དམིགས་པའི་སྙིང་རྗེ་ལས་གོ་འཕང་མཆོག་གྲུབ། ཉན་རང་དེ་ལས་ཟློག ༈ །སྐྱེ་བ་དཔག་ཏུ་མེད་པར་ལྷ་མི་ཡི། །འཇིག་རྟེན་ཀུན་གྱི་རྣལ་འབྱོར་དབང་མཛད་ནས། །ཞེས་པར་བསམ་གཏན་གཟུགས་མེད་ཀྱི་མཐར་སོན་པའི་སྙིང་རྗེས་འཇིག་རྟེན་ལ་དབང་སྒྱུར་སོགས། ༈ །སྙིང་རྗེ་ཆེན་པོ་ཁོ་རང་ཞི་མཐའ་འགོག་བྱེད། སྙིང་རྗེའི་རྒྱུ་ཡིད་འོང་དང་སྡུག་བསྔལ་སེམས་པ། ཕྱི་མ་ལ་སྡུག་བསྔལ་བརྒྱ་རྩ་བཅུ་སོགས་ཇི་ཙམ་བསམ་ནས་ཡིད་འབྱུང་རྒྱས་པ་དེ་ཙམ་དུ་སྙིང་རྗེ་འཕེལ་བ། སྲིད་མཐའ་འགོག་བྱེད། སྐྱོན་མཐོང་ཕྱིར་ནི་སྲིད་པ་མིན། ཞེས་སྲིད་པའི་ཉེས་དམིགས་རིག་པ་སྟེ། མི་རྟག་སྡུག་བསྔལ་སོགས་ཀྱི་རྣམ་ཅན།

TN03_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༧)རྒྱ་མའི་བློ་སྦྱོང་གི་འགྲོ་དོན་རབ་ཐད་ན། འདོད་འདུལ་ཡིད་མ་ལོག་པ་ལ་སྙིང་རྗེ་རྣལ་མ་གཏན་མེད་གསུངས་ཏེ། འདོད་བདེ་ཅན་བདུད་དང་། སེམས་བདེ་ཅན་ཚངས་པ་ལྟ་བུ་མན་ཆད་ཐམས་ཅད་སྙིང་རྗེ་བའི་གནས་སུ་འཆར་བ་ལ། སྲིད་བདེ་དེ་ཐམས་ཅད་སྡུག་བསྔལ་དུ་མཐོང་བ་དགོས། དེས་ན་སྙིང་རྗེའི་རྩ་བའི་རྒྱུས་སྲིད་མཐའ་ཁེགས་པས་སྙིང་རྗེ་ཆེན་པོ་གོམས་པས་སྲིད་ཞིའི་མཐའ་གཉིས་ཀ་སེལ་བྱས་ཀྱང་རུང་བར་གོ ༈ །སེམས་ཅན་རང་ངོས་ནས་གྲུབ་ན། ཐེར་ཟུག་ཆོས་ནི་མྱ་ངན་འདའ་མི་འགྱུར། །ཞེས་པ་ལྟར་རེད་ལ། རྟེན་ཅིང་འབྲེལ་འབྱུང་སྤྲུལ་པའི་གྲོང་ཁྱེར་ལྟ་བུར་མཐོང་ཕུལ་ཆེ་ན། མྱ་ངན་ཟློ་བ་ལ་མི་འཇིགས་ཏེ། རེ་ཞིག་སྒྱུ་མ་མཁན་པོའང་སྐྱེ་བོའི་མིག་ཁྲལ་ཁྲུལ་དུ་སྦྲིད་པར་བྱེད་པའི་སྒྱུ་མའི་གྲོང་ཁྱེར་མང་ལ་རྒྱ་ཆེ་བ་ཡང་། རིག་སྔགས་ཕྱིར་བརྟུལ་བ་ཙམ་གྱིས་བསྡུ་ནུས་པར་ཤེས་ནས་ཕྱིར་བསྡུ་བ་ལ་མི་ཞུམ་ན། འགྲོ་བ་དང་སྐྱེ་གནས་དང་སྡུག་བསྔལ་གྱི་གྲོང་ཁྱེར་ཚད་མེད་པ་ཐམས་ཅད་མ་རིག་པའི་འཁྲུལ་འཁོར་རྒྱས་པ་ཙམ་དུ་མཐོང་ཞིང་། རང་ཉིད་དག་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཙང་མ་དམ་པ་བརྙེས་པས་མཚན་བརྒྱ་ནས་བཤད་ལྟར་གཞན་རྒྱུད་ཀྱང་རྣམ་པར་དག་པའི་བདག་ཉིད་དུ་སྦྱོར་ནུས་པར་གཟིགས་ནས་མི་འཇིགས་པ་

TN03_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༨)བརྙེས་ཤིང་དགྱེས་པ་འཕེལ་བའི་སྙིང་རྗེའི་རྩལ་རྫོགས་པའོ། །ལས་ཉོན་གྱི་རིག་སྔགས་ཀྱིས་སྤྲུལ་པའི་བདེན་སྟོང་རྟེན་འབྲེལ་ཙམ་དུ་མཐོང་བས། ཤེར་ཕྱིན་གྱི་རིག་སྔགས་ཀྱིས་ལས་ཉོན་གྱི་སྒྱུ་མའི་རིག་སྔགས་དེ་བཅད་ཅིང་བརྟུལ་བ་ཙམ་གྱིས་སྡུད་པར་རིག་སྟེ་སྤྲོ་བ་འཕེལ། ཀུན་ཉོན་རྐྱེན་བྱུང་གི་ཆོས་ཐམས་ཅད་རྐྱེན་དབང་གིས་འབྱུང་ཞིང་། །རྐྱེན་བཤིགས་ན་ནུབ་པ་ཁོ་ན། དེའི་རྐྱེན་དེའང་གློ་བུར་བ་ཁོ་ནར་རིག་ནས་མི་འཇིགས་པའོ། །དམིགས་མེད་སྙིང་རྗེ་ནི་ཡིད་བཞིན་ནོར་བུ་ལྟར་སེམས་ཅན་གྱི་རེ་བ་སྐོང་བར་བསྔགས་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཡོན་ཏན་ནམ་བྱིན་གྱི་རླབས་སོ། ༈ །བྱང་འཕགས་ཀྱི་དམིགས་མེད་སྙིང་རྗེ་ནི་གཉིས་སྣང་འཁྲུལ་པའི་བསླད་པ་ཅན་དང་། སངས་རྒྱས་ཀྱི་ནི་བསླད་པ་དེ་མེད་པས་ཁྱད་པར་གནམ་ས་ཙམ་མོ། ༈ །སྐྱེ་བོ་ཆེ་ཆུང་གི་ཁྱད་པར་ནི། སེམས་རྒྱ་ཆེ་ཆུང་ངམ། བསམ་པ་རྒྱ་ཆེ་ཆུང་གིས་འབྱེད་དེ། དབུ་མ་སྙིང་པོར། ཝ་ནི་གླང་ཆེན་དྲེགས་ཁྱུ་ཡི། །སོགས་ལྟ། རྟོག་གེ་འབར་བར། མེ་ཁྱེར་དང་ཉི་མའི་དཔེ་བསྟན་པ་སོགས་ཀྱང་དེ་བཞིན་ནོ། །དེས་ན། ཆོས་ཀྱི་དབྱིངས་ན་སྐྱེས་བུ་གཅིག་པུ་བ། །ཞེས་སོགས་འབྱུང་ངོ་། ༈ །པདྨའི་ཁ་དོག་དཀར་བས་རང་བཞིན་དག་པའི་ཆོས་ལ་གཟིགས་པའི་སོར་རྟོག་ཡེ་ཤེས་མཚོན།

TN03_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

(༣༤༩)དམར་བས་སྲིད་པར་ཆགས་པའི་སྙིང་རྗེ་མཚོན་མོད་ཀྱི་ཕྱི་མས་ཤིན་སྦྱང་གི་དགའ་བདེ་འདྲེན་པའི་ཏིང་ངེ་འཛིན་གྱི་དམར་བའང་སྟོན་ལུགས་ཡོད་དམ་དཔྱད། པད་དཀར་ཅན་ནི་སྐུ་མདོག་དང་ཧྲཱིཿཡང་དཀར། སྐུ་མདོག་དམར་པོ་ཅན་ནི་ཕྱག་མཚན་དང་སྲོག་ཡིག་ཀྱང་དམར་ཏེ་དེ་ཐམས་ཅད་དེ་ཉིད་གཅིག་པས་སོ། ༈ །བྱང་སེམས་ཀྱི་སྙིང་རྗ་ལ་བརྩེ་བ་ཙམ་གྱིས་མི་ཆོག་སེམས་ཅན་གྲངས་མང་། བྱེད་པ་ངན་པ། སྡུག་བསྔལ་གྱི་རྒྱ་མཚོ་ཚད་མེད་པ་སོགས་གང་གིས་ཀྱང་མི་ཟློག་ཅིང་མི་འཇིགས་པ་དང་། སྒྱིད་ལུག་པ་མེད་པརཤིན་ཏུ་དཔའ་བའི་སྙིང་རྗེ་སྟོབས་ལྡན་རླབས་ཆེ་བ་བློ་གྲོས་རྒྱ་མཚོས་ཞུས་པར། གྲོང་དཔོན་ཕ་མ་གཉིས་ཀྱི་དཔེ་གསུངས་པ་ལྟ་བུ། དགོས་ལ། དེ་ལ་སྡུག་བསྔལ་འབྲལ་འདོད་ཀྱིས་བསྐྱབ་དགོས་སུ་མཐོང་བ་ཙམ་གྱིས་མི་ཆོག །བསྐྱབ་ནུས་སུ་མཐོང་བ་སྟོབས་ལྡན་དགོས། དེ་ལ་དབང་རྣོན་གྱིས་སེམས་ཅན་སྐྱོབ་པར་ཁུརའཁྱེར་བའི་སྙིང་རྗེ་སྐྱེ་བའི་སྔོན་འགྲོ། ཡང་དག་ཤེས་ཚོལ་སྔོན་བཏང་སྟེ་སོགས་ལྟར་དགོས། དབང་རྣོན་ལ་འབྲལ་འདོད་ཀྱི་སྙིང་རྗེ་ཆེན་པོ་སྐྱེ་བ་ལ་སྟོང་རྟོགས་སྔོན་འགྲོ་མི་དགོས་ཀྱང་། སྐྱོབ་འདོད་ཀྱི་བརྩེ་ཆེན་མཚན་ཉིད་རྫོགས་པ་ལ་དགོས་ཞེས་པ། །ལུང་འདིའི། འགྲོ་དོན་བྱེད་པར་དཔའ་གྱུར་པ། །ཞེས་པ་གོ་རྒྱུ་ཆེ་སྟེ། སྙིང་རྗེ་ཡོད་ཀྱང་སྔར་བག་དང་བཅས་པ་

TN03_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༠)མང་བས་དེ་ལས་ཁྱད་སྐྱོབ་འདོད་འདོན་ནོ། །དེས་ན་སེམས་ཅན་ཐམས་ཅད་གཤོབ་གཅིག་གི་བདེན་འཛིན་འཁྲུལ་འཁོར་ཁོ་ན་ལ་བརྟེན་ནས་མ་རིག་པའི་འཁྲུལ་འཁོར་རྒྱས་པ་ཙམ་དུ་ཤེས་ནས། སྡུག་བསྔལ་བའི་གནད་ཤེས་ནས་གཤོབ་དེའི་མཚང་བརྟོལ་བ་ཙམ་ཞིག་སེམས་ཅན་དགྲོལ་བའི་གནད་དུ་མཐོང་ན་ཞུམ་པ་སོགས་མི་སྐྱེ་བས་སེམས་ཅན་ཐམས་ཅད་དགྲོལ་བའི་སྙིང་རྗེ་ལ་དམིགས་མེད་ཀྱི་སྙིང་རྗེ་བསྔགས། དེའང་སྙིང་རྗེ་དང་བདག་མེད་རྟོགས་པ་རྒྱུད་ན་སོ་སོར་ཡོད་ཙམ་ཉན་རང་ལའང་ཡོད་པས། དེ་གཉིས་སྦྱར་ནས་ཕན་ཚུན་གཅིག་གིས་གཅིག་ཟིན་པར། བོགས་འདོན་རེས་ཀྱིས་དམིགས་ཕུག་སྟེ་རྒྱ་ཆེར་སྦྱང་དགོས། ༈ །སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་བདུད་རྩི་གྱ་ནོམ་པ་དེ་ཉན་རང་གིས་ངེས་འབྱུང་གི་བསམ་པས་ཟོས་ན་རང་གི་སྡུག་བསྔལ་གཏན་ཞི་བ་ཙམ་དུ་འགྱུར་ལ། རྒྱལ་སྲས་ཀྱིས་སྙིང་རྗེ་ཆེན་པོའི་བློས་ཟོས་ནས་འཁོར་བར་བསྔོས་ན་ནི་གཞན་དོན་གྱི་བྱ་བ་སྒྲུབ་པ་ལ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཁོ་ནར་འགྱུར་ཏེ། ཀེ་ཏ་ཀའི་མེ་ཏོག་གླང་པོ་ཆེ་གཞན་གྱིས་ཟོས་ན་ལྕི་བ་དང་། སྤོས་གླང་གིས་ཟོས་ན་གླ་རྩི་ལྟ་བུར་འགྱུར་བ་དང་མཚུངས། སྟོང་རྟོགས་ཀྱིས་མ་བརྒྱན་པའི་སྙིང་རྗེ་ནི་ནོར་བུ་ཕལ་པ་དང་འདྲ། སྙིང་རྗེའི་སྤྲུལ་ཆེན་ཟབ་མོའི་ཤེས་རབ་ཀྱི་ནམ་མཁའ་ལྡིང་གི་ལྟོ་བའི་མེས་ལེགས་པར་སྦྱང་ན་གཞན་སྐྱོབ་པ་ལ་ནོར་བུ་

TN03_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༡""ཏོག་གི་བློ་གྲོས་ལྟ་བུར་འགྱུར། སྙིང་རྗེ་ཛམ་བུའི་ཤིང་ཐོག་དང་འདྲ། ཟབ་མོའི་ཤེས་རབ་མ་དྲོས་མཚོ་དང་འདྲ། དེ་དེས་བཟུང་ཞིང་རིང་དུ་བཟུང་ན་སྒྱུ་མ་ལྟ་བུའི་དབང་འབྱོར་གྱི་མཐུ་ཕུལ་བྱུང་ཛམ་བུའི་ཆུ་གསེར་དུ་འོང་སྟེ་སྙིང་རྗེ་དེ་ལ་ཆོས་ཀྱི་དབྱིངས་བསམ་མི་ཁྱབ་ཀྱི་བྱིན་རླབས་ཞུགས་པས་སོ། །འདི་ལྟར་སྙིང་རྗེ་དེ་ཆོས་དབྱིངས་རྟོགས་པའི་འབྱུང་ཁུངས་མཆོག་ནས་བྱུང་བའི་ཡོན་ཏན་ཡིན་པའི་ཕྱིར་ཏེ། དོན་ལ་ཆོས་དབྱིངས་རྟོགས་པས་ཤིན་ཏུ་ཟིན་པའོ། །སེམས་ཅན་ལ་དམིགས་པའི་སྙིང་རྗེ་སོགས་ནི་རྡོའི་ནོར་བུ་ལྟར་བཟང་ཡང་འོད་ཟེར་ཅང་མེད། དམིགས་མེད་ཀྱི་བརྩེ་བ་ནི་ཤེས་རབ་ཀྱ་སྣང་པ་འབར་བས་འཇིག་རྟེན་སྣང་ནུས། ༈ སྟོང་རྟོགས་ཀྱིས་ཟིན་ན་སྐྱོབ་ནུས་སུ་མཐོང་བ་ལྷག་པར་མ་ཟད། སྐྱོབ་དགོས་སུ་མཐོང་བའང་ཁྱད་འདོན་ཏེ། བདག་གཞན་མཉམ་པ་ཉིད་དུ་ལྷག་བསམ་དག་པའི་ས་ཞེས་པ་ལྟ་བུ། མཐོང་ནས་སོ། །བདག་ཆགས་ལྷག་པའི་སྐྱོན་ལྔ་དེ་དག་ལ། ཡོད་པ་དེ་དག་དེ་སྤོང་དོན་དུ་གསུངས། ཞེས་སོ། ༈ །རྟག་པ་དམ་པའི་ལག་རྗེས་འཇོག་བྱེད། ༈ །མྱ་ངན་འདས་ལ་མངོན་དགའི་ཕྱིར་ཞེས་འདི་སྐོར་མི་མཐུན་ཕྱོགས་དང་གཉེན་པོ་ཕྱོགས་ཀྱི་གཞི་ཤེས་ཀྱི་ཐད་དང་སྒྲིགས་དང་ལེགས་པོ་གོའོང་། ཞི་བདེ་དང་འཁོར་བའི་སྡུག་བསྔལ་ཁ་ཐག་རིང་བས་ཉན་རང་གི་ཐུགས་ལ་འགྲོ་བའི་སྡུག་བསྔལ་

TN03_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༢)གྱི་རྣམ་པ་འཆར་བའང་དཀའ། གོང་མའི་ལུགས་ལའང་། སྲིད་པའི་ཆོས་ཉིད་སྟོང་ཉིད་ཡིན་ཡང་། སྟོང་ཉིད་དང་ཀུན་རྫོབ་གཉིས་བློ་ངོར་རང་བཞིན་ཆེས་བསྐལ་བས་སྙིང་རྗེ་བྲལ་བས་སྟོང་རྟོགས་ལ་ཆིག་དྲིལ་བྱས་ན། མཐར་སྟོང་དབྱིངས་སུ་གཉིད་ལ་གཡུར་བ་ལྟ་བུ་དང་། འདུས་བྱས་འཁོར་བ་ལ་བློ་གཏན་མི་འཇུག་པ་འདྲ་མོ་ཡོང་། སྟོང་པ་ནམ་བསྒོམ་ལ་སྙིང་རྗེའི་རྩི་དྲག་པོས་ཟིན་ངེས་དང་། སྟོང་ཉིད་རྟོགས་རིམ་བཞིན་དེ་སྙིང་རྗེའི་གྲོགས་སུ་འགྲོ་ཚབས་ཇེ་ཆེ་དང་། སྙིང་རྗེ་ཡང་སྟོང་པའི་གྲོགས་སུ་ཇེ་འགྲོར་བསླབ་པས། བློ་གྲོས་རྒྱ་མཚོ་ཞུས་པར། ཤིང་སྡོང་གཅོད་པའི་དཔེ་དང་ཞིང་ལ་ཆུ་བཀྱེ་བའི་དཔེ་ལྟར། སྟོང་ཉིད་ལ་ཞུགས་ཚབས་ཆེ་རུང་། སྙིང་རྗེའི་ཤུགས་ན་རེ་བ་དང་། སྙིང་རྗེའི་དྲན་པ་མཉམས་པར་ཡོད་པས། སྟོང་ཉིད་ལ་མཉམ་པར་བཞག་པའི་དུས་ཉིད་ན་འཁོར་བ་བློས་མ་དོར་བར་ཡོད་ཕྱིར། ནམ་ལྡང་བ་ན་དེ་མ་རྟོགས་པ་ལ་བརྩེ་བའི་སྙིང་རྗེའི་སྟེང་དུ་ཧྲིལ་གྱིས་འོང་། རིང་དུ་སོང་བར་བློ་ལྷག་པའང་སྟོང་ཉིད་སྙིང་རྗེ་སྦྲེལ་བའི་ལག་རྗེས་སོགས། ཉན་རང་གི་སྟོང་ཉིད་རྟོགས་པའི་ལྷག་མཐོང་ནི་ས་སྐམ་ལྟར་ཧྲོག་ཧྲོག་ཡིན། བྱང་སེམས་ཀྱི་ལྷག་མཐོང་ནི་སྙིང་རྗེའི་ཟིལ་བ་ཧྲོལ་ལེ་བ་རེད། ལར་སྟོང་ཉིད་སྙིང་རྗེའི་་སྙིང་པོ་ཅན་དང་། སྙིང་རྗེ་སྟོང་པའི་སྙིང་པོ་ཅན་ཟེར་ཏེ།

TN03_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༣)དེ་དག་ཙམ་མིན་གྱི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སྦྱིན་སོགས་སྤྱོད་པ་རྒྱ་ཆེན་པོ་ཐམས་ཅད་བྱའོ། །སྦྱིན་པའང་དེ་གཉིས་ཀྱི་སྙིང་པོ་ཅན་ཡིན་དུས་གཞན་ཅི་སྨོས། ཤིན་ཏུ་ཕྲ་བའི་སྟོང་ཉིད་ལ་དམིགས་པའི་ཤེས་རབ་དང་། ཆེས་རགས་པའི་སྲིད་པའི་སྡུག་བསྔལ་ལ་དམིགས་པའི་སྙིང་རྗེ་གཉིས་ཟབ་པ་དང་གསལ་བ་སྟེ། ཕན་ཚུན་གཅིག་གིས་གཅིག་རྩལ་འབྱིན་ཅིང་རྒྱས་པར་བྱེད་པ་འདི་ནི་རང་སེམས་ལ་འདོད་དགུར་དབང་སྒྱུར་བའི་གནད་ཆེན་པོ་སྟེ། ཐོད་རྒལ་གྱི་ཏིང་ངེ་འཛིན་ཡང་གནད་འདི་ལས་སླ་བར་གོ ༈ །ས་ཐོབ་ནས་སྨོན་ལམ་ཆེན་པོ་གྲངས་མེད་འབུམ་ཕྲག་བཅུ་བྱང་སེམས་ཀྱི་བསླབ་པ་མཐའ་དག་པའི་ཚུལ་ཁྲིམས་ཀྱི་གཞི་བླངས་པ་ལ་རྩལ་ཤིན་ཏུ་འབྱོར་བརགྱུར་ཏེ། དེ་འདྲ་བའི་ཀུན་ཏུ་བཟང་པོའི་སྨོན་ལམ་ཐམས་ཅད་པའི་རྩིའམ། འདུ་བྱེད་དམ་ཤུགས་དྲག་པོས། རང་བཞིན་དག་པའི་དེ་ཁོ་ན་ཉིད་རྟོགས་པའི་ཤེར་ཕྱིན་གྱི་མཉམ་བཞག་སེམས་ཅད་ཐམས་ཅད་དང་ཐུན་མོང་དུ་བསྔོས་པའམ། སྙིང་རྗེས་ཤེར་ཕྱིན་ལུས་ཅན་མ་ལུས་པའི་ཐུན་མོང་གི་སྤྱད་བྱར་བསྔོས་ཚུལ་ལམ་བརླབ་ཚུལ་ནི། མ་མཐའ་ཐེག་ཆེན་ཚོགས་ལམ་དུས་ནས་སྟོང་ཉིད་ལ་དམིགས་པའི་བསམ་བྱུང་ནམ་སྒོམ་དུ་དེ་གཞན་དོན་ཁོ་ན་ལ་དམིགས་ནས་སམ་གཞན་དོན་ཆེད་དུ་བྱ་བར་བཞག་ནས་སྒོམ་ལ། དེ་གོང་ནས་གོང་དུ་ནར་སོན་ནས་ས་ཐོབ་བར་དུ་མཐུ་ཇེ་ཆེར་འགྱུར་བའོ། །སེམས་ཅན་

TN03_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༤)ཐམས་ཅད་ཀྱི་ཉེར་འཚོར་བྱིན་གྱིས་བརླབས་པ་ཡིན་ལ། དེའི་རྒྱུ་མཚན་གྱིས་མཉམ་བཞག་དེ་ལ་འཁོར་བ་འཛིན་བྱེད་དམ་མངོན་མཐོ་སྒྲུབ་བྱེད་ཐབས་བསོད་ནམས་ཀྱི་ཚོགས་ཐམས་ཅད་ཀྱང་ནུས་པ་མཐུ་ཅན་དུ་ཚང་སྟེ། དེ་ཕར་ཕྱིན་དྲུག་ལྡན་དང་། སྒྲིབ་གཉིས་སྤོང་བའི་ནུས་ལྡན་དང་། ལོངས་སྐུའི་འཁོར་དུ་སྐྱེ་བ་ལེན་པའི་རྣམ་སྨིན་གྱི་རྒྱུ་སོགས་ཡིན་པའི་ཕྱིར་རོ། །དེས་ན་མཉམ་བཞག་དེ་ཀ་འཁོར་བ་ལས་འདའ་བྱེད་དུ་མ་ཟད། འཁོར་བར་གནས་བྱེད་ཀྱི་རྒྱུར་ཡང་འགྱུར། དེ་བཞིན་དུ་ཤེར་ཕྱིན་ངེས་བཟུང་བའི་འམ། དེ་སྙིང་པོར་ཡོད་པའི་སྙིང་རྗེའང་འཁོར་བར་གནས་བྱེད་དུ་མ་ཟད། འཁོར་བའི་ཉེས་པ་ལས་འདའ་བྱེད་དུའང་འགྱུར། བྱམས་སྙིང་རྗེ་འཇིག་རྟེན་གྱི་གཙོ་བོའི་གོ་འཕང་བྱེད་ཡིན་ལུགས་ཐད། རྒྱུ་བྱམས་པའི་དམིགས་རྣམ་རྒྱ་ཆེ་ཆུང་ལྟར། འབྲས་བུ་རྒྱལ་སྲིད་ཆེ་ཆུང་དུ་འགྱུར་ཚུལ། སྟོང་གསུམ་བྱམས་པའི་དམིགས་འོག་ཏུ་ཆུག་ན་ཚངས་ཆེན་དང་མི་མཇེད་བདག་པོར་སྐྱེ་བ་སོགས་བེ་བུ་མོ་སྔོན་པོ་ལྟར། ༈ །རྒྱུད་བླའི། ཇི་བཞིན་ཡང་དག༴ སྐྱེ་སོགས་རྣམས་ལས་ཞེས་པ་ནི་ཁྱད་གཞི་དཀར་བ་དང་། ཁྱད་ཆོས་མི་གོས་པ། སྙིང་རྗེའི་བདག་ཉིད༴ འཆི་དང་རྒ་དང་། ཞེས་པ་འདམ་ལས་སྐྱེས་དང་འདམ་ན་གནས་པའི་དེ་ཉིད། དེ་ནི་སྙིང་རྗེས་འཇིག་རྟེན་

TN03_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༥)སྡུག །དེ་ཉིད་ཀྱིས་ནི་ཡུན་རིང་གནས། །ཞེས་སོ། །ལུས་མི་གོས་པ་ནས། ངག །ཡིད། སྤྱོད་པ་མི་གོས་ཚུལ་མང་། སྐྱེ་འཆི་བར་དོའི་ཉེས་པ་དང་། སྙིགས་མ་ལྔས་མི་གོས་ཚུལ་སོགས། ༈ །རང་བཞིན་དག་པར་རྟོགས་པའི་བར་ཆད་མེད་ལམ། དེས་ལག་རྗེས་བཞག་པའི་རྣམ་གྲོལ་ལམ། ཐག་བསྲིང་གི་གཉེན་པོ་ཁྱད་པར་ལམ། དེའང་ས་བཅུའི་རིམ་པས་གོང་ནས་གོང་དུ་ཁྱད་ཞུགས་པས་ཁམས་གསུམ་ལས་ཤིན་ཏུ་འདས་པ་ཡིན། དེ་ལྟར་འདས་པ་དང་ཁྱད་དུ་འཕགས་པ་དོན་འདྲ། གོང་མས་འོག་མ་ཟིལ་གྱིས་གནོན་པ་དང་། དབང་བསྒྱུར་ནུས་པ་ནི་ཚངས་པས་འདོད་ལྷ་བཞིན་ནོ། །དེ་ལྟར་ཁམས་གསུམ་ལས་ཤིན་ཏུ་ཐག་བསྲིང་བའི་དབེན་པ་མཐར་ཐུག་བརྙེས་པ་ན། དབང་མེད་དུ་ཁམས་གསུམ་ན་སྤྱོད་པའི་ཆ་ཐམས་ཅད་ལྷག་མ་མེད་པར་གཏན་ལོག་ཏུ་སོང་བ་ཡིན་ཅིང་། དེ་ཉིད་ཀྱང་བསྐལ་པ་མཐའ་ཡས་པར་གོམས་ནས་ངང་དུ་གྱུར་པའི་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོས་འཁོར་བར་བསྡོས་པས། རང་དབང་ཆེན་པོ་ཐོབ་པས་དབང་ཕྱུག་ཅེས་བྱ། སྤྱན་རས་གཟིགས་ཞེས་པ་ལ་ཟབ་རྒྱ་ཆེའི་ཕྱོགས་ཀྱི་བཤད་ཚུལ་གཉིས་ཡོད་པ་བཞིན་དུ། དབང་ཕྱུག་ཅེས་པ་ལའང་ཟབ་རྒྱས་ཀྱི་ཕྱོགས་ནས་བཤད་ཚུལ་གཉིས་ཡོད་ལ། དེའི་ནང་ནས་རྒྱ་ཆེའི་ཕྱོགས་ལྟར་སྤྱོར་དུས་ཆོས་ཀྱི་དབྱིངས་དྲི་མ་མེད་པའི་རྒྱལ་

TN03_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༦)སྲིག་བརྙེས་ཀྱང་། ཞི་བདེ་དེས་ཅུང་ཟད་ཀྱང་མི་འཕྲོག་པར་མཐའ་དང་དབུས་མེད་པའི་འཁོར་བའི་གཟུགས་བཟུང་སྟེ་ཁམས་དབང་མོས་པ་ཚད་མེད་པའི་སེམས་ཅན་སྣ་ཚོགས་པའི་ཐབས་ཀྱིས་སོ་སོའི་དུས་ལས་སྐད་ཅིག་ཀྱང་མི་འདའ་བར་འདུལ་བ་དེ་ཡིན་འདྲ། དེའི་ཚེ་སྨོན་ལམ་དང་དམིགས་མེད་ཀྱི་སྙིང་རྗེ་ཡོངས་དག་ཁོ་ནས་ཆུའི་ཟླ་བ་དང་སྒྱུ་མའི་རྒྱལ་ཐབས་ལྟ་བུའི་གཟུགས་བཟུང་སྟེ། སྔོན་བསྐལ་པ་གྲངས་མེད་གསུམ་དུ་སེམས་ཅན་ཐམས་ཅད་བདག་གིར་བཟུང་། བདག་ཏུ་བཟུང་བའི་གཞན་གཅེས་འཛིན་གྱི་ནུས་པ་རྫོགས་ཤིང་ཀློང་དུ་གྱུར་པའི་དབང་གིས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སུ་གདུལ་བྱའི་དཀྱིལ་འཁོར་ལ་དབང་བསྒྱུར་བའི་འཇིག་རྟེན་དབང་ཕྱུག་མིང་དོན་མཐུན་པར་འགྱུར་བ་ཡིན་ནོ། །འདི་ལྟར་བྱས་ན་ཁམས་གསུམ་གྱི་དབང་པོའི་ལག་རྗེས་འཇོག་བྱེད་ཀྱང་རབ། ཏིང་ངེ་འཛིན་སྙིང་རྗེ་ཆེན་པོ་གསུམ་ཀ་ཡིན་ལུགས་དཔྱད་སླ། ༈ །སྒྲོལ་མའི་མཚན་བརྒྱ་འགྱུར་གསར་ལེགས་པ་ལས། དཔལ་ལྡན་ཡིད་འོང་པོ་ཊ་ལ། སྣ་ཚོགས་ལྗོན་པ་འཁྲི་ཤིང་བཀྲམ། །འདབ་ཆགས་དུ་མ་སྒྲ་འབྱིན་པ། །འབབ་ཆུ་སྣ་ཚོགས་ལྷུང་ལྷུང་སྒྲོགས། །རི་དྭགས་མང་པོས་ཀུན་ཏུ་དཀྲིག །མེ་ཏོག་སྣ་ཚོགས་རིགས་རྣམས་ཀྱིས། །ཀུན་ཏུ་དྲི་ཡིས་བཀང་བ་སྟེ། །སྣ་ཚོགས་ཡིད་

TN03_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༧)།འོང་འབྲས་བུར་ལྔན། །རྐང་དྲུག་པ་རྣམས་གླུ་སྒྲ་འབྱིན། །མིའམ་ཅི་རྣམས་དབྱངས་སྙན་ལེན། །གླང་པོ་མྱོས་པས་རབ་ཏུ་གཏམས། །གྲུབ་པ་རིག་འཛིན་ཚོགས་དང་ནི། །དྲི་ཟ་རྣམས་ཀྱིས་གླུ་བླངས་པ། །ཐུབ་པ་འདོད་ཆགས་བྲལ་རྣམས་ཀྱིས། །རྟག་ཏུ་ལེགས་པར་བསྟེན་པ་ན། །བྱང་ཆུབ་སེམས་དཔའི་ཚོགས་གཞན་དང་། །ས་བཅུའི་དབང་ཕྱུག་རྣམས་ཀྱང་སྟེ། །འཕགས་མ་སྒྲོལ་སོགས་ལྷ་མོ་རྣམས། རིག་པའི་རྒྱལ་མོ་སྟོང་རྣམས་དང་། ཁྲོ་བོའི་རྒྱལ་པོའི་ཚོགས་གཞན་དང་། །རྟ་མགྲིན་ལ་སོགས་ཀྱིས་བསྐོར་བའི། །སེམས་ཅན་ཀུན་ལ་ཕན་བརྩོན་པ། །བཅོམ་ལྡན་འདས་ནི་སྤྱན་རས་གཟིགས། །བཞུགས་ཏེ་དེ་ནས་དཔལ་དང་ལྡན། །པདྨའི་སྙིང་པོའི་གདན་བཞུགས་པའི། །དཀའ་ཐུབ་ཆེན་པོ་དང་ལྡན་པ། །བྱམས་དང་སྙིང་རྗེ་ལྡན་པ་ཡིས། །ལྷ་ཡི་འཁོར་ནི་ཆེན་པོ་ལ། །དེ་ཡི་ཆོས་ནི་སྟོན་པར་བཞེད། །ཅེས་གསུངས། ཡང་དེ་ལས། སྐྱོབ་པ་འོད་དཔག་མེད་པ་ཡི། །སྨོན་ལམ་དབང་གིས་བྱུང་བ་སྟེ། །བདག་གི་ཨརྱ་པ་ལོ། །བཀའ་ཡིས་འཇིག་རྟེན་མ། །སྙིང་རྗེ་ཆེ་དང་ལྡན་པ་ཡིས། །འགྲོ་བ་འདོན་པར་བརྩོན་པ་མོ། །ཉི་མ་ཤར་བ་དང་འདྲ་བ། །ཟླ་བ་ཉ་འདྲ་བྱད་ཀྱི་འོད། །ལྷ་དང་ལྷ་མིན་མིར་བཅས་པ། །

TN03_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༨)འདི་རྣམས་སྒྲོལ་ཞིང་སྣང་བར་བྱེད། །འཇིག་རྟེན་གསུམ་པོ་གཡོ་བར་བྱེད། །གནོད་སྦྱིན་སྲིན་པོ་འཇིགས་པར་བྱེད། །ལྷ་མོ་ཨུཏྤལ་སྔོན་པོའི་ཕྱག །མ་འཇིགས་མ་འཇིགས་ཞེས་བརྗོད་མ། །འགྲོ་བ་ཡང་དག་བསྲུང་དོན་དུ། །རྒྱལ་བ་རྣམས་ཀྱིས་བདག་བསྐྱེད་པས། །འབྲོག་དགོན་མཚོན་ཆ་ལྟུང་བ་དང་། །སྣ་ཚོགས་འཇིགས་པ་འཁྲུགས་པའི་ཚེ། །མིང་རྣམས་དྲན་པ་ཉིད་ཀྱིས་ནི། །བདག་གིས་རྟག་ཏུ་སེམས་ཅན་སྲུང་། །སྣ་ཚོགས་འཇིགས་པའི་རྒྱ་མཚོ་ལས། །སེམས་ཅན་ཐམས་ཅད་བདག་གིས་བསྒྲལ། །དེས་ན་བདག་ལ་འཇིག་རྟེན་དུ། །ཐུབ་པའི་ཚོགས་ཀྱིས་སྒྲོལ་མར་སྒྲོགས། །ཞེས་སོ། ༈ །བཟླས་པའི་ངེས་ཚིག་ནི་དགེ་བ་ལ་བརྩོན་པས་རྒྱལ་བར་འགྱུར་ཞིང་ཡོན་ཏན་རྨད་དུ་བྱུང་བས་བཟླས་པ་སྟེ། རྩེ་མོ་ལས། རྨད་བྱུང་ཆེན་པོའི་བཟླས་པ་བྱ། །ཅི་ཡི་ཕྱིར་ན་བཟླས་པར་བརྗོད། །དགེ་བ་ལ་བརྩོན་རྒྱལ་འགྱུར་ཞིང་། །རྨད་བྱུང་རྣམས་ཀྱང་མཐོང་བར་འགྱུར། །བྱང་ཆུབ་སྤྱོད་པ་རྒྱལ་འགྱུར་ཞིང་། །སངས་རྒྱས་རོལ་པ་མངོན་པར་འགྱུར། །ཞེས་སོ། །ཞེས་པ་ཀུན་རིག་ཊི་ཀ་ཆེན་ལས་སོ། ༈ །རྣམ་སྣང་མངོན་བྱང་གི་རྒྱུད་ཕྱི་མར་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་ལ་གནས་པས་གཏོར་མ་སྦྱིན་པར་གསུངས་ཞེས་ཀུན་རིག་

TN03_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

(༣༥༩)ཊི་ཀ་ཆེན་ལས་གསུམ་འགྲེལ་ཐད་དུའོ། ༈ །འཕགས་མཆོག་འཇིག་རྟེན་དབང་ཕྱུག །ཉག་གཅིག་དཔའ་བ། འཇིག་རྟེན་མ་ལུས་པ་ལ་སྲུང་བ་གཅིག་པུ་མཛད་པ། ཞེས་སོ། ༈ །ཇི་ལྟར་སྙིང་རྗེ་གོམས་པ་དེ་ལྟར་སྙིང་རྗེའི་བྱེ་བྲག་ཏུ་འགྱུར། སྙིང་རྗེའི་སྲོག་ཚུལ་ཁྲིམས་ཀྱིས་འཛིན་ཏེ། བྱང་སྡོམ་གྱི་སྲོག་ཀྱང་སོ་ཐར་གྱི་སྡོམ་པའི་ཚུལ་ཁྲིམས་ཡིན་ཅིང་། དེའི་སྲོག་ཀྱང་གཞན་ལ་མི་འཚེ་བའི་བརྟུལ་ཞུགས་རེད་པས་ཚུལ་ཁྲིམས་ལྡན་ན་ངང་གིས་སྙིང་རྗེ་དང་མཐུན་པའི་རྒྱུད་བཟང་པོར་འགྱུར། སྡུག་བསྔལ་བརྒྱ་རྩ་བཅུ་སོགས་དམིགས་པ་མང་ཞིང་རྒྱ་ཆེ་བ། སྦྱོང་ཚུལ་རྒྱུ་འབྲས་བདུན་མ་དང་མཉམ་བརྗེ་སོགས་མང་ངོ་། །སྙིང་རྗེའི་རྣལ་འབྱོར་རྒྱུན་མི་འཆད་པའི་འཕེན་སྨོན་དང་རྒྱུ་མཐུན་གྱིས་སྐྱེ་བ་དཔག་མེད་དང་བསྐལ་པ་ཚད་མེད་པར་སྦྱང་བ། འགྲུས་པར་རམ་བསྒྲིམས་ཏེའམ་སེམས་ཐམས་ཅད་ཀྱིས་བསླབ་པ་བར་མ་ཆད་པར་སྦྱང་བ། བཟོད་པའི་སྒོ་ནས་ལོག་སྒྲུབ་སོགས་ཀྱིས་མི་འཕྲོག་པའི་རྩལ་ཐོན་པ་སྟེ་བྱང་བ། བསམ་གཏན་གྱི་སེམས་རྟེན་ལ་སྙིང་རྗེ་སྦྱང་བ། ཤེས་རབ་ཀྱི་སྟོབས་ཀྱིས་དམིགས་མེད་ཀྱི་སྙིང་རྗེར་བྱས་པ། སྙིང་རྗེ་དང་སྦྱིན་སོགས་ལ་གང་བསླབ་སྙིང་རྗེ་ཆེན་པོ་བརྒྱུད་པའི་ཆེད་དུ་བསྔོ་བ། སྙིང་རྗེ་འཕེལ་བ་བརྟན་

TN03_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༠)སོགས་ཕྱིར་སངས་རྒྱས་གྲངས་མེད་མཆོད་པ་སོགས་སྒོ་ཚད་མེད་ནས་སྙིང་རྗེའི་ཤུགས་རྒྱས་པ་རེད། ཅི་ཙམ་དུ་སྙིང་རྗེ་ལྷག་པ་དེ་ལྟར་གཞན་ཕན་གྱི་དགའ་བ་ལྷག་པར་འགྱུར་བ་ནི། དམིགས་ཡུལ་གྱི་སེམས་ཅན་ཅི་ཙམ་ཕོངས་ཤིང་རྒུད་པས་ཉེན་པ་དེ་ལྟར་དེ་ལ་དམིགས་པའི་སྙིང་རྗེ་ལྷག་པར་འགྱུར་ལ། དེ་ཅི་ཙམ་ལྷག་པའི་ཚོད་ཙམ་དུ་དེ་དག་བསྐྱབ་པ་ལས་བྱུང་བའི་དགའ་བ་ལྷག་སྟེ། བུ་ལ་ཚེར་མ་ཟུག་པ་དང་། བུ་རྒྱལ་པོ་གདུག་པའི་ཁྲི་མུན་དུ་ཆུད་པ་གཉིས་མ་ལ་སེམས་ཁྲལ་སྐྱེ་ཕུལ་མི་འདྲ། དེའི་དབང་གིས་སྔ་མ་ཐོན་པ་དང་། ཕྱི་མ་ལས་ཐར་པའང་དགའ་བ་ཆེ་ཆུང་ཕྱོགས་མི་འདྲ་བ་ལྟ་བུའོ། །འཕགས་མཆོག་དམྱལ་བར་མང་དུ་འབྱོན་པའང་དེར་འབྱོན་པ་ལ་དགྱེས་ནས་ཡིན་གྱི། མི་དགྱེས་བཞིན་མིན་ལ། དེའང་དམྱལ་བ་ན་ཆེན་པོའི་འབྱོར་པ་བླ་མེད་ཡོད་པའི་དབང་གིས་ཏེ། ཆེན་པོའི་འབྱོར་པ་ནི། ཆེན་པོ་ནི་འཁྲི་ཤིང་ལ། ཟླ་བའི་ཀུན་དགའ་ཉི་མའི་རབ་གསལ་དང་། །སོགས་དང་། སློབ་སྤྲིང་དུ། རང་དོན་འགལ་མེད་ཆེན་པོ་རྣམས་ཀྱི་རང་བཞིན་དེ་འདྲ་སྟེ། །ཞེས་དང་། དབུ་མ་སྙིང་པོའི་ལེའུ་དང་པོར། རིགས་ངན་དང་རྒྱལ་པོ་ཆེན་པོའི་དཔེས་བཤད་པ་ལྟར་ཡིན་ཅིང་། དེའི་འབྱོར་པ་ནི་སེམས་ཅན་ཡོངས་སུ་སྨིན་པའི་གཞན་ཕན་གྱི་

TN03_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༡)དགའ་བའོ། །དེའི་ཕྱིར་འཁོར་སྒྱུར་ལྷའི་སྐྱེད་ཚལ་དུ་འཇུག་པ་ལྟ་བུར་ཟ་མ་ཏོག་ལས་གསུངས། གཞན་ཕན་གྱི་དགའ་བ་ཅི་ཙམ་ཡོད་པ་གསལ་བར་ཕོངས་པ་ལ་རང་སྲོག་དང་རྒྱལ་སྲིད་ཆེན་པོ་བྱིན་ཚེ་རྟེན་གྱི་དགའ་བ་ཕུལ་བྱུང་གི་ཚོད་ཙམ་ཡུལ་ལ་མེད་པར་མདོ་རྒྱན་ལས་དང་། འཇུག་པར། །ཇི་ལྟར་བྱིན་ཅིག་ཅེས་སྒྲ་སོགས་ཀྱི་འགྲེས་སྦྱར་ན་སླ། །དེ་འདྲའི་གཞན་ཕན་གྱི་བདེ་བ་ནི་གཞན་འཕྲུལ་འདོད་བདེ་དང་ཚངས་པའི་བསམ་གཏན་བདེ་བ་དང་ཉན་རང་གི་ཞི་བའི་བདེ་བ་གང་གིས་ཀྱང་མི་མཚོན་པར། སློབ་སྤྲིང་གི །གཞན་ཕན་དགའ་བ་རྣམས་ཀྱི་སོགས་དང་། སྤྱོད་འཇུག་གི སེམས་ཅན་རྣམས་ནི་གྲོལ་བ་ན། །སོགས་ལྟར་རོ། །སྤྱན་རས་གཟིགས་ཀྱི་དབང་པོའི་མཚན་དོན་ཐད། རང་བཞིན་དག་པའི་ཆོས་ལ་གཟིགས་པ་ལ་དབང་ཐོབ་པའམ་དབང་སྒྱུར་བརྙེས་པའི་དོན་ནི། །སྙིང་རྗེ་ཤིན་ཏུ་ཤུགས་དྲག་སྟོབས་ལྡན་གྱི་རྩིའི་གཞན་དབང་དུ་གྱུར་པའི་སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་འཛིན་ཕུལ་བྱུང་གི་མཐུས་བསམ་གཏན་རྣམས་བཟློག་ནས་འདོད་ཁམས་སུ་འགྲོ་བ་ལྔའི་གཟུགས་སྣ་ཚོགས་སུ་སྐྱེ་བ་སྟོན་པ་དང་། རང་བཞིན་དག་པའི་ཆོས་ལ་དམིགས་པའི་ཏིང་འཛིན་གོམས་པས་འགོག་པ་ཐོབ་པ་ཞེས་བསྐལ་བ་ལ་སོགས་པར་

TN03_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༢)རང་བཞིན་དག་པའི་དབྱིངས་ལས་མི་ལྡང་བའི་མཐུ་ཡུན་རིང་མོ་ནས་ཐོབ་ཀྱང་། ས་བདུན་པར་བློ་ལྷག་སྟོབས་ཀྱིས་ཞི་མཐའ་འགོག་པའི་ནུས་པ་ཐོབ་ཅིང་། ས་དགུ་པར་ཞི་མཐའི་འཇིགས་པ་དང་བྲལ་ནས་ཡུན་རིང་ལོན་པ་ལ་སོགས་པའི་སྒོ་ནས་ཟག་མེད་ཀྱི་དབྱིངས་སུ་མི་ལྷུང་བར་འཁོར་བར་གཟུགས་སྣ་ཚོགས་འཛིན་པ་སྟེ། མདོར་ན་རང་བཞིན་དག་པའི་དབྱིངས་ལ་གཟིགས་པའི་ཏིང་ངེ་འཛིན་རྩལ་རྫོགས་ཀྱང་རྣལ་འབྱོར་པ་ཏིང་ངེ་འཛིན་གྱི་གཞན་དབང་དུ་ཕར་མི་འཆོར་བར། ཏིང་ངེ་འཛིན་དེ་རྣལ་འབྱོར་པའི་རང་དབང་དུ་ཚུར་འདུས་ནས་གང་འདོད་བྱར་ཡོད་པ་སྟེ། འདི་ཀོ་ས་ལའི་རྒྱན་ལ་བརྟེན་ནས་བཤད་དོ། ༈ །པད་གླིང་གཏེར་བྱོན་གཡུ་སྒྲོན་མའི་སྒྲུབ་ཐབས་དང་པྲ་སྒྲུབ་ན། བདག་བསྐྱེད་ཐུགས་རྗེ་ཆེན་པོའི་བྱེད་པར་བཤད་དེ། པྲ་སྒྲུབ་ལ་བདག་བསྐྱེད་དེ་ལྟར་བསྔགས་པ་ནི། པྲ་སྔགས་ལ་ཆུ་བུར་མིག་གི་སྒོ་སོལ། ཞེས་མེད་པར་སྔགས་འབྲུ་དྲུག་དང་། སྤྱན་རས་གཟིགས་ཀྱི་མོ་སྟོན་ཞེས་འབྱུང་བ་ལྟར་སྤྱན་རས་གཟིགས་མིག་འབྱེད་དམ་སྤྱན་འབྱེད་ཀྱི་ལྷར་བསྔགས་པའི་རྒྱུ་མཚན་གྱིས་ཡིན་པར་མངོན། ཡོ་ག་ལས་མངོན་ཤེས་ཀྱི་ལྷར་བསྔགས་པ་ཏིང་ངེ་འཛིན་གྱི་ལྷར་སེམས་དཔའ་བཅུ་དྲུག་འབྱུང་བའི་ཐད་ནས་གསུངས་པ་ལྟ་བུའི་གནད་

TN03_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༣)ཀྱིས་ཡིན་ཏེ། དེའི་སྟེང་ནས་ཀྱང་རྣོ་མཐོང་མངོན་ཤེས་རིགས་སྤྱི་ལ་བསྔགས་པར་རྟོགས་ནུས་པ་འདྲ་སྟེ་ གསང་བ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་དཀྱིལ་ཆོག་རྔོར་ཕྲེང་དང་སྔགས་རིམ་ལས་ཀྱང་སྤྱན་རས་གཟིགས་ལ་བརྟེན་ནས་རྨི་ལམ་བརྟགས་པ་གསུངས་སོ། ༈ །སྤྱན་རས་གཟིགས་དབང་ཕྱུག་གི་སྒྲའི་ཟུར་ཕྱི་མ་འདིར་འདི་ངེས་ན་བྲིས་པ་འདིའི་རིགས་པ་སྦྱར་ན། སྲིབ་ངོ་འདིར་འཁོད་འདི་ནི་སྟོང་རྟོགས་སོར་རྟོག་ཡེ་ཤེས་ལ་སྦྱར་བ་སྟེ། དེས་དཔགས་ནས་སྙིང་རྗེ་ལ་སྦྱར་ན། འཁོར་བ་པ་རྣམས་ལ་སྙིང་རྗེའི་འཛུམ་མིག་རྟག་ཏུ་ཆགས་པས་འཁོར་བར་སྐྱེ་བ་འཛིན་ཀྱང་མི་དམིགས་པའི་ཤེས་རབ་ཀྱིས་ཤིན་ཏུ་ཟིན་པའམ་དམིགས་མེད་ཀྱི་སྙིང་རྗེ་ཡིན་ཕྱིར་རང་དབང་བརྙེས་པས་ཅི་འདོད་དུ་འཁོར་བ་ན་གཟུགས་འཛིན་པར་ཟད་ཀྱི། འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་པས་ཀྱང་་། སོགས་ལྟར་དབང་མེད་དུ་སྐྱེ་བ་སོགས་མིན་གྱི། སྙིང་རྗེས་འཁོར་བ་འཛིན་བཞིན་དུ་དག་པའི་ཆོས་དབྱིངས་སུ་འདོད་དགུར་སྤྱོད་ནུས་པའོ། །སོར་རྟོག་དང་སྦྱོར་ཚེ་ཀུན་སྙིང་དང་ཤཱཀྱ་མི་ཏྲ་ཅུང་མི་འདྲའམ་དཔྱོད། གྲུབ་ཆེན་མི་ཏྲ་ལྟར་ན། ཡོ་ག་དང་བསྟུན་ཚེ་མ་ི་རང་བཞིན་དག་པའི་རྣལ་འབྱོར་དང་། པདྨེ་གཟུགས་སྣ་ཚོགས་ལ་སྦྱར་ནས་ཟབ་རྒྱས་ཀྱི་མདོ་སྡེ་བསྡུས་པར་

TN03_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༤)བཤད་ལོ། བཀའ་འབུམ་ན་པདྨེ་ཤེས་རབ་དང་། མི་ཏྲས་པདྨེ་ཐབས་ལ་སྦྱར་མོད། གཉིས་ཀ་ཕྱག་མཚན་བཞིན་དུ་བྱ་རྒྱུ་ཡིན་ཏེ། མ་ི་པདྨེ་ཞེས་པའང་ནོར་བུ་པདྨ་ཅན་ཞེས་པར་བཤད་པས་ནོར་པད་འཛིན་པ་ཞེས་པའམ་ཕྱག་ན་ནོར་པད་ཞེས་པར་འགྱུར་བས་སོ། །གུར་འགྲེལ་དང་བསྟུན་ཚེ་ཕྱག་མཚན་ལ་མི་བྱེད་པ་འདྲ། དེས་ན་གུར་འགྲེལ་ན་མ་ི་པདྨེ་གཉིས་ཀ་སོར་རྟོག་ལ་སྦྱར་ཡང་། བཀའ་འབུམ་ན་མ་ི་སྟེ་བགྲང་ནོར་སྙིང་རྗེར་སྦྱར་བ་་འགྲོས་ཐ་དད་རེད་དམ་བརྟགས། ཡང་ན་མི་ཏྲའི་བཤད་ཚུལ་ཡང་ཕྱག་མཚན་ལ་སྦྱོར་མི་དགོས་སམ་སྟེ། རྗེ་དགེ་འདུན་རྒྱ་མཚོས་ཡེ་ཞེས་པ་ཅན་ལ་མ་བཤད་པར་འབོད་པ་ལ་བཤད་པ་ལྟ་བུ། གལ་ཏེ་མི་ཏྲ་དང་བཀའ་འབུམ་བསྟུན་རྒྱུ་བྱེད་ན། ཀྲི་ཡོག་གི་པདྨའི་བཤད་ལུགས་མི་འདྲ་སྟེ། བྱ་སྤྱོད་དུ་པདྨ་དཀར་པོ་མཛད་ནས་པདྨ་སྙིང་རྗེ་དང་། དེའི་ཁ་དོག་དཀར་པོ་རང་བཞིན་དག་པ་མཁྱེན་པའི་སོར་རྟོག་ཡེ་ཤེས་ལ་སྦྱར། ཡོ་གར་པདྨ་དམར་པོ་མཛད་ནས་པདྨ་ཆོས་ཀྱི་ཏིང་འཛིན་ནམ་རང་བཞིན་དག་པའི་ཏིང་འཛིན་དང་། དམར་བ་སྙིང་རྗེ་ལ་སྦྱར། དེ་བཞིན་དུ་པད་དཀར་ཁོ་ནའང་ཁྱད་གཞི་འམ་རྟེན་གཞིའི་སྟེང་ནས་བཤད་ཚེ་མི་ཏྲ་ལྟར་དང་། ཁྱད་ཆོས་སམ་རྟེན་ཆོས་ཀྱི་ངོས་ནས་བཤད་ན་བཀའ་འབུམ་ལྟར་

TN03_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༥)འགྱུར། །མ་ི་བགྲང་ནོར་དུ་བྱེད་ཚེའང་། ཡིད་སྐྱོབ་ཀྱི་ཆ་ནས་རང་རྒྱུད་ལྡན་སྐྱོབ་ཚེ་མི་ཏྲ་ལྟར། གཞན་རྒྱུད་སྐྱོབ་པར་སྦྱར་ཚེ་བཀའ་འབུམ་ལྟར། འདི་ཐམས་ཅད་དཔྱད་གཞིར་བཀོད། ༈ །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པ་རྣམས་ཀྱི་ལུས་ནི་ཐེག་པ་ཆེན་པོའི་དམ་པའི་ཆོས་ཀྱི་རང་བཞིན་གྱི་ལུས་ཡིན་ཕྱིར། གོམ་པ་འདེགས་འཇོག །ལག་པ་བརྐྱང་བསྐུམ། དབུགས་འབྱུང་རྔུབ། སེམས་སེམས་བྱུང་། སེམས་བསྐྱེད་པའི་སྐད་ཅིག་ཐམས་ཅད་ཕ་རོལ་ཕྱིན་དྲུག་དང་ལྡན་པ་ཁོ་ནར་འབྱུང་སྟེ། སྤོས་ཀྱི་རིགས་འབུམ་ཕྲག་སྦྱར་བའི་ཕྱི་མའམ་ལྡེ་གུ་ལ་སྤོས་སྣ་གཞན་དང་མ་འདྲེས་མ་བསྒོས་པའི་སྤོས་རྡུལ་ཅིག་ལེན་རྒྱུ་མེད་པ་ལྟ་བུར་མདོ་ལས་གསུངས། ཡིག་དྲུག་ཕྱིན་དྲུག་གི་ངོ་བོ་ཉིད་ཡིན་ཅིང་། ལྷ་སྔགས་ཡེ་ཤེས་དབྱེར་མེད་པས་སྤྱན་རས་གཟིགས་ཀྱི་གསང་གསུམ་གྱི་ཆ་ཕྲ་མོ་རེའང་ཡིག་དྲུག་འདུས་པའི་རང་བཞིན་མ་ཡིན་པ་མེད་ལ། ཡིག་དྲུག་གི་ཡིག་འབྲུ་རེ་རེའི་ཐོག་མཐའ་དབུས་ཀྱི་ཆ་ཕྲ་མོ་རེ་ཡང་རྗེ་བཙུན་གྱི་ཐུགས་རྒྱུད་ཀྱི་ཕྱིན་དྲུག་ཀུན་འདུས་ཀྱི་རང་བཞིན་མིན་པ་ཡོང་ཡེ་མེད་པར་ཤེས་པར་བྱའོ། ༈ །གཡས་པའི་ཕྲེང་བ་སྙིང་རྗེ། གཡོན་པའི་པདྨ་ཤེས་རབ་ལྟ་བུ་མི་ཟེར་བར། ཕྲེང་བས་སྟོང་ཉིད་

TN03_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༦)སྙིང་རྗེས་གྲངས་མེད་པའི་སེམས་ཅན་ཡང་ཡང་སྐྱོབ་པའི་ཡོན་ཏན་དང་། པདྨས་སྟོང་ཉིད་སྙིང་རྗེའི་མི་གོས་པའི་ཡོན་ཏན་མཚོན་ཏེ། མདོར་ན་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རྣལ་འབྱོར་གྱིས་གཞན་ཡིད་སྐྱོབ་པ་དང་། རང་རྒྱུད་མི་གོས་པའི་ཡོན་ཏན་སོ་སོར་སྟོན་ནམ་བྱའམ་དཔྱད། ༈ །འོག་བྲིས་འདིས་དག་ཐེར། གླེང་གཞི་ནི། སྤྱིར་བོད་དང་བོད་ཆེན་གྱི་ཡུལ་ཡང་མི་མཇེད་ཀྱི་ཞིང་གི་ཁོངས་སུ་ཐུབ་པས་བཟུང་བ་སྨོས་མི་དགོས་ཀྱང་། ནང་གསེས་སུ་རྒྱལ་སྲས་ཆེན་པོ་སོ་སོ་བཞུགས་ནས་བརྐྱང་བའི་ཁྱད་པར་དུ་མ་ཡོད་པ་ལས། བོད་འདྲེ་སྲིན་གདུག་པའི་ཡུལ་འདི་སྔ་ནས་རྗེ་འདིས་རང་གི་བཞུགས་གནས་དང་གདུལ་ཞིང་དུ་ཐུགས་རྗེ་དང་སྨོན་ལམ་གྱི་ས་བཟུང་ཞིང་བྱིན་གྱིས་བརླབས་ནས། ཁོ་བོ་ལ་སོགས་འོག་བྲིས་ལྟར་རོ། །དེས་ན་བདེ་བ་ཅན་དུ་སྐྱེས་ཚད་འོད་དཔག་མེད་ལ་འབྲེལ་བ་ཆེ་བ་ཁོ་ན་ཡིན་པར་དཔོགས་ནུས་པ་ལྟར་བསྟན་པ་འདི་ལ་མི་མཇེད་དུ་སྐྱེས་ཚད་ཤཱཀྱའི་རྒྱལ་པོས་སྔོན་བསྡུ་བཞིའི་སྤྱོད་པའི་ཤས་ཀྱིས་ཟིན་པ་རེ་ཡིན་དགོས་ཏེ། དེའི་ཞིང་ཡིན་པའི་ཕྱིར། དེ་ལས་ཀྱང་བོད་དུ་སྐྱེས་ཚད་སྤྱན་རས་གཟིགས་ལ་ལྷག་པར་ལས་འབྲེལ་ཆེ་བ་ཁོ་ན་ཡིན་པར་བསྟན་པ་འདིར་བོད་དུ་སྐྱེས་པའི་རྟགས་ཀྱི་དཔོགས་ནུས། དེས་ན་འདི་ཐམས་ཅད་

TN03_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༧)ཀྱི་རྩ་བར་སྟོན་པས་བོད་འདི་འཕགས་པ་འདི་ལ་གཏད་ཅིང་ལུང་བསྟན་པ་དེ་གྲུབ་ན་དེས་འཐུས་ལ། དེ་ནི་ཆོས་རྒྱལ་བཀའ་འབུམ་དང་། བཀའ་ཆེམས་ཀ་ཁོལ་མ་སོགས་ཀྱིས་འགྲུབ་ཅིང་། ཕྱག་རྡོར་དབང་བསྐུར་གྱི། བྱང་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་ལག་ན་པདྨ་འགྲུབ་བོ། །ཞེས་པའང་དེ་ལྟར་རོ། །བོད་འདི་ཤཱཀྱའི་རྒྱལ་པོའི་ཞིང་གི་ཆ་ཤས་སུ་འདོད་དགོས་ལ། ཞིང་གཅིག་ན་སྟོན་པ་གཅིག་ཏུ་ཟད་པས་སྤྱན་རས་གཟིགས་ཀྱི་ཞིང་དུ་ཇི་ལྟར་ཞེ་ན། གླིང་བཞི་ཡོངས་རྫོགས་འཁོར་སྒྱུར་གཅིག་གི་མངའ་འོག་ཡིན་ཡང་། ནང་གསེས་སུ་ཁམས་ཀྱི་རྒྱལ་པོ་བརྒྱད་ཁྲི་སོགས་ལ་སོ་སོར་དབང་བའི་ཡུལ་འཁོར་རིས་སུ་བཅད་པ་རེ་ཡོད་པ་མི་འགལ་བ་ལྟ་བུ་སྟེ། རྗེ་བཙུན་འདི་འོག་མིན་དུ་སངས་རྒྱས་ཟིན་དང་། བདེ་བ་ཅན་ན་རྒྱལ་ཚབ་གཅིག་པུ་ཡིན་ཡང་ཞིང་འདིར་མཛད་པ་བསྟན་ཚུལ་ལ་བསམ་དགོས། ༈ །མ་ི་ནི་ནོར་བུ་སྟེ། རྟོག་པ་མེད་པ་དང་། དགོས་འདོད་སྦྱིན་པ་གཉིས་ཀྱི་གཞི་མཐུན་ལྟར། སྤྲོས་པའི་རྟོག་པ་མེད་པ་དང་། གཞན་དོན་གྱི་ཕྲིན་ལས་རྟག་ཁྱབ་ཏུ་འབྱུང་བའི་གཞི་མཐུན་ཏེ། དེ་འདྲ་སྟོང་རྟོགས་ཀྱི་ཤེས་རབ་རྐྱང་པ་གོམས་པ་ལ་མེད་ཀྱི། སྟོང་རྟོགས་དེ་སྙིང་རྗེའི་སྙིང་པོ་ཅན་དུ་བྱས་ནས་མཐར་ཕྱིན་པ་ཁོ་ན་

TN03_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༨)ལས་སོ། །དེས་ན་མ་ི་ཞེས་པས་སྟོང་རྟོགས་ཀྱི་ཤེས་རབ་བསྟན་པ་ཙམ་མིན་ཏེ། དེ་ལ་དགོས་འདོད་འབྱུང་བའི་དོན་མ་ཚང་བའི་ཕྱིར་རོ། །དེས་ན་ཤེས་རབ་དེ་སྙིང་རྗེའི་སྙིང་པོ་ཅན་དང་། ཤེས་རབ་དེ་ཉིད་ཀྱིས་སྲིད་ཞིའི་མཐའ་གཉིས་སེལ་ཚུལ་ལམ། དོན་གཉིས་ཕུན་ཚོགས་སྟེར་ཚུལ་སྟོན་པའི་ཚིག་ནུས་ཆེན་པོ་དང་། སྟོན་ཚུལ་ཁྱད་པ་ཅན་ཡིན་པས་འཇམ་ཞུད་མ་བྱེད། དེའི་འགྲོས་ཀྱིས། པདྨ་ཡང་ཆུ་ལས་སྐྱེས་ཤིང་ཆུའི་དཔལ་དུ་གྱུར་པ་དང་། སྙིང་རྗེ་དེ་ཕུལ་དུ་བྱུང་བའི་ཡོན་ཏན་གྱི་ལང་ཚོ་འཇིག་རྟེན་སྡུད་པས་འཁོར་བའི་གནས་ལ་མཛེས་པ་སྐྱེད་ཅིང་ཉམ་དགའ་དགའ་ལྟར་བྱེད་པས། ཡོན་ཏན་ནི་གཞན་ལ་ཕན་འདོགས་པའི་ཡོན་ཏན་ནོ། །ཆུའི་ཉེས་པ་ཉ་ལྕི་བས་དང་འདམ་གྱི་སྐྱ་དྲི་སོགས་ཀྱིས་མ་གོས་ཤིང་དཀར་མདངས་དྲི་མེད་ཉིས་ཚོགས་ཀྱི་སྟེང་ནས་སྙིང་རྗེ་སྟོང་ཉིད་ཀྱི་སྙིང་པོ་ཅན་ཞེས་དམིགས་མེད་ཀྱི་སྙིང་རྗེ་འཆད་ཚུལ་ཤེས་སླ། ༈ །འཕགས་པས་པདྨ་དམ་པ་ལ་མ་ི་བྱིན་པའི་ཚེ་གླིང་བཞི་ལྷ་གནས་དང་བཅས་པ་ཤིང་ཆུ་སྐྱེས་ཀྱི་འདབ་མ་བཞིན་དུ་འགུལ། རྒྱ་མཚོ་བཞི་ཡང་འཁྲུགས། བགེགས་དང་བར་ཆད་བྱེད་པ་ཐམས་ཅད་ཀྱང་སྐྲག་ཅིང་བྲོས་པར་གསུངས་ཏེ། ཕྱག་སྟོང་སྤྱན་སྟོང་གི་མདོར། རིག་སྔགས་འདིས་ནི་རི་རྣམས་འཇོམས་ཤིང་རྒྱ་མཚོ་ཆེན་པོ་སྐེམ་པར་བྱེད་དོ། །ལྷ་མ་ཡིན་གྱི་དམག་རྣམས་རྣམ་པར་བཅོམ་

TN03_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

(༣༦༩)ནས་ཕམ་པར་བྱེད་དོ། །ཡུལ་འཁོར་རྣམས་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་རྣམས་ཡོངས་སུ་སྲུང་བར་བྱེད་ད། །འདྲེ་གདོན་དང་། ནད་དང་། སྨན་གྱི་དུག་དང་། སྲིན་བུའི་དུག་དང་། ལོག་པ་དང་། མ་རུངས་པའི་མི་རྣམས་ཕམ་ཞིང་རབ་ཏུ་ཞི་བར་བྱེད་དོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བཏུལ་ནས་རབ་ཏུ་དུལ་བར་བྱེད་དོ། །ཞེས་གསུངས་པ་དང་འདྲའོ། །ཟ་མ་ཏོག་གི་གོང་འོག་གཉིས་ཙམ་ན། ཕྱག་བརྒྱ་སྟོང་པ། སྤྱན་བྱེ་བ་བརྒྱ་སྟོང་པ། །དབུ་བཅུ་གཅིག་པ་ཞེས་འབྱུང་ཞིང་། དོན་ཡོད་པའི་ཞགས་པ་སྟོན་པ། ཞེས་འབྱུང་བ་འཕགས་པ་ཡི་གེ་དྲུག་པ་ལ་བསྔགས་པའི་སྐབས་ཡིན་པས། ཡིག་དྲུག་ཉིད་བཅུ་གཅིག་ཞལ་དང་དོན་ཞགས་ཀྱི་སྔགས་སུ་ཡང་འགྱུར་བར་ཤེས་ནུས་སམ་དཔྱོད། ༈ །ཡང་གཤིན་རྗེའི་རྒྱལ་པོས་བསྟོད་པར། ནད་ལས་ཡོངས་སུ་ཐར་བར་མཛད་པ། ཞེས་པས་ནད་ཞིའི་སྔགས་སུ་འགྲུབ་བམ་སྙམ་པའང་དེ་བཞིན་ནོ། ༈ །ཡང་ཕྱག་སྟོང་སྤྱན་སྟོང་ལས། ཟས་སྐོམ་དུག་ཅན་གྱིས་ནི་གསོད་པའི་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །དུག་ཉིད་ཟིལ་མངར་ཟས་སྐོམ་ཉིད་དུ་འགྱུར། །ཞེས་སོ། ༈ །ཀུན་སྙིང་གི་འགྲོ་འདུལ་འགྲེལ་པར། ཆོས་ཐམས་ཅད་རང་

TN03_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༠)བཞིན་གྱིས་རྣམ་པར་དག་པ་བདག་ཡིན་ནོ་ཞེས་བསྒོམ་ལ་ནང་གི་བདག་ཉིད་ཅན་གྱི་ཁྲུས་བྱས་ཏེ། སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ་དངོས་པོར་འཛིན་པའི་མངོན་པར་ཞེན་པ་མི་བྱའོ། །ཞེས་སོ། །འདི་དང་ཨ་བ་ཏ་རའི། དཔའ་བོའི་རང་བཞིན་གྱི་ང་རྒྱལ་བྱ་སོགས་བསྒྲིག་ཚེ་པདྨ་དཀར་པོའི་ཁ་དོག་གི་དེ་ཉིད་ཀྱིས་བགེགས་དང་ཉམས་གྲིབ་སོགས་སེལ་ཚུལ་ཤེས། ༈ །རྡོ་རྗེ་ཆོས་ནི་གླུར་བླང་བས། ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོའི་སེམས་དང་སེམས་ལས་བྱུང་བ་དང་པདྨའི་རིགས་ནི་རྡོ་རྗེ་ཆོས་སོ། །དེ་གླུར་བླང་བ་ནི་ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པའོ། །ཞེས་སོ་སོར་རྟོག་པ་སྟེ། །དེའང་གསལ་བའི་དབྱེ་བས་རྣམ་པ་སྣ་ཚོགས་སོ་སོར་རྟོག་པ་ཡིན་ཏེ། དེ་བས་ན་གླུར་བླངས་པ་ཞེས་གསུངས་པ་ཡིན་ནོ། །ཞེས་དེ་ཉིད་སྣང་བ་ལས་སོ། ༈ །ལོ་རྒྱུས་ཐད། བོད་འདིར་ཕན་བདེའི་སྣང་བ་རྒྱ་ཆེར་འཆར་བའི་གླེང་གཞི་གཙོ་ཆེ་ཤོས་ནི། ཕྱོགས་འདིའི་འགྲོ་བ་རྣམས་འཕགས་པ་ལ་ལས་ཀྱི་འབྲེལ་བ་ལྷག་པར་ཆེ་ཞིང་། །འཕགས་པ་ཉིད་ཀྱི་སྔོན་གྱི་སྨོན་ལམ་གྱི་དབང་དང་། སྟོན་པས་ཀྱང་ཡུལ་འདི་རྗེ་བཙུན་འདིའི་གདུལ་ཞིང་དུ་བྱིན་གྱིས་བརླབས་པའི་མཐུས་སོ། །སྨོན་ལམ་ནི། །གངས་རིའི་ལྗོང་དེ་སྙིང་རྗེའི་བསིལ་འོད་དང་རྗེས་སུ་

TN03_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༡)མཐུན་པས་བདག་གི་ཞིང་དུ་དང་། དེར་ཁོ་བོ་ལ་ལས་སྨོན་གྱི་འབྲེལ་བ་ཅན་རྣམས་ཤས་ཆེར་འབྱུང་བར་དང་། །བདག་གི་མཐུས་དེ་ན་ཐམས་ཅད་ཀྱང་རིག་སྔགས་ཀྱི་རྒྱལ་མོ་སྨྲ་བར་གྱུར་ཅིག་སོགས་ཡིན་ཏེ། བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སྨོན་ལམ་གྱི་རིགས་པ་སྦྱར་བའོ། ༈ །འཕགས་པའི་རྣམ་ཐར་ནི་མདོ་སྡེ་བཞི་དང་མདོ་སྡེ་དུ་མའི་གླེང་གཞི་སོགས་ནས་རྒྱས་པར་འབྱུང་ལ། སྔགས་དང་དཀྱིལ་འཁོར་དང་བསམ་གཏན་དང་ཕྲིན་ལས་ལ་སོགས་པའི་སྒོ་ནས་རྒྱུད་སྡེ་བཞི་ཀ་ལས་ཡང་ཡང་གསུངས། འཕགས་མ་སྒྲོལ་མ་དཀར་སྔོ་དང་། གོས་དཀར་མོ། །ལོ་གྱོན་མ། རྨ་བྱ་ཆེན་མོ་སོགས་མགོན་པོ་འདིའི་ཏིང་ངེ་འཛིན་གྱི་སྐུའི་ཆ་ཤས་ལས་བྱུང་བར་གསུངས་ལ། དཔལ་ན་ག་ཛུ་ནས་དེ་དག་གི་ནང་ཚན་རྨ་བྱ་ཆེན་མོའི་རིག་སྔགས་ལ་བརྟེན་ནས་ཀླུའི་འཇིག་རྟེན་དུ་འགྲོ་བའི་དོན་མཛད་ཅིང་། རྒྱལ་བའི་ཡུམ་རྒྱས་པ་སོགས་མི་ཡུལ་དུ་སྤྱན་དྲངས་པར་གྲགས་ཏེ། འཇམ་དཔལ་རྩ་རྒྱུད་ལས། རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །ཅེས་གསུངས་པ་དང་མཐུན་ཏེ། ཀླུ་སྒྲུབ་ཀྱིས་ལྷ་འདི་གྲུབ་ལ་ཚད་བཟུང་མེད་ཀྱང་། འཇིག་རྟེན་ཡོངས་གྲགས་ལ་སྨོས་མ་ཐག་པའི་མཛད་པ་འདི་ཁོ་ན་གྲགས་ཆེ་བར་མ་

TN03_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༢)ཟད་ཀླུ་སྒྲུབ་ཅེས་པའི་མཚན་ཡང་དེའི་སྒོ་ནས་གསོལ་བ་ཡིན་ཅིང་། མཛད་པ་དེ་རྨ་བྱ་ཆེན་མོའི་རིག་སྔགས་ཀྱི་སྒོ་ནས་མཛད་ཅེས་བྱས་ན་ཐུགས་དམ་ལྷའི་ནང་ནས་དེ་ཁོ་ན་སྨོས་པའི་རྒྱུ་མཚན་ཡང་བཤད་བདེ་བ་འདྲ། དེར་མ་ཟད་བཤད་བྱ་ཤེར་ཕྱིན་གྱི་མདོ་སྡེ་སྤྱན་དྲངས། འཆད་བྱེད་དབུ་མ་རྩ་བ་མཛད་ནས་དེའི་མཚན་ལའང་ཤེས་མདོ་ལས་ཤེས་རབ་ཅེས་བཏགས་ཏེ། འདི་གཉིས་ཤིང་རྟའི་སྲོལ་འབྱེད་ཀྱི་དང་པོར་འཇོག་བྱེད་དང་། ཐེག་ཆེན་གྱི་བསྟན་པ་ལ་བཀའ་དྲིན་ཆེ་བར་བྱེད་པའི་སྒོ་ཆེ་ཤོས་སོ། །གཞན་ཡང་ཡེ་ཤེས་སྙིང་པོ། །ཙནྡྲ་གོ་མི། ཙརྤར་ཏི་པ། སྒྲ་མཁན་པ་ི། བྲམ་ཟེ་མོ་རབ་གསལ་ངང་ཚུལ། བྲམ་ཟེ་མཆོག་སྲེད། བྲམ་ཟེ་བ་སུ་ནེ་ཏྲ། དགེ་སློང་མ་དཔལ་མོ། ཚོང་དཔོན་གྱི་བུ་སུ་ཁ་དེ་བ་ཁྱོ་ཤུག་ཁངྒ་པ། ཀ་མ་ལ་གོ་མི། །དགེ་བསྙེན་ཞི་བའི་གོ་ཆ། བཛྲ་དེ་བ། དཔལ་ལྡན་མར་མེ་མཛད་ཡེ་ཤེས། གྲུབ་ཆེན་དཔེ་མེད་འཚོ། མི་ཏྲ་ཛོ་ཀི །རྣམ་རྒྱལ་གྲགས་པའི་ལྷ། སངས་རྒྱས་གསང་བ། སངས་རྒྱས་ཞི་བ་སོགས་འཕགས་པའི་རིག་སྔགས་གྲུབ་པའི་གཏམ་རྒྱུད་མང་། ལྷོ་ཕྱོགས་དཔལ་གྱི་རིར་ཀླུ་སྒྲུབ་ཀྱི་སྐུ་གདུང་གི་རྫུ་འཕྲུལ་གྱིས་རྡོ་ལ་བྱོན་པའི་འཕགས་པ་གཙོ་འཁོར་ལྔ་པ། ཨོ་ཊི་བི་ཤར་རྡོ་རྗེ་དྲིལ་བུ་པས་རྫུ་

TN03_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༣)འཕྲུལ་གྱིས་སྤྱན་དྲངས་པའི་རྡོ་སྐུ། ཤར་ཕྱོགས་ཁར་ས་པ་ིའི་ལྷ་ཁང་སོགས། ༈ །མི་དབང་གཽ་སཱ་ལ་ནི་ཁ་སར་པ་ིའི་གཙུག་ལག་ཁང་དུ་ཕྱིན་ནས་གསོལ་བ་བཏབ་པས་རྒྱལ་སྲིད་ཐོབ་བའོ། །གཏེར་སྟོན་ཆེན་པོ་ཕལ་ཆེར་གྱི་ཐུགས་དམ་གྱི་མཐིལ་ཡང་འདི་ལ་མཛད་དེ། ཉང་། ཆོས་དབང་། སངས་གླིང་། གཏེར་བདག་གླིང་པ་སོགས་ཀྱི་ལོ་རྒྱུས་ཀྱིས་ཤེས། ཕྱི་མ་འདིའང་བདེ་གཤེགས་ཀུན་འདུས་སུ། པདྨ་དབང་གི་སྙིང་ཁྲག་གཏེར་སྒོ་འབྱེད། །ཅེས་དང་། འགྱུར་མེད་རྡོ་རྗེ་པདྨའི་རིགས༔ ཞེས་སོ། །གློང་གཉིང་གི་དང་པོར་ཡང་ཐུགས་རྗེ་ཆེན་པོའི་སྐོར་བྱུང་ཚུལ་ཌ་ཀིའི་གསང་གཏམ་ལྟར། དེར། ཐུགས་རྗེ་ཆེན་པོའི་ཞལ་མཐོང་ཞིང་། །ཞེས་པ་ལྟར། བོད་གངས་ཅན་གྱི་ལྷ་གཅིག་སྙིང་རྗེའི་གཏེར། །སོགས་དང་། གསོལ་འདེབས་ཞལ་གཟིགས་མར། འཕགས་པས་རྗེས་སུ་བཟུང་བའི་རྟགས༔ སོགས། ༈ ཡི་གེ་ཕྱེད་བཞི་པ་དང་། ཁརྶ་པ་ིའི་ཡིག་བཞི་དང་། བྱ་རྒྱུད་དུ་ཛི་ཛི་ཛི་ནཾ་སོགས་དང་། དོན་ཞགས་དང་བཅུ་གཅིག་ཞལ་གྱི་གཟུངས་རིང་སོགས། འཕགས་པའི་རིག་སྔགས་མཐའ་ཡས་ཀྱང་། བྱིས་པ་བརྡ་མི་འཕྲོད་པ་ལ་ཡང་། བསླབ་མི་དགོས་པར་རང་ཤེས་སུ་འོང་བའི་སྒོ་ནས་སྐྱོབ་པ་

TN03_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༤)འཇིག་རྟེན་དབང་ཕྱུག་མི་མཆོག་དམན་མེད་པའི་སྙིང་དང་ཁའི་སྒོར་རིག་སྔགས་ཀྱི་གཟུགས་ཀྱིས་བཞུགས་ནས་བྱིན་གྱིས་རློབས་པའི་རྟགས་མི་འཁྲུལ་བ་མ་ི་འདི་ལ་མངོན་སུམ་དུ་གྲུབ་པ་འདྲ་བ་གང་ཡང་མི་སྣང་སྟེ། དེ་ལྟར་སྔགས་འདི་ནི་བོད་ལ་རང་བཞིན་གྱིས་གྲུབ་པར་ཤིན་ཏུ་གསལ་བ་ཡིན་ཞིང་། བོད་སྤྱིའི་ཆོས་སྐལ་གཅིག་པུ་ཟླ་མེད་ཅིང་། གཅིག་ཆོག་ཡིད་བཞིན་ནོར་བུའི་གཏེར་ཡིན་པར་ཤེས། ཟླ་མེད་པ་ཞེས་པ་འདི་ལ་མྱང་རྒྱུ་ཞིམ་པོ་ཡོད། ༈ །བཀའ་གདམས་བརྒྱུད་པ་ན་ཡང་། ཐུགས་རྗེ་ཆེན་པོའི་གྲུབ་ཐོབ། ཡོལ་ཆོས་དབང་། རྔོག་སྒོམ་ཡོན་ཏན་རྒྱལ་པོ། ཆག་ཁྲི་མཆོག་སོགས་ཇོ་བོའི་དངོས་སློབ་དང་། སླད་ནས་རྒྱལ་སྲས་རིན་པོ་ཆེ་ཐོགས་མེད་བཟང་པོ་དཔལ་སོགས་སྨྱུང་གནས་བརྒྱུད་པ་ཉི་ཕུག་པ་མན་ཆད་ཐམས་ཅད་དང་ཐིག་ལེ་བཅུ་དྲུག་གི་བརྒྱུད་པའི་བླ་མ་སོགས་བཟང་མང་བྱོན། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་ཀྱང་མ་ི་དུང་ཕྱུར་གཉིས་གསུངས། ༈ །ལྷ་འདིའི་རིགས་ཀྱི་ཞི་དྲག་གི་ལྷ་གཞན་རྣམས་ཀྱང་མཁྱེན་བརྩེ་ནུས་གསུམ་ལས་ཤས་ཆེར་བརྩེ་བའི་རིགས་ཀྱི་ལྷ་ཡིན་སྟབས་གཞན་ལས་བྱིན་རླབས་མྱུར་བ་ཤ་སྟག་སྟེ། སྒྲོལ་མ་དཀར་མོ། ལྗང་མོ། རྟ་མགྲིན། ཛམ་

TN03_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༥)དཀར། མགོན་པོ་མྱུར་མཛད་སོགས་སོ་ཞེས་ཀོང་སྤྲུལ་རིན་པོ་ཆེ་གསུང་། ༈ །རིགས་གསུམ་བྱེད་དུས། བརྩེ་བའི་རིགས་ལ་ནུས་པའི་རིགས་ཀྱི་དངོས་གྲུབ་ཚང་བ་ཆོས་དམིགས་ཀྱི་སྙིང་རྗེ་ལ་སེམས་ཅན་ལ་དམིགས་པ་ཚང་ཡང་གསུམ་དུ་ཕྱེ་བའི་སེམས་ཅན་ལ་དམིགས་པ་མིན་པ་ལྟ་བུ། བླ་མེད་དུའང་ལས་རིགས་པདྨའི་རིགས་སུ་འདུ་གསུངས། ༈ །བོད་འདིར་ཕྲིན་ལས་ཆེ་བའི་འཕགས་པའི་གདམ་པ་ནི། དཔལ་མོ་ལུགས་ཀྱི་སྨྱུང་གནས། ཇོ་བོའི་ཡི་གེ་དྲུག་པ། སྲོང་བཙན་བཀའ་འབུམ་རྣམས་ཡིན་སྣང་། ཕྱི་མ་འདི་གྲུབ་ཐོབ་དངོས་གྲུབ་ནས་རོག་བདེ་གཤེགས་ཆེན་པོ་ཤེས་རབ་འོད་དང་། མངའ་བདག་ཉང་གཉིས་ལ་བཀའ་བབས་ཤིང་། གྲུབ་མཐའ་ཐམས་ཅད་ལ་དར། ཆོས་དབང་ཡང་སྙིང་འདུས་པའང་ཕྲིན་ལས་ཚད་མེད། གཞན་ཡང་དམ་པ་དམར་པོ་བ་རི་ལྕོ། །གཉན་ཚེམ་བུ་པ་མཚན་དར་མ་འོད་ཟེར་ཏེ།་ འདི་ལ་འཕགས་པ་ཉིད་ཀྱིས་ཡི་གེ་དྲུག་པའི་བསྐྱེད་རྫོགས་ཀྱི་དམར་ཁྲིད་གནང་བ་ཟབ་པར་གྲགས་ཤིང་དམ་པ་དུ་མས་ཐུགས་དམ་མཛད། སོགས་ནས་བརྒྱུད་པ་མང་། དེ་འདྲ་རྣམས་རབ་བྱུང་དང་སྔགས་པ་རྣམས་ལ་དར་ཆེ་བ་རེད། མི་ནག་ཚོ་ལའང་རིས་མེད་དུ་ཁྱབ་པ་ནི། འབྲུ་དྲུག་ཆིག་རྐྱང་དེའོ། ༈ །ལྷན་སྐྱེས་རོལ་པས་མཛད་པའི་

TN03_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༦)སྒྲུབ་ཐབས་སུ། སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་རྟོག་པའི་སྔགས་ཀྱི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་འདི་མཚན་མ་མེད་པའི་སྦྱོར་བས་བལྟ་ཞིང་བཟླས་པ་བྱའོ། །ཨོཾ་མ་ི་པདྨེ་ཧཱུྃ། ཞེས་སོགས་རྒྱ་གཞུང་རྣམས་ལས་ཡིག་དྲུག་ཁོ་ན་འབྱུང་ཡང་། གཏེར་ཕྱོགས་སུ་ཡིག་བདུན་མང་ལ། དེའི་རྒྱུ་མཚན་ཡང་བྱང་གཏེར་ལས། ཕྱི་ནི་སྲོག་སྦས་ཞི་བའི་ཚུལ༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ ཞེས་པ་ནས། གསང་བ་སྲོག་གི་མཐའ་རྟེན་ཅན༔ སྙིགས་མའི་དུས་སུ་སྲོག་མཐར་རྟེན༔ ཞེས་གསུངས་ཏེ། སྤྱིར་ཡིག་དྲུག་རང་ཡང་ཐུགས་སྲོག་སྐུལ་བའི་སྔགས་ལས་མ་འདས་མོད། འོན་ཀྱང་གཉིས་ཀ་སྐུལ་བྱེད་ཡིག་དྲུག་དང་། བསྐུལ་བྱ་སྲོག་ཡིག །དངོས་སུ་སྦྲེལ་ནས་བཟླས་ན་ཐུགས་རྗེ་གནད་ནས་སྐུལ་བ་ལ་ལྷག་པར་རྣོ་བས། སྔགས་འགྲུབ་པར་དཀའ་བའི་དུས་སུ་འདི་གཙོ་བོར་གཟུང་ཞེས་པ་ཡིན་ནམ་དཔྱད། ༈ །རྡོ་རྗེ་སྙིང་པོ་རྒྱན་ལས་སོགས། འཕགས་ཡུལ་པ་ཆེན་ཚོས་ཀྱང་བྱང་སེམས་ཆེན་པོའི་ནང་ནས་སྤྱོད་པ་རྨད་བྱུང་འབུར་ཆ་ཐོན་པར་བསྔགས་ཏེ། བཤེས་སྤྲིང་དང་སྤྱོད་འཇུག་གསང་བ་གྲུབ་པར་སྔགས་ཀྱི་ལྷའི་ནང་ནས་ཀྱང་འབུར་དོད་དུ་གསུངས་ཤིང་བསྔགས། ལྷ་གཞན་གྱི་བསྟོད་པར་ཡང་བསྔགས་ཏེའམ་གཞན་ལ་བསྟོད་པའི་སྒོ་ནས་ཀྱང་འདི་ལ་སྟེ། ཐམས་ཅད་

TN03_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༧)མཁྱེན་བཤེས་ཀྱིས། འཕགས་པ་འཇིག་རྟེན་དབང་ཕྱུག་ཞབས་མཐིལ་བཀྲ་ཤིས་ཀྱི། སོགས་དང་། བྲམ་ཟེ་ཕུར་བུས། སྤྱན་རས་གཟིགས་དབང་སོགས་དང་། ཉི་མ་སྦས་པའི་ཕྱག་འཚལ་དང་པོའི་འགྲེལ་པ། དེ་ནས་རྒྱ་གར་དུ་གྲུབ་བརྙེས་བྱུང་རབས། ༈ །བཤེས་སྤྲིང་གི་དོན། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་བདག་ཉིད་ཆེ་བས་ཁམས་གསུམ་གྱི་དབང་པོ་བརྙེས་ནས་འགྲོ་བ་ཉམ་ཐག་རྣམས་ཀྱི་མགོན་མཛད་པའི་སྒོ་ནས་བྱང་སེམས་གཞན་ལས་འབུར་དོད་དུ་བསྔགས་པར་སྣང་། སྤྱོད་འཇུག་ཏུ། ཐུགས་རྗེའི་སྤྱོད་པ་མ་འཁྲུལ་པ། །ཞེས་ཕུལ་བྱུང་མ་ལྟར། ཐབས་མཁས་པའི་སྙིང་རྗེ་ཆེན་པོའི་སྒོ་ནས་བྱང་སེམས་ཀྱི་སྤྱོད་པ་འཁྲུལ་པ་སྟེ། དྲི་མའི་ནག་ནོག་ཅུང་ཟད་ཀྱང་མེད་པ། དེའི་ཚུལ་ཅུང་རྒྱས་ནི། དེ་བས་ཇི་ལྟར། ཡང་ན་ཐུགས་རྗེའི་སྤྱོད་པ་ནི། རིན་ཆེན་ཕྲེང་བར། རང་གི་དོན་ལ་མི་ལྟ་བར། །སོགས་ལྟར་གཞན་ཕན་གྱི་སྤྱོད་པ་རེད་ལ། དེ་མ་འཁྲུལ་པ་ནི་རང་དོན་ཡིད་བྱེད་སོགས་ཀྱི་དྲི་མ་མེད་པ་ཆུང་དུ་ན། སོགས་བྱིས་པ་རྣམས་ཅི་བྱེད་རང་བདེ་འདོད་པ་ཕུགས་བཅུག་ལས་མི་འདའ་ཞིང་། རང་འདོད་ལ་བར་གསེང་མི་འཆོར་བ་ལྟར། དེ་གོ་བཟློག་པའི་སྟེང་ནས་བསྔགས་ཏེ། འཁོར་གྱི་འཇིགས་པའང་བསལ་བའི་ཕྱིར། །ཞེས་

TN03_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༨)སྡོང་པོ་བཀོད་པའི་ལུང་དང་སྦྱར་བར་མཛད། འདིའང་བཤེས་སྤྲིང་གི །འགྲོ་བ་ཉམ་ཐག་མང་པོ་རྗེས་བཟུང་སྟེ། །ཞེས་པའི་རྒྱས་བཤད་ལྟ་བུར་འགྱུར། དེ་ལྟར་བདག་གཞན་མཉམ་བརྗེའི་སྒོ་ནས་བསྔགས་པ་འདིས། དེ་ལྟར་རྒྱུད་ནི་གོམས་གྱུར་པས། །སོགས་ལྟར་ལྷར་བཅས་འཇིག་རྟེན་ཉན་རང་མན་ཆད་དང་ཐུན་མོང་མ་ཡིན་པའི་གཞན་ཕན་གྱི་བདེ་བའི་འབྱོར་པ་རྒྱ་ཆེ་ལ་གྱ་ནོམ་པ་མི་འཕྲོག་པའི་སྒོ་ནས་བསྔགས་པར་ཡང་འགྲོ་སྟེ། ལྷ་དབང་དང་འཁོར་སྒྱུར་ལ་འདོད་ཡོན་གྱི་དཔལ་འབྱོར་དང་། ཚངས་པ་ལ་བསམ་གཏན་གྱི་དགའ་བས་བསྔགས་པ་སོགས་ནི། འདི་དང་གཤིབ་ན་ཉི་མའི་དྲུང་ན་མེ་ཁྱེར་དང་། ཛམ་གསེར་དང་ར་གན་བཞིན་ནོ། །མདོ་རྒྱན་དུ། རྒྱན་དང་སྟོན་མོ་ས་མཆོག་རྩེ་དགའ་བ། །སོགས་དང་གཅིག་རེད། ༈ །བོད་འབངས་སྤྲེའུ་དང་བྲག་སྲིན་ལས་ཆད་ཟེར་ཏེ། དེར་སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་ཞེས་གྲགས་པ་ལྟར་ན། རང་རེ་ཚོའི་རིགས་བརྒྱུད་ཀྱི་དང་པོ་ནས་འཕགས་མས་བྱིན་གྱིས་བརླབས་པར་མངོན། དེ་ནས་དམ་པའི་ཆོས་ཀྱི་སྲོལ་འཛུགས་པའི་ཐོག་མར་ལྷ་ཅིག་ཀོང་ཇོར་མཛད་དེ་ཇོ་བོ་རིན་པོ་ཆེ་བོད་ཡུལ་གྱི་ལྟེ་བར་སྤྱན་དྲངས་ནས་ས་གཞི་བྱིན་གྱིས་བརླབས། བཙན་པོ་ཁྲི་སྲོང་གིས་བསམ་ཡས་བཞེངས་དུས་ཀྱང་

TN03_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

(༣༧༩)སློབ་དཔོན་ཆེན་པོས་ཏཱ་རེའི་ལྷ་ཁང་མ་བཞེངས་བར་དུ་གཙུག་ལག་ཁང་བཞེངས་སུ་མི་བཏུབ་གསུངས་ཏེ་ཨརྻ་པ་ལོའི་གླིང་སྔོན་ལ་བརྩིགས། སློབ་དཔོན་ཆེན་པོའི་བཀའ་བརྒྱུད་གཙོ་བོར་གྱུར་པའི་བོད་འབངས་ལ་བཀའ་དྲིན་འགྲན་ཟླ་བྲལ་བ་ཇོ་མོ་མཚོ་རྒྱལ་ཡང་སྒྲོལ་མའི་སྐུའི་རྣམ་འགྱུར་ཁོ་ནར་རད་གླིང་དང་རིག་འཛིན་འཇིགས་མེད་གླིང་པ་དང་ལྔ་པ་ཆེན་པོའི་གདམས་ངག་སྐོར་ནས་གསུངས། ཕྱིས་སུ་གླང་དར་མས་བསྟན་པ་བསྣུབས་སྟེ་ལོ་ཆེན་རིན་བཟང་སོགས་ཀྱིས་ཀྱང་སོར་ཆུད་པར་གསོ་མ་ནུས་པའི་སྐབས་སུ་དཔལ་ལྡན་མར་མེ་མཛད་ཡེ་ཤེས་སྒྲོལ་མའི་ལུང་གིས་བསྐུལ་ནས་བྱོན་ཏེ་རྒྱལ་བསྟན་ཉིན་མོ་ལྟར་གསལ་བར་མཛད། འདིའི་དངོས་སློབ་ལ་ནག་ཚོ་ལོ་ཙཱ་བ་དང་། རྔོག་གསང་ཕུ་བ། ཀ་བ་ཤཱཀྱ་དབང་ཕྱུག །གློ་བོའི་ཡུལ་གྱི་སྟོན་པ་ཡང་རབ། གུང་ཐང་གི་སྒོམ་ཆེན་གཞོན་ནུ་ཚུལ་ཁྲིམས། ཞང་བཙུན་དྲི་མེད། བཙུན་པ་དགེ་བ་སྐྱོང་། རྣལ་འབྱོར་པ་ཁྲི་མཆོག་སོགས་སྒྲོལ་མའི་ཞལ་མཐོང་གི་གྲུབ་ཐོབ་མང་དུ་བྱུང་། རྣལ་འབྱོར་པ་ཁྲི་མཆོག་ཆོམ་རྐུན་གྱི་འཇིགས་པ་ལས་བསྐྱབས་པ་དང་། ཁ་རག་སྒོམ་ཆུང་གིས་སྲོགས་ཆགས་གྲངས་མེད་པ་རི་མེ་ཤོར་བས་འཚིག་ཏུ་ཉེ་བ་གཟིགས་ནས་སྒྲོལ་མ་ལ་

TN03_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༠)བོས་ཤིང་མེ་ནང་དུ་མཆོང་བས་ཆུས་བཏབ་ལྟར་ཞི་བ་དང་། ས་སྐྱ་བདག་ཆེན་བཟང་པོ་དཔལ་ལ་གདུང་རྒྱུད་ཀྱི་མཆོག་སྩལ་བ་དང་། རོང་པ་སྒ་ལོའི་སྲས་དང་ཉེ་གནས་ཁྲི་མོན་ནས་བཏོན་པ་དང་། གཉན་ལོ་རྒྱ་གར་དུ་དུག་སྦྲུལ་ལས་བསྐྱབས་པ་དང་། འབྲི་གུང་སྤྱན་སྔའི་ཉེ་གནས་ཧོར་མི་ཆེན་གྱི་ཆད་པ་ལས་བསྐྱབས་པ་དང་། སྟེང་བ་ལོ་ཙ། ཆག་དགྲ་བཅོམ། ཞྭ་དམར་རྟོགས་ལྡན་གྲགས་པ་སེང་གེ་སོགས་ཚད་ནད་ལས་དང་། བླ་མ་རིན་ཡེ་བ་ཆུའི་འཇིགས་པ་ལས་དང་། རྟ་པ་བདུན་ཆུས་ཁྱེར་བ་རྒྱལ་སྲས་ཆོས་རྫོངས་བས་སྒྲོལ་མ་ལ་གསོལ་འདེབས་མཛད་པས་བདེ་བར་བསྐྱབས་པ་སོགས་སྔོན་དང་ད་ལྟར་བྱུང་བ་གྲངས་མེད། སྤྱན་སྔ་བའི་སློབ་མ་དགེ་བཤེས་སྒྲེ་པས་སྣེའུ་ཟུར་བ་ལ་བདག་གིས་མི་གཡོ་བའི་ཡིག་བཅུ་བཟླས་པས་མི་གཡོ་བའི་ཞལ་མཐོང་སྟེ། དེའི་ཚེ་སྔོན་ལ་སྒྲོལ་མ་མཐོང་བ་ཞིག་བྱུང་བ་ཅིས་ཡིན་ཞུས་པས། ཡི་དམ་གྱི་ལྷ་གང་གི་ཞལ་མཐོང་ཡང་སྔོན་ལ་ལས་ཀྱི་ལྷ་མོ་ཡིན་པས་སྒྲོལ་མ་མཐོང་བ་ཆོས་ཉིད་ཡིན་གསུང་། ཞང་སྟོན་དགྲ་འཇིགས་ཀྱིས་ཀྱང་སྨན་བླ་དང་འཕགས་པ་བཅུ་གཅིག་ཞལ་མཇལ་ཚེ་ཐོག་མར་སྒྲོལ་མ་ཞལ་གཟིགས་གསུང་། ཆོས་རྒྱལ་འཕགས་པ་རིན་པོ་ཆེར་གཞན་གྱིས་སྔགས་ཀྱི་ལྷའི་ནང་ན་

TN03_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༡)འགྲུབ་ཐག་ཉེ་ཤོས་གང་ཡིན་དྲིས་པའི་ལན་དུ། གསང་སྔགས་ཕྱི་ནང་ཐུན་མོང་གི་ལྷའི་ནང་ན་འཕགས་མ་སྒྲོལ་མ་དང་། ཐུན་མིན་ལ་བདེ་མཆོག་ཉེ་ཞིང་མྱུར་བར་འཇམ་དབྱངས་ས་པ་གསུངས་པར་བཤད། འཇམ་དཔལ་རྩ་རྒྱུད་དུ། འདི་ནི་འབད་མེད་གྲུབ་པ་སྟེ། །ཞེས་སོ། །ཐུབ་བསྟན་རྒྱས་པའི་ཆེད་དུ་གནས་བརྟན་བཅུ་དྲུག་མཆོད་ཅིང་གསོལ་བ་གདབ་པ་བསྔགས་མོད་ཀྱི། ཐེག་ཆེན་གྱི་བསྟན་པ་རྒྱས་པ་དང་བསྟན་འཛིན་ལ་བར་ཆད་མེད་ཅིང་ཕྲིན་ལས་གོང་འཕེལ་དུ་བྱེད་པ་ལ་དེ་བས་ཀྱང་སྒྲོལ་མ་ལ་གསོལ་བ་བཏབ་ན་ཚན་ཆེ་སྟེ། བོད་ཀྱི་པཎྜི་ཏ་གཅིག་ལ་སྐུ་ཚེ་བརྒྱུད་མར་ཕྲིན་ལས་ཆེ་བ། རྗེ་དགེ་འདུན་གྲུབ་ཀྱིས་གཙང་དུ་ཆོས་གཞི་བཙུགས་པ་ན་སྐུ་རིམ་རྒྱབ་ཆོག་སྣ་ཁ་མང་པོ་མི་མཛད་པར་སྒྲོལ་བསྟོད་ཁོ་ན་འབུམ་ཐེར་མང་པོ་བསགས་པའི་ལོ་རྒྱུས་དང་། དགེ་འདུན་རྒྱ་མཚོའི་བསྟོད་ཊི་ཀ་ལས་ཀྱང་རྗེ་བཙུན་སྒྲོལ་མ་ཕྲིན་ལས་ཀྱི་ལྷ་ཡིན་པས་རྒྱལ་བའི་ཕྲིན་ལས་རྒྱས་པའི་ཆེད་དུ་གསོལ་བ་གདབ་པར་བྱའོ་ཞེས་གསུངས། ཡབ་རྗེ་ཀུན་མཁྱེན་བླ་མ་འཇིགས་མེད་གླིང་པས་ཀྱང་གྲུ་འཛིན་གྱི་བཀོད་པའི་སྟེང་མཁར་སྒྲོལ་མ་བཞུགས་པ་ཞལ་གཟིགས་ཤིང་། སྲོང་བཙན་བང་སོར་སྒྲོལ་བསྟོད་འབུམ་

TN03_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༢)ཐེར་བསགས་པས་འཇིག་རྟེན་དུ་དགེ་ལེགས་ཀྱི་མཚན་མ་བྱུང་བ་དང་། ཚེ་ལྗོངས་སུ་གཙུག་ལག་ཁང་བཞེངས་ཚེའང་ནང་རྟེན་གྱི་ཐོག་མར་སྒྲོལ་མའི་སྐུ་གཟུགས་བཞེངས་དགོས་པའི་ལུང་བསྟན་བྱུང་ཚུལ་དཀར་ཆག་ཏུ་རྒྱས་པར་བཞུགས། ༈ །ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་ལོ་རྒྱུས་ནི། བླ་མ་ར་ཧུ་ལ་གུབྟ་བཛྲ་གྱིས་རི་ནག་པོའི་ཁོང་གསེང་དུ་སྒྲུབ་པ་མཛད་པས་དགྱེས་རྡོར་སོགས་ཡི་དམ་མང་པོའི་ཞལ་གཟིགས། ཁྱད་པར་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མེད་པར་གཟིགས། དེས་དཔལ་ལྡན་ཨ་ཏི་ཤ་ལ་གནང་ནས་སོ་མ་པུ་རིའི་ནགས་སུ་ཟླ་བ་གསུམ་སྒྲུབ་པ་མཛད་པས་ཞལ་དངོས་སུ་བསྟན་ནས་བྱང་ཆུབ་སེམས་སྦྱོང་གི་གདམས་པ་སྩལ། ཇོ་བོ་ལ་ནག་ཚོ་ལོ་ཙཱ་བས་ལོ་བཅུ་དགུ་བསྟེན་ནས་རྒྱུད་དང་སྒྲུབ་ཐབས་མང་པོ་གསན་ཅིང་། ཁྱད་པར་ཇོ་བོའི་ཞལ་ནས། ཐུགས་རྗེ་ཆེན་པོ་སྒྲུབས་ཤིག་གསུངས་ཏེ་སྒྲུབ་པས་ཞལ་མཐོང་ཞིང་ལུང་བསྟན་མང་པོའང་གནང་། རྣལ་འབྱོར་པ་ཤེས་རབ་རྡོ་རྗེས་ཀྱང་ཇོ་བོ་ལས་གདམས་པ་བླངས་ཏེ་སྒྲུབ་པས་ཞལ་གཟིགས། ལན་ཅིག་གི་ཚེ་མ་ི་བཟླས་པས་ཞལ་ནས་འོད་ཟེར་ཤྭ་ཤྭ་འོང་བ་ལ། རྣལ་འབྱོར་པ་ཆེན་པོའི་ཞལ་ནས། སྒོམ་ཆེན་འདི་ཁོ་ན་རེ་སྐྱིད་བྱང་ཆུབ་ཀྱི་ཐུགས་མངའ་བ་གསུང་།

TN03_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༣)འདིས་གསང་ཕུ་དང་རྭ་སྒྲེང་གི་བར་དུ་འབྱོན་བཞུད་མཛད་པ་ལ་དྲོ་ཟན་འཁྱེར་མི་དགོས་གསུངས་ཏེ། རྐང་མགྱོགས་ཀྱི་རྫུ་འཕྲུལ་ཐོབ་པར་གྲགས། ནག་ཚོས་རོང་བ་ལག་སོར་བ་ཞེས་སྐྱེ་བ་གསུམ་དྲན་ཞིང་བསྒོམས་སྟོབས་ཀྱིས་རིག་པའི་གནས་ལྔ་ལ་མཁས་པ། དགེ་བཤེས་སྟོན་པ། རྣལ་འབྱོར་པ། དགོན་པ་བ། ཇོ་བོ་ལེགས། ཞང་བཙུན་ཡེར་བ་པ་སོགས་ཇོ་བོའི་དངོས་སློབ་བདུན་དང་། ཉིད་སློབ་གཉིས་ལ་ཐུག་པ་དེ་ལ་གནང་ཞིང་ལུང་བསྟན་མཛད། ཁོང་གིས་ལག་སོར་དགོན་དུ་ལོ་གསུམ་སྒྲུབ་པས་འཕགས་པ་དངོས་དང་མཇལ་ནས་ཁྱོད་ཀྱིས་ཚེ་འདི་ཉིད་དུ་གྲུབ་པ་ཐོབ་སྟེ། སློབ་མ་ཡང་སུམ་ཅུ་ཙམ་གྱིས་ང་མཐོང་བར་འགྱུར་ཞེས་ལུང་བསྟན། །ལག་སོར་བས་བ་ཡུ་བ་ཤེས་རབ་ཚུལ་ཁྲིམས་ལ་གདམས། དེས་ལོ་ལྔ་སྒྲུབ་པས་ཞལ་མཐོང་སྟེ་སྦྱོར་ལམ་ཆེན་པོ་བརྙེས། དེ་ལ་འཕགས་པ་ལྕེ་སྒོམ་དང་། མངའ་རིས་པ་ཤེས་རབ་རྒྱལ་མཚན་གཉིས་ཀྱིས་ཞུས་ཏེ། འདི་གཉིས་ཀྱང་ཚོགས་ལམ་ཆེན་པོ་པ་ཡིན་གསུངས། ལྕེ་སྒོམ་གྱིས་བྲག་ལྷ་བློ་ཕུག་ཏུ་སྒྲུབ་པས་ལོ་ངོ་བརྒྱད་ན་མཐོང་། མངའ་རིས་པས་རུ་མཚམས་ཀྱི་བྲག་ཕུག་ཏུ་སྒྲུབ་པས་ལོ་བཞི་ན་ཞལ་མཐོང་། འདི་ལ་རྒྱུན་དུ་མི་མ་ཡིན་རྣམས་ཀྱིས་འཚོ་བ་དྲངས་གསུང་། དེ་གཉིས་ཀ་ལ་གྲུབ་ཐོབ་

TN03_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༤)ཆེན་པོ་སྐྱེར་སྒང་བས་ཞུས་ཏེ། ལོ་ཕྱེད་དང་བཞིར་སྒྲུབ་པ་མཛད་པས་ཞལ་བསྟན་ནས། སྙིགས་མའི་དུས་སུ་ཞལ་མཐོང་བ་འབའ་ཞིག་གི་བརྒྱུད་པ་འབྱུང་བར་འགྱུར་རོ་ཞེས་ལུང་བསྟན་ཏེ། སློབ་མ་ཡང་ལྔ་བཅུ་ཙམ་གྱིས་ཞལ་མཐོང་། སྒྲུབ་པ་ལོ་གསུམ་བྱེད་པ་སོགས་ཀྱི་སྒོ་ནས་ཆོས་འདི་ལ་འབྲེལ་བ་བཞག་པའི་སློབ་མ་ནི་མཐའ་ཡས། དེས་སངས་རྒྱས་གཉན་སྟོན་ལ་གནང་། ཁོང་གིས་ལོ་གསུམ་སྒྲུབ་པས་ཡི་གེ་དྲུག་པ་དང་། ཁ་སརྤ་ི་དང་། བཅུ་གཅིག་ཞལ་ཕྱག་སྟོང་སྦྱན་སྟོང་རྣམས་ཞལ་གཟིགས་ཤིང་། སློབ་མའང་བཅུ་གཅིག་གིས་ཞལ་མཐོང་བར་འགྱུར་བའི་ལུང་བསྟན་མཛད། ཕྱིས་དེ་ཁོ་ན་བཞིན་བྱུང་གསུང་ངོ། །བླ་མ་དེས་སངས་རྒྱས་སྟོན་པ་ལ་གནང་ནས་དག་པའི་ཞིང་དུ་འགྲོ་ངེས་ཀྱི་སློབ་མ་བརྒྱ་རྩ་བརྒྱད་འབྱུང་བར་ལུང་བསྟན་པ་བཞིན་འགྲོ་བ་མང་པོའི་དོན་མཛད། དེ་ལ་མཁས་གྲུབ་ཤངས་སྟོན་ཆེན་པོས་ཞུས་ཏེ། ཐུགས་དམ་ལྷའི་གཙོ་བོར་མཛད། སྐུ་ལ་སྲིན་འབུ་མེད་ཅིང་། དྲི་མ་རང་སང་ཏེ་ཤེལ་ལྟར་དྭངས་པར་གྱུར་པས་གཙང་མ་ཤངས་སྟོན་དུ་གྲགས། ལྗགས་ཆབ་དང་དྲི་ཆུ་འཐུང་བྱུག་བགྱིས་པ་ཙམ་གྱིས་ནད་གདོན་ལས་གྲོལ་བ་དང་། མཐོང་བ་དང་ཐོས་པ་ཙམ་གྱིས་དགེ་སེམས་ཁྱད་པར་ཅན་སྐྱེ་བ་སོགས་རྣམ་ཐར་ངོ་མཚར་བ་མངའ། ཡང་སངས་རྒྱས་

TN03_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༥)སྟོན་པ་ལ་བླ་མ་ཨ་སེང་དང་མཁས་བཙུན་གཞོན་ནུ་གྲུབ་ཀྱིས་ཞུས་ནས་ཉམས་བཞེས་མཛད། དེ་དག་ནས་བྲག་པོ་ཆེ་བ་རྡོ་རྗེ་དཔལ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། རྒོད་ཕྲུག་རས་པར་གྲགས་པ་ཆོས་རྗེ་གྲགས་པ་འབྱུང་གནས་སོགས་ལ་བརྒྱུད་དེ་སོ་སོས་ཐུགས་ཉམས་སུ་བཞེས་ཤིང་འགྲོ་དོན་མཛད། དོན་བདུན་མའི་བླ་བརྒྱུད་ནང་གི་མཁན་ཆེན་བདེ་བ་དཔལ་དང་། དཀའ་བཞི་པ་གྲགས་གཞོན། མཁན་ཆེན་བསོད་ནམས་གྲགས་པ་སོགས་ཀྱིས་ཀྱང་ཆོས་འདིའི་ཕྲིན་ལས་བསྐྱངས་ཏེ། མཚོན་བྱེད་ཙམ་བཀོད་པའོ། །ཕྱིས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྐྱེར་སྒང་བའི་གདམས་པ་ཐམས་ཅད་ཚང་བར་གསན་ནས་མི་ལོ་བཅུ་བཞིའི་བར་མི་དང་མི་ཕྲད་པའི་སྨྲ་བཅད་ཁོ་ནས་མ་ི་དུང་ཕྱུར་གཉིས་བཟླས། ཁ་ཆེར་དགེ་སློང་པདྨ་ཀ་ར་སོགས་སྐུ་ཚེའི་ཕྲེང་བ་མང་པོར་ཐུགས་རྗེ་ཆེན་པོའི་སྒྲུབ་པ་པོར་གྱུར་བ་དྲན། མགོན་པོ་ཕྱག་དྲུག་སོགས་ཆོས་སྐྱོང་ཆེན་པོ་རྣམས་ཀྱི་སྤྱི་བོར་དམ་ཚིག་གི་རྡོ་རྗེ་བཞག་ཅིང་། ལྷ་འདྲེ་དྲེགས་པ་ཅན་མང་པོ་དམ་ལ་བཞག །རྒྱལ་བསྟན་ལ་གནོད་པའི་བོན་གྱི་འབུམ་པ་སོགས་ནུས་མེད་དུ་མཛད། བདེན་ཚིག་བརྗོད་པ་ཙམ་གྱིས་སྟག་བྱམས་པ་ལ་གནས་པ་དང་། དྲེད་དམག་གིས་ཁལ་བསྐྱལ་བ་སོགས་ནུས་པ་དཔག་ཏུ་མེད།

TN03_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༦)འཕགས་པའི་ལུང་བཞིན་ལྕགས་ཟམ་བྱང་ཆུབ་རྒྱུན་ལམ་བགྲང་དཀའ་བ་བཙུགས། ཀློ་ཡུལ་དཀར་པོར་བསྒྱུར། དབུས་གཙང་གིས་མདུད་སྒྲུབ་ཁང་གིས་མནན་ཅིང་། ས་གནད་མེ་བཙའ་མང་པོ་བཏབ་ནས་མཐའ་དམག་འབྱུང་བའི་གོ་སྐབས་བཅོམ། ནད་མུག་འཁྲུགས་རྩོད་ཀྱི་སྡུག་བསྔལ་རྒྱུན་བཅད། ལྷ་སའི་ཇོ་ཤཀ་ལ་བརྟན་བཞུགས་མཛད་ཅིང་རྟེན་བཞེངས་གྲངས་མེད་པས་འཇིག་རྟེན་དུ་དགེ་ལེགས་སྤེལ། །ཡི་གེ་དྲུག་པའི་ཕྲིན་ལས་ཀྱིས་བོད་ཁམས་བཀང་། དད་པས་གསོལ་བ་བཏབ་པ་རྣམས་མི་དང་མི་མིན་འབྱུང་བའི་འཇིགས་པ་ལས་བསྐྱབ་ཚུལ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་ལོ་རྒྱུས་ལ་འགྲན་པ་ཡོད། གཞན་ཡང་དོན་ཞགས་པ་སངས་རྒྱས་རིན་ཆེན་གྱི་ཞལ་ནས། །ངའི་བླ་མ་འཕགས་པ་དོན་ཞགས་པ་ཆེན་པོ་ཤེས་རབ་བརྩོན་འགྲུས་ཀྱི་བཀའ་ལས། ཇོ་བོ་ཡི་གེ་དྲུག་པ་འདི་སྙིང་པོའི་དོན་ཡིན་པས་འདི་ལ་དྲིལ་ཅིག་གསུངས་པས་འུ་ཅག་གིས་ཀྱང་བསྙེན་པའི་མཐིལ་འདི་ལ་བྱས་གསུངས། ༈ །ཨོཾ་མ་ི་པདྨེ་ཧཱུྃཿ མཁའ་ལྟར་རྒྱ་ཆེའི་སྐུ་དང་མཆོག་སྩོལ་གསུངས། །ཟབ་བརླིང་ཡེ་ཤེས་ཕུང་པོ་རོ་མཉམ་པ། །དྲན་དང་བརྗོད་པས་བསོད་ནམས་ལེན་པའི་སྔགས། །ཨོཾ་གྱི་དེ་ཉིད་བརྙེས་ལ་ཕྱག་འཚལ་ལོ། །ཨོཾ་ནི་ཨ་ཨུ་མ་གསུམ་འདུས་

TN03_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༧)པ་ཡིན་ལ་འདུ་རྒྱུའི་ཡི་གེ་གསུམ་པོ་དེས་ཤིན་ཏུ་རྣམ་པར་དག་པའི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་མཚོན་ལ། དེ་དག་འདུས་པའི་ཨོཾ་ཡིག་གིས་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་ཟུང་འཇུག་གི་གོ་འཕང་སྟོན་ཏེ། སྔགས་དོན་དེ་ལྟར་ཤེས་ནས་ཨོཾ་ཞེས་བརྗོད་པས་བསོད་ནམས་རླབས་པོ་ཆེ་འབྱུང་བར་བྱེད་པས་ན་ནོར་བུ་འཛིན་པའི་སྔགས་ཞེས་རྡོ་རྗེ་རྩེ་མོ་ལས་བཤད་དོ། །སྲིད་ཞིའི་ཕུན་ཚོགས་ཡོངས་ཀྱི་ཟ་མ་ཏོག །རབ་འབྱམས་རྒྱལ་ཀུན་ཨོཾ་གྱི་རིག་སྔགས་ཀྱིས། །ཐར་འདོད་བློ་གྲོས་རྟག་ཏུ་དགེ་བྱེད་ཅིང་། །འགྲོ་ཀུན་ཨོཾ་གྱི་གནས་སུ་འཁོད་པར་ཤོག ༈ །མཐའ་བྲལ་དེ་ཉིད་གཟིགས་པའི་ཡེ་ཤེས་ཀྱིས། །འགྲོ་སེམས་ཐ་མལ་རྟོག་པའི་འཇིགས་པ་ལས། །སྐྱོབ་པའི་བྱ་བ་རྟག་ཏུ་འཇུག་མཚོན་ཕྱིར། །ཟླ་ཤེལ་མ་ི་འཆང་ལ་ཕྱག་འཚལ་ལོ། །མ་ི་ནི་ནོར་བུའི་སྐད་དོད་དེ། འདིར་བགྲང་བའི་ནོར་བུ་ཞེས་གྲགས་པ་བགྲང་ལ་བྱེད་དོ། །བགྲང་ཕྲེང་གི་དེ་ཉིད་ནི་སྔགས་ཡིན་ལ། །སྔགས་ཀྱི་སྐད་དོད། མནྟྲ་ཞེས་པ་ཡིད་སྐྱོབ་པ་ལ་འཇུག་པས་ཡིད་སྡུག་བསྔལ་དང་། དེའི་རྒྱུ་ལས་ཉོན་དང་། ཀུན་གྱི་རྩ་བ་བདག་ཏུ་རྟོག་པ་བག་ཆགས་དང་བཅས་པ་ལས་སྐྱོབ་པར་བྱེད་པའི་ཤེས་རབ། །བདེན་པ་གཉིས་ཀྱི་གནད་ལ་མཁས་པས་རྟག་པ་དང་ཆད་པའི་མཐའ་

TN03_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༨)གཉིས་ལས་བརྒལ་བ་སྟེ། གྲུབ་ཆེན་མི་ཏྲའི་གསུང་ལ་བརྟེན་པའོ། །ཤེས་རབ་ཀྱི་ཕར་ཕྱིན་དེ་ཉིད་གདུལ་བྱ་གཞན་གྱི་རྒྱུད་འཁོར་བ་ལས་སྐྱོབ་པའི་བྱ་བ་ལ་ལྟོས་ནས་ཡང་དང་ཡང་དུ་འདྲེན་པས་བགྲང་ཕྲེང་གི་མཚོན་དོན་དུ་འཇོག་པར་རྒྱལ་དབང་པདྨས་བཤད་སྣང་ངོ། །འགྲོ་འདི་རྒྱལ་རྣམས་ཤེར་ཕྱིན་མ་ི་ཡིས། །མི་ཤེས་དུག་རྣོན་འཕྲོགས་པའི་སྣོད་གྱུར་ཏེ། །དྲི་བཅས་བློ་གྲོས་ཐ་མལ་རྡོ་ཡི་ཁམས། །ཀུན་མཁྱེན་ཡེ་ཤེས་མ་ིར་འགྱུར་བར་ཤོག ༈ །སྲིད་པའི་ཆུ་ལས་བལྟམས་ཀྱང་དེ་ཡི་སྐྱོན། །མི་ཆགས་སྲིད་གསུམ་སྤྱི་བོར་ལེགས་གྱེས་པའི། །ཐུགས་རྗེས་འཇིག་རྟེན་ཀུན་དགར་མཛད་པའི་དཔེར། །ཡིད་འཛིན་པདྨེ་བསྣམས་ལ་ཕྱག་འཚལ་ལོ། །པདྨེ་ཞེས་པ་པདྨ་འཛིན་པར་མཛད་པ་སྟེ། ཇི་ལྟར་མེ་ཏོག་པདྨ་ནི་ཆུ་ལས་སྐྱེས། འོན་ཀྱང་ཆུའི་སྐྱོན་གྱིས་མ་གོས། མ་གོས་པར་མ་ཟད་མཛེས་སྡུག་དང་དྲི་བསུང་གིས་ཆུའི་རྒྱན་བྱེད་པ་ལྟར། རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ཡང་སེམས་ཅན་སྲིད་པའི་སྡུག་བསྔལ་གྱིས་མནར་བ་ལ་དམིགས་ནས་སྐྱེས་པས། སྲིད་པ་ཡོངས་སུ་མི་གཏོང་བའི་རྣམ་པ་ཅན་ཡིན་ཀྱང་། ཐབས་ལ་མཁས་པའི་ཤེས་རབ་ཀྱིས་བཟུང་བ་ཡིན་པས་འཇིག་རྟེན་གྱི་ཉེས་པས་མི་གོས་ཤིང་། སླར་ལ་ཟང་ཟིང་དང་མི་འཇིགས་པ་དང་

TN03_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

(༣༨༩)ཆོས་ཀྱི་འབྱོར་བ་ལ་སོགས་སོགས་སྒྲས། ཚུལ་བཟོད་བརྩོན་བསམ་སྡུད། །པས་འཁོར་བའི་རྒྱན་བྱེད་ཅིང་མཁས་པ་རྣམས་ཀྱི་ཡིད་འཕྲོགས་པ་སྟེ། དཔལ་མོས་མཛད་པའི་བསྟོད་པ་དང་། གྲུབ་ཆེན་མི་ཏྲའི་གཞུང་ལ་བརྟེན་ནས་བཤད་དོ། །རྒྱལ་དང་བྱང་སེམས་རྣམས་ཀྱི་རྗེས་བརྩེ་ཡི། །པདྨེའི་བཅུད་ལ་འགྲོ་འདི་རྟག་འཐུང་ཞིང་། །སྐྱེ་དགུའི་བློ་གྲོས་དཔུང་བའི་ལྟ་ཟུར་ངོས། །བརྩེ་ཆེན་པདྨེའི་འཁྲི་ཤིང་གིས་མཛེས་ཤོག ༈ །ཕུལ་བྱུང་ཤེས་རབ་སྙིང་རྗེའི་སྙིང་པོ་ཅན། །ཧཱུྃ་ཞེས་གདུལ་བྱའི་སྙིང་ལ་སྐད་ཅིག་གིས། །གསལ་མཛད་འཇིག་རྟེན་དབང་ཕྱུག་ལ་འདུད་ཀྱི། །བདག་གི་བློ་གྲོས་རྣམ་ཀུན་དགེ་བ་མཛོད། །ཧཱུྃ་ཞེས་པ་ནི་གསལ་བར་བྱེད་པ་སྟེ། སྔར་བཤད་པའི་སྲིད་མཐའ་འགོག་བྱེད་མ་ིའི་དོན་དང་། ཞི་མཐའ་འགོག་བྱེད་པདྨེའི་དོན་ཏེ། ལམ་དེ་གཉིས་སྒྲུབ་པ་པོའི་རྒྱུད་ལ་གསལ་བར་བྱེད་པར་བསྐུལ་བའོ། །ཐེག་པ་ཆེན་པོའི་ལམ་གྱི་ཆ་ཐམས་ཅད་ཐབས་དང་ཤེས་རབ་ཀྱི་ཕྱོགས་གཉིས་སུ་འདུ་ལ། དེ་གཉིས་ཀྱི་སྒོ་ཐམས་ཅད་མ་ིའི་སྔགས་དོན་དྲིལ་བ་འདི་ལ་ཞིབ་ཏུ་བསམ་ནས་ཡིག་དྲུག་ཆོས་ཀྱི་ཡང་སྙིང་དུ་གསུངས་པ་ལ་ངེས་པ་བརྟན་པར་བྱའོ། །འགྲོ་ཀུན་འཇིག་རྟེན་དབང་ཕྱུག་ཉིན་རེ་བཞིན། །ཧཱུྃ་ཞེས་བསྐུལ་བས་སྒྲུབ་ལ་འཇུག་

TN03_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༠)བྱེད་ཅིང་། །དེ་མཐུས་ཡིད་ཅན་ཀུན་གྱི་བློ་གྲོས་ལ། །མཆོག་བྱེད་ཧཱུྃ་གི་སྔགས་དོན་མྱུར་འགྲུབ་ཤོག ༈ །འགྲོ་དྲུག་རྒྱ་མཚོར་བྱིང་བས་ཉམ་ཐག་རྣམས། །རླབས་ཆེན་ཕ་རོལ་ཕྱིན་དྲུག་སྤྱོད་པའི་གྲུས། །སྒྲོལ་མཛད་སྙིང་རྗེའི་ལྷ་ཁྱོད་བྱང་ཆུབ་བར། །བདག་གི་བློ་གྲོས་བརྒྱན་པར་མཛད་སླད་བཞུགས། །ཨོཾ། མ།ི། པད། མེ། ཧཱུྃ། ཞེས་རེ་རེ་ནས་ཕྲལ་བའི་དྲུག་པོ་དེས་དམྱལ་བ་ལ་སོགས་པའི་འགྲོ་བ་དྲུག་སྦྱོང་བར་བྱེད་ཅིང་། ཕྱིན་དྲུག་གི་ཡོན་ཏན་རྒྱས་པར་བྱེད་པར་མི་ཏྲ་ཛོ་ཀི་དང་། དཔལ་དི་པཾ་ཀཱ་ར་སོགས་ཀྱིས་བཤད་དེ། བཤེས་སྤྲིང་ལས། འཕགས་པ་སྤྱན་རས་གཟིགས་དབང་སྤྱོད་པ་ཡིས། །འགྲོ་བ་ཉམ་ཐག་མང་པོ་རྗེས་བཟུང་སྟེ། །ཞེས་པ་ལྟར། ཕྱིན་དྲུག་གི་སྒོ་ནས་འགྲོ་བ་དྲུག་གི་སྡུག་བསྔལ་རྒྱུ་དང་བཅས་པ་ཞི་བར་བྱེད་པའི་དོན་ཏོ། །འདིར་དོན་གཉིས་དང་། གཞན་དོན་རྣམ་པ་ཐམས་ཅད་པ་སྒྲུབ་པ་སོགས་ལ་ལྟོས་པའི་ཕྱིན་དྲུག་གི་གྲངས་ངེས་རྣམས་ཀྱང་དྲན་པར་བྱ་སྟེ། ཡི་གེ་སོ་སོའི་དོན་འཆད་ཚུལ་གཞན་ཡང་ཡོད་དོ། །དེའང་སྔགས་ཀྱི་མཚོན་དོན་དེ་དང་དེ་མཛུབ་མོས་ཟླ་བ་བཞིན་མཚོན་པ་ཁོ་ན་ཡིན་ནམ་ཞེ་ན་མ་ཡིན་གྱི། སྔགས་ཀྱི་ཆ་དེ་དང་དེ་མཚོན་དོན་ཡེ་ཤེས་ཀྱི་ཆ་དེ་དང་དེ་ལས་སྤྲུལ་པ་དང་། དེའི་དབང་གིས་སྒྲུབ་པ་པོའི་རྒྱུད་ལ་ཡོན་ཏན་དེ་དང་དེ་སད་པར་

TN03_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༡)བྱེད་པ་ལ་སོ་སོ་སོ་སོར་བསྔགས་པའི་སྒོ་ནས་ལྷ་སྔགས་ངོ་བོ་དབྱེར་མེད་ཀྱི་ངེས་ཤེས་དྲང་དགོས་སོ། །སྨིན་དང་མ་སྨིན་བློ་གྲོས་སྒོ་ངའི་བྱ། །སངས་རྒྱས་བྱིན་རླབས་དྲོད་ཀྱིས་བསྐྱེད་བསྲིང་བས། །བསོད་ནམས་ལུས་ཟུངས་སྨིན་པའི་ཡེ་ཤེས་རྩལ། །རྣམ་གྲོལ་ནམ་མཁའི་རྒྱན་དུ་སྤྱོད་པར་ཤོག ༈ ཡིག་དྲུག་ལན་རེ་བཏོན་པས་ཀྱང་ཚེ་རབས་དུ་མ་ནས་བསགས་པའི་ལས་སྒྲིབ་མང་པོ་བྱང་ཞིང་། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་སྒྲུབ་པ་པོའི་ལུས་ལ་ཞུགས་ནས་བྱིན་གྱིས་རློབ་པ་དང་། དེའི་ལུས་ལ་གནས་པའི་སྲིན་བུ་ཚུན་ཆད་བླ་མེད་བྱང་ཆུབ་ཀྱི་སྐལ་བ་ཅན་དུ་བྱེད་པ་ལ་སོགས་པའི་ཕན་ཡོན་མཐའ་ཡས་པ་རྒྱལ་པོ་བཀའ་འབུམ་དུ་གསུང་རབ་མང་པོ་དྲང་བ་ལས་ཤེས་ཤིང་། ཁྱད་པར་དུ་རང་རེ་གངས་ཅན་པ་རྣམས་ལ་ལྷ་དང་སྔགས་འདི་ཉིད་གྲུབ་པ་ལྷག་པར་མྱུར་བའི་རྟགས་སུ། ཐ་ན་བྱིས་པ་ལོ་གསུམ་ལོན་པ་དང་། མུ་ཏོ་དབྱུག་ཐོགས་ཡན་ཆད་ཀྱི་མགྲིན་པར་རིག་སྔགས་འདི་ཉིད་ལི་ཤི་ལ་དྲི་ཞིམ་ལྟར་ངང་གིས་ཐོབ་ཅིང་། ལྷ་སྔགས་གཞན་ནི་སྒོམ་བཟླས་ལ་བརྩོན་མཁན་ཉུང་ཞིང་། ཅུང་ཟད་ཡོད་པ་རྣམས་སུའང་ཚེ་འདིའི་ལག་ཆ་འབའ་ཞིག་ཏུ་འཁྱེར་མཁན་ཁོ་ན་མང་བ། འདི་ནི་ཁྱིམ་པ་ཕོ་མོ་ཡན་ཆད་ཀྱི་ཁྲོད་ན་བྱེ་བ་དང་དུང་

TN03_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༢)ཕྱུར་སོགས་སུ་ཟློ་བ་སའི་རྩི་ཤིང་ལྟར་མང་ཞིང་དེ་ཡང་འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་ཆེད་དུ་བྱེད་པ་ཁོ་ན་མང་བ་དང་། དེ་ལྟ་ནའང་ཚེ་འདིར་ཚེ་རིང་བ་དང་། ནད་ཉུང་བ་སོགས་ཀྱི་ཕུན་ཚོགས་འཐོབ་པ་ལ་ཡང་མ་ི་ཟློ་མཁན་རྣམས་འབའ་ཞིག་ཁྱད་པར་དུ་འཕགས་པ་སོགས་མངོན་སུམ་དུ་མཐོང་བས། བདག་ལེགས་སུ་འདོད་ན་འདི་ལ་འབད་པར་བྱ་ཞིང་སྔགས་དོན་ཤེས་པ་དང་མི་ཤེས་པའི་བཟླས་བརྗོད་ལ་སྟོབས་ཆེ་ཆུང་ཆེས་མི་འདྲ་བ་ཡོད་པས་མདོར་བསྡུས་ཤིག་བཀོད་དོ། །ཨོཾ་མ་ི་པདྨེ་ཧཱུྃ། སྙིང་ལ་མཛའ་བ་མི་ཕྱེད་དྲང་པོའི་བློ། །འདིར་བདེ་ཕྱི་མར་ལེགས་པའི་འདུན་གྲོས་ཅན། ཁྱོད་དང་ཚེ་རབས་ཕྲེང་བར་ཐེག་མཆོག་གི །ཆོས་ཀྱི་འདུན་སར་ལྷན་ཅིག་ལོངས་སྤྱོད་ཤོག དགེ་རྒན་སྐུ་དྲིན་ཅན་གྱི་བཞེད་པ་དང་མཐུན་པར་བསྟན་པའི་ཉི་མས་བྲིས་པའི་རེ་འདོད་ལ་འཇིག་རྟེན་དབང་པོའི་སྤྱན་རས་ཀྱིས་འཚོ་བར་གྱུར་ཅིག ༈ །ཐུགས་རྗེ་ཆེན་པོའི་བརྡ་དོན་ནི། བཤད་འགྲེལ་ཆེན་མོར། ཞལ་གཅིག་ནི་སེམས་ཅན་ལ་ཐུགས་རྗེ་མི་འགྱུར་བ། ཞེས་སྙིང་རྗེ་ངོ་གཉིས་པ་དང་། ངོ་མི་རྟག་པ་སྤངས་པ། སྒྲུབ་ཐབས་གཅིག་སྐོར་དུ་ནི། ཞལ་གཅིག་ནི་ལྷན་སྐྱེས་ཡེ་ཤེས་རང་དང་གཉིས་སུ་མེད་པའི་བརྡ། །ཞེས་སོ། །འཛུམ་མདངས་ལྡན་པ་ནི་སེམས་

TN03_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༣)ཅན་ལ་བྱམས་པར་མཛད་པ། སྤྱན་མི་ཟུམ་པ་ནི་སེམས་ཅན་ལ་ཐུགས་རྗེས་གཟིགས་པ། ཕྱག་བཞི་ནི། ཚད་མེད་རྣམ་པ་བཞི་ལྡན་པས། །འགྲོ་དོན་ཕྱོགས་མེད་མཛད་པའི་རྟགས། །ཞེས་སོ། །ཡང་། གཉིས་མེད་ཆོས་སྐུའི་ཕྱག་གཉིས་ཐལ་མོ་སྦྱར། །ལོངས་སྐུ་ཤེས་རབ་པདྨ་གཡོན་ན་འཛིན། །སྤྲུལ་སྐུ་ཐབས་ཀྱི་བགྲང་ཕྲེང་གཡས་ན་འཛིན། །ཞེས་དང་། ཞལ་བཅུ་གཅིག་པའི་ཐད་དུ། རྩ་བ་ཆོས་སྐུའི་ཕྱག་གཉིས་ཐལ་མོ་སྦྱར། །ཡན་ལག་ལོངས་སྐུའི་ཕྱག་གི་དང་པོ་ན། །སྐྱོན་གྱིས་མ་གོས་པདྨ་དཀར་པོ་འཛིན། །ཉིང་ལག་སྤྲུལ་སྐུའི་ཕྱག་གི་དང་པོ་ན། །འཁོར་བའི་སེམས་ཅན་འདྲེན་པའི་བགྲང་ཕྲེང་འཛིན། །ཞེས་ཏེ། ཕྱི་མ་གཉིས་ནི། མུ་ཏིག་གི་ཕྲེང་བ་སྙིང་རྗེ་རྒྱུན་ཆད་མེད་པས་སེམས་ཅན་འཁོར་བ་ནས་བྱང་ཆུབ་ཏུ་འདྲེན་པའོ། །པདྨ་ནི། འཁོར་བར་སེམས་ཅན་གྱི་དོན་མཛད་ཀྱང་འཁོར་བའི་ཉོན་མོངས་པ་དང་རྣམ་རྟོག་གི་སྐྱོན་གྱིས་མ་གོས་པའོ། །ཞེས་སོ། །ཕྱག་བཞི་སྐུ་གསུམ་དང་སྦྱར་བར་མ་ཟད། །ཕྱག་མཚན་དེ་ལྟར་སྦྱར་བའང་སྣང་སྟེ། ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། དང་པོའི་ཕྱག་གཉིས་སྟོང་ཉིད་ཕྱག་རྒྱ་མཛད༔ གཡས་འོག་ཤེལ་ཕྲེང་གྲགས་སྟོང་སྔགས་སྒྲ་སྒྲོགས༔ གཡོན་འོག་

TN03_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༤)པད་དཀར་སྒྱུ་འཕྲུལ་སྤྲུལ་པ་འགྱེད༔ ཅེས་རྡོ་རྗེ་གསུམ་གྱི་བཤད་པ་མཛད་དེ། སྔ་མ་དང་བསྲེ་རྒྱུ་མིན་པ་འདྲ། །ཚུལ་ཁྲིམས་བཟང་པོའི་ལུགས་ལས། ཞལ་ཆོས་སྐུ་ཐིག་ལེ་གཅིག་ཏུ་འཁྱིལ། །སྤྱན་ཐབས་ཤེས་སྙིང་རྗེས་ཟིམ་བུར་གཟིགས། །ཕྱག་ཚད་མེད་བཞི་ལྡན་འཇམ་ཞིང་མཉེན། །ཞེས་སོ། །སྐུ་མདོག་དཀར་པོ་ནི། ཆོས་སྐུ་དྲི་མ་མེད་པའི་བརྡ། །ཞེས་དང་། དཀར་འཚེར་ཞེས་པ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་འཁོར་བའི་རྟོག་འཛིན་གྱིས་མ་གོས་པ། །ཞེས་སོ། །ཞབས་མཉམ་སྐྱིལ་ནི། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་ལ་ཐུགས་མཉམ་པ་ཉིད་ལས་མི་གཡོ་བར་བཞུགས་པ། ཞེས་དང་། ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་བཞུགས། །མཉམ་བཞག་དོན་ལ་མ་གཡོས་རྟགས། །ཞེས་ཏེ། ཞབས་གཉིས་ཆོས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བརྡ། ཞེས་དང་། འགྲོ་བའི་དོན་ལ་ཐབས་ཤེས་ཟུང་འཇུག་གིས་མཉམ་པར་བཞུགས་པ། །ཞེས་ཀྱང་ངོ་། །རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ནི། འདོད་པའི་ཡོན་ཏན་ཐམས་ཅད་ལ་སྤྱོད་ཀྱང་ཞེན་མེད་དུ་སེམས་ཅན་གྱི་དོན་དང་ཚུལ་བསྟུན་པའི་བརྡ། ཞེས་དང་། འདོད་ཡོན་མ་སྤངས་པར་ཆོས་ཉིད་རོལ་པའི་རྒྱན་དུ་ཤར་བ། ཞེས་ཏེ། དགོས་འདོད་ཕུན་ཚོགས་

TN03_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༥)འབྱུང་བའི་རྟགས་སུའང་བཤད་དོ། །ནམ་མཁའི་རྒྱལ་པོའི་སྒྲུབ་ཐབས་སུ། རི་དྭགས་ཀྱི་པགས་པ་ནི་སྙིང་རྗེ་ཆེན་པོ་དང་མ་བྲལ་བ། དར་གྱི་ཤམ་ཐབས་ནི་ཆོས་ཀྱི་ངོ་ཚ་དང་ལྡན་པ། །ཞེས་སོ། །བར་ཆད་ཀུན་སེལ་དུ། སྡུག་བསྔལ་གདུང་སེལ་དར་གྱི་སྟོད་གཡོགས་དང་༔ །ཉོན་མོངས་དྲི་མས་མ་གོས་ཤམ་ཐབས་གསོལ༔ །དགོས་འདོད་རེ་སྐོང་རིན་ཆེན་རྒྱན་གྱིས་སྤྲས༔ །སྙིང་རྗེའི་རི་དྭགས་ལྤགས་པ་ཕྲག་ན་འཆང་༔ །ཞེས་སོ། །ཉི་ཟླ་པདྨའི་གདན་ལ་བཞུགས་པ་ནི། ཐུགས་རྗེ་སེམས་ཅན་ལ་ཉི་ཟླ་ལྟར་སྙོམས་པ་དང་། འཁོར་བའི་སྐྱོན་གྱིས་མི་གོས་པའི་བརྡའོ། །ཡུམ་གསང་ཡེ་ནི། གཟུང་འཛིན་གྱི་དྲི་མ་བྲལ་བས་དཀར་གསལ། འགྲོ་བ་ལ་རྗེས་སུ་ཆགས་པས་དམར་མདངས་འཚེར་བ། ཕྱག་མཚན་ལ། ཐུགས་རྒྱུད་བདེ་སྟོང་གི་རོས་མྱོས་ཤིང་གང་བས་ཐོད་ཆང་། ཡེ་ཤེས་དེས་སྲིད་ཞི་བདེ་སྟོང་ཤེར་ཕྱིན་གྱི་རང་སྒྲས་སངས་རྒྱས་ཀྱི་ཞིང་ཐམས་ཅད་གཡོ། སངས་རྒྱས་ཐམས་ཅད་སྐུལ། འགྲོ་བའི་གནས་ཐམས་ཅད་སྐྱོད། སེམས་ཅན་རྣམས་གཏི་མུག་གི་གཉིད་ལས་སློང་། ཐམས་ཅད་སྐུལ་ཞིང་དབང་དུ་སྡུད་པས་ཌྭ་རུ་སྟེ། ཡེ་ཤེས་དང་། ཕྲིན་ལས་ཀྱི་ཁྱད་དམ། ཡང་ན། སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ནས་བདེ་ཆེན་གྱི་ཡེ་ཤེས་འབེབས་པས་ཌྭ་རུ། ཡེ་ཤེས་ཀྱི་

TN03_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༦)བཏུང་བའི་རྒྱུན་དེ་ཟད་མི་ཤེས་པར་འཆང་བས་ན་ཐོད་ཆང་སྟེ། བན་སྣོད་ན་གནས་པ་དང་། མྱོས་པར་བྱེད་པ་གཉིས་ཆར་བདེ་བ་ཆེན་པོ་དང་མཐུན་ནོ། ༈ །ཛབ་དབྱངས་ཉེར་གཅིག་ནི་མཁའ་འགྲོ་གསང་སྐོར་དུ་བསྟན་པར་ཟད་ཀྱི། འགྲོ་འདུལ་ཡིད་བཞིན་ནོར་བུའི་གཞུང་དཀྱུས་སུ་བསྟན་པ་ནི། བཟླ་ཚུལ་དྲུག་སྟེ། ཕྱི་མདོ་སྡེ་ལྟར་གཞན་དོན་དུ་བཟླས་པ། ནང་གསང་སྔགས་ལྟར་བསྙེན་སྒྲུབ་ཏུ་བཟླས་པ། གསང་བ་མཁའ་འགྲོ་མས་བྱིན་རླབས་བརྡའི་ཚུལ་དུ་བཟླས་པ། བླ་མ་དང་ལྷ་ལ་གསོལ་བ་གདབ་པ་མ་ལ་བུས་འབོད་ཀྱི་ཚུལ་དུ་བཟླས་པ། སྒྲིབ་སྦྱོང་ཆོས་སྤྱོད་ཀྱི་ཚུལ་དུ་བཟླས་པ། རྡོ་རྗེའི་བཟླས་པ་མཉམ་བཞག་བསམ་གཏན་གྱི་ཚུལ་དུ་བཟླས་པའོ། །དེ་རྣམས་ལ་ཛབ་དགོངས་དྲུག །སྔགས་དོན་འཆད་ཚུལ་དྲུག །དབྱངས་ཀྱི་འདྲེན་སྟངས་དྲུག་སོགས་ཡོད་དེ་བཤད་འགྲེལ་ཆེན་མོ་ལས་ཤེས་པར་བྱའོ། ༈ །ཡི་དམ་ཞི་བའི་ཟིན་བྲིས་ཀུན་ཏུ་བཟང་པོའི་གཞལ་མེད་ཁང་ལ་འཇུག་པའི་སྒོ་ཞེས་བྱ་བ། རྗེ་བླ་མ་གྲུབ་ཐོབ་ཆེན་པོ་ལ་ཕྱག་འཚལ་ལོ། །སྤྱིར་བརྒྱུད་པ་གསུམ་གྱིས་འཕགས་ཤིང་། གུ་རུས་སྙིགས་དུས་ཀྱི་མཐར་བྱིན་རླབས་ཀྱི་རྣོ་སོ་འབྱུང་བར་དགོངས་པའི་དབང་གིས་ཆོས་ལ་གཏེར་ཆོས་རྣོ། །དེ་ལས་ཀྱང་དེང་སང་རང་

TN03_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༧)འདིའི་དུས་བབས་ཀྱི་ཟབ་ཆོས་མཆོག་ནི་རྗེའི་ཟབ་གཏེར་རྣམས་ཏེ། །གཏེར་བཀའ་དེ་ཉིད་ལ་ལྟོས་པའི་འབྲས་བུའི་དུས་མ་ཡོལ་བའི་བཟང་སྒང་ཡིན། །ངས་ཨ་ཕ། ཨ་ཕས་སངས་རྒྱས་དངོས་ལ་ཐོབ་ཅེས་སྨྲ་ཆོག་པས་བརྒྱུད་པ་ཉེ། །རང་ཉིད་ལ་ཐུགས་རྗེ་གཞན་ཕན་ཀུན་ཁྱབ་ཕྲིན་ལས་རབ་བརྟན་རྣམ་པར་རྒྱལ་བའི་སྡེ། །མཆོག་བརྙེས་པའི་གྲུབ་ཆེན་རྣམས་ཀྱིས་སྐལ་ལྡན་རྩ་བའི་ཆོས་བདག་ཏུ་དགོངས་པ་གཏད་ཡོད་པས་ཆོས་ཚན་འདི་ལྷག་པར་བྱིན་རླབས་ཆེ། ལར་སངས་རྒྱས་ཀྱི་གདུལ་བྱ་རྗེས་སུ་འཛིན་པའི་རྒྱུའི་གཙོ་བོ་ནི་བརྩེ་བ་ཐུགས་རྗེ་ཆེན་པོ་ཡིན་ལ། དེ་རྒྱུ་དང་དམིགས་རྣམ་དང་རྒྱུད་ཀྱི་ཕྱེ་བས་མཐའ་ཡས་པ་ཐམས་ཅད་གཅིག་ཏུ་བསྡུས་ནས་བཞིན་ལག་གི་རྣམ་པར་ཤར་བ་ནི་འཕགས་པ་འདི་ཡིན་པས་སྒྲུབ་ཐག་ཉེ། ཛམ་གླིང་འདི་ཉིད་ཀྱི་རིའི་རྒྱལ་པོ་གྲུ་འཛིན་ན་ད་དུང་ཡང་བཞུགས་ཤིང་། ཟུར་ཐོ་ལྟར་བོད་ཀྱི་ཁྱད་པར་གྱི་ལྷ་སྐལ་ཡིན་པས་ཀྱང་བྱིན་རླབས་ཆེ། དེའང་རིགས་རེ་རེའང་རིགས་ཐམས་ཅད་དང་། སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཀྱང་ཡེ་ཤེས་ལྔ་ཀའི་ངོར་བོར་བཤད་པ་ལྟར་སྐབས་འདིར་འཕགས་པ་རིགས་དྲུག་ཏུ་ཕྱེ་སྟེ། རིགས་ལྔའི་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་རྗེ་ཆེན་པོ་ཉིད་ཀྱི་རྣམ་པར་རིགས་བསྡུས་ནས་སྒྲུབ་པ་དང་།

TN03_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༨)དེ་བཞིན་གཤེགས་མ་རྣམས་དང་། སེམས་དཔའ། སེམས་མ། ཁྲོ་བོ་ཁྲོ་མོ། །གཞང་ཡང་མགྲོན་ཐབས་ཀྱི་ལྷའི་རྣམ་འགྱུར་དཔག་ཏུ་མེད་པ་རྣམས་ཀྱང་ཐུགས་རྗེ་ཆེན་པོའི་རིགས་དང་རྣམ་འཕྲུལ་ཉག་གཅིག་ཏུ་བྱས་པའི་སྒྲུབ་ལུགས་འདི་ནི། ལྷའི་རིགས་ཐམས་ཅད་དང་། རིགས་ཀྱི་ལྷ་ཐམས་ཅད་འགྲུབ་ཐག་ཤིན་ཏུ་ཉེ་བས་འགྲུབ་པའི་ཐབས་མཁས་ཆེན་པོ་སྟེ། དེས་ན་རིགས་ཉེ་ཚེ་བའི་འགྲོ་འདུལ་གྱི་སྒྲུབ་ཚུལ་རྣམས་ལས་ཀྱང་ཁྱད་པར་དུ་འཕགས་སོ། །དེ་ལ་སྐྱེ་འཆི་བར་དོ་སྐུ་གསུམ་དུ་སྦྱོང་ཚུལ་སོགས་ནི་སྒྱུ་འཕྲུལ་ལྟར་བྱ་ལ། ཕྱག་མཚན་སྐབས། རྩ་ཕྱག་ཐལ་མོ་སྦྱར་བ་ནི་རྒྱལ་པོའི་དབང་པོ་ཐམས་ཅད་ཅེས་བྱ་བའི་ཕྱག་རྒྱ་ཡིན་པར་ཟ་མ་ཏོག་ལས་གསུངས། བཀའ་འབུམ་ལས། ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །སྟོང་དང་སྙིང་རྗེ་དབྱེར་མེད་པས། །སེམས་ཅན་དོན་ལ་གནས་པའི་རྟགས། །རྗེ་མཉམ་ཉིད་ངང་ལ་ཕྱགས་འཚལ་བསྟོད། །ཅེས་གསུངས། འདི་ལ་སྲོང་བཙན་གྱིས་ནམ་མཁའི་རྒྱལ་པོའི་བསྟོད་པར། པདྨའི་འདབ་འདྲ་དང་པོ་ཡི། །ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་ནས། །སངས་རྒྱས་ཀུན་གྱི་ཐུགས་རྗེ་རྣམས། །བསྐུལ་བར་མཛད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་སྔགས་བླ་མེད་

TN03_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

(༣༩༩)སྐབས། དགོངས་པ་ལུང་སྟོན་ལས། ཕན་ཚུན་སྦྱོར་བ་རྡོ་རྗེ་སེམས། །ཤེས་རབ་ཐབས་ཀྱི་གོ་འཕང་མཆོག །ཐལ་མོ་སྦྱར་བ་ཙམ་གྱིས་ནི། །སངས་རྒྱས་ཐམས་ཅད་ངེས་པར་འགུགས། །ཅེས་སོགས་ལྟར་བྱ་རུང་ངམ་སྙམ། དཔལ་མོས་མཛད་པའི་བསྟོད་པར། ཐུགས་རྗེ་དང་ནི་ཤེས་རབ་གཉིས། །མཉམ་པར་སྦྱོར་བའི་ཐུགས་མངའ་ཞིང་། །ཕྱག་གཉིས་ཐུགས་ཀར་མཉམ་སྦྱོར་བ། །དཔལ་ལྡན་མཉམ་སྦྱོར་ལ་ཕྱག་འཚལ། །ཞེས་སོ། །བགྲང་ཕྲེང་ནི་སྔགས་ཀྱི་ནོར་བུ་སྟེ། །མནྟྲའི་སྒྲ་ལས་ཡིད་སྡུག་བསྔལ་རྒྱུ་བཅས་ལས་སྐྱོབ་པའི་ཤེར་ཕྱིན་ཏེ། དཔལ་མོས། སངས་རྒྱས་ཀུན་གྱི་སྙིང་པོ་གཙོ། །གསང་སྔགས་རྒྱལ་པོའི་བགྲང་ཕྲེང་མཆོག །མུ་ཏིག་ལྟར་དཀར་གཡས་ན་འཛིན། །རིག་སྔགས་འཆང་ལ་ཕྱག་འཚལ་ལོ། །ཞེས་པ་ལས་མི་གསལ་ཡང་མི་ཏྲས་མ་ི་ལ་བཤད་པའི་རིགས་པ་སྦྱར་བའོ། །གཏེར་ཕྱོགས་ལས། ལུས་ཅན་འཁོར་བ་དང་ངན་སོང་ལས་རྒྱུན་མི་འཆད་དུ་འདྲེན་པའི་བརྡར་ཤེལ་ཕྲེང་འདྲེན་པར་བཤད་པའང་། ཤེར་ཕྱིན་ཆོས་རྒྱལ་བཀའ་འབུམ་ལས། ཕྱག་གཡས་མུ་ཏིག་ཕྲེང་བ་བསྣམ། །ཐུགས་རྗེ་རྒྱུན་ཆད་མེད་པ་ཡིས། །འཁོར་བའི་གནས་ནས་འདྲེན་པའི་རྟགས། །རྗེ་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །ཅེས་པ་དང་མི་འགྲིགས་

TN03_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༠)པས་རྩིངས་སམ་སྙམ་སྟེ་དཔྱད། གྱི་རྣལ་འབྱོར་དེ་ཉིད་གདུལ་བྱ་འདྲེན་པའི་ཕྲིན་ལས་ལ་རྒྱུན་མི་འཆད་དུ་འཇུག་པ་ལ་བྱ་དགོས་སམ་བརྟག །པདྨ་དཀར་པོའི་རྣམ་བཤད་ཟུར་དུ་ཡོད། པདྨ་དམར་པོའི་དེ་ཉིད་རྣལ་འབྱོར་རྒྱུད་ན་ཤིན་ཏུ་རྒྱས་པར་བཞུགས་ཀྱང་འདིར་སྐབས་སུ་མ་བབས། །པད་དཀར་གྱི་དེ་ཉིད་བསྡུས་པ་ནི། དཔལ་མོས། འཁོར་བའི་འདམ་གྱིས་མ་གོས་པས། །དག་པའི་ཤེལ་ལྟར་འོད་གསལ་བ། །པདྨ་དཀར་པོ་གཡོན་ན་འཛིན། །ཕྱག་ན་པདྨ་ཕྱག་འཚལ་ལོ། །ཞེས་ཏེ། །གྲུབ་ཆེན་མི་ཏྲ་ལྟར་ན་སྙིང་རྗེ་ཆེན་པོ་དང་སྦྱོར་བ་འདྲ། །དེ་ལྟར་ན་བགྲང་ཕྲེང་ཆོས་སྐུ་སྒྲུབ་བྱེད་ཀྱི་གཙོ་བོ་ཡེ་ཤེས་ཀྱི་ཚོགས་དང་། །པད་དཀར་གཟུགས་སྐུའི་རྒྱུའི་གཙོ་བོ་བསོད་ནམས་ཀྱི་ཚོགས་དང་སྦྱོར་བར་འཐད་དེ། །ཤེས་རབ་དང་ཐབས་ཀྱི་ཕྱོགས་སོ་སོར་འགྱུར་རོ། །ཕྱག་སྟོང་སྤྱན་སྟོང་གི་མདོར། སེམས་ཅན་ཐམས་ཅད་ཀྱིས་གཅེས་ཤིང་ཡིད་དུ་འོང་བར་འདོད་ན་ཐལ་མོ་སྦྱར་བའི་ཕྱག་དང་། །སངས་རྒྱས་ཐམས་ཅད་ཀྱིས་མགོ་ལ་ཕྱག་གིས་ཉུག་ཅིང་ལུང་སྟོན་པར་འདོད་ན་སྔགས་ཀྱི་ནོར་བུ་ཐོགས་པའི་ཕྱག་དང་། ཡོན་ཏན་རྣམ་པ་སྣ་ཚོགས་ཀྱི་ཕྱིར་ནི་པད་དཀར་ཐོགས་པའི་ཕྱག་ལ་མཆོད་ཅིང་བལྟ་ཞེས་བྱེད་ལས་ཀྱི་ཁྱད་པར་ཡང་བསྟན་ནོ། །འདིའི་

TN03_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༡)ཡུམ་གསང་ཡེ་ནི། ཐུགས་ཆེན་པད་རྒྱལ་དུ། ཡི་གེ་དྲུག་མ་གསང་བ་ཡེ་ཤེས། བཀའ་འབུམ་བཤད་འགྲེལ་ཆེན་མོར། ཕྱི་ལྟར་ན་ཡུམ་ཡི་གེ་དྲུག་མ། ནང་ལྟར་ན་གསང་བ་ཡེ་ཤེས། ཞེས་སོ། །ཞེས་པ་ལྟར་ལྷ་མོ་ཡི་གེ་དྲུག་མར་ཤེས་དགོས་སོ། །བཟླས་པའི་ཐད། ཁྱད་པར་འགྲོ་འདུལ་ཐུགས་རྗེ་ཆེའི༔ བྱིན་རླབས་དངོས་གྲུབ། ཅེས་པ་ནི། འགྲོ་འདུལ་ཐུགས་རྗེའི་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས། ཅེས་དང་། འགྲོ་འདུལ་ཐུགས་རྗེའི་དངོས་གྲུབ། ཅེས་དངོས་གྲུབ་ངོས་བཟུང་བ་གཉིས་ཀ་ལ་སྦྱར་བཏུབ། གཞུང་འདིའི་གོང་འོག་ཀུན་ཏུ་སྤྱན་རས་གཟིགས་བརྩེ་བའི་ལྷར་བཟུང་སྟེ་སྒྲུབ་པར་གསུངས་པ་འདི་བཞིན། མདོ་རྒྱུད་མང་པོ་ལས་མཐོང་སྟེ། ཟ་མ་ཏོག་ལས་འཕགས་པ་འདིའི་རྣམ་ཐར་ཐམས་ཅད་སེམས་ཅན་སྡུག་བསྔལ་བ་རྣམས་ལ་རྗེས་བརྩེར་མཛད་ཚུལ་ཁོ་ནའི་སྒོ་ནས་བསྟན་པ་དང་། སྡོང་པོ་བཀོད་པར། བདེ་གཤེགས་སྲས་པོ་ངས་ནི་རྣམ་ཐར་གཅིག་བསྒོམ་སྟེ། །ཡེ་ཤེས་སྙིང་པོ་རྒྱལ་བ་ཀུན་གྱི་ཐུགས་རྗེ་སྡུག །འགྲོ་བ་ཐམས་ཅད་བསྐྱབ་ཅིང་ཡོངས་སུ་བསྡུ་ཕྱིར་བྱུང་། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། ཆོས་ཡང་དག་པར་སྡུད་པའི་གོང་འོག་གཉིས་སུ་རྗེ་བཙུན་འདིས་སྟོན་པའི་སྤྱན་སྔར་རང་གི་རྟོགས་པ་བརྗོད་པ་

TN03_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༢)ན་སྙིང་རྗེ་ཆེན་པོ་ཉིད་ཀྱི་སྟེང་ནས་བརྗོད་པ་དང་། སྤྱོད་འཇུག་ཏུ། བདག་གཅེས་འཛིན་གོམ་པའི་དབང་གིས་རང་ལ་མི་སྙན་པ་ཆུང་ངུ་ཡང་མི་བཟོད་པ་ལྟར། བརྩེ་བ་གོམས་པའི་ཤུགས་རྒྱས་པ་ན་གཞན་གྱི་མི་བདེ་བ་ཕྲ་མོའང་མི་བཟོད་པའི་དཔེར། རྗེ་བཙུན་འདིའི་རྣམ་ཐར་དྲངས་ཏེ། དེ་བས་ཇི་ལྟར་སོགས་ནས། མཚན་ཡང་བྱིན་གྱི་རླབས། ཅེས་པའི་བར་རོ། །མཚན། སྙིང་རྗེ་པད་དཀར་ལས་སྤྱན་རས་གཟིགས་ཞེས་པའི་མཚན་འདི་ཡང་སྙིང་རྗེ་ཆེན་པོའི་ཡོན་ཏན་གྱི་སྒོ་ནས་སྔོན་གྱི་སངས་རྒྱས་ཀྱིས་བཏགས་པར་གསུངས་པ་དང་། ལག་ན་རྡོ་རྗེ་དབང་བསྐུར་གྱི་གླེང་གཞིར་སངས་རྒྱས་འོད་དཔག་མེད་ཀྱིས་རྗེ་བཙུན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་སྟོབས་ཀྱི་རྡོ་རྗེ་པདྨའི་མཆོག་གི་སྙིང་པོ་བྱིན་ནས་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་བཀོད་པའི་ཞིང་འདི་ལུས་ཀྱི་སྤྲིན་རྣམས་ཀྱིས་བཀང་ནས་སྣང་བར་བྱེད་་དུ་བཏང་བར་གསུངས་པ་དང་། དེ་ཉིད་བསྡུས་པར་བདག་ཅག་གི་སྟོན་པ་རྣམ་སྣང་ཉིད་སྙིང་རྗེའི་ཉམས་ཀྱིས་འདུལ་བའི་སེམས་ཅན་གདུལ་ཕྱིར་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུར་བསྟན་པར་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་ཐད་དུ་གསུངས་པ་དང་། སྤྱན་རས་གཟིགས་ཞེས་པའི་སྒྲ་བཤད་ཀྱང་སོར་རྟོག་ཡེ་ཤེས་ཀྱི་སྤྱན་གྱིས་རང་བཞིན་དག་པའི་ཆོས་ལ་རྟག་ཏུ་གཟིགས་པ་དང་། ཐུགས་རྗེ་ཆེན་པོའི་སྤྱན་གྱིས་འཇིག་རྟེན་ཐམས་ཅད་ལ་གཟིགས་པ་

TN03_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༣)ལྷུར་ལེན་པའི་ཕྱོགས་ནས་བཤད་ཚུལ་གཉིས་དེ་ཉིད་སྣང་ཆེན་དང་། ཀོ་ས་ལའི་རྒྱན། དཔལ་མཆོག་འགྲེལ་ཆེན། །རྣམ་སྣང་མངོན་བྱང་གི་འགྲེལ་པ་རྣམས་སུ་གསུངས་པའི་ཕྱི་མ་དང་། ལེགས་གྲུབ་ཏུ་ཡང་། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །ཞེས་སོགས་མཐའ་ཡས་སོ། །རི་དྭགས་ཀྲིཥྞའི་པགས་པས་ནུ་གཡོན་བཀབ་བར་བཤད་པའང་དེ་ལྟར་ཡིན་ཏེ། དབུ་མ་སྙིང་པོར། སྙིང་རྗེའི་པགས་པ་གནག་འཆང་ཞིང་། །ཞེས་པར་འདྲའོ། །འདིར་ལམ་གྱི་གཙོ་བོ་སྙིང་རྗེ་ཆེན་པོར་བྱེད་པའི་རྒྱུ་མཚན་ཡང་། མདོ་སྔགས་ཁྱད་འབྱེད་སྐབས། གཞན་དོན་བཟོ་ཁོག་དང་། རྫོགས་བྱང་སྒྲུབ་པའི་ལམ་ཐམས་ཅད་དེའི་ཆ་ལག་ཏུ་བྱེད་པ་ལ་ཐེག་ཆེན་གཉིས་འདྲ་བར་བཤད་པ་བཞིན། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་གཟུངས་སྤོབས་མངོན་ཤེས་སོགས་ཡོན་ཏན་ཐམས་ཅད་སྙིང་རྗེ་ཆེན་པོའི་བཞེད་དོན་སྒྲུབ་བྱེད་ཀྱི་འཁོར་ཁོ་ནར་ཟད་པས། རིན་ཆེན་བདུན་གྱི་བདག་པོ་འཁོར་སྒྱུར་ཡིན་པ་ལྟར། ཡོན་ཏན་དེ་ཐམས་ཅད་ཀྱི་རྩ་བའི་བདག་པོ་སྙིང་རྗེ་ཆེན་པོ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་ཀྱི་སའི་ཡོན་ཏན་ཐམས་ཅད་

TN03_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༤)ཀྱི་གཙོ་བོའམ་བདག་པོའང་སྐྱེ་ལ་ཐུགས་རྗེ་ཆེན་པོ་ཡིན་ཏེ། འབྲས་དུས་ཀྱི་རྣམ་བཞག་མང་པོ་སྔོན་གྱི་རྗེས་སུ་འབྲང་བའི་སྒོ་ནས་བྱེད་པར་གསུངས་པ་བཞིན་ནོ། །དེའང་སློབ་ལམ་དུ་སྙིང་རྗེ་ཆེན་པོ་དེ་ཐེག་གསུམ་གྱི་རྟོགས་རིགས་མཐའ་དག་དང་འབྲེལ་བར་སྦྱང་བས་མཐར་སོན་པ་ན། བརྩེ་ཆེན་གྱི་བློ་མངོན་གྱུར་པ་དེ་ཉིད་ལམ་གྱི་རྣམ་པ་མ་ལུས་པའི་ངོ་བོར་སྐྱེ་བ་ལ་གེགས་སུ་གྱུར་པའི་གནས་ངན་ལེན་གྱི་ཆ་ཐམས་ཅད་རྒྱུན་མཐའི་རྡོར་ཏིང་གིས་བཅོམ་ནས། དེའི་རྣམ་གྲོལ་ལམ་ལ་སླར་ཡང་སྙིང་རྗེ་ཆེན་པོ་མངོན་གྱུར་དུ་འབྱུང་སྟེ། དེ་ནི་སྟོང་ཉིད་ལ་མཉམ་པར་བཞག་པ་སོགས་ལུང་རྟོགས་ཀྱི་ཡོན་ཏན་རྣམ་པ་ཐམས་ཅད་པའི་མཚན་ཉིད་ཅན་དུ་སྐྱེའོ། །དངོས་གྲུབ་ཀྱི་སྙིང་པོ་དེ་ལྟར་ངོས་ཟིན་པ་དེ་ཉིད་རྒྱ་གང་ཆེ་ནས་སྒྲུབ་དགོས་ཀྱི། །གཞན་དུ་དཔེར་ན་བླ་མ་མཁས་གྲུབ་ཆེན་པོ་དང་མཇལ་ཡང་སྐར་མའི་དཔྱད་ལྟ་བུའི་དོན་དམན་པ་ཞིག་ལས་ཅི་ཡང་མ་དྲིས་ན་གདམས་པའི་མཆོག་རྣམས་ཟུར་ཙམ་ཡང་མི་ཐོབ་པ་དང་འདྲའོ། །སྤྱིར་ཡང་སྒོ་ཐམས་ཅད་ནས་སྙིང་རྗེ་ལ་མང་དུ་གནས་པར་བྱ་བ་ནི་སྤྱན་རས་གཟིགས་ཀྱི་སྔགས་པའི་ཁྱད་པར་གྱི་དམ་ཚིག་ཡིན་པར་ཕྱག་སྟོང་སྤྱན་སྟོང་གི་མདོ་དང་། རྒྱལ་པོ་བཀའ་འབུམ། །ཀུན་བཟང་ཐུགས་གཏེར་སོགས་ལས་ནན་ཏན་དུ་

TN03_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༥)གསུངས་ཏེ། དེ་ལ་བརྩོན་ན་འཕགས་པ་དང་བརྟུལ་ཞུགས་གཅིག་ལ་གནས་པར་འགྱུར་བས་འཕགས་པ་དགྱེས་པའི་དེའང་སྤྱིར་སྙིང་རྗེ་སྒོམ་པ་ཙམ་གྱིས་མི་ཆོག་གི །དེ་འཕགས་པ་དགྱེས་པའི་ཆེད་དུ་དམིགས་ནས་སྒོམ་པ་ཞིག་དགོས་ཏེ། འདིའི་དམ་ཚིག་ཁྱད་པར་བར་འགྲོ་ལུགས་ཤེས་པའི་སྟེང་ནས་སོ། །དཀའ་ཐུབ་ཀྱི་ནོར་ཅན་ཏེ། རྗེས་འཛིན་གྱི་གནད་ཆེས་ཆེན་པོའོ། །ཐུགས་སྲོག་ཧྲཱིཿཡིག་གི་དོན་ནི། དེ་ཉིད་བསྡུས་པའི་དུམ་བུ་གསུམ་པ་ལས། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་ཀྱི་དམ་ཚིག་ལས་བྱུང་བའི་བྱིན་གྱིས་རླབས་པདྨོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། ཧྲཱི༔ །དེ་ནས་དེ་ཕྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་པདྨ་ལྟ་བུའི་འོད་ཟེར་ཁ་དོག་དང་གཟུགས་དང་རྟགས་དང་སྤྱོད་ལམ་དང་འོད་རྣམ་པ་དུ་མ་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདོད་ཆགས་ལ་སོགས་པ་རྣམ་པར་དག་པ་དང་། ཆོས་ཉིད་ཀྱི་ཡེ་ཤེས་ཡང་དག་པར་སྦྱངས་ནས་ཡང་སླར་ལོག་སྟེ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོའི་ཐུགས་ཀར་ཞུགས་སོ། །ཞེས་གསུངས་ཏེ། སྙིང་པོ་

TN03_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༦)འདི་ལ་དེ་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་གསུངས་པའི་ཆོས་ནི་པདྨའི་རིགས་རྣམས་ཏེ་རང་བཞིན་དག་པའི་ཆོས་མཁྱེན་པའི་ཤེར་ཕྱིན་གྱི་ངོ་བོ་ཉིད་ཡིན་པས་སོ། །དམ་ཚིག་ནི་རྒྱུའི་དོན་ཏེ། རིགས་དེ་སྤྲུལ་པའི་རྒྱུ་ཡིན་པའོ། །དེ་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་པ་ནི་ཐུགས་ཀའི་སེམས་དཔའི་རྡོ་རྗེའི་ངོ་བོ་ཉིད་ཡིན་པའོ། །དེ་ཕྱུང་མ་ཐག་ཏུ་སོགས་ཀྱིས་ནི་ཧྲཱིཿ ཞེས་བྱ་བའི་སྙིང་པོ་འདིས་པདྨའི་རིགས་ཐམས་ཅད་སྤྲུལ་ཚུལ་དང་། སྤྲུལ་ནས་རང་གི་རིགས་དང་མཐུན་པའི་མཛད་པ་མཛད་ཚུལ་རྣམས་སྟོན་ཏེ། ཀུན་སྙིང་ལྟར་བྱས་སོ། །དཔལ་མཆོག་ལས་ཀྱང་། དེ་ནས་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ངོ་བོ་ཉིད་དག་པའི་ཆོས་ཉིད་ཐོབ་པས་ཡང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་སྤྱན་རས་གཟིགས་དབང་ཕྱུག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་ཏེ། འདོད་ཆགས་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་འཇིག་རྟེན་ན་ཞེ་སྡང་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དྲི་མ་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་འཇིག་རྟེན་ན་སྡིག་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ཆོས་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན་སེམས་ཅན་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ཤེས་པ་ཐམས་ཅད་

TN03_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༧)རྣམ་པར་དག་པས་འཇིག་རྟེན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པར་འགྱུར་རོ། །ཞེས་པ་ནས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དོན་གྱི་གནས་འདི་ཉིད་ཡང་རྒྱ་ཆེར་སྟོན་ཅིང་བཞིན་རབ་ཏུ་འཛུམ་དམུལ་ཏེ། པདྨའི་འདམ་མཁའ་བྱེད་པས་འདོད་ཆགས་ལ་སོགས་པའི་དྲི་མས་མི་གོས་པ་ལ་བལྟ་ཞིང་། འགྲོ་བ་ཐམས་ཅད་ཀྱི་ཕྱིར་པདྨའི་གཟུགས་སྣ་ཚོགས་ཞེས་བྱ་བའི་སྙིང་པོ་འདི་གསུངས་སོ། །ཧྲཱིཿ དེ་ནས་འདི་གསུངས་པ་ཙམ་གྱིས་པདྨ་ཆེན་པོ་དེ་ལས་དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་ཐམས་ཅད་བཅོམ་ལྡན་འདས་སྤྱན་རས་གཟིགས། དང་འདྲ་བའི་པདྨས་མཚན་པའི་གཟུགས་ཅན་ངེས་པར་བྱུང་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་རིམ་པ་དང་པོའི་དཀྱིལ་འཁོར་གྱི་ཚུལ་དུ་བཞུགས་པར་གྱུར་ཏོ། །ཞེས་གསུངས་ཏེ། དོན་གྱི་གནས་འདི་ཉིད་ཅེས་པ་ནི། འདོད་ཆགས་རྣམ་པར་དག་པ་སོགས་གོང་གི་གཞུང་ཚན་བཞིས་བསྟན་པ་རྣམས་ཏེ། ཡང་རྒྱ་ཆེར་སྟོན་ཅིང་ཞེས་པ་ནི་ཧྲཱིཿཞེས་བྱ་བའི་ཡི་གེ་སྤྲུལ་པའི་སྒོ་ནས་སླར་ཡང་སྟོན་པར་མཛད་པའོ། །འགྲོ་བ་ཐམས་ཅད་ནི་པདྨའི་རིགས་རྣམས་ཏེ། །དེ་ཡོངས་སུ་རྫོགས་པར་སྐྱེད་པའི་ཕྱིར་སྙིང་པོ་འབྲུ་

TN03_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༨)གཅིག་འདི་གསུངས་པའོ། །པདྨའི་གཟུགས་སྣ་ཚོགས་པ་ཞེས་པ་ནི་སྙིང་པོའི་ཡི་གེ་ཧྲཱིཿཞེས་པ་འདིའི་མིང་ངོ་ཞེས་དཔལ་མཆོག་འགྲེལ་ཆེན་ལས་སོ། །པདྨའི་གཟུགས་སྣ་ཚོགས་ཅེས་བྱ་བའི་སྙིང་པོ་ཞེས་པ་འདི་ལ་ཤེར་དུམ་གྱི་འགྲེལ་པར། འགྲོ་བ་ཐམས་ཅད་ཀྱི་གཟུགས་སུ་སྣང་བས་ན་གཟུགས་སྣ་ཚོགས་དང་། དེ་ལྟར་སྣང་ཡང་འཁོར་བའི་ཉེས་པ་རྣམས་ཀྱིས་མི་གོས་པས་ན་པདྨ། དེ་འདྲའི་སྙིང་པོ་དངོས་ནི་གཟུགས་ཀུན་སྙིང་གི་ཐམས་ཅད་ངེས་པར་སྟོན་པའི་ཡེ་ཤེས་ཉིད་ཡིན་ཡང་། །དེ་མཚོན་པར་བྱེད་པའི་ཧྲཱིཿཡིག་ལ་བཏགས་ནས་བསྟན་གསུངས། འདི་གསུངས་པ་ཙམ་གྱིས་སོགས་ནི། སྙིང་པོ་འདིའི་མཐུས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་པདྨའི་རིགས་ཀྱི་རྣམ་པར་གྱུར་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཕྱག་མཚན་པདྨོ་ལས་བྱུང་ཞེས་པདྨའི་རིགས་སྤྲོ་བྱེད་དུ་གསུངས་པའོ། །མན་སྙེ་ལས། ཧྲཱིཿནི་གསལ་བར་གྱིས་ཤིག་པ་སྟེ། ཉེ་བ་མ་ཡིན་པ་ཉེ་བར་གྱུར་པ་གསལ་པོར་གྱིས་ཤིག་པའོ། །ཞེས་སྐབས་གཞན་དུ་བཤད་དེ། ཤེར་ཕྱིན་གྱི་ས་བོན་ཡིན་པ་དང་གསལ་བར་བྱེད་པ་ལ་སྦྱར་བ་གཉིས་གནད་འདྲ་བར་མཐོང་ཞེས་དམ་པ་དག་འཆད། དེ་དཔལ་མཆོག་དང་སྒྲིགས་ན།

TN03_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

(༤༠༩)པདྨ་ལྟར་གོས་པ་མེད་པའི་ཤེར་ཕྱིན་གྱི་རིགས་ཀྱི་གཟུགས་སྣ་ཚོགས་གསལ་བར་གྱིས་ཞེས་པར་བཤད་དགོས་པ་འདྲ། གྲོལ་ཐིག་གཏེར་གཞུང་དུ། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པར་སྟོན་པར་བྱེད་པའི་ཡི་གེ་ཧྲཱིཿ ཞེས་པ་ལྟར་ན། རྒྱུད་བླ་མར། གཞལ་མེད་གྲངས་མེད་མི་མཉམ་དང་། །སོགས་ངོ་བོ་ཉིད་སྐུ་ཁྱད་པར་ལྔ་ལྡན་དུ་གསུངས་པ་ལྟར། ཤེར་ཕྱིན་གྱི་མཐུས་ཆོས་ཀྱི་དབྱིངས་ཀྱི་གཏིང་གཡོགས་པ་ཐམས་ཅད་དང་བྲལ་བའི་ཚུལ་གྱིས་ས་ལེར་གསལ་བར་གྱིས་ཤིག་ཅེས་འཆད་ཚུལ་ཡང་ཡོད་དམ་སྙམ། ཡིག་དྲུག་གི་སྔགས་དོན་ལ། ཨོཾ་ནི་ཨ་ཨུ་མ་གསུམ་གྱིས་སྐུ་གསུང་ཐུགས་གསུམ་མཚོན་ལ། དེ་གསུམ་གཅིག་ཏུ་སྦྱར་བའི་ཨོཾ་ཡིག་གིས་རྡོ་རྗེ་གསུམ་དབྱེར་མེད་པའི་གོ་འཕང་མཚོན་ཏེ། སྔགས་དོན་དེ་ལྟར་དྲན་ནས་བརྗོད་པས་མཆོག་སྩོལ་ཞིང་བསོད་ནམས་ལེན་པའི་ཕྱིར་ནོར་བུ་འཛིན་པ་ཞེས་རྡོ་རྗེ་རྩེ་མོར་རོ། །དེ་ནས་ནི། རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པར་ཡིག་དྲུག་འདི་ནད་ཐམས་ཅད་ཞི་བར་བྱེད་པའི་སྔགས་སུ་གསུངས་པའི་འགྲེལ་པར་ལྷའི་རིགས་ཀྱི་བློ་གྲོས་ཆེན་པོས། །མ་ི་ཞེས་བྱ་བ་ནི་ཤིན་ཏུ་རིན་ཐང་མེད་པའི་ནོར་བུ་དང་འདྲ་བའི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཅི་སྟེ་ཡེ་ཤེས་སོ་སོར་རྟོག་

TN03_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༠)པ་ཡིན་ན་རྟོག་པ་དང་བཅས་པར་མི་འགྱུར་རམ་ཞེ་ན། པདྨ་ཞེས་བྱ་བ་སྨོས་ཏེ། ཅི་ལྟར་པདྨ་འདམ་གྱིས་མ་གོས་པ་ལྟར་ཡེ་ཤེས་དེ་རྟོག་པའི་སྐྱོན་གྱིས་གོས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཧཱུཾ་ཕཊ་ཅེས་བྱ་བ་སྨོས་ཏེ། ཧཱུཾ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པས་སྟོང་པའི་ཡིད་དོ། །ཕཊ་ཅེས་བྱ་བ་ནི་རྣམ་པར་རྟོག་པ་འདྲལ་བའོ། །ཞེས་གསུངས་ཏེ། སོར་རྟོག་ཡེ་ཤེས་ནོར་བུའི་རྒྱལ་པོ་དང་འདྲ་ཚུལ་ནི་མདོ་རྒྱན་ལས། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་པ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་བྱེད་པའི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་འཕགས་པ་སངས་རྒྱས་ཀྱིས་ལ་བརྟེན་ནས་བཤད་དོ། །ཡེ་ཤེས་དེ་སོ་སོར་རྟོག་པ་ཡིན་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་མི་འཐད་དོ་ཞེ་ན། །རྟོག་པ་ནི་མི་གསལ་བ་སྟེ། འདམ་གྱིས་སྦགས་པས་ནག་ནོག་ཏུ་འགྱུར་བ་དང་འདྲའོ། །ཡེ་ཤེས་འདི་ནི་སོར་རྟོག་ཡིན་ཡང་ཤེས་བྱ་ཐམས་ཅད་མངོན་སུམ་དུ་བལྟ་བ་ལ་བཀྲ་ཞིང་ཤིན་ཏུ་གསལ་བའི་ཡོན་ཏན་གྱིས་མཛེས་པས་སམ། འཁྲུལ་པའི་བག་

TN03_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༡)ཆགས་ཀྱི་གཉིད་མ་ལུས་པ་སད་པས་ཤིན་ཏུ་རྒྱས་ཤིང་ཁ་ཕྱེ་བས་ན་པདྨ་ལྟ་བུར་བཤད་ཅེས་འཆད་དམ། པདྨ་འདམ་ལས་སྐྱེས་ཀྱང་ཆུ་ཞག་དང་ཉ་ལྕི་བས་སོགས་འདམ་གྱི་ཉེས་པ་རྣམས་ཀྱིས་མ་སྦགས་པ་ལྟར། ཡེ་ཤེས་དེ་མིང་ཚིག་ཡི་གེའི་རྣམ་པ་ཅན་གྱི་རྟོག་པ་ཡོངས་སུ་གྱུར་པ་ལས་སྐྱེས་ཀྱང་། ཕྱིན་ཅི་ལོག་གི་ཆ་ཐམས་ཅད་ལོག་པའི་ཕྱིར་གཉིས་སྣང་འཁྲུལ་པའི་རྟོག་པ་གཏན་མིན་ཞེས་པ་སྟེ། སངས་རྒྱས་ལ་ཞེན་རིག་གི་རྟོག་པ་མེད་ཀྱང་ཐ་སྙད་བྱེད་པའི་བློ་རིགས་ཡོད་དགོས་ཏེ། སོ་རིག་བཞིས་ཤེས་པའི་ཕྱིར་རོ། །དེས་ན་གཉིས་སྣང་གི་འཁྲུལ་པའི་རབ་རིབ་མཐའ་དག་དང་བྲལ་བའི་སོ་སོར་རྟོག་པའི་སྤྱན་ཤིན་ཏུ་གསལ་བ་ཡིན་ཞེས་ཧཱཾུ་གིས་བསྟན་ཏོ། །འདི་ལྟར་ན་སོར་རྟོག་ཡེ་ཤེས་གཅིག་པོ་དེ་གདུལ་བྱའི་བསམ་པ་རྫོགས་པར་མཛད་པའི་ཆ་ནས་ནོར་བུ་དང་། དེ་ཉིད་གདུལ་བྱའི་བསམ་པ་ཐ་དད་པ་དང་། དེ་ལ་ཇི་ལྟར་འཚམས་པའི་ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་པ་ཐམས་ཅད་མ་འཛིང་བར་འབྱེད་པའི་སོར་རྟོག་ཡིན་ཡང་། རྟོག་པའི་སྐྱོན་གྱིས་མ་གོས་པར་མི་འགལ་བའི་ཆ་ནས་པདྨ་སྟེ་གཉིས་ཀར་འཇོག་པར་གསལ་ལོ། །ད་དུང་གོ་བདེར་བཤད་ན། སོར་རྟོག་ཡེ་ཤེས་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་

TN03_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༢)དང་། འགྲོ་བའི་རེ་བ་སྐོང་བའི་མཐུ་ཕུལ་དུ་བྱུང་བའི་ཕྱིར་མ་ི་སྟེ་ནོར་བུའི་རྒྱལ་པོའོ། །དེ་རྣམ་རྟོག་མེད་པར་མི་འཐད་དེ། སོར་རྟོག་ཡིན་པའི་ཕྱིར་རོ་ཞེ་ན། དེ་རྟོག་པ་ལས་སྐྱེས་ཀྱང་། རྟོག་པའི་དྲི་མས་མ་བསླད་པར་སྐྱེས་ཏེ། པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་ཉེས་པས་མ་གོས་པར་སྐྱེ་བ་བཞིན་ནོ། །དེར་མ་ཟད་སོར་རྟོག་དེ་ཉིད་ཀྱི་མཐུས་གཟུང་འཛིན་འཁྲུལ་པའི་གཡེང་བའི་གནས་ངན་ལེན་གྱི་ཆ་མ་ལུས་པ་འཇོམས་ཤིང་འགོག་པས་ན་ཧཱུཾ་ཞེས་སོ། །བདེ་ཆེན་ཤེས་རབ་སྙིང་རྗེ་མཆོག །ཅེས་པའི་སྒྲུབ་ཐབས་སུ་དཔལ་མི་ཏྲ་ཛོ་ཀིས་ནི། ཨོཾ་མ་ི་ཧཱུཾ། ཤེས་རབ་ཆེན་པོ་དྲི་མ་མེད། །རྣམ་པར་ཤེས་ཀུན་མཚན་ཉིད་དེ། །མ་སྐྱེས་མི་གནས་འགག་པ་མེད། །གདོད་ནས་རྣམ་གྲོལ་མངོན་སུམ་པ། ཨོཾ་ཨཱ་ཿཧྲཱིཿཔདྨེ་ཧཱཱུཾ། སྙིང་རྗེ་ཆེན་པོ་ལྷུན་གྱིས་གྲུབ། །དམིགས་པ་ཀུན་གྱི་མཚན་ཉིད་དེ། །མི་ཕྱེད་མི་འགྱུར་འབྲལ་བ་མེད། །སྐྱོ་མེད་རེ་བ་རྣམ་སྤངས་པའོ། །ཞེས་བཤད་དེ། མ་ི་ནི་ཤེས་རབ་ཀྱི་ཕར་ཕྱིན་ཏེ་རྣམ་རྟོག་མེད་ཅིང་། མཐུ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །པདྨ་ནི་སྙིང་རྗེ་ཆེན་པོ་སྟེ། འདམ་རྫབ་ལྟ་བུའི་འཁོར་བ་ལ་བརྟེན་ནས་སམ་དམིགས་ནས་སྐྱེ་བ་དང་། སེམས་ཅན་ཐམས་ཅད་དགའ་བར་བྱེད་པའི་ཕྱིར་རོ། །དེའང་

TN03_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༣)བྱང་སེམས་ཀྱི་མཉམ་བཞག་ཏུ་ནི་སྙིང་རྗེས་ཟིན་པའི་ཤེས་རབ་མངོན་གྱུར་དུ་འཇུག་སྟེ། སྤང་བྱ་དངོས་སུ་སྤོང་བ་སོགས་ལ་འདི་ཁོ་ན་དགོས་ཤིང་། སྙིང་རྗེའི་མཐུ་དང་བྱེད་ལས་གཞན་ཡང་དེ་ལ་ཡོད་དོ། །རྗེས་ཐོབ་ཏུ་ནི་ཤེས་རབ་ཀྱིས་ཟིན་པའི་སྙིང་རྗེ་སྟེ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་མངོན་དུ་འགྱུར་ཏེ། གཞན་དོན་གྱི་བྱ་བ་དངོས་སུ་སྒྲུབ་པ་སོགས་ལ་འདི་ཁོ་ན་དགོས་ཤིང་། ཤེས་རབ་ཀྱི་མཐུ་དང་བྱེད་ལས་གཞན་ཡང་དེ་ལ་ཡོད་དོ། །སངས་རྒྱས་ཀྱིས་ན་ནི་དེ་གཉིས་ཀ་བློ་གཅིག་ལ་མངོན་གྱུར་དུ་ལྡན་པས་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཅེས་བརྗོད་པ་ཡིན་ཏེ། འདི་དག་ནི་ལམ་དང་འབྲས་བུའི་དུས་ཀུན་ཏུ་མ་ི་དང་པདྨེ་གཉིས་མི་འབྲལ་བར་ཕན་ཚུན་གྲོགས་སུ་འཇུག་པའི་ཚུལ་ལོ། །ཐེག་ཆེན་གྱི་བསམ་སྦྱོར་གཉིས་ལས་བསམ་པ་སྙིང་རྗེ་ཆེན་པོ་པདྨེ་དང་། སྦྱོར་བའམ་སྤྱོད་པའི་གཙོ་བོ་དང་རབ་མཆོག་ཤེར་ཕྱིན་མ་ིར་བཞག་པས། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་དང་ས་བཅུ་པར་བཤད་པའི་སྨོན་ལམ་འབུམ་ཕྲག་གྲངས་མེད་བཅུ་སོགས་པདྨེར་སྡུད་ཅིང་། སྦྱིན་སོགས་ཕར་ཕྱིན་སྔ་མ་ལྔ་མ་ིར་བསྡུ་བ་འདྲ། ཕྱི་མ་ཅུང་ཟད་བཤད་ན། དཔེར་ན་མ་རིག་པ་ནི་མ་འདྲེས་པའི་མ་རིག་པ་ཙམ་དུ་མ་ཟད་ཀྱི། ཆགས་སོགས་ཉོན་མོངས་

TN03_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༤)པའི་སྒོ་སྣ་ཚོགས་དང་བསྡོངས་ནས་ཕྱི་ཕྱིར་སྟོབས་རྒྱས་པར་འགྱུར་བས། ཆགས་སོགས་དེ་དག་ནི་མ་རིག་པའི་དཔུང་གྲགས་སོ། །དེ་བཞིན་དུ་ཤེར་ཕྱིན་ཡང་རང་རྐྱང་ཙམ་སྒོམ་པ་མིན་གྱི། །སྦྱིན་སོགས་རྒྱ་ཆེ་བའི་སྤྱོད་ཕྱོགས་ཐམས་ཅད་དེས་མ་ཟིན་པ་མེད་པར་བྱས་ཏེ་སྦྱང་བས། སྒོ་སྣ་ཚོགས་ཤིག་ནས་ཤེར་ཕྱིན་སྟོབས་རྒྱས་པར་འགྱུར་ཏེ། །དེས་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་རི་མོ་མཁན་དུ་མས་འཁོར་སྒྱུར་གྱི་གཟུགས་གཅིག་འབྲི་བའི་དཔེས་མདོ་དང་རྒྱུད་བླ་མར་བཤད་པའི་རིགས་པས་མཚན་ཉིད་ཡོངས་སུ་རྫོགས་པའི་ཤེར་ཕྱིན་གྱི་རྟོགས་པ་རྙེད་པ་ནི་ཚོགས་མཐའ་ཡས་པ་ལ་ལྟོས་པས། ཚོགས་དེ་དག་ནི་དེའི་དོན་དུ་གསུངས་སོ། །རྐང་པ་གཉིས་པ་གཉིས་ཀྱི་དོན་ནི། མ་ིར་འཇོག་རྒྱུའི་ཤེས་རབ་དེ་ཤེས་པ་རྣམ་པར་དག་པ་རང་དོན་ཕུན་ཚོགས་ཟབ་པ་ཡེ་ཤེས་ཆོས་སྐུའི་ངོ་བོ་ཉིད་དང་། པདྨེར་འགྲོ་རྒྱུའི་སྙིང་རྗེ་དེ་དམིགས་པའམ་ཤེས་བྱ་རྣམ་པར་དག་པ་གཞན་དོན་ཕུན་ཚོགས་རྒྱ་ཆེ་བ་གཟུགས་སྐུའི་མཚན་ཉིད་དམ་འཇོག་བྱེད་ཡིན་པ་སྟེ། དེ་ལྟར་ན་སྔར་ཕྱག་མཚན་ཐད་དུ་བརྗོད་པ་ལྟར་བྱས་ཀྱང་འགྲིགས་པ་ཡོད། །།།པདྨ་ཞེས་བྱ་རྒྱུ་ལ། པདྨེ་ཞེས་སྦྱར་བ་ནི་བོད་པའི་དོན་ཏེ། ནོར་བུ་པདྨ་ཞེས་སྤྱན་རས་གཟིགས་ལ་ཉེ་བའི་སྒོ་ནས་བོད་པའི་དོན་ཡིན་པས་འཕགས་པའི་ཐུགས་རྒྱུད་རང་ལ་ཉེ་ལྷང་བ་ལྟ་བུར་ཡོད་པར་

TN03_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༥)བསྒོམ་ལ་བཟླ་ཞེས་རྒྱལ་དབང་དགེ་འདུན་རྒྱ་མཚོས་བཤད། དེའང་ཐེག་ཆེན་གཉིས་ཀྱི་ཐུན་མོང་ལྟར་ཡིན་ལ། ད་དུང་བྱ་རྒྱུད་པའི་ཟབ་རྒྱ་ཆེའི་ལམ་གཉིས་སྒྲུབ་ཚུལ་ནས། །སྔགས་བླ་ན་མེད་པའི་ཤེས་པ་འོད་གསལ་དང་། ཤེས་བྱ་ཡེ་ཤེས་ཀྱི་སྐུ་སྒྲུབ་ལུགས་ཀྱི་བར་སོ་སོར་སྦྱར་ནས་བཤད་ན་རླབས་ཆེའོ། །ཡང་སྒྲུབ་ཐབས་དེ་ཉིད་ལས། རྣལ་འབྱོར་རྒྱལ་པོ་ཤེས་རབ་ཐབས། །རིག་འཛིན་དཀྱིལ་འཁོར་བླ་ན་མེད། །དཔལ་ལྡན་ཕ་རོལ་ཕྱིན་དྲུག་དངོས། ཆོ་གའི་དམ་པ་འདི་གསུངས་སོ། །ཨོཾ་མ་ི་པདྨེ་ཧཱུཾ། གསང་སྔགས་རྒྱལ་པོ་ཡི་གེ་དྲུག ལུགས་འབྱུང་བ་དང་ལུགས་བཟློག་ལས། །རྒྱུད་དྲུག་འགོག་དང་ལམ་དྲུག་སྦྱོང་། །འབྲས་བུ་དྲུག་ལ་རབ་སྦྱོར་ཉིད། །དེ་བཞིན་རྒྱུད་དྲུག་བསྐྱེད་པ་དང་། །ལམ་དྲུག་ལ་ནི་སྦྱོར་བ་དང་། །འབྲས་བུ་དྲུག་ནི་མངོན་དུ་བྱ། །གཟི་བརྗིད་དྲུག་པ་ཞེས་བཤད་དོ། །ཞེས་ཡི་གེ་དྲུག་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོ་ཉིད་དང་། འགྲོ་བ་དྲུག་སྦྱོང་བྱེད་སོགས་སུ་གསུངས་ཏེ། འདི་ནི་སྲོང་བཙན་བཀའ་འབུམ་དང་། བཀའ་གདམས་གླེགས་བམ་སོགས་སུའང་བཤད་དོ། །སྲོང་བཙན་བཀའ་འབུམ་ན་གཞན་ཡང་། རྡོ་རྗེ་དང་རིན་པོ་ཆེ་ལ་སོགས་པ་རིགས་ལྔ་རིགས་ཐམས་ཅད་བསྡུས་པ་དང་བཅས་པའི་དྲུག་གི་ངོ་བོར་སྦྱོར་ཚུལ་དང་། ཡེ་ཤེས་ལྔ་ལྷན་སྐྱེས་

TN03_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༦)ཡེ་ཤེས་དང་དྲུག་ལ་སྦྱར་བ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བྱིན་རླབས་སོ་སོར་འབེབས་པ། བྱིན་རླབས་ཐམས་ཅད་ཐོགས་མེད་དུ་འབྱུང་བ་དང་བཅས་པའི་དྲུག་ལ་སྦྱར་བ་དང་། དུག་ལྔ་ཉོན་མོངས་སྤྱི་དང་དྲུག་སྦྱོང་བྱེད་དུ་སྦྱར་བ། འབྱུང་བ་ལྔ་སོ་སོ་དང་ཐམས་ཅད་འདུས་པ་སྟེ་དྲུག་ལ་སྦྱར་བ་སོགས་ཆེས་མང་དུ་གསུངས་ཤིང་། ཕྱིན་དྲུག་དང་སྦྱོར་ཚུལ་ལ་ཡང་། ཨོཾ་སྦྱིན་པ་ནས། ཧཱུཾ་ཤེས་རབ་ཀྱི་བར་གོ་རིམ་བཞིན་དུ་སྦྱར་བ་དང་། ཨོཾ་ཤེས་རབ། མ་བསམ་གཏན།ི་ཚུལ་ཁྲིམས། པད་བརྩོན་འགྲུས། མེ་སྦྱིན་པ། ཧཱུཾ་བཟོད་པ་དང་སྦྱར་ཏེ་བསྟན་པ་སོགས་དེ་ཉིད་དུ་ལྟ་བར་བྱའོ། །ལྷན་སྐྱེས་རོལ་པས་མཛད་པའི་སྒྲུབ་ཐབས་སུ། སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་རྟོག་པའི་སྔགས་ཀྱི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་འདི་མཚན་མ་མེད་པའི་སྦྱར་བས་བལྟ་ཞིང་བཟླས་པ་བྱའོ། །ཨོཾ་མ་ི་པདྨེ་ཧཱུཾ། ཞེས་སོགས་རྒྱ་གཞུང་རྣམས་ལས་ཡིག་དྲུག་ཁོ་ན་འབྱུང་ཡང་། །གཏེར་ཕྱོགས་སུ་ཡིག་བདུན་མང་ལ། །དེའི་རྒྱུ་མཚན་ཡང་བྱང་གཏེར་ལས། ཕྱི་ནི་སྲོག་སྦས་ཞི་བའི་ཚུལ༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ ཞེས་པ་ནས། གསང་བ་སྲོག་གི་མཐའ་རྟེན་ཅན༔ སྙིགས་མའི་དུས་སུ་སྲོག་མཐར་རྟེན༔ ཞེས་གསུངས་ཏེ། སྤྱིར་ཡིག་དྲུག་རང་ཡང་ཐུགས་སྲོག་སྐུལ་བའི་སྔགས་

TN03_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༧)ལས་མ་འདས་མོད། འོན་ཀྱང་སྐུལ་བྱེད་ཡིག་དྲུག་དང་། བསྐུལ་བྱ་སྲོག་ཡིག་གཉིས་ཀ་དངོས་སུ་སྦྲེལ་ནས་བཟླས་ན་ཐུགས་རྗེ་གནད་ནས་སྐུལ་བ་ལ་ལྷག་པར་རྣོ་བས། སྔགས་འགྲུབ་པར་དཀའ་བའི་དུས་སུ་འདི་གཙོ་བོར་གཟུང་ཞེས་པ་ཡིན་ནམ་དཔྱད། །ཛབ་དབྱངས་ནི། མོས་གུས་གདུང་དབྱངས་ཀྱི་ཛབ་རྔ་མོ་བུ་སྟོར་བ་ལྟ་བུ་སོགས་ཉེར་གཅིག་བཀའ་འབུམ་དུ་བཤད། །སྒྲུབ་སྔགས་ཐད། ལྷ་མོ་ཡི་གེ་དྲུག་མ་བླ་མེད་ལུགས་ཀྱི་བསྙེན་སྔགས་ཡིག་བདུན་དང་། སྒྲུབ་སྔགས་དྷུ་མ་གྷ་ཡེ་ལ་མཛད་པ་སྟེ། ཡི་གེ་དྲུག་མ་བླ་མེད་ལུགས་ཀྱང་མང་པོ་ཡོད་ཆོག་ཀྱང་གཙོ་བོ་གཅིག་གསང་ཡེ་སྟེ། །གྲོལ་ཐིག་ཏུ། གསང་ཡེ་འདི་གོས་དཀར་མོར་ཡང་བཤད། དེ་ལྟར་བྱས་ན་སྒྲོལ་མ་བླ་མེད་ལུགས་ཀྱི་སྔགས་ཡིག་བཅུར་བྱས་པ་ལྟ་བུར་སྣང་། བསྙེན་སྔགས་གཙོ་བོ་ཡབ་ཡུམ་གྱི་ཐུན་མོང་དང་། སྒྲུབ་སྔགས་སོ་སོར་མཛད་པའོ། །བསྙེན་དུས་གཙོ་བོ་ཡབ་ཡུམ་གྱི་སྔགས་གཅིག་དྲིལ་དང་། སྒྲུབ་དུས་སོ་སོར་ཕྱེ་སྟེ་སྦྲེལ་བ་རེད་པས་ཡབ་ཡུམ་གྱི་སྐུ་དྲིལ་སྒྲུབ་ཏུ་མ་ཟད་གསུང་ཡང་དྲིལ་སྒྲུབ་ཏུ་འགྲོ་བའི་ཟབ་ཁྱད་སྣང་། ཡུམ་གྱི་སྒྲུབ་སྔགས་ལ་ཨོཾ་ལོགས་སུ་མེད་པ་ནི་སྒྲུབ་སྔགས་ཀྱི་ཐོག་མའི་ཨོཾ་དེ་ཡབ་ཡུམ་སྔགས་གཉིས་ཀའི་ཐུན་མོང་གི་མགོ་འདྲེན་དུ་མངོན་ཏེ། ཀློང་སྙིང་བདེ་རྒྱལ་ལས་ཚོགས་སུ་སྒྲོལ་མའི་ཡིག་བཅུ་ཚང་བར་མཛད་རྒྱུར་སྣང་ཡང་ཨོཾ་གཅིག་གིས་མཚོ་རྒྱལ་དང་སྒྲོལ་མ་གཉིས་ཆར་གྱི་མགོ་འདྲེན་གོ་ཆོད་མཛད་པ་ལྟ་བུ། མ་ི་བཀའ་འབུམ་གྱི་གསང་ཡེའི་སྔགས་ཀྱིས་དཔྱོད་ཚུལ་ཡང་ཡོད། ཆོས་དབྱིངས་ཀྱིས་མཐའ་ཀླས་པའི་སྣང་གྲགས་རིག་གསུམ་ཐམས་ཅད་འཕགས་པའི་གསང་གསུམ་སྒྱུ་འཕྲུལ་

TN03_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༨)དྲྭ་བའི་འཁོར་ལོར་བལྟས་ནས་སྒོམ་པ་ནི། སྤྱན་རས་གཟིགས་ཀྱི་ཁྱད་པར་གྱི་རྣམ་ཐར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྔགས་ཀྱི་ཆོ་གའི་སྒོ་ནས་སློབ་ཚུལ་ངོ་མཚར་བ་ཡིན་ཅིང་། སྒྱུ་འཕྲུལ་དང་སྦྱར་ན། དག་པའི་སྣང་ཞེན་རྩལ་རྒྱས་ཆེད་བསམ་ཡས་ལྷུན་གྲུབ་ཀྱི་རྒྱ་སྤྲོས་སོགས་སྒོམ་པ་དང་གནད་འདྲའོ། །ཡུམ་གསང་ཡེ་ལྷ་མོ་ཡི་གེ་དྲུག་མ་ཡིན་ན་དེའི་སྔགས་ཀྱང་ཡིག་དྲུག་ཉིད་དུ་རིགས་ཀྱི། དྷུ་མ་གྷ་ཡེའི་སྔགས་ཟུར་དུ་སྟོན་མི་རིགས་སོ་ཞེ་ན། །གསང་ཡེ་ནི་འཕགས་མ་ཡི་གེ་དྲུག་མ་ཉིད་སྔགས་བླ་མེད་ཀྱི་དགོས་ལྷར་བསྟན་པ་ཡིན་ཅིང་། དེ་བཞིན་དུ་དྷུ་མ་གྷ་ཡེའི་སྔགས་ཀྱང་ཡིག་དྲུག་ཉིད་བླ་མེད་ཀྱི་ལྷན་ཅིག་སྐྱེས་མའི་དགོས་སྔགས་སུ་སྤྲུལ་པ་ཡིན་ཟེར་རམ་བརྟགས། ལས་སྦྱོར་སྐབས། ཡི་དྭགས་སུ་སྐྱེ་བའི་རྒྱལ་སེར་སྣ་གཙོ་ཆེ་ཡང་དེས་ཁྱབ་པ་ནི་གཏན་མིན་པས་འགྲོ་བ་དེར་སྨིན་རྒྱུའི་ལས་ཉོན་འབྲས་གསུམ་ཐམས་ཅད་འདིར་པྲ་ཡིག་ཏུ་དྲིལ་ནས་ནོར་བུའི་རིགས་ཀྱི་འོད་ཟེར་གྱིས་སྦྱོང་བ་ཡིན་ལ། །དེས་རྡོ་རྗེའི་རིགས་ཀྱིས་སྦྱང་བྱ་ལ་ཁོང་ཁྲོ་རྒྱུ་འབྲས་ཀྱིས་མ་ཁྱབ་པ་སོགས་ཀྱང་འགྲེ། དེ་ལ་ཨ་ནྲྀ་སོགས་ས་བོན་དྲུག་པོ་ནི་རླུང་སེམས་དང་བཅས་པའི་ཐིག་ལེའི་སྙིགས་མ་རིགས་དྲུག་སྟེ། ནྲྀ་ཡིག་ཏུ་འཇོག་རྒྱུའི་རླུང་སེམས་ཀྱི་ཐིག་ལེའི་སྟེང་ན་ཐོག་མེད་ནས་བརྒྱུད་པའི། མིའི་གནས་ལུས་

TN03_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

(༤༡༩)ལོངས་སྤྱོད་སྤྱོད་ཚུལ་སོགས་མདོར་ན་མིའི་འགྲོ་བའི་ཕྱོགས་ཀྱི་ཐ་མལ་སྣང་ཞེན་གྱི་ནུས་པའི་ཆ་རྣམས་བརྟེན་ནས་གནས་པས། མིར་སྐྱེ་བའི་ལས་ཉོན་གྱི་ཆ་ཐམས་ཅད་དེའི་སྟེང་དུ་སོག་ཅིང་། ལས་ཉོན་དེ་དག་གིས་བསྐྱེད་པའི་ཕྱི་སྣོད་ཀྱི་རྒུད་པ་དང་། ནང་དུ་རྨོངས་དང་བརྗེད་ངས། ངག་ལྐུགས། དབང་པོ་ཉམས་པ། དབུལ་ཕོངས། ནད་མང་། གྲགས་ངན། འཁྲུགས་རྩོད་སོགས་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་ཡི་གེ་དེ་ལས་མཆེད་པའི་སྣང་བ་ཡིན་ནོ། །དེས་གཞན་ལྔ་ཡང་ཤེས། དེའང་སྙིགས་མའི་རླུང་སེམས་དང་འགྲོགས་པའི་ཐིག་ལེ་རིགས་དྲུག་པ་དེ། ཡི་གེ་དྲུག་ཏུ་མོས་ནས་སྦྱོང་བ་ཡིན་ལ། ཡི་གེ་འདི་དྲུག་འགྲོ་བ་དྲུག་ལ་སྦྱོར་བའི་རྒྱུ་མཚན་ནི། །ངེས་ཚིག་གི་བཤད་པ་ལ་བརྟེན་པར་མངོན་ལ། འགྲོ་བ་གང་གི་ཡི་གེ་ཡིན་པ་དེ་འགྲོ་བ་དེའི་གནས་སྐབས་སྐྱེད་པའི་ཐིག་ལེའི་མཚན་མར་ཡང་འཐད་དོ། །མིའི་གནས་སྐབས་སྐྱེད་པའི་ཐིག་ལེ་མིའི་ངེས་ཚིག་དང་ལྡན་པའི་ཡི་གེའི་རྣམ་པར་བྱེད་པ་སོགས་སོ། །མཆན། འདི་དག་ཀློང་གསལ་སོགས་ལས་རྐང་མཐིལ་ལ་སོགས་པའི་གནས་དྲུག་ཏུ་སོ་སོར་བརྟེན་པར་བཤད་ཀྱང་། ཐམས་ཅད་ཀྱི་རྩ་བའི་གནས་མཐར་ཐུག་པ་ནི་སྙིང་ཀ་ཡིན་པར་སྒྱུ་འཕྲུལ་སྐོར་ལས་རྒྱས་པར་བཤད་དོ། །དེའི་ཕྱིར་འདི་དག་བཀྲུས་ན་འཁོར་བའི་སྣོད་བཅུད་ཀྱི་རྒུད་པ་མཐའ་དག་བཀྲུས་པར་འགྱུར་ཞིང་།

TN03_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༠)དེ་དག་གི་བག་ཆགས་ནི་ཤེས་སྒྲིབ་ཡིན་པས་དེ་སྦྱང་ན་སྲིད་ཞིའི་རྒུད་པ་ཐམས་ཅད་སྦྱང་བར་ཡང་འགྲོ་སྟེ། རྟེན་འབྲེལ་སྒྲིགས་ཚུལ་ཙམ་བཤད་པར་ཟད་ཀྱི་ཤེས་སྒྲིབ་བསྐྱེད་བཟླས་ཙམ་གྱིས་ག་ལ་འདག་འབྱུང་འགྱུར་གྱི་དམྱལ་བའི་སྡུག་བསྔལ་སོགས་སྦྱོང་དམིགས་ལ་འབད་པ་ལྟར། །མ་འོངས་པ་ན་གསོག་འགྱུར་དང་བྱེད་འགྱུར་གྱི་ལས་སྒྲིབ་རྣམས། འབྱུང་འགྱུར་གྱི་ནད་སྨན་བཅུད་ཀྱིས་ལེན་གྱིས་བཀག་པ་བཞིན་དུ་རྒྱུན་གཅོད་པའི་ཕྲིན་ལས་ཀྱང་གལ་ཆེ་མོད། བསགས་ཟིན་སྦྱོང་བ་རྐྱང་ལས་མ་གོ་བ་མང་། དེ་ལྟར་ན་ལས་སྦྱོར་འདི་ནི་ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་ཀྱི་འཇིག་རྟེན་མཐའ་དག་རང་གི་གདུལ་ཞིང་དུ་བྱིན་གྱིས་རློབ་པའི་མན་ངག་ཁྱད་པར་ཅན་ཡིན་པས་ཐད་ཀར་ཝ་ཤཾ་ཀུ་རུ་ཞེས་མ་བཟླས་ཀྱང་ཁམས་གསུམ་གྱི་དབང་ཕྱུག་སྒྲུབ་པའི་ལས་སྦྱོར་ཆེན་པོ་སྟེ། ཚན་ཆེ་ལ་བཀྲ་ཤིས་པ། དབང་སྡུད་སྟོང་གི་ནང་ན་རི་རབ་བཞིན་དུ་འཕགས་པ་ཡིན་ནོ། །ཡོ་གར་རྗེ་བཙུན་འདིས་དམིགས་མེད་ཀྱི་བརྩེ་བའི་སྒོ་ནས་ཁམས་གསུམ་གྱི་དབང་པོ་བརྙེས་པར་གསུངས་པ་དེ་གཞུང་འདིར་ཕྱག་ལེན་ལ་བཏབ་འདུག་གོ མ་ིའི་སྔགས་དོན་སྟོང་ཉིད་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ཟུང་འབྲེལ་གྱི་སྒོ་ནས་བཤད་པ་དང་། ཡིག་དྲུག་ཕྱིན་དྲུག་དང་སྔགས་ཀྱི་ལྷའི་རིགས་དྲུག་ལ་

TN03_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༡)སྦྱར་བ་ལྟར་སྔགས་དེ་ལམ་འབྲས་ཀྱི་ཆོས་དེ་དག་གི་རང་བཞིན་དུ་ང་རྒྱལ་བརྟན་པོ་བཞག་སྟེ་སྔགས་དེའི་འོད་ཟེར་རིགས་སོ་སོའི་ཚུལ་ཁྲིམས་བཟང་པོའི་ཡིག་དྲུག་སྒྲུབ་ཐབས་ལྟར། ཁ་དོག་དང་བྱེད་ལས་ཅན་གྱིས་གཞན་དོན་དེ་ལྟར་བྱེད་པའི་རྣལ་འབྱོར་ལ་སྦྱང་ན་རང་ཉིད་བྱང་ཆུབ་ཀྱི་བར་དུ་སྟོང་ཉིད་སྙིང་རྗེའི་ཐབས་ཤེས་ཟུང་འཇུག་གམ། ཕྱིན་དྲུག་གི་ཆོས་ཀྱི་འོད་ཟེར་གྱི་སྣང་བ་སྟུག་པོས་ཞིང་རབ་འབྱམས་ཀྱི་འགྲོ་བའི་རྒུད་པ་མཐའ་དག་འཕྲོགས་ནུས་ཀྱི་དཔའ་བོ་ཆེན་པོར་སྒྲུབ་པ་དང་། འདི་ནི་ཐུབ་བསྟན་སྒོ་ཐམས་ཅད་ནས་རྒྱས་པར་བྱེད་པའི་དབང་ཕྱུག་གི་མཐུ་སྒྲུབ་བྱེད་དུ་འགྲོ་ལུགས་སོ། །རང་ཉིད་ལ་བརྟེན་ནས་འཁོར་ལོ་དང་རྡོ་རྗེ་དང་རིན་པོ་ཆེ་སོགས་རིགས་དྲུག་གི་རྣམ་པར་ཐར་པའི་སྒོ་ཐམས་ཅད་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་འགྲོ་འདུལ་གྱི་ཕྲིན་ལས་དུས་ཀུན་ཏུ་རྟག་པ་དང་ཕྱོགས་ཀུན་ཏུ་ཁྱབ་པ་དང་། འབད་མེད་ལྷུན་གྲུབ་ཏུ་རྒྱས་པར་འགྱུར་བའི་ཐབས་དམ་པར་ཡང་འགྲོ་བས་མཁས་པ་སྒྲུབ་བྱེད་དང་། མངོན་ཤེས་ཀྱི་མཐུ་ཅན་དང་། །ཚུལ་ཁྲིམས་དག་པ་དང་། དཔལ་འབྱོར་མི་ཟད་པ་སོགས་པདྨའི་རིགས་སམ་དམ་པའི་ཆོས་ཀྱི་རིགས་ཀྱི་ཕྲིན་ལས་ཀྱིས་འགྲོ་བ་ཐམས་ཅད་རྣམ་པར་དག་པར་ལྟ་བའི་བསམ་གཏན་ལ་གནས་པ་ནི་དམ་པའི་ཆོས་འཛིན་པའི་རྣམ་པར་ཐར་པ་སྒྲུབ་ཚུལ་

TN03_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༢)རྨད་དུ་བྱུང་བའོ། །སྒྲུབ་ཐབས་ཀྱི་མན་ངག་ཅི་ཡང་ཟུར་དུ་བཙལ་མི་དགོས་སོ། །རྒྱུ་དང་མི་རྒྱུའི་འཇིག་རྟེན་མ་ལུས་པ་སྙིང་རྗེ་ཆེན་པོའི་ཡེ་ཤེས་སྒྱུ་མའི་རིག་སྔགས་ཀྱིས་ཤིན་ཏུ་རྣམ་དག་གི་གཟུགས་སུ་སྤྲུལ་པར་བྱེད་པའི་བསམ་གཏན་ཡིན་པའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ལྷག་པར་རྩལ་སྦྱང་བར་ཡང་འགྱུར་ལ། །དེར་མ་ཟད་རང་ཉིད་གང་དུ་འཚང་རྒྱ་བའི་ཞིང་སྦྱོང་བ་སོགས་རྫོགས་སྨིན་སྦྱང་གསུམ་གྱི་གནད་བསྡུས་པའི་མན་ངག་ཀྱང་ཡིན་ཏེ། ཉི་མ་མཁའ་ཁྱབ། ཆུ་བོ་དབྱིངས་ཁྱབ། གཡོས་ཁང་ཟས་སྦྱོར་ལ་སོགས་པ་འགྲོ་འདུལ་གྱི་ལས་ཚོགས་གཞན་མང་པོའི་གནད་ཀྱང་འདི་ལ་མ་ཚང་བ་མེད་དོ། །རྒྱལ་བའི་ཡུམ་སོགས་ལས་བྱང་སེམས་ཀྱི་འཁོར་བསྡུ་བ། ལྷའི་འཁོར་གྱི་དྲེགས་པ་འདུལ་བ། ངན་འགྲོ་སྦྱོང་བ་སོགས་ཐུབ་པས་མཛད་པ་ཕལ་ཆེར་འོད་ཟེར་གྱིས་སྒྲུབ་པར་གསུངས་པ་དང་། འོད་ཟེར་ཀུན་ཏུ་བཀྱེ་བ་བསྟན་པ་དང་། དཀོན་མཆོག་ཏ་ལ་ལས་འོད་ཟེར་གྱི་རབ་དབྱེ་དང་རྒྱུ་དང་བྱ་བའི་ཁྱད་པར་རྒྱ་ཆེར་བསྟན་པ་དང་། སྔགས་ཀྱི་དག་པ་བཞི་ལམ་བྱེད་ཀྱི་ཐད་ན། འོད་ཟེར་གྱིས་རེག་པ་ཙམ་གྱིས་སེམས་ཅན་གྲངས་མེད་པ་རྡོ་རྗེ་སེམས་དཔའི་གོ་འཕང་ལ་འགོད་པ་ལ་སོགས་པའི་མཛད་པ་དང་། ཞེས་པ་སོགས་ཀྱིས་འོད་ཟེར་སྤྲོ་བསྡུའི་དམིགས་རིམ་ལ་ངེས་པ་དྲང་བར་བྱའོ། །

TN03_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༣)འཇིག་རྟེན་དུ་ནད་དང་། གདོན་དང་། ལྟས་ངན་དང་དབུལ་ཕོངས་དང་། འཐབ་རྩོད་དང་། འབྱུང་བཞིའི་འཇིགས་པ་སོགས་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་ཞི་ནས། བདེ་སྐྱིད་བཀྲ་ཤིས་ཀྱི་དཔལ་འཕེལ་ཞིང་རྒྱས་པའི་ལས་སྦྱོར་ལའང་འདི་ལས་ཟབ་པ་མེད་དེ། །རྒྱལ་པོ་འོད་ཆེན་པོའི་རྣམ་ཐར་བཞིན་ནོ། །ལས་སྦྱོར་འདི་ཚང་མ་སྔགས་ཤམ་མེད་པར་ཡིག་དྲུག་རང་རྐྱང་བཟླས་ནས་སྒྲུབ་ལུགས་ཀྱང་། གྲུབ་དབང་ཚུལ་ཁྲིམས་བཟང་པོའི་ལུགས་དང་། ཐུགས་སྒྲུབ་བར་ཆད་ཀུན་སེལ་སོགས་ན་ཡོད་དོ། །རྟགས་མཐོང་འགྱུར༔ ཞེས་པའི་རྟགས་ནི་ཐུགས་སྒྲུབ་ཏུ། དངོས་ཉམས་འཕགས་པའི་ཞལ་མཐོང་ཞིང༔ གཞན་ཕན་སྙིང་རྗེ་རྩོལ་མེད་སྐྱེ༔ རྨི་ལམ་རྣག་ཁྲག་མི་གཙང་འབབ༔ ཁྲུས་བྱས་གོས་དཀར་གྱོན་པ་དང༔ མཁའ་ལ་འཕུར་དང་ཆུ་སྟེང་བགྲོད༔ ཉམ་ངའི་གནས་ལས་འགྲོ་མང་བསྒྲལ༔ དེ་སོགས་དགེ་བའི་མཚན་མ་རྣམས༔ སྒྲིབ་དག་གཞན་ཕན་ལྟས་སུ་ཤེས༔ ཞེས་སོགས་སྒྲས། གངས་རི་མཐོང་ཞིང་དེར་འཛེགས་པ། ཉི་ཟླ་ཤར་བ། རོལ་མོ་འཁྲོལ་བ། ཤེལ་ཕྲེང་དང་མེ་ཏོག་དཀར་པོ་རྙེད་པ་སོགས་གཞན་ལས་མང་དུ་གསུངས་པ་རྣམས་སོ། །གཞན་ཕན་གྱི་ཕྲིན་ལས་འབྱུང་བའི་རྒྱུ་ཐུན་མིན་ནས་ཀྱི་ས་བོན་ལྟ་བུ་ནི། གཞན་ཕན་གྱི་བསམ་པ་ཉིད་ཡིན་ཏེ། །བསམ་པ་དེ་མཐུ་ཇི་ལྟར་ལྷག་པ་དེ་ལྟར་འབྲས་བུ་གཞན་དོན་ཡང་ལྷག་པར་འགྱུར་རོ། །

TN03_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༤)དེའང་ཐེག་ཆེན་ནས་གསུངས་པ་ལྟ་བུའི་གཞན་ཕན་ཐུག་མེད་འགྲུབ་པ་ལ་ནི་བསམ་པ་དེའི་མཐུན་ཕྱོགས་རེ་སྐྱེས་པས་མི་ཆོག་གི །རྣམ་པ་ཐམས་ཅད་ནས་རྒྱས་དགོས་ལ། དེ་ལྟར་རྒྱས་བྱེད་དུ་སྦྱིན་སོགས་སྤྱོད་པ་ཐུག་མེད་ལ་སློབ་པ་ཡིན་པས་སྤྱོད་པ་དེ་དག་ནི་བསམ་པ་དེའི་གྲོགས་སམ་དཔུང་ངོ། །བསམ་པ་དེ་ཕུལ་དུ་དབྱུང་དུ་མེད་པར་མཐར་ཕྱིན་པ་དེ་བཞིན་གཤེགས་པ་རྣམས་ཀྱི་རྒྱུད་ལ་གྲུབ་ཟིན་པ་རྣམས་ལྷ་གཅིག་གི་རྣམ་པར་བསྡུས་པ་ནི་རྗེ་བཙུན་འདི་ཡིན་པས། དེའི་སྔགས་ཀྱི་ཟླ་ཟེར་རང་རྒྱུད་ལ་གདོད་ནས་བཞུགས་པའི་སྤྱན་རས་གཟིགས་ཀྱི་ཆུ་ཤེལ་ལ་བཅུག་ནས་སྒྲུབ་ལུགས་འདིས་ནི་འགྲོ་འདུལ་ཕྲིན་ལས་ཀྱི་དངོས་གྲུབ་ཡས་བབ་ཐོག་རྒྱགས་ལྟ་བུའི་ཚུལ་དུ་འཐོབ་པར་ནུས་སོ། །དེ་བཞིན་དུ་ཡིག་དྲུག་ཕྱིན་དྲུག་དང་སྦྱོར་སྐབས་ཀྱང་། ལྷ་སྔགས་ཀྱི་མཐུས་ཕྱིན་དྲུག་གི་རྟོགས་པ་སྩོལ་བར་མ་ཟད། ཕྱིན་དྲུག་གི་འབྲས་བུའི་ཡོན་ཏན་ལོངས་སྤྱོད་དང་ལུས་འཁོར་རྩོམ་པ་ཕུན་ཚོགས་སོགས་འཕྲལ་ལ་ཐོད་རྒལ་དུ་སྟེར་བར་ཡང་འགྱུར་ཏེ། འདི་ལྟར་དོན་ཆེན་པོ་དེ་དག་འོ་སྐོལ་རང་གི་མཐུས་སྒྲུབ་པ་དང་། དེ་བཞིན་གཤེགས་པས་ཐོག་མ་མེད་པ་ནས་བསྒྲུབས་ཟིན་པའི་སྙིང་རྗེ་དང་ཕྱིན་དྲུག་རིག་སྔགས་ཀྱི་རྣམ་པར་ཤར་བ་ལ་བརྟེན་ནས་སྒྲུབ་པ་གཉིས་ནི་ཚུལ་ལམ་ལུགས་མི་གཅིག་སྟེ།

TN03_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༥)རིག་སྔགས་འདི་གྲུབ་པ་ནི་བདེ་བ་ཅན་དུ་སྐྱེས་པ་དང་འདྲ། དེའི་ཚེ་དེ་འདྲ་བའི་དངོས་གྲུབ་མང་པོ་ལ་མྱུར་བ་དེར་དབང་སྒྱུར་ནུས་པ་ནི་ཞིང་དེར་སངས་རྒྱས་བྱང་སེམས་ཀྱི་འབྱོར་པ་བསམ་མི་ཁྱབ་ལ་ཅི་དགར་སྤྱོད་དུ་ཡོད་པ་དང་འདྲ། རིག་སྔགས་ལ་མ་བརྟེན་ན་གྲུབ་པ་དེ་དག་ཚེ་རབས་མང་པོས་ཀྱང་འཐོབ་ཏུ་མེད་པ་ནི་ཞིང་དེའི་ལོངས་སྤྱོད་དེ་དག་གདུལ་བྱའི་དགེ་རྩའི་རང་སྟོབས་ཀྱིས་སྒྲུབ་དགོས་ན་ཤིང་ལོ་གཅིག་ཀྱང་བསྐལ་པ་དུ་མར་ཡང་འགྲུབ་མི་ནུས་པ་དང་འདྲ་བས་སོ། །འོན་ཀྱང་ཕར་ཕྱིན་གཅིག་གི་བྱ་བ་ལའང་ལྷག་མ་རྣམས་ཀྱིས་ཕན་འདོགས་པས་རྩོམ་པ་ཕུན་ཚོགས་ཙམ་སྒྲུབ་ཀྱང་ཡི་གེ་དྲུག་ཀ་ཚང་བ་ཚན་ཆེའི། །བརྩོན་འགྲུས་ཀྱི་ཡི་གེ་རྐྱང་པས་ནི་མིན་ནོ། །མདོ་ལས་ཡིག་དྲུག་འདི་ལྷ་མོ་ཡེ་གེ་དྲུག་མའི་སྲུང་བར་བཤད་ཅིང་། འདིའི་དེ་ཉིད་ཕར་ཕྱིན་དྲུག་གི་རེ་རེར་ཡང་དྲུག་དྲུག་ཚང་བར་བསྡུས་ནས་སྒྲུབ་པ་ལ་གོ་ཆའི་སྒྲུབ་པ་ཞེས་མི་མཐུན་ཕྱོགས་ཀྱིས་མི་བརྫི་བས་རྒྱལ་སྲས་རྣམས་ཀྱི་གོ་ཆ་ཡིན་པར་གསུངས་ཏེ། དེ་ལྟར་བཟླས་ན་འཇིགས་པ་མཐའ་དག་སྲུང་བའི་སྔགས་ཀྱི་དམ་པར་ཡང་། སྔགས་འདིས་ལོངས་སྤྱོད་དང་ཤེས་རབ་དང་སྲུང་བ་སོགས་གང་སྒྲུབ་ཀྱང་དོན་དེ་དང་དེའི་ཆེད་དུ་འདུན་སྟོབས་དང་བསམ་གཏན་གྱིས་ལྡེ་ཁ་

TN03_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༦)སྒྱུར་བ་ནི་ངེས་པར་དགོས་སོ། །ནོར་བུ་ཆུ་ཤེལ་ཚོན་གང་ལ་ཉེ་བ་དེའི་ཁ་དོག་ཏུ་སྣང་བ་བཞིན་ནོ། །ལས་ཚོགས་རབ་འབྱམས་གཞན་ཡང་སྒྲུབ་ལུགས་ནི། ཉང་གི་འགྲོ་འདུལ་སོགས་ལས་ཤིན་ཏུ་མང་བ་བཤད་ཀྱང་འདིར་བླ་མ་ཞི་བ་ལྟར་ལས་བཞིར་དྲིལ་ན། །རྒྱལ་པོ་བཀའ་འབུམ་དུ་ཡིག་དྲུག་རྐྱང་པ་དེ་དམིགས་མེད་དབང་གིས་ལས་སོ་སོར་བྱེད་པར་གསུངས་པ་ལྟར་རམ། ཉང་གི་འགྲོ་འདུལ་ལས་སོ་སོའི་ཤམ་སྔགས་སྦྲེལ་བར་གསུངས་པ་ལྟར་ན་བླ་མ་ཞི་བ་ལྟར་སྦྱོར། གང་ལྟར་ཡང་ཏིང་ངེ་འཛིན་གལ་ཆེ་བས། དེ་ལ་རྒྱལ་པོ་བཀའ་འབུམ་སོགས་སུ་ལྷའི་སྐུ་མདོག་ཀྱང་ལས་ཀྱི་ཁ་དོག་ཏུ་སྒྱུར་བར་བཤད་ཀྱང་། དེ་མ་བསྒྱུར་བར་འོད་ཟེར་ལས་མདོག་ཅན་གྱིས་ཕྲིན་ལས་སོ་སོར་མཛད་པར་བལྟས་པས་ཀྱང་འགྲུབ་པར་པདྨ་ཞི་ཁྲོར་བཤད་པ་བཞིན་བྱ། །གལ་ཏེ་ལས་བཞིའི་ཆོ་ག་དེ་ལས་རྒྱས་པ་ལ་དགའ་ན། པདྨ་ཞི་ཁྲོའི་སཙྪ་དང་ཆུ་ལ་བརྟེན་པ་སོགས་སྦྱར་ན་ལེགས་པར་མཐོང་ངོ། །སྲུང་འཁོར་འབྲིན་རྒྱལ་པོ་བཀའ་འབུམ་ལྟར་དང་། ཚེ་སྒྲུབ་བྱེད་ན་བླ་མ་ཞི་བ་ནས་བླང་། མཆན། གཏེར་གསར་གྱི་གཞུང་ལ་ལར། མི་ཟབ་པའི་བསྐྱེད་རིམ་གྱི་འོག་ཏུ་ལུས་དཀྱིལ་ལམ་ཟབ་པའི་བསྐྱེད་རིམ་སྒོམ་པར་བཤད་ཀྱང་། འདིར་མ་གསུངས་ཏེ། ལར་འདིའི་ལྷ་བསྐྱེད་ལྟར་རྟེན་དང་བརྟེན་པའི་འཁོར་ལོ་ཐམས་ཅད་ཕུང་ཁམས་དག་པའི་བདེ་ཆེན་ཡེ་ཤེས་

TN03_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༧)ཀྱི་དག་ལྡོག་སོ་སོའི་སྟེང་ནས་སྒོམ་པ་འདི་ལ་རྩལ་འབྱོང་བར་བྱས་ཀྱང་ཕུང་ཁམས་འོད་གསལ་དུ་དེང་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་ལུས་དཀྱིལ་སྒོམ་པའི་གོ་ཆོད་པ་ཞིག་ཡོད་འདྲ་སྟེ། དུས་འཁོར་བཞིན་ནོ། །དེར་མ་ཟད་འདིའི་རྩ་གཞུང་བླ་མ་ཞི་བར། ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ གདན་གསུམ་སྒྱུ་འཕྲུལ་ཞི་ཁྲོ་ཡི༔ ཞེས་སོགས་ལྟར་ཕུང་ཁམས་ཐམས་ཅད་ལ་སྒྱུ་འཕྲུལ་ཞི་ཁྲོའི་ལྷ་རྣམས་གཟུགས་སོགས་ནང་གི་ཆོས་དེ་དང་དེར་ཤར་བའི་སྣང་ཞེན་འཇོག་པའང་གལ་ཆེའོ། །སྣང་ཞེན་འཇོག་པའི་གཞི་ལ། རགས་པ་ཕུང་སོགས་དང་། །ཕྲ་བ་རྩ་ཁམས་ཀྱི་ཁྱད་ཡོད་པ་མ་གཏོགས་པ། ཡུམ་ཀ་ལའང་ཚུལ་འདི་འདྲའོ། ༈ །བྱ་བ་སྤྱིའི་རྒྱུད་དཔུང་བཟང་དང་ལེགས་གྲུབ་གསང་བ་སྤྱི་རྒྱུད། བྱེ་བྲག་གི་རྒྱུད་དོན་ཞགས་ཆོ་ག་ཞི་བ་མོ་དང་ཕྱག་སྟོང་སྤྱན་སྟོང་གི་གཟུངས་མདོ་སོགས། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་། ཡོ་ག་དེ་ཉིད་བསྡུས་པ་དང་དཔལ་མཆོག །བླ་མེད་གསང་འདུས་དང་བདེ་མཆོག་མངོན་བརྗོད་བླ་མ་དུས་འཁོར་སོགས་ཀུན་ཏུ་གསུངས་པས་འདི་ནི་རྒྱུད་སྡེ་བཞི་ཀའི་ལྷ་ཡིན། ༈ འདི་དེ་ཁོ་ན་ཉིད་ལ་བློ་རྒྱས་པར་བྱེད་པའི་བློ་འཕེལ་གྱི་ལྷར་བསྔགས་ཏེ། དེ་ཉིད་སྣང་བ་དང་དཔལ་མཆོག་འགྲེལ་པར། སེམས་ཅན་གཏི་མུག་

TN03_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༨)ཤས་ཆེ་བ་རྣམས་སྦྱོང་བྱེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་འགྲོ་འདུལ་པདྨའི་རིགས་སྤྲུལ་པར་གསུངས་པ་དང་། རང་བཞིན་དག་པའི་ཆོས་ལ་སོར་རྟོག་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པའི་ཆ་ནས་སྤྱན་རས་གཟིགས་སུ་བརྗོད་ཚུལ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་དང་དོན་ཞགས་སོགས་མང་པོར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྟེང་ནས་སྒོས་ཀྱི་ཆེ་བ་བསྟན་པ་སོགས། ༈ གསུངས་རབས་ཀྱི་མཛོད་ཐམས་ཅད་ཀྱི་བདག་པོར་སྒྲུབ་པའི་ལྷར་བསྔགས་པའང་། །རྣམ་སྣང་མངོན་བྱང་དང་ཡོ་ག་དང་བླ་མེད་རྒྱུད་ཀུན་ཏུ་འདི་སོར་རྟོག་ཡེ་ཤེས་ཀྱི་ལྷ་མཐར་ཐུག་ཏུ་བཤད་ཅིང་། །ཡེ་ཤེས་དེ་སྔོན་ཆོས་བསྟན་པའི་རྒྱུ་ལས་བྱུང་ཞིང་། ཆོས་ཀྱི་ལོངས་སྤྱོད་རྒྱས་པའི་བྱེད་ལས་ཅན་ཡིན་ཚུལ་མདོ་རྒྱན་ལས་དང་། དེ་ཉིད་བསྡུས་པར། འདི་ཉིད་དང་པོར་རྒྱལ་བ་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་འོད་ཟེར་ལས་སྤྲུལ་ཚུལ་དང་སངས་རྒྱས་རྣམས་ཀྱིས་པདྨ་བྱིན་ནས་བཛྲ་དྷརྨ་ཞེས་མིང་གིས་དབང་བསྐུར་ཚུལ། །སངས་རྒྱས་གསང་བ་དང་ཤཱཀྱ་མི་ཏྲས། མདོ་སྡེ་བཤད་པའི་མཐུ་རྙེད་པའི་ཕྱིར། །ཞེས་སོགས་དུ་མ། གསང་འདུས་སོགས་ལས་འདི་ཉིད་རྡོ་རྗེ་སེམས་དཔའི་ལྗགས་ལྷའི་རྣམ་པར་ཤར་བར་གསུངས་ཏེ། ལྗགས་ནི་གསུང་རབ་ཆོས་ཕུང་ཐམས་ཅད་ཀྱི་བདག་པོ་ཡིན་ཚུལ་བསྔགས་འོས་བསྔགས་བསྟོད་ཀྱི་བཅུ་གཅིག་པ་

TN03_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

(༤༢༩)ལྟར། འདིའི་རིགས་ཀྱི་དམ་ཚིག་ཏུའང་། དམ་པའི་ཆོས་ནི་མ་ལུས་བཟུང་། །ཞེས་འབྱུང་། ༈ གཟུངས་ཀྱི་སྒོ་ཚད་མེད་པ་སྒྲུབ་པར་ཡང་བསྔགས་ཏེ། མདོ་རྒྱན་ལས་སོར་རྟོག་ཡེ་ཤེས་ལ་དག་གཟུངས་རྣམས་ཀྱི། གཏེར་དང་འདྲ་བ། ཞེས་དང་། ཏིང་ངེ་འཛིན་གྱི་གཟུངས་ཁོ་ན་གཟུངས་ཆེན་པོར་འཇོག་པ་དང་ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱིས་ཆོས་འཛིན་པ་སོགས་རྗེ་བཙུན་འདི་ཏིང་ངེ་འཛིན་གྱི་ལྷར་བསྔགས་ཚུལ་འཆད་འགྱུར་དང་སྒྲིགས་ལ་སོམས། ༈ །སྒྲ་རིག་དང་དེའི་འཁོར་སྙན་ངག་སོགས་ལ་མཁས་པ་དང་། རྩོད་པ་སྨྲ་བའི་ཁྱུ་མཆོག་སོགས་སྒྲུབ་པར་ཡང་བསྔགས་ཏེ། ཐེག་བསྡུས་དབང་འབྱོར་ལྔའི་ཐད། འདུ་ཤེས་གྱུར་བས་སྨྲ་བ་ལ་དབང་འབྱོར་བར་གསུངས་ཤིང་འདི་འདུ་ཤེས་དག་པའི་རིགས་ཀྱི་འཁོར་སྒྱུར་དུ་བཤད་པ། འདུས་པའི་ངག་བྱིན་རླབས་སྐབས་སོ་རིག་བཞི་གསུང་རྡོ་རྗེར་སྦྱར་བ། དབྱངས་ཅན་མའི་བྱུང་བ། ཡོ་གར་རྡོ་རྗེ་གླུ་མའི་ཐད། འདི་དེ་བཞིན་གཤེགས་པའི་རྡོ་རྗེའི་ལྗགས་ཀྱི་ལྷར་བསྟན་པ་སོགས་ཀྱིས་སོ། ༈ །བསྟན་པ་དང་འགྲོ་བ་ལ་རྒྱ་ཆེར་ཕན་འདོགས་པའི་མཐུ་ནི་མངོན་ཤེས་ལ་ལྟོས་ཤིང་། དེ་སྦྱིན་པར་ཡང་བསྔགས་ཏེ། ཀོ་ས་ལའི་རྒྱན་ལས་རྡོ་རྗེ་ཆོས་དང་རྣོན་པོ་གཉིས་ཀྱི་གོ་རིམ་སྐབས། འདི་ཏིང་ངེ་འཛིན་གྱི་ལྷར་ཁྱད་པར་དུ་བསྟན་པ་དང་། ཨ་བ་ཏ་རར་མངོན་

TN03_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

(༤༣༠)ཤེས་ཀྱི་དངོས་གྲུབ་འཇིག་རྟེན་དབང་པོའི་ཏིང་ངེ་འཛིན་གྱིས་སྒྲུབ་པར་བཤད་པ། མདོ་རྒྱན་ལས་ཏིང་ངེ་འཛིན་གྱི་སྒོ་བསམ་མི་ཁྱབ་རྣམས་སོར་རྟོག་ཡེ་ཤེས་ལ་སྦྱར་བ། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས་བསྔགས་ཚུལ་གོང་བཞིན་དང་། ཟ་མ་ཏོག་ལས་ཀུན་ཏུ་བཟང་པོ་དང་ཏིང་འཛིན་གྱི་རྩལ་འགྲན་ཚུལ་སོགས་རྒྱ་ཆེར་གསུངས་པའི་རིགས་པས་སོ། ༈ །ས་གསུམ་གྱི་འགྲོ་བ་དབང་དུ་བྱེད་པར་ཡང་བསྔགས་ཏེ། རྡོ་རྗེ་སྙིང་པོ་རྒྱན་དུ། འཇིག་རྟེན་གསུམ་གྱི་རྒྱལ་སྲིད་ནི། །སོགས་དང་། བཤེས་སྤྲིང་དུ། འཇིག་རྟེན་ཀུན་གྱི་རྣལ་འབྱོར་དབང་མཛད་ནས། །ཞེས་པ་རྩ་འགྲེལ་དང་། ཡོ་གའི་མཁས་པ་གསུམ་གྱིས། པདྨའི་དེ་ཉིད་ལ་གཟིགས་པས་ཁམས་གསུམ་གྱི་དབང་པོ་བརྙེས་ཚུལ་རྒྱས་པར་བཤད་པས་སོ། ༈ འདི་ཉིད་རང་ལས་ནི། འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་སྒྲུབ་པར་བསྔགས་ཏེ། སྡོང་པོ་བཀོད་པར། སེམས་བསྐྱེད་གདུལ་བྱ་འདྲེན་པས་ཆུ་ལྷའི་ཞགས་པ་ལྟ་བུར་གསུངས་པ་དང་། །ལྷག་པར་སྡོང་པོ་བཀོད་པར། རི་རབ་ཀྱི་དཔེ་དང་། རྩི་ཐམས་ཅད་བསྡུས་པའི་དཔེས་གསུངས་པ་གཉིས་འབྱོར། ཀུན་ཏུ་བཟང་པོའི་སྨོན་ལམ་ཐམས་ཅད་ཀྱི་སྡོམ་སེམས་བསྐྱེད་དུ་བཤད་པ་སོགས་མཐའ་ཡས་ཤིང་། འདི་སེམས་བསྐྱེད་ཀྱི་ལྷར་བཀའ་གདམས་གླེགས་བམ་སོགས་ལས་བཤད་པ་དང་། ནོར་བཟང་རྣམ་ཐར་ལས་འབྲེལ་

TN03_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

(༤༣༡)ཚད་སྨིན་པར་མཛད་ཚུལ་གསུངས་པ། ཀྲི་ཡོག་སྡེ་གསུམ་ཀུན་ཏུ་པདྨའི་དེ་ཉིད་སྙིང་རྗེར་བཤད་པ། ཡོ་གར་འདིའི་མཚན་འགྲོ་བ་འདུལ་བ་ཞེས་བཤད་པ། རྣམ་སྣང་སྙིང་རྗེའི་ཉམས་ཀྱིས་འདུལ་བའི་སེམས་ཅན་ལ་འགྲོ་འདུལ་དུ་བསྟན་པ་སོགས་མཐའ་ཡས། ༈ །བར་དོའི་འཕྲང་དང་མའི་མངལ། །སྙིགས་མ་ལྔ་བདོ་བའི་ཡུལ་དུས་སོགས་སུ་ཡང་དེ་དག་གི་ཉེས་པས་མ་གོས་ཤིང་། དེར་མ་ཟད་དེ་དག་དགེ་ཆོས་ཀྱི་གྲོགས་སུ་འགྱུར་བར་རློབ་པའི་ལྷར་ཁྱད་པར་དུ་བསྔགས་ཏེ། དཔལ་མཆོག་དང་པོར་འདིའི་རྣལ་འབྱོར་འཆང་བ་ལ། ཉོན་མོངས་པ་ཐམས་ཅད་ཀྱི་ནང་ན་འདུག་ཀྱང་པདྨ་ལྟ་བུར་སོགས་གསུངས། འདི་ནི་ཇི་ལྟར་པདྨ་དམར་པོ་འདི། སོགས་པདྨའི་དེ་ཉིད་ལས་ཤེས་དགོས་ཏེ། ཡོ་ག་ན་ཤིན་ཏུ་རྒྱས་ཤིང་། རྣམ་སྣང་མངོན་བྱང་འགྲེལ་པར་ཡང་ཡོད། དཔལ་མོའི་བསྟོད་པ་དང་། སྲོང་བཙན་བཀའ་འབུམ་སོགས་ཀུན་ཏུ་པད་དཀར་མི་གོས་པའི་དེ་ཉིད་དང་སྦྱར་ཡོད། ༈ །འཇིགས་པ་ཐམས་ཅད་མི་འབྱུང་ལ། །གཞན་འཇིགས་པ་ལས་སྐྱོབ་པའི་མཐུ་སྟེར་བར་ཡང་བསྔགས་ཏེ། དམ་ཆོས་པད་དཀར་དང་། ནོར་བཟང་རྣམ་ཐར། ཟ་མ་ཏོག །བཅུ་གཅིག་ཞལ་གྱི་མདོ་གཟུངས་རྣམས་ན་གསལ་ཞིང་རྒྱས། སྤྱོད་འཇུག་ལས་ཀྱང་། འཁོར་གྱི་འཇིགས་པའང་བསལ་

TN03_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

(༤༣༢)བའི་ཕྱིར། །སོགས་དང་། འདི་བྱམས་བརྩེའི་ལྷ་ཡིན་ཅིང་རྒྱལ་པོ་བྱམས་པའི་སྟོབས་ཀྱིས་མངའ་རིས་བསྲུང་བ་དང་། སྟོན་པས་བདུད་དཔུང་བྱམས་པས་བཏུལ་བ། སྒྲོལ་མའི་སྔོན་བྱུང་སོགས་ཀྱིས་ཤེས་སོ། །འཕགས་པ་འདིའི་སྤྱན་ཆབ་ལས་སྒྲོལ་མ་དང་ཁྲོ་གཉེར་གྱི་རྒྱུད་ལས་ཁྲོ་གཉེར་ཅན། མཆེ་བ་ལས་དབྱངས་ཅན་མ་སོགས་བྱུང་ཚུལ་འཇམ་དཔལ་རྩ་རྒྱུད་དང་། གོས་དཀར་མོ་དང་། རྨ་བྱ་ཆེན་མོ། །ཡིད་ཀྱི་ཤིང་རྟ་མ། ལོངས་སྤྱོད་ལྡན་མ་སོགས། ཟ་མ་ཏོག་སོགས་ལས་གསུངས་པ་དང་། དཔལ་མཆོག་འགྲེལ་པར། བརྒྱ་བྱིན། ཁྱབ་འཇུག །དྲག་པོ། ཚངས་པ། སའི་ལྷ། རྒྱ་མཚོའི་ལྷ། ཉི་མ། རླུང་གི་ལྷའི་གཟུགས་ཅན་གྱི་རྗེ་བཙུན་སོགས་གསུངས་ཏེ། འདིས་འཇིགས་རྟེན་དབང་ཕྱུག་ཅེས་པའི་སྒྲ་བཤད་ཀྱང་ཤེས། སྤྱན་རས་གཟིགས་ཞེས་པའི་མཚན་འདི་ཉིད་འཆང་བའི་སྐུ་ལ་ཡང་། བཅུ་གཅིག་ཞལ། མཁའ་སྤྱོད། སེང་གེ་སྒྲ། མགྲིན་སྔོན། འཕྲོགས་བྱེད་གསུམ་ལ་ཞོན་པ། ཧཱ་ལ་ཧཱ་ལ་སོགས་མཐའ་ཡས་ཏེ། སྒྱུ་མའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་མཐུ་ལ་དད་པར་བྱའོ། །རྡོ་རྗེ་སྙིང་པོ་རྒྱན་ལས། འཇིག་རྟེན་དབང་ཕྱུག་ཐུབ་ཆེན་པོ། །བཅོམ་ལྡན་རྣལ་འབྱོར་ཅན་གྲུབ་ན། །དཔའ་བོ་ཐམས་ཅད་རྩོལ་འགྱུར་ཞིང་། །རང་གི་དངོས་གྲུབ་མཆོག་རྣམས་དང་། །རྣལ་

TN03_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

(༤༣༣)འབྱོར་ཐམས་ཅད་འཛིན་ཉིད་དང་། །རྣམ་པར་རྒྱས་པའི་ནོར་སྟེར་འགྱུར། །རིག་པ་འཛིན་དང་འཁོར་ལོ་ཅན། །ས་དང་ཕ་རོལ་ཕྱིན་སོགས་དང་། །སངས་རྒྱས་རྣམས་ཀྱང་རྩོལ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་གསུངས་སོ། །དམ་ཆོས་པད་དཀར་ལས། དེ་བཞིན་གཤེགས་པ་གངྒའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་མཚན་ནས་བརྗོད་ཅིང་ཕྱག་བྱས་པ་དང་། སྤྱན་རས་གཟིགས་ཀྱི་མཚན་ལན་གཅིག་བརྗོད་ཅིང་ཕྱག་གཅིག་བྱས་པ་བསོད་ནམས་མཉམ་པར་གསུངས་ཏེ། དེའི་རྒྱུ་མཚན་ཡང་། རྟོག་གེ་འབར་བར། ཕར་གྱུར་པའི་ཕྱིར་དང་། ཞེས་སོགས་ལྟར་རོ། །ཟ་མ་ཏོག་དང་སྡོང་པོ་བཀོད་པར་ནད་ཀྱི་འཇིགས་པ་སེལ་བའི་ལྷར་བསྔགས་ཤིང་། རྡོ་རྗེ་གུར་ལས་ཡིག་དྲུག་ནད་ཐམས་ཅད་ཞི་བའི་སྔགས་སུ་གསུངས་པ་དང་། །མ་ི་བཀའ་འབུམ་ལས་ནད་འདོན་དྲུག་དང་བརྟུལ་ཞུགས་དྲུག་དབྱུག་བཅོས་སོགས་ནད་གདོན་སེལ་བའི་ཕྲིན་ལས་ཁོ་ན་རྩལ་དུ་བཏོན་ཡོད་པས་ནད་གསོ་བ་ལ་ཆེས་རྣོ། ཁྱད་པར་དུ་གསོ་རིག་ལས་མིག་འབྱེད་ལ་ཟབ་པར་གསུངས་ཤིང་། ཉང་གཏེར་མིག་འབྱེད་སོགས། རྣམ་ཐར་ཟངས་གླིང་མར་ནད་པའི་དོན་དུ་རྐྱེན་ཟློག་རིམ་གྲོ་སྨན་དཔྱད་ཅི་བྱེད་པ་བས་མ་ི་སྟོབས་ཆེ་གསུངས། འདི་དག་རྗེ་ཉིད་ནས་ཟིན་ཐོ་ལྟ་བུར་བཏབ་ཡོད་པ་རྣམས་

TN03_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

(༤༣༤)གཞན་དུ་འཁྱར་གྱིས་དོགས་ནས་རྗེས་འཇུག་འགའ་ཞིག་གིས་ཕྱོགས་གཅིག་ཏུ་བསྒྲིག་ཁུལ་བྱས་ཏེ་ཕྱག་བྲིས་ཇི་ལྟ་བ་བཞིན་བཅོས་བསླད་མེད་པར་སྤར་དུ་བསྐྲུན་པ་དགེ་ལེགས་འཕེལ། ༈ འཕྲུལ་ཆེན་སྤར་གྱི་ལྗོན་ཤིང་རྒྱས་པའི་རྩེར། །ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག ཤུ་བྷཾ་མསྟུ་ས་རྦ་ཛ་ག་ཏཾ།

TN03_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

(༤༣༥)"པདྨ་དབང་ཆེན་གླུ་གར་གྱི་སྒོ་ནས་འཆད་པའི་བཤད་པ་རྒྱས་ཤོས་ནི་བདེ་འདུས་གསང་སྔགས་བཀའི་ཐ་རམ་ཡིན་ཀྱང་དེའི་དཔེ་དག་པ་མ་རྙེད་པས་དངོས་འབྲི་བར་མ་འབད། བཅུད་དྲིལ་ཙམ་ནི་པདྨ་གསུང་གི་སྒྲུབ་པ་ཐམས་ཅད་རྟ་སྐད་ཐང་གསུམ་གྱི་དགོངས་པར་འདུས་པར་བསྟན་པ་ལ། ཐ་རམ་རྣམ་པ་བཞིས་བཤད་དེ། ཐེག་པ་རིམ་པར་བགྲོད་པའི་རྟ་རྐད་རྟ་ཡི་འགྲོས་དགུས་ཐེག་པ་དགུ་རྩེར་ཆུབ་པར་བཤད་པ་དང་། ས་དང་ལམ་ལ་སྦྱར་བའི་རྟ་སྐད་རྟའི་སྐད་བཅུ་གསུམ་དང་སྦྱར་ཏེ་བཤད་པས་ས་བཅུ་ལམ་ལྔ་མྱུར་དུ་བགྲོད་པར་བཤད་པ་དང་། གསང་སྔགས་ལ་ཤན་འབྱེད་པའི་རྟ་སྐད་རྟ་མགོ་ལྗང་ཞུར་གྱིས་དཔལ་རྟ་མགྲིན་ཆེ་བའི་ཡོན་ཏན་གཞན་ལས་འཕགས་པའི་སྒོ་ནས་བཤད་པ་དང་། གདུལ་བྱ་ཐབས་ཀྱི་རྟ་སྐད་དཔལ་དང་མ་མོ་འབུམ་བརྡ་ཕྲད་ཀློང་རྡོལ་དབང་བསྒྱུར་བའི་སྒོ་ནས་བཤད་པའོ། །དང་པོ་ནི། རྟའི་འགྲོས་ལ། སུམ་ལག་སྒྲོག་གི་འགྲོས་དང་། སྡོམ་པ་ལྕགས་ཀྱི་འགྲོས་དང་། ཕོ་ཉ་སྲུན་གྱི་འགྲོས་དང་། མཚམས་ལེགས་གཟེངས་ཀྱི་འགྲོས་དང་། གོམ་བུ་ཉོལ་གྱི་འགྲོས་དང་། སྤྱང་མོ་འདུར་གྱི་འགྲོས་དང་། རོལ་མོ་སྟབས་ཀྱི་འགྲོས་དང་། འཇོལ་མོ་དཀྱུས་ཀྱི་འགྲོས་དང་། དཀྱུས་ཚང་བའི་འགྲོས་དང་དགུའོ། །དེ་རྣམས་དོན་ཐེག་པ་རིམ་དགུ་དང་སྦྱར་བ་ནི། འགྲོས་དང་པོ་ལྟར་ལྷ་མིའི་ཐེག་པ་

TN03_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

(༤༣༦)ནི། མ་སྐྱེས་མཉམ་པའི་ལྟ་བ་ལ་ནི་སྒྲིབ། དགེ་བ་བཅུ་སོགས་དམ་པའི་ཆོས་ཁྲིམས་སྒྲོག་དང་འདྲ་བས་ནི་བསྡམ་ཏེ། བག་ཡངས་པའི་ལྟ་སྤྱོད་ཀྱི་དབང་མ་ཐོབ་པས་སྒྲོག་ཏུ་ཚུད་པ་དང་འདྲའོ། །གཉིས་པ་ལྟར། ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་པར་རྟོགས་པས་སྔ་མ་ལས་འཕགས་ཀྱང་། ཐེག་ཆེན་གྱི་དོན་མ་རྟོགས་པས་ཡོག་ཏུ་ལྕི་བ་འདུལ་བ་ལྕགས་དང་འདྲ་བས་བསྡམ་པས་མཉམ་པ་ཉིད་ཀྱི་དོན་ལ་བག་ཡང་དུ་སྤྱོད་མ་ཤེས་པས་ལྟ་སྤྱོད་ཀྱི་ཆོས་ལ་དབང་མ་ཐོབ་སྟེ་ཤིན་ཏུ་སྡུག་བསྔལ་ཆེའོ། །གསུམ་པ་ལྟར་རང་རྒྱལ་ནི་གོང་མ་གཉིས་ལས་ཁྱད་པར་དུ་གཟུགས་ཕུང་བདག་མེད་པར་ལྟ་བས་འཕགས་ཏེ། རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པའི་དུས་ན་ཉན་ཐོས་ལྟར་དགེ་བའི་གཤེས་གཉེན་ལ་མི་ལྟོས་པར་སྔོན་གོམས་པའི་ཤུགས་ཀྱིས་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་ཀྱི་སྒོ་ནས་འཁོར་བ་ཐོག་མ་དང་ཐ་མ་མེད་པར་རྟོགས་ཤིང་རང་བྱུང་ཐོབ་པར་ནུས་ན་ཡང་ཐེག་པ་ཆེན་པོ་མཉམ་པ་ཉིད་ཀྱི་ཆོས། ཐམས་ཅད་སེམས་སུ་འདུས་པར་མ་མཐོང་བས་གཉིས་སུ་མེད་པའི་ས་ལ་མྱུར་དུ་ཕྱིན་པའི་ཐབས་ཆུད་སྟེ་ལམ་མྱུར་བའི་རྩལ་མེད་དོ། །བཞི་པ་ལྟར་ཐེག་པ་ཆེན་པོ་མདོ་སྡེའི་ཐེག་པ་ནི། ཆོས་དང་གང་ཟག་གི་བདག་གཉིས་ཀ་མ་སྐྱེས་པར་རྟོགས་པས་མཉམ་པ་ཉིད་ཀྱི་དོན་ཐུགས་སུ་ཆུད་དེ། འོག་མ་ལས་ཀྱང་བྱང་ཆུབ་མྱུར་བའི་ཕྱིར་འཕགས་སོ། །ལྔ་པ་ལྟར་མདོ་

TN03_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

(༤༣༧)སྡེ་བས་ཀྱང་ཀྲི་ཡ་འཕགས་ཏེ། མཉམ་པ་ཉིད་ཀྱི་དོན་ཐུགས་སུ་ཆུད་པར་མཚུངས་ཀྱང་། ཀུན་རྫོབ་ཏུ་འདི་བས་བདག་དམ་ཚིག་སེམས་དཔའ་བྲན། ཡེ་ཤེས་སེམས་དཔའ་ཇོ་བོའི་ཚུལ་དུ་རིགས་གསུམ་གྱི་སྐུར་བསྒོམ་སྟེ། སྐུ་མཚན་མ། གསུང་བཟླས་བརྗོད། ཐུགས་ཏིང་ངེ་འཛིན་གྱིས་གཙང་སྦྲ་དང་དུས་ཚིགས་དང་གཟའ་དང་རྒྱུ་སྐར་ལ་སོགས་པ་རྒྱུ་རྐྱེན་གཙོ་བོར་ཚོགས་པའི་མཐུ་ལས་ཚོགས་ཆེན་པོ་སྐྱེ་བས་ཁྱད་པར་དུ་འཕགས་སོ། །དྲུག་པ་ལྟར་ཨུ་པ་ཡ་དེ་ལས་ཀྱང་འཕགས་ཏེ། ཀུན་རྫོབ་ཏུ་ལྷ་ཡེ་ཤེས་སེམས་དཔའ་རིགས་བཞིར་འདོད་པས་ལྷའི་ཏིང་ངེ་འཛིན་ཡིག་འབྲུ་ལས་ཡན་ལག་བཞི་དང་ལྡན་པར་སྒོམ་ཞིང་། ཏིང་ངེ་འཛིན་དང་ཡོ་བྱད་རྒྱུ་རྐྱེན་གཉིས་ཀ་ལ་བརྟེན་ནས་སྒྲུབ་པའོ། །བདུན་པ་ལྟར། །དེ་བས་ཀྱང་ལྟ་སྤྱོད་མ་ཧཱ་ཡོ་ག་འཕགས་ཏེ། ཅིའི་ཕྱིར་ན། །སེམས་ཉིད་གདོད་མ་ནས་མ་སྐྱེས་པ་མཉམ་པ་ཉིད་ཀྱི་དབྱིངས་ལས་རིག་རྩལ་གྱི་ཐབས་ཆོ་འཕྲུལ་ཡི་གེ་འཕྲོ་འདུས་བདག་གཞན་གྱི་དོན་བྱ་བ་ནི་བསོད་ནམས་ཀྱི་ཚོགས། ཡི་གེ་ལས་སྐྱེས་པའི་ཞི་ཁྲོ་རྣམ་གཉིས་ཀྱི་དཀྱིལ་འཁོར་སྣ་ཚོགས་གཟུགས་དང་བཅས་པ་ཉིད། ཡི་གེ་མ་འདི་སྐོར་དཔྱད་སྐྱེས་པའི་སྒོ་ནས་མཚན་ཉིད་དུ་སྣང་བའི་སྒོ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱང་མ་སྐྱེས་པའི་སྒོ་ནས་རང་བཞིན་མེད་པ་ཆུ་ཟླ་བཞིན་སྤྱོད་ལ་མ་ཆགས་པར་རྟོགས་པའི་དུས་ནས་ཡེ་ཤེས་རྫོགས་ཏེ།

TN03_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

(༤༣༨)ཚོགས་གཉིས་དུས་གཅིག་ལ་རྫོགས་སོ། །བརྒྱད་པ་ལྟར། དེ་བས་ཀྱང་ཨ་ནུ་ཡོ་ག་འཕགས་ཏེ། རྒྱུ་དག་པའི་དབྱིངས་ནས་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་བས་སོ། །དེའང་གང་ལྟར་ན་སྔ་མ་ལྟར་ཡིག་འབྲུ་ལས་བསྐྱེད་མི་དགོས་ཏེ། ཕུང་པོ་ལྔ་རིགས་ལྔ། རྣམ་ཤེས་བརྒྱད་སེམས་དཔའ་བརྒྱད། ཡུལ་བརྒྱད་སེམས་མ་བརྒྱད་སོགས་སུ་ཡེ་ནས་གནས་ཏེ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ནི་རྩ་བ་བྱང་ཆུབ་སེམས་སུ་འདུ་ལ། དེ་ཆོས་ཀྱི་དབྱིངས་ལས་མི་གཞན་པས་ཡེ་ནས་སངས་རྒྱས་པའོ། །དགུ་པ་ལྟར། །ཨ་ཏི་ཡོ་ག་བྱ་རྩོལ་ཐམས་ཅད་དང་བྲལ་བ་བདེ་བ་ཆེན་པོའི་དོན་ལྷུན་གྱིས་གྲུབ་པ་ནི། ཕྱི་ནང་གི་ཆོས་ཐམས་ཅད་རང་སེམས་སུ་འདུ་ལ། སེམས་ཀྱི་དེ་ཁོ་ན་ཉིད་ནི་གདོད་མ་ནས་མ་བྱུང་མ་སྐྱེས་ཏེ། མ་བྱུང་བ་ནི་འབྱུང་བའི་རྒྱུ་མེད་ལ། མ་སྐྱེས་པ་ནི་སྐྱེ་བའི་གནས་མེད་དོ། །དེའི་ཕྱིར་ན་ཡེ་ཤེས་འབྱུང་འཇུག་མེད་པའི་ཏིང་ངེ་འཛིན་ནོ། །ངང་གིས་མ་སྐྱེས་པའི་ཐིག་ལེ་ཆེན་པོའོ། །ཡོངས་ཀྱིས་འོད་གསལ་བའི་ཡེ་ཤེས་དང་། ཐམས་ཅད་བདག་གི་དབང་དུ་གྱུར་པའི་བདག་ཉིད་ཆེན་པོ་ཞེས་བྱའོ། །རྫོགས་པ་ཆེན་པོ་ཞེས་བྱའོ། །གཉིས་པ་ནི། རྟའི་སྐད་ལ་ཡོན་ཏན་བཅུ་གསུམ་སྟེ། རྟ་ཡི་སྐད་སྙན་པ་དང་། འཇམ་པ་དང་། གཏང་བ་དང་། གསང་བ་དང་། རིང་བ་དང་། ཡིད་དུ་འོང་བ་དང་། འབྲེལ་བ་དང་། བར་མ་

TN03_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

(༤༣༩)ཆད་པ་དང་། ཟིལ་ཆེ་བ་དང་། རྩལ་ཆེ་བ་དང་། གདངས་ཆེ་བ་དང་། ངར་ཆེ་བ་དང་། ཕུལ་དུ་ཕྱིན་པའོ། །དང་པོ་ལྟར་དཔལ་རྟ་མགྲིན་ཡང་འགྲོ་བའི་དོན་ལ་དགའ་སྟེ། ས་དང་པོ་རབ་དགའ་དང་སྦྱོར། ལམ་ནི་ཚོགས་ལམ་དང་སྦྱར་རོ། །གཉིས་པ་ལྟར་དཔལ་རྟ་མགྲིན་འགྲོ་བའི་དོན་ལ་ཐུགས་འཇམ་ཞིང་བརྩེ་བར་མཛད་དེ། །ས་གཉིས་པ་དྲི་མ་མེད་པ་དང་། ལམ་སྦྱོར་ལམ་དང་སྦྱར་རོ། །གསུམ་པ་ལྟར་དཔལ་རྟ་མགྲིན་འགྲོ་བའི་དོན་ལ་མི་ཐོས་པ་མེད་པར་གནས་པ་སྟེ། ས་འོད་བྱེད་པ་དང་སྦྱོར། །བཞི་པ་ལྟར་དཔལ་འགྲོ་བའི་དོན་ལ་ཐུགས་སངས་ཤིང་འགྲོ་དོན་མཛད་དེ། །ས་འོད་འཕྲོ་དང་སྦྱོར། ལྔ་པ་ལྟར་དཔལ་འགྲོ་བའི་དོན་ལ་རིང་བ་སྟེ། ས་སྦྱང་དཀའ་དང་སྦྱོར། ལམ་ནི་མཐོང་ལམ་དང་སྦྱོར། དྲུག་པ་ལྟར་དཔལ་ཐམས་ཅད་ལ་ཐུགས་རྗེ་མཉམ་པ་སྟེ། །ས་མངོན་དུ་གྱུར་བ་དང་སྦྱར། བདུན་པ་ལྟར་དཔལ་གྱི་ཐུགས་རྗེས་འགྲོ་བ་རྣམས་ལ་རྒྱུན་ཆད་མེད་པར་གཟིགས་པ་སྟེ། །ས་རིང་དུ་སོང་བ་དང་སྦྱར། བརྒྱད་པ་ལྟར་དཔལ་གྱི་ཐུགས་རྗེས་འགྲོ་བའི་དོན་རྒྱུན་ཆད་མེད་པ་སྟེ། ས་མི་གཡོ་བ་དང་སྦྱོར། །ལམ་ནི་སྒོམ་ལམ་དང་སྦྱོར། དགུ་པ་ལྟར་དཔལ་གྱིས་འགྲོ་བའི་ཉོན་མོངས་པ་འཇོམས་ཤིང་ཟིལ་གྱིས་གནོན་པའོ། །ས་ལེགས་པའི་བློ་གྲོས་དང་སྦྱོར། བཅུ་པ་ལྟར་དཔལ་འགྲོ་བའི་དོན་ལ་རྩལ་དང་

TN03_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༠)ལྡན་པ་སྟེ། ས་ཆོས་ཀྱི་སྤྲིན་དང་སྦྱོར། ལམ་ནི་མི་སློབ་ལམ་དང་སྦྱོར་རོ། །བཅུ་གཅིག་པ་ལྟར་དཔལ་གྱི་ཐུགས་རྗེ་འཁོར་བ་ན་གདངས་ཆེ་བ་སྟེ། ས་ཀུན་ཏུ་འོད་དང་སྦྱོར། བཅུ་གཉིས་པ་ལྟར་དཔལ་གྱི་ཐུགས་རྗེ་འགྲོ་བ་སྒྲོལ་བ་ལ་ངར་དང་ལྡན་པ་སྟེ། མ་ཆགས་པདྨ་ཅན་གྱི་ས་དང་སྦྱོར། བཅུ་གསུམ་པ་ལྟར་དཔལ་རྟ་མགྲིན་གྱིས་འགྲོ་བའི་དོན་ཕུལ་དུ་ཕྱིན་པ་སྟེ། ས་བཅུ་གསུམ་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་སྦྱོར་རོ། །དེ་ལྟར་དཔལ་རྟ་མགྲིན་གྱི་རྟ་སྐད་ཐང་གཅིག་ལས་བཅུ་གསུམ་མ་བགྲོད་པར་རྫོགས། ལམ་ལྔ་མ་བགྲོད་པར་བགྲོད་དོ། །གསུམ་པ་ནི། །རྟ་ཤུགས་ཆེ། འགྲོ་མགྱོགས་པ་ལྟར། འཁོར་བ་བསྒྲལ་ཤུགས་ཆེ། སངས་རྒྱས་ས་ལ་འགྲོ་བ་མགྱོགས། དེས་ན་རྟ་སྐད་ཅེས་བྱ། རྟ་ཡི་རང་བཞིན་བགྲོད་མཁས་ཏེ། །ཐེག་པ་དགུ་དང་ས་ལམ་བགྲོད། །མཁས་ཤིང་རྩེ་མོར་ཕྱིན་པས་ན། །རྟ་མགྲིན་ཞེས་ནི་དེ་ལ་བྱ། །རྟ་ཡི་རང་བཞིན་ཁ་རྩལ་ཆེ། །དེ་བཞིན་རྟ་མཆོག་གསང་སྔགས་འདི། །གསང་སྔགས་གཞན་པས་ཁ་རྩལ་ཆེ། །རྟ་མགྲིན་ཞེས་ནི་དེ་ལ་བྱ། །རྟ་ནི་དྲག་པོའི་རྔམས་ཚུལ་ལས། །རྟ་མགྲིན་ལས་ནི་བྱེད་པའོ། །རྟ་མགྲིན་དྲག་པོའི་ངར་དང་ལྡན། །མགྲིན་ནི་གདུག་པ་འདུལ་བའོ། །རྟ་ནི་རྫུ་འཕྲུལ་རྐང་པར་ལྡན། །མགྲིན་ནི་སངས་རྒྱས་ས་གནོན་པའོ། །ཕྱི་ནི་རྟ་མགྲིན་

TN03_Page_0657

TN03_Page_0658

TN03_Page_0659

TN03_Page_0660

TN03_Page_0661

TN03_Page_0662

TN03_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༡)ཁྲོ་བོའི་སྐུ། །ནང་གི་རྟ་མགྲིན་རྣལ་འབྱོར་སྐུ། །གསང་བའི་རྟ་མགྲིན་རང་སེམས་འདི། །སེམས་ལས་ལོགས་ན་སྒྲུབ་ཏུ་མེད། །སེམས་ཉིད་རྟ་མགྲིན་ཡིན་ཤེས་ན། །མཆོག་དང་ཐུན་མོང་དངོས་གྲུབ་འཐོབ། །ཡིད་བཞིན་ནོར་བུ་རང་ལ་རྙེད། །ཅིར་སྣང་ཅིར་རྟོག་ཅིར་ཐོས་པ། །རྟ་མགྲིན་ཉིད་ལས་གཞན་མ་ཡིན། །སྐུ་ཡི་ཆོ་འཕྲུལ་རྟ་མགྲིན་སྐུ་རུ་གསལ། །སྐྱེ་འགག་མེད་པའི་ངང་དུ་མྱ་ངན་འདས། །གསུང་གི་རང་བཞིན་རྟ་སྐད་ཅིར་སྒྲོགས་པ། །མ་སྐྱེས་མི་འགག་གསུང་དུ་མྱ་ངན་འདས། །ཐུགས་ཀྱི་རང་བཞིན་རྟ་མགྲིན་ཅིར་གསལ་ཡང་། །ཆོས་སྐུ་མཚན་མེད་ཀློང་དུ་མྱ་ངན་འདས། །དེ་ལྟར་རྟོགས་ན་རྟ་མགྲིན་རྣལ་འབྱོར་ཡིན། །གསང་སྔགས་ལ་ཤན་འབྱེད་པ་ཁྱད་པར་འཕགས། །ཅེས་གསུངས། བཞི་པ་ལ། །དཔལ་རྟ་མགྲིན་གྱི་རྟ་སྐད་ཐེང་གསུམ་གྱིས་མ་མོ་མཁའ་འགྲོའི་ཚོགས་ལ་བརྡ་སྤྲད་པ་དང་། མ་མོའི་འགྱིང་སྐད་ཐེང་གསུམ་གྱིས་དཔལ་རྡོ་རྗེའི་མིང་སྲིང་བརྡ་ཕྲད་དེ་དགོངས་ཀློང་རྡོལ་བ་དང་། རྣལ་འབྱོར་པའི་བརྡ་སྐད་ཐང་གསུམ་གྱིས་སྣང་སྲིད་མ་མོའི་ཚོགས་ལ་དབང་བསྒྱུར་ཏེ་ལས་བྱེད་པའི་ཚུལ་དང་གསུམ་ལས། དང་པོ་ནི། རྟ་སྐད་དང་པོ་བོས་པས་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཡེ་ནས་མ་བཅོས་མ་སྦྱང་བར་དཔལ་རྫབ་དགོངས་ཀྱི་མཚན་ལྟར་མ་མོ་མཁའ་འགྲོ་ལ་དབང་སྡུད་ཟིལ་གནོན་གཏོང་ཚུལ་ཡིན་པས།

TN03_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༢)མཁས་པའི་ཡིད་འཕྲོགས་ན་འདི་ཐད་བཤད་པ་རྣམས་གསང་རྫོགས་སོགས་ཀྱི་རྟ་སྐད་ཀྱི་སྟེང་དུ་བཤད་ནས་འདི་དང་ཡང་གནད་གཅིག་པ་ཙམ་དུ་བྱས་ན་ལེགས་སམ་སྙམ་རྟ་མགྲིན་གྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་རྟོགས་པའོ། །རྟ་སྐད་བར་མ་བོས་པས་ཁམས་གསུམ་སྲིད་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཤ་ཆེན་གྱི་ཕུང་པོ་དང་། ཁྲག་གི་རྒྱ་མཚོ་དང་། ཀེང་རུས་ཀྱི་རི་རབ་ཏུ་གྱུར་པས་མ་མོ་དང་མཁའ་འགྲོ་ཐམས་ཅད་དགྱེས་པའི་ལོངས་སྤྱོད་རྒྱུན་མི་འཆད་པར་བསམ། རྟ་སྐད་ཐ་མ་བོས་པས་མ་མོ་དང་མཁའ་འགྲོ་ཐམས་ཅད་བཀའ་འོག་ཏུ་བསྡུས་ནས་ཕྲིན་ལས་རྣམ་པ་བཞི་ལ་སོགས་པ་ཅི་བཅོལ་བའི་ལས་རྫོགས་པར་བྱེད་དེ། བཀའ་ཉན་གསུང་སྡོད་ཅེས་བྱའོ། །གཉིས་པ་ནི། དཔལ་གྱི་རྟ་སྐད་ཐེང་གསུམ་བོས་པའི་དུས་ན། མ་མོ་རྣམས་འགྱིངས་ཤིང་དམ་ཚིག་དང་སྔོན་གྱི་ཐ་ཚིག་ལས་མི་འདའ་བའི་གླུ། བདག་ཅག་ནམ་མཁའི་དབྱིངས་ནས་མཆི། །ནམ་མཁའ་དབྱིངས་ནས་མི་མཆི་རུ། །བདག་ཅག་གནས་ནི་ནམ་མཁའ་ལགས། །བདག་ཅག་འཐེང་ཞིང་གྲུམ་ཞིང་མཆི། །འཐེང་ཞིང་གྲུམ་ཞིང་མི་མཆི་རུ། །ཀེང་རུས་རི་རབ་རྩེ་མོ་ཚ། །བདག་ཅག་འབོག་ཅིང་བརྒྱལ་ཞིང་མཆིས། །འབོག་ཅིང་བརྒྱལ་ཞིང་མི་མཆི་རུ། །རཀྟའི་རྒྱ་མཚོ་གཏིང་རེ་ཟབ། །བདག་ཅག་ཐང་ཅིག་ཡུད་ལ་མཆི། །ཐང་ཅིག་ཡུད་ལ་མི་མཆི་རུ། །མིང་པོ་རྡོ་རྗེའི་བཀའ་ལུང་གཉན། །ཞེས་

TN03_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༣)ལན་ནོ། །གསུམ་པ་ནི། ཐལ་མོ་དང་པོ་བརྡབ་པས། ཆོས་ལ་དགྲ་བྱུང་། སངས་རྒྱས་ར་མདའ་ཟློག། ཅེས་པའི་བརྡ་སྐད་ཀྱིས་དཔལ་ཁྲག་འཐུང་རྣམས་དབྱིངས་ནས་སྐུལ། ཐལ་མོ་བར་པ་བརྡབ་པས་ཕྲ་མེན་རྣམས་དབྱིངས་ནས་བསྐུལ། ཐལ་མོ་ཐ་མ་བརྡབ་པས་ལས་ཀྱི་མཁའ་འགྲོ་མ་རྣམས་ལས་ལ་བསྐུལ་ཏེ་བཙུད་པ་རྣམས་སོ། །དེ་དག་ཐམས་ཅད་བསྡུ་ན་གཉིས་ཏེ། རྟ་སྐད་ལྟ་བར་དགོངས་པ་དང་། སྤྱོད་པར་དགོངས་པའོ། །དང་པོ་ལ་གཉིས་ཏེ། ངོ་བོ་དོན་གྱི་རྟ་སྐད། གསང་སྔགས་གནད་ཀྱི་རྟ་སྐད་དོ། །དང་པོ་ནི་གསུམ་སྟེ། རང་བཞིན་ངོ་བོ་དོན་གྱི་རྟ་སྐད་སྣང་སྲིད་ཐམས་ཅད་ཡེ་ནས་མ་བཅོས་མ་སྦྱངས་ལྷུན་གྱིས་གྲུབ་པའི་དཔལ་རྟ་མགྲིན། དེ་ལྟར་རྟོགས་པའོ། །རིག་པ་ངོ་བོ་ཉིད་ཀྱི་རྟ་སྐད་རང་རིག་པ་དཔལ་ཆེན་པོའི་སྐུར་ཡེ་ནས་མ་བཅོས་པར་གནས་པའོ། །གཉིས་སུ་མེད་པ་ངོ་བོ་ཉིད་ཀྱི་རྟ་སྐད་ཐབས་ཤེས་གཉིས་སུ་མེད་པའམ། དོན་དམ་པ་དང་ཀུན་རྫོབ་གཉིས་སུ་མེད་པའམ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའམ། སྣང་བ་དང་སྟོང་པ་དབྱེར་མེད་པ་ལ་བྱ་སྟེ། དེ་ཡང་སྣང་སྲིད་ཐམས་ཅད་དཔལ་རྟ་མགྲིན་གྱི་དཀྱིལ་འཁོར་དུ་སྣང་ཙམ་ན་སྣང་ཞིང་སྟོང་སྟེ་སྣང་ལ་རང་བཞིན་མེད། དེ་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་སུ་རྟོགས་པའོ། །གཉིས་པ་ལ་གསུམ་སྟེ།

TN03_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༤)ཐེག་པ་རིམ་པས་བགྲོད་པའི་རྟ་སྐད་ཀྱིས་ཐེག་རིམ་དགུའི་ནང་ནས་དཔལ་རྟ་མགྲིན་གྱི་རྣལ་འབྱོར་སངས་རྒྱས་ཀྱི་ས་ལ་འགྲོ་བ་མགྱོགས་པར་བསྟན་པ་རྟའི་འགྲོས་དགུ་དང་སྦྱར་ནས་སོ། །ས་ལམ་དང་སྦྱར་བའི་རྟ་སྐད་བཅུ་གསུམ་དང་སྦྱར་ཏེ། འདིའི་རྣལ་འབྱོར་པ་ས་ལམ་མྱུར་དུ་བགྲོད་པའི་ཆེ་བ་བསྟན་པ། །གསང་སྔགས་ལ་ཤན་དབྱེ་བའི་རྟ་སྐད། གསང་སྔགས་གཞན་ལས་དཔལ་རྟ་མགྲིན་ཆེ་བའི་ཡོན་ཏན་རྟ་མགོ་དང་སྦྱར་ནས་བསྟན་པའོ། །རྟ་སྐད་སྤྱོད་པར་དགོངས་པ་ལ་གཉིས་ཏེ། གདུལ་བྱ་ཐབས་ཀྱི་རྟ་སྐད་དང་། དཔལ་ཆེན་ཆེ་བའི་རྟ་སྐད་དོ། །དང་པོ་ལ་གསུམ་ལས། དཔལ་གྱི་རྟ་སྐད་ཐེང་གསུམ་ནི། རྟ་སྐད་དང་པོ་དམ་ཚིག་རྗེས་སུ་བསྐུལ་བ། བར་པ་བཀའ་ལ་དྲངས་པ། ཐ་མ་དོན་བྱེད་པའོ། །མ་མོའི་འགྱིང་སྐད་ཐེང་གསུམ་ནི། རང་རྒྱུད་ཆེ་བའི་རྔམས་སྐད། །བྱིན་བརླབ་རྫས་ལེན་གྱི་གདངས་སྐད། དྲག་པོ་ལས་ལ་ཆས་པའི་འགྱིང་སྐད་དོ། །རྣལ་འབྱོར་པའི་བརྡ་སྐད་ཐེང་གསུམ་ནི། ལུས་ཀྱི་བརྡ། ཐལ་མོ་དང་སེ་གོལ་སོགས། ངག་གི་བརྡ། བཤུགས་པའི་གླུ་སོགས། ཡིད་ཀྱི་བརྡ་དགོངས་པ་གཏོད་པ་དང་གསུམ་མོ། །དཔལ་ཆེན་ཆེ་བའི་རྟ་སྐད་ནི། །པདྨ་ཁྲག་འཐུང་ཁྲོས་པའི་སྐུ། །ཐམས་ཅད་དབང་དུ་སྡུད་པར་བྱེད། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ལ། །བསྙེན་པ་བྱས་པས་ཉེར་མ་འདོད། །བསྒྲུབ་པ་བྱས་པས་རྟགས་མ་ཐོན། །

TN03_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༥)བསྒོས་པས་ལས་བྱེད་མ་འདོད་ན། །སྡེ་བརྒྱད་སྲིད་པ་དཀྲུགས་པར་བྱེད། །སྤྱོད་བག་ཤོང་བའི་དབེན་གནས་སུ། །ལུས་ངག་ཡིད་གསུམ་ཁྲོས་ཀྱིས་ཀྱང་། དམར་ནག་གཞི་གཅིག་དམིགས་པ་བསྐྱེད། །ཡུལ་གསུམ་གསལ་བར་གྱུར་པ་དང་། །པདྨ་དབང་ཆེན་རྟ་མགྲིན་སྐུ། །ཏིང་འཛིན་བརྟན་པོས་བསྒྲུབ་པ་ལས། །དབང་ཆེན་ཕྱག་རྒྱ་བྱས་ནས་ནི། ཁྲོས་པའི་རྟ་སྐད་ཐེངས་གསུམ་འདོན། ཁྲོས་པའི་རྟ་སྐད་ཐང་གསུམ་གྱིས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱང་། །འབྲོང་རྒོད་འདྲོགས་པ་བཞིན་དུ་ནི། །རང་དབང་མེད་པར་ཧད་ཀྱིས་དངངས། །རྟ་སྐད་ལན་གསུམ་བཏོན་པ་ཡིས། །ཤ་རུལ་དོང་དུ་བཅུག་པ་ལ། །ཤ་སྦྲང་ལ་སོགས་འདུ་བ་བཞིན། །རང་དབང་མེད་པར་དབང་དུ་བསྡུས། །རྟ་སྐད་ཐེང་གསུམ་བཏོན་པ་ཡིས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱང་། །རྒྱལ་ཁྲིམས་དམ་པའི་དམངས་རྣམས་བཞིན། །རང་དབང་མེད་པར་འདུར་གྱིས་བཏང་། །དེ་ནི་རྟ་མགྲིན་རྣལ་འབྱོར་རོ། །པདྨ་གསུང་གི་སྒྲུབ་པའི་ཐ་རམ་བཤད་ཟིན་ཏོ། །ཞེས་པའོ། །གསང་སྔགས་བཀའི་ལྡེ་མིག་ལས། པདྨ་གསུང་གི་སྒྲུབ་ཐབས་ཅུང་ཟད་ཅིག་བཤད་དེ༔ པདྨ་དབང་གི་རྒྱལ་པོ་དཔལ་རྟ་མགྲིན་ལ་གསུམ་སྟེ༔ མཚོན་པ་དཔེའི་རྟ་མགྲིན་དང་༔ ཆོས་ཉིད་དོན་གྱི་རྟ་མགྲིན་དང་༔འཁོར་བ་རྟགས་ཀྱི་རྟ་མགྲིན་ནོ༔ །

TN03_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༦)མཚོན་པ་དཔེའི་རྟ་མགྲིན་ལ་ངོ་བོ་ངེས་ཚིག་དབྱེ་བ་གསུམ་མོ༔ ངོ་བོ་ནི༔ རྟའི་མགོ་ལྗང་གུར་སྣང་བའོ༔ ངེས་ཚིག་ནི༔ རྫུ་འཕྲུལ་གྱི་རྐང་པ་དང་ལྡན༔ བགྲོད་མཁས༔ སྐད་རིང་༔ ཤུགས་ཆེ་བས༔ དཔལ་རྟ་མགྲིན་ཀྱང་འཁོར་བར་ཐུགས་རྗེའི་རྫུ་འཕྲུལ་དང་ལྡན་ལ༔ ཐེག་དགུའི་ས་ལམ་བགྲོད་མཁས༔ འཁོར་བར་ཐུགས་རྗེའི་སྐད་རིང་ལ༔ སངས་རྒྱས་ཀྱི་ས་ལ་བགྲོད་པ་ལ་ཤུགས་ཆེའོ༔ དབྱེ་ན༔ རྟ་མགོ་ལྗང་ཀུ༔ དཔྲལ་བ་ཞུར་པོ༔ རྔོག་མ་ལེ་བརྒན༔ ཕུམ་ཕུམ་སེར་པོ༔ དོན་གཅིག་ལ་རྟགས་བཞི་ཚང་བའོ༔ ཆོས་ཉིད་དོན་གྱི་རྟ་མགྲིན་ལའང་༔ ངོ་བོ༔ ངེས་ཚིག༔ དབྱེ་བ་གསུམ་མོ༔ ངོ་བོ་ནི༔ ཆོས་ཉིད་བྱང་ཆུབ་སེམས་གཞི་ཅིའི་ངོ་བོར་ཡང་མ་གྲུབ་པའོ༔ ངེས་ཚིག་ནི༔ ཆོས་ཉིད་བྱང་ཆུབ་སེམས་རྟ་ལྟར་མགྱོགས་པའི་སེམས་ཅན་གྱི་དོན་ལ་ཕྲིན་ལས་སྐད་ཅིག་གིས་མཛད་པས་རྟ་མགྲིན་ཞེས་བྱའོ༔ དབྱེ་ན༔ ཕྱིའི་རྟ་མགྲིན༔ ནང་གི་རྟ་མགྲིན༔ གསང་བའི་རྟ་མགྲིན་དང་གསུམ་མོ༔ ཕྱིའི་རྟ་མགྲིན་ནི༔ར ང་གི་རིག་པ་རྟ་མགྲིན་གྱི་སྐུར་སྣང་བའོ༔ ནང་གི་རྟ་མགྲིན་ནི༔ར ང་གི་ལུས་རྟ་མགྲིན་གྱི་སྐུར་སྣང་བའོ༔ གསང་བའི་རྟ་མགྲིན་ནི༔ སེམས་ཉིད་

TN03_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༧)རྟ་མགྲིན་གྱི་ངོ་བོར་ཡེ་ནས་གྲུབ་པའོ༔ འཁོར་བ་རྟགས་ཀྱི་རྟ་མགྲིན་ལ་ཡང་གསུམ་སྟེ༔ ངོ་བོ༔ ངེས་ཚིག༔ དབྱེ་བ་གསུམ་མོ༔ ངོ་བོ་ནི༔ ལོངས་སྤྱོད་རྫོགས་པའི་སྐུའོ༔ ངེས་ཚིག་ནི༔ འཁོར་བའི་སེམས་ཅན་ལ་ཐུགས་རྗེ་རྟ་ལྟར་ཆགས་པ་ཆེ་བས་དབང་གི་རིགས་སུ་སྐུ་མདོག་དམར་པོར་བསྟན་པའོ༔ དབྱེ་བ་ནི༔ ཕྱི་ཞི་བ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་ལ༔ ནང་པདྨ་དབང་ཆེན་གྱི་སྐུར་བསྟན་པའོ༔ རྟ་མགྲིན་པདྨ་གསུང་གི་ལྡེ་མིག་རྪྱོ་རྪྱོ༔ ཞེས་གསུངས་སོ། །སྒྲུབ་པ་ལུང་གི་བཀའ་སྒོ་ལས། པདྨ་གསུང་གི་སྒྲུབ་པར་གདགས་པ་ཡང་༔ འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྟ་སྐད་ཐེང་གསུམ་དུ་འདུས་ཏེ༔ རྟ་སྐད་ལྟ་བར་དགོངས་པ་དང་༔ རྟ་སྐད་སྤྱོད་པར་དགོངས་པའོ། རྟ་སྐད་ལྟ་བར་དགོངས་པ་ནི༔ རྟ་སྐད་ཐེང་གཅིག་བཏོན་པས་སྣང་སྲིད་ཐམས་ཅད་དབང་དུ་བསྡུས༔ གཉིས་ཀྱིས་པདྨའི་རང་བཞིན་དུ་གྱུར༔ གསུམ་གྱིས་བསྐྱེད་རྫོགས་གསུམ་གྱི་ས་ལ་སྦྱངས་སོ༔ རྟ་སྐད་སྤྱོད་པར་དགོངས་པ་ནི། རྟ་སྐད་ཐེང་གཅིག་གིས་ལྷ་འདྲེ་ཐམས་ཅད་སྡངས༔ གཉིས་ཀྱིས་སྔོན་གྱི་དམ་ཚིག་རྗེས་སུ་དྲན༔ གསུམ་གྱིས་དབང་དུ་འདུས་པའོ༔ དེ་བས་ན་སྣང་སྲིད་ཐམས་ཅད་རྟ་སྐད་ཐང་གསུམ་དུ་འདུལ༔ །རྟ་སྐད་པདྨ་དབང་

TN03_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༨)ཆེན་གྱི་གསུང་དུ་གནས་པས༔ པདྨ་གསུང་གི་སྒྲུབ་པ་ཞེས་བྱའོ༔ པདྨ་ཐམས་ཅད་ཀྱི་མཐའ་གར་ཐུག་ན་རྟ་སྐད་ཐེངས་གསུམ་གྱི་དགོངས་པར་ཐུག་ཅེས་ཀྱང་དེ་ལ་བྱའོ༔ ཞེས་བཤད། མ་ཚང་ཁ་སྐོང་གི་རྒྱུད་དང་། མདོ་རྒྱུད་རྟོག་པ་བསྡུས་པའི་སྒྲོན་མ་སོགས་གཞན་དུ་ཡང་གསུངས་མོད་ཀྱི། །དེ་ཙམ་ལས་མ་བྲིས་སོ། །བཀའ་བརྒྱད་གསང་རྫོགས་ཀྱི་རྒྱུད་ཀྱི་ལེའུ་བརྒྱད་པ་ལས། །འཁོར་འདས་སྣང་སྟོང་དབྱེར་མེད་རྟ་སྐད་གསུམ༔ རང་སེམས་དྲི་མེད་རྣམ་དག་ས་ལམ་བཅད༔ སྣང་སྟོང་གྲགས་སྟོང་དྲན་སྟོང་སོ་མར་ཞོག༔ འཁོར་འདས་ཟིལ་གནོན་རྟ་སྐད་དགོངས་པ་ཡིན༔ ཞེས་གསུངས། དྲག་པོ་རང་བྱུང་རང་ཤར་གྱི་རྫོགས་རིམ་སྙིང་ཏིག་རྣམ་པ་བཅུའི་ནང་ཚན་གཉིས་པ་ནི། ཉོན་ཅིག་གསང་བདག་རྡོ་རྗེ་འཛིན༔རང་རང་དྲི་མ་མེད་པ་དེ༔ རྣམ་དག་སངས་རྒྱས་ཀུན་གྱི་ལམ༔ ཅིར་སྣང་རྟོག་པས་མ་དེད་པར༔ སྣང་སྲིད་ང་བདག་མེད་པ་རུ༔ གཟུགས་སྣང་ཐམས་ཅད་སྣང་སྟོང་ཡིན༔ སྒྲ་རྣམས་གྲགས་སྟོང་ངོ་བོ་མེད༔ དྲན་རྟོག་འགྱུ་བ་རླུང་དང་འདྲ༔ ཐམས་ཅད་དབྱེར་མེད་སོ་མར་ཞོག༔ དེ་ཚེ་འཁོར་བ་ཟིལ་གྱིས་གནོན༔ པདྨ་གསུང་གི་དགོངས་པ་ཡིན༔ ཅེས་གསུངས་སོ༔ ཞེས་པ་འདི་ཡིན་ནོ། །གྲོལ་ཏིག་ཐུགས་སྒྲུབ་པདྨ་རཱ་གར། རྟ་མགོ་ལྗང་ཞུར་རླུང་ལྔ་ཡེ་ཤེས་ལྡན༔ རྟ་སྐད་

TN03_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༩)རྔམས་སྒྲས་ཆོས་ཀྱི་ཕུང་པོ་སྡུད༔ ཕག་ཞལ་ནག་མོ་དུར་སྒྲ་ཕྱོགས་བཅུར་སྒྲོགས༔ ཁམས་གསུམ་དབང་སྡུད་ཕྱོགས་བཅུའི་དྲེགས་པ་འདུལ༔ གཉིས་མེད་ཧྲཱིཿཧཱུཾ་དུག་ལྔའི་རྟོག་པ་འཇོམས༔ ཞེས་གསུངས་ཤིང་སྐྱབས་རྗེས་ཕག་མོའི་ཁྲིད་གནང་སྐབས་ཤིག་ཏུ་ཡང་། ཕག་ཞལ་གྱི་ངུར་སྒྲས་ཁམས་གསུམ་མ་ལུས་པ་བདེ་བ་ཆེན་པོའི་དབྱིངས་སུ་སྡུད་ནུས་པ༔ ཞེས་བཀའ་སྩལ་པ་དྲན་ནོ། །པྲ་བྷ་ཀ་རས་མཛད་པའི་རྟ་མགྲིན་སྒྲུབ་ཐབས་ལས། པ་ལ་ཤའི་མདོག་ཅན་གྱི་རྟ་གདོང་གསུངས་ནས། རྟའི་གདོང་པ་ནི་གཞན་པ་མེད་པའི་སེམས་ཀྱི་རང་བཞིན་འདི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། །ལམ་རྣམ་པར་དག་པར་གཞོལ་བར་མངོན་པར་བརྗོད་དོ། །ཞེས་དང་། ཐོག་དཔྱད་པ་མེད་པའི་ཡེ་ཤེས་ཀྱི་སེམས་འདུད་འགྲོའི་ཞལ་དུ་བསྟན་ཏོ། །ཞེས་སོ། །སངས་རྒྱས་གསང་བས་རྣམ་སྣང་མངོན་བྱང་གི་འགྲེལ་པར། རྟ་མགྲིན་ཞེས་སུ་གྲགས་ཞེས་པ་ནི་ཆོས་ལ་འབིགས་པའི་ཡེ་ཤེས་མྱུར་ཞིང་མགྱོགས་པ་རྟ་དང་འདྲ་བ་དང་། སེམས་ཅན་གྱི་དོན་བྱ་བ་ལ་མགྱོགས་འདིས་ནི་ཐུགས་རྗེའི་ཤུགས་མྱུར་བར་བསྟན་པས། འགྲུབ་ཐག་ཉེ་བར་ཤེས་ནུས། པ་རྟ་དང་འདྲ་བའི་ཕྱིར་རྟ་མགྲིན་ཞེས་བྱའོ། །ཞེས་སོ། །ཡང་དེ་ཉིད་ལས། ཞི་རྒྱས་དབང་གི་ཕྲིན་ལས་གསུམ་མཚོན་པའི་ཁ་དོག་དཀར་སེར་སྔོན་པོ་རྣམས་འདུས་པའི་ལྗང་ཀུས་ནི་ལས་སྣ་

TN03_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༠)ཚོགས་ཀྱི་བདག་ཉིད་དུ་མཚོན་ཞེས་ལྷ་མོ་སྒྲོལ་མའི་སྐབས་སུ་གསུངས་སོ། །རྟ་ཞལ་སྟེང་ཕྱོགས་རིང་པོར་བསྟོད་དེ་འཚེར་བས་ནི། ས་བླའི་མཐར་ཐུག་པའི་དྲེགས་ལྡན་དབང་དུ་བྱེད་པར་ཇོ་བོ་རྗེས་མཛད་པའི་རྟ་མགྲིན་སྒྲུབ་ཐབས་ཤིག་ཏུ་སྣང་ངོ་། འདི་བློ་འཆུགས་ཡིན་གྱི། རྟོགས་པ་བདུན་བརྒྱ་པ་ལས་གསུངས་པའི་རྟ་མགྲིན་གྱི་སྒྲུབ་ཐབས་སུ། རྟ་ཞལ་སྔོན་པོ་ཧཱི་ཧཱིའི་སྒྲ་སྒྲོགས་པ། སྲིད་རྩེའི་མཐར་ཐུག་པའི་ཚངས་པའི་སྒོ་ངའི་རྩེ་རྟ་ཞལ་གྱིས་མནན་པ། ཞེས་པ་འདི་ལས་གཞན་མི་སྣང་སྟེ། དེའང་ཇོ་བོའི་གཞུང་ཡིན་པར་མ་བཤད། གཡས་ཕྱོགས་སུ་བལྟས་ཏེ་འཚེར་བའི་རྟས་ས་ཆེན་པོ་ལས་རྣམ་པར་རྒྱལ་བར་བྱེད་པར་ཤ་ལི་ཧོ་ཏྲས་བཤད་པ་སོགས་འགའ་ཞིག་ཀྱང་ཆོས་མཐུན་སྦྱོར་ཡུལ་དུ་ཡོད་དམ་སྙམ། མཆན། ས་གཞི་ལ་རྟའི་མཆོག་ཏུ་གྱུར་པ་རིགས་བཟང་ཞིང་རྣམ་འགྱུར་མེད་པ་ནི། ཨཱ་ཛཱ་ནེ་ཡ༔ ཅང་ཤེས་རྣམས་ཏེ། གཡུལ་དུ་མཚོན་ཆས་ལྕི་བར་བསྣུན་ཀྱང་བདག་པོ་གང་ཡིན་འདོར་བར་མི་བྱེད་པའོ། །ཞེས་འཆི་མེད་མཛོད་ཀྱི་འགྲེལ་པར་བཤད་དེ། །བཀའ་གཏེར་མང་པོར་གཞན་དོན་ལ་སྤྲོ་བ་མི་འཕྲོགས་པའི་བརྩོན་འགྲུས་ཀྱི་ལྷར་མཚོན་པའི་ཕྱིར་རྟ་ཞལ་འཆང་བར་བཤད་པ་ལ་མཁོ། ཡང་དེ་ཉིད་ལས། ཨཱ་ཛཱ་ནེ་ཡའི་ཨཱ་མངོན་པར་ཁྱབ་པ་སྟེ་བགྲོད་བྱའི་གནས་སུ་ཞོན་པ་པོས་བཞིན་ནས་ཤུགས་ཀྱིས་ཕྱིན་པར་བྱེད་པ་ནི་ངེས་པའི་ཚིག་གོ །གང་དུ་ལེགས་པར་ཁུར་འཁྱེར་བའི་ཚུལ་ཅན་བདེ་བར་བཞོན་པར་བྱར་ཡོད་པ་དེ་ནི་པི་ནི་ཏ༔ སྟེ་རྣམ་པར་དུལ་བ་ཞེས་བྱའོ། །

TN03_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༡)ཞེས་བཤད་དེ་ཆོས་མཚུངས་སྦྱོར་དུས་མཁོའོ། ༈ །སྙན་རྒྱུད་རྟ་མགྲིན་སྙིང་ཏིག་ལས་རྟ་སྐད་ཐང་གསུམ་གྱི་དོན་གཞི་ལམ་འབྲས་གསུམ་དང་སྦྱར་ནས་གསུངས་པ་ནི་ཟུར་དུ་ཤེས། རྟ་སྐད་ཐང་གཅིག་ཀ་དག་གི་དགོངས་པ་ནི་དབང་བཞི་པའི་གཞུང་འདི་ཟབ་ཅིང་གསལ་ཏེ། ཧཱི་ཧཱི་ཧཱི༔ རྡོ་རྗེའི་རྟ་སྐད་འཚེར་བའི་དབྱངས༔ གསལ་ཞིང་བརྗིད་པའི་གདངས་ཆེན་པོ༔ རང་བྱུང་ནམ་མཁའི་དཀྱིལ་ནས་བསྒྲགས༔ བདེ་སྟོང་ཉམས་ཀྱི་ངོ་བོར་ལྟོས༔ དེ་ལ་རྩེ་གཅིག་མཉམ་བཞག་པས༔ དང་པོ་སྐྱེ་མེད་སྟོང་སང་ངེ་༔ བར་དུ་གནས་མེད་ཟང་ཐལ་ལེ༔ ཐ་མ་འགགས་མེད་རྗེན་ཅེ་རེ༔ རང་བཞིན་ཡོངས་ཤེས་དྲན་པའི་ངང་༔ ཡིད་མིག་རླུང་གསུམ་དབྱེར་མེད་འཇོག༔ འདི་དོན་རྟོགས་ན་དོན་གྱི་དབང་༔ པདྨ་དབང་ཆེན་ཚེ་འདིར་འགྲུབ༔ དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུཾཿ ཞེས་བཀའ་སྩལ་བའོ། །དབང་ཆེན་ཡང་གསང་ཁྲོས་པའི་ལ་བཟླ་རྟ་སྐད་ཐང་གཅིག་གི་གཞུང་ནི། བཅོམ་ལྡན་འདས་པདྨ་དབང་ཆེན་ལ་ཕྱག་འཚལ་ལོ། །དབུ་གཙུག་སྤྲུལ་པ་རྡོ་རྗེ་རྟ་ཡི་སྐད། །མི་སྐྱེ་མི་འགག་ནམ་མཁའི་རང་བཞིན་ཅན། །སྣང་སྲིད་ལོ་ཀ་ཐམས་ཅད་ཅིར་མི་དམིགས། །དོན་དམ་ཀུན་རྫོབ་མཚོན་པ་མྱ་ངན་འདས། །རྡོ་རྗེ་རྟ་སྐད་རྣམ་ཤེས་ཐུགས་ཉིད་སེམས། །དམིགས་མེད་ཆོས་ཀྱི་སྐུ་ལ་སྟོང་ཡེ་གསལ། །

TN03_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༢)ད་ནི་དམིགས་མེད་མཚོན་པ་མྱ་ངན་འདས། །རྡོ་རྗེ་རྟ་སྐད་གཟུགས་སུ་རྣམ་པར་ཏེ། །ལོངས་སྤྱོད་སྐུ་ལ་གསལ་བ་ཡེ་ཤེས་ནི། །གསལ་ལ་རང་བཞིན་མེད་པར་མཚོན་པ་མྱ་ངན་འདས། །རྡོ་རྗེ་རྟ་སྐད་འདུ་བྱེད་གསུང་དུ་སྣང་། །ཅིར་ཡང་སྤྲུལ་ཏེ་ཡེ་ཤེས་སོ་སོར་རྟོག །གཉིས་མཐའ་དངོས་མེད་མཚོན་པ་མྱ་ངན་འདས། །རྡོ་རྗེ་རྟ་སྐད་འདུ་ཤེས་ཕྲིན་ལས་གྲུབ། །མངོན་པར་བྱང་ཆུབ་ཡེ་ཤེས་ནན་ཏན་ཏེ། །མཐར་ཕྱིན་ལྷུན་གྲུབ་མཚོན་པ་མྱ་ངན་འདས། །རྡོ་རྗེ་རྟ་སྐད་ཚོར་བ་ཡོན་ཏན་འབྱུང་། །མི་འགྱུར་སྐུ་ལ་མཉམ་པའི་ཡེ་ཤེས་གསལ། །མི་མཉམ་མཉམ་པར་མཚོན་པས་མྱ་ངན་འདས། །ཀུན་རྫོབ་སྒྲ་དབྱངས་འབྱུང་བའི་གནས་དག་ནི། །དེ་ཉིད་ལས་སྤྲུལ་རྡོ་རྗེ་རྟ་ཡི་དབུ། །མགྲིན་པ་པདྨའི་ཡེ་ཤེས་འཁོར་ལོ་སྟེ། །ཐབས་ཉིད་ཡབ་སྟེ་ཡ་མཁལ་རྟགས། །ཤེས་རབ་ཡུམ་སྟེ་མ་མགལ་མམ། །གཉིས་མེད་ལྕེ་སྟེ་ཧྲཱིཿཉིད་འབྱུང་། །དེ་ཕྱིར་རྡོ་རྗེ་རྟ་ཡི་མགྲིན་པར་བརྗོད། །རྡོ་རྗེ་རྟ་སྐད་དཔེ་ནི་ནམ་མཁར་བཞག །ནམ་མཁའི་རང་བཞིན་མ་སྐྱེས་མ་འགག་པས། །སྣང་སྲིད་ཀུན་ཀྱང་མཚོན་པས་མྱ་ངན་འདས། །རྡོ་རྗེ་རྟ་སྐད་དོན་ནི་ཆོས་ཉིད་དེ། །ཆོས་ཉིད་བདེ་ཆེན་མ་སྐྱེས་མི་བསྐྱེད་པས། །དེ་ཕྱིར་ཆོས་ཉིད་ཀུན་ཀྱང་མྱ་ངན་འདས། །རྡོ་རྗེ་རྟ་སྐད་རྟགས་ནི་སེམས་ཉིད་དེ། །སེམས་ཉིད་རང་བཞིན་མ་སྐྱེས་མི་

TN03_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༣)འགགས་པས། །དེ་བཞིན་སེམས་ཅན་མཚོན་པ་མྱ་ངན་འདས། །དེ་ལྟར་གདུལ་བྱའི་དོན་དུ་གསུངས་པ་ཡང་། །ཕུང་པོ་ཁམས་དང་སྐྱེ་མཆེད་མ་ལུས་པ། །པདྨ་དབང་གི་དཀྱིལ་འཁོར་ཡེ་ནས་ཡིན། །ཡིན་པའི་དོན་ལ་རིག་པ་གསལ་བཀོད་ནས། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །སེམས་དང་ཡེ་ཤེས་དབྱེར་མེད་དོན་གཅིག་པས། །རྟོག་པ་ཡེ་ཤེས་སེམས་སུ་ཀུན་རྟོགས་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །འཁོར་བའི་རྒྱུ་ཉིད་ཐར་པའི་ལམ་གྱི་སྐབས། །དུཿཁའི་རྒྱུ་ཉིད་ཆོས་ཉིད་བྱང་ཆུབ་སེམས། །མ་སྤངས་ལྷུན་གྱིས་གྲུབ་པའི་དོན་རྟོགས་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །ཡེ་ཤེས་རྟ་མགྲིན་རང་བཞིན་རྟ་མགྲིན་དང་། །ལས་ལ་སོགས་པ་མང་པོའི་ཚིག་བརྗོད་ཀྱང་། །བདག་ནི་བྱིན་རླབས་ཁྲོ་བོར་སྣང་བ་ལས། །གཞན་ན་ཁྲོ་བོར་གྲུབ་པ་ཅི་ཡང་མེད། །བདག་སྣང་བདག་འཁོལ་ལས་ཀུན་བདག་བྱེད་དེ། །བདག་གིས་གཡོས་ན་ཕྱི་ནང་སྣོད་བཅུད་གཡོ། །ཀུན་ཏུ་ཆེ་བཙན་འགྲན་གྱི་ཟླ་མེད་པས། །ཡོངས་ལ་ཐོགས་མེད་བདེ་འབྱམས་རྒྱ་མཚོ་ལ། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །ཐམས་ཅད་བྱང་ཆུབ་སེམས་སུ་རྟོགས་པས་གང་ཡང་ལྷུན་གྱིས་གྲུབ། །རྣམ་རྟོག་མིང་ཡང་མེད་པས་གང་བསྒྲལ་ཅི་མི་ལྟས། །ཐབས་མཁས་

TN03_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༤)རོལ་པ་ཡིན་པས་འཁོར་བའི་སྐྱོན་མ་གོས། །ཐུགས་རྗེ་བྱང་ཆུབ་ཡིན་པས་ཐར་པ་བདེ་ཆེན་ཐོབ། །ཀུན་གྱི་བདག་ཉིད་ཡིན་པས་མཁའ་འགྲོ་ངང་གིས་འཁོལ། །བདེ་ཆེན་རྒྱལ་པོ་ཡིན་པས་འཁོར་གྱི་རྗེ་བོ་ཡིན། །ཐམས་ཅད་བདག་ལས་བྱུང་བས་ཀུན་གྱི་བདག་པོ་ཡིན། །ང་རྒྱལ་རྟགས་སུ་ཆེ་བས་འགྲོ་དྲུག་ཐབས་ཀྱིས་འདུལ། །ཐུགས་རྗེའི་འབྲུག་སྒྲས་ཁམས་གསུམ་ཡོངས་སུ་ལྡིར། །ཐུགས་རྗེའི་བྱམས་ལྡན་ཉི་མའི་འོད་བཞིན་འཆར། །རྣམ་རྟོག་གཉེན་པོར་མི་རྟོག་ཡེ་ཤེས་ཆེ། །འཁོར་བའི་གཉེན་པོར་རང་འབྱུང་སངས་རྒྱས་ཏེ། །རྣམ་རྟོག་ཐབས་ཀྱི་གཉེན་པོར་གང་རྟོགས་ན། །མཁའ་འགྲོ་འདུ་བར་བྱ་བའི་ཐབས་གཞན་མེད། །འཁོར་བ་མྱ་ངན་འདས་པའི་དོན་རྟོགས་ནས། །འཁོར་དགྲ་བསྒྲལ་ཞིང་ཚར་བཅད་བྱ་མི་དགོས། །ཡེ་ཤེས་འཇམ་དཔལ་མཚན་གྱིས་རབ་རྫོགས་ནས། །རྒྱལ་བྱེད་རྟགས་དང་ཕྱག་རྒྱ་བསྒྲུབ་མི་དགོས། །ཕྲིན་ལས་བྱ་རྩོལ་བློ་ལས་ཡེ་འདས་ན། །སྒོམ་གྲུབ་དཀྱིལ་འཁོར་བྱ་བ་ཅི་ཡང་མེད། །འདི་ལྟར་མན་ངག་རྟོགས་པའི་གདེང་གྱུར་ན། །བསྒྲུབ་ན་སྐྱོན་མེད་མ་བསྒྲུབ་འགལ་བ་མེད། །བསྒྲལ་ན་སྐྱོན་མེད་མ་བསྒྲལ་འགལ་བ་མེད། །བསམ་དུ་མེད་དོ་ཆོས་དབྱིངས་ནམ་མཁའ་འདྲ། །སྒོམ་དུ་མེད་དོ་རང་འབྱུང་ཀློང་ནས་ཤར། །བདེ་འབྱམས་དབྱིངས་ཕྱུག་ཡུམ་གྱི་

TN03_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༥)རྒྱལ་པོ་ཡིན། །མ་འགག་ཅི་བདེར་ཡིན་གྱིས་ཡབ་ཀྱི་མཁའ། །སེམས་ལ་གང་ཡང་མི་རྟོག་རང་འབྱུང་སྐུ། །ཐབས་ལ་གང་ཡང་མི་འགོག་མ་བཅོས་སྐུ། །དོན་ལ་གང་ཡང་མི་རྟོག་ཆོས་ཀྱི་སྐུ། །ཆོས་ཀྱི་སྐུ་ལ་གཡོ་ཞིང་སྐྱེ་བ་མེད། །འཕོ་འགྱུར་མེད་པའི་ཀློང་བཞིན་སྒྲུབ་པ་མེད། །ཡེ་ཤེས་བྱང་ཆུབ་སེམས་སུ་དག་པ་ན། །འདུ་འཛི་བྱིས་པའི་རྩེད་མོས་ཅི་ཞིག་བྱ། །མ་འདས་ཀློང་གི་དམ་ཚིག་བསྲུང་མེད་ན། །ཉོན་མོངས་བདེ་སྡུག་མྱ་ངན་ཅི་ལ་སྤྱོད། །ཐབས་མཁས་རོལ་པའི་ཏིང་འཛིན་ཤར་བ་ལ། །ཕུང་པོ་ཚི་ཆད་སྩོལ་སྒྲུབ་ཅི་ལ་བྱ། །ཕྱི་ནང་སྣོད་བཅུད་ཐིག་ལེར་སངས་རྒྱས་ན། །གཞན་ནས་ཚོལ་ཞིང་སྨོན་དུ་ཅི་ཡང་མེད། །སྐུ་ཡི་ཆོ་འཕྲུལ་རྟ་མགྲིན་སྐུ་ལ་གསལ། །སྐྱེ་འགག་མེད་པའི་ངང་དུ་ལ་བཟླའོ། །གསུང་གི་རང་བཞིན་རྟ་སྐད་ཅི་སྒྲོགས་པ། །མི་སྐྱེ་མི་འགག་གསུང་དུ་ལ་བཟླའོ། །ཐུགས་ཀྱི་རང་བཞིན་རྟ་མགྲིན་ཅི་གསལ་ཡང་། །ཆོས་སྐུ་དངོས་མེད་ངང་དུ་ལ་བཟླའོ། །འདི་ལྟར་རྟོགས་ན་རྟ་མགྲིན་རྣལ་འབྱོར་ཡིན། །གཞན་པས་ཁྱད་འཕགས་གསང་སྔགས་དམ་པའི་ལམ། །ཞེས་སོ། །དཔལ་པདྨ་དབང་ཆེན་གྱི་རྟ་སྐད་ཐང་གཅིག་གི་དགོངས་པ་རྫོགས་སོ།། ཨྀྠི། །ཞེས་པ་སྟེ་དཔེ་སྐྱོན་ནི་ཆེས་མང་བར་སྣང་ཡང་རེ་ཞིག་བསྡུར་ས་མ་རྙེད། །

TN03_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༦)ཉང་རིན་པོ་ཆེའི་མཁའ་འགྲོ་ཆེན་མོའི་གསང་སྒྲུབ་ཀྱི་ཡབ་རྐྱང་གི་སྒྲུབ་པའི་ལེའུ་ལས། དབུ་གཙུག་རྟ་མགོ་ལྗང་ཀུ་ནི༔ རྟ་འགྲོ་བ་མགྱོགས་ཤིང་ཤུགས་ཆེ་བ་དང་འདྲ་བར༔ དཔལ་རྟ་མགྲིན་སངས་རྒྱས་ས་ལ་འགྲོ་བ་ལ་ལྷ་གཞན་པས་ཤུགས་ཆེ་ཞིང་འགྲོ་བ་མགྱོགས་པའོ༔ ལྗང་ཀུ་ནི་དབང་དྲག་གཉིས་ཀྱིས་འགྲོ་བའི་དོན་མཛད་པའོ༔ དཔྲལ་བ་ཞུར་བ་ནི༔ ཐུགས་རྗེ་དྲི་མ་མེད་པར་གཟིགས་པའོ༔ ཕུམ་ཕུམ་སེར་པོ་ནི་ཆེ་བའི་ཡོན་ཏན་དང་ལྡན་པའོ༔ རྡོག་མ་ལེ་བརྒན་ནི་དབང་གི་ཕྲིན་ལས་མཛད་པའོ༔ གཡས་ཕྱོགས་སུ་ལྟ་བ་ནི་འགྲོ་བའི་དོན་ལ་བདེ་བའོ༔ ཞེས་གསུངས་ཏེ། །དེའི་ཕྱི་མ་ནི་གོང་དུ། དབུ་གཙུག་རྟ་མགོ་ལྗང་ཞུར་གཡས་ཕྱོགས་སུ་ལྟ་བ༔ ཞེས་གསུངས་སོ། །ཡང་བདེ་འདུས་བསྐུལ་ཆེན་ལས། གཡས་ཀྱི་རྟ་སྐད་ལྷང་ལྷང་ཐང་གཅིག་གིས༔ ཞལ་གཡས་མྱ་ངན་འདས་པའི་ཆོས་ཀྱང་སྟོན༔ གཡོན་གྱི་རྟ་སྐད་ལྷང་ལྷང་ཐང་གཅིག་གིས༔ རྣལ་འབྱོར་ཡལ་གམ་ཅན་ལ་སིདྡྷི་སྟེར༔ དབུས་ཀྱི་རྟ་སྐད་ལྷང་ལྷང་ཐང་གཅིག་གིས༔ སྲིད་པའི་མ་མོ་བོས་ཤིང་དམ་ལ་སྡུད༔ ཅེས་དང་། ལྷོ་བྲག་ཕྱག་རྡོར་སྙན་བརྒྱུད་ཀྱི་དྲག་པོ་སུམ་སྒྲིལ་ལས། རྟ་སྐད་གཡས་སུ་བཏོན་པས་ཕོ་རྒྱུད་དང་། གཡོན་དུ་བཏོན་པས་མོ་རྒྱུད་ཐམས་ཅད་དབང་དུ་སྡུད་པ། དབུས་སུ་བཏོན་པས་སྒྲུབ་པ་པོ་ལ་དངོས་གྲུབ་

TN03_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༧)རྩོལ་བ། ཞེས་འབྱུང་ཞིང་། ཡང་དེ་ཉིད་ལས། །རྟ་སྐད་ལན་གསུམ་བཏོན་པས་ཁམས་གསུམ་དབང་དུ་སྡུད་པ། ཞེས་དང་། ཀློང་སྙིང་བཀའ་བརྒྱད་ལས། དབུ་གཙུག་རྟ་སྐད་ལྷང་ལྷང་འཚེར་བ་ཡིས༔ ངན་སོང་གནས་སྟོང་ཡེ་ཤེས་དོན་ལ་སྐུལཿ ཡེ་ཤེས་མ་མོ་མཁའ་འགྲོ་ཕོ་ཉར་འགྱེདཿ ཅེས་ཀྱང་འབྱུང་། དབང་ཆེན་གདབ་ཁ་ལྷ་གཞུང་གང་དུ་བྱུང་ཡང་། ཕུར་བུའི་སྒོ་ནས་བྱེད་པ་ལྟར། བྲོ་མནན་གང་དུ་བྱུང་ཡང་རྟ་བྲོ་ཞེས་ལྷ་འདིའི་སྒོ་ནས་བྱེད་པ་གྲགས་ཆེའོ། །གྱི་བྲོ། ཕུར་བུའི་གདབ་ཁ། མ་མོའི་ཐུན། ཞེས་མཁས་གྲུབ་མུས་སྲད་པ་སོགས་མང་པོས་བཤད་པའི་རྟ་བྲོའི་དགོངས་པ་ནི། རྒྱལ་པོ་བཀའ་འབུམ་གྱི་ཕྱི་གནོད་སྦྱིན་ཕོ་མོའི་བར་ཆད་འདུལ་བ་བརྟུལ་ཞུགས་གསུམ་གྱི་མན་ངག་ཏུ། ལུས་ཀྱི་བརྟུལ་ཞུགས་ལུས་རྟ་མགྲིན་གྱི་སྐུར་སྒོམ་པ་དང་། ངག་གི་བརྟུལ་ཞུགས་རྟ་སྔགས་དྲག་ཏུ་ཟློ་ཞིང་རྟ་སྐད་བཏོན་པས་དྲེགས་པ་ཐམས་ཅད་དབང་མེད་དུ་འདུ་བར་གསུངས་པའི་འཕྲོར་སེམས་ཏིང་ངེ་འཛིན་གྱི་བརྟུལ་ཞུགས་ལ་བདུན་ལས༔ འབྲུག་ལྟར་ཆེ་བའི་བརྟུལ་ཞུགས་ནི༔ རིག་པ་ངར་དང་ལྡན་པས་ཧུར་འདོན༔ ཐོག་ལྟར་དྲག་པོའི་བརྟུལ་ཞུགས་ནི༔ བར་དུ་གཅོད་པའི་སྟེང་དུ་ཐོག་བབས་པ་ལྟར་དྲག་ཏུ་གཏད༔ གློག་ལྟར་འཁྱུག་པའི་བརྟུལ་ཞུགས་ནི༔ ཏིང་ངེ་འཛིན་གྱི་རྩལ་མྱུར་བར་འདོན༔ ཉི་ཟླ་ལྟར་

TN03_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༨)གསལ་འགྲིབ་མེད་པའི་བརྟུལ་ཞུགས་ནི༔ ཏིང་ངེ་འཛིན་ལ་གསལ་འགྲིབ་མེད་པར་རིག་པ་གསལ་བཏབ༔ མི་རྟོག་པ་སྦྲུལ་ལྟ་བུའི་བཏུལ་ཞུགས་ནི༔ ཏིང་ངེ་འཛིན་གྱི་དམིགས་པ་ཡུན་རིང་ལ་ཚན་ཆེ་བར་བྱ༔ ཆུ་བོ་ལྟར་རྒྱུན་མི་འཆད་པའི་བརྟུལ་ཞུགས་ནི༔ ཉིན་མཚན་མེད་པར་ལྷའི་ང་རྒྱལ་བྱ༔ རྡོ་རྗེ་ལྟར་མི་འགྱུར་བའི་བརྟུལ་ཞུགས་ནི༔ སེམས་མི་འགྱུར་བའི་གདེངས་དང་ལྡན་པར་བྱའོ༔ ནང་དུག་ལྔའི་རྣམ་རྟོག་གང་སྐྱེས་ཀྱི་སྟེང་དུ་ཡང་བརྟུལ་ཞུགས་འདི་དག་བཏང་ན་ཤིན་ཏུ་ཟབ་པར་སྣང་། །བར་ཆད་མཐར་ཕྱིན་པ་ནི་ནང་གི་བར་ཆད་ཡིན་པས་དེ་འདུལ་བ་ལ་ནན་ཏན་བྱའོ། །ཞེས་གསུངས་ཏེ། གྲོལ་ཏིག་རྟ་མགྲིན་དྲེགས་འདུལ་དང་དེ་གཉིས་ལྷ་སྔགས་དང་བཤད་ཚུལ་གཅིག་ཏུ་འདུག་པས་གྲོལ་ཏིག་གི་ལུང་མཁས་པའི་ཡིད་འཕྲོགས་སུ་བྲིས་པ་དང་བསྒྲིག་རྒྱུ་ཡིན་ནོ། །རྟ་མགྲིན་དྲེགས་པ་དབང་སྡུད་གཅིག་པོ་དེ་ཉིད་བཀའ་འབུམ་གྱི་སྐོར་གཉིས་སུ་བཞུགས་པ་ལས་སྔ་མ་ཞལ་གདམས་སྐོར་པ་ཡིན་ལ། སྒྲུབ་ཐབས་སྐོར་པ་ན། །བརྟུལ་ཞུགས་གསུམ་གྱི་དང་པོ་གཉིས་སྔར་དང་ཧ་ལམ་འདྲ། དེ་ནས། སེམས་ཏིང་ངེ་འཛིན་གྱི་བརྟུལ་ཞུགས་ཀྱིས་མི་འཇིགས་པའི་གདེངས་བཅའ་བ་ནི༔ རང་དང་ལྷ་གཉིས་དབྱེར་མེད་པས༔ སེམས་སྐྱེ་མེད་ཀྱི་རང་བཞིན་ངར་དང་བཅས་ལ༔ གང་ལ་ཡང་འཇིགས་པའི་ཉམ་ང་བ་དང་བག་ཚ་

TN03_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༩)བ་མེད་པར་གདོན་བགེགས་ཀྱི་སྟེང་དུ་ཐོག་བརྫི་བྱའོ༔ སྐབས་སུ་རྟ་སྐད་འདོན་ཞིང་བརྟུལ་ཞུགས་བྱའོ༔ ལུས་རྟ་མགྲིན་གྱི་སྐུར་གསལ་བས་ལུས་ལྷའི་གདེངས་ཀྱིས་ཟིན་པས་ལྷ་མ་སྲིན་སྡེ་བརྒྱད་དབང་དུ་འདུས༔ ངག་སྔགས་སུ་གསལ་བས་དྲེགས་པ་ཅན་ཐམས་ཅད་བཀའ་ཉན་གསུང་སྡོད༔ ཡིད་ཆོས་ཉིད་དུ་གསལ་བས་འཇིག་རྟེན་ལས་འདས་པ་ཐམས་ཅད་ཟིལ་གྱིས་ནོན་ནོ༔ དེ་ལྟ་བུའི་དགོངས་པ་དང་ལྡན་ཙ་ན་ལྷ་འདྲེ་མི་གསུམ་དབང་དུ་འདུས་པར་འགྱུར་རོ༔ བྱང་གཏེར་གེགས་སེལ་ལས། །གསང་སྤྱོད་འདི་ནི་འདྲེ་རྟོག་གཅིག་པོ་མ་ཡིན་པའི༔ མཛེ་ལྷོག་ནད་རིམ་ཐམས་ཅད༔ ཉམ་ང་བ༔ བག་ཚ་བ༔ མི་གཙངབ༔ མི་སྡུག་པཿ སྐྱུག་བྲོ་བ༔ ཉམས་དམའ་བ༔ ཤེད་ཆུང་བ༔ ངོ་ཚ་བ་ལ་སོགས་མདོར་ན་རྟོག་པ་སྐྱེས་ཚད་གོང་བཞིན་དུ་བཅད་དོ༔ ཞེས་གསུངས་ཏེ་པདྨའི་ལམ་རིམ་འགྲེལ་པར་ཡང་ཞུ་དག་ཕེར། དྲེགས་པ་ཅན་ཐམས་ཅད་ལས་ལ་བཀོལ་ནས་བྲན་བཞིན་དུ་ལས་བྱེད་དེ༔ སརྦ་བྷཱུ་ཏ་ཏྲིག་ནན་ཞེས་པ་སྔགས་ལ་བཏགས་ནས་རྟ་བྲོ་བརྡུང་ངོ་༔ བར་ཆད་ཐམས་ཅད་རྡུལ་དུ་འགྲོའོ༔ ཞེས་གྲོལ་ཏིག་ལྟར་གསུངས་སོ། །ཡང་དཀའ་འབུམ་བྱིན་རླབས་སྦ་ཆོས་ལས། ལྷ་འདྲེ་འགྱུར་མེད་ཀྱི་སྲང་ལ་འཇུག་པ་ལ་གསུམ་སྟེ༔ རི་རབ་ཀྱི་ཁོང་གསེང་དུ་མནན་པ་དང་༔ རྒྱ་མཚོའི་གཏིང་དུ་མནན་པ་དང་༔ ཆུ་བོའི་གཞུང་ལ་མནན་པའོ༔ རི་རབ་ཁོང་སེང་ལ་མནན་པ་ནི༔ འདྲེ་དང་གདོན་རང་

TN03_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༠)གི་སེམས་སུ་ཤེས༔ སེམས་སྟོང་པར་ཤེས༔ སྟོང་པ་ལ་གནོད་བྱེད་མ་གྲུབ་པས༔ རང་ལྟ་བ་མི་འགྱུར་བའི་གདེངས་དང་ལྡན་པ་ལ་ལྷ་འདྲེ་ལྡང་མི་ནུས་སོ། །རྒྱ་མཚོའི་གཏིང་དུ་མནན་པ་ནི༔ འདྲེ་རྣམ་རྟོག་ཡིན་ཏེ་རྟོག་པ་སེམས་ལས་བྱུང་༔ སེམས་ངོ་བོ་སྟོང་པ་ཡིན༔ གསལ་ལ་དྭངས་པ་ཡིན༔ སྟོང་གསལ་རྟོག་མེད་ལ་ལྷ་འདྲེ་མ་གྲུབ་པ་དེ་སྒོམ་པ་ཡིན་ནོ༔ ཆུ་བོའི་གཞུང་ལ་མནན་པ་ནི༔ ལྷ་འདྲེའི་རྟོག་པ་སེམས་ཡིན༔ རྟོག་པ་རྒྱུན་ཆད་མེད་པར་སེམས་ལས་སྐྱེས༔ ལྷའི་བཟང་རྟོག་དང་འདྲེའི་ངན་རྟོག་ཐམས་ཅད་བྱུང་ཡང་སེམས་ལས་བྱུང་༔ གྲོལ་ཡང་སེམས་སུ་གྲོལ་བས་རང་ཤར་རང་གྲོལ་རྒྱུན་ཆད་མེད་པ་ནི་ཐུགས་རྗེ་ཆེན་པོའི་སྤྱོད་པ་ཡིན་ནོ༔ དེ་ལྟར་དུ་རྟོགས་ཙ་ན་ལྷ་འདྲེ་འགྱུར་མེད་ཀྱི་སྲང་དུ་ཚུད་པ་ཞེས་བྱའོ༔ འདྲེའི་འགྱུ་སྲང་རྣམ་རྟོག་ཡིན་པས། རྣམ་རྟོག་དེ་རོ་སྙོམ་གྱི་གནད་ཀྱིས་ཐད་ཀར་གཅོད་པ་འདི་ལ། བགེགས་ཀྱི་ལམ་སྲང་གཅད་པ་ཞེས་གསུངས། །ཞེས་གསུངས་ཏེ། བྲོ་མནན་རྣམས་སུ་བར་ཆད་རྣམ་ཐར་སྒོ་གསུམ་གྱི་ཀློང་དུ་རྒྱས་འདེབས་བྱེད་པར་གསུངས་པ་དང་། །གོང་གི་བརྟུལ་ཞུགས་བདུན་པ་དང་། །འདི་རྣམས་ལྟོ་སྦྱར་ན་བྲོ་མནན་གྱི་དགོངས་པ་ལ་ངེས་པ་སྟེར་རོ། །འགྱུར་མེད་ཀྱི་སྲང་དུ་འཛུད་ཅེས་པ་ནི་སྐོར་ལྔའི་སྐབས་སུ། བཟློག་སྒྱུར་ཡོངས་གྲུབ་འོད་གསལ་ཆེན་པོའི་དབྱིངས༔ མི་ལྡོག་

TN03_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༡)ཕྱག་རྒྱས་འདེབས་པའི་ཕྲིན་ལས་མཛོད༔ཅེས་པ་དང་དོན་འདྲ་སྟེ། དེའང་དངོས་འཛིན་གཞིར་བཞག་གི་སྟེང་ནས་བར་ཆད་ཟློག་པའི་ཐབས་མང་པོ་འཚོལ་བ་ནི། ཁྱི་རྡོ་རྗེས་སུ་རྒྱུག་པའི་དཔེ་ལྟར་གནོད་པ་གཅིག་གཉིས་ལས་ཐར་ཡང་ད་དུང་འཛད་མེད་དུ་རྟིང་མནན་ནས་ཡོང་བས་སྙིང་པོ་ཆུང་ལ། འདིར་བཤད་པའི་ཟབ་གནད་འདི་ཡོད་ན། རྨི་ལམ་དུ་འཇིགས་སྐྲག་ཆུ་བོའི་གཉེར་མ་ལྟར་འབྱུང་བཞིན་པའི་འཕྲོ་ལ་གཉིད་གཅིག་པུ་དེ་སད་ན་དེ་ཐམས་ཅད་ཀྱི་རྫུན་ཕུགས་དེར་རྡིབས་ནས་འགྲོ་བ་བཞིན་ཡིན་ཏེ། སྒྲུབ་པ་ལུང་ཆེན་འདུས་པར། ཡང་གསང་དེ་ཁོ་ན་ཉིད་ཀྱི་ཟློག་པའི་གཞུང་། འཁོར་འདས་ཆོས་ཀུན་གདོད་མ་ནས༔ སྟོང་ཆེན་མཁའ་ལྟར་རྣམ་པར་དག༔ དོན་གྱི་ཀུན་བཟང་ཧེ་རུ་ཀའི༔ ཐིག་ལེ་ཆེན་པོར་དབྱེར་མེད་ཀྱང་༔ དེ་ཉིད་མ་རིག་འཁྲུལ་པ་ལས༔ བདག་དང་གཞན་དུ་རྣམ་པར་བརྟགས༔ ཉོན་མོངས་བག་ཆགས་རིམ་གྱིས་འཕེལ༔ འཇིགས་པའི་གདོན་དང་བཞི་བརྒྱའི་ནད༔ ལྡང་བྱེད་དགྲ་དང་གནོད་བྱེད་བགེགས༔ བར་ཆད་རྐྱེན་ངན་ཅི་ཤར་ཡང་༔ འཁྲུལ་པ་རྨི་ལམ་ལྟ་བུར་སྣང་༔ སྣང་དུས་ཉིད་ནས་མ་གྲུབ་པས༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་ལྟར༔ རང་བཞིན་འོད་གསལ་བྱང་ཆུབ་སེམས༔ སྟོང་པ་ཉིད་ཀྱི་ངང་དུ་བྷྱོ༔ མཚན་མ་མེད་པའི་

TN03_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༢)དབྱིངས་སུ་ཟློག༔ སྨོན་པ་མེད་པའི་མཁའ་ལ་བསྟིམས༔ དུས་གསུམ་འགྱུར་བ་མེད་པ་ཡི༔ ཕྱག་རྒྱ་ཆེན་པོར་རྒྱས་ཐོབ་ཅིག༔ ཅེས་གསུངས་སོ། །ཚུལ་དེ་ཀློང་དུ་གྱུར་པ་ན་ནི་བར་ཆད་ཆེ་ཆུང་གང་ཡིན་ཡང་འདུལ་དཀའ་སླ་མེད་དེ། གོང་གི་དཔེས་ཤེས་སོ། །རྟོགས་པ་མཐོན་པོ་ལ་བཤད་པ་བཞིན་རེ་ཞིག་མི་འོང་ཡང་། འདི་མོས་སྒོམ་ཙམ་བྱས་ཀྱང་སྟོབས་གཞན་དང་ཆེས་མི་འདྲའོ། །རྒྱ་གར་གྱི་པ་གྲུབ་དུ་མའི་གཞུང་དང་། གཏེར་ཕྱོགས་མང་པོར་དོན་དམ་པའི་སྲུང་བ་གསུངས་པ་དང་། དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་འཇོག་ཚུལ་སོགས་ལ་ལྟོས་དང་། སྲུང་ཟློག་མནན་སྲེག་ཐམས་ཅད་ཀྱི་སྐབས་སུ། གཙོ་བོ་བརྒྱའི་ནང་ནས་གྲོས་ཐག་ཆོད་ནུས་གཅིག་ཟེར་བ་ལྟ་བུ་ནི། དབང་ཆེན་གླུ་གར་གྱི་དེ་ཉིད་བདེ་སྟོང་དབྱེར་མེད་ཀྱི་རྣལ་འབྱོར་འདི་ཉིད་ཡིན་པར་ངེས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལེའུ་བརྒྱ་རེ་གཅིག་པར། ཚངས་སོགས་ཞིང་ཁམས་སྦྱང་བའི་ཕྱིར། །དབྱངས་དྲུག་རྟོགས་པའི་ལྟ་བར་བཞག །བྲོ་དྲུག་རྫོགས་པའི་སྤྱོད་ལམ་ཡིན། །དབྱངས་དྲུག་གདངས་སུ་བླང་བ་ནི། །གྲུབ་པའི་དབྱངས་ཀྱིས་ཐུགས་དམ་བསྐང་། །ཚངས་པའི་དབྱངས་ཀྱིས་ཞིང་ཁམས་སྦྱངས། །གདུང་བའི་དབྱངས་ཀྱིས་མ་སྲིང་མཉེས། །ལས་ཀྱི་དབྱངས་ཀྱིས་ཕོ་ཉ་འགྱེད། །སྒྱུ་མའི་དབྱངས་ཀྱིས་དགོངས་རྒྱུད་

TN03_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༣)གསལ། །འབར་བའི་དབྱངས་ཀྱིས་བདུད་བཞི་འདུལ། །ཧཱུཾ་གི་དབྱངས་ཀྱིས་འཕྲོ་འདུ་འཁྲུགས། །གྲུ་གུའི་རྟ་མགྲིན་དྲེགས་སྒྲོལ་གྱི་བྲོ་རབས་ལས། གླུ་དྲུག་གསང་བའི་དབྱིངས་དང་སྦྱོར༔ བྲོ་དྲུག་འདུལ་བའི་ལས་དང་སྦྱོར༔ ཞེས་གསུངས། དེ་གླུ་དྲུག་ཀྱང་། གླུ་དྲུག་དབྱངས་སུ་བླང་བ་ནི༔ ཚངས་པའི་གླུས་ནི་ཞིང་ཁམས་སྦྱོང་༔ དཔལ་གྱི་གླུས་ནི་འཕྲོ་འདུ་གསལ༔ ཁྲོ་བོའི་གླུས་ནི་བདུད་བཞི་འདུལ༔ གདུང་བའི་གླུས་ནི་མ་སྲིང་བསྟེན༔ ཧཱུཾ་སྒྲའི་གླུས་ནི་འཕྲོ་འདུ་འཁྲུགས༔ དབུ་མའི་གླུས་ནི་དགོངས་རྒྱུད་གསལ༔ ཞེས་བྱུང་། གར་གྱི་བྲོ་བརྡུང་བྱིན་རླབ་ཆེ། །དབང་གྱི་བྲོ་བརྡུང་དུག་གསུམ་མཇོམས། །པདྨའི་བྲོ་བརྡུང་ཆགས་པ་མེད། ཁྲོ་བོའི་བྲོ་བརྡུང་དྲེགས་པ་འཇོམས། །ཕྲ་མེན་བྲོ་ནི་འགུགས་སྦྱོང་བྱེད། །རྫོགས་པའི་བྲོས་ནི་ལས་རྣམས་འགྲུབ། །ཅེས་གསུང་། གྲུ་གུ་ཡང་དབང་གི་རྟ་མགྲིན་བྲོ་རབས་ལས་ནི། བྲོ་དྲུག་རྫོགས་པར་ལྡན་པར་བརྡུང་༔ ཁྲོ་བོའི་བྲོ་བརྡུང་དྲེགས་པ་འཇོམས༔ དཔལ་གྱི་བྲོ་བརྡུང་བདུད་བཞི་འདུལ༔ མ་སྲིང་བྲོ་བརྡུང་གདུག་པ་འདུལ༔ དབང་གི་བྲོ་བརྡུང་སྲིན་པོ་འདུལ༔ ལས་ཀྱི་བྲོ་བརྡུང་ཕོ་ཉར་འགྱེད༔ རྣལ་འབྱོར་བྲོ་བརྡུང་ཐུགས་དམ་བསྐུལ༔ འདི་ནི་དཔལ་གྱི་ཐུགས་དམ་ཡིན༔ འདི་ནི་ཡུམ་གྱི་གསང་ཚིག་ཡིན༔ འདི་ནི་མ་སྲིང་དངོས་གྲུབ་ཡིན༔ འདི་ནི་ཕོ་ཉའི་ལོངས་སྤྱོད་ཡིན༔ ཞེས་བཤད་དོ། གཞན་ཡང་རྟ་རྒྱུད་ལས། བྲེང་ངེ་བ་དང་། །དུང་ངེ་བ་དང་། ཤ་ཏ་པ་དང་། ག་ཏ་པ་དང་། ཅང་ག་དེའུ་དང་། པང་ཀ་དེའུའི་གླུ་དྲུག་དང་། འདི་དྲུག་ལ་སྒྱུ་འཕྲུལ་ལམ་རིམ་འགྲེལ་

TN03_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༤""བར། འབྲིང་པོ་གཉིས། རིང་པོ་གཉིས། ཐུང་ངུ་གཉིས་ཞེས་བཤད་དོ། །དེ་དག་དང་སོ་སོར་སྦྱར་རྒྱུའི་བྲོ་དྲུག །སོ་སོའི་ཡོན་ཏན་དང་བཅས་ཏེ་གསུངས་པ་རྣམས་བདེ་འདུས་སྨན་སྒྲུབ་ཏུ་ཡང་འབྱུང་ལ། བདེ་འདུས་ཀྱི་སྐབས་དེར། སྔོན་གྱི་རྒྱལ་བ་གླུ་ཡིས་འགྲུབ༔ རིག་འཛིན་རྡོ་རྗེ་གླུ་ཡིས་འདྲེན༔ རྣལ་འབྱོར་དབང་ཕྱུག་གླུ་ཡིས་འགྲུབ༔ བསྟན་པ་རྒྱ་མཚོ་གླུ་ཡིས་སྤེལ༔ སྨན་གྱི་རིག་འཛིན་གླུ་ཡིས་འབེབས༔ སྲིད་པའི་བུ་མོ་གླུ་ཡིས་བསྟེན༔ བདུད་དང་སྲིན་པོ་གླུ་ཡིས་འདུལ༔ མཁའ་འགྲོ་རྒྱ་མཚོ་གླུ་ཡིས་འབོད༔ དངོས་གྲུབ་རྒྱ་མཚོ་གླུ་ཡིས་ཐོབ༔ ཕྲིན་ལས་རྒྱ་མཚོ་གླུ་ཡིས་བྱེད༔ དེ་ཕྱིར་གླུ་འདི་རྟག་ཏུ་བླངས༔ ཞེས་སོགས་གླུ་བྲོའི་ཡོན་ཏན་རྒྱ་ཆེར་བཤད་དོ། །དབང་ཆེན་ཡང་གསང་རྟ་མགྲིན་གྱི་སྤྱོད་པའི་མན་ངག་ཏུ། དཔལ་རྟ་མགྲིན་བསྒྲུབས་ནས༔ བར་ཆད་འདུལ་བའི་ཕྱིར༔ དུར་ཁྲོད་ཀྱི་གནས་དབེན་པར་གཞན་གྱིས་མ་ཚོར་བར་རྟ་སྐད་འདོན་པའི་རྔམ་སྟབས་བྱའོ༔ བྲོ་བརྡུང་གཟིར་མནན་བྱའོ༔ ཞེས་རྒྱུན་སྤྱོད་ཀྱི་ནང་དུའོ། །སྒྱུ་འཕྲུལ་ལས། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ། །ཞེས་པར། འཁོར་སྡུད་པའི་བཤུགས་པ་སྙན་པ་དང་། །གདུག་པ་འདུལ་བའི་བཤུགས་པ་དྲག་པ་དང་། །བྱིན་འབེབས་པའི་བཤུགས་པ་བྱིངས་ཆེ་བའམ་གདངས་འཚེར་ལ་ཡུན་རིང་བ་སྟེ། །དེ་གསུམ་པོའི་དབུགས་ཀྱིས་

TN03_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༥)ཁམས་གསུམ་འཐོར་བར་བྱེད་པའི་རླུང་ཆེན་པོས་གཡེང་བ་འགྲན་ཟླ་མེད་པར་ཆེ་བའོ། །ཞེས་སྒྲོལ་གཡུང་གཉིས་ཀྱིས་བཤད་པའང་རྟ་སྐད་དང་ཚུལ་མཐུན་ནོ། །མཁའ་འགྲོ་ཆེན་མོའི་བམ་སྒྲུབ་ལས། བཤུགས་པའི་རྟ་སྐད་འབོད༔ ཅེས་ཀྱང་ངོ་། །ཉང་གཏེར་མཁའ་འགྲོ་ཆེན་མོའི་ཚོགས་མཆོད་ཀྱི་ཆོ་གར། རྟ་ཕག་ཡབ་ཡུམ་འཁོར་བཅས་ཀྱི་བྲོ་བརྡུང་རྒྱས་པ། །དགྲ་ནི་ཐལ་བར་རློག་པའི་བྲོ༔ བདུད་ནི་ཕྱེ་མར་འཐག་པའི་བྲོ༔ དེ་ཕྱིར་གླུ་བྲོ་རྒྱུན་མི་བཅད༔ ཅེས་པའི་འགྲེས་བྱང་ཅན་ཅིག་གསུངས་པའི་མཐར། བྱིན་རླབས་འབེབས་པའི་དུས་དང་༔ བར་ཆོད་འདུལ་བའི་དུས་དང་༔ གཏོར་གཞོང་གནོན་པའི་དུས་རྣམས་སུ་བྲོ་འདི་བརྡུང་ངོ་༔ ཞེས་བཤད་དོ། ༈ །རྟ་མགྲིན་གྱི་གར་དགུ་ལ་བཤད་ཚུལ་བྱེ་བྲག་པ་ནི། དྲེགས་པ་གནད་འབེབས་རྒྱུད་ལས། ལྷ་ཆེན་གཞོན་ནུ་གདོང་དྲུག་གིས། །ལྷ་མིན་བ་སུ་ཀ་ར་བསད། །དེ་ལ་དཔའ་བོར་མཚན་བཏགས་པས། །དེ་བཅོམ་དཔའ་བོ་ཧེ་རུ་ཀ །དབང་ཕྱུག་ཆེན་པོ་འཁྱུད་ཉམས་སྒེགས། །དེ་བཅོམ་སྐུ་ལ་ཡུམ་འཁྲིལ་སྒེགས། ཁྱབ་འཇུག་ཕག་སེང་འཇིགས་གཟུགས་ཉམས། །དེ་བཅོམ་ཧེ་རུ་ཀ་འཇིགས་རུང་། །སྐུ་ཡི་གར་གསུམ་བསྟན་པ་ནི། །སྐུ་ལ་ཚོར་བ་བདེ་སྡུག་ནུབ། །ཚང་པའི་གསུང་དབྱངས་

TN03_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༦)རྟ་སྐད་སྙན། དེ་བཅོམ་རྟགས་སུ་ཞལ་གཡས་བཞད། །ཚོགས་ཀྱི་བདག་པོ་གླང་སྣ་གཤེ །དེ་བཅོམ་ཞལ་གཡོན་ཁྲོ་བར་བཤད། །སྒྲ་གཅན་ཉི་ཟླ་ཁར་མིད་རྔམས། །དེ་བཅོམ་དབུས་ཀྱི་ཞལ་དམར་རྔམས། །གསུང་གི་གར་གསུམ་བསྟན་པ་ནི། །གསུང་ལ་ཚོར་བ་བདེ་སྡུག་ནུབ། །བརྒྱ་བྱིན་ལག་ན་རྡོ་རྗེ་ཐོགས། །ལྷ་རྣམས་སྙིང་རྗེའི་སེམས་ཀྱིས་སྐྱོང་། །དེ་བཅོམ་པས་ནི་སྙིང་རྗེ་མཛད། །ཀླུ་ཆེན་སེ་ཤ་ཙ་ར་ཡིས། །འགྲེ་ལྡོག་བྱས་པས་ས་འགུལ་བྱུང་། །དེ་བཅོམ་ཀླུ་བརྒྱན་ངོ་མཚར་ཆེ། །མེ་ལྷས་སྟོང་གསུམ་མེ་ཡིས་བཤིགས། །དེ་བཅོམ་མེ་དཔུང་དབུས་ན་བཞུགས། །ཐུགས་ཀྱི་གར་གསུམ་བསྟན་པ་ནི། །ཐུགས་ལ་ཚོར་བ་བདེ་སྡུག་ནུབ། །ཅེས་སོ། རྔོག་མ་ལེ་བརྒན་ལས་ནི། སྒེགས་པའི་ཉམས་ཀྱིས་སྒེགས་པའི་གར་མཛོད་ལ། །འདོད་ཆགས་དབང་ཕྱུག་འདུལ་བར་མཛོད། ཁྱོད་ནི་དཔའ་བོ་ཆེན་པོ་སྟེ། །ལྷ་མིན་བ་སུ་ཀ་ར་འདུལ་བར་མཛོད། །འཇིགས་བྱེད་ཆེན་པོ་འཇིགས་པའི་སྐུ། ཁྱབ་འཇུག་ཆེན་པོ་འདུལ་བར་མཛོད། །སྐུ་ཡི་གར་གྱིས་སྐུ་ཡི་གར་མཛོད་ལ། །བདག་གི་ལུས་ལ་གར་རྣམས་འཆར་བར་མཛོད། །རྒོད་པའི་ཉམས་ཀྱིས་ཧ་ཧ་བཞད་པ་ནི། །གཞོན་ནུ་སྨིན་དྲུག་རྟ་སྐད་དྲག་པོས་བཏུལ། །གཤེ་བའི་གར་གྱིས་ཧི་ཧི་གཤེ་བ་ནི། །ཚོགས་

TN03_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༧)ཀྱི་བདག་པོ་གླང་པོའི་སྣ་ཅན་བཏུལ། །རྔམས་པའི་གར་གྱིས་ཧྲིང་ཧྲིང་ཟ་བྱེད་རྔམ། །སྒྲ་གཅན་ར་ཧུ་ལ་ནི་རྔམ་པས་བཏུལ། །གསུང་གི་གར་གྱིས་གསུང་གི་གར་མཛོད་ལ། །བདག་གི་ངག་ལ་སྔགས་སུ་འཆར་བར་མཛོད། །སྙིང་རྗེའི་གར་གྱིས་ཐུགས་རྗེའི་རོལ་བར་མཛད། །བརྒྱ་བྱིན་གླང་ཆེན་ཞོན་པ་སྒྲོལ་བར་མཛོད། །ངོ་མཚར་གར་གྱིས་ངོ་མཚར་བསྐྱེད་པར་མཛད། །ཀླུ་ཆེན་སེ་ཤ་ར་ཙ་བསྒྲལ་བརམཛོད། །ཞི་བའི་གར་གྱིས་ཞི་བ་འདུལ་མཛད་པ། །མེ་ལྷ་དྲང་སྲོང་ཆེན་པོ་སྒྲོལ་བར་མཛོད། །ཐུགས་ཀྱི་གར་གྱིས་ཐུགས་ཀྱི་གར་མཛོད་ལ། །བདག་གི་སེམས་ལ་ཉམས་རྣམས་འཆར་བར་མཛོད། །ཅེས་གསུངས་ཏེ། །ཅུང་ཟད་མི་འདྲའོ། ༈ །འཆི་མེད་མཛོད་ལས། ཤུགས་འགྲོས་མདུར་འགྲོས་གར་འགྲོས་དང་། འགྲོས་ཆེན་གསར་འགྲོས་འདི་རྣམས་ནི། རྟ་འགྲོས་འགྲོ་ལུགས་ལྔ་ཡིན་ཏེ། །ཞེས་པའི་དང་པོ་ནི། ཁྱབ་པར་མཚུངས་པར་འགྲོ་བའོ། །གཉིས་པ་ནི། དེ་ལས་ལྷག་ཅིང་གསལ་བར་འགྲོ་བའོ། །གསུམ་པ་ནི། དཀྱིལ་འཁོར་ཅན་གྱི་གར་གྱིས་འགྲོ་བའོ། །བཞི་པ་ནི། ཤུགས་ཀྱིས་འཕེན་ཅིང་ཡོངས་སུ་འགྲོ་བའོ། །ལྔ་པ་ནི། མྱུར་བར་ལྡེམ་ཞིང་འགྲོ་བའོ། །འདོད་འཇོ་ལས་སོ། ༈ །།མཁའ་འགྲོ་མའི་

TN03_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༨)གསེར་སྒྲུབ་ཀྱི་འགྲེལ་པ་ལས། དཔའ་བོ་ནི་དབུ་གཙུག་རྟ་སྐད་འགྲོ་བ་མགྱོགས༔ ཤུགས་ཆེ་བ་དང་འདྲ༔ སངས་རྒྱས་ཀྱི་ས་ལ་འགྲོ་བ་མགྱོགས༔ འཁོར་བ་སྒྲོལ་བས་ཤུགས་ཆེ་བའོ༔ ཡུམ་རྡོ་རྗེ་ཕག་མོ་ནི༔ དཔའ་མོའི་གཙུག་ཕག་ནི་རྟོག་པ་ཆུང་ཞིང་༔ ཤུགས་ཆེ་བ་དང་འདྲ་བར༔ འཁོར་བ་ལ་བཟང་ངན་རྟོག་པ་མེད་༔ འཁོར་བ་རྩད་གཅོད་པ་ཤུགས་ཆེ་བ་ཡིན་ནོ༔ ཞེས་སོ། །ཞལ་གཉིས་མའི་སྒྲུབ་ཐབས་ལས། ཁྲོ་ཞལ་དམར་མོ་སྤྱན་གསུམ་ཐུར་ལ་གཟིར་བ༔ ཕག་གདོང་ནག་མོ་སྤྱན་གསུམ་གྱེན་ལ་གཟིགས་པ༔ ཞེས་དང་། དོན་དམ་པ་ཆོས་ཉིད་ཡང་དག་པ་ལ་རྟོག་པས་ཕག་ཞལ༔ གང་གིས་ཀྱང་མི་འགྱུར་བས་ནག་པོར་བསྟན་པ༔ དེ་ཡང་སེམས་ཅན་ལ་ཐུགས་རྗེས་རང་བྱུང་དུ་འབྱུང་བས་ཕག་ཞལ་གཡས་སུ་བྱུང་བའོ༔ ཀུན་རྫོབ་ལོངས་སྐུ་སྤྲུལ་སྐུས་འགྲོ་དོན་མངོན་དུ་བྱེད་པས་གཡོན་ཁྲོ་ཞལ་དུ་བྱུང་བ༔ ཁམས་གསུམ་ཐུགས་རྗེས་གཟིགས་པས་སྤྱན་གསུམ་ཐུར་དུ་གཟིགས་པ༔ རྣམ་ཐར་གསུམ་གྱི་གཟིགས་པས་ཕག་ཞལ་སྤྱན་གསུམ་གྱེན་དུ་གཟིགས་པ༔ ཞེས་སོ། །ཞལ་སྟེང་འོག་གི་སྤྱན་གཟིགས་ཚུལ་འདི་ཡབ་ལའང་འདྲ་བར། མཁའ་འགྲོ་ཡིད་བཞིན་ནོར་བུའི་ཕྲིན་ལས་ཆེན་མོ་ལས། སྤྱི་གཙུག་རྟ་མགོ་ལྗང་ཀུ་འཚེར་བ་ལས༔ རྫུ་འཕྲུལ་མྱུར་མགྱོགས་

TN03_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༩)སྟོན་པའི་མཁའ་འགྲོ་འབུམ༔ ཁྲོ་ཞལ་དམར་པོ་ཅུང་ཟད་བཞད་པ་ལས༔ བདེ་ཆེན་ལས་ལ་ཁོལ་བའི་མཁའ་འགྲོ་འབུམ༔ བདེ་ཆེན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཕག་གི་ཞལ་དང་། ཀུན་རྟོག་བག་ཆགས་དང་བཅས་པ་ཟ་བ་དམེ་བ་ཟ་བའི་དོན་དུ་མངོན། ཡབ་འདོད་ཆགས་རྟའི་གདོང་པས་ལྷན་སྐྱེས་ཀྱི་བདེ་བ་དང་། །ཡུམ་མི་རྟོག་ཕག་གི་གདོང་པས་སྟོང་ཉིད་རྟོགས་པའི་ཤེས་རབ་མཚོན་ཏེ། ཐབས་ཀྱི་སྐུ་མདོག་དམར་པོ་དང་། ཤེས་རབ་མཐིང་ཁར་བསྟན་པའི་དོན་ཡང་དེས་ཤེས། རྟ་ཞལ་སྤྱན་གསུམ་གྱེན་ལ་གཟིགས་པ་ལས༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཌྭ་ཀི་འབུམ༔ ཁྲོ་ཞལ་སྤྱན་གསུམ་ཐུར་ལ་གཟིགས་པ་ལས༔ ཁམས་གསུམ་ཟིལ་གྱིས་གནོན་པའི་མཁའ་འགྲོ་འབུམ༔ ཞེས་སོ། །ཡང་ཕག་མོའི་གསང་སྒྲུབ་ལས། ཕག་ཞལ་ནི༔ ཕག་གཏི་མུག་ཆེ་ཞིང་གཙང་བཙོག་མེད་པ་དང་འདྲ་བར༔ གཏི་མུག་མ་སྤངས་པར་རང་སར་དག་ནས་ཐུགས་རྗེ་ཡེ་ཤེས་ཀྱི་བརྟུལ་ཞུགས་ཀྱིས་ཉོན་མོངས་པ་དང་རྣམ་པར་རྟོག་པ་རྩད་ནས་གཅོད་པའོ༔ ཞེས་དང་། ཡང་གསང་སྒྲུབ་ཅིག་ལས། རྣམ་རྟོག་གྲོགས་སུ་ཁྱེར་བས་བཟང་ངན་སྤོང་ལེན་དང་གཙང་བཙོག་མེད་པས་ཕག་ཞལ༔ ཞེས་སོ། །ཕག་མོ་རིགས་འདུས་མའི་སྒྲུབ་ཐབས་ལས། རྣམ་རྟོག་གཙང་དམེ་མེད་པས་ཕག་གདོང་ནག་མོ་སྤྱི་གཙུག་ཏུ་འཐོན་པ༔ དོན་དམ་ཆོས་ཉིད་མི་འགྱུར་བས་ནག་མོ༔ སེམས་ཅན་དོན་ལ་

TN03_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༠)ཐུགས་རྗེས་འཇུག་པས་བདེ་བས་གཡས་ངོས་སུ་ལྟ་བ༔གདུག་པ་ཅན་ཐམས་ཅད་ཚར་གཅོད་ཅིང་འདུལ་བས་ཕག་སྐད་དུ་ངུར་བ༔ དྲེགས་པ་ཅན་བདུད་དང་དགྲ་བགེགས་ལ་སོགས་པའི་བར་ཆད་ཐམས་ཅད་འཇིགས་པར་མཛད་པ༔ བདག་གི་དབང་དུ་བསྡུས་ནས་བཀའ་ཉན་ལས་ལ་འཁོལ་བར་བྱེད་པ༔ འཇིག་རྟེན་འདས་པའི་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ་ལ་སོགས་པ་དང་འཇིག་རྟེན་མ་འདས་པའི་དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་མ་ཐམས་ཅད་དབང་དུ་སྡུད་པས་བཀའ་ཉན་གསུང་སྡོད་འཁོར་དུ་བསྐོར་བ༔ ཞེས་གསུངས། རྣལ་འབྱོར་མ་ལྷ་ལྔའི་ཆོ་གར་ཡང་། ཁྲོ་ཞལ་དམར་མོ་བཞད་པའི་ཞལ༔ མཁའ་འགྲོའི་ཚོགས་རྣམས་དམ་ལ་སྡུད༔ མཁའ་འགྲོ་རྒྱ་མཚོའི་འགྲེལ་པར། ཐམས་ཅད་འདོད་ཆགས་ཆེན་མོའི་བདག་ཉིད་དུ་ཟ་བས་ན་ཕག་མོའོ། །ཞེས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མཆོག་གི་དགའ་བའི་ངོ་བོ་ཉིད་དུ་ཟ་བས་ན་ཕག་མོར་བཤད་དེ། འདི་ཕྱི་ནང་གསང་བའི་ཕག་མོ་གསུམ་ཀ་ལ་སྦྱོར་ཆོག་པ་འདྲ། མཆན། ཡང་ན། ཕྱིན་ཅི་ལོག་གི་སྤྲོས་པའི་དམེ་བ་མཐའ་དག་རྣམ་དབྱེ་མེད་པར་བདེ་སྟོང་རང་གི་ངོ་བོར་ཟ་བས་ཏེ། ཕག་མོ་ཤེས་རབ་ཀྱི་ཕྱོགས་ཡིན་པས་སྟོང་ཕྱོགས་གཙོ་སྙམ། སྤྱི་གཙུག་ཕག་གདོང་ངུར་སྒྲ་འདོན༔ འཇིག་རྟེན་དྲེགས་པ་ལས་ལ་འཁོལ༔ ཞེས་སོ། ཕག་མོ་སྔོན་མོའི་སྒྲུབ་ཐབས་ལས། ཕག་མོའི་ངུར་སྒྲས་གདུག་པ་འདུལ༔ སྲིད་པ་གསུམ་པོ་ཟ་བར་བྱེད༔ ཅེས་སོ། །ཕྲིན་ལས་ཆེན་

TN03_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༡)མོ་ལས༔ ཀུན་རྫོབ་རང་བཞིན་ཁྲོ་ཞལ་དམར་མོ་ལས༔ སྣང་སྲིད་ཟིལ་གྱིས་གནོན་པའི་ཌཱ་ཀི་འབུམ༔ དོན་དམ་རང་བཞིན་ཕག་ཞལ་ནག་མོ་ལས༔ བརྒྱལ་ནད་སྨྱོ་འབོགས་གཏོང་བའི་མཁའ་འགྲོ་འབུམ༔ ཞེས་སོ། །དེ་ཐམས་ཅད་མཁའ་འགྲོ་ཆེན་མོའི་སྐོར་རོ། །ཡང་ཕག་མོ་སྔོན་མོ་སྔ་མ་ལས། ཁྲོ་ཞལ་ཐུགས་ལ་གཟིགས་པ་ཁམས་གསུམ་སེམས་ཅན་ལ་ཀུན་རྫོབ་ཏུ་ཐུགས་རྗེས་གཟིགས་པའོ༔ ཕག་ཞལ་སྔོན་མོ་གྱེན་ལ་གཟིགས་པ་ནི་དོན་དམ་མྱ་ངན་ལས་འདས་པ་ལ་འགོད་པའོ༔ །ཞེས་སོ། ཁྲོས་ནག་གི་སྙན་རྒྱུད་འགྲེལ་པར། སྤྱི་གཙུག་ཕག་ཞལ་ནམ་མཁའི་གནས༔ ཞེས་པས༔ སྤྱི་གཙུག་རལ་པའི་གསེབ་ནས་ཕག་ཞལ་ནག་པོ་བྱུང་ནས་གྱེན་དུ་གཟིགས་པས་རྟོག་མེད་ནམ་མཁའ་ལྟ་བུའི་དགོངས་པ་ལ་དུས་རྟག་ཏུ་གནས་པའི་བརྡའོ༔ དེ་ཡང་ཕག་ཞལ་སྟེང་དུ་ངུར་བས་གཟུགས་མེད་ཀྱི་ཁམས་ཐམས་ཅད་དབང་དུ་སྡུད་པ༔ ཕག་སྐད་བར་དུ་ངུར་བས་གཟུགས་ཁམས་ཐམས་ཅད་དབང་དུ་སྡུད་པ༔ ཕག་སྐད་འོག་ཏུ་ངུར་བས་འདོད་ཁམས་ཐམས་ཅད་དབང་དུ་སྡུད་པ༔ ཕག་སྐད་ཕྱོགས་བཞིར་སྒྲོགས་པས་མཁའ་འགྲོ་རིགས་བཞི་དབང་དུ་སྡུད་པའོ༔ ཞེས་གསུངས། ཁྲོས་མའི་མཆོད་གཞུང་ལས། ཕག་སྐད་ཤར་དུ་བསྒྲགས་པ་ཡིས༔ རྡོ་རྗེ་མཁའ་འགྲོ་ཕོ་ཉར་འགྱེད༔ རྡོ་རྗེ་མཁའ་འགྲོའི་བརྟུལ་ཞུགས་ཀྱིས༔

TN03_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༢)ཤར་ཕྱོགས་དྲི་ཟའི་གདོན་ཚོགས་དབང་དུ་སྡུས༔ ཤར་དུ་དང་། རྡོ་རྗེམཁའ་འགྲོའི་གནས་སུ། ལྷོ་རུ། རིན་ཆེན་མཁའ་འགྲོ། ནུབ་ཏུ། པདྨ། བྱང་དུ། །ལས་ཀྱི། ཤར་ལྷོར། དམ་ཚིག་མཁའ་འགྲོ། ལྷོ་ནུབ། སྣ་ཚོགས། ནུབ་བྱང་། ཐམས་ཅད། བྱང་ཤར། འཇིག་རྟེན། སྟེང་དུ། སངས་རྒྱས། འོག་ཏུ། ལོག་འདྲེན་མཁའ་འགྲོ། ཞེས་དང་། ཤར་ཕྱོགས་དྲི་ཟའི། ཞེས་པར། ལྷོ་ཕྱོགས་གཤིན་རྗེའི། ཀླུ་དབང་། བྱང་གནོད་སྦྱིན། མེ་ལྷའི། སྲིན་པོའི། རླུང་ལྷའི། འབྱུང་པོའི་ སྟེང་ལྷའི། འོག་ས་གདོན་ཚོགས་རྣམས་དབང་དུ་སྡུད༔ ཅེས་བཅུག་པ་བཤད། དར་སྐུའི་སྒྲུབ་གཞུང་ལས། སྤྱི་གཙུག་ཏུ་ཕག་ཞལ་ནག་མོ་ཚངས་པའི་དབྱིངས་སུ་ངུར་བ༔ ཐེངས་གསུམ་ངུར་བས་ཁམས་གསུམ་དབང་དུ་སྡུད་པ༔ ཐེངས་གསུམ་ངུར་བས་སྲིད་གསུམ་ཟིལ་གྱིས་གནོན་པ༔ ཐེངས་གསུམ་ངུར་བས་དགོས་འདོད་ཐམས་ཅད་ཆར་ལྟར་འབེབས་པ༔ ཞེས་གསུངས་སོ། །མཁའ་འགྲོ་ཆེན་མོའི་དམ་རྫས་བདུད་རྩི་སྒྲུབ་ཚུལ་ལས། མཁའ་འགྲོའི་ཚོགས་རྣམས་དབང་དུ་སྡུད་མཛད་པ༔ དཔའ་བོ་དབང་ཆེན་རྟ་མགྲིན་རྒྱལ་པོ་ལ༔ ཞེས་དང་། །མཁའ་འགྲོའི་ཚོགས་རྣམས་ལས་ལ་ཁོལ་མཛད་མ༔ མཁའ་འགྲོའི་གཙོ་མོ་རྡོ་རྗེ་ཕག་མོ་ལ༔ ཞེས་སོ། ༈ །རྟ་མགྲིན་ཧཱུྃ་མཛད་ཆེན་པོའི་རྒྱུད་ལས། དང་པོ་གསུང་གི་

TN03_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༣)སྒྲ་བསྒྲགས་པས། །དུས་གསུམ་རྒྱལ་བའི་ཐུགས་དམ་བསྐུལ། །བར་དུ་གསུང་གི་སྒྲ་བསྒྲགས་པས། སྒྲུབ་པ་པོ་ལ་དངོས་གྲུབ་འབེབས། །ཐ་མར་དབང་གི་སྒྲ་བསྒྲགས་པས། །ངན་སོང་འཁོར་བ་གཏན་ནས་སྒྲོལ། །བདུད་སྲིན་ཀླུ་རྣམས་ཟིལ་གྱིས་མནན། །ཞེས་སོགས། སྐུ་ཕྱག་རྒྱ། གསུང་རིག་པ། ཐུགས་ཕྱག་མཚན། ཡོན་ཏན་བཅུད་ལེན། ཕྲིན་ལས་གདབ་ཁའི་ལས་སྦྱོར་སོགས་ལས། ཆེ་མཆོག་རིན་ཆེན་ཉི་མའི་རིགས་ཡིན་པས་བདུད་རྩིའི་སྒྲུབ་ལུགས་དང་སྦྱོར་བ་བཞིན། པདྨ་གསུང་ཡང་རྟ་སྐད་ཀྱི་སྒྲུབ་ལུགས་དང་སྦྱོར་ལ། ང་རྒྱལ་རྡོ་རྗེ་རྒྱས་ལས་ལ་བསྔགས་པས་བདུད་རྩི་སྒྲུབ་སྐབས་དངོས་གྲུབ་ཐམས་ཅད་རྒྱས་ལས་ཀྱི་སྒྲོམ་དུ་བཅུག་ནས་སྒྲུབ་པ་ལྟར། འདོད་ཆགས་རྡོ་རྗེ་གསུང་གི་སྒྲུབ་པར་དངོས་གྲུབ་མཐའ་དག་དབང་གི་ཕྲིན་ལས་ཀྱི་སྒྲོམ་དུ་བཅུག་ནས་སྒྲུབ་བོ། །ཆེ་མཆོག་གི་སྐབས་སུའང་། དངོས་གྲུབ་དབང་བྱེད་ལ་རྟ་མགྲིན་བསྔགས་ཏེ། དཀྱིལ་འཁོར་དྲུག་དང་སྦྱོར་བ་བརྒྱད་ལས་རྗེས་ཆགས་ཀྱི་འོད་ཟེར་སྤྲོ་བ། དེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་བདུད་རྩི་དགུག་པ། དེ་ཉིད་དཀྱིལ་འཁོར་བའི་སྦྱོར་མཚམས་སུ་བསྐྱིལ་བ། གསང་གནས་ཀྱི་སྒོ་དབྱེ་བ། རྫས་ལ་དབབ་པ་རྣམས་གྲུབ་པའི་

TN03_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༤)འོག་ཏུ། བདུད་རྩིའི་དངོས་གྲུབ་དེ་ཉིད་གཞན་གྱིས་འཕྲོག་ཏུ་མེད་པ་དང་། སྒྲུབ་པ་པོས་ལོངས་སྤྱོད་དུ་བཏུབ་པའི་ཆེད། །རྟ་མཆོག་དཔལ་གྱི་སྔགས་དང་ཏིང་ངེ་འཛིན་གྱིས་དབང་དུ་བྱ་བའམ་བཅིངས་ཤིང་བརྟན་པར་བྱས་ཏེ། གདོད་དངོས་གྲུབ་ལེན་པར་གསུངས་སོ། །འདིར་དབང་ལས་ཀྱི་སྒོ་ནས་དངོས་གྲུབ་ཐམས་ཅད་བྱེད་ཚུལ་ཡང་། གླུ་གར་གྱིས་སངས་རྒྱས་རྣམས་ཀྱི་ཐུགས་ཆགས་ཤིང་དགྱེས་པར་སྤྱིར་སྐུལ་བ་དང་། དེ་དག་གི་ཐུགས་དངོས་གྲུབ་སྩོལ་བ་ལ་དགྱེས་པར་བྱེ་བྲག་ཏུ་སྐུལ་བའི་སྒོ་ནས་འདོད་པའི་དངོས་གྲུབ་ཡིད་བཞིན་དུ་འབེབས་པ་དང་། བཀའ་སྡོད་མ་མོ་མཁའ་འགྲོའི་ཚོགས་ཀྱི་སྙིང་ཆགས་ཤིང་དགའ་བར་བྱས་ཏེ་སྤྱིར་སྐུལ་བ་དང་། དེ་རྣམས་ཕྲིན་ལས་རྒྱ་མཚོ་གྲུབ་པ་ལ་ཁྱད་པར་དུ་སྤྲོ་བར་བྱས་པའི་སྒོ་ནས་གང་འདོད་ཀྱི་ལས་རྣམས་བྱེད་པ་སྟེ། ཟུར་ཐོའི་རྒྱུད་སྐོར་ན་ཤིན་ཏུ་གསལ་ཞིང་། འདི་ཀའི་བྲོ་གཞུང་ལས་ཀྱང་གསལ་པོར་འབྱུང་ངོ། །རྟ་སྐད་ཀྱི་དེ་ཉིད་དང་སྦྱར་ནའང་། དངོས་གྲུབ་ཅི་འདོད་དུ་བཀོལ་བཏུབ་པའི་ལས་རུང་སྒྲུབ་པ་ནི། དངོས་གྲུབ་དབང་བྱེད་ཀྱི་སྒྲུབ་པར་འགྲོ་བས། བཀའ་བརྒྱད་རང་ཤར་སོགས་ལྟར་རྟ་སྐད་ཀྱི་དགོངས་པས། དེ་བཞིན་གཤེགས་པ་རྣམས་ཀྱི་དངོས་གྲུབ་ཐམས་ཅད་རང་གི་དབང་སྐལ་དུ་འགྱུར་ངེས་པར་བྱས་ནས་གཞན་གྱིས་མི་ཕྱེད་པར་

TN03_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༥)གྱུར་བ་ལ་དངོས་གྲུབ་ལ་དབང་བསྒྱུར་བ་ཞེས་བྱའོ། །འདི་ནི་དབང་ལས་ཀྱི་སྐབས་སུ་སྦྱོར་ཚུལ་ཙམ་ཡིན་གྱི། དབང་ལས་དང་སྦྱོར་དགོས་པའི་ངེས་པ་ནི་མེད་དམ་སྙམ། ༈ །ཉང་གཏེར་རྟ་མགྲིན་བདེ་གཤེགས་གཅིག་དྲིལ་ལས། དབང་ཆེན་བསྒྲུབ་པའི་ཐུན་མོང་གི་དངོས་གྲུབ་བརྒྱད་ཤུགས་འབྱུང་དུ་འགྲུབ་པར་གསུངས་ཏེ། རྒ་ཤི་མེད་པ་ཚེའི་དངོས་གྲུབ། བྱིན་རླབས་དབང་གི་དངོས་གྲུབ། དྲག་པོ་མཐུའི་དངོས་གྲུབ། བཙན་ཕྱུག་ནོར་གྱི་དངོས་གྲུབ། པུ་ཏྲ་མིའི་དངོས་གྲུབ། འགྲོ་བས་བཀུར་བའི་དངོས་གྲུབ། འཚོ་བ་ཟས་ཀྱི་དངོས་གྲུབ། ཐུན་མོང་དུ་ལས་སྣ་ཚོགས་འགྲུབ་པའི་དངོས་གྲུབ་དང་བརྒྱད་དོ། ༈ །ཡུལ་གསུམ་གྱད་དུ་གྱུར་ཅེས་པའི་དང་པོ་ཡིད་ཀྱི་ཡུལ་དུ་གསལ་བ་ནི་སླ། གཉིས་པ་དབང་པོའི་ཡུལ་དུ་གསལ་བ་ནི་ལྷ་དངོས་ཀྱི་ཞལ་མཐོང་བ་ལྟ་བུ་ལ་མི་བྱེད། སེམས་ཤིན་ཏུ་གོམས་པའི་དབང་གིས་ཧ་ལམ་སྟོང་གཟུགས་ལྟ་བུའི་ལྷའི་སྣང་བ་མཐོང་བ་ལ་བྱེད་གསུངས་ཏེ་ལང་གཤེགས་ལས་ཏིང་ངེ་འཛིན་གྱི་རྟགས་སྣང་ལ་ཟླ་བ་དང་ཉི་མ་འདྲ་བ་སོགས་མཐོང་བར་གསུངས་པ་ལྟ་བུའམ། རྣམ་འགྲེལ་ལས་འདོད་འཇིགས་གོམས་པའི་སྣང་བ་ལྟ་བུ། ཞེས་པས་དཔོགས། གསུམ་པ་ལུས་ཡུལ་དུ་གསལ་བ་ནི་རིས་གཞན་གྱིས་ཀྱང་ལྷར་

TN03_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༦)མཐོང་དུ་བཏུབ་པ་ཞིག་ཡིན་གསུངས་ཏེ། འདི་སྒྱུ་མ་མཁན་པོས་ནུས་པ་ཐོབ་ཚད་སྒྱུ་མ་མཁན་དང་འདྲ་ཟེར་བ་སོགས་ནི་གཏན་མིན་ནོ། །རྡེ་ཤིང་རྟ་གླང་སོགས་སུ་སྟོན་པ་ལྟ་བུར་མངོན། རྟ་སྐད་གཙུག་ཐོན་ཡང་ཕྱི་མ་སྤྱིར་རྟ་སྐད་གཙུག་ཐོན་ལའང་རིམ་པ་དུ་མ་ཞིག་ཡོད་འདྲ་ཡང་། འདི་མ་མཐའི་མཚམས་བཤད་པའོ། །འདི་ལ་སྦྱར་འདུག་པས་བསྐྱེད་རིམ་རགས་པ་མཐར་སོན་པ་ན་འོང་བར་བཞེད་འདྲ།། ༈ །།རྟ་ཛཔྲ་སྐོར་གྱི་དྲན་ཐོ་དངོས་གྲུབ་རྒྱ་མཚོའི་མཛོད་ཁང་། གསང་རྫོགས་རྒྱུད་ལས། ཡེ་ཤེས་འཇིག་རྟེན་གང་བསྒྲུབ་ཀྱང་༔ སྲོག་སྡོམ་གཟེར་བཞི་མ་ཐེབ་ན༔ ནམ་ཀྱང་དོན་མེད་ཡུག་ས་རྐྱང་༔ དྲང་དོན་རྫུན་གྱི་འཁྲུལ་འཁོར་ཡིན༔ ཡོངས་རྫོགས་དཔལ་གྱི་སྲོག་འཕྲོགས་ཐབས༔ གཅིག་ཤེས་པས་ནི་ཀུན་སྲོག་ཐོབ༔ དཔེར་ན་སྒྲ་གཅན་འཛིན་གྱི་ཁས༔ ནམ་མཁའི་ཉི་མ་གཅིག་ཟིན་པས༔ ཆུ་བྲན་སྟོང་གི་ཉི་མ་ཀུན༔ མ་བཟུང་བར་ཡང་སྟོང་སྲོག་ཐོབ༔ དེ་ཕྱིར་སྲོག་གི་གཟེར་བཞི་གཅེས༔ དབེན་པའི་གནས་སུ་མཎྜལ་བཤམས༔ དབུས་སུ་མཚན་ལྡན་ཀ་པཱ་ལར༔ དཔལ་ཆེན་སྐུ་གཅིག་གསལ་བར་དགོད༔ བསྐྱེད་རྫོགས་གཞུང་བསྲང་འཛཔྲ་རྫོགས་རྗེས༔ མི་རྟོག་བྱ་བྲལ་སོ་མར་བཞག༔ དེ་ནས་དཔལ་གྱི་སྲོག་འཕྲོག་ཐབས༔ ཏིང་འཛིན་གཟེར་དང་སྙིང་པོའི་གཟེར༔ དགོངས་པའི་གཟེར་དང་འཕྲོ་འདུའི་གཟེར༔

TN03_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༧)ཏིང་འཛིན་གཟེར་ནི་ཐོད་སྐུ་ལ༔ རྩེ་གཅིག་སེམས་བཟུང་ཡེངས་མི་བྱ༔ ཡུལ་གསུམ་གྱད་དུ་གྱུར་བ་དང་༔ དཔལ་ཆེན་ཧེ་རུ་དངོས་དང་མཇལ༔ བཟློག་པ་ཧེ་རུ་ཀས་མི་སྤྱོད༔ ཏིང་འཛིན་མི་འགྱུར་གཟེར་མེད་ན༔ སྐུ་ནི་ནམ་ཡང་མཐོང་མི་འགྱུར༔ སྙིང་པོ་སྔགས་གཟེར་ཡོངས་རྫོགས་ཀྱི༔ གཙོ་བོའི་སྔགས་དག་སེལ་མེད་བཟླས༔ ཐུགས་སྲོག་ཧཱུཾ་ལ་རྩ་སྔགས་འཁོར༔ གསལ་བའི་འཕྲོ་འདུས་སྲོག་སྔགས་བགྲང་༔ དེ་ཚེ་དཔལ་བྱོན་ལུང་ཡང་སྟོན༔ ནུས་པའི་རྩལ་རྫོགས་ལྷ་རྣམས་འཁོལ༔ སྲོག་སྙིང་བསྙེན་རྫོགས་གཟེར་མེད་ན༔ ལྷ་དང་དམ་ཅན་ཁུག་མི་སྲིད༔ དགོངས་པའི་གཟེར་ནི་ཞི་ཁྲོའི་ལྷ༔ ཡོངས་རྫོགས་དཔལ་ཆེན་རང་སེམས་ལས༔ གུད་ན་མེད་ཅིང་རུ་ཏྲ་ཡང་༔ ལོགས་ན་མེད་དོ་རང་གི་སེམས༔ སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ༔ གསལ་ལ་མ་འགག་ལོངས་སྤྱོད་རྫོགས༔ སྣ་ཚོགས་རང་ཤར་སྤྲུལ་པའི་སྐུ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ སྣང་སྟོང་དབྱེར་མེད་ཡེ་ཤེས་སྐུ༔ འགྱུས་དྲན་རྣམ་རྟོག་བསམ་ཡས་ཀྱང་༔ ཡོངས་སུ་རྫོགས་པ་དཔལ་གྱི་འཁོར༔ བསམ་གྱིས་མི་ཁྱབ་ཡེ་སངས་རྒྱས༔ རང་བཞིན་ཉིད་ལས་གཡོ་བ་མེད༔ དགོངས་པ་མི་འགྱུར་གཟེར་མེད་ན༔ དཔལ་ཆེན་འགྲུབ་ཀྱང་ཐུན་མོང་ལས༔

TN03_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༨)མཆོག་མི་འགྲུབ་ཅིང་རུ་ཏྲར་གོལ༔ འཕྲོ་འདུའི་གཟེར་ནི་དམིགས་པ་ཡི༔ བསྒྱུར་ཁ་ཤེས་ན་འདོད་དགུར་བསྒྱུར༔ ཏིང་ངེ་འཛིན་གྱི་འཕྲོ་འདུ་ཡིས༔ སེམས་ཀྱི་ནུས་པ་རྩལ་རྫོགས་ཏེ༔ གང་ལྟར་བསམ་པ་དེ་ལྟར་སྣང་༔ སྔགས་དང་ཕྱག་རྒྱའི་བྱིན་རླབས་མཐུས༔ ཞི་རྒྱས་དབང་དྲག་ལ་སོགས་པ༔ ཕན་གནོད་ལས་ཀ་གང་ཡང་འགྲུབ༔ དཔེར་ན་ནོར་བུ་གཅིག་ཉིད་ལ༔ མཆོད་གསོལ་རྐྱེན་གྱི་བྱེ་བྲག་ཏུ༔ ཇི་ལྟར་འདོད་པ་སོ་སོར་སྐོང་༔ འཕྲོ་འདུ་སྣ་ཚོགས་གཟེར་མེད་ན༔ དམིགས་གཏད་གཅིག་ལས་དོན་མི་འགྲུབ༔ འཕྲོ་འདུའི་ལས་ཁ་བསྒྱུར་ཤེས་ན༔ ཐེའུ་རང་ཐ་ཆུང་གཅིག་གིས་ཀྱང་༔ ཕྲིན་ལས་ཐོགས་མེད་ལས་ཀུན་འགྲུབ༔ ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན༔ ཁ་བསྒྱུར་གནད་ཀྱི་མན་ངག་ནི༔ ཡོངས་རྫོགས་དཔལ་ཆེན་ཧེ་རུ་ནས༔ འགོང་པོ་གྲོང་རྒྱུག་ཡན་ཆོད་པོའི༔ ཡེ་ཤེས་འཇིག་རྟེན་གང་ཡིན་ཡང་༔ གཅིག་ལ་བསྙེན་རྫོགས་གྲུབ་ཐོབ་ནས༔ ལས་ཀྱི་ཁ་བསྒྱུར་གང་ཡང་འགྲུབ༔ དཔེར་ན་ལྕགས་རྡོ་སྔར་བཏུལ་ནས༔ གོ་ཁྲབ་མཚོན་ཆ་ཅི་བསྒྱུར་ཉན༔ རྡོ་མ་ཐུལ་ན་ལྕགས་ཡིན་ཀྱང་༔ བསྒྱུར་སོགས་དངོས་ཀྱི་བཟོ་མི་བཏུབ༔ དེ་བཞིན་ལྷ་འདྲེ་གཅིག་འགྲུབ་ན༔ ཁ་བསྒྱུར་གང་ལ་ཞུགས་ཀྱང་འགྲུབ༔ རང་ཤར་གྱི་རྒྱུད་དང་ཡང་ཞུ་བསྡུར་ཕེར་རོ།

TN03_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༩)འདི་རྣམས་འོག་མིན་བགྲོད་པའི་ཐེམ་སྐས་དང་བསྒྲིགས་ནས་སློབ་པ་གལ་ཆེ། ༈ །པདྨ་གསུང་གི་སྒྲུབ་པ་ཞེས་ཟེར་བ་ལྟར། །སྒྲུབ་ལུགས་འདི་ལ་གསུང་བཟླས་པའི་རྣལ་འབྱོར་གཙོ་བོ་ཡིན་ཅིང་། །དེ་ཉིད་བསྡུས་པའི་འགྲོ་འདུལ་གྱི་དུམ་བུ་ལ་ཆོས་རྒྱ་གཙོ་བོ་ཡིན་པར་བཤད་པ་དང་མཐུན། སྒྲུབ་སྡེ་གཞན་གྱི་ཛཔྲ་ལས་ཀྱང་ཚ་ན་ཆེ་ལ་མྱུར་རོ། །དེ་ལ་གསང་རྫོགས་ཀྱི་ཛབ་དགོངས་ཆེན་མོ་ལས། པདྨ་གསུང་གི་སྒྲུབ་པ་ལ་དགོངས་པ་རྣམ་པ་བཞི་སྟེ༔ དྲག་སྔགས་བསྙེན་པ་བསྐྱལ་བའི་དགོངས་པ་ནི༔ བདག་ཉིད་པདྨ་དབང་ཆེན་དཔའ་བོ་གཅིག་པར་བསྒོམ་པའི་སྤྱི་གཙུག་གི་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་དཀར་པོ་འཕྲོས་པས་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་ལ་ཕོག་པས་སྐུ་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་གྱི་ལུས་ཀྱི་སྡིག་སྒྲུབ་སྦྱངས༔ ཚུར་འདུས་པས་བདེ་བར་གཤེགས་པའི་སྐུའི་དངོས་གྲུབ་དབྱིག་བསྡུས༔ དབུ་གཙུག་རྟ་མགྲིན་གྱི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས༔ གསུང་ལ་ཕོག་པས་གསུང་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་གྱི་ངག་ལ་ཕོག་པས་ངག་གི་སྒྲིབ་པ་སྦྱངས༔ ཚུར་འདུས་པས་བདེ་བར་གཤེགས་པའི་གསུང་གི་དངོས་གྲུབ་དབྱིག་བསྡུས༔ པདྨ་དབང་ཆེན་གྱི་ཐུགས་ཀ་ནས་འོད་ཟེར་མཐིང་ཁ་འཕྲོས༔ བདེ་བར་

TN03_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༠)གཤེགས་པའི་ཐུགས་ལ་ཕོག་པས་ཐུགས་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་གྱི་ཡིད་ལ་ཕོག་པས་ཡིད་ཀྱི་སྒྲིབ་པ་སྦྱངས༔ ཚུར་འདུས་པས་ཐུགས་ཀྱི་དངོས་གྲུབ་དབྱིག་བསྡུས་པར་བསྒོམ་མོ༔ ཕར་འཕྲོས་པ་དང་ཚུར་འདུས་པའི་དཔེ་མགལ་མེའི་འཁོར་ལོ་ལྟ་བུའོ༔ ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པའི་དཔེ་གསེར་གྱི་བ་ཐག་འཛིངས་པ་ལྟ་བུའོ༔ །དྲག་པོ་སྔགས་ཀྱི་འོད་ཟེར་འཕྲོ་བའི་དཔེ་ལྕགས་ཀྱི་ཚ་ཚ་བརྡབ་པ་ལྟ་བུའོ༔ ལྷ་འདྲེའི་དམག་དཔུང་གཞོམས་པའི་དགོངས་པ་ནི༔ བདག་པདྨ་དབང་ཆེན་དུ་གསལ་བའི་ཞལ་ནས་ཧྲཱི༔ ཞེས་བརྗོད་པས༔ དབྱིངས་གཏིང་མཐའ་མེད་པ་ནས་སྐྱེ་འགྲོ་གཟུགས་སུ་སྣང་བ་ཡན་ཆད་པདྨ་དབང་ཆེན་འདི་ནི་སྣང་སྲིད་ཐམས་ཅད་དབང་གི་རྒྱལ་ཐབས་ཀྱིས་མནན་ནས་ཟིལ་གནོན་འཕེན་ཚུལ་ཡིན་ཏེ། དེས་ལྷ་འདྲེའི་རྫོང་འཕྲོགས་པ་དང་། ལྷ་འདྲེ་རྣམས་རི་དྭགས་རྒྱ་ནང་དུ་བཙུད་པ་ལྟར་བྱེད་དེ། །གཅོད་ཀྱི་ཟིལ་གནོན་དམིགས་སྐོར་དང་ཚུལ་མཐུན་ནོ། །གྱི་ལྷ་ཚོགས་སུ་གྱུར་ཏེ༔ དེ་རྣམས་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་བ་རེ་རེ༔ དེའི་ཐུགས་རྡོ་རྗེའི་ལྟེ་བ་ལ་ཧྲཱི༔ དེའི་མཐའ་ལ་སྔགས་ཀྱིས་བསྐོར་བར་བསམ་ལ་བཟླས་པའོ༔ དེ་ལྟར་བཟླས་པས་ཐུགས་ཀ་ནས་པདྨ་དབང་ཆེན་གྱི་སྐུ་ཚོན་གང་བ་དཔག་ཏུ་མེད་པ་འཕྲོས༔ པདྨ་གསུང་གི་ལྷ་ཚོགས་རྣམས་ཀྱི་སྐུ་ལ་ཕོག་པས་ཀཱ་ཡ་ཝ་ཀྐ་ཙིཏྟའི་རྒྱུད་བསྐུལ༔ སྐུ་མཉེས་པའི་མཆོད་

TN03_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༡)པ་ཕུལ༔ སྤྲུལ་པའི་ཕྲ་མེན་གཉིས་ཀྱི་ཚོགས་དང་བཅས་པ་འཕྲོས༔ གནོད་བྱེད་ཀྱི་འབྱུང་པོ་རྣམས་ལྕགས་ཀྱུས་བཟུང་ཞིང་ཞགས་པས་བཅིངས༔ ལྕགས་སྒྲོགས་ཀྱིས་བསྡམ་ཕུར་བུ་བཏབ་སྟེ་རང་དབང་མེད་པར་དབང་དུ་སྡུད་པར་བསམ་མོ༔ ཁྱད་པར་དུ་ཡང་ཀླུ་ཕོ་མོ་དང་ཀླུ་བསེན་ཕོ་མོ་རྣམས་བསྒྲལ་ནས་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་བརླག་པར་བྱས་ཏེ༔ བདག་གི་སྐུ་ལ་ཐིམ་ནས་དབང་གི་རྟ་སྐད་ཕྱོགས་བཅུར་བསྒྲགས་པས༔ ཞིང་ཁམས་ཐམས་ཅད་དབང་དུ་བསྡུས་ནས་དབང་གི་འོད་ཟེར་བསྐལ་པའི་མེ་དཔུང་ལྟ་བུར་ལྷབ་ལྷབ་གྱུར་པར་བསྒོམ་མོ༔ དམ་ཅན་ཁྱི་བཞིན་དུ་བཀོལ་བའི་དགོངས་པ་ནི༔ བདག་གིས་ཧྲཱི༔ཧཱུཾ་བརྗོད་པ་ཙམ་གྱིས་པདྨ་དབང་ཆེན་གྱི་སྐུར་གྱུར་ནས༔ ཧྲཱི༔ཧཱུཾ་ཞེས་བརྗོད་པས་ཁམས་གསུམ་མ་ལུས་ཟིལ་གྱིས་མནན་ཏེ༔ སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་པདྨ་དབང་ཆེན་འདི་ཡང་དྲེགས་པ་ཟིལ་གནོན་འཕེན་ཚུལ་ཡིན་ཏེ། གོང་གི་མཆན་ལས་ཤེས་སོ། །གྱི་སྐུ་ལས་གཞན་རྡུལ་ཙམ་ཡང་མ་གྲུབ་སྟེ༔ མ་བཅོས་མ་སྦྱངས་ལྷུན་གྱིས་གྲུབ་པར་རྫོགས་སོ༔ དེ་ནས་རྟ་མགོ་ལྗང་ཀུ་དཔྲལ་བ་ཞུར་པོ་རྡོག་མ་ལེ་བརྒན་ཕུམ་ཕུམ་སེར་པོའི་ཞལ་ནས་ཧྲཱིཿཧྲཱིཿཧྲཱིཿབརྗོད་པས་མ་མོ་དང་མཁའ་འགྲོ་མ༔ རྡོ་རྗེ་གིང་ཕོ་དང་གིང་མོ་ཐམས་ཅད་བཀའ་འོག་ཏུ་བསྡུས་ནས་གཅེར་བུ་

TN03_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༢)ལྷག་པས་བཏབ་པ་བཞིན་འདར་ཡེད་ཡེད་མིག་རིག་རིག་བཀའ་ཅི་སྩལ་་བགྱིད་ཟེར་བར་བསམ་མོ༔ དེ་ནས་བདག་ཉིད་པདྨ་དབང་ཆེན་ཤར་ཕྱོགས་སུ་རྟ་སྐད་ཐེང་གཅིག་བཏོན་པས་རྡོ་རྗེ་གིང་ཕོ་རྒྱུད་ཐམས་ཅད་དབང་དུ་བསྡུས༔ ལྷོ་ཕྱོགས་སུ་རྟ་སྐད་ཐེང་གཅིག་བཏོན་པས་གཤིན་རྗེ་དང་མོ་རྒྱུད་ཐམས་ཅད་དབང་དུ་བསྡུས༔ ནུབ་ཕྱོགས་སུ་རྟ་སྐད་ཐེང་གཅིག་བཏོན་པས་ཀླུ་དང་ས་བདག་ཐམས་ཅད་དབང་དུ་བསྡུས༔ བྱང་ཕྱོགས་སུ་རྟ་སྐད་ཐེང་གཅིག་བཏོན་པས་གནོད་སྦྱིན་དང་གཟའ་ཐམས་ཅད་དབང་དུ་བསྡུས་ནས་ཞལ་དུ་བདུད་རྩི་དང་༔ ལྕེ་ལ་དམར་གྱི་ཨརྒྷཾ་བཞག་ནས་ལས་ལ་བསྐུལ་བས་བསྟན་པ་སྲུང་བའི་ལས་ལ་ཐོགས་པ་མེད་པར་བྱེད་དེ༔ ཁྱི་གསར་རྦད་པ་བཞིན་དུ་འགྲོའོ༔ ཀླུའི་བར་ཆད་སྲུང་བའི་དགོངས་པ་ནི༔ བདག་པདྨ་དབང་ཆེན་དུ་བསྒོམ་པའི་ཐུགས་ཀ་ནས་སྐུ་རང་ཁོ་ན་འདྲ་བ་གྲངས་མེད་པ་སྤྲོས་པས་ཁམས་གསུམ་སྲིད་གསུམ་ཐམས་ཅད་དཔལ་རྟ་མགྲིན་གྱི་སྐུས་ཐམ་གྱིས་བཀང་ནས་ཀླུ་རིགས་ཐམས་ཅད་ཟིལ་གྱིས་མནན༔ ཕྲ་མེན་བྱི་ལ་པུ་ཤུད་མགོ་ཅན་སྤྲོས༔ དེ་ལས་ཀྱང་ཡང་སྤྲུལ་མང་པོ་སྤྲོས་ནས་གདུག་པའི་སེམས་དང་ལྡན་པའི་ཀླུ་དང་ས་བདག་ལ་སོགས་པ་རྣམས་ལྕགས་ཀྱུས་སྙིང་ནས་བཟུང་༔ ཕུར་བུས་དུམ་བུར་གཏུབ༔ ཀླད་ཁྲག་རྣམས་ཞལ་དུ་གསོལ༔ ཕུང་པོ་ལྷག་མ་མེད་པར་བསྒྲལ་ནས་བདག་གི་

TN03_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༣)སྐུ་ལ་ཐིམ་པས་སྣང་གྲགས་ཐམས་ཅད་པདྨ་དབང་ཆེན་གྱི་སྐུ་དང་༔ གསུང་དུ་གྱུར་པར་བསམ་ལ་བཟླས་པ་བྱའོ༔ ཞེས་སོ། །བདེ་འདུས་ཛཔྲ་བསྙེན་ལས༔ དབང་ཆེན་འདུས་པའི་རྩ་རྒྱུད་ལས། སྔགས་འདིས་རྣམ་བཞིའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བྱེད་པ་དང་། །རིམ་དགུའི་ཐེག་པའི་ཆོས་ཐམས་ཅད་སྡུད་པར་གསུངས་སོ། །ཨོཾ་པདྨན་ཏ་ཀྲིཏ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧཱུཾ་ཕཊ༔ ཨོཾ་ཡེ་ཤེས་ལྔ་དང་ལྡན་པ༔ པད་མི་འགྱུར་བའི་རིགས༔ མན་བྱམས་པ་ཆེན་པོ༔ ཏ་དགའ་བ་ཆེན་པོ༔ ཀྲི་ཏ་བཏང་སྙོམས་ཆེན་པོ༔ བཛྲ་མི་འགྱུར་བའི་རྡོ་རྗེ༔ ཀྲོ་བདག་ཉིད་ཆེན་པོ༔ ཏ་བདག་གི་སྐུ༔ ཧ་བདེ་བ་ཆེན་པོ༔ ཡ་འདྲེན་པ་ཆེན་པོ༔ གྲྀ་གཅོད་པ་ཆེན་པོ༔ བ་དག་པའི་སྐུ༔ ཧཱུཾ་སྡུད་པ་ཆེན་པོ༔ ཕཊ་གཅོད་པ་ཆེན་པོ༔ དེ་ནི་དོན་ཆོས་ཉིད་དང་སྦྱར་ཏེ་བཤད་པ༔ ཨོཾ་ཡེ་ཤེས་རྣམ་པ་ལྔ༔ པདྨན་ཏ་ཀྲི་ཏ་པདྨ་དབང་ཆེན་གྱི་སྙིང་པོ༔ བཛྲ་ཀྲོ་ཏ་ཟིལ་གནོན་ཁྲོ་བོ་བརྒྱད་ཀྱི་སྙིང་པོ༔ ཧྱ་གྲྀ་ཝ་ཡུམ་རྣམས་ཀྱི་སྙིང་པོའོ༔ ཧཱུཾ་བཀའ་ཉན་ལས་བྱེད་ཀྱི་སྙིང་པོའོ༔ ཕཊ་སྒོ་བ་བཞིའི་སྙིང་པོ༔ པདྨ་དབང་ཆེན་ལྷ་རྒྱུད་དང་སྦྱར་བའོ༔ ཨོཾ་ཡེ་ཤེས་རྣམ་པ་ལྔ༔ པདྨ་པདྨའི་རིགས༔ཨན་ཏ་ཀྲིཏ་རྟ་མགྲིན༔ བཛྲ་རྡོ་རྗེ༔ ཀྲོ་ཏ་ཁྲོ་བོ༔ ཧྱ་གྲྀ་ཝ་རྟ་མགྲིན༔ ཧཱུཾབསྡུས༔ ཕཊ་སོད་སྲེག༔ ལྷ་འདྲེའི་དམག་དཔུང་

TN03_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༤)གཞོམ་པར་བསྟན་པའོ༔ ཨོཾ་ཡེ་ཤེས་ལྔས་འཁོལ་བ༔ པདྨན་ཏ་ཀྲིཏ་པདྨ་དབང་ཆེན༔ བཛྲ་ཀྲོ་དྷ་རྡོ་རྗེ་ཁྲོ་བོ༔ ཧྱ་གྲྀ་བ་གསུང་རྟ་སྐད་དང་ལྡན་པ༔ ཧཱུཾ་སྡེ་བརྒྱད་ལས་ལ་གཞུག་ཅིང་དབང་དུ་སྡུས་པ༔ ཕཊ་ལས་ལ་བསྐུལ་བའོ༔ དམ་ཅན་ཁྱི་བཞིན་བསྐུལ་བ་དང་སྦྱར་བའོ༔ ཨོཾ་ཡེ་ཤེས་རྣམ་པ་ལྔས་བསྲེག་པ༔ པདྨན་ཏ་ཀྲི་ཏ་པདྨ་དབང་ཆེན༔ བཛྲ་ཀྲོ་དྷ་རྡོ་རྗེ་ཁྲོ་བོ༔ ཧྱ་གྲྀ་ཝ་རྟ་མགྲིན༔ ཧཱུྃ་སྟོབས་ཀྱིས་ཀླུ་གདོལ་ཐུལ་བ༔ ཕཊ་སོད༔ ནཱ་ག་ཀླུ་འདུལ་བའི་དོན་དུ་བཟླས་པའོ༔ དེ་ལྟར་པདྨ་དབང་ཆེན་གྱི༔ བསྙེན་པའི་སྔགས་ཀྱི་དོན་བསྟན་པ༔ དཔལ་གྱི་རྟ་སྐད་ཐེང་གསུམ་དང་༔ མ་མོའི་འགྱིང་སྐད་ཐང་གསུམ་དང་༔ རྣལ་འབྱོར་བརྡ་སྐད་ཐང་གསུམ་གྱི༔ དང་པོས་སྣང་སྲིད་ཐམས་ཅད་ཀུན༔ རྟ་མགྲིན་དབང་གི་ལྷ་རུ་གྱུར༔ གཉིས་པས་སྣང་སྲིད་ཤ་ཁྲག་འགྱུར༔ གསུམ་པས་མ་སྲིང་དབྱིངས་ནས་བསྐུལ༔ བསྟན་པའི་སྤེའུ་བརྩིགས་པའོ༔ འདི་ལྟ་བུ་ཡི་དོན་རྟོགས་ན༔ རྟ་མགྲིན་དབང་གི་རྣལ་འབྱོར་ཡིན༔ ལྷ་སྲིན་ལས་ལ་འདི་ཡིས་འཁོལ༔ ལྷ་འདྲེའི་དམག་དཔུང་འདི་ཡིས་འཇོམས༔ ནཱ་ག་ཀླུ་རྣམས་འདི་ཡིས་ཐུལ༔ དྲག་སྔགས་བསྙེན་པ་འདི་ཡིས་སྐྱོལ༔ །གསུང་གི་དངོས་གྲུབ་འདི་ཡིས་འཐོབ༔དབང་ཆེན་སྐུ་ཡང་འདི་ཡིས་མཐོང༔ གསང་སྔགས་

TN03_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༥)ཟབ་མོའི་མན་ངག་འདི༔ སྐལ་མེད་རྨོངས་པའི་གང་ཟག་དག༔ ཀུན་ལ་བསྟན་པར་མ་གསུངས་སོ༔ ཞེས་གསུངས། འདི་ནི་ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད་ལས་ཀྱང་ཇི་ལྟ་བ་བཞིན་གསུངས་སོ། །འོན་ཀྱང་རྒྱུད་ཀྱི་དཔེ་ལ་འཆད་ཚུལ་དང་པོར། ཏ་བདེ་བ་ཆེན་པོ༔ ཧ་བདག་གི་སྐུ༔ ཞེས་དང་། འཆད་ཚུལ་གསུམ་པར། ཧཱུཾ་གཏུབ་སོད༔ ཕཊ་སྐྲོད་སྲེག༔ ཅེས་སྣང་། གསང་རྫོགས་གདེང་བརྒྱད་ཀྱི་ནང་ཚན་ཀླུ་སྒྲུབ་ཀྱི་གདེང་ལས། རུ་ལུ་རུ་ལུ་མ་མོ་མཁའ་འགྲོ། ཧཱུཾ་དམ་ལ་སྡུད་པ། བྷྱོ་ལས་ལ་འཛུད་པ། ཧཱུཾ་ལས་ལ་རྦད་པའམ་བསྐུལ་བ་ཞེས་བཤད་དེ་ཧ་ལམ་འོག་ཏུ་འབྱུང་བ་དང་འདྲ། འདི་གཙོ་སྔགས་ལ་མི་མཁོ་ཡང་སྤྱི་ཛབ་སྐབས་སྦྱོར་རྒྱུའོ། །བདེ་འདུས་རྩ་རྒྱུད་ལེའུ་བཅུ་བཞི་པར། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧྱ་གྲྀ་ཝ་སྔགས་འདི་ལ། དབང་ཆེན་གཙོ་བོ་དང་རིགས་བདག་འོད་དཔག་མེད། ཡུམ་པདྨ་གཟི་ལྡན་མ། དབང་ཆེན་རིགས་བཞི་ཡབ་ཡུམ། ཟིལ་གནོན་ཡབ་ཡུམ་བཅུ་དྲུག་སྒོ་མ་བཞི་ཁམས་རྒྱ་དམུས་ལོང་སོགས་ཕོ་ཉའི་ཚོགས་དང་བཅས་པ་ཚང་བས་པདྨ་དབང་ཆེན་ཡོངས་རྫོགས་ཀྱི་སྙིང་པོ་ཞེས་བཤད་པར་གསང་རྫོགས་སྔགས་བྱང་ལས་གསུངས། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཐོག་མཐའ་ཨོཾ་དང་ཕཊ་བཞག་ནས༔ བར་ན་བཅུ་བཞིའི་གྲོང་མཛེས་པ༔ པདྨའི་ལྷ་རྒྱུད་སྙིང་པོ་ཡིན༔ དབང་གི་ཐུགས་དམ་རྒྱུད་བསྐུལ་ཞིང་༔ ཁྲག་འཐུང་ལྷ་ཚོགས་དགྱེས་པ་དང་༔ རྣལ་འབྱོར་ཉམས་ཆག་སྡིག་སྒྲིབ་སྦྱངས༔ ཡེ་ཤེས་ལྷ་དང་གཉིས་སུ་མེད༔ གསུང་གི་རིག་འཛིན་

TN03_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༦)ཐོབ་པར་འགྱུར༔ ཞེས་གསུངས་སོ། །བདེ་འདུས་དབང་ཆེན་འདུས་རྒྱུད་ལྟར་སྔགས་དོན་བཤད་ན། ཨོཾ་ཡེ་ཤེས་ལྔ་ཉིད་རྟོགས་པ། པདྨ་དངོས་པོ་ཀུན་ལ་ཆགས་པ། ཏ་ཀྲིཏ་ཁྲོ་བོའི་གར་དགུ་རྫོགས་པ། བཛྲ་ཀྲོ་དྷ་ཆེ་བཙན་ཐམས་ཅད་འདུལ་བའི་རྡོ་རྗེ་ཁྲོ་བོ། ཧྱ་གྲྀ་བ་ཁམས་གསུམ་དབང་དུ་སྡུད་པ་རྟ་མགྲིན་ཉིད་ཡིན་ཞེས་པ། ཧུ་ལུ་ཧུ་ལུ་ཁྲོ་བོའི་ཚོགས་ཀྱི་སྤྲུལ་པ་འགྱེད་པ། རུ་ལུ་སྔོན་རུ་ཏྲས་རང་གི་འཁོར་དབང་དུ་སྡུད་པའི་སྔགས་ཀྱང་རུ་ལུ་རུ་ལུ་ཞེས་པ་འདི་ཡིན་པར་བསྙེན་སྒྲུབ་ཀྱི་ཏི་ཀ་ལས་སོ། །འདི་ལ་དཔྱད་ན་དབང་ཕྱུག་ཉེར་བརྒྱད་ཀྱི་འབོད་སྔགས་ཀྱང་བྷྱོ་ཁོ་ནའི་ངེས་བཟུང་མི་དགོས་པ་འདྲ། རུ་ལུ་ཁྲོ་བོ་ཁྲོ་མོའི་ཚོགས་ཀུན་དང་མཁའ་འགྲོའི་ཚོགས་རྣམས་དབང་དུ་སྡུད་པ། ཧཱུཾ་དྲེགས་པའི་ཚོགས་རྣམས་ལས་ལ་འབོད་པ། བྷྱོ་དེ་དག་ལས་ལ་རྦད་པ། ཧཱུཾ་ནི་དངོས་གྲུབ་ཉེ་བར་བསྡུ་བ། ཞེས་བྱའོ། །པད་ཕྲིན་རྗེའི་རང་ཤར་རྣམ་ངེས་སུ། ཧུ་ལུ་ཧུ་ལུ་འབད་པ་འབད་པ་ཞེས་བསྒྱུར་ཅིང་། དེའང་འདིར་ལས་ཀྱི་དབང་གིས་འབད་ཅིག་འབད་ཅིག་ཅེས་བསྒྱུར་ན་ལེགས་གསུང་། དེ་ནི་དངོས་གྲུབ་སྩོལ་བ་ལ་བརྩོན་འགྲུས་ཀྱི་འབད་པ་མཛོད་ཅིག་པའི་དོན་ཏེ། འདིར། ཆོས་དབང་རྟ་ནག་སོགས་ལས་རྟ་ཞལ་བརྩོན་འགྲུས་ཀྱི་ཤུགས་མྱུར་བའི་མཚན་མར་བཤད་པ་དང་། བྱང་ཆུབ་ཡན་ལག་གི་བརྩོན་འགྲུས་རྟ་མཆོག་དང་སྦྱར་ནས་མདོ་རྒྱན་དུ་བཤད་པའང་དྲན་པར་བྱའོ། །

TN03_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༧)གུར་གྱི་འགྲེལ་པར། ཧུ་ལུ་ཧུ་ལུ་ཧུ་ལུ་ཞུགས་ཤིག་ཞུགས་ཤིག་པར་བསྒྱུར་བའང་མང་བས། །དཔལ་རྟ་མགྲིན་བདག་གི་སྒོ་གསུམ་ལ་ཞུགས་ཤིག་ཅེས་བཤད་ནའང་རུང་བར་སེམས། མཉམ་སྦྱོར་ལས་སོ། །ཧུ་ལུ་ཞེས་པ་ཞིག་མཛོད་ཅིག་མཛོད་ཅིག་པར་བཤད། ཡང་དབང་ཆེན་འདུས་པས། ཧྲཱིཿནི་ཐམས་ཅད་ང་ཡི་ངང་དུ་བསམཿ ཞེས་དང་། ཧྲཱིཿདབང་དུ་སྡུད་པའི་སྒྲ། ཞེས་ཀྱང་ངོ། ཉང་གི་ཁྲོས་མ་ཧྲཱིཿ ནག་མོའི་སྒྲུབ་ཐབས་ལས། རྡོ་རྗེ་ཕག་མོ་ཁྲོས་ནག་གི་སྲོག་སྔགས་ཀྱང་ཧྲཱིཿར་བཤད་དོ། ༈ །གསུང་རྟ་སྐད་འབྱིན་པའི་དུས་ནི་བཟླས་པ་གསུང་གི་རྣལ་འབྱོར་གྱི་སྐབས་འདི་ཉིད་ཡིན་ཏེ། བདེ་འདུས་ཛཔྲ་བསྙེན་ལས་ཤེས་ཤིང་། གསང་རྫོགས་ཛབ་དགོངས་ཀྱི་གསུམ་པས་ཀྱང་མཚོན་ནོ། །དེས་ན་རྟ་སྐད་ཟིན་བྲིས་སྐོར་ཡང་འདིར་སྦྱར་རོ། ༈ །སྔོན་རྟ་མཆོག་ཧེ་རུ་ཀ་ལ་རིགས་ལྔའི་དེ་བཞིན་གཤེགས་པ་མན་ཆད་ཀྱི་སྲིད་ཞིའི་གཙོ་བོ་རྣམས་ཀྱིས་རང་རང་གི་སྲོག་གི་སྙིང་པོ་ཕུལ་བར་དབང་ཆེན་འདུས་པ་རྩ་བའི་རྒྱུད་ལས་གསུངས་ཏེ། དེ་ནི་འདིའི་སྒྲུབ་པ་པོ་རྣམས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ཀྱི་དངོས་གྲུབ་བདེ་བླག་ཏུ་དབང་དུ་འགྱུར་བའི་ཆེད་ཡིན་ཏེ། ཛབ་དགོངས་དང་པོ་དང་གསུམ་པ་ལ་གཅེས་སོ། ༈ །བྱེད་ལས་ཀྱི་སྒོ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་

TN03_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༨)ཐམས་ཅད་བསྡུས་པ་ནི་ལྷན་སྐྱེས་ཀྱི་ཡེ་ཤེས་ཡིན་པས། དེ་བརྗོད་བྱར་བླང་ཞིང་། དེའི་རང་བཞིན་ཅན་གྱི་རྟ་སྐད་ཀྱང་རྒྱལ་བའི་ཆོས་མཛོད་མཐའ་དག་བསྡུས་པ་ཡིན་ནོ། །ཡོ་ག་དང་གསང་འདུས་སོགས་ལས་བདེ་ཆེན་སོར་རྟོག་ཡེ་ཤེས་ལ་དམ་པའི་ཆོས་ཀྱི་ཡེ་ཤེས་དང་རྡོ་རྗེ་གསུང་རབ་ཀྱི་ཡེ་ཤེས་སུ་བཤད་ཡོད། དེས་ན་འདི་ཉིད་དབང་བྱེད་ཀྱི་དགོངས་པ་ཟུར་པ་ལ་མི་ལྟོས་པར་ཡང་རྩ་གསུམ་སྲུང་མ་དང་བཅས་པར་རང་འཁོར་བའི་བླ་རྡོ་མཐར་ཐུག་ཏུ་གྲུབ་སྟེ། མདོ་རྒྱུད་ཁྱད་པར་ཅན་རྣམས་ཀྱི་གླེགས་བམ་ཙམ་བཞུགས་པའི་ཕྱོགས་སུ་ཡང་སངས་རྒྱས་བྱང་སེམས་དང་། རིག་འཛིན་མ་མོ་མཁའ་འགྲོ། སྡེ་བརྒྱད་དམ་ཚིག་རྣམས་དབྱར་སྐྱེས་ཀྱི་སྤྲིན་བཞིན་འདུ་བར་གསུངས་ན། །དེ་ལྟ་ཅི་སྨོས་པའི་ཕྱིར། ༈ རྟ་སྐད་ཀྱིས་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་རབ་འབྱམས་དབང་དུ་བྱེད་པའི་མཐུ་སྐྱེ་བ་ལ་ནི་སྒྲུབ་པ་པོ་རང་ཉིད་རྟ་མཆོག་དབང་གི་རྒྱལ་པོར་བྱིན་གྱིས་བརླབས་པ་ཞིག་དགོས་ཏེ། རྩ་བརྔ་བ་དང་། ཟོར་བ་བདར་བའི་རིགས་པ་བཞིན་ནོ། །དེ་ལྟར་བྱིན་རླབས་ཀྱི་རྩལ་ཐོན་པ་ལ་ཡང་། ཉེར་ལེན་གྱི་རྒྱུར་དཔལ་གྱི་སྣང་ཞེན་བརྟན་པ་དང་། ལྷན་ཅིག་བྱེད་རྐྱེན་དུ་ཐོག་མ་མེད་པའི་དུས་ནས་གྲུབ་པའི་དཔལ་ཧེ་རུ་ཀ་རྣམས་ཀྱིས་བྱིན་གྱིས་བརླབས་པ་གཉིས་དགོས་ཏེ། དེ་གཉིས་ཀྱང་ཕན་ཚུན་གྲོགས་སུ་འཇུག་པ་ཅན་ནོ། །དེའི་ཕྱིར་ཛབ་དགོངས་དང་

TN03_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༩)པོའི་སྒོ་ནས་རྡོ་རྗེ་གསུམ་གྱི་ནུས་པ་སྨིན་པར་བྱེད་པ་འདི་ནི་དངོས་གྲུབ་སྒྲུབ་པ་ལ་སྣེ་གཅིག་ནས་ཟིན་ན་ཀུན་གཡོ་འོང་བའི་ཐབས་དམ་པར་གཟུང་ངོ། །རྟ་མགྲིན་ལའངསྐྱེད་རིམ་པའི་རྟ་མགྲིན་ནས་མི་སློབ་ཟུང་འཇུག་གི་རྟ་མགྲིན་བར་དབྱེ་རྒྱུ་ཡོད་པས་ཤེས་པར་གྱིས། ཉམས་ཆག་སྐོང་བའི་དམིགས་མདེའུ་སྒྱུར་ནའང་ཛབ་དགོངས་དང་པོ་འདི་ལ་སྦྱོར། ༈ ལྷ་སྔགས་ཀྱི་བྱིན་རླབས་གཡེལ་བ་དང་ཞུད་པ་གསོ་ནའང་ཛབ་དགོངས་དང་པོ་རང་ཟབ་པར་མངོན་ཏེ། །རྡོར་གཙུག་ལས་ཐུན་ཞུད་ན་སྔགས་ཀྱིས་དབང་བསྐུར་བས་གསོ་ཞིང་ངར་ལྡུད་པར་བཤད་པས་མཚོན་ནོ། ༈ །འབྲས་དུས་སུ་གསུང་གི་ཕྲིན་ལས་ཀྱིས་འགྲོ་དོན་བྱེད་པ་དང་མཐུན་པར། སྔགས་ཕྲེང་ལས་འོད་ཟེར་སྤྲོས་པས་སེམས་ཅན་ཐམས་ཅད་ཧེ་རུ་ཀའི་གོ་འཕང་ལ་འགོད་པ་འདི་ནི། སྣང་བ་ལྷ་ལ་གྲགས་པ་སྔགས༔སོགས་རྐང་པ་གཉིས་ཀྱི་དོན་ལ་ཚང་བར་འདི་ཉིད་ཀྱི་གུ་རུ་དྲག་པོའི་ཛབ་དགོངས་ལས་གསལ་པོར་ཤེས། འོག་ཏུ་ཡང་བྲིས་ཡོད། ཡང་ཛབ་དགོངས་དང་པོར་བཞུགས་པ་གསང་རྫོགས་སུ་གསལ་ཏེ་གལ་ཆེ། ༈ །ཚེ་དང་ལང་ཚོ། མཐུ་སྟོབས་གཟི་བརྗིད། ཤེས་རབ་དང་སྙིང་རྗེ། གཟུངས་སྤོབས་མངོན་ཤེས། ངག་གི་དེའི་བསྒོ་བ་ལས་ལྷ་རྣམས་ཀྱང་འདའ་བར་མི་ནུས་པའི་ཚིག་བཙན་པ་དང་། ཚིག་ཙམ་གྱིས་དམག་གི་སྡེ་རེངས་བར་བྱ་བ་ལ་སོགས་པའི་ལས་འགྲུབ་པ་དང་།

TN03_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༠)སྨྲ་བའི་ཁྱུ་མཆོག་གི་གནས་ཐོབ་པ་ཐམས་ཅད་ལ་སྦྱོར་བཏུབ། དབང་ཕྱུག་སོགས་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཀྱི་ཆ་ཤས་རང་ཤར་ལྷ་ཁྲིད་ལས་ཀྱང་འདི་མཐུན་འབྱུང་། རེ་ཡིན་པས་ཛབ་དགོངས་དང་པོའི་མདེ་ཁ་སྒྱུར་ལུགས་རེས་གང་འདོད་འགྲུབ་བོ། །འདི་རྡོག་མ་ལེ་བརྒན་ལས། ཐུན་མོང་གྲུབ་ཆེན་བརྒྱད་ལ་སོགས། །མཆོག་གི་སྐུ་གསུམ་རང་གསལ་བ། །ཞེས་པའི་ཐད་དང་བསྒྲིགས་ན་ཤིན་ཏུ་ལེགས་འདྲ། ༈ །ཛབ་དགོངས་གསུམ་པའི་སྐབས་ཀྱི་རྟ་སྐད་འདོན་པ་ན། རྟ་སྐད་ཀྱི་དེ་ཉིད་དང་། དེས་འཇིག་རྟེན་གསུམ་གྱི་སྲོག་འཕྲོགས་ཚུལ་ཟུར་འཁོད་ལྟར་ངེས་པའི་སྟེང་ནས། རྟ་དབྱངས་གསང་མཐོར་བསྒྲགས་པས་སྡེ་བརྒྱད་ཀྱི་སྤྱི་སྲོག་དང་དགོས་སྲོག་སྲོག་རྟེན་ཉི་ཟླའི་དྭངས་མ་དང་བཅས་པ་བསྐུལ་ཞིང་རང་དབང་མེད་པར་དྲངས་པས་རླུང་གིས་བསྐྱོད་པའི་ཤིང་ལོ་ལྟར་ལྷགས་པར་བལྟ་བ་སྟེ། དཔལ་ཆེན་ཆེ་བའི་རྟ་སྐད་ལ་སོགས་པའི་སྐབས་བཞིན་སྦྱར་རོ། །ལེགས་པར་བསྙེན་ན་བྱ་རྒྱུད་ལེགས་གྲུབ་དང་བསྟུན་ན། དམ་ཅན་མཐུ་བོ་ཆེ་རྣམས་ཀྱིས་སངས་རྒྱས་དངོས་ལས་དངོས་གྲུབ་བསླང་སྟེ་སྦྱིན་པའང་ཡོད་པར་མངོན་ནོ། ༈ །རྟ་སྐད་ཀྱིས་དབང་དྲག་གི་ལས་གཉིས་མཛད་ཚུལ་ནི་མི་དང་མི་མིན་གྱི་འགྲོ་བའི་ཡིད་བདག་ལ་འཆོར་བ་ནི། །དེ་དག་གི་རྣམ་ཤེས་ཀྱི་བཞོན་པའི་རླུང་གི་བརྟན་པ་འཕྲོག་པ་ལ་ཐུག་སྟེ། རླུང་གི་རྟ་དང་བྲལ་ན་ཤེས་པ་འཕྱེ་བོ་དང་འདྲ་

TN03_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༡)བར་གསང་རྫོགས་དང་རྫོགས་ཆེན་སྐོར་དུ་གསུངས་པས་སེམས་འགྲོ་འོང་ནི་རླུང་གིས་ཁྲིད་ནས་བྱེད་པའི་ཕྱིར་རོ། །ཡབ་ཡུམ་གྱི་སྦྱོར་མཚམས་ནས་སྤྲོས་པའི་བདེ་བའི་སྒྲ་དང་། འོད་ཟེར་གྱིས་སངས་རྒྱས་དང་བཙུན་མོར་བཅས་པའི་བདེ་བའི་ཡེ་ཤེས་བསྐུལ་ཏེ་སྤྱན་འདྲེན་པ་བཞིན་དུ། དེ་བཞིན་གཤེགས་པའི་གཞོམ་མེད་ནཱ་དའི་འཚེར་གླུས། ལུས་ཅན་རྣམས་ཀྱི་སྲོག་ཏུ་གྱུར་པའི་རླུང་དེ་རང་དབང་མེད་པར་བསྐུལ་ཞིང་བརླབ་སྟེ། དེའི་གཞན་དབང་ཅན་གྱི་སེམས་རྣམས་མྱོས་པ་དང་། མིའམ་ཅིའི་རྒྱལ་པོ་ལྗོན་པའི་གླུས་དགྲ་བཅོམ་པ་རྣམ་ཐར་བརྒྱད་ལྡན་རྣམས་ཀྱང་རང་དབང་མེད་པར་མྱོས་ནས་གར་བྱས་པར་གསུངས་པ་ལྟ་བུ། འཕར་བ་དང་། ལྡེག་པ་དང་། དཀྲུགས་པ་དང་། དབབ་པ་དང་། དགུག་ཅིང་དྲང་བ་སོགས་བྱེད་དོ། །སྒྱུ་འཕྲུལ་ལས། སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ། །ཞེས་དང་། མདོ་ལས་ལྷ་དང་ལྷ་མིན་འཐབ་པའི་སྒྲས་རྒྱ་མཚོའི་སྲོག་ཆགས་མང་པོའི་སྙིང་འགས་པར་གསུངས་པ་བཞིན། །དྲག་པོའི་ང་རོ་མི་བཟད་པས་གདུག་པ་ཅན་རྣམས་ཀྱི་སྲོག་ལ་སོགས་པའི་རླུང་དྲག་ཏུ་སྐུལ་ཞིང་གཏིང་འཁྲུགས་པར་བྱེད་ལ། དེས་ལུས་སེམས་གཏོར་དཀྲུགས་རྨོངས་རེང་བསྐྲད་པ་སོགས་བྱེད་དོ། །སེང་ལྤགས་ཀྱི་རྒྱུད་སྒྲས་རྒྱུད་གཞན་ཐམས་ཅད་ཆད་འགྲོ་བ་ལྟ་བུའང་ཡིན་ནོ། །མཆན། ༈ མ་མོ་རྦོད་གཏོང་གི་

TN03_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༢)ཛབ་དགོངས་སྐབས། མངོན་རྫོགས་རྒྱལ་པོའི་སྤྱི་གཙུག་རྟ་མགྲིན་གྱི་ཞལ་ནས་འཚེར་སྐད་ཐེང་གསུམ་བསྒྲགས་པས་མ་མོ་མཁའ་འགྲོ་ཐམས་ཅད་དབང་བསྡུས་ཟིལ་གྱིས་མནན་ཅིང་སྲོག་ཕྲོགས་ཏེ་ལས་ལ་འཛུད་པར་གསུངས་པའི་སྐབས་སུ། དེ་ཡང་ཁམས་གསུམ་སྲིད་པ་གསུམ་ན་དབང་ཆེ་བ་མ་མོ་དང་མཁའ་འགྲོ་མ་ཡིན་པས་དབང་གི་མ་མོར་བྱས་ནས་དབང་བསྒྱུར་བ་དང་༔ སེམས་ཅན་གྱི་ཚེ་སྲོག་མ་མོ་དང་མཁའ་འགྲོ་མའི་ཕྱག་ན་མངའ་བས་ཚེའི་མ་མོར་བྱས་ཏེ་ཚེ་སྒྲུབ་པ་དང་༔ ནད་ཀྱི་བདག་མོ་ཡིན་པས་ནད་ངན་གཅོད་པ་དང་༔ དམོད་པ་དྲག་སྔགས་ཀྱི་བདག་མོ་ཡིན་པས་དགྲ་ལ་རྦད་པ་དང་༔ ཐུན་མོང་གི་མཐུ་དང་རྫུ་འཕྲུལ་ཐམས་ཅད་ཀྱི་བདག་མོ་ཡིན་པས་ཐུན་མོང་གི་ལས་གང་འདོད་ལ་སྦྱར་བའོ༔ དེ་ལྟ་བུ་ལ་མ་མོ་རྦོད་གཏོང་གི་སྒྲུབ་པ་ཞེས་བྱའོ༔ ཞེས་བདེ་གསང་གཉིས་ཀར་གསུངས་ཏེ་ཛབ་དགོངས་གསུམ་པ་ལ་མཁོའོ། ༈ སྒྲུབ་ལུང་གི་བཀའ་སྒོ་ལས། པདྨ་ལ་སྒྲུབ་པ་བརྒྱད་དུ་བཀའ་སྩལ་བའི་པདྨ་སྐུའི་སྒྲུབ་པ་ནི༔ པདྨ་སྒྲུབ་པའི་རྣལ་འབྱོར་པའི་ལུས་པདྨ་དབང་ཆེན་གྱི་སྐུར་གསལ་བའི་དུས་ན༔ སྐུ་ལ་བགྲེས་རྒུད་མི་མངའ་སྟེ༔ རང་རིག་པ་པདྨ་དབང་ཆེན་གྱི་སྐུས་ཁམས་གསུམ་དབང་དུ་སྡུད་པ་ལ་པདྨ་སྐུའི་སྒྲུབ་པ་ཞེས་བྱའོ༔ ངག་པདྨ་དབང་ཆེན་གྱི་གསུང་དྲི་མ་མེད་

TN03_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༣)པ་རྟ་སྐད་ཐང་གསུམ་གྱིས་ཁམས་གསུམ་དབང་དུ་སྡུད་པ་ལ་པདྨ་གསུང་གི་སྒྲུབ་པ་ཞེས་བྱའོ༔ ཡིད་པདྨ་དབང་ཆེན་གྱི་ཐུགས་མི་རྟོག་པའི་ཡེ་ཤེས་ཆེན་པོས་སྣང་སྲིད་ཀྱི་ཆོས་ཐམས་ཅད་བསྡུས་པ་མེད་པར་ཡེ་ནས་དབང་དུ་འདུས་པ་ལ་པདྨ་ཐུགས་ཀྱི་སྒྲུབ་པ་ཞེས་བྱའོ༔ དེ་ལྟར་པདྨ་དབང་ཆེན་གྱི་སྐུ་གསུང་ཐུགས་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་འཕེལ་འགྲིབ་མི་མངའ་བས་པདྨ་ཡོན་ཏན་གྱི་སྒྲུབ་པ་ཞེས་བྱའོ༔ ཕྲིན་ལས་སྣང་སྲིད་ཐམས་ཅད་དབང་དུ་བསྡུས་ནས་ཆོས་ཉིད་སྐྱེ་འགག་མེད་པར་གསལ་འདེབས་པ་ལ་པདྨ་ཕྲིན་ལས་ཀྱི་སྒྲུབ་པ་ཞེས་བྱའོ༔ རྡོ་རྗེའི་གླུས་དབང་གི་ཆེ་བ་བསྟོད་པ་དང་༔ འཁོར་ལོང་བ་རྒྱབ་འབྲེལ་དང་༔ རྨུན་ལོང་འཁོར་བ་མན་ཆད་དབང་གི་ལས་ལ་བསྐུལ་བ་ལ༔ པདྨ་རྦོད་གཏོང་གི་སྒྲུབ་པ་ཞེས་བྱའོ༔ ཁམས་གསུམ་ཡོངས་སྒྲོལ་གྱི་མཆོད་པ་དང་༔ དུག་གསུམ་གཏན་སྤྲུགས་ཀྱི་མཆོད་པ་འབུལ་བ་དང་༔ འཁོར་ཅེ་སྤྱང་དམར་ལ་དབབ་པ་དང་༔ རོ་བཤལ་གཏོད་ལ་བོར་བ་དང་༔ རཀྟ་ཙ་མུན་ཏའི་སྐུ་བཙའ་བ་ལ་པདྨ་མཆོད་བསྟོད་ཀྱི་སྒྲུབ་པ་ཞེས་བྱའོ༔ ཁམས་གསུམ་དབང་དུ་བསྡུ་བའི་སྔགས་དང་༔ སྡེ་བརྒྱད་ལས་ལ་གཟུད་པའི་སྔགས་ལ༔ པདྨ་དྲག་སྔགས་ཀྱི་སྒྲུབ་པ་ཞེས་བྱའོ༔ ཞེས་བཤད་

TN03_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༤)དོ། ༈ །ཛབ་དགོངས་གཉིས་པའི་ཐད་དུ། མན་ངག་སྙིང་གཟེར་ལས། སྡེ་བརྒྱད་སོ་སོ་ལ་གཉེན་པོ་སྟོབས་ཀྱི་ལྷ་སོ་སོར་འཆད་པའི་སྐབས་སུ། བདུད་དང་རྒྱལ་པོའི་གཉེན་པོ་ནི༔ རྟ་མགྲིན་པདྨ་དབང་ཆེན་ཡིན༔ ཞེས་འབྱུང་། ཉང་གི་སྲིད་པའི་གཏེར་ཁྱིམ་ལས་དྲེགས་པ་ཐམས་ཅད་ཕོ་རྒྱུད་མོ་རྒྱུད་ཀླུ་རྒྱུད་གསུམ་དུ་བསྡུས་ཏེ་འཆད་སྐབས། རྒྱུད་གསུམ་དྲེགས་པའི་ནང་ཚན་ཆེ་བ་ཀླུ་རྒྱུད་དང་། དེའི་གཉེན་པོ་སྟོབས་ཀྱི་ལྷར་བསྔགས་པ་རྟ་མགྲིན་དུ་བཤད། ཀླུ་ལ་ཤིས་པའི་ལྷ་ལྔར་གྲགས་པའི་ནང་ན་ཡང་རྟ་མགྲིན་དང་ཁྱུང་གཉིས་རེ་རེར་བགྲང་ངོ་། །གཉན་དང་ས་བདག་གི་རིགས་ཐམས་ཅད་ཀླུ་རྒྱུད་དུ་བསྡུ་བར་རྡོར་གཙུག་ལས་སོ། །བདེ་འདུས་དབང་ཆེན་འདུས་པའི་རྒྱུད་ལས། ང་ནི་བདེ་གཤེགས་ཀུན་གྱི་གཙོ༔ ང་ནི་སྐྱེ་འགྲོ་ཀུན་གྱི་ཡབ༔ ང་ནི་གཤིན་རྗེ་ཀུན་གྱི་གཤེད༔ ང་ནི་མ་མོ་ཀུན་གྱི་རྗེ༔ ཞེས་པ་ནས། དུས་གསུམ་འདི་ནི་ང་ཡི་དབང་༔ དུས་གསུམ་གྱི་བུདྡྷ་ཐམས་ཅད་ངས་བསྐྱེད་པའི་ཕྱིར། གདུལ་བྱ་ཕོ་རྒྱུད་ཐམས་ཅད་འདུལ་བའི་ཕྱིར། མོ་རྒྱུད་ཐམས་ཅད་འདུལ་བའི་ཕྱིར། ཕྱི་སྣང་བ། དུ་མ་གྱུར་བ་མེད་དོ། །མཆན་རྙིང་ཡིན་ནོ། ཞེས་གསུངས་པ་སོགས་མང་ངོ་། ༈ །ཛབ་དགོངས་བཞི་པོ་དེ་ཤངས་ལུགས་ཀྱི་རྟ་མགྲིན་སྒྲུབ་གཞུང་ལས་ཀྱང་གསུངས་ཏེ། ཞི་ཁྲོ་རབ་འབྱམས་གསང་

TN03_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༥)བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་རང་བཞིན་གྱིས་སྒྲུབ་པ་པོའི་སྟོང་གྲོགས་མཛད་ཅིང་བྱིན་གྱིས་རློབ༔ ཅེས་ཛབ་དགོངས་དང་པོ་དང་། སྲུང་མ་རྣམས་ཀྱིས་ཕྲིན་ལས་དབང་མེད་དུ་བྱེད༔ ཅེས་གསུམ་པ། ཡང་དྲག་པོའི་སྔགས་བཟླས་པས་སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད་པོ་ཡང་བསྡད་པའི་དབང་མེད་པར་བསམ༔ ཞེས་པས་ཀྱང་གཉིས་པ་དང་གསུམ་པ། བ་སྤུ་ཉག་མ་རེའི་རྩ་བ་ནས་ཀྱང་བཅོམ་ལྡན་འདས་རྟ་མགྲིན་དཔག་ཏུ་མེད་པར་སྤྲོས་ལ་གདོན་བགེགས་ཐམས་ཅད་རང་སྲོག་རང་གིས་བཅད་པ་ལྟར་བསད་པ་དང་༔ དངངས་པ་དང་༔ རེང་བར་བསམ་མོ༔ ཞེས་སོགས་ཀྱིས་གཉིས་པ་དང་བཞི་པ་བསྟན་ནོ། །དེར། སྔགས་ཀྱི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྦྱངས་ཏེ་ཐམས་ཅད་བདེ་བ་ཆེན་པོར་ཕྱམ་གྱིས་བཏང་བར་བསམ་པ་ཡང་བཤད་དོ། ༈ །དེ་བཞིན་དུ་གཞུང་འདིར་ཡང་། རྩ་གསུམ་ཞི་ཁྲོ་མཆོད་པས་མཉེས༔ ཞེས་དང་པོ་བསྟན་ཏེ། བླ་སྒྲུབ་ལས་དེ་འབྲེལ་དུ། བྱིན་རླབ་དངོས་གྲུབ་རང་ལ་ཐིམ༔ ཞེས་གསུངས། །སྡེ་བརྒྱད་འབྱུང་པོ་ཟིལ་གྱིས་མནན༔ དགྲ་བགེགས་གདུག་པ་ཚར་ཐག་གཅད༔ ཅེས་གཉིས་པ་དང་བཞི་པ། དམ་ཅན་ཕོ་ཉ་ལས་ལ་བསྐུལ༔ ཞེས་གསུམ་པ་བསྟན་ནོ། །

TN03_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༦)སྣང་བ་ལྷ་ལ་སོགས་རྐང་པ་གཉིས་ཀྱིས་ནི་བརྟན་གཡོ་ཐམས་ཅད་དབང་ཆེན་གཅིག་པུའི་རྣམ་འཕྲུལ་དུ་ལྟ་བའི། དབང་བྱེད་ཀྱི་ཛབ་དགོངས་ཁྱད་པར་ཅན་ཏེ། རྟ་སྐད་ཟིན་ཏིག་ཏུ་བལྟའོ། ༈ འདིའི་སྒྲུབ་སྔགས་འདི་ལ། སྔོན་འགྲོ། ལས་སྦྱོར། རྒྱུན་སྔགས། བསྙེན་སྔགས་དང་བཞི་གཅིག་ཏུ་དྲིལ་བའི་སྔགས། ཞེས་ཤངས་ལུགས་གཏེར་གཞུང་ལས་སོ། ༈ །ཛབ་དབྱངས་ནི། བདེ་འདུས་བསྙེན་སྒྲུབ་ཀྱི་པྲ་ཁྲིད་ལས། དབང་ཆེན་གྱི་ཛབ་ནི་སེང་གེའི་འགྱིང་ཛབ་ཅེས་བྱ༔ བགྲང་ཐབས་ནི་སྐད་གདངས་ལ་འགྱིང་ཆེ་བར་བགྲང་༔ དགོས་པ་ནི་ནུས་པ་རྒྱས་ཤིང་དྲེགས་པ་ཟིལ་གྱིས་གནོན་པར་བྱེད་དོ༔ ཞེས་སོ། ༈ །སྤྱི་ཛབ་རུ་ལུའི་དོན་ནི་བདེ་འདུས་སྔགས་རྒྱུད་ལས་ཡང་དག་གི་སྐབས་སུ། ཨོཾ་ནི་ཡེ་ཤེས་རྣམ་པ་ལྔའོ༔ རུ་ནི་ཆགས་པ་ཆེན་པོའོ༔ ལུ་ནི་ཀུན་བཟང་ཡུམ་གྱི་མཁའ་འོ༔ རུ་ནི་ཉོན་མོངས་པ་དབང་དུ་བསྡུས་པའོ༔ ལུ་ནི་སྲིད་པ་གསུམ་དབང་དུ་བསྡུད་པའོ༔ ཧྲཱུཾ་ནི་དགྱེས་པ་ཆེན་པོས་སྤྲུལ་པ་མང་པོ་འགྱེད་པོའོ༔ བྷྱོ་ནི་ཆོས་ཀྱི་དབྱིངས་སུ་འཇིག་རྟེན་པ་གནས་གྱུར་པའོ༔ ཧཱུཾ་ཐ་མ་ནི་ཡོན་ཏན་རིནཔོ་ཆེ་ནོར་བུ་རིན་པོ་ཆེའོ༔ ཕཊ་ནི་ཆོས་ཀྱི་དབྱིངས་བདེ་བ་ཆེན་པོར་བསྐུལ་བའོ༔ དེ་ནི་སྔགས་ཀྱི་དོན་དང་སྦྱར་ཏེ་

TN03_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༧)བསྟན་པའོ༔ ཁྲག་འཐུང་དྲུག་ཅུ་རྩ་བརྒྱད་ཀྱི་སྙིང་པོར་བསྟན་པ་ནི༔ ཨོཾ་ནི་ཁྲག་འཐུང་ཡབ་ཡུམ་བཅུའི་སྙིང་པོའོ༔ རུ་ལུ་གོང་མ་གཽ་རི་བརྒྱད༔ རུ་ལུ་འོག་མ་ཕྲ་མེན་བརྒྱད༔ ཧཱུཾ་ནི་འཇིགས་བྱེད་ཁོ་བོ་བཅུ༔ བྷྱོ་དབང་ཕྱུག་མ་ཉི་ཤུ་བརྒྱད༔ ཧཱུཾ་སྒོ་མ་བཞི༔ ཕཊ་སྤྲོ་བའོ༔ ཞེས་གསུངས་ཤིང་། ཁྲག་འཐུང་ང་བརྒྱད་དང་སྦྱོར་ན་གཞན་དེ་དང་འདྲ་བ་ལས། ཧཱུཾ་སྔ་མ་སྒོམ་བཞི༔ ཧཱུཾ་ཕྱི་མ་དབང་དུ་སྡུད་པར་སྦྱར་ཏེ་གསུངས་སོ། །སྔར་གདེང་བརྒྱད་ཀྱི་གཞུང་སོགས་དྲངས་པ་ལྟར་ན། རུ་ལུ་ཚང་མ་དམ་ཅན་ཡོངས་རྫོགས་ཀྱི་བཟླས་སྔགས་སུ་བྱེད་ཀྱང་ཆོག་པ་ལ། འདིར་བྷྱོ་རྐྱང་མ་གཏོགས་པ་སྦྱར་དུ་མེད་པས་ཅི་སྟེ་མི་འགལ་ཞེ་ན། རྡོ་རྗེའི་ཚིག་གཅིག་ལའང་དོན་མི་འདྲ་བ་དུ་མ་ཞིག་བསྟན་རྒྱུ་ཡོད་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་སྤྱིའི་ལུགས་ལ་ཡོད་པས་སྐྱོན་མེད་དོ། །གསང་རྫོགས་ཛབ་དགོངས་ལས་ལྷ་ང་བརྒྱད་དང་སྦྱར་ཏེ། ཧཱུཾ་ཕྱི་མ་ལ་ཐུགས་ཀར་སྡུད་པའོ་ཞེས་བཤད། ཡང་གསང་རྫོགས་ལས། ཨོཾ་ཡེ་ཤེས་ལྔའི་རང་བཞིན༔ རུའི་ར་ལ་ངེས་ཚིག་གིས་བཤད་ན། ར་མེའི་སྒྲ་ལས་རྨོངས་པ་མེད་པའི་མཛད་སྤྱོད་དང་ཐུགས་རྗེ་ཆེན་པོས་དགའ་བར་བྱེད་པ་དང་༔ ར་ག་སྟེ་ཆགས་པ༔ ལུ་ལུམ་བིའི་ཚལ་སྟེ། དགའ་བའི་ནགས་

TN03_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༨)ཚལ་ཆེན་པོ་ལྟར་བདེ་ཆེན་གྱི་འབྱུང་གནས་སུ་གྱུར་པའི་ཡུམ་གྱི་མཁའ་དང་། ཧཱུཾ་གི་ཧ་ཧེ་ཞེས་པ་དགྱེས་པའི་མཆོག བྷྱོའི་བ་ལས། བ་ག་ཅན་དཔྱད་ཞེས་པ་ཆོས་ཀྱི་དབྱིངས་སུ་འཇིག་རྟེན་པ་གྱུར་པ། ཧཱུཾ་ཐ་མ་ཚད་མེད་པའི་ཡོན་ཏན་ཡེ་ཤེས་ལྔ་དང་ལྡན་པ། ཞེས་གསུངས་པ་གོང་གི་བཤད་ཚུལ་དང་པོ་དང་རགས་པ་ཞིག་འདྲའམ་སྙམ་སྟེ། གསང་རྫོགས་ཀྱི་ལྒེགས་བམ་དག་པ་རྙེད་ནས་ད་དུང་ཡང་བསྡུར་བར་བྱའོ། །བདེ་འདུས་སོགས་ལས་རུ་ལུ་ཤེས་པ་བརྒྱད་སོགས་བཤད་ཚུལ་ཁྱད་པར་ཅན་གཞན་ཡང་མང་དུ་མཛད་དོ། །ཡང་ཨོཾ་ནི་སྔར་ལྟར་དང་། རུ་ནི་རུ་ཛོ་ཞེས་པ་འཇིགས་པར་གྱིས། ལུ་ནི་ལུ་ཉ་སྟེ་གཅོད་པ། ཧཱུཾ་ནི་བསྡིགས་པར་གྱིས་ཞེས་སུ་བཤད་པའང་ཡོད་དོ། །རཏྣའི་ཟབ་གཏེར་ལས། རུ་ལུ་ཉམས་ཆག་སྐོང་བའི་མཐར་ཐུག་དང་། རིག་འཛིན་ཚེ་ཡི་མཆོག་སྩོལ་བ་ལ་བསྔགས་པར་གསུངས་སོ། །སྒྱུ་འཕྲུལ་ཁྲོ་བོའི་སྤྱི་སྔགས་རུ་ལུར་བྱེད་ཅིང་། གྲུབ་ཐོབ་བཀའ་བརྒྱད་ལས་དཔལ་དགུའི་སྤྱི་ཛབ་འབུམ་ཕྲག་བཅུ་དང་། སོ་སོའི་སྔགས་འབུམ་ཕྲག་རེ་རེས་འགྲུབ་པར་གསུངས་པའི་སྤྱི་ཛབ་ཀྱང་རུ་ལུ་ཤམ་ལྡན་རང་ཡིན་ནོ། །ལུང་ཁ་ཅིག་ལས་ནི། རུ་ལུ་འདི་སྔོན་ལས་ཀྱི་སྲིན་པོའི་དམ་ཚིག་གི་གདུག་པའི་གླུ། དཔལ་ཆེན་པོས་བྱིན་གྱིས་བརླབས་པའི་སྔགས་སུ་བཤད་དེ་འདིའི་སྟེང་ན་གོ་

TN03_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༩)རྒྱུ་མང་ངོ། །ཡིག་འབྲུ་སོ་སོར་ལྷ་སོ་སོ་དང་སྦྱར་བ་ན། གཙོ་སྔགས་ཁོ་ནར་ཡང་གཙོ་འཁོར་ཐམས་ཅད་ཚང་མོད་ཀྱི། དེ་རྣམས་འདུས་པ་ལ་བཏགས་པའི་སྔགས་དེ་གཙོ་སྔགས་ཉིད་དུ་བྱས་ནས། སྤྱི་དྲིལ་ཟུར་དུ་བཤད་པ་ནི་ལྷའི་སྐབས་སུ། །གཙོ་བོའི་ཡེ་ཤེས་ཀྱི་ཆ་རྣམས་དཀྱིལ་འཁོར་བ་གཞན་རྣམས་ཀྱི་ངོ་བོར་གནས་པས། ལྷ་དེ་ཐམས་ཅད་གཙོ་བོའི་ཡེ་ཤེས་ཀྱི་རང་བཞིན་དུ་འདུ་མོད་ཀྱི་ཆ་དེ་རྣམས་ཚོགས་པ་ལ་བཏགས་པའི་གཙོ་བོ་ཉིད་མཚན་དང་རྣམ་འགྱུར་དང་རིགས་སོགས་ཀྱི་སྒོ་ནས་འཁོར་རྣམས་ལས་ཐ་དད་པ་མི་འགལ་བ་དང་འདྲ་བར་ཤེས་པར་བྱའོ། །རྣལ་འབྱོར་པ་རབ་ནི་རྒྱུ་མཚན་སྔ་མ་དེ་ཉིད་ཀྱིས། འཁོར་རྣམས་གཙོ་བོའི་ཡན་ལག་ཕྱིར། །ཐ་དད་པར་ནི་བཟླ་མི་བྱ། །ཞེས་ས་ར་ཧའི་ཞབས་ཀྱིས་གསུངས་པ་བཞིན་དུའང་འགྱུར་རོ། ༈ །འདིའི་ཞི་ཁྲོ་གཉིས་ཀ་དང་། འཕགས་མའི་སྙིང་ཏིག་སོགས་མང་པོའི་བསྙེན་སྒྲུབ་ལས་གསུམ་ནང་གི་སྒྲུབ་པ་དང་། འདིའི་བླ་མ་ཞི་བའི་སྒྲུབ་ཆེན་སྐབས་སོགས་སུ་སྣང་སྲིད་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་ཁྱད་པར་དུ་དམིགས་ཚུལ་གསུངས་པ་ནི། བཟླས་བརྗོད་མྱུར་དུ་འགྲུབ་པའི་ཐབས་ཟབ་མོའང་ཡིན་ཏེ། འདི་ལྟར་དེས་ནི་གསུང་རིག་སྔགས་ཀྱི་སྣང་ཞེན་གཉིས་ལས་སྣང་བ་རྒྱས་པར་འགྱུར་ཞིང་།

TN03_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠༠)དེ་ཇི་ལྟར་རྒྱས་པ་དེ་ལྟར་ཞེན་པ་རྒྱས་པར་འགྱུར་ཏེ། སྣང་བས་ཞེན་པའི་གྲོགས་བྱེད་པས་སོ། ཞེན་པ་དེ་ཇི་ལྟར་ལྷགས་པ་དེ་ལྟར་དངོས་གྲུབ་སྒྲུབ་པའི་མཐུ་ལྷག་པར་སྐྱེ་བར་འགྱུར་རོ། །གཙོ་འཁོར་དུ་ཡོད་དང་། ཞལ་དུ་ཡོད་ཐམས་ཅད་ཀྱིས་སྔགས་ཟློ་བར་བསམ་ན་དེ་སྙེད་ཀྱི་འགྱུར་འབྱུང་བར་ལྭ་བ་པ་སོགས་གྲུབ་ཆེན་མང་པོས་བཤད་པ་དང་། འདིར་རིག་སྔགས་ཀྱི་ཏིང་ངེ་འཛིན་རྩལ་སྦྱང་ཚུལ་གསུངས་པ་གུང་བསྒྲིགས་ན་ཤིན་ཏུ་གསལ་ལོ། །སྒྱུ་འཕྲུལ་ལས་གསུངས་པའི་ཚོམ་བུ་ཚོགས་སྒྲུབ་བྱ་མ་རན་པའི་སྔགས་པས་ཀྱང་ཚོགས་སྒྲུབ་བྱ་ཚུལ་གཏེར་ཕྱོགས་ན་མང་དུ་སྣང་བ་ཡང་། དྲོད་ཅུང་ཟད་ཐོབ་པའི་སྔགས་པ་ཆིག་རྐྱང་དང་། མང་པོ་མཐུ་བསྡོང་བྱས་པ་གཉིས། འདོད་པའི་འབྲས་བུ་སྒྲུབ་པ་ལ་སྟོབས་མི་མཚུངས་པར་དགོངས་ནས་ཡིན་ལ། མང་ཉུང་ཡང་བློ་ངོ་གཙོ་བས་སྔ་མ་དང་ཚུལ་མཐུན་ནོ། །འདིར་མང་པོས་གཅིག་བྱེད་པ་ནི་མཁར་ལས་བཞིན་ནོ། །སྟོབས་མི་མཚུངས་པ་ཡང་དེས་ཤེས་ཤིང་། གཅིག་གིས་བསྒུལ་མི་ནུས་པའི་རྡོ་རིང་མང་པོས་བདེ་བླག་ཏུ་དྲང་འོང་བས་མཚོན་ནོ། །སྔགས་པ་སོ་སྐྱེ་ལྟ་བུར་མང་ཉུང་ལ་སྟོབས་ཆེ་ཆུང་འཐད་ཀྱང་། སངས་རྒྱས་གཅིག་དུ་མ་ལ་རྒྱ་ཆེ་ཆུང་དང་ཤུགས་དྲག་ཞན་མི་འཐད་པས་ཚུལ་མཐུན་ཞེས་པ་མི་རིགས་ཞེ་ན། སངས་རྒྱས་གཅིག་བསྒོམ་""ཤོག་ལྷེ་༥༠༡)པ་དང་། མང་པོ་བསྒོམ་པ་ལ་སྟོབས་ཆེ་ཆུང་ཡོད་ཅེས་སྨྲས་ཀྱི། སངས་རྒྱས་གཅིག་དང་མང་པོ་སྟོབས་མི་མཚུངས་ཟེར་བ་ག་ལ་ཡིན། དེ་ཀུན་ཀྱང་སྔགས་པ་ལམ་མཐོན་པོ་པ་ལ་བསམ་པ་མིན་ནོ། ༈ །གཞན་ཡང་རྐང་པ་གཉིས་པོ་འདིར་སེམས་ཅན་གྱི་དོན་བྱེད་པའི་ཛབ་དམིགས་འདི་ནི་གཞུང་འདི་ཀའི་བླ་མ་དྲག་པོའི་ཛབ་དགོངས་ལས་ཀྱང་ཤིན་ཏུ་གསལ་ལོ། །འདི་ལ་གཞན་ཕན་ཕྲིན་ལས་ཀྱི་རྟེན་འབྲེལ་ཀྱི་གནད་ཆེན་པོ་ཡོད་པས་འཇམ་ཞུད་མ་འཐེན་ཅིག ཀྱང་སྟོན་ཏེ། ཟབ་པ་སྐོར་བདུན་ལས་དབང་དང་དངོས་གྲུབ་ཀྱི་ཟབ་པ་རྟ་མགྲིན་དབང་གི་ཆོས་སྡེ། རྟ་མགྲིན་སྙིང་པོ་དོན་འདུས་ལས། ཐུགས་ཀར་ཉི་སྟེང་ཧྲཱིཿདམར་པོ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ བྱིན་རླབས་དངོས་གྲུབ་རང་ལ་བསྡུས༔ མ་མོ་མཁའ་འགྲོ་ལས་ལ་བཙུད༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ གདུག་པ་ཅན་རྣམས་ཚར་བཅད་ནས༔ ཐམས་ཅད་དཔལ་གྱི་ས་རུ་བཀོད༔ འགྲོ་བ་རྣམས་ཀྱི་སྒྲིབ་པ་སྦྱངས༔ སྣང་སྲིད་དབང་གི་སྐུ་གསུང་ཐུགས༔ ཡེ་ཤེས་དཀྱིལ་འཁོར་ཆེན་པོར་བསམ༔ ཧྲཱི་ཿཔདྨཱནྟ་ཀྲིཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ བསྙེན་སྒྲུབ་ལས་གསུམ་རྫོགས་པ་ཡི༔ སྔགས་འདི་ཆུ་བོའི་རྒྱུན་བཞིན་དུ༔ རྟ་ཡི་འགྲོས་སྐད་

TN03_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠༢)སྦྱར་བས་བཟླ༔ ཞེས་སུངས་པས་མཚོན་ནོ། །ལུང་དེའི་རྐྱང་པ་ཐ་མས་ནི་རྟ་སྐད་གང་གི་ཚེ་འདོན་པའི་དུས་ལའང་སྒྲོ་འདོགས་གཅོད་ད། ཆོས་སྡེ་དེའི་རྟ་མགྲིན་ཡང་ཕྱུང་དམར་པོ་ལས་ཀྱང་བསྟོད་པའི་མཐར། དེ་ནས་རྟ་སྐད་སྒྲོགས་པ་ནི༔ ཧཱུཾཿ ཡེ་ཤེས་ལྷ་ཚོགས་མ་ལུས་པ༔ བྱིན་རླབས་དབང་སྐུར་ཆེན་པོ་སྩོལ༔ དཀྱིལ་འཁོར་ཆེན་པོ་འདིར་འདུས་ཤིག༔ དབང་ཆེན་བཀའ་ལས་མ་འདའ་ཞིག༔ ཨི་ཧ་ཧ༔ ཧཱུཾ༔ མ་མོ་མཁའ་འགྲོ་དམ་ཅན་རྣམས༔ མྱུར་དུ་འདུས་ཤིག་ཕྲིན་ལས་མཛོད༔ ཞི་རྒྱས་དབང་དྲག་སོ་སོར་སྒྲུབས༔ དབང་ཆེན་བཀའ་ལས་མ་འདའ་ཞིག༔ ཨི་ཧ་ཧ༔ ཧཱུཾ་ ང་ནི་དབང་ཆེན་ཁྲོ་བོའི་རྒྱལ༔ ཁམས་གསུམ་ཀུན་ལ་འགྲན་ཟླ་མེད༔ དབང་ཆེན་རྟ་སྐད་ཕྱོགས་བཅུར་སྒྲོགས༔ གདུག་པའི་ཚོགས་རྣམས་རྡུལ་དུ་བརླག༔ ཨི་ཧ་ཧ༔ བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱིས༔ ཨོཾ་པདྨཱནྟ་ཀྲིཊ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧཱུཾ་ཕཊ༔ ཅེས་གསུངས་ཏེ་ཛབ་དགོངས་གཞན་མ་བཤད་དོ། །བཀའ་བརྒྱད་རྫོང་འཕྲང་ལས་ཀྱང་རྟ་སྐད་གཏོང་དུས་ཛབ་ཀྱི་སྐབས་ཡིན་པར་བཤད་དེ། འདི་ལྟར། དེའི་ལུགས་ལ། ཞི་བ་རིགས་ལྔ་གནས་བསྒྱུར་ཏེ་རིགས་ལྔའི་ཧེ་རུ་ཀར་བསྐྱེད་ལ། དབང་བསྐུར། རྒྱས་གདབ། སྤྱན་འདྲེན། བཞུགས་གསོལ། ཕྱག་

TN03_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠༣)དང་མཆོད་པ་རྣམས་བྱེད་ནས་ཛཔྲ་ལ་བབས་པ་དང་། བུདྡྷ་ཧེ་རུ་ཀ་གནས་བསྒྱུར་ནས་གཤེད་ཛབ་བཟླ་བ་ཡན་སོང་བ་དང་། པདྨ་ཧེ་རུ་ཀ་རྟ་མགྲིན་དུ་བསྒྱུར་ཏེ། ཨོཾ་པདྨན་ཏ་ཀྲིད་མ་ཧཱ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཏ། ཅེས་བརྒྱ་རྩ་བརྒྱད་བཟླས་པས། དབུས་ཀྱི་རྟ་སྐད་ཐང་གཅིག་གིས་ཡེ་ཤེས་ཀྱི་ཁྲོ་བོ་དང་། ཁྲོ་མོ་ཐམས་ཅད་དབང་དུ་བསྡུས། གཡས་ཀྱི་རྟ་སྐད་ཐང་གཅིག་གིས་སྲིད་པའི་གཟའ་ཀླུ་ཕོ་མོ་དབང་དུ་བསྡུས་ཏེ། བཀའ་ཉན་གསུང་སྡོད་པར་བསྒོམ་མོ། །མདོར་ན་འཇིག་རྟེན་ལས་འདས་པ་དང་མ་འདས་པ་ཐམས་ཅད་དབང་དུ་བསྡུ་ཞིང་ལས་ལ་གཟུད་དོ། །དེ་ནས་རྟ་མགྲིན་གྱི་ཛབ་བསྟོད་བྱས་ལ། ཀརྨ་དང་རཏྣ་ཧེ་རུ་གནས་བསྒྱུར་གྱི་བཟླས་པ་སོགས་བྱ་བར་གསུངས་སོ། །འདི་ལ་གོ་རྒྱུ་གཞན་ཡང་སྣང་བས་ཞིབ་ཏུ་བཀོད་དོ། ༈ །སྔགས་གང་བཟླ་ཡང་འདི་ལྟར་ཤེས་དགོས་ཏེ། སྤྱིར་འགྲོ་བ་དང་ཡུལ་ཐ་དད་ཀྱི་སྐད་གང་གི་དབང་དུ་བཏང་ཡང་། སྒྲ་འདིས་དོན་འདི་སྟོན་དང་། འདི་མི་སྟོན་གྱི་རྣམ་བཞག་ཐམས་ཅད་དང་པོར་བརྡ་སྦྱོར་མཁན་གྱི་བརྗོད་འདོད་དང་། དེ་ནས་དེའི་རྗེས་སུ་འབྲངས་ནས་ཐ་སྙད་བྱེད་མཁན་རྣམས་ཀྱི་བརྗོད་འདོད་ཁོ་ནའི་དབང་གིས་བྱེད་པ་ལས་རྒྱུ་མཚན་གཞན་ཅི་ཡང་མེད་དོ། །དེ་བཞིན་དུ་སྔགས་ཀྱི་ཚིག་རྣམས་ཀྱང་དང་པོར་རྩོམ་ཞིང་

TN03_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠༤)བྱིན་གྱིས་རློབ་པ་པོ་གང་ཡིན་པ་དེའི་རྗེས་སུ་འབྲངས་ནས་འདོན་པ་དང་ཟློ་བའི་བསམ་པས་བཟླས་ན། བསམ་པ་དེ་ཉིད་ཀྱི་དབང་གིས་ལྷ་དེ་དང་དེའི་སྔགས་སུ་འགྱུར་ཞིང་། སྔགས་ཀྱི་དེ་ཉིད་དང་། མཐུ་རྣམས་ཀྱང་རང་རང་གི་རྒྱུད་ནས་བཤད་པ་བཞིན་དུ་སྣང་བར་འགྱུར་རོ། །བསམ་པ་དེ་གསལ་པོ་མེད་ན། ལྷ་དེའི་སྔགས་བཟླས་པའི་གོ་ཆོད་ཚབ་ཀྱང་དེའི་ཚོད་ཙམ་དུ་ཆུང་སྟེ། སངས་རྒྱས་པའི་རྒྱུད་སྡེ་དང་། ཁྱབ་འཇུག་གི་རྒྱུད་ནས་བཤད་པའི་ཨོཾ་ཡིག་གཉིས་ལ། ཟློས་མཁན་གྱི་བརྗོད་འདོད་ལ་མ་ལྟོས་པར་ཡིག་འབྲུའི་སྒྲ་གདངས་རྐྱང་པའི་ངོས་ནས་ཁྱད་པར་བསྟན་ག་ལ་ནུས། དེས་ན་འདི་ལྟར་ཡིན་ཏེ། སྔོན་རྟ་མཆོག་ཧེ་རུ་ཀས་བདེ་ཆེན་སྒྱུ་མའི་ཡེ་ཤེས་རྟ་སྐད་དུ་བྱིན་གྱིས་བརླབས་པའི་ཧྲཱི༔ཡིག་རང་མཚན་དེ་ཉིད། འདིར་ཧྲཱིཿབཟླས་ཀྱི་ཀུན་སློང་རྟོག་པ་ལ་དོན་སྤྱི་དང་འདྲེས་ནས་དངོས་སུ་སྣང་བས་ན། དེ་རྟོག་པ་དེའི་དངོས་ཡུལ་ཡིན་ལ། དེའི་གནད་ཀྱིས་རྟོག་པ་དེས་ཡེ་ཤེས་དག་པའི་རྟ་སྐད་དངོས་རང་མངོན་སུམ་དུ་རྗོད་མི་ནུས་ཀྱང་། དངོས་སུ་རྗོད་ནུས་ལ། དེའི་རྒྱུ་མཚན་གྱིས་རྟོག་པ་དེས་རང་གི་དངོས་ཡུལ་གཙོ་བོ་དེ་ངག་ཏུ་རྗོད་པ་དང་། བཟླས་ཏེ་རྗོད་པར་འདོད་ནས་ཧྲཱི༔ཞེས་དབྱངས་སུ་བསྒྲགས་པས་ཀྱང་། ངག་དེས་དཔལ་ཧེ་རུ་ཀའི་རྟ་སྐད་དངོས་ཉིད་

TN03_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠༥)དངོས་སུ་བརྗོད་པར་འགྱུར་ཏེ། དེ་ལྟ་མིན་ན་ནི། སངས་རྒྱས་མིན་པས་སངས་རྒྱས་ཀྱི་བཀའ་དངོས་སུ་ཀློག་མི་ནུས་པ་དང་། ལྷ་སྦྱིན་གྱི་གཏམ་མཆོད་སྦྱིན་གྱིས་སྨྲ་བ་ཡང་མི་སྲིད་པར་ཐལ་ལོ། །དོན་གྱི་དབང་དེའི་ཕྱིར་དེ་བཞིན་གཤེགས་པའི་རྡུལ་བྲལ་ཡེ་ཤེས་ཀྱི་སྐུའི་མགྲིན་པ་དང་ཞལ་ལ་གནས་པའི་རྟ་སྐད་ཉིད་ཀྱང་དེའི་དུས་ཉིད་དུ་བཟླས་བརྗོད་བྱེད་པ་པོའི་སྔགས་ཟློ་བའི་རླུང་དང་། ཟློ་བྱེད་ཀུན་སློང་གི་སེམས་དེ་དག་ལ་འཇུག་པར་འགྱུར་ཏེ། སྔོན་བྱིན་གྱིས་བརླབས་ཚུལ་དང་། སྔོན་གྱི་ཐུགས་དམ་ཆུད་མི་ཟ་བའི་མཐུའོ། །དེའང་སྒྲུབ་ཐབས་ཐོག་མར་སྒོམ་པ་དང་། བཟླས་པ་ལས་སུ་རུང་བའི་དུས་གཉིས། གང་དུ་ཞེན་ནས་བཟླ་རྒྱུའི་སྔགས་གཅིག་ཡིན་ཀྱང་། ཞེན་བྱེད་བློའི་ནུས་པ་ཆེ་ཆུང་ལ་སོགས་པའི་ཁྱད་པར་གྱིས་ལྷས་བྱིན་གྱིས་རློབ་མི་རློབ་སོགས་ཀྱི་ཁྱད་པར་ཡང་འཐད་དོ། །བསྙེན་སྒྲུབ་ཀྱི་སྔགས་སོ་སོ་དང་། འཁོར་སྔགས། ལས་སྦྱོར་གྱི་སྔགས་སོགས་མཐའ་དག་ལའང་དེ་བཞིན་སྦྱོར་ཏེ། སླའོ། །གྲགས་པའི་གསང་གཏམ་ངོ་མཚར་ཅན་ནོ། ༈ །ཞི་བའི་རྒྱུན་ཁྱེར་ཟེར་དུ་མི་ཐོན་ནས་འདི་ཀའི་སྲུབས་སུ་ཡིག་དྲུག་ཅུང་ཟད་རེ་བཟླ་བར་མོས་ན། ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་དམིགས་ནས་དེ་ལྟར་བྱས་པས་ཆོག་སྟེ། གསུང་གི་རིག་འཛིན་གར་དབང་འཇིགས་གླིང་གིས་གསང་སྒྲུབ་ཀྱི་རྒྱུན་ཁྱེར་དུ་དེ་ལྟར་གསུངས་

TN03_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠༦)པས་སོ། ༈ བསྙེན་སྒྲུབ་ལས་གསུམ་གྱི་གོ་དོན་ཐད། སྤྱིར་འདི་ཉིད་ནས་བསྙེན་པ་སྲོག་སྡོམ་གཟེར་བཞིའི་སྔགས་ཀྱི་གཟེར་དང་། སྒྲུབ་པ་འཕྲོ་འདུའི་གཟེར་ལ་སྦྱར་བ་སོགས་བཤད་ཚུལ་གྱི་རོ་ཉམས་ཐ་དད་པ་མང་དུ་མཛད་ཀྱང་། གནད་རིག་བྱེད་རྩལ་དང་ཤིན་ཏུ་མཐུན་པས། དེ་ལྟར་བཀོད་ན་དེ་ཉིད་ལས། བསྙེན་པ་ཉིད་གང་ཡིན་པ་ནི༔ རྒྱུད་ལས༔ ཉེ་བའི་ཕྱིར་ན་བསྙེན་པ་སྟེ༔ ཞེས་པས་ཡེ་ཤེས་ཀྱི་ལྷ་ལ་བསྙེན་བསྲིང་གི་རྟོག་པ་མི་མངའ་ཡང་༔ སྒྲུབ་པ་པོའི་རྟོག་སྒྲིབ་སྦྱང་བའི་སླད་དུ་ལྷ་མངོན་སུམ་དུ་ཡིད་ལ་བྱས་ཏེ་རིག་པའི་སྔགས་ཀྱིས་ཡང་ཡང་བསྐུལ་བས་ལྷ་སྔགས་ལ་ཞེན་པ་སྐྱེ༔ དེས་ཡེ་ཤེས་ཀྱི་ལྷའི་ཐུགས་རྗེ་དང་སྒྲུབ་པ་པོ་འབྲེལ་ཏེ་ཉེ་བར་འགྱུར་བས་ན་བསྙེན་པ་ཞེས་བྱའོ༔ བསྙེན་པ་མ་ཐེམ་ན་ལྷ་དང་ཉེ་བར་མི་འགྱུར༔ ལྷ་དང་ཉེ་བར་མ་གྱུར་ན་དངོས་གྲུབ་སྒྲུབ་པའི་ཐབས་མེད་ཅིང་༔ འདོད་པའི་དོན་གྲུབ་པའི་གནས་མེད་དོ༔ བསྙེན་པ་ཐེམས་ན་ནི་དེ་ལས་ལྡོག་པ་སྟེ༔ བསྙེན་པས་ལྷའི་ཐུགས་ཉེ་བར་གྱུར་ན་དངོས་གྲུབ་སྐུལ་བ་ལ་དཀའ་བ་མེད་ཅིང་༔ དེས་ལས་དང་ཡེ་ཤེས་ཀྱི་དོན་བདེ་བླག་ཏུ་འཐོབ་པ་ཡིན་ནོ༔ སྒྲུབ་པ་ནི༔ རྒྱུད་ལས༔ དབང་དུ་འགྱུར་བ་སྒྲུབ་པའོ༔ ཞེས་པས་ལྷའི་ཐུགས་ཉེ་བར་གྱུར་པ་ན་དངོས་གྲུབ་ཀྱི་གནས་ལ་བསྐུལ་བས་ལས་ལ་ངོ་མཐོན་གྱི་ཚུལ་དུ་སྒྲུབ་པས་

TN03_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠༧)ན་ལྷ་དབང་དུ་བྱ་བའི་སྒྲུབ་པའོ༔ སྒྲུབ་པ་མ་ཐེམ་ན་ཡེ་ཤེས་ལྷའི་ཐུགས་རྒྱུད་འཁྲུལ་མི་ནུས་ཤིང་༔ ལས་ཀྱི་དངོས་གྲུབ་ལས་རིང་དུ་འགྱུར་རོ༔ ཐེམས་པའི་ཡོན་ཏན་ནི༔ ཡེ་ཤེས་ཐུགས་དམ་བསྐུལ་བས་བྱིན་རླབས་རང་དབང་མེད་པར་ཞུགས་ཤིང་༔ ལས་བརྩམས་པས་རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་སྩོལ་མེད་དུ་འགྲུབ་པར་འགྱུར་བ་ཉིད་དོ༔ ལས་སྦྱོར་ནི༔ རྒྱུད་ལས། མངོན་དུ་བྱེད་པ་ལས་སྦྱོར་ཏེ༔ ཞེས་པས་བསྙེན་པ་དང་སྒྲུབ་པས་དངོས་གྲུབ་ཀྱི་གཞི་བཏིང་པ་ཉིད༔ སྒོ་གསུམ་གྱི་བྱ་བས་ལས་ལ་སྦྱར་བ་ལ་བརྟེན་དངོས་གྲུབ་མངོན་དུ་བྱ་བ་ནི་ལས་སྦྱོར་རོ༔ བསྙེན་ཅིང་བསྒྲུབས་ཀྱང་ལས་ལ་མ་སྦྱར་ན་འདོད་པའི་དངོས་གྲུབ་འཐོབ་པར་མི་འགྱུར་བས་སྒྲུབ་པ་དོན་མེད་པ་སྟེ༔ གསེར་འགྱུར་གྱི་རྩི་བསྒྲུབས་ཟིན་ཀྱང་ལྕགས་སོགས་ཡུལ་ལ་མ་སྦྱར་ན་གསེར་གྱི་དངོས་པོ་མི་ཐོབ་པ་བཞིན་ནོ༔ བསྙེན་པས་ཡེ་ཤེས་ཀྱི་ལྷའི་ཐུགས་རྗེ་ཡུལ་ལ་འཇུག་པའི་སྐབས་ཕྱེས་ཤིང་སྒྲུབ་པས་དབང་དུ་བྱས་ཏེ་ལས་ལ་སྦྱར་བས་གནས་སྐབས་ཐུན་མོང་གི་དངོས་གྲུབ་དང་མཐར་ཐུག་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་བར་དུ་ཐོབ་པར་བྱེད་པ་སྟེ༔ ལྕགས་ལ་གསེར་འགྱུར་རྩིས་སྦྱར་བས་རིན་ཐང་ཆེན་པོར་དངོས་སུ་གྲུབ་པ་དང་འདྲའོ༔

TN03_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠༨)ཞེས་སོ། །དེ་ལ་ལས་སྦྱོར་སྤུ་གྲིའི་སྒྲུབ་པ་ནི། ཁྲོ་བོའི་དགོས་མཛད་དང་མཐུན་པར་དྲག་སྔགས་ཀྱི་སྒྲུབ་པ་ཟུར་པ་བྱས་ཏེ་གདུག་པ་ཚར་གཅོད་ཀྱི་དངོས་གྲུབ་བྱེ་བྲག་ཏུ་སྒྲུབ་པ་ལ་དགོངས་ཀྱི། དངོས་གྲུབ་སྒྲུབ་པ་ལ་དེ་ངེས་པར་དགོས་པ་ནི་མིན་ཏེ། རིག་བྱེད་རྩལ་ལས། སྒྲུབ་སྔགས་བཟླས་པས་ཕྱག་མཚན་རྙེད་པ་དང་གཏེར་ཆེན་རྡོལ་བ་སོགས་དངོས་གྲུབ་ཀྱི་མཚན་མ་གསལ་བརྟན་མཐོང་བ་ན་དངོས་གྲུབ་ལེན་པར་བཤད་པ་ལྟར་འདིར་ཡང་གུར་དྲག་ཏུ་གསུངས་པའི་རྟགས་ཚད་ལེགས་པར་ཐོན་པ་ན་སྒྲུབ་སྔགས་ཀྱིས་དངོས་གྲུབ་འཁུལ་རྟགས་ཡིན་པས་དངོས་གྲུབ་ལེན་ཆོག་བྱ་བའི་དུས་ཡིན་ཅིང་། དངོས་གྲུབ་ལེན་ཆོག་ཚད་ལྡན་སྐབས་རང་སྐལ་དང་འཚམས་པའི་དངོས་གྲུབ་རེ་ངེས་པར་སྩོལ་བ་ཁ་སྐོང་ཕྲིན་ལས་སུ་གསུངས་པའི་ཕྱིར་དང་། གུར་དྲག་ལས། སྒྲུབ་དང་ལས་སྦྱོར་ཐུན་མོང་བ༔ ཞེས་དངོས་གྲུབ་ཀྱི་ལས་ལ་དངོས་སུ་སྦྱོར་བའི་སྔགས་ཀྱངདེ་ལས་ཟུར་དུ་མི་དགོས་པར་གསུངས་ཤིང་། འདིར། སྒྲུབ་པའི་བྱེ་བྲག་ལས་སྦྱོར་ནི༔ ཞེས་པའང་སྤྱིར་སྒྲུབ་སྔགས་ཉིད་ཀྱིས་དངོས་གྲུབ་རབ་འབྱམས་ཐམས་ཅད་སྒྲུབ་ནུས་མོད། དེ་ཉིད་ལས་སྔགས་སྤུ་གྲི་དང་སྦྲགས་ཏེ་མངོན་སྤྱོད་སྒྲུབ་པ་འདིའང་དངོས་གྲུབ་སྒྲུབ་པའི་བྱེ་བྲག་སྟེ། ནང་གསེས་ཀྱི་ཁྱད་པར་

TN03_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠༩)གཞན་ཅིག་ཡིན་ཅེས་པར་སྣང་བའི་ཕྱིར་དང་། སྐྱེར་སྒང་ལུགས་ལས། འདི་ཡི་སྒྲུབ་སྔགས་འདི་ལ་ལས་སྦྱོར་ཚང་བར་བཤད་པའང་དེ་ལྟར་ཡིན་པས་སོ། །དེ་ལྟར་ན་བདག་དོན་དུ་སྟོད་ལས་ཀྱི་དངོས་གྲུབ་བླང་བ་ནི་སྒྲུབ་སྔགས་ཀྱི་བཟླས་པ་རྫོགས་མཚམས་སུ་བྱེད་ཅིང་། ཐུགས་རྗེས་གཞན་བསྒྲལ་ཟེར་བ་ལྟར་གཞན་དོན་དུ་སྨད་ལས་ཀྱི་དངོས་གྲུབ་ཁྱད་པར་དུ་བླང་བ་ནི་ལས་སྔགས་ཀྱི་བཟླས་པ་རྫོགས་དུས་བྱེད་ནའང་དགོངས་པར་འགྲོའམ་སྙམ། དེའང་གཙོ་བོར་ཞེས་པ་ཡིན་གྱི། སྤྱིར་སྒྲུབ་སྔགས་རྫོགས་དུས་ཀྱི་དངོས་གྲུབ་བླང་བ་ལའང་། དགྲ་བགེགས་གདུག་པ་ཚར་ཐག་བཅད༔ ཅེས་པ་དང་འབྲེལ་བའི་དངོས་གྲུབ་ལེན་པ་ལོས་ཡོད་སྙམ་པ་དཔྱད་རྟེན་ཐོ་ཙམ་མོ། ༈ །ལས་སྦྱོར་སྐབས། ཁྲོ་བོའི་དགོས་མཛད་དང་མཐུན་པར་ཞེས་ཡང་ཡང་བྲིས་པ་ནི། འཇིག་རྟེན་སྙིགས་མ་ལྔས་ཁེབས་པས་མི་དང་མི་མིན་གྱི་འགྲོ་བ་ཕལ་ཆེར་ཤིན་ཏུ་གདུག་ཅིང་གཏུམ་ལ་གདུལ་དཀའ་བ། མི་བཟད་པའི་ལས་རྒྱུན་དུ་བྱེད་པ། བསྟན་པ་ལ་ཞུགས་ཀྱང་དད་པ་མེད་ཅིང་བསམ་པ་ཕྱིན་ཅི་ལོག་ཏུ་བལྟས་པ་དང་། གསང་སྔགས་ཕྱིན་ཅི་ལོག་ཏུ་སྤྱོད་པ་མང་བ། དེའི་རྒྱུས་ནག་ཕྱོགས་ཀྱི་འབྱུང་པོ་རྣམས་ཕྱོགས་ཆེ་ཞིང་དཔུང་ཆེ་བ་དང་སྡེ་དང་སྟོབས་འཕེལ་བར་གྱུར་ཏེ། བདུད་

TN03_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༠)ཀྱི་གཟི་བྱིན་གྱིས་མནན་ནས་དཀར་ཕྱོགས་ཐན་སྒང་གི་ལོ་ཏོག་ལྟ་བུར་སོང་བ་ན། ཧེ་རུ་ཀའི་གདུལ་ཞིང་ལྷག་པར་རྒྱ་ཆེ་སྟེ། འདི་ལྟར་དེ་རྣམས་མཉམ་སྦྱོར་ལས། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་པ་ལྟར་སྙིང་རྗེ་དང་ཞི་བའི་ཀུན་སྤྱོད་ཀྱིས་མི་འདུལ་བས་འབར་བ་ཁྲོ་བོའི་དཀྱིལ་འཁོར་སྤྲུལ་ནས་མངོན་སྤྱོད་ཀྱི་ལས་ཀྱིས་རྗེས་སུ་འཛིན་པར་མཛད་པ་ཚར་གཅོད་རྗེས་འཛིན་གཉིས་སུ་ཕྱེ་བའི་རྗེས་འཛིན་མིན་ཡང་། སྤྱིར་གདུལ་བྱ་མི་གཏོང་ཞིང་ཡལ་བར་མི་འདོར་བའི་ཡོངས་འཛིན་གྱི་མཛད་པ་ཡིན་ནོ། །མཆན། ཡིན་པས། དཔལ་ཧེ་རུ་ཀ་ནི་གདུལ་བྱ་གདུག་པ་ཅན་དང་གདུལ་དཀའ་བ་གཙོ་བོར་འདུལ་བའི་ཕྲིན་ལས་ཅན་ནོ། །དེ་འདྲ་བའི་འབྲས་དུས་ཀྱི་མཛད་པ་ཡོངས་སུ་དག་པ་ཐབས་ལ་མཁས་པའི་ཡུལ་བསམ་གྱིས་མི་ཁྱབ་པ་དེ་ལམ་དུ་བྱས་ནས་གདུལ་བྱ་མ་རུངས་པ་གདུལ་དཀའ་བའི་འཇིག་རྟེན་རྣམས་ཀྱི་ཉེས་སྤྱོད་འབྲས་བུ་དང་བཅས་པ་ཨ་བྷི་ཙརྱའི་ཕྲིན་ལས་ཀྱིས་རྒྱུན་བཅད་དེ་བཟོ་ཤིན་ཏུ་ཉེས་པ་གཞི་ནས་བཤིགས་ཏེ་འཆོས་པ་ལྟ་བུ། སྐལ་པ་ཇི་ལྟ་བ་བཞིན་དུ་འདུལ་ནུས་པ་དང་། འཇིག་རྟེན་གསུམ་གྱི་བདེ་སྐྱིད་མ་ལུས་པའི་འབྱུང་གནས་གཅིག་པུ་རྒྱལ་བའི་བསྟན་པ་བསྟན་འཛིན་དང་བཅས་པ་མཐུ་སྟོབས་ཀྱི་དཔུང་བས་སྲུང་བ་དང་། སེམས་ཅན་རྣམས་

TN03_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༡)ཀྱི་ཆོས་དང་། འདོད་པ་དང་། ནོར་དང་། ཐར་པ་ལ་བགེགས་མེད་པར་བྱ་བའི་རྟེན་འབྲེལ་སྒྲིགས་པའི་ཆེད་དུ་ཏིང་ངེ་འཛིན་དང་རིག་སྔགས་ཀྱི་རྩལ་སྦྱོང་བ་དང་། དེ་ལ་བརྟེན་ནས་གནས་སྐབས་སུ་རང་ཉིད་ཀྱིས་ལམ་སྒྲུབ་པ་ལ་དངོས་སམ་བརྒྱུད་ནས་བར་དུ་གཅོད་པའི་ལོག་འདྲེན་རྣམས་ཚར་གཅོད་པའི་ཆེད་དུ་དྲག་སྔགས་ཀྱི་སྒྲུབ་པ་བྱེད་ན་ཧེ་རུ་ཀའི་གདུང་འཚོབ་པ་ཞེས་བྱ་ཡི། རྙེད་བཀུར་དང་གྲགས་པའི་ཆེད་དུ་དགྲ་གསོད་པ་དང་། འདྲེ་རྡུང་བྱ་བའི་ཕྱིར་ནི་མ་ཡིན་ནོ། ༈ །ཕྲིན་ལས་རྣམ་པ་བཞིའི་ལས་ཚོགས་རབ་འབྱམས་ངེས་པར་སྒྲུབ་ན་ནི། སྔོན་དུ་བསྙེན་སྒྲུབ་ཀྱི་རྗེས་སུ་ཞག་བདུན་ནམ་ཉེར་གཅིག་ལ་སོགས་པར་བླ་མ་ཞི་བ་དང་ཡུམ་ཀ་སྟེ་ཐོག་མཐའ་གཉིས་ལས་གསུངས་པའི་ལས་བཞིའི་བཟླས་པའང་། སྔ་དྲོ་ཞི་རྒྱས་དང་། དགོང་མོ་དབང་སོགས་ལེགས་གྲུབ་དང་སྒྱུ་འཕྲུལ་ལས་གསུངས་པའི་དུས་གནད་དང་བསྟུན་ནས་བཟླས་ན། ཕྱིས་སྒྲུབ་དུས་ཁྱད་ཤིན་ཏུ་ཆེའོ། ༈ །བསྙེན་པ་སོང་ནས་སྒྲུབ་སྔགས་ཟློ་བ་ན་ནི་མདུན་རྟེན་དགོས་ཏེ། ཟུར་ཐོ་ལྟར་རོ། །ཅི་བདག་བསྐྱེད་ཁོ་ན་དང་འབྲེལ་བར་སྒྲུབ་པ་དང་ལས་སྦྱོར་གྱི་བཟླས་པ་བསྐྱལ་ན་མི་རུང་ངམ་ཞེ་ན། རུང་མོད་ཀྱི། དེའི་སྒྲུབ་དང་ལས་སྦྱོར་ནི་བསྙེན་སྒྲུབ་ལས་

TN03_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༢)གསུམ་གྱི་ནང་གི་བསྙེན་པ་ལ་གསུམ་དུ་ཕྱེ་བའི་སྒྲུབ་དང་ལས་སྦྱོར་ཙམ་དུ་འགྱུར་རོ། །སྒྲུབ་པ་མདུན་བསྐྱེད་དང་འབྲེལ་བར་གསུངས་པ་ཉིད་ཀྱང་ཅི་ལ་དགོངས་ཞེ་ན། ལྷ་དམ་ཡེ་གཉིས་ལས་ཡེ་ཤེས་པ་ལ་དམ་ཚིག་པས་དངོས་གྲུབ་བསླང་བའི་སྒོ་ནས་དངོས་གྲུབ་སྒྲུབ་པའི་དབང་དུ་མཛད་དེ། སྒྲུབ་པའི་སྐབས་འདིར་དེ་ལྟ་བུའི་དངོས་གྲུབ་ལེན་ཆོག་ལས་སུ་རུང་བར་བྱས་ནས། ཚོགས་སྒྲུབ་ཏུ་ཆོ་ག་དེས་དངོས་གྲུབ་ཆེན་པོ་ལ་དངོས་སུ་སྦྱོར་བར་དགོངས་སོ། །དངོས་གྲུབ་སྒྲུབ་པའི་ཚུལ་གཞན་ཡང་ཡོད་ན་ཅིའི་ཕྱིར་མདུན་བསྐྱེད་ཡེ་ཤེས་པ་ལ་དངོས་གྲུབ་སློང་བ་འབའ་ཞིག་གསུང་ཞེ་ན། བརྩོན་འགྲུས་ཆུང་བ་རྣམས་རྗེས་སུ་འཛིན་པའི་ཕྱིར་ཏེ། རང་ཉིད་ཀྱི་མཐུས་དངོས་གྲུབ་རྙེད་པ་ནི་དཀའ་བས་སྒྲུབ་དགོས་ཤིང་། མཐུ་ཆེན་གཞན་ལ་སློང་བ་ཐབས་ཤིན་ཏུ་སླ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྒྱུ་འཕྲུལ་ལས་ཐབས་སླ་བ་དེ་ལྟ་བུ་གསུངས་པ་བརྩོན་འགྲུས་ཆུང་བ་ཁོ་ནའི་ཆེད་མིན་ཡང་། ཡུལ་མཐའ་འཁོབ་དང་། དུས་ཐ་མར་སྐྱེས་པའི་སྔགས་ཀྱི་གདུལ་བྱ་ལ་དེ་ལས་དཀའ་བ་བསྟན་ཡང་དོན་དུ་འགྱུར་དཀའ་བས་གཏེར་ཕྱོགས་ནས་དེ་ཤ་སྟག་རྩལ་བཏོན་དུ་བཤད་དམ་སྙམ། ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོལ་བརྟེན་ནས་དཔྱད་པའི་ཐོ་ཡིག་གོ ༈ །།ཡང་ལས་སྦྱོར་སྔགས་ཀྱི་ཐད།

TN03_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༣)སྤྱིར་ནི་སྡེ་བརྒྱད་དམ་ཚིག་ཅན་རྣམས་སྲོག་འཕྲོགས་པའི་ཆེད་དུ་འདིའི། དབང་སྡུད་ཀྱི་ལས་སྔགས་ཟློས་ནའང་རུང་བར་མངོན་མོད། གཞུང་རང་གི་དངོས་བསྟན་ནི། དབང་དྲག་གི་ལས་སྔགས་གཉིས་སྦྲེལ་ཏེ་བཟླ་བ་ཉིད་ཡིན་ཅིང་། དེས་དགུག་འདྲེན་གཟིར་བ་སོགས་བྱ་ཡུལ་ལ། དགྲ་བགེགས་དམ་སྲི་གདུག་པ་ཅན༔ སོགས་ལས་དཀར་ཕྱོགས་སྐྱོང་བ་ལ་སྦྱར་རུང་ཙམ་ཡང་མི་སྣང་བས། ཆོས་ལམ་ལ་མ་འཁོད་པའི་སྡེ་བརྒྱད་འབྱུང་པོ་མ་རུང་བ་སྤྱི་ལ་ནན་ཏུར་བསྟན་པའི་ཕྱིར། ཁྲོ་མཚོན་མེ་ཕུང་དང་ཕོ་ཉའི་དམག་དཔུང་སྤྲོས་ལ། དེ་རྣམས་ཀྱི་སྙིང་ནས་བཟུང་། སྲོག་ནས་དྲང་བས་རང་དབང་མེད་པར་གཟིར་ཏེ། བཀའ་སྡོད་དང་བྲན་དུ་ཁས་བླང་བྲོ་བོར་དུ་བཅུག་བསྟན་དགྲའི་ལྷ་སྲུང་འཕྲོགས་ཤིང་ཆམ་ལ་དབབ་པའང་འདི་ལྟར་བྱའོ། པའི་སྒོ་ནས་ཧེ་རུ་ཀའི་དམ་འོག་ཏུ་གཞུག་དེས་མི་ཐུལ་བ་རྣམས་བསད་བཅད་གཏུབ་བསྟབ་བྱས་ནས་བརླག་པར་བྱེད་པའི་མངོན་སྤྱོད་ཤས་ཆེ་བའི་དབང་དྲག་སྦྲགས་སྒྲུབ་ཡིན་ཏེ། གཏེར་གསར་སེམས་ཉིད་ངལ་གསོའི་དྲག་པོའི་ལས་སྦྱོར་གྱི་ཛབ་དགོངས་དང་ཇི་བཞིན་མཐུན་ནོ། །འདིའི་དབང་དྲག་གི་མཛད་པ་འཇུག་ཡུལ་གཉིས་ཀ་འཇམ་དཔལ་རྩ་རྒྱུད་ལས་གསུངས་པ་ལྟར་གདུག་ཅིང་གཏུམ་པ་དང་། ཁེངས་ཤིང་དྲེགས་པའི་སེམས་ཅན་བསྡིགས་ནས་

TN03_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༤)འདུལ་བ་ཤ་སྟག་ཡིན་ཏེ། འདིར་དབང་གི་ལས་ཀྱང་ཡུལ་དེ་དྲག་ཤུལ་གྱི་སྦྱོར་བ་རྣོན་པོས་གཟིར་ནས་བྱེད་པའི་རྒྱུ་མཚན་ཡང་དེ་ཡིན། དཔེར་ན། རྒྱལ་པོ་ཆེན་པོས་དགྲ་ཚན་ཆེན་འདུལ་བ་ན། །ཕ་རོལ་གྱི་ཡུལ་ཁམས་ལུང་འོག་ཏུ་གཞུག་པ་དང་། ཅིས་ཀྱང་མི་འདུད་པ་རྣམས་གཏན་བརླག་ཏུ་གཏོང་བ་གཉིས་ཀ་དྲག་པོའི་དཔུང་གི་ཐོག་ཁོ་ནས་བཙན་ཐབས་སུ་བྱེད་པ་ལྟ་བུའོ། །དགྲ་ཞེས་པ་སྤུ་གྲིའི་ནང་གི །སརྦ་ཤ་ཏྲུན། ཞེས་པའང་དགྲ་ཐམས་ཅད་ཅེས་པའི་སྐད་དོད་དེ། །གཟུགས་ཅན་སྡང་བར་བྱེད་པའི་དགྲ་ཞེས་པ་དེའོ། འདིས་མིའི་འགྲོ་བའང་བསྟན་ནོ། །དེ་དག་ནི་འདི་ལ་དབང་དྲག་སྦྲགས་མའི་གནད་དེ་འདྲ་བ་ཞིག་ཀྱང་ཡོད་པ་དེ་བཤད་ཀྱི། འདིའི་དབང་དྲག་སྦྲགས་ལུགས་གཙོ་བོ་ནི། དམ་ཅན་མཁའ་འགྲོ་དྲག་ཤུལ་ཅན་རྣམས་དབང་དུ་བསྡུས་ནས་མངོན་སྤྱོད་ཀྱི་ལས་ལ་འགྱེད་པའི་དབང་ལས་ཀྱི་སྒྲོམ་ནས་དྲག་པོ་སྒྲུབ་ཚུལ་ཉིད་ཡིན་ཏེ། སྤྱོད་པར་དགོངས་པའི་རྟ་སྐད་ཀྱི་ཐད་ན་རྒྱས་པར་ཡོད་ཅིང་། འདིའི། དམ་ཅན་ཕོ་ཉ་ལས་ལ་བསྐུལ༔ ཞེས་པའང་དེ་ཡིན་ནོ། །དབང་ཕྱུག་ཉེར་བརྒྱད་ལ་དྲག་མོའི་གདོང་ཅན་ཡང་བཤད་དེ། གདོང་བརྙན་ཅན་འདི་ནི་དེ་ལས་ཀྱང་ཁྲོས་པའི་ཤིན་ཏུ་དྲག་ཁྲོས་ཀྱི་གཟུགས་ཡིན་ལ། འདི་འདྲ་བའི་སྐུའི་རྣམ་འགྱུར་དེའི་དགོས་ཀྱི་ཀུན་སྤྱོད་ནི་དྲག་ཤུལ་གྱི་ལས་ཉིད་ཡིན་པས་

TN03_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༥)སྔགས་པ་མངོན་སྤྱོད་ལ་སྡང་བར་མི་བྱ་སྟེ། དམ་ཅན་རྣམས་ཀྱི་གཙོ་བོའི་ཀུན་སྤྱོད་ལ་མི་མཐུན་པར་བལྟས་ན་ཕན་ཚུན་བློ་མི་མཐུན་པར་སོང་བ་ཡིན་པས་སོ། །དེས་ན་བསམ་པ་རྣམ་དག་གིས་རྒྱལ་བ་དགྱེས་པའི་དྲག་སྔགས་ལ་མོས་སློབ་ཙམ་བྱས་ཀྱང་ཧེ་རུ་ཀའི་རྣམ་ཐར་དང་ཕྲིན་ལས་ཀྱི་རྒྱུན་བསྐྱང་བ་དང་། རྡོ་རྗེའི་དམ་ཅན་རྣམས་དང་བསམ་སྤྱོད་བསྲེས་པར་འགྱུར་བས་ཐུགས་ཉེ་ཞིང་། དྲག་པོའི་ལྷ་དྲག་པོར་བསྒྲུབས་པས་ལྷག་པར་ཡང་ཚན་ཆེའོ། ༈ །རྡོ་རྗེ་ཕུར་པར། སྨད་ལས་དམ་ཅན་ཉེ་བར་བསྙེན་པ་ཞེས་བཤད་པ་ལྟར། །དམ་ཅན་ལ་བརྟེན་ནས་དབང་དྲག་སོགས་ཀྱི་ལས་འགྲུབ་པ་ལ། །སྔོན་དུ་དམ་ཅན་ལས་རུང་གི་བསྙེན་པ་གལ་ཆེ་ལ། དེའི་ཚུལ་ནི། །དང་པོར་གཙོ་བོའི་སྒྲུབས་སྔགས་སྐབས། དམ་ཅན་ཕོ་ཉ་ལས་ལ་བསྐུལ༔ ཞེས་པའི་སྟེང་ནས་དམིགས་བཟླས་ཅུང་ཟད་རེ་བྱ་ཞིང་། སྤྱི་ཛབ་ཀྱི་ཚེ་ཡང་། དབང་མོ་རྣམས་ལ་དམིགས་ནས་བཟླས་བསྒོམ་འཚམས་པ་རེ་རྒྱུན་བསྲིང་བ། ཕྱིས་སྒེར་སྒྲུབ་བྱེད་ན་ཤིན་ཏུ་སྒྲུབ་སླ་བ་ཞིག་འབྱུང་ངོ་། །འདིའི་རྒྱས་བཤད་ནི་ཆུ་ལྷའི་སྦྲུལ་ཞགས་སུ་ཡོད།། ༈ །།སྒྲུབ་ཐབས་དང་བདེ་འདུས་ཐ་རམ་ལས་རྟ་སྐད་རྩལ་དུ་འདོན་ལུགས་མི་འདྲ་ཞེས་བྲིས་པ་དེ་ནི་མི་འཐད་དེ། ཐ་རམ་གྱིས་ཀྱང་པདྨ་གསུང་གི་

TN03_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༦)སྒྲུབ་པའམ་སྒྲུབ་ཐབས་ཐམས་ཅད་རྟ་སྐད་ཀྱི་དགོངས་པར་བསྟན་པ་ཞེས་སྒྲུབ་ཐབས་ཀྱི་དོན་ཉིད་འཆད་པ་ཡིན་པའི་ཕྱིར་རོ། །ལམ་འབྲས་བུ་ཐམས་ཅད་རྟ་སྐད་ཀྱི་དགོངས་པར་བྱས་པ་ནི་གསུང་རྟ་སྐད་ཀྱི་སྒོ་ནས་ལམ་འབྲས་དེ་རྣམས་ལ་ཕར་འཇུག་ཚུལ་ཡིན་གྱི། ལམ་འབྲས་དེ་དག་གསུང་རྟ་སྐད་སྒྲུབ་ལུགས་སུ་ཚུར་འགྲོ་ཚུལ་བསྟན་པའི་ཆེད་དུ་དེ་ལྟར་བཤད་པ་ནི་མིན་ཏེ། །དཔེར་ན་གཞི་ལམ་འབྲས་བུའི་གནད་གསང་ཐམས་ཅད་རྡོ་རྗེའི་དེ་ཉིད་དུ་བྱས་ནས་གཏན་ལ་འབེབས་པ་ནི། །མཚོན་བྱེད་རྟགས་ཀྱི་རྡོ་རྗེས་རང་གི་དེ་ཉིད་ལ་འཇུག་པའི་ཆེད་ཡིན་གྱི། མཚོན་བྱ་དོན་གྱི་རྡོ་རྗེ་ནི་མཚོན་བྱེད་དཔེའི་རྡོ་རྗེ་སྒྲུབ་པའི་དོན་དུ་གསུངས་ཞེས་གོ་བཟློག་ནས་སྨྲ་མི་རུང་བ་བཞིན་ནོ། །དེས་ན་སྒྲུབ་ཐབས་ཕྲིན་ལས་དང་བཅས་པ་ཐམས་ཅད་རྟ་སྐད་ཀྱི་དགོངས་པའམ་དེ་ཉིད་དམ་བློ་རྩེར་དྲིལ་ནས་དངོས་གྲུབ་སྒྲུབ་པ་ལ་པདྨ་གསུང་གི་སྒྲུབ་པ་ཞེས་བྱ་ཞིང་། དོན་དེ་མཚོན་པའི་ཆེད་དུ་དཀྱིལ་འཁོར་གྱི་བདག་པོའི་ཞལ་ཡང་རྟ་གདོང་གིས་མཚན་པར་བྱེད་དོ། །དང་པོ་ནས་དགོངས་པ་དེ་མཚོན་དོན་དང་། སྤྱི་བོའི་རྟ་སྐད་མཚོན་རྟགས་སུ་བཟུང་ནས་བསྒྲུབ་པས་དགོངས་པ་དེ་ལ་རྩལ་ཐོན་པ་ན། དེའི་རྟགས་སུ་སྤྱི་གཙུག་ནས་རྟ་སྐད་ཤུགས་འབྱུང་དུ་ཐོན་འོང་བ་ཡང་། །ལོ་ལེགས་ན་ཕུབ་མ་ལྟར་ཞར་ལ་འོང་བ་དང་།

TN03_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༧)རལ་གྲིའི་གྲུབ་རྟགས་འབར་བ་སོགས་གསུམ་ལྟར་དགོངས་པ་དེའི་ནུས་པའི་ཚད་འཛིན་རྟོགས་བྱེད་ཙམ་དུ་ཟད་ཀྱི། དགོངས་པ་དེ་རྟ་སྐད་ཐོན་ཆེད་དུ་བསྒོམ་པའི་གནད་ཀྱིས་གཏན་མིན་ནོ། །བདུད་རྩི་འཆི་མེད་ཀྱི་དང་། ཕུར་པ་ཐལ་འབྱིན་གྱི་དགོངས་པ་ཟེར་བའི་དོད་ནི། རྟ་སྐད་དབང་གི་དགོངས་པ་ཞེས་བྱ་སྟེ། དེས་ན་རྟ་སྐད་ཀྱི་དགོངས་པ་བྱས་ཀྱང་དོན་དུ་དབང་སྡུད་ཀྱི་དགོངས་པ་སྟེ། དེ་ལའང་དྲང་བ་དང་ངེས་པའི་སྣང་སྲིད་དབང་བྱེད་ཀྱི་དགོངས་པ་དུ་མ་ཞིག་དབྱེར་ཡོད་དོ། །གསུང་གི་སྒྲུབ་པ་ཞེས་པའང་གསུང་བསྒྲུབ་བྱའི་གཙོ་བོར་བྱེད་པའི་དོན་མིན། གཙོ་བོར་གསུང་གི་སྒོ་ནས་དངོས་གྲུབ་སྒྲུབ་པའི་དོན་ཡིན་ཏེ། འདིར་དངོས་གྲུབ་བསྒྲུབ་བྱེད་ཀྱི་གཙོ་བོ་གསུང་རྟ་སྐད་ལ་བྱེད་པའི་དོན་ཡིན། །དཔེར་ན་གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་ཞེས་པའང་དེར་འཁྲུལ་འཁོར་གྱི་སྒོ་ནས་དངོས་གྲུབ་མང་པོ་སྒྲུབ་པ་ལ་བྱེད་ཀྱི། འཁྲུལ་འཁོར་ཁོ་རང་དངོས་གྲུབ་ཏུ་མི་བཞེད་པ་དང་། ཕུར་པར་ཡང་དེའི་དངོས་གྲུབ་གཙོ་བོ་བདུད་འདུལ་མཐུའི་དངོས་གྲུབ་ཡིན་ལ། ཕུར་བུ་ནི་དེ་སྒྲུབ་བྱེད་ཀྱི་བྱེད་པ་གཙོ་བོ་ཡིན་པར་འདོད་པ་བཞིན་ཏེ། །བྱ་བྱེད་ལས་དང་བྱེད་པོ་ཟེར་དགོས་གཉིས་མ་འཛིངས་ཤིག །དེ་འདྲ་བའི་གསུང་རྟ་སྐད་དེ་ལ་ཐ་རམ་སོགས་ལས་སྤྱི་བོའི་དེ་མིན་པ་མི་གསལ་ཞིང་། དེ་ཙམ་གྱིས་ཕྲིན་ལས་སྒྲུབ་

TN03_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༨)ཚུལ་ལ་ངེས་པ་ཤུགས་དྲག་སྐྱེ་བ་དབང་རྣོན་མིན་ན་དཀའ། ཐུགས་ཏིག་འདིར་ཛབ་ཀྱང་རྟ་སྐད་དུ་གསུངས་པ་ཤིན་ཏུ་ལེགས་ཏེ། འཛབ་ཀྱིས་དངོས་གྲུབ་སྒྲུབ་པ་རྣམས་ཀྱང་རྟ་སྐད་ཀྱིས་དགོས་པ་བྱེད་ལུགས་སུ་འགྲོ་བས་རྒྱ་ཆེ། དེ་ལྟར་ན། མཚོན་བྱེད་བརྡའི་རྟ་སྐད་ལ། སྤྱི་བོའི་རྟ་སྐད་དང་། སྔགས་ཀྱི་བཟླས་པ་གཉིས་ཡོད་དོ། །འདིར་སྔར་དགེ་བྱེད་ལོ་རྔའི་ཟིན་རིས་ནས་སྦྱར་དགོས་པ་མང་། དཔེའི་རྟ་སྐད་ཀྱིས་ཐུན་མོང་གི་དབང་ལས་སྒྲུབ་པ་དང་། དོན་གྱི་རྟ་སྐད་ཀྱིས་ཐུན་མཆོག་གི་དབང་སྒྱུར་གྱི་དངོས་གྲུབ་མཐའ་དག་སྒྲུབ་པ་ཞེས་བཤད་ན་སྙན་བརྒྱུད་ཕུར་པའི་ཐལ་འབྱིན་བཞིའི་ལམ་རིམ་སོགས་དང་འགྲོས་མཐུན། མཆོག་གི་དབང་སྡུད་དེ་ལས་བཞིའི་ནང་གི་དབང་ཡིན་ནམ་ཞེ་ན། མིན་ཏེ། རིག་པ་ཡེ་ཤེས་ཀྱི་ཕུར་བུའི་གདབ་ཁ་དེ་དྲག་ལས་མིན་པ་བཞིན་ནོ། །འོན་ཀྱང་དེ་དྲག་ལས་ཀྱི་ངེས་དོན་དུ་བྱ་རུང་བ་ལྟར། དབང་ལས་ཀྱི་ངེས་དོན་དུ་ནི་བྱ་རུང་ངོ་། ༈ །གཞུང་འདིའི་བྲོ་མནན་སྒྲུབ་ཐབས་དང་། ལས་ཕྲེང་ནས་འབྱུང་བ་གཉིས་ཀའི་སྔགས་སུ་ཧི་གསུམ་རེ་ཡང་དང་ཡང་དུ་གསུངས་པ་ནི་རྟ་སྐད་ཐེང་གསུམ་མཚོན་ཆེད་ཡིན་པ་འདྲ། བྲོ་གཞུང་རྒྱས་པའི་གཏི་མུག་རྡོ་རྗེའི་ཐད་ལ་མཚོན་ན། བུདྡྷ་རིགས་ཀྱི་རྟ་སྐད་ལ། ལྡིར་ཞིང་འཚེར་བ། ཞེས་གསུངས་

TN03_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༩)པ་དང་། དེའི་རྟ་དགོས་སྔགས་ལའང་ཧི་གསུམ་བྱུང་བ་དང་། ལས་སྒྲུབ་ཀྱི་རྟ་སྐད་ཐང་གསུམ་སྤྱིའི་གཞུང་བདེ་འདུས་ཐ་རམ་གྱི་དེ་ཡིན་པས་དེ་དག་བསྒྲིགས་ན། །ལྡིར་ཞིང་འཚེར་བ་ཞི་བའི་རྟ་སྐད་ཉིད་དབྱེ་གཞིར་བྱས་པ་ལའང་། དང་པོས་ཟིལ་གནོན་གྱི་ཆོ་འཕྲུལ་སྤྲོ། གཉིས་པས་དམ་རྫས་ཀྱི་གཅལ་བཀྲམ། གསུམ་པས་མ་མོ་རྣམས་བསྡུ་ཞིང་རྨོངས་པའི་བདུད་དང་དམ་སྲི་ཚར་གཅོད་དང་ཞི་བའི་ཕྲིན་ལས་ལ་བཏང་བ་སྟེ་རྟ་སྐད་ཐང་གསུམ་འབྱེད་པར་ཤེས་སམ་སྙམ། དབང་མེད་འདུ་ཞིང་ཡིད་འཕྲོགས་པས༔ ཅི་བཅོལ་ལས་ཀུན་ཐོགས་མེད་བྱེད༔ སོགས་གསུངས་པ་དང་སྦྱར་ན་དེ་འདྲ་ཞིག་བཤད་རྒྱུ་ཡོད་དགོས་ཀྱང་དགོས་པ་འདྲ། རྟ་སྐད་འདི་ལྟར་ཤོད་པ་དང་གདོད་རང་ཉིད་ཐང་སྟོང་རྒྱལ་པོའི་བུ་བརྒྱུད་དུ་ངོ་འཕྲོད་དོ། ༈ །བླ་མ་ཐུགས་རྗེའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །པདྨ་གསུང་གི་སྐབས་སུ། སྒྲུབ་ལུགས་འདིའི་ཁྱད་ཆོས་ཐུན་མོང་མ་ཡིན་པ། གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་དང་། རྡོ་རྗེ་ཕུར་པའི་ཐལ་འབྱིན་གྱི་དོད་པོ་ནི་རྡོ་རྗེ་རྟ་སྐད་ཀྱི་དགོངས་པས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དབང་ཕྱུག་སྒྲུབ་པ་ཉིད་ཡིན་པས་འདི་ལ་མཁས་པར་སྦྱངས་ཏེ་རྩལ་ཐོན་པ་གཅེས་སོ། །དེ་ལ་ཉང་གཏེར་རྟ་མགྲིན་བདེ་འདུས་པདྨ་

TN03_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༠)གསང་བ་བཀོད་པ་རྔོག་མ་ལེ་བརྒན་གྱི་བརྒྱུད་ཀྱི་ལེའུ་དགུ་པ་ལས། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི། །ཡང་གསང་རྨད་བྱུང་དགོངས་པ་ལ། །བསྙེན་པ་ཐེམས་པར་གྱུར་པ་ན། །ཆོས་སྐུ་སྙིང་པོ་བྱང་ཆུབ་སེམས། །དེ་ཉིད་ཤེས་པ་སྤྲོས་དང་བྲལ། །ས་ཐོབ་སྤྱོད་ཡུལ་གཞལ་ཡས་ནས། །དགོངས་པ་ལྟ་དཔྱད་ཅན་ལོངས་སྤྱོད་རྫོགས། །མོས་སྤྱོད་འགྲོ་ལ་སྣང་གྱུར་པ། །ཐུབ་པ་ཆོས་ཀྱི་ཕུང་པོ་ཅན། །རྒྱལ་བ་སྐུ་གསུམ་དག་དང་མཉམ། །རྣལ་འབྱོར་རབ་ཀྱི་དགོངས་པར་གསུངས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང་། །དུས་གསུམ་གཤེགས་པའི་རྒྱལ་བ་རྣམས། །ཐུགས་དམ་རྒྱུད་ནས་བསྐུལ་བ་ནི། །རྣལ་འབྱོར་འབྲིང་གི་དགོངས་པ་ཡིན། །ལུས་ནི་ལྷ་སྐུའི་དཀྱིལ་འཁོར་བསྒོམ། །ངག་ནི་བཟླས་པའི་གསང་སྔགས་ཅན། །ཐུགས་ནི་ཡང་དག་དོན་དུ་བལྟ། །རྟགས་ཙམ་འཛིན་པར་རབ་གནས་པ། །རྣལ་འབྱོར་ཀུན་གྱི་དགོངས་པ་སྟེ། །རབ་ཏུ་འབད་ནས་བསྒོམ་པ་ཡང་། །རྣལ་འབྱོར་ཐ་མའི་དགོངས་པ་ཡིན། །དེ་དག་རྣལ་འབྱོར་བརྡ་སྐད་གསུངས། །མ་ལྟར་བྱམས་ལ་སྲིང་ལྟར་གདུང་། །མ་མོ་མཁའ་འགྲོ་རྣལ་འབྱོར་མ། །ཕེམ་ཕེམ་ཧྲཱི་ཡི་སྒྲ་དག་ལ། །ཐལ་མོའི་སྒྲ་དང་རྡེའུ་ཆུང་སྒྲ། །རྐང་གི་གླིང་བུ་ཐོད་པའི་རྔ། །ཅང་ཏེའུ་སྒྲ་རྣམས་

TN03_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༡)བསྒྲགས་པ་དང་། །ཞིང་གི་གཡབ་མོས་གཡབ་པ་ནི། །དང་པོ་བརྡ་ཡང་སྤྲད་པར་བྱ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །བདེ་གཤེགས་མཁའ་འགྲོ་ཆེན་མོ་དང་། །རྡོ་རྗེ་ཞེ་སྡང་སྲོག་ལ་རྔམས། །རིན་ཆེན་ང་རྒྱལ་ཤ་ཟ་མོ། །པདྨ་འདོད་ཆགས་ཁྲག་འཐུང་མ། །ལས་ཀྱི་ཕྲིན་ལས་ཆེན་པོ་རྣམས། །ནམ་མཁའ་བར་སྣང་སྤྲིན་བཞིན་དུ། །ཀློང་རྡོལ་བྱ་ནག་འབབ་པ་ལྟར། །གཏི་མུག་ཤ་ཡི་ས་གཞི་ལ། །འདོད་ཆགས་ཁྲག་གི་རྒྱ་མཚོ་འཁྱིལ། །ཞེ་སྡང་རུས་པའི་རི་རབ་ལ། །མི་རྟོག་བདེ་གསལ་ཉམས་སྐྱེ་ཞིང་། ཁམས་གསུམ་གདུག་པའི་དགྲ་དང་བགེགས། །སྒྲོལ་ཕྱིར་འགྱིངས་ཤིང་རྔམས་པ་ཡིས། །རབ་ཏུ་གནས་སུ་འབྱུང་བ་ནི། །བར་དུ་ཀློང་རྡོལ་བྱོན་པ་ཡིན། །དུག་གསུམ་གཏོར་མས་ཚིམ་པ་དང་། །བདུད་རྩི་ཆེན་པོས་ཚིམ་པ་དང་། །རཀྟ་དམར་གྱིས་དགྱེས་པས་ནི། །མངགས་པའི་གནས་སུ་ཡུད་ཙམ་འགྲོ། །དགྲ་དང་བགེགས་རྣམས་རབ་འགུགས་པ། །དཔེར་ན་སྐྱེས་བུ་བཙོན་བཟུང་བཞིན། །རང་དབང་མེད་པར་འགུགས་པ་ནི། །རྨད་བྱུང་དཀྱིལ་འཁོར་ནང་དུ་དྲངས། །རླུང་གི་སྟོབས་ཀྱིས་འོང་བ་ནི། །ཐ་མར་ལས་ལ་བཀྱེ་བའོ། །བདག་གི་རྣལ་འབྱོར་བསམ་གཏན་ཅན། །རྟ་སྐད་ཐེངས་གཅིག་

TN03_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༢)བསྒྲགས་པ་ཡིས། །བསྒྲུབ་པའི་རྣལ་འབྱོར་ཆེན་པོ་རྣམས། །རྩ་བ་ཡན་ལག་དམ་ཚིག་རྣམས། །ཉམས་ཆགས་བསྐངས་བར་གྱུར་ནས་ནི། །ཐུན་མོང་གྲུབ་ཆེན་བརྒྱད་ལ་སོགས། །མཆོག་གི་སྐུ་གསུམ་རང་གསལ་བ། །གཡར་དམ་ཅན་ལ་དངོས་གྲུབ་སྟེར། །རྟ་སྐད་ཐེངས་གཉིས་བསྒྲགས་པ་ཡིས། །རྗེ་མོ་བློན་མོ་མ་སྲིང་དང་། །བྲན་དང་ཕོ་ཉ་བཀའ་ཉན་དང་། །མ་མོ་མཁའ་འགྲོ་རྣལ་འབྱོར་མ། །དམ་ལ་གནས་པ་ཐམས་ཅད་ཀྱང་། །ཚར་བཅད་རྗེས་འཛིན་ཕྲིན་ལས་མཛད། །ཞི་དང་རྒྱས་དང་དབང་དང་དྲག །དྲག་དབང་རྒྱས་དང་ཞི་བར་བྱེད། །རྟ་སྐད་ཐེངས་གསུམ་བསྒྲགས་པ་ཡིས། །མོས་པ་ཆུང་བའི་ཉན་ཐོས་ལ། །བདེན་པ་བཞི་ཡི་ཆོས་ཀྱང་སྟོན། །དམིགས་པ་ཕྲ་བའི་རང་རྒྱལ་ལ། །རྟེན་འབྲེལ་བཅུ་གཉིས་ཆོས་བཤད་དེ། །ཐེག་ཆེན་བྱང་ཆུབ་སེམས་དཔའ་ལ། །ཀུན་རྫོབ་དོན་དམ་ཆོས་ཀྱང་གསུངས། །བྱ་བ་ལས་ཀྱི་ཀྲི་ཡ་ལ། །རིགས་གསུམ་མགོན་པོར་རྣམ་པར་སྣང་། །ཨུ་པ་ཡ་ལ་རིགས་བཞི་ཉིད། །ལྟ་བ་སྤྱོད་པ་སྟོན་པ་དང་། །ཡོ་ག་རིགས་ལྔ་མངོན་བྱང་ཆུབ། །ཀུན་རིག་རྣམ་སྣང་ཆེན་པོར་གསུངས། །རྣལ་འབྱོར་ཆེ་ལ་ཐབས་ཆེན་སྣང་། །རྗེས་སུ་རྣལ་འབྱོར་ཡབ་ཡུམ་ཆེ། །ཤིན་ཏུ་རྣལ་འབྱོར་ཆོས་ཀྱི་སྐུ། །རྒྱུད་ལུང་མན་ངག་

TN03_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༣)སྣང་བའོ། །རྟ་སྐད་ཐེངས་གསུམ་དགོངས་པའི་ཏིང་ངེ་འཛིན་ཏོ། །ཞེས་རྒྱ་ཆེར་གསུངས་སོ། །ཉང་གཏེར་པདྨ་དབང་ཆེན་དྲེགས་པ་ཚར་གཅོད་པའི་རྒྱུད་ཀྱི་ལེའུ་དགུ་པ་ནི། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས་རྟ་སྐད་ཐེངས་གསུམ་གྱི་ལེའུ་འདི་བཀའ་སྩལ་ཏོ། །བདེ་ཆེན་དོན་དང་ལྡན་པ་ཡི། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །དབང་ཆེན་སྐུ་དང་གཉིས་མེད་རྟགས། །དངོས་སུ་རྟོགས་པར་སྣང་མཛད་དེ། །སྤྱོད་པར་ཤོང་བའི་གནས་དག་ཏུ། །རྟ་སྐད་ཐེངས་གཅིག་ཐོས་པ་ཡིས། །ལས་ཀྱིས་བསྐལ་བའི་དྲེགས་པ་ཅན། །འབྲི་རྒོད་འདྲོགས་པ་བཞིན་དུ་ནི། །རང་དབང་མེད་པར་ཡིད་ཀྱིས་སྡངས། །རྟ་སྐད་ཐེངས་གཉིས་ཐོས་པ་ཡིས། །ལས་ཀྱིས་བསྐལ་བའི་མི་མ་ཡིན། །ཤ་རུལ་དོང་དུ་བཅུག་པ་ལ། །ཤ་སྦྲང་མཁའ་ལ་འདུ་བ་བཞིན། །རང་དབང་མེད་པར་དབང་དུ་འདུས། །རྟ་སྐད་ཐེངས་གསུམ་ཐོས་པ་ཡིས། །ལས་ཀྱིས་བསྐལ་བའི་མི་མ་ཡིན། །བཀའ་ཁྲིམས་དམ་པའི་བཀའ་འོག་བཞིན། །རང་དབང་མེད་པར་འདུར་གྱིས་བཏང་། །དེ་ནི་སྤྱོད་པའི་བརྟུལ་ཞུགས་ཏེ། །དགོངས་པའི་གདེངས་ཆེན་དེ་གསུམ་གྱིས། །དྲེགས་པ་ཕོ་མོ་ལས་གཟུང་བྱ། །ལྟ་བའི་གདེངས་གསུམ་རྟ་སྐད་ལམ། །རྟ་སྐད་ཐེངས་གསུམ་དགོངས་པའི་ལམ། །བསྐྱེད་རྫོགས་རྣམ་གསུམ་ས་ལ་སྦྱོར། །རྟ་སྐད་ཐེངས་གཅིག་བསྐྱེད་པའི་ལམ། །ཐབས་དང་

TN03_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༤)ཤེས་རབ་གདན་སར་སྦྱོར། །གཉིས་ཀྱིས་ཅིག་ཆར་རྫོགས་པའི་ལམ། །དབྱིངས་དང་ཡེ་ཤེས་གདན་སར་སྦྱོར། །གསུམ་གྱིས་ཡེ་ཉིད་ཡིན་པའི་ལམ། །མཉམ་པ་ཉིད་ཀྱི་གདན་སར་སྦྱོར། །མ་ཧཱ་བསྐྱེད་པའི་རིམ་པ་ཡང་། །སྐུ་གསུང་ཐུགས་ཀྱི་འཕྲུལ་གསུམ་ལས། །རིམ་པས་བསྐྱེད་ནས་རྫོགས་པར་འདོད། །ལྷ་ཡི་དཀྱིལ་འཁོར་ཐབས་ཀྱི་མཆོག །མ་སྐྱེས་སྤྲོས་བྲལ་ཤེས་རབ་ལས། །གཉིས་སུ་མེད་པར་རང་སར་སྦྱོར། །ཨ་ནུ་རྫོགས་པའི་རིམ་པ་ཡང་། །ལྷ་ཡི་དཀྱིལ་འཁོར་སྐད་ཅིག་གིས། །ཆུ་ལས་ཆུ་བུར་རྡོལ་བའི་ཚུལ། །གཙོ་འཁོར་དྲན་རིག་རྫོགས་པར་འདོད། །མ་སྐྱེས་སྤྲོས་བྲལ་ཆོས་ཀྱི་དབྱིངས། །རིག་པའི་ཡེ་ཤེས་གཉིས་མེད་པས། །མཉམ་པ་ཉིད་ཀྱི་རང་སར་སྦྱོར། །ཨ་ཏི་ཡེ་ནས་ཡིན་པ་ལ། །དྲི་མེད་སྙིང་པོ་བྱང་ཆུབ་སེམས། །གདོད་ནས་མ་སྐྱེས་རང་བྱུང་བས། །རང་གི་ངོ་བོ་བརྗོད་དུ་མེད། །བརྗོད་མེད་ཇི་ལྟར་བཏགས་པར་སྣང་། །ཅིར་བཏགས་དེར་སྣང་དྲི་མེད་པས། །སྙིང་པོ་བྱང་ཆུབ་ཡེ་ནས་ཡིན། །གཅིག་དང་དུ་མར་རོ་གཅིག་པས། །དེ་ནས་གཉིས་མེད་གདན་སར་སྦྱོར། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡང་། །རྟ་སྐད་ཐེངས་གསུམ་ཐོས་པ་ཡིས། །ལྟ་བས་ས་གསུམ་མཉམ་སྦྱར་ནས། །སྤྱོད་པས་དྲེགས་པ་ཚར་གཅོད་ན། །རྟ་སྐད་ཐེངས་གསུམ་ཐབས་ཀྱི་མཆོག །ཅེས་བཀའ་སྩལ་

TN03_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༥)ཏོ། །ཞེས་པའོ། །ལེའུ་བཅུ་པ་བརྟུལ་ཞུགས་བཞིའི་དང་པོའི་གཞུང་དུ། རྟ་ཡི་བརྟུལ་ཞུགས་ཆེན་པོ་ཡིས། ཁམས་གསུམ་འཁོར་བ་སྐྱམ་ལིང་འདེབས། །རྟ་སྐད་ཐེངས་གསུམ་བསྒོམ་པས་ནི། ཁམས་གསུམ་ཡོངས་བསྒྲལ་ས་གསུམ་བསྒྲལ། །བདེ་གཤེགས་མི་འགྱུར་གདན་གསུམ་སྟེ། །བསྐྱེད་རྫོགས་རྣམ་གསུམ་ཀློང་གསུམ་རྡོལ། །ཤུགས་ཆེན་རྟ་ཡི་ར་མདའ་ཡིས། །འཁོར་བའི་སྐྱམ་ལིང་དབྱིངས་སུ་གདབ། །རྟ་སྐད་ཐེང་གཅིག་རིག་པའི་ལམ། །ཀུན་བཟང་མཁའ་དབྱིངས་ཀློང་རྡོལ་ནས། །མཉམ་པ་ཉིད་ཀྱི་རང་སར་སྦྱར། །གཉིས་ནི་ཐབས་དང་ཤེས་རབ་སྟེ། །གསུམ་ནི་སྐུ་གསུམ་ཐུགས་སུས་བྱར། །རྟ་སྐད་བཞི་ནི་ཕྲིན་ལས་བཞི། །ལྔ་ནི་ཡེ་ཤེས་རྣམ་པ་ལྔ། །དྲུག་ནི་འགྲོ་དྲུག་གནས་སུ་སྦྱོང་། །བདུན་ནི་ཕྲིན་ལས་དྲག་ཤུལ་བདུན། །བརྒྱད་ནི་སྡེ་བརྒྱད་དབང་དུ་སྡུད། །དགུ་ནི་ཐེག་པའི་ས་དགུ་བརྟོལ། །བཅུ་ནི་ས་བཅུ་ཟིལ་གྱིས་གནོན། །དབང་ཕྱུག་རོལ་པའི་ཕྲིན་ལས་དེ། །བྱེད་སྤྱོད་རྟ་ཡི་སྐད་ཀྱིས་སྦྱོང་། །གང་ལྟར་སྤྱད་ཀྱང་ཆོས་ཀྱི་དབྱིངས། །ཞེས་ཀྱང་གསུངས་སོ། །དྲེགས་པ་གནད་འབེབས་ཀྱི་རྒྱུད་པདྨ་དང་ཁ་ཆེ་ཨ་ནནྟས་བསྒྱུར་བའི་ལེའུ་ལྔ་པ་ལས། །དེ་ནས་པདྨ་ཧེ་རུ་ཀས་དཔལ་གྱི་རྟ་སྐད་

TN03_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༦)ཀྱིས་ཕྱོགས་བཅུའི་དྲེགས་པ་ཅན་བཏུལ་ལོ། །ལོ་རྒྱུས་དོན་གྱིས་ཕྱི་རབས་ཡིད་ཆེས་བཤད། །སྣོད་ཀྱི་འཇིག་རྟེན་ལྕགས་རི་ནག་པོའི་ནང་། །ཕྱི་ཡི་རྒྱ་མཚོ་ཞོ་ལས་དཀྲུགས་པའི་མར། །རི་རབ་སྲུབ་ཅིང་ཀླུ་སྦྲུལ་སྲུབ་ཐག་བཅས། །རྒྱལ་ཆེན་སྡེ་བཞིས་རབ་ཏུ་དཀྲུགས་པ་ལས། །དྭངས་མའི་བདུད་རྩི་ཁྱབ་འཇུག་གཟའ་ཡིས་འཐུངས། །ཕྱག་རྡོར་འཁོར་ལོས་ལུས་ཀྱང་དུམ་བུ་བརྒྱད། །སྙིགས་མ་དུག་ཏུ་གྱུར་ཏེ་གནོད་སེལ་ཕྱིར། །སྤྱན་རས་སྐུ་ཁྲོས་མགུར་དུ་ཐིམ་པ་ནི། ཁྲོ་བོ་མདོག་སྔོན་གདུག་པ་མ་ལུས་འདུལ། །ཚངས་པའི་གསུང་གིས་ཆོས་འཁོར་བསྐུལ་མ་འདེབས། །དེས་འདུལ་གསུང་དབྱངས་དྲུག་ཅུ་ཚངས་པའི་སྐད། །འཇིག་རྟེན་འཁོར་བར་ཡུན་རིང་གནས་ནས་ཀྱང་། །རྟ་མཆོག་རིན་ཆེན་ཡིད་བསྲིང་འགྲོ་དོན་མཛད། །ཅང་ཤེས་རྟ་ཡིས་མྱུར་དུ་བགྲོད་པ་ལྟར། །འགྲོ་དྲུག་འཁོར་བའི་གནས་ནས་འདྲེན་པར་མཛད། །དེ་ནི་འགྲོ་བ་ལམ་འདིར་གཞུག་པའི་ཕྱིར། །གདུལ་བྱར་བཤད་པས་འགྲོ་བ་འདུལ་བར་བྱེད། །གཏི་མུག་ཅན་དང་ང་རྒྱལ་ཅན། །འདོད་ཆགས་ཅན་དང་ཕྲག་དོག་ཅན། །ཞི་བའི་ལས་དང་རྒྱས་པའི་ལས། །དབང་དང་དྲག་པོས་འདུལ་བར་སྟོན། །ལྗང་ཀུ་དྲག་པོ་དམར་པོ་དང་། །སེར་པོ་རྒྱས་པ་དཀར་པོ་ཞི། །

TN03_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༧)རྟ་གདོང་ཕྲིན་ལས་བཞི་མཛད་པས། །རྟ་མགོ་ལ་ཡང་རིགས་བཞིའི་མདོག། གདུལ་བྱ་མ་ལུས་ཐམས་ཅད་ཀུན། །འདུལ་ཕྱིར་ཕྲིན་ལས་དག་ཏུ་བཤད། །ཞལ་ནས་རྟ་སྐད་སྒྲ་སྒྲོགས་པས། །ཕེ༚་ཕེ༚་ཧྲཱི༚་སོགས་གསང་སྔགས་འདྲེན། །རྟ་ཡི་སྐད་ཅེས་བྱ་བ་ཡང་། །རྟ་ཞལ་གསུང་དུ་སྒྲོགས་པའོ། །བརྡ་དང་རྟ་སྐད་འགྱིང་སྐད་གསུམ། །རྣལ་འབྱོར་དགོངས་པས་མ་ཤེས་སྐྱོན། །ཐུགས་དམ་མི་འཁུལ་དབང་མི་འདུས། །དགྲ་བགེགས་མི་ཐུལ་སྐྱོན་དུ་འགྱུར། །རྣལ་འབྱོར་གང་གིས་རྟ་སྐད་ཀྱི། །དགོངས་པ་དོན་ལྡན་ཤེས་པ་ནི། །ཐུགས་རྗེས་བཞེངས་དང་ཁས་བླངས་དྲན། །ཕྲིན་ལས་སྐད་ཅིག་ཡུད་ལ་འགྲུབ། །དེ་ཕྱིར་རྟ་སྐད་དགོངས་པ་ཟབ། །ལུས་ངག་ཡིད་གསུམ་སྐུ་གསུམ་ཉིད། །དུག་ལྔ་ཡེ་ཤེས་ལྔར་གྲོལ་ནས། །གང་གིས་གདེངས་གྱུར་རྣལ་འབྱོར་རབ། །མི་ཞེས་བྱས་ཀྱང་སངས་རྒྱས་ཡིན། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་དབྱིངས། །བཅུད་ཀྱི་སེམས་ཅན་ཡེ་ཤེས་ལྷ། །འབྲེལ་བས་བདེ་ཆེན་སྲས་སུ་རིག །རྣལ་འབྱོར་འབྲིང་གི་དགོངས་པའོ། །ལུས་ཉིད་ལྷ་ལ་ངག་ཉིད་སྔགས། །སེམས་ཉིད་ཆོས་ཉིད་ཐ་མའོ། །མྱ་ངན་འདས་པའི་ཆོས་རྣམས་ཀུན། །རྟེན་དུ་གྱུར་པས་ཆོས་ཀྱི་སྐུ། །རང་

TN03_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༨)བཞིན་སྐྱེ་མེད་བརྡ་སྤྲོད་གོ །དེ་ཉིད་ཆོས་སྐུའི་གསུང་ཡིན་ནོ། །ལོངས་སྐུ་དགོངས་པ་བརྡ་ཡི་གསུང་། །མེ་ལོང་ནང་གི་བྱད་ལྟ་བུ། །གཙོ་བོའི་སྐུ་ལ་བལྟས་པ་ཡིས། །རང་གི་ཤེས་བྱའི་སྒྲིབ་པ་དག །དེ་ནས་ཆོས་སྐུའི་ས་རུ་འགྲོ། །བྱང་ཆུབ་སེམས་དཔའ་མངོན་སངས་རྒྱས། །སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་བསམ་གྱིས་མི་ཁྱབ་ཅིང་། །ཐམས་ཅད་པ་རུ་གནས་པས་ན། །མི་ཟད་རྒྱན་གྱི་འཁོར་ལོ་ཆེ། །ཨོཾ་ནི་རྣམ་པར་བརྗིད་པའི་སྐུ། །ཨཱཿནི་སྨྲ་བརྗོད་འབྱུང་བས་གསུང་། །ཧཱུྃ་ནི་འདོད་དགུར་མཁྱེན་པས་ཐུགས། །རྒྱལ་བའི་ཞིང་ཁམས་འདི་ཡིས་སྐྱོང་། །ཚངས་པའི་ལྷ་ཡི་གསུང་བཞིན་དུ། །སྲིན་པོ་འདུལ་ཡང་སྐྱོན་མ་གོས། །དཔེར་ན་མེ་ཏོག་པདྨ་སྐྱེས། །འདམ་གྱི་སྐྱོན་གྱིས་ག་ལ་གོས། །དེ་ཉིད་གྲོགས་སུ་གྱུར་པ་སྟེ། །འདམ་མེད་པདྨ་གང་ལས་སྐྱེ། །རི་རབ་རྩེ་ནི་ལྷ་གནས་ཏེ། །རི་རབ་ཁོང་སེང་ལྷ་མིན་ཡུལ། །གླིང་བཞིར་མི་གནས་མཐོ་རིས་གསུམ། །ཕྱི་ཡི་རྒྱ་མཚོ་དུད་འགྲོ་ལ། །གྲོང་ཁྱེར་སེར་སྐྱ་ཡི་དྭགས་ཉིད། །རྡོ་རྗེ་གདན་འོག་དམྱལ་བའི་གནས། །ཀུན་གྱི་སྐད་དུ་ཆོས་སྟོན་པས། །ཐུགས་རྗེའི་རྟ་སྐད་རིགས་དྲུག་འདུལ། །ལུས་ངག་ཡིད་ཀྱི་བརྡ་སྤྲད་ན། །ཕོ་མོ་མཐུན་པའི་དཔེ་བཞིན་ཤེས། །དཔེར་ན་ཁྭ་ཏས་གཟན་མཐོང་

TN03_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༩)ལྟར། །མ་དང་མཁའ་འགྲོ་འགྲུབ་ནས་བྱོན། །མ་མོ་མཁའ་འགྲོ་ལ་སོགས་ལ། །མཐུན་པའི་ཤ་ཁྲག་གཏོར་མ་འབུལ། །ལས་བཞིའི་ཕྲིན་ལས་བཅོལ་བར་བྱ། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ངོ་བོ་ངེས་ཚིག་དབྱེ་བ་དང་། །སྐྱོན་དང་ཡོན་ཏན་རང་བཞིན་བཤད། །རྟ་ཡི་འགྲོས་དགུ་བསྟན་པ་ཡང་། །དཔུང་ལག་སྒྲོགས་འགྲོས་ལྷ་དང་མི། །གདོས་པ་ལྕགས་བཅུག་ཉན་ཐོས་འདྲ། །ཕོ་ཉ་སྲུན་འགྲོས་རང་སངས་རྒྱས། །འཇབ་ཚེ་གཟེངས་ནི་མདོ་སྡེ་ཉིད། །གོམ་བུ་མྱོལ་འགྲོས་ཀྲི་ཡ་པ། །སྤྱང་མོ་མདུར་འགྲོས་ཡོ་ག་ཉིད། །རོལ་མོའི་སྟབས་པ་མ་ཧཱ་ཡིན། །འཇོལ་མོ་དཀྱུས་འགྲོ་ཨ་ནུ་སྟེ། །དཀྱུས་སུ་ཚར་འགྲོས་ཨ་ཏི་ལ། །རྟ་ཡི་འགྲོས་ནི་དགུར་བསྟན་པས། །པདྨ་དབང་ཆེན་རྟ་གདོང་ཞལ། །རྟ་སྐད་དགོངས་པར་འདུས་པས་དཔྱད་གསུངས། ཁམས་གསུམ་དབང་དུ་སྡུད་པར་བྱེད། །འཁོར་འདས་དབང་གི་སྐུར་རྫོགས་ལ། །ཐེག་པའི་རིམ་པ་རྟོགས་པས་ན། །དཔེ་དང་དོན་དུ་བཤད་པའོ། །ཞེས་བཤད་དོ། །དབང་ཆེན་འདུས་པའི་རྒྱུད་རྟ་མགྲིན་དགོངས་པ་ལུང་སྟོན་དུ་གྲགས་པ། །སྦ་དང་ངན་ལམ་སོགས་ཀྱིས་བསྒྱུར་བ་ལས་ལེའུ་བཅུ་བདུན་པ་བརྟུལ་ཞུགས་ཆེན་པོ་བཞིའི་སྐབས་སུ། རྡོ་རྗེ་རྟ་ཡི་བརྟུལ་ཞུགས་ཀྱིས། །

TN03_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༠)རྟ་སྐད་ཐེངས་གསུམ་འབོད་པར་བྱ། །དཔལ་གྱི་རྟ་སྐད་ཆེན་པོ་ཡིས། །ཡང་དག་སྐུ་གསུམ་དབྱིངས་ནས་བསྐུལ། །མ་མོའི་བརྡ་སྐད་སྦྲན་པ་ཡིས། །བརྡ་འཕྲད་ཀློང་རྡོལ་ལས་ལ་རྦད། །རྣལ་འབྱོར་གསང་བ་བརྡ་སྐད་ཀྱིས། །མཉམ་དང་བསྐུལ་དང་རྟགས་ཙམ་འཛིན། །ཤ་རུལ་དོང་དུ་བཅུག་པ་ལ། །ཤ་སྦྲང་བཞིན་དུ་འདུ་བ་དང་། །སྤྱང་དང་ལུག་བཞིན་བྲེད་པ་དང་། ཁྱི་དང་ཕག་བཞིན་རྦད་སར་འགྲོ། །དཔལ་གྱི་ཕེེ༚་བརྡབས་ཧཱུཾ་སྒྲ་ལས། །བསྒྲུབས་པའི་དབྱངས་དང་ཚངས་པ་ཡིས། །ཞིང་ཁམས་རི་རབ་རྩེ་ལ་བླངས། །གསུམ་ཞེས་བྱ་བ་དགུ་ཡི་ཆོས། །ལྷ་དང་སྤྱོད་དང་སྒོམ་པ་དང་། །འབྲས་བུ་བཞིན་དུ་གར་གྱུར་པ། །རྦད་པས་ཐལ་བ་བཞིན་དུ་རློག །ལྷ་སྲིན་ཐམས་ཅད་དབང་དུ་སྡུས། །དཔལ་གྱི་སྐུ་དང་གཉིས་སུ་མེད། །འདི་ནི་རྣལ་འབྱོར་སྤྱོད་པ་ཡིན། །ཞེས་འབྱུང་ངོ་། །རྟ་མཆོག་རོལ་པ་རྩ་བའི་རྒྱུད་ལས། །མི་གནས་མྱང་འདས་གསུང་རབ་རྒྱ་མཚོ་སྒྲོགས། །མ་བསྒྲིབ་མ་གསལ་གོ་འཕང་མཛེས་པར་མཐོང་། །མི་ལྡོག་ཡུལ་སྒྲོལ་སྟབས་དྲུག་མཛེས་པར་མགྱོགས། །གར་ཡང་ཐོགས་མེད་བྱིན་རླབས་ཤུགས་དང་ལྡན། །འཚེར་སྐད་གདངས་སྙན་མ་སྲིང་སྤྲོ་བ་འགྱེད། ཁམ་དམར་རལ་པའི་དབུས་ནས་དབུགས་འབྱུང་བ། །

TN03_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༡)དཔྲལ་བ་ཞུར་པོ་བརྗིད་པའི་ཁྱད་པར་དང་། །རྟ་མགྲིན་འོད་འབར་གསལ་བའི་ཁྱད་པ་ནི། །དོན་མཆོག་ཁྱད་པར་ཡོན་ཏན་རྨད་དུ་བྱུང་། །ལྗང་ཀུ་མེ་འབར་རྟ་མགོའི་རང་བཞིན་ནི། །འགྱུར་མེད་ཡེ་ཤེས་ཇི་བཞིན་གསལ། །བྱམས་པའི་མདངས་ཀྱིས་ཁམས་གསུམ་ཁྱབ་པར་གཟིགས། །རྔོག་མ་ལེ་བརྒན་འབར་བའི་ཁྱད་པར་མཆོག །སྟུག་པོ་བཀོད་སོགས་ཞིང་ཁམས་རབ་འབྱམས་ན། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཁྲོ་བོ་ཀུན། །ཞིང་ཁམས་གསུམ་དག་མ་ལུས་དབང་དུ་སྡུད། །ཤེས་རབ་ཐབས་སུ་འབྲེལ་བའི་རྟ་སྐད་ནི། །གྲུབ་པའི་དཔལ་ཚོགས་ཚངས་པའི་རྟ་དབྱངས་ཡིན། །དང་པོའི་གདངས་ཀྱིས་རྒྱལ་བའི་ཞིང་ཁམས་སྒྲོགས། །གདངས་སྐད་གཉིས་པ་རི་རབ་རྩེ་ལ་འཚེར། །གསུང་སྙན་གདངས་གསུམ་སྙན་པའི་ཁྱད་པར་ནི། །བཅུ་དྲུག་སླད་མའི་ངན་རྟོགས་ཐར་ལམ་སྟོན། །སྤྱན་མིག་གློག་ལྟར་འགྱུ་བ་ཆེར་འཕགས་ཤིང་། །ཤ་ཁྲག་རློན་པ་ཟ་བའི་སྲིན་པོ་འཇོམས། །འཚེར་ཅན་ཡིད་ལ་གདུང་བའི་རྟ་སྐད་ནི། །མུན་མཐུའི་འགྲོ་བ་མ་ལུས་གསལ་བར་མཛད། །ཅེས་གསུངས་ཏེ། །འདིའི་གླེགས་བམ་ཡིག་ནོར་གྱི་ཕུང་པོར་སྣང་བས་བརྟགས་དཀའ་ཡང་དཔྱོད་རྟེན་ཙམ་མོ། །རྟ་རྒྱུད་ཁ་ཅིག་ཏུ། །བརྩོན་འགྲུས་ཆུང་བ་

TN03_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༢)རྣམས་དབུགས་དབྱུང་བའི་ཕྱིར་དང་། མིའམ་ཅིའི་འཁོར་རྟ་མགོ་ཅན་རྣམས་འདུལ་བའི་ཆེད་དུ་རྟའི་གླུ་བྲོ་མཛད་པར་བཤད་དེ། མིའམ་ཅི་དེ་དག་ནི་གླུ་གར་གྱི་ཕ་རོལ་ཏུ་སོན་པ་ཡིན་ནོ། །ཀུན་སྤྱོད་དེས་འགྲོ་བ་གཞན་ཡང་འདུལ་བ་ནི། ཇི་ལྟར་སྲིན་པོ་ལྟར་ཁྲོས་པ་སོགས་བཞིན་ནོ་སྙམ་སྟེ་བསམ་མོ། །བདེ་འདུས་དབང་ཆེན་འདུས་པ་རྩ་བའི་རྒྱུད་ལས། ཨེ་མ་འདུས་པའི་འཁོར་རྣམས་ཉོན༔ ང་ཡི་སྐུ་ཡི་ངོ་བོ་ནི༔ རང་རིག་བྱང་ཆུབ་སེམས་ལས་སྣང་༔ རྟ་མགོས་སྐད་གསང་མཐོན་པོ་ཡིས༔ བདེ་གཤེགས་གསུང་གི་དངོས་གྲུབ་སྡུད༔ ཡང་དག་ངེས་དོན་ཆོས་ཀྱི་སྐུ༔ གཟུགས་སུ་སྣང་བ་མཚོན་པའི་རྟགས༔ དཔེར་ན་རྟ་ཡི་འགྲོས་དགུ་ཡིས༔ ཇི་ལྟར་སྨོན་པའི་སར་འགྲོ་བཞིན༔ ཐེག་པའི་རིམ་པ་ངང་གིས་བགྲོད༔ རྩོལ་མེད་རབ་ཏུ་རྫོགས་པར་སྣང་༔ རྟ་སྐད་ཡོན་ཏན་མང་བ་ལྟར༔ ལམ་ལྔ་དང་ནི་ས་བཅུ་དག༔ ཡོངས་རྫོགས་དེ་ཉིད་ངང་ལ་མངའ༔ དཔེ་དང་དོན་གྱི་རྟགས་རྣམས་ཀྱིས༔ ཕྱི་ནང་གསང་བ་དེ་ཉིད་ཀྱི༔ གསང་སྔགས་ལམ་གྱི་བྱེ་བྲག་ཤེས༔ གདུལ་བྱའི་ཐབས་སུ་སྣང་བ་ཡང་༔ ཆོས་རྣམས་དཀྱིལ་འཁོར་ལྷུན་གྲུབ་ཅིང་༔ སྣང་སྲིད་མ་ལུས་བསྒྲལ་བའི་རྒྱུ༔ བཀའ་སྡོད་ཕྲིན་ལས་རྫོགས་པར་མཛད༔ སྔོན་གྱི་ཐ་ཚིག་དབྱིངས་ནས་བསྐུལ༔ བརྡ་སྤྲད་

TN03_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༣)ཀློང་རྡོལ་དབང་བསྒྱུར་ཏེ༔ མ་ལུས་འདུལ་བ་ང་ཡི་ཐབས༔ ཡེ་ནས་མ་བཅོས་ང་ཡི་སྐུ༔ ཐབས་དང་ཤེས་རབ་དབྱིངས་ཡེ་ཤེས༔ དོན་དམ་ཀུན་རྫོབ་སྣང་དང་སྟོང་༔ གཉིས་མེད་ངོ་བོའི་དོན་ཡིན་ནོ༔ དབང་གི་རྒྱལ་པོར་བསམ་སྦྱོར་བས༔ ཁྲོས་པའི་ཕྱག་རྒྱ་གསུང་གི་སྒྲ༔ འཇིག་རྟེན་དྲེགས་པའི་ཚོགས་ཆེན་ཀུན༔ དབང་མེད་སྐྲག་པའི་ཚུལ་བཟུང་ཞིང་༔ མྱུར་དུ་ཕྲིན་ལས་གནས་བཞིན་བྱེད༔ དབྱིངས་ནས་གཟུགས་སྣང་ཐམས་ཅད་ཀུན༔ དབང་བསྒྱུར་སྣང་བ་མཉེས་མཛད་དེ༔ འགལ་བ་དེ་ཉིད་ངང་དུ་སྦྱང༔ ཞེས་དང་། ཧྲཱིཿ དབང་གི་རྟ་གདོང་ཕྲིན་ལས་མགྱོགས་པའི་མཐུ༔ ཡེ་ཤེས་མྱུར་མགྱོགས་ཤེས་རབ་ཕ་རོལ་ཕྱིན༔ རྩལ་གྱི་རླབས་ཀྱིས་ས་གསུམ་ཅིག་ཆར་བགྲོད༔ འཚེར་སྐད་གདངས་སྙན་གསང་བའི་ཐུགས་དམ་བསྐུལ༔ རྔམས་པའི་ཁ་རྩལ་འཁོར་ཚོགས་དབང་དུ་སྡུད༔ སྟབས་དྲུག་འགྲོས་ཀྱིས་རྒྱུད་དྲུག་ཐབས་ཀྱིས་འདྲེན༔ རོལ་པའི་རྟ་བྲོས་བདུད་བཞི་ཐལ་བར་བརླག༔ འཇིག་རྟེན་སྒྲོལ་མཁས་མི་བསྙེལ་ཐབས་ཀྱི་མཆོག༔ རྟ་སྐད་རྔམས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་བཀའ་སྩལ་ཏོ།། ༈ །།གཞུང་འདི་ལས་དབང་ཆེན་རྩ་བའི་སྒྲུབ་པ་ལ་སྦྱར་རྒྱུའི་ཡན་ལག་གི་སྒྲུབ་ལུགས་བཞི་གསུངས་

TN03_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༤)ཏེ། །ཐུན་མོང་དྲག་སྔགས་ཀྱི། ཁྱད་པར་ཚེའོ། །མཆོག་སྒྲུབ་བྱིན་རླབས་ཀྱི་སྒྲུབ་པ་སྟེ་གུར་དྲག་དང་ཐུན་མོང་བ་གསུམ། བདེ་ཆེན་གླུ་གར་གྱི་སྒྲུབ་པ་ནི་དགོས་ཆོས་ཏེ་དེ་ལྟར་བཞིའོ། །དང་པོ་ལའང་། སྤྲུ་གྲིའི་སྔགས་སྒྲུབ་དང་། གཏོར་མ་ལ་བརྟེན་པའི་བསད་ཟློག་གཉིས་གསལ་བར་བསྟན། གཉིས་པའི་སྐབས་སུ། །ཚེའི་ལྷ་བསྐྱེད་པ། །ཚེ་བཅུད་བསྡུ་བ། དེ་ལས་ཚེའི་དབང་དང་དངོས་གྲུབ་ལེན་པ། དེ་མི་ཤིགས་པའི་སྲོག་ལ་བརྟན་པར་བྱ་བ་སྟེ་བཞིའི་སྒྲོམ་ནས་དངོས་གྲུབ་རྒྱུད་གསུམ་སྒྲུབ་ལུགས་ཤེས་དགོས། གསུམ་པ་འདི་ལ། དངོས་གྲུབ་བསྡུ་བ། སྦྱོར་མཚམས་སུ་བསྐྱིལ་བ། གསང་སྒོ་དབྱེ་བ། རྟེན་ལ་དབབ་པ། དེ་ཉིད་དབང་དུ་བྱ་བའམ་བརྟེན་པར་བྱ་བ་སོགས་ཡོན་ཏན་བདུད་རྩིའི་རྒྱུད་ལས་གསུངས་པའི་དངོས་གྲུབ་སྒྲུབ་ལུགས་ཀྱི་གདན་ཐམས་ཅད། སྒྲུབ་གཞི་ཕྱི་རོལ་གྱི་སྨན་ལ་བྱེད་པ་དང་། ནང་རྩ་ཐིག་རླུང་སེམས་ལ་བྱེད་པའི་ཁྱད་ཙམ་མ་གཏོགས་ཇི་ལྟ་བ་བཞིན་ཚང་ངོ། དེའང་དཀྱིལ་འཁོར་ཐམས་ཅད་དང་། དབང་བསྐུར་དང་། སྔགས་དང་། ཕྱག་རྒྱ་དང་། །རྒྱུད་དང་། ཆོ་ག་ཞོབ་མོ་དང་། ཕྲིན་ལས་ཀྱི་ཁྱད་པར་ཇི་སྙེད་པ་ཐམས་ཅད་བདེ་ཆེན་ལྷན་སྐྱེས་ཀྱི་ཡེ་ཤེས་ཁོ་ན་དེ་དང་དེའི་རྣམ་པར་ཤར་ནས་གདུལ་བྱའི་སྙིང་ལ་འཇུག་པ་ཡིན་པའི་ཕྱིར། །ཚུལ་དེ་ཤེས་

TN03_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༥)ནས་བདེ་ཆེན་བྱང་སེམས་ཀྱི་དབང་འདི་བླངས་ན་དེ་དག་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་ཞིང་། ལྷའམ་སྔགས་དག་སྒྲུབ་གཞུང་གང་གི་ངོ་བོར་ཁྱད་པར་ད་བལྟས་ཏེ། བདེ་ཆེན་འབེབས་དམིགས་བྱས་ནའང་དེ་དང་དེའི་དགོས་ཀྱི་དབང་ཆོག་ལྟ་བུར་འགྱུར་རོ། །ཉམས་ཆག་སོགས་ནང་གི་རྟེན་འབྲེལ་ལོག་པ་སྦྱོང་བའི་བྱ་བ་ཁྲུས་མཐར་ཐུག་ཀྱང་འདི་ཡིན། ཁྲུས་ཀྱི་ལྷ་མཆོག་ཏུ་བསྔགས་པའང་དབང་ལྷ་ཡིན། དམ་ཡེ་དབྱེར་མེད་ཀྱི་ཕུང་ཁམས་ལྷ་རྣམས་གཟི་བརྗིད་རྒྱས་པར་བྱེད་པ་དང་དགྱེས་པ་སྐོང་བའི་ཚོགས་མཆོད་ཁྱད་པར་ཅན་ཡང་ཡིན། ངག་ལ་དབང་སྐུར་བ་དང་། ཏིང་ངེ་འཛིན་དང་ཤེས་རབ་སོགས་བྱེ་བྲག་རེ་རེ་འབུར་དོད་དུ་དམིགས་ནས་དེ་ལ་དབང་སྐུར་བར་དམིགས་ནའང་དེ་དང་དེ་རྒྱས་བྱེད་དུ་འགྱུར། གྲུབ་ཆེན་བཀའ་བརྒྱད་ལས་དབང་སྐུར་ཡོན་ཏན་རྡོ་རྗེའི་རིགས་སུ་གསུངས་པ་ཡོ་ག་དང་མཐུན་ཏེ། ཡོན་ཏན་རིགས་རྒྱས་པའི་རིགས་སུ་བསྔགས་པས། སྔགས་ཀྱི་ནུས་པ་དང་། འགྲོ་དོན་རྒྱས་པ་སོགས་ལ་རང་གི་ངག་དང་བྱ་བ་སོགས་ལ་དབང་སྐུར་བ་འདི་ཐབས་ཟབ་པར་ཤེས་སོ། །བཞི་པ་འདི་ལྷ་འདི་ལ་བྱེ་བྲག་ཏུ་བསྔགས་པའི་ཆོ་ག་ཡིན་ཕྱིར་རྒྱས་སྤྲོས་བྱེད་པར་དགའ་ན། སྤྱིར་གྲུ་གུ་ཡང་དབང་གི་རྟ་མགྲིན་དྲེགས་སྒྲོལ་སོགས་བྲོ་

TN03_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༦)རབས་རྒྱས་པར་བཞུགས་པའི་གཞུང་འགའ་རེ་ཡོད་ནའང་། རྗེ་གྲུབ་ཆེན་ཉིད་ཀྱི་རྩ་བའི་ཐུགས་དམ་ཤངས་ཆོས་དབྱང་གཏེར་གཉིས་ཡིན་པ་དང་། གཏེར་ཁ་རིགས་མཐུན་ཡིན་པའི་གནད་ཀྱིས། མཆན། པས་གྲུབ་ཆེན་བཀའ་བརྒྱད་དང་འབྲེལ་ཆེ་བའི་བྲོ་ཆོག་ནི་རང་ཤར་གྱི་བྲོ་རྡུང་དེར་སྣང་ལ། སྤྱི་བཀའི་རིགས་པ་དགོས་བཀའ་ལ་སྦྱར་ཆོག་པ་དང་། །འདི་ཉིད་རང་ལས་སློབ་མ་ལྟ་གོན་གྲུབ་ཆེན་བཀའ་བརྒྱད་ལ་ཞལ་འཕགས་པའི་རིགས་པས་འདིར་ཡང་དེ་ནས་བླང་བར་བྱའོ། །དེ་དག་ལས་གཞན་པ་མྱུར་མགྱོགས་ཕོ་ཉའི་སྒྲུབ་པའང་ཡོད་མོད་ཀྱི། སྒྲུབ་ཐབས་སྤྱིའི་ཁོག་ཏུ་ཚང་བ་ཡིན་གྱི་ཟུར་དུ་ཡོད་པ་མིན་ནོ། །འགྲོ་འདུལ་ཞི་བ་རྡོ་རྗེ་དབྱིངས་སྐྱི་སྒྲུབ་པ་དང་། ཡུམ་ཀ་བདེན་གཉིས་ཞལ་ཅན་མའི་སྒྲུབ་པ་གཉིས་ཀྱང་འདི་དང་འབྲེལ་ཆགས་སུ་གསུངས་པ་ཡིན་ལ། ལས་ཀྱི་ཕྲེང་བ་ལས་ཚོམ་བུ་ཚོགས་ཀྱི་སྒྲུབ་པའང་གསལ་བར་གསུངས་ཏེ། བསྐྱེད་རིམ་གྱི་ཆོས་སྐོར་རོ། །དེའི་སྟེང་དུ་ཡེ་ཤེས་ཕྲེང་བ་ལས་གསུངས་པའི་དཔེ་དང་དོན་གྱི་ཡེ་ཤེས་ཀྱི་སྒྲུབ་པ་བཅས་རྒྱ་ཆེར་བཞུགས་ཏེ། དེ་དག་རེ་རེ་ཞིང་ངོ་མཚར་བའི་གནད་དུ་མ་དང་ལྡན་པའི་ཚུལ་ལ་ཞིབ་ཏུ་སྦྱང་དགོས་སོ། །རྗེ་གྲུབ་ཐོབ་ཆེན་པོའི་རྟ་མགྲིན་གྱི་སྒྲུབ་ལུགས་ཀྱི་རྣམ་གྲགས་བཀོད་པའོ། ༈། ཛབ་བུའི་

TN03_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༧)གླིང་འདིར་པདྨ་གསུང་གི་རིག་འཛིན་ཆེས་ཆེ་བ་ནི་མགོན་པོ་ཀླུ་སྒྲུབ་ཡིན་ཏེ། འདི་ལྟར་གཏེར་ཁ་གོང་འོག །བྱང་གཏེར་སོགས་རྩོད་བྲལ་ཀུན་ནས་གསུངས་སོ། ཁ་ཅིག་གིས་གཏེར་ཕྱོགས་ནས་དེ་ལྟར་བཤད་པའི་ཀླུ་སྒྲུབ་དེ་ཕྱིས་ཀྱི་བཱ་ལི༚་ཨ་ཙ་རྱ་ཡིན་ཟེར་བ་རིག་འཛིན་འཇིགས་མེད་གླིང་པས་བཀག་ཅིང་། ཀློང་སྙིང་རྩ་རྒྱུད་ཐོད་དུམ་ལས། བཻ་ཏའི་ཡུལ་འཁྲུངས་བྲམ་ཟེའི་རིགས༔ བློ་ཆེན་ན་ག་རྫུ་ན་ལ༔གསུང་མཆོག་པདྨའི་སྒྲོམ་བུ་གཏད༔ ཅེས་འཁྲུགས་ཡུལ་སོགས་ལང་གཤེགས་ལྟར་བཤད་དེ། བདེ་འདུས་རིག་འཛིན་རྩ་རྒྱུད་ལས་ཀྱང་དེ་བཞིན་བཤད་དོ། །འཇམ་དཔལ་རྩ་རྒྱུད་ལས། རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །ཅེས་གསུངས་ཏེ། དེའི་གླེང་གཞིར་རྨ་བྱ་ཆེན་མོ་འཇིག་རྟེན་དབང་ཕྱུག་གི་རིགས་ཀྱི་ལྷ་མོར་བཤད་པས། ལུང་དེས་ཀྱང་པདྨའི་རིགས་ཀྱི་གསང་སྔགས་འགྲུབ་པ་བསྟན་ནོ། །དེས་ན་མགོན་པོ་འདིས་རྨ་བྱ་ཆེན་མོའི་རིག་སྔགས་ཀྱིས་ཀླུ་ཡུལ་དུ་བྱོན་པར་རྒྱ་གར་པ་ལ་གྲགས་པ་ལྟར་ཀླུ་རྣམས་བཏུལ་བའང་པདྨ་གསུང་གི་རིག་སྔགས་ལ་བརྟེན་ནོ། །སློབ་དཔོན་དེ་ལ་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩིགས་པར་པདྨ་གསུང་གི་ཟངས་སྒྲོམ་མཁའ་འགྲོ་མས་དངོས་སུ་

TN03_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༨)ཕུལ་ཞིང་། ཧེ་ཆེན་བརྡལ་བའི་དུར་ཁྲོད་རྟ་མགྲིན་བསྒྲུབ་པས་རྡོ་རྗེ་གསུང་གི་དངོས་གྲུབ་བརྙེས། གུ་རུ་རིན་པོ་ཆེས་ཀྱང་དབང་ཆེན་གསུང་གི་གདམས་སྐོར་རྣམས་འདི་ལས་གསན་ཏེ་གཙོ་བོར་ཆོས་རྒྱལ་ཁྲི་སྲོང་དང་། མཆོག་དབྱངས་གཉིས་ལ་སྩལ་བ་ཡིན་ནོ། །དེ་ལྟ་བུའི་རྟ་མགྲིན་བླ་བརྒྱུད་ཀྱི་སྤྱི་མེས་དེ་འདི་ཀའི་སྒྲུབ་གཞུང་དང་འབྲེལ་བར་ཐུགས་རྒྱུད་སྐུལ་བའི་བླ་མའི་རྣལ་འབྱོར་བྱེ་བྲག་ཏུ་བྱེད་ན། མཆོག་གི་བྱིན་རླབས་དབབ་པའི་སྐབས། ཐོད་ཕྲེང་སྡེ་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་འོད་ཟེར་གྱིས་བདེ་བ་ཅན་ནས་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་རྒྱུད་ལྷག་པར་བསྐུལ། དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་བདེ་ཆེན་བདུད་རྩིའི་རྣམ་པར་བསྡུས། དེ་ཉིད་བླ་མ་ཐོད་ཕྲེང་རྩལ་གྱིས་རང་ཉིད་ལ་སྩལ་བར་དམིགས་པའི་བཟླས་སྒོམ་བྱ་ཞིང་ཀླུ་སྒྲུབ་དང་པདྨའི་ཞབས་ཐ་དད་དུ་མི་བལྟའོ། །ཐོག་མའི་བྱིན་འབེབས་སྐབས་ཀྱང་སྡེ་ཁ་འདོགས་པ་ནི་བླ་མ་ཞི་བའི་ཟིན་ཐོ་ལྟར་རོ།། ༈ །།དབང་ཆེན་ལས་ཚོགས་ཀྱི་ཟིན་རིས་ཡིད་བཞིན་རིན་པོ་ཆེའི་སྤྲིན། ཕུར་པ་སྤུ་གྲིའི་གཞན་དོན་ཚོམ་བུ་འབུམ་སྡེའི་སྒྲུབ་པའི་གཏེར་མཆན་དང་། ཕུར་པའི་སྤྱི་སྡོམ་ཇོ་མོའི་ཞུས་ལེན་གཉིས་ཀ་ལས། ལས་ཚོགས་ཀྱི་གནད་ནི་དཔེར་ན་གསེར་ཞུན་མ་ལ་བཟོ་ཅི་བྱས་ཉན་པ་ཡིན་

TN03_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༩)ཏེ༔ བསྙེན་སྒྲུབ་མཚན་མ་ཐོན་ཕན་ཆད་ཤམ་བུ་ཅི་འདོད་དུ་བསྒྱུར་བས་འགྲུབ་སྟེ། ཞི་རྒྱས་དབང་དྲག༔ གསོ་བསད་དབབ་བཅད༔ དགུག་བསྐྲད༔ མནན་གཟིར་ཇག་ཆིངས༔ ཆོ་འཕྲུལ་སྲོག་ཐུན་སོགས་གང་འདོད་པའི་ཕྲིན་ལས་ཐུགས་ཀའི་འོད་ཟེར་གྱིས་སྒྲུབ་ཅིང་སྙིང་པོ་ལ་འདོད་གསོལ་སྦྱར་བས་འགྲུབ་བོ༔ ཞེས་གསུངས་ཏེ། རྟ་མགྲིན་ཡང་གསང་གི་སྦས་པ་མིག་འབྱེད་ལས་ཀྱང་། མཚན་མ་མ་མཐོང་ལས་བརྩམས་པ༔ འཇའ་ཚོན་སྦར་འཛིན་དོན་མེད་ཡིན༔ ཞེས་གསུངས་པ་དང་འདྲའོ། ༈ །གཞུང་འདི་ལ་སྲུང་བཟློག་གསད་གསུམ་ཚང་བར་ཟིན་ཐོ་ལྗགས་དཔོད་མར་གསུངས་པའི། སྲུང་བ་ལ། སྒོམ་པའི་སྲུང་བ་ནི། གོ་ཆ་ལྷ་ལྔ་དང་། ཁྲོ་ཆུང་གི་གོ་བགོས་གཉིས་ཡིན་ཅིང་། ཁྲོ་བཅུའི་སྲུང་འདི་རྩལ་འདོན་བྱེད་ན་ཁྲག་འཐུང་བདེ་གཤེགས་འདུས་པ་ནས་ཚུར་བླང་ངོ། དམིགས་ཀྱང་ཡོད་པ་གཏོར་བཟློག་ཏུ་གསུངས། སྲུང་སྔགས་ལོགས་སུ་མ་བཤད་ཀྱང་། ལུས་དཀྱིལ་ཁྲོ་བོའི་ཚོགས་ཀྱིས་ཀྱང༔ ཞེས་སོགས་སྐབས་གོ་ཆའི་རྟ་མགྲིན་རྣམས་ཀྱིས་རང་རང་གི་སྔགས་བཟླ་བར་འཆད་པ་ན་རྟ་སྔགས་རང་བཤད་པ་འདིས་རྟ་སྔགས་དེ་གོ་ཆའི་སྔགས་སུ་ཤེས། གནས་ལྔའི་གོ་ཆའི་ལྷ་དང་། ཁྲོ་བོ་བཅུའི་སྔགས་ནི་རུ་ལུ་ཡིན་ཏེ། ཟུར་

TN03_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༠)དུ་བྲིས་པ་དང་། ཆོས་དབང་ཡང་དག་ལས་རུ་ལུ་སྲུང་མཚམས་སུ་ཤེས་པར་གསུངས་པ་སོགས་དང་སྒྲིགས། གཞན་སྲུང་བའི་དམིགས་པ་ནི། དམིགས་བྱ་སྲུང་གུར་དུ་བཅུག་ནས་སྲུང་བ། འགལ་རྐྱེན་བར་ཆད་རྡོ་རྗེའི་མཁར་དུ་སྲུང༔ ཞེས་ཁ་སྐོང་ཕྲིན་ལས་སུ་གསུངས་པའི་དགོངས་པར་འགྲིགས་ཤིང་། སྤྱིའི་ལུགས་ཀྱང་ཡིན་ནོ། །སྲུང་གུར་གྱི་དམིགས་པ་འདིས་གདོན་བགེགས་སུ་མ་ཟད། ཡམས་ནད། ཤྭ་འུང་། །དམག་འཁྲུགས། ཆོམ་རྐུན། གཅན་ཟན། རྦབ། སྒྱོགས་སོགས་འཁྲུལ་འཁོར་རིགས། སད་སེར། ཁ་ཆར། ཐོགརླུང་། མེ། ལོ་ཏོག་ཟ་བའི་འབུ་སོགས་གཞན་ཡང་སྲུང་སྟེ། དཀྱིལ་ཆོག་རྡོར་ཕྲེང་ལས་རྡུལ་ཚོན་འབྱུང་ལྔའི་གནོད་པས་མི་བརྫི་བའི་ཕྱིར་སྲུང་འཁོར་སྒོམ་པར་བཤད་པ་ལྟ་བུའོ། །བྲིས་པའི་འཁོར་ལོས་སྲུང་བ་ནི་དཀྱུས་སུ་མི་གསལ་ཡང་། བྱེད་ན་སྐྱེར་སྒང་ལུགས་འབྲེལ་ཆེ་བས་དེ་ལ། གཞི་དར་རས་སམ་ཤོག་བུ་གཙང་མར་བྲིས་རྗེས་སུ་གྲི་ཁ་བཏང་མི་དགོས་པ་བྱས་པ་ལ། གྷི་ཧཾ་་དང་ག་པུར་གུར་གུམ་སོགས་ཀྱི་སྣག་ཚ་དང་། གཟུགས་མོ་བྱི་ཐུར་གྱི་སྨྱུ་གུས། འཁོར་ལོ་རྩིབ་བརྒྱད་ལྟེ་བ་མུ་ཁྱུད་དང་བཅས་པ་བྲི། དེའི་ལྟེ་བར་ཧྲཱིཿ ཧྲཱིའི་སྟེང་དུ་ཨོཾ། འོག་ཏུ་ཕཊ། དེའི་མཐར་

TN03_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༡)སྟེང་ནས་མགོ་བརྩམས་ཏེ་གཡས་སྐོར་དུ། བཅོམ་ལྡན་འདས་རྟ་མགྲིན་དབང་གི་རྒྱལ་པོས་འཆང་བ་པོ་ལ་བྱིན་གྱིས་བརླབ་ཏུ་གསོལ། གནོད་པ་ཐམས་ཅད་ལས་སྲུང་དུ་གསོལ། ཞེས་འབྲི། རྩིབས་བརྒྱད་ལ་སྟེང་ནས་གཡས་སྐོར་གྱི་རིམ་པས། པདྨཱན། ཏ་ཀྲིཏ། བཛྲ། ཀྲོ་དྷ། ཧྱ། གྲྀ་བ། ཧུ་ལུ། ཧུ་ལུ་ཧཱུཾ། ཞེས་པ་རྣམས་དང་། རྩིབས་མཆན་ལ། རྩིབས་སྟེང་མའི་གཡོན་ནས་བརྩམས་ཏེ། ཨོཾ། བཛྲ། དུན། བྷྱོ། ཏྲིག །ནན། ཛ་ཛ། ས་མ་ཡ་སྟྭ་མ། རྣམས་འགོད། དེའི་ཕྱིའི་མུ་ཁྱུད་ལ། ས་མ་ཡ་ཛ། ས་མ་ཡ་ཟློག །ས་མ་ཡ་བྷྱོ། ས་མ་ཡ་གཏུབ། ས་མ་ཡ་བྱེར། ས་མ་ཡ་རྦད་རྦུད་ཕཊ་ཡ། འབྱུང་པོ་མ་ར་ཡ་ཛ་ཛ། ཞེས་འབྲི། དེའི་ཕྱིའི་མུ་ཁྱུད་ལ་རྟེན་སྙིང་དང་། རྡོ་ར། མེ་རི་གཡས་འཁོར་བྱ། སྔགས་རྣམས་ཡིག་མགོ་ཕྱིར་བསྟན་གཡས་སྐོར་ཁོ་ནར་འབྲི། རབ་གནས་བྱས་ལ་གདགས། འདི་སྟེང་འཁོར་རྐྱང་པའི་སྲུང་བ་སྟེ། འདི་ནི་གཙོ་རྐྱང་གི་སྲུང་བ་སྟེ་གཙོ་འཁོར་ཡོངས་རྫོགས་ཀྱི་འཁོར་ལོ་ནི་མ་རྙེད། ལྕགས་ཟམ་ལུགས་ཀྱི་འཁོར་ལོའི་མན་ངག་ཅུང་ཟད་མི་འདྲ་བའང་ཡོད་པར་བཤད་པས་ཚོལ། འཁོར་ལོ་འདིས་ནི་འཇིག་རྟེན་གསུམ་གྱི་བགེགས་ཐམས་ཅད་སྲུང་བར་གཞུང་གི །སྟེང་གདོན་གཟའ་དང་འོག་གདོན་ཀླུཿ སོགས་ཀྱིས་མཚོན་ནོ། །

TN03_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༢)གསང་སྒྲུབ་ལ་མཁས་པ་ཐོའུ་བཀན་པའི་ཡིག་ཆ་ལྟར་བྲིས། སྟེང་འོག་སྦྱར་མའི་སྲུང་བ་སོགས་འདིར་མ་བཀོད། བྱེད་ན་ཤངས་ལུགས་རང་དུ་ལྟའོ། །བྲི་གཞི་བུག་རྡོལ། རྩིབས་ཀྱི་རྩ་རྩེ་མུ་ཁྱུད་ལ་རེག་པ། མུ་ཁྱུད་རྣམས་ཆད་པ། ཡི་གེ་འབྲི་འཕྲོ་ལུས་པ་ལྟར་མ་ཁེངས་པ། རྩིབས་དང་མུ་ཁྱུད་སོགས་ལ་ཐུག་ཅིང་ཡི་གེ་ཕན་ཚུན་འདྲེས་པ། མ་ཤོང་བ། ཡིག་ཕྲེང་འཁྱོག་གཅུས་གོང་འོག་འཁྲུགས་པ། མིག་ཟུམ། བྲིས་བསུབ། ལྷག་ཆད་སོགས་ཀྱི་སྐྱོན་མེད་པར་བྱ། ཡིག་མགོ་སྟོན་ཕྱོགས། སྲུང་བ་ཕྱི་དང་ཟློག་པ་ནང་། ཞི་རྒྱས་ཕྱི་དང་དབང་དྲག་ནང་དུ་སྟོན་པར་བཤད་པ་ལྟར་རོ། ༈ །འཁོར་ལོ་མ་གྲུབ་ན། སྔོན་དུ་བྱམས་སྙིང་རྗེ་བསྒོམ། །སྲུང་མདུད་ཧྲཱིཿལས་རྟ་མགྲིན་དུ་བསྐྱེད། ལྟོ་བར་གནོད་བྱེད་ཐམས་ཅད་བསྡུས་ལ་ཐར་པའི་སྐབས་མེད་པར་བསམས་ཏེ་གདགས་པ་ཡང་ཤངས་ལུགས་ལས་སོ། ༈ །ལས་སྦྱོར་སྤུ་གྲི་ལ་དབང་སྡུད་དང་། མངོན་སྤྱོད་སྔགས་གཉིས་ཆར་འབྱེད་རྒྱུ་ཡོད་པས། ས་གསུམ་དབང་སྡུད་ཀྱི་བཟླས་པ་དགོས་སུ་བྱེད་ན། ས་མ་ཡ་སྟྭམཿ ཡན་ཆད་ཁོལ་བྱུང་བཟླ་བ་སྐྱེར་སྒང་ལུགས་བཞིན་བྱེད། དབང་སྡུད་སྔགས་འདི་གྲོལ་ཐིག་རྟ་མགྲིན་དང་། ཀློང་སྙིང་གི་རྒྱལ་པོ་ལུགས་ཀྱི་ནང་ནའང་སྣང་། སྔགས་དོན་ནི། ཨོཾ་ཟུར་འཁོད་

TN03_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༣)ལྟར། ཐུན་བྷྱོ་རྦད་པའི་སྔགས་སུ་སྙིང་གཟེར་ལས་བཤད་པས། ཁྲོ་མཚོན་མེ་ཕུང་གི་ཕོ་ཉ་འགྱེད་པ་ལ་བཛྲ་དུན་བྷྱོ་ཞེས་སྦྱོར་རམ་སྙམ། ཏིག་ནན་ནི་སྙིང་གཟེར་ལས། ཏྲིག་ཤངས་ལུགས་སུ་ཏྲིག་ནན་ཞེས་འདོན་པའང་ཡིན། ནན་གཉིས་ཀྱིས་སྟེང་ནས་གཟིར༔ མེས་མར་གོང་ལྟར་གདུང་བར་བྱེད་པའི་དོན། ཞེས་སྲོག་ལྷ་སྲིན་སྡེ་བརྒྱད་འཁྲུགས་ཤིང་། ཡུལ་ལྷ་ནང་ཞིག་འོང་བའི་རྒྱུའི་གཙོ་བོ་གསར་སྐྱེས་ཀྱི་འབྱུང་པོ་གདུག་པ་ཅན་དང་། གློ་བུར་དུ་ལྷགས་པའི་འདྲེ་སྲིན་རྣམས་ཀྱིས་བྱེད་པར་གསུངས་པས་རྒྱལ་ཁམས་བདེ་བར་འདོད་ཅིང་ནུས་ལྡན་ཡིན་ན་དེ་དག་གཟིར་བ་གལ་ཆེ། །གཟིར་བའི་སྔགས་སུ་བཤད། ཛཿཛཿའཕྲོགས་པར་བྱེད་པའམ་འགུགས་འདྲེན། ས་མ་ཡ་སྟྭམ། དམ་བསྒྲགས་སམ། ཡང་ན་དམ་བཞག །ཅེས་འཆད་དམ་དཔྱད་དགོས་སོ། ༈ །ཚེ་སྒྲུབ་བྱེད་ན་གུ་རུ་དྲག་པོ་ལྟར་བྱ་ཞིང་། དེའང་དཀྱུས་ཀྱི་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པའི་མཇུག་ཏུ་གདགས་པར་བྱའོ། །དབང་སྒྲུབ་ལྷ་ལྔའི་བྱིན་འབེབས་ཀྱི་ཆོ་ག་ཡང་དེ་ནས་ལེན། ༈ །ནད་དང་། ཡམས་ནད། ལྷ་འཁྲུགས་སོགས་གདོན་རིགས། དམ་སྲི་སོགས་བགེགས། སྲི་ཀེགས། སྟེང་གྲིབ་དང་མཁོན་གྲིབ་སོགས་གྲིབ་རིགས། བྱད་ཕུར། མེ། ཆུ། དུག །མཚོན་ཆ། འཁྲུགས་རྩོད། རྒྱལ་པོའི་ཆད་པ། གཅན་

TN03_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༤)གཟན། བཤེས་བྲལ། དོན་ཉམས། དབུལ་ཕོངས། དུས་མིན་འཆི་བ། ཕ་རོལ་གྱི་ལྕེ་འབབ་པ་སོགས་ཞི་བར་གཏི་མུག་རྡོ་རྗེ་བསྐུལ་ཏེ། དེ་གཙོར་གྱུར་ལས་འོད་ཟེར་དཀར་པོའི་སྤྲོ་བསྡུ་བྱེད། སྒྱུ་འཕྲུལ་ལས་ནི་ཞི་ལས་ཕ་རོལ་ཁྲོས་པ་ཞི་བྱེད་ཙམ་དང་སྦྱར་ཡོད། ཚེ། ཤེས་རབ། དྲན་པའི་གཟུངས། ཆོས་དང་རིགས་ཀྱི་བརྒྱུད་འཛིན། འཁོར་དང་གྲོགས། དབང་ཕྱུག །གཟི་བརྗིད། སྙན་གྲགས། ལོངས་སྤྱོད། ལུས་ཤེད་དང་ཀླུང་རྟ་སོགས་ཀྱི་མཐུ་སྟོབས། སེམས་བསྐྱེད་སོགས་དགེ་བའི་ཆོས། རྩི་སྨན་ལོ་ཏོག་གཞོན་ཆུ། དེ་དག་དང་ཆང་སོགས་ཀྱི་རོ་ནུས། ཆར་དང་ཆུ་མིག །སྐལ་པ་བཟང་པོ། ནད་མེད་པའི་བདེ་བ། ཡུལ་ཕྱོགས་སུ་བཟོ་དང་སྒྱུ་རྩལ། ཆོས་ཀྱི་གསང་འདུས་ལེའུ་བཅུ་བཞི་པའི་འགྲེལ་མཆན་དུ། ཆོས་རྒྱས་པ་ཞེས་པ་གསུང་རབ་ཡན་ལག་བཅུ་གཉིས་ལ་མཁས་པ་ལ་བཤད། འབྱོར་པ་དྲི་མེད་སོགས་རྒྱས་པར་སེར་སྣ་རྡོ་རྗེ་བསྐུལ་ཏེ། འོད་སེར་པོ། རྒྱལ་བློན་ཡུལ་ཁམས། ནོར་དབྱིག །གོས་རྒྱན། བཟའ་བཏུང་། སྤོས་དང་རོལ་མོ་སོགས་ཉེར་སྤྱད། ཞིང་ཁང་། སྐྱེད་ཚལ། བུད་མེད། རིག་པ་མཁན། གཞན་འཕྲུལ་བདག་པོ་སོགས་ལྷ་ཀླུ་གཏེར་བདག །གླེགས་བམ། དགེ་འདུན། གཞོན་ནུ་གང་ཞིག་དབང་དུ་གྱུར་

TN03_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༥)ན་བསྟན་འགྲོའི་དོན་ཆེན་པོ་འགྲུབ་པའི་མི་དབང་དང་། ཆོས་ཀྱི་བརྒྱུད་འཛིན་ཁྱད་པར་ཅན་ལྟ་བུ་གཙོ་བོ་ཡིན། སོགས་དབང་བྱེད་ལ་འདོད་ཆགས་རྡོ་རྗེ་ལས་འོད་དམར། བྱ་མཆུ་མ་སོགས་བསྟན་པ་ལ་གནོད་པ་དང་། འགྲོ་བ་མང་པོའི་བདེ་སྐྱིད་འཕྲོགས་པའི་མི་དང་མི་མིན་བསད་པ་དང་། བསྡིགས་པ་དང་། མྱོས་པ་དང་། བརྒྱལ་བར་བྱེད་ཅིང་། སྟོབས་གཞོམ་པ་སོགས་ལ་ཕྲག་དོག་རྡོ་རྗེ་ལས་འོད་དུས་ཀྱི་མུན་པ་ལྟ་བུ་སྤྲོ་བསྡུ་བྱ་ཞིང་། ཡུམ་ཀའི་སྐབས་ཀྱི་སྔགས་ཤམ་བཏགས། འདི་ནི། རྟ་བྲོའི་ཆོ་ག་དང་། ཡུམ་ཀར། དམིགས་པའི་མདེ་ཁ་སྤྱི་ལྟར་སྦྱར༔ ཞེས་གསུངས་པ་ལ་བརྟེན་པ་སྟེ། རྟ་རྒྱུད་ཀྱི་ཁུངས་ཀྱང་ཆེའོ། ༈ །གླུ་གར་གྱིས་ལས་བཞི་སྒྲུབ་སྐབས། རྒྱས་ལས་ལྟ་བུར་མཚོན་ན། སེར་སྣ་རྡོ་རྗེ་འཁོར་བཅས་བྲོ་རྡུང་བ་རྣམས་ལས་ཡིད་རིན་ཆེན་རིགས་ཀྱི་སྤྲུལ་པ་གཟི་བརྗིད་འབར་བའི་ཚོགས་དཔག་མེད་སྤྲོས་པས། ཚེ་བསོད་སོགས་དགོས་འདོད་ནམ་མཁའ་གང་བར་འབྱུང་བར་བསམ་པ་སྒྲོལ་གཡུང་གཉིས་ཀྱིས་བཤད་དོ། །བཞིན་གྱི་འོད་ཟེར་གསེར་མདོག་ཚད་མེད་པ་སྤྲོས་པས་འབྲུ་ནོར་ལོངས་སྤྱོད་ཀྱི་ཆར་གཟི་ལྡན་ཟད་མི་ཤེས་པར་ཕབ་སྟེ་དམིགས་བྱའི་དབུལ་ཕོངས་བསལ་བར་བསམ་པ་ཀློང་ཆེན་རྒྱུད་ཊིཀ་ལས་སོ། །དེས་འགྲེ། དེ་བཞིན་དུ། སྤྱི་དགོས་ཀྱི་དེ་ཉིད་ཤེས་པས་རིན་ཆེན་རིགས་ཀྱི་རྟ་གླུ་བླངས་པས་

TN03_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༦)གླུ་སྒྲས་གར་ཁྱབ་ཏུ་དཔལ་འབྱོར་ལོངས་སྤྱོད་ཀྱི་ཆར་ཆེན་པོ་ཕབ་པར་བསམ་པ་སོགས་འགྲེའོ། །རྟ་སྐད་ཀྱིས་ལས་བཞི་བྱེད་པའི་དམིགས་པ་འདི་ནི་ཛབ་ཀྱི་སྐབས་སུ་སྦྱར་ནའང་རུང་བར་སེམས་ཏེ།་ རྟ་སྐད་ཐང་གསུམ་ཛབ་དམིགས་ལ་སྦྱོར་ཞིང་། འདི་དེ་ལྟར་མི་རུང་བའི་ཁྱད་པར་ཅི་ཞིག་ཡོད། དེའང་ཞི་བ་ལ་གཏི་མུག་རྡོ་རྗེ་ནས། དྲག་པོ་ལ་ཕྲག་དོག་རྡོ་རྗེའི་བར་དུ་ཧེ་རུ་ཀ་སོ་སོས་གླུ་སོ་སོར་བླང་བར་བལྟས་ལ། སྔགས་ཤམ་སྔར་ལྟར་འདོགས་ཏེ། ཚུལ་གཉིས་གང་ཡང་རུང་ངོ་། །ལས་རིམ་གཞན་དང་མ་སྤྲད་ཀྱང་ནམ་འདོད་དུ་རྟ་གླུས་ལས་སྒྲུབ་པའང་བྱར་རུང་སྟེ། རེང་བ་ལ་སོགས་པའི་ལྟ་སྟངས་བཞིན་ནོ། །ལས་བཞི་རབ་འབྱམས་བྲོས་སྒྲུབ་པ་མནན་པ་དང་མ་སྦྱར་བ་འདི་སྙན་རྒྱུད་རྟ་མགྲིན་སྙིང་ཏིག་ན་ཤིན་ཏུ་གསལ་ཏེ་ཟུར་དུ་བྲིས་ཡོད། ༈ ཡང་། ཡུལ་འཁོར་སྲུང་ཞིང་བཀྲ་ཤིས་པར་བྱེད་པ། གདོན་བགེགས་དགྲ་གསུམ་སྐྲོད་པ་དང་དབྱེ་བ་དང་རྨོངས་པར་བྱེད་པ། སྲིའུ་གསོ་བ། མ་མོ་རྣམས་བྱིས་པ་ལ་བརྩེ་ཞིང་བྱིས་པ་སྐྱོང་བ་ལ་བསྔགས། དེའང་གླང་ཕྲུག་སེང་གེ་མོས་གསོ་སྣུན་བྱས་པ་ཁྱུ་མཆོག་ཏུ་འགྱུར་བ་ལྟར་གོ་བ་ལེན་རྒྱུ་ཡོད། མཆན། ཁ་ཆར་དང་སེར་བ་གཅོད་འབེབས། གཏད་ཧྲུལ་འབྱིན། འདུན་བཤིགས། ལྟས་དང་ཆོ་འཕྲུལ་གཏོང་བ། གཡུལ་ཟློག་པ། སད་སྲུང་བ། དོན་སྒྲུབ་པ། ལོངས་སྤྱོད་སྤེལ་བ།

TN03_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༧)ཆོམ་རྐུན་གཅན་གཟན་རྔོན་པ་སོགས་ཀྱི་ཁ་འཆིང་བ། ཚལ་དང་ཁང་བཟང་སོགས་གནས་གཞི་ཕུན་ཚོགས་སྒྲུབ་པ། བཅུད་ལེན་དགུག་པ། བཙོན་འགྲོལ་བ། །དབང་སྡུད་ཀྱི་ཁྱད་པར་མང་པོ་སོགས་ལས་ཚོགས་ཆེས་མང་པོ་ཞིག དམ་ཅན་ཕོ་ཉ་ལས་ལ་བསྐུལ༔ ཞེས་པས་བྱེད་དེ། སྒྱུ་འཕྲུལ་པ་ལ་ཡོངས་གྲགས་ལྟར་སྦྱོར་ན། དབང་མོ་རྣམས་ཀྱི་ཐུགས་ཀར་བྷྱོ་ཡིག་རེས་མཚན་པར་གསལ་བཏབ་སྟེ། གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ། དེའང་ཞི་བ་ལ་ཤར་གྱི་མ་མོ་བདུན་གྱི་ཐུགས་སྲོག་ལ་ཕོག་པས་རྒྱུད་བསྐུལ་ཏེ་ཞི་བའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་བསམ། དེའི་འགྲེས་ཀྱིས་ལྷོའི་བདུན་གྱིས་རྒྱས་ལས་སོགས། མ་མོ་མཁའ་འགྲོ་དེ་དག་གི་ཐུགས་དགོངས་ལན་ཅིག་གཏད་པ་ཙམ་རེས་ཀྱང་དེ་འདྲ་དཔག་མེད་འགྲུབ་པའི་ཕྱིར་ཏེ། གསང་རྫོགས་མ་མོའི་ཛབ་དགོངས་ལས་ཤེས་སོ། །དེའི་ཚེ་ལས་སྒྲུབ་ཀྱི་སྔགས་ལའང་རྩ་སྔགས་རང་གིས་ཆོག་སྟེ། སྔ་མ་དེ་དེའི་ཛབ་དགོངས་སུ་བཤད་པས་ཤེས་པའི་ཕྱིར། དམ་ཅན་ཕོ་ཉ་ལ་ཀླུ་དང་གནོད་སྦྱིན་སོགས་གཞན་ཡང་མང་ངོ་། །འདི་སོགས་ནམ་རྦོད་གཏོང་གི་ལས་གྲུབ་པ་ན་སྔར་བཅོལ་ལས་ཀྱི་གཏང་རག་དུས་མི་ཡོལ་བར་གཏང་ཞིང་། ཕྱི་བཅོལ་ལས་ཀྱི་གཉེར་

TN03_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༨)གཏོད་པ་ནི་གལ་ཆེ་བར་མང་དུ་གསུངས་སོ། ༈ །ལྷ་སྲིན་བྲན་དུ་འཁོལ་བའི་བཟླས་དམིགས་ལ་ཡང་སྒྱུར་ལུགས་མང་དུ་ཡོད་དེ། འདི་ལྟར། ཕྱོགས་སྐྱོང་དང་སྡེ་བརྒྱད་རང་རང་གི་སྡེ་རིས་སུ་གཏོགས་པའི་གདོན་རྣམས་ལ་བཀའ་ནན་འབེབས་པ་དང་། སོ་སོའི་རིགས་ཀྱི་བྲོ་དམ་པོས་བསྒུག་ཏུ་བཅུག་ན་རྒྱལ་བསེན་བཙན་འགོང་ཐེའུ་རང་སོགས་ཐམས་ཅད་ཁྱི་རྒོད་ལྕགས་ཕུར་ལ་བཏགས་པ་བཞིན་འཚེ་མི་ནུས་པར་འགྱུར་ཏེ། འདི་ནི་སྲུང་མཚམས་བཅིང་ལུགས་ཁྱད་པར་ཅན་གཙོ་བོ་དབང་དུ་བསྡུས་པས་འབངས་རང་ཤུགས་ཀྱིས་ནོན་པའི་མན་ངག་གོ །སྒྲུབ་ཆེན་དུས་ཕྱི་མཚམས་རྒྱལ་ཆེན་བཞིའི་སྲུང་བ་དང་། གསར་མའི་དཀྱིལ་ཆོག་དུ་མར། བགེགས་སྲུང་བའི་ཕྱིར་ཕྱོགས་སྐྱོང་ལ་གཏོར་མ་བྱིན་ནས་ལུང་བགོ་བར་བཤད་པ་སོགས་དང་ཚུལ་མཐུན་ཅིང་། སྟོང་ཆེན་རབ་འཇོམས་ན་ཡང་ཕྱོགས་འདྲ་ཡོད། གཞན་དུ་ཞོ་ཆང་ལད་པ་སོགས་ཚུན་ཆད་ལ་རང་ཐད་ཀྱི་སྲུང་བ་རེ་བྱར་ག་ལ་ལང་། དེ་བཞིན་དུ་གཟའ་སྐར་ས་བདག་སོགས་དེ་དག་གིས་དབང་བྱེད་པའི་ལོ་ཟླ་ཞག་དུས་ས་དགྲ་ཕྱོགས་ངན་སོགས་འཇམ་དུ་གཏོང་བ། རང་གཞན་གྱི་བླ་ཚེ་གཏད་དུ་བཟུང་བ་སོགས་ཕྱིར་སྤྲོད་དུ་གཞུག་པ། ཀླུའི་དུག་དང་མ་མོའི་ཚོན་དྲུག་གཤིན་རྗེའི་ཁ་རླངས་སོགས་སླར་

TN03_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༩)སྡུད་དུ་རྩོལ་བ། སྡེ་བརྒྱད་ཀྱིས་དབང་བྱེད་པའི། ཁྱིམ་གསུམ་ཐོ་ལྟར་བསྟན་དགྲ་ལ་སྡེ་བརྒྱད་གཤེད་དུ་སྐོརབ་། སད་སེར་བཙའ་ཐན་འབུ་སོགས་ལོ་ཏོག་གི་གནོད་འཚེ་སྲུང་བ། གཏེར་ཆོས་དང་སྙན་གྲགས་སོགས་ཕྱོགས་བཅུ་ཀུན་ཏུ་སྒྲོགས་ཤིང་སྤེལ་བ། ཡུལ་མི་རྣམས་ཀྱི་སེམས་བསྒྱུར་ཏེ་སྡེ་འཁྲུགས་དང་ཆོམ་རྐུན་སོགས་ཞི་བར་བྱེད་པ་དང་། ཁྲོམ་ཚོགས་དབང་དུ་སྡུད་པ་དང་ལུང་སྒྱུར་བ། ཕྱི་སྣོད་ཡོ་བྱད་དང་བཅས་པ་དབང་དུ་བྱ་བ། མི་ཆོས་ཀྱི་ཡོན་ཏན་བརྟན་མཛངས་སྒམ་གསུམ་དང་བཙན་ཕྱུག་འཕན་དར་གྱི་དངོས་གྲུབ་ལེན་པ། གཡུལ་ཤོམ་བྱེད་པའི་སྡེ་དཔོན་མ་རུང་བ་སོགས་ལ་ནང་འཐབ་དང་བྲེལ་ཟིང་བརྒྱ་ཕྲག་སློང་བ། ཤག་དང་ཚོང་དང་དམག་དང་ཤྭ་རྒྱན་རྒྱལ་བར་བྱ་བ། མཁར་ལས་དང་ཆུ་རགས་སྐྱེ་ཤིང་འཛུགས་པ་སོགས་རྭ་ལོར་ཤམ་པོས་བཙུན་པ་བརྒྱ་ཕུལ་བ་དང་། འཇམ་དབྱངས་ཆོས་རྗེར་བཙུན་པ་ལྔ་སྟོང་ཕུལ་བའི་ལོ་རྒྱུས་ལྟར་དགེ་འདུན་གྱི་སྡེ་སྤེལ་བ། བརྩམས་པ་དོན་ཡོད་ཅིང་ཆུད་མི་ཟ་བར་བྱེད་པ་སོགས་མཐའ་ཡས་སོ། ༈ །ཡང་། ལོངས་སྤྱོད་རྡོ་རྗེའི་རྟ་སྐད་བཏོན་པས་གང་འདོད་ཀྱི་ཡུལ་དུ་སྨན་གྱི་ནགས་ཚལ་དང་ལྡུམ་ར་དང་། སྐྱེད་མོས་ཚལ་དང་། ཁང་བརྩེགས་དང་། ཚོང་ཁང་གི་ཕྲེང་བ་དང་། གཙུག་ལག་ཁང་གསུང་རབ་ཀྱིས་ཕྱུག་པ་དང་རིན་པོ་ཆེའི་འབྱུང་ཁུངས་སོགས་བཟང་ལ་རྒྱ་ཆེ་བའི་གནས་མང་པོ་བྱུང་བར་བལྟ་བའང་འཐད་དེ།

TN03_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༠)མདོར་ན་རྟ་སྐད་དེ་ནི་ཀུན་ཏུ་བཟང་པོའི་བུམ་བཟང་དུ་ཤེས་པར་བྱའོ། ༈ །ལྐོག་གྱུར་མཐོང་བའི་ལས་སྦྱོར་ནི། །ཛབ་དགོངས་དང་པོའི་ཐུགས་ཀྱི་དངོས་གྲུབ་སྡུད་སྐབས། །མངོན་ཤེས་ཐོགས་མེད་ཀྱི་དངོས་གྲུབ་བསྡུ་དམིགས་རྩལ་དུ་བཏོན་པས་རབ་མངོན་ཤེས། ཐ་མ་འདོད་དོན་ལ་མི་འཁྲུལ་བའི་རྨི་ལམ་ཁྱད་པར་ཅན་འབྱུང་ངོ། །འདི་དང་གཏོར་ཟློག་སོགས་ཀྱི་ཡིད་ཉམས་གསལ་བ་དང་དཔའ་ངར་སོགས་གང་སྐྱེ་བ་ལ་ཡང་འཁུ་འཁྲིགས་རེ་དོགས་སོགས་ཀྱི་བཅོས་མ་ཤོར་བའི་ཤེས་རིག་སོ་མའི་སྟེང་ནས་དེ་དང་དེ་ལ་དགོངས་པ་གཏོད་རྒྱུ་ཡིན་ནོ། ༈ །བདག་ལ་གཞན་གྱིས་བྱད་ཁ་བྱེད་པའི་རྨི་ལྟས་བྱུང་ན༔ ཞབས་གཡས་པའི་འོག་ཏུ་གནོད་བྱེད་ཀྱི་ས་བོན་བསམ༔ དགྲའི་རྣམ་ཤེས་བཀུག་ལ་སྦྲུལ་གྱིས་དཀྲིས་ལ་ཞབས་ཀྱིས་མནན་པར་བསམ་ནས་སྔགས་བཟླས་ན་ཕྱིར་ཟློག་ཟབ་མོ་ཡིན་ནོ༔ ཞེས་སྐྱེར་སྒང་ལུགས་ཀྱི་རྩ་གཞུང་དུ་གསུངས་སོ། ༈ །བྲོའི་ལས་ཚོགས་ལ། རབ་དགའི་སྤྱོད་པ་འདི་ནི་དབང་གི་ཕྲིན་ལས་ལ་ཁྱད་པར་དུ་བསྔགས་ཏེ། འཇིག་རྟེན་ན་ཡང་བྲོ་གར་དང་གླུས་འགྲོ་བའི་ཡིད་འཕྲོགས་པར་བྱེད་པས་དེ་དག་གར་ཡོད་ན་ལྟད་མོ་བའི་སྐྱེ་བོ་མེ་ཏོག་ལ་བུང་བ་བཞིན་དུ་དགའ་ནས་འདུ་བ་ལྟར། དབང་ཆེན་ཡང་གསང་གི་བྲོ་ཆོག་

TN03_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༡)ལས། རྟ་བྲོ་འཁོར་གསུམ་མམ་སྐོར་གསུམ་གྱི། དང་པོས་སྟེང་ལྷ་ཁམས། གཉིས་པས་འོག་ཀླུ་ཁམས། གསུམ་པས་བར་གྱི་ལྷ་སྲིན་དབང་དུ་སྡུད་པར་བཤད་ཅིང་། གསང་རྫོགས་རྩ་རྒྱུད་ལས། གླུ་བྲོ་སྐོར་གཅིག་གི་གཟུགས་མེད་ཁམས། གཉིས་པས་གཟུགས་ཁམས། ཐ་མས་འདོད་ཁམས་ཟིལ་གྱིས་གནོན་པར་གསུངས་པ་དང་། །ཞབས་གཡས་ཐབས་ཀྱི་བྲོས་ཁྲོ་བོའི་ཚོགས་དང་། གཡོན་ཤེས་རབ་ཀྱི་བྲོས་ཁྲོ་མོའི་ཚོགས་དབང་དུ་སྡུད་པ་དང་། གཡས་གཡོན་ཐབས་ཤེས་ཀྱི་བྲོས་བདུད་དགྲ་དམ་སྲི་ཐལ་བར་རློག་ཅེས་གཙོ་བོ་ཆེ་མཆོག་གི་བྲོ་ལ་སྦྱར་ཏེ་བཤད་པའང་འདྲ་བར་སེམས། འདི་ཉིད་ལས་ཀྱང་། ས་གསུམ་མ་མོ་མཁའ་འགྲོ་རྣམས༔ དབང་མེད་འདུ་ཞིང་ཡིད་འཕྲོགས་པས༔ཞེས་སོ། །ས་པ་གྱིས། གང་ན་ཐོད་དང་སྐྲ་གསར་དང་། །གར་དང་རོལ་མོའི་སྒྲ་ཡོད་པ། །དེ་ན་མྱ་ངན་ཡོད་མིན་པས། །དེས་ན་རོལ་མོ་བསྔགས་པ་ཡིན། །ཞེས་གསུངས་ཤིང་། རོལ་མོ་གཉིས་ལས་དེར་ལྷན་སྐྱེས་རོལ་མོ་ཞེས་དབྱངས་ལ་སྦྱར་བ་ལྟར། གླུ་གར་འདི་མྱ་ངན་མེད་པའི་བདེ་བའི་རྟེན་འབྲེལ་དུ་བསྔགས་པས་བྱུར་དང་མི་ཤེས་པ་སྦྱོང་བ་དང་བཀྲ་ཤིས་སྤེལ་བ་ལའང་ཟབ། ༈ །རྟ་མཆོག་རོལ་པའི་ཏནྡྲ་ལས། བྲོ་ནི་བརྟུལ་ཞུགས་ཆེན་པོ་སྟེ། །ཞེས་སོ། །ལྷའི་ང་རྒྱལ་དང་། དངོས་སམ་མོས་ངོའི་བདེ་སྟོང་གི་ངང་ནས་གང་སྣང་

TN03_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༢)ལ་ཐོག་བརྫིས་སམ་བརྟུལ་ཞུགས་བྱས་པས། རྦབ་དང་། གཡངས་དང་། ས་གཡོ་དང་། ཤྭ་འུད་སོགས་ཆུ་བོའི་འཇིགས་པ་དང་། ཐོག་དང་། སེར་བ་དང་། སད་དང་། རླུང་དང་། མེ་དང་། མཚོན་ཆ་དང་། གཅན་ཟན་དང་། གཡུལ་གྱི་སྟོབས་དང་དཔའ་བ་དང་། ཆོམ་རྐུན་དང་། ཕྱོགས་ངན་དང་། ལོ་ཟླ་ཞག་དུས་དང་གཟའ་སྐར་དུས་སྦྱོར་ངན་པ་དང་། སྲི་ཀེགས་དང་། བྱད་ཕུར་རྦོད་གཏོང་དང་། གདོན་བགེགས་མ་རུངས་པ་དང་། ནད་ཡམས་དང་། ལྟས་དང་རྨི་ལམ་ངན་པ་དང་། གནས་དང་རྫས་དང་འཁོར་མི་ཤིས་པ་དང་། གྲིབ་དང་། གྱོད་དང་། གྲགས་པ་ངན་པ་དང་། ཆེར་རློམ་གྱི་ཁེངས་དྲེགས་གཟིག་བརྗིད་དང་། ཕས་རྒོལ་གྱི་སྤོབས་པ་དང་། གྲོས་ངན་དང་། ཀླུ་རིགས་བཞིའི་དུག་སོགས་དུག་རིགས་སོགས་ཕམ་པར་བྱ་བའི་དངོས་པོ་གང་དང་གང་ཡིན་ཡང་ཤིན་ཏུ་གཤེར་བའི་འཇིམ་པ་ལ་སྟོབས་ལྡན་གྱི་རྐང་པས་བརྫིས་པ་ལྟར་བྱེད་དེ། རྣལ་འབྱོར་པའི་ནུས་པའི་བྱེ་བྲག་གིས་རིམ་པ་མང་པོ་ཡོད་དོ། །དེར་མ་ཟད་བར་ཆད་ཀྱི་རུ་འདྲེན་ལ་བརྟུལ་ཞུགས་བཏང་བས་དེ་དག་ཉིད་དངོས་གྲུབ་ཀྱི་གྲོགས་སུ་འགྱུར་བའང་ཡོད་དེ། རྟ་མཆོག་རོལ་པའི་ཏནྡྲ་ལས། སྒྲུབ་པའི་དུས་དང་རྣལ་འབྱོར་པའི་དྲོད་ཉུལ་བའི་ཕྱིར། དང་པོར་ཀླུའི་བུ་མོ་མཛེས་

TN03_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༣)ཤིང་རྒྱན་གྱིས་བརྒྱན་པ་དང་། ཕྲ་མེན་མ་མི་སྡུག་ཅིང་འབྲུ་ཚུགས་སུ་ལྟ་བ་མི་ཐོད་མང་པོས་བརྒྱན་ཅིང་སོད་ཆོད་ཀྱི་སྒྲ་འབྱིན་པ་དང་། བར་དུ་གནོད་སྦྱིན་རལ་པ་འབར་ཞིང་མིའི་རྒྱུ་མ་དང་མགོ་དང་སྦྲུལ་ནག་གིས་ནག་གིས་སྤྲས་པ་དྲག་པོའི་ང་རོ་ཅན་དུ་མ་དང་། དེའི་འོག་ཏུ་བར་སྣང་གི་ལྷ་དྲག་ཤུལ་ཅན་འཇིགས་ཤིང་མི་བཟད་པའི་ང་རོ་འདོན་པ། ཁ་ནས་སྦྲུལ་དང་མེ་དང་དུག་སྐྱུག་པ། མིག་ཉི་མ་ལྟར་འབར་བར་བསྒྱུར་ནས་ལྟ་བ་དང་། རང་གི་ཁོག་པ་ཕྱེ་བའི་ནང་ནས་མི་རོ་མང་པོ་སྟོན་ཅིང་། རྐང་པ་ཕུར་བུར་བསྒྱུར་ཞིང་ལག་ན་རྡོ་རྗེ་སོགས་ཐོགས་ནས་བདག་ལ་འདེབས་པར་བྱེད་པའི་ཚོགས་ལྷགས་ཏེ། དེ་དག་ཀུན་ལ་ཆགས་པ་དང་འཇིགས་པ་མེད་པར་ལྷའི་ཏིང་ངེ་འཛིན་དང་ལྟ་བས་ཟིལ་གྱིས་མནན་ན་མཐུ་བོ་ཆེའི་འཁོར་དེ་རྣམས་ཀྱི་བདག་པོར་འགྱུར་བར་གསུངས་པ་དང་། གསང་རྫོགས་དམ་སྲི་འདུལ་ཐབས་ལས་དམ་སྲི་བྱ་མཆུ་མ་ལེགས་པར་ཐུལ་ན་དྲག་པོ་མཐུའི་སྣ་ཁྲིད་དང་། ནོར་གྱི་ལྷ་མོ་ཆེན་མོར་འགྱུར་བར་གསུངས་པས་མཚོན་ནོ། ༈ །བྲོ་མནན་སྐབས། རྟ་བྲོས་ས་ལ་སྣ་ཚོགས་རྡོ་རྗེ་འབྲི་བ་སོགས་བཤད་པས། སྤྱན་མའི་མཁའ་དབྱིངས་རྡོ་རྗེར་བྱིན་གྱིས་བརླབས་པའང་ཡིན་ཏེ། ས་ཆོག་གི་སྐབས་གར་གྱིས་ས་གཞི་རྡོ་རྗེའི་རང་བཞིན་དུ་རློབ་པར་

TN03_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༤)གསུངས་པ་དང་ཕྱོགས་འདྲ། དོན་དུ་དགྲ་བགེགས་རྡོ་རྗེའི་སྒྲོམ་དུ་བཅུག་པ་ཞེས་པར་འགྱུར། ཚུལ་དེས་ས་གཡོ་གནོན་པ་ལའང་ལྷག་པར་བསྔགས་སམ་སྙམ། ༈ བརྟགས་གཉིས་ལས། གླུ་གར་གྱིས་ཚོགས་སྲུང་ཞིང་། བདག་ཉིད་ཀྱང་སྲུང་ཞེས་གསུངས་པའི་རིགས་པས་རང་དང་འཁོར་སྲུང་བ་ལའང་ཟབ་པར་སྣང་། ༈ ནུས་པ་ཐོབ་པས་ནི་ཚོགས་སྤྱོད་དང་འབྲེལ་བར། དཀྱིལ་འཁོར་གྱི་འཁོར་ལོའི་རྣལ་འབྱོར་ལ་གནས་ཏེ་བྲོ་གར་གྱི་འདུ་འཕྲོ་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་སངས་རྒྱས་ཀྱི་མཛད་པ་བསྒྲུབ། སླར་འདུས་པས་དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་བར་བྱས་ཏེ་དབྱིངས་སུ་བཅུག །སླར་ཡང་སྙིང་རྗེའི་དབང་གིས་རིམ་གྱིས་སམ་ལྷག་པར་མོས་པས་ལྷར་ལངས་ཏེ། བྲོ་གར་གྱི་སྒོ་ནས་བསྒྲུབ་ན་དངོས་གྲུབ་ཆེན་པོ་འཐོབ་བོ། །ཡང་ས་གཞི་ཡི་གེ་སྒྱུ་འཕྲུལ་དུ་བསྒོམས་ཏེ། དེ་ལ་ལྷ་མ་ཡིན་གྱི་གནས་ལ་སོགས་པའི་ལམ་དུ་བརྟགས་ནས། བྲོ་གར་གྱིས་ཞུགས་ན་ས་འོག་གི་དངོས་གྲུབ་ཏུ་འགྱུར་རོ། །ནམ་མཁའ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། ཚུལ་འདིས་ལྷ་དང་ཀླུའི་བུ་མོ་དགུག་པ་སོགས་ཀྱང་བྱེད་དོ། །ལྕེའི་པདྨ་ལ་ཧྲཱིཿཡིག་བསྒོམས་ཏེ། དེའི་འོད་ཟེར་གྱིས་འགྲོ་བ་རྣམས་ལ་སོ་སོའི་སྐད་དུ་ཆོས་སྒྲོགས་པ་

TN03_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༥)པ་དང་། བདུད་དང་མུ་སྟེགས་ཟིལ་གྱིས་གནོན་པ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཤིང་། སླར་སངས་རྒྱས་རྣམས་ཀྱི་གསུང་གི་ཚོགས་བསྡུས་ཏེ་ལྕེ་ལ་ཐིམ་པར་བསྒོམས་ནས་གླུ་བླང་བ་ལ་བརྩོན་ན་ཆོས་སྨྲ་བ་ལ་དབང་ཐོབ་པའི་དངོས་གྲུབ་འཐོབ་པ་ནི། གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས། འདི་ནི་རྗེ་རོང་ཟོམ་པའི་རྒྱུད་འགྲེལ་ལས་བཤད་དོ། །བྲོ་གར་གྱི་འགྲོས་ཀྱིས་ས་དང་ནམ་མཁའ་ཐོགས་མེད་དུ་གཅོད་པ་འདི་ནི་རལ་གྲིའི་དངོས་གྲུབ་དང་བྱེད་ལས་མཉམ་པ་ཞིག་སྣང་ངོ་། ༈ །རྟ་བྲོ་སྟོན་པའི་རྟ་རྒྱུད་དུ། ངན་སོང་གནས་འཇོམས་ཀྱི་བྲོ་ཞེས་མང་དུ་གསུངས་ཤིང་། རྟ་མཆོག་རོལ་པའི་ཏནྡྲའི་ལེའུ་བརྒྱ་རེ་གཉིས་པར། འཁོར་བ་རུ་ནས་བཟློག་པའི་བྲོ། །ངན་སོང་གནས་ནས་འཇོམས་པར་མཛད། །ཅེས་གསུངས་ཏེ། སྡུག་བསྔལ་ཐུ་ཤོས། རིགས་དྲུག་གི་རུ་སྟེ་དང་པོའི་སྣ་ལ་བགྲེང་རྒྱུ་ནི་ས་འོག་ངན་སོང་གི་འཇིག་རྟེན་ཡིན་ཏེ། དེ་ལ་བདེ་ཆེན་གྱི་སྤྱོད་པ་འདིས་བསྣུན་པས་གཏིང་སྤྲུགས་པར་བྱེད་པར་བསྟན་ནོ། །ཟུར་འཁོད། ཐུགས་རྗེའི་རྟ་སྐད་རིགས་དྲུག་འདུལ། སོགས་དང་། ཐེག་པ་རིམ་པར་བགྲོད་པའི་རྟ་སྐད་ཀྱང་། དོན་དུ། འདིར་ཤོག་

TN03_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༦)དང་ངས་ཁྱེད་ཆོས་དབྱིངས་སྒྲིབ་པ་མེད་པའི་གྲོང་ཁྱེར་དུ་སྒྲོལ་ལོ་ཞེས་ལུས་ཅན་རྣམས་འབོད་ཅིང་སྐུལ་བར་འགྲོ་བས། ནུས་པ་ཐོབ་པས་ནི་ངན་སོང་བའི་སེམས་ཅན་ལ་དམིགས་ནས་གླུ་བྲོ་བྱས་ན་གནས་ལུང་ཁྱད་པར་ཅན་དུ་འགྲོ་བར་གསལ་ལོ། ༈ །རྟ་སྐད་ཀྱིས་དབང་དྲག་རོལ་པའི་ལས་བྱེད་ཚུལ་ནི་རྫོགས་ལྡན་འཛིན་མ་དབང་བྱེད་ཀྱི་འཁོར་ལོའི་སྐོར་དུ་ལྟའོ། ༈ །བླ་མ་ཞི་བའི་གཞུང་དུ། རབ་གནས་སྲེག་བླུགས་སྐོང་ལ་སོགས༔ ཞེས་གསུངས་པའི་རབ་གནས་ནི་དཀྱུས་སུ་མི་གསལ་བས། སྐྱབས་རྗེས་སྤྱི་ལ་སྦྱོར་རྒྱུར་མཛད་པའི་དགེ་ལེགས་ཆར་འབེབས་བཞིན་བྱ་སྟེ། དེར་ཆོས་དང་ཟང་ཟིང་གི་འབྱོར་པ་རྒྱས་པའི་ཕྱིར་གཙུག་ལག་ཁང་དང་། མཚོ་རྫིང་ལུ་མ་འབབ་ཆུ་སོགས་ཕུན་སུམ་ཚོགས་པར་བྱ་བ་དང་སྐྱེད་ཚལ་དང་རི་དང་དེའུ་དང་ནགས་ལ་སོགས་པ་གཟི་བརྗིད་སྤོར་བ་དང་བཀྲ་ཤིས་ཤིང་ཡུན་དུ་གནས་པའི་ཕྱིར་དེ་དང་དེ་དག་དང་། ས་བཅུད་གསོ་བའི་དོན་དུ་གཏེར་བུམ་དང་། ཡུལ་གྱི་བཀྲ་མི་ཤིས་པ་ཞི་བའི་ཆེད་དུ་དྲིལ་བུ་དང་། གཡུལ་གྱི་ནང་དུ་བརྡུང་བྱའི་རྔ་བོ་ཆེ་དང་། དགེ་འདུན་བསྡུ་བའི་དོན་དུ་དུང་དང་། ནད་མཚོན་གདོན་དུག་སྲུང་བའི་དོན་དུ་སྔགས་མདུད་ལྷག་པར་གནས་པར་བྱ་བ་སོགས་འདི་གཅིག་པུས་ཀྱང་དགོས་པ་མང་པོ་བྱར་

TN03_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༧)ཡོད་དོ། །གནས་བྱ་གང་ལ་རིགས་གང་གིས་རབ་ཏུ་གནས་པ་ནི། རྗེ་དང་མཆོག་གླིང་ཐུན་མོང་གི་ཟབ་གཏེར་མཉམ་སྦྱོར་རབ་གནས་རིན་དྲ་ལྟར་རམ། གཏེར་བདག་གླིང་པ་སོགས་ཀྱིས་སྤྱིའི་ཆོ་ག་ཕྲེང་བ་ལྟར་མཛད་པས་ཡང་ན་དེ་ལྟར་བྱའོ། ༈ །སྦྱིན་སྲེག་མདོར་བསྡུས་ནི་ཕག་མོའི་གཞུང་ལྟར་བྱ་ལ། རྒྱས་པར་སྤྲོ་ན་ཚར་ཆེན་གྱི་ཡང་གསང་སྦྱིན་སྲེག་ལྟ་བུ་ལ་གཞི་བྱས་ནས་བརྩམ་དུ་རུང་སྟེ། རཏྣ་གླིང་པས་རང་གི་རྟ་གསང་ལ་ཡང་གསང་དང་གསང་སྒྲུབ་ཀྱི་ཆོ་ག་ལས་ཁ་བསྐངས་པ་དང་། གསང་སྒྲུབ་མཁན་པོ་མཁས་པ་དུ་མས་ཡང་གསང་དང་གསང་འདུས་ཀྱི་ཚོགས་མཆོད་དང་གཏོར་བཟློག་སོགས་ནས་གསང་སྒྲུབ་ལ་མང་དུ་སྦྱར་བ་བཞིན་ཏེ། དེ་འདྲ་མང་ངོ་། སློབ་མ་ལྟ་གོན་སྒྱུ་འཕྲུལ་ལས་ལེན་པར་གསུངས་པའི་རིགས་པས། སྒྱུ་དྲའི་སྦྱིན་སྲེག་སྦྱར་ནའང་འབྲེལ་ཆེའོ། ༈ །སྐོང་བཤགས་ནི་རྡོ་རྗེ་ཕག་མོའི་སྒྲུབ་གཞུང་ལྟར་བྱའོ། ༈ །རྟ་སྐད་ཀྱིས་གྲུབ་ཆེན་བརྒྱད་ཀྱང་དབང་དུ་བྱེད་པར་ཟུར་འཁོད་ཀྱིས་ཤེས། དེ་སྒྲུབ་ལུགས་ལ་འདིར་ནི། ཕྲིན་ལས་བཞི་དང་གྲུབ་པ་བརྒྱད༔ ཅེས་དངོས་གྲུབ་གསོལ་ཚིག་ཏུ་འབྱུང་བ་ལས་གཞན་མི་གསལ་ཡང་། དབང་པོ་སྐལ་བའི་ཁྱད་པར་བཞིན༔ དམན་

TN03_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༨)འབྲིང་མཆོག་གི་དངོས་གྲུབ་འཐོབ༔ འདི་ལ་དཔྱད་ཚུལ་འདི་ལས་ཞིབ་པ་གཅིག་ཟུར་དུ་བྲིས་ཡོད། །ཅེས་དངོས་གྲུབ་འབྲིང་པོ་སྐབས་འདིའི་དངོས་གྲུབ་ལེན་ཆོག་དུས་འཐོབ་པ་ཞིག་ཀྱང་བཤད་དོ། །མཆོག་གི་དངོས་གྲུབ་དེར་འཐོབ་པ་ནི་གཞན་ལས། མཆོག་ལ་དགོངས་པ་གཡོ་འགུལ་མེད༔ ཅེས་པ་ལྟར་བཏགས་པ་བཙམ་ལ་དགོངས་པར་མངོན། རྒྱུད་སྡེ་དུ་མར་བསྐྱེད་རིམ་པས་མཁའ་སྤྱོད་སོགས་འགྲུབ་པ་ལ། བསྐྱེད་རིམ་རགས་པ་ཙམ་མཐར་ཕྱིན་པའི་སྔགས་པས་ནི། རྫས་དང་སྲེག་བླུགས་སོགས་མང་པོ་ལ་བརྟེན་དགོས་པར་གསུངས་པ་ཡོད་དེ། རང་ཉིད་ཀྱིས་ནུས་པ་ཁྱད་པར་ཅན་རྙེད་པའི་སྒོ་ནས་དེ་དག་སྒྲུབ་པ་ལ་དགོངས་སོ། །དེ་དག་གཞན་སྟོབས་ལ་བརྟེན་ནས་འགྲུབ་པ་ལ་ནི་དེ་ཙམ་མི་དགོས་ཏེ། མཛོད་ལས། རྫུ་འཕྲུལ་གཞན་བརྟེན་མ་གཏོགས་པ། །དེ་དག་གོང་མཐོང་བ་མེད། །ཅེས་ཚུལ་གཉིས་བཤད་པ་ལྟ་བུའོ། །རང་ཉིད་ཀྱིས་ནུས་པ་སྔ་མ་ལྟ་བུ་མ་རྙེད་པར་གཞན་སྟོབས་ཀྱིས་དངོས་གྲུབ་ཆེན་པོ་ལ་སྤྱོད་མི་སྲིད་པ་མིན་པ་ནི། ཕྱག་རྡོར་དབང་བསྐུར་ལས། ཞིང་པ་དང་། འཁོར་སྒྱུར་དང་། དབང་ཕྱུག་ཆེན་པོའི་དཔེ་གསུངས་པ་བཞིན་ནོ། །ཀློང་སྙིང་ཡུམ་ཀར། མཁའ་སྤྱོད་ལ་སོགས་ཡོན་ཏན་བརྒྱད༔དངོས་སུ་གྲུབ་ཅིང་། ཞེས་དང་།

TN03_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༩)ན་རོ་མཁའ་སྤྱོད་མའི་མཁའ་སྤྱོད་སྒྲུབ་ཚུལ་སོགས་ཀྱང་གཞན་སྟོབས་ལ་བརྟེན་པ་འདིར་སྣང་ངོ་། །དེས་ན་ལྷ་སྔགས་ཀྱི་ནུས་པ་ཆེར་སྐྱེས་པའི་མཚམས་ཤིག་ནས་ཡི་དམ་དངོས་ལ་དངོས་གྲུབ་ལེན་ཆོག་གི་བསླང་བ་ཙམ་གྱིས་མཁའ་སྤྱོད་དང་། མི་སྣང་བ་དང་། འཆི་མེད་ལ་སོགས་པ་འཐོབ་པ་ཞིག་ཀྱང་ཡོད་པར་མངོན་པས། གཞུང་འདིར་བསྟན་ཚོད་ནི་དེ་ལ་བྱའོ། ༈ །ལྷན་སྐྱེས་ཀྱི་རྣལ་འབྱོར་ཡོད་ན་ལས་བཞིའི་དངོས་གྲུབ་སྒྲུབ་པ་ལའང་ཁྱད་ཆེ་བ་ནི་སྒྱུ་འཕྲུལ་མཁན་པོ་རྣམས་ལ་ཡང་མ་གྲགས་པ་མིན་ཏེ། ལྗོན་པ་དང་ནི་ལྕུགས་ཕྲན་ཚལ། །སོགས་ཀྱི་ངེས་དོན་ལས་བཞིའི་གཟུངས་མ་ལ་བཞེད་པས་ཤེས་སོ། །ཐུན་མོང་གི་གྲུབ་པ་ཆེན་པོ་སྒྲུབ་ན་ཚོགས་སྤྱོད་སྔོན་དུ་གཏོང་བ་ཡང་དེ་དག་ལ་གྲགས་པ་ཡིན་ཏེ། བསྐྱེད་རིམ་པའི་ཚོམ་བུ་ཚོགས་སྒྲུབ་ཟླ་དྲུག་སོགས་བྱས་པའི་མཐར་འདོད་གཟུགས་ཀྱི་རིག་འཛིན་འགྲུབ་པའི་རྣམ་བཞག་གསུངས་པ་དེ་ཡིན་པའི་ཕྱིར། ༈ །དམ་པ་རྒྱན་ལས། གདུག་པ་སྲིད་གསུམ་འདུལ་བ་ཡི། །ང་རྒྱལ་ཆེན་པོ་བསྟན་པའི་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་སྒོམ། །ཞེས་པ་ལྟར། དེ་བཞིན་གཤེགས་པའི་སྐུའི་དངོས་པོ་ཤིན་ཏུ་བསྒྱུར་ནས་ཁྲོ་བོར་མཛད་པའི་སྒོས་མཛད་ནི་བདུད་སྡེའི་དཀྱིལ་འཁོར་

TN03_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༠)བརླག་པར་བྱེད་པ་དེ་ཡིན་པས། གསང་འདུས་ལེའུར། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །གསོད་ལ་རྟག་ཏུ་བརྩོན་པ་དག །གྲུབ་པ་མཆོག་གི་ཆོས་ཅན་ལ། །གསོད་པའི་དོན་གྱིས་གྲུབ་པར་འགྱུར། །ཞེས་གསུངས་ཏེ། གྲུབ་པར་འགྱུར། ཞེས་པ་ནི་འགྲུབ་པར་འགྱུར་ཞེས་པ་མིན་གྱི། དངོས་གྲུབ་ཏུ་འགྱུར། ཞེས་པའོ། །ཤིན་ཏུ་ཆེར་ཁྲོས་ཀྱི་ཧེ་རུ་ཀ་འདི་ལྟ་བུའི་ལས་སྦྱོར་ལ་དྲག་པོའི་ཕྲིན་ལས་གཙོ་ཆེ་སྟེ། རྒྱུད་ཀྱི་བཅུ་བདུན་པར། །སྨུག་ནག་སྔོ་ནག་སེར་ནག །སོགས་ལ་སོ་སོའི་རིགས་མི་འགྱུར་བས་ན་སྔོ་སེར་དམར་པོ་སོགས་སོ་སོ་དང་། དྲག་པོའི་ལས་གཙོ་བོར་མཛད་པས་ཐམས་ཅད་ལ་ནག་པོ་འབྲེལ་བར་བཤད་པ་ལྟ་བུ་དང་། སྒྲུབ་ཆེན་བཀའ་བརྒྱད་ལས་ཀྱང་དྲག་པོའི་གཟེར་ཁ་ཁོ་ན་ལས་སྦྱོར་ཐམས་ཅད་ཀྱི་རྩ་བར་གསུངས་སོ། །དེ་ནི་ཛབ་ཏུ་ཡང་འབྱུང་ལ། ཟུར་དུ་སྒྲུབ་ལུགས་ནི། གཏོར་ཟློག་གུར་དྲག་ནས་སྦྱོར་བར་གསུངས་པ་དེ་དང་། མནན་པ་དཀྱུས་བཤད་དང་། སྲེག་དོན་དུ་དབང་ཆོག་ན་ཧོམ་མཆོད་ཀྱི་ལས་རིམ་ཤོ་ལོ་ཀ་གཅིག་བཞུགས་པ་དེ་ལ་རྩ་ཐོ་བྱས་ན་སྨིན་གླིང་དྲག་མར་སོགས་ཀྱི་ཧོམ་ཆོག་དང་། སྒྱུ་འཕྲུལ་ལུགས་ཀུན་དང་ཤིན་ཏུ་མཐུན་ནོ། པ་ཟུར་ཐོ་ལྟར་ཏེ་འདི་རྣམས་ཡིན་ནོ། །དེ་ལས་གཏོར་ཟློག་ནི་བར་ཆད་ཀྱི་དམག་དཔུང་ལ་རྡོ་རྗེའི་སྒྱོགས་གྲུབ་ཐོབ་བཀའ་བརྒྱད་དུ། །དྲག་སྔགས་བུར་ཞིང་སྒྱོགས་སུ་འཕང་༔ ཞེས་སོ། འཕང་བའི་ཆོ་ག་སྟེ། བརྒྱ་བྱིན་གཡུལ་ངོར་

TN03_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༡)འཇུག་པ་ན་དམ་བཅའ་གསུམ་ལྡན་གྱི་རྡོ་རྗེ་འཕེན་པའི་དོད་ཡིན་པས། དབང་ཆེན་གྱི་རྒྱལ་ཐབས་བཟུང་ནས་རྒྱལ་བའི་བསྟན་པ་སྲུང་ན་འགལ་ཟླ་ལྷ་མིན་གྱི་སྡེ་དང་གཡུལ་འགྱེད་པའི་མན་ངག་འདི་གཅེས་པའི་མཐར་ཐུག་མཚོན་ཆའི་ནོར་བུ་ཡིན་ནོ། །གཤིན་རྗེ་དྲེགས་འཇོམས་ལས་ཟློག་པའི་མན་ངག་གིས་སྲེད་མེད་བུའི་སྟོབས་ཀྱང་ཇོམས་ནུས་པར་གསུངས་པ་ལྟར། །གཤིན་རྗེའི་བེ་ཅོན་དང་། དྲང་སྲོང་གི་དམོད་པ། ལྷ་མ་ཡིན་གྱི་སྒྱུ་ཐབས་སོགས་གདུག་རྩུབ་ངར་ཤུགས་སེར་སྤྲིན་ཁོལ་མ་ལྟ་བུ་རྣམས་ཀྱང་སོས་ཀའི་ཐན་སྤྲིན་ལྟར་བྱེད་དོ། །དེའང་སོག་སྦུར་བྱེ་བ་ཐེར་འབུམ་གྱི་གདོང་དུ་འདུག་མཁན་ལ་འཐོར་རླུང་དྲག་པོའི་འཁྲུལ་འཁོར་གཅིག་ཁོ་ནས་ཆོག་པ་ལྟར། ནད་རིམས། མཛེ་གདོན། སྨྱོ་འདྲེ་སོགས་གདོན་རྒོད། འཆི་བདག་གི་སུན་མ། ཀླ་ཀློའི་སྲུང་མ་སོགས་ནག་ཕྱོགས་ཀྱི་ཉུལ་མ། སྡེ་བརྒྱད་འཁྲུགས་པའི་དམག་དཔུང་། དགྲ་ཇག །དམག་སྡེ། སད་སེར་བཙའ་འབུ་སོགས་ལོ་ཉེས། གཞན་ཡང་འབྱུང་བཞིའི་འཇིགས་པ། བྱད་ཁ་ཕུར་ཁ། གཏད་དང་འཁྲུལ་འཁོར། མཚོན་གཡང་སོགས་གྲི་རྒོད། དགྲ་དུར་ཕུང་གསུམ་སོགས་སྲི་རིགས། རྒྱལ་པོའི་ཆད་པ། འབངས་ཀྱི་གྲོས་

TN03_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༢)ངན། གྱོད་དང་མི་ཁ་མི་ཁ་གླེང་གཞིའི་ནུས་པས་བསོད་ནམས་དང་ཚེ་སྲོག་གློ་བུར་དུ་འགྲིབ་ཅིང་བཀྲ་མི་ཤིས་པ་འདུ་བར་ཐུགས་སྒྲུབ་ཞལ་གདམས་སྙིང་བྱང་སོགས་ལས་གསུངས་བས་ལས་སྦྱོར་སྤུ་གྲི་དང་གཏོར་ཟློག་གིས་དེ་འདུལ་བ་གལ་ཆེ། བྲ་མཆུ། བསྟན་འགྲོའི་ལེགས་ཚོགས་སྒྲུབ་པ་ལ་གཉའ་མནན་ནས་རང་དགར་བྱེད་དུ་མི་སྟེར་བའི་གཞན་དབང་མང་པོ་སོགས་མཐའ་ཡས་པ་ཞིག་ལ་འདི་ཕོག་པ་ཙམ་གྱིས་ཆོག་པས། ནད་བདག་སྟོབས་འཇོམས་དང་། དམག་ཟློག་གཤིན་རྗེ་ཚོང་ཟློག སྲི་ཟློག །འགོང་པོ་བསྐྲད་པ། བྱད་ཟློག །དགྲ་རྐུན་འཆིང་བ། གྲི་འདུལ་སོགས་ཀྱི་གོ་ཐམས་ཅད་འདི་གཅིག་པུས་ཆོད་པར་ཤེས་ནས། དཔེ་མང་འཚོལ་བའི་ངལ་བ་བཞག་སྟེ་འདི་རལ་གྲི་ཕྱུངས་རྡེག་ཏུ་སྲེལ་བར་བྱའོ། །ཇག་ཆིངས་ལྟ་བུར། ལམ་དུ་འཇུག་གྲབ་བྱེད་དུས་ནས་དགྲ་ཇག་སོགས་འབྱུང་འགྱུར་ལ་དམིགས་ནས་གཏོར་ཟློག་བྱས་པས། ཕྱིས་རང་ཐད་དུ་རྩོལ་བ་གཞན་མི་དགོས་པར་རླུང་ནུབ་ཏུ་རྒྱུ་བ་ན་རྡུལ་ཤར་ཕྱོགས་སུ་འོང་མི་ནུས་པ་ལྟར་འགྱུར་བ་སྟེ། །དགྲ་ཕྱོགས་སུ་རྫས་གཏོར་བ་དང་མདུད་པའི་རྟེན་འབྲེལ་ལ་སོགས་པའི་ཇག་ཆིངས་རྣམས་ལས་ཀྱང་ཚན་ནི་འདི་ཆེ་ཞིང་། འདིར་ལས་རིམ་གཅིག་པོ་དེས་ནད་དང་དོན་ཉམས་སོགས་རེས་དེའི་ཉེར་འཚེ་མཐའ་དག་འཆིང་ནུས་ལ། ཇག་ཆིང་གཞན་ལ་དེ་མེད་པ་སོགས་ཤེས་

TN03_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༣)པར་བྱའོ། །མནན་པ་སོགས་ལའང་ཟབ་གནད་དེ་བཞིན་ཡོད་དེ་ཟུར་ཐོའང་ཁྱད་འཕགས་ཡོད། ༈ རྟ་མཆོག་གི་རྒྱུད་དང་མན་ངག་ན་བཞུགས་པའི་ལས་ཚོགས་གཞན་ཡང་འདིར་སྦྱོར་ཞེས། གཞན་ཡང་ལས་ཚོགས་རབ་འབྱམས་རྣམས༔ སོགས་ཀྱིས་བསྟན་མོད། འོན་ཀྱང་འདིར་ནི་རང་གཞུང་གི་ཛབ་དགོངས་དང་བྲོ་ཆོག་སོགས་ལས་ཕྱོགས་མཐོང་ཟིན་སོ་ཆེ་བ་རྣམས་ཁོ་ན་གཞིར་བཟུང་སྟེ། རྩ་བའི་ཁུངས་རྣམས་ལ་ཡང་བལྟས་ནས་རིགས་པ་འཕྲུལ་ཚུལ་གྱི་སྒོ་ཙམ་བྲིས་ཤིང་། ཤངས་ལུགས་རིགས་མཐུན་གྱི་གཏེར་ཁ་ཡིན་པ་དེ་ནས་ཀྱང་ལེགས་པར་ཁ་བཀང་བའོ། ༈ །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་རྟ་མགྲིན་སྒྲུབ་ཐབས་ལས། དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །པདྨ་གར་གྱི་དབང་ཕྱུག་གྱུར། ། །རྟ་མགྲིན་ཞེས་སུ་བཤད་པ་ཡིན། །ཞེས་པ་ནས། པདྨའི་དབང་ཕྱུག་རྒྱལ་པོ་འདི། །ཀུན་མཆོག་ས་ཡི་དབང་ཕྱུག་སྟེ། །རྟ་ཡི་མགྲིན་པ་སྟོབས་པོ་ཆེ། །སྟོབས་ཀྱི་སྦྱོར་བས་བསྒྲུབ་པར་བྱ། །དབང་ཕྱུག་ཆེན་པོ་ལ་སོགས་ལྷ། །ཚོགས་ཀྱི་བདག་པོ་གཞན་དག་དང་། །མི་དང་གདུག་པའི་བསམ་པ་ཅན། །ས་རྣམས་ཐམས་ཅད་དགུག་པར་བྱ། །ཞེས་གསུངས་

TN03_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༤)ཏེ། དྲེགས་པ་དང་། མ་རུང་བ་དང་། ས་ཐམས་ཅད་དབང་བྱེད་ལ་ལྷག་པར་བསྔགས་པའོ། ༈ །གླུ་གར་ཙམ་གྱིས་དངོས་གྲུབ་མང་པོ་བྱེད་པ་ནི་ངོ་མཚར་ཞིང་བསམ་མི་ཁྱབ་པ་སྟེ། ཀླུའི་རྒྱལ་པོ་རྣམས་དགའ་བའི་སེམས་གཟུགས་མེད་ལས་གཞན་འཕྲུལ་དབང་བྱེད་མན་ཆད་ཀྱི་ལྷ་དང་མིའི་གནས་ཐམས་ཅད་དུ་སྤྲིན་དང་གློག་དང་ཆར་དང་འབྲུག་སྒྲའི་རོལ་པ་སྣ་ཚོགས་ཤིང་ཚད་མེད་པ་གཟུགས་ཅན་འབྱུང་བ་བཞིན་ཏེ། འདིར་གྲུབ་པ་བཞིའང་དྲན་པར་བྱའོ།། ༈ །།སྤུ་གྲིའི་སྔགས་སྒྲུབ་ཀྱི་ཐད་དུ། ཐུགས་སྒྲུབ་ཞལ་གདམས་སྙིང་བྱང་ལས། །དངོས་གྲུབ་ཆེན་པོ་སྒྲུབ་པ་དང་། །གཞན་དོན་ལས་ལ་འཇུག་པ་སོགས། །གང་ལའང་སྲི་ཡིས་བར་གཅོད་ན། །རྣམ་པ་ཀུན་ཏུ་དོན་ཉམས་ཤིང་། །མི་མཐུན་ཁོ་ནའི་དབང་དུ་འགྲོ། །ཞེས་སོ། །ཡང་དེར། འགོང་པོ་འཁྲུགས་བྱེད་ལོ་ཉེས་གཏོང་། །མི་ནད་ནོར་ནད་ཆག་སྒོ་ངན། །ལྟས་ངན་དམ་ཉམས་དབྱེན་སྦྱོར་བྱེད། །བསེ་རག་བྱེད་དང་དགུ་པོ་ནི། །ཞེས་འཁྲུགས་བྱེད་ཀྱི་འགོང་པོ་སྤྱང་མགོ་རུ་དར་ཅན་སོགས་དགུ་སྟེ། མ་འོངས་བོད་ཁམས་མཐའ་དབུས་ཀུན། །འགོང་པོ་སྤུན་དགུས་དབང་བྱས་ཏེ། །དུས་འཁྲུགས་ནད་ཡམ་ལོ་ཉེས་གཏོང་། །ཀུན་ཀྱང་

TN03_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༥)སྙིང་འཕྱོ་ཡིད་མི་དགའ། །སོགས་དང་། མ་འོངས་སྙིགས་མའི་དུས་ཀྱི་ཚེ། །མཐའ་བཞིའི་འགོང་པོས་བོད་ཁམས་ཁེངས། །དབུས་ཀྱི་དམ་སྲི་གློ་བུར་ལྡང་། །བར་ཆད་རླུང་ལྟར་འཚུབ་པའི་ཚེ། །ཚེ་དང་ནོར་དང་ཤེས་རབ་སོགས། །ཡོན་ཏན་ཕུན་སུམ་ཚོགས་གྱུར་ཀྱང་། །རླུང་དམར་དབུས་ཀྱི་མར་མེ་ལྟར། །འགལ་རྐྱེན་དུ་མས་གློ་བུར་གསོད། །ཚེ་ཐུང་ནོར་རྒུད་ཤེས་རབ་འགྲིབ། །བློ་སྣ་འགྱུར་ཞིང་མི་རུང་སྤྱོད། །ཅེས་ཏེ། །དེ་ལྟར་མཐའ་བཞིའི་འབྱུང་བཞིའི་འབྱུང་པོ་དང་། །དབུས་ཀྱི་དམ་སྲི་གློ་བུར་བསྡོང་། །བོད་ཁམས་ཆུ་ལྟར་འཁྲུགས་པའི་ཚེ། །ཞི་བའི་ཐབས་ཀྱིས་མི་འདུལ་བས། །ཞེས་མཐའ་དབུས་བསྡོང་བ་དང་། དེ་གདུལ་དཀའ་བར་བཤད། དེ་ལྟར་མཐའ་དབུས་ཀྱི་འབྱུང་པོ་བསྡེབ་པའི་དབང་གིས། མི་རྣམས་ཀྱང་མཐའ་དབུས་འདྲེས། ཆས་སྤྱོད་འགྱུར། གྲུབ་མཐའ་འཆོལ། བོད་ཁམས་སིལ་བུར་འཐོར། ལྷ་རྒྱུད་ཆད། སྔགས་རྒྱུད་ཉམས། ཆོས་སྲིད་གང་ཡང་རང་ཚུགས་ཤོར། བརྟན་པ་བྲལ་ཏེ། སྡུག་བསྔལ་གྱི་མཚོ་ཆེན་རྡོལ་བར་བཤད་དོ། །དཔལ་འདུས་སུའང་། མ་འོངས་ལྔ་བརྒྱ་ཐ་མའི་ཚེ༔ མཐའ་ཡི་རྒྱ་འདྲེ་འབྱུང་པོ་དང་༔

TN03_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༦)དབུས་ཀྱི་དམ་སྲི་གློ་བུར་བསྡོངསཿ ཆོས་པའི་སྙིང་ཞུགས་མི་དགེ་སྤྱོདཿ སྐྱེ་བའི་སྙིང་ཞུགས་སྡིག་རྒྱུན་སྤེལཿ རྨི་ལམ་བཙུན་པ་བྱ་སྤྲེལ་རྨིཿ བག་མི་ཕེབས་ཤིང་སྙིང་རླུང་ལྡང་ཿ ཞེས་དང་། མ་འོངས་བསྐལ་པའི་ཐ་མལཿ སྔགས་ལ་སྤྱོད་ཅིང་དམ་ཚིག་བྲལཿ དེ་དག་འགོང་པོའི་དབང་གྱུར་ཏེཿ བྱ་རུ་མི་རུང་སྣ་དགུ་སྤྱོདཿ དེ་ཡི་རྒྱུ་འབྲས་འཇོམས་པ་ལཿ གཉེན་པོ་འདི་ལས་གཞན་དུ་མེདཿ ཅེས་བཤད་དེ། དེ་འདྲ་བ་ལ་སྟོང་ཉིད་སྙིང་རྗེ་ཁྲོས་པའི་ལྷ་སྔགས་འདི་ལྟ་བུ་ཞིག་དགོས་པ་ཡིན་ནོ། །མཐུ་ཆེན་གྱི་འབྱུང་པོ་གཅིག་ཙམ་བཏུལ་བ་ལའང་དགོས་པ་མང་དུ་འབྱུང་སྟེ། དབང་ཆེན་གྱི་མི་དཔོན་རེ་རེ་བཏུལ་བས་ཀྱང་ཡུལ་ཁམས་ཆེན་པོ་བདེ་སྐྱིད་ཆོས་གསུམ་ལ་སྦྱོར་ནུས་པ་བཞིན་ནོ། །རང་བྲག་ཕུག་ཏུ་ཡིབས་ཀྱང་གདུལ་དཀའི་འགྲོ་བ་རྒྱུན་མི་འཆད་དུ་འདུལ་བའི་ཐབས་ཤིག་འདི་ན་ཡོད་པས། ལྷག་བསམ་དང་སྙིང་སྟོབས་ཀྱི་དཔུང་བ་བརྟན་པར་བྱས་ཏེ། སྔགས་ཀྱི་རལ་གྲི་འདི་ཕྱུང་རྒྱག་ཆོག་པ་བྱའོ། །མཁའ་ཁྱབ་ཀྱི་འགྲོ་བ་རིས་མེད་ལ་སྙིང་རྗེ་ཆེན་པོའི་སྟོབས་བསྐྱེད་དེ། དེ་རྣམས་ཀྱི་ཕན་བདེའི་ཆེད་དུ། བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་རྒྱལ་བསྟན་སྲུང་བ་དང་། བསྟན་དོན་

TN03_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༧)བྱ་བར་གོ་བགོ །དེའང་ཆོས་ཀྱི་དབྱིངས་ཇི་སྲིད་པའི་ཡུལ་དུས་ཀུན་ཏུ། བསྟན་པ་མདོ་སྔགས་ཀྱི་ཆ་མཐའ་དག་དང་། སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་མཛོད་མ་ལུས་པ་དང་། སྙིགས་མ་ལྔ་དང་ལྡན་པའི་ཞིང་དུ་བྱུང་བའི་བསྟན་འཛིན་གྱི་སྡེ་དང་གང་ཟག་ཡོད་དགུ །སྲུང་བའི་རྟེན་སྐྱེ་བ་ཐུག་མེད་དུ། རྣམ་པའི་སྒོ་ཐམས་ཅད་ནས་སྲུང་ཞིང་རྒྱས་པར་བྱེད་ནུས་པའི་མཐུ་སྒྲུབ་བོ་སྙམ་དུ་སྙིང་སྟོབས་བསྐྱེད་ན། ཆོས་རྣམས་སྔོན་དུ་ཡིད་འགྲོ་ཞིང་། །ཡིད་གཙོ་ཡིད་ནི་མགྱོགས་པ་ཡིན། །ཞེས་བསམ་པའི་ཁྱད་འདི་དང་པོ་ས་བོན་དང་། བར་དུ་ཆུ། ཐ་མ་སྨིན་པ་དང་འདྲ་བས་སྟོབས་གཏན་ནས་མི་མཚུངས་པ་ནམ་མཁའ་དང་ཡུངས་འབྲུ་བཞིན་ནོ། །དམིགས་པ་རྒྱ་ཆེན་སྒྲུབ་པ་རྒྱ་ཆེ། དེ་ཆེན་འབྲས་བུ་རྒྱ་ཆེ་ཞེས་པ་དང་། ཉི་ཚེ་བ་ལས་ཉི་ཚེ་དང་། །མཐའ་དག་པ་ལས་མཐའ་དག་པའི། །འབྲས་བུ་འབྱུང་བར་གསུངས་པའི་ཕྱིར། །ཞེས་པ་འདི་རྐྱེན་ལྟོས་ཀྱི་རྟེན་འབྲེལ་སྨྲ་བའི་རྩ་བའི་གྲུབ་མཐའ་འོ། །སྟོན་པས་རྒྱལ་སྲས་རྒྱ་མཚོའི་དབུས་སུ་ཕྱག་རྡོར་ལ་རྡོ་རྗེ་གནང་སྟེ་མཐུ་སྟོབས་ཀྱི་བདག་པོར་དབང་སྐུར་དུས་ཀྱང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ཁྱོད་ལ་བསྟན་པ་སྲུང་བ་དང་། བསྟན་པའི་དོན་

TN03_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༨)བྱ་བར་གནང་ངོ་ཞེས་བསྟན་པ་གཏད་པས། སངས་རྒྱས་དགྱེས་པའི་ནུས་མཐུ་སྒྲུབ་ལུགས་མ་ནོར་བ་ནི་འདི་ལྟར་ཡིན་ངེས།། ༈ །།གུ་རུ་ཞི་བའི་རྒྱུའི་ས་བོན་དང་ཐུགས་སྲོག་ལ་ཧཱུཾ་དུ་བྱེད་པ་སོགས་ཀྱང་ཡོད་མོད། ཧྲཱི༔ཡིག་ལ་མཛད་པ་འདི་ནི་ཁྱད་པར་འཕགས་ཏེ། ཧྲཱིཿཤེར་ཕྱིན་པདྨའི་རིགས་ཀྱིས་བོན་དུ་བསྔགས་པ་ཐུགས་རྗེ་ཆེན་པོའི་ཟིན་ཐོ་ལྟར་དང་། ཤ་འུག་གཏེར་བྱོན་གར་དབང་ཚེ་སྒྲུབ་ཀྱི་ལོ་རྒྱུས་ལས། རྒྱ་གར་མཁས་པ་པདྨ་འབྱུང་གནས་ང་༔ གདུལ་བྱའི་མོས་ངོར་ཇི་སྙེད་སྤྲུལ་པའི་གར༔ ཆུ་ཟླའི་རོལ་པར་བསམ་མི་ཁྱབ་སྟོན་ཏེ༔ ངོ་བོ་མི་འགྱུར་ཀུན་བཟང་སྣང་མཐའ་ཡས༔ རྒྱལ་བ་རྒྱ་མཚོའི་ཁྱབ་བདག་སྤྱི་མེས་ཡིན༔ དེ་ཕྱིར་ང་བསྒྲུབ་སངས་རྒྱས་ཀུན་བསྒྲུབ་འགྱུར༔ ལྷ་གཞན་བསྒྲུབ་ཀྱང་ང་ཉིད་བསྒྲུབ་པ་སྟེ༔ བཟང་ངན་ཕྱོགས་རིས་འདི་ཞེས་དབྱེ་བ་མེད༔ འོན་ཀྱང་སྔོན་གྱི་སྨོན་ལམ་ཁྱད་པར་གྱིས༔ པདྨའི་རིགས་སུ་བསྒྲུབ་ན་དངོས་གྲུབ་མྱར༔ ཕྲིན་ལས་མཐའ་རྒྱས་གཞན་སྣང་དབང་དུ་སྡུད༔ འགལ་རྐྱེན་མི་འབྱུང་བྱང་ཆུབ་གོ་འཕང་ཉེ༔ ཞེས་གསུངས་པས་གུ་རུའི་རྒྱུ་མ་ནོར་བ་རྩ་བའི་སྔགས་སུ་པདྨའི་རིགས་ཀྱི་རྩ་བའི་ཡི་གེ་ཉིད་ཆེས་འཐད་པའི་ཕྱིར་རོ། །འོན་ཀྱང་འདིའི་གཙོ་བོ་འོད་གསལ་རྡོ་རྗེར་

TN03_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༩)གསུངས་པ་ནི། རིགས་རེ་རེའང་རིགས་དྲུག་ཀའི་བདག་ཉིད་དང་། ཡེ་ཤེས་རེ་རེའང་ཡེ་ཤེས་དྲུག་ཀའི་ངོ་བོ་ཉིད་ཡིན་པ། །ཕྲེང་བ་ལས་རིགས་རེ་རེའང་ལྔ་ལྔའི་རང་བཞིན་དུ་བཤད་པ་ལྟ་བུ་སྟེ། དེ་ལས་འདིར་པདྨའི་རིགས་ལ་རིགས་དྲུག་ཏུ་ཕྱེ་བའི་རིགས་ཐམས་ཅད་བསྡུས་པའི་དཀྱིལ་འཁོར་གྱི་དབང་དུ་མཛད་པའོ། །ཧྲཱིཿཡིག་གི་བཤད་པ་གཞན་ཡང་ཚེ་སྒྲུབ་ཡེ་ཤེས་འོད་མཆོག་ལས། བཞི་པ་བསྙེན་པ་སྲོག་གི་བཟླས་པ་ནི༔ ཐུགས་ཀར་ཧྲཱིཿགསལ་ཧྲཱིཿཡིག་མང་དུ་བཟླས༔ དེ་བཞིན་གཤེགས་པ་ཀུན་གྱི་སྲོག་ཡིན་ནོ༔ ཧ་ནི་རླུང་ཡིན་ལོངས་སྐུ་ཀུན་གྱི་སྔགས༔ དེ་ཉིད་བཟླས་ན་རླུང་སེམས་གཉིས་མེད་གྲོལ༔ ར་ནི་སྤྲུལ་སྐུ་སྨིན་བྱེད་དེ་ཡིན་ཏེ༔ དེ་བཟླས་དྲོད་ཀྱི་ཡེ་ཤེས་སྐྱེ་བར་འགྱུར༔ ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ་ཡིན་ཏེ༔ ཨི་ནི་དོན་དམ་ངོ་བོ་ཉིད་དང་ལྡན༔ རྟོགས་ཤིང་བཟླས་པས་བདེ་སྟོང་མཆོག་ཏུ་འགྱུར༔ དེས་ན་བདེ་གཤེགས་ཡོངས་འདུས་སྔགས་འདི་བསྙེན༔ ཧྲཱིཿ ཞེས་རླུང་སེམས་ཐམས་ཅད་གཏུམ་མོའི་དབྱིངས་སུ་ཞུགས་པ་ལས་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་ཞིང་། དེ་ལས་རྡོ་རྗེ་གསུམ་མམ་སྐུ་གསུམ་དབྱེར་མེད་པའི་གོ་འཕང་ལ་སྦྱོར་བའི་རྡོ་རྗེའི་ལམ་གནད་ཆེས་རྨད་དུ་བྱུང་

TN03_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

(༥༧༠)བ་བསྟན་ནོ། ༈ །འདིའི་འཛབ་མཇུག་བསྡུ་བའི་དངོས་གྲུབ་སྐུལ་བ་དང་འབྲེལ་བར་ཐུགས་རྗེ་སྐུལ་ཆོག་རྒྱས་པར་སྤྲོ་ན་བླ་མ་བསྟན་གཉིས་སྐོར་གསུམ་ལྟར་བྱེད་བཏུབ་ཅིང་། མཆོད་ཕྲེང་རྒྱས་སྤྲོ་བྱེད་ནའང་དེ་ནས་ལེན་ནོ།། ༈ །།ཧྲཱིཿཡིག་ནི་ཧ་དང་ར་དང་ཨི་གསུམ་འདུས་པའི་བདག་ཉིད་ཀྱི་ཡི་གེ་ཐིག་ལེས་བརྒྱན་པ་སྟེ། ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་ལས། འདབ་མ་གཉིས་པའི་བཞི་པའོ་ཞེས་བྱ་བ་ནི་ཡི་གེ་ཧའོ། །དེའི་འོག་ཏུ་མེའོ་ཞེས་པ་ནི་ར་དང་ལྡན་པའོ། །དབྱངས་ཡིག་ཅེས་པ་ནི་ཨཱིའི་བདག་ཉིད་དང་སྦྱར་བའོ། །རིག་པའི་རྒྱལ་མོ་མཆོག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡི་གེ་ཧྲཱིཿའོ། །ཐིག་ལེ་སྟེང་དུ་ལྡན་པ་ནི་ཧྲཱི༚་གི་དོན་ནོ། །དེ་རང་དང་ཉེ་བ་ནི་ཧྲཱིཿསྟེ་གཉིས་པའོ། །ཞེས་རིག་སྔགས་ཀྱི་རྒྱལ་མོ་ཡི་གེ་གཅིག་མའི་སྔགས་བཏུ་ཚུལ་གསུངས་པ་ལྟར་རོ། །དེའང་གཡུང་དྲུང་འཁྱིལ་བ་གསུམ་གྱི་ཞལ་གདམས་ལས། ཧྲཱིཿནི་ཐིག་ལེ་གསུམ་དུ་བཞུགས། ཨི་ནི་རླུང་གི་ཐིག་ལེ་སྟེ། །ཧ་ནི་བྱང་ཆུབ་ཐིག་ལེའོ། །རཀྟའི་ཡི་གེ་ར་ཡིག་སྟེ། །ཞེས་པ་ལྟར། སྲོག་འཛིན་ཤིན་ཏུ་ཕྲ་བའི་རླུང་དང་། ཁམས་དཀར་དམར་རོ། །ཚེག་དྲག་གཉིས་ཀྱིས་དྷུ་ཏིར་བྱང་སེམས་དཀར་དམར་གྱི་འདུ་འཕྲོད་མཚོན་གསུངས་ཏེ། མདོར་ན་ཁུ་རྡུལ་རླུང་གསུམ་བདེ་སྟོང་དུ་རོ་གཅིག་འདྲེས་པའོ། །ཚེག་དྲག་ཐིག་ལེ་ཡིན་པས་བདེ་བ་ལ་བཤད་ཀྱང་རུང་

TN03_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

(༥༧༡)ངམ་དཔྱད། གཞན་ཡང་ཧྲཱིཿཡིག་གིས་གཞི་ལ་ཁམས་དཀར་དམར་གྱི་དབུས་སུ་རླུང་སེམས་ཞུགས་པ་དང་། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ། རྩ་ཐིག་རླུང་གསུམ་སོགས་སྦྱང་གཞི་དང་། རྡོ་རྗེ་གསུམ་གྱི་རྣལ་འབྱོར་སོགས་སྦྱོང་བྱེད་ཀྱི་ལམ་དང་། སྦྱང་འབྲས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་སོགས་མཚོན་ཚུལ་མང་དུ་སྤྲོས་ཀྱང་ཆོག་ཅེས་ཐོའུ་བཀྭན་པས་སོ། །དཔེར་ན་མྱུ་གུའི་ཆ་ཤས་ཐམས་ཅད་རྫོགས་པར་སྐྱེད་པའི་ནུས་པ་དང་ལྡན་པའི་ཆོས་ཞིག་ལ་མྱུ་གུའི་ས་བོན་ཞེས་འདོགས་པ་ལྟར། རྟ་མཆོག་རོལ་པའི་གོ་འཕང་སྐྱེད་པའི་ནུས་པ་ཐམས་ཅད་ཧྲཱིཿཡིག་ལ་ཚང་བས་ས་བོན་གྱི་ཡི་གེར་བཞག་པར་འཆད་དོ། ༈ །འདིའི་ལས་སྔགས་སྐབས། བྱེར་གཏུབ་སོགས་བོད་སྐད་འདྲེས་པས་སྔགས་སུ་མི་འཐད་དོ་ཞེ་ན། དཔལ་ལྡན་ལྷ་མོའི་སྔགས་བྷྱོ་བདུན་མར་ཡང་། ཁ་ལ་རཀ་ཆེན་མོ་ཞེས་ཡོད་པ་སོགས་བཤད་ནས། མདོར་ན་སྔགས་གསུང་བ་པོ་དང་སྔགས་སུ་བྱིན་གྱི་རློབ་པ་པོས་སྐད་གང་དང་གང་དུ་བྱིན་གྱིས་བརླབས་པ་དེ་ཁོ་ན་དབང་བཙན་པར་བྱེད་དགོས་ཀྱི། ཐམས་ཅད་སཾ་སྐྲི་ཏའི་སྐད་ཁོ་ན་དང་མཐུན་དགོས་པའི་ངེས་པ་མེད་པས་འདི་འདྲ་ལ་སྒྲ་པས་དཔྱོད་མི་ནུས་ཤིང་དཔྱད་པས་སྐྱོན་

TN03_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

(༥༧༢)དུ་སོང་བའང་མང་ངོ་ཞེས་ཀྱང་ཐོའུ་བཀྭན་པས་སོ། །སྒྲ་བཟང་པོ་སྨྲ་བ་རྣམས་ཀྱི་ཞེན་པ་དགགས་པ་དང་། སྒྲ་ངན་པ་སྨྲ་བ་རྣམས་ལ་ཐུགས་བརྩེ་ནས་དེ་དག་གི་སྐད་བྱིན་གྱིས་བརླབས་པའང་ཡོད་དམ་སྙམ། བོད་ཀྱི་འབྱུང་པོ་རྣམས་ཀྱི་སྐད་ཕར་ལ་རང་གཤེད་དུ་སྐོར་ཆེད་དེ་དག་གི་སྐད་དུ་གཉེན་པོའི་དྲག་སྔགས་བྱིན་གྱིས་བརླབས་པར་བཤད་ལུགས་ཀྱང་ཡོད་དམ་སྟེ། ལྷ་བཙུན་བྱང་ཆུབ་འོད་ཀྱི་གཏེར་ཁར་པུ་ཏྲ་མིང་སྲིང་གི་སྔགས་ཞང་ཞུང་གི་སྐད་དུ་མཛད་པ་ལ་རིན་བཟང་དགྱེས་པའི་ལོ་རྒྱུས་བཞིན་ནོ། ༈ །རྣམ་སྣང་མངོན་བྱང་འགྲེལ་པར། ཆོས་ལ་འབིགས་པའི་ཡེ་ཤེས་རྟ་དང་འདྲ་ཞེས་གསུངས་པ་ནི་སོར་རྟོག་ཡེ་ཤེས་ཀྱིས་ཤེས་བྱའི་གཏིང་ལ་མྱུར་ཞིང་མགྱོགས་པར་སླེབ་པ་སྟེ། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །ཅེས་པ་ལྟར་ཆོས་ཀྱི་གཏིང་ནི་སྟོང་པ་ཉིད་དེ། ཆོས་ཀྱི་གཏིང་ལ་ཕུག་པ་ནི་སྟོང་ཉིད་ལ་ཟུག་པའོ། །འཇིག་རྟེན་ཀུན་རྫོབ་ཐལ་མར་ཕྱུང་ནས། དེ་ཕན་ཆད་ཀྱི་གཏིང་མཐར་ཐུག་ལ་འཇུག་པ་ནི་ཆོས་ལ་འབིགས་པའོ། །དེའང་ས་བདུན་པར་མཚན་མེད་ཐོབ་པས་འགོག་པ་ལ་འཇུག་པའི་ཤུགས་མྱུར། བརྒྱད་པར་དེ་འབད་རྩོལ་ཕལ་ཆེར་དང་བྲལ། དགུ་པར་སྟོབས་ཀྱི་ཕར་ཕྱིན་གྱི་

TN03_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

(༥༧༣)མཐུས་དེ་བས་ཀྱང་ཚབས་ཆེར་ཆོས་དབྱིངས་ཀྱི་གཏིང་དུ་འགྲོ། བཅུ་པར་ཡེ་ཤེས་ལྷག་ཅེས་ཤེས་རབ་དེའི་འོད་ཟེར་གྱི་སྣང་བའི་གཟུངས་དང་ཏིང་ངེ་འཛིན་ཆོས་དབྱིངས་དང་མཉམ་པ་མཆེད། རྒྱུན་མཐར་ཤིན་ཏུ་རྣམ་དག་གི་དབྱིངས་ལ་འབིགས་པའོ། །སེམས་ཅན་གྱི་དོན་བྱ་བ་ལ་མགྱོགས་པ། ཞེས་པར་ཡང་། བདུན་པར་ཐབས་ཀྱི་ཕར་ཕྱིན་གྱི་མཐུས་འགོག་པའི་དབྱིངས་ནས་སྐད་ཅིག་ཁོ་ནར་སེམས་ཅན་གྱི་དོན་ལ་ལྡང་ནུས། བརྒྱད་པར་རྣམ་པར་མི་རྟོག་པ་ལ་དབང་བ་དང་སྨོན་ལམ་གྱི་ཕར་ཕྱིན་ལྷག་པས་གཞན་དོན་ལ་རྩོལ་མེད་དུ་ལྡང་། ས་དེར་དེ་ལྟར་ལྡང་བ་བྱང་བས་དགུ་པར་བརྟགས་པ་མཐའ་བཟུང་གི་ཞི་མཐའ་ལས་འདས་ཚར་བའི་སྒོ་ནས་གཞན་ཕན་ལ་དབང་འབྱོར། དེའི་དབང་གིས་བཅུ་པར་སེམས་ཅན་སྒྲོལ་བའི་ཕྲིན་ལས་སངས་རྒྱས་དང་མཚུངས་པར་འཐོབ། ལར་ས་དང་པོ་ནས་སྐད་ཅིག་གཅིག་ལ་སེམས་ཅན་བརྒྱ་སྨིན་པར་བྱེད་ཀྱང་ཕལ་ཆེར་དོན་ཡོད་ཙམ་ལས་མི་འཇོག་ལ། བརྒྱད་པ་ནས་དབང་བཅུ་ཐོབ་པས་རྣམ་ཀུན་དོན་ཡོད་ཟེར་ཏེ་སྐད་ཅིག་རེར་སེམས་ཅན་ཅི་ཙམ་འདུལ་བའི་མྱུར་ཁྱད་ཀྱང་སྟོང་གསུམ་གྱི་རྡུལ་ཚད་ལ་མ་གཞལ་བར་བསྟན་མི་ནུས་པ་དེའོ། །འདི་དག་ཧང་

TN03_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

(༥༧༤)འགྲོས་ཙམ་སྟེ། འཕགས་པ་འདི་བར་ཆད་མེད་ལམ་གྱི་རང་བཞིན་དུ་གསུངས་པ་དང་། དཀྱིལ་འཁོར་ནང་མ་ལ་འགོད་པའི་རྒྱུ་མཚན་སོགས་བསྒྲིགས་ནས་དཔྱད་རྒྱུ་ཡོད། མདོར་ན་བློ་ཀུན་རྫོབ་པའི་སྤྱོད་ཡུལ་ནས་ཕར་དོན་དམ་པའི་དབྱིངས་སུ་མངོན་སུམ་དུ་སླེབ་མྱུར་བ་དང་དབྱིངས་དེ་ནས་ཚུར་ཀུན་རྫོབ་ཀྱི་སྤྱོད་ཡུལ་སླེབ་མྱུར་བའི་ཤེས་རབ་དང་ཐབས་ཀྱི་རྟོགས་པ་རིང་དུ་སོང་ཚུལ་གཉིས་ཏེ། ཕྱི་མ་འདི་ནི། མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོགས་པ་བུལ་བ་ཡིན་པར་འདོད། །ཅེས་པའི་བཟློག་ཟླ་སྟེ། འཇམ་པ་པདྨའི་རིགས་ཀྱི་གཙོ་བོའི་རྣལ་འབྱོར་སྙིང་རྗེའི་ཁྱད་པར་རོ། །སྔ་མ་ཡང་སྟོང་ཉིད་རྟོགས་པ་སྤྱི་ལྡོག་མ་བྱས་པར་སོར་རྟོག་ཡེ་ཤེས་ལ་སྦྱར་ན་པདྨའི་རིགས་ཀྱི་སྒོས་ཆོས་སུ་འགྲིགས། དེ་ལྟར་ན་སྤྱན་རས་གཟིགས་ཀྱི་མཚན་ལ་འཆད་ཚུལ་གཉིས་ཡོད་པ་ལྟར། རིག་པའི་རྒྱལ་པོ་རྟ་མགྲིན་གྱི་མཚན་གྱི་དོན་ཡང་གཉིས་ཡོད་དོ།། ༈ །།རྟ་སྐད་སྐབས། ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། ཞེས་མང་དུ་འབྱུང་བ་ནི། དབང་དུ་བསྡུས་ནས་གདུལ་བར་བྱ་བ་རྣམས་སྡུད་པ་དང་། དེ་ལྟར་མི་ཐུལ་བ་རྣམས་སྤ་གོང་རྒྱལ་པོའི་མཐུ་དཔུང་གི་ཟིལ་བསྟན་ནས་ཕ་རོལ་""ཤོག་ལྷེ་༥༧༥)གྱི་རྒོལ་བ་སྤ་གོང་བར་བྱེད་པ་ལྟ་བུའི་ཟིལ་གནོན་ནི་དབང་སྡུད་ཀྱི་སྔོན་དུ་འགྲོ་བ་ཡིན་ནོ། བར་བྱེད་པའི་ཁྱད་དམ་སྙམ། ཡང་ན་ཕྱི་མ། དབང་དུ་བསྡུས་པ་དེ་ལས་སླར་འཕར་ལྡང་མི་ནུས་པར་བྱེད་པའོ། །ཕྱི་ནང་གསང་བའི་བར་ཆད་དྲུ་གུ་འཛིངས་པ་དང་། ཐག་འཁྲུགས་པ་ལྟ་བུ་རྣམས་ཀྱང་། རྟ་སྐད་ཀྱིས་བདེ་བའི་བདུད་རྩི་དང་། ལྷ་སྔགས་ཀྱི་དཔག་བསམ་དགའ་བའི་ཚལ་དུ་སྒྱུར་བ་ནི། རྨ་བྱ་དུག་གི་ལྡུམ་རར་ཕྱིན་པའམ་དུག་སྦྲུལ་མེ་ཏོག་གི་ཕྲེང་བར་སྒྱུར་བའི་མན་ངག་ལྟར་ཡ་མཚན་ཆེའོ། །དེ་ལྟར་བསྒྱུར་ནས་ཀྱང་དེ་དག་ལས་དངོས་གྲུབ་ལེན་པ་ལ་སློབ་ཚུལ་བཅས། འདི་དག་མཁས་པའི་ཡིད་འཕྲོག་ཏུ་ཡང་ཡོད་དེ། ཤིན་ཏུ་ཆེད་ཆེར་བྱའོ། །དེའང་རྩིང་པར་རྟོག་པ་དང་། བར་ཆད་ཀྱི་ངོ་བོ་རབ་དབྱེ་བྱ་བྱེད་ལས་གསུམ་སྐྱེ་འགག་གནས་གསུམ་སོགས་ངོ་བོ་དང་ལྡོག་ཆའི་སྒོ་ཐམས་ཅད་ནས་དག་པ་རབ་འབྱམས་སུ་རྒྱ་ཆེར་དཔྱད་དེ་བློ་རྒྱས་པར་བྱས་ན་དེ་སྙེད་ཀྱི་ལག་རྗེས་འབྱུང་ངོ་། །གལ་ཆེ་བས་ཡང་ཟློས་བྱས་སོ། །ཡང་བར་ཆད་དེ་དག་གི་དེ་ཁོ་ན་ཉིད་ལ། ཐོག་མེད་ནས་གྲུབ་པའི་དེ་བཞིན་གཤེགས་པ་རྟ་སྐད་ཀྱི་རྣལ་བྱོར་མཐར་ཕྱིན་པ་རྣམས་ཀྱི་ཡེ་ཤེས་ཀྱི་སྣང་བས་ཁྱབ་པའི་ཚུལ་

TN03_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

(༥༧༦)ལ་བློ་བཞག་སྟེ་བསྒོམ་པས། ཐམས་ཅད་དེ་བཞིན་གཤེགས་པའི་རྣམ་འཕྲུལ་དུ་འཆར་ལ། དེའི་ཚེ་རང་གི་རྟ་གླུས་དེ་བཞིན་གཤེགས་པའི་འཁོར་ལོ་དེ་རྣམས་བསྐུལ་བས། བར་ཆད་བྱེད་དུ་འོང་བའི་དངོས་པོ་དེ་དག་གི་སྒོ་ནས་ཀྱང་སངས་རྒྱས་རྣམས་ཀྱིས་དབང་དང་དངོས་གྲུབ་སྩོལ་ཏེ། ཅི་འདི་ངོ་མཚར་མི་ཆེའམ། བརྟན་གཡོའི་དུག་དང་། རིམས་དང་། དམོད་པ་དང་། མི་བཟད་པའི་ལས་ཀྱི་མཐུ་ཐམས་ཅད་ཟིལ་གྱིས་གནོན་པ་དང་། དགྲ་འདྲེ་ཅན་གཟན་རྔོན་པ་སོགས་རྨོངས་རེང་བྱེད་པ། རང་གི་ནོར་དང་འཁོར་སོགས་ཟིལ་གྱིས་མནན་ནས་གཞན་དུ་མི་གཡོ་བར་བྱེད་པ། ནད་པའི་ནད་སྐྱུགས་པར་བྱེད་པ། ལྕགས་སྒྲོགས་དང་བཙོན་ར་རྫས་སེལ་དང་། གཏད་དང་། ཕ་རོལ་གྱི་གདུག་པའི་སེམས་དང་། ལྟ་བ་ངན་པ་དང་། མཐུ་སྟོབས་རྫུ་འཕྲུལ་སོགས། སྔགས་ཕྱག་རྒྱ་འཕྲུལ་འཁོར་གྱི་སྦྱོར་བ་ལ་སོགས་པའི་རྒྱ་བཤིགས་པ། གཞན་གྱི་སྔོན་གནས་ཀྱི་དགེ་བའི་བག་ཆགས་སྐུལ་ཞིང་སད་དུ་གཞུག་པ་དཔའ་བོ་ཌཱཀྐིའི་ཆོས་མཛོད་དང་། གནོད་སྦྱིན་དབང་པོའི་ནོར་གཡང་སོགས་འབོད་པ། གདུལ་བྱ་མཆོག་ལ་རྣམ་གཡེངས་དང་རྨོངས་པའི་གཡོགས་པ་དྲལ་ནས་ནང་གི་ཧེ་རུ་སྐུལ་ཞིང་སད་པར་

TN03_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

(༥༧༧)བྱས་ཏེ་བྱིན་རླབས་འབེབས་པ་དམ་པའི་ཆོས་སྤྱི་དང་བྱེ་བྲག་པའི་རང་སྒྲས་ཡངས་པའི་ས་ཆེན་པོ་འགེངས་པ་སོགས་ལས་ཚོགས་བྱེད་ཚུལ་ཟད་མི་ཤེས་ཏེ། དཔེར་བརྗོད་ཙམ་མོ། །གཟིར་བའི་བསམ་པས་གཟིར་བར་འགྲོ་ལུགས་ཤེས་ནས་རྟ་སྐད་ཀྱིས་གཅུན་ན། རི་རབ་གཟིར་ཡང་རལ། རྒྱ་མཚོ་གཟིར་ཡང་འཕྱུར་ཐུབ། །བརྒྱ་བྱིན་གཟིར་ནའང་སྐྲ་ཞིག །གོས་ཉིལ་ནས་ལྷུང་ཡོང་ངེས། གོང་སྨོས་ལས་ཡང་ན་ཁམས་གསུམ་གྱི་སྲོག་འདྲེན་པ་དབང་སྡུད་དང་། སྲོག་དེ་གཟིར་བ་ཟིལ་གནོན་དུ་བྱའོ།། །།འདི་དག་རྗེ་ཉིད་ནས་ཟིན་ཐོ་ལྟ་བུར་བཏབ་ཡོད་པ་རྣམས་གཞན་དུ་འཁྱར་གྱི་དོགས་ནས་རྗེས་འཇུག་འགའ་ཞིག་གིས་ཕྱོགས་གཅིག་ཏུ་བསྒྲིག་ཁུར་བྱས་ཏེ་ཕྱག་བྲིས་ཇི་ལྟ་བ་བཞིན་བཅོས་བསླད་མེད་པར་སྤར་དུ་བསྐྲུན་པ་དགེ་ལེགས་འཕེལ། འཕྲུལ་ཆེན་སྤར་གྱི་ལྗོན་ཤིང་རྒྱས་པའི་རྩེར། ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།

TN03_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

(༥༧༨)

TN03_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༡)ཁྲོ་བོའི་སྐུ། །ནང་གི་རྟ་མགྲིན་རྣལ་འབྱོར་སྐུ། །གསང་བའི་རྟ་མགྲིན་རང་སེམས་འདི། །སེམས་ལས་ལོགས་ན་སྒྲུབ་ཏུ་མེད། །སེམས་ཉིད་རྟ་མགྲིན་ཡིན་ཤེས་ན། །མཆོག་དང་ཐུན་མོང་དངོས་གྲུབ་འཐོབ། །ཡིད་བཞིན་ནོར་བུ་རང་ལ་རྙེད། །ཅིར་སྣང་ཅིར་རྟོག་ཅིར་ཐོས་པ། །རྟ་མགྲིན་ཉིད་ལས་གཞན་མ་ཡིན། །སྐུ་ཡི་ཆོ་འཕྲུལ་རྟ་མགྲིན་སྐུ་རུ་གསལ། །སྐྱེ་འགག་མེད་པའི་ངང་དུ་མྱ་ངན་འདས། །གསུང་གི་རང་བཞིན་རྟ་སྐད་ཅིར་སྒྲོགས་པ། །མ་སྐྱེས་མི་འགག་གསུང་དུ་མྱ་ངན་འདས། །ཐུགས་ཀྱི་རང་བཞིན་རྟ་མགྲིན་ཅིར་གསལ་ཡང་། །ཆོས་སྐུ་མཚན་མེད་ཀློང་དུ་མྱ་ངན་འདས། །དེ་ལྟར་རྟོགས་ན་རྟ་མགྲིན་རྣལ་འབྱོར་ཡིན། །གསང་སྔགས་ལ་ཤན་འབྱེད་པ་ཁྱད་པར་འཕགས། །ཅེས་གསུངས། བཞི་པ་ལ། །དཔལ་རྟ་མགྲིན་གྱི་རྟ་སྐད་ཐེང་གསུམ་གྱིས་མ་མོ་མཁའ་འགྲོའི་ཚོགས་ལ་བརྡ་སྤྲད་པ་དང་། མ་མོའི་འགྱིང་སྐད་ཐེང་གསུམ་གྱིས་དཔལ་རྡོ་རྗེའི་མིང་སྲིང་བརྡ་ཕྲད་དེ་དགོངས་ཀློང་རྡོལ་བ་དང་། རྣལ་འབྱོར་པའི་བརྡ་སྐད་ཐང་གསུམ་གྱིས་སྣང་སྲིད་མ་མོའི་ཚོགས་ལ་དབང་བསྒྱུར་ཏེ་ལས་བྱེད་པའི་ཚུལ་དང་གསུམ་ལས། དང་པོ་ནི། རྟ་སྐད་དང་པོ་བོས་པས་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཡེ་ནས་མ་བཅོས་མ་སྦྱང་བར་དཔལ་རྫབ་དགོངས་ཀྱི་མཚན་ལྟར་མ་མོ་མཁའ་འགྲོ་ལ་དབང་སྡུད་ཟིལ་གནོན་གཏོང་ཚུལ་ཡིན་པས།

TN03_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༢)མཁས་པའི་ཡིད་འཕྲོགས་ན་འདི་ཐད་བཤད་པ་རྣམས་གསང་རྫོགས་སོགས་ཀྱི་རྟ་སྐད་ཀྱི་སྟེང་དུ་བཤད་ནས་འདི་དང་ཡང་གནད་གཅིག་པ་ཙམ་དུ་བྱས་ན་ལེགས་སམ་སྙམ་རྟ་མགྲིན་གྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་རྟོགས་པའོ། །རྟ་སྐད་བར་མ་བོས་པས་ཁམས་གསུམ་སྲིད་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཤ་ཆེན་གྱི་ཕུང་པོ་དང་། ཁྲག་གི་རྒྱ་མཚོ་དང་། ཀེང་རུས་ཀྱི་རི་རབ་ཏུ་གྱུར་པས་མ་མོ་དང་མཁའ་འགྲོ་ཐམས་ཅད་དགྱེས་པའི་ལོངས་སྤྱོད་རྒྱུན་མི་འཆད་པར་བསམ། རྟ་སྐད་ཐ་མ་བོས་པས་མ་མོ་དང་མཁའ་འགྲོ་ཐམས་ཅད་བཀའ་འོག་ཏུ་བསྡུས་ནས་ཕྲིན་ལས་རྣམ་པ་བཞི་ལ་སོགས་པ་ཅི་བཅོལ་བའི་ལས་རྫོགས་པར་བྱེད་དེ། བཀའ་ཉན་གསུང་སྡོད་ཅེས་བྱའོ། །གཉིས་པ་ནི། དཔལ་གྱི་རྟ་སྐད་ཐེང་གསུམ་བོས་པའི་དུས་ན། མ་མོ་རྣམས་འགྱིངས་ཤིང་དམ་ཚིག་དང་སྔོན་གྱི་ཐ་ཚིག་ལས་མི་འདའ་བའི་གླུ། བདག་ཅག་ནམ་མཁའི་དབྱིངས་ནས་མཆི། །ནམ་མཁའ་དབྱིངས་ནས་མི་མཆི་རུ། །བདག་ཅག་གནས་ནི་ནམ་མཁའ་ལགས། །བདག་ཅག་འཐེང་ཞིང་གྲུམ་ཞིང་མཆི། །འཐེང་ཞིང་གྲུམ་ཞིང་མི་མཆི་རུ། །ཀེང་རུས་རི་རབ་རྩེ་མོ་ཚ། །བདག་ཅག་འབོག་ཅིང་བརྒྱལ་ཞིང་མཆིས། །འབོག་ཅིང་བརྒྱལ་ཞིང་མི་མཆི་རུ། །རཀྟའི་རྒྱ་མཚོ་གཏིང་རེ་ཟབ། །བདག་ཅག་ཐང་ཅིག་ཡུད་ལ་མཆི། །ཐང་ཅིག་ཡུད་ལ་མི་མཆི་རུ། །མིང་པོ་རྡོ་རྗེའི་བཀའ་ལུང་གཉན། །ཞེས་

TN03_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༣)ལན་ནོ། །གསུམ་པ་ནི། ཐལ་མོ་དང་པོ་བརྡབ་པས། ཆོས་ལ་དགྲ་བྱུང་། སངས་རྒྱས་ར་མདའ་ཟློག། ཅེས་པའི་བརྡ་སྐད་ཀྱིས་དཔལ་ཁྲག་འཐུང་རྣམས་དབྱིངས་ནས་སྐུལ། ཐལ་མོ་ཐ་མ་བརྡབ་པས་ལས་ཀྱི་མཁའ་འགྲོ་མ་རྣམས་ལས་ལ་བསྐུལ་ཏེ་བཙུད་པ་རྣམས་སོ། །དེ་དག་ཐམས་ཅད་བསྡུ་ན་གཉིས་ཏེ། རྟ་སྐད་ལྟ་བར་དགོངས་པ་དང་། སྤྱོད་པར་དགོངས་པའོ། །དང་པོ་ལ་གཉིས་ཏེ། ངོ་བོ་དོན་གྱི་རྟ་སྐད། གསང་སྔགས་གནད་ཀྱི་རྟ་སྐད་དོ། །དང་པོ་ནི་གསུམ་སྟེ། རང་བཞིན་ངོ་བོ་དོན་གྱི་རྟ་སྐད་སྣང་སྲིད་ཐམས་ཅད་ཡེ་ནས་མ་བཅོས་མ་སྦྱངས་ལྷུན་གྱིས་གྲུབ་པའི་དཔལ་རྟ་མགྲིན། དེ་ལྟར་རྟོགས་པའོ། །རིག་པ་ངོ་བོ་ཉིད་ཀྱི་རྟ་སྐད་རང་རིག་པ་དཔལ་ཆེན་པོའི་སྐུར་ཡེ་ནས་མ་བཅོས་པར་གནས་པའོ། །གཉིས་སུ་མེད་པ་ངོ་བོ་ཉིད་ཀྱི་རྟ་སྐད་ཐབས་ཤེས་གཉིས་སུ་མེད་པའམ། དོན་དམ་པ་དང་ཀུན་རྫོབ་གཉིས་སུ་མེད་པའམ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའམ། སྣང་བ་དང་སྟོང་པ་དབྱེར་མེད་པ་ལ་བྱ་སྟེ། དེ་ཡང་སྣང་སྲིད་ཐམས་ཅད་དཔལ་རྟ་མགྲིན་གྱི་དཀྱིལ་འཁོར་དུ་སྣང་ཙམ་ན་སྣང་ཞིང་སྟོང་སྟེ་སྣང་ལ་རང་བཞིན་མེད། དེ་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་སུ་རྟོགས་པའོ། །གཉིས་པ་ལ་གསུམ་སྟེ།

TN03_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༤)ཐེག་པ་རིམ་པས་བགྲོད་པའི་རྟ་སྐད་ཀྱིས་ཐེག་རིམ་དགུའི་ནང་ནས་དཔལ་རྟ་མགྲིན་གྱི་རྣལ་འབྱོར་སངས་རྒྱས་ཀྱི་ས་ལ་འགྲོ་བ་མགྱོགས་པར་བསྟན་པ་རྟའི་འགྲོས་དགུ་དང་སྦྱར་ནས་སོ། །ས་ལམ་དང་སྦྱར་བའི་རྟ་སྐད་བཅུ་གསུམ་དང་སྦྱར་ཏེ། འདིའི་རྣལ་འབྱོར་པ་ས་ལམ་མྱུར་དུ་བགྲོད་པའི་ཆེ་བ་བསྟན་པ། །གསང་སྔགས་ལ་ཤན་དབྱེ་བའི་རྟ་སྐད། གསང་སྔགས་གཞན་ལས་དཔལ་རྟ་མགྲིན་ཆེ་བའི་ཡོན་ཏན་རྟ་མགོ་དང་སྦྱར་ནས་བསྟན་པའོ། །རྟ་སྐད་སྤྱོད་པར་དགོངས་པ་ལ་གཉིས་ཏེ། གདུལ་བྱ་ཐབས་ཀྱི་རྟ་སྐད་དང་། དཔལ་ཆེན་ཆེ་བའི་རྟ་སྐད་དོ། །དང་པོ་ལ་གསུམ་ལས། དཔལ་གྱི་རྟ་སྐད་ཐེང་གསུམ་ནི། རྟ་སྐད་དང་པོ་དམ་ཚིག་རྗེས་སུ་བསྐུལ་བ། བར་པ་བཀའ་ལ་དྲངས་པ། ཐ་མ་དོན་བྱེད་པའོ། །མ་མོའི་འགྱིང་སྐད་ཐེང་གསུམ་ནི། རང་རྒྱུད་ཆེ་བའི་རྔམས་སྐད། །བྱིན་བརླབ་རྫས་ལེན་གྱི་གདངས་སྐད། དྲག་པོ་ལས་ལ་ཆས་པའི་འགྱིང་སྐད་དོ། །རྣལ་འབྱོར་པའི་བརྡ་སྐད་ཐེང་གསུམ་ནི། ལུས་ཀྱི་བརྡ། ཐལ་མོ་དང་སེ་གོལ་སོགས། ངག་གི་བརྡ། བཤུགས་པའི་གླུ་སོགས། ཡིད་ཀྱི་བརྡ་དགོངས་པ་གཏོད་པ་དང་གསུམ་མོ། །དཔལ་ཆེན་ཆེ་བའི་རྟ་སྐད་ནི། །པདྨ་ཁྲག་འཐུང་ཁྲོས་པའི་སྐུ། །ཐམས་ཅད་དབང་དུ་སྡུད་པར་བྱེད། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ལ། །བསྙེན་པ་བྱས་པས་ཉེར་མ་འདོད། །བསྒྲུབ་པ་བྱས་པས་རྟགས་མ་ཐོན། །

TN03_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༥)བསྒོས་པས་ལས་བྱེད་མ་འདོད་ན། །སྡེ་བརྒྱད་སྲིད་པ་དཀྲུགས་པར་བྱེད། །སྤྱོད་བག་ཤོང་བའི་དབེན་གནས་སུ། །ལུས་ངག་ཡིད་གསུམ་ཁྲོས་ཀྱིས་ཀྱང་། དམར་ནག་གཞི་གཅིག་དམིགས་པ་བསྐྱེད། །ཡུལ་གསུམ་གསལ་བར་གྱུར་པ་དང་། །པདྨ་དབང་ཆེན་རྟ་མགྲིན་སྐུ། །ཏིང་འཛིན་བརྟན་པོས་བསྒྲུབ་པ་ལས། །དབང་ཆེན་ཕྱག་རྒྱ་བྱས་ནས་ནི། ཁྲོས་པའི་རྟ་སྐད་ཐེངས་གསུམ་འདོན། ཁྲོས་པའི་རྟ་སྐད་ཐང་གསུམ་གྱིས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱང་། །འབྲོང་རྒོད་འདྲོགས་པ་བཞིན་དུ་ནི། །རང་དབང་མེད་པར་ཧད་ཀྱིས་དངངས། །རྟ་སྐད་ལན་གསུམ་བཏོན་པ་ཡིས། །ཤ་རུལ་དོང་དུ་བཅུག་པ་ལ། །ཤ་སྦྲང་ལ་སོགས་འདུ་བ་བཞིན། །རང་དབང་མེད་པར་དབང་དུ་བསྡུས། །རྟ་སྐད་ཐེང་གསུམ་བཏོན་པ་ཡིས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱང་། །རྒྱལ་ཁྲིམས་དམ་པའི་དམངས་རྣམས་བཞིན། །རང་དབང་མེད་པར་འདུར་གྱིས་བཏང་། །དེ་ནི་རྟ་མགྲིན་རྣལ་འབྱོར་རོ། །པདྨ་གསུང་གི་སྒྲུབ་པའི་ཐ་རམ་བཤད་ཟིན་ཏོ། །ཞེས་པའོ། །གསང་སྔགས་བཀའི་ལྡེ་མིག་ལས། པདྨ་གསུང་གི་སྒྲུབ་ཐབས་ཅུང་ཟད་ཅིག་བཤད་དེ༔ པདྨ་དབང་གི་རྒྱལ་པོ་དཔལ་རྟ་མགྲིན་ལ་གསུམ་སྟེ༔ མཚོན་པ་དཔེའི་རྟ་མགྲིན་དང་༔ ཆོས་ཉིད་དོན་གྱི་རྟ་མགྲིན་དང་༔འཁོར་བ་རྟགས་ཀྱི་རྟ་མགྲིན་ནོ༔ །

TN03_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༦)མཚོན་པ་དཔེའི་རྟ་མགྲིན་ལ་ངོ་བོ་ངེས་ཚིག་དབྱེ་བ་གསུམ་མོ༔ ངོ་བོ་ནི༔ རྟའི་མགོ་ལྗང་གུར་སྣང་བའོ༔ ངེས་ཚིག་ནི༔ རྫུ་འཕྲུལ་གྱི་རྐང་པ་དང་ལྡན༔ བགྲོད་མཁས༔ སྐད་རིང་༔ ཤུགས་ཆེ་བས༔ དཔལ་རྟ་མགྲིན་ཀྱང་འཁོར་བར་ཐུགས་རྗེའི་རྫུ་འཕྲུལ་དང་ལྡན་ལ༔ ཐེག་དགུའི་ས་ལམ་བགྲོད་མཁས༔ འཁོར་བར་ཐུགས་རྗེའི་སྐད་རིང་ལ༔ སངས་རྒྱས་ཀྱི་ས་ལ་བགྲོད་པ་ལ་ཤུགས་ཆེའོ༔ དབྱེ་ན༔ རྟ་མགོ་ལྗང་ཀུ༔ དཔྲལ་བ་ཞུར་པོ༔ རྔོག་མ་ལེ་བརྒན༔ ཕུམ་ཕུམ་སེར་པོ༔ དོན་གཅིག་ལ་རྟགས་བཞི་ཚང་བའོ༔ ཆོས་ཉིད་དོན་གྱི་རྟ་མགྲིན་ལའང་༔ ངོ་བོ༔ ངེས་ཚིག༔ དབྱེ་བ་གསུམ་མོ༔ ངོ་བོ་ནི༔ ཆོས་ཉིད་བྱང་ཆུབ་སེམས་གཞི་ཅིའི་ངོ་བོར་ཡང་མ་གྲུབ་པའོ༔ ངེས་ཚིག་ནི༔ ཆོས་ཉིད་བྱང་ཆུབ་སེམས་རྟ་ལྟར་མགྱོགས་པའི་སེམས་ཅན་གྱི་དོན་ལ་ཕྲིན་ལས་སྐད་ཅིག་གིས་མཛད་པས་རྟ་མགྲིན་ཞེས་བྱའོ༔ དབྱེ་ན༔ ཕྱིའི་རྟ་མགྲིན༔ ནང་གི་རྟ་མགྲིན༔ གསང་བའི་རྟ་མགྲིན་དང་གསུམ་མོ༔ ཕྱིའི་རྟ་མགྲིན་ནི༔ར ང་གི་རིག་པ་རྟ་མགྲིན་གྱི་སྐུར་སྣང་བའོ༔ ནང་གི་རྟ་མགྲིན་ནི༔ར ང་གི་ལུས་རྟ་མགྲིན་གྱི་སྐུར་སྣང་བའོ༔ གསང་བའི་རྟ་མགྲིན་ནི༔ སེམས་ཉིད་

TN03_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༧)རྟ་མགྲིན་གྱི་ངོ་བོར་ཡེ་ནས་གྲུབ་པའོ༔ འཁོར་བ་རྟགས་ཀྱི་རྟ་མགྲིན་ལ་ཡང་གསུམ་སྟེ༔ ངོ་བོ༔ ངེས་ཚིག༔ དབྱེ་བ་གསུམ་མོ༔ ངོ་བོ་ནི༔ ལོངས་སྤྱོད་རྫོགས་པའི་སྐུའོ༔ ངེས་ཚིག་ནི༔ འཁོར་བའི་སེམས་ཅན་ལ་ཐུགས་རྗེ་རྟ་ལྟར་ཆགས་པ་ཆེ་བས་དབང་གི་རིགས་སུ་སྐུ་མདོག་དམར་པོར་བསྟན་པའོ༔ དབྱེ་བ་ནི༔ ཕྱི་ཞི་བ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་ལ༔ ནང་པདྨ་དབང་ཆེན་གྱི་སྐུར་བསྟན་པའོ༔ རྟ་མགྲིན་པདྨ་གསུང་གི་ལྡེ་མིག་རྪྱོ་རྪྱོ༔ ཞེས་གསུངས་སོ། །སྒྲུབ་པ་ལུང་གི་བཀའ་སྒོ་ལས། པདྨ་གསུང་གི་སྒྲུབ་པར་གདགས་པ་ཡང་༔ འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྟ་སྐད་ཐེང་གསུམ་དུ་འདུས་ཏེ༔ རྟ་སྐད་ལྟ་བར་དགོངས་པ་དང་༔ རྟ་སྐད་སྤྱོད་པར་དགོངས་པའོ། རྟ་སྐད་ལྟ་བར་དགོངས་པ་ནི༔ རྟ་སྐད་ཐེང་གཅིག་བཏོན་པས་སྣང་སྲིད་ཐམས་ཅད་དབང་དུ་བསྡུས༔ གཉིས་ཀྱིས་པདྨའི་རང་བཞིན་དུ་གྱུར༔ གསུམ་གྱིས་བསྐྱེད་རྫོགས་གསུམ་གྱི་ས་ལ་སྦྱངས་སོ༔ རྟ་སྐད་སྤྱོད་པར་དགོངས་པ་ནི། རྟ་སྐད་ཐེང་གཅིག་གིས་ལྷ་འདྲེ་ཐམས་ཅད་སྡངས༔ གཉིས་ཀྱིས་སྔོན་གྱི་དམ་ཚིག་རྗེས་སུ་དྲན༔ གསུམ་གྱིས་དབང་དུ་འདུས་པའོ༔ དེ་བས་ན་སྣང་སྲིད་ཐམས་ཅད་རྟ་སྐད་ཐང་གསུམ་དུ་འདུལ༔ །རྟ་སྐད་པདྨ་དབང་

TN03_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༨)ཆེན་གྱི་གསུང་དུ་གནས་པས༔ པདྨ་གསུང་གི་སྒྲུབ་པ་ཞེས་བྱའོ༔ པདྨ་ཐམས་ཅད་ཀྱི་མཐའ་གར་ཐུག་ན་རྟ་སྐད་ཐེངས་གསུམ་གྱི་དགོངས་པར་ཐུག་ཅེས་ཀྱང་དེ་ལ་བྱའོ༔ ཞེས་བཤད། མ་ཚང་ཁ་སྐོང་གི་རྒྱུད་དང་། མདོ་རྒྱུད་རྟོག་པ་བསྡུས་པའི་སྒྲོན་མ་སོགས་གཞན་དུ་ཡང་གསུངས་མོད་ཀྱི། །དེ་ཙམ་ལས་མ་བྲིས་སོ། །བཀའ་བརྒྱད་གསང་རྫོགས་ཀྱི་རྒྱུད་ཀྱི་ལེའུ་བརྒྱད་པ་ལས། །འཁོར་འདས་སྣང་སྟོང་དབྱེར་མེད་རྟ་སྐད་གསུམ༔ རང་སེམས་དྲི་མེད་རྣམ་དག་ས་ལམ་བཅད༔ སྣང་སྟོང་གྲགས་སྟོང་དྲན་སྟོང་སོ་མར་ཞོག༔ འཁོར་འདས་ཟིལ་གནོན་རྟ་སྐད་དགོངས་པ་ཡིན༔ ཞེས་གསུངས། དྲག་པོ་རང་བྱུང་རང་ཤར་གྱི་རྫོགས་རིམ་སྙིང་ཏིག་རྣམ་པ་བཅུའི་ནང་ཚན་གཉིས་པ་ནི། ཉོན་ཅིག་གསང་བདག་རྡོ་རྗེ་འཛིན༔རང་རང་དྲི་མ་མེད་པ་དེ༔ རྣམ་དག་སངས་རྒྱས་ཀུན་གྱི་ལམ༔ ཅིར་སྣང་རྟོག་པས་མ་དེད་པར༔ སྣང་སྲིད་ང་བདག་མེད་པ་རུ༔ གཟུགས་སྣང་ཐམས་ཅད་སྣང་སྟོང་ཡིན༔ སྒྲ་རྣམས་གྲགས་སྟོང་ངོ་བོ་མེད༔ དྲན་རྟོག་འགྱུ་བ་རླུང་དང་འདྲ༔ ཐམས་ཅད་དབྱེར་མེད་སོ་མར་ཞོག༔ དེ་ཚེ་འཁོར་བ་ཟིལ་གྱིས་གནོན༔ པདྨ་གསུང་གི་དགོངས་པ་ཡིན༔ ཅེས་གསུངས་སོ༔ ཞེས་པ་འདི་ཡིན་ནོ། །གྲོལ་ཏིག་ཐུགས་སྒྲུབ་པདྨ་རཱ་གར། རྟ་མགོ་ལྗང་ཞུར་རླུང་ལྔ་ཡེ་ཤེས་ལྡན༔ རྟ་སྐད་

TN03_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

(༤༤༩)རྔམས་སྒྲས་ཆོས་ཀྱི་ཕུང་པོ་སྡུད༔ ཕག་ཞལ་ནག་མོ་དུར་སྒྲ་ཕྱོགས་བཅུར་སྒྲོགས༔ ཁམས་གསུམ་དབང་སྡུད་ཕྱོགས་བཅུའི་དྲེགས་པ་འདུལ༔ གཉིས་མེད་ཧྲཱིཿཧཱུཾ་དུག་ལྔའི་རྟོག་པ་འཇོམས༔ ཞེས་གསུངས་ཤིང་སྐྱབས་རྗེས་ཕག་མོའི་ཁྲིད་གནང་སྐབས་ཤིག་ཏུ་ཡང་། ཕག་ཞལ་གྱི་ངུར་སྒྲས་ཁམས་གསུམ་མ་ལུས་པ་བདེ་བ་ཆེན་པོའི་དབྱིངས་སུ་སྡུད་ནུས་པ༔ ཞེས་བཀའ་སྩལ་པ་དྲན་ནོ། །པྲ་བྷ་ཀ་རས་མཛད་པའི་རྟ་མགྲིན་སྒྲུབ་ཐབས་ལས། པ་ལ་ཤའི་མདོག་ཅན་གྱི་རྟ་གདོང་གསུངས་ནས། རྟའི་གདོང་པ་ནི་གཞན་པ་མེད་པའི་སེམས་ཀྱི་རང་བཞིན་འདི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། །ལམ་རྣམ་པར་དག་པར་གཞོལ་བར་མངོན་པར་བརྗོད་དོ། །ཞེས་དང་། ཐོག་དཔྱད་པ་མེད་པའི་ཡེ་ཤེས་ཀྱི་སེམས་འདུད་འགྲོའི་ཞལ་དུ་བསྟན་ཏོ། །ཞེས་སོ། །སངས་རྒྱས་གསང་བས་རྣམ་སྣང་མངོན་བྱང་གི་འགྲེལ་པར། རྟ་མགྲིན་ཞེས་སུ་གྲགས་ཞེས་པ་ནི་ཆོས་ལ་འབིགས་པའི་ཡེ་ཤེས་མྱུར་ཞིང་མགྱོགས་པ་རྟ་དང་འདྲ་བ་དང་། སེམས་ཅན་གྱི་དོན་བྱ་བ་ལ་མགྱོགས་འདིས་ནི་ཐུགས་རྗེའི་ཤུགས་མྱུར་བར་བསྟན་པས། འགྲུབ་ཐག་ཉེ་བར་ཤེས་ནུས། པ་རྟ་དང་འདྲ་བའི་ཕྱིར་རྟ་མགྲིན་ཞེས་བྱའོ། །ཞེས་སོ། །ཡང་དེ་ཉིད་ལས། ཞི་རྒྱས་དབང་གི་ཕྲིན་ལས་གསུམ་མཚོན་པའི་ཁ་དོག་དཀར་སེར་སྔོན་པོ་རྣམས་འདུས་པའི་ལྗང་ཀུས་ནི་ལས་སྣ་

TN03_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༠)ཚོགས་ཀྱི་བདག་ཉིད་དུ་མཚོན་ཞེས་ལྷ་མོ་སྒྲོལ་མའི་སྐབས་སུ་གསུངས་སོ། །རྟ་ཞལ་སྟེང་ཕྱོགས་རིང་པོར་བསྟོད་དེ་འཚེར་བས་ནི། ས་བླའི་མཐར་ཐུག་པའི་དྲེགས་ལྡན་དབང་དུ་བྱེད་པར་ཇོ་བོ་རྗེས་མཛད་པའི་རྟ་མགྲིན་སྒྲུབ་ཐབས་ཤིག་ཏུ་སྣང་ངོ་། འདི་བློ་འཆུགས་ཡིན་གྱི། རྟོགས་པ་བདུན་བརྒྱ་པ་ལས་གསུངས་པའི་རྟ་མགྲིན་གྱི་སྒྲུབ་ཐབས་སུ། རྟ་ཞལ་སྔོན་པོ་ཧཱི་ཧཱིའི་སྒྲ་སྒྲོགས་པ། སྲིད་རྩེའི་མཐར་ཐུག་པའི་ཚངས་པའི་སྒོ་ངའི་རྩེ་རྟ་ཞལ་གྱིས་མནན་པ། ཞེས་པ་འདི་ལས་གཞན་མི་སྣང་སྟེ། དེའང་ཇོ་བོའི་གཞུང་ཡིན་པར་མ་བཤད། གཡས་ཕྱོགས་སུ་བལྟས་ཏེ་འཚེར་བའི་རྟས་ས་ཆེན་པོ་ལས་རྣམ་པར་རྒྱལ་བར་བྱེད་པར་ཤ་ལི་ཧོ་ཏྲས་བཤད་པ་སོགས་འགའ་ཞིག་ཀྱང་ཆོས་མཐུན་སྦྱོར་ཡུལ་དུ་ཡོད་དམ་སྙམ། མཆན། ས་གཞི་ལ་རྟའི་མཆོག་ཏུ་གྱུར་པ་རིགས་བཟང་ཞིང་རྣམ་འགྱུར་མེད་པ་ནི། ཨཱ་ཛཱ་ནེ་ཡ༔ ཅང་ཤེས་རྣམས་ཏེ། གཡུལ་དུ་མཚོན་ཆས་ལྕི་བར་བསྣུན་ཀྱང་བདག་པོ་གང་ཡིན་འདོར་བར་མི་བྱེད་པའོ། །ཞེས་འཆི་མེད་མཛོད་ཀྱི་འགྲེལ་པར་བཤད་དེ། །བཀའ་གཏེར་མང་པོར་གཞན་དོན་ལ་སྤྲོ་བ་མི་འཕྲོགས་པའི་བརྩོན་འགྲུས་ཀྱི་ལྷར་མཚོན་པའི་ཕྱིར་རྟ་ཞལ་འཆང་བར་བཤད་པ་ལ་མཁོ། ཡང་དེ་ཉིད་ལས། ཨཱ་ཛཱ་ནེ་ཡའི་ཨཱ་མངོན་པར་ཁྱབ་པ་སྟེ་བགྲོད་བྱའི་གནས་སུ་ཞོན་པ་པོས་བཞིན་ནས་ཤུགས་ཀྱིས་ཕྱིན་པར་བྱེད་པ་ནི་ངེས་པའི་ཚིག་གོ །གང་དུ་ལེགས་པར་ཁུར་འཁྱེར་བའི་ཚུལ་ཅན་བདེ་བར་བཞོན་པར་བྱར་ཡོད་པ་དེ་ནི་པི་ནི་ཏ༔ སྟེ་རྣམ་པར་དུལ་བ་ཞེས་བྱའོ། །

TN03_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༡)ཞེས་བཤད་དེ་ཆོས་མཚུངས་སྦྱོར་དུས་མཁོའོ། ༈ །སྙན་རྒྱུད་རྟ་མགྲིན་སྙིང་ཏིག་ལས་རྟ་སྐད་ཐང་གསུམ་གྱི་དོན་གཞི་ལམ་འབྲས་གསུམ་དང་སྦྱར་ནས་གསུངས་པ་ནི་ཟུར་དུ་ཤེས། རྟ་སྐད་ཐང་གཅིག་ཀ་དག་གི་དགོངས་པ་ནི་དབང་བཞི་པའི་གཞུང་འདི་ཟབ་ཅིང་གསལ་ཏེ། ཧཱི་ཧཱི་ཧཱི༔ རྡོ་རྗེའི་རྟ་སྐད་འཚེར་བའི་དབྱངས༔ གསལ་ཞིང་བརྗིད་པའི་གདངས་ཆེན་པོ༔ རང་བྱུང་ནམ་མཁའི་དཀྱིལ་ནས་བསྒྲགས༔ བདེ་སྟོང་ཉམས་ཀྱི་ངོ་བོར་ལྟོས༔ དེ་ལ་རྩེ་གཅིག་མཉམ་བཞག་པས༔ དང་པོ་སྐྱེ་མེད་སྟོང་སང་ངེ་༔ བར་དུ་གནས་མེད་ཟང་ཐལ་ལེ༔ ཐ་མ་འགགས་མེད་རྗེན་ཅེ་རེ༔ རང་བཞིན་ཡོངས་ཤེས་དྲན་པའི་ངང་༔ ཡིད་མིག་རླུང་གསུམ་དབྱེར་མེད་འཇོག༔ འདི་དོན་རྟོགས་ན་དོན་གྱི་དབང་༔ པདྨ་དབང་ཆེན་ཚེ་འདིར་འགྲུབ༔ དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུཾཿ ཞེས་བཀའ་སྩལ་བའོ། །དབང་ཆེན་ཡང་གསང་ཁྲོས་པའི་ལ་བཟླ་རྟ་སྐད་ཐང་གཅིག་གི་གཞུང་ནི། བཅོམ་ལྡན་འདས་པདྨ་དབང་ཆེན་ལ་ཕྱག་འཚལ་ལོ། །དབུ་གཙུག་སྤྲུལ་པ་རྡོ་རྗེ་རྟ་ཡི་སྐད། །མི་སྐྱེ་མི་འགག་ནམ་མཁའི་རང་བཞིན་ཅན། །སྣང་སྲིད་ལོ་ཀ་ཐམས་ཅད་ཅིར་མི་དམིགས། །དོན་དམ་ཀུན་རྫོབ་མཚོན་པ་མྱ་ངན་འདས། །རྡོ་རྗེ་རྟ་སྐད་རྣམ་ཤེས་ཐུགས་ཉིད་སེམས། །དམིགས་མེད་ཆོས་ཀྱི་སྐུ་ལ་སྟོང་ཡེ་གསལ། །

TN03_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༢)ད་ནི་དམིགས་མེད་མཚོན་པ་མྱ་ངན་འདས། །རྡོ་རྗེ་རྟ་སྐད་གཟུགས་སུ་རྣམ་པར་ཏེ། །ལོངས་སྤྱོད་སྐུ་ལ་གསལ་བ་ཡེ་ཤེས་ནི། །གསལ་ལ་རང་བཞིན་མེད་པར་མཚོན་པ་མྱ་ངན་འདས། །རྡོ་རྗེ་རྟ་སྐད་འདུ་བྱེད་གསུང་དུ་སྣང་། །ཅིར་ཡང་སྤྲུལ་ཏེ་ཡེ་ཤེས་སོ་སོར་རྟོག །གཉིས་མཐའ་དངོས་མེད་མཚོན་པ་མྱ་ངན་འདས། །རྡོ་རྗེ་རྟ་སྐད་འདུ་ཤེས་ཕྲིན་ལས་གྲུབ། །མངོན་པར་བྱང་ཆུབ་ཡེ་ཤེས་ནན་ཏན་ཏེ། །མཐར་ཕྱིན་ལྷུན་གྲུབ་མཚོན་པ་མྱ་ངན་འདས། །རྡོ་རྗེ་རྟ་སྐད་ཚོར་བ་ཡོན་ཏན་འབྱུང་། །མི་འགྱུར་སྐུ་ལ་མཉམ་པའི་ཡེ་ཤེས་གསལ། །མི་མཉམ་མཉམ་པར་མཚོན་པས་མྱ་ངན་འདས། །ཀུན་རྫོབ་སྒྲ་དབྱངས་འབྱུང་བའི་གནས་དག་ནི། །དེ་ཉིད་ལས་སྤྲུལ་རྡོ་རྗེ་རྟ་ཡི་དབུ། །མགྲིན་པ་པདྨའི་ཡེ་ཤེས་འཁོར་ལོ་སྟེ། །ཐབས་ཉིད་ཡབ་སྟེ་ཡ་མཁལ་རྟགས། །ཤེས་རབ་ཡུམ་སྟེ་མ་མགལ་མམ། །གཉིས་མེད་ལྕེ་སྟེ་ཧྲཱིཿཉིད་འབྱུང་། །དེ་ཕྱིར་རྡོ་རྗེ་རྟ་ཡི་མགྲིན་པར་བརྗོད། །རྡོ་རྗེ་རྟ་སྐད་དཔེ་ནི་ནམ་མཁར་བཞག །ནམ་མཁའི་རང་བཞིན་མ་སྐྱེས་མ་འགག་པས། །སྣང་སྲིད་ཀུན་ཀྱང་མཚོན་པས་མྱ་ངན་འདས། །རྡོ་རྗེ་རྟ་སྐད་དོན་ནི་ཆོས་ཉིད་དེ། །ཆོས་ཉིད་བདེ་ཆེན་མ་སྐྱེས་མི་བསྐྱེད་པས། །དེ་ཕྱིར་ཆོས་ཉིད་ཀུན་ཀྱང་མྱ་ངན་འདས། །རྡོ་རྗེ་རྟ་སྐད་རྟགས་ནི་སེམས་ཉིད་དེ། །སེམས་ཉིད་རང་བཞིན་མ་སྐྱེས་མི་

TN03_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༣)འགགས་པས། །དེ་བཞིན་སེམས་ཅན་མཚོན་པ་མྱ་ངན་འདས། །དེ་ལྟར་གདུལ་བྱའི་དོན་དུ་གསུངས་པ་ཡང་། །ཕུང་པོ་ཁམས་དང་སྐྱེ་མཆེད་མ་ལུས་པ། །པདྨ་དབང་གི་དཀྱིལ་འཁོར་ཡེ་ནས་ཡིན། །ཡིན་པའི་དོན་ལ་རིག་པ་གསལ་བཀོད་ནས། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །སེམས་དང་ཡེ་ཤེས་དབྱེར་མེད་དོན་གཅིག་པས། །རྟོག་པ་ཡེ་ཤེས་སེམས་སུ་ཀུན་རྟོགས་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །འཁོར་བའི་རྒྱུ་ཉིད་ཐར་པའི་ལམ་གྱི་སྐབས། །དུཿཁའི་རྒྱུ་ཉིད་ཆོས་ཉིད་བྱང་ཆུབ་སེམས། །མ་སྤངས་ལྷུན་གྱིས་གྲུབ་པའི་དོན་རྟོགས་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །ཡེ་ཤེས་རྟ་མགྲིན་རང་བཞིན་རྟ་མགྲིན་དང་། །ལས་ལ་སོགས་པ་མང་པོའི་ཚིག་བརྗོད་ཀྱང་། །བདག་ནི་བྱིན་རླབས་ཁྲོ་བོར་སྣང་བ་ལས། །གཞན་ན་ཁྲོ་བོར་གྲུབ་པ་ཅི་ཡང་མེད། །བདག་སྣང་བདག་འཁོལ་ལས་ཀུན་བདག་བྱེད་དེ། །བདག་གིས་གཡོས་ན་ཕྱི་ནང་སྣོད་བཅུད་གཡོ། །ཀུན་ཏུ་ཆེ་བཙན་འགྲན་གྱི་ཟླ་མེད་པས། །ཡོངས་ལ་ཐོགས་མེད་བདེ་འབྱམས་རྒྱ་མཚོ་ལ། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །ཐམས་ཅད་བྱང་ཆུབ་སེམས་སུ་རྟོགས་པས་གང་ཡང་ལྷུན་གྱིས་གྲུབ། །རྣམ་རྟོག་མིང་ཡང་མེད་པས་གང་བསྒྲལ་ཅི་མི་ལྟས། །ཐབས་མཁས་

TN03_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༤)རོལ་པ་ཡིན་པས་འཁོར་བའི་སྐྱོན་མ་གོས། །ཐུགས་རྗེ་བྱང་ཆུབ་ཡིན་པས་ཐར་པ་བདེ་ཆེན་ཐོབ། །ཀུན་གྱི་བདག་ཉིད་ཡིན་པས་མཁའ་འགྲོ་ངང་གིས་འཁོལ། །བདེ་ཆེན་རྒྱལ་པོ་ཡིན་པས་འཁོར་གྱི་རྗེ་བོ་ཡིན། །ཐམས་ཅད་བདག་ལས་བྱུང་བས་ཀུན་གྱི་བདག་པོ་ཡིན། །ང་རྒྱལ་རྟགས་སུ་ཆེ་བས་འགྲོ་དྲུག་ཐབས་ཀྱིས་འདུལ། །ཐུགས་རྗེའི་འབྲུག་སྒྲས་ཁམས་གསུམ་ཡོངས་སུ་ལྡིར། །ཐུགས་རྗེའི་བྱམས་ལྡན་ཉི་མའི་འོད་བཞིན་འཆར། །རྣམ་རྟོག་གཉེན་པོར་མི་རྟོག་ཡེ་ཤེས་ཆེ། །འཁོར་བའི་གཉེན་པོར་རང་འབྱུང་སངས་རྒྱས་ཏེ། །རྣམ་རྟོག་ཐབས་ཀྱི་གཉེན་པོར་གང་རྟོགས་ན། །མཁའ་འགྲོ་འདུ་བར་བྱ་བའི་ཐབས་གཞན་མེད། །འཁོར་བ་མྱ་ངན་འདས་པའི་དོན་རྟོགས་ནས། །འཁོར་དགྲ་བསྒྲལ་ཞིང་ཚར་བཅད་བྱ་མི་དགོས། །ཡེ་ཤེས་འཇམ་དཔལ་མཚན་གྱིས་རབ་རྫོགས་ནས། །རྒྱལ་བྱེད་རྟགས་དང་ཕྱག་རྒྱ་བསྒྲུབ་མི་དགོས། །ཕྲིན་ལས་བྱ་རྩོལ་བློ་ལས་ཡེ་འདས་ན། །སྒོམ་གྲུབ་དཀྱིལ་འཁོར་བྱ་བ་ཅི་ཡང་མེད། །འདི་ལྟར་མན་ངག་རྟོགས་པའི་གདེང་གྱུར་ན། །བསྒྲུབ་ན་སྐྱོན་མེད་མ་བསྒྲུབ་འགལ་བ་མེད། །བསྒྲལ་ན་སྐྱོན་མེད་མ་བསྒྲལ་འགལ་བ་མེད། །བསམ་དུ་མེད་དོ་ཆོས་དབྱིངས་ནམ་མཁའ་འདྲ། །སྒོམ་དུ་མེད་དོ་རང་འབྱུང་ཀློང་ནས་ཤར། །བདེ་འབྱམས་དབྱིངས་ཕྱུག་ཡུམ་གྱི་

TN03_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༥)རྒྱལ་པོ་ཡིན། །མ་འགག་ཅི་བདེར་ཡིན་གྱིས་ཡབ་ཀྱི་མཁའ། །སེམས་ལ་གང་ཡང་མི་རྟོག་རང་འབྱུང་སྐུ། །ཐབས་ལ་གང་ཡང་མི་འགོག་མ་བཅོས་སྐུ། །དོན་ལ་གང་ཡང་མི་རྟོག་ཆོས་ཀྱི་སྐུ། །ཆོས་ཀྱི་སྐུ་ལ་གཡོ་ཞིང་སྐྱེ་བ་མེད། །འཕོ་འགྱུར་མེད་པའི་ཀློང་བཞིན་སྒྲུབ་པ་མེད། །ཡེ་ཤེས་བྱང་ཆུབ་སེམས་སུ་དག་པ་ན། །འདུ་འཛི་བྱིས་པའི་རྩེད་མོས་ཅི་ཞིག་བྱ། །མ་འདས་ཀློང་གི་དམ་ཚིག་བསྲུང་མེད་ན། །ཉོན་མོངས་བདེ་སྡུག་མྱ་ངན་ཅི་ལ་སྤྱོད། །ཐབས་མཁས་རོལ་པའི་ཏིང་འཛིན་ཤར་བ་ལ། །ཕུང་པོ་ཚི་ཆད་སྩོལ་སྒྲུབ་ཅི་ལ་བྱ། །ཕྱི་ནང་སྣོད་བཅུད་ཐིག་ལེར་སངས་རྒྱས་ན། །གཞན་ནས་ཚོལ་ཞིང་སྨོན་དུ་ཅི་ཡང་མེད། །སྐུ་ཡི་ཆོ་འཕྲུལ་རྟ་མགྲིན་སྐུ་ལ་གསལ། །སྐྱེ་འགག་མེད་པའི་ངང་དུ་ལ་བཟླའོ། །གསུང་གི་རང་བཞིན་རྟ་སྐད་ཅི་སྒྲོགས་པ། །མི་སྐྱེ་མི་འགག་གསུང་དུ་ལ་བཟླའོ། །ཐུགས་ཀྱི་རང་བཞིན་རྟ་མགྲིན་ཅི་གསལ་ཡང་། །ཆོས་སྐུ་དངོས་མེད་ངང་དུ་ལ་བཟླའོ། །འདི་ལྟར་རྟོགས་ན་རྟ་མགྲིན་རྣལ་འབྱོར་ཡིན། །གཞན་པས་ཁྱད་འཕགས་གསང་སྔགས་དམ་པའི་ལམ། །ཞེས་སོ། །དཔལ་པདྨ་དབང་ཆེན་གྱི་རྟ་སྐད་ཐང་གཅིག་གི་དགོངས་པ་རྫོགས་སོ།། །ྀཨྠི །ཞེས་པ་སྟེ་དཔེ་སྐྱོན་ནི་ཆེས་མང་བར་སྣང་ཡང་རེ་ཞིག་བསྡུར་ས་མ་རྙེད། །

TN03_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༦)ཉང་རིན་པོ་ཆེའི་མཁའ་འགྲོ་ཆེན་མོའི་གསང་སྒྲུབ་ཀྱི་ཡབ་རྐྱང་གི་སྒྲུབ་པའི་ལེའུ་ལས། དབུ་གཙུག་རྟ་མགོ་ལྗང་ཀུ་ནི༔ རྟ་འགྲོ་བ་མགྱོགས་ཤིང་ཤུགས་ཆེ་བ་དང་འདྲ་བར༔ དཔལ་རྟ་མགྲིན་སངས་རྒྱས་ས་ལ་འགྲོ་བ་ལ་ལྷ་གཞན་པས་ཤུགས་ཆེ་ཞིང་འགྲོ་བ་མགྱོགས་པའོ༔ ལྗང་ཀུ་ནི་དབང་དྲག་གཉིས་ཀྱིས་འགྲོ་བའི་དོན་མཛད་པའོ༔ དཔྲལ་བ་ཞུར་བ་ནི༔ ཐུགས་རྗེ་དྲི་མ་མེད་པར་གཟིགས་པའོ༔ ཕུམ་ཕུམ་སེར་པོ་ནི་ཆེ་བའི་ཡོན་ཏན་དང་ལྡན་པའོ༔ རྡོག་མ་ལེ་བརྒན་ནི་དབང་གི་ཕྲིན་ལས་མཛད་པའོ༔ གཡས་ཕྱོགས་སུ་ལྟ་བ་ནི་འགྲོ་བའི་དོན་ལ་བདེ་བའོ༔ ཞེས་གསུངས་ཏེ། །དེའི་ཕྱི་མ་ནི་གོང་དུ། དབུ་གཙུག་རྟ་མགོ་ལྗང་ཞུར་གཡས་ཕྱོགས་སུ་ལྟ་བ༔ ཞེས་གསུངས་སོ། །ཡང་བདེ་འདུས་བསྐུལ་ཆེན་ལས། གཡས་ཀྱི་རྟ་སྐད་ལྷང་ལྷང་ཐང་གཅིག་གིས༔ ཞལ་གཡས་མྱ་ངན་འདས་པའི་ཆོས་ཀྱང་སྟོན༔ གཡོན་གྱི་རྟ་སྐད་ལྷང་ལྷང་ཐང་གཅིག་གིས༔ རྣལ་འབྱོར་ཡལ་གམ་ཅན་ལ་སིདྡྷི་སྟེར༔ དབུས་ཀྱི་རྟ་སྐད་ལྷང་ལྷང་ཐང་གཅིག་གིས༔ སྲིད་པའི་མ་མོ་བོས་ཤིང་དམ་ལ་སྡུད༔ ཅེས་དང་། ལྷོ་བྲག་ཕྱག་རྡོར་སྙན་བརྒྱུད་ཀྱི་དྲག་པོ་སུམ་སྒྲིལ་ལས། རྟ་སྐད་གཡས་སུ་བཏོན་པས་ཕོ་རྒྱུད་དང་། གཡོན་དུ་བཏོན་པས་མོ་རྒྱུད་ཐམས་ཅད་དབང་དུ་སྡུད་པ། དབུས་སུ་བཏོན་པས་སྒྲུབ་པ་པོ་ལ་དངོས་གྲུབ་

TN03_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༧)རྩོལ་བ། ཞེས་འབྱུང་ཞིང་། ཡང་དེ་ཉིད་ལས། །རྟ་སྐད་ལན་གསུམ་བཏོན་པས་ཁམས་གསུམ་དབང་དུ་སྡུད་པ། ཞེས་དང་། ཀློང་སྙིང་བཀའ་བརྒྱད་ལས། དབུ་གཙུག་རྟ་སྐད་ལྷང་ལྷང་འཚེར་བ་ཡིས༔ ངན་སོང་གནས་སྟོང་ཡེ་ཤེས་དོན་ལ་སྐུལཿ ཡེ་ཤེས་མ་མོ་མཁའ་འགྲོ་ཕོ་ཉར་འགྱེདཿ ཅེས་ཀྱང་འབྱུང་། དབང་ཆེན་གདབ་ཁ་ལྷ་གཞུང་གང་དུ་བྱུང་ཡང་། ཕུར་བུའི་སྒོ་ནས་བྱེད་པ་ལྟར། ཐོ་མནན་གང་དུ་བྱུང་ཡང་རྟ་བྲོ་ཞེས་ལྷ་འདིའི་སྒོ་ནས་བྱེད་པ་གྲགས་ཆེའོ། །གྱི་བྲོ། ཕུར་བུའི་གདབ་ཁ། མ་མོའི་ཐུན། ཞེས་མཁས་གྲུབ་མུས་སྲད་པ་སོགས་མང་པོས་བཤད་པའི་རྟ་བྲོའི་དགོངས་པ་ནི། རྒྱལ་པོ་བཀའ་འབུམ་གྱི་ཕྱི་གནོད་སྦྱིན་ཕོ་མོའི་བར་ཆད་འདུལ་བ་བརྟུལ་ཞུགས་གསུམ་གྱི་མན་ངག་ཏུ། ལུས་ཀྱི་བརྟུལ་ཞུགས་ལུས་རྟ་མགྲིན་གྱི་སྐུར་སྒོམ་པ་དང་། ངག་གི་བརྟུལ་ཞུགས་རྟ་སྔགས་དྲག་ཏུ་ཟློ་ཞིང་རྟ་སྐད་བཏོན་པས་དྲེགས་པ་ཐམས་ཅད་དབང་མེད་དུ་འདུ་བར་གསུངས་པའི་འཕྲོར་སེམས་ཏིང་ངེ་འཛིན་གྱི་བརྟུལ་ཞུགས་ལ་བདུན་ལས༔ འབྲུག་ལྟར་ཆེ་བའི་བརྟུལ་ཞུགས་ནི༔ རིག་པ་ངར་དང་ལྡན་པས་ཧུར་འདོན༔ ཐོག་ལྟར་དྲག་པོའི་བརྟུལ་ཞུགས་ནི༔ བར་དུ་གཅོད་པའི་སྟེང་དུ་ཐོག་བབས་པ་ལྟར་དྲག་ཏུ་གཏད༔ གློག་ལྟར་འཁྱུག་པའི་བརྟུལ་ཞུགས་ནི༔ ཏིང་ངེ་འཛིན་གྱི་རྩལ་མྱུར་བར་འདོན༔ ཉི་ཟླ་ལྟར་

TN03_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༨)གསལ་འགྲིབ་མེད་པའི་བརྟུལ་ཞུགས་ནི༔ ཏིང་ངེ་འཛིན་ལ་གསལ་འགྲིབ་མེད་པར་རིག་པ་གསལ་བཏབ༔ མི་རྟོག་པ་སྦྲུལ་ལྟ་བུའི་བཏུལ་ཞུགས་ནི༔ ཏིང་ངེ་འཛིན་གྱི་དམིགས་པ་ཡུན་རིང་ལ་ཚན་ཆེ་བར་བྱ༔ ཆུ་བོ་ལྟར་རྒྱུན་མི་འཆད་པའི་བརྟུལ་ཞུགས་ནི༔ ཉིན་མཚན་མེད་པར་ལྷའི་ང་རྒྱལ་བྱ༔ རྡོ་རྗེ་ལྟར་མི་འགྱུར་བའི་བརྟུལ་ཞུགས་ནི༔ སེམས་མི་འགྱུར་བའི་གདེངས་དང་ལྡན་པར་བྱའོ༔ ནང་དུག་ལྔའི་རྣམ་རྟོག་གང་སྐྱེས་ཀྱི་སྟེང་དུ་ཡང་བརྟུལ་ཞུགས་འདི་དག་བཏང་ན་ཤིན་ཏུ་ཟབ་པར་སྣང་། །བར་ཆད་མཐར་ཕྱིན་པ་ནི་ནང་གི་བར་ཆད་ཡིན་པས་དེ་འདུལ་བ་ལ་ནན་ཏན་བྱའོ། །ཞེས་གསུངས་ཏེ། གྲོལ་ཏིག་རྟ་མགྲིན་དྲེགས་འདུལ་དང་དེ་གཉིས་ལྷ་སྔགས་དང་བཤད་ཚུལ་གཅིག་ཏུ་འདུག་པས་གྲོལ་ཏིག་གི་ལུང་མཁས་པའི་ཡིད་འཕྲོགས་སུ་བྲིས་པ་དང་བསྒྲིག་རྒྱུ་ཡིན་ནོ། །རྟ་མགྲིན་དྲེགས་པ་དབང་སྡུད་གཅིག་པོ་དེ་ཉིད་བཀའ་འབུམ་གྱི་སྐོར་གཉིས་སུ་བཞུགས་པ་ལས་སྔ་མ་ཞལ་གདམས་སྐོར་པ་ཡིན་ལ། སྒྲུབ་ཐབས་སྐོར་པ་ན། །བརྟུལ་ཞུགས་གསུམ་གྱི་དང་པོ་གཉིས་སྔར་དང་ཧ་ལམ་འདྲ། དེ་ནས། སེམས་ཏིང་ངེ་འཛིན་གྱི་བརྟུལ་ཞུགས་ཀྱིས་མི་འཇིགས་པའི་གདེངས་བཅའ་བ་ནི༔ རང་དང་ལྷ་གཉིས་དབྱེར་མེད་པས༔ སེམས་སྐྱེ་མེད་ཀྱི་རང་བཞིན་ངར་དང་བཅས་ལ༔ གང་ལ་ཡང་འཇིགས་པའི་ཉམ་ང་བ་དང་བག་ཚ་

TN03_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

(༤༥༩)བ་མེད་པར་གདོན་བགེགས་ཀྱི་སྟེང་དུ་ཐོག་བརྫི་བྱའོ༔ སྐབས་སུ་རྟ་སྐད་འདོན་ཞིང་བརྟུལ་ཞུགས་བྱའོ༔ ལུས་རྟ་མགྲིན་གྱི་སྐུར་གསལ་བས་ལུས་ལྷའི་གདེངས་ཀྱིས་ཟིན་པས་ལྷ་མ་སྲིན་སྡེ་བརྒྱད་དབང་དུ་འདུས༔ ངག་སྔགས་སུ་གསལ་བས་དྲེགས་པ་ཅན་ཐམས་ཅད་བཀའ་ཉན་གསུང་སྡོད༔ ཡིད་ཆོས་ཉིད་དུ་གསལ་བས་འཇིག་རྟེན་ལས་འདས་པ་ཐམས་ཅད་ཟིལ་གྱིས་ནོན་ནོ༔ དེ་ལྟ་བུའི་དགོངས་པ་དང་ལྡན་ཙ་ན་ལྷ་འདྲེ་མི་གསུམ་དབང་དུ་འདུས་པར་འགྱུར་རོ༔ བྱང་གཏེར་གེགས་སེལ་ལས། །གསང་སྤྱོད་འདི་ནི་འདྲེ་རྟོག་གཅིག་པོ་མ་ཡིན་པའི༔ མཇོ་ལྷོག་ནད་རིམ་ཐམས་ཅད༔ ཉམ་ང་བ༔ བག་ཚ་བ༔ མི་གཙངབ༔ མི་སྡུག་པཿ སྐྱུག་བྲོ་བ༔ ཉམས་དམའ་བ༔ ཤེད་ཆུང་བ༔ ངོ་ཚ་བ་ལ་སོགས་མདོར་ན་རྟོག་པ་སྐྱེས་ཚད་གོང་བཞིན་དུ་བཅད་དོ༔ ཞེས་གསུངས་ཏེ་པདྨའི་ལམ་རིམ་འགྲེལ་པར་ཡང་ཞུ་དག་ཕེར། དྲེགས་པ་ཅན་ཐམས་ཅད་ལས་ལ་བཀོལ་ནས་བྲན་བཞིན་དུ་ལས་བྱེད་དེ༔ སརྦ་བྷཱུ་ཏ་ཏྲིག་ནན་ཞེས་པ་སྔགས་ལ་བཏགས་ནས་རྟ་བྲོ་བརྡུང་ངོ་༔ བར་ཆད་ཐམས་ཅད་རྡུལ་དུ་འགྲོའོ༔ ཞེས་གྲོལ་ཏིག་ལྟར་གསུངས་སོ། །ཡང་དཀའ་འབུམ་བྱིན་རླབས་སྦ་ཆོས་ལས། ལྷ་འདྲེ་འགྱུར་མེད་ཀྱི་སྲང་ལ་འཇུག་པ་ལ་གསུམ་སྟེ༔ རི་རབ་ཀྱི་ཁོང་གསེང་དུ་མནན་པ་དང་༔ རྒྱ་མཚོའི་གཏིང་དུ་མནན་པ་དང་༔ ཆུ་བོའི་གཞུང་ལ་མནན་པའོ༔ རི་རབ་ཁོང་སེང་ལ་མནན་པ་ནི༔ འདྲེ་དང་གདོན་རང་

TN03_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༠)གི་སེམས་སུ་ཤེས༔ སེམས་སྟོང་པར་ཤེས༔ སྟོང་པ་ལ་གནོད་བྱེད་མ་གྲུབ་པས༔ རང་ལྟ་བ་མི་འགྱུར་བའི་གདེངས་དང་ལྡན་པ་ལ་ལྷ་འདྲེ་ལྡང་མི་ནུས་སོ། །རྒྱ་མཚོའི་གཏིང་དུ་མནན་པ་ནི༔ འདྲེ་རྣམ་རྟོག་ཡིན་ཏེ་རྟོག་པ་སེམས་ལས་བྱུང་༔ སེམས་ངོ་བོ་སྟོང་པ་ཡིན༔ གསལ་ལ་དྭངས་པ་ཡིན༔ སྟོང་གསལ་རྟོག་མེད་ལ་ལྷ་འདྲེ་མ་གྲུབ་པ་དེ་སྒོམ་པ་ཡིན་ནོ༔ ཆུ་བོའི་གཞུང་ལ་མནན་པ་ནི༔ ལྷ་འདྲེའི་རྟོག་པ་སེམས་ཡིན༔ རྟོག་པ་རྒྱུན་ཆད་མེད་པར་སེམས་ལས་སྐྱེས༔ ལྷའི་བཟང་རྟོག་དང་འདྲེའི་ངན་རྟོག་ཐམས་ཅད་བྱུང་ཡང་སེམས་ལས་བྱུང་༔ གྲོལ་ཡང་སེམས་སུ་གྲོལ་བས་རང་ཤར་རང་གྲོལ་རྒྱུན་ཆད་མེད་པ་ནི་ཐུགས་རྗེ་ཆེན་པོའི་སྤྱོད་པ་ཡིན་ནོ༔ དེ་ལྟར་དུ་རྟོགས་ཙ་ན་ལྷ་འདྲེ་འགྱུར་མེད་ཀྱི་སྲང་དུ་ཚུད་པ་ཞེས་བྱའོ༔ འདྲེའི་འགྱུ་སྲང་རྣམ་རྟོག་ཡིན་པས། རྣམ་རྟོག་དེ་རོ་སྙོམ་གྱི་གནད་ཀྱིས་ཐད་ཀར་གཅོད་པ་འདི་ལ། བགེགས་ཀྱི་ལམ་སྲང་གཅད་པ་ཞེས་གསུངས། །ཞེས་གསུངས་ཏེ། བྲོ་མནན་རྣམས་སུ་བར་ཆད་རྣམ་ཐར་སྒོ་གསུམ་གྱི་ཀློང་དུ་རྒྱས་འདེབས་བྱེད་པར་གསུངས་པ་དང་། །གོང་གི་བརྟུལ་ཞུགས་བདུན་པ་དང་། །འདི་རྣམས་ལྟོ་སྦྱར་ན་བྲོ་མནན་གྱི་དགོངས་པ་ལ་ངེས་པ་སྟེར་རོ། །འགྱུར་མེད་ཀྱི་སྲང་དུ་འཛུད་ཅེས་པ་ནི་སྐོར་ལྔའི་སྐབས་སུ། བཟློག་སྒྱུར་ཡོངས་གྲུབ་འོད་གསལ་ཆེན་པོའི་དབྱིངས༔ མི་ལྡོག་

TN03_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༡)ཕྱག་རྒྱས་འདེབས་པའི་ཕྲིན་ལས་མཛོད༔ཅེས་པ་དང་དོན་འདྲ་སྟེ། དེའང་དངོས་འཛིན་གཞིར་བཞག་གི་སྟེང་ནས་བར་ཆད་ཟློག་པའི་ཐབས་མང་པོ་འཚོལ་བ་ནི། ཁྱི་རྡོ་རྗེས་སུ་རྒྱུག་པའི་དཔེ་ལྟར་གནོད་པ་གཅིག་གཉིས་ལས་ཐར་ཡང་ད་དུང་འཛད་མེད་དུ་རྟིང་མནན་ནས་ཡོང་བས་སྙིང་པོ་ཆུང་ལ། འདིར་བཤད་པའི་ཟབ་གནད་འདི་ཡོད་ན། རྨི་ལམ་དུ་འཇིགས་སྐྲག་ཆུ་བོའི་གཉེར་མ་ལྟར་འབྱུང་བཞིན་པའི་འཕྲོ་ལ་གཉིད་གཅིག་པུ་དེ་སད་ན་དེ་ཐམས་ཅད་ཀྱི་རྫུན་ཕུགས་དེར་རྡིབས་ནས་འགྲོ་བ་བཞིན་ཡིན་ཏེ། སྒྲུབ་པ་ལུང་ཆེན་འདུས་པར། ཡང་གསང་དེ་ཁོ་ན་ཉིད་ཀྱི་ཟློག་པའི་གཞུང་། འཁོར་འདས་ཆོས་ཀུན་གདོད་མ་ནས༔ སྟོང་ཆེན་མཁའ་ལྟར་རྣམ་པར་དག༔ དོན་གྱི་ཀུན་བཟང་ཧེ་རུ་ཀའི༔ ཐིག་ལེ་ཆེན་པོར་དབྱེར་མེད་ཀྱང་༔ དེ་ཉིད་མ་རིག་འཁྲུལ་པ་ལས༔ བདག་དང་གཞན་དུ་རྣམ་པར་བརྟགས༔ ཉོན་མོངས་བག་ཆགས་རིམ་གྱིས་འཕེལ༔ འཇིགས་པའི་གདོན་དང་བཞི་བརྒྱའི་ནད༔ ལྡང་བྱེད་དགྲ་དང་གནོད་བྱེད་བགེགས༔ བར་ཆད་རྐྱེན་ངན་ཅི་ཤར་ཡང་༔ འཁྲུལ་པ་རྨི་ལམ་ལྟ་བུར་སྣང་༔ སྣང་དུས་ཉིད་ནས་མ་གྲུབ་པས༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་ལྟར༔ རང་བཞིན་འོད་གསལ་བྱང་ཆུབ་སེམས༔ སྟོང་པ་ཉིད་ཀྱི་ངང་དུ་བྷྱོ༔ མཚན་མ་མེད་པའི་

TN03_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༢)དབྱིངས་སུ་ཟློག༔ སྨོན་པ་མེད་པའི་མཁའ་ལ་བསྟིམས༔ དུས་གསུམ་འགྱུར་བ་མེད་པ་ཡི༔ ཕྱག་རྒྱ་ཆེན་པོར་རྒྱས་ཐོབ་ཅིག༔ ཅེས་གསུངས་སོ། །ཚུལ་དེ་ཀློང་དུ་གྱུར་པ་ན་ནི་བར་ཆད་ཆེ་ཆུང་གང་ཡིན་ཡང་འདུལ་དཀའ་སླ་མེད་དེ། གོང་གི་དཔེས་ཤེས་སོ། །རྟོགས་པ་མཐོན་པོ་ལ་བཤད་པ་བཞིན་རེ་ཞིག་མི་འོང་ཡང་། འདི་མོས་སྒོམ་ཙམ་བྱས་ཀྱང་སྟོབས་གཞན་དང་ཆེས་མི་འདྲའོ། །རྒྱ་གར་གྱི་པ་གྲུབ་དུ་མའི་གཞུང་དང་། གཏེར་ཕྱོགས་མང་པོར་དོན་དམ་པའི་སྲུང་བ་གསུངས་པ་དང་། དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་འཇོག་ཚུལ་སོགས་ལ་ལྟོས་དང་། སྲུང་ཟློག་མནན་སྲེག་ཐམས་ཅད་ཀྱི་སྐབས་སུ། གཙོ་བོ་བརྒྱའི་ནང་ནས་གྲོས་ཐག་ཆོད་ནུས་གཅིག་ཟེར་བ་ལྟ་བུ་ནི། དབང་ཆེན་གླུ་གར་གྱི་དེ་ཉིད་བདེ་སྟོང་དབྱེར་མེད་ཀྱི་རྣལ་འབྱོར་འདི་ཉིད་ཡིན་པར་ངེས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལེའུ་བརྒྱ་རེ་གཅིག་པར། ཚངས་སོགས་ཞིང་ཁམས་སྦྱང་བའི་ཕྱིར། །དབྱངས་དྲུག་རྟོགས་པའི་ལྟ་བར་བཞག །བྲོ་དྲུག་རྫོགས་པའི་སྤྱོད་ལམ་ཡིན། །དབྱངས་དྲུག་གདངས་སུ་བླང་བ་ནི། །གྲུབ་པའི་དབྱངས་ཀྱིས་ཐུགས་དམ་བསྐང་། །ཚངས་པའི་དབྱངས་ཀྱི་ས་ཞིང་ཁམས་སྦྱངས། །གདུང་བའི་དབྱངས་ཀྱིས་མ་སྲིང་མཉེས། །ལས་ཀྱི་དབྱངས་ཀྱིས་ཕོ་ཉ་འགྱེད། །སྒྱུ་མའི་དབྱངས་ཀྱིས་དགོངས་རྒྱུད་

TN03_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༣)གསལ། །འབར་བའི་དབྱངས་ཀྱིས་བདུད་བཞི་འདུལ། །ཧཱུཾ་གི་དབྱངས་ཀྱིས་འཕྲོ་འདུ་འཁྲུགས། །གྲུ་གུའི་རྟ་མགྲིན་དྲེགས་སྒྲོལ་གྱི་བྲོ་རབས་ལས། གླུ་དྲུག་གསང་བའི་དབྱིངས་དང་སྦྱོར༔ བྲོ་དྲུག་འདུལ་བའི་ལས་དང་སྦྱོར༔ ཞེས་གསུངས། དེ་གླུ་དྲུག་ཀྱང་། གླུ་དྲུག་དབྱངས་སུ་བླང་བ་ནི༔ ཚངས་པའི་གླུས་ནི་ཞིང་ཁམས་སྦྱོང་༔ དཔལ་གྱི་གླུས་ནི་འཕྲོ་འདུ་གསལ༔ ཁྲོ་བོའི་གླུས་ནི་བདུད་བཞི་འདུལ༔ གདུང་བའི་གླུས་ནི་མ་སྲིང་བསྟེན༔ ཧཱུཾ་སྒྲའི་གླུས་ནི་འཕྲོ་འདུ་འཁྲུགས༔ དབུ་མའི་གླུས་ནི་དགོངས་རྒྱུད་གསལ༔ ཞེས་བྱུང་། གར་གྱི་བྲོ་བརྡུང་བྱིན་རླབ་ཆེ། །དབང་གྱི་བྲོ་བརྡུང་དུག་གསུམ་མཇོམས། །པདྨའི་བྲོ་བརྡུང་ཆགས་པ་མེད། ཁྲོ་བོའི་བྲོ་བརྡུང་དྲེགས་པ་འཇོམས། །ཕྲ་མེན་བྲོ་ནི་འགུགས་སྦྱོང་བྱེད། །རྫོགས་པའི་བྲོས་ནི་ལས་རྣམས་འགྲུབ། །ཅེས་གསུང་། གྲུ་གུ་ཡང་དབང་གི་རྟ་མགྲིན་བྲོ་རབས་ལས་ནི། བྲོ་དྲུག་རྫོགས་པར་ལྡན་པར་བརྡུང་༔ ཁྲོ་བོའི་བྲོ་བརྡུང་དྲེགས་པ་འཇོམས༔ དཔལ་གྱི་བྲོ་བརྡུང་བདུད་བཞི་འདུལ༔ མ་སྲིང་བྲོ་བརྡུང་གདུག་པ་འདུལ༔ དབང་གི་བྲོ་བརྡུང་སྲིན་པོ་འདུལ༔ ལས་ཀྱི་བྲོ་བརྡུང་ཕོ་ཉར་འགྱེད༔ རྣལ་འབྱོར་བྲོ་བརྡུང་ཐུགས་དམ་བསྐུལ༔ འདི་ནི་དཔལ་གྱི་ཐུགས་དམ་ཡིན༔ འདི་ནི་ཡུམ་གྱི་གསང་ཚིག་ཡིན༔ འདི་ནི་མ་སྲིང་དངོས་གྲུབ་ཡིན༔ འདི་ནི་ཕོ་ཉའི་ལོངས་སྤྱོད་ཡིན༔ ཞེས་བཤད་དོ། གཞན་ཡང་རྟ་རྒྱུད་ལས། བྲེང་ངེ་བ་དང་། །དུང་ངེ་བ་དང་། ཤ་ཏ་པ་དང་། ག་ཏ་པ་དང་། ཅང་ག་དེའུ་དང་། པང་ཀ་དེའུའི་གླུ་དྲུག་དང་། འདི་དྲུག་ལ་སྒྱུ་འཕྲུལ་ལམ་རིམ་འགྲེལ་

TN03_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༤""བར། འབྲིང་པོ་གཉིས། རིང་པོ་གཉིས། ཐུང་ངུ་གཉིས་ཞེས་བཤད་དོ། །དེ་དག་དང་སོ་སོར་སྦྱར་རྒྱུའི་བྲོ་དྲུག །སོ་སོའི་ཡོན་ཏན་དང་བཅས་ཏེ་གསུངས་པ་རྣམས་བདེ་འདུས་སྨན་སྒྲུབ་ཏུ་ཡང་འབྱུང་ལ། བདེ་འདུས་ཀྱི་སྐབས་དེར། སྔོན་གྱི་རྒྱལ་བ་གླུ་ཡིས་འགྲུབ༔ རིག་འཛིན་རྡོ་རྗེ་གླུ་ཡིས་འདྲེན༔ རྣལ་འབྱོར་དབང་ཕྱུག་གླུ་ཡིས་འགྲུབ༔ བསྟན་པ་རྒྱ་མཚོ་གླུ་ཡིས་སྤེལ༔ སྨན་གྱི་རིག་འཛིན་གླུ་ཡིས་འབེབས༔ སྲིད་པའི་བུ་མོ་གླུ་ཡིས་བསྟེན༔ བདུད་དང་སྲིན་པོ་གླུ་ཡིས་འདུལ༔ མཁའ་འགྲོ་རྒྱ་མཚོ་གླུ་ཡིས་འབོད༔ དངོས་གྲུབ་རྒྱ་མཚོ་གླུ་ཡིས་ཐོབ༔ ཕྲིན་ལས་རྒྱ་མཚོ་གླུ་ཡིས་བྱེད༔ དེ་ཕྱིར་གླུ་འདི་རྟག་ཏུ་བླངས༔ ཞེས་སོགས་གླུ་བྲོའི་ཡོན་ཏན་རྒྱ་ཆེར་བཤད་དོ། །དབང་ཆེན་ཡང་གསང་རྟ་མགྲིན་གྱི་སྤྱོད་པའི་མན་ངག་ཏུ། དཔལ་རྟ་མགྲིན་བསྒྲུབས་ནས༔ བར་ཆད་འདུལ་བའི་ཕྱིར༔ དུར་ཁྲོད་ཀྱི་གནས་དབེན་པར་གཞན་གྱིས་མ་ཚོར་བར་རྟ་སྐད་འདོན་པའི་རྔམ་སྟབས་བྱའོ༔ བྲོ་བརྡུང་གཟིར་མནན་བྱའོ༔ ཞེས་རྒྱུན་སྤྱོད་ཀྱི་ནང་དུའོ། །སྒྱུ་འཕྲུལ་ལས། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ། །ཞེས་པར། འཁོར་སྡུད་པའི་བཤུགས་པ་སྙན་པ་དང་། །གདུག་པ་འདུལ་བའི་བཤུགས་པ་དྲག་པ་དང་། །བྱིན་འབེབས་པའི་བཤུགས་པ་བྱིངས་ཆེ་བའམ་གདངས་འཚེར་ལ་ཡུན་རིང་བ་སྟེ། །དེ་གསུམ་པོའི་དབུགས་ཀྱིས་

TN03_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༥)ཁམས་གསུམ་འཐོར་བར་བྱེད་པའི་རླུང་ཆེན་པོས་གཡེང་བ་འགྲན་ཟླ་མེད་པར་ཆེ་བའོ། །ཞེས་སྒྲོལ་གཡུང་གཉིས་ཀྱིས་བཤད་པའང་རྟ་སྐད་དང་ཚུལ་མཐུན་ནོ། །མཁའ་འགྲོ་ཆེན་མོའི་བམ་སྒྲུབ་ལས། བཤུགས་པའི་རྟ་སྐད་འབོད༔ ཅེས་ཀྱང་ངོ་། །ཉང་གཏེར་མཁའ་འགྲོ་ཆེན་མོའི་ཚོགས་མཆོད་ཀྱི་ཆོ་གར། རྟ་ཕག་ཡབ་ཡུམ་འཁོར་བཅས་ཀྱི་བྲོ་བརྡུང་རྒྱས་པ། །དགྲ་ནི་ཐལ་བར་རློག་པའི་བྲོ༔ བདུད་ནི་ཕྱེ་མར་འཐག་པའི་བྲོ༔ དེ་ཕྱིར་གླུ་བྲོ་རྒྱུན་མི་བཅད༔ ཅེས་པའི་འགྲེས་བྱང་ཅན་ཅིག་གསུངས་པའི་མཐར། བྱིན་རླབས་འབེབས་པའི་དུས་དང་༔ བར་ཆོད་འདུལ་བའི་དུས་དང་༔ གཏོར་གཞོང་གནོན་པའི་དུས་རྣམས་སུ་བྲོ་འདི་བརྡུང་ངོ་༔ ཞེས་བཤད་དོ། ༈ །རྟ་མགྲིན་གྱི་གར་དགུ་ལ་བཤད་ཚུལ་བྱེ་བྲག་པ་ནི། དྲེགས་པ་གནད་འབེབས་རྒྱུད་ལས། ལྷ་ཆེན་གཞོན་ནུ་གདོང་དྲུག་གིས། །ལྷ་མིན་བ་སུ་ཀ་ར་བསད། །དེ་ལ་དཔའ་བོར་མཚན་བཏགས་པས། །དེ་བཅོམ་དཔའ་བོ་ཧེ་རུ་ཀ །དབང་ཕྱུག་ཆེན་པོ་འཁྱུད་ཉམས་སྒེགས། །དེ་བཅོམ་སྐུ་ལ་ཡུམ་འཁྲིལ་སྒེགས། ཁྱབ་འཇུག་ཕག་སེང་འཇིགས་གཟུགས་ཉམས། །དེ་བཅོམ་ཧེ་རུ་ཀ་འཇིགས་རུང་། །སྐུ་ཡི་གར་གསུམ་བསྟན་པ་ནི། །སྐུ་ལ་ཚོར་བ་བདེ་སྡུག་ནུབ། །ཚང་པའི་གསུང་དབྱངས་

TN03_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༦)རྟ་སྐད་སྙན། དེ་བཅོམ་རྟགས་སུ་ཞལ་གཡས་བཞད། །ཚོགས་ཀྱི་བདག་པོ་གླང་སྣ་གཤེ །དེ་བཅོམ་ཞལ་གཡོན་ཁྲོ་བར་བཤད། །སྒྲ་གཅན་ཉི་ཟླ་ཁར་མིད་རྔམས། །དེ་བཅོམ་དབུས་ཀྱི་ཞལ་དམར་རྔམས། །གསུང་གི་གར་གསུམ་བསྟན་པ་ནི། །གསུང་ལ་ཚོར་བ་བདེ་སྡུག་ནུབ། །བརྒྱ་བྱིན་ལག་ན་རྡོ་རྗེ་ཐོགས། །ལྷ་རྣམས་སྙིང་རྗེའི་སེམས་ཀྱིས་སྐྱོང་། །དེ་བཅོམ་པས་ནི་སྙིང་རྗེ་མཛད། །ཀླུ་ཆེན་སེ་ཤ་ཙ་ར་ཡིས། །འགྲེ་ལྡོག་བྱས་པས་ས་འགུལ་བྱུང་། །དེ་བཅོམ་ཀླུ་བརྒྱན་ངོ་མཚར་ཆེ། །མེ་ལྷས་སྟོང་གསུམ་མེ་ཡིས་བཤིགས། །དེ་བཅོམ་མེ་དཔུང་དབུས་ན་བཞུགས། །ཐུགས་ཀྱི་གར་གསུམ་བསྟན་པ་ནི། །ཐུགས་ལ་ཚོར་བ་བདེ་སྡུག་ནུབ། །ཅེས་སོ། རྔོག་མ་ལེ་བརྒན་ལས་ནི། སྒེགས་པའི་ཉམས་ཀྱིས་སྒེགས་པའི་གར་མཛོད་ལ། །འདོད་ཆགས་དབང་ཕྱུག་འདུལ་བར་མཛོད། ཁྱོད་ནི་དཔའ་བོ་ཆེན་པོ་སྟེ། །ལྷ་མིན་བ་སུ་ཀ་ར་འདུལ་བར་མཛོད། །འཇིགས་བྱེད་ཆེན་པོ་འཇིགས་པའི་སྐུ། ཁྱབ་འཇུག་ཆེན་པོ་འདུལ་བར་མཛོད། །སྐུ་ཡི་གར་གྱིས་སྐུ་ཡི་གར་མཛོད་ལ། །བདག་གི་ལུས་ལ་གར་རྣམས་འཆར་བར་མཛོད། །རྒོད་པའི་ཉམས་ཀྱིས་ཧ་ཧ་བཞད་པ་ནི། །གཞོན་ནུ་སྨིན་དྲུག་རྟ་སྐད་དྲག་པོས་བཏུལ། །གཤེ་བའི་གར་གྱིས་ཧི་ཧི་གཤེ་བ་ནི། །ཚོགས་

TN03_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༧)ཀྱི་བདག་པོ་གླང་པོའི་སྣ་ཅན་བཏུལ། །རྔམས་པའི་གར་གྱིས་ཧྲིང་ཧྲིང་ཟ་བྱེད་རྔམ། །སྒྲ་གཅན་ར་ཧུ་ལ་ནི་རྔམ་པས་བཏུལ། །གསུང་གི་གར་གྱིས་གསུང་གི་གར་མཛོད་ལ། །བདག་གི་ངག་ལ་སྔགས་སུ་འཆར་བར་མཛོད། །སྙིང་རྗེའི་གར་གྱིས་ཐུགས་རྗེའི་རོལ་བར་མཛད། །བརྒྱ་བྱིན་གླང་ཆེན་ཞོན་པ་སྒྲོལ་བར་མཛོད། །ངོ་མཚར་གར་གྱིས་ངོ་མཚར་བསྐྱེད་པར་མཛད། །ཀླུ་ཆེན་སེ་ཤ་ར་ཙ་བསྒྲལ་བརམཛོད། །ཞི་བའི་གར་གྱིས་ཞི་བ་འདུལ་མཛད་པ། །མེ་ལྷ་དྲང་སྲོང་ཆེན་པོ་སྒྲོལ་བར་མཛོད། །ཐུགས་ཀྱི་གར་གྱིས་ཐུགས་ཀྱི་གར་མཛོད་ལ། །བདག་གི་སེམས་ལ་ཉམས་རྣམས་འཆར་བར་མཛོད། །ཅེས་གསུངས་ཏེ། །ཅུང་ཟད་མི་འདྲའོ། ༈ །འཆི་མེད་མཛོད་ལས། ཤུགས་འགྲོས་མདུར་འགྲོས་གར་འགྲོས་དང་། འགྲོས་ཆེན་གསར་འགྲོས་འདི་རྣམས་ནི། རྟ་འགྲོས་འགྲོ་ལུགས་ལྔ་ཡིན་ཏེ། །ཞེས་པའི་དང་པོ་ནི། ཁྱབ་པར་མཚུངས་པར་འགྲོ་བའོ། །གཉིས་པ་ནི། དེ་ལས་ལྷག་ཅིང་གསལ་བར་འགྲོ་བའོ། །གསུམ་པ་ནི། དཀྱིལ་འཁོར་ཅན་གྱི་གར་གྱིས་འགྲོ་བའོ། །བཞི་པ་ནི། ཤུགས་ཀྱིས་འཕེན་ཅིང་ཡོངས་སུ་འགྲོ་བའོ། །ལྔ་པ་ནི། མྱུར་བར་ལྡེམ་ཞིང་འགྲོ་བའོ། །འདོད་འཇོ་ལས་སོ། ༈ །།མཁའ་འགྲོ་མའི་

TN03_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༨)གསེར་སྒྲུབ་ཀྱི་འགྲེལ་པ་ལས། དཔའ་བོ་ནི་དབུ་གཙུག་རྟ་སྐད་འགྲོ་བ་མགྱོགས༔ ཤུགས་ཆེ་བ་དང་འདྲ༔ སངས་རྒྱས་ཀྱི་ས་ལ་འགྲོ་བ་མགྱོགས༔ འཁོར་བ་སྒྲོལ་བས་ཤུགས་ཆེ་བའོ༔ ཡུམ་རྡོ་རྗེ་ཕག་མོ་ནི༔ དཔའ་མོའི་གཙུག་ཕག་ནི་རྟོག་པ་ཆུང་ཞིང་༔ ཤུགས་ཆེ་བ་དང་འདྲ་བར༔ འཁོར་བ་ལ་བཟང་ངན་རྟོག་པ་མེད་༔ འཁོར་བ་རྩད་གཅོད་པ་ཤུགས་ཆེ་བ་ཡིན་ནོ༔ ཞེས་སོ། །ཞལ་གཉིས་མའི་སྒྲུབ་ཐབས་ལས། ཁྲོ་ཞལ་དམར་མོ་སྤྱན་གསུམ་ཐུར་ལ་གཟིར་བ༔ ཕག་གདོང་ནག་མོ་སྤྱན་གསུམ་གྱེན་ལ་གཟིགས་པ༔ ཞེས་དང་། དོན་དམ་པ་ཆོས་ཉིད་ཡང་དག་པ་ལ་རྟོག་པས་ཕག་ཞལ༔ གང་གིས་ཀྱང་མི་འགྱུར་བས་ནག་པོར་བསྟན་པ༔ དེ་ཡང་སེམས་ཅན་ལ་ཐུགས་རྗེས་རང་བྱུང་དུ་འབྱུང་བས་ཕག་ཞལ་གཡས་སུ་བྱུང་བའོ༔ ཀུན་རྫོབ་ལོངས་སྐུ་སྤྲུལ་སྐུས་འགྲོ་དོན་མངོན་དུ་བྱེད་པས་གཡོན་ཁྲོ་ཞལ་དུ་བྱུང་བ༔ ཁམས་གསུམ་ཐུགས་རྗེས་གཟིགས་པས་སྤྱན་གསུམ་ཐུར་དུ་གཟིགས་པ༔ རྣམ་ཐར་གསུམ་གྱི་གཟིགས་པས་ཕག་ཞལ་སྤྱན་གསུམ་གྱེན་དུ་གཟིགས་པ༔ ཞེས་སོ། །ཞལ་སྟེང་འོག་གི་སྤྱན་གཟིགས་ཚུལ་འདི་ཡབ་ལའང་འདྲ་བར། མཁའ་འགྲོ་ཡིད་བཞིན་ནོར་བུའི་ཕྲིན་ལས་ཆེན་མོ་ལས། སྤྱི་གཙུག་རྟ་མགོ་ལྗང་ཀུ་འཚེར་བ་ལས༔ རྫུ་འཕྲུལ་མྱུར་མགྱོགས་

TN03_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

(༤༦༩)སྟོན་པའི་མཁའ་འགྲོ་འབུམ༔ ཁྲོ་ཞལ་དམར་པོ་ཅུང་ཟད་བཞད་པ་ལས༔ བདེ་ཆེན་ལས་ལ་ཁོལ་བའི་མཁའ་འགྲོ་འབུམ༔ བདེ་ཆེན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཕག་གི་ཞལ་དང་། ཀུན་རྟོག་བག་ཆགས་དང་བཅས་པ་ཟ་བ་དམེ་བ་ཟ་བའི་དོན་དུ་མངོན། ཡབ་འདོད་ཆགས་རྟའི་གདོང་པས་ལྷན་སྐྱེས་ཀྱི་བདེ་བ་དང་། །ཡུམ་མི་རྟོག་ཕག་གི་གདོང་པས་སྟོང་ཉིད་རྟོགས་པའི་ཤེས་རབ་མཚོན་ཏེ། ཐབས་ཀྱི་སྐུ་མདོག་དམར་པོ་དང་། ཤེས་རབ་མཐིང་ཁར་བསྟན་པའི་དོན་ཡང་དེས་ཤེས། རྟ་ཞལ་སྤྱན་གསུམ་གྱེན་ལ་གཟིགས་པ་ལས༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཌྭ་ཀི་འབུམ༔ ཁྲོ་ཞལ་སྤྱན་གསུམ་ཐུར་ལ་གཟིགས་པ་ལས༔ ཁམས་གསུམ་ཟིལ་གྱིས་གནོན་པའི་མཁའ་འགྲོ་འབུམ༔ ཞེས་སོ། །ཡང་ཕག་མོའི་གསང་སྒྲུབ་ལས། ཕག་ཞལ་ནི༔ ཕག་གཏི་མུག་ཆེ་ཞིང་གཙང་བཙོག་མེད་པ་དང་འདྲ་བར༔ གཏི་མུག་མ་སྤངས་པར་རང་སར་དག་ནས་ཐུགས་རྗེ་ཡེ་ཤེས་ཀྱི་བརྟུལ་ཞུགས་ཀྱིས་ཉོན་མོངས་པ་དང་རྣམ་པར་རྟོག་པ་རྩད་ནས་གཅོད་པའོ༔ ཞེས་དང་། ཡང་གསང་སྒྲུབ་ཅིག་ལས། རྣམ་རྟོག་གྲོགས་སུ་ཁྱེར་བས་བཟང་ངན་སྤོང་ལེན་དང་གཙང་བཙོག་མེད་པས་ཕག་ཞལ༔ ཞེས་སོ། །ཕག་མོ་རིགས་འདུས་མའི་སྒྲུབ་ཐབས་ལས། རྣམ་རྟོག་གཙང་དམེ་མེད་པས་ཕག་གདོང་ནག་མོ་སྤྱི་གཙུག་ཏུ་འཐོན་པ༔ དོན་དམ་ཆོས་ཉིད་མི་འགྱུར་བས་ནག་མོ༔ སེམས་ཅན་དོན་ལ་

TN03_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༠)ཐུགས་རྗེས་འཇུག་པས་བདེ་བས་གཡས་ངོས་སུ་ལྟ་བ༔གདུག་པ་ཅན་ཐམས་ཅད་ཚར་གཅོད་ཅིང་འདུལ་བས་ཕག་སྐད་དུ་ངུར་བ༔ དྲེགས་པ་ཅན་བདུད་དང་དགྲ་བགེགས་ལ་སོགས་པའི་བར་ཆད་ཐམས་ཅད་འཇིགས་པར་མཛད་པ༔ བདག་གི་དབང་དུ་བསྡུས་ནས་བཀའ་ཉན་ལས་ལ་འཁོལ་བར་བྱེད་པ༔ འཇིག་རྟེན་འདས་པའི་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ་ལ་སོགས་པ་དང་འཇིག་རྟེན་མ་འདས་པའི་དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་མ་ཐམས་ཅད་དབང་དུ་སྡུད་པས་བཀའ་ཉན་གསུང་སྡོད་འཁོར་དུ་བསྐོར་བ༔ ཞེས་གསུངས། རྣལ་འབྱོར་མ་ལྷ་ལྔའི་ཆོ་གར་ཡང་། ཁྲོ་ཞལ་དམར་མོ་བཞད་པའི་ཞལ༔ མཁའ་འགྲོའི་ཚོགས་རྣམས་དམ་ལ་སྡུད༔ མཁའ་འགྲོ་རྒྱ་མཚོའི་འགྲེལ་པར། ཐམས་ཅད་འདོད་ཆགས་ཆེན་མོའི་བདག་ཉིད་དུ་ཟ་བས་ན་ཕག་མོའོ། །ཞེས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མཆོག་གི་དགའ་བའི་ངོ་བོ་ཉིད་དུ་ཟ་བས་ན་ཕག་མོར་བཤད་དེ། འདི་ཕྱི་ནང་གསང་བའི་ཕག་མོ་གསུམ་ཀ་ལ་སྦྱོར་ཆོག་པ་འདྲ། མཆན། ཡང་ན། ཕྱིན་ཅི་ལོག་གི་སྤྲོས་པའི་དམེ་བ་མཐའ་དག་རྣམ་དབྱེ་མེད་པར་བདེ་སྟོང་རང་གི་ངོ་བོར་ཟ་བས་ཏེ། ཕག་མོ་ཤེས་རབ་ཀྱི་ཕྱོགས་ཡིན་པས་སྟོང་ཕྱོགས་གཙོ་སྙམ། སྤྱི་གཙུག་ཕག་གདོང་ངུར་སྒྲ་འདོན༔ འཇིག་རྟེན་དྲེགས་པ་ལས་ལ་འཁོལ༔ ཞེས་སོ། ཕག་མོ་སྔོན་མོའི་སྒྲུབ་ཐབས་ལས། ཕག་མོའི་ངུར་སྒྲས་གདུག་པ་འདུལ༔ སྲིད་པ་གསུམ་པོ་ཟ་བར་བྱེད༔ ཅེས་སོ། །ཕྲིན་ལས་ཆེན་

TN03_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༡)མོ་ལས༔ ཀུན་རྫོབ་རང་བཞིན་ཁྲོ་ཞལ་དམར་མོ་ལས༔ སྣང་སྲིད་ཟིལ་གྱིས་གནོན་པའི་ཌཱ་ཀི་འབུམ༔ དོན་དམ་རང་བཞིན་ཕག་ཞལ་ནག་མོ་ལས༔ བརྒྱལ་ནད་སྨྱོ་འབོགས་གཏོང་བའི་མཁའ་འགྲོ་འབུམ༔ ཞེས་སོ། །དེ་ཐམས་ཅད་མཁའ་འགྲོ་ཆེན་མོའི་སྐོར་རོ། །ཡང་ཕག་མོ་སྔོན་མོ་སྔ་མ་ལས། ཁྲོ་ཞལ་ཐུགས་ལ་གཟིགས་པ་ཁམས་གསུམ་སེམས་ཅན་ལ་ཀུན་རྫོབ་ཏུ་ཐུགས་རྗེས་གཟིགས་པའོ༔ ཕག་ཞལ་སྔོན་མོ་གྱེན་ལ་གཟིགས་པ་ནི་དོན་དམ་མྱ་ངན་ལས་འདས་པ་ལ་འགོད་པའོ༔ །ཞེས་སོ། ཁྲོས་ནག་གི་སྙན་རྒྱུད་འགྲེལ་པར། སྤྱི་གཙུག་ཕག་ཞལ་ནམ་མཁའི་གནས༔ ཞེས་པས༔ སྤྱི་གཙུག་རལ་པའི་གསེབ་ནས་ཕག་ཞལ་ནག་པོ་བྱུང་ནས་གྱེན་དུ་གཟིགས་པས་རྟོག་མེད་ནམ་མཁའ་ལྟ་བུའི་དགོངས་པ་ལ་དུས་རྟག་ཏུ་གནས་པའི་བརྡའོ༔ དེ་ཡང་ཕག་ཞལ་སྟེང་དུ་ངུར་བས་གཟུགས་མེད་ཀྱི་ཁམས་ཐམས་ཅད་དབང་དུ་སྡུད་པ༔ ཕག་སྐད་བར་དུ་ངུར་བས་གཟུགས་ཁམས་ཐམས་ཅད་དབང་དུ་སྡུད་པ༔ ཕག་སྐད་འོག་ཏུ་ངུར་བས་འདོད་ཁམས་ཐམས་ཅད་དབང་དུ་སྡུད་པ༔ ཕག་སྐད་ཕྱོགས་བཞིར་སྒྲོགས་པས་མཁའ་འགྲོ་རིགས་བཞི་དབང་དུ་སྡུད་པའོ༔ ཞེས་གསུངས། ཁྲོས་མའི་མཆོད་གཞུང་ལས། ཕག་སྐད་ཤར་དུ་བསྒྲགས་པ་ཡིས༔ རྡོ་རྗེ་མཁའ་འགྲོ་ཕོ་ཉར་འགྱེད༔ རྡོ་རྗེ་མཁའ་འགྲོའི་བརྟུལ་ཞུགས་ཀྱིས༔

TN03_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༢)ཤར་ཕྱོགས་དྲི་ཟའི་གདོན་ཚོགས་དབང་དུ་སྡུས༔ ཤར་དུ་དང་། རྡོ་རྗེམཁའ་འགྲོའི་གནས་སུ། ལྷོ་རུ། རིན་ཆེན་མཁའ་འགྲོ། ནུབ་ཏུ། པདྨ། བྱང་དུ། །ལས་ཀྱི། ཤར་ལྷོར། དམ་ཚིག་མཁའ་འགྲོ། ལྷོ་ནུབ། སྣ་ཚོགས། ནུབ་བྱང་། ཐམས་ཅད། བྱང་ཤར། འཇིག་རྟེན། སྟེང་དུ། སངས་རྒྱས། འོག་ཏུ། ལོག་འདྲེན་མཁའ་འགྲོ། ཞེས་དང་། ཤར་ཕྱོགས་དྲི་ཟའི། ཞེས་པར། ལྷོ་ཕྱོགས་གཤིན་རྗེའི། ཀླུ་དབང་། བྱང་གནོད་སྦྱིན། མེ་ལྷའི། སྲིན་པོའི། རླུང་ལྷའི། འབྱུང་པོའི་ སྟེང་ལྷའི། འོག་ས་གདོན་ཚོགས་རྣམས་དབང་དུ་སྡུད༔ ཅེས་བཅུག་པ་བཤད། དར་སྐུའི་སྒྲུབ་གཞུང་ལས། སྤྱི་གཙུག་ཏུ་ཕག་ཞལ་ནག་མོ་ཚངས་པའི་དབྱིངས་སུ་ངུར་བ༔ ཐེངས་གསུམ་ངུར་བས་ཁམས་གསུམ་དབང་དུ་སྡུད་པ༔ ཐེངས་གསུམ་ངུར་བས་སྲིད་གསུམ་ཟིལ་གྱིས་གནོན་པ༔ ཐེངས་གསུམ་ངུར་བས་དགོས་འདོད་ཐམས་ཅད་ཆར་ལྟར་འབེབས་པ༔ ཞེས་གསུངས་སོ། །མཁའ་འགྲོ་ཆེན་མོའི་དམ་རྫས་བདུད་རྩི་སྒྲུབ་ཚུལ་ལས། མཁའ་འགྲོའི་ཚོགས་རྣམས་དབང་དུ་སྡུད་མཛད་པ༔ དཔའ་བོ་དབང་ཆེན་རྟ་མགྲིན་རྒྱལ་པོ་ལ༔ ཞེས་དང་། །མཁའ་འགྲོའི་ཚོགས་རྣམས་ལས་ལ་ཁོལ་མཛད་མ༔ མཁའ་འགྲོའི་གཙོ་མོ་རྡོ་རྗེ་ཕག་མོ་ལ༔ ཞེས་སོ། ༈ །རྟ་མགྲིན་ཧཱུྃ་མཛད་ཆེན་པོའི་རྒྱུད་ལས། དང་པོ་གསུང་གི་

TN03_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༣)སྒྲ་བསྒྲགས་པས། །དུས་གསུམ་རྒྱལ་བའི་ཐུགས་དམ་བསྐུལ། །བར་དུ་གསུང་གི་སྒྲ་བསྒྲགས་པས། སྒྲུབ་པ་པོ་ལ་དངོས་གྲུབ་འབེབས། །ཐ་མར་དབང་གི་སྒྲ་བསྒྲགས་པས། །ངན་སོང་འཁོར་བ་གཏན་ནས་སྒྲོལ། །བདུད་སྲིན་ཀླུ་རྣམས་ཟིལ་གྱིས་མནན། །ཞེས་སོགས། སྐུ་ཕྱག་རྒྱ། གསུང་རིག་པ། ཐུགས་ཕྱག་མཚན། ཡོན་ཏན་བཅུད་ལེན། ཕྲིན་ལས་གདབ་ཁའི་ལས་སྦྱོར་སོགས་ལས། ཆེ་མཆོག་རིན་ཆེན་ཉི་མའི་རིགས་ཡིན་པས་བདུད་རྩིའི་སྒྲུབ་ལུགས་དང་སྦྱོར་བ་བཞིན། པདྨ་གསུང་ཡང་རྟ་སྐད་ཀྱི་སྒྲུབ་ལུགས་དང་སྦྱོར་ལ། ང་རྒྱལ་རྡོ་རྗེ་རྒྱས་ལས་ལ་བསྔགས་པས་བདུད་རྩི་སྒྲུབ་སྐབས་དངོས་གྲུབ་ཐམས་ཅད་རྒྱས་ལས་ཀྱི་སྒྲོམ་དུ་བཅུག་ནས་སྒྲུབ་པ་ལྟར། འདོད་ཆགས་རྡོ་རྗེ་གསུང་གི་སྒྲུབ་པར་དངོས་གྲུབ་མཐའ་དག་དབང་གི་ཕྲིན་ལས་ཀྱི་སྒྲོམ་དུ་བཅུག་ནས་སྒྲུབ་བོ། །ཆེ་མཆོག་གི་སྐབས་སུའང་། དངོས་གྲུབ་དབང་བྱེད་ལ་རྟ་མགྲིན་བསྔགས་ཏེ། དཀྱིལ་འཁོར་དྲུག་དང་སྦྱོར་བ་བརྒྱད་ལས་རྗེས་ཆགས་ཀྱི་འོད་ཟེར་སྤྲོ་བ། དེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་བདུད་རྩི་དགུག་པ། དེ་ཉིད་དཀྱིལ་འཁོར་བའི་སྦྱོར་མཚམས་སུ་བསྐྱིལ་བ། གསང་གནས་ཀྱི་སྒོ་དབྱེ་བ། རྫས་ལ་དབབ་པ་རྣམས་གྲུབ་པའི་

TN03_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༤)འོག་ཏུ། བདུད་རྩིའི་དངོས་གྲུབ་དེ་ཉིད་གཞན་གྱིས་འཕྲོག་ཏུ་མེད་པ་དང་། སྒྲུབ་པ་པོས་ལོངས་སྤྱོད་དུ་བཏུབ་པའི་ཆེད། །རྟ་མཆོག་དཔལ་གྱི་སྔགས་དང་ཏིང་ངེ་འཛིན་གྱིས་དབང་དུ་བྱ་བའམ་བཅིངས་ཤིང་བརྟན་པར་བྱས་ཏེ། གདོད་དངོས་གྲུབ་ལེན་པར་གསུངས་སོ། །འདིར་དབང་ལས་ཀྱི་སྒོ་ནས་དངོས་གྲུབ་ཐམས་ཅད་བྱེད་ཚུལ་ཡང་། གླུ་གར་གྱིས་སངས་རྒྱས་རྣམས་ཀྱི་ཐུགས་ཆགས་ཤིང་དགྱེས་པར་སྤྱིར་སྐུལ་བ་དང་། དེ་དག་གི་ཐུགས་དངོས་གྲུབ་སྩོལ་བ་ལ་དགྱེས་པར་བྱེ་བྲག་ཏུ་སྐུལ་བའི་སྒོ་ནས་འདོད་པའི་དངོས་གྲུབ་ཡིད་བཞིན་དུ་འབེབས་པ་དང་། བཀའ་སྡོད་མ་མོ་མཁའ་འགྲོའི་ཚོགས་ཀྱི་སྙིང་ཆགས་ཤིང་དགའ་བར་བྱས་ཏེ་སྤྱིར་སྐུལ་བ་དང་། དེ་རྣམས་ཕྲིན་ལས་རྒྱ་མཚོ་གྲུབ་པ་ལ་ཁྱད་པར་དུ་སྤྲོ་བར་བྱས་པའི་སྒོ་ནས་གང་འདོད་ཀྱི་ལས་རྣམས་བྱེད་པ་སྟེ། ཟུར་ཐོའི་རྒྱུད་སྐོར་ན་ཤིན་ཏུ་གསལ་ཞིང་། འདི་ཀའི་བྲོ་གཞུང་ལས་ཀྱང་གསལ་པོར་འབྱུང་ངོ། །རྟ་སྐད་ཀྱི་དེ་ཉིད་དང་སྦྱར་ནའང་། དངོས་གྲུབ་ཅི་འདོད་དུ་བཀོལ་བཏུབ་པའི་ལས་རུང་སྒྲུབ་པ་ནི། དངོས་གྲུབ་དབང་བྱེད་ཀྱི་སྒྲུབ་པར་འགྲོ་བས། བཀའ་བརྒྱད་རང་ཤར་སོགས་ལྟར་རྟ་སྐད་ཀྱི་དགོངས་པས། དེ་བཞིན་གཤེགས་པ་རྣམས་ཀྱི་དངོས་གྲུབ་ཐམས་ཅད་རང་གི་དབང་སྐལ་དུ་འགྱུར་ངེས་པར་བྱས་ནས་གཞན་གྱིས་མི་ཕྱེད་པར་

TN03_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༥)གྱུར་བ་ལ་དངོས་གྲུབ་ལ་དབང་བསྒྱུར་བ་ཞེས་བྱའོ། །འདི་ནི་དབང་ལས་ཀྱི་སྐབས་སུ་སྦྱོར་ཚུལ་ཙམ་ཡིན་གྱི། དབང་ལས་དང་སྦྱོར་དགོས་པའི་ངེས་པ་ནི་མེད་དམ་སྙམ། ༈ །ཉང་གཏེར་རྟ་མགྲིན་བདེ་གཤེགས་གཅིག་དྲིལ་ལས། དབང་ཆེན་བསྒྲུབ་པའི་ཐུན་མོང་གི་དངོས་གྲུབ་བརྒྱད་ཤུགས་འབྱུང་དུ་འགྲུབ་པར་གསུངས་ཏེ། རྒ་ཤི་མེད་པ་ཚེའི་དངོས་གྲུབ། བྱིན་རླབས་དབང་གི་དངོས་གྲུབ། དྲག་པོ་མཐུའི་དངོས་གྲུབ། བཙན་ཕྱུག་ནོར་གྱི་དངོས་གྲུབ། པུ་ཏྲ་མིའི་དངོས་གྲུབ། འགྲོ་བས་བཀུར་བའི་དངོས་གྲུབ། འཚོ་བ་ཟས་ཀྱི་དངོས་གྲུབ། ཐུན་མོང་དུ་ལས་སྣ་ཚོགས་འགྲུབ་པའི་དངོས་གྲུབ་དང་བརྒྱད་དོ། ༈ །ཡུལ་གསུམ་གྱད་དུ་གྱུར་ཅེས་པའི་དང་པོ་ཡིད་ཀྱི་ཡུལ་དུ་གསལ་བ་ནི་སླ། གཉིས་པ་དབང་པོའི་ཡུལ་དུ་གསལ་བ་ནི་ལྷ་དངོས་ཀྱི་ཞལ་མཐོང་བ་ལྟ་བུ་ལ་མི་བྱེད། སེམས་ཤིན་ཏུ་གོམས་པའི་དབང་གིས་ཧ་ལམ་སྟོང་གཟུགས་ལྟ་བུའི་ལྷའི་སྣང་བ་མཐོང་བ་ལ་བྱེད་གསུངས་ཏེ་ལང་གཤེགས་ལས་ཏིང་ངེ་འཛིན་གྱི་རྟགས་སྣང་ལ་ཟླ་བ་དང་ཉི་མ་འདྲ་བ་སོགས་མཐོང་བར་གསུངས་པ་ལྟ་བུའམ། རྣམ་འགྲེལ་ལས་འདོད་འཇིགས་གོམས་པའི་སྣང་བ་ལྟ་བུ། ཞེས་པས་དཔོགས། གསུམ་པ་ལུས་ཡུལ་དུ་གསལ་བ་ནི་རིས་གཞན་གྱིས་ཀྱང་ལྷར་

TN03_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༦)མཐོང་དུ་བཏུབ་པ་ཞིག་ཡིན་གསུངས་ཏེ། འདི་སྒྱུ་མ་མཁན་པོས་ནུས་པ་ཐོབ་ཚད་སྒྱུ་མ་མཁན་དང་འདྲ་ཟེར་བ་སོགས་ནི་གཏན་མིན་ནོ། །རྡེ་ཤིང་རྟ་གླང་སོགས་སུ་སྟོན་པ་ལྟ་བུར་མངོན། རྟ་སྐད་གཙུག་ཐོན་ཡང་ཕྱི་མ་སྤྱིར་རྟ་སྐད་གཙུག་ཐོན་ལའང་རིམ་པ་དུ་མ་ཞིག་ཡོད་འདྲ་ཡང་། འདི་མ་མཐའི་མཚམས་བཤད་པའོ། །འདི་ལ་སྦྱར་འདུག་པས་བསྐྱེད་རིམ་རགས་པ་མཐར་སོན་པ་ན་འོང་བར་བཞེད་འདྲ།། ༈ །།རྟ་ཛཔྲ་སྐོར་གྱི་དྲན་ཐོ་དངོས་གྲུབ་རྒྱ་མཚོའི་མཛོད་ཁང་། གསང་རྫོགས་རྒྱུད་ལས། ཡེ་ཤེས་འཇིག་རྟེན་གང་བསྒྲུབ་ཀྱང་༔ སྲོག་སྡོམ་གཟེར་བཞི་མ་ཐེབ་ན༔ ནམ་ཀྱང་དོན་མེད་ཡུགས་རྐྱང་༔ དྲང་དོན་རྫུན་གྱི་འཁྲུལ་འཁོར་ཡིན༔ ཡོངས་རྫོགས་དཔལ་གྱི་སྲོག་འཕྲོགས་ཐབས༔ གཅིག་ཤེས་པས་ནི་ཀུན་སྲོག་ཐོབ༔ དཔེར་ན་སྒྲ་གཅན་འཛིན་གྱི་ཁས༔ ནམ་མཁའི་ཉི་མ་གཅིག་ཟིན་པས༔ ཆུ་བྲན་སྟོང་གི་ཉི་མ་ཀུན༔ མ་བཟུང་བར་ཡང་སྟོང་སྲོག་ཐོབ༔ དེ་ཕྱིར་སྲོག་གི་གཟེར་བཞི་གཅེས༔ དབེན་པའི་གནས་སུ་མཎྜལ་བཤམས༔ དབུས་སུ་མཚན་ལྡན་ཀ་པཱ་ལར༔ དཔལ་ཆེན་སྐུ་གཅིག་གསལ་བར་དགོད༔ བསྐྱེད་རྫོགས་གཞུང་བསྲང་འཛཔྲ་རྫོགས་རྗེས༔ མི་རྟོག་བྱ་བྲལ་སོ་མར་བཞག༔ དེ་ནས་དཔལ་གྱི་སྲོག་འཕྲོག་ཐབས༔ ཏིང་འཛིན་གཟེར་དང་སྙིང་པོའི་གཟེར༔ དགོངས་པའི་གཟེར་དང་འཕྲོ་འདུའི་གཟེར༔

TN03_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༧)ཏིང་འཛིན་གཟེར་ནི་ཐོད་སྐུ་ལ༔ རྩེ་གཅིག་སེམས་བཟུང་ཡེངས་མི་བྱ༔ ཡུལ་གསུམ་གྱད་དུ་གྱུར་བ་དང་༔ དཔལ་ཆེན་ཧེ་རུ་དངོས་དང་མཇལ༔ བཟློག་པ་ཧེ་རུ་ཀས་མི་སྤྱོད༔ ཏིང་འཛིན་མི་འགྱུར་གཟེར་མེད་ན༔ སྐུ་ནི་ནམ་ཡང་མཐོང་མི་འགྱུར༔ སྙིང་པོ་སྔགས་གཟེར་ཡོངས་རྫོགས་ཀྱི༔ གཙོ་བོའི་སྔགས་དག་སེལ་མེད་བཟླས༔ ཐུགས་སྲོག་ཧཱུཾ་ལ་རྩ་སྔགས་འཁོར༔ གསལ་བའི་འཕྲོ་འདུས་སྲོག་སྔགས་བགྲང་༔ དེ་ཚེ་དཔལ་བྱོན་ལུང་ཡང་སྟོན༔ ནུས་པའི་རྩལ་རྫོགས་ལྷ་རྣམས་འཁོལ༔ སྲོག་སྙིང་བསྙེན་རྫོགས་གཟེར་མེད་ན༔ ལྷ་དང་དམ་ཅན་ཁུག་མི་སྲིད༔ དགོངས་པའི་གཟེར་ནི་ཞི་ཁྲོའི་ལྷ༔ ཡོངས་རྫོགས་དཔལ་ཆེན་རང་སེམས་ལས༔ གུད་ན་མེད་ཅིང་རུ་ཏྲ་ཡང་༔ ལོགས་ན་མེད་དོ་རང་གི་སེམས༔ སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ༔ གསལ་ལ་མ་འགག་ལོངས་སྤྱོད་རྫོགས༔ སྣ་ཚོགས་རང་ཤར་སྤྲུལ་པའི་སྐུ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ སྣང་སྟོང་དབྱེར་མེད་ཡེ་ཤེས་སྐུ༔ འགྱུས་དྲན་རྣམ་རྟོག་བསམ་ཡས་ཀྱང་༔ ཡོངས་སུ་རྫོགས་པ་དཔལ་གྱི་འཁོར༔ བསམ་གྱིས་མི་ཁྱབ་ཡེ་སངས་རྒྱས༔ རང་བཞིན་ཉིད་ལས་གཡོ་བ་མེད༔ དགོངས་པ་མི་འགྱུར་གཟེར་མེད་ན༔ དཔལ་ཆེན་འགྲུབ་ཀྱང་ཐུན་མོང་ལས༔

TN03_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༨)མཆོག་མི་འགྲུབ་ཅིང་རུ་ཏྲར་གོལ༔ འཕྲོ་འདུའི་གཟེར་ནི་དམིགས་པ་ཡི༔ བསྒྱུར་ཁ་ཤེས་ན་འདོད་དགུར་བསྒྱུར༔ ཏིང་ངེ་འཛིན་གྱི་འཕྲོ་འདུ་ཡིས༔ སེམས་ཀྱི་ནུས་པ་རྩལ་རྫོགས་ཏེ༔ གང་ལྟར་བསམ་པ་དེ་ལྟར་སྣང་༔ སྔགས་དང་ཕྱག་རྒྱའི་བྱིན་རླབས་མཐུས༔ ཞི་རྒྱས་དབང་དྲག་ལ་སོགས་པ༔ ཕན་གནོད་ལས་ཀ་གང་ཡང་འགྲུབ༔ དཔེར་ན་ནོར་བུ་གཅིག་ཉིད་ལ༔ མཆོད་གསོལ་རྐྱེན་གྱི་བྱེ་བྲག་ཏུ༔ ཇི་ལྟར་འདོད་པ་སོ་སོར་སྐོང་༔ འཕྲོ་འདུ་སྣ་ཚོགས་གཟེར་མེད་ན༔ དམིགས་གཏད་གཅིག་ལས་དོན་མི་འགྲུབ༔ འཕྲོ་འདུའི་ལས་ཁ་བསྒྱུར་ཤེས་ན༔ ཐེའུ་རང་ཐ་ཆུང་གཅིག་གིས་ཀྱང་༔ ཕྲིན་ལས་ཐོགས་མེད་ལས་ཀུན་འགྲུབ༔ ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན༔ ཁ་བསྒྱུར་གནད་ཀྱི་མན་ངག་ནི༔ ཡོངས་རྫོགས་དཔལ་ཆེན་ཧེ་རུ་ནས༔ འགོང་པོ་གྲོང་རྒྱུག་ཡན་ཆོད་པོའི༔ ཡེ་ཤེས་འཇིག་རྟེན་གང་ཡིན་ཡང་༔ གཅིག་ལ་བསྙེན་རྫོགས་གྲུབ་ཐོབ་ནས༔ ལས་ཀྱི་ཁ་བསྒྱུར་གང་ཡང་འགྲུབ༔ དཔེར་ན་ལྕགས་རྡོ་སྔར་བཏུལ་ནས༔ གོ་ཁྲབ་མཚོན་ཆ་ཅི་བསྒྱུར་ཉན༔ རྡོ་མ་ཐུལ་ན་ལྕགས་ཡིན་ཀྱང་༔ བསྒྱུར་སོགས་དངོས་ཀྱི་བཟོ་མི་བཏུབ༔ དེ་བཞིན་ལྷ་འདྲེ་གཅིག་འགྲུབ་ན༔ ཁ་བསྒྱུར་གང་ལ་ཞུགས་ཀྱང་འགྲུབ༔ རང་ཤར་གྱི་རྒྱུད་དང་ཡང་ཞུ་བསྡུར་ཕེར་རོ།

TN03_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

(༤༧༩)འདི་རྣམས་འོག་མིན་བགྲོད་པའི་ཐེམ་སྐས་དང་བསྒྲིགས་ནས་སློབ་པ་གལ་ཆེ། ༈ །པདྨ་གསུང་གི་སྒྲུབ་པ་ཞེས་ཟེར་བ་ལྟར། །སྒྲུབ་ལུགས་འདི་ལ་གསུང་བཟླས་པའི་རྣལ་འབྱོར་གཙོ་བོ་ཡིན་ཅིང་། །དེ་ཉིད་བསྡུས་པའི་འགྲོ་འདུལ་གྱི་དུམ་བུ་ལ་ཆོས་རྒྱ་གཙོ་བོ་ཡིན་པར་བཤད་པ་དང་མཐུན། སྒྲུབ་སྡེ་གཞན་གྱི་ཛཔྲ་ལས་ཀྱང་ཚ་ན་ཆེ་ལ་མྱུར་རོ། །དེ་ལ་གསང་རྫོགས་ཀྱི་ཛབ་དགོངས་ཆེན་མོ་ལས། པདྨ་གསུང་གི་སྒྲུབ་པ་ལ་དགོངས་པ་རྣམ་པ་བཞི་སྟེ༔ དྲག་སྔགས་བསྙེན་པ་བསྐྱལ་བའི་དགོངས་པ་ནི༔ བདག་ཉིད་པདྨ་དབང་ཆེན་དཔའ་བོ་གཅིག་པར་བསྒོམ་པའི་སྤྱི་གཙུག་གི་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་དཀར་པོ་འཕྲོས་པས་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་ལ་ཕོག་པས་སྐུ་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་གྱི་ལུས་ཀྱི་སྡིག་སྒྲུབ་སྦྱངས༔ ཚུར་འདུས་པས་བདེ་བར་གཤེགས་པའི་སྐུའི་དངོས་གྲུབ་དབྱིག་བསྡུས༔ དབུ་གཙུག་རྟ་མགྲིན་གྱི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས༔ གསུང་ལ་ཕོག་པས་གསུང་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་གྱི་ངག་ལ་ཕོག་པས་ངག་གི་སྒྲིབ་པ་སྦྱངས༔ ཚུར་འདུས་པས་བདེ་བར་གཤེགས་པའི་གསུང་གི་དངོས་གྲུབ་དབྱིག་བསྡུས༔ པདྨ་དབང་ཆེན་གྱི་ཐུགས་ཀ་ནས་འོད་ཟེར་མཐིང་ཁ་འཕྲོས༔ བདེ་བར་

TN03_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༠)གཤེགས་པའི་ཐུགས་ལ་ཕོག་པས་ཐུགས་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་གྱི་ཡིད་ལ་ཕོག་པས་ཡིད་ཀྱི་སྒྲིབ་པ་སྦྱངས༔ ཚུར་འདུས་པས་ཐུགས་ཀྱི་དངོས་གྲུབ་དབྱིག་བསྡུས་པར་བསྒོམ་མོ༔ ཕར་འཕྲོས་པ་དང་ཚུར་འདུས་པའི་དཔེ་མགལ་མེའི་འཁོར་ལོ་ལྟ་བུའོ༔ ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པའི་དཔེ་གསེར་གྱི་བ་ཐག་འཛིངས་པ་ལྟ་བུའོ༔ །དྲག་པོ་སྔགས་ཀྱི་འོད་ཟེར་འཕྲོ་བའི་དཔེ་ལྕགས་ཀྱི་ཚ་ཚ་བརྡབ་པ་ལྟ་བུའོ༔ ལྷ་འདྲེའི་དམག་དཔུང་གཞོམས་པའི་དགོངས་པ་ནི༔ བདག་པདྨ་དབང་ཆེན་དུ་གསལ་བའི་ཞལ་ནས་ཧྲཱི༔ ཞེས་བརྗོད་པས༔ དབྱིངས་གཏིང་མཐའ་མེད་པ་ནས་སྐྱེ་འགྲོ་གཟུགས་སུ་སྣང་བ་ཡན་ཆད་པདྨ་དབང་ཆེན་འདི་ནི་སྣང་སྲིད་ཐམས་ཅད་དབང་གི་རྒྱལ་ཐབས་ཀྱིས་མནན་ནས་ཟིལ་གནོན་འཕེན་ཚུལ་ཡིན་ཏེ། དེས་ལྷ་འདྲེའི་རྫོང་འཕྲོགས་པ་དང་། ལྷ་འདྲེ་རྣམས་རི་དྭགས་རྒྱ་ནང་དུ་བཙུད་པ་ལྟར་བྱེད་དེ། །གཅོད་ཀྱི་ཟིལ་གནོན་དམིགས་སྐོར་དང་ཚུལ་མཐུན་ནོ། །གྱི་ལྷ་ཚོགས་སུ་གྱུར་ཏེ༔ དེ་རྣམས་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་བ་རེ་རེ༔ དེའི་ཐུགས་རྡོ་རྗེའི་ལྟེ་བ་ལ་ཧྲཱི༔ དེའི་མཐའ་ལ་སྔགས་ཀྱིས་བསྐོར་བར་བསམ་ལ་བཟླས་པའོ༔ དེ་ལྟར་བཟླས་པས་ཐུགས་ཀ་ནས་པདྨ་དབང་ཆེན་གྱི་སྐུ་ཚོན་གང་བ་དཔག་ཏུ་མེད་པ་འཕྲོས༔ པདྨ་གསུང་གི་ལྷ་ཚོགས་རྣམས་ཀྱི་སྐུ་ལ་ཕོག་པས་ཀཱ་ཡ་ཝཀྐ་ཙིཏྟའི་རྒྱུད་བསྐུལ༔ སྐུ་མཉེས་པའི་མཆོད་

TN03_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༡)པ་ཕུལ༔ སྤྲུལ་པའི་ཕྲ་མེན་གཉིས་ཀྱི་ཚོགས་དང་བཅས་པ་འཕྲོས༔ གནོད་བྱེད་ཀྱི་འབྱུང་པོ་རྣམས་ལྕགས་ཀྱུས་བཟུང་ཞིང་ཞགས་པས་བཅིངས༔ ལྕགས་སྒྲོགས་ཀྱིས་བསྡམ་ཕུར་བུ་བཏབ་སྟེ་རང་དབང་མེད་པར་དབང་དུ་སྡུད་པར་བསམ་མོ༔ ཁྱད་པར་དུ་ཡང་ཀླུ་ཕོ་མོ་དང་ཀླུ་བསེན་ཕོ་མོ་རྣམས་བསྒྲལ་ནས་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་བརླག་པར་བྱས་ཏེ༔ བདག་གི་སྐུ་ལ་ཐིམ་ནས་དབང་གི་རྟ་སྐད་ཕྱོགས་བཅུར་བསྒྲགས་པས༔ ཞིང་ཁམས་ཐམས་ཅད་དབང་དུ་བསྡུས་ནས་དབང་གི་འོད་ཟེར་བསྐལ་པའི་མེ་དཔུང་ལྟ་བུར་ལྷབ་ལྷབ་གྱུར་པར་བསྒོམ་མོ༔ དམ་ཅན་ཁྱི་བཞིན་དུ་བཀོལ་བའི་དགོངས་པ་ནི༔ བདག་གིས་ཧྲཱི༔ཧཱུཾ་བརྗོད་པ་ཙམ་གྱིས་པདྨ་དབང་ཆེན་གྱི་སྐུར་གྱུར་ནས༔ ཧྲཱི༔ཧཱུཾ་ཞེས་བརྗོད་པས་ཁམས་གསུམ་མ་ལུས་ཟིལ་གྱིས་མནན་ཏེ༔ སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་པདྨ་དབང་ཆེན་འདི་ཡང་དྲེགས་པ་ཟིལ་གནོན་འཕེན་ཚུལ་ཡིན་ཏེ། གོང་གི་མཆན་ལས་ཤེས་སོ། །གྱི་སྐུ་ལས་གཞན་རྡུལ་ཙམ་ཡང་མ་གྲུབ་སྟེ༔ མ་བཅོས་མ་སྦྱངས་ལྷུན་གྱིས་གྲུབ་པར་རྫོགས་སོ༔ དེ་ནས་རྟ་མགོ་ལྗང་ཀུ་དཔྲལ་བ་ཞུར་པོ་རྡོག་མ་ལེ་བརྒན་ཕུམ་ཕུམ་སེར་པོའི་ཞལ་ནས་ཧྲཱིཿཧྲཱིཿཧྲཱིཿབརྗོད་པས་མ་མོ་དང་མཁའ་འགྲོ་མ༔ རྡོ་རྗེ་གིང་ཕོ་དང་གིང་མོ་ཐམས་ཅད་བཀའ་འོག་ཏུ་བསྡུས་ནས་གཅེར་བུ་

TN03_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༢)ལྷག་པས་བཏབ་པ་བཞིན་འདར་ཡེད་ཡེད་མིག་རིག་རིག་བཀའ་ཅི་སྩལ་་བགྱིད་ཟེར་བར་བསམ་མོ༔ དེ་ནས་བདག་ཉིད་པདྨ་དབང་ཆེན་ཤར་ཕྱོགས་སུ་རྟ་སྐད་ཐེང་གཅིག་བཏོན་པས་རྡོ་རྗེ་གིང་ཕོ་རྒྱུད་ཐམས་ཅད་དབང་དུ་བསྡུས༔ ལྷོ་ཕྱོགས་སུ་རྟ་སྐད་ཐེང་གཅིག་བཏོན་པས་གཤིན་རྗེ་དང་མོ་རྒྱུད་ཐམས་ཅད་དབང་དུ་བསྡུས༔ ནུབ་ཕྱོགས་སུ་རྟ་སྐད་ཐེང་གཅིག་བཏོན་པས་ཀླུ་དང་ས་བདག་ཐམས་ཅད་དབང་དུ་བསྡུས༔ བྱང་ཕྱོགས་སུ་རྟ་སྐད་ཐེང་གཅིག་བཏོན་པས་གནོད་སྦྱིན་དང་གཟའ་ཐམས་ཅད་དབང་དུ་བསྡུས་ནས་ཞལ་དུ་བདུད་རྩི་དང་༔ ལྕེ་ལ་དམར་གྱི་ཨརྒྷཾ་བཞག་ནས་ལས་ལ་བསྐུལ་བས་བསྟན་པ་སྲུང་བའི་ལས་ལ་ཐོགས་པ་མེད་པར་བྱེད་དེ༔ ཁྱི་གསར་རྦད་པ་བཞིན་དུ་འགྲོའོ༔ ཀླུའི་བར་ཆད་སྲུང་བའི་དགོངས་པ་ནི༔ བདག་པདྨ་དབང་ཆེན་དུ་བསྒོམ་པའི་ཐུགས་ཀ་ནས་སྐུ་རང་ཁོ་ན་འདྲ་བ་གྲངས་མེད་པ་སྤྲོས་པས་ཁམས་གསུམ་སྲིད་གསུམ་ཐམས་ཅད་དཔལ་རྟ་མགྲིན་གྱི་སྐུས་ཐམ་གྱིས་བཀང་ནས་ཀླུ་རིགས་ཐམས་ཅད་ཟིལ་གྱིས་མནན༔ ཕྲ་མེན་བྱི་ལ་པུ་ཤུད་མགོ་ཅན་སྤྲོས༔ དེ་ལས་ཀྱང་ཡང་སྤྲུལ་མང་པོ་སྤྲོས་ནས་གདུག་པའི་སེམས་དང་ལྡན་པའི་ཀླུ་དང་ས་བདག་ལ་སོགས་པ་རྣམས་ལྕགས་ཀྱུས་སྙིང་ནས་བཟུང་༔ ཕུར་བུས་དུམ་བུར་གཏུབ༔ ཀླད་ཁྲག་རྣམས་ཞལ་དུ་གསོལ༔ ཕུང་པོ་ལྷག་མ་མེད་པར་བསྒྲལ་ནས་བདག་གི་

TN03_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༣)སྐུ་ལ་ཐིམ་པས་སྣང་གྲགས་ཐམས་ཅད་པདྨ་དབང་ཆེན་གྱི་སྐུ་དང་༔ གསུང་དུ་གྱུར་པར་བསམ་ལ་བཟླས་པ་བྱའོ༔ ཞེས་སོ། །བདེ་འདུས་ཛཔྲ་བསྙེན་ལས༔ དབང་ཆེན་འདུས་པའི་རྩ་རྒྱུད་ལས། སྔགས་འདིས་རྣམ་བཞིའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བྱེད་པ་དང་། །རིམ་དགུའི་ཐེག་པའི་ཆོས་ཐམས་ཅད་སྡུད་པར་གསུངས་སོ། །ཨོཾ་པདྨན་ཏ་ཀྲིཏ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧཱུཾ་ཕཊ༔ ཨོཾ་ཡེ་ཤེས་ལྔ་དང་ལྡན་པ༔ པད་མི་འགྱུར་བའི་རིགས༔ མན་བྱམས་པ་ཆེན་པོ༔ ཏ་དགའ་བ་ཆེན་པོ༔ ཀྲི་ཏ་བཏང་སྙོམས་ཆེན་པོ༔ བཛྲ་མི་འགྱུར་བའི་རྡོ་རྗེ༔ ཀྲོ་བདག་ཉིད་ཆེན་པོ༔ ཏ་བདག་གི་སྐུ༔ ཧ་བདེ་བ་ཆེན་པོ༔ ཡ་འདྲེན་པ་ཆེན་པོ༔ གྲྀ་གཅོད་པ་ཆེན་པོ༔ བ་དག་པའི་སྐུ༔ ཧཱུཾ་སྡུད་པ་ཆེན་པོ༔ ཕཊ་གཅོད་པ་ཆེན་པོ༔ དེ་ནི་དོན་ཆོས་ཉིད་དང་སྦྱར་ཏེ་བཤད་པ༔ ཨོཾ་ཡེ་ཤེས་རྣམ་པ་ལྔ༔ པདྨན་ཏ་ཀྲི་ཏ་པདྨ་དབང་ཆེན་གྱི་སྙིང་པོ༔ བཛྲ་ཀྲོ་ཏ་ཟིལ་གནོན་ཁྲོ་བོ་བརྒྱད་ཀྱི་སྙིང་པོ༔ གྲྀ་ཝ་ཡུམ་རྣམས་ཀྱི་སྙིང་པོའོ༔ ཧཱུཾ་བཀའ་ཉན་ལས་བྱེད་ཀྱི་སྙིང་པོའོ༔ ཕཊ་སྒོ་བ་བཞིའི་སྙིང་པོ༔ པདྨ་དབང་ཆེན་ལྷ་རྒྱུད་དང་སྦྱར་བའོ༔ ཨོཾ་ཡེ་ཤེས་རྣམ་པ་ལྔ༔ པདྨ་པདྨའི་རིགས༔ཨན་ཏ་ཀྲིཏ་རྟ་མགྲིན༔ བཛྲ་རྡོ་རྗེ༔ ཀྲོ་ཏ་ཁྲོ་བོ༔ ཧྱ་གྲྀ་ཝ་རྟ་མགྲིན༔ ཧཱུཾབསྡུས༔ ཕཊ་སོད་སྲེག༔ ལྷ་འདྲེའི་དམག་དཔུང་

TN03_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༤)གཞོམ་པར་བསྟན་པའོ༔ ཨོཾ་ཡེ་ཤེས་ལྔས་འཁོལ་བ༔ པདྨན་ཏ་ཀྲིཏ་པདྨ་དབང་ཆེན༔ བཛྲ་ཀྲོ་དྷ་རྡོ་རྗེ་ཁྲོ་བོ༔ ཧྱ་གྲྀ་བ་གསུང་རྟ་སྐད་དང་ལྡན་པ༔ ཧཱུཾ་སྡེ་བརྒྱད་ལས་ལ་གཞུག་ཅིང་དབང་དུ་སྡུས་པ༔ ཕཊ་ལས་ལ་བསྐུལ་བའོ༔ དམ་ཅན་ཁྱི་བཞིན་བསྐུལ་བ་དང་སྦྱར་བའོ༔ ཨོཾ་ཡེ་ཤེས་རྣམ་པ་ལྔས་བསྲེག་པ༔ པདྨན་ཏ་ཀྲི་ཏ་པདྨ་དབང་ཆེན༔ བཛྲ་ཀྲོ་དྷ་རྡོ་རྗེ་ཁྲོ་བོ༔ ཧྱ་གྲྀ་ཝ་རྟ་མགྲིན༔ ཧཱུྃ་སྟོབས་ཀྱིས་ཀླུ་གདོལ་ཐུལ་བ༔ ཕཊ་སོད༔ ནཱ་ག་ཀླུ་འདུལ་བའི་དོན་དུ་བཟླས་པའོ༔ དེ་ལྟར་པདྨ་དབང་ཆེན་གྱི༔ བསྙེན་པའི་སྔགས་ཀྱི་དོན་བསྟན་པ༔ དཔལ་གྱི་རྟ་སྐད་ཐེང་གསུམ་དང་༔ མ་མོའི་འགྱིང་སྐད་ཐང་གསུམ་དང་༔ རྣལ་འབྱོར་བརྡ་སྐད་ཐང་གསུམ་གྱི༔ དང་པོས་སྣང་སྲིད་ཐམས་ཅད་ཀུན༔ རྟ་མགྲིན་དབང་གི་ལྷ་རུ་གྱུར༔ གཉིས་པས་སྣང་སྲིད་ཤ་ཁྲག་འགྱུར༔ གསུམ་པས་མ་སྲིང་དབྱིངས་ནས་བསྐུལ༔ བསྟན་པའི་སྤེའུ་བརྩིགས་པའོ༔ འདི་ལྟ་བུ་ཡི་དོན་རྟོགས་ན༔ རྟ་མགྲིན་དབང་གི་རྣལ་འབྱོར་ཡིན༔ ལྷ་སྲིན་ལས་ལ་འདི་ཡིས་འཁོལ༔ ལྷ་འདྲེའི་དམག་དཔུང་འདི་ཡིས་འཇོམས༔ ནཱ་ག་ཀླུ་རྣམས་འདི་ཡིས་ཐུལ༔ དྲག་སྔགས་བསྙེན་པ་འདི་ཡིས་སྐྱོལ༔ །གསུང་གི་དངོས་གྲུབ་འདི་ཡིས་འཐོབ༔དབང་ཆེན་སྐུ་ཡང་འདི་ཡིས་མཐོང༔ གསང་སྔགས་

TN03_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༥)ཟབ་མོའི་མན་ངག་འདི༔ སྐལ་མེད་རྨོངས་པའི་གང་ཟག་དག༔ ཀུན་ལ་བསྟན་པར་མ་གསུངས་སོ༔ ཞེས་གསུངས། འདི་ནི་ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད་ལས་ཀྱང་ཇི་ལྟ་བ་བཞིན་གསུངས་སོ། །འོན་ཀྱང་རྒྱུད་ཀྱི་དཔེ་ལ་འཆད་ཚུལ་དང་པོར། ཏ་བདེ་བ་ཆེན་པོ༔ ཧ་བདག་གི་སྐུ༔ ཞེས་དང་། འཆད་ཚུལ་གསུམ་པར། ཧཱུཾ་གཏུབ་སོད༔ ཕཊ་སྐྲོད་སྲེག༔ ཅེས་སྣང་། གསང་རྫོགས་གདེང་བརྒྱད་ཀྱི་ནང་ཚན་ཀླུ་སྒྲུབ་ཀྱི་གདེང་ལས། རུ་ལུ་རུ་ལུ་མ་མོ་མཁའ་འགྲོ། ཧཱུཾ་དམ་ལ་སྡུད་པ། བྷྱོ་ལས་ལ་འཛུད་པ། ཧཱུཾ་ལས་ལ་རྦད་པའམ་བསྐུལ་བ་ཞེས་བཤད་དེ་ཧ་ལམ་འོག་ཏུ་འབྱུང་བ་དང་འདྲ། འདི་གཙོ་སྔགས་ལ་མི་མཁོ་ཡང་སྤྱི་ཛབ་སྐབས་སྦྱོར་རྒྱུའོ། །བདེ་འདུས་རྩ་རྒྱུད་ལེའུ་བཅུ་བཞི་པར། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧྱ་གྲྀ་ཝ་སྔགས་འདི་ལ། དབང་ཆེན་གཙོ་བོ་དང་རིགས་བདག་འོད་དཔག་མེད། ཡུམ་པདྨ་གཟི་ལྡན་མ། དབང་ཆེན་རིགས་བཞི་ཡབ་ཡུམ། ཟིལ་གནོན་ཡབ་ཡུམ་བཅུ་དྲུག་སྒོ་མ་བཞི་ཁམས་རྒྱ་དམུས་ལོང་སོགས་ཕོ་ཉའི་ཚོགས་དང་བཅས་པ་ཚང་བས་པདྨ་དབང་ཆེན་ཡོངས་རྫོགས་ཀྱི་སྙིང་པོ་ཞེས་བཤད་པར་གསང་རྫོགས་སྔགས་བྱང་ལས་གསུངས། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཐོག་མཐའ་ཨོཾ་དང་ཕཊ་བཞག་ནས༔ བར་ན་བཅུ་བཞིའི་གྲོང་མཛེས་པ༔ པདྨའི་ལྷ་རྒྱུད་སྙིང་པོ་ཡིན༔ དབང་གི་ཐུགས་དམ་རྒྱུད་བསྐུལ་ཞིང་༔ ཁྲག་འཐུང་ལྷ་ཚོགས་དགྱེས་པ་དང་༔ རྣལ་འབྱོར་ཉམས་ཆག་སྡིག་སྒྲིབ་སྦྱངས༔ ཡེ་ཤེས་ལྷ་དང་གཉིས་སུ་མེད༔ གསུང་གི་རིག་འཛིན་

TN03_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༦)ཐོབ་པར་འགྱུར༔ ཞེས་གསུངས་སོ། །བདེ་འདུས་དབང་ཆེན་འདུས་རྒྱུད་ལྟར་སྔགས་དོན་བཤད་ན། ཨོཾ་ཡེ་ཤེས་ལྔ་ཉིད་རྟོགས་པ། པདྨ་དངོས་པོ་ཀུན་ལ་ཆགས་པ། ཏ་ཀྲིཏ་ཁྲོ་བོའི་གར་དགུ་རྫོགས་པ། བཛྲ་ཀྲོ་དྷ་ཆེ་བཙན་ཐམས་ཅད་འདུལ་བའི་རྡོ་རྗེ་ཁྲོ་བོ། ཧྱ་གྲྀ་བ་ཁམས་གསུམ་དབང་དུ་སྡུད་པ་རྟ་མགྲིན་ཉིད་ཡིན་ཞེས་པ། ཧུ་ལུ་ཧུ་ལུ་ཁྲོ་བོའི་ཚོགས་ཀྱི་སྤྲུལ་པ་འགྱེད་པ། རུ་ལུ་སྔོན་རུ་ཏྲས་རང་གི་འཁོར་དབང་དུ་སྡུད་པའི་སྔགས་ཀྱང་རུ་ལུ་རུ་ལུ་ཞེས་པ་འདི་ཡིན་པར་བསྙེན་སྒྲུབ་ཀྱི་ཏི་ཀ་ལས་སོ། །འདི་ལ་དཔྱད་ན་དབང་ཕྱུག་ཉེར་བརྒྱད་ཀྱི་འབོད་སྔགས་ཀྱང་བྷྱོ་ཁོ་ནའི་ངེས་བཟུང་མི་དགོས་པ་འདྲ། རུ་ལུ་ཁྲོ་བོ་ཁྲོ་མོའི་ཚོགས་ཀུན་དང་མཁའ་འགྲོའི་ཚོགས་རྣམས་དབང་དུ་སྡུད་པ། ཧཱུཾ་དྲེགས་པའི་ཚོགས་རྣམས་ལས་ལ་འབོད་པ། བྷྱོ་དེ་དག་ལས་ལ་རྦད་པ། ཧཱུཾ་ནི་དངོས་གྲུབ་ཉེ་བར་བསྡུ་བ། ཞེས་བྱའོ། །པད་ཕྲིན་རྗེའི་རང་ཤར་རྣམ་ངེས་སུ། ཧུ་ལུ་ཧུ་ལུ་འབད་པ་འབད་པ་ཞེས་བསྒྱུར་ཅིང་། དེའང་འདིར་ལས་ཀྱི་དབང་གིས་འབད་ཅིག་འབད་ཅིག་ཅེས་བསྒྱུར་ན་ལེགས་གསུང་། དེ་ནི་དངོས་གྲུབ་སྩོལ་བ་ལ་བརྩོན་འགྲུས་ཀྱི་འབད་པ་མཛོད་ཅིག་པའི་དོན་ཏེ། འདིར། ཆོས་དབང་རྟ་ནག་སོགས་ལས་རྟ་ཞལ་བརྩོན་འགྲུས་ཀྱི་ཤུགས་མྱུར་བའི་མཚན་མར་བཤད་པ་དང་། བྱང་ཆུབ་ཡན་ལག་གི་བརྩོན་འགྲུས་རྟ་མཆོག་དང་སྦྱར་ནས་མདོ་རྒྱན་དུ་བཤད་པའང་དྲན་པར་བྱའོ། །

TN03_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༧)གུར་གྱི་འགྲེལ་པར། ཧུ་ལུ་ཧུ་ལུ་ཧུ་ལུ་ཞུགས་ཤིག་ཞུགས་ཤིག་པར་བསྒྱུར་བའང་མང་བས། །དཔལ་རྟ་མགྲིན་བདག་གི་སྒོ་གསུམ་ལ་ཞུགས་ཤིག་ཅེས་བཤད་ནའང་རུང་བར་སེམས། མཉམ་སྦྱོར་ལས་སོ། །ཧུ་ལུ་ཞེས་པ་ཞིག་མཛོད་ཅིག་མཛོད་ཅིག་པར་བཤད། ཡང་དབང་ཆེན་འདུས་པས། ཧྲཱིཿནི་ཐམས་ཅད་ང་ཡི་ངང་དུ་བསམཿ ཞེས་དང་། ཧྲཱིཿདབང་དུ་སྡུད་པའི་སྒྲ། ཞེས་ཀྱང་ངོ། ཉང་གི་ཁྲོས་མ་ཧྲཱིཿ ནག་མོའི་སྒྲུབ་ཐབས་ལས། རྡོ་རྗེ་ཕག་མོ་ཁྲོས་ནག་གི་སྲོག་སྔགས་ཀྱང་ཧྲཱིཿར་བཤད་དོ། ༈ །གསུང་རྟ་སྐད་འབྱིན་པའི་དུས་ནི་བཟླས་པ་གསུང་གི་རྣལ་འབྱོར་གྱི་སྐབས་འདི་ཉིད་ཡིན་ཏེ། བདེ་འདུས་ཛཔྲ་བསྙེན་ལས་ཤེས་ཤིང་། གསང་རྫོགས་ཛབ་དགོངས་ཀྱི་གསུམ་པས་ཀྱང་མཚོན་ནོ། །དེས་ན་རྟ་སྐད་ཟིན་བྲིས་སྐོར་ཡང་འདིར་སྦྱར་རོ། ༈ །སྔོན་རྟ་མཆོག་ཧེ་རུ་ཀ་ལ་རིགས་ལྔའི་དེ་བཞིན་གཤེགས་པ་མན་ཆད་ཀྱི་སྲིད་ཞིའི་གཙོ་བོ་རྣམས་ཀྱིས་རང་རང་གི་སྲོག་གི་སྙིང་པོ་ཕུལ་བར་དབང་ཆེན་འདུས་པ་རྩ་བའི་རྒྱུད་ལས་གསུངས་ཏེ། དེ་ནི་འདིའི་སྒྲུབ་པ་པོ་རྣམས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ཀྱི་དངོས་གྲུབ་བདེ་བླག་ཏུ་དབང་དུ་འགྱུར་བའི་ཆེད་ཡིན་ཏེ། ཛབ་དགོངས་དང་པོ་དང་གསུམ་པ་ལ་གཅེས་སོ། ༈ །བྱེད་ལས་ཀྱི་སྒོ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་

TN03_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༨)ཐམས་ཅད་བསྡུས་པ་ནི་ལྷན་སྐྱེས་ཀྱི་ཡེ་ཤེས་ཡིན་པས། དེ་བརྗོད་བྱར་བླང་ཞིང་། དེའི་རང་བཞིན་ཅན་གྱི་རྟ་སྐད་ཀྱང་རྒྱལ་བའི་ཆོས་མཛོད་མཐའ་དག་བསྡུས་པ་ཡིན་ནོ། །ཡོ་ག་དང་གསང་འདུས་སོགས་ལས་བདེ་ཆེན་སོར་རྟོག་ཡེ་ཤེས་ལ་དམ་པའི་ཆོས་ཀྱི་ཡེ་ཤེས་དང་རྡོ་རྗེ་གསུང་རབ་ཀྱི་ཡེ་ཤེས་སུ་བཤད་ཡོད། དེས་ན་འདི་ཉིད་དབང་བྱེད་ཀྱི་དགོངས་པ་ཟུར་པ་ལ་མི་ལྟོས་པར་ཡང་རྩ་གསུམ་སྲུང་མ་དང་བཅས་པར་རང་འཁོར་བའི་བླ་རྡོ་མཐར་ཐུག་ཏུ་གྲུབ་སྟེ། མདོ་རྒྱུད་ཁྱད་པར་ཅན་རྣམས་ཀྱི་གླེགས་བམ་ཙམ་བཞུགས་པའི་ཕྱོགས་སུ་ཡང་སངས་རྒྱས་བྱང་སེམས་དང་། རིག་འཛིན་མ་མོ་མཁའ་འགྲོ། སྡེ་བརྒྱད་དམ་ཚིག་རྣམས་དབྱར་སྐྱེས་ཀྱི་སྤྲིན་བཞིན་འདུ་བར་གསུངས་ན། །དེ་ལྟ་ཅི་སྨོས་པའི་ཕྱིར། ༈ རྟ་སྐད་ཀྱིས་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་རབ་འབྱམས་དབང་དུ་བྱེད་པའི་མཐུ་སྐྱེ་བ་ལ་ནི་སྒྲུབ་པ་པོ་རང་ཉིད་རྟ་མཆོག་དབང་གི་རྒྱལ་པོར་བྱིན་གྱིས་བརླབས་པ་ཞིག་དགོས་ཏེ། རྩ་བརྔ་བ་དང་། ཟོར་བ་བདར་བའི་རིགས་པ་བཞིན་ནོ། །དེ་ལྟར་བྱིན་རླབས་ཀྱི་རྩལ་ཐོན་པ་ལ་ཡང་། ཉེར་ལེན་གྱི་རྒྱུར་དཔལ་གྱི་སྣང་ཞེན་བརྟན་པ་དང་། ལྷན་ཅིག་བྱེད་རྐྱེན་དུ་ཐོག་མ་མེད་པའི་དུས་ནས་གྲུབ་པའི་དཔལ་ཧེ་རུ་ཀ་རྣམས་ཀྱིས་བྱིན་གྱིས་བརླབས་པ་གཉིས་དགོས་ཏེ། དེ་གཉིས་ཀྱང་ཕན་ཚུན་གྲོགས་སུ་འཇུག་པ་ཅན་ནོ། །དེའི་ཕྱིར་ཛབ་དགོངས་དང་

TN03_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

(༤༨༩)པོའི་སྒོ་ནས་རྡོ་རྗེ་གསུམ་གྱི་ནུས་པ་སྨིན་པར་བྱེད་པ་འདི་ནི་དངོས་གྲུབ་སྒྲུབ་པ་ལ་སྣེ་གཅིག་ནས་ཟིན་ན་ཀུན་གཡོ་འོང་བའི་ཐབས་དམ་པར་གཟུང་ངོ། །རྟ་མགྲིན་ལའངསྐྱེད་རིམ་པའི་རྟ་མགྲིན་ནས་མི་སློབ་ཟུང་འཇུག་གི་རྟ་མགྲིན་བར་དབྱེ་རྒྱུ་ཡོད་པས་ཤེས་པར་གྱིས། ཉམས་ཆག་སྐོང་བའི་དམིགས་མདེའུ་སྒྱུར་ནའང་ཛབ་དགོངས་དང་པོ་འདི་ལ་སྦྱོར། ༈ ལྷ་སྔགས་ཀྱི་བྱིན་རླབས་གཡེལ་བ་དང་ཞུད་པ་གསོ་ནའང་ཛབ་དགོངས་དང་པོ་རང་ཟབ་པར་མངོན་ཏེ། །རྡོར་གཙུག་ལས་ཐུན་ཞུད་ན་སྔགས་ཀྱིས་དབང་བསྐུར་བས་གསོ་ཞིང་ངར་ལྡུད་པར་བཤད་པས་མཚོན་ནོ། ༈ །འབྲས་དུས་སུ་གསུང་གི་ཕྲིན་ལས་ཀྱིས་འགྲོ་དོན་བྱེད་པ་དང་མཐུན་པར། སྔགས་ཕྲེང་ལས་འོད་ཟེར་སྤྲོས་པས་སེམས་ཅན་ཐམས་ཅད་ཧེ་རུ་ཀའི་གོ་འཕང་ལ་འགོད་པ་འདི་ནི། སྣང་བ་ལྷ་ལ་གྲགས་པ་སྔགས༔སོགས་རྐང་པ་གཉིས་ཀྱི་དོན་ལ་ཚང་བར་འདི་ཉིད་ཀྱི་གུ་རུ་དྲག་པོའི་ཛབ་དགོངས་ལས་གསལ་པོར་ཤེས། འོག་ཏུ་ཡང་བྲིས་ཡོད། ཡང་ཛབ་དགོངས་དང་པོར་བཞུགས་པ་གསང་རྫོགས་སུ་གསལ་ཏེ་གལ་ཆེ། ༈ །ཚེ་དང་ལང་ཚོ། མཐུ་སྟོབས་གཟི་བརྗིད། ཤེས་རབ་དང་སྙིང་རྗེ། གཟུངས་སྤོབས་མངོན་ཤེས། ངག་གི་དེའི་བསྒོ་བ་ལས་ལྷ་རྣམས་ཀྱང་འདའ་བར་མི་ནུས་པའི་ཚིག་བཙན་པ་དང་། ཚིག་ཙམ་གྱིས་དམག་གི་སྡེ་རེངས་བར་བྱ་བ་ལ་སོགས་པའི་ལས་འགྲུབ་པ་དང་།

TN03_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༠)སྨྲ་བའི་ཁྱུ་མཆོག་གི་གནས་ཐོབ་པ་ཐམས་ཅད་ལ་སྦྱོར་བཏུབ། དབང་ཕྱུག་སོགས་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཀྱི་ཆ་ཤས་རང་ཤར་ལྷ་ཁྲིད་ལས་ཀྱང་འདི་མཐུན་འབྱུང་། རེ་ཡིན་པས་ཛབ་དགོངས་དང་པོའི་མདེ་ཁ་སྒྱུར་ལུགས་རེས་གང་འདོད་འགྲུབ་བོ། །འདི་རྡོག་མ་ལེ་བརྒན་ལས། ཐུན་མོང་གྲུབ་ཆེན་བརྒྱད་ལ་སོགས། །མཆོག་གི་སྐུ་གསུམ་རང་གསལ་བ། །ཞེས་པའི་ཐད་དང་བསྒྲིགས་ན་ཤིན་ཏུ་ལེགས་འདྲ། ༈ །ཛབ་དགོངས་གསུམ་པའི་སྐབས་ཀྱི་རྟ་སྐད་འདོན་པ་ན། རྟ་སྐད་ཀྱི་དེ་ཉིད་དང་། དེས་འཇིག་རྟེན་གསུམ་གྱི་སྲོག་འཕྲོགས་ཚུལ་ཟུར་འཁོད་ལྟར་ངེས་པའི་སྟེང་ནས། རྟ་དབྱངས་གསང་མཐོར་བསྒྲགས་པས་སྡེ་བརྒྱད་ཀྱི་སྤྱི་སྲོག་དང་དགོས་སྲོག་སྲོག་རྟེན་ཉི་ཟླའི་དྭངས་མ་དང་བཅས་པ་བསྐུལ་ཞིང་རང་དབང་མེད་པར་དྲངས་པས་རླུང་གིས་བསྐྱོད་པའི་ཤིང་ལོ་ལྟར་ལྷགས་པར་བལྟ་བ་སྟེ། དཔལ་ཆེན་ཆེ་བའི་རྟ་སྐད་ལ་སོགས་པའི་སྐབས་བཞིན་སྦྱར་རོ། །ལེགས་པར་བསྙེན་ན་བྱ་རྒྱུད་ལེགས་གྲུབ་དང་བསྟུན་ན། དམ་ཅན་མཐུ་བོ་ཆེ་རྣམས་ཀྱིས་སངས་རྒྱས་དངོས་ལས་དངོས་གྲུབ་བསླང་སྟེ་སྦྱིན་པའང་ཡོད་པར་མངོན་ནོ། ༈ །རྟ་སྐད་ཀྱིས་དབང་དྲག་གི་ལས་གཉིས་མཛད་ཚུལ་ནི་མི་དང་མི་མིན་གྱི་འགྲོ་བའི་ཡིད་བདག་ལ་འཆོར་བ་ནི། །དེ་དག་གི་རྣམ་ཤེས་ཀྱི་བཞོན་པའི་རླུང་གི་བརྟན་པ་འཕྲོག་པ་ལ་ཐུག་སྟེ། རླུང་གི་རྟ་དང་བྲལ་ན་ཤེས་པ་འཕྱེ་བོ་དང་འདྲ་

TN03_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༡)བར་གསང་རྫོགས་དང་རྫོགས་ཆེན་སྐོར་དུ་གསུངས་པས་སེམས་འགྲོ་འོང་ནི་རླུང་གིས་ཁྲིད་ནས་བྱེད་པའི་ཕྱིར་རོ། །ཡབ་ཡུམ་གྱི་སྦྱོར་མཚམས་ནས་སྤྲོས་པའི་བདེ་བའི་སྒྲ་དང་། འོད་ཟེར་གྱིས་སངས་རྒྱས་དང་བཙུན་མོར་བཅས་པའི་བདེ་བའི་ཡེ་ཤེས་བསྐུལ་ཏེ་སྤྱན་འདྲེན་པ་བཞིན་དུ། དེ་བཞིན་གཤེགས་པའི་གཞོམ་མེད་ནཱ་དའི་འཚེར་གླུས། ལུས་ཅན་རྣམས་ཀྱི་སྲོག་ཏུ་གྱུར་པའི་རླུང་དེ་རང་དབང་མེད་པར་བསྐུལ་ཞིང་བརླབ་སྟེ། དེའི་གཞན་དབང་ཅན་གྱི་སེམས་རྣམས་མྱོས་པ་དང་། མིའམ་ཅིའི་རྒྱལ་པོ་ལྗོན་པའི་གླུས་དགྲ་བཅོམ་པ་རྣམ་ཐར་བརྒྱད་ལྡན་རྣམས་ཀྱང་རང་དབང་མེད་པར་མྱོས་ནས་གར་བྱས་པར་གསུངས་པ་ལྟ་བུ། འཕར་བ་དང་། ལྡེག་པ་དང་། དཀྲུགས་པ་དང་། དབབ་པ་དང་། དགུག་ཅིང་དྲང་བ་སོགས་བྱེད་དོ། །སྒྱུ་འཕྲུལ་ལས། སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ། །ཞེས་དང་། མདོ་ལས་ལྷ་དང་ལྷ་མིན་འཐབ་པའི་སྒྲས་རྒྱ་མཚོའི་སྲོག་ཆགས་མང་པོའི་སྙིང་འགས་པར་གསུངས་པ་བཞིན། །དྲག་པོའི་ང་རོ་མི་བཟད་པས་གདུག་པ་ཅན་རྣམས་ཀྱི་སྲོག་ལ་སོགས་པའི་རླུང་དྲག་ཏུ་སྐུལ་ཞིང་གཏིང་འཁྲུགས་པར་བྱེད་ལ། དེས་ལུས་སེམས་གཏོར་དཀྲུགས་རྨོངས་རེང་བསྐྲད་པ་སོགས་བྱེད་དོ། །སེང་ལྤགས་ཀྱི་རྒྱུད་སྒྲས་རྒྱུད་གཞན་ཐམས་ཅད་ཆད་འགྲོ་བ་ལྟ་བུའང་ཡིན་ནོ། །མཆན། ༈ མ་མོ་རྦོད་གཏོང་གི་

TN03_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༢)ཛབ་དགོངས་སྐབས། མངོན་རྫོགས་རྒྱལ་པོའི་སྤྱི་གཙུག་རྟ་མགྲིན་གྱི་ཞལ་ནས་འཚེར་སྐད་ཐེང་གསུམ་བསྒྲགས་པས་མ་མོ་མཁའ་འགྲོ་ཐམས་ཅད་དབང་བསྡུས་ཟིལ་གྱིས་མནན་ཅིང་སྲོག་ཕྲོགས་ཏེ་ལས་ལ་འཛུད་པར་གསུངས་པའི་སྐབས་སུ། དེ་ཡང་ཁམས་གསུམ་སྲིད་པ་གསུམ་ན་དབང་ཆེ་བ་མ་མོ་དང་མཁའ་འགྲོ་མ་ཡིན་པས་དབང་གི་མ་མོར་བྱས་ནས་དབང་བསྒྱུར་བ་དང་༔ སེམས་ཅན་གྱི་ཚེ་སྲོག་མ་མོ་དང་མཁའ་འགྲོ་མའི་ཕྱག་ན་མངའ་བས་ཚེའི་མ་མོར་བྱས་ཏེ་ཚེ་སྒྲུབ་པ་དང་༔ ནད་ཀྱི་བདག་མོ་ཡིན་པས་ནད་ངན་གཅོད་པ་དང་༔ དམོད་པ་དྲག་སྔགས་ཀྱི་བདག་མོ་ཡིན་པས་དགྲ་ལ་རྦད་པ་དང་༔ ཐུན་མོང་གི་མཐུ་དང་རྫུ་འཕྲུལ་ཐམས་ཅད་ཀྱི་བདག་མོ་ཡིན་པས་ཐུན་མོང་གི་ལས་གང་འདོད་ལ་སྦྱར་བའོ༔ དེ་ལྟ་བུ་ལ་མ་མོ་རྦོད་གཏོང་གི་སྒྲུབ་པ་ཞེས་བྱའོ༔ ཞེས་བདེ་གསང་གཉིས་ཀར་གསུངས་ཏེ་ཛབ་དགོངས་གསུམ་པ་ལ་མཁོའོ། ༈ སྒྲུབ་ལུང་གི་བཀའ་སྒོ་ལས། པདྨ་ལ་སྒྲུབ་པ་བརྒྱད་དུ་བཀའ་སྩལ་བའི་པདྨ་སྐུའི་སྒྲུབ་པ་ནི༔ པདྨ་སྒྲུབ་པའི་རྣལ་འབྱོར་པའི་ལུས་པདྨ་དབང་ཆེན་གྱི་སྐུར་གསལ་བའི་དུས་ན༔ སྐུ་ལ་བགྲེས་རྒུད་མི་མངའ་སྟེ༔ རང་རིག་པ་པདྨ་དབང་ཆེན་གྱི་སྐུས་ཁམས་གསུམ་དབང་དུ་སྡུད་པ་ལ་པདྨ་སྐུའི་སྒྲུབ་པ་ཞེས་བྱའོ༔ ངག་པདྨ་དབང་ཆེན་གྱི་གསུང་དྲི་མ་མེད་

TN03_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༣)པ་རྟ་སྐད་ཐང་གསུམ་གྱིས་ཁམས་གསུམ་དབང་དུ་སྡུད་པ་ལ་པདྨ་གསུང་གི་སྒྲུབ་པ་ཞེས་བྱའོ༔ ཡིད་པདྨ་དབང་ཆེན་གྱི་ཐུགས་མི་རྟོག་པའི་ཡེ་ཤེས་ཆེན་པོས་སྣང་སྲིད་ཀྱི་ཆོས་ཐམས་ཅད་བསྡུས་པ་མེད་པར་ཡེ་ནས་དབང་དུ་འདུས་པ་ལ་པདྨ་ཐུགས་ཀྱི་སྒྲུབ་པ་ཞེས་བྱའོ༔ དེ་ལྟར་པདྨ་དབང་ཆེན་གྱི་སྐུ་གསུང་ཐུགས་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་འཕེལ་འགྲིབ་མི་མངའ་བས་པདྨ་ཡོན་ཏན་གྱི་སྒྲུབ་པ་ཞེས་བྱའོ༔ ཕྲིན་ལས་སྣང་སྲིད་ཐམས་ཅད་དབང་དུ་བསྡུས་ནས་ཆོས་ཉིད་སྐྱེ་འགག་མེད་པར་གསལ་འདེབས་པ་ལ་པདྨ་ཕྲིན་ལས་ཀྱི་སྒྲུབ་པ་ཞེས་བྱའོ༔ རྡོ་རྗེའི་གླུས་དབང་གི་ཆེ་བ་བསྟོད་པ་དང་༔ འཁོར་ལོང་བ་རྒྱབ་འབྲེལ་དང་༔ རྨུན་ལོང་འཁོར་བ་མན་ཆད་དབང་གི་ལས་ལ་བསྐུལ་བ་ལ༔ པདྨ་རྦོད་གཏོང་གི་སྒྲུབ་པ་ཞེས་བྱའོ༔ ཁམས་གསུམ་ཡོངས་སྒྲོལ་གྱི་མཆོད་པ་དང་༔ དུག་གསུམ་གཏན་སྤྲུགས་ཀྱི་མཆོད་པ་འབུལ་བ་དང་༔ འཁོར་ཅེ་སྤྱང་དམར་ལ་དབབ་པ་དང་༔ རོ་བཤལ་གཏོད་ལ་བོར་བ་དང་༔ རཀྟ་ཙ་མུན་ཏའི་སྐུ་བཙའ་བ་ལ་པདྨ་མཆོད་བསྟོད་ཀྱི་སྒྲུབ་པ་ཞེས་བྱའོ༔ ཁམས་གསུམ་དབང་དུ་བསྡུ་བའི་སྔགས་དང་༔ སྡེ་བརྒྱད་ལས་ལ་གཟུད་པའི་སྔགས་ལ༔ པདྨ་དྲག་སྔགས་ཀྱི་སྒྲུབ་པ་ཞེས་བྱའོ༔ ཞེས་བཤད་

TN03_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༤)དོ། ༈ །ཛབ་དགོངས་གཉིས་པའི་ཐད་དུ། མན་ངག་སྙིང་གཟེར་ལས། སྡེ་བརྒྱད་སོ་སོ་ལ་གཉེན་པོ་སྟོབས་ཀྱི་ལྷ་སོ་སོར་འཆད་པའི་སྐབས་སུ། བདུད་དང་རྒྱལ་པོའི་གཉེན་པོ་ནི༔ རྟ་མགྲིན་པདྨ་དབང་ཆེན་ཡིན༔ ཞེས་འབྱུང་། ཉང་གི་སྲིད་པའི་གཏེར་ཁྱིམ་ལས་དྲེགས་པ་ཐམས་ཅད་ཕོ་རྒྱུད་མོ་རྒྱུད་ཀླུ་རྒྱུད་གསུམ་དུ་བསྡུས་ཏེ་འཆད་སྐབས། རྒྱུད་གསུམ་དྲེགས་པའི་ནང་ཚན་ཆེ་བ་ཀླུ་རྒྱུད་དང་། དེའི་གཉེན་པོ་སྟོབས་ཀྱི་ལྷར་བསྔགས་པ་རྟ་མགྲིན་དུ་བཤད། ཀླུ་ལ་ཤིས་པའི་ལྷ་ལྔར་གྲགས་པའི་ནང་ན་ཡང་རྟ་མགྲིན་དང་ཁྱུང་གཉིས་རེ་རེར་བགྲང་ངོ་། །གཉན་དང་ས་བདག་གི་རིགས་ཐམས་ཅད་ཀླུ་རྒྱུད་དུ་བསྡུ་བར་རྡོར་གཙུག་ལས་སོ། །བདེ་འདུས་དབང་ཆེན་འདུས་པའི་རྒྱུད་ལས། ང་ནི་བདེ་གཤེགས་ཀུན་གྱི་གཙོ༔ ང་ནི་སྐྱེ་འགྲོ་ཀུན་གྱི་ཡབ༔ ང་ནི་གཤིན་རྗེ་ཀུན་གྱི་གཤེད༔ ང་ནི་མ་མོ་ཀུན་གྱི་རྗེ༔ ཞེས་པ་ནས། དུས་གསུམ་འདི་ནི་ང་ཡི་དབང་༔ དུས་གསུམ་གྱི་བུདྡྷ་ཐམས་ཅད་ངས་བསྐྱེད་པའི་ཕྱིར། གདུལ་བྱ་ཕོ་རྒྱུད་ཐམས་ཅད་འདུལ་བའི་ཕྱིར། མོ་རྒྱུད་ཐམས་ཅད་འདུལ་བའི་ཕྱིར། ཕྱི་སྣང་བ། དུ་མ་གྱུར་བ་མེད་དོ། །མཆན་རྙིང་ཡིན་ནོ། ཞེས་གསུངས་པ་སོགས་མང་ངོ་། ༈ །ཛབ་དགོངས་བཞི་པོ་དེ་ཤངས་ལུགས་ཀྱི་རྟ་མགྲིན་སྒྲུབ་གཞུང་ལས་ཀྱང་གསུངས་ཏེ། ཞི་ཁྲོ་རབ་འབྱམས་གསང་

TN03_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༥)བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་རང་བཞིན་གྱིས་སྒྲུབ་པ་པོའི་སྟོང་གྲོགས་མཛད་ཅིང་བྱིན་གྱིས་རློབ༔ ཅེས་ཛབ་དགོངས་དང་པོ་དང་། སྲུང་མ་རྣམས་ཀྱིས་ཕྲིན་ལས་དབང་མེད་དུ་བྱེད༔ ཅེས་གསུམ་པ། ཡང་དྲག་པོའི་སྔགས་བཟླས་པས་སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད་པོ་ཡང་བསྡད་པའི་དབང་མེད་པར་བསམ༔ ཞེས་པས་ཀྱང་གཉིས་པ་དང་གསུམ་པ། བ་སྤུ་ཉག་མ་རེའི་རྩ་བ་ནས་ཀྱང་བཅོམ་ལྡན་འདས་རྟ་མགྲིན་དཔག་ཏུ་མེད་པར་སྤྲོས་ལ་གདོན་བགེགས་ཐམས་ཅད་རང་སྲོག་རང་གིས་བཅད་པ་ལྟར་བསད་པ་དང་༔ དངངས་པ་དང་༔ རེང་བར་བསམ་མོ༔ ཞེས་སོགས་ཀྱིས་གཉིས་པ་དང་བཞི་པ་བསྟན་ནོ། །དེར། སྔགས་ཀྱི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྦྱངས་ཏེ་ཐམས་ཅད་བདེ་བ་ཆེན་པོར་ཕྱམ་གྱིས་བཏང་བར་བསམ་པ་ཡང་བཤད་དོ། ༈ །དེ་བཞིན་དུ་གཞུང་འདིར་ཡང་། རྩ་གསུམ་ཞི་ཁྲོ་མཆོད་པས་མཉེས༔ ཞེས་དང་པོ་བསྟན་ཏེ། བླ་སྒྲུབ་ལས་དེ་འབྲེལ་དུ། བྱིན་རླབ་དངོས་གྲུབ་རང་ལ་ཐིམ༔ ཞེས་གསུངས། །སྡེ་བརྒྱད་འབྱུང་པོ་ཟིལ་གྱིས་མནན༔ དགྲ་བགེགས་གདུག་པ་ཚར་ཐག་གཅད༔ ཅེས་གཉིས་པ་དང་བཞི་པ། དམ་ཅན་ཕོ་ཉ་ལས་ལ་བསྐུལ༔ ཞེས་གསུམ་པ་བསྟན་ནོ། །

TN03_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༦)སྣང་བ་ལྷ་ལ་སོགས་རྐང་པ་གཉིས་ཀྱིས་ནི་བརྟན་གཡོ་ཐམས་ཅད་དབང་ཆེན་གཅིག་པུའི་རྣམ་འཕྲུལ་དུ་ལྟ་བའི། དབང་བྱེད་ཀྱི་ཛབ་དགོངས་ཁྱད་པར་ཅན་ཏེ། རྟ་སྐད་ཟིན་ཏིག་ཏུ་བལྟའོ། ༈ འདིའི་སྒྲུབ་སྔགས་འདི་ལ། སྔོན་འགྲོ། ལས་སྦྱོར། རྒྱུན་སྔགས། བསྙེན་སྔགས་དང་བཞི་གཅིག་ཏུ་དྲིལ་བའི་སྔགས། ཞེས་ཤངས་ལུགས་གཏེར་གཞུང་ལས་སོ། ༈ །ཛབ་དབྱངས་ནི། བདེ་འདུས་བསྙེན་སྒྲུབ་ཀྱི་པྲ་ཁྲིད་ལས། དབང་ཆེན་གྱི་ཛབ་ནི་སེང་གེའི་འགྱིང་ཛབ་ཅེས་བྱ༔ བགྲང་ཐབས་ནི་སྐད་གདངས་ལ་འགྱིང་ཆེ་བར་བགྲང་༔ དགོས་པ་ནི་ནུས་པ་རྒྱས་ཤིང་དྲེགས་པ་ཟིལ་གྱིས་གནོན་པར་བྱེད་དོ༔ ཞེས་སོ། ༈ །སྤྱི་ཛབ་རུ་ལུའི་དོན་ནི་བདེ་འདུས་སྔགས་རྒྱུད་ལས་ཡང་དག་གི་སྐབས་སུ། ཨོཾ་ནི་ཡེ་ཤེས་རྣམ་པ་ལྔའོ༔ རུ་ནི་ཆགས་པ་ཆེན་པོའོ༔ ལུ་ནི་ཀུན་བཟང་ཡུམ་གྱི་མཁའ་འོ༔ རུ་ནི་ཉོན་མོངས་པ་དབང་དུ་བསྡུས་པའོ༔ ལུ་ནི་སྲིད་པ་གསུམ་དབང་དུ་བསྡུད་པའོ༔ ཧྲཱུཾ་ནི་དགྱེས་པ་ཆེན་པོས་སྤྲུལ་པ་མང་པོ་འགྱེད་པོའོ༔ བྷྱོ་ནི་ཆོས་ཀྱི་དབྱིངས་སུ་འཇིག་རྟེན་པ་གནས་གྱུར་པའོ༔ ཧཱུཾ་ཐ་མ་ནི་ཡོན་ཏན་རིནཔོ་ཆེ་ནོར་བུ་རིན་པོ་ཆེའོ༔ ཕཊ་ནི་ཆོས་ཀྱི་དབྱིངས་བདེ་བ་ཆེན་པོར་བསྐུལ་བའོ༔ དེ་ནི་སྔགས་ཀྱི་དོན་དང་སྦྱར་ཏེ་

TN03_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༧)བསྟན་པའོ༔ ཁྲག་འཐུང་དྲུག་ཅུ་རྩ་བརྒྱད་ཀྱི་སྙིང་པོར་བསྟན་པ་ནི༔ ཨོཾ་ནི་ཁྲག་འཐུང་ཡབ་ཡུམ་བཅུའི་སྙིང་པོའོ༔ རུ་ལུ་གོང་མ་གཽ་རི་བརྒྱད༔ རུ་ལུ་འོག་མ་ཕྲ་མེན་བརྒྱད༔ ཧཱུཾ་ནི་འཇིགས་བྱེད་ཁོ་བོ་བཅུ༔ བྷྱོ་དབང་ཕྱུག་མ་ཉི་ཤུ་བརྒྱད༔ ཧཱུཾ་སྒོ་མ་བཞི༔ ཕཊ་སྤྲོ་བའོ༔ ཞེས་གསུངས་ཤིང་། ཁྲག་འཐུང་ང་བརྒྱད་དང་སྦྱོར་ན་གཞན་དེ་དང་འདྲ་བ་ལས། ཧཱུཾ་སྔ་མ་སྒོམ་བཞི༔ ཧཱུཾ་ཕྱི་མ་དབང་དུ་སྡུད་པར་སྦྱར་ཏེ་གསུངས་སོ། །སྔར་གདེང་བརྒྱད་ཀྱི་གཞུང་སོགས་དྲངས་པ་ལྟར་ན། རུ་ལུ་ཚང་མ་དམ་ཅན་ཡོངས་རྫོགས་ཀྱི་བཟླས་སྔགས་སུ་བྱེད་ཀྱང་ཆོག་པ་ལ། འདིར་བྷྱོ་རྐྱང་མ་གཏོགས་པ་སྦྱར་དུ་མེད་པས་ཅི་སྟེ་མི་འགལ་ཞེ་ན། རྡོ་རྗེའི་ཚིག་གཅིག་ལའང་དོན་མི་འདྲ་བ་དུ་མ་ཞིག་བསྟན་རྒྱུ་ཡོད་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་སྤྱིའི་ལུགས་ལ་ཡོད་པས་སྐྱོན་མེད་དོ། །གསང་རྫོགས་ཛབ་དགོངས་ལས་ལྷ་ང་བརྒྱད་དང་སྦྱར་ཏེ། ཧཱུཾ་ཕྱི་མ་ལ་ཐུགས་ཀར་སྡུད་པའོ་ཞེས་བཤད། ཡང་གསང་རྫོགས་ལས། ཨོཾ་ཡེ་ཤེས་ལྔའི་རང་བཞིན༔ རུའི་ར་ལ་ངེས་ཚིག་གིས་བཤད་ན། ར་མེའི་སྒྲ་ལས་རྨོངས་པ་མེད་པའི་མཛད་སྤྱོད་དང་ཐུགས་རྗེ་ཆེན་པོས་དགའ་བར་བྱེད་པ་དང་༔ ར་ག་སྟེ་ཆགས་པ༔ ལུ་ལུམ་བིའི་ཚལ་སྟེ། དགའ་བའི་ནགས་

TN03_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༨)ཚལ་ཆེན་པོ་ལྟར་བདེ་ཆེན་གྱི་འབྱུང་གནས་སུ་གྱུར་པའི་ཡུམ་གྱི་མཁའ་དང་། ཧཱུཾ་གི་ཧ་ཧེ་ཞེས་པ་དགྱེས་པའི་མཆོག བྷྱོའི་བ་ལས། བ་ག་ཅན་དཔྱད་ཞེས་པ་ཆོས་ཀྱི་དབྱིངས་སུ་འཇིག་རྟེན་པ་གྱུར་པ། ཧཱུཾ་ཐ་མ་ཚད་མེད་པའི་ཡོན་ཏན་ཡེ་ཤེས་ལྔ་དང་ལྡན་པ། ཞེས་གསུངས་པ་གོང་གི་བཤད་ཚུལ་དང་པོ་དང་རགས་པ་ཞིག་འདྲའམ་སྙམ་སྟེ། གསང་རྫོགས་ཀྱི་ལྒེགས་བམ་དག་པ་རྙེད་ནས་ད་དུང་ཡང་བསྡུར་བར་བྱའོ། །བདེ་འདུས་སོགས་ལས་རུ་ལུ་ཤེས་པ་བརྒྱད་སོགས་བཤད་ཚུལ་ཁྱད་པར་ཅན་གཞན་ཡང་མང་དུ་མཛད་དོ། །ཡང་ཨོཾ་ནི་སྔར་ལྟར་དང་། རུ་ནི་རུ་ཛོ་ཞེས་པ་འཇིགས་པར་གྱིས། ལུ་ནི་ལུ་ཉ་སྟེ་གཅོད་པ། ཧཱུཾ་ནི་བསྡིགས་པར་གྱིས་ཞེས་སུ་བཤད་པའང་ཡོད་དོ། །རཏྣའི་ཟབ་གཏེར་ལས། རུ་ལུ་ཉམས་ཆག་སྐོང་བའི་མཐར་ཐུག་དང་། རིག་འཛིན་ཚེ་ཡི་མཆོག་སྩོལ་བ་ལ་བསྔགས་པར་གསུངས་སོ། །སྒྱུ་འཕྲུལ་ཁྲོ་བོའི་སྤྱི་སྔགས་རུ་ལུར་བྱེད་ཅིང་། གྲུབ་ཐོབ་བཀའ་བརྒྱད་ལས་དཔལ་དགུའི་སྤྱི་ཛབ་འབུམ་ཕྲག་བཅུ་དང་། སོ་སོའི་སྔགས་འབུམ་ཕྲག་རེ་རེས་འགྲུབ་པར་གསུངས་པའི་སྤྱི་ཛབ་ཀྱང་རུ་ལུ་ཤམ་ལྡན་རང་ཡིན་ནོ། །ལུང་ཁ་ཅིག་ལས་ནི། རུ་ལུ་འདི་སྔོན་ལས་ཀྱི་སྲིན་པོའི་དམ་ཚིག་གི་གདུག་པའི་གླུ། དཔལ་ཆེན་པོས་བྱིན་གྱིས་བརླབས་པའི་སྔགས་སུ་བཤད་དེ་འདིའི་སྟེང་ན་གོ་

TN03_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

(༤༩༩)རྒྱུ་མང་ངོ། །ཡིག་འབྲུ་སོ་སོར་ལྷ་སོ་སོ་དང་སྦྱར་བ་ན། གཙོ་སྔགས་ཁོ་ནར་ཡང་གཙོ་འཁོར་ཐམས་ཅད་ཚང་མོད་ཀྱི། དེ་རྣམས་འདུས་པ་ལ་བཏགས་པའི་སྔགས་དེ་གཙོ་སྔགས་ཉིད་དུ་བྱས་ནས། སྤྱི་དྲིལ་ཟུར་དུ་བཤད་པ་ནི་ལྷའི་སྐབས་སུ། །གཙོ་བོའི་ཡེ་ཤེས་ཀྱི་ཆ་རྣམས་དཀྱིལ་འཁོར་བ་གཞན་རྣམས་ཀྱི་ངོ་བོར་གནས་པས། ལྷ་དེ་ཐམས་ཅད་གཙོ་བོའི་ཡེ་ཤེས་ཀྱི་རང་བཞིན་དུ་འདུ་མོད་ཀྱི་ཆ་དེ་རྣམས་ཚོགས་པ་ལ་བཏགས་པའི་གཙོ་བོ་ཉིད་མཚན་དང་རྣམ་འགྱུར་དང་རིགས་སོགས་ཀྱི་སྒོ་ནས་འཁོར་རྣམས་ལས་ཐ་དད་པ་མི་འགལ་བ་དང་འདྲ་བར་ཤེས་པར་བྱའོ། །རྣལ་འབྱོར་པ་རབ་ནི་རྒྱུ་མཚན་སྔ་མ་དེ་ཉིད་ཀྱིས། འཁོར་རྣམས་གཙོ་བོའི་ཡན་ལག་ཕྱིར། །ཐ་དད་པར་ནི་བཟླ་མི་བྱ། །ཞེས་ས་ར་ཧའི་ཞབས་ཀྱིས་གསུངས་པ་བཞིན་དུའང་འགྱུར་རོ། ༈ །འདིའི་ཞི་ཁྲོ་གཉིས་ཀ་དང་། འཕགས་མའི་སྙིང་ཏིག་སོགས་མང་པོའི་བསྙེན་སྒྲུབ་ལས་གསུམ་ནང་གི་སྒྲུབ་པ་དང་། འདིའི་བླ་མ་ཞི་བའི་སྒྲུབ་ཆེན་སྐབས་སོགས་སུ་སྣང་སྲིད་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་ཁྱད་པར་དུ་དམིགས་ཚུལ་གསུངས་པ་ནི། བཟླས་བརྗོད་མྱུར་དུ་འགྲུབ་པའི་ཐབས་ཟབ་མོའང་ཡིན་ཏེ། འདི་ལྟར་དེས་ནི་གསུང་རིག་སྔགས་ཀྱི་སྣང་ཞེན་གཉིས་ལས་སྣང་བ་རྒྱས་པར་འགྱུར་ཞིང་།

TN03_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠༠)དེ་ཇི་ལྟར་རྒྱས་པ་དེ་ལྟར་ཞེན་པ་རྒྱས་པར་འགྱུར་ཏེ། སྣང་བས་ཞེན་པའི་གྲོགས་བྱེད་པས་སོ། ཞེན་པ་དེ་ཇི་ལྟར་ལྷགས་པ་དེ་ལྟར་དངོས་གྲུབ་སྒྲུབ་པའི་མཐུ་ལྷག་པར་སྐྱེ་བར་འགྱུར་རོ། །གཙོ་འཁོར་དུ་ཡོད་དང་། ཞལ་དུ་ཡོད་ཐམས་ཅད་ཀྱིས་སྔགས་ཟློ་བར་བསམ་ན་དེ་སྙེད་ཀྱི་འགྱུར་འབྱུང་བར་ལྭ་བ་པ་སོགས་གྲུབ་ཆེན་མང་པོས་བཤད་པ་དང་། འདིར་རིག་སྔགས་ཀྱི་ཏིང་ངེ་འཛིན་རྩལ་སྦྱང་ཚུལ་གསུངས་པ་གུང་བསྒྲིགས་ན་ཤིན་ཏུ་གསལ་ལོ། །སྒྱུ་འཕྲུལ་ལས་གསུངས་པའི་ཚོམ་བུ་ཚོགས་སྒྲུབ་བྱ་མ་རན་པའི་སྔགས་པས་ཀྱང་ཚོགས་སྒྲུབ་བྱ་ཚུལ་གཏེར་ཕྱོགས་ན་མང་དུ་སྣང་བ་ཡང་། དྲོད་ཅུང་ཟད་ཐོབ་པའི་སྔགས་པ་ཆིག་རྐྱང་དང་། མང་པོ་མཐུ་བསྡོང་བྱས་པ་གཉིས། འདོད་པའི་འབྲས་བུ་སྒྲུབ་པ་ལ་སྟོབས་མི་མཚུངས་པར་དགོངས་ནས་ཡིན་ལ། མང་ཉུང་ཡང་བློ་ངོ་གཙོ་བས་སྔ་མ་དང་ཚུལ་མཐུན་ནོ། །འདིར་མང་པོས་གཅིག་བྱེད་པ་ནི་མཁར་ལས་བཞིན་ནོ། །སྟོབས་མི་མཚུངས་པ་ཡང་དེས་ཤེས་ཤིང་། གཅིག་གིས་བསྒུལ་མི་ནུས་པའི་རྡོ་རིང་མང་པོས་བདེ་བླག་ཏུ་དྲང་འོང་བས་མཚོན་ནོ། །སྔགས་པ་སོ་སྐྱེ་ལྟ་བུར་མང་ཉུང་ལ་སྟོབས་ཆེ་ཆུང་འཐད་ཀྱང་། སངས་རྒྱས་གཅིག་དུ་མ་ལ་རྒྱ་ཆེ་ཆུང་དང་ཤུགས་དྲག་ཞན་མི་འཐད་པས་ཚུལ་མཐུན་ཞེས་པ་མི་རིགས་ཞེ་ན། སངས་རྒྱས་གཅིག་བསྒོམ་

TN03_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

""ཤོག་ལྷེ་༥༠༡)པ་དང་། མང་པོ་བསྒོམ་པ་ལ་སྟོབས་ཆེ་ཆུང་ཡོད་ཅེས་སྨྲས་ཀྱི། སངས་རྒྱས་གཅིག་དང་མང་པོ་སྟོབས་མི་མཚུངས་ཟེར་བ་ག་ལ་ཡིན། དེ་ཀུན་ཀྱང་སྔགས་པ་ལམ་མཐོན་པོ་པ་ལ་བསམ་པ་མིན་ནོ། ༈ །གཞན་ཡང་རྐང་པ་གཉིས་པོ་འདིར་སེམས་ཅན་གྱི་དོན་བྱེད་པའི་ཛབ་དམིགས་འདི་ནི་གཞུང་འདི་ཀའི་བླ་མ་དྲག་པོའི་ཛབ་དགོངས་ལས་ཀྱང་ཤིན་ཏུ་གསལ་ལོ། །འདི་ལ་གཞན་ཕན་ཕྲིན་ལས་ཀྱི་རྟེན་འབྲེལ་ཀྱི་གནད་ཆེན་པོ་ཡོད་པས་འཇམ་ཞུད་མ་འཐེན་ཅིག ཀྱང་སྟོན་ཏེ། ཟབ་པ་སྐོར་བདུན་ལས་དབང་དང་དངོས་གྲུབ་ཀྱི་ཟབ་པ་རྟ་མགྲིན་དབང་གི་ཆོས་སྡེ། རྟ་མགྲིན་སྙིང་པོ་དོན་འདུས་ལས། ཐུགས་ཀར་ཉི་སྟེང་ཧྲཱིཿདམར་པོ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ བྱིན་རླབས་དངོས་གྲུབ་རང་ལ་བསྡུས༔ མ་མོ་མཁའ་འགྲོ་ལས་ལ་བཙུད༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ གདུག་པ་ཅན་རྣམས་ཚར་བཅད་ནས༔ ཐམས་ཅད་དཔལ་གྱི་ས་རུ་བཀོད༔ འགྲོ་བ་རྣམས་ཀྱི་སྒྲིབ་པ་སྦྱངས༔ སྣང་སྲིད་དབང་གི་སྐུ་གསུང་ཐུགས༔ ཡེ་ཤེས་དཀྱིལ་འཁོར་ཆེན་པོར་བསམ༔ ཧྲཱི་ཿཔདྨཱནྟ་ཀྲིཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ བསྙེན་སྒྲུབ་ལས་གསུམ་རྫོགས་པ་ཡི༔ སྔགས་འདི་ཆུ་བོའི་རྒྱུན་བཞིན་དུ༔ རྟ་ཡི་འགྲོས་སྐད་

TN03_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠༢)སྦྱར་བས་བཟླ༔ ཞེས་སུངས་པས་མཚོན་ནོ། །ལུང་དེའི་རྐྱང་པ་ཐ་མས་ནི་རྟ་སྐད་གང་གི་ཚེ་འདོན་པའི་དུས་ལའང་སྒྲོ་འདོགས་གཅོད་ད། ཆོས་སྡེ་དེའི་རྟ་མགྲིན་ཡང་ཕྱུང་དམར་པོ་ལས་ཀྱང་བསྟོད་པའི་མཐར། དེ་ནས་རྟ་སྐད་སྒྲོགས་པ་ནི༔ ཧཱུཾཿ ཡེ་ཤེས་ལྷ་ཚོགས་མ་ལུས་པ༔ བྱིན་རླབས་དབང་སྐུར་ཆེན་པོ་སྩོལ༔ དཀྱིལ་འཁོར་ཆེན་པོ་འདིར་འདུས་ཤིག༔ དབང་ཆེན་བཀའ་ལས་མ་འདའ་ཞིག༔ ཨི་ཧ་ཧ༔ ཧཱུཾ༔ མ་མོ་མཁའ་འགྲོ་དམ་ཅན་རྣམས༔ མྱུར་དུ་འདུས་ཤིག་ཕྲིན་ལས་མཛོད༔ ཞི་རྒྱས་དབང་དྲག་སོ་སོར་སྒྲུབས༔ དབང་ཆེན་བཀའ་ལས་མ་འདའ་ཞིག༔ ཨི་ཧ་ཧ༔ ཧཱུཾ་ ང་ནི་དབང་ཆེན་ཁྲོ་བོའི་རྒྱལ༔ ཁམས་གསུམ་ཀུན་ལ་འགྲན་ཟླ་མེད༔ དབང་ཆེན་རྟ་སྐད་ཕྱོགས་བཅུར་སྒྲོགས༔ གདུག་པའི་ཚོགས་རྣམས་རྡུལ་དུ་བརླག༔ ཨི་ཧ་ཧ༔ བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱིས༔ ཨོཾ་པདྨཱནྟ་ཀྲིཊ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧཱུཾ་ཕཊ༔ ཅེས་གསུངས་ཏེ་ཛབ་དགོངས་གཞན་མ་བཤད་དོ། །བཀའ་བརྒྱད་རྫོང་འཕྲང་ལས་ཀྱང་རྟ་སྐད་གཏོང་དུས་ཛབ་ཀྱི་སྐབས་ཡིན་པར་བཤད་དེ། འདི་ལྟར། དེའི་ལུགས་ལ། ཞ་ིབ་རིགས་ལྔ་གནས་བསྒྱུར་ཏེ་རིགས་ལྔའི་ཧེ་རུ་ཀར་བསྐྱེད་ལ། དབང་བསྐུར། རྒྱས་གདབ། སྤྱན་འདྲེན། བཞུགས་གསོལ། ཕྱག་

TN03_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠༣)དང་མཆོད་པ་རྣམས་བྱེད་ནས་ཛཔྲ་ལ་བབས་པ་དང་། བུདྡྷ་ཧེ་རུ་ཀ་གནས་བསྒྱུར་ནས་གཤེད་ཛབ་བཟླ་བ་ཡན་སོང་བ་དང་། པདྨ་ཧེ་རུ་ཀ་རྟ་མགྲིན་དུ་བསྒྱུར་ཏེ། ཨོཾ་པདྨན་ཏ་ཀྲིད་མ་ཧཱ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཏ། ཅེས་བརྒྱ་རྩ་བརྒྱད་བཟླས་པས། དབུས་ཀྱི་རྟ་སྐད་ཐང་གཅིག་གིས་ཡེ་ཤེས་ཀྱི་ཁྲོ་བོ་དང་། ཁྲོ་མོ་ཐམས་ཅད་དབང་དུ་བསྡུས། གཡས་ཀྱི་རྟ་སྐད་ཐང་གཅིག་གིས་སྲིད་པའི་གཟའ་ཀླུ་ཕོ་མོ་དབང་དུ་བསྡུས་ཏེ། བཀའ་ཉན་གསུང་སྡོད་པར་བསྒོམ་མོ། །མདོར་ན་འཇིག་རྟེན་ལས་འདས་པ་དང་མ་འདས་པ་ཐམས་ཅད་དབང་དུ་བསྡུ་ཞིང་ལས་ལ་གཟུད་དོ། །དེ་ནས་རྟ་མགྲིན་གྱི་ཛབ་བསྟོད་བྱས་ལ། ཀརྨ་དང་རཏྣ་ཧེ་རུ་གནས་བསྒྱུར་གྱི་བཟླས་པ་སོགས་བྱ་བར་གསུངས་སོ། །འདི་ལ་གོ་རྒྱུ་གཞན་ཡང་སྣང་བས་ཞིབ་ཏུ་བཀོད་དོ། ༈ །སྔགས་གང་བཟླ་ཡང་འདི་ལྟར་ཤེས་དགོས་ཏེ། སྤྱིར་འགྲོ་བ་དང་ཡུལ་ཐ་དད་ཀྱི་སྐད་གང་གི་དབང་དུ་བཏང་ཡང་། སྒྲ་འདིས་དོན་འདི་སྟོན་དང་། འདི་མི་སྟོན་གྱི་རྣམ་བཞག་ཐམས་ཅད་དང་པོར་བརྡ་སྦྱོར་མཁན་གྱི་བརྗོད་འདོད་དང་། དེ་ནས་དེའི་རྗེས་སུ་འབྲངས་ནས་ཐ་སྙད་བྱེད་མཁན་རྣམས་ཀྱི་བརྗོད་འདོད་ཁོ་ནའི་དབང་གིས་བྱེད་པ་ལས་རྒྱུ་མཚན་གཞན་ཅི་ཡང་མེད་དོ། །དེ་བཞིན་དུ་སྔགས་ཀྱི་ཚིག་རྣམས་ཀྱང་དང་པོར་རྩོམ་ཞིང་

TN03_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠༤)བྱིན་གྱིས་རློབ་པ་པོ་གང་ཡིན་པ་དེའི་རྗེས་སུ་འབྲངས་ནས་འདོན་པ་དང་ཟློ་བའི་བསམ་པས་བཟླས་ན། བསམ་པ་དེ་ཉིད་ཀྱི་དབང་གིས་ལྷ་དེ་དང་དེའི་སྔགས་སུ་འགྱུར་ཞིང་། སྔགས་ཀྱི་དེ་ཉིད་དང་། མཐུ་རྣམས་ཀྱང་རང་རང་གི་རྒྱུད་ནས་བཤད་པ་བཞིན་དུ་སྣང་བར་འགྱུར་རོ། །བསམ་པ་དེ་གསལ་པོ་མེད་ན། ལྷ་དེའི་སྔགས་བཟླས་པའི་གོ་ཆོད་ཚབ་ཀྱང་དེའི་ཚོད་ཙམ་དུ་ཆུང་སྟེ། སངས་རྒྱས་པའི་རྒྱུད་སྡེ་དང་། ཁྱབ་འཇུག་གི་རྒྱུད་ནས་བཤད་པའི་ཨོཾ་ཡིག་གཉིས་ལ། ཟློས་མཁན་གྱི་བརྗོད་འདོད་ལ་མ་ལྟོས་པར་ཡིག་འབྲུའི་སྒྲ་གདངས་རྐྱང་པའི་ངོས་ནས་ཁྱད་པར་བསྟན་ག་ལ་ནུས། དེས་ན་འདི་ལྟར་ཡིན་ཏེ། སྔོན་རྟ་མཆོག་ཧེ་རུ་ཀས་བདེ་ཆེན་སྒྱུ་མའི་ཡེ་ཤེས་རྟ་སྐད་དུ་བྱིན་གྱིས་བརླབས་པའི་ཧྲཱི༔ཡིག་རང་མཚན་དེ་ཉིད། འདིར་ཧྲཱིཿབཟླས་ཀྱི་ཀུན་སློང་རྟོག་པ་ལ་དོན་སྤྱི་དང་འདྲེས་ནས་དངོས་སུ་སྣང་བས་ན། དེ་རྟོག་པ་དེའི་དངོས་ཡུལ་ཡིན་ལ། དེའི་གནད་ཀྱིས་རྟོག་པ་དེས་ཡེ་ཤེས་དག་པའི་རྟ་སྐད་དངོས་རང་མངོན་སུམ་དུ་རྗོད་མི་ནུས་ཀྱང་། དངོས་སུ་རྗོད་ནུས་ལ། དེའི་རྒྱུ་མཚན་གྱིས་རྟོག་པ་དེས་རང་གི་དངོས་ཡུལ་གཙོ་བོ་དེ་ངག་ཏུ་རྗོད་པ་དང་། བཟླས་ཏེ་རྗོད་པར་འདོད་ནས་ཧྲཱི༔ཞེས་དབྱངས་སུ་བསྒྲགས་པས་ཀྱང་། ངག་དེས་དཔལ་ཧེ་རུ་ཀའི་རྟ་སྐད་དངོས་ཉིད་

TN03_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠༥)དངོས་སུ་བརྗོད་པར་འགྱུར་ཏེ། དེ་ལྟ་མིན་ན་ནི། སངས་རྒྱས་མིན་པས་སངས་རྒྱས་ཀྱི་བཀའ་དངོས་སུ་ཀློག་མི་ནུས་པ་དང་། ལྷ་སྦྱིན་གྱི་གཏམ་མཆོད་སྦྱིན་གྱིས་སྨྲ་བ་ཡང་མི་སྲིད་པར་ཐལ་ལོ། །དོན་གྱི་དབང་དེའི་ཕྱིར་དེ་བཞིན་གཤེགས་པའི་རྡུལ་བྲལ་ཡེ་ཤེས་ཀྱི་སྐུའི་མགྲིན་པ་དང་ཞལ་ལ་གནས་པའི་རྟ་སྐད་ཉིད་ཀྱང་དེའི་དུས་ཉིད་དུ་བཟླས་བརྗོད་བྱེད་པ་པོའི་སྔགས་ཟློ་བའི་རླུང་དང་། ཟློ་བྱེད་ཀུན་སློང་གི་སེམས་དེ་དག་ལ་འཇུག་པར་འགྱུར་ཏེ། སྔོན་བྱིན་གྱིས་བརླབས་ཚུལ་དང་། སྔོན་གྱི་ཐུགས་དམ་ཆུད་མི་ཟ་བའི་མཐུའོ། །དེའང་སྒྲུབ་ཐབས་ཐོག་མར་སྒོམ་པ་དང་། བཟླས་པ་ལས་སུ་རུང་བའི་དུས་གཉིས། གང་དུ་ཞེན་ནས་བཟླ་རྒྱུའི་སྔགས་གཅིག་ཡིན་ཀྱང་། ཞེན་བྱེད་བློའི་ནུས་པ་ཆེ་ཆུང་ལ་སོགས་པའི་ཁྱད་པར་གྱིས་ལྷས་བྱིན་གྱིས་རློབ་མི་རློབ་སོགས་ཀྱི་ཁྱད་པར་ཡང་འཐད་དོ། །བསྙེན་སྒྲུབ་ཀྱི་སྔགས་སོ་སོ་དང་། འཁོར་སྔགས། ལས་སྦྱོར་གྱི་སྔགས་སོགས་མཐའ་དག་ལའང་དེ་བཞིན་སྦྱོར་ཏེ། སླའོ། །གྲགས་པའི་གསང་གཏམ་ངོ་མཚར་ཅན་ནོ། ༈ །ཞི་བའི་རྒྱུན་ཁྱེར་ཟེར་དུ་མི་ཐོན་ནས་འདི་ཀའི་སྲུབས་སུ་ཡིག་དྲུག་ཅུང་ཟད་རེ་བཟླ་བར་མོས་ན། ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་དམིགས་ནས་དེ་ལྟར་བྱས་པས་ཆོག་སྟེ། གསུང་གི་རིག་འཛིན་གར་དབང་འཇིགས་གླིང་གིས་གསང་སྒྲུབ་ཀྱི་རྒྱུན་ཁྱེར་དུ་དེ་ལྟར་གསུངས་

TN03_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠༦)པས་སོ། ༈ བསྙེན་སྒྲུབ་ལས་གསུམ་གྱི་གོ་དོན་ཐད། སྤྱིར་འདི་ཉིད་ནས་བསྙེན་པ་སྲོག་སྡོམ་གཟེར་བཞིའི་སྔགས་ཀྱི་གཟེར་དང་། སྒྲུབ་པ་འཕྲོ་འདུའི་གཟེར་ལ་སྦྱར་བ་སོགས་བཤད་ཚུལ་གྱི་རོ་ཉམས་ཐ་དད་པ་མང་དུ་མཛད་ཀྱང་། གནད་རིག་བྱེད་རྩལ་དང་ཤིན་ཏུ་མཐུན་པས། དེ་ལྟར་བཀོད་ན་དེ་ཉིད་ལས། བསྙེན་པ་ཉིད་གང་ཡིན་པ་ནི༔ རྒྱུད་ལས༔ ཉེ་བའི་ཕྱིར་ན་བསྙེན་པ་སྟེ༔ ཞེས་པས་ཡེ་ཤེས་ཀྱི་ལྷ་ལ་བསྙེན་བསྲིང་གི་རྟོག་པ་མི་མངའ་ཡང་༔ སྒྲུབ་པ་པོའི་རྟོག་སྒྲིབ་སྦྱང་བའི་སླད་དུ་ལྷ་མངོན་སུམ་དུ་ཡིད་ལ་བྱས་ཏེ་རིག་པའི་སྔགས་ཀྱིས་ཡང་ཡང་བསྐུལ་བས་ལྷ་སྔགས་ལ་ཞེན་པ་སྐྱེ༔ དེས་ཡེ་ཤེས་ཀྱི་ལྷའི་ཐུགས་རྗེ་དང་སྒྲུབ་པ་པོ་འབྲེལ་ཏེ་ཉེ་བར་འགྱུར་བས་ན་བསྙེན་པ་ཞེས་བྱའོ༔ བསྙེན་པ་མ་ཐེམ་ན་ལྷ་དང་ཉེ་བར་མི་འགྱུར༔ ལྷ་དང་ཉེ་བར་མ་གྱུར་ན་དངོས་གྲུབ་སྒྲུབ་པའི་ཐབས་མེད་ཅིང་༔ འདོད་པའི་དོན་གྲུབ་པའི་གནས་མེད་དོ༔ བསྙེན་པ་ཐེམས་ན་ནི་དེ་ལས་ལྡོག་པ་སྟེ༔ བསྙེན་པས་ལྷའི་ཐུགས་ཉེ་བར་གྱུར་ན་དངོས་གྲུབ་སྐུལ་བ་ལ་དཀའ་བ་མེད་ཅིང་༔ དེས་ལས་དང་ཡེ་ཤེས་ཀྱི་དོན་བདེ་བླག་ཏུ་འཐོབ་པ་ཡིན་ནོ༔ སྒྲུབ་པ་ནི༔ རྒྱུད་ལས༔ དབང་དུ་འགྱུར་བ་སྒྲུབ་པའོ༔ ཞེས་པས་ལྷའི་ཐུགས་ཉེ་བར་གྱུར་པ་ན་དངོས་གྲུབ་ཀྱི་གནས་ལ་བསྐུལ་བས་ལས་ལ་ངོ་མཐོན་གྱི་ཚུལ་དུ་སྒྲུབ་པས་

TN03_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠༧)ན་ལྷ་དབང་དུ་བྱ་བའི་སྒྲུབ་པའོ༔ སྒྲུབ་པ་མ་ཐེམ་ན་ཡེ་ཤེས་ལྷའི་ཐུགས་རྒྱུད་འཁྲུལ་མི་ནུས་ཤིང་༔ ལས་ཀྱི་དངོས་གྲུབ་ལས་རིང་དུ་འགྱུར་རོ༔ ཐེམས་པའི་ཡོན་ཏན་ནི༔ ཡེ་ཤེས་ཐུགས་དམ་བསྐུལ་བས་བྱིན་རླབས་རང་དབང་མེད་པར་ཞུགས་ཤིང་༔ ལས་བརྩམས་པས་རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་སྩོལ་མེད་དུ་འགྲུབ་པར་འགྱུར་བ་ཉིད་དོ༔ ལས་སྦྱོར་ནི༔ རྒྱུད་ལས། མངོན་དུ་བྱེད་པ་ལས་སྦྱོར་ཏེ༔ ཞེས་པས་བསྙེན་པ་དང་སྒྲུབ་པས་དངོས་གྲུབ་ཀྱི་གཞི་བཏིང་པ་ཉིད༔ སྒོ་གསུམ་གྱི་བྱ་བས་ལས་ལ་སྦྱར་བ་ལ་བརྟེན་དངོས་གྲུབ་མངོན་དུ་བྱ་བ་ནི་ལས་སྦྱོར་རོ༔ བསྙེན་ཅིང་བསྒྲུབས་ཀྱང་ལས་ལ་མ་སྦྱར་ན་འདོད་པའི་དངོས་གྲུབ་འཐོབ་པར་མི་འགྱུར་བས་སྒྲུབ་པ་དོན་མེད་པ་སྟེ༔ གསེར་འགྱུར་གྱི་རྩི་བསྒྲུབས་ཟིན་ཀྱང་ལྕགས་སོགས་ཡུལ་ལ་མ་སྦྱར་ན་གསེར་གྱི་དངོས་པོ་མི་ཐོབ་པ་བཞིན་ནོ༔ བསྙེན་པས་ཡེ་ཤེས་ཀྱི་ལྷའི་ཐུགས་རྗེ་ཡུལ་ལ་འཇུག་པའི་སྐབས་ཕྱེས་ཤིང་སྒྲུབ་པས་དབང་དུ་བྱས་ཏེ་ལས་ལ་སྦྱར་བས་གནས་སྐབས་ཐུན་མོང་གི་དངོས་གྲུབ་དང་མཐར་ཐུག་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་བར་དུ་ཐོབ་པར་བྱེད་པ་སྟེ༔ ལྕགས་ལ་གསེར་འགྱུར་རྩིས་སྦྱར་བས་རིན་ཐང་ཆེན་པོར་དངོས་སུ་གྲུབ་པ་དང་འདྲའོ༔

TN03_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠༨)ཞེས་སོ། །དེ་ལ་ལས་སྦྱོར་སྤུ་གྲིའི་སྒྲུབ་པ་ནི། ཁྲོ་བོའི་དགོས་མཛད་དང་མཐུན་པར་དྲག་སྔགས་ཀྱི་སྒྲུབ་པ་ཟུར་པ་བྱས་ཏེ་གདུག་པ་ཚར་གཅོད་ཀྱི་དངོས་གྲུབ་བྱེ་བྲག་ཏུ་སྒྲུབ་པ་ལ་དགོངས་ཀྱི། དངོས་གྲུབ་སྒྲུབ་པ་ལ་དེ་ངེས་པར་དགོས་པ་ནི་མིན་ཏེ། རིག་བྱེད་རྩལ་ལས། སྒྲུབ་སྔགས་བཟླས་པས་ཕྱག་མཚན་རྙེད་པ་དང་གཏེར་ཆེན་རྡོལ་བ་སོགས་དངོས་གྲུབ་ཀྱི་མཚན་མ་གསལ་བརྟན་མཐོང་བ་ན་དངོས་གྲུབ་ལེན་པར་བཤད་པ་ལྟར་འདིར་ཡང་གུར་དྲག་ཏུ་གསུངས་པའི་རྟགས་ཚད་ལེགས་པར་ཐོན་པ་ན་སྒྲུབ་སྔགས་ཀྱིས་དངོས་གྲུབ་འཁུལ་རྟགས་ཡིན་པས་དངོས་གྲུབ་ལེན་ཆོག་བྱ་བའི་དུས་ཡིན་ཅིང་། དངོས་གྲུབ་ལེན་ཆོག་ཚད་ལྡན་སྐབས་རང་སྐལ་དང་འཚམས་པའི་དངོས་གྲུབ་རེ་ངེས་པར་སྩོལ་བ་ཁ་སྐོང་ཕྲིན་ལས་སུ་གསུངས་པའི་ཕྱིར་དང་། གུར་དྲག་ལས། སྒྲུབ་དང་ལས་སྦྱོར་ཐུན་མོང་བ༔ ཞེས་དངོས་གྲུབ་ཀྱི་ལས་ལ་དངོས་སུ་སྦྱོར་བའི་སྔགས་ཀྱངདེ་ལས་ཟུར་དུ་མི་དགོས་པར་གསུངས་ཤིང་། འདིར། སྒྲུབ་པའི་བྱེ་བྲག་ལས་སྦྱོར་ནི༔ ཞེས་པའང་སྤྱིར་སྒྲུབ་སྔགས་ཉིད་ཀྱིས་དངོས་གྲུབ་རབ་འབྱམས་ཐམས་ཅད་སྒྲུབ་ནུས་མོད། དེ་ཉིད་ལས་སྔགས་སྤུ་གྲི་དང་སྦྲགས་ཏེ་མངོན་སྤྱོད་སྒྲུབ་པ་འདིའང་དངོས་གྲུབ་སྒྲུབ་པའི་བྱེ་བྲག་སྟེ། ནང་གསེས་ཀྱི་ཁྱད་པར་

TN03_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

(༥༠༩)གཞན་ཅིག་ཡིན་ཅེས་པར་སྣང་བའི་ཕྱིར་དང་། སྐྱེར་སྒང་ལུགས་ལས། འདི་ཡི་སྒྲུབ་སྔགས་འདི་ལ་ལས་སྦྱོར་ཚང་བར་བཤད་པའང་དེ་ལྟར་ཡིན་པས་སོ། །དེ་ལྟར་ན་བདག་དོན་དུ་སྟོད་ལས་ཀྱི་དངོས་གྲུབ་བླང་བ་ནི་སྒྲུབ་སྔགས་ཀྱི་བཟླས་པ་རྫོགས་མཚམས་སུ་བྱེད་ཅིང་། ཐུགས་རྗེས་གཞན་བསྒྲལ་ཟེར་བ་ལྟར་གཞན་དོན་དུ་སྨད་ལས་ཀྱི་དངོས་གྲུབ་ཁྱད་པར་དུ་བླང་བ་ནི་ལས་སྔགས་ཀྱི་བཟླས་པ་རྫོགས་དུས་བྱེད་ནའང་དགོངས་པར་འགྲོའམ་སྙམ། དེའང་གཙོ་བོར་ཞེས་པ་ཡིན་གྱི། སྤྱིར་སྒྲུབ་སྔགས་རྫོགས་དུས་ཀྱི་དངོས་གྲུབ་བླང་བ་ལའང་། དགྲ་བགེགས་གདུག་པ་ཚར་ཐག་བཅད༔ ཅེས་པ་དང་འབྲེལ་བའི་དངོས་གྲུབ་ལེན་པ་ལོས་ཡོད་སྙམ་པ་དཔྱད་རྟེན་ཐོ་ཙམ་མོ། ༈ །ལས་སྦྱོར་སྐབས། ཁྲོ་བོའི་དགོས་མཛད་དང་མཐུན་པར་ཞེས་ཡང་ཡང་བྲིས་པ་ནི། འཇིག་རྟེན་སྙིགས་མ་ལྔས་ཁེབས་པས་མི་དང་མི་མིན་གྱི་འགྲོ་བ་ཕལ་ཆེར་ཤིན་ཏུ་གདུག་ཅིང་གཏུམ་ལ་གདུལ་དཀའ་བ། མི་བཟད་པའི་ལས་རྒྱུན་དུ་བྱེད་པ། བསྟན་པ་ལ་ཞུགས་ཀྱང་དད་པ་མེད་ཅིང་བསམ་པ་ཕྱིན་ཅི་ལོག་ཏུ་བལྟས་པ་དང་། གསང་སྔགས་ཕྱིན་ཅི་ལོག་ཏུ་སྤྱོད་པ་མང་བ། དེའི་རྒྱུས་ནག་ཕྱོགས་ཀྱི་འབྱུང་པོ་རྣམས་ཕྱོགས་ཆེ་ཞིང་དཔུང་ཆེ་བ་དང་སྡེ་དང་སྟོབས་འཕེལ་བར་གྱུར་ཏེ། བདུད་

TN03_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༠)ཀྱི་གཟི་བྱིན་གྱིས་མནན་ནས་དཀར་ཕྱོགས་ཐན་སྒང་གི་ལོ་ཏོག་ལྟ་བུར་སོང་བ་ན། ཧེ་རུ་ཀའི་གདུལ་ཞིང་ལྷག་པར་རྒྱ་ཆེ་སྟེ། འདི་ལྟར་དེ་རྣམས་མཉམ་སྦྱོར་ལས། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་པ་ལྟར་སྙིང་རྗེ་དང་ཞི་བའི་ཀུན་སྤྱོད་ཀྱིས་མི་འདུལ་བས་འབར་བ་ཁྲོ་བོའི་དཀྱིལ་འཁོར་སྤྲུལ་ནས་མངོན་སྤྱོད་ཀྱི་ལས་ཀྱིས་རྗེས་སུ་འཛིན་པར་མཛད་པ་ཚར་གཅོད་རྗེས་འཛིན་གཉིས་སུ་ཕྱེ་བའི་རྗེས་འཛིན་མིན་ཡང་། སྤྱིར་གདུལ་བྱ་མི་གཏོང་ཞིང་ཡལ་བར་མི་འདོར་བའི་ཡོངས་འཛིན་གྱི་མཛད་པ་ཡིན་ནོ། །མཆན། ཡིན་པས། དཔལ་ཧེ་རུ་ཀ་ནི་གདུལ་བྱ་གདུག་པ་ཅན་དང་གདུལ་དཀའ་བ་གཙོ་བོར་འདུལ་བའི་ཕྲིན་ལས་ཅན་ནོ། །དེ་འདྲ་བའི་འབྲས་དུས་ཀྱི་མཛད་པ་ཡོངས་སུ་དག་པ་ཐབས་ལ་མཁས་པའི་ཡུལ་བསམ་གྱིས་མི་ཁྱབ་པ་དེ་ལམ་དུ་བྱས་ནས་གདུལ་བྱ་མ་རུངས་པ་གདུལ་དཀའ་བའི་འཇིག་རྟེན་རྣམས་ཀྱི་ཉེས་སྤྱོད་འབྲས་བུ་དང་བཅས་པ་ཨ་བྷི་ཙརྱའི་ཕྲིན་ལས་ཀྱིས་རྒྱུན་བཅད་དེ་བཟོ་ཤིན་ཏུ་ཉེས་པ་གཞི་ནས་བཤིགས་ཏེ་འཆོས་པ་ལྟ་བུ། སྐལ་པ་ཇི་ལྟ་བ་བཞིན་དུ་འདུལ་ནུས་པ་དང་། འཇིག་རྟེན་གསུམ་གྱི་བདེ་སྐྱིད་མ་ལུས་པའི་འབྱུང་གནས་གཅིག་པུ་རྒྱལ་བའི་བསྟན་པ་བསྟན་འཛིན་དང་བཅས་པ་མཐུ་སྟོབས་ཀྱི་དཔུང་བས་སྲུང་བ་དང་། སེམས་ཅན་རྣམས་

TN03_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༡)ཀྱི་ཆོས་དང་། འདོད་པ་དང་། ནོར་དང་། ཐར་པ་ལ་བགེགས་མེད་པར་བྱ་བའི་རྟེན་འབྲེལ་སྒྲིགས་པའི་ཆེད་དུ་ཏིང་ངེ་འཛིན་དང་རིག་སྔགས་ཀྱི་རྩལ་སྦྱོང་བ་དང་། དེ་ལ་བརྟེན་ནས་གནས་སྐབས་སུ་རང་ཉིད་ཀྱིས་ལམ་སྒྲུབ་པ་ལ་དངོས་སམ་བརྒྱུད་ནས་བར་དུ་གཅོད་པའི་ལོག་འདྲེན་རྣམས་ཚར་གཅོད་པའི་ཆེད་དུ་དྲག་སྔགས་ཀྱི་སྒྲུབ་པ་བྱེད་ན་ཧེ་རུ་ཀའི་གདུང་འཚོབ་པ་ཞེས་བྱ་ཡི། རྙེད་བཀུར་དང་གྲགས་པའི་ཆེད་དུ་དགྲ་གསོད་པ་དང་། འདྲེ་རྡུང་བྱ་བའི་ཕྱིར་ནི་མ་ཡིན་ནོ། ༈ །ཕྲིན་ལས་རྣམ་པ་བཞིའི་ལས་ཚོགས་རབ་འབྱམས་ངེས་པར་སྒྲུབ་ན་ནི། སྔོན་དུ་བསྙེན་སྒྲུབ་ཀྱི་རྗེས་སུ་ཞག་བདུན་ནམ་ཉེར་གཅིག་ལ་སོགས་པར་བླ་མ་ཞི་བ་དང་ཡུམ་ཀ་སྟེ་ཐོག་མཐའ་གཉིས་ལས་གསུངས་པའི་ལས་བཞིའི་བཟླས་པའང་། སྔ་དྲོ་ཞི་རྒྱས་དང་། དགོང་མོ་དབང་སོགས་ལེགས་གྲུབ་དང་སྒྱུ་འཕྲུལ་ལས་གསུངས་པའི་དུས་གནད་དང་བསྟུན་ནས་བཟླས་ན། ཕྱིས་སྒྲུབ་དུས་ཁྱད་ཤིན་ཏུ་ཆེའོ། ༈ །བསྙེན་པ་སོང་ནས་སྒྲུབ་སྔགས་ཟློ་བ་ན་ནི་མདུན་རྟེན་དགོས་ཏེ། ཟུར་ཐོ་ལྟར་རོ། །ཅི་བདག་བསྐྱེད་ཁོ་ན་དང་འབྲེལ་བར་སྒྲུབ་པ་དང་ལས་སྦྱོར་གྱི་བཟླས་པ་བསྐྱལ་ན་མི་རུང་ངམ་ཞེ་ན། རུང་མོད་ཀྱི། དེའི་སྒྲུབ་དང་ལས་སྦྱོར་ནི་བསྙེན་སྒྲུབ་ལས་

TN03_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༢)གསུམ་གྱི་ནང་གི་བསྙེན་པ་ལ་གསུམ་དུ་ཕྱེ་བའི་སྒྲུབ་དང་ལས་སྦྱོར་ཙམ་དུ་འགྱུར་རོ། །སྒྲུབ་པ་མདུན་བསྐྱེད་དང་འབྲེལ་བར་གསུངས་པ་ཉིད་ཀྱང་ཅི་ལ་དགོངས་ཞེ་ན། ལྷ་དམ་ཡེ་གཉིས་ལས་ཡེ་ཤེས་པ་ལ་དམ་ཚིག་པས་དངོས་གྲུབ་བསླང་བའི་སྒོ་ནས་དངོས་གྲུབ་སྒྲུབ་པའི་དབང་དུ་མཛད་དེ། སྒྲུབ་པའི་སྐབས་འདིར་དེ་ལྟ་བུའི་དངོས་གྲུབ་ལེན་ཆོག་ལས་སུ་རུང་བར་བྱས་ནས། ཚོགས་སྒྲུབ་ཏུ་ཆོ་ག་དེས་དངོས་གྲུབ་ཆེན་པོ་ལ་དངོས་སུ་སྦྱོར་བར་དགོངས་སོ། །དངོས་གྲུབ་སྒྲུབ་པའི་ཚུལ་གཞན་ཡང་ཡོད་ན་ཅིའི་ཕྱིར་མདུན་བསྐྱེད་ཡེ་ཤེས་པ་ལ་དངོས་གྲུབ་སློང་བ་འབའ་ཞིག་གསུང་ཞེ་ན། བརྩོན་འགྲུས་ཆུང་བ་རྣམས་རྗེས་སུ་འཛིན་པའི་ཕྱིར་ཏེ། རང་ཉིད་ཀྱི་མཐུས་དངོས་གྲུབ་རྙེད་པ་ནི་དཀའ་བས་སྒྲུབ་དགོས་ཤིང་། མཐུ་ཆེན་གཞན་ལ་སློང་བ་ཐབས་ཤིན་ཏུ་སླ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྒྱུ་འཕྲུལ་ལས་ཐབས་སླ་བ་དེ་ལྟ་བུ་གསུངས་པ་བརྩོན་འགྲུས་ཆུང་བ་ཁོ་ནའི་ཆེད་མིན་ཡང་། ཡུལ་མཐའ་འཁོབ་དང་། དུས་ཐ་མར་སྐྱེས་པའི་སྔགས་ཀྱི་གདུལ་བྱ་ལ་དེ་ལས་དཀའ་བ་བསྟན་ཡང་དོན་དུ་འགྱུར་དཀའ་བས་གཏེར་ཕྱོགས་ནས་དེ་ཤ་སྟག་རྩལ་བཏོན་དུ་བཤད་དམ་སྙམ། ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོལ་བརྟེན་ནས་དཔྱད་པའི་ཐོ་ཡིག་གོ ༈ །།ཡང་ལས་སྦྱོར་སྔགས་ཀྱི་ཐད།

TN03_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༣)སྤྱིར་ནི་སྡེ་བརྒྱད་དམ་ཚིག་ཅན་རྣམས་སྲོག་འཕྲོགས་པའི་ཆེད་དུ་འདིའི། དབང་སྡུད་ཀྱི་ལས་སྔགས་ཟློས་ནའང་རུང་བར་མངོན་མོད། གཞུང་རང་གི་དངོས་བསྟན་ནི། དབང་དྲག་གི་ལས་སྔགས་གཉིས་སྦྲེལ་ཏེ་བཟླ་བ་ཉིད་ཡིན་ཅིང་། དེས་དགུག་འདྲེན་གཟིར་བ་སོགས་བྱ་ཡུལ་ལ། དགྲ་བགེགས་དམ་སྲི་གདུག་པ་ཅན༔ སོགས་ལས་དཀར་ཕྱོགས་སྐྱོང་བ་ལ་སྦྱར་རུང་ཙམ་ཡང་མི་སྣང་བས། ཆོས་ལམ་ལ་མ་འཁོད་པའི་སྡེ་བརྒྱད་འབྱུང་པོ་མ་རུང་བ་སྤྱི་ལ་ནན་ཏུར་བསྟན་པའི་ཕྱིར། ཁྲོ་མཚོན་མེ་ཕུང་དང་ཕོ་ཉའི་དམག་དཔུང་སྤྲོས་ལ། དེ་རྣམས་ཀྱི་སྙིང་ནས་བཟུང་། སྲོག་ནས་དྲང་བས་རང་དབང་མེད་པར་གཟིར་ཏེ། བཀའ་སྡོད་དང་བྲན་དུ་ཁས་བླང་བྲོ་བོར་དུ་བཅུག་བསྟན་དགྲའི་ལྷ་སྲུང་འཕྲོགས་ཤིང་ཆམ་ལ་དབབ་པའང་འདི་ལྟར་བྱའོ། །པའི་སྒོ་ནས་ཧེ་རུ་ཀའི་དམ་འོག་ཏུ་གཞུགདེས་མི་ཐུལ་བ་རྣམས་བསད་བཅད་གཏུབ་བསྟབ་བྱས་ནས་བརླག་པར་བྱེད་པའི་མངོན་སྤྱོད་ཤས་ཆེ་བའི་དབང་དྲག་སྦྲགས་སྒྲུབ་ཡིན་ཏེ། གཏེར་གསར་སེམས་ཉིད་ངལ་གསོའི་དྲག་པོའི་ལས་སྦྱོར་གྱི་ཛབ་དགོངས་དང་ཇི་བཞིན་མཐུན་ནོ། །འདིའི་དབང་དྲག་གི་མཛད་པ་འཇུག་ཡུལ་གཉིས་ཀ་འཇམ་དཔལ་རྩ་རྒྱུད་ལས་གསུངས་པ་ལྟར་གདུག་ཅིང་གཏུམ་པ་དང་། ཁེངས་ཤིང་དྲེགས་པའི་སེམས་ཅན་བསྡིགས་ནས་

TN03_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༤)འདུལ་བ་ཤ་སྟག་ཡིན་ཏེ། འདིར་དབང་གི་ལས་ཀྱང་ཡུལ་དེ་དྲག་ཤུལ་གྱི་སྦྱོར་བ་རྣོན་པོས་གཟིར་ནས་བྱེད་པའི་རྒྱུ་མཚན་ཡང་དེ་ཡིན། དཔེར་ན། རྒྱལ་པོ་ཆེན་པོས་དགྲ་ཚན་ཆེན་འདུལ་བ་ན། །ཕ་རོལ་གྱི་ཡུལ་ཁམས་ལུང་འོག་ཏུ་གཞུག་པ་དང་། ཅིས་ཀྱང་མི་འདུད་པ་རྣམས་གཏན་བརླག་ཏུ་གཏོང་བ་གཉིས་ཀ་དྲག་པོའི་དཔུང་གི་ཐོག་ཁོ་ནས་བཙན་ཐབས་སུ་བྱེད་པ་ལྟ་བུའོ། །དགྲ་ཞེས་པ་སྤུ་གྲིའི་ནང་གི །སརྦ་ཤ་ཏྲུན། ཞེས་པའང་དགྲ་ཐམས་ཅད་ཅེས་པའི་སྐད་དོད་དེ། །གཟུགས་ཅན་སྡང་བར་བྱེད་པའི་དགྲ་ཞེས་པ་དེའོ། །འདིས་མིའི་འགྲོ་བའང་བསྟན་ནོ། །དེ་དག་ནི་འདི་ལ་དབང་དྲག་སྦྲགས་མའི་གནད་དེ་འདྲ་བ་ཞིག་ཀྱང་ཡོད་པ་དེ་བཤད་ཀྱི། འདིའི་དབང་དྲག་སྦྲགས་ལུགས་གཙོ་བོ་ནི། དམ་ཅན་མཁའ་འགྲོ་དྲག་ཤུལ་ཅན་རྣམས་དབང་དུ་བསྡུས་ནས་མངོན་སྤྱོད་ཀྱི་ལས་ལ་འགྱེད་པའི་དབང་ལས་ཀྱི་སྒྲོམ་ནས་དྲག་པོ་སྒྲུབ་ཚུལ་ཉིད་ཡིན་ཏེ། སྤྱོད་པར་དགོངས་པའི་རྟ་སྐད་ཀྱི་ཐད་ན་རྒྱས་པར་ཡོད་ཅིང་། འདིའི། དམ་ཅན་ཕོ་ཉ་ལས་ལ་བསྐུལ༔ ཞེས་པའང་དེ་ཡིན་ནོ། །དབང་ཕྱུག་ཉེར་བརྒྱད་ལ་དྲག་མོའི་གདོང་ཅན་ཡང་བཤད་དེ། གདོང་བརྙན་ཅན་འདི་ནི་དེ་ལས་ཀྱང་ཁྲོས་པའི་ཤིན་ཏུ་དྲག་ཁྲོས་ཀྱི་གཟུགས་ཡིན་ལ། འདི་འདྲ་བའི་སྐུའི་རྣམ་འགྱུར་དེའི་དགོས་ཀྱི་ཀུན་སྤྱོད་ནི་དྲག་ཤུལ་གྱི་ལས་ཉིད་ཡིན་པས་

TN03_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༥)སྔགས་པ་མངོན་སྤྱོད་ལ་སྡང་བར་མི་བྱ་སྟེ། དམ་ཅན་རྣམས་ཀྱི་གཙོ་བོའི་ཀུན་སྤྱོད་ལ་མི་མཐུན་པར་བལྟས་ན་ཕན་ཚུན་བློ་མི་མཐུན་པར་སོང་བ་ཡིན་པས་སོ། །དེས་ན་བསམ་པ་རྣམ་དག་གིས་རྒྱལ་བ་དགྱེས་པའི་དྲག་སྔགས་ལ་མོས་སློབ་ཙམ་བྱས་ཀྱང་ཧེ་རུ་ཀའི་རྣམ་ཐར་དང་ཕྲིན་ལས་ཀྱི་རྒྱུན་བསྐྱང་བ་དང་། རྡོ་རྗེའི་དམ་ཅན་རྣམས་དང་བསམ་སྤྱོད་བསྲེས་པར་འགྱུར་བས་ཐུགས་ཉེ་ཞིང་། དྲག་པོའི་ལྷ་དྲག་པོར་བསྒྲུབས་པས་ལྷག་པར་ཡང་ཚན་ཆེའོ། ༈ །རྡོ་རྗེ་ཕུར་པར། སྨད་ལས་དམ་ཅན་ཉེ་བར་བསྙེན་པ་ཞེས་བཤད་པ་ལྟར། །དམ་ཅན་ལ་བརྟེན་ནས་དབང་དྲག་སོགས་ཀྱི་ལས་འགྲུབ་པ་ལ། །སྔོན་དུ་དམ་ཅན་ལས་རུང་གི་བསྙེན་པ་གལ་ཆེ་ལ། དེའི་ཚུལ་ནི། །དང་པོར་གཙོ་བོའི་སྒྲུབས་སྔགས་སྐབས། དམ་ཅན་ཕོ་ཉ་ལས་ལ་བསྐུལ༔ ཞེས་པའི་སྟེང་ནས་དམིགས་བཟླས་ཅུང་ཟད་རེ་བྱ་ཞིང་། སྤྱི་ཛབ་ཀྱི་ཚེ་ཡང་། དབང་མོ་རྣམས་ལ་དམིགས་ནས་བཟླས་བསྒོམ་འཚམས་པ་རེ་རྒྱུན་བསྲིང་བ། ཕྱིས་སྒེར་སྒྲུབ་བྱེད་ན་ཤིན་ཏུ་སྒྲུབ་སླབ་ཞིག་འབྱུང་ངོ་། །འདིའི་རྒྱས་བཤད་ནི་ཆུ་ལྷའི་སྦྲུལ་ཞགས་སུ་ཡོད།། ༈ །།སྒྲུབ་ཐབས་དང་བདེ་འདུས་ཐ་རམ་ལས་རྟ་སྐད་རྩལ་དུ་འདོན་ལུགས་མི་འདྲ་ཞེས་བྲིས་པ་དེ་ནི་མི་འཐད་དེ། ཐ་རམ་གྱིས་ཀྱང་པདྨ་གསུང་གི་

TN03_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༦)སྒྲུབ་པའམ་སྒྲུབ་ཐབས་ཐམས་ཅད་རྟ་སྐད་ཀྱི་དགོངས་པར་བསྟན་པ་ཞེས་སྒྲུབ་ཐབས་ཀྱི་དོན་ཉིད་འཆད་པ་ཡིན་པའི་ཕྱིར་རོ། །ལམ་འབྲས་བུ་ཐམས་ཅད་རྟ་སྐད་ཀྱི་དགོངས་པར་བྱས་པ་ནི་གསུང་རྟ་སྐད་ཀྱི་སྒོ་ནས་ལམ་འབྲས་དེ་རྣམས་ལ་ཕར་འཇུག་ཚུལ་ཡིན་གྱི། ལམ་འབྲས་དེ་དག་གསུང་རྟ་སྐད་སྒྲུབ་ལུགས་སུ་ཚུར་འགྲོ་ཚུལ་བསྟན་པའི་ཆེད་དུ་དེ་ལྟར་བཤད་པ་ནི་མིན་ཏེ། །དཔེར་ན་གཞི་ལམ་འབྲས་བུའི་གནད་གསང་ཐམས་ཅད་རྡོ་རྗེའི་དེ་ཉིད་དུ་བྱས་ནས་གཏན་ལ་འབེབས་པ་ནི། །མཚོན་བྱེད་རྟགས་ཀྱི་རྡོ་རྗེས་རང་གི་དེ་ཉིད་ལ་འཇུག་པའི་ཆེད་ཡིན་གྱི། མཚོན་བྱ་དོན་གྱི་རྡོ་རྗེ་ནི་མཚོན་བྱེད་དཔེའི་རྡོ་རྗེ་སྒྲུབ་པའི་དོན་དུ་གསུངས་ཞེས་གོ་བཟློག་ནས་སྨྲ་མི་རུང་བ་བཞིན་ནོ། །དེས་ན་སྒྲུབ་ཐབས་ཕྲིན་ལས་དང་བཅས་པ་ཐམས་ཅད་རྟ་སྐད་ཀྱི་དགོངས་པའམ་དེ་ཉིད་དམ་བློ་རྩེར་དྲིལ་ནས་དངོས་གྲུབ་སྒྲུབ་པ་ལ་པདྨ་གསུང་གི་སྒྲུབ་པ་ཞེས་བྱ་ཞིང་། དོན་དེ་མཚོན་པའི་ཆེད་དུ་དཀྱིལ་འཁོར་གྱི་བདག་པོའི་ཞལ་ཡང་རྟ་གདོང་གིས་མཚན་པར་བྱེད་དོ། །དང་པོ་ནས་དགོངས་པ་དེ་མཚོན་དོན་དང་། སྤྱི་བོའི་རྟ་སྐད་མཚོན་རྟགས་སུ་བཟུང་ནས་བསྒྲུབ་པས་དགོངས་པ་དེ་ལ་རྩལ་ཐོན་པ་ན། དེའི་རྟགས་སུ་སྤྱི་གཙུག་ནས་རྟ་སྐད་ཤུགས་འབྱུང་དུ་ཐོན་འོང་བ་ཡང་། །ལོ་ལེགས་ན་ཕུབ་མ་ལྟར་ཞར་ལ་འོང་བ་དང་།

TN03_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༧)རལ་གྲིའི་གྲུབ་རྟགས་འབར་བ་སོགས་གསུམ་ལྟར་དགོངས་པ་དེའི་ནུས་པའི་ཚད་འཛིན་རྟོགས་བྱེད་ཙམ་དུ་ཟད་ཀྱི། དགོངས་པ་དེ་རྟ་སྐད་ཐོན་ཆེད་དུ་བསྒོམ་པའི་གནད་ཀྱིས་གཏན་མིན་ནོ། །བདུད་རྩི་འཆི་མེད་ཀྱི་དང་། ཕུར་པ་ཐལ་འབྱིན་གྱི་དགོངས་པ་ཟེར་བའི་དོད་ནི། རྟ་སྐད་དབང་གི་དགོངས་པ་ཞེས་བྱ་སྟེ། དེས་ན་རྟ་སྐད་ཀྱི་དགོངས་པ་བྱས་ཀྱང་དོན་དུ་དབང་སྡུད་ཀྱི་དགོངས་པ་སྟེ། དེ་ལའང་དྲང་བ་དང་ངེས་པའི་སྣང་སྲིད་དབང་བྱེད་ཀྱི་དགོངས་པ་དུ་མ་ཞིག་དབྱེར་ཡོད་དོ། །གསུང་གི་སྒྲུབ་པ་ཞེས་པའང་གསུང་བསྒྲུབ་བྱའི་གཙོ་བོར་བྱེད་པའི་དོན་མིན། གཙོ་བོར་གསུང་གི་སྒོ་ནས་དངོས་གྲུབ་སྒྲུབ་པའི་དོན་ཡིན་ཏེ། འདིར་དངོས་གྲུབ་བསྒྲུབ་བྱེད་ཀྱི་གཙོ་བོ་གསུང་རྟ་སྐད་ལ་བྱེད་པའི་དོན་ཡིན། །དཔེར་ན་གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་ཞེས་པའང་དེར་འཁྲུལ་འཁོར་གྱི་སྒོ་ནས་དངོས་གྲུབ་མང་པོ་སྒྲུབ་པ་ལ་བྱེད་ཀྱི། འཁྲུལ་འཁོར་ཁོ་རང་དངོས་གྲུབ་ཏུ་མི་བཞེད་པ་དང་། ཕུར་པར་ཡང་དེའི་དངོས་གྲུབ་གཙོ་བོ་བདུད་འདུལ་མཐུའི་དངོས་གྲུབ་ཡིན་ལ། ཕུར་བུ་ནི་དེ་སྒྲུབ་བྱེད་ཀྱི་བྱེད་པ་གཙོ་བོ་ཡིན་པར་འདོད་པ་བཞིན་ཏེ། །བྱ་བྱེད་ལས་དང་བྱེད་པོ་ཟེར་དགོས་གཉིས་མ་འཛིངས་ཤིག །དེ་འདྲ་བའི་གསུང་རྟ་སྐད་དེ་ལ་ཐ་རམ་སོགས་ལས་སྤྱི་བོའི་དེ་མིན་པ་མི་གསལ་ཞིང་། དེ་ཙམ་གྱིས་ཕྲིན་ལས་སྒྲུབ་

TN03_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༨)ཚུལ་ལ་ངེས་པ་ཤུགས་དྲག་སྐྱེ་བ་དབང་རྣོན་མིན་ན་དཀའ། ཐུགས་ཏིག་འདིར་ཛབ་ཀྱང་རྟ་སྐད་དུ་གསུངས་པ་ཤིན་ཏུ་ལེགས་ཏེ། འཛབ་ཀྱིས་དངོས་གྲུབ་སྒྲུབ་པ་རྣམས་ཀྱང་རྟ་སྐད་ཀྱིས་དགོས་པ་བྱེད་ལུགས་སུ་འགྲོ་བ་ས་རྒྱ་ཆེ། དེ་ལྟར་ན། མཚོན་བྱེད་བརྡའི་རྟ་སྐད་ལ། སྤྱི་བོའི་རྟ་སྐད་དང་། སྔགས་ཀྱི་བཟླས་པ་གཉིས་ཡོད་དོ། །འདིར་སྔར་དགེ་བྱེད་ལོ་རྔའི་ཟིན་རིས་ནས་སྦྱར་དགོས་པ་མང་། དཔེའི་རྟ་སྐད་ཀྱིས་ཐུན་མོང་གི་དབང་ལས་སྒྲུབ་པ་དང་། དོན་གྱི་རྟ་སྐད་ཀྱིས་ཐུན་མཆོག་གི་དབང་སྒྱུར་གྱི་དངོས་གྲུབ་མཐའ་དག་སྒྲུབ་པ་ཞེས་བཤད་ན་སྙན་བརྒྱུད་ཕུར་པའི་ཐལ་འབྱིན་བཞིའི་ལམ་རིམ་སོགས་དང་འགྲོས་མཐུན། མཆོག་གི་དབང་སྡུད་དེ་ལས་བཞིའི་ནང་གི་དབང་ཡིན་ནམ་ཞེ་ན། མིན་ཏེ། རིག་པ་ཡེ་ཤེས་ཀྱི་ཕུར་བུའི་གདབ་ཁ་དེ་དྲག་ལས་མིན་པ་བཞིན་ནོ། །འོན་ཀྱང་དེ་དྲག་ལས་ཀྱི་ངེས་དོན་དུ་བྱ་རུང་བ་ལྟར། དབང་ལས་ཀྱི་ངེས་དོན་དུ་ནི་བྱ་རུང་ངོ་། ༈ །གཞུང་འདིའི་བྲོ་མནན་སྒྲུབ་ཐབས་དང་། ལས་ཕྲེང་ནས་འབྱུང་བ་གཉིས་ཀའི་སྔགས་སུ་ཧི་གསུམ་རེ་ཡང་དང་ཡང་དུ་གསུངས་པ་ནི་རྟ་སྐད་ཐེང་གསུམ་མཚོན་ཆེད་ཡིན་པ་འདྲ། བྲོ་གཞུང་རྒྱས་པའི་གཏི་མུག་རྡོ་རྗེའི་ཐད་ལ་མཚོན་ན། བུདྡྷ་རིགས་ཀྱི་རྟ་སྐད་ལ། ལྡིར་ཞིང་འཚེར་བ། ཞེས་གསུངས་

TN03_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

(༥༡༩)པ་དང་། དེའི་རྟ་དགོས་སྔགས་ལའང་ཧི་གསུམ་བྱུང་བ་དང་། ལས་སྒྲུབ་ཀྱི་རྟ་སྐད་ཐང་གསུམ་སྤྱིའི་གཞུང་བདེ་འདུས་ཐ་རམ་གྱི་དེ་ཡིན་པས་དེ་དག་བསྒྲིགས་ན། །ལྡིར་ཞིང་འཚེར་བ་ཞི་བའི་རྟ་སྐད་ཉིད་དབྱེ་གཞིར་བྱས་པ་ལའང་། དང་པོས་ཟིལ་གནོན་གྱི་ཆོ་འཕྲུལ་སྤྲོ། གཉིས་པས་དམ་རྫས་ཀྱི་གཅལ་བཀྲམ། གསུམ་པས་མ་མོ་རྣམས་བསྡུ་ཞིང་རྨོངས་པའི་བདུད་དང་དམ་སྲི་ཚར་གཅོད་དང་ཞི་བའི་ཕྲིན་ལས་ལ་བཏང་བ་སྟེ་རྟ་སྐད་ཐང་གསུམ་འབྱེད་པར་ཤེས་སམ་སྙམ། དབང་མེད་འདུ་ཞིང་ཡིད་འཕྲོགས་པས༔ ཅི་བཅོལ་ལས་ཀུན་ཐོགས་མེད་བྱེད༔ སོགས་གསུངས་པ་དང་སྦྱར་ན་དེ་འདྲ་ཞིག་བཤད་རྒྱུ་ཡོད་དགོས་ཀྱང་དགོས་པ་འདྲ། རྟ་སྐད་འདི་ལྟར་ཤོད་པ་དང་གདོད་རང་ཉིད་ཐང་སྟོང་རྒྱལ་པོའི་བུ་བརྒྱུད་དུ་ངོ་འཕྲོད་དོ། ༈ །བླ་མ་ཐུགས་རྗེའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །པདྨ་གསུང་གི་སྐབས་སུ། སྒྲུབ་ལུགས་འདིའི་ཁྱད་ཆོས་ཐུན་མོང་མ་ཡིན་པ། གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་དང་། རྡོ་རྗེ་ཕུར་པའི་ཐལ་འབྱིན་གྱི་དོད་པོ་ནི་རྡོ་རྗེ་རྟ་སྐད་ཀྱི་དགོངས་པས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དབང་ཕྱུག་སྒྲུབ་པ་ཉིད་ཡིན་པས་འདི་ལ་མཁས་པར་སྦྱངས་ཏེ་རྩལ་ཐོན་པ་གཅེས་སོ། །དེ་ལ་ཉང་གཏེར་རྟ་མགྲིན་བདེ་འདུས་པདྨ་

TN03_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༠)གསང་བ་བཀོད་པ་རྔོག་མ་ལེ་བརྒན་གྱི་བརྒྱུད་ཀྱི་ལེའུ་དགུ་པ་ལས། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི། །ཡང་གསང་རྨད་བྱུང་དགོངས་པ་ལ། །བསྙེན་པ་ཐེམས་པར་གྱུར་པ་ན། །ཆོས་སྐུ་སྙིང་པོ་བྱང་ཆུབ་སེམས། །དེ་ཉིད་ཤེས་པ་སྤྲོས་དང་བྲལ། །ས་ཐོབ་སྤྱོད་ཡུལ་གཞལ་ཡས་ནས། །དགོངས་པ་ལྟ་དཔྱད་ཅན་ལོངས་སྤྱོད་རྫོགས། །མོས་སྤྱོད་འགྲོ་ལ་སྣང་གྱུར་པ། །ཐུབ་པ་ཆོས་ཀྱི་ཕུང་པོ་ཅན། །རྒྱལ་བ་སྐུ་གསུམ་དག་དང་མཉམ། །རྣལ་འབྱོར་རབ་ཀྱི་དགོངས་པར་གསུངས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང་། །དུས་གསུམ་གཤེགས་པའི་རྒྱལ་བ་རྣམས། །ཐུགས་དམ་རྒྱུད་ནས་བསྐུལ་བ་ནི། །རྣལ་འབྱོར་འབྲིང་གི་དགོངས་པ་ཡིན། །ལུས་ནི་ལྷ་སྐུའི་དཀྱིལ་འཁོར་བསྒོམ། །ངག་ནི་བཟླས་པའི་གསང་སྔགས་ཅན། །ཐུགས་ནི་ཡང་དག་དོན་དུ་བལྟ། །རྟགས་ཙམ་འཛིན་པར་རབ་གནས་པ། །རྣལ་འབྱོར་ཀུན་གྱི་དགོངས་པ་སྟེ། །རབ་ཏུ་འབད་ནས་བསྒོམ་པ་ཡང་། །རྣལ་འབྱོར་ཐ་མའི་དགོངས་པ་ཡིན། །དེ་དག་རྣལ་འབྱོར་བརྡ་སྐད་གསུངས། །མ་ལྟར་བྱམས་ལ་སྲིང་ལྟར་གདུང་། །མ་མོ་མཁའ་འགྲོ་རྣལ་འབྱོར་མ། །ཕེམ་ཕེམ་ཧྲཱི་ཡི་སྒྲ་དག་ལ། །ཐལ་མོའི་སྒྲ་དང་རྡེའུ་ཆུང་སྒྲ། །རྐང་གི་གླིང་བུ་ཐོད་པའི་རྔ། །ཅང་ཏེའུ་སྒྲ་རྣམས་

TN03_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༡)བསྒྲགས་པ་དང་། །ཞིང་གི་གཡབ་མོས་གཡབ་པ་ནི། །དང་པོ་བརྡ་ཡང་སྤྲད་པར་བྱ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །བདེ་གཤེགས་མཁའ་འགྲོ་ཆེན་མོ་དང་། །རྡོ་རྗེ་ཞེ་སྡང་སྲོག་ལ་རྔམས། །རིན་ཆེན་ང་རྒྱལ་ཤ་ཟ་མོ། །པདྨ་འདོད་ཆགས་ཁྲག་འཐུང་མ། །ལས་ཀྱི་ཕྲིན་ལས་ཆེན་པོ་རྣམས། །ནམ་མཁའ་བར་སྣང་སྤྲིན་བཞིན་དུ། །ཀློང་རྡོལ་བྱ་ནག་འབབ་པ་ལྟར། །གཏི་མུག་ཤ་ཡི་ས་གཞི་ལ། །འདོད་ཆགས་ཁྲག་གི་རྒྱ་མཚོ་འཁྱིལ། །ཞེ་སྡང་རུས་པའི་རི་རབ་ལ། །མི་རྟོག་བདེ་གསལ་ཉམས་སྐྱེ་ཞིང་། ཁམས་གསུམ་གདུག་པའི་དགྲ་དང་བགེགས། །སྒྲོལ་ཕྱིར་འགྱིངས་ཤིང་རྔམས་པ་ཡིས། །རབ་ཏུ་གནས་སུ་འབྱུང་བ་ནི། །བར་དུ་ཀློང་རྡོལ་བྱོན་པ་ཡིན། །དུག་གསུམ་གཏོར་མས་ཚིམ་པ་དང་། །བདུད་རྩི་ཆེན་པོས་ཚིམ་པ་དང་། །རཀྟ་དམར་གྱིས་དགྱེས་པས་ནི། །མངགས་པའི་གནས་སུ་ཡུད་ཙམ་འགྲོ། །དགྲ་དང་བགེགས་རྣམས་རབ་འགུགས་པ། །དཔེར་ན་སྐྱེས་བུ་བཙོན་བཟུང་བཞིན། །རང་དབང་མེད་པར་འགུགས་པ་ནི། །རྨད་བྱུང་དཀྱིལ་འཁོར་ནང་དུ་དྲངས། །རླུང་གི་སྟོབས་ཀྱིས་འོང་བ་ནི། །ཐ་མར་ལས་ལ་བཀྱེ་བའོ། །བདག་གི་རྣལ་འབྱོར་བསམ་གཏན་ཅན། །རྟ་སྐད་ཐེངས་གཅིག་

TN03_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༢)བསྒྲགས་པ་ཡིས། །བསྒྲུབ་པའི་རྣལ་འབྱོར་ཆེན་པོ་རྣམས། །རྩ་བ་ཡན་ལག་དམ་ཚིག་རྣམས། །ཉམས་ཆགས་བསྐངས་བར་གྱུར་ནས་ནི། །ཐུན་མོང་གྲུབ་ཆེན་བརྒྱད་ལ་སོགས། །མཆོག་གི་སྐུ་གསུམ་རང་གསལ་བ། །གཡར་དམ་ཅན་ལ་དངོས་གྲུབ་སྟེར། །རྟ་སྐད་ཐེངས་གཉིས་བསྒྲགས་པ་ཡིས། །རྗེ་མོ་བློན་མོ་མ་སྲིང་དང་། །བྲན་དང་ཕོ་ཉ་བཀའ་ཉན་དང་། །མ་མོ་མཁའ་འགྲོ་རྣལ་འབྱོར་མ། །དམ་ལ་གནས་པ་ཐམས་ཅད་ཀྱང་། །ཚར་བཅད་རྗེས་འཛིན་ཕྲིན་ལས་མཛད། །ཞི་དང་རྒྱས་དང་དབང་དང་དྲག །དྲག་དབང་རྒྱས་དང་ཞི་བར་བྱེད། །རྟ་སྐད་ཐེངས་གསུམ་བསྒྲགས་པ་ཡིས། །མོས་པ་ཆུང་བའི་ཉན་ཐོས་ལ། །བདེན་པ་བཞི་ཡི་ཆོས་ཀྱང་སྟོན། །དམིགས་པ་ཕྲ་བའི་རང་རྒྱལ་ལ། །རྟེན་འབྲེལ་བཅུ་གཉིས་ཆོས་བཤད་དེ། །ཐེག་ཆེན་བྱང་ཆུབ་སེམས་དཔའ་། །ཀུན་རྫོབ་དོན་དམ་ཆོས་ཀྱང་གསུངས། །བྱ་བ་ལས་ཀྱི་ཀྲི་ཡ་ལ། །རིགས་གསུམ་མགོན་པོར་རྣམ་པར་སྣང་། །ཨུ་པ་ཡ་ལ་རིགས་བཞི་ཉིད། །ལྟ་བ་སྤྱོད་པ་སྟོན་པ་དང་། །ཡོ་ག་རིགས་ལྔ་མངོན་བྱང་ཆུབ། །ཀུན་རིག་རྣམ་སྣང་ཆེན་པོར་གསུངས། །རྣལ་འབྱོར་ཆེ་ལ་ཐབས་ཆེན་སྣང་། །རྗེས་སུ་རྣལ་འབྱོར་ཡབ་ཡུམ་ཆེ། །ཤིན་ཏུ་རྣལ་འབྱོར་ཆོས་ཀྱི་སྐུ། །རྒྱུད་ལུང་མན་ངག་

TN03_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༣)སྣང་བའོ། །རྟ་སྐད་ཐེངས་གསུམ་དགོངས་པའི་ཏིང་ངེ་འཛིན་ཏོ། །ཞེས་རྒྱ་ཆེར་གསུངས་སོ། །ཉང་གཏེར་པདྨ་དབང་ཆེན་དྲེགས་པ་ཚར་གཅོད་པའི་རྒྱུད་ཀྱི་ལེའུ་དགུ་པ་ནི། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས་རྟ་སྐད་ཐེངས་གསུམ་གྱི་ལེའུ་འདི་བཀའ་སྩལ་ཏོ། །བདེ་ཆེན་དོན་དང་ལྡན་པ་ཡི། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །དབང་ཆེན་སྐུ་དང་གཉིས་མེད་རྟགས། །དངོས་སུ་རྟོགས་པར་སྣང་མཛད་དེ། །སྤྱོད་པར་ཤོང་བའི་གནས་དག་ཏུ། །རྟ་སྐད་ཐེངས་གཅིག་ཐོས་པ་ཡིས། །ལས་ཀྱིས་བསྐལ་བའི་དྲེགས་པ་ཅན། །འབྲི་རྒོད་འདྲོགས་པ་བཞིན་དུ་ནི། །རང་དབང་མེད་པར་ཡིད་ཀྱིས་སྡངས། །རྟ་སྐད་ཐེངས་གཉིས་ཐོས་པ་ཡིས། །ལས་ཀྱིས་བསྐལ་བའི་མི་མ་ཡིན། །ཤ་རུལ་དོང་དུ་བཅུག་པ་ལ། །ཤ་སྦྲང་མཁའ་ལ་འདུ་བ་བཞིན། །རང་དབང་མེད་པར་དབང་དུ་འདུས། །རྟ་སྐད་ཐེངས་གསུམ་ཐོས་པ་ཡིས། །ལས་ཀྱིས་བསྐལ་བའི་མི་མ་ཡིན། །བཀའ་ཁྲིམས་དམ་པའི་བཀའ་འོག་བཞིན། །རང་དབང་མེད་པར་འདུར་གྱིས་བཏང་། །དེ་ནི་སྤྱོད་པའི་བརྟུལ་ཞུགས་ཏེ། །དགོངས་པའི་གདེངས་ཆེན་དེ་གསུམ་གྱིས། །དྲེགས་པ་ཕོ་མོ་ལས་གཟུང་བྱ། །ལྟ་བའི་གདེངས་གསུམ་རྟ་སྐད་ལམ། །རྟ་སྐད་ཐེངས་གསུམ་དགོངས་པའི་ལམ། །བསྐྱེད་རྫོགས་རྣམ་གསུམ་ས་ལ་སྦྱོར། །རྟ་སྐད་ཐེངས་གཅིག་བསྐྱེད་པའི་ལམ། །ཐབས་དང་

TN03_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༤)ཤེས་རབ་གདན་སར་སྦྱོར། །གཉིས་ཀྱིས་ཅིག་ཆར་རྫོགས་པའི་ལམ། །དབྱིངས་དང་ཡེ་ཤེས་གདན་སར་སྦྱོར། །གསུམ་གྱིས་ཡེ་ཉིད་ཡིན་པའི་ལམ། །མཉམ་པ་ཉིད་ཀྱི་གདན་སར་སྦྱོར། །མཧཱ་བསྐྱེད་པའི་རིམ་པ་ཡང་། །སྐུ་གསུང་ཐུགས་ཀྱི་འཕྲུལ་གསུམ་ལས། །རིམ་པས་བསྐྱེད་ནས་རྫོགས་པར་འདོད། །ལྷ་ཡི་དཀྱིལ་འཁོར་ཐབས་ཀྱི་མཆོག །མ་སྐྱེས་སྤྲོས་བྲལ་ཤེས་རབ་ལས། །གཉིས་སུ་མེད་པར་རང་སར་སྦྱོར། །ཨ་ནུ་རྫོགས་པའི་རིམ་པ་ཡང་། །ལྷ་ཡི་དཀྱིལ་འཁོར་སྐད་ཅིག་གིས། །ཆུ་ལས་ཆུ་བུར་རྡོལ་བའི་ཚུལ། །གཙོ་འཁོར་དྲན་རིག་རྫོགས་པར་འདོད། །མ་སྐྱེས་སྤྲོས་བྲལ་ཆོས་ཀྱི་དབྱིངས། །རིག་པའི་ཡེ་ཤེས་གཉིས་མེད་པས། །མཉམ་པ་ཉིད་ཀྱི་རང་སར་སྦྱོར། །ཨ་ཏི་ཡེ་ནས་ཡིན་པ་ལ། །དྲི་མེད་སྙིང་པོ་བྱང་ཆུབ་སེམས། །གདོད་ནས་མ་སྐྱེས་རང་བྱུང་བས། །རང་གི་ངོ་བོ་བརྗོད་དུ་མེད། །བརྗོད་མེད་ཇི་ལྟར་བཏགས་པར་སྣང་། །ཅིར་བཏགས་དེར་སྣང་དྲི་མེད་པས། །སྙིང་པོ་བྱང་ཆུབ་ཡེ་ནས་ཡིན། །གཅིག་དང་དུ་མར་རོ་གཅིག་པས། །དེ་ནས་གཉིས་མེད་གདན་སར་སྦྱོར། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡང་། །རྟ་སྐད་ཐེངས་གསུམ་ཐོས་པ་ཡིས། །ལྟ་བས་ས་གསུམ་མཉམ་སྦྱར་ནས། །སྤྱོད་པས་དྲེགས་པ་ཚར་གཅོད་ན། །རྟ་སྐད་ཐེངས་གསུམ་ཐབས་ཀྱི་མཆོག །ཅེས་བཀའ་སྩལ་

TN03_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༥)ཏོ། །ཞེས་པའོ། །ལེའུ་བཅུ་པ་བརྟུལ་ཞུགས་བཞིའི་དང་པོའི་གཞུང་དུ། རྟ་ཡི་བརྟུལ་ཞུགས་ཆེན་པོ་ཡིས། ཁམས་གསུམ་འཁོར་བ་སྐྱམ་ལིང་འདེབས། །རྟ་སྐད་ཐེངས་གསུམ་བསྒོམ་པས་ནི། ཁམས་གསུམ་ཡོངས་བསྒྲལ་ས་གསུམ་བསྒྲལ། །བདེ་གཤེགས་མི་འགྱུར་གདན་གསུམ་སྟེ། །བསྐྱེད་རྫོགས་རྣམ་གསུམ་ཀློང་གསུམ་རྡོལ། །ཤུགས་ཆེན་རྟ་ཡི་ར་མདའ་ཡིས། །འཁོར་བའི་སྐྱམ་ལིང་དབྱིངས་སུ་གདབ། །རྟ་སྐད་ཐེང་གཅིག་རིག་པའི་ལམ། །ཀུན་བཟང་མཁའ་དབྱིངས་ཀློང་རྡོལ་ནས། །མཉམ་པ་ཉིད་ཀྱི་རང་སར་སྦྱར། །གཉིས་ནི་ཐབས་དང་ཤེས་རབ་སྟེ། །གསུམ་ནི་སྐུ་གསུམ་ཐུགས་སུས་བྱར། །རྟ་སྐད་བཞི་ནི་ཕྲིན་ལས་བཞི། །ལྔ་ནི་ཡེ་ཤེས་རྣམ་པ་ལྔ། །དྲུག་ནི་འགྲོ་དྲུག་གནས་སུ་སྦྱོང་། །བདུན་ནི་ཕྲིན་ལས་དྲག་ཤུལ་བདུན། །བརྒྱད་ནི་སྡེ་བརྒྱད་དབང་དུ་སྡུད། །དགུ་ནི་ཐེག་པའི་ས་དགུ་བརྟོལ། །བཅུ་ནི་ས་བཅུ་ཟིལ་གྱིས་གནོན། །དབང་ཕྱུག་རོལ་པའི་ཕྲིན་ལས་དེ། །བྱེད་སྤྱོད་རྟ་ཡི་སྐད་ཀྱིས་སྦྱོང་། །གང་ལྟར་སྤྱད་ཀྱང་ཆོས་ཀྱི་དབྱིངས། །ཞེས་ཀྱང་གསུངས་སོ། །དྲེགས་པ་གནད་འབེབས་ཀྱི་རྒྱུད་པདྨ་དང་ཁ་ཆེ་ཨ་ནནྟས་བསྒྱུར་བའི་ལེའུ་ལྔ་པ་ལས། །དེ་ནས་པདྨ་ཧེ་རུ་ཀས་དཔལ་གྱི་རྟ་སྐད་

TN03_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༦)ཀྱིས་ཕྱོགས་བཅུའི་དྲེགས་པ་ཅན་བཏུལ་ལོ། །ལོ་རྒྱུས་དོན་གྱིས་ཕྱི་རབས་ཡིད་ཆེས་བཤད། །སྣོད་ཀྱི་འཇིག་རྟེན་ལྕགས་རི་ནག་པོའི་ནང་། །ཕྱི་ཡི་རྒྱ་མཚོ་ཞོ་ལས་དཀྲུགས་པའི་མར། །རི་རབ་སྲུབ་ཅིང་ཀླུ་སྦྲུལ་སྲུབ་ཐག་བཅས། །རྒྱལ་ཆེན་སྡེ་བཞིས་རབ་ཏུ་དཀྲུགས་པ་ལས། །དྭངས་མའི་བདུད་རྩི་ཁྱབ་འཇུག་གཟའ་ཡིས་འཐུངས། །ཕྱག་རྡོར་འཁོར་ལོས་ལུས་ཀྱང་དུམ་བུ་བརྒྱད། །སྙིགས་མ་དུག་ཏུ་གྱུར་ཏེ་གནོད་སེལ་ཕྱིར། །སྤྱན་རས་སྐུ་ཁྲོས་མགུར་དུ་ཐིམ་པ་ནི། ཁྲོ་བོ་མདོག་སྔོན་གདུག་པ་མ་ལུས་འདུལ། །ཚངས་པའི་གསུང་གིས་ཆོས་འཁོར་བསྐུལ་མ་འདེབས། །དེས་འདུལ་གསུང་དབྱངས་དྲུག་ཅུ་ཚངས་པའི་སྐད། །འཇིག་རྟེན་འཁོར་བར་ཡུན་རིང་གནས་ནས་ཀྱང་། །རྟ་མཆོག་རིན་ཆེན་ཡིད་བསྲིང་འགྲོ་དོན་མཛད། །ཅང་ཤེས་རྟ་ཡིས་མྱུར་དུ་བགྲོད་པ་ལྟར། །འགྲོ་དྲུག་འཁོར་བའི་གནས་ནས་འདྲེན་པར་མཛད། །དེ་ནི་འགྲོ་བ་ལམ་འདིར་གཞུག་པའི་ཕྱིར། །གདུལ་བྱར་བཤད་པས་འགྲོ་བ་འདུལ་བར་བྱེད། །གཏི་མུག་ཅན་དང་ང་རྒྱལ་ཅན། །འདོད་ཆགས་ཅན་དང་ཕྲག་དོག་ཅན། །ཞི་བའི་ལས་དང་རྒྱས་པའི་ལས། །དབང་དང་དྲག་པོས་འདུལ་བར་སྟོན། །ལྗང་ཀུ་དྲག་པོ་དམར་པོ་དང་། །སེར་པོ་རྒྱས་པ་དཀར་པོ་ཞི། །

TN03_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༧)རྟ་གདོང་ཕྲིན་ལས་བཞི་མཛད་པས། །རྟ་མགོ་ལ་ཡང་རིགས་བཞིའི་མདོག། གདུལ་བྱ་མ་ལུས་ཐམས་ཅད་ཀུན། །འདུལ་ཕྱིར་ཕྲིན་ལས་དག་ཏུ་བཤད། །ཞལ་ནས་རྟ་སྐད་སྒྲ་སྒྲོགས་པས། །ཕེ༚་ཕེ༚་ཧྲཱི༚་སོགས་གསང་སྔགས་འདྲེན། །རྟ་ཡི་སྐད་ཅེས་བྱ་བ་ཡང་། །རྟ་ཞལ་གསུང་དུ་སྒྲོགས་པའོ། །བརྡ་དང་རྟ་སྐད་འགྱིང་སྐད་གསུམ། །རྣལ་འབྱོར་དགོངས་པས་མ་ཤེས་སྐྱོན། །ཐུགས་དམ་མི་འཁུལ་དབང་མི་འདུས། །དགྲ་བགེགས་མི་ཐུལ་སྐྱོན་དུ་འགྱུར། །རྣལ་འབྱོར་གང་གིས་རྟ་སྐད་ཀྱི། །དགོངས་པ་དོན་ལྡན་ཤེས་པ་ནི། །ཐུགས་རྗེས་བཞེངས་དང་ཁས་བླངས་དྲན། །ཕྲིན་ལས་སྐད་ཅིག་ཡུད་ལ་འགྲུབ། །དེ་ཕྱིར་རྟ་སྐད་དགོངས་པ་ཟབ། །ལུས་ངག་ཡིད་གསུམ་སྐུ་གསུམ་ཉིད། །དུག་ལྔ་ཡེ་ཤེས་ལྔར་གྲོལ་ནས། །གང་གིས་གདེངས་གྱུར་རྣལ་འབྱོར་རབ། །མི་ཞེས་བྱས་ཀྱང་སངས་རྒྱས་ཡིན། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་དབྱིངས། །བཅུད་ཀྱི་སེམས་ཅན་ཡེ་ཤེས་ལྷ། །འབྲེལ་བས་བདེ་ཆེན་སྲས་སུ་རིག །རྣལ་འབྱོར་འབྲིང་གི་དགོངས་པའོ། །ལུས་ཉིད་ལྷ་ལ་ངག་ཉིད་སྔགས། །སེམས་ཉིད་ཆོས་ཉིད་ཐ་མའོ། །མྱ་ངན་འདས་པའི་ཆོས་རྣམས་ཀུན། །རྟེན་དུ་གྱུར་པས་ཆོས་ཀྱི་སྐུ། །རང་

TN03_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༨)བཞིན་སྐྱེ་མེད་བརྡ་སྤྲོད་གོ །དེ་ཉིད་ཆོས་སྐུའི་གསུང་ཡིན་ནོ། །ལོངས་སྐུ་དགོངས་པ་བརྡ་ཡི་གསུང་། །མེ་ལོང་ནང་གི་བྱད་ལྟ་བུ། །གཙོ་བོའི་སྐུ་ལ་བལྟས་པ་ཡིས། །རང་གི་ཤེས་བྱའི་སྒྲིབ་པ་དག །དེ་ནས་ཆོས་སྐུའི་ས་རུ་འགྲོ། །བྱང་ཆུབ་སེམས་དཔའ་མངོན་སངས་རྒྱས། །སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་བསམ་གྱིས་མི་ཁྱབ་ཅིང་། །ཐམས་ཅད་པ་རུ་གནས་པས་ན། །མི་ཟད་རྒྱན་གྱི་འཁོར་ལོ་ཆེ། །ཨོཾ་ནི་རྣམ་པར་བརྗིད་པའི་སྐུ། །ཨཱཿནི་སྨྲ་བརྗོད་འབྱུང་བས་གསུང་། །ཧཱུྃ་ནི་འདོད་དགུར་མཁྱེན་པས་ཐུགས། །རྒྱལ་བའི་ཞིང་ཁམས་འདི་ཡིས་སྐྱོང་། །ཚངས་པའི་ལྷ་ཡི་གསུང་བཞིན་དུ། །སྲིན་པོ་འདུལ་ཡང་སྐྱོན་མ་གོས། །དཔེར་ན་མེ་ཏོག་པདྨ་སྐྱེས། །འདམ་གྱི་སྐྱོན་གྱིས་ག་ལ་གོས། །དེ་ཉིད་གྲོགས་སུ་གྱུར་པ་སྟེ། །འདམ་མེད་པདྨ་གང་ལས་སྐྱེ། །རི་རབ་རྩེ་ནི་ལྷ་གནས་ཏེ། །རི་རབ་ཁོང་སེང་ལྷ་མིན་ཡུལ། །གླིང་བཞིར་མི་གནས་མཐོ་རིས་གསུམ། །ཕྱི་ཡི་རྒྱ་མཚོ་དུད་འགྲོ་ལ། །གྲོང་ཁྱེར་སེར་སྐྱ་ཡི་དྭགས་ཉིད། །རྡོ་རྗེ་གདན་འོག་དམྱལ་བའི་གནས། །ཀུན་གྱི་སྐད་དུ་ཆོས་སྟོན་པས། །ཐུགས་རྗེའི་རྟ་སྐད་རིགས་དྲུག་འདུལ། །ལུས་ངག་ཡིད་ཀྱི་བརྡ་སྤྲད་ན། །ཕོ་མོ་མཐུན་པའི་དཔེ་བཞིན་ཤེས། །དཔེར་ན་ཁྭ་ཏས་གཟན་མཐོང་

TN03_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

(༥༢༩)ལྟར། །མ་དང་མཁའ་འགྲོ་འགྲུབ་ནས་བྱོན། །མ་མོ་མཁའ་འགྲོ་ལ་སོགས་ལ། །མཐུན་པའི་ཤ་ཁྲག་གཏོར་མ་འབུལ། །ལས་བཞིའི་ཕྲིན་ལས་བཅོལ་བར་བྱ། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ངོ་བོ་ངེས་ཚིག་དབྱེ་བ་དང་། །སྐྱོན་དང་ཡོན་ཏན་རང་བཞིན་བཤད། །རྟ་ཡི་འགྲོས་དགུ་བསྟན་པ་ཡང་། །དཔུང་ལག་སྒྲོགས་འགྲོས་ལྷ་དང་མི། །གདོས་པ་ལྕགས་བཅུག་ཉན་ཐོས་འདྲ། །ཕོ་ཉ་སྲུན་འགྲོས་རང་སངས་རྒྱས། །འཇབ་ཚེ་གཟེངས་ནི་མདོ་སྡེ་ཉིད། །གོམ་བུ་མྱོལ་འགྲོས་ཀྲི་ཡ་པ། །སྤྱང་མོ་མདུར་འགྲོས་ཡོ་ག་ཉིད། །རོལ་མོའི་སྟབས་པ་མ་ཧཱ་ཡིན། །འཇོལ་མོ་དཀྱུས་འགྲོ་ཨ་ནུ་སྟེ། །དཀྱུས་སུ་ཚར་འགྲོས་ཨ་ཏི་ལ། །རྟ་ཡི་འགྲོས་ནི་དགུར་བསྟན་པས། །པདྨ་དབང་ཆེན་རྟ་གདོང་ཞལ། །རྟ་སྐད་དགོངས་པར་འདུས་པས་དཔྱད་གསུངས། ཁམས་གསུམ་དབང་དུ་སྡུད་པར་བྱེད། །འཁོར་འདས་དབང་གི་སྐུར་རྫོགས་ལ། །ཐེག་པའི་རིམ་པ་རྟོགས་པས་ན། །དཔེ་དང་དོན་དུ་བཤད་པའོ། །ཞེས་བཤད་དོ། །དབང་ཆེན་འདུས་པའི་རྒྱུད་རྟ་མགྲིན་དགོངས་པ་ལུང་སྟོན་དུ་གྲགས་པ། །སྦ་དང་ངན་ལམ་སོགས་ཀྱིས་བསྒྱུར་བ་ལས་ལེའུ་བཅུ་བདུན་པ་བརྟུལ་ཞུགས་ཆེན་པོ་བཞིའི་སྐབས་སུ། རྡོ་རྗེ་རྟ་ཡི་བརྟུལ་ཞུགས་ཀྱིས། །

TN03_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༠)རྟ་སྐད་ཐེངས་གསུམ་འབོད་པར་བྱ། །དཔལ་གྱི་རྟ་སྐད་ཆེན་པོ་ཡིས། །ཡང་དག་སྐུ་གསུམ་དབྱིངས་ནས་བསྐུལ། །མ་མོའི་བརྡ་སྐད་སྦྲན་པ་ཡིས། །བརྡ་འཕྲད་ཀློང་རྡོལ་ལས་ལ་རྦད། །རྣལ་འབྱོར་གསང་བ་བརྡ་སྐད་ཀྱིས། །མཉམ་དང་བསྐུལ་དང་རྟགས་ཙམ་འཛིན། །ཤ་རུལ་དོང་དུ་བཅུག་པ་ལ། །ཤ་སྦྲང་བཞིན་དུ་འདུ་བ་དང་། །སྤྱང་དང་ལུག་བཞིན་བྲེད་པ་དང་། ཁྱི་དང་ཕག་བཞིན་རྦད་སར་འགྲོ། །དཔལ་གྱི་ཕེེ༚བརྡབས་ཧཱུཾ་སྒྲ་ལས། །བསྒྲུབས་པའི་དབྱངས་དང་ཚངས་པ་ཡིས། །ཞིང་ཁམས་རི་རབ་རྩེ་ལ་བླངས། །གསུམ་ཞེས་བྱ་བ་དགུ་ཡི་ཆོས། །ལྷ་དང་སྤྱོད་དང་སྒོམ་པ་དང་། །འབྲས་བུ་བཞིན་དུ་གར་གྱུར་པ། །རྦད་པས་ཐལ་བ་བཞིན་དུ་རློག །ལྷ་སྲིན་ཐམས་ཅད་དབང་དུ་སྡུས། །དཔལ་གྱི་སྐུ་དང་གཉིས་སུ་མེད། །འདི་ནི་རྣལ་འབྱོར་སྤྱོད་པ་ཡིན། །ཞེས་འབྱུང་ངོ་། །རྟ་མཆོག་རོལ་པ་རྩ་བའི་རྒྱུད་ལས། །མི་གནས་མྱང་འདས་གསུང་རབ་རྒྱ་མཚོ་སྒྲོགས། །མ་བསྒྲིབ་མ་གསལ་གོ་འཕང་མཛེས་པར་མཐོང་། །མི་ལྡོག་ཡུལ་སྒྲོལ་སྟབས་དྲུག་མཛེས་པར་མགྱོགས། །གར་ཡང་ཐོགས་མེད་བྱིན་རླབས་ཤུགས་དང་ལྡན། །འཚེར་སྐད་གདངས་སྙན་མ་སྲིང་སྤྲོ་བ་འགྱེད། ཁམ་དམར་རལ་པའི་དབུས་ནས་དབུགས་འབྱུང་བ། །

TN03_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༡)དཔྲལ་བ་ཞུར་པོ་བརྗིད་པའི་ཁྱད་པར་དང་། །རྟ་མགྲིན་འོད་འབར་གསལ་བའི་ཁྱད་པ་ནི། །དོན་མཆོག་ཁྱད་པར་ཡོན་ཏན་རྨད་དུ་བྱུང་། །ལྗང་ཀུ་མེ་འབར་རྟ་མགོའི་རང་བཞིན་ནི། །འགྱུར་མེད་ཡེ་ཤེས་ཇི་བཞིན་གསལ། །བྱམས་པའི་མདངས་ཀྱིས་ཁམས་གསུམ་ཁྱབ་པར་གཟིགས། །རྔོག་མ་ལེ་བརྒན་འབར་བའི་ཁྱད་པར་མཆོག །སྟུག་པོ་བཀོད་སོགས་ཞིང་ཁམས་རབ་འབྱམས་ན། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཁྲོ་བོ་ཀུན། །ཞིང་ཁམས་གསུམ་དག་མ་ལུས་དབང་དུ་སྡུད། །ཤེས་རབ་ཐབས་སུ་འབྲེལ་བའི་རྟ་སྐད་ནི། །གྲུབ་པའི་དཔལ་ཚོགས་ཚངས་པའི་རྟ་དབྱངས་ཡིན། །དང་པོའི་གདངས་ཀྱིས་རྒྱལ་བའི་ཞིང་ཁམས་སྒྲོགས། །གདངས་སྐད་གཉིས་པ་རི་རབ་རྩེ་ལ་འཚེར། །གསུང་སྙན་གདངས་གསུམ་སྙན་པའི་ཁྱད་པར་ནི། །བཅུ་དྲུག་སླད་མའི་ངན་རྟོགས་ཐར་ལམ་སྟོན། །སྤྱན་མིག་གློག་ལྟར་འགྱུ་བ་ཆེར་འཕགས་ཤིང་། །ཤ་ཁྲག་རློན་པ་ཟ་བའི་སྲིན་པོ་འཇོམས། །འཚེར་ཅན་ཡིད་ལ་གདུང་བའི་རྟ་སྐད་ནི། །མུན་མཐུའི་འགྲོ་བ་མ་ལུས་གསལ་བར་མཛད། །ཅེས་གསུངས་ཏེ། །འདིའི་གླེགས་བམ་ཡིག་ནོར་གྱི་ཕུང་པོར་སྣང་བས་བརྟགས་དཀའ་ཡང་དཔྱོད་རྟེན་ཙམ་མོ། །རྟ་རྒྱུད་ཁ་ཅིག་ཏུ། །བརྩོན་འགྲུས་ཆུང་བ་

TN03_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༢)རྣམས་དབུགས་དབྱུང་བའི་ཕྱིར་དང་། མིའམ་ཅིའི་འཁོར་རྟ་མགོ་ཅན་རྣམས་འདུལ་བའི་ཆེད་དུ་རྟའི་གླུ་བྲོ་མཛད་པར་བཤད་དེ། མིའམ་ཅི་དེ་དག་ནི་གླུ་གར་གྱི་ཕ་རོལ་ཏུ་སོན་པ་ཡིན་ནོ། །ཀུན་སྤྱོད་དེས་འགྲོ་བ་གཞན་ཡང་འདུལ་བ་ནི། ཇི་ལྟར་སྲིན་པོ་ལྟར་ཁྲོས་པ་སོགས་བཞིན་ནོ་སྙམ་སྟེ་བསམ་མོ། །བདེ་འདུས་དབང་ཆེན་འདུས་པ་རྩ་བའི་རྒྱུད་ལས། ཨེ་མ་འདུས་པའི་འཁོར་རྣམས་ཉོན༔ ང་ཡི་སྐུ་ཡི་ངོ་བོ་ནི༔ རང་རིག་བྱང་ཆུབ་སེམས་ལས་སྣང་༔ རྟ་མགོས་སྐད་གསང་མཐོན་པོ་ཡིས༔ བདེ་གཤེགས་གསུང་གི་དངོས་གྲུབ་སྡུད༔ ཡང་དག་ངེས་དོན་ཆོས་ཀྱི་སྐུ༔ གཟུགས་སུ་སྣང་བ་མཚོན་པའི་རྟགས༔ དཔེར་ན་རྟ་ཡི་འགྲོས་དགུ་ཡིས༔ ཇི་ལྟར་སྨོན་པའི་སར་འགྲོ་བཞིན༔ ཐེག་པའི་རིམ་པ་ངང་གིས་བགྲོད༔ རྩོལ་མེད་རབ་ཏུ་རྫོགས་པར་སྣང་༔ རྟ་སྐད་ཡོན་ཏན་མང་བ་ལྟར༔ ལམ་ལྔ་དང་ནི་ས་བཅུ་དག༔ ཡོངས་རྫོགས་དེ་ཉིད་ངང་ལ་མངའ༔ དཔེ་དང་དོན་གྱི་རྟགས་རྣམས་ཀྱིས༔ ཕྱི་ནང་གསང་བ་དེ་ཉིད་ཀྱི༔ གསང་སྔགས་ལམ་གྱི་བྱེ་བྲག་ཤེས༔ གདུལ་བྱའི་ཐབས་སུ་སྣང་བ་ཡང་༔ ཆོས་རྣམས་དཀྱིལ་འཁོར་ལྷུན་གྲུབ་ཅིང་༔ སྣང་སྲིད་མ་ལུས་བསྒྲལ་བའི་རྒྱུ༔ བཀའ་སྡོད་ཕྲིན་ལས་རྫོགས་པར་མཛད༔ སྔོན་གྱི་ཐ་ཚིག་དབྱིངས་ནས་བསྐུལ༔ བརྡ་སྤྲད་

TN03_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༣)ཀློང་རྡོལ་དབང་བསྒྱུར་ཏེ༔ མ་ལུས་འདུལ་བ་ང་ཡི་ཐབས༔ ཡེ་ནས་མ་བཅོས་ང་ཡི་སྐུ༔ ཐབས་དང་ཤེས་རབ་དབྱིངས་ཡེ་ཤེས༔ དོན་དམ་ཀུན་རྫོབ་སྣང་དང་སྟོང་༔ གཉིས་མེད་ངོ་བོའི་དོན་ཡིན་ནོ༔ དབང་གི་རྒྱལ་པོར་བསམ་སྦྱོར་བས༔ ཁྲོས་པའི་ཕྱག་རྒྱ་གསུང་གི་སྒྲ༔ འཇིག་རྟེན་དྲེགས་པའི་ཚོགས་ཆེན་ཀུན༔ དབང་མེད་སྐྲག་པའི་ཚུལ་བཟུང་ཞིང་༔ མྱུར་དུ་ཕྲིན་ལས་གནས་བཞིན་བྱེད༔ དབྱིངས་ནས་གཟུགས་སྣང་ཐམས་ཅད་ཀུན༔ དབང་བསྒྱུར་སྣང་བ་མཉེས་མཛད་དེ༔ འགལ་བ་དེ་ཉིད་ངང་དུ་སྦྱང༔ ཞེས་དང་། ཧྲཱིཿ དབང་གི་རྟ་གདོང་ཕྲིན་ལས་མགྱོགས་པའི་མཐུ༔ ཡེ་ཤེས་མྱུར་མགྱོགས་ཤེས་རབ་ཕ་རོལ་ཕྱིན༔ རྩལ་གྱི་རླབས་ཀྱིས་ས་གསུམ་ཅིག་ཆར་བགྲོད༔ འཚེར་སྐད་གདངས་སྙན་གསང་བའི་ཐུགས་དམ་བསྐུལ༔ རྔམས་པའི་ཁ་རྩལ་འཁོར་ཚོགས་དབང་དུ་སྡུད༔ སྟབས་དྲུག་འགྲོས་ཀྱིས་རྒྱུད་དྲུག་ཐབས་ཀྱིས་འདྲེན༔ རོལ་པའི་རྟ་བྲོས་བདུད་བཞི་ཐལ་བར་བརླག༔ འཇིག་རྟེན་སྒྲོལ་མཁས་མི་བསྙེལ་ཐབས་ཀྱི་མཆོག༔ རྟ་སྐད་རྔམས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་བཀའ་སྩལ་ཏོ།། ༈ །།གཞུང་འདི་ལས་དབང་ཆེན་རྩ་བའི་སྒྲུབ་པ་ལ་སྦྱར་རྒྱུའི་ཡན་ལག་གི་སྒྲུབ་ལུགས་བཞི་གསུངས་

TN03_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༤)ཏེ། །ཐུན་མོང་དྲག་སྔགས་ཀྱི། ཁྱད་པར་ཚེའོ། །མཆོག་སྒྲུབ་བྱིན་རླབས་ཀྱི་སྒྲུབ་པ་སྟེ་གུར་དྲག་དང་ཐུན་མོང་བ་གསུམ། བདེ་ཆེན་གླུ་གར་གྱི་སྒྲུབ་པ་ནི་དགོས་ཆོས་ཏེ་དེ་ལྟར་བཞིའོ། །དང་པོ་ལའང་། སྤྲུ་གྲིའི་སྔགས་སྒྲུབ་དང་། གཏོར་མ་ལ་བརྟེན་པའི་བསད་ཟློག་གཉིས་གསལ་བར་བསྟན། གཉིས་པའི་སྐབས་སུ། །ཚེའི་ལྷ་བསྐྱེད་པ། །ཚེ་བཅུད་བསྡུ་བ། དེ་ལས་ཚེའི་དབང་དང་དངོས་གྲུབ་ལེན་པ། དེ་མི་ཤིགས་པའི་སྲོག་ལ་བརྟན་པར་བྱ་བ་སྟེ་བཞིའི་སྒྲོམ་ནས་དངོས་གྲུབ་རྒྱུད་གསུམ་སྒྲུབ་ལུགས་ཤེས་དགོས། གསུམ་པ་འདི་ལ། དངོས་གྲུབ་བསྡུ་བ། སྦྱོར་མཚམས་སུ་བསྐྱིལ་བ། གསང་སྒོ་དབྱེ་བ། རྟེན་ལ་དབབ་པ། དེ་ཉིད་དབང་དུ་བྱ་བའམ་བརྟེན་པར་བྱ་བ་སོགས་ཡོན་ཏན་བདུད་རྩིའི་རྒྱུད་ལས་གསུངས་པའི་དངོས་གྲུབ་སྒྲུབ་ལུགས་ཀྱི་གདན་ཐམས་ཅད། སྒྲུབ་གཞི་ཕྱི་རོལ་གྱི་སྨན་ལ་བྱེད་པ་དང་། ནང་རྩ་ཐིག་རླུང་སེམས་ལ་བྱེད་པའི་ཁྱད་ཙམ་མ་གཏོགས་ཇི་ལྟ་བ་བཞིན་ཚང་ངོ། དེའང་དཀྱིལ་འཁོར་ཐམས་ཅད་དང་། དབང་བསྐུར་དང་། སྔགས་དང་། ཕྱག་རྒྱ་དང་། །རྒྱུད་དང་། ཆོ་ག་ཞོབ་མོ་དང་། ཕྲིན་ལས་ཀྱི་ཁྱད་པར་ཇི་སྙེད་པ་ཐམས་ཅད་བདེ་ཆེན་ལྷན་སྐྱེས་ཀྱི་ཡེ་ཤེས་ཁོ་ན་དེ་དང་དེའི་རྣམ་པར་ཤར་ནས་གདུལ་བྱའི་སྙིང་ལ་འཇུག་པ་ཡིན་པའི་ཕྱིར། །ཚུལ་དེ་ཤེས་

TN03_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༥)ནས་བདེ་ཆེན་བྱང་སེམས་ཀྱི་དབང་འདི་བླངས་ན་དེ་དག་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་ཞིང་། ལྷའམ་སྔགས་དག་སྒྲུབ་གཞུང་གང་གི་ངོ་བོར་ཁྱད་པར་ད་བལྟས་ཏེ། བདེ་ཆེན་འབེབས་དམིགས་བྱས་ནའང་དེ་དང་དེའི་དགོས་ཀྱི་དབང་ཆོག་ལྟ་བུར་འགྱུར་རོ། །ཉམས་ཆག་སོགས་ནང་གི་རྟེན་འབྲེལ་ལོག་པ་སྦྱོང་བའི་བྱ་བ་ཁྲུས་མཐར་ཐུག་ཀྱང་འདི་ཡིན། ཁྲུས་ཀྱི་ལྷ་མཆོག་ཏུ་བསྔགས་པའང་དབང་ལྷ་ཡིན། དམ་ཡེ་དབྱེར་མེད་ཀྱི་ཕུང་ཁམས་ལྷ་རྣམས་གཟི་བརྗིད་རྒྱས་པར་བྱེད་པ་དང་དགྱེས་པ་སྐོང་བའི་ཚོགས་མཆོད་ཁྱད་པར་ཅན་ཡང་ཡིན། ངག་ལ་དབང་སྐུར་བ་དང་། ཏིང་ངེ་འཛིན་དང་ཤེས་རབ་སོགས་བྱེ་བྲག་རེ་རེ་འབུར་དོད་དུ་དམིགས་ནས་དེ་ལ་དབང་སྐུར་བར་དམིགས་ནའང་དེ་དང་དེ་རྒྱས་བྱེད་དུ་འགྱུར། གྲུབ་ཆེན་བཀའ་བརྒྱད་ལས་དབང་སྐུར་ཡོན་ཏན་རྡོ་རྗེའི་རིགས་སུ་གསུངས་པ་ཡོ་ག་དང་མཐུན་ཏེ། ཡོན་ཏན་རིགས་རྒྱས་པའི་རིགས་སུ་བསྔགས་པས། སྔགས་ཀྱི་ནུས་པ་དང་། འགྲོ་དོན་རྒྱས་པ་སོགས་ལ་རང་གི་ངག་དང་བྱ་བ་སོགས་ལ་དབང་སྐུར་བ་འདི་ཐབས་ཟབ་པར་ཤེས་སོ། །བཞི་པ་འདི་ལྷ་འདི་ལ་བྱེ་བྲག་ཏུ་བསྔགས་པའི་ཆོ་ག་ཡིན་ཕྱིར་རྒྱས་སྤྲོས་བྱེད་པར་དགའ་ན། སྤྱིར་གྲུ་གུ་ཡང་དབང་གི་རྟ་མགྲིན་དྲེགས་སྒྲོལ་སོགས་བྲོ་

TN03_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༦)རབས་རྒྱས་པར་བཞུགས་པའི་གཞུང་འགའ་རེ་ཡོད་ནའང་། རྗེ་གྲུབ་ཆེན་ཉིད་ཀྱི་རྩ་བའི་ཐུགས་དམ་ཤངས་ཆོས་དབྱང་གཏེར་གཉིས་ཡིན་པ་དང་། གཏེར་ཁ་རིགས་མཐུན་ཡིན་པའི་གནད་ཀྱིས། མཆན། པས་གྲུབ་ཆེན་བཀའ་བརྒྱད་དང་འབྲེལ་ཆེ་བའི་བྲོ་ཆོག་ནི་རང་ཤར་གྱི་བྲོ་རྡུང་དེར་སྣང་ལ། སྤྱི་བཀའི་རིགས་པ་དགོས་བཀའ་ལ་སྦྱར་ཆོག་པ་དང་། །འདི་ཉིད་རང་ལས་སློབ་མ་ལྟ་གོན་གྲུབ་ཆེན་བཀའ་བརྒྱད་ལ་ཞལ་འཕགས་པའི་རིགས་པས་འདིར་ཡང་དེ་ནས་བླང་བར་བྱའ། །དེ་དག་ལས་གཞན་པ་མྱུར་མགྱོགས་ཕོ་ཉའི་སྒྲུབ་པའང་ཡོད་མོད་ཀྱི། སྒྲུབ་ཐབས་སྤྱིའི་ཁོག་ཏུ་ཚང་བ་ཡིན་གྱི་ཟུར་དུ་ཡོད་པ་མིན་ནོ། །འགྲོ་འདུལ་ཞི་བ་རྡོ་རྗེ་དབྱིངས་སྐྱི་སྒྲུབ་པ་དང་། ཡུམ་ཀ་བདེན་གཉིས་ཞལ་ཅན་མའི་སྒྲུབ་པ་གཉིས་ཀྱང་འདི་དང་འབྲེལ་ཆགས་སུ་གསུངས་པ་ཡིན་ལ། ལས་ཀྱི་ཕྲེང་བ་ལས་ཚོམ་བུ་ཚོགས་ཀྱི་སྒྲུབ་པའང་གསལ་བར་གསུངས་ཏེ། བསྐྱེད་རིམ་གྱི་ཆོས་སྐོར་རོ། །དེའི་སྟེང་དུ་ཡེ་ཤེས་ཕྲེང་བ་ལས་གསུངས་པའི་དཔེ་དང་དོན་གྱི་ཡེ་ཤེས་ཀྱི་སྒྲུབ་པ་བཅས་རྒྱ་ཆེར་བཞུགས་ཏེ། དེ་དག་རེ་རེ་ཞིང་ངོ་མཚར་བའི་གནད་དུ་མ་དང་ལྡན་པའི་ཚུལ་ལ་ཞིབ་ཏུ་སྦྱང་དགོས་སོ། །རྗེ་གྲུབ་ཐོབ་ཆེན་པོའི་རྟ་མགྲིན་གྱི་སྒྲུབ་ལུགས་ཀྱི་རྣམ་གྲགས་བཀོད་པའོ། ༈། ཛབ་བུའི་

TN03_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༧)གླིང་འདིར་པདྨ་གསུང་གི་རིག་འཛིན་ཆེས་ཆེ་བ་ནི་མགོན་པོ་ཀླུ་སྒྲུབ་ཡིན་ཏེ། འདི་ལྟར་གཏེར་ཁ་གོང་འོག །བྱང་གཏེར་སོགས་རྩོད་བྲལ་ཀུན་ནས་གསུངས་སོ། ཁ་ཅིག་གིས་གཏེར་ཕྱོགས་ནས་དེ་ལྟར་བཤད་པའི་ཀླུ་སྒྲུབ་དེ་ཕྱིས་ཀྱི་བཱ་ལི༚་ཨ་ཙ་རྱ་ཡིན་ཟེར་བ་རིག་འཛིན་འཇིགས་མེད་གླིང་པས་བཀག་ཅིང་། ཀློང་སྙིང་རྩ་རྒྱུད་ཐོད་དུམ་ལས། བཻ་ཏའི་ཡུལ་འཁྲུངས་བྲམ་ཟེའི་རིགས༔ བློ་ཆེན་ན་ག་རྫུ་ན་ལ༔གསུང་མཆོག་པདྨའི་སྒྲོམ་བུ་གཏད༔ ཅེས་འཁྲུགས་ཡུལ་སོགས་ལང་གཤེགས་ལྟར་བཤད་དེ། བདེ་འདུས་རིག་འཛིན་རྩ་རྒྱུད་ལས་ཀྱང་དེ་བཞིན་བཤད་དོ། །འཇམ་དཔལ་རྩ་རྒྱུད་ལས། རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །ཅེས་གསུངས་ཏེ། དེའི་གླེང་གཞིར་རྨ་བྱ་ཆེན་མོ་འཇིག་རྟེན་དབང་ཕྱུག་གི་རིགས་ཀྱི་ལྷ་མོར་བཤད་པས། ལུང་དེས་ཀྱང་པདྨའི་རིགས་ཀྱི་གསང་སྔགས་འགྲུབ་པ་བསྟན་ནོ། །དེས་ན་མགོན་པོ་འདིས་རྨ་བ་ཆེན་མོའི་རིག་སྔགས་ཀྱིས་ཀླུ་ཡུལ་དུ་བྱོན་པར་རྒྱ་གར་པ་ལ་གྲགས་པ་ལྟར་ཀླུ་རྣམས་བཏུལ་བའང་པདྨ་གསུང་གི་རིག་སྔགས་ལ་བརྟེན་ནོ། །སློབ་དཔོན་དེ་ལ་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྟིགས་པར་པདྨ་གསུང་གི་ཟངས་སྒྲོམ་མཁའ་འགྲོ་མས་དངོས་སུ་

TN03_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༨)ཕུལ་ཞིང་། ཧེ་ཆེན་བརྡལ་བའི་དུར་ཁྲོད་རྟ་མགྲིན་བསྒྲུབ་པས་རྡོ་རྗེ་གསུང་གི་དངོས་གྲུབ་བརྙེས། གུ་རུ་རིན་པོ་ཆེས་ཀྱང་དབང་ཆེན་གསུང་གི་གདམས་སྐོར་རྣམས་འདི་ལས་གསན་ཏེ་གཙོ་བོར་ཆོས་རྒྱལ་ཁྲི་སྲོང་དང་། མཆོག་དབྱངས་གཉིས་ལ་སྩལ་བ་ཡིན་ནོ། །དེ་ལྟ་བུའི་རྟ་མགྲིན་བླ་བརྒྱུད་ཀྱི་སྤྱི་མེས་དེ་འདི་ཀའི་སྒྲུབ་གཞུང་དང་འབྲེལ་བར་ཐུགས་རྒྱུད་སྐུལ་བའི་བླ་མའི་རྣལ་འབྱོར་བྱེ་བྲག་ཏུ་བྱེད་ན། མཆོག་གི་བྱིན་རླབས་དབབ་པའི་སྐབས། ཐོད་ཕྲེང་སྡེ་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་འོད་ཟེར་གྱིས་བདེ་བ་ཅན་ནས་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་རྒྱུད་ལྷག་པར་བསྐུལ། དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་བདེ་ཆེན་བདུད་རྩིའི་རྣམ་པར་བསྡུས། དེ་ཉིད་བླ་མ་ཐོད་ཕྲེང་རྩལ་གྱིས་རང་ཉིད་ལ་སྩལ་བར་དམིགས་པའི་བཟླས་སྒོམ་བྱ་ཞིང་ཀླུ་སྒྲུབ་དང་པདྨའི་ཞབས་ཐ་དད་དུ་མི་བལྟའོ། །ཐོག་མའི་བྱིན་འབེབས་སྐབས་ཀྱང་སྡེ་ཁ་འདོགས་པ་ནི་བླ་མ་ཞི་བའི་ཟིན་ཐོ་ལྟར་རོ།། ༈ །།དབང་ཆེན་ལས་ཚོགས་ཀྱི་ཟིན་རིས་ཡིད་བཞིན་རིན་པོ་ཆེའི་སྤྲིན། ཕུར་པ་སྤུ་གྲིའི་གཞན་དོན་ཚོམ་བུ་འབུམ་སྡེའི་སྒྲུབ་པའི་གཏེར་མཆན་དང་། ཕུར་པའི་སྤྱི་སྡོམ་ཇོ་མོའི་ཞུས་ལེན་གཉིས་ཀ་ལས། ལས་ཚོགས་ཀྱི་གནད་ནི་དཔེར་ན་གསེར་ཞུན་མ་ལ་བཟོ་ཅི་བྱས་ཉན་པ་ཡིན་

TN03_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

(༥༣༩)ཏེ༔ བསྙེན་སྒྲུབ་མཚན་མ་ཐོན་ཕན་ཆད་ཤམ་བུ་ཅི་འདོད་དུ་བསྒྱུར་བས་འགྲུབ་སྟེ། ཞི་རྒྱས་དབང་དྲག༔ གསོ་བསད་དབབ་བཅད༔ དགུག་བསྐྲད༔ མནན་གཟིར་ཇག་ཆིངས༔ ཆོ་འཕྲུལ་སྲོག་ཐུན་སོགས་གང་འདོད་པའི་ཕྲིན་ལས་ཐུགས་ཀའི་འོད་ཟེར་གྱིས་སྒྲུབ་ཅིང་སྙིང་པོ་ལ་འདོད་གསོལ་སྦྱར་བས་འགྲུབ་བོ༔ ཞེས་གསུངས་ཏེ། རྟ་མགྲིན་ཡང་གསང་གི་སྦས་པ་མིག་འབྱེད་ལས་ཀྱང་། མཚན་མ་མ་མཐོང་ལས་བརྩམས་པ༔ འཇའ་ཚོན་སྦར་འཛིན་དོན་མེད་ཡིན༔ ཞེས་གསུངས་པ་དང་འདྲའོ། ༈ །གཞུང་འདི་ལ་སྲུང་བཟློག་གསད་གསུམ་ཚང་བར་ཟིན་ཐོ་ལྗགས་དཔོད་མར་གསུངས་པའི། སྲུང་བ་ལ། སྒོམ་པའི་སྲུང་བ་ནི། གོ་ཆ་ལྷ་ལྔ་དང་། ཁྲོ་ཆུང་གི་གོ་བགོས་གཉིས་ཡིན་ཅིང་། ཁྲོ་བཅུའི་སྲུང་འདི་རྩལ་འདོན་བྱེད་ན་ཁྲག་འཐུང་བདེ་གཤེགས་འདུས་པ་ནས་ཚུར་བླང་ངོ། དམིགས་ཀྱང་ཡོད་པ་གཏོར་བཟློག་ཏུ་གསུངས། སྲུང་སྔགས་ལོགས་སུ་མ་བཤད་ཀྱང་། ལུས་དཀྱིལ་ཁྲོ་བོའི་ཚོགས་ཀྱིས་ཀྱང༔ ཞེས་སོགས་སྐབས་གོ་ཆའི་རྟ་མགྲིན་རྣམས་ཀྱིས་རང་རང་གི་སྔགས་བཟླ་བར་འཆད་པ་ན་རྟ་སྔགས་རང་བཤད་པ་འདིས་རྟ་སྔགས་དེ་གོ་ཆའི་སྔགས་སུ་ཤེས། གནས་ལྔའི་གོ་ཆའི་ལྷ་དང་། ཁྲོ་བོ་བཅུའི་སྔགས་ནི་རུ་ལུ་ཡིན་ཏེ། ཟུར་

TN03_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༠)དུ་བྲིས་པ་དང་། ཆོས་དབང་ཡང་དག་ལས་རུ་ལུ་སྲུང་མཚམས་སུ་ཤེས་པར་གསུངས་པ་སོགས་དང་སྒྲིགས། གཞན་སྲུང་བའི་དམིགས་པ་ནི། དམིགས་བྱ་སྲུང་གུར་དུ་བཅུག་ནས་སྲུང་བ། འགལ་རྐྱེན་བར་ཆད་རྡོ་རྗེའི་མཁར་དུ་སྲུང༔ ཞེས་ཁ་སྐོང་ཕྲིན་ལས་སུ་གསུངས་པའི་དགོངས་པར་འགྲིགས་ཤིང་། སྤྱིའི་ལུགས་ཀྱང་ཡིན་ནོ། །སྲུང་གུར་གྱི་དམིགས་པ་འདིས་གདོན་བགེགས་སུ་མ་ཟད། ཡམས་ནད། ཤྭ་འུང་། །དམག་འཁྲུགས། ཆོམ་རྐུན། གཅན་ཟན། རྦབ། སྒྱོགས་སོགས་འཁྲུལ་འཁོར་རིགས། སད་སེར། ཁ་ཆར། ཐོགརླུང་། མེ། ལོ་ཏོག་ཟ་བའི་འབུ་སོགས་གཞན་ཡང་སྲུང་སྟེ། དཀྱིལ་ཆོག་རྡོར་ཕྲེང་ལས་རྡུལ་ཚོན་འབྱུང་ལྔའི་གནོད་པས་མི་བརྫི་བའི་ཕྱིར་སྲུང་འཁོར་སྒོམ་པར་བཤད་པ་ལྟ་བུའོ། །བྲིས་པའི་འཁོར་ལོས་སྲུང་བ་ནི་དཀྱུས་སུ་མི་གསལ་ཡང་། བྱེད་ན་སྐྱེར་སྒང་ལུགས་འབྲེལ་ཆེ་བས་དེ་ལ། གཞི་དར་རས་སམ་ཤོག་བུ་གཙང་མར་བྲིས་རྗེས་སུ་གྲི་ཁ་བཏང་མི་དགོས་པ་བྱས་པ་ལ། གྷི་ཧཾ་་དང་ག་པུར་གུར་གུམ་སོགས་ཀྱི་སྣག་ཚ་དང་། གཟུགས་མོ་བྱི་ཐུར་གྱི་སྨྱུ་གུས། འཁོར་ལོ་རྩིབ་བརྒྱད་ལྟེ་བ་མུ་ཁྱུད་དང་བཅས་པ་བྲི། དེའི་ལྟེ་བར་ཧྲཱིཿ ཧྲཱིའི་སྟེང་དུ་ཨོཾ། འོག་ཏུ་ཕཊ། དེའི་མཐར་

TN03_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༡)སྟེང་ནས་མགོ་བརྩམས་ཏེ་གཡས་སྐོར་དུ། བཅོམ་ལྡན་འདས་རྟ་མགྲིན་དབང་གི་རྒྱལ་པོས་འཆང་བ་པོ་ལ་བྱིན་གྱིས་བརླབ་ཏུ་གསོལ། གནོད་པ་ཐམས་ཅད་ལས་སྲུང་དུ་གསོལ། ཞེས་འབྲི། རྩིབས་བརྒྱད་ལ་སྟེང་ནས་གཡས་སྐོར་གྱི་རིམ་པས། པདྨཱན། ཏ་ཀྲིཏ། བཛྲ། ཀྲོ་དྷ། ཧྱ། གྲྀ་བ། ཧུ་ལུ། ཧུ་ལུ་ཧཱུཾ། ཞེས་པ་རྣམས་དང་། རྩིབས་མཆན་ལ། རྩིབས་སྟེང་མའི་གཡོན་ནས་བརྩམས་ཏེ། ཨོཾ། བཛྲ། དུན། བྷྱོ། ཏྲིག །ནན། ཛ་ཛ། ས་མ་ཡ་སྟྭ་མ། རྣམས་འགོད། དེའི་ཕྱིའི་མུ་ཁྱུད་ལ། ས་མ་ཡ་ཛ། ས་མ་ཡ་ཟློག །ས་མ་ཡ་བྷྱོ། ས་མ་ཡ་གཏུབ། ས་མ་ཡ་བྱེར། ས་མ་ཡ་རྦད་རྦུད་ཕཊ་ཡ། འབྱུང་པོ་མ་ར་ཡ་ཛ་ཛ། ཞེས་འབྲི། དེའི་ཕྱིའི་མུ་ཁྱུད་ལ་རྟེན་སྙིང་དང་། རྡོ་ར། མེ་རི་གཡས་འཁོར་བྱ། སྔགས་རྣམས་ཡིག་མགོ་ཕྱིར་བསྟན་གཡས་སྐོར་ཁོ་ནར་འབྲི། རབ་གནས་བྱས་ལ་གདགས། འདི་སྟེང་འཁོར་རྐྱང་པའི་སྲུང་བ་སྟེ། འདི་ནི་གཙོ་རྐྱང་གི་སྲུང་བ་སྟེ་གཙོ་འཁོར་ཡོངས་རྫོགས་ཀྱི་འཁོར་ལོ་ནི་མ་རྙེད། ལྕགས་ཟམ་ལུགས་ཀྱི་འཁོར་ལོའི་མན་ངག་ཅུང་ཟད་མི་འདྲ་བའང་ཡོད་པར་བཤད་པས་ཚོལ། འཁོར་ལོ་འདིས་ནི་འཇིག་རྟེན་གསུམ་གྱི་བགེགས་ཐམས་ཅད་སྲུང་བར་གཞུང་གི །སྟེང་གདོན་གཟའ་དང་འོག་གདོན་ཀླུཿ སོགས་ཀྱིས་མཚོན་ནོ། །

TN03_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༢)གསང་སྒྲུབ་ལ་མཁས་པ་ཐོའུ་བཀན་པའི་ཡིག་ཆ་ལྟར་བྲིས། སྟེང་འོག་སྦྱར་མའི་སྲུང་བ་སོགས་འདིར་མ་བཀོད། བྱེད་ན་ཤངས་ལུགས་རང་དུ་ལྟའོ། །བྲི་གཞི་བུག་རྡོལ། རྩིབས་ཀྱི་རྩ་རྩེ་མུ་ཁྱུད་ལ་རེག་པ། མུ་ཁྱུད་རྣམས་ཆད་པ། ཡི་གེ་འབྲི་འཕྲོ་ལུས་པ་ལྟར་མ་ཁེངས་པ། རྩིབས་དང་མུ་ཁྱུད་སོགས་ལ་ཐུག་ཅིང་ཡི་གེ་ཕན་ཚུན་འདྲེས་པ། མ་ཤོང་བ། ཡིག་ཕྲེང་འཁྱོག་གཅུས་གོང་འོག་འཁྲུགས་པ། མིག་ཟུམ། བྲིས་བསུབ། ལྷག་ཆད་སོགས་ཀྱི་སྐྱོན་མེད་པར་བྱ། ཡིག་མགོ་སྟོན་ཕྱོགས། སྲུང་བ་ཕྱི་དང་ཟློག་པ་ནང་། ཞི་རྒྱས་ཕྱི་དང་དབང་དྲག་ནང་དུ་སྟོན་པར་བཤད་པ་ལྟར་རོ། ༈ །འཁོར་ལོ་མ་གྲུབ་ན། སྔོན་དུ་བྱམས་སྙིང་རྗེ་བསྒོམ། །སྲུང་མདུད་ཧྲཱིཿལས་རྟ་མགྲིན་དུ་བསྐྱེད། ལྟོ་བར་གནོད་བྱེད་ཐམས་ཅད་བསྡུས་ལ་ཐར་པའི་སྐབས་མེད་པར་བསམས་ཏེ་གདགས་པ་ཡང་ཤངས་ལུགས་ལས་སོ། ༈ །ལས་སྦྱོར་སྤུ་གྲི་ལ་དབང་སྡུད་དང་། མངོན་སྤྱོད་སྔགས་གཉིས་ཆར་འབྱེད་རྒྱུ་ཡོད་པས། ས་གསུམ་དབང་སྡུད་ཀྱི་བཟླས་པ་དགོས་སུ་བྱེད་ན། ས་མ་ཡ་སྟྭམཿ ཡན་ཆད་ཁོལ་བྱུང་བཟླ་བ་སྐྱེར་སྒང་ལུགས་བཞིན་བྱེད། དབང་སྡུད་སྔགས་འདི་གྲོལ་ཐིག་རྟ་མགྲིན་དང་། ཀློང་སྙིང་གི་རྒྱལ་པོ་ལུགས་ཀྱི་ནང་ནའང་སྣང་། སྔགས་དོན་ནི། ཨོཾ་ཟུར་འཁོད་

TN03_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༣)ལྟར། ཐུན་བྷྱོ་རྦད་པའི་སྔགས་སུ་སྙིང་གཟེར་ལས་བཤད་པས། ཁྲོ་མཚོན་མེ་ཕུང་གི་ཕོ་ཉ་འགྱེད་པ་ལ་བཛྲ་དུན་བྷྱོ་ཞེས་སྦྱོར་རམ་སྙམ། ཏིག་ནན་ནི་སྙིང་གཟེར་ལས། ཏྲིག་ཤངས་ལུགས་སུ་ཏྲིག་ནན་ཞེས་འདོན་པའང་ཡིན། ནན་གཉིས་ཀྱིས་སྟེང་ནས་གཟིར༔ མེས་མར་གོང་ལྟར་གདུང་བར་བྱེད་པའི་དོན། ཞེས་སྲོག་ལྷ་སྲིན་སྡེ་བརྒྱད་འཁྲུགས་ཤིང་། ཡུལ་ལྷ་ནང་ཞིག་འོང་བའི་རྒྱུའི་གཙོ་བོ་གསར་སྐྱེས་ཀྱི་འབྱུང་པོ་གདུག་པ་ཅན་དང་། གློ་བུར་དུ་ལྷགས་པའི་འདྲེ་སྲིན་རྣམས་ཀྱིས་བྱེད་པར་གསུངས་པས་རྒྱལ་ཁམས་བདེ་བར་འདོད་ཅིང་ནུས་ལྡན་ཡིན་ན་དེ་དག་གཟིར་བ་གལ་ཆེ། །གཟིར་བའི་སྔགས་སུ་བཤད། ཛཿཛཿའཕྲོགས་པར་བྱེད་པའམ་འགུགས་འདྲེན། ས་མ་ཡ་སྟྭམ། དམ་བསྒྲགས་སམ། ཡང་ན་དམ་བཞག །ཅེས་འཆད་དམ་དཔྱད་དགོས་སོ། ༈ །ཚེ་སྒྲུབ་བྱེད་ན་གུ་རུ་དྲག་པོ་ལྟར་བྱ་ཞིང་། དེའང་དཀྱུས་ཀྱི་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པའི་མཇུག་ཏུ་གདགས་པར་བྱའོ། །དབང་སྒྲུབ་ལྷ་ལྔའི་བྱིན་འབེབས་ཀྱི་ཆོ་ག་ཡང་དེ་ནས་ལེན། ༈ །ནད་དང་། ཡམས་ནད། ལྷ་འཁྲུགས་སོགས་གདོན་རིགས། དམ་སྲི་སོགས་བགེགས། སྲི་ཀེགས། སྟེང་གྲིབ་དང་མཁོན་གྲིབ་སོགས་གྲིབ་རིགས། བྱད་ཕུར། མེ། ཆུ། དུག །མཚོན་ཆ། འཁྲུག་རྩོ། རྒྱལ་པོའི་ཆད་པ། གཅན་

TN03_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༤)གཟན། བཤེས་བྲལ། དོན་ཉམས། དབུལ་ཕོངས། དུས་མིན་འཆི་བ། ཕ་རོལ་གྱི་ལྕེ་འབབ་པ་སོགས་ཞི་བར་གཏི་མུག་རྡོ་རྗེ་བསྐུལ་ཏེ། དེ་གཙོར་གྱུར་ལས་འོད་ཟེར་དཀར་པོའི་སྤྲོ་བསྡུ་བྱེད། སྒྱུ་འཕྲུལ་ལས་ནི་ཞི་ལས་ཕ་རོལ་ཁྲོས་པ་ཞི་བྱེད་ཙམ་དང་སྦྱར་ཡོད། ཚེ། ཤེས་རབ། དྲན་པའི་གཟུངས། ཆོས་དང་རིགས་ཀྱི་བརྒྱུད་འཛིན། འཁོར་དང་གྲོགས། དབང་ཕྱུག །གཟི་བརྗིད། སྙན་གྲགས། ལོངས་སྤྱོད། ལུས་ཤེད་དང་ཀླུང་རྟ་སོགས་ཀྱི་མཐུ་སྟོབས། སེམས་བསྐྱེད་སོགས་དགེ་བའི་ཆོས། རྩི་སྨན་ལོ་ཏོགགཞོན་ཆུ། དེ་དག་དང་ཆང་སོགས་ཀྱི་རོ་ནུས། ཆར་དང་ཆུ་མིགསྐལ་པ་བཟང་པོ། ནད་མེད་པའི་བདེ་བ། ཡུལ་ཕྱོགས་སུ་བཟོ་དང་སྒྱུ་རྩལ། ཆོས་ཀྱི་གསང་འདུས་ལེའུ་བཅུ་བཞི་པའི་འགྲེལ་མཆན་དུ། ཆོས་རྒྱས་པ་ཞེས་པ་གསུང་རབ་ཡན་ལག་བཅུ་གཉིས་ལ་མཁས་པ་ལ་བཤད། འབྱོར་པ་དྲི་མེད་སོགས་རྒྱས་པར་སེར་སྣ་རྡོ་རྗེ་བསྐུལ་ཏེ། འོད་སེར་པོ། རྒྱལ་བློན་ཡུལ་ཁམས། ནོར་དབྱིགགོས་རྒྱན། བཟའ་བཏུང་། སྤོས་དང་རོལ་མོ་སོགས་ཉེར་སྤྱད། ཞིང་ཁང་། སྐྱེད་ཚལ། བུད་མེད། རིག་པ་མཁན། གཞན་འཕྲུལ་བདག་པོ་སོགས་ལྷ་ཀླུ་གཏེར་བདགགླེགས་བམ། དགེ་འདུན། གཞོན་ནུ་གང་ཞིག་དབང་དུ་གྱུར་

TN03_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༥)ན་བསྟན་འགྲོའི་དོན་ཆེན་པོ་འགྲུབ་པའི་མི་དབང་དང་། ཆོས་ཀྱི་བརྒྱུད་འཛིན་ཁྱད་པར་ཅན་ལྟ་བུ་གཙོ་བོ་ཡིན། སོགས་དབང་བྱེད་ལ་འདོད་ཆགས་རྡོ་རྗེ་ལས་འོད་དམར། བྱ་མཆུ་མ་སོགས་བསྟན་པ་ལ་གནོད་པ་དང་། འགྲོ་བ་མང་པོའི་བདེ་སྐྱིད་འཕྲོགས་པའི་མི་དང་མི་མིན་བསད་པ་དང་། བསྡིགས་པ་དང་། མྱོས་པ་དང་། བརྒྱལ་བར་བྱེད་ཅིང་། སྟོབས་གཞོམ་པ་སོགས་ལ་ཕྲག་དོག་རྡོ་རྗེ་ལས་འོད་དུས་ཀྱི་མུན་པ་ལྟ་བུ་སྤྲོ་བསྡུ་བྱ་ཞིང་། ཡུམ་ཀའི་སྐབས་ཀྱི་སྔགས་ཤམ་བཏགས། འདི་ནི། རྟ་བྲོའི་ཆོ་ག་དང་། ཡུམ་ཀར། དམིགས་པའི་མདེ་ཁ་སྤྱི་ལྟར་སྦྱར༔ ཞེས་གསུངས་པ་ལ་བརྟེན་པ་སྟེ། རྟ་རྒྱུད་ཀྱི་ཁུངས་ཀྱང་ཆེའོ། ༈ །གླུ་གར་གྱིས་ལས་བཞི་སྒྲུབ་སྐབས། རྒྱས་ལས་ལྟ་བུར་མཚོན་ན། སེར་སྣ་རྡོ་རྗེ་འཁོར་བཅས་བྲོ་རྡུང་བ་རྣམས་ལས་ཡིད་རིན་ཆེན་རིགས་ཀྱི་སྤྲུལ་པ་གཟི་བརྗིད་འབར་བའི་ཚོགས་དཔག་མེད་སྤྲོས་པས། ཚེ་བསོད་སོགས་དགོས་འདོད་ནམ་མཁའ་གང་བར་འབྱུང་བར་བསམ་པ་སྒྲོལ་གཡུང་གཉིས་ཀྱིས་བཤད་དོ། །བཞིན་གྱི་འོད་ཟེར་གསེར་མདོག་ཚད་མེད་པ་སྤྲོས་པས་འབྲུ་ནོར་ལོངས་སྤྱོད་ཀྱི་ཆར་གཟི་ལྡན་ཟད་མི་ཤེས་པར་ཕབ་སྟེ་དམིགས་བྱའི་དབུལ་ཕོངས་བསལ་བར་བསམ་པ་ཀློང་ཆེན་རྒྱུད་ཊིཀ་ལས་སོ། །དེས་འགྲེ། དེ་བཞིན་དུ། སྤྱི་དགོས་ཀྱི་དེ་ཉིད་ཤེས་པས་རིན་ཆེན་རིགས་ཀྱི་རྟ་གླུ་བླངས་པས་

TN03_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༦)གླུ་སྒྲས་གར་ཁྱབ་ཏུ་དཔལ་འབྱོར་ལོངས་སྤྱོད་ཀྱི་ཆར་ཆེན་པོ་ཕབ་པར་བསམ་པ་སོགས་འགྲེའོ། །རྟ་སྐད་ཀྱིས་ལས་བཞི་བྱེད་པའི་དམིགས་པ་འདི་ནི་ཛབ་ཀྱི་སྐབས་སུ་སྦྱར་ནའང་རུང་བར་སེམས་ཏེ།་ རྟ་སྐད་ཐང་གསུམ་ཛབ་དམིགས་ལ་སྦྱོར་ཞིང་། འདི་དེ་ལྟར་མི་རུང་བའི་ཁྱད་པར་ཅི་ཞིག་ཡོད། དེའང་ཞི་བ་ལ་གཏི་མུག་རྡོ་རྗེ་ནས། དྲག་པོ་ལ་ཕྲག་དོག་རྡོ་རྗེའི་བར་དུ་ཧེ་རུ་ཀ་སོ་སོས་གླུ་སོ་སོར་བླང་བར་བལྟས་ལ། སྔགས་ཤམ་སྔར་ལྟར་འདོགས་ཏ། ཚུལ་གཉིས་གང་ཡང་རུང་ངོ། །ལས་རིམ་གཞན་དང་མ་སྤྲད་ཀྱང་ནམ་འདོད་དུ་རྟ་གླུས་ལས་སྒྲུབ་པའང་བྱར་རུང་སྟེ། རེང་བ་ལ་སོགས་པའི་ལྟ་སྟངས་བཞིན་ནོ། །ལས་བཞི་རབ་འབྱམས་བྲོས་སྒྲུབ་པ་མནན་པ་དང་མ་སྦྱར་བ་འདི་སྙན་རྒྱུད་རྟ་མགྲིན་སྙིང་ཏིག་ན་ཤིན་ཏུ་གསལ་ཏེ་ཟུར་དུ་བྲིས་ཡོད། ༈ ཡང་། ཡུལ་འཁོར་སྲུང་ཞིང་བཀྲ་ཤིས་པར་བྱེད་པ། གདོན་བགེགས་དགྲ་གསུམ་སྐྲོད་པ་དང་དབྱེ་བ་དང་རྨོངས་པར་བྱེད་པ། སྲིའུ་གསོ་བ། མ་མོ་རྣམས་བྱིས་པ་ལ་བརྩེ་ཞིང་བྱིས་པ་སྐྱོང་བ་ལ་བསྔགས། དེའང་གླང་ཕྲུག་སེང་གེ་མོས་གསོ་སྣུན་བྱས་པ་ཁྱུ་མཆོག་ཏུ་འགྱུར་བ་ལྟར་གོ་བ་ལེན་རྒྱུ་ཡོད། མཆན། ཁ་ཆར་དང་སེར་བ་གཅོད་འབེབས། གཏད་ཧྲུལ་འབྱིན། འདུན་བཤིགས། ལྟས་དང་ཆོ་འཕྲུལ་གཏོང་བ། གཡུལ་ཟློག་པ། སད་སྲུང་བ། དོན་སྒྲུབ་པ། ལོངས་སྤྱོད་སྤེལ་བ།

TN03_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༧)ཆོམ་རྐུན་གཅན་གཟན་རྔོན་པ་སོགས་ཀྱི་ཁ་འཆིང་བ། ཚལ་དང་ཁང་བཟང་སོགས་གནས་གཞི་ཕུན་ཚོགས་སྒྲུབ་པ། བཅུད་ལེན་དགུག་པ། བཙོན་འགྲོལ་བ། །དབང་སྡུད་ཀྱི་ཁྱད་པར་མང་པོ་སོགས་ལས་ཚོགས་ཆེས་མང་པོ་ཞིག དམ་ཅན་ཕོ་ཉ་ལས་ལ་བསྐུལ༔ ཞེས་པས་བྱེད་དེ། སྒྱུ་འཕྲུལ་པ་ལ་ཡོངས་གྲགས་ལྟར་སྦྱོར་ན། དབང་མོ་རྣམས་ཀྱི་ཐུགས་ཀར་བྷྱོ་ཡིག་རེས་མཚན་པར་གསལ་བཏབ་སྟེ། གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ། དེའང་ཞི་བ་ལ་ཤར་གྱི་མ་མོ་བདུན་གྱི་ཐུགས་སྲོག་ལ་ཕོག་པས་རྒྱུད་བསྐུལ་ཏེ་ཞི་བའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་བསམ། དེའི་འགྲེས་ཀྱིས་ལྷོའི་བདུན་གྱིས་རྒྱས་ལས་སོགས། མ་མོ་མཁའ་འགྲོ་དེ་དག་གི་ཐུགས་དགོངས་ལན་ཅིག་གཏད་པ་ཙམ་རེས་ཀྱང་དེ་འདྲ་དཔག་མེད་འགྲུབ་པའི་ཕྱིར་ཏེ། གསང་རྫོགས་མ་མོའི་ཛབ་དགོངས་ལས་ཤེས་སོ། །དེའི་ཚེ་ལས་སྒྲུབ་ཀྱི་སྔགས་ལའང་རྩ་སྔགས་རང་གིས་ཆོག་སྟེ། སྔ་མ་དེ་དེའི་ཛབ་དགོངས་སུ་བཤད་པས་ཤེས་པའི་ཕྱིར། དམ་ཅན་ཕོ་ཉ་ལ་ཀླུ་དང་གནོད་སྦྱིན་སོགས་གཞན་ཡང་མང་ངོ་། །འདི་སོགས་ནམ་རྦོད་གཏོང་གི་ལས་གྲུབ་པ་ན་སྔར་བཅོལ་ལས་ཀྱི་གཏང་རག་དུས་མི་ཡོལ་བར་གཏང་ཞིང་། ཕྱི་བཅོལ་ལས་ཀྱི་གཉེར་

TN03_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༨)གཏོད་པ་ནི་གལ་ཆེ་བར་མང་དུ་གསུངས་སོ། ༈ །ལྷ་སྲིན་བྲན་དུ་འཁོལ་བའི་བཟླས་དམིགས་ལ་ཡང་སྒྱུར་ལུགས་མང་དུ་ཡོད་དེ། འདི་ལྟར། ཕྱོགས་སྐྱོང་དང་སྡེ་བརྒྱད་རང་རང་གི་སྡེ་རིས་སུ་གཏོགས་པའི་གདོན་རྣམས་ལ་བཀའ་ནན་འབེབས་པ་དང་། སོ་སོའི་རིགས་ཀྱི་བྲོ་དམ་པོས་བསྒུག་ཏུ་བཅུག་ན་རྒྱལ་བསེན་བཙན་འགོང་ཐེའུ་རང་སོགས་ཐམས་ཅད་ཁྱི་རྒོད་ལྕགས་ཕུར་ལ་བཏགས་པ་བཞིན་འཚེ་མི་ནུས་པར་འགྱུར་ཏེ། འདི་ནི་སྲུང་མཚམས་བཅིང་ལུགས་ཁྱད་པར་ཅན་གཙོ་བོ་དབང་དུ་བསྡུས་པས་འབངས་རང་ཤུགས་ཀྱིས་ནོན་པའི་མན་ངག་གོ །སྒྲུབ་ཆེན་དུས་ཕྱི་མཚམས་རྒྱལ་ཆེན་བཞིའི་སྲུང་བ་དང་། གསར་མའི་དཀྱིལ་ཆོག་དུ་མར། བགེགས་སྲུང་བའི་ཕྱིར་ཕྱོགས་སྐྱོང་ལ་གཏོར་མ་བྱིན་ནས་ལུང་བགོ་བར་བཤད་པ་སོགས་དང་ཚུལ་མཐུན་ཅིང་། སྟོང་ཆེན་རབ་འཇོམས་ན་ཡང་ཕྱོགས་འདྲ་ཡོད། གཞན་དུ་ཞོ་ཆང་ལད་པ་སོགས་ཚུན་ཆད་ལ་རང་ཐད་ཀྱི་སྲུང་བ་རེ་བྱར་ག་ལ་ལང་། དེ་བཞིན་དུ་གཟའ་སྐར་ས་བདག་སོགས་དེ་དག་གིས་དབང་བྱེད་པའི་ལོ་ཟླ་ཞག་དུས་ས་དགྲ་ཕྱོགས་ངན་སོགས་འཇམ་དུ་གཏོང་བ། རང་གཞན་གྱི་བླ་ཚེ་གཏད་དུ་བཟུང་བ་སོགས་ཕྱིར་སྤྲོད་དུ་གཞུག་པ། ཀླུའི་དུག་དང་མ་མོའི་ཚོན་དྲུག་གཤིན་རྗེའི་ཁ་རླངས་སོགས་སླར་

TN03_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

(༥༤༩)སྡུད་དུ་རྩོལ་བ། སྡེ་བརྒྱད་ཀྱིས་དབང་བྱེད་པའི། ཁྱིམ་གསུམ་ཐོ་ལྟར་བསྟན་དགྲ་ལ་སྡེ་བརྒྱད་གཤེད་དུ་སྐོརབ་། སད་སེར་བཙའ་ཐན་འབུ་སོགས་ལོ་ཏོག་གི་གནོད་འཚེ་སྲུང་བ། གཏེར་ཆོས་དང་སྙན་གྲགས་སོགས་ཕྱོགས་བཅུ་ཀུན་ཏུ་སྒྲོགས་ཤིང་སྤེལ་བ། ཡུལ་མི་རྣམས་ཀྱི་སེམས་བསྒྱུར་ཏེ་སྡེ་འཁྲུགས་དང་ཆོམ་རྐུན་སོགས་ཞི་བར་བྱེད་པ་དང་། ཁྲོམ་ཚོགས་དབང་དུ་སྡུད་པ་དང་ལུང་སྒྱུར་བ། ཕྱི་སྣོད་ཡོ་བྱད་དང་བཅས་པ་དབང་དུ་བྱ་བ། མི་ཆོས་ཀྱི་ཡོན་ཏན་བརྟན་མཛངས་སྒམ་གསུམ་དང་བཙན་ཕྱུག་འཕན་དར་གྱི་དངོས་གྲུབ་ལེན་པ། གཡུལ་ཤོམ་བྱེད་པའི་སྡེ་དཔོན་མ་རུང་བ་སོགས་ལ་ནང་འཐབ་དང་བྲེལ་ཟིང་བརྒྱ་ཕྲག་སློང་བ། ཤག་དང་ཚོང་དང་དམག་དང་ཤྭ་རྒྱན་རྒྱལ་བར་བྱ་བ། མཁར་ལས་དང་ཆུ་རགས་སྐྱེ་ཤིང་འཛུགས་པ་སོགས་རྭ་ལོར་ཤམ་པོས་བཙུན་པ་བརྒྱ་ཕུལ་བ་དང་། འཇམ་དབྱངས་ཆོས་རྗེར་བཙུན་པ་ལྔ་སྟོང་ཕུལ་བའི་ལོ་རྒྱུས་ལྟར་དགེ་འདུན་གྱི་སྡེ་སྤེལ་བ། བརྩམས་པ་དོན་ཡོད་ཅིང་ཆུད་མི་ཟ་བར་བྱེད་པ་སོགས་མཐའ་ཡས་སོ། ༈ །ཡང་། ལོངས་སྤྱོད་རྡོ་རྗེའི་རྟ་སྐད་བཏོན་པས་གང་འདོད་ཀྱི་ཡུལ་དུ་སྨན་གྱི་ནགས་ཚལ་དང་ལྡུམ་ར་དང་། སྐྱེད་མོས་ཚལ་དང་། ཁང་བརྩེགས་དང་། ཚོང་ཁང་གི་ཕྲེང་བ་དང་། གཙུག་ལག་ཁང་གསུང་རབ་ཀྱིས་ཕྱུག་པ་དང་རིན་པོ་ཆེའི་འབྱུང་ཁུངས་སོགས་བཟང་ལ་རྒྱ་ཆེ་བའི་གནས་མང་པོ་བྱུང་བར་བལྟ་བའང་འཐད་དེ།

TN03_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༠)མདོར་ན་རྟ་སྐད་དེ་ནི་ཀུན་ཏུ་བཟང་པོའི་བུམ་བཟང་དུ་ཤེས་པར་བྱའོ། ༈ །ལྐོག་གྱུར་མཐོང་བའི་ལས་སྦྱོར་ནི། །ཛབ་དགོངས་དང་པོའི་ཐུགས་ཀྱི་དངོས་གྲུབ་སྡུད་སྐབས། །མངོན་ཤེས་ཐོགས་མེད་ཀྱི་དངོས་གྲུབ་བསྡུ་དམིགས་རྩལ་དུ་བཏོན་པས་རབ་མངོན་ཤེས། ཐ་མ་འདོད་དོན་ལ་མི་འཁྲུལ་བའི་རྨི་ལམ་ཁྱད་པར་ཅན་འབྱུང་ངོ། །འདི་དང་གཏོར་ཟློག་སོགས་ཀྱི་ཡིད་ཉམས་གསལ་བ་དང་དཔའ་ངར་སོགས་གང་སྐྱེ་བ་ལ་ཡང་འཁུ་འཁྲིགས་རེ་དོགས་སོགས་ཀྱི་བཅོས་མ་ཤོར་བའི་ཤེས་རིག་སོ་མའི་སྟེང་ནས་དེ་དང་དེ་ལ་དགོངས་པ་གཏོད་རྒྱུ་ཡིན་ནོ། ༈ །བདག་ལ་གཞན་གྱིས་བྱད་ཁ་བྱེད་པའི་རྨི་ལྟས་བྱུང་ན༔ ཞབས་གཡས་པའི་འོག་ཏུ་གནོད་བྱེད་ཀྱི་ས་བོན་བསམ༔ དགྲའི་རྣམ་ཤེས་བཀུག་ལ་སྦྲུལ་གྱིས་དཀྲིས་ལ་ཞབས་ཀྱིས་མནན་པར་བསམ་ནས་སྔགས་བཟླས་ན་ཕྱིར་ཟློག་ཟབ་མོ་ཡིན་ནོ༔ ཞེས་སྐྱེར་སྒང་ལུགས་ཀྱི་རྩ་གཞུང་དུ་གསུངས་སོ། ༈ །བྲོའི་ལས་ཚོགས་ལ། རབ་དགའི་སྤྱོད་པ་འདི་ནི་དབང་གི་ཕྲིན་ལས་ལ་ཁྱད་པར་དུ་བསྔགས་ཏེ། འཇིག་རྟེན་ན་ཡང་བྲོ་གར་དང་གླུས་འགྲོ་བའི་ཡིད་འཕྲོགས་པར་བྱེད་པས་དེ་དག་གར་ཡོད་ན་ལྟད་མོ་བའི་སྐྱེ་བོ་མེ་ཏོག་ལ་བུང་བ་བཞིན་དུ་དགའ་ནས་འདུ་བ་ལྟར། དབང་ཆེན་ཡང་གསང་གི་བྲོ་ཆོག་

TN03_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༡)ལས། རྟ་བྲོ་འཁོར་གསུམ་མམ་སྐོར་གསུམ་གྱི། དང་པོས་སྟེང་ལྷ་ཁམས། གཉིས་པས་འོག་ཀླུ་ཁམས། གསུམ་པས་བར་གྱི་ལྷ་སྲིན་དབང་དུ་སྡུད་པར་བཤད་ཅིང་། གསང་རྫོགས་རྩ་རྒྱུད་ལས། གླུ་བྲོ་སྐོར་གཅིག་གི་གཟུགས་མེད་ཁམས། གཉིས་པས་གཟུགས་ཁམས། ཐ་མས་འདོད་ཁམས་ཟིལ་གྱིས་གནོན་པར་གསུངས་པ་དང་། །ཞབས་གཡས་ཐབས་ཀྱི་བྲོས་ཁྲོ་བོའི་ཚོགས་དང་། གཡོན་ཤེས་རབ་ཀྱི་བྲོས་ཁྲོ་མོའི་ཚོགས་དབང་དུ་སྡུད་པ་དང་། གཡས་གཡོན་ཐབས་ཤེས་ཀྱི་བྲོས་བདུད་དགྲ་དམ་སྲི་ཐལ་བར་རློག་ཅེས་གཙོ་བོ་ཆེ་མཆོག་གི་བྲོ་ལ་སྦྱར་ཏེ་བཤད་པའང་འདྲ་བར་སེམས། འདི་ཉིད་ལས་ཀྱང་། ས་གསུམ་མ་མོ་མཁའ་འགྲོ་རྣམས༔ དབང་མེད་འདུ་ཞིང་ཡིད་འཕྲོགས་པས༔ཞེས་སོ། །ས་པ་གྱིས། གང་ན་ཐོད་དང་སྐྲ་གསར་དང་། །གར་དང་རོལ་མོའི་སྒྲ་ཡོད་པ། །དེ་ན་མྱ་ངན་ཡོད་མིན་པས། །དེས་ན་རོལ་མོ་བསྔགས་པ་ཡིན། །ཞེས་གསུངས་ཤིང་། རོལ་མོ་གཉིས་ལས་དེར་ལྷན་སྐྱེས་རོལ་མོ་ཞེས་དབྱངས་ལ་སྦྱར་བ་ལྟར། གླུ་གར་འདི་མྱ་ངན་མེད་པའི་བདེ་བའི་རྟེན་འབྲེལ་དུ་བསྔགས་པས་བྱུར་དང་མི་ཤེས་པ་སྦྱོང་བ་དང་བཀྲ་ཤིས་སྤེལ་བ་ལའང་ཟབ། ༈ །རྟ་མཆོག་རོལ་པའི་ཏནྡྲ་ལས། བྲོ་ནི་བརྟུལ་ཞུགས་ཆེན་པོ་སྟེ། །ཞེས་སོ། །ལྷའི་ང་རྒྱལ་དང་། དངོས་སམ་མོས་ངོའི་བདེ་སྟོང་གི་ངང་ནས་གང་སྣང་

TN03_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༢)ལ་ཐོག་བརྫིས་སམ་བརྟུལ་ཞུགས་བྱས་པས། རྦབ་དང་། གཡངས་དང་། ས་གཡོ་དང་། ཤྭ་འུད་སོགས་ཆུ་བོའི་འཇིགས་པ་དང་། ཐོག་དང་། སེར་བ་དང་། སད་དང་། རླུང་དང་། མེ་དང་། མཚོན་ཆ་དང་། གཅན་ཟན་དང་། གཡུལ་གྱི་སྟོབས་དང་དཔའ་བ་དང་། ཆོམ་རྐུན་དང་། ཕྱོགས་ངན་དང་། ལོ་ཟླ་ཞག་དུས་དང་གཟའ་སྐར་དུས་སྦྱོར་ངན་པ་དང་། སྲི་ཀེགས་དང་། བྱད་ཕུར་རྦོད་གཏོང་དང་། གདོན་བགེགས་མ་རུངས་པ་དང་། ནད་ཡམས་དང་། ལྟས་དང་རྨི་ལམ་ངན་པ་དང་། གནས་དང་རྫས་དང་འཁོར་མི་ཤིས་པ་དང་། གྲིབ་དང་། གྱོད་དང་། གྲགས་པ་ངན་པ་དང་། ཆེར་རློམ་གྱི་ཁེངས་དྲེགས་གཟིག་བརྗིད་དང་། ཕས་རྒོལ་གྱི་སྤོབས་པ་དང་། གྲོས་ངན་དང་། ཀླུ་རིགས་བཞིའི་དུག་སོགས་དུག་རིགས་སོགས་ཕམ་པར་བྱ་བའི་དངོས་པོ་གང་དང་གང་ཡིན་ཡང་ཤིན་ཏུ་གཤེར་བའི་འཇིམ་པ་ལ་སྟོབས་ལྡན་གྱི་རྐང་པས་བརྫིས་པ་ལྟར་བྱེད་དེ། རྣལ་འབྱོར་པའི་ནུས་པའི་བྱེ་བྲག་གིས་རིམ་པ་མང་པོ་ཡོད་དོ། །དེར་མ་ཟད་བར་ཆད་ཀྱི་རུ་འདྲེན་ལ་བརྟུལ་ཞུགས་བཏང་བས་དེ་དག་ཉིད་དངོས་གྲུབ་ཀྱི་གྲོགས་སུ་འགྱུར་བའང་ཡོད་དེ། རྟ་མཆོག་རོལ་པའི་ཏནྡྲ་ལས། སྒྲུབ་པའི་དུས་དང་རྣལ་འབྱོར་པའི་དྲོད་ཉུལ་བའི་ཕྱིར། དང་པོར་ཀླུའི་བུ་མོ་མཛེས་

TN03_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༣)ཤིང་རྒྱན་གྱིས་བརྒྱན་པ་དང་། ཕྲ་མེན་མ་མི་སྡུག་ཅིང་འབྲུ་ཚུགས་སུ་ལྟ་བ་མི་ཐོད་མང་པོས་བརྒྱན་ཅིང་སོད་ཆོད་ཀྱི་སྒྲ་འབྱིན་པ་དང་། བར་དུ་གནོད་སྦྱིན་རལ་པ་འབར་ཞིང་མིའི་རྒྱུ་མ་དང་མགོ་དང་སྦྲུལ་ནག་གིས་ནག་གིས་སྤྲས་པ་དྲག་པོའི་ང་རོ་ཅན་དུ་མ་དང་། དེའི་འོག་ཏུ་བར་སྣང་གི་ལྷ་དྲག་ཤུལ་ཅན་འཇིགས་ཤིང་མི་བཟད་པའི་ང་རོ་འདོན་པ། ཁ་ནས་སྦྲུལ་དང་མེ་དང་དུག་སྐྱུག་པ། མིག་ཉི་མ་ལྟར་འབར་བར་བསྒྱུར་ནས་ལྟ་བ་དང་། རང་གི་ཁོག་པ་ཕྱེ་བའི་ནང་ནས་མི་རོ་མང་པོ་སྟོན་ཅིང་། རྐང་པ་ཕུར་བུར་བསྒྱུར་ཞིང་ལག་ན་རྡོ་རྗེ་སོགས་ཐོགས་ནས་བདག་ལ་འདེབས་པར་བྱེད་པའི་ཚོགས་ལྷགས་ཏེ། དེ་དག་ཀུན་ལ་ཆགས་པ་དང་འཇིགས་པ་མེད་པར་ལྷའི་ཏིང་ངེ་འཛིན་དང་ལྟ་བས་ཟིལ་གྱིས་མནན་ན་མཐུ་བོ་ཆེའི་འཁོར་དེ་རྣམས་ཀྱི་བདག་པོར་འགྱུར་བར་གསུངས་པ་དང་། གསང་རྫོགས་དམ་སྲི་འདུལ་ཐབས་ལས་དམ་སྲི་བྱ་མཆུ་མ་ལེགས་པར་ཐུལ་ན་དྲག་པོ་མཐུའི་སྣ་ཁྲིད་དང་། ནོར་གྱི་ལྷ་མོ་ཆེན་མོར་འགྱུར་བར་གསུངས་པས་མཚོན་ནོ། ༈ །བྲོ་མནན་སྐབས། རྟ་བྲོས་ས་ལ་སྣ་ཚོགས་རྡོ་རྗེ་འབྲི་བ་སོགས་བཤད་པས། སྤྱན་མའི་མཁའ་དབྱིངས་རྡོ་རྗེར་བྱིན་གྱིས་བརླབས་པའང་ཡིན་ཏེ། ས་ཆོག་གི་སྐབས་གར་གྱིས་ས་གཞི་རྡོ་རྗེའི་རང་བཞིན་དུ་རློབ་པར་

TN03_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༤)གསུངས་པ་དང་ཕྱོགས་འདྲ། དོན་དུ་དགྲ་བགེགས་རྡོ་རྗེའི་སྒྲོམ་དུ་བཅུག་པ་ཞེས་པར་འགྱུར། ཚུལ་དེས་ས་གཡོ་གནོན་པ་ལའང་ལྷག་པར་བསྔགས་སམ་སྙམ། ༈ བརྟགས་གཉིས་ལས། གླུ་གར་གྱིས་ཚོགས་སྲུང་ཞིང་། བདག་ཉིད་ཀྱང་སྲུང་ཞེས་གསུངས་པའི་རིགས་པས་རང་དང་འཁོར་སྲུང་བ་ལའང་ཟབ་པར་སྣང་། ༈ ནུས་པ་ཐོབ་པས་ནི་ཚོགས་སྤྱོད་དང་འབྲེལ་བར། དཀྱིལ་འཁོར་གྱི་འཁོར་ལོའི་རྣལ་འབྱོར་ལ་གནས་ཏེ་བྲོ་གར་གྱི་འདུ་འཕྲོ་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་སངས་རྒྱས་ཀྱི་མཛད་པ་བསྒྲུབ། སླར་འདུས་པས་དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་བར་བྱས་ཏེ་དབྱིངས་སུ་བཅུག །སླར་ཡང་སྙིང་རྗེའི་དབང་གིས་རིམ་གྱིས་སམ་ལྷག་པར་མོས་པས་ལྷར་ལངས་ཏེ། བྲོ་གར་གྱི་སྒོ་ནས་བསྒྲུབ་ན་དངོས་གྲུབ་ཆེན་པོ་འཐོབ་བོ། །ཡང་ས་གཞི་ཡི་གེ་སྒྱུ་འཕྲུལ་དུ་བསྒོམས་ཏེ། དེ་ལ་ལྷ་མ་ཡིན་གྱི་གནས་ལ་སོགས་པའི་ལམ་དུ་བརྟགས་ནས། བྲོ་གར་གྱིས་ཞུགས་ན་ས་འོག་གི་དངོས་གྲུབ་ཏུ་འགྱུར་རོ། །ནམ་མཁའ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། ཚུལ་འདིས་ལྷ་དང་ཀླུའི་བུ་མོ་དགུག་པ་སོགས་ཀྱང་བྱེད་དོ། །ལྕེའི་པདྨ་ལ་ཧྲཱིཿཡིག་བསྒོམས་ཏེ། དེའི་འོད་ཟེར་གྱིས་འགྲོ་བ་རྣམས་ལ་སོ་སོའི་སྐད་དུ་ཆོས་སྒྲོགས་པ་

TN03_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༥)པ་དང་། བདུད་དང་མུ་སྟེགས་ཟིལ་གྱིས་གནོན་པ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཤིང་། སླར་སངས་རྒྱས་རྣམས་ཀྱི་གསུང་གི་ཚོགས་བསྡུས་ཏེ་ལྕེ་ལ་ཐིམ་པར་བསྒོམས་ནས་གླུ་བླང་བ་ལ་བརྩོན་ན་ཆོས་སྨྲ་བ་ལ་དབང་ཐོབ་པའི་དངོས་གྲུབ་འཐོབ་པ་ནི། གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས། འདི་ནི་རྗེ་རོང་ཟོམ་པའི་རྒྱུད་འགྲེལ་ལས་བཤད་དོ། །བྲོ་གར་གྱི་འགྲོས་ཀྱིས་ས་དང་ནམ་མཁའ་ཐོགས་མེད་དུ་གཅོད་པ་འདི་ནི་རལ་གྲིའི་དངོས་གྲུབ་དང་བྱེད་ལས་མཉམ་པ་ཞིག་སྣང་ངོ་། ༈ །རྟ་བྲོ་སྟོན་པའི་རྟ་རྒྱུད་དུ། ངན་སོང་གནས་འཇོམས་ཀྱི་བྲོ་ཞེས་མང་དུ་གསུངས་ཤིང་། རྟ་མཆོག་རོལ་པའི་ཏནྡྲའི་ལེའུ་བརྒྱ་རེ་གཉིས་པར། འཁོར་བ་རུ་ནས་བཟློག་པའི་བྲོ། །ངན་སོང་གནས་ནས་འཇོམས་པར་མཛད། །ཅེས་གསུངས་ཏེ། སྡུག་བསྔལ་ཐུ་ཤོས། རིགས་དྲུག་གི་རུ་སྟེ་དང་པོའི་སྣ་ལ་བགྲེང་རྒྱུ་ནི་ས་འོག་ངན་སོང་གི་འཇིག་རྟེན་ཡིན་ཏེ། དེ་ལ་བདེ་ཆེན་གྱི་སྤྱོད་པ་འདིས་བསྣུན་པས་གཏིང་སྤྲུགས་པར་བྱེད་པར་བསྟན་ནོ། །ཟུར་འཁོད། ཐུགས་རྗེའི་རྟ་སྐད་རིགས་དྲུག་འདུལ། སོགས་དང་། ཐེག་པ་རིམ་པར་བགྲོད་པའི་རྟ་སྐད་ཀྱང་། དོན་དུ། འདིར་ཤོག་

TN03_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༦)དང་ངས་ཁྱེད་ཆོས་དབྱིངས་སྒྲིབ་པ་མེད་པའི་གྲོང་ཁྱེར་དུ་སྒྲོལ་ལོ་ཞེས་ལུས་ཅན་རྣམས་འབོད་ཅིང་སྐུལ་བར་འགྲོ་བས། ནུས་པ་ཐོབ་པས་ནི་ངན་སོང་བའི་སེམས་ཅན་ལ་དམིགས་ནས་གླུ་བྲོ་བྱས་ན་གནས་ལུང་ཁྱད་པར་ཅན་དུ་འགྲོ་བར་གསལ་ལོ། ༈ །རྟ་སྐད་ཀྱིས་དབང་དྲག་རོལ་པའི་ལས་བྱེད་ཚུལ་ནི་རྫོགས་ལྡན་འཛིན་མ་དབང་བྱེད་ཀྱི་འཁོར་ལོའི་སྐོར་དུ་ལྟའོ། ༈ །བླ་མ་ཞི་བའི་གཞུང་དུ། རབ་གནས་སྲེག་བླུགས་སྐོང་ལ་སོགས༔ ཞེས་གསུངས་པའི་རབ་གནས་ནི་དཀྱུས་སུ་མི་གསལ་བས། སྐྱབས་རྗེས་སྤྱི་ལ་སྦྱོར་རྒྱུར་མཛད་པའི་དགེ་ལེགས་ཆར་འབེབས་བཞིན་བྱ་སྟེ། དེར་ཆོས་དང་ཟང་ཟིང་གི་འབྱོར་པ་རྒྱས་པའི་ཕྱིར་གཙུག་ལག་ཁང་དང་། མཚོ་རྫིང་ལུ་མ་འབབ་ཆུ་སོགས་ཕུན་སུམ་ཚོགས་པར་བྱ་བ་དང་སྐྱེད་ཚལ་དང་རི་དང་དེའུ་དང་ནགས་ལ་སོགས་པ་གཟི་བརྗིད་སྤོར་བ་དང་བཀྲ་ཤིས་ཤིང་ཡུན་དུ་གནས་པའི་ཕྱིར་དེ་དང་དེ་དག་དང་། ས་བཅུད་གསོ་བའི་དོན་དུ་གཏེར་བུམ་དང་། ཡུལ་གྱི་བཀྲ་མི་ཤིས་པ་ཞི་བའི་ཆེད་དུ་དྲིལ་བུ་དང་། གཡུལ་གྱི་ནང་དུ་བརྡུང་བྱའི་རྔ་བོ་ཆེ་དང་། དགེ་འདུན་བསྡུ་བའི་དོན་དུ་དུང་དང་། ནད་མཚོན་གདོན་དུག་སྲུང་བའི་དོན་དུ་སྔགས་མདུད་ལྷག་པར་གནས་པར་བྱ་བ་སོགས་འདི་གཅིག་པུས་ཀྱང་དགོས་པ་མང་པོ་བྱར་

TN03_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༧)ཡོད་དོ། །གནས་བྱ་གང་ལ་རིགས་གང་གིས་རབ་ཏུ་གནས་པ་ནི། རྗེ་དང་མཆོག་གླིང་ཐུན་མོང་གི་ཟབ་གཏེར་མཉམ་སྦྱོར་རབ་གནས་རིན་དྲ་ལྟར་རམ། གཏེར་བདག་གླིང་པ་སོགས་ཀྱིས་སྤྱིའི་ཆོ་ག་ཕྲེང་བ་ལྟར་མཛད་པས་ཡང་ན་དེ་ལྟར་བྱའོ། ༈ །སྦྱིན་སྲེག་མདོར་བསྡུས་ནི་ཕག་མོའི་གཞུང་ལྟར་བྱ་ལ། རྒྱས་པར་སྤྲོ་ན་ཚར་ཆེན་གྱི་ཡང་གསང་སྦྱིན་སྲེག་ལྟ་བུ་ལ་གཞི་བྱས་ནས་བརྩམ་དུ་རུང་སྟེ། རཏྣ་གླིང་པས་རང་གི་རྟ་གསང་ལ་ཡང་གསང་དང་གསང་སྒྲུབ་ཀྱི་ཆོ་ག་ལས་ཁ་བསྐངས་པ་དང་། གསང་སྒྲུབ་མཁན་པོ་མཁས་པ་དུ་མས་ཡང་གསང་དང་གསང་འདུས་ཀྱི་ཚོགས་མཆོད་དང་གཏོར་བཟློག་སོགས་ནས་གསང་སྒྲུབ་ལ་མང་དུ་སྦྱར་བ་བཞིན་ཏེ། དེ་འདྲ་མང་ངོ། སློབ་མ་ལྟ་གོན་སྒྱུ་འཕྲུལ་ལས་ལེན་པར་གསུངས་པའི་རིགས་པས། སྒྱུ་དྲའི་སྦྱིན་སྲེག་སྦྱར་ནའང་འབྲེལ་ཆེའོ། ༈ །སྐོང་བཤགས་ནི་རྡོ་རྗེ་ཕག་མོའི་སྒྲུབ་གཞུང་ལྟར་བྱའོ། ༈ །རྟ་སྐད་ཀྱིས་གྲུབ་ཆེན་བརྒྱད་ཀྱང་དབང་དུ་བྱེད་པར་ཟུར་འཁོད་ཀྱིས་ཤེས། དེ་སྒྲུབ་ལུགས་ལདིར་ནི། ཕྲིན་ལས་བཞི་དང་གྲུབ་པ་བརྒྱད༔ ཅེས་དངོས་གྲུབ་གསོལ་ཚིག་ཏུ་འབྱུང་བ་ལས་གཞན་མི་གསལ་ཡང་། དབང་པོ་སྐལ་བའི་ཁྱད་པར་བཞིན༔ དམན་

TN03_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༨)འབྲིང་མཆོག་གི་དངོས་གྲུབ་འཐོབ༔ འདི་ལ་དཔྱད་ཚུལ་འདི་ལས་ཞིབ་པ་གཅིག་ཟུར་དུ་བྲིས་ཡོད། །ཅེས་དངོས་གྲུབ་འབྲིང་པོ་སྐབས་འདིའི་དངོས་གྲུབ་ལེན་ཆོག་དུས་འཐོབ་པ་ཞིག་ཀྱང་བཤད་དོ། །མཆོག་གི་དངོས་གྲུབ་དེར་འཐོབ་པ་ནི་གཞན་ལས། མཆོག་ལ་དགོངས་པ་གཡོ་འགུལ་མེད༔ ཅེས་པ་ལྟར་བཏགས་པ་བཙམ་ལ་དགོངས་པར་མངོན། རྒྱུད་སྡེ་དུ་མར་བསྐྱེད་རིམ་པས་མཁའ་སྤྱོད་སོགས་འགྲུབ་པ་ལ། བསྐྱེད་རིམ་རགས་པ་ཙམ་མཐར་ཕྱིན་པའི་སྔགས་པས་ནི། རྫས་དང་སྲེག་བླུགས་སོགས་མང་པོ་ལ་བརྟེན་དགོས་པར་གསུངས་པ་ཡོད་དེ། རང་ཉིད་ཀྱིས་ནུས་པ་ཁྱད་པར་ཅན་རྙེད་པའི་སྒོ་ནས་དེ་དག་སྒྲུབ་པ་ལ་དགོངས་སོ། །དེ་དག་གཞན་སྟོབས་ལ་བརྟེན་ནས་འགྲུབ་པ་ལ་ནི་དེ་ཙམ་མི་དགོས་ཏེ། མཛོད་ལས། རྫུ་འཕྲུལ་གཞན་བརྟེན་མ་གཏོགས་པ། །དེ་དག་གོང་མཐོང་བ་མེད། །ཅེས་ཚུལ་གཉིས་བཤད་པ་ལྟ་བུའོ། །རང་ཉིད་ཀྱིས་ནུས་པ་སྔ་མ་ལྟ་བུ་མ་རྙེད་པར་གཞན་སྟོབས་ཀྱིས་དངོས་གྲུབ་ཆེན་པོ་ལ་སྤྱོད་མི་སྲིད་པ་མིན་པ་ནི། ཕྱག་རྡོར་དབང་བསྐུར་ལས། ཞིང་པ་དང་། འཁོར་སྒྱུར་དང་། དབང་ཕྱུག་ཆེན་པོའི་དཔེ་གསུངས་པ་བཞིན་ནོ། །ཀློང་སྙིང་ཡུམ་ཀར། མཁའ་སྤྱོད་ལ་སོགས་ཡོན་ཏན་བརྒྱད༔དངོས་སུ་གྲུབ་ཅིང་། ཞེས་དང་།

TN03_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

(༥༥༩)ན་རོ་མཁའ་སྤྱོད་མའི་མཁའ་སྤྱོད་སྒྲུབ་ཚུལ་སོགས་ཀྱང་གཞན་སྟོབས་ལ་བརྟེན་པ་འདིར་སྣང་ངོ་། །དེས་ན་ལྷ་སྔགས་ཀྱི་ནུས་པ་ཆེར་སྐྱེས་པའི་མཚམས་ཤིག་ནས་ཡི་དམ་དངོས་ལ་དངོས་གྲུབ་ལེན་ཆོག་གི་བསླང་བ་ཙམ་གྱིས་མཁའ་སྤྱོད་དང་། མི་སྣང་བ་དང་། འཆི་མེད་ལ་སོགས་པ་འཐོབ་པ་ཞིག་ཀྱང་ཡོད་པར་མངོན་པས། གཞུང་འདིར་བསྟན་ཚོད་ནི་དེ་ལ་བྱའོ། ༈ །ལྷན་སྐྱེས་ཀྱི་རྣལ་འབྱོར་ཡོད་ན་ལས་བཞིའི་དངོས་གྲུབ་སྒྲུབ་པ་ལའང་ཁྱད་ཆེ་བ་ནི་སྒྱུ་འཕྲུལ་མཁན་པོ་རྣམས་ལ་ཡང་མ་གྲགས་པ་མིན་ཏེ། ལྗོན་པ་དང་ནི་ལྕུགས་ཕྲན་ཚལ། །སོགས་ཀྱི་ངེས་དོན་ལས་བཞིའི་གཟུངས་མ་ལ་བཞེད་པས་ཤེས་སོ། །ཐུན་མོང་གི་གྲུབ་པ་ཆེན་པོ་སྒྲུབ་ན་ཚོགས་སྤྱོད་སྔོན་དུ་གཏོང་བ་ཡང་དེ་དག་ལ་གྲགས་པ་ཡིན་ཏེ། བསྐྱེད་རིམ་པའི་ཚོམ་བུ་ཚོགས་སྒྲུབ་ཟླ་དྲུག་སོགས་བྱས་པའི་མཐར་འདོད་གཟུགས་ཀྱི་རིག་འཛིན་འགྲུབ་པའི་རྣམ་བཞག་གསུངས་པ་དེ་ཡིན་པའི་ཕྱིར། ༈ །དམ་པ་རྒྱན་ལས། གདུག་པ་སྲིད་གསུམ་འདུལ་བ་ཡི། །ང་རྒྱལ་ཆེན་པོ་བསྟན་པའི་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་སྒོམ། །ཞེས་པ་ལྟར། དེ་བཞིན་གཤེགས་པའི་སྐུའི་དངོས་པོ་ཤིན་ཏུ་བསྒྱུར་ནས་ཁྲོ་བོར་མཛད་པའི་སྒོས་མཛད་ནི་བདུད་སྡེའི་དཀྱིལ་འཁོར་

TN03_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༠)བརླག་པར་བྱེད་པ་དེ་ཡིན་པས། གསང་འདུས་ལེའུར། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །གསོད་ལ་རྟག་ཏུ་བརྩོན་པ་དག །གྲུབ་པ་མཆོག་གི་ཆོས་ཅན་ལ། །གསོད་པའི་དོན་གྱིས་གྲུབ་པར་འགྱུར། །ཞེས་གསུངས་ཏེ། གྲུབ་པར་འགྱུར། ཞེས་པ་ནི་འགྲུབ་པར་འགྱུར་ཞེས་པ་མིན་གྱི། དངོས་གྲུབ་ཏུ་འགྱུར། ཞེས་པའོ། །ཤིན་ཏུ་ཆེར་ཁྲོས་ཀྱི་ཧེ་རུ་ཀ་འདི་ལྟ་བུའི་ལས་སྦྱོར་ལ་དྲག་པོའི་ཕྲིན་ལས་གཙོ་ཆེ་སྟེ། རྒྱུད་ཀྱི་བཅུ་བདུན་པར། །སྨུག་ནག་སྔོ་ནག་སེར་ནག །སོགས་ལ་སོ་སོའི་རིགས་མི་འགྱུར་བས་ན་སྔོ་སེར་དམར་པོ་སོགས་སོ་སོ་དང་། དྲག་པོའི་ལས་གཙོ་བོར་མཛད་པས་ཐམས་ཅད་ལ་ནག་པོ་འབྲེལ་བར་བཤད་པ་ལྟ་བུ་དང་། སྒྲུབ་ཆེན་བཀའ་བརྒྱད་ལས་ཀྱང་དྲག་པོའི་གཟེར་ཁ་ཁོ་ན་ལས་སྦྱོར་ཐམས་ཅད་ཀྱི་རྩ་བར་གསུངས་སོ། །དེ་ནི་ཛབ་ཏུ་ཡང་འབྱུང་ལ། ཟུར་དུ་སྒྲུབ་ལུགས་ནི། གཏོར་ཟློག་གུར་དྲག་ནས་སྦྱོར་བར་གསུངས་པ་དེ་དང་། མནན་པ་དཀྱུས་བཤད་དང་། སྲེག་དོན་དུ་དབང་ཆོག་ན་ཧོ་མ་མཆོད་ཀྱི་ལས་རིམ་ཤོ་ལོ་ཀ་གཅིག་བཞུགས་པ་དེ་ལ་རྩ་ཐོ་བྱས་ན་སྨིན་གླིང་དྲག་མར་སོགས་ཀྱི་ཧོམ་ཆོག་དང་། སྒྱུ་འཕྲུལ་ལུགས་ཀུན་དང་ཤིན་ཏུ་མཐུན་ནོ། །པ་ཟུར་ཐོ་ལྟར་ཏེ་འདི་རྣམས་ཡིན་ནོ། །དེ་ལས་གཏོར་ཟློག་ནི་བར་ཆད་ཀྱི་དམག་དཔུང་ལ་རྡོ་རྗེའི་སྒྱོགས་གྲུབ་ཐོབ་བཀའ་བརྒྱད་དུ། །དྲག་སྔགས་བུར་ཞིང་སྒྱོགས་སུ་འཕང་༔ ཞེས་སོ། །འཕང་བའི་ཆོ་ག་སྟེ། བརྒྱ་བྱིན་གཡུལ་ངོར་

TN03_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༡)འཇུག་པ་ན་དམ་བཅའ་གསུམ་ལྡན་གྱི་རྡོ་རྗེ་འཕེན་པའི་དོད་ཡིན་པས། དབང་ཆེན་གྱི་རྒྱལ་ཐབས་བཟུང་ནས་རྒྱལ་བའི་བསྟན་པ་སྲུང་ན་འགལ་ཟླ་ལྷ་མིན་གྱི་སྡེ་དང་གཡུལ་འགྱེད་པའི་མན་ངག་འདི་གཅེས་པའི་མཐར་ཐུག་མཚོན་ཆའི་ནོར་བུ་ཡིན་ནོ། །གཤིན་རྗེ་དྲེགས་འཇོམས་ལས་ཟློག་པའི་མན་ངག་གིས་སྲེད་མེད་བུའི་སྟོབས་ཀྱང་ཇོམས་ནུས་པར་གསུངས་པ་ལྟར། །གཤིན་རྗེའི་བེ་ཅོན་དང་། དྲང་སྲོང་གི་དམོད་པ། ལྷ་མ་ཡིན་གྱི་སྒྱུ་ཐབས་སོགས་གདུག་རྩུབ་ངར་ཤུགས་སེར་སྤྲིན་ཁོལ་མ་ལྟ་བུ་རྣམས་ཀྱང་སོས་ཀའི་ཐན་སྤྲིན་ལྟར་བྱེད་དོ། །དེའང་སོག་སྦུར་བྱེ་བ་ཐེར་འབུམ་གྱི་གདོང་དུ་འདུག་མཁན་ལ་འཐོར་རླུང་དྲག་པོའི་འཁྲུལ་འཁོར་གཅིག་ཁོ་ནས་ཆོག་པ་ལྟར། ནད་རིམས། མཛེ་གདོན། སྨྱོ་འདྲེ་སོགས་གདོན་རྒོད། འཆི་བདག་གི་སུན་མ། ཀླ་ཀློའི་སྲུང་མ་སོགས་ནག་ཕྱོགས་ཀྱི་ཉུལ་མ། སྡེ་བརྒྱད་འཁྲུགས་པའི་དམག་དཔུང་། དགྲ་ཇག །དམག་སྡེ། སད་སེར་བཙའ་འབུ་སོགས་ལོ་ཉེས། གཞན་ཡང་འབྱུང་བཞིའི་འཇིགས་པ། བྱད་ཁ་ཕུར་ཁ། གཏད་དང་འཁྲུལ་འཁོར། མཚོན་གཡང་སོགས་གྲི་རྒོད། དགྲ་དུར་ཕུང་གསུམ་སོགས་སྲི་རིགས། རྒྱལ་པོའི་ཆད་པ། འབངས་ཀྱི་གྲོས་

TN03_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༢)ངན། གྱོད་དང་མི་ཁ་མི་ཁ་གླེང་གཞིའི་ནུས་པས་བསོད་ནམས་དང་ཚེ་སྲོག་གློ་བུར་དུ་འགྲིབ་ཅིང་བཀྲ་མི་ཤིས་པ་འདུ་བར་ཐུགས་སྒྲུབ་ཞལ་གདམས་སྙིང་བྱང་སོགས་ལས་གསུངས་བས་ལས་སྦྱོར་སྤུ་གྲི་དང་གཏོར་ཟློག་གིས་དེ་འདུལ་བ་གལ་ཆེ། བྲ་མཆུ། བསྟན་འགྲོའི་ལེགས་ཚོགས་སྒྲུབ་པ་ལ་གཉའ་མནན་ནས་རང་དགར་བྱེད་དུ་མི་སྟེར་བའི་གཞན་དབང་མང་པོ་སོགས་མཐའ་ཡས་པ་ཞིག་ལ་འདི་ཕོག་པ་ཙམ་གྱིས་ཆོག་པས། ནད་བདག་སྟོབས་འཇོམས་དང་། དམག་ཟློག་གཤིན་རྗེ་ཚོང་ཟློག སྲི་ཟློག །འགོང་པོ་བསྐྲད་པ། བྱད་ཟློག །དགྲ་རྐུན་འཆིང་བ། གྲི་འདུལ་སོགས་ཀྱི་གོ་ཐམས་ཅད་འདི་གཅིག་པུས་ཆོད་པར་ཤེས་ནས། དཔེ་མང་འཚོལ་བའི་ངལ་བ་བཞག་སྟེ་འདི་རལ་གྲི་ཕྱུངས་རྡེག་ཏུ་སྲེལ་བར་བྱའོ། །ཇག་ཆིངས་ལྟ་བུར། ལམ་དུ་འཇུག་གྲབ་བྱེད་དུས་ནས་དགྲ་ཇག་སོགས་འབྱུང་འགྱུར་ལ་དམིགས་ནས་གཏོར་ཟློག་བྱས་པས། ཕྱིས་རང་ཐད་དུ་རྩོལ་བ་གཞན་མི་དགོས་པར་རླུང་ནུབ་ཏུ་རྒྱུ་བ་ན་རྡུལ་ཤར་ཕྱོགས་སུ་འོང་མི་ནུས་པ་ལྟར་འགྱུར་བ་སྟེ། །དགྲ་ཕྱོགས་སུ་རྫས་གཏོར་བ་དང་མདུད་པའི་རྟེན་འབྲེལ་ལ་སོགས་པའི་ཇག་ཆིངས་རྣམས་ལས་ཀྱང་ཚན་ནི་འདི་ཆེ་ཞིང་། འདིར་ལས་རིམ་གཅིག་པོ་དེས་ནད་དང་དོན་ཉམས་སོགས་རེས་དེའི་ཉེར་འཚེ་མཐའ་དག་འཆིང་ནུས་ལ། ཇག་ཆིང་གཞན་ལ་དེ་མེད་པ་སོགས་ཤེས་

TN03_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༣)པར་བྱའོ། །མནན་པ་སོགས་ལའང་ཟབ་གནད་དེ་བཞིན་ཡོད་དེ་ཟུར་ཐོའང་ཁྱད་འཕགས་ཡོད། ༈ རྟ་མཆོག་གི་རྒྱུད་དང་མན་ངག་ན་བཞུགས་པའི་ལས་ཚོགས་གཞན་ཡང་འདིར་སྦྱོར་ཞེས། གཞན་ཡང་ལས་ཚོགས་རབ་འབྱམས་རྣམས༔ སོགས་ཀྱིས་བསྟན་མོད། འོན་ཀྱང་འདིར་ནི་རང་གཞུང་གི་ཛབ་དགོངས་དང་བྲོ་ཆོག་སོགས་ལས་ཕྱོགས་མཐོང་ཟིན་སོ་ཆེ་བ་རྣམས་ཁོ་ན་གཞིར་བཟུང་སྟེ། རྩ་བའི་ཁུངས་རྣམས་ལ་ཡང་བལྟས་ནས་རིགས་པ་འཕྲུལ་ཚུལ་གྱི་སྒོ་ཙམ་བྲིས་ཤིང་། ཤངས་ལུགས་རིགས་མཐུན་གྱི་གཏེར་ཁ་ཡིན་པ་དེ་ནས་ཀྱང་ལེགས་པར་ཁ་བཀང་བའོ། ༈ །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་རྟ་མགྲིན་སྒྲུབ་ཐབས་ལས། དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །པདྨ་གར་གྱི་དབང་ཕྱུག་གྱུར། ། །རྟ་མགྲིན་ཞེས་སུ་བཤད་པ་ཡིན། །ཞེས་པ་ནས། པདྨའི་དབང་ཕྱུག་རྒྱལ་པོ་འདི། །ཀུན་མཆོག་ས་ཡི་དབང་ཕྱུག་སྟེ། །རྟ་ཡི་མགྲིན་པ་སྟོབས་པོ་ཆེ། །སྟོབས་ཀྱི་སྦྱོར་བས་བསྒྲུབ་པར་བྱ། །དབང་ཕྱུག་ཆེན་པོ་ལ་སོགས་ལྷ། །ཚོགས་ཀྱི་བདག་པོ་གཞན་དག་དང་། །མི་དང་གདུག་པའི་བསམ་པ་ཅན། །ས་རྣམས་ཐམས་ཅད་དགུག་པར་བྱ། །ཞེས་གསུངས་

TN03_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༤)ཏེ། དྲེགས་པ་དང་། མ་རུང་བ་དང་། ས་ཐམས་ཅད་དབང་བྱེད་ལ་ལྷག་པར་བསྔགས་པའོ། ༈ །གླུ་གར་ཙམ་གྱིས་དངོས་གྲུབ་མང་པོ་བྱེད་པ་ནི་ངོ་མཚར་ཞིང་བསམ་མི་ཁྱབ་པ་སྟེ། ཀླུའི་རྒྱལ་པོ་རྣམས་དགའ་བའི་སེམས་གཟུགས་མེད་ལས་གཞན་འཕྲུལ་དབང་བྱེད་མན་ཆད་ཀྱི་ལྷ་དང་མིའི་གནས་ཐམས་ཅད་དུ་སྤྲིན་དང་གློག་དང་ཆར་དང་འབྲུག་སྒྲའི་རོལ་པ་སྣ་ཚོགས་ཤིང་ཚད་མེད་པ་གཟུགས་ཅན་འབྱུང་བ་བཞིན་ཏེ། འདིར་གྲུབ་པ་བཞིའང་དྲན་པར་བྱའོ།། ༈ །།སྤུ་གྲིའི་སྔགས་སྒྲུབ་ཀྱི་ཐད་དུ། ཐུགས་སྒྲུབ་ཞལ་གདམས་སྙིང་བྱང་ལས། །དངོས་གྲུབ་ཆེན་པོ་སྒྲུབ་པ་དང་། །གཞན་དོན་ལས་ལ་འཇུག་པ་སོགས། །གང་ལའང་སྲི་ཡིས་བར་གཅོད་ན། །རྣམ་པ་ཀུན་ཏུ་དོན་ཉམས་ཤིང་། །མི་མཐུན་ཁོ་ནའི་དབང་དུ་འགྲོ། །ཞེས་སོ། །ཡང་དེར། འགོང་པོ་འཁྲུགས་བྱེད་ལོ་ཉེས་གཏོང་། །མི་ནད་ནོར་ནད་ཆག་སྒོ་ངན། །ལྟས་ངན་དམ་ཉམས་དབྱེན་སྦྱོར་བྱེད། །བསེ་རག་བྱེད་དང་དགུ་པོ་ནི། །ཞེས་འཁྲུགས་བྱེད་ཀྱི་འགོང་པོ་སྤྱང་མགོ་རུ་དར་ཅན་སོགས་དགུ་སྟེ། མ་འོངས་བོད་ཁམས་མཐའ་དབུས་ཀུན། །འགོང་པོ་སྤུན་དགུས་དབང་བྱས་ཏེ། །དུས་འཁྲུགས་ནད་ཡམ་ལོ་ཉེས་གཏོང་། །ཀུན་ཀྱང་

TN03_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༥)སྙིང་འཕྱོ་ཡིད་མི་དགའ། །སོགས་དང་། མ་འོངས་སྙིགས་མའི་དུས་ཀྱི་ཚེ། །མཐའ་བཞིའི་འགོང་པོས་བོད་ཁམས་ཁེངས། །དབུས་ཀྱི་དམ་སྲི་གློ་བུར་ལྡང་། །བར་ཆད་རླུང་ལྟར་འཚུབ་པའི་ཚེ། །ཚེ་དང་ནོར་དང་ཤེས་རབ་སོགས། །ཡོན་ཏན་ཕུན་སུམ་ཚོགས་གྱུར་ཀྱང་། །རླུང་དམར་དབུས་ཀྱི་མར་མེ་ལྟར། །འགལ་རྐྱེན་དུ་མས་གློ་བུར་གསོད། །ཚེ་ཐུང་ནོར་རྒུད་ཤེས་རབ་འགྲིབ། །བློ་སྣ་འགྱུར་ཞིང་མི་རུང་སྤྱོད། །ཅེས་ཏེ། །དེ་ལྟར་མཐའ་བཞིའི་འབྱུང་བཞིའི་འབྱུང་པོ་དང་། །དབུས་ཀྱི་དམ་སྲི་གློ་བུར་བསྡོང་། །བོད་ཁམས་ཆུ་ལྟར་འཁྲུགས་པའི་ཚེ། །ཞི་བའི་ཐབས་ཀྱིས་མི་འདུལ་བས། །ཞེས་མཐའ་དབུས་བསྡོང་བ་དང་། དེ་གདུལ་དཀའ་བར་བཤད། དེ་ལྟར་མཐའ་དབུས་ཀྱི་འབྱུང་པོ་བསྡེབ་པའི་དབང་གིས། མི་རྣམས་ཀྱང་མཐའ་དབུས་འདྲེས། ཆས་སྤྱོད་འགྱུར། གྲུབ་མཐའ་འཆོལ། བོད་ཁམས་སིལ་བུར་འཐོར། ལྷ་རྒྱུད་ཆད། སྔགས་རྒྱུད་ཉམས། ཆོས་སྲིད་གང་ཡང་རང་ཚུགས་ཤོར། བརྟན་པ་བྲལ་ཏེ། སྡུག་བསྔལ་གྱི་མཚོ་ཆེན་རྡོལ་བར་བཤད་དོ། །དཔལ་འདུས་སུའང་། མ་འོངས་ལྔ་བརྒྱ་ཐ་མའི་ཚེ༔ མཐའ་ཡི་རྒྱ་འདྲེ་འབྱུང་པོ་དང་༔

TN03_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༦)དབུས་ཀྱི་དམ་སྲི་གློ་བུར་བསྡོངསཿ ཆོས་པའི་སྙིང་ཞུགས་མི་དགེ་སྤྱོདཿ སྐྱེ་བའི་སྙིང་ཞུགས་སྡིག་རྒྱུན་སྤེལཿ རྨི་ལམ་བཙུན་པ་བྱ་སྤྲེལ་རྨིཿ བག་མི་ཕེབས་ཤིང་སྙིང་རླུང་ལྡང་ཿ ཞེས་དང་། མ་འོངས་བསྐལ་པའི་ཐ་མལཿ སྔགས་ལ་སྤྱོད་ཅིང་དམ་ཚིག་བྲལཿ དེ་དག་འགོང་པོའི་དབང་གྱུར་ཏེཿ བྱ་རུ་མི་རུང་སྣ་དགུ་སྤྱོདཿ དེ་ཡི་རྒྱུ་འབྲས་འཇོམས་པ་ལཿ གཉེན་པོ་འདི་ལས་གཞན་དུ་མེདཿ ཅེས་བཤད་དེ། དེ་འདྲ་བ་ལ་སྟོང་ཉིད་སྙིང་རྗེ་ཁྲོས་པའི་ལྷ་སྔགས་འདི་ལྟ་བུ་ཞིག་དགོས་པ་ཡིན་ནོ། །མཐུ་ཆེན་གྱི་འབྱུང་པོ་གཅིག་ཙམ་བཏུལ་བ་ལའང་དགོས་པ་མང་དུ་འབྱུང་སྟེ། དབང་ཆེན་གྱི་མི་དཔོན་རེ་རེ་བཏུལ་བས་ཀྱང་ཡུལ་ཁམས་ཆེན་པོ་བདེ་སྐྱིད་ཆོས་གསུམ་ལ་སྦྱོར་ནུས་པ་བཞིན་ནོ། །རང་བྲག་ཕུག་ཏུ་ཡིབས་ཀྱང་གདུལ་དཀའི་འགྲོ་བ་རྒྱུན་མི་འཆད་དུ་འདུལ་བའི་ཐབས་ཤིག་འདི་ན་ཡོད་པས། ལྷག་བསམ་དང་སྙིང་སྟོབས་ཀྱི་དཔུང་བ་བརྟན་པར་བྱས་ཏེ། སྔགས་ཀྱི་རལ་གྲི་འདི་ཕྱུང་རྒྱག་ཆོག་པ་བྱའོ། །མཁའ་ཁྱབ་ཀྱི་འགྲོ་བ་རིས་མེད་ལ་སྙིང་རྗེ་ཆེན་པོའི་སྟོབས་བསྐྱེད་དེ། དེ་རྣམས་ཀྱི་ཕན་བདེའི་ཆེད་དུ། བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་རྒྱལ་བསྟན་སྲུང་བ་དང་། བསྟན་དོན་

TN03_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༧)བྱ་བར་གོ་བགོ །དེའང་ཆོས་ཀྱི་དབྱིངས་ཇི་སྲིད་པའི་ཡུལ་དུས་ཀུན་ཏུ། བསྟན་པ་མདོ་སྔགས་ཀྱི་ཆ་མཐའ་དག་དང་། སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་མཛོད་མ་ལུས་པ་དང་། སྙིགས་མ་ལྔ་དང་ལྡན་པའི་ཞིང་དུ་བྱུང་བའི་བསྟན་འཛིན་གྱི་སྡེ་དང་གང་ཟག་ཡོད་དགུ །སྲུང་བའི་རྟེན་སྐྱེ་བ་ཐུག་མེད་དུ། རྣམ་པའི་སྒོ་ཐམས་ཅད་ནས་སྲུང་ཞིང་རྒྱས་པར་བྱེད་ནུས་པའི་མཐུ་སྒྲུབ་བོ་སྙམ་དུ་སྙིང་སྟོབས་བསྐྱེད་ན། ཆོས་རྣམས་སྔོན་དུ་ཡིད་འགྲོ་ཞིང་། །ཡིད་གཙོ་ཡིད་ནི་མགྱོགས་པ་ཡིན། །ཞེས་བསམ་པའི་ཁྱད་འདི་དང་པོ་ས་བོན་དང་། བར་དུ་ཆུ། ཐ་མ་སྨིན་པ་དང་འདྲ་བས་སྟོབས་གཏན་ནས་མི་མཚུངས་པ་ནམ་མཁའ་དང་ཡུངས་འབྲུ་བཞིན་ནོ། །དམིགས་པ་རྒྱ་ཆེན་སྒྲུབ་པ་རྒྱ་ཆེ། དེ་ཆེན་འབྲས་བུ་རྒྱ་ཆེ་ཞེས་པ་དང་། ཉི་ཚེ་བ་ལས་ཉི་ཚེ་དང་། །མཐའ་དག་པ་ལས་མཐའ་དག་པའི། །འབྲས་བུ་འབྱུང་བར་གསུངས་པའི་ཕྱིར། །ཞེས་པ་འདི་རྐྱེན་ལྟོས་ཀྱི་རྟེན་འབྲེལ་སྨྲ་བའི་རྩ་བའི་གྲུབ་མཐའ་འོ། །སྟོན་པས་རྒྱལ་སྲས་རྒྱ་མཚོའི་དབུས་སུ་ཕྱག་རྡོར་ལ་རྡོ་རྗེ་གནང་སྟེ་མཐུ་སྟོབས་ཀྱི་བདག་པོར་དབང་སྐུར་དུས་ཀྱང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ཁྱོད་ལ་བསྟན་པ་སྲུང་བ་དང་། བསྟན་པའི་དོན་

TN03_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༨)བྱ་བར་གནང་ངོ་ཞེས་བསྟན་པ་གཏད་པས། སངས་རྒྱས་དགྱེས་པའི་ནུས་མཐུ་སྒྲུབ་ལུགས་མ་ནོར་བ་ནི་ལྟར་ཡིན་ངེས།། ༈ །།གུ་རུ་ཞི་བའི་རྒྱུའི་ས་བོན་དང་ཐུགས་སྲོག་ལ་ཧཱུཾ་དུ་བྱེད་པ་སོགས་ཀྱང་ཡོད་མོད། ཧྲཱི༔ཡིག་ལ་མཛད་པ་འདི་ནི་ཁྱད་པར་འཕགས་ཏེ། ཧྲཱིཿཤེར་་ཕྱིན་པདྨའི་རིགས་ཀྱིས་བོན་དུ་བསྔགས་པ་ཐུགས་རྗེ་ཆེན་པོའི་ཟིན་ཐོ་ལྟར་དང་། ཤ་འུག་གཏེར་བྱོན་གར་དབང་ཚེ་སྒྲུབ་ཀྱི་ལོ་རྒྱུས་ལས། རྒྱ་གར་མཁས་པ་པདྨ་འབྱུང་གནས་ང་༔ གདུལ་བྱའི་མོས་ངོར་ཇི་སྙེད་སྤྲུལ་པའི་གར༔ ཆུ་ཟླའི་རོལ་པར་བསམ་མི་ཁྱབ་སྟོན་ཏེ༔ ངོ་བོ་མི་འགྱུར་ཀུན་བཟང་སྣང་མཐའ་ཡས༔ རྒྱལ་བ་རྒྱ་མཚོའི་ཁྱབ་བདག་སྤྱི་མེས་ཡིན༔ དེ་ཕྱིར་ང་བསྒྲུབ་སངས་རྒྱས་ཀུན་བསྒྲུབ་འགྱུར༔ ལྷ་གཞན་བསྒྲུབ་ཀྱང་ང་ཉིད་བསྒྲུབ་པ་སྟེ༔ བཟང་ངན་ཕྱོགས་རིས་འདི་ཞེས་དབྱེ་བ་མེད༔ འོན་ཀྱང་སྔོན་གྱི་སྨོན་ལམ་ཁྱད་པར་གྱིས༔ པདྨའི་རིགས་སུ་བསྒྲུབ་ན་དངོས་གྲུབ་མྱར༔ ཕྲིན་ལས་མཐའ་རྒྱས་གཞན་སྣང་དབང་དུ་སྡུད༔ འགལ་རྐྱེན་མི་འབྱུང་བྱང་ཆུབ་གོ་འཕང་ཉེ༔ ཞེས་གསུངས་པས་གུ་རུའི་རྒྱུ་མ་ནོར་བ་རྩ་བའི་སྔགས་སུ་པདྨའི་རིགས་ཀྱི་རྩ་བའི་ཡི་གེ་ཉིད་ཆེས་འཐད་པའི་ཕྱིར་རོ། །འོན་ཀྱང་འདིའི་གཙོ་བོ་འོད་གསལ་རྡོ་རྗེར་

TN03_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

(༥༦༩)གསུངས་པ་ནི། རིགས་རེ་རེའང་རིགས་དྲུག་ཀའི་བདག་ཉིད་དང་། ཡེ་ཤེས་རེ་རེའང་ཡེ་ཤེས་དྲུག་ཀའི་ངོ་བོ་ཉིད་ཡིན་པ། །ཕྲེང་བ་ལས་རིགས་རེ་རེའང་ལྔ་ལྔའི་རང་བཞིན་དུ་བཤད་པ་ལྟ་བུ་སྟེ། དེ་ལས་འདིར་པདྨའི་རིགས་ལ་རིགས་དྲུག་ཏུ་ཕྱེ་བའི་རིགས་ཐམས་ཅད་བསྡུས་པའི་དཀྱིལ་འཁོར་གྱི་དབང་དུ་མཛད་པའོ། །ཧྲཱིཿཡིག་གི་བཤད་པ་གཞན་ཡང་ཚེ་སྒྲུབ་ཡེ་ཤེས་འོད་མཆོག་ལས། བཞི་པ་བསྙེན་པ་སྲོག་གི་བཟླས་པ་ནི༔ ཐུགས་ཀར་ཧྲཱིཿགསལ་ཧྲཱིཿཡིག་མང་དུ་བཟླས༔ དེ་བཞིན་གཤེགས་པ་ཀུན་གྱི་སྲོག་ཡིན་ནོ༔ ཧ་ནི་རླུང་ཡིན་ལོངས་སྐུ་ཀུན་གྱི་སྔགས༔ དེ་ཉིད་བཟླས་ན་རླུང་སེམས་གཉིས་མེད་གྲོལ༔ ར་ནི་སྤྲུལ་སྐུ་སྨིན་བྱེད་དེ་ཡིན་ཏེ༔ དེ་བཟླས་དྲོད་ཀྱི་ཡེ་ཤེས་སྐྱེ་བར་འགྱུར༔ ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ་ཡིན་ཏེ༔ ཨི་ནི་དོན་དམ་ངོ་བོ་ཉིད་དང་ལྡན༔ རྟོགས་ཤིང་བཟླས་པས་བདེ་སྟོང་མཆོག་ཏུ་འགྱུར༔ དེས་ན་བདེ་གཤེགས་ཡོངས་འདུས་སྔགས་འདི་བསྙེན༔ ཧྲཱིཿ ཞེས་རླུང་སེམས་ཐམས་ཅད་གཏུམ་མོའི་དབྱིངས་སུ་ཞུགས་པ་ལས་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་ཞིང་། དེ་ལས་རྡོ་རྗེ་གསུམ་མམ་སྐུ་གསུམ་དབྱེར་མེད་པའི་གོ་འཕང་ལ་སྦྱོར་བའི་རྡོ་རྗེའི་ལམ་གནད་ཆེས་རྨད་དུ་བྱུང་

TN03_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

(༥༧༠)བ་བསྟན་ནོ། ༈ །འདིའི་འཛབ་མཇུག་བསྡུ་བའི་དངོས་གྲུབ་སྐུལ་བ་དང་འབྲེལ་བར་ཐུགས་རྗེ་སྐུལ་ཆོག་རྒྱས་པར་སྤྲོན་བླ་མ་བསྟན་གཉིས་སྐོར་གསུམ་ལྟར་བྱེད་བཏུབ་ཅིང་། མཆོད་ཕྲེང་རྒྱས་སྤྲོ་བྱེད་ནའང་དེ་ནས་ལེན་ནོ།། ༈ །།ཧྲཱིཿཡིག་ནི་ཧ་དང་ར་དང་ཨི་གསུམ་འདུས་པའི་བདག་ཉིད་ཀྱི་ཡི་གེ་ཐིག་ལེས་བརྒྱན་པ་སྟེ། ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་ལས། འདབ་མ་གཉིས་པའི་བཞི་པའོ་ཞེས་བྱ་བ་ནི་ཡི་གེ་ཧའོ། །དེའི་འོག་ཏུ་མེའོ་ཞེས་པ་ནི་ར་དང་ལྡན་པའོ། །དབྱངས་ཡིག་ཅེས་པ་ནི་ཨཱིའི་བདག་ཉིད་དང་སྦྱར་བའོ། །རིག་པའི་རྒྱལ་མོ་མཆོག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡི་གེ་ཧྲཱིཿའོ། །ཐིག་ལེ་སྟེང་དུ་ལྡན་པ་ནི་ཧྲཱི༚་གི་དོན་ནོ། །དེ་རང་དང་ཉེ་བ་ནི་ཧྲཱིཿསྟེ་གཉིས་པའོ། །ཞེས་རིག་སྔགས་ཀྱི་རྒྱལ་མོ་ཡི་གེ་གཅིག་མའི་སྔགས་བཏུ་ཚུལ་གསུངས་པ་ལྟར་རོ། །དེའང་གཡུང་དྲུང་འཁྱིལ་བ་གསུམ་གྱི་ཞལ་གདམས་ལས། ཧྲཱིཿནི་ཐིག་ལེ་གསུམ་དུ་བཞུགས། ཨི་ནི་རླུང་གི་ཐིག་ལེ་སྟེ། །ཧ་ནི་བྱང་ཆུབ་ཐིག་ལེའོ། །རཀྟའི་ཡི་གེ་ར་ཡིག་སྟེ། །ཞེས་པ་ལྟར། སྲོག་འཛིན་ཤིན་ཏུ་ཕྲ་བའི་རླུང་དང་། ཁམས་དཀར་དམར་རོ། །ཚེག་དྲག་གཉིས་ཀྱིས་དྷུ་ཏིར་བྱང་སེམས་དཀར་དམར་གྱི་འདུ་འཕྲོད་མཚོན་གསུངས་ཏེ། མདོར་ན་ཁུ་རྡུལ་རླུང་གསུམ་བདེ་སྟོང་དུ་རོ་གཅིག་འདྲེས་པའོ། །ཚེག་དྲག་ཐིག་ལེ་ཡིན་པས་བདེ་བ་ལ་བཤད་ཀྱང་རུང་

TN03_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

(༥༧༡)ངམ་དཔྱད། གཞན་ཡང་ཧྲཱིཿཡིག་གིས་གཞི་ལ་ཁམས་དཀར་དམར་གྱི་དབུས་སུ་རླུང་སེམས་ཞུགས་པ་དང་། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ། རྩ་ཐིག་རླུང་གསུམ་སོགས་སྦྱང་གཞི་དང་། རྡོ་རྗེ་གསུམ་གྱི་རྣལ་འབྱོར་སོགས་སྦྱོང་བྱེད་ཀྱི་ལམ་དང་། སྦྱང་འབྲས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་སོགས་མཚོན་ཚུལ་མང་དུ་སྤྲོས་ཀྱང་ཆོག་ཅེས་ཐོའུ་བཀྭན་པས་སོ། །དཔེར་ན་མྱུ་གུའི་ཆ་ཤས་ཐམས་ཅད་རྫོགས་པར་སྐྱེད་པའི་ནུས་པ་དང་ལྡན་པའི་ཆོས་ཞིག་ལ་མྱུ་གུའི་ས་བོན་ཞེས་འདོགས་པ་ལྟར། རྟ་མཆོག་རོལ་པའི་གོ་འཕང་སྐྱེད་པའི་ནུས་པ་ཐམས་ཅད་ཧྲཱིཿཡིག་ལ་ཚང་བས་ས་བོན་གྱི་ཡི་གེར་བཞག་པར་འཆད་དོ། ༈ །འདིའི་ལས་སྔགས་སྐབས། བྱེར་གཏུབ་སོགས་བོད་སྐད་འདྲེས་པས་སྔགས་སུ་མི་འཐད་དོ་ཞེ་ན། དཔལ་ལྡན་ལྷ་མོའི་སྔགས་བྷྱོ་བདུན་མར་ཡང་། ཁ་ལ་རཀ་ཆེན་མོ་ཞེས་ཡོད་པ་སོགས་བཤད་ནས། མདོར་ན་སྔགས་གསུང་བ་པོ་དང་སྔགས་སུ་བྱིན་གྱི་རློབ་པ་པོས་སྐད་གང་དང་གང་དུ་བྱིན་གྱིས་བརླབས་པ་དེ་ཁོ་ན་དབང་བཙན་པར་བྱེད་དགོས་ཀྱི། ཐམས་ཅད་སཾ་སྐྲི་ཏའི་སྐད་ཁོ་ན་དང་མཐུན་དགོས་པའི་ངེས་པ་མེད་པས་འདི་འདྲ་ལ་སྒྲ་པས་དཔྱོད་མི་ནུས་ཤིང་དཔྱད་པས་སྐྱོན་

TN03_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

(༥༧༢)དུ་སོང་བའང་མང་ངོ་ཞེས་ཡང་ཐོའུ་བཀྭན་པས་སོ། །སྒྲ་བཟང་པོ་སྨྲ་བ་རྣམས་ཀྱི་ཞེན་པ་དགགས་པ་དང་། སྒྲ་ངན་པ་སྨྲ་བ་རྣམས་ལ་ཐུགས་བརྩེ་ནས་དེ་དག་གི་སྐད་བྱིན་གྱིས་བརླབས་པའང་ཡོད་དམ་སྙམ། བོད་ཀྱི་འབྱུང་པོ་རྣམས་ཀྱི་སྐད་ཕར་ལ་རང་གཤེད་དུ་སྐོར་ཆེད་དེ་དག་གི་སྐད་དུ་གཉེན་པོའི་དྲག་སྔགས་བྱིན་གྱིས་བརླབས་པར་བཤད་ལུགས་ཀྱང་ཡོད་དམ་སྟེ། ལྷ་བཙུན་བྱང་ཆུབ་འོད་ཀྱི་གཏེར་ཁར་པུ་ཏྲ་མིང་སྲིང་གི་སྔགས་ཞང་ཞུང་གི་སྐད་དུ་མཛད་པ་ལ་རིན་བཟང་དགྱེས་པའི་ལོ་རྒྱུས་བཞིན་ནོ། ༈ །རྣམ་སྣང་མངོན་བྱང་འགྲེལ་པར། ཆོས་ལ་འབིགས་པའི་ཡེ་ཤེས་རྟ་དང་འདྲ་ཞེས་གསུངས་པ་ནི་སོར་རྟོག་ཡེ་ཤེས་ཀྱིས་ཤེས་བྱའི་གཏིང་ལ་མྱུར་ཞིང་མགྱོགས་པར་སླེབ་པ་སྟེ། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །ཅེས་པ་ལྟར་ཆོས་ཀྱི་གཏིང་ནི་སྟོང་པ་ཉིད་དེ། ཆོས་ཀྱི་གཏིང་ལ་ཕུག་པ་ནི་སྟོང་ཉིད་ལ་ཟུག་པའོ། །འཇིག་རྟེན་ཀུན་རྫོབ་ཐལ་མར་ཕྱུང་ནས། དེ་ཕན་ཆད་ཀྱི་གཏིང་མཐར་ཐུག་ལ་འཇུག་པ་ནི་ཆོས་ལ་འབིགས་པའོ། །དེའང་ས་བདུན་པར་མཚན་མེད་ཐོབ་པས་འགོག་པ་ལ་འཇུག་པའི་ཤུགས་མྱུར། བརྒྱད་པར་དེ་འབད་རྩོལ་ཕལ་ཆེར་དང་བྲལ། དགུ་པར་སྟོབས་ཀྱི་ཕར་ཕྱིན་གྱི་

TN03_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

(༥༧༣)མཐུས་དེ་བས་ཀྱང་ཚབས་ཆེར་ཆོས་དབྱིངས་ཀྱི་གཏིང་དུ་འགྲོ། བཅུ་པར་ཡེ་ཤེས་ལྷག་ཅེས་ཤེས་རབ་དེའི་འོད་ཟེར་གྱི་སྣང་བའི་གཟུངས་དང་ཏིང་ངེ་འཛིན་ཆོས་དབྱིངས་དང་མཉམ་པ་མཆེད། རྒྱུན་མཐར་ཤིན་ཏུ་རྣམ་དག་གི་དབྱིངས་ལ་འབིགས་པའོ། །སེམས་ཅན་གྱི་དོན་བྱ་བ་ལ་མགྱོགས་པ། ཞེས་པར་ཡང་། བདུན་པར་ཐབས་ཀྱི་ཕར་ཕྱིན་གྱི་མཐུས་འགོག་པའི་དབྱིངས་ནས་སྐད་ཅིག་ཁོ་ནར་སེམས་ཅན་གྱི་དོན་ལ་ལྡང་ནུས། བརྒྱད་པར་རྣམ་པར་མི་རྟོག་པ་ལ་དབང་བ་དང་སྨོན་ལམ་གྱི་ཕར་ཕྱིན་ལྷག་པས་གཞན་དོན་ལ་རྩོལ་མེད་དུ་ལྡང་། ས་དེར་དེ་ལྟར་ལྡང་བ་བྱང་བས་དགུ་པར་བརྟགས་པ་མཐའ་བཟུང་གི་ཞི་མཐའ་ལས་འདས་ཚར་བའི་སྒོ་ནས་གཞན་ཕན་ལ་དབང་འབྱོར། དེའི་དབང་གིས་བཅུ་པར་སེམས་ཅན་སྒྲོལ་བའི་ཕྲིན་ལས་སངས་རྒྱས་དང་མཚུངས་པར་འཐོབ། ལར་ས་དང་པོ་ནས་སྐད་ཅིག་གཅིག་ལ་སེམས་ཅན་བརྒྱ་སྨིན་པར་བྱེད་ཀྱང་ཕལ་ཆེར་དོན་ཡོད་ཙམ་ལས་མི་འཇོག་ལ། བརྒྱད་པ་ནས་དབང་བཅུ་ཐོབ་པས་རྣམ་ཀུན་དོན་ཡོད་ཟེར་ཏེ་སྐད་ཅིག་རེར་སེམས་ཅན་ཅི་ཙམ་འདུལ་བའི་མྱུར་ཁྱད་ཀྱང་སྟོང་གསུམ་གྱི་རྡུལ་ཚད་ལ་མ་གཞལ་བར་བསྟན་མི་ནུས་པ་དེའོ། །འདི་དག་ཧང་

TN03_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

(༥༧༤)འགྲོས་ཙམ་སྟེ། འཕགས་པ་འདི་བར་ཆད་མེད་ལམ་གྱི་རང་བཞིན་དུ་གསུངས་པ་དང་། དཀྱིལ་འཁོར་ནང་མ་ལ་འགོད་པའི་རྒྱུ་མཚན་སོགས་བསྒྲིགས་ནས་དཔྱད་རྒྱུ་ཡོད། མདོར་ན་བློ་ཀུན་རྫོབ་པའི་སྤྱོད་ཡུལ་ནས་ཕར་དོན་དམ་པའི་དབྱིངས་སུ་མངོན་སུམ་དུ་སླེབ་མྱུར་བ་དང་དབྱིངས་དེ་ནས་ཚུར་ཀུན་རྫོབ་ཀྱི་སྤྱོད་ཡུལ་སླེབ་མྱུར་བའི་ཤེས་རབ་དང་ཐབས་ཀྱི་རྟོགས་པ་རིང་དུ་སོང་ཚུལ་གཉིས་ཏེ། ཕྱི་མ་འདི་ནི། མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོགས་པ་བུལ་བ་ཡིན་པར་འདོད། །ཅེས་པའི་བཟློག་ཟླ་སྟེ། འཇམ་པ་པདྨའི་རིགས་ཀྱི་གཙོ་བོའི་རྣལ་འབྱོར་སྙིང་རྗེའི་ཁྱད་པར་རོ། །སྔ་མ་ཡང་སྟོང་ཉིད་རྟོགས་པ་སྤྱི་ལྡོག་མ་བྱས་པར་སོར་རྟོག་ཡེ་ཤེས་ལ་སྦྱར་ན་པདྨའི་རིགས་ཀྱི་སྒོས་ཆོས་སུ་འགྲིགས། དེ་ལྟར་ན་སྤྱན་རས་གཟིགས་ཀྱི་མཚན་ལ་འཆད་ཚུལ་གཉིས་ཡོད་པ་ལྟར། རིག་པའི་རྒྱལ་པོ་རྟ་མགྲིན་གྱི་མཚན་གྱི་དོན་ཡང་གཉིས་ཡོད་དོ།། ༈ །།རྟ་སྐད་སྐབས། ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། ཞེས་མང་དུ་འབྱུང་བ་ནི། དབང་དུ་བསྡུས་ནས་གདུལ་བར་བྱ་བ་རྣམས་སྡུད་པ་དང་། དེ་ལྟར་མི་ཐུལ་བ་རྣམས་སྤ་གོང་རྒྱལ་པོའི་མཐུ་དཔུང་གི་ཟིལ་བསྟན་ནས་ཕ་རོལ་""ཤོག་ལྷེ་༥༧༥)གྱི་རྒོལ་བ་སྤ་གོང་བར་བྱེད་པ་ལྟ་བུའི་ཟིལ་གནོན་ནི་དབང་སྡུད་ཀྱི་སྔོན་དུ་འགྲོ་བ་ཡིན་ནོ། །བར་བྱེད་པའི་ཁྱད་དམ་སྙམ། ཡང་ན་ཕྱི་མ། དབང་དུ་བསྡུས་པ་དེ་ལས་སླར་འཕར་ལྡང་མི་ནུས་པར་བྱེད་པའོ། །ཕྱི་ནང་གསང་བའི་བར་ཆད་དྲུ་གུ་འཛིངས་པ་དང་། ཐག་འཁྲུགས་པ་ལྟ་བུ་རྣམས་ཀྱང་། རྟ་སྐད་ཀྱིས་བདེ་བའི་བདུད་རྩི་དང་། ལྷ་སྔགས་ཀྱི་དཔག་བསམ་དགའ་བའི་ཚལ་དུ་སྒྱུར་བ་ནི། རྨ་བྱ་དུག་གི་ལྡུམ་རར་ཕྱིན་པའམ་དུག་སྦྲུལ་མེ་ཏོག་གི་ཕྲེང་བར་སྒྱུར་བའི་མན་ངག་ལྟར་ཡ་མཚན་ཆེའོ། །དེ་ལྟར་བསྒྱུར་ནས་ཀྱང་དེ་དག་ལས་དངོས་གྲུབ་ལེན་པ་ལ་སློབ་ཚུལ་བཅས། འདི་དག་མཁས་པའི་ཡིད་འཕྲོག་ཏུ་ཡང་ཡོད་དེ། ཤིན་ཏུ་ཆེད་ཆེར་བྱའོ། །དེའང་རྩིང་པར་རྟོག་པ་དང་། བར་ཆད་ཀྱི་ངོ་བོ་རབ་དབྱེ་བྱ་བྱེད་ལས་གསུམ་སྐྱེ་འགག་གནས་གསུམ་སོགས་ངོ་བོ་དང་ལྡོག་ཆའི་སྒོ་ཐམས་ཅད་ནས་དག་པ་རབ་འབྱམས་སུ་རྒྱ་ཆེར་དཔྱད་དེ་བློ་རྒྱས་པར་བྱས་ན་དེ་སྙེད་ཀྱི་ལག་རྗེས་འབྱུང་ངོ་། །གལ་ཆེ་བས་ཡང་ཟློས་བྱས་སོ། །ཡང་བར་ཆད་དེ་དག་གི་དེ་ཁོ་ན་ཉིད་ལ། ཐོག་མེད་ནས་གྲུབ་པའི་དེ་བཞིན་གཤེགས་པ་རྟ་སྐད་ཀྱི་རྣལ་བྱོར་མཐར་ཕྱིན་པ་རྣམས་ཀྱི་ཡེ་ཤེས་ཀྱི་སྣང་བས་ཁྱབ་པའི་ཚུལ་

TN03_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

(༥༧༦)ལ་བློ་བཞག་སྟེ་བསྒོམ་པས། ཐམས་ཅད་དེ་བཞིན་གཤེགས་པའི་རྣམ་འཕྲུལ་དུ་འཆར་ལ། དེའི་ཚེ་རང་གི་རྟ་གླུས་དེ་བཞིན་གཤེགས་པའི་འཁོར་ལོ་དེ་རྣམས་བསྐུལ་བས། བར་ཆད་བྱེད་དུ་འོང་བའི་དངོས་པོ་དེ་དག་གི་སྒོ་ནས་ཀྱང་སངས་རྒྱས་རྣམས་ཀྱིས་དབང་དང་དངོས་གྲུབ་སྩོལ་ཏེ། ཅི་འདི་ངོ་མཚར་མི་ཆེའམ། བརྟན་གཡོའི་དུག་དང་། རིམས་དང་། དམོད་པ་དང་། མི་བཟད་པའི་ལས་ཀྱི་མཐུ་ཐམས་ཅད་ཟིལ་གྱིས་གནོན་པ་དང་། དགྲ་འདྲེ་ཅན་གཟན་རྔོན་པ་སོགས་རྨོངས་རེང་བྱེད་པ། རང་གི་ནོར་དང་འཁོར་སོགས་ཟིལ་གྱིས་མནན་ནས་གཞན་དུ་མི་གཡོ་བར་བྱེད་པ། ནད་པའི་ནད་སྐྱུགས་པར་བྱེད་པ། ལྕགས་སྒྲོགས་དང་བཙོན་ར་རྫས་སེལ་དང་། གཏད་དང་། ཕ་རོལ་གྱི་གདུག་པའི་སེམས་དང་། ལྟ་བ་ངན་པ་དང་། མཐུ་སྟོབས་རྫུ་འཕྲུལ་སོགས། སྔགས་ཕྱག་རྒྱ་འཕྲུལ་འཁོར་གྱི་སྦྱོར་བ་ལ་སོགས་པའི་རྒྱ་བཤིགས་པ། གཞན་གྱི་སྔོན་གནས་ཀྱི་དགེ་བའི་བག་ཆགས་སྐུལ་ཞིང་སད་དུ་གཞུག་པ་དཔའ་བོ་ཌཱཀྐིའི་ཆོས་མཛོད་དང་། གནོད་སྦྱིན་དབང་པོའི་ནོར་གཡང་སོགས་འབོད་པ། གདུལ་བྱ་མཆོག་ལ་རྣམ་གཡེངས་དང་རྨོངས་པའི་གཡོགས་པ་དྲལ་ནས་ནང་གི་ཧེ་རུ་སྐུལ་ཞིང་སད་པར་

TN03_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

(༥༧༧)བྱས་ཏེ་བྱིན་རླབས་འབེབས་པ་དམ་པའི་ཆོས་སྤྱི་དང་བྱེ་བྲག་པའི་རང་སྒྲས་ཡངས་པའི་ས་ཆེན་པོ་འགེངས་པ་སོགས་ལས་ཚོགས་བྱེད་ཚུལ་ཟད་མི་ཤེས་ཏེ། དཔེར་བརྗོད་ཙམ་མོ། །གཟིར་བའི་བསམ་པས་གཟིར་བར་འགྲོ་ལུགས་ཤེས་ནས་རྟ་སྐད་ཀྱིས་གཅུན་ན། རི་རབ་གཟིར་ཡང་རལ། རྒྱ་མཚོ་གཟིར་ཡང་འཕྱུར་ཐུབ། །བརྒྱ་བྱིན་གཟིར་ནའང་སྐྲ་ཞིག །གོས་ཉིལ་ནས་ལྷུང་ཡོང་ངེས། གོང་སྨོས་ལས་ཡང་ན་ཁམས་གསུམ་གྱི་སྲོག་འདྲེན་པ་དབང་སྡུད་དང་། སྲོག་དེ་གཟིར་བ་ཟིལ་གནོན་དུ་བྱའོ།། །།འདི་དག་རྗེ་ཉིད་ནས་ཟིན་ཐོ་ལྟ་བུར་བཏབ་ཡོད་པ་རྣམས་གཞན་དུ་འཁྱར་གྱི་དོགས་ནས་རྗེས་འཇུག་འགའ་ཞིག་གིས་ཕྱོགས་གཅིག་ཏུ་བསྒྲིག་ཁུར་བྱས་ཏེ་ཕྱག་བྲིས་ཇི་ལྟ་བ་བཞིན་བཅོས་བསླད་མེད་པར་སྤར་དུ་བསྐྲུན་པ་དགེ་ལེགས་འཕེལ། འཕྲུལ་ཆེན་སྤར་གྱི་ལྗོན་ཤིང་རྒྱས་པའི་རྩེར། ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།

TN03_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

(༥༧༨)

TN03_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

(༥༧༩)རྡོ་རྗེ་རྟ་སྐད་ཀྱི་ཟིན་བྲིས་དངོས་གྲུབ་གསུམ་གྱི་རྫོགས་ལྡན་འཛིན་མ་དབང་བྱེད་ལྷའི་འཁོར་ལོ་ལ་ཉེ་བར་མཁོ་བའི་དཔྱད་རྟེན་དྲན་ཐོ་ནི། ཐ་རམ་ལས་གསུངས་པའི་ཐེག་རིམ་དང་སྦྱར་བ་དང་། ས་ལམ་དང་སྦྱར་བ་གཉིས་ཀྱིས་རིམ་བཞིན་གར་དང་གླུའི་དེ་ཉིད་དུ་སྦྱར་ནའང་རུང་ངམ་དཔྱོད། ༈ །འགྲོས་དགུ་ཐེག་རིམ་དང་སྦྱར་བ་སོགས་རྟ་སྐད་ཀྱི་བཤད་པར་གསུང་བ་ནི། བཀའ་གདམས་དཔེ་འགྲེལ་ལས། ཨ་ཕའི་སྐད་དུ། ཞེས་པ་ལྟར་རྟ་སྐད་བྱས་པས་རྟར་མཚོན་ལ། རྟའི་མཚོན་དོན་ལ་དེ་རྣམས་ཡོད་པའི་དོན་ཏེ། དེ་དང་འདྲ་བར་རྟ་ཞལ་གྱིས་ཀྱང་རྟར་མཚོན་ཏེ། ཐུགས་རྗེ་ཆེན་པོའི་དབུ་ལ་ཨ་མི་ཏཱ་བྷ་དང་དེའི་ཞལ་གདམ་ང་ཅན་དུ་བྱེད་པ་བཞིན་ནོ། ༈ །འགྲོས་དགུ་ཐེག་དགུ་དང་སྦྱར་བས་ནི་ལམ་འོག་མ་ཐམས་ཅད་ཀྱི་བྱེད་ལས་རྟ་མཆོག་གི་ལམ་མམ་ལྷན་སྐྱེས་ཀྱི་བདེ་བའི་ཆགས་ལམ་ཉིད་ལ་ཚང་ཞིང་། དེའི་བྱེད་ལས་མཐའ་དག་པར་མ་ཚང་བར་བསྟན། །ས་ལམ་སྐད་འགྱུར་དང་སྦྱར་བས་ནི་ཐབས་ཤེས་ཕུལ་དུ་བྱུང་བའི་ལམ་འདིས་ས་བཅུ་ལམ་ལྔ་བདེ་མྱུར་དུ་བགྲོད་ཚུལ་སྟོན་པར་རྟ་རྒྱུད་དང་ཐ་རམ་ལས་སོ། ༈ །འགྲོས་དགུའི་དང་པོ་ནི། སྒྲོགས་གསུམ་ལག་ཏུ་ཚུད་པའི་འགྲོས། གཉིས་པ་ལག་གཉིས་ལྕགས་སྒྲོག་གིས་བསྡམ་པའི་འགྲོས། གསུམ་པ་འཆིང་བྱེད་མེད་པར་རང་ཉིད་དལ་བུས་འགྲོ་བ། བཞི་པ་རྟ་མགོ་འཕང་བསྒྲིམ་ནས་ཅུང་ཟད་མགྱོགས་པར་འགྲོ་བ། ལྔ་པ་

TN03_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༠)གོམ་པའི་འགྲོས་སུ་མགྱོགས་པར་འགྲོ་བ། དྲུག་པ་འདུར་འགྲོས། བདུན་པ་ལྡང་སྟབས་ཀྱིས་འགྲོ་བ། བརྒྱད་པ་ཤིན་ཏུ་མགྱོགས་པར་རྒྱུག་ཆུང་བྱས་ཏེ་འགྲོ་བ། དགུ་པ་རྒྱུག་རྩལ་ཅི་ཡོད་ཕྱུངས་ཏེ་ཐག་ཐོགས་མེད་པར་འགྲོ་བ་རྣམས་དང་། སྐད་ཀྱི་ཡོན་ཏན་གསུམ་པ་རྒྱང་རིང་དུ་ཐོས་པ། བཞི་པ་སྒྲ་གཞན་དང་ནག་ནོག་མེད་པར་སང་ངེར་ཐོས་པ། ལྔ་པ་དབུགས་སྣ་རིང་བ། བདུན་པ་གདངས་ཆེ་ཆུང་སོགས་ཆ་སྙོམས་པར་འབྲེལ་བ། བརྒྱད་པ་སྐད་གཏོང་ཐེབས་གཅིག་པོ་དེར་སྒྲ་བར་མ་ཆད་པར་སྒྲོགས་པ། བཅུ་པ་སྐད་ཆེ་ཆུང་ཇི་ལྟར་འབྱིན་འདོད་པ་བཞིན་བདེ་བླག་ཏུ་འབྱིན་པའི་རྩལ་ཡོད་པ། བཅུ་གཅིག་པ་སྒྲ་གདངས་ཆེ་བ་ཞེས་བླ་མས་གསུངས། གཞན་སླ། །སྐད་ཀྱི་ཆོས་མཐུན་ལྔ་པ་ཐུགས་རྗེ་ངང་རིང་བ་སྟེ་སྐྱོ་དུབ་མེད་པ། བདུན་པ་ཐུགས་རྗེ་རྒྱུན་ཆགས་པ། བརྒྱད་པ་ཐུགས་རྗེའི་མཛད་པ་རྒྱུན་ཆགས་པ། ༈ཡང་སྐད་བཅུ་གསུམ་སྐབས། ཐུན་མིན་ལྟར་ན། ཡེ་ཤེས་ཐིག་ལེར། འདི་ཀུན་དགའ་བའི་བྱེ་བྲག་སྟེ། །ཞེས་པ་ལྟར་དོན་གྱི་ལྷན་སྐྱེས་ཉིད་ལ་ས་བཅུར་ཕྱེ་བ་སྟེ། འཚེར་སྐད་རྗེས་ཆགས་ཀྱི་བདེ་བའི་གླུར་གསུངས་པ་དང་འགྲིགས། ཐུན་མོང་ལྟར་ན། ཕལ་པོ་ཆེར། བྱང་སེམས་ཀྱི་ས་རྣམ་པར་དགོད་པ་ཐམས་ཅད་ཀྱི་གཞི་ཡིན་པས་གཞལ་མེད་ཁང་ལྟ་བུ། ཞེས་དང་། སེམས་བསྐྱེད་ལ་ས་མཚམས་དང་གྲོགས་ཀྱིས་

TN03_Page_0938

TN03_Page_0939

TN03_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༡)དབྱེ་བ་ཉེར་གཉིས་ཕྱེ་བའི་རིགས་པ་ལྟར་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་གོང་འཕེལ་གྱི་ཆ་བཅུ་གསུམ་དང་སྦྱར་བ་སྟེ། སྦྱོར་ཚུལ་ཙམ་ལས་ཁྱབ་མཐའ་མི་དགོས་ཏེ། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སོགས་ལྟ་བུ་སྟེ། སེམས་ཅན་སྨིན་བྱེད་ཆོས་མཆོག་མན་ཆད་དུའང་ཡོད་ཀྱང་ཆོས་མཆོག་ལས་མ་སྦྱར་བ་བཞིན་ནོ། །དབྱིངས་ཤེས་རབ་སྟོང་པ་དོན་དམ་བཞི་རང་བཞིན་ངོ་བོ་དོན་གྱི་རྟ་སྐད་དང་། ཡེ་ཤེས་ཐབས་སྣང་བ་ཀུན་རྫོབ་བཞི་རིག་པ་ངོ་བོ་དོན་གྱི་རྟ་སྐད་དུ་བཤད་པས་མདོར་ན་ཐུན་མོང་མ་ཡིན་པའི་ཐབས་ཤེས་གཉིས་ལ་རྟ་ཞལ་དུ་བཤད་དེ། བསྐྱེད་རིམ་པའི་ཐབས་ཤེས་ནས། མི་སློབ་ཟུང་འཇུག་དང་། དེའི་ཡ་གཉིས་ཀྱི་བར་དངོས་དང་རྗེས་མཐུན་ཅི་རིགས་སུ་སྦྱར་རོ། །དེ་རྣམས་རྟ་ཞལ་དུ་འཇོག་པའི་རྒྱུ་མཚན། ཆགས་པ་ཆེ་བ། ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས་ཀྱང་། དག་པའི་འདོད་ཆགས་ཀྱི་སྒོས་སྒྲུབ་ལ་པདྨ་གསུང་གི་སྒྲུབ་པ་འཇོག་པར་ལེའུ་བདུན་པའི་ཐད་དུ་གསུངས། སྐད་རིང་། ཤུགས་ཆེ་བ་སོགས་དང་། རྟ་དབུའི་ཁ་དོག་གི་དེ་ཉིད། ཕྲིན་ལས་བཞིས་འགྲོ་བ་སྒྲོལ་ཚུལ་སོ་སོ་དང་སྦྱར་བ་དང་བཀའ་སྒོ་ལས་གསུངས་པའི་དབྱེ་བ་རྣམས་གསང་སྔགས་ལ་ཤན་དབྱེ་བའི་སྐབས་སུ་སྦྱོར། གསང་སྔགས་ལ་ཤན་དབྱེ་བ་ཞེས་པ་ནི་འདིའི་ཟབ་ལམ་ཐེག་པ་དང་རྒྱུད་སྡེ་འོག་མའི་སྐོར་རྣམས་ལས་འཕགས་པའི་ཆེ་

TN03_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༢)བ་སྟོན་པ་སྟེ། བླ་མེད་ཀྱི་ལྷ་གཞན་ལས་ཀྱང་མྱུར་བ་ཡང་བཤད་རུང་ངམ་དཔྱད། ཡང་སྙིང་འདུས་པར། རྟ་དབུས་གཞན་ལས་ཁྱད་པར་དུ་འཕགས་པར་མཚོན་ཞེས་གསུངས་པའང་དེ་ཀའོ། །ཞལ་གསུམ་གྱིས་ཀྱང་ཟུང་འཇུག་མཚོན་པ་སྒྱུ་འཕྲུལ་ལྟར་ཡིན་མོད། སྐབས་འདིར་རྟ་མགོས་མཚན་པའི་གཡས་ཞལ་གྱིས་སྒྱུ་མའི་དཀྱིལ་འཁོར་མཚོན། ཞེས་སོགས་སུ་སྦྱར་ནས། རྟ་མགོས་མཚན་པར་བསྟན་པའི་རྒྱུ་མཚན། ཁྲོ་ཞལ་གསུམ་གྱི་ངེས་དོན་ནམ་དེ་ཁོ་ན་ཉིད་གསུམ་པོ་རྗེས་ཆགས་ཀྱི་རིགས་ལས་སྐྱེས་པར་མཚོན་པའི་ཆེད་ཡིན་ནོ། །དཔལ་གྱི་རྟ་སྐད་སྐབས། སྙིང་རྗེའི་འཚེར་སྐད་ཀྱི་སྔགས་སྒྲ་དང་པོ་བསྒྲགས་པས་སྣང་སྲིད་ཐམས་ཅད་པདྨ་དབང་གི་དཀྱིལ་འཁོར་དུ་སྤྲུལ་པར་གསུངས་པ་འདི་རྟ་སྐད་ཀྱིས་དབང་སྒྱུར་ལུགས་ཁྱད་པར་ཅན་ཏེ། གསང་རྫོགས་རང་ཤར་གཉིས་ལས་འདི་ཁོ་ན་རྟ་སྐད་ཐང་གསུམ་དུ་བཤད་ཚུལ་འབྱུང་ངོ་། །འདིར་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པའི་དམིགས་གནད་ལ་སྣང་སྲིད་ཐམས་ཅད་རྟ་མགྲིན་དབང་གི་དཀྱིལ་འཁོར་དུ་སད་པར་བསམ་ཚུལ་འདི་ནི། རྣལ་བྱོར་བླ་མེད་སྤྱིར། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །ཅེས་པའི་ཏིང་ངེ་འཛིན་གྱིས་ཡུལ་སྣང་ཟིལ་གྱིས་གནོན་ལུགས་དང་ཤིན་ཏུ་མཐུན་ནོ། །འདི་ནི་གང་སྣང་བདེ་སྟོང་གི་རྣམ་རོལ་དང་། དེའང་དག་པའི་དཀྱིལ་འཁོར་དུ་ལྟ་བ་སྟེ། འདི་དང་ལྡན་ན་བསོད་ནམས་ཆུང་བའི་མིས་ཀྱང་

TN03_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༣)ཚེ་འདི་ཉིད་ལ་མཆོག་འགྲུབ་པར་བརྟགས་གཉིས་ལས་སོ། །རྣམ་པ་གཅིག་ཏུ་ན། བདེ་འདུས་དབང་ཆེན་རྩ་རྒྱུད་ལས། སེམས་ཅན་ཁམས་ཀུན་ཐམས་ཅད་ལཿ ང་ཡི་སྐུ་ནི་རེ་རེ་གནསཿ གོལ་ཏེ་འཁྲུལ་པའི་དབང་གྱུར་པསཿ མ་མཐོང་མ་རྟོགས་ལས་ཀྱིས་ནོངསཿ ཞེས་གསུངས་པ་ལྟར་ལུས་ཅན་ཐམས་ཅད་ཀྱི་སྙིང་དབུས་ན་གཉུག་མ་མི་ཤིགས་པའི་རྟ་མགྲིན་རེ་ཡོད་དེ། དེ་མ་རིག་པའི་བག་ཆགས་ཀྱི་དབང་གིས་རང་གི་གནས་ལུགས་སྟོང་པ་ཉིད་ལས་གོལ་ཏེ་གཉིས་སྣང་འཁྲུལ་པའི་ཕྱོགས་སུ་ཡེངས་ནས་རྩལ་བདེན་འཛིན་དུ་ཤར་ཏེ་འཁོར་བའི་འཁོར་ལོ་སྐོར་བ་དེ་སངས་རྒྱས་ཀྱི་གསུང་རྡོ་རྗེའི་རྐྱེན་ལས་རང་གི་དེ་ཁོ་ན་ཉིད་ལྟ་བའི་དྲན་པ་རྙེད་ཅིང་ཤེས་རབ་ཀྱི་མིག་གཉུག་མ་རང་གི་སྟེང་ནས་སད་དེ། ཁ་ཕྱིར་ཕྱོགས་པའི་ཀུན་རྟོག་གི་གཡེང་བ་རྟེན་ལས་རླུང་དང་བཅས་པ་རང་སར་སྡུད་པ་དང་། དེ་ལས་སྟོང་ཕྱོགས་བདེ་སྟོང་ཡེ་ཤེས་ཀྱི་རྟ་མཆོག་དང་། སྣང་ཕྱོགས་བདེ་ཆེན་སྒྱུ་མའི་རྟ་མཆོག་ཇེ་སད་ཇེ་དག་ལ་འགྲོ་བ་ཡང་རྟ་སྐད་ཀྱིས་སེམས་ཅན་ཐམས་ཅད་དཔལ་ཧེ་རུ་ཀའི་འཁོར་ལོར་སྤྲུལ་པར་བྱེད་པའི་གནད་དོ། །ཚུལ་འདི་ལེགས་པར་བསྒོམ་ན་ལྷ་སྔགས་ཀྱི་ནུས་པ་ཆེར་སོང་སྟེ་རྟ་མཆོག་དངོས་དང་མཇལ་བ་ན་རྟ་ཞལ་བཞད་པའི་སྒྲ་དབྱངས་ཐོས་པ་ཙམ་གྱིས་སྙིང་དབུས་མི་ཤིགས་པའི་ནོར་བུ་ཡིད་བཞིན་གྱི་སྣང་ནས་ཀུན་ཏུ་བཟང་པོའི་སྨོན་ལམ་དང་སྤྱོད་པ་རྒྱ་མཚོའི་དངོས་གྲུབ་ཁ་ཕྱེ་བར་འགྱུར་རོ། །

TN03_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༤)བཀའ་སྒོའི་རྟ་སྐད་ལྟ་བར་དགོངས་པའི་སྐབས། དང་པོས་གདུལ་བྱ་ཐུན་མོང་གི་ལམ་གྱིས་སྣོད་རུང་དུ་བྱེད། གཉིས་པས་དབང་དང་དམ་ཚིག་ལ་འགོད། གསུམ་པས་སྤྱི་སྦས་མཐར་ཐུག་གི་མངོན་རྟོགས་ལ་འགོད་ཅེས་བཤད་ན་ལམ་རིམ་འགངས་ཆེ་བ་འདྲ་སྟེ་དཔྱད། ༈ རྟ་སྐད་དོན་བསྡུའི་ཐད། ངོ་བོ་དོན་སྐད་ནི་ལྟ་བར་དགོངས་པའི་རྟ་སྐད་དངོས་ཡིན་ཏེ། སྣང་ཕྱོགས། སྟོང་ཕྱོགས། ཟུང་འཇུག་གི་རྟ་སྐད་གསུམ་མོ། །གསང་སྔགས་གནད་སྐད་ནི། དེ་དག་རྟ་སྐད་དུ་འཇོག་པའི་འཐད་པ་བརྡ་དོན་གཉིས་ཆོས་མཐུན་སྦྱོར་ཚུལ་གྱི་སྒོ་ནས་བཤད་པའོ། །སྤྱོད་པར་དགོངས་པའི་སྐབས་སུ། དཔལ་གྱི་རྟ་སྐད་ནི་ཧེ་རུ་ཀའི་རྟ་སྐད་ཉིད་ངོས་བཟུང་བ། གཞན་གཉིས་སླ། དཔལ་ཆེན་ཆེ་སྐད་ནི། དེའི་ཆེ་བ་བསྟན་པ་སྟེ་དབང་གི་ཕྲིན་ལས་ཁྱད་པར་ཅན་དུ་མཛད་ཚུལ་གྱི་སྒོ་ནས་རྟ་སྐད་མཛད་པའི་རྒྱུ་མཚན་གཞན་བཤད་པའོ། །དེའང་མཐུན་རྫས་བསགས་ཡུན་རིང་དུ་བསྒྲུབ་ཀྱང་འདུར་མི་བཏུབ་པའི་སྡེ་བརྒྱད་ཆེ་དྲེགས་ཀྱིས་འགྱིང་བ་རྣམས་རྟ་བསྙེན་ཐེམས་ནས་ཏིང་ངེ་འཛིན་གྱི་འཚེར་སྐད་ཕྱུངས་པ་ཙམ་གྱིས་དེའི་མོད་ལ་རང་དབང་མེད་པར་རྐང་པའི་དྲུང་དུ་བཀུག་འོང་བ་ནི་རྟ་སྐད་དབང་ཆེ་ཞིང་མཐུ་མྱུར་བའི་ཆེ་བ་ཡིན་ཏེ། བསྙེན་བཀུར་རྒྱ་ཆེན་དང་བཅས་ཏེ་འདོད་དོན་ལ་གསོལ་བ་རིང་དུ་བཏབ་ཀྱང་གྲོགས་བྱེད་པ་ལྟ་ཅི། སྙན་གཡར་བ་ཙམ་ཡང་དཀའ་བའི་སྟོབས་ལྡན་གྱི་སྡེ་དཔོན་

TN03_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༥)ཆེན་པོ་རྣམས་ལ་མིའི་བདག་པོའི་བཀའ་ཡིག་རྟགས་ལྡན་ཁྱེར་ཏེ་འོང་ན་འཁྱེར་མཁན་གདོལ་པ་ཐ་ཤལ་ཅིག་ཡིན་ཡང་མཐོང་བའི་མོད་ལ་དྲེགས་པའི་རལ་པ་བསྙིལ་ནས་སྤྱི་བོས་ནོད་པར་བྱེད་པ་དེ་རྒྱལ་པོ་ཆེན་པོའི་དབང་ཕྱུག་གི་མཐུ་ཡིན་པ་བཞིན་ནོ། ༈ །རྟ་སྐད་ཀྱི་བཤད་པའི་སྐབས་དུ་མར་བསྐྱེད་རྫོགས་རྫོགས་ཆེན་གསུམ་ཞེས་གསུངས་པ་ནི། །རྒྱུད་ཀྱི་ཞུང་ཟུར་དུ་བྲིས་པ་ལྟར་སྤྱི་སྦས་མཐར་ཐུག་གི་ལམ་གསུམ་ལ་བཤད་ན། མན་ངག་ལྟ་ཕྲེང་དང་བདེ་འདུས་བསྐྱེད་རྫོགས་གསུམ་གྱི་གདམས་པ་ལ་འགྲིགས་ཤིང་། མདོ་སྔགས་སྨོན་ལམ་ལས་དེ་ལྟར་གསུངས་པ་དེ། ཕྲེང་པོ་པའི་རྣམ་ཐར་རུ་རིན་ཆེན་ཕུན་ཚོགས་ཀྱི་གསུང་། ཁོ་བོའི་རྡོ་རྗེ་སློབ་དཔོན་མངའ་རིས་པ་ཆེན་རིན་པོ་ཆེ་དེའི་མཁྱེན་རབ་ལ་མཐའ་མེད། དེའི་བཀའ་ལས། རྙིང་མ་ལུགས་མཐུན་ཞིག་བྱེད་ན་གསང་སྔགས་སྔ་འགྱུར་རང་གི་བསྟན་པའི་བབས་ལ་བཀའ་གཏེར་ཟུང་གཅིག་གཅེས། བཀའ་མ་ནི་མདོ་སྒྱུ་སེམས་གསུམ་ལ་བཀའ་བབས་ཆུ་བོ་བཞིའི་སྒོ་ནས་བཤད་རྒྱུན་རྣམ་པར་དག་པ་འདུག་པ་བཞིན་བཤད་པ་ལག་ལེན་དང་བཅས་པ་བཀའ་མ་ལྟར་བྱེད་དགོས། ཆོས་ཀྱི་ཟབ་གནད་རྣམས་ནི་བརྒྱུད་པ་དང་ཆོས་ལ་སེལ་མེད་ཅིང་མཁའ་འགྲོའི་ཁ་རླང་ཆི་ལེ་བ་དེ་གཏེར་མ་ཡིན་པས་གཏེར་ཆོས་ཚད་ལྡན་ལྟར་དགོས། དེ་ལྟར་བྱས་ན་རྙིང་མ་ཚུལ་མཐུན་ཅིག་ཡོང་

TN03_Page_0945
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༦)གསུང་། ཞེས་སོགས་འབྱུང་བ་ལྟར་པ་ཆེན་ཆོས་ཀྱི་རྒྱལ་པོ་སོགས་རིག་འཛིན་གོང་མའི་མན་ངག་མངའ་བའི་བཤད་སྲོལ་ཡིན་པས་ཆེས་བཟང་བར་མཐོང་ངོ་། ༈ །གསང་རྫོགས་དང་རང་ཤར་གྱི་རྟ་སྐད་རྣམ་བཤད་ལས། རང་སེམས་དྲི་མ་མེད་པ་དང་། །རང་རིག་ཅེས་གསུངས་པ་ནི་འོད་གསལ་མི་ཤིགས་པའི་སེམས་ཡིན་ཏེ། གསང་རྫོགས་ལུས་གནད་རྩའི་མན་ངག་ལས། དྷཱུ་ཏི་འཆད་པ་ན། རྩའི་གཙོ་མཆོག་ཧེ་རུ་ཀ་ཞེས་ཀྱང་བྱ་སྟེ་རང་སེམས་རྣམ་དག་གསལ་བའི་མན་ངག་གོཿ ཞེས་རང་སེམས་རྣམ་དག་དེ་རྩ་དབུ་མའི་གནད་ལ་བརྟེན་ནས་གསལ་དགོས་པར་བཤད་པ་དང་། འགྱུ་བྱེད་རླུང་གི་གདམས་པ་ལས། ཡང་རྔུབ་ཡང་བསྐྱིལ་ཡང་འཕང་བར་བྱ་སྟེ་གནས་པའི་རླུང་ལ་བསྐྱིལ་ཡུན་བསྲིང་བ་ནི་དྷཱུ་ཏིར་ཚུད་པའི་གནད་དོཿ དེ་ལྟར་ཞག་ཉེར་གཅིག་ཚུན་ཆད་འབད་པས་རླུང་ཟིན་རྟགས་ནི་རླུང་འགྱུ་བ་མི་ཚོརཿ གར་སྤྱིན་ལ་སྦྲང་བུ་འབྱར་བ་ལྟར་གཡོ་འགུལ་མི་ནུས་པ་འབྱུང་ཿ དེའི་ཚེ་བླ་མས་ངོ་སྤྲད་པའི་ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་རྟོགས་ཏེཿ ཉོན་མོངས་རྣམ་རྟོག་ཐམས་ཅད་རང་སངས་ནས་རང་བྱུང་ཡེ་ཤེས་མཐའ་རྒྱས་པར་འགྱུར་རོཿ ཞེས་སྲོག་དྷཱུ་ཏིར་ཚུད་པ་ལས་རིག་པ་ངོ་འཕྲོད་པར་གསུངས་པ་དང་། འབར་འཛག་གཏུམ་མོའི་གདམས་པར་འཁོར་ལོ་བཞིའི་ལྟེ་བར་ཐིག་ལེའི་རང་བཞིན་གྱི་ཡི་གེ་བསྒོམས་ནས་སེམས་འཆིང་བར་བཤད་

TN03_Page_0946
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༧)པའི་སྐབས་སུ། རང་རིག་སྤྲིན་མེད་པར་སྣང་བཞིནཿ དྭངས་ལ་གསལ་བ་རང་སར་ཞོགཿ མེ་ལོང་ནང་གི་གཟུགས་བརྙན་ལྟརཿ ས་ལེ་ཧྲིག་གེ་འཛིན་མེད་དུ་བཞག་གོཿ དེ་ཁོ་ན་ངོ་སྤྲད་པ་ནིཿ དེ་ལྟར་སྲོག་འཛིན་བྱང་ཆུབ་སེམས་ཀྱི་རང་བཞིནཿ བདེ་སྟོང་འཛིན་མེད་དུ་སྙིང་དབུས་སུ་སད་པསཿ འཁོར་འདས་ཐམས་ཅད་ཡེ་ཤེས་ཀྱི་རྩལ་དུ་ཤེསཿ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་ཟིནཿ ཞེས་གསུངས་ཤིང་། སྲོག་འཛིན་བྱང་ཆུབ་སེམས་ཀྱི་ངོས་འཛིན་ཡང་དེ་ཉིད་ལས། སྲོག་འཛིན་བྱང་ཆུབ་སེམས་ནིཿ སྙིང་དབུས་ཁྲག་གི་དྭངས་མ་བྱེའུ་ལྕོག་གའི་སྒོ་ང་ཙམ་གྱི་ནང་ནཿ འོད་ཀྱི་གའུ་སྲན་མ་ཙམ་པའི་དབུས་ནཿ དྲན་རིག་ཤེས་པ་གནས་སོཿ ཞེས་སོ། །དེ་འདྲ་བའི་རང་སེམས་དྲི་མེད་དེ་ཉིད་བདེ་བའི་ཆགས་ཉམས་དང་ལྡན་པ་དང་། དེའི་སྟེང་ནས་ལམ་བསྒྲུབ་ན་སྒྲུབ་གཞི་རླབས་ཆེ་བའི་དབང་གིས་ས་ལམ་ཆེས་བདེ་མྱུར་དུ་བགྲོད་པས་ན་རྟའི་ཞལ་ལོ། །འཚེར་སྐད་ནི་འབོད་ཅིང་སྐུལ་བར་བྱེད་པའི་ཆགས་སྐད་དེ། གང་སྣང་བརྟན་གཡོ་ཐམས་ཅད་ལྷན་སྐྱེས་ཡེ་ཤེས་ཀྱི་མདངས་སུ་ཁ་དོག་བསྒྱུར་ཏེ། མ་རིག་པའི་གཉིད་ཀྱིས་ནོན་པའི་འཁྲུལ་སྣང་འདི་དག །ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོ་ཉག་གཅིག་ཏུ་སད་པར་བྱེད་ཅིང་། དེའི་ཚུལ་གྱིས་སྣང་གྲགས་རྟོག་གསུམ་བདེ་ཆེན་བསམ་མི་ཁྱབ་ཀྱི་ཐིག་ལེར་བསྡུས་ནས་འོད་གསལ་དང་

TN03_Page_0947
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༨)སྒྱུ་འཕྲུལ་དྲ་བའི་ལྟད་མོ་གཉིས་ལ་རྩེ་གཅིག་ཏུ་བྱེད་པའོ། །ཡུལ་སྣང་གང་ཤར་གྱི་སྟེང་དུ་བདེ་བའི་རྩལ་འབར་བའམ་རྒྱས་པ་ལ་བདེ་ཆེན་བཞད་པའི་གད་རྒྱངས་སུ་འཇོག་པ་ནི། མཚན་བརྗོད་ལས། གང་རྒྱངས་ཧ་ཧ་ངེས་པར་སྒྲོགས། །སོགས་དང་ཡང་ཕྱོགས་མཐུན་ནོ། ༈ །སེམས་ཅན་གྱི་དུས་ན་ཤེས་པ་ཡུལ་ལ་གཡོ་བའམ་ཡུལ་བགྲོད་པར་བྱེད་པ་ལ་རླུང་ཞེས་ཟེར་ལ། དེའི་རྩ་བ་མཐར་གཏུག་ན་འོད་གསལ་གྱི་བཞོན་པའམ་འོད་གསལ་སྤྲོ་བསྡུ་བྱེད་མཁན་གྱི་རླུང་མི་ཤིགས་པ་ལ་ཐུག་གོ །འགྲོ་འོང་། འབྲས་དུས་སུ་དེ་འདྲའི་གཡོ་བ་དེ་གཏན་ནས་མེད་ཀྱང་། དེའི་དོན་དུ་ཡེ་ཤེས་རང་གི་སྟེང་ན་བརྟན་གཡོའི་འཇིག་རྟེན་མཐའ་དག་ལ་ཁྱབ་པར་ཞུགས་ནས་དེ་ཐམས་ཅད་བདེ་བའི་རོ་ཉམས་སུ་འཆར་བར་བྱེད་པའི་རྩལ་ཤུགས་མཐར་ཕྱིན་པ་ཡོད་པས། དེ་ཉིད་ལ་སྔོན་གྱི་རྗེས་སུ་འབྲངས་པ་སྟེ། རྒྱུ་དུས་ཀྱི་ཤན་གྱིས་ཡེ་ཤེས་ཀྱི་རླུང་ཞེས་ཐ་སྙད་བྱེད་པ་ཙམ་མོ། །སེམས་ཅན་གྱི་ངག་དག་པ་ནི་གསུང་རྡོ་རྗེ་ཡིན་ཅིང་། ངག་གི་རྩ་བ་རླུང་ཡིན་པས། དེའི་ཤན་གྱིས་གསུང་རྡོ་རྗེའི་འཆར་གཞིའང་ཡེ་ཤེས་ཀྱི་རླུང་དེའོ། །འདི་ལ་སྒྱུ་དྲའི་ལེའུ་བཞི་པ་ལ་སོགས་པར་ཤེས་དང་ཤེས་བྱ་མཚམས་སྦྱོར་བའམ་བརྡ་སྤྲོད་པར་བྱེད་པ་ལ་གསུང་ཞེས་བཤད་པ་སོགས་ལ་བརྟེན་ནས་ཞིབ་ཏུ་བསམ་མོ། །ད་ལྟ་ནས་སངས་རྒྱས་པའི་ཡེ་ཤེས་ཀྱི་རྩལ་ལམ་མཐུའི་ཁྱད་པར་དེ་ལྟ་བུ་དེ་ལག་

TN03_Page_0948
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༩)རྗེས་སུ་འཇོག་བྱེད་ཀྱི་རྒྱུ་མཐུན་སྒྲུབ་ཚུལ་ནི། བརྟན་གཡོ་ཐམས་ཅད་འོད་གསལ་གྱི་རྣམ་འཕྲུལ་གྱི་ལྷ་སྔགས་རབ་འབྱམས་སུ་དབང་བསྒྱུར་བར་བྱེད་པའི་རྣལ་འབྱོར་འདི་ཉིད་ཡིན་ཅིང་། འདིའི་སྒོ་ནས་ཡང་དང་ཡང་དུ་འོད་གསལ་མངོན་དུ་བྱས་ཏེ། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུས་ཉམས་ནི་དུ་མས་གར་མཛད་དོ། །ཞེས་པའི་བག་ཆགས་འོད་གསལ་ལ་ཡང་ཡང་བཞག་སྟེ་སྟོབས་སུ་གྱུར་པ་ན། མི་ཤིགས་པའི་རླུང་སེམས་རང་གི་སྟེང་ནས་སྒྱུ་འཕྲུལ་དྲྭ་བའི་གནས་ལུས་ལོངས་སྤྱོད་འབྱམས་ཀླས་པ་སྨིན་ཅིང་སྤྲོ་བའི་ནུས་པའང་ཐོབ་འོང་བས། གསང་རྫོགས་སོགས་སུ་ཡེ་ཤེས་ཀྱིས་ཡུལ་ལ་ལོངས་སྤྱོད་ཚུལ་ཁྱད་པར་བའི་སྟེང་ནས་པདྨ་གསུང་དབང་ཆེན་གྱི་རྟ་སྐད་ལ་བཤད་པ་མཛད་དོ། །དེ་ལྟར་བྱས་ན་གསུང་རྡོ་རྗེ་མི་ཤིགས་ནཱ་དའི་དབྱངས་ཞེས་པ་ལྷན་སྐྱེས་ཀྱི་བདེ་བའི་གདངས་ཉིད་ལ་འཇོག་པས། རྗེས་ཆགས་ཀྱི་འཚེར་སྐད་དུ་ཆེས་འཐད་དོ། ༈ །མཐའ་བྲལ་སྟོང་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་གཏིང་མཐར་ཐུག་ཡིན་ཏེ། སྡུད་པར། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །ཅེས་དང་། མཐར་ཐུག་བདེན་པ། ཞེས་དང་། དོན་དམ་བདེན་པ་ནི་ཀུན་རྫོབ་ཀྱི་གནད་གསང་དེ་ཕན་ཆད་དུ་འབྱེད་རྒྱུ་མེད་པ་ཡིན་པས་དེ་རྟོགས་པ་ལ་ཤིན་ཏུ་རྣམ་པར་ཕྱེ་བའི་བློ་ཞེས་བཤད་པར་ས་བཅུ་པའི་དབྱིག་འགྲེལ་ལས་གསུངས་པ་རིགས་པ་མཚུངས་སོ། །དེ་ལྟ་བུའི་གནས་ལུགས་ཀྱི་

TN03_Page_0949
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༠)གཏིང་ཕིགས་པའི་རྣལ་འབྱོར་བླ་མེད་པའི་བདེ་ཆེན་གྱི་རྟ་སྐད་ནི་རྡོ་རྗེ་རྟ་སྐད་ཅེས་བྱ་སྟེ། སྲིད་ཞིའི་ཆོས་གང་ལ་ཡང་ཐལ་བྱུང་ཐོགས་མེད་དུ་འཇུག་པའི་ཕྱིར་དང་། ཤིན་ཏུ་ཚབས་ཆེར་འཇུག་པའི་ཕྱིར་རོ། །དེ་བས་ན་དངོས་པོ་ཐམས་ཅད་ཀྱི་རང་དབང་གི་རྒྱ་གཏན་ནས་བཤིགས་ཏེ། གནད་སྲོག་ནས་བཟུང་སྟེ་འདྲེན་པར་བྱེད་ལ་ཕ་ལམ་གྱི་ཀྱོ་བས་ལྕགས་འབིགས་པ་ལ་རྩའམ་ཤིང་གི་གོ་ཆས་སྲུང་མི་ནུས་པ་ལྟར། དེ་ལ་བར་ཆད་ཀྱི་རྣམ་པ་གང་གིས་ཀྱང་བགེགས་བྱར་མེད་པ་ཡིན་ནོ། ༈ །བདེ་སྟོང་གི་རྣལ་འབྱོར་གྱིས་ཡུལ་སྣང་ཟིལ་གྱིས་གནོན་པའི་ནུས་པ་ཀློང་དུ་གྱུར་པ་ན། དབང་གི་རྒྱལ་སྲིད་ཐོབ་པ་ཡིན་པས་ཐུན་མོང་གི་དངོས་གྲུབ་དམ་པར་བསྔགས་ཤིང་། རྟ་སྐད་ཀྱི་དགོངས་པ་དེ་དང་མི་མཐུན་པའི་ཡིད་བྱེད་མཉམ་རྗེས་ཐམས་ཅད་དུ་བཀག་སྟེ། ལྷན་སྐྱེས་ཀྱི་བདེ་བའི་སྟེང་ནས་དེ་ཁོ་ན་ཉིད་ལ་སེམས་བརྟན་པར་བྱེད་པ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་རྩ་བ་དམ་པ་ཡིན་པས། རྟ་སྐད་ཀྱི་རྣལ་འབྱོར་དངོས་གྲུབ་རྒྱ་མཚོའི་སྲག་ཏུ་ཟུང་སྟེ། བདེ་འདུས་མ་ཚང་ཁ་སྐོང་བའི་རྒྱུད་ཀྱི་ལེའུ་དགུ་པ་དབང་ཆེན་སྒྲུབ་པའི་ཁ་སྐོང་གི་ལེའུར། རྟོགས་པའི་རི་བོ་སེམས་ཉིད་དུཿ སྣང་བ་ཐམས་ཅད་དབྱེར་མེད་ནཿ ཐུན་མོང་དངོས་གྲུབ་དམ་པ་ཡིནཿ དབང་གི་དཀྱིལ་འཁོར་རང་ལ་སྣང་ཿ རིག་པའི་རྒྱལ་པོ་རང་དབང་ཐོབཿ རང་རིག་བདེ་བར་གནས་པ་ནིཿ དབང་གི་སྒྲུབ་པའི་མཐར་ཐུག་སྟེཿ མཆོག་གི་དངོས་གྲུབ་རྩ་བ་ཡིནཿ ཞེས་སོ།

TN03_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༡)སྣང་བ་དབང་དུ་གྱུར་ན་སྣང་སྲིད་ཚུར་འདུ་བའི་ཚུལ་ཁྱིམ་གསུམ་ཟིན་ཐོར་སྡེ་བརྒྱད་དབང་སྡུད་ལ་སྦྱར་བ་དེ་གཞན་རྣམས་ལའང་འདྲ་བས། རང་སྣང་དབང་དུ་འདུས་ན་གཞན་སྣང་ཟིལ་གྱིས་ནོན་ཅེས་རིག་འཛིན་བརྒྱུད་པའི་གསུང་སྒྲོས་ལས་འབྱུང་། དེས་ན་བཀའ་བརྒྱད་བསྡུས་འབྲིང་གཉིས་ལས་གཟུག་འཛིན་དབང་བྱེད་ཀྱི་གནད་འདི་དབང་གི་རྟ་སྐད་ཀྱི་དགོངས་པར་གསུངས་ཏེ། ཤིན་ཏུ་གཅེས་པར་སྣང་ངོ་། ༈ །རྗེ་གྲུབ་ཐོབ་ཆེན་པོའི་པདྨ་སྒྱུ་འཕྲུལ་རོལ་པའི་གཞུང་འདིར་རྟ་སྐད་བཤད་ཚུལ་ནི། རྟ་སྐད་ཀྱི་དབྱེ་བ། དེ་ཉིད། མཛད་པ་དང་གསུམ་ལས། དང་པོ་ནི། བྲོ་ཆོགས་ལས་རིགས་དྲུག་གི་རྟ་སྐད་སོ་སོར་གསུངས་པ་རྣམས་སོ། །གཉིས་པ་ལ། སྤྱི་དང་། བྱེ་བྲག་གི་དེ་ཉིད་གཉིས་ལས། དང་པོ་ནི། དཀྱིལ་ཆོག་ལས། ཡེ་ཤེས་གཟི་འབར་རྔམས་ཤིང་བཞད་པའི་སྒྲསཿ འཁོར་འདས་ཐམས་ཅད་དབང་སྒྱུར་ཟིལ་གྱིས་གནོནཿ ཞེས་གསུངས་པ་དེའོ། །གཉིས་པ་ནི། བདེ་ཆེན་གྱི་ཡེ་ཤེས་ལ་ལྡོག་ཆས་ཕྱེ་བའི་ཡེ་ཤེས་དྲུག །རྟ་སྐད་སོ་སོ་དང་སྦྱར་ནས་བྲོ་ཆོག་ཏུ་གསུངས་པ་རྣམས་སོ། །གསུམ་པ་ལ། སྤྱིའམ་གཙོ་བོའི་མཛད་པ་ནི་དཀྱིལ་ཆོག་གི་གཞུང་དེས། བཞད་སྒྲའི་གཟི་བྱིན་གྱིས་འཁོར་འདས་ཐམས་ཅད་ཟིལ་གྱིས་གནོན་པར་བསྟན་ནོ། །སོ་སོའི་མཛད་པ་ནི། རིགས་སོ་སོའི་རྟ་སྐད་ཞི་སོགས་ལས་སོ་སོ་དངསྦྱར

TN03_Page_0951
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༢)ནས་བྲོ་ཆོག་ཏུ་གསུངས་པ་རྣམས་སོ། ༈ །དེ་ལྟར་རྟ་གླུ་དེ་ཉིད་རིགས་ཀྱི་དབྱེ་བས་སྒྱུར་ལུག་རེ་བྱས་པས་རྣམ་བཞིའི་ཕྲིན་ལས་རབ་འབྱམས་བྱེད་པར་གསུངས་པ་ནི། རྟ་གླུའི་དེ་ཉིད་རྗེས་ཆགས་ཀྱི་བདེ་བ་གཅིག་པུ་དེ་ཉིད་སྒྱུར་ལུགས་རེ་བྱས་པས་ལས་ཚོགས་རབ་འབྱམས་བྱེད་ཅིང་དེའང་ཐུན་མོང་གི་དངོས་གྲུབ་ཁ་ཅིག་ནི་དེ་མེད་པར་གཏན་མི་འགྲུབ་པའང་ཡོད་ལ། ལས་ཕྲན་ཚེགས་རྣམས་ཀྱང་། དེ་ཡོད་ན་དུས་ཐུང་ངུ་དང་། ཚེགས་ཆུང་ངུས། མཚན་ཉིད་ཡོངས་སུ་རྫོགས་པར། འགལ་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པའི་ཚུལ་གྱིས་འགྲུབ་པར་བྱེད་པའི་མཐུ་ཕུལ་དུ་བྱུང་བ་ཡོད་པ་ལ་དགོངས་ནས། བདེ་སྟོང་གི་ཡེ་ཤེས་ལ་ལས་སྔགས་སུ་རྒྱུད་ལས་གསུངས་པ་དང་སྦྱར་ནས་ངེས་པ་དྲང་ངོ་། །དངོས་གྲུབ་བསྒྲུབས་ཀྱང་མ་གྲུབ་ན་སྤོགས་ཆོག་བྱ་བའི་སྐབས་སུ་སྤྱོད་རྒྱུད་ལས། སྟོང་ཉིད་སྒོམ་པ་སྤོགས་ཆོག་གི་མཆོག་ཏུ་སུངས་པ་དང་། །སྟོང་ཉིད་སྒོམ་བྱེད་ཀྱི་ཡུལ་ཅན་ལ་ལྷན་སྐྱེས་ཀྱི་བདེ་བ་བསྔགས་པས། དེ་དང་ཡང་སྔ་མ་སྦྱར་ན་དགའ་བ་སྟེར་ཏེ་འདི་གཞན་ནས་བླངས་སོ། ༈ །རྟ་སྐད་ཀྱི་གསལ་བྱེད་དྲན་ཐོ་མཁས་པའི་ཡིད་འཕྲོགས་འདི་ལ་ཞར་བྱུང་གཅེས་པ་འདི་ལྟ་བུ་ཡོད་དེ། འཇིག་རྟེན་དབང་པོའི་མཚན་བརྒྱ་ལ། མཆོག་ཆེན་རྡོ་རྗེའི་གླུ་ལ་བསྟོད་པ། ཞེས་གསུངས་པ་དང་། ཀྱེ་རྡོར་བརྟགས་པ་ཕྱི་མའི་ལྔ་པར། གླུ་གསུང་རྡོ་རྗེའི་རྣལ་འབྱོར་

TN03_Page_0952
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༣)གྱིས་བླང་། ཞེས་གསུངས་ལ། ཁྱད་པར་འཚེར་སྐད་ནི་རྗེས་ཆགས་ཀྱི་གླུ་དབྱངས་ཡིན་པས་འདོད་ཆགས་རྡོ་རྗེའི་རིགས་སོ། །འདུས་ཀྱེ་སོགས་ལས། པདྨའི་རིགས་ཀྱི་ཕྱག་རྒྱ་གར་མཁན་གྱི་བུ་མོ་ཞེས་བཤད་པ་དང་། འོད་དཔག་མེད་ལ་གར་དབང་ཞེས་རྒྱུད་མང་པོར་གྲགས། རྟ་རྒྱུད་རྣམས་སུ་བྲོ་ཁོ་ན་རྣམ་གྲངས་དུ་མས་ཡང་ཡང་བཤད་ཡོད་པའང་འདི་ལྟར་ཡིན། གསང་རྫོགས་ལས། གླུ་བྲོ་གར་ལ། ཞེས་དང་། སྒྱུ་དྲ་ལས། བྲོ་གར་འདུ་འཕྲོའི་ཡོ་བྱད། ཅེས་པས་བྲོ་གར་འདྲའོ། །དེ་ལྟར་ན་པདྨའི་རིགས་རྣམས་ཀྱི་རིགས་ཆོས་ཀྱི་ལས་སྒོ་གསུམ་གྱི་བྱ་བ་མཐའ་དག་གླུ་གར་གྱི་ཏིང་ངེ་འཛིན་ཁོ་ནའི་སྟེང་ནས་སྐྱོང་བ་ནི། བདེ་མཆོག་པའི་གཡོན་པའི་ཀུན་སྤྱོད་ལྟར་འདིའི་སྔགས་པའི་བསླབ་པའི་ཀུན་སྤྱོད་བླ་ན་མེད་པར་སྣང་བས་ཕའི་རིགས་ཀྱི་ལས་ལ་བུ་ངེས་པར་སྤྱོད་པ་བཞིན་དུ་ཡི་དམ་བྱའོ། ནི་གླུ་བྲོའོ། །དེས་ན་དེ་གཉིས་ཀྱི་སྒོ་ནས་དངོས་གྲུབ་སྒྲུབ་པ་འདི་རྟ་རྒྱུད་ལས་མང་དུ་གསུངས་ལ། གཞུང་འདིར་ཡང་རྟ་བྲོ་རིགས་དྲུག་དང་། དེ་དག་གི་སྒོས་མཛད་དྲུག །སྤྱིའི་ཆེ་བརྗོད་དང་བཅས་པ་གསུངས་སོ། ༈ །གྲོལ་ཐིག་རྟ་མགྲིན་དྲེགས་འདུལ་ལས། འཁོར་འདས་དབང་དུ་སྡུད་པའི་གདེང་ནིཿ དབང་ཆེན་རྟ་མགྲིན་གྱི་ཡེ་ཤེས་ཀྱི་རོལ་པ་ཆེན་པོ་གཅིག་ལས་ནམ་ཡང་གཡོ་བ་མེད་པའི་ངང་ལས་གང་ལ་ཡང་ཉམ་ང་བ་དང་བག་ཚ་བ་མེད་པར་གདོན་བགེགས་ཀྱི་སྟེང་དུ་ཐོག་བརྫི་

TN03_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༤)བྱའོཿ དེ་ལྟ་བུ་དགོངས་པ་དང་ལྡན་ཙ་ན་ལྷ་འདྲེ་མི་གསུམ་དབང་དུ་འདུ་བར་འགྱུར་རོཿ དྲེགས་པ་ཅན་རྣམས་ལས་ལ་བཀོལ་ནས་བྲན་བཞིན་དུ་ལས་བྱེད་དོཿ གལ་ཏེ་བྲན་དུ་མི་ཁོལ་བའམ་ལས་བྱེད་དུ་མ་འདོད་ནཿ ཨོཾ་བཛྲ་དུན་བྷྱོཿ སོགས། ཞེས་རྩ་སྔགས་ལ་བཏགས་ནས་བྲོ་བརྡུང་བས་བར་ཆད་གདོན་བགེགས་རྡུལ་དུ་བརླག་པར་ཐེ་ཚོམ་མེད་དོཿ ཞེས་སྣང་སྲིད་ཐམས་ཅད་བདེ་ཆེན་གྱི་རོལ་པར་ལྟ་བའི་སྒོ་ནས་མི་ཕོད་པའི་ཡུལ་དུ་ཐོག་བརྫིས་གཏོང་བར་བཤད་དོ། འདི་ནི་བརྟགས་གཉིས་ལས་སྤྱོད་པའི་སྐབས་སུ། ངེས་པར་སྔོན་དུ་ལྷ་མིན་གང་། །བརྒྱ་བྱིན་ལྟ་བུ་ཡིན་ན་ཡང་། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། །ཞེས་གསུངས་པ་ལྟ་བུ་སྟེ་གལ་ཆེའོ། །དེ་དང་འདྲ་བར་རྟ་མཆོག་རོལ་པའི་རྒྱུད་ལས་ཀྱང་། ཐུག་ཕྲད་ཀྱི་དངོས་པོ་གང་ལ་ཡང་མི་བཟུར་ཞིང་ཐེ་ཚོམ་མེད་པར་སྨྱོན་པའི་བརྟུལ་ཞུགས་ཀྱིས་རྫི་ཞིང་རྡེག་པ་ནི་གདུག་པ་དང་དྲེགས་པ་ཅན་མཐའ་དག་ཐོགས་མེད་དུ་འདུལ་བ་ལ་ངེས་པར་བསྟན་པར་བྱ་བའི་བརྟུལ་ཞུགས་སུ་གསུངས་ཏེ། བར་ཆད་ཀྱི་རྐྱེན་གང་དང་ཕྲད་ཀྱང་དེ་མ་ཐག་སྒྱུ་མ་ལྟ་བུར་ཤེས་པའི་རྣལ་འབྱོར་གྱིས་རྫི་ཞིང་འགྲོ་བ་དང་། དེའང་ཡང་དང་ཡང་དུ་རྡེག་པའམ་རྫི་བའི་ཏིང་ངེ་འཛིན་གྱིས་བརྟུལ་ཞུགས་བྱེད་པ་ཉིད་དོ། །དེ་དག་ཀུན་ཀྱང་རྟ་བྲོའི་དགོངས་སྤྱོད་ཉིད་འཆད་པར་སྣང་ངོ་། །དང་

TN03_Page_0954
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༥)པོ་ནས་མོས་སྒོམ་ཚུན་ཆད་ཀྱིས་གོམས་པར་བྱས་ན་མཐར་ཡུལ་རྐྱེན་བཟང་ངན་ཐམས་ཅད་ཟིལ་གྱིས་གནོན་ནུས་སོ། །དུས་ངན་གདོན་བགེགས། སྔོན་ལས། དུས་ཀེགས་སོགས་གང་ལའང་བདག་གཉིས་ཀྱི་སྲོག་དང་ལྡན་པར་མཐོང་བའི་ལོག་ཤེས་ཅི་ཙམ་ཤུགས་ཆེ་བ་དེ་ཙམ་དུ་དེའི་རང་མདངས་ཡུལ་ལ་ཤར་ནས་བར་ཆད་གང་ཡང་སྲོག་དང་ལྡན་པ་དང་། དེའང་རྡོ་རྗེ་ལྟར་བརླིང་བའི་སྲོག་དང་ལྡན་པ་བཞིན་དུ་མཐུ་ཆེ་ཞིང་གཞོམ་དཀའ་བར་འགྱུར་ལ། དེ་ལྟ་བུའི་འཛིན་པ་ཕྱིན་ཅི་ལོག་གི་འཁྲིལ་འཁོར་ཞིག་ནས། བར་ཆད་དེ་དག་ཐམས་ཅད་རང་སེམས་ཀྱི་གཤིས་ལ་གཏན་ནས་མ་ཞུགས་པའི་ལོག་རྟོག་གློ་བུར་བ་ཁོ་ནའི་རྩ་བ་ཅན་གྱི་རྒྱུ་རྐྱེན་དང་ཆ་ཤས་མང་པོ་ལ་བརྟེན་ནས་མིང་དང་རྟོག་པ་འབའ་ཞིག་གིས་བཟོ་སྦྱར་བའི་གསོག་ཉག་གཅིག་ཏུ་མཐོང་ནས་གོམས་པར་བྱས་ན། དེ་ཐམས་ཅད་ཀྱང་རི་མོའི་མདུང་ལྟར་མཐུ་མེད་པ་དང་། ལྦུ་བ་ལྟར་ཉམ་ཆུང་བ་ཤ་སྟག་ཏུ་འགྲོ་བས་གཞུང་འདིའི་གཏོར་ཟློག་ལས། དགྲ་གསུམ། བདུད་བཞི། ཆག་ཆེ་ཉམ་ང་ཐམས་ཅད་བདེ་སྟོང་གི་རྟོགས་པས་ཕམ་པར་བྱ་བར་གསུངས་པས་རྟ་བྲོའི་དགོངས་པ་བཤད་མ་ཐག་པའི་ངང་ནས་ཐོག་བརྫིས་གཏོང་བ་ནི་རིག་སྔགས་འཆང་གི་ལག་ཆ་བླ་ན་མེད་པའོ། །དེར་མ་ཟད་སྔགས་ཀྱི་སྐབས་འདིར་རྐྱེན་སྣང་དེ་དག་ཐམས་ཅད་དག་པ་རབ་འབྱམས་སུ་བལྟས་ནས་སློབ་རྒྱུ་ཡོད་པས། དེའི་ལག་རྗེས་ལ་འབྲས་

TN03_Page_0955
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༦)བུའི་དུས་སུ་རྣམ་དག་གི་ལྷ་སྔགས་ཕྱག་རྒྱའི་འཁོར་ལོ་རབ་འབྱམས་ཤིག་འབྱུང་ཞིང་། ལམ་དུས་སུའང་བགེགས་ཡི་དམ་གྱི་ལྷར་བལྟས་ནས་དངོས་གྲུབ་ལེན་པར་གཏེར་གཞུང་བྱང་གཏེར་གེགས་སེལ་ནོར་མཛོད་དང་། གྲོལ་ཐིག་ཐུགས་རྗེ་ཆེན་པོ་སོགས་ཏེ། སྐྱབས་རྗེའི་བསམ་ལྷུན་ཟིན་བྲིས་སོགས་མང་པོ་མང་པོར་སྣང་། ཚད་ལྡན་ནས་བཤད་པ་ལྟ་བུ་དུ་མ་ཞིག་ཡོད་དོ། ཡུལ་གྱི་སྟེང་གི་མ་དག་པའི་དུག་ཕྲོགས་ནས་དག་པ་དངོས་གྲུབ་ཀྱི་སྒོར་བྱིན་གྱིས་རློབ་པ་འདི་ནི་རྟ་སྐད་ཀྱིས་སྣང་བ་ཟིལ་གྱིས་གནོན་ཚུལ་ཡང་ཡིན་ནོ། །བསམ་རྒྱུད་འདི་ནི་རྣལ་འབྱོར་བླ་མེད་པའི་ལམ་གྱི་གཅེས་ནོར་ཅིག་སྟེ། རྡོ་རྗེ་ཕྲེང་བར། རྣལ་འབྱོར་དབང་པོ་གང་གང་འདོད། དེ་དེ་ཐོགས་པ་མེད་བར་བྱ། མཉམ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་ཏུ་མཉམ་པར་འཇོག་པར་འགྱུར། །ཅེས་སོགས་མཐའ་ཡས་པ་གསུངས་སོ། །དེ་ལྟར་གླུ་གར་གཉིས་ཀྱི་དེ་ཉིད་གཅིག་ཡིན་ཀྱང་། རྐང་སྟབས་དང་སྔགས་ཚིག་གི་སྒོ་སོ་སོར་ཤར་ནས་རིམ་བཞིན་སྐུའི་མཛད་པ་དང་གསུང་གི་མཛད་པའི་སྒོས་དངོས་གྲུབ་ཀྱི་རེ་བ་རྫོགས་པར་མཛད་པའོ། །བྲོ་ཕྱག་རྒྱར་འཇོག་ནའང་རུང་སྟེ། བྲོ་གར་གཉིས་ཀྱི་ཁྱད་པར་ནི། རྐང་པའི་བྲོ་དང་། ལག་པའི་གར་ཞེས་པ་སྟེ། བྲོས་རི་བྲག་དང་། ས་འོག་གི་འཁྲུལ་འཁོར་སོགས་ལ་ཐོགས་པ་མེད་པར་འཛུལ་ལམ་གར་གྱིས་ནམ་མཁའ་འགྲོ་བར་འགྱུར་ཞེས་སྒྱུ་འཕྲུལ་བ་རྣམས་གསུང་ངོ་། །འདི་ནི་སྒྱུ་འཕྲུལ་ལས་བཤད་ཚུལ་ཡིན་གྱི་རྣམ་པ་ཀུན་ཏུ་འཁྱེར་མི་བཏུབ་སྙམ། སྒྱུ་

TN03_Page_0956
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༧)འཕྲུལ་ལས། རྐང་གཉིས་ཆོས་དང་ལས་ཀྱི་སེམས་དཔར་གསུངས་ནས། ཡན་ལག་ཐམས་ཅད་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས་ཕྱག་རྒྱ་སྤྲོས་པའི་ལེའུ། ཞེས་གསུངས་པ་སོགས་ཀྱིས་རྐང་པ་བསྒུལ་བསྐྱོད་ཕྱག་རྒྱར་བྱ་བ་བསྟན་ཅིང་གསང་ཞབས་ཀྱི་ལམ་རིམ་ལས་ཀྱང་གསལ་ལོ། །འཇིག་རྟེན་ན་སྐྱིད་པའི་རྐང་བྲོ་ཟེར་བ་ལྟར་ལྷན་སྐྱེས་ཀྱི་དགའ་བའི་ཉམས་འབར་བའི་སྤྱོད་པར་བྲོ་གར་བྱེད་པ་དང་སྤྱོད་པ་དེས་ཀྱང་ཉམས་དེ་སྤོར་བར་བྱེད་པས་དེ་གཉིས་ཕན་ཚུན་གྲོགས་སུ་འཇུག་པ་སྟེ། བརྟུལ་ཞུགས་ཀྱི་སྤྱོད་པའི་སྐབས་ཀྱི་གར་དང་ཡང་ཚུལ་འདྲའོ། །རྗེ་དང་མཆོག་གླིང་ཐུན་མོང་གི་གཏེར་ཁ་གར་ཆོག་རིན་ཆེན་རོལ་བ་སོགས་འགའ་རེ་ན་གསལ་ལོ། །བདེ་ཆེན་གཅིག་པུ་དེ་ཉིད། ཞི་ཞིང་དང་བ་དང་། དགའ་ཞིང་སྤྲོ་བ་དང་། ཆགས་ཤིང་ཞེན་པ་དང་། ཁྲོ་ཞིང་རྔམ་པ་སྟེ་ལས་ཀྱི་སྟོང་སེམས་ཐ་དད་དུ་ཉམས་བསྒྱུར་བའི་བསམ་པའི་ཁྱད་པར་བཞིན་དུ་བྲོ་གར་གྱི་སྤྱོད་པ་ཡང་རྣམ་པ་གཞན་དང་གཞན་དུ་མཛད་ནས་གཞུང་འདིར་གསུངས་ཤིང་། དངོས་གྲུབ་ཀྱང་སོ་སོར་གསུངས་སོ། །བྲོ་འདིས་སྣང་བ་དབང་དུ་བྱེད་པར་མ་ཟད་དབང་དུ་བྱས་པ་དེ་ལས་མི་འདའ་བའམ་མི་ལྡང་བར་ཟིལ་གྱིས་གནོན་ཅིང་རེང་བར་ཡང་བྱེད་དོ། །ཕྱག་རྒྱས་བཏབ་པའི་དོན་དུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན། གླུ་བྲོའི་དེ་ཉིད་ཀྱི་ཁྱད་པར། གླུ་ནི་ཡུལ་སྣང་

TN03_Page_0957
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༨)ཐམས་ཅད་བདེ་ཉམས་སུ་མྱོས་པར་བྱེད་པའི་བདེ་བ་དེ་ཡིན་ཅིང་། བྲོ་ནི་བདེ་བ་དེ་ཉིད་ཡུལ་གྱི་རྣམ་འགྱུར་སྣ་ཚོགས་སུ་ཤར་བའི་ཆ་སྟེ། འདི། གར་མཁན་དག་དང་རི་མོ་བཟང་ལྟར་སྣང་། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུས་ཉམས་ནི་དུ་མས་གར་མཛད་དོ། །ཞེས་པར་ཡང་མཐུན། དེའི་ཚེ་བློ་ངོར་སྣང་བ་ཐམས་ཅད་བདེ་བའི་གར་དུ་བྱེད་པས་བྲོས་བརྫི་བྱ་ཟུར་དུ་མི་འཆར་མོད། གནས་ཚོད་ལ། དེ་འདྲའི་རྣལ་འབྱོར་གྱི་བྲོ་འདུལ་བྱེད་དང་། ཡུལ་གྱི་ཕྲ་མེན་མ་འདུལ་རྒྱུ། །ཡུལ་གྱིས་རྒྱུད་ཕུང་བར་བྱེད་པའི་གདུག་རྩུབ་བྲོའི་དེ་ཉིད་ཀྱིས་བཅོམ་ནས་དངོས་གྲུབ་ཀྱི་གྲོགས་སུ་འཁྲོལ་བར་བྱེད་པ་འདུལ་ལུགས་སུ་སོང་ཡོད་དོ། །འདི་ནི་རྣལ་འབྱོར་བླ་མེད་པའི་རྫུ་འཕྲུལ་གྱི་རྐང་པའི་རོལ་རྩེད་སྦྱོང་ཚུལ་རྨད་དུ་བྱུང་བའོ། །འདི་ཀློང་དུ་གྱུར་པ་ན་ལྷ་དབང་དང་། མིའི་རྒྱལ་སྲིད་ཀྱི་གནས་དང་། མཁའ་སྤྱོད་དང་། ས་འོག་བདེ་བ་ཅན་སོགས་གང་དུ་བགྲོད་པར་འདོད་ཀྱང་། དེ་དང་དེར་དགོངས་པ་གཏད་དེ་བྲོ་གར་བྱས་པས་ཐོགས་མེད་དུ་མནན་འགྲོ་སྟེ། མནན་ཞེས་པ་ནི་ས་ནས་ས་མནན་ཞེས་པ་ལྟར་དེར་སླེབས་པའི་དོན་ཏོ། །སྒྱུ་འཕྲུལ་ལས། བྲོ་གར་ཚོགས་ཀྱི་སྤྲིན་ཕུང་ལ། །ཧཱུཾ་དུ་ཤེས་པས་རབ་སྤྱད་ན། །ཞེས་དང་། བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡིས། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །ཞེས་བྲོ་གར་ལ་ངེས་དོན་

TN03_Page_0958
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༩)གྱི་སྔགས་ཀྱིས་རྒྱས་བཏབ་ནས་སྤྱད་ན། མཁའ་དང་ས་འོག་སྤྱོད་པ་ལ་སོགས་པའི་དངོས་གྲུབ་ཏུ་འགྱུར་བར་བཤད་དོ། །ལྷན་སྐྱེས་ཀྱིས་མཁའ་སྤྱོད་ལ་སོགས་པ་དེ་དག་གི་གནས་ལུགས་ལ་མཉམ་པར་བཞག་པ་ན་གནས་ལུགས་དང་བདེ་བ་ཆེན་པོའི་རོ་གཉིས་ཐ་དད་དུ་སྣང་བ་ཕལ་ཆེར་ལོག་པའི་དབང་གིས། མཉམ་བཞག་ལས་ལངས་པ་ན་གནས་ལུགས་དེའི་རྣམ་འཕྲུལ་ཐམས་ཅད་བདེ་བའི་རྣམ་འཕྲུལ་དུ་ཡང་འཆར་ལ་དེའི་མཐུས་མཁའ་སྤྱོད་སོགས་དེ་དག་ལ་ཡུལ་དང་རང་བཞིན་གྱིས་བསྐལ་བའི་འཆར་ཚུལ་ཟིལ་གྱིས་གནོན་པའི་ནུས་པ་རྙེད་འོང་ངོ། །ཚུལ་འདིས་བསམ་སླེབ་བམ་ཡིད་མགྱོགས་ཀྱི་རྫུ་འཕྲུལ་སྒྲུབ་པ་ནི་བྲོ་གར་གྱི་མན་ངག་དམ་པའོ། །གཏེར་གསར་མཉམ་སྦྱོར་ལས། གར་གྱི་ཕན་ཡོན་འཆད་པ་ན་ཞིང་མཐའ་ཡས་པའི་སངས་རྒྱས་རིག་པའི་ལྷ་མོར་བཅས་པ་རྣམས་དང་ཐབས་ཅིག་ཏུ་འདུག་པར་གསུངས་པའང་འདི་དང་མཐུན་ནོ། །གླུ་ནི་འགྲོ་བའི་ཡིད་དང་རྗེས་སུ་མཐུན་པའི་དམ་པའི་ཆོས་ཀྱི་དབྱངས་དང་། གར་ནི་གདུལ་བྱ་ངོ་མཚར་བར་བྱེད་པའི་རྫུ་འཕྲུལ་གྱི་སྤྱོད་པ་ཞེས་བཤད་ཚུལ་ཡང་ཡོད་འོང་ངམ་དཔྱོད་དགོས། ༈སླར་ཡང་དཀྱུས་ལ་འཇུག་སྟེ། སྔགས་བླ་མེད་ལྟར་ནའང་། སྐྱོབ་འདོད་ཀྱི་བརྩེ་བ་དང་། སྦྱིན་པ་སོགས་དང་། ཏིང་འཛིན་རྣམ་ཐར་གྱི་སྒོ་མཐའ་ཡས་པ་འབྲས་དུས་ན་ཡོད་པར་ནི་འདོད་ལ། སེམས་གཞན་ནི་

TN03_Page_0959
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༠)།འབྲས་དུས་ན་མེད་པར་འདོད་པས། དེ་ཐམས་ཅད་རྒྱ་ཆེ་བ། གྱ་ནོམས་པ། ཟག་པ་མེད་པའི་ལྷན་སྐྱེས་ཀྱི་བདེ་བ་སྟོང་ཉིད་དང་སྦྱར་བ་ཁོ་ནའི་སྟེང་ནས་འཇོག་གོ །དེས་ན་སྒྲ་རྟོག་སེལ་འཇུག་ཡིན་པས་སངས་རྒྱས་སའི་འོད་གསལ་ཞེས་ཟེར་ཚེ་ཁོལ་བུ་པ་ཞིག་ལྟར་སྣང་ཡང་མ་འདྲེས་པའི་ཆོས་སུམ་བརྒྱ་ལྟ་བུ་མདོ་ཕལ་པོ་ཆེ་ལ་སོགས་པར་རྒྱ་གང་ཆེར་བཀའ་སྩལ་བ་ཐམས་ཅད་དེའི་ཆ་ཤས་རེ་ཡིན་པས་ཆུང་ཆུང་ཞིག་ཏུ་མི་གཟུང་སྟེ། དཔེར་ན་སེམས་རགས་པ་ཞེས་བྱས་ཚེ་འོལ་ལེ་བ་དུ་མ་ཅིག་ལྟར་སྣང་ཡང་། ལས་དང་ཉོན་མོངས་ལམ་དང་དམིགས་པ་སོགས་ཀྱིས་ཕྱེ་བ་ན་མཐའ་ཀླས་པ་ཞིག་འོང་བ་དང་འདྲའོ། །དེས་ན་འབྲས་དུས་སུ། གང་སྣང་བདེ་སྟོང་གི་རོལ་པར་འཆར་བ་ན་ཡང་། དེར་སྟོང་ཉིད་ལ་མཉམ་པར་བཞག་བཞིན་པའི་སྦྱིན་པ་དང་སྙིང་བརྩེ་སོགས་ཀྱང་ཡོད་པས། སྟོང་པའི་རྣལ་འཕྲུལ་ཐམས་ཅད་བདེ་བའི་འཕྲུལ་དུ་འཆར་བ་ལྟར། བདེ་བ་དེའི་ཆར་གྱུར་པའི་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་གསལ་བ་མཐའ་ཡས་པ་སོགས་རེ་རེ་ཞིང་གིའང་འཕྲུལ་དུ་འཆར་རོ། །འདི་ལྟར་བསམ་ན་རིགས་དྲུག་གི་རྟ་སྐད་བྱེད་དུས་སུའང་། སེར་སྣ་རྡོ་རྗེ་ལྟ་བུར་མཚོན་ན། བརྟན་གཡོའི་འཁོར་ལོ་མཐའ་དག །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ་སྦྱིན་པ་རྣམབཞི་དུས་དྲུག་ཏུ་གཏོང་བ་མཐར་ཕྱིན་པའི་ནུས་པ་ལྷན་སྐྱེས་ཀྱི་སེམས་སྟེང་ནས་སྨིན་པའི་སྦྱིན་པ་མཐར་ཐུག་དང་

TN03_Page_0960
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༡)སྦྱོར་བ་དང་། ཚོར་ཕུང་ལ་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དུ་གསུངས་པ་དེ་སྒྲིབ་བྲལ་དུ་བྱས་པའི་ལྷན་སྐྱེས་ཀྱི་ཚོར་ཕུང་རཏྣའི་རྟ་གླུར་བཞག་པའི་རྣམ་འཕྲུལ་དུ་ལྷག་པར་སྦྱར་ནས་སྣང་ཞེན་བསྐྱེད་པས་རྒྱས་ལས་ལ་དབང་བ་སོགས་ཀྱི་རྣམ་བཞག་གསལ་པོར་འཐོན་འོང་ངོ། །བླ་མེད་ཀྱི་དཀྱིལ་ཆོག་ཀུན་ཏུ་གཞལ་མེད་ཁང་གི་ཆ་རྣམས་བྱང་ཕྱོགས་སོ་བདུན་དང་། གཟུངས་བཞི། སོ་རིག་བཞི་སོགས་དང་སྦྱར་ནས་གསུངས་པའང་ཚུལ་འདི་འདྲ་ཡིན་ནོ། ༈ །རྟ་སྐད་དུ་འཇོག་རྒྱུའི་བདེ་བའི་དཔེར། དབང་ཆེན་ཡང་གསང་ལས་ནམ་མཁའ་བསྟན་ཅིང་། སྙན་རྒྱུད་རྟ་མཆོག་སྙིང་ཏིག་གི་གཞུང་ཟུར་གསལ་གྱི་དགོངས་པའང་དེ་ལྟར་མངོན་པས་མཉམ་བཞག་ནམ་མཁའི་དང་རྗེས་ཐོབ་སྒྱུ་མའི་རྣལ་འབྱོར་གཉིས་ལས་སྔ་མར་བྱེད་དམ་སྙམ། གསང་རྫོགས་ལས་རྟ་ཞལ་གྱི་དེ་ཉིད་གཉུག་མ་འོད་གསལ་བའི་སེམས་སུ་གསུངས་པ་དང་འདི་དག་བསྒྲིགས་ན། རྟ་ཞལ་གཉུག་སེམས། རྟ་སྐད་སེམས་དེས་སྟོང་ཉིད་རྟོགས་པ་ཞེས་པར་འགྱུར་བས། ཇི་སྲིད་དུ་འོད་གསལ་གྱིས་ཤེས་བྱའི་དེ་ཁོ་ན་ཉིད་ངེས་མི་ནུས་པའམ། སོ་སོར་ཀུན་ཏུ་རྟོག་པའི་མཐུ་མ་སྐྱེས་པ་དེ་སྲིད་དུ། འོད་གསལ་གྱིས་ཤེས་བྱའི་གནས་ལུགས་བརྗོད་མི་ནུས་པ་དང་། འོད་གསལ་གྱིས་སྔགས་པ་དང་བརྟན་གཡོའི་དེ་ཉིད་བརྡ་སྤྲོད་པའམ་མཚམས་སྦྱོར་བར་མི་ནུས་པ་ཡིན་པས། འོད་གསལ་གྱིས་སྐད་མི་ཐོན་པ་ཞེས་བྱ་ལ། ནམ་

TN03_Page_0961
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༢)བསྒོམ་སྟོབས་ཀྱིས་རླུང་དབུ་མར་ཐིམ་ནས་མི་ཤིགས་པའི་སེམས་དེའི་རང་ཞལ་དམིགས་རྣམ་ཤིན་ཏུ་གསལ་བར་ཕྱུངས་ཏེ། དེས་ཤེས་བྱའི་གནས་ལུགས་བརྗོད་ནུས་པ་ན་འོད་གསལ་གྱིས་སྐད་འབྱིན་ནུས་པ་ཞེས་བྱའོ། །དེ་ལྟར་སེམས་དེས་ལྷན་སྐྱེས་ཀྱི་བདེ་བའི་ཆགས་ཉམས་དང་སྦྲགས་ནས་དངོས་པོའི་དེ་ཁོ་ན་ཉིད་གླུར་བླངས་པ་ན། སྣང་སྲིད་ཐམས་ཅད་རང་དབང་མེད་པར་ཕྱག་བྱེད་པས་ན། བདེ་སྟོང་སྦྱོར་བའི་རྟ་སྐད་སྣང་སྲིད་ཀྱི་སྲོག་སྔགས་མཐར་ཐུག་པ་ཡིན་ནོ། །དེས་ན་འཁོར་འདས་ཐམས་ཅད་ཀྱི་སྲོག་སྔགས་རྣལ་འབྱོར་པ་རང་ཉིད་ལ་ཡོད་པ་ཡིན་ནོ། །རྟ་སྐད་འདི་དངོས་རྫོགས་རིམ་ནས་དང་། བཅོས་མས་བཏགས་པ་དང་རྗེས་མཐུན་རིམ་པ་དང་པོར་ཡང་ཡོད་དོ། །སྟོང་པའི་ནམ་མཁར་བདེ་བའི་འཚེར་སྐད་འབྱིན་པར་བཤད་པའང་འདི་དང་གཅིག་སྟེ། དྲིལ་བུའི་བརྗོད་པ་སྒྲའི་རྣམ་བཞག་དང་འདྲ་སེ་ཞིག་སྣང་ངོ་། །དབང་ཆེན་གསུང་གི་སྔགས་པའི་ནང་མཛོད་ཆེན་མོ་གུ་ཧྱ་རྒྱ་རྒྱ་རྒྱ། སྒྱུ་འཕྲུལ་སོགས་ལས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཞེས་མང་དུ་གསུངས་པའི་དོན་ནི། དེར་རྣམ་རྟོག་གློ་བུར་བའི་དབང་གིས་མ་དག་པའི་སྣང་བ་བསྐྱེད་པར་གསུངས་པའི་ཤུགས་ཀྱིས་གློ་བུར་བའི་བསླད་རྐྱེན་གྱི་གཞན་དབང་མེད་ན་ཇི་ལྟ་བུ་ཞིག་ཅེ་ན། གདོད་མ་ནས་སངས་རྒྱས་པ་ཞེས་གཉུག་མའི་གནས་ཚོད་བསྟན་པ་ཡིན་ནོ། །གཉུག་མ་བྱས་ཚད་མི་ཤིགས་པ་ལ་གོ་མི་དགོས་ཏེ།

TN03_Page_0962
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༣)སྒྱུ་མའི་ཁང་བཟང་སྤྲུལ་པ་ན་ཡང་ཁང་བཟང་གི་སྣང་ཆ་དེ་གློ་བུར་བ་དང་། སྣང་གཞིའི་གཉུག་མའི་ངོ་བོ་ཉིད་རྡེའུ་ཤིང་སོགས་སུ་གནས་པར་འདོད་པ་ཡིན་ནོ། །སྔགས་ཀྱི་སྐབས་འདིར་གཉུག་མའི་གནས་ཚོད་མཐར་ཐུག་དེ་སྒོམ་པར་བྱེད་པས་རང་བཞིན་གཞིའི་ཧེ་རུ་ཀ་སྒོམ་པ་དང་འབྲས་བུ་ལམ་བྱེད་གཉིས་ཀར་འཇོག་པ་འདི་ཕ་མེས་ཀྱི་ཁ་ཕོར་ཡིན་ནོ། །དེ་ལ་མཉམ་བཞག་ཏུ་བཤད་མ་ཐག་པའི་རྟ་སྐད་ཀྱིས་གཉུག་མའམ་གདོད་མའི་སྟོང་ཕྱོགས་བཟླས་པས། རྗེས་ཐོབ་ཏུ་ཡང་དག་པར་བ་འབྱམས་གཉུག་མའི་སྣང་ཕྱོགས་ལ་རིག་པ་བདེ་བླག་ཏུ་འཇུག་སྟེ། འདི་ལྟར། བདེ་སྟོང་མཁའ་ལྟར་དག་པའི་ཡེ་ཤེས་དེ་ཉིད་ཕུང་པོ་ལྔར་ཤར་བར་སྣང་བ་དང་། དེའི་དབང་གིས་ཕུང་པོ་ལྔ་ཡང་ཤིན་ཏུ་དག་པའི་རིགས་ལྔ་ཡེ་ཤེས་ལྔར་མཐོང་བར་འགྱུར་བ་ནི། རྡོ་རྗེ་རྟ་སྐད་རྣམ་ཤེས་ཐུགས་ཉིད་ད༔ སོགས་ཀྱི་དོན་ཏེ་རིགས་ལྔའི་དེ་བཞིན་གཤེགས་པ་ཐམས་ཅད་རྟ་སྐད་ཀྱི་སྐྱེ་གནས་པར་བསྟན་ནོ། །དེ་ལྟར་རྗེས་སྣང་ལ་མཉམ་བཞག་གི་རྒྱས་ཐེབས་པའི་སྟོབས་ཀྱིས། གང་སྣང་ཅི་ཤར་ཐམས་ཅད་དག་པའི་འཁོར་ལོ་འབའ་ཞིག་ཏུ་བཟླུམས་ཏེ། དེ་ལྟར་བཟླུམས་པ་དེའང་ལྷའི་དེ་ཉིད་གཅིག་པུ་ལ་ཡིད་གཏད་པའི་སྒོ་ནས་བདེ་སྟོང་ལ་བསྡུ། དེ་ལྟར་སྣང་གྲགས་རིགས་གསུམ་རིམ་གྱིས་བདེ་བའི་རང་བཞིན་དུ་དྲིལ་ནས་བསྒོམ་པས་བསྒོམ་པ་དེ་དབང་དུ་གྱུར་པ་ན་སྣང་བ་ཐམས་

TN03_Page_0963
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༤)ཅད་ཀྱང་དབང་དུ་འགྱུར་རོ། །དེའི་ཚེ་ན་ཐ་མལ་པའི་ཡུལ་སྣང་ཆམ་ལ་ཕེབ་པའམ་ཟིལ་གྱིས་ནོན་པ་ཞེས་བྱ་བས་ན། དེ་ཚེ་འཁོར་བ་ཟིལ་གྱིས་ནོནཿ ཞེས་དང་། བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོཿ ཞེས་གསུངས། སངས་རྒྱས་སོཿ ནི་གྲོལ་ཞེས་པའོ། །འདི་སྐབས་ཡུལ་རྐྱེན་ཅི་ཙམ་རགས་ལ་རྒོད་པ་དེ་ཙམ་དུ་དེ་ཐམས་ཅད་དག་པ་རབ་འབྱམས་བདེ་བ་ཆེན་པོའི་ཡོ་ལངས་ཁོ་ནར་འཆར་བས། ཇི་ལྟར་ཡོ་ལངས་ཆེན་པོའི་ནང་དུ་འདུ་འཛིས་བློ་ཕྲོགས་ཚབས་ཆེ་བ་ལྟར། རྟ་མཆོག་གི་གླུ་གར་བྱང་བའི་སྔགས་པ་འདུ་འཛིའི་ནང་ན་བདེ་ཆེན་སྒྱུ་མའི་ཉམས་ཆེས་ལྷག་པར་འབར་བར་འགྱུར་རོ། །དེའང་རྟ་སྐད་སྒྲོགས་པའི་དུས་དང་། དེའི་བྱིན་རླབས་ཀྱི་ཟིལ་ཡུལ་སྣང་ལ་ཕོག་པའི་དུས་གཉིས་སོ་སོར་ཆ་ཤས་སུ་ལྡན་པའི་དུས་ལ་ལྟོས་ཏེ། རྟ་གླུས་སྣང་བ་དབང་དུ་སྡུད་པའི་རྣམ་བཞག་བྱེད་ཆོག་པས། དེ་གཉིས་དུས་མཚུངས་མི་དགོས་ཏེ། སྔགས་བཟླས་པས་དངོས་གྲུབ་དབང་དུ་གྱུར་ཟེར་ཚེ་སྔགས་བཟླ་བའི་དུས་དང་། དངོས་གྲུབ་དབང་དུ་གྱུར་པའི་དུས་གཅིག་མི་དགོས་པ་བཞིན་ནོ། །འདི་དང་སྔར་བཤད་ལ་མི་མཐུན་པ་ཡོད་ཀྱང་དཔྱོད་རྟེན་ཙམ་ཡིན། ཚུལ་དེ་ལྟར་བྱས་ན་མཉམ་བཞག་གི་རྟ་སྐད་ཅི་ཙམ་ཤུགས་ཆེ་བ་དེ་ཙམ་དུ། རྗེས་ཐོབ་ཏུ་གང་སྣང་སྟོང་པའི་རོལ་པར་འཆར་སྟོབས་ཆེ། དེ་ཇི་ལྟར་ཆེ་བ་ལྟར་བདེ་བའི་རྣམ་འགྱུར་དུའང་འཆར་ཕུལ་ཆེ།

TN03_Page_0964
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༥)དེ་ཆེ་བ་ལྟར་ཤིན་ཏུ་དག་པའི་ལྷར་ལྟ་བའང་ཁྱད་པར་ཅན་དུ་འབྱུང་། དེ་འབྱུང་བ་ལྟར་དེས་དྲངས་པའི་མཉམ་བཞག་གི་རྟ་སྐད་དེ་ཐ་མལ་པའི་འཆི་སྲིད་ལྟ་བུའི་སྣང་ཞེན་གྱིས་དག་ཚབས་ཆེ་བས་ཤིན་ཏུ་རྣམ་པར་དག་པའི་སྣང་ཞེན་མཐར་ཕྱིན་པའི། སྟོང་ཕྱོགས་ཀྱི་ཧེ་རུ་ཀ་ཧྱ་གྷྲི་བ་དང་མཐུན་ཤུགས་ཆེ། དུས་དེར་སངས་རྒྱས་ཀྱི་ཡེ་ཤེས་ངའོ་སྙམ་པའི་ང་རྒྱལ་ཀུན་རྫོབ་རྣམ་ཅན་མངོན་དུ་གྱུར་བ་མེད་ཀྱང་། ང་རྒྱལ་དེ་འདྲའི་ཤུགས་མ་ཉམས་པ། ད་ལྟ་རང་རེ་གཉིད་དང་རྨི་ལམ་གྱི་སྐབས་ཚུན་ཆད་དུ་ཐ་མལ་པའི་ཞེན་པ་དང་མི་འབྲལ་བ་ལྟ་བུ་ནི་ཡོད་དགོས་ཏེ། རྫོགས་རིམ་པའི་སྐུ་གསུམ་ལམ་ཁྱེར་གྱིས་སྐྱེ་འཆི་བར་དོའི་ཐ་མལ་གྱི་སྣང་ཞེན་གཅོད་པར་གསུངས་པའི་འཆི་སྲིད་ལམ་འཁྱེར་གྱིས་ཇི་ལྟར་གཅད་དང་། དེ་ཆོས་སྐུ་ལ་ལྟོས་ཏེ་འབྲས་བུ་ལམ་བྱེད་དུ་འགྱུར་ཚུལ་དང་། ལྷ་སྒོམ་པ་དང་། ལྷའི་དེ་ཉིད་སྒོམ་པ་གཉིས་ཀ་ལྷའི་རྣལ་འབྱོར་ཡིན་མཉམ་ཡིན་ཅིང་བདེ་སྟོང་སྦྱོར་བའི་མཉམ་བཞག་ལྷའི་དེ་ཉིད་སྒོམ་པ་ཡིན་ཞེས་པའང་མཉམ་བཞག་དེ་ལྷའི་དེ་ཉིད་དུ་དམིགས་པའི་སྟེང་ནས་རྩེ་གཅིག་ཏུ་དྲན་པར་བྱས་སྟོབས་ཀྱིས་དྲངས་པའི་འོད་གསལ་ལ་དགོངས་པ་ཡིན་གྱི། དེ་ལྷའི་དེ་ཉིད་དུ་བློ་ངོར་བཟུང་མ་བཟུང་ཇི་ལྟར་ཡང་། ལྷའི་དེ་ཉིད་དུ་འགྲོ་རྒྱུ་ཡིན་པ་ཙམ་གྱིས་འོད་གསལ་བསྒོམ་ན་ལྷ་བསྒོམ་པའི་གོ་ཆོད་པར་འགྲུབ་ན་མི་འགྲིགས་པ་མང་དུ་འོང་བ་སོགས་

TN03_Page_0965
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༦)བསྒྲིགས་ནས་ཤེས་པར་བྱའོ། །སྟོང་ཕྱོགས་ཀྱི་རྟ་མགྲིན་ནམ་རྟ་སྐད་དེ་ཉིད་ཇི་ལྟར་ཤུགས་ཆེ་བ་དེ་ལྟར་ཡང་རྗེས་ཐོབ་དབང་ཆེན་གྱི་རྣལ་འབྱོར་ཕུལ་དུ་བྱུང་བར་འགྱུར་བ་སྔ་མའི་འགྲེས་ཏེ། ཚུལ་འདིས་རྟ་སྐད་ལ་བྱང་བར་བྱེད་པ་ནི་རྟ་ལམ་གྱི་སྲོག་གོ ༈ །རྗེ་གྲུབ་ཆེན་ཉིད་ཀྱི་སྙན་རྒྱུད་ཀྱི་གཅོད་ཡུལ་ལས་ཕཊ་ཀྱིས་ལས་རབ་འབྱམས་བྱེད་པ་ལ་སྔོན་དུ་ཕཊ་བསྙེན་དགོས་པར་གསུངས་པ་ལྟར་རྟ་སྐད་ཀྱིས་དངོས་གྲུབ་སྡུད་པ་ལ་སྔོན་དུ་དེའི་བསྙེན་པ་བྱ་དགོས་ལ། དེའང་ཡང་གསང་གི་རྟ་སྐད་གཅིག་མར་རྟ་སྐད་ཧྲཱིཿཡིག་ཏུ་བཤད་པ་དང་། སྤྱི་མདོ་ལས་ཀྱང་། རྟ་མགྲིན་གྱི་རྡོ་རྗེ་སྟམ་བྷ་ནའི་སྟོབས་ཀྱིས་ཁྲོ་བོ་ཐེག་ཆེན་ཀུན་ཀྱང་འདུར་ཐག་གཅོད་པའི་འདུར་གླུ། ཧྲཱིཿཞེས་པ་ཡིན་པར་བཤད། རྟ་མགྲིན་དགོངས་པ་ལུང་སྟོན་ལས། མུཉྫའི་གསེབ་ནས་ལྗང་ཞུར་ཅན། །གྱེན་དུ་ཁ་གདངས་ཧྲཱིཿསྒྲ་འབྱིན། །ཞེས་འབྱུང་སྟེ་ཤིན་ཏུ་གསལ། གྲོལ་ཏིག་ལས་ཀྱང་གཉིས་མེད་ཧྲཱིཿཧཱུཾ། སོགས་ཟུར་བྲིས་དང་། བདེ་འདུས་མ་མོའི་སྐབས་སུ་གཙོ་བོའི་དབུ་གཙུག་རྟ་མགྲིན་གྱི་ཞལ་ནས་ཧྲཱིཿཞེས་རྟ་སྐད་སྒྲོགས་པར་གསུངས་པ་རྣམས་དང་། བདེ་འདུས་དབང་ཆེན་འདུས་རྒྱུད་ལས། རྟ་མཆོག་གི་གསུང་རིག་པའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་མཐའ་དག་གི་རྩ་བ་དང་། སྲོག་ནི་ཧྲཱིཿཡིག་ཡིན་པར་གསུངས་ཏེ། དེ་སོགས་དཔྱད་ན་བསྙེན་སྒྲུབ་ཀྱི་སྔགས་ཀྱི་ཐོག་མའི་ཧྲཱིཿདེ་རྟ་སྐད་དུ་ཡང་འགྱུར་བས་འདིའི་གྲངས་བསྙེན་ཐེམས་ན་རྟ་སྐད་འབུམ་

TN03_Page_0966
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༧)ཕྲག་གཉེར་གཉིས་ཁ་སྐོང་བཅས་འགྲོ་བས་ངོ་ཤེས་པར་བྱའོ། །འདར་ཕྱར་བས་དབང་ཆེན་བསྙེན་སྐབས། གུ་རུ་རིན་པོ་ཆེས། ཐོག་མའི་ཨོཾ་དེ་ཧྲཱིཿར་སྒྱུར་ལ་ཟློས་ཞེས་གསུང་པར་གྲགས། རྟ་མགྲིན་གསང་བ་ཕྲིན་ལས་ཀྱི་རྒྱུད་ལས། དཔལ་གྱི་རྟ་སྐད་ཐེངས་གཅིག་གིསཿ ཁམས་གསུམ་མ་ལུས་དབང་དུ་བསྡུཿ མ་མོའི་བྷྱོ་སྐད་ཐེངས་གཅིག་གིསཿ སྲིད་པའི་མ་མོ་ལས་ལ་བཀོལཿ རྣལ་འབྱོར་བས་ཧྲཱིཿསྐད་ཐེངས་གཅིག་གིསཿ སྲིད་གསུམ་གདུག་པའི་དགྲ་བགེགས་སྒྲོལཿ ཞེས་བཤད་དེ་དཔལ་གྱི་རྟ་སྐད་དེ། རྣལ་འབྱོར་བས་ཧྲཱིཿར་ཉང་གཏེར་མཁའ་འགྲོ་ཆེན་མོ་དང་། མཁའ་འགྲོ་སྙིང་ཏིག་མ་བུ་སོགས་ལས་རྟ་མཆོག་གི་སྔགས་སུ་སྲོག་སྔགས་འབྲུ་གཅིག་འདི་རང་ལས་གཞན་མ་བཤད། ཟློ་བའི་དོན་དུ་འགྲོའམ་དཔྱད་དོ། ༈ །ཛབ་ལས་གཞན་པའི་རྟ་སྐད་འདོན་དུས་ནི། བྲོ་ཆོག་གི་སྐབས་ཏེ། ཤིན་ཏུ་གསལ། དེའང་སྒྲུབ་གཞུང་འདིར་མནན་པའི་ལས་སྒྲུབ་ཟུར་བ་དང་སྦྲགས་ནས་གསུངས་ཀྱང་། དེ་ལས་ཚེགས་ཆུང་བ་རྒྱུན་འཁྱེར་བྱེད་ན་ནི་ཚོགས་མཆོད་ཀྱི་གཏོར་མནན་མཐར། རིགས་དྲུག་གི་བྲོ་གླུ་རྒྱས་པ་བཏགས་པས་རུང་བ་འདྲ་སྟེ། དབང་ཆོག་ཏུ་དེ་གཉིས་སྦྲེལ་མར་བྱ་བ་ཞིག་བསྟན་ཡོད་ཅིང་། རྗེ་བློ་གྲོས་མཐའ་ཡས་ཀྱིས་སྙན་བརྒྱུད་རྟ་མགྲིན་གྱི་ཆོག་བསྒྲིགས་ལས། དེའི་རྩ་གཞུང་དུ་ལས་རབ་འབྱམས་སྒྲུབ་པའི་བྲོ་ཆོག་གསུངས་པ་དེ་ཚོགས་མཆོད་ཀྱི་བྲོ་མནན་དུ་བསྡེབས་པ་བཞིན་ནོ། །

TN03_Page_0967
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༨)ཚོགས་མཚོད་ཀྱི་སྐབས་ཀྱི་བྲོ་མནན་དང་། བྲོ་ཆོག་རྒྱས་པ་གཉིས་བསྡུས་རྒྱས་ཀྱི་ཁྱད་ཡིན་པས། ཕྱི་མ་བྱེད་ཚེ་སྔ་མ་མི་བྱེད་ཀྱང་རུང་ངམ་སྙམ་སྟེ་སྙན་རྒྱུད་རྟ་མགྲིན་ཆོག་སྒྲིགས་དེར། ཡང་དག་ཟབ་ཏིག་གི་བྲོ་མནན་མེད་དོ། །རཏྣའི་རྟ་གསང་དུ། དབང་གི་རྟ་བྲོ་དང་གླུའི་མཆོད་པ་ཞེས་མཆོད་ཕྲེང་གི་ནང་དུ་གསུངས་པའི་རིགས་པས་བླ་མ་ཞི་བ་སོགས་དང་ཐུན་མོང་བའི་ཕྱག་རྒྱ་གར་མཆོད་ལ་ཚང་བར་བྱེད་ནའང་རུང་ངམ་སྙམ་ཞིང་། ཚོགས་མཆོད་ཀྱི་གླུ་གར་སྐབས་རྟ་སྐད་དང་བྲོའི་དེ་ཉིད་བསྐྱངས་པའང་རུང་ངམ་སྙམ།། ༈ །།འགྲོས་དགུ་རྟ་སྐད་ཀྱི་མཚོན་དོན་དུ་འཆད་སྐབས་སྔར་བཤད་ལས་ཡང་ན། འཚེར་སྐད་ནི་གྲོགས་ཀྱི་དྲུང་ལྟ་བུར་འགྲོ་འདོད་ཀྱི་གདུང་བ་འབར་བའི་ང་རོ་ཡིན་པས། འདོད་པའི་གནས་སུ་བང་འགྲོས་ཀྱི་ཤུགས་ཕྱུངས་ནས་འགྲོ་བ་མཚོན་ནོ། །ཐུབ་པས་གསུངས་པའི་ཐེག་པ་མཐའ་དག་རང་རྒྱུད་ལྡན་གྱི་གདུལ་བྱ་དངོས་སམ་བརྒྱུད་ནས་སངས་རྒྱས་ཀྱི་ས་ལ་འཁྱེར་བའི་ཐེག་པའམ་བཞོན་པར་གཅིག་ཀྱང་། དེའི་ནང་ནས་གོ་འཕང་དེར་བདེ་མྱུར་དུ་དཀྲི་བའི་ཐབས་མཁས་ཀྱི་ཤུགས་གཏིང་ནས་ཕྱུངས་པ་ནི། ཕྱི་ནང་གསང་བའི་རྟ་མགྲིན་ནམ། བསྐྱེད་རྫོགས་གསུམ་གྱི་རྣལ་འབྱོར་ཡིན་པས་དེ་ནི་མྱུར་མགྱོགས་ཀྱི་མཐུ་ཕུལ་དུ་བྱུང་བའི་མཐར་ཐུག་གོ ༈ །ཡང་གོང་དུ། སྣང་སྟོང་ཟུང་འཇུག་དང་། ཡ་གཉིས་ཀྱི་རྟ་སྐད་གསུམ་གསུངས་པ་དེ་ལ། ཞལ་དང་སྐད་གཉིས་སོ་སོར་བཤད་པ་ནི་ཆེས་མི་གསལ་ཡང་། འགྲོ་སྒྲོལ་

TN03_Page_0968
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༩)གྱི་སྙིང་རྗེ་ཆེན་པོ་གཅིག་པུ་དེ་ཞལ་གསུམ་སོ་སོའི་གླུ་སྐད་དུ་འགྱུར་བར་འཆད་དམ། ཡང་ན། སྟོང་ཕྱོགས་ཀྱི་རྟ་སྐད་གོང་གི་རྟ་སྐད་ཐེངས་གཅིག་ལྟར་དང་། སྣང་ཕྱོགས་ཀྱི་རྟ་སྐད་ནི། སངས་རྒྱས་ཀྱི་གསུང་མི་ཤིགས་ནཱ་དའི་སྒྲ་དབྱངས་ཆོས་ཕུང་རབ་འབྱམས་སུ་འཆར་བ་དེ་དང་། ཟུང་འཇུག་གི་ནི། སྣང་སྟོང་གི་རྟ་སྐད་དེ་གཉིས་གཅིག་ཏུ་སྦྱར་བ་སྟེ། ཆོས་ཀྱི་དབྱིངས་ཐམས་ཅད་ཁྱབ་པར་བཞད་པའི་སོར་རྟོག་ཡེ་ཤེས་དེ་ཉིད་གསུང་དབྱངས་ཀྱི་རྣམ་པར་ཤར་བ། ཞེས་པར་འགྱུར། ཞལ་གསུམ་ཡང་། ཐུགས་འོད་གསལ། སྐུ་བཞིན་ལག་ཅན། དེ་གཉིས་ཟུང་འཇུག་དང་གསུམ་མོ། །འདི་འབྲས་དུས་དང་སྦྱར་བ་སྟེ། ལམ་དུས་ལ་ཡང་བསྒྲེ། གཞན་རང་བཟོར་འགྲོ་དོགས་ཆེ་བས་མ་བྲིས། དབང་སྐད་དུ་འགྲོ་ལུགས་སླ། འདིའི་རྩ་བའི་མན་ངག་ལྟ་ཕྲེང་གི་བརྗོད་བྱ་རྟ་སྐད་ཀྱིས་འཆད་ཚུལ་ནི། ཐེག་དགུའི་རྣམ་བཞག་ནི་འགྲོས་དགུ་དང་སྦྱོར་བ་བདེ་འདུས་ཐ་རམ་ལྟར་དང་། དེ་ལས་ཁྱད་པར་གསང་བ་སྒྱུ་འཕྲུལ་གྱི་ལམ་རིམ་ནི་རྟ་སྐད་ཐང་གསུམ་གྱིས་མཚོན་ཏེ། རྟ་སྐད་དང་པོ་ནི་ཤེས་པའི་མཚན་ཉིད་དེ་བསྒོམ་བྱའམ་ཉམས་ལེན་གྱིས་སྦྱོར་བས་འཇུག་ཡུལ་ཤེས་པར་བྱེད། རྟ་སྐད་གཉིས་པ་ནི་འཇུག་པའི་མཚན་ཉིད་དེ་སྒོམ་བྱེད་ཉམས་ལེན་གྱི་སྦྱོར་བ་སྟེ། འདི་ལ་ལམ་རིམ་ཡེ་ཤེས་སྙིང་པོ་ལྟར་བསྐྱེད་རིམ་པའི་སྟོང་ཆེན་དང་སྙིང་རྗེ་སྒྱུ་མ་སོགས་ལྔ་དང་། རྫོགས་

TN03_Page_0969
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༠)རིམ་པའི་དེ་ལྔ་དང་། བསྐྱེད་རིམ་ནས་རྫོགས་རིམ་དུ་འཕོ་བྱེད་ཀུན་ཏུ་བཟང་པོའི་མན་ངག་སོགས་གསང་ཐིག་ལྟར་ཡོད་པ་སོགས་སྤྲོས་པས་ཆོག །མཚན་ཉིད་དེ་གཉིས་ནི་མངོན་རྟོགས་རྒྱན་གྱི། འཇུག་ཡུལ་མཁྱེན་གསུམ། ཉམས་ལེན་སྦྱོར་བཞི་ཟེར་བ་ལྟ་བུའི་བཤད་ཚུལ་དུ་སྣང་ངོ་། །རྟ་སྐད་ཐ་མ་ནི་མངོན་དུ་གྱུར་པའི་མཚན་ཉིད་དེ། བསྒོམ་བྱ་དེ་སྒོམ་བྱེད་དེས་བསྒོམས་པ་ལས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་འགྲུབ་ཚུལ་ལོ། །མཚན་ཉིད་ཕྱི་མ་འདི་རྒྱས་པར་ནི་སྐད་འགྱུར་བཅུ་གསུམ་དང་སྦྱར་ནས་ཤེས་ཏེ་ཐ་རམ་བཞིན་ནོ། །ཚུལ་འདི་ནི་སྙན་བརྒྱུད་རྟ་མགྲིན་ལ་བརྟེན་ནས་བཤད་པ་སྟེ། སྙན་བརྒྱུད་ཀྱི་གཞུང་དེ་དང་སྒྱུ་འཕྲུལ་གསང་ཐིག་སོགས་ཀྱི་ཡེ་ཤེས་ཀྱི་སྐུ་སྒྲུབ་ལུགས་འདྲ་བར་སྣང་བའང་ཡིན་ཏེ། རགས་པ་ཙམ་ལ་བསམས་སོ། །རྫོགས་རིམ་པའི་སྟོང་ཆེན་སོགས་ལྔའི་ཐད་ནས་དཔྱད་ན་སྒྱུ་འཕྲུལ་བའི་བཞེད་པ་ཡང་ཚུལ་གཉིས་སུ་སོང་བ་འདྲ་བ་ཞིག་སྣང་ངོ་། །འོན་ཀྱང་འདིའི་རྫོགས་རིམ་པའི་སྙིང་རྗེ་སྒྱུ་མ་དང་། རྒྱ་གཅིག །རླུང་སེམས་ཀྱི་ལྷ་སྐུ་གསུངས་པ་སོགས་མན་ངག་སྡེ་པའི་ལུགས་དང་ཕྱོགས་མཐུན་པར་རླུང་གདངས་སྟོང་གཟུགས་ཀྱི་ལྷ་སྐུ་ལ་བཞེད་པ་འདྲ་ཞིག་སྣང་ཞིང་སྐུ་གསུམ་ལམ་ཁྱེར་སོ་སོར་སྦྱོར་ཚུལ་ལའང་དཔྱད་རྒྱུ་འདུག་པས་རྩད་གཅད་པར་བྱའོ། །དང་པོའི་སངས་རྒྱས་དང་ཡང་ཅུང་ཟད་སྒྲིགས་ཆོག་གམ། ༈ སྣང་

TN03_Page_0970
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༡)བ་དབང་སྡུད་ཀྱི་གནད་མཐར་ཐུག་སྙིང་པོར་དྲིལ་ན། ཐབས་མཁས་དང་མི་ལྡན་པ་ལ་ནང་རིག་པ་ལ་ལྟོས་མེད་ཀྱི་ཡུལ་སྣང་མགོ་རྒྱལ་བར་ཤར་ནས་སེམས་ཀྱི་དབང་ཕར་འཕྲོགས་པ་དེ་ཐབས་མཁས་དང་ལྡན་པའི་རྣལ་འབྱོར་པ་ལ་བདེ་ཆེན་གཅིག་པུ་ཉིད་ཀྱིས་ཉམས་ཇི་ལྟར་བསྒྱུར་བ་དེ་ལྟར་སྣང་བའི་རང་སེམས་ཀྱི་གར་སྟབས་ཉག་གཅིག་ཏུ་ཤར་ནས་མི་ཤིགས་གཉུག་མའི་རྟ་ཞལ་གཟི་བརྗིད་རྒྱས་བྱེད་ཀྱི་བཅུད་ལེན་དམ་པར་འགྱུར་བ་སྟེ། སྒྱུ་འཕྲུལ་གསང་སྙིང་དུ། སྲིད་ཞིའི་ཆོས་ཐམས་ཅད་སེམས་དང་ཡེ་ཤེས་རང་སྣང་བར་གཏན་ལ་ཕབ་པའང་རྟ་སྐད་ཀྱི་དེ་ཉིད་འདི་འཆད་བྱེད་ཡིན་ནོ། །དེ་ལ་ངེས་དོན་ཤིང་རྟ་ཆེན་པོའི་ལེའུ་དགུ་པར། དཔལ་གསང་བའི་སྙིང་པོའི་ལུགས་ཀྱི་གཏུམ་མོའི་འཁོར་ལོ་བཞི་པ་རྒྱས་པར་བཤད་ནས། ལེའུ་བཅུ་པར་གཞི་རྟོགས་པའི་ཤེས་རབ་མཐའ་གཉིས་ལ་མི་གནས་པ་ཞེས་ལྟ་སྒོམ་གྱི་གནད་རྒྱ་ཆེར་བསྟན་པ་ནི། རྫོགས་རིམ་གྱི་ཡེ་ཤེས་འཆར་བའི་ཐབས་དང་། ཐབས་དེས་གྲུབ་པའི་ཡེ་ཤེས་གཉིས་ལས། སྔ་མ་ལེའུ་དགུ་པ་དང་། ཕྱི་མ་བཅུ་པ། དེ་འཕྲོས་དང་བཅས་པ་བཅུ་གཅིག་པ་སོགས་ཀྱིས་སྟོན་པར་གསལ་ཏེ། བཅུ་པའི་ཀླད་དུ་རྫོགས་རིམ་གྱི་སྙིང་པོའི་ཡེ་ཤེས་འཆད་པར་གསུངས་པའི་ཕྱིར་རོ། །ལེའུ་དེར་དབུ་མའི་ལྟ་བ་སྒོམ་དགོས་པ་དང་། དེའང་དཔྱད་སྒོམ་བྱ་རྒྱུ་མ་ཡིན་ཚུལ་སྦྲགས་ནས་བཤད་དེ།

TN03_Page_0971
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༢)མཉམ་བཞག་འོད་གསལ་གྱི་སྟེང་ནས་རང་བཞིན་མེད་པའི་དབྱིངས་ལ་འཇོག་པའི་དབྱིངས་རིག་སྲེ་བ་ལ་གདམས་པའོ། །དེར་ཕྱི་ནང་ཡུལ་སེམས་ཐམས་ཅད་དང་སྦྱར་ཏེ་བདེན་མེད་རྟོགས་པའི་ཤེས་རབ་རྩལ་སྦྱོང་ཚུལ་དབུ་མའི་སྐབས་དང་མཐུན་པ་འདྲ་བ་ཞིག་བཤད་པའང་། ནང་འོད་གསལ་གྱི་དགོངས་པ་ལས་མ་གཡོས་པའི་ངང་ནས་གཟུང་འཛིན་བདེན་མེད་དུ་ལྟ་ལུགས་ཁོ་ན་ཡིན་ཏེ། དེ་ལྟར་བལྟས་པ་ཙམ་གྱིས་གདོད་མའམ་གཉུག་མའི་རང་ཀློང་དུ་ཕྱིན་ནས་དཔྱད་མཁན་རང་དག་ལ་འགྲོ་བར་བཤད་པའང་དེའི་གནད་ཀྱིས་ཡིན་ནོ། །ལུགས་འདི་ལ་བསླད་མ་བསླད་ཀྱི་ཁྱད་ཙམ་མ་གཏོགས་མཉམ་རྗེས་གཉིས་འོད་གསལ་གྱི་དགོངས་པ་སྐྱོང་རྒྱུ་ཡོད་པ་ལ་ཁྱད་མེད་པར་བཞེད་དེ། འདི་ནི་རྫོགས་ཆེན་གྱི་སྐོར་དུ་རྒྱས་སོ། །དེར་ཆོས་ཐམས་ཅད་སྟོང་ཉིད་ལས་མ་གཡོ་ཚུལ་དབུ་མ་ནས་བཤད་པ་འདྲ་བ་རེ་བཤད་ནས་འདི་ལྟར་རྟོགས་ན་རྫོགས་ཆེན་དུ་ཆོས་ཀུན་རྫོགས་ཚུལ་རྟོགས་པ་ཡིན་ཞེས་མང་དུ་གསུངས་ཏེ། རིག་པ་དབྱིངས་ཐོག་ཏུ་འཁྱོལ་བའི་རྫོགས་རིམ་པས་བལྟས་ན་གང་སྣང་སྟོང་པའི་རོལ་པར་གནས་པ་དེ་ཉིད་གང་སྣང་འོད་གསལ་གྱི་རིག་པའི་རོལ་པར་གནས་པའི་དོན་དུའང་འགྲོ་བ། དཔེར་ན་དབུ་མ་པའི་ངོར་སྟོང་པ་རྟེན་འབྱུང་གི་དོན་དུ་འགྲོ་བ་ལྟ་བུ་ཞིག་ཡིན་པས། དེ་བཤད་པ་ཡིན་གྱི། སྤྱིར་དེ་ལྟར་བཤད་པ་མིན་ཏེ། དབུ་མ་ཐལ་

TN03_Page_0972
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༣)འགྱུར་པའི་ལུགས་ཀྱི་ཐད་དུའང་། སྟོང་ཉིད་འདི་ལྟར་རྟོགས་ན་རྫོགས་ཆེན་རྟོགས་པ་ཡིན་ཞེས་ཀུན་མཁྱེན་རང་གིས་ཀྱང་མ་བཤད་དོ། །དེའི་ཕྱིར་གང་ཟག་དེ་འདྲའི་ངོར། ཆོས་ཐམས་ཅད་རྫོགས་པ་ཆེན་པོའི་ཀློང་ལས་མ་གཡོས་ཚུལ་འཆད་པ་ན། དེ་འདྲའི་ངོར་ཆོས་ཐམས་ཅད་སྟོང་ཉིད་ལས་མ་གཡོས་ཚུལ་འབའ་ཞིག་བསྟན་པས་ཆོག་པར་བྱུང་བ་ཡིན་ཏེ། ད་དུང་ཞིབ་ཆ་མང་ངོ་། །མདོར་ན་རྫོགས་ཆེན་ཀ་དག་གི་དབྱིངས་རིག་གཉིས་སོ་སོར་མ་ཕྱེ་བའི་དབང་དུ་མཛད་ནས། རེས་སྟོང་ཉིད་དང་། རེས་རིག་པ་ལ་རྫོགས་ཆེན་དུ་གསུངས་པ་ཡིན་ནོ། །ཀུན་མཁྱེན་གྱི་སེམས་ཕྱོགས་སྐོར་ན་འོད་གསལ་ངང་བཞག་གི་ཏིང་ངེ་འཛིན་མ་བརྗེད་པའི་ངང་ནས་ཡུལ་གང་སྣང་དང་བློ་གང་ཤར་ལ་བལྟ་བ་གོམས་པས། ཇི་ཞིག་ན། བྱ་གར་སོང་ཡང་ནམ་མཁའ་ཟེར་བ་ལྟར། རྣལ་འབྱོར་པས་གར་བལྟས་ཀྱང་རིག་པ་ལས་གཞན་མེད་པ་ཞིག་འོང་ཚུལ་ཡང་ཡང་གསུངས་པ་རྣམས་ཀྱང་དེ་ལྟར་ཡིན་པ་ནི། ཟེར་ས་གང་རྙེད་ནས་སྲ་སྲེ་བྱས་པ་མིན་གྱི་རྩ་བའི་དགོངས་པ་བསླད་མེད་དུ་སྣང་བས་ལམ་གྱི་གནད་འདི་ནི་རྗེ་བཙུན་ཙོང་ཁ་པའི་སྔར་ཡང་རྙིང་ཕྱོགས་ལ་མ་གྲགས་པ་མིན་ནོ། ༈ །མང་དུ་བཤད་པའི་བསྡུ་བ་ནི། རྟ་སྐད་ཀྱིས་དངོས་གྲུབ་དངོས་སུ་སྒྲུབ་ནུས་པ་ལ་ནི། སྒྲུབ་ཐབས་ཐུན་བཞིར་བསྒོམ་པའི་སྒོ་ནས་རྟ་ཞལ་ལ་རེག་མཐོང་གི་མཚན་མ་བརྟན་པོ་རྙེད་ཅིང་། རྟ་སྐད་ལའང་གསལ་བརྟན་དེ་འདྲ་ཐོབ་པ་དང་། རྟ་སྐད་ཀྱི་དེ་ཉིད་ལས་སུ་རུང་བའི་དབང་གིས་སྐད་དེའི་

TN03_Page_0973
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༤)སྣང་ཞེན་གཉིས་ཀ་ཆེས་ཕུལ་དུ་བྱུང་བའི་ངོ་བོ་ཉིད་དུ་བོགས་ཐོན་པ་གཉིས་ཚོགས་དགོས་སོ། །དེ་གཉིས་ཚང་བ་ན་ནི་རྟ་སྐད་སྟོབས་སུ་གྱུར་པ་དང་། རྟ་སྐད་ལ་ནུས་པ་རྙེད་པ་ཡིན་པས། གསུང་རྟ་དབྱངས་ཀྱི་ང་རོ་ཙམ་གྱིས་དངོས་གྲུབ་རབ་འབྱམས་བྱེད་པའི་དབང་དང་ལྡན་པ་ཡིན་ནོ། །དེའང་ལས་ཀྱི་ཕྲེང་བ་ལྟར་སྒྲུབ་ཐབས་ཀྱི་སྦྱོར་མཆོད་དང་། ཚོགས་མཆོད་ཀྱི་གསང་ཚོགས་དང་། ཐུན་མཚམས་བྲོ་རྡུང་གི་སྐབས་སོགས་སུ་བསྐྱེད་རིམ་པའི་བདེ་སྟོང་ཅི་ནུས་སུ་སྒོམ་ཞིང་། དེ་ཉིད་རྟ་སྐད་དུ་འཆར་བ་ལ་སློབ། ཛབ་དང་བྲོའི་དུས་སུ་རྟ་སྐད་འདོན་པ་རྣམས་རྩ་བའི་མན་ངག་གོ །རྟ་སྐད་ཀྱི་དེ་ཉིད་བརྟན་པའི་དྲོད་ཚད་ནི་ཉམས་དང་རྨི་ལམ་ཙམ་ལས་ཤེས་པར་བྱ་བ་མིན་གྱི། འཇིགས་པ་དང་། ཁྲོ་བ་དང་། མྱ་ངན་སོགས་སྐྱེད་པའི་ཡུལ་རྐྱེན་ཆེན་པོ་རྣམས་ཀྱང་རྣལ་འབྱོར་དེས་ཟིལ་གྱིས་མནན་ནས་དེ་ཐམས་ཅད་བདེ་ཆེན་སྒྱུ་མའི་ཁ་དོག་གཅིག་ཏུ་སྒྱུར་ནུས་པ་ཞིག་དགོས་ཏེ། འདི་ལ་ཡུལ་སྣང་རྟ་སྐད་ཀྱི་དབང་དུ་གྱུར་པ་ཞེས་བྱའོ། །དེ་འདྲ་ཞིག་ནི་བསྐྱེད་རིམ་པའི་ཚོགས་སྒྲུབ་ཀྱི་སྔོན་ནས་འོང་དགོས་པར་མངོན་ལ། སྔགས་ཀྱི་གདུལ་བྱ་ཙནྡན་ལྟ་བུ་སོགས་ནི་མཚམས་དེ་ཤེད་ནས་ཚོགས་སྤྱོད་བྱེད་དོ། ༈ །རྟ་སྐད་སྣང་བ་ཐམས་ཅད་ལ་བདེ་ཆེན་ཡེ་ཤེས་ཀྱི་བྱིན་རླབས་འབེབས་པའི་ཐབས་སུ་བསྔགས་པ་ནི། བྱིན་འབེབས་དུས། བཛྲ་དྷ་རྨ་ར་ྀ་སོགས་ཀྱིས་རོལ་མོས་བྱིན་དབབ་པར་བཤད་པ་ལྟ་བུའོ། །

TN03_Page_0974
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༥)ཕྱི་ནང་གི་བར་ཆད་གང་བྱུང་ཡང་དེ་ལྟར་བྱིན་འབེབས་བྱས་པས། ཇི་ལྟར་འཕགས་པ་འཇམ་དཔལ་གྱིས་བདུད་སྡིག་ཅན་བྱང་སེམས་རྣམས་ཀྱི་བདུད་ཀྱི་ལྕགས་ཀྱུ་སྤོང་བའི་ཆོས་སྟོན་པ་པོར་བྱིན་གྱིས་བརླབས་ནས་མདོ་སྡེ་བཤད་དུ་བཅུག་པ་དང་འདྲ་བར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་མི་ཟད་པ་དག་གི་སྒོར་སྣང་བར་འགྱུར་བ་ཡིན་ནོ། །འདི་ནི་སྔགས་བླ་མེད་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བར་ཆད་འདུལ་ལུགས་ཡིན་ཏེ། རྟ་མགྲིན་གྱི་སྔགས་པ་ནི་གདབ་ལས་སོགས་ལ་གཙོ་བོར་མི་བྱེད། འདི་ཁོ་ན་བྱེད་སྙམ། ཞི་སོགས་ལས་བྱེ་བྲག་པ་སྒྲུབ་པའི་རྟ་སྐད་སོ་སོར་ཡོད་ཀྱང་། འདི་ནི་ལས་སྒྲུབ་ཙམ་གྱི་དབང་དུ་བྱས་པ་མིན་པར་རྒྱུན་འཁྱེར་དུ་སྐྱོང་རྒྱུའི་རྟ་སྐད་སྤྱིའི་ཁོག་ཏུ་བར་ཆད་འདུལ་ལུགས་སོ། །རྟ་སྐད་རང་ཉིད་དབང་གི་རིགས་ཡིན་ཀྱང་། དེ་ལ་བརྟེན་ནས་ཞི་དྲག་སོགས་ལས་གཞན་ཡང་བྱར་ཡོད་པ་ནི་སྦྱིན་སྲེག་དུས་དབང་ཐབས་ལས་ཐམས་ཅད་པ་ཟེར་བ་ལྟ་བུའོ། །རྣམ་པ་གཅིག་ཏུ་ན་དབང་དུ་གྱུར་པའི་དངོས་གྲུབ་དང་། དབང་གི་ལས་ནི་ལས་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་དང་སྲོག་ལྟ་བུ་ཡིན་ཏེ། དངོས་གྲུབ་གང་ཡང་དབང་དུ་མ་གྱུར་པ་ནི་དངོས་གྲུབ་དེ་ལས་སུ་མ་རུང་བ་ཡིན་པས། དེ་སྲིད་དུ་དངོས་གྲུབ་ཀྱི་བྱ་བ་མི་བྱེད་པའི་ཕྱིར་རོ། །དབང་གི་རྟ་སྐད་ཅེས་པའི་ཚིག་ཟུར་གྱི་དབང་དང་། ལས་བཞིའི་ནང་གི་དབང་ལས་གཉིས་ལ་རྒྱ་མཚོ་

TN03_Page_0975
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༦)དང་ཡ་མུ་ན་ལྟ་བུའི་ཁྱད་ཡོད་པས། ལྷ་འདི་མཆོག་སྒྲུབ་དང་ལས་སྒྲུབ་ཀྱི་ལྷ་གཉིས་ལས་སྔ་མ་ཡིན་པ་དང་། འོན་ཀྱང་ལས་བཞིའི་ནང་ནས་དབང་ལས་ལ་བསྔགས་པ་མི་འགལ་བྱ་བ་སོགས་དཔྱད་དགོས། བཤད་ཚུལ་གཅིག་ལ། ཇི་ལྟར་མི་བསྐྱོད་རྡོ་རྗེ་ཞེ་སྡང་གི་རིགས་ཡིན་པས་མཚན་ཡང་ཞེ་སྡང་རྡོ་རྗེ་ཞེས་གྲགས་ཤིང་། དེའི་གནད་ཀྱིས་ལས་བཞི་ལས་མངོན་སྤྱོད་ལ་བསྔགས་ཀྱང་ལས་ཚོགས་ཀྱི་ལྷར་མི་འདོད་པ་ལྟར། དཔའ་བོའི་དབང་པོ་འདི་ཡང་ལུས་ཅན་རྣམས་ཀྱི་འདོད་ཆགས་སྦྱོང་ཕྱིར་རྗེས་ཆགས་ཀྱི་རིགས་ཀྱི་རྒྱལ་པོར་བཞེངས་པ་ཡིན་པས་ལས་སྒྲུབ་ཀྱི་ཚེ་དབང་གི་ལས་ལ་བསྔགས་ཀྱང་མཆོག་སྒྲུབ་དང་ལས་སྒྲུབ་ཀྱི་ལྷ་གཉིས་ལས་སྔ་མ་ཡིན་ཏེ། འདི་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་རིམ་གཉིས་ཀྱི་ལམ་གྱིས་ལྷ་འདིའི་གཟུགས་སུ་འཚང་རྒྱ་བའི་དབང་དུ་མཛད་ནས་རྒྱུད་སྡེ་ཆེན་པོའི་དཀྱིལ་འཁོར་གྱི་རྩ་བའི་བདག་པོར་བཞེངས་པ་ཡིན་གྱི། གཙོ་བོར་ལས་ཚོགས་སྒྲུབ་པའི་སྐབས་ཙམ་དུ་གསུངས་པ་མིན་པའི་ཕྱིར་རོ། །རྟ་སྐད་ལའང་། ལྟ་བར་སྦྱར་བ་དང་། སྤྱོད་པར་སྦྱར་བ་ཞེས་ལམ་གྱི་གཞུང་ཤིང་ཡེ་ཤེས་ཀྱི་དོན་ལ་དགོངས་པ་དང་། ལམ་གྱི་ཆ་ལག་ཕྲིན་ལས་ཀྱི་སྤྱོད་པའམ་མཛད་པ་ལ་དགོངས་པ་གཉིས་ལས། སྔ་མའི་སྐབས་སུ་དབང་ལས་དང་མི་སྦྱོར་གྱི། ལམ་གྱི་སྙིང་པོ་རྗེས་ཆགས་ལམ་བྱེད་ཀྱི་བདེ་སྟོང་དང་། དེའི་སྟེང་ནས་ས་ལམ་བགྲོད་ཚུལ་སོགས་

TN03_Page_0976
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༧)ལ་སྦྱོར་བ་ཐ་རམ་བཞིའི་དང་པོ་གསུམ་ལྟར་ཏེ། རྟ་སྐད་ཀྱི་ཐ་རམ་དོན་བསྡུའི་ཐད་དང་བསྒྲིགས་ན་གསལ་ལོ། །དེས་ན་དབང་གི་རྟ་སྐད་ནི་རྟ་སྐད་སྤྱོད་པར་དགོངས་པའི་སྐབས་ཡིན་ནོ། །འདི་བཟང་ངམ་དཔྱད། གོང་འོག་ན་མི་མཐུན་པ་བག་ཙམ་ཡོད་དེ་དཔྱད་པ་རྩིང་ཞིབ་ལས་བྱུང་ངོ་། །དེ་ལྟར་ཧེ་རུ་ཀ་འདི་ནི་བདེ་བ་ཆེན་པོའི་རྣམ་འགྱུར་གསལ་ཤོས་ཡིན་པས། རྡོ་རྗེ་ཕུར་པའི་སྐབས་སུ་ཡང་ཡེ་ཤེས་སེམས་དཔའི་སྲོག་ལ་ལྷན་སྐྱེས་ཡེ་ཤེས་ཀྱིས་དབང་བསྐུར་བ་ཞེས་རྡོ་རྗེ་སེམས་དཔའ་ལ་རྟ་མགྲིན་གྱིས་དབང་སྐུར་བའི་ཚུལ་བཤད་དོ། ༈ །སངས་རྒྱས་གསང་བས་རྣམ་སྣང་མངོན་བྱང་གི་འགྲེལ་པར་བཤད་པའི་ཟླ་ལ་དྲང་ན་རྟ་སྐད་ཀྱི་དོན་ཡང་། སྲོང་བཙན་བཀའ་འབུམ་གྱི་ཅང་ཤེས་བཱ་ལ་ཧའི་ཐད་ལྟར། མི་འཇིགས་པའི་གནས་སུ་འགྲོ་བར་འདོད་པ་སུ་ཡོད། ཅེས་མཐོན་པོར་སྒྲོགས་པ་ལ་བཤད་དགོས་པ་འདྲ། ༈ །རྟ་མགྲིན་དགོངས་པ་ལུང་སྟོན་སོགས་ལས། མཉམ་དང་སྐུལ་དང་རྟགས་ཙམ་འཛིན། །ཞེས་གསུངས་པ་ནི། དབང་ཆེན་གྱི་ཏིང་ངེ་འཛིན་གསལ་བརྟན་ཚད་ལ་ཕེབས་པས་རྟ་སྐད་ཇི་ལྟར་འདོད་པ་བཞིན་དངོས་སུ་ཐོན་པ་ཙམ་གྱི་སྤྱི་ལྡོག་ནས་དཔལ་ཁྲག་འཐུང་དབང་པོ་དངོས་དང་མཉམ་པ་ནི་དང་པོ་སྟེ། །འདི་ནི་དངོས་གྲུབ་ལ་གཙོ་བོར་རང་སྟོབས་ཀྱིས་མངའ་དབང་ཐོབ་པ་སྟེ། རིག་འཛིན་གྲུབ་པ་པོའོ། །དངོས་པོ་ལ་རྟ་སྐད་དེ་ལྟར་མི་ཐོན་ཡང་། ཏིང་ངེ་

TN03_Page_0977
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༨)འཛིན་ལས་སུ་རུང་བས་བསམ་གཏན་གྱི་རྟ་སྐད་ཙམ་གྱིས་དེ་བཞིན་གཤེགས་པ་རྣམས་དངོས་གྲུབ་ལ་སྐུལ་བའི་དགོས་པ་དངོས་སུ་བྱེད་ནུས་པ་ནི་གཉིས་པ་སྟེ། གཙོ་བོར་གཞན་སྟོབས་ཀྱིས་དངོས་གྲུབ་མང་པོ་ལ་དབང་བསྒྱུར་བའི་སྐབས་སོ། །དབང་ཆེན་གྱི་ལྷ་སྔགས་ཡེ་ཤེས་ལ་རྣལ་འབྱོར་བྱེད་ཀྱང་། རྟ་སྐད་ཀྱི་དྲོད་དེ་འདྲ་གང་ཡང་མ་རྙེད་པ་ནི་གསུམ་པ་སྟེ། རྣལ་འབྱོར་པའི་བརྡ་སྐད་དུ་འཇོག་རྒྱུ་དངོས་ནི། རྟ་སྐད་དངོས་སུ་གྲུབ་པ་དང་། དེ་མ་གྲུབ་ཀྱང་ནུས་པ་ཅུང་ཟད་རྙེད་པའི་བཟླས་པའམ་བཤུག་གླུ་སོགས་དང་། ནུས་པ་མ་ཐོབ་པ་ལས་དང་པོ་པའི་རྟ་མཆོག་གི་བརྡ་སྐད་རྣམས་ཏེ། རྣལ་འབྱོར་པའི་གསུང་རྡོ་རྗེ་རིམ་པ་གསུམ་པོ་འདི་ནི་བསྐྱེད་རིམ་པ་ཁོ་ན་ཡང་ཡོད་དོ། །དེ་ལྟར་བཤད་རུང་ངམ་དཔྱད་དགོས། ༈ །རྟ་སྐད་ཡི་གེར་བརྗོད་ན་ཇི་ལྟར་ཡིན་པ་ནི། བཀའ་བརྒྱད་བདེ་གསང་སོགས་སུ་བཤད་ཚུལ་སྔར་བསྟན་ཟིན་པས་གོང་འོག་སྒྲིགས་ལ་ལྟོས། རྣམ་སྣང་མངོན་བྱང་གི་འགྲེལ་པར། རྟ་མགྲིན་གྱི་རྟ་སྐད་ལ་ཨི་ཧི་ཧི་ཞེས་སྙན་རྒྱུད་རྟ་མགྲིན་གྱིའང་སྐབས་གཅིག་ན་འདི་བཞིན་ཡོད། པ་བཤད་ཅིང་། ཀློང་སྙིང་རིག་འཛིན་འཁྲུལ་འཁོར་ལས་ཀྱང་དེ་ལྟར་བཤད། སྤྱིར་ནི། གཞུང་འདིར། ཡེ་ཤེས་གཟི་འབར་རྔམས་ཞིང་བཞད་པའི་སྒྲསཿ ཞེས་རྟ་སྐད་བཞད་སྒྲ་ཡིན་པར་གསུངས་ཏེ། གསང་སྒྲུབ་ཀྱི་བསྟོད་པར། རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོདཿ ཅེས་སོགས་དེ་འདྲ་གཞན་

TN03_Page_0978
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༩)ཡང་ཆེས་མང་ངོ། །བཞད་ཚུལ་ཡང་འདིའི་བྲོ་ཆོག་ཏུ། ཧི་ཧི་ཧི་ཞེས་པ་ལ་ཡང་ཡང་བཤད་པ་སྙན་རྒྱུད་རྟ་མགྲིན་དང་ཡང་ཇི་བཞིན་དུ་མཐུན་ནོ། །དེའང་བསྙེན་སྒྲུབ་ཅི་རིགས་འཁྱོལ་བ་ན། དེའི་སྐབས་རྣམས་སུ་རང་གི་ངག་རླུང་རྡོ་རྗེ་རྟ་སྐད་དུ་འཆར་བའི་བག་ཆགས་བརྒྱུད་མར་བཞག་པས། ངག་ལ་རྟ་སྐད་ཀྱི་སྣང་ཞེན་ཤུགས་ཇེ་ཆེར་འགྲོ། དེས་རྐྱེན་བྱས་ནས་དཔལ་གྱི་རྟ་སྐད་དངོས་རང་འབབ་ཅིང་། དེའང་ཕུལ་ཇེ་ཆེར་རིམ་གྱིས་འགྲོ། །དེའི་ཚེ་སླར་ཡང་རང་གི་ངག་རླུང་ཧི་ཧིའི་གད་རྒྱངས་ཀྱི་རྣམ་པར་བཅོས་པ་འདི་ཉིད་སྒྲུབ་རྟེན་དུ་བཟུང་ནས། བྲོ་རྡུང་དང་སྦྲགས་ནས་ཞག་བདུན་ལ་སོགས་པར་བསྒྲུབ་པས། མཁའ་འགྲོ་མ་དང་། སྲིད་གསུམ་དྲེགས་པའི་རྒྱལ་སྲིད་ལ་དབང་སྒྱུར་ཞིང་། བདུད་ལས་རྣམ་པར་རྒྱལ་བའི་མཐུ་གྲུབ་པར་འགྱུར་བ་ནི། སྒྲུབ་ལུགས་འདིའི་སྨད་ལས་ཐུན་མོང་མ་ཡིན་པ་སྟེ། ཚེ་མཆོག་བདུད་རྩིའི་བསྙེན་པ་སོང་བའི་སློབ་དཔོན་གྱིས་རྩི་སྨན་གྱི་སྦྱོར་བ་སྒྲུབ་གཞིར་བཟུང་སྟེ་ཞག་བདུན་ལ་སོགས་པར་བསྒྲུབ་པས་གྲུབ་པའི་བདུད་རྩི་དངོས་སམ་རྗེས་མཐུན་པར་གྱུར་ནས། སྐོང་དང་གཟི་མདངས་འཆི་མེད་སོགས་སྩོལ་ནུས་པ་དང་འདྲའོ། དེང་སང་རྟ་སྐད་ཀྱི་སྒྲུབ་ལུགས་འདི་རྣམས་ས་འོག་གི་གཏེར་བཞིན་སོང་འདུག་ཀྱང་། བླ་མའི་དྲིན་ཁོ་ནས་བདག་གིས་གཏེར་རྡོལ་བ་བཞིན་དུ་བྱས་ཡོད། ༈ རྟ་སྐད་བྲོ་གར་དང་འབྲེལ་བའི་རྒྱུ་མཚན་ནི་

TN03_Page_0979
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༠)རྟ་སྐད་ནི་གཞན་ལ་འབོད་ཅིང་སྐུལ་བའི་སྒྲ་ཁོ་ན་མིན་ཏེ། ཤིན་ཏུ་ཆགས་ལྡན་འགའ་ཞིག་བདེ་བས་མྱོས་པ་ན་རྟ་སྐད་འབྱིན་པར་གྲགས་པ་ཡིན་ཏེ། བདེ་སྐད་དམ་ཆགས་སྐད་དོ། །བྲོ་ཡང་སྒྱུ་འཕྲུལ་ལུགས་ཟུར་འཁོད་ལྟར་རིག་མ་དང་ལག་པའི་པདྨ་ལུ་གུ་རྒྱུད་དུ་སྦྲེལ་ནས་འཁྲབ་ཅིང་རྩ་བའི་རྗེས་ཆགས་ཀྱི་སྤྱོད་པ་ཡིན་ལ། དེའང་སྙོམས་འཇུག་གི་དགའ་བའི་རོས་མྱོས་དུས་ཀྱི་ཆགས་སྐད་རྟ་མཆོག་འཚེར་བའི་ང་རོ་དང་སྦྲགས་ན་དགའ་བ་འབར་བ་ལ་མཐུ་ཤིན་ཏུ་ཆེ་བས། ལུས་བྲོ་གར་དང་། ངག་འཚེར་སྐད། སེམས་རྗེས་ཆགས་ཏེ་གསུམ་དང་ལྡན་པས་རིག་མ་ལ་རྩེ་བར་བསྟན་ཏེ། འདོད་ཆགས་རྡོ་རྗེའི་རིགས་ལ་ཅི་སྟེ་མི་བསྔགས། མདོར་ན་བྲོས་བདེ་བ་རྒྱས་པའི་གྲོགས་སུ་རྟ་སྐད་དགོས་པའོ། ༈ །རྟ་སྐད་འདོན་པ་དང་བྲོ་རྡུང་གི་དུས་གཅིག་ནི། མཆོད་པའི་སྐབས་ཏེ། རཏྣའི་རྟ་མགྲིན་གསང་འདུས་སུ། དབང་གི་རྟ་བྲོ་དང་གླུའི་མཆོད་པ་ཞེས་རྟ་རྒྱུད་ནས་བཤད་པའི་གླུ་དྲུག་དང་བྲོ་དྲུག་གིས་མཆོད་པ་དེར་གླུའི་སྔགས་དང་། བྲོའི་སྔགས་གཉིས་ཐ་དད་དུ་འབྱུང་བ་ལས། འདི་ནི་བྲོའི་སྔགས་སུ་བྱས་ནས་གསུངས་སོ། །མཆན། ཏེ་ན་ཏེ་ཏེའི་སྔགས་དང་བཅས་པ་གསུངས་ཏེ། འདི་ནི་རྟ་མགྲིན་གྱི་ཐུགས་དམ་རྩ་བ་ཡིན་ཚུལ་བཤད་ཟིན་ལྟར་མཉེས་པའི་མཆོད་པ་མཆོག་གོ །དེ་ལྟར་སྦྱོར་ན་ནི་ཁ་སྐོང་ཕྲིན་ལས་ཀྱི་ཕྱག་རྒྱ་གར་མཆོད་ལ་ཡེ་ཤེས་གླུའི་མཆོད་པའང་ཡོད་པར་མཆོད་སྔགས་ཀྱིས་ཤེས་

TN03_Page_0980
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༡)པས། དེར་རྟ་བྲོ་དང་འཚེར་གླུའི་མཆོད་པའི་དམིགས་རིམ་བསྐྱང་བས་ཆོག་པ་འདྲ་ལ། དེ་ལས་ཀྱང་སྤྲོ་ན་ཐུགས་ཏིག་འདི་ཀའི་བཀའ་བརྒྱད་ཀྱི་གླུ་གར་མཆོད་པའི་སྐབས་སུ། མ་ཧཱ་ཛྙཱ་ན་ཏེ་ན་ཧཱུཾཿ ཏེ་ན་ཏེ་ཏེ་ཧཱུཾཿ ཞེས་འབྱུང་བ་དེ་གདངས་འགྱུར་མཐོ་དམན་རིང་ཐུང་ཇི་ལྟར་འདོད་པས་གླུར་ལེན་ཅིང་། བྲོ་གར་ཡིད་ལ་གང་ཤར་བཞིན་བྱས་ནས་ཉམས་སྦར་བ་ཡང་རུང་བ་འདྲ་སྟེ། ཐང་སྟོང་སྙན་རྒྱུད་ལས་ཀྱང་། ཏེ་ན་ཏེ་ཏེའི་སྔགས་ཀྱིས་བྲོ་གར་སྣང་བ་ལ་གང་དྲན་བྱས་པས་མཁའ་འགྲོ་མ་རྣམས་ཆགས་ཤིང་གདུང་བར་འགྱུར་བར་ཕག་མོའི་སྐབས་སུ་གསུངས་སོ། །འདི་ནི་ལས་སྒྲུབ་ཀྱི་རྟ་བྲོ་གཏན་མིན་ཏེ། རྟ་གསང་དུའང་བྲོ་མནན་གྱི་ཚིག་ལྟ་བུ་ཡེ་མེད་དོ། །མཆོད་པའི་གླུ་བྲོ་ནི་སྒྱུ་འཕྲུལ་ལས། གླུ་ཚིག་བྲོ་གར་རོལ་མོ་ཡི། །སྤྲིན་ཕུང་ཚོགས་ཀྱིས་རབ་ཏུ་མཆོད། །ཅེས་པ་ལྟ་བུའོ། །དཔྱོད། འདི་དག་ནི། སྤྱིར་འདི་འདྲའང་རུང་དམ་ཞེས་དཔྱད་གཞིར་བཀོད་ཀྱི། གཞུང་རང་ན་གསལ་ཁ་མི་སྣང་ཞིང་། བཀའ་བརྒྱད་སྤྱིའི་ཁོག་ནས་ཀྱང་ཆེར་མ་ཐོན་པས། ཕྱག་རྒྱ་གར་མཆོད་ཅེས་པའི་གར་གྱི་དོན་དངོས་ནི་ལག་པའི་ཕྱག་རྒྱ་སོགས་སྒྱུ་འཕྲུལ་པའི་ཕྱག་རྒྱ་བདུན་སྦྲགས་ལ་བྱ་དགོས། བཀའ་བརྒྱད་གསང་རྫོགས་ཀྱི་སྒོམ་ཁོག་སོགས་ལས་ཀྱང་བཤད་དེ། དེར་ནི། ཕྱག་རྒྱ་གར་མཆོད་ལ་ཕྱག་རྒྱའི་མཆོད་པ་རྒྱས་པར་སྤྲོས་ནས། དེའི་འོག་ཏུ་གླུ་བྲོའི་མཆོད་པ་ཛྙཱ་ན་ཏེ་ཏེའི་སྔགས་

TN03_Page_0981
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༢)དང་བཅས་པ་འབྱུང་སྟེ་སོ་སོར་མཛད་དོ། ༈ །བདེ་འདུས་བྲོ་མནན་ཆེན་མོར། དབུས་ཀྱི་རྟ་སྐད་ལྷང་ལྷང་ཐེང་གཅིག་གིས༔ རྣལ་འབྱོར་ཡལ་གམ་ཅན་ལ་དངོས་གྲུབ་སྟེརཿ གཡོན་གྱི་རྟ་སྐད་ལྷང་ལྷང་ཐེང་གཅིག་གིས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དབང་དུ་སྡུདཿ ཅེས་གསུངས་ཏེ་བསྐུལ་ཆེན་དང་མི་འདྲའོ། ༈ །སྤྱི་མདོའི་གསང་སྔགས་འབྱུང་བའི་གནས་སྐབས་བཅུ་གཉིས་ཀྱི་དྲུག་པ། གདུལ་བྱའི་སྐབས་ལ་བབས་པ་ན་ཡང་འབྱུང་། ཞེས་པའི་རྒྱས་བཤད་དུ། སྔོན་རུ་ཏྲས་འཇིག་རྟེན་གསུམ་ལ་དབང་བསྒྱུར་བ་ན། ཁོའི་མཐུས་འགྲོ་བ་རྣམས་ཀྱི་སེམས་དང་སྤྱོད་པ་ཤིན་ཏུ་འཁྲུགས་ཏེ་ཕྱིན་ཅི་ལོག་ཏུ་སོང་ཞིང་། དེའི་དབང་གིས་སྣོད་བཅུད་ཐམས་ཅད་ཆེས་ཆེར་སྙིགས་ཤིང་རྒུད་པར་གྱུར་པའི་ཚེ། འཇིག་རྟེན་དབང་ཕྱུག་རྡོ་རྗེ་རྟའི་གདོང་པ་ཅན་སངས་རྒྱས་རྣམས་ཀྱིས་བསྐུལ་ཏེ། རྒྱ་མཚོའི་དོ། ལང་ཀའི་གྲོང་རྡལ་གྱི་དབུས། རིའི་རྒྱལ་པོ་མ་ལ་ཡའི་རྩེར་བྱོན་ནས། ཁམས་གསུམ་ཡོངས་སྒྲོལ། དུག་གསུམ་གཏན་སྤྲུགས་པའི་སྤྱོད་པ་མཛད་ཚུལ་རྒྱ་ཆེར་གསུངས་པའི་སྐབས་སུ་རྟ་སྐད་བཤད་པའི་ཚུལ་ནི། རུ་ཏྲ་ལ་གདུང་བ་བསྐྱེད་པ་ན། ཁོས་རང་གི་བཀའ་འོག་གི་འཇིག་རྟེན་གྱི་དབང་ཕྱུག་ཆེན་པོ་རྣམས་དམག་སྡེ་དང་བཅས་པ། དམོད་པ་གྲུབ་པའི་མཐུ་འབྱུང་པོ་

TN03_Page_0982
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༣)ཐམས་ཅད་ཀྱིས་བཟོད་པར་དཀའ་བའི་ངག་གིས་རམ་ཟླར་བསྐུལ་ཏེ། དཔུང་ཚོགས་བྱེ་བ་དཔག་མེད་ཀྱི་སྤྲིན་གཏིབས་ནས། བདུད་ཀྱི་སྒྱུ་འཕྲུལ་གྱི་དྲྭ་བ་བཀྲམ་པ་ན། རྟ་མཆོག་ཧེ་རུ་ཀས་རྡོ་རྗེ་ས་གསུམ་གྱི་དཀྱིལ་འཁོར་གནོན་པའི་འདུར་གླུ་བླངས་པར་གསུངས་ཏེ། དེའང་ཧྲཱིཿབླང་བར་བཤད་དོ། འདུར་གླུའི་བསྟན་དོན་ནི། དགའ་རབ་དབང་ཕྱུག་སོགས་ལ་འདོད་དབང་སྟོང་ལས་ལྷག་པར་སྒེགས་པའི་གར་དང་། གཤིན་རྗེའི་རྒྱལ་པོ་སོགས་ལ་གཤིན་རྒྱལ་སྟོང་ལས་ལྷག་པར་འབར་ཞིང་ཁྲོ་བའི་གར་དང་། ཚངས་པ་སོགས་ལ་ཚངས་ཆེན་སྟོང་ལས་ལྷག་པར་ཞི་བའི་གར་རམ་ཉམས་ཀྱི་འགྱུར་བ་སྟེ། མདོར་ན་རྒྱལ་བ་ཀུན་གྱི་སྐུ། མཐུན་པས་མཐུན་པ་འདུལ་བའི་ཉམས་ཐ་དད་དུ་ཤིན་ཏུ་བསྒྱུར་བའི་སྤྲུལ་པའི་རྒྱུད་ཀྱིས་འཇིག་རྟེན་གསུམ་རྒྱས་པར་བཀང་སྟེ། རུ་ཏྲ་དང་། དེའི་དཔུང་དྲེགས་པའི་གཙོ་བོ་ཐམས་ཅད་ཤིན་ཏུ་ཟིལ་གྱིས་ནོན་ཅིག །དེ་དག་གི་དགའ་མའི་ཚོགས་རྣམས་དྲོངས་ཤིག་གམ་འགུག་པར་གྱིས་ཤིག །ཉོན་མོངས་ཤིན་ཏུ་ཤུགས་དྲག་ལ་སྤྱོད་པའི་སེམས་ཅན་རྣམས་གདུལ་དཀའ་སླའི་ངེས་པ་ལ་མི་ལྟོས་པར་སྔགས་ཀྱི་ཐབས་མཁས་ཀྱིས་ཐུལ་ཅིག །ཅེས་པ་ཡིན་པར་བཤད། དེ་ལྟར་འདུར་གླུ་བླངས་པས། བདུད་ཀྱི་དམག་ཚོགས་རྣམས་ནི་རེངས་ཏེ་བག་འཁུམ། མཚོན་ཆའི་སྤྲིན་ཕུང་ནི་སྟོང་པ་ཉིད་དུ་སངས། མི་སྙན་པའི་

TN03_Page_0983
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༤)ངག་རྒྱ་མཚོ་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒྲར་སྣང་བར་གྱུར་ཏོ་ཞེས་བཤད་དོ། །དགེ་བྱེད་ལོ་མཇུག་ནས་དཔྱད་པ་གཙང་དུ་སོང་བ་རྣམས་སླར་ཡང་མཐུད་དེ་བྲིས་པ། ལར་དོགས་པ་ཆེ་བ་ནི། །སྒྲུབ་སྡེ་འདི་ལ་པདྨ་གསུང་རྟ་སྐད་ཀྱི་སྒྲུབ་པ་ཞེས་གྲགས་པས་རྟ་སྐད་ཀྱི་ཏིང་ངེ་འཛིན་རྒྱུན་ལྡན་དུ་སྐྱོང་བ་ཞིག་ལ་བསྙེན་སྒྲུབ་ཀྱི་སྲོག་འཆོལ་དགོས་པར་སྣང་ཡང་། འདི་དང་སྙན་རྒྱུད་རྟ་མགྲིན་སོགས་སུ་ཛབ་དགོངས་སྤྱི་ཁྱབ་ལྟར་ལས་མ་བཤད་པ་ཅི་ཞེས་པ་སྟེ། འདི་ལ་སྤྱིར་ཐུན་རེ་བཞིན་རྟ་སྐད་ཀྱི་སྣང་ཞེན་སྐྱོང་རྒྱུ་ནི་དངོས་བསྟན་ལའང་མི་གསལ་བ་མིན་ཏ། སྤྱི་གཙུག་རྟ་གདོང་རྔམ་བཞད་འཚེརཿ ཞེས་སོ། །འོན་ཏེ་རྟ་སྐད་དེ་ཉིད་ཛབ་དགོངས་སུ་བྱས་ནས་སྐྱོང་རྒྱུ་བསྟན་མ་བསྟན་ནི་ཅུང་དཀའ་བས་དཔྱད་ན། སྤྱིར་ཧེ་རུ་འདི་རྗེས་ཆགས་ཀྱི་ངོ་བོ་ཉིད་ཡིན་པ་དང་། འགྲོ་སྒྲོལ་གྱི་ཤུགས་ཆེ་ཞིང་མྱུར་བ་སོགས་ཀྱིས་རྟ་མཆོག་ཏུ་བཤད་དེ། ཚུལ་དེས་རང་ཉིད་རྟ་མཆོག་ཡིན་པའི་མཚོན་བྱེད་དུ་དབུ་གཙུག་ནས་རྟ་གདོང་ཞལ་གྱི་ཕྱག་རྒྱ་བར་སྤྲུལ་པ་ཡིན་གྱི། རྟ་མགོ་ཡོད་པས་རྟ་མགྲིན་དུ་ཚུར་བཞག་པ་ཡེ་མིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་འདིའི་གསུང་ཡང་རིལ་གྱིས་རྟ་སྐད་དུ་བཤད་རྒྱུ་ཡིན་གྱི། རྟ་སྐད་ཅེས་བྱས་ཚེ་རྟ་གདོང་གི་ཁ་ལས་སྐྱེས་པ་འབའ་ཞིག་མི་དགོས་ཏེ། རྟ་བྲོ་ཞེས་པའང་རྟ་མགྲིན་གྱི་ཞབས་བྲོ་ལ་ཟེར་གྱི། རྟ་རྨིག་གི་རྣམ་པས་འཁྲབ་པར་སྒོམ་

TN03_Page_0984
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༥)མི་དགོས་པ་བཞིན་ནོ། །དེ་ལྟར་འཕགས་པ་འདིའི་གསུང་ཐམས་ཅད་རྗེས་ཆགས་ཀྱི་གླུའི་རང་བཞིན་གྱི་རྟ་སྐད་ཁོ་ན་ཡིན་པའི་མཚོན་བྱེད་དུ། དབུ་གཙུག་གི་རྟ་ཞལ་ལས་རྟ་སྐད་དངོས་འབྱིན་པར་ཟད་དེ། སྒྲུབ་ཐབས་སྒོམ་དུས་སུའང་རང་གི་ངག་རླུང་ཐམས་ཅད་རྟ་སྔགས་སུ་བལྟ་ཞིང་། རྟ་སྔགས་ཀྱང་རྟ་སྐད་ཁོ་ན་ཡིན་པའི་བརྡ་རྟགས་སུ་སྤྱི་བོ་ནས་རྟ་སྐད་དངོས་འབྱིན་བཞིན་པར་བལྟ་ཡི། རྩ་ཞལ་སོགས་ནས་འབྱུང་བའི་སྔགས་སྒྲ་རྟ་སྐད་མིན་པ་དང་། རྟ་སྐད་རྟ་གདོང་ཁོ་ན་ལས་འབྱུང་དགོས་པར་ནི་མི་བཟུང་ངོ་། །མདོར་ན་ལྷ་འདིའི་གསུང་གསང་སྔགས་ཀྱི་བརྗོད་པ་ཐམས་ཅད་ཆགས་པའི་རྟ་སྐད་ཀྱི་ངོ་བོ་ཉིད་ཡིན་པ་འདི་ནི་གསང་སྔགས་དེ་དག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཆེན་པོ་ཡིན་ལ། དེའི་རང་རྟགས་སུ་སྤྱི་གཙུག་ཏུའང་རྟ་སྐད་དངོས་རང་བཞག་ལ། དི་ཉིད་རྟ་ཛབ་རྟ་སྐད་ཡིན་པའི་དྲན་པའི་འཛིན་ཕུར་དུ་བྱས་ཏེ། ཛབ་བཟླས་ལ་བརྩོན་པས། ནམ་ཞིག་བཟླས་བརྗོད་ལ་རྟ་སྐད་དངོས་ཀྱི་ནུས་པ་སྐྱེས་པ་ན། དེའི་རྟགས་མཚན་དུ་སྤྱི་གཙུག་ནས་རྟ་སྐད་སྒྲ་རྟ་སྔགས་ཀྱི་བྲག་ཆ། བརྙན་ལྟ་བུར་ཐོན་འོང་བ་ཡིན་གྱི། ཛབ་ལ་རྟ་སྐད་དུ་ཤེས་པས་རྒྱས་བཏབ་ནས་བཟླ་བ་མིན་པའི། རྟ་སྐད་གཙུག་འབྱིན་གྱི་གནད་ཟུར་དུ་འཚོལ་བ་ངལ་བ་ཙམ་མོ། །དེས་ན་རྟ་མགྲིན་གྱི་ཛབ་འདི་དང་པོ་ཟློ་དུས་ནས་སྒྲུབ་སྡེ་གཞན་ལས་ཀྱང་ཆེས་ལྷག་པར་ལྷ་དང་མཁའ་འགྲོ་དམ་

TN03_Page_0985
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༦)ཅན་ཐམས་ཅད་རང་འཁོར་དུ་འོང་ཚབ་ཆེ་བའི་གནད་གཅིག་ཡོད་དེ། ཛབ་རྟ་སྐད་དབང་གི་གླུར་བྱས་ནས་ཟློ་བ་འདི་སྒྲུབ་སྡེ་གཞན་ལ་མེད་པའི་ཕྱིར་རོ། །མཁའ་འགྲོ་དམ་ཅན་རྣམས་དགྱེས་ནས་འདུས་པ་ཙམ་གྱིས་བདུད་བགེགས་བར་ཆད་བྱུར་དང་མི་ཤིས་པ་ཐམས་ཅད་དྲག་ཤུལ་གྱི་གཟི་བརྗིད་རྣོན་པོ་ཅན་དེ་དག་གི་མདུན་དུ་གནས་མི་ནུས་ཤིང་། མེ་ཕུང་གི་འཁོར་དུ་གྲང་རེག་ལྟར་མཐུ་མེད་པར་འགྱུར་བས་བར་ཆད་སེལ་ཐབས་ཀྱང་ཟབ་པའི་ཕུལ་ཡིན་ནོ། །མཆན། བདེ་འདུས་ཀྱི་མ་ཚང་ཁ་སྐོང་རྒྱུད་ལས་རྟ་མགྲིན་གྱི་སྒྲུབ་ལུགས་ལ་བསྙེན་སྒྲུབ་གསུམ་གྱི་བཟླས་ཛབ་གཙོ་བོར་བྱེད་པའི་རྒྱུ་མཚན་གྱིས་གསུང་གི་སྒྲུབ་པར་བཤད་ཅེས་གསུངས་པའང་དེ་ལ་དགོངས་ཤིང་། འདི་ཉིད་ལས། དབང་ཆེན་རྟ་སྐད་བཞད་པའི་སྒྲཿ ནུས་པ་སྔགས་ཀྱི་ཕྲེང་བ་ཡིསཿ ཞེས་བཟླས་སྔགས་ཉིད་རྟ་སྐད་དུ་གསུངས་སོ། །དེའང་བདག་དོན་ཡེ་ཤེས་སྒྲུབ་པ་སྟོད་ལས་ཀྱི་ཛབ་ཀྱི་ཚེ། དེའི་རང་རྟགས་སུ་སྤྱི་གཙུག་གི་རྟ་མགོས་ཀྱང་ལྟ་བར་དགོངས་པའི་རྟ་སྐད་རྩལ་བཏོན་དུ་སྒྲོགས་པ་དང་། གཞན་དོན་ཕྲིན་ལས་སྒྲུབ་པ་སྨད་ལས་ཀྱི་ཛབ་ཀྱི་ཚེ་རྟ་མགོས་ཀྱང་དེའི་རྟགས་སུ་སྤྱོད་པར་དགོངས་པའི་རྟ་སྐད་འབྱིན་ཏེ། ཛབ་ཇི་ལྟར་བསྒྱུར་བ་དེ་ལྟར་དེའི་སྒྲ་བརྙན་རྟ་མགོའི་འཚེར་སྐད་ཀྱང་འགྱུར་འགྲོའོ་སྙམ་སྟེ་ད་དུང་དཔྱད། འོ་ན་བདེ་འདུས་ཐར་མ་སོགས་ལས་སྤྱི་གཙུག་རྟ་ཞལ་གྱི་འཚེར་སྐད་ཁོ་ན་བཤད་པ་ཅི་ཞེ་ན། འདིའི་ལན་འདེབས་ཚུལ། དེ་ཁོ་ན་བཤད་པ་མ་གྲུབ་སྟེ། སྤྱི་བོའི་རྟ་སྐད་

TN03_Page_0986
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༧)བཤད་པ་ཉིད་ཀྱིས་རྟ་སྔགས་སྤྱིར་བཤད་པ་ཡིན་པའི་ཕྱིར་རོ། །ཞེས་ཟུར་འཁོད་ལྟར་དགོས་ཀྱང་འདིར་ཐག་ཆ་འཛིང་བ་ལྟར་སོང་ཡོད། དེར་ནི་སྔོན་བྱུང་ཧེ་རུ་ཀ་ཉིད་ཀྱིས་སྒྲ་ཚིག་ཐམས་ཅད་འདོད་ཆགས་ཆེན་པོའི་ཡེ་ཤེས་ཀྱི་རང་སྒྲར་འཆར་བའི་རྣལ་འབྱོར་ལ་སྦྱང་བ་མཐར་ཕྱིན་པའི་རྒྱུ་མཐུན་རྟགས་ཀྱི་ཕྱག་རྒྱ་ཐུན་མོང་མ་ཡིན་པ་ཇི་ལྟ་བུ་བརྙེས་པ་དེ་གཙོ་བོར་བྱས་ནས་བཤད་ཅིང་སྒྲུབ་ཐབས་སུ་ནི་རྗེས་འཇུག་རྣལ་འབྱོར་པས་རྩོམ་པ་དང་པོ་ལ་རྟ་སྐད་སྒྲུབ་ཚུལ་གཙོ་བོར་མཛད་ནས་བཤད་པའི་ཁྱད་དོ། །དེའང་སྤྱིར་པདྨ་གསུང་གི་ཁྱད་ཆོས་གཙོ་བོ་དེ་གང་ཡིན་འཆད་པ་ཡིན་ན། དེ་རྩོལ་པ་དང་པོ་ལ་གང་གི་སྟེང་ནས་སྒྲུབ་པ་དང་བསྟུན་ཏེ་འཆད་མི་དགོས་ཀྱི། སྤྱིར་དེ་ལ་གསུང་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཇི་ལྟ་བུ་ཡོད་པ་དེ་འཆད་དགོས་ལ། དེའི་ཚེ་གསུང་རིགས་སྔགས་ཀྱི་རང་ལྡོག་ཙམ་ནས་བསྟན་ན་ནི་སྒྲུབ་སྡེ་གཞན་དང་ཐུན་མོང་བར་འགྲོ་བས་རྟ་སྐད་ཀྱི་ལྡོག་པ་ནས་བསྟན་པར་བྱ་ཞིང་། སྐུ་གསུང་གཉིས་གདུལ་བྱ་གཞན་སྣང་གི་ཡོན་ཏན་ཡིན་པས་གསུང་རྟ་སྐད་དུ་འཇོག་པའང་གདུལ་བྱས་རྟ་སྐད་དུ་གསལ་པོར་ཤེས་པ་ཞིག་ལ་བྱེད་པའི་ཕྱིར་རྟ་སྐད་ཀྱི་དེ་ཉིད་ཚང་བ་ཙམ་གྱིས་མི་ཆོག་རྣམ་པའང་རྟ་སྐད་ཡིན་པ་ཅིག་གི་སྟེང་ནས་གསུང་གི་དགོས་དེ་འདིའི་གསུང་གི་དགོས་ཆོས་གཙོ་ཆེ་ཤོས་སམ་གསལ་ཤོས་ཡིན་པས་སོ། །མཆན་ཆོས་བསྟན་དགོས་སོ། །ད་ལྟ་རྣལ་འབྱོར་པས་གསུང་དེ་སྒྲུབ་ལུགས་འཆད་པ་ཡིན་ན་ནི། །སྤྱིར་འདི་ལ་དགོས་

TN03_Page_0987
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༨)ཆོས་ཇི་འདྲ་ཡོད་བསྟན་པ་ཙམ་གྱིས་མི་ཆོག་གི །ད་ལྟ་ནས་རང་གི་ངག་རླུང་འདི་གསུང་དེའི་བཟླས་བརྗོད་ཀྱི་ངོ་བོར་སྒྲུབ་པའི་ཚུལ་དང་། དེ་ལས་པདྨ་གསུང་ཞེས་པའི་གསུང་གི་ཁྱད་ཆོས་ཐུན་མིན་དེའང་འགྲུབ་འོང་བ་ཞིག་བསྟན་ནས། དེ་དང་གཙོ་བོར་སྦྱར་བའི་འཆད་ཚུལ་ལ་རྩལ་འདོན་དགོས་སོ། །དེས་ན་སྤྱིའི་འཆད་ཐབས་སུ་སྤྱི་བོའི་རྟ་སྐད་དང་། སྒྲུབ་ཐབས་སུ་བཟླས་སྔགས་ལ་སྦྱར་ནས་བཤད་པར་ཤེས་པར་བྱའོ། །མདོར་ན་དཔལ་ཧེ་རུ་ཀས་སྔོན་སྤྱི་བོའི་རྟ་སྐད་ཀྱིས་དམ་ཅན་ལས་ལ་བཀྱེ་བའི་ཆོ་འཕྲུལ་མཛད་པ་ནི། རྗེས་འཇུག་ལ་དངོས་གྲུབ་ཀྱི་སྒོ་བྱིན་གྱིས་བརླབས་པ་སྟེ། འདི་ལྟར་རྗེས་འཇུག་རྣམས་རྟ་སྐད་ཀྱི་སྒོ་ནས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྲིད་ཐོབ་པར་བྱ་བའི་ཕྱིར་རོ། །འདི་སྤྱིར་ཡང་མཁོ་རྒྱུ་ཞིག་རེད་དོ། །ཅི་སྟེ་དབུ་གཙུག་གི་རྟ་སྐད་ཀྱིས་ལྷ་འདི་ཉིད་རང་དང་། འདིའི་སྐུ་དང་། སྔགས་དང་། ཡེ་ཤེས་ཐམས་ཅད་རྟ་མཆོག་དང་། རྟ་མཆོག་གི་རིགས་ཀྱི་སྐུ་དང་སྔགས་དང་ཡེ་ཤེས་སུ་བསྟན་ནས། འདིའི་ལམ་རིམ་གྱི་ཁོག་ཐམས་ཅད་རྟ་མཆོག་གི་རིག་ཀྱི་དེ་ཉིད་ཀྱི་སྒྲོམ་དུ་བཅུག་ནས་སྒྲུབ་ཚུལ་གསལ་བར་མཚོན་ནུས་པ་མ་ཡིན་ནམ། དེའི་ཕྱིར་དེ་ཐམས་ཅད་ཀྱི་སྣང་ཞེན་བརྟན་པའི་འཛིན་ཕུར་དུ་སྤྱི་གཙུག་གི་རྟ་གདོང་བཞད་པའི་དབྱངས་དེ་བཏབ་ནས་བསྒོམ་པས། དེ་རྣམས་ཀྱི་སྣང་

TN03_Page_0988
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༩)ཞེན་ལ་ནུས་པ་ཐོན་པ་ན། །གྲུབ་རྟགས་སུ་དཔལ་གྱི་རྟ་སྐད་སྤྱི་གཙུག་ནས་རང་གི་ངང་གིས་ཐོན་ཕུར་པའི་སྐབས་བསྙེན་ཕུར་འབར་དང་བཞད་པ་སོགས་ཀྱི་དོད་ཡིན། འོང་བ་ཡིན་པས། དེ་བཟླས་བརྗོད་ཁོ་ན་ལ་སྦྱོར་བ་ཅི་ལྟར་རིགས་ཤེ་ན། དེ་ལའང་ཞི་བ་ཆ་ཕྱེ་ན། སྐུའི་སྣང་ཞེན་གྲུབ་རྟགས་སུ་རྟ་ཞལ་རྨ་བྱའི་མདོག་ཅན་སྤྱི་བོ་ནས་དངོས་སུ་ཐོན་པ་དང་། གསུང་གི་སྣང་ཞེན་གྲུབ་རྟགས་དེ་ལས་རྟ་སྐད་ཀྱི་རོལ་མོ་འཁྲོལ་བ་དང་། ཐུགས་ཀྱི་གྲུབ་རྟགས་བདེ་སྟོང་གི་ཉམས་ཚད་བཟུང་མེད་པར་འབར་བའི་ཁྱད་ཡོད་པས། གཙོ་ཆེ་བའི་དབང་དུ་བཏང་སྟེ་གསུང་བཟླས་པ་སྔགས་ལ་སྦྱར་བ་འཐད་དོ། །འོན་ཀྱང་སྤྱིར་རྟ་མགྲིན་གྱི་སྐུ་དང་ཐུགས་དང་ཕྲིན་ལས་སོགས་ཀྱང་གསུང་གི་རིགས་ཡིན་པས། དེ་དག་གི་མཚོན་རྟགས་སུ་རྟ་སྐད་འཇོག་པའི་རྣམ་གཞག་ཀྱང་འདོད་པར་ནི་བྱ་སྟེ། གསང་སྔགས་ལ་ཤན་འབྱེད་པའི་རྟ་སྐད་ཀྱིས་ཤེས། དེའི་དབང་དུ་ན་སྒྲུབ་ལུགས་འདིའི་སྐུ་ཕྱག་རྒྱའི་རྣལ་འབྱོར་སོགས་ཀྱང་གསུང་རྟ་སྐད་སྒྲུབ་བྱེད་དུ་འགྱུར་ཏེ། དེ་དག་གི་རྟགས་ཚད་མཐིལ་གཏད་སའང་རྟ་སྐད་ལ་བྱེད་པའི་ཕྱིར་རོ། །དེའི་སྤྱིར་ཡང་སྒྲུབ་ལུགས་འདི་ལ་གསུང་རྟ་སྐད་ཀྱི་སྒྲུབ་པ་ཞེས་བྱ་བ་ཡིན་ནོ། །ཡང་ན་ཐ་རམ་གྱི་དགོངས་པ་འདི་ལྟར་བཤད་དེ། དཔལ་ཧེ་རུ་ཀའི་སྐུ་ཕྱག་རྒྱའི་དང་། གསུང་བཟླས་པའི་དང་། ཐུགས་འོད་གསལ་གྱི་རྣལ་འབྱོར་སོགས། ལམ་འབྲས་བུ་དང་བཅས་པ་དང་། ལམ་གྱི་ཆ་རྐྱེན་ཕྲིན་

TN03_Page_0989
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༠)ལས་ཀྱི་སྦྱོར་བ་ཡོངས་རྫོགས་རྟ་སྐད་ཁོ་ནའི་སྟེང་ནས་བཤད་པ་འདིས་སྒྲུབ་ལུགས་འདི་ལ་གསུང་དང་། དེ་ལས་ཀྱང་རྟ་སྐད་གཙོ་བོར་བྱེད་པར་སྟོན་ལ། བྱེད་ཚུལ་ཡང་ལམ་འབྲས་ཆ་ལག་དང་བཅས་པ་ཐམས་ཅད་རྟ་སྐད་ཀྱི་དེ་ཉིད་དུ་བྱེད་པ་དང་། རྟ་སྐད་དེ་རྣམས་ཀྱི་མཚན་མར་འཛིན་ཚུལ་དང་། ཚུལ་དེ་གཉིས་ནི་འདིའི་ལམ་འབྲས་ཆ་ལག་དང་བཅས་པ་གང་ལ་བསླབ་ཀྱང་སྤྱི་བོའི་རྟ་སྐད་སྒྲུབ་པའི་ཐབས་འབའ་ཞིག་ཏུ་ཧྲིལ་ཧྲིལ་འགྲོ་བའི་གནད་དམར་བཅང་མར་བསྟན་པ་སྟེ། ཞེས་པ་ལྷག་པར་ཇེ་གསལ་དུ་བཏང་བའོ། །དེ་ལྟར་འབད་ནས་སློབ་པ་ནི་སྒྲུབ་སྡེ་འདི་གྲུབ་རྟགས་ཀྱི་གཙོ་བོ་རྟ་སྐད་གཙུག་ནས་འབྱིན་པའི་གནད་དངོས་གཞི་ཡིན་པར་བསྟན་པ་སྟེ། རྟ་སྐད་ལ་བཟླས་སྒོམ་བྱེད་པ་རལ་གྲི་སྒྲུབ་པ་དང་འདྲ། རྟ་སྐད་སྤྱི་བོ་ནས་ཐོན་པ་དེ་རལ་གྲི་འབར་བ་དང་འདྲ། དེ་ལྟར་གྲུབ་པའི་རྟ་སྐད་ཐོབ་ནས་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་རབ་འབྱམས་ལ་དེ་ཉིད་ཀྱིས་དབང་སྒྱུར་བ་རལ་གྲི་དངོས་གྲུབ་ཏུ་འགྱུར་ཚུལ་དང་འདྲ་བས། རྟ་སྐད་དངོས་གྲུབ་ཀྱི་རྟགས་མཚན་ནམ་ཕྱག་རྒྱར་བཤད་པ་ནི་རྟགས་མཚན་གཞན་དང་མི་འདྲའོ། །འདིའི་ཁྱད་པར་གྱི་དངོས་གྲུབ་གཙོ་ཤོས་རང་ཡིན་པས་སོ། །འདིའི་རྟ་སྐད་ནི་སྤྱི་བོའི་རྟ་སྐད་དོ། །དེ་ལྟར་ན་འདིའི་སྒྲུབ་ཐབས་ཀྱི་རིམ་པ་ཐམས་ཅད་སྤྱི་བོའི་རྟ་སྐད་མ་གྲུབ་པ་སྒྲུབ་པ་དང་། གྲུབ་པ་ཁྱད་པར་དུ་འགྲོ་བའི་སྒྲུབ་ལུགས་སུ་མཛད་ནས་སྟོན་པས། པདྨ་གསུང་གི་སྒྲུབ་པ་ཐམས་ཅད་རྟ་སྐད་ཀྱི་སྒྲུབ་པར་བསྡུས་ནས་འཆད་པ་ཞེས་ཡང་ཡང་གསུངས་པ་སྟེ། དེའི་ཕྱིར་བཟླས་པ་རྟ་སྐད་དུ་འཇོག་པའང་འབུར་

TN03_Page_0990
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༡)དོད་དུ་མ་གསུངས་པ་མ་གཏོགས། བཤད་པའི་སྒྲོམ་ན་ཚང་བར་ཡོད་དོ། །དེའང་སྤྱིར་ཐེག་རིམ་དང་། ས་ལམ་ལ་སྦྱར་བའི་དགོངས་པ་གཉིས་དང་། བྱེ་བྲག་ཏུ་དབང་ཆེན་གྱི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་དང་སྦྱར་བ་རྣམས་ཀྱིས་ནི་ཡེ་ཤེས་དག་པའི་རྟ་སྐད་སྒྲུབ་པར་བྱེད་ལ། སྤྱོད་པར་དགོངས་རྟ་སྐད་སྤྱོད་པར་དགོངས་པའི་དགོངས་པ་རྣམས་ཀྱིས་ནི། ཞེས་ཟེར་དགོས། པའི་རྟ་སྐད་རྣམས་ཀྱིས་ནི་དབང་དྲག་ལས་ཀྱི་རྟ་སྐད་སྒྲུབ་བོ། །སྤྱི་བོའི་རྟ་སྐད་སྒྲུབ་ཚུལ་འབའ་ཞིག་གི་སྒྲོམ་ནས་སྤྱིར་ཐེག་དགུའི་རྟོགས་རིགས་དང་། ས་ལམ་གྱི་རིམ་པ། བྱེ་བྲག་དབང་ཆེན་ཧེ་རུ་ཀའི་ལྷ་སྔགས་ཆོས་གསུམ་གྱི་རྣལ་འབྱོར། ཕྲིན་ལས་ཀྱི་སྦྱོར་བ་དང་བཅས་པ་སྒྲུབ་ལུགས་ཚང་བར་འཆད་པས་ན་པདྨ་གསུང་གི་སྒྲུབ་པར་བརྗོད་ཅེས་བཤད་ཀྱང་ཆོག་སྟེ་གནད་འདྲའོ། །སྤྱིར་ཚུལ་འདིའི་ལམ་རིམ་ཐམས་ཅད་རྟ་སྐད་སྒྲུབ་བྱེད་དུ་འགྲོ་བ་དང་། དེའི་ནང་ནས་ཀྱང་རྟ་སྐད་སྒྲུབ་ཐབས་ཀྱི་གཙོ་བོ་ཛབ་ལ་བྱེད་པ་གཉིས་ཅུང་ཟད་ཀྱང་མི་འགལ་བས་གོང་གི་ཐ་རམ་ལ་བརྟེན་པའི་དོགས་པ་ཆོད་སླ། ཛབ་རྟ་སྐད་སྒྲུབ་བྱེད་ཀྱི་གཙོ་བོ་ཡིན་པའི་ཁུངས་ནི་བདེ་གསང་ གཉིས་སོགས་སྔར་བྲིས་ལྟར་རོ། ༈ །དྲག་པོའི་སྨད་ལས་ནི་གཞུང་རང་ན་རྒྱས་མོད། རྟ་མགྲིན་གྱི་དགོས་ཀྱི་སྨད་ལས་ཆེ་མཆོག་གི་སྨན་སྒྲུབ་ཀྱི་དོད་ནི་དམ་ཅན་དབང་སྡུད་ཀྱི་དབང་ལས་ཞིག་དགོས་པར་དབང་གི་སྒྲུབ་ལུགས་ཡིན་པ་ཉིད་

TN03_Page_0991
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༢)ཀྱིས་ཤེས་ཀྱང་མི་གསལ་བས་ཇི་ལྟར་བྱ་ཞེ་ན། འདིར་ནི་སྟོད་ལས་བདག་ཉིད་ནུས་ལྡན་དུ་བྱེད་པ་དང་། སྨད་ལས་མ་ཚོགས་དབང་དུ་བྱེད་པ་གཉིས་ཀ་གཙོ་བོར་ཛབ་དང་རྟ་སྐད་སྦྱར་བའི་སྟེང་ནས་བྱེད་དེ། ཕུར་པའི་དགྲ་ཛབ། ཆེ་མཆོག་གི་སྨན་ཛབ་སོགས་སྒྲུབ་སྡེ་གཞན་ལའང་རང་རང་གི་སྨད་ལས་སམ་དེའི་དོད་ལྟ་བུའི་དགོས་སྒྲུབ་ཀྱི་ཁྱད་པར་དང་འབྲེལ་བའི་ཛབ་དགོངས་བྱེ་བྲག་པ་རེ་ཡོད་མོད་ཀྱི། དེ་དག་གི་ལས་སྦྱོར་གྱི་དངོས་གཞི་དེ་ཛབ་དགོངས་ཀྱི་སྟེང་ནས་མི་འཇོག་གི །གདབ་ཁ་དང་རྩི་སྒྲུབ་སོགས་ཆོ་ག་གཞན་གྱི་སྟེང་ནས་ཁོག་ཕུབ་པ་ཤ་སྟག་ཡིན་ལ། འདིར་ནི་རང་གི་ཐུན་མིན་གྱི་ལས་སྦྱོར་ཡང་གསུང་བཟླས་བརྗོད་སྒྲུབ་སྡེ་ཞེས་ཛབ་ཀྱི་ཀློང་སྒྲོལ་ནས་རྒྱ་འབག་གི་མིག་ལྟར་འཕྲུལ་ལུགས་ཁོ་ན་གཙོ་བོར་བྱེད་པས་ཁྱད་པར་ཆེའོ། །དེས་ན་སྟོད་ལས་ཀྱི་དངོས་གཞི་ནི་རྟ་སྐད་ལྟ་བར་དགོངས་པ་དང་། སྨད་ལས་ཀྱི་དངོས་གཞི་སྤྱོད་པར་དགོངས་པ་ལ་བྱ་སྟེ། ཞིབ་པར་ན། སྤྱོད་པར་དགོངས་པ་ལ་རྩལ་དུ་འདོན་པ་སྨད་ལས་སྐབས་ཡིན་ཀྱང་། སྤྱིར་སྟོད་ལས་སྒྲུབ་པའི་དུས་ནས་ལྟ་སྤྱོད་ལ་དགོངས་པ་གཉིས་ཀ་བྱེད་དེ། དམ་ཅན་ཕོ་ཉ་ལས་ལ་བསྐུལཿ ཞེས་པའང་སྤྱོད་པར་དགོངས་པའོ། །དེའི་རྒྱུ་མཚན་ཡང་། སྒྲུབ་པའི་བྱེ་བྲག་ལས་སྦྱོར་ནིཿ ཞེས་པ་ལྟར་ཡིན་པས། སྒྲུབ་པའི་ཛབ་དགོངས་ཀྱི་བྱེ་བྲག་ཅིག་ལས་སྦྱོར་གྱི་ཚེ་རྩལ་འདོན་བྱེད་པ་ནི་

TN03_Page_0992
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༣)འགྲིགས་པ་ཡིན་ནོ། །ད་ནི་ལྟ་བར་དགོངས་པ་གཙོ་བོ་དང་། སྤྱོད་པར་དགོངས་པ་ཞར་བྱུང་ཙམ་དུ་བྱས་ནས་སྒྲུབ་པ་སྟོད་ལས་དང་། སྤྱོད་པར་དགོངས་པ་གཙོ་བོ་དང་། ཅིག་ཤོས་དེའི་གྲོགས་ཙམ་དུ་བྱེད་པ་སྨད་ལས་ཀྱི་སྒྲུབ་པར་ཤེས་པར་འགྱུར་ལ། ཕྱི་མ་ལའང་སྔོན་དུ་བསྙེན་པའི་ཆེད་དང་། ཕྱིས་ཕྲིན་ལས་དངོས་སུ་སྒྲུབ་ཆེད་དུ་བྱ་བ་གཉིས་ཡོད། ད་དུང་བཤད་ན་རྡོ་རྗེ་ཕུར་པ་ལ་བར་ཆད་འདུལ་བའི་སྟོབས་གཞན་ལས་ལྷག་པ་ཞིག་ཡོད་པ་ནི་གདབ་ཁ་ཡིན་ལ། དེ་ནི་ཛབ་ལ་གཙོ་བོར་མི་འཇོག་སྟེ། ཆེ་མཆོག་སོགས་ལའང་དེ་དང་འདྲའོ། །ལམ་གྱི་ཁོག་ཡེ་ཤེས་ཀྱི་དོན་དང་སྦྱར་བ་ནི་ལྟ་བར་དགོངས་པ་དང་། ལམ་གྱི་ཆ་ལག་ཕྲིན་ལས་ཀྱི་དོན་དང་སྦྱར་བ་ནི་སྤྱོད་པར་དགོངས་པའི་རྟ་སྐད་དོ། །སྒྲུབ་སྡེ་འདི་ལ་མཁའ་འགྲོ་དམ་ཅན་དབང་སྡུད་ཀྱི་གནད་གཞན་ལས་རྣོ་ཞིང་ཟབ་ལ་ཕུལ་དུ་བྱུང་བ་ཞིག་ཡོད་པ་ནི་གཙོ་བོར་ཛབ་ལ་འཇོག་པར་གོང་དུ་བརྗོད་ཟིན་པས་དེ་དག་ལ་སྨད་ལས་ཀྱི་ཆོག་རིམ་ཟུར་པ་ལ་རྩལ་དུ་འདོན་དགོས་མི་དགོས་སམ། ལྟོས་ཚབས་ཆེ་ཆུང་མི་འདྲ་བར་ཤེས་སོ། །འོན་ཀྱང་རྟ་སྐད་དེ་ཉིད་བྲོ་རྡུང་གི་གྲོགས་དང་སྦྲགས་ནས་ཀྱང་ཉམས་སུ་བླང་ན་རྣོ་ལ་ངར་བཏགས་ལྟར་འགྱུར་བ་ནི་སྲོང་བཙན་བཀའ་འབུམ་སོགས་ཀྱི་ལུང་ཟུར་འཁོད་ཀྱིས་ཤེས་པས་གལ་ཆེའོ། །དེའི་རྒྱུ་མཚན་ཡང་། བཞད་པ་དང་བྲོ་རྡུང་གཉིས་ཀ་ཚོགས་པའི་བརྗིད་ཟིལ་དང་། ནང་

TN03_Page_0993
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༤)དུ་བརྟུལ་ཞུགས་ཀྱི་ཉམས་སྤོར་བའི་ནུས་པ་འདྲ་བ་ལ་རེ་རེ་བར་མེད་ཅིང་། འཇིག་རྟེན་ན་ཡང་གླུ་གར་གཉིས་འདུས་ཀྱིས་ཡིད་འཕྲོགས་པ་ལྟ་བུ་རྐྱང་པ་ལ་མེད་པས་བར་ཆད་ལ་རྫི་བ་དང་། མཁའ་འགྲོ་མའི་ཡིད་འཕྲོག་པ་གང་ལའང་གླུ་ལ་བྲོས་བོགས་དབྱུང་བ་ཡིན། སྒྱུ་འཕྲུལ་ལྟར་ན་བུད་མེད་དང་རྩེ་བའི་གར་གྱིས་བདེ་བའི་གླུ་སྤྱི་དང་ཁྱད་པར་རྗེས་ཆགས་ཀྱི་ཤུགས་མ་བཟོད་པའི་ཤུགས་འབྱུང་གི་རྟ་སྐད་དམ་འཚེར་གླུ་ལ་གྲོགས་བྱེད་པའོ། །དེའང་ཚོགས་མཆོད་མཐར་བྱེད་པ་ནི་སྔར་བྲིས་ལྟར་དང་། ཐུན་མཚམས་སུ་བྱེད་ན། ཏེ་ན་ཏེ་ཏེ་དང་སྦྱོར་བ་སོགས་ནི་རྩ་གཞུང་དང་མི་འབྱོར་བས། ལས་ཕྲེང་གི་བྲོ་མནན་མཐའི། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧི་ཧི་ཧི་ཧཱུཾ་ཕཊཿ ཅེས་པ་འདི་ཤམ་མེད་དུ་ཟློ་བ་དང་སྦྲགས་པས་འགྲུབ་པར་མངོན་ཏེ་ཧི་གསུམ་པོ་ནི་རྟ་གླུ་ཡིན་ནོ། །ཡང་ཕུར་པའི་སྐབས་སུ་ལས་རབ་འབྱམས་སྒྲུབ་ལུགས་ལ། ཞི་ལས་དངུལ་ལམ་ཤིང་དཀར་པོའི་ཕུར་བུ་ཟླུམ་པོས་བྱ་བ་སོགས་ཕུར་གདབ་ཉིད་ཀྱིས་སྒྲུབ་ཚུལ་དང་། སྦྱོར་བ་སྣ་ཚོགས་གཞན་གྱི་སྒོ་ནས་སྒྲུབ་ཚུལ་གཉིས་ཡོད་པ་ལྟར། འདིར་ཡང་ལས་རབ་འབྱམས་གླུ་བྲོ་ཉིད་ཀྱིས་སྒྲུབ་པ་དང་། ཚེ་བརྟན་རྒྱལ་མཚན་གྱི་རྟ་མགྲིན་བརྒྱ་རྩ་ལྟར་སྦྱོར་བ་གཞན་སྣ་ཚོགས་ཀྱིས་སྒྲུབ་ཚུལ་གཉིས་ཡོད་ཅིང་། ལས་མཐུན་གྱི་འོད་ཟེར་ལ་བརྟེན་ནས་ལས་བཞི་སྒྲུབ་པའི་སྔགས་དང་བསམ་གཏན་གྱི་སྦྱོར་བ་རིག་འཛིན་ཞི་བ་ནས་འགེབས་ཚུལ་ལས་

TN03_Page_0994
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༥)ཚོགས་བརྗེད་ཐོར་བཀོད་པ་དེའང་ཚུལ་ཕྱི་མ་འདིའོ། །འཇིག་རྟེན་ལས་འདས་པའི་དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས་པ་ཡེ་ཤེས་དག་པའི་དངོས་གྲུབ་ཀྱི་ཆེད་དུ་དབང་སྡུད་བྱ་བ་ནི་ལྟ་བར་དགོངས་པའི་ཐད་དུ་ཡིན་ཏེ་རྔོག་མ་ལེ་བརྒན་སོགས་ལས་ཤེས་སོ། །དེ་ལྟ་ནའང་ཕུར་གདབ་བསྔགས་པའི་ལས་གཙོ་བོ་མངོན་སྤྱོད་ཡིན་པ་ལྟར། རྟ་སྐད་བསྔགས་པའི་ལས་གཙོ་བོ་དབང་དྲག་སྦྲགས་མ་ཡིན་ལ། གལ་ཏེ་རྟའི་གླུ་བྲོ་ཁོ་ནས་ལས་གཞན་སྒྲུབ་ན་དེའི་ཚུལ་ནི། སྤྱོད་པར་དགོངས་པའི་རྟ་སྐད་ཀྱི་ཛབ་ཏུ་དམ་ཅན་དབང་དུ་སྡུད་སྐབས། ཕན་གནོད་ཀྱི་ལས་དེ་དང་དེ་གཉེར་གཏད་ལ་གཙོ་བོར་བྱ་ཞིང་། དེའི་ངར་འདོགས་སུ་ལས་དེ་དང་དེའི་བྲོ་རྡུང་ཡང་ཇི་རིགས་རེ་བྱ་བ་ཡིན་ཏེ། སྨད་ལས་ཀྱི་བཤད་པ་ཞིག་སྔར་ཡང་ཡོད་མོད་དེ་ཁ་ཕོ་ཆེས་པ་ཙམ་ལས་ཕལ་ཆེར་བར་སྣང་ལ་བསྡད་པར་སྣང་། ༈ །སྤྱི་གཙུག་རྟ་གདོང་རྔམས་བཞད་འཚེརཿ ཞེས་པའི་སྐབས་སུ། རྟའི་ཞལ་དང་ང་རོ་ཙམ་གྱིས་ལྷ་དེ་རིལ་རྟ་མཆོག་ཏུ་མཚོན་པའམ་ཤེས་ནུས་པ་ནི་འཇིག་རྟེན་ནའང་སྐྱེས་བུ་དེ་ཉེར་སྦས་སུ་ཤེས་པའི་སྒོར་དེའི་རྐང་ལག་དང་ལྟོ་བ་སོགས་ནི་ཆེས་མི་གསལ་ཀྱི་བྱད་བཞིན་དང་སྐད་ཁོ་ན་ལས་ཤེས་པར་བྱེད་དོ། །དེ་ལྟར་སྔོན་བྱུང་དུ་གདུལ་བྱ་ལ་རྗེས་ཆགས་ཀྱི་རིགས་ཀྱི་བདེ་བའི་དེ་ཉིད་སོགས་བསྟན་ཕྱིར་ཞལ་དང་ང་རོ་དེ་ལྟར་མཛད་པ་ལྟར་རྗེས་འཇུག་གིས་ཀྱང་དེ་གཉིས་རང་གི་སྒོ་གསུམ་རྟ་མཆོག་གི་རྡོ་རྗེ་གསུམ་ལས་མི་འཕྱུག་པའི་གཟེར་བུར་བཏབ་

TN03_Page_0995
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༦)སྟེ་བསྒོམ་པས་དཔལ་གྱི་སྣང་ཞེན་སྐྱེ་སླ་ཞིང་ཧེ་རུ་ཀའི་འཁོར་གྱི་མ་ཚོགས་རྣམས་ཀྱིས་སྒྲུབ་པ་པོ་དང་དེའི་བཟླས་བརྗོད་ལ་རྟ་མགྲིན་དང་དེའི་གསུང་དུ་མཐོང་སླ་བས་བསྐྱེད་རིམ་པའི་རྟ་མགྲིན་དང་མ་མོ་རྣམས་བརྡ་ཕྲད་སླ་བའི་མན་ངག་གོ །ཐ་རམ་གྱི་རྟ་སྐད་ཐེང་གསུམ་ལྟ་བར་དགོངས་སྐབས་མི་སྦྱོར་ཡང་། སྤྱིར་ལྟ་བར་དགོངས་པའི་རྟ་སྐད་ཐེང་གསུམ་མེད་པ་མིན་ཏེ། རྡོག་མ་ལེ་བརྒན་དང་ལུང་བཀའ་སྒོ་སོགས་ན་ཡོད། །རྟ་སྐད་སྤྱོད་པར་དགོངས་པའི་དཔལ་གྱི་རྟ་སྐད་དང་པོའི་དགོངས་པ་འདི་གལ་ཆེ་བས་བཤད་ན། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །སོགས་གང་སྣང་བདེ་སྟོང་། བདེ་སྟོང་ལྷ་སྐུར་ལྟ་བར་གསུངས་པ་དང་མཐུན་པར། སྣང་སྲིད་ཐམས་ཅད་འདོད་ཆགས་རྡོ་རྗེའི་ཏིང་ངེ་འཛིན་གྱི་རོལ་པ་དང་། དེ་ཉིད་རྟ་མགྲིན་དབང་གི་དཀྱིལ་འཁོར་ཉག་གཅིག་ཏུ་འབར་བར་བྱེད་པ་སྟེ། འདི་ནི་འཇིག་རྟེན་གསུམ་གྱི་དྲེགས་པའི་རིགས་ཐམས་ཅད་ཀྱི་སྲོག་རྟ་མཆོག་གི་རིགས་གཅིག་ཏུ་སྒྱུར་བར་བྱེད་པའི་སྲོག་སྒྱུར་གྱི་མན་ངག་རྣོན་པོའོ། །གསང་རྫོགས་ཛབ་ཐ་རམ་གྱི་དོན་བསྡུའི་ཐད་དང་བཀའ་སྒོ་སོགས་ཁུངས་གཞན་ཡང་མང་། དགོངས་སུ་དྲེགས་པ་སྤྱིར་སྡུད་ཚུལ་གསུངས་པས་དེ་ལྟར་འདོད་དགོས་མོད། ཐ་རམ་སོགས་ལས་འབུར་བཏོད་དུ་གསུངས་པ་ནི་མ་མོ་མཁའ་འགྲོའི་འཁོར་ལོ་དབང་དུ་སྡུད་པ་ཉིད་དེ། དེའང་རྟ་སྐད་ནི་འབོད་པ་ཙམ་མིན་གྱི། རྗེས་ཆགས་ཀྱིས་འབོད་ཅིང་སྐུལ་བའི་བརྡ་ཐུན་མིན་ཏེ། དེའི་ཕྱིར་འབོད་ཡུལ་ཡང་མ་མོ་མཁའ་འགྲོ་

TN03_Page_0996
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༧)རྣམས་གཙོ་བོ། །སྡེ་བརྒྱད་གཞན་སོགས་འབོད་པ་ནའང་དེ་དག་རྗེས་ཆགས་ཀྱི་རྣམ་འཕྲུལ་དུ་བལྟས་ཏེ། བདེ་བ་འབར་བའི་གྲོགས་སུ་ཁྱེར་བའི་སྟེང་ནས་འབོད་པ་དེ་ཡིན་ནོ། །དེའང་མོ་རྒྱུད་ཀྱི་སྲོག་འདོད་ཆགས་ཡིན་པར་ཡང་དང་ཡང་དུ་གསུངས་པ་ལྟར་ས་གསུམ་གྱི་མ་མོ་རབ་འབྱམས་ཐམས་ཅད་འདོད་ཆགས་ཀྱི་རིགས་ཀྱི་སྲོག་ལ་བརྟེན་པ་ཤ་སྟག་ཡིན་པས། རྟ་སྐད་དང་པོ་འདིས་འདོད་ཆགས་ཆེན་པོའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ཀྱིས་ཁམས་གསུམ་མ་ལུས་པ་འདོད་ཆགས་རྡོ་རྗེའི་དཀྱིལ་འཁོར་དུ་སད་པར་བྱས་པའི་སྒོ་ནས་སྣང་སྲིད་ལས་དང་ཡེ་ཤེས་ཀྱི་མ་མོའི་ཚོགས་རྣམས་རྗེས་ཆགས་ཀྱི་ཤུགས་གཏིང་ནས་རང་དབང་མེད་པར་བསྐུལ་ཞིང་གཡོ་བར་བྱེད་པ་ནི་མ་མོའི་སྲོག་གི་སྒོ་ལྕགས་དབང་ཆེན་གྱི་ལྡེ་མིག་གིས་འབྱེད་ཚུལ་ཡིན་ནོ། །སྤྱི་མདོར། སྟོང་ཁམས་ཐམས་ཅད་རྟ་མགྲིན་གྱི་གར་དགུའི་རོལ་པ་མཐའ་ཡས་པས་ཆེམ་མེར་མནན་ཏེ། དབང་ཕྱུག་འདི་གླུ་གར་གྱིས་མ་མོ་མཁའ་འགྲོའི་ཡིད་འཕྲོགས་ཚུལ་ལོ། མ་རྣམས་ཀྱི་སྙིང་འདོད་པ་བཟོད་མེད་དུ་གཡོ་བར་བྱས་པའི་སྒོ་ནས་དྲང་བར་བཤད་པའང་དེ་ལྟར་ཡིན་པས། ཁམས་གསུམ་གར་གྱིས་འགེངས་པའི་གླུའོ། །འོ་ན་འདི་ལའང་མ་མོའི་སྲོག་གི་དེ་ཉིད་ཤེས་པར་བྱས་ནས་མ་མོ་དབང་བྱེད་ཀྱི་སྒྲུབ་ལུགས་འདུག་པས་རྦོད་གཏོང་མ་མོའི་སྒྲུབ་པར་ཡང་ཐལ་ལོ་ཞེ་ན། སྒྲུབ་ལུགས་འདི་མ་མོའི་

TN03_Page_0997
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༨)དེ་ཉིད་ཀྱིས་ཁོག་ཕུབ་པ་མིན་ཞིང་མ་མོའི་དེ་ཉིད་གཙོ་བོར་བྱེད་པའང་མིན་གྱི། རྟ་སྐད་ཀྱི་སྒྲུབ་པའི་སྒྲོམ་ནས་དགོས་མཛད་དུ་མ་མོ་དབང་སྡུད་སྒྲུབ་པ་ཙམ་དུ་ཟད་པས་མ་མོའི་སྒྲུབ་སྡེར་ག་ལ་འཐད་དེ་དཔེར་ན་མ་མོ་རྦོད་གཏོང་དུའང་། རྟ་སྐད་ཀྱིས་མ་མོ་དབང་དུ་སྡུད་ཚུལ་གསུངས་ཀྱང་། སྒྲུབ་ལུགས་དེའི་ཁོག་རྟ་སྐད་ཀྱི་སྟེང་ནས་སོང་བ་མིན་པས་པདྨའི་སྒྲུབ་སྡེར་མི་འཇོག་པ་བཞིན་ནོ། །དེ་ལྟར་ན་དཔལ་གྱི་རྟ་སྐད་དང་པོ་འདིས་དྲེགས་པ་སྤྱི་དང་། ཁྱད་པར་མ་མོ་རྣམས་ཀྱི་སྲོག་བདག་ཉིད་རྟ་མཆོག་གི་རྡོ་རྗེ་ཆགས་པའི་དགོངས་ཀློང་དུ་སྲེ་བར་བྱེད་དེ། སྣང་སྲིད་རྗེས་ཆགས་ཀྱི་བདེ་བའི་དབྱིངས་སུ་གདོད་ནས་སངས་རྒྱས་པར་ལྟ་བ་འདིས་སོ། །དེ་ལྟར་བསྲེས་ནས་དེ་ལ་རྟ་མགྲིན་གྱི་དཀྱིལ་འཁོར་གྱིས་རྒྱས་འདེབས་པར་བྱེད་དེ། སྣང་སྲིད་བདེ་བའི་ངོ་བོར་སངས་རྒྱས་པའི་བདེ་བ་དེ་ཉིད་རྟ་མཆོག་གི་དཀྱིལ་འཁོར་རྒྱ་མཚོའི་སྤྲིན་དུ་འཆར་བར་བྱེད་པ་འདིས་སོ། །དེ་དག་ཀྱང་རྩ་བ་རང་བཞིན་དག་པའི་དེ་ཁོ་ན་ཉིད་ཀྱི་ལྟ་བའི་སྟེང་ནས་འགྲོ་བས་རྟ་མགྲིན་གྱི་སྔགས་པ་ལ་གཞན་གྱིས་ལྷ་དབྱེ་དང་སྲུང་མ་གཤེད་འབེབས་སོགས་བྱར་མེད་དོ། །མ་མོ་དང་དེའི་དེ་ཉིད་རྒྱས་པར་བཤད་ཤོས་མ་མོ་རྦོད་གཏོང་ཡིན་ཡང་། མ་མོ་མཁའ་འགྲོའི་སྲོག་གི་གནད་མཐར་ཐུག་པ་དམར་འབྱིན་བྱེད་པའི་གནད་འདི་ལས་རྣོ་བ་དང་ཟབ་པ་མེད་དེ། དཔེར་ན་གཤེད་སྐོར་དུ་སྲོག་ལས་ཀྱི་གནད་རྒྱས་པར་བཤད་པ་འདྲ་བ་ཕུར་པ་

TN03_Page_0998
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༩)ན་མི་རྒྱས་ཀྱང་། ཕུར་པའི་ཐལ་འབྱིན་ནམ་གདབ་ལས་ཀྱི་གནད་གཅིག་པོ་དེ་ལ་དེ་ཐམས་ཅད་ཀྱི་རྣོ་ནུས་ལྷག་དང་བཅས་ཏེ་ཡོད་པ་དང་འདྲའོ། །འདིར་མ་མོ་རྣམས་སྤྱི་བོའི་རྟ་སྐད་ཀྱིས་དབང་དུ་བྱ་བ་དང་། དགུག་པ་གཉིས་ལས་རྟ་སྐད་དང་པོ་འདི་སྔ་མའི་ཆེད་དང་། རྟ་སྐད་ཐ་མ་ཕྱི་མའི་ལས་ཅན་ཏེ། སྔ་མ་ནི་ཕྱི་མའི་གཞི་བཏིང་བ་ཡིན་ཅིང་། ལས་ལ་འཁོལ་བ་དངོས་ནི་ཕྱི་མས་བྱེད་དོ། །སྤྱི་གཙུག་རྟ་སྐད་ཀྱིས་དམ་ཅན་འགུག་ནུས་པ་དང་ལས་ལ་རྦད་གཏོང་ནུས་པ་ལ། དངོས་པོ་ལ་རྟ་སྐད་གཙུག་འབྱིན་ནུས་པ་ནི་མི་དགོས་ཏེ། སྔགས་ལས་འོད་ཟེར་སྤྲོ་བསྡུའི་དམིགས་རིམ་གྱིས་ལས་དངོས་སུ་འགྲུབ་པ་ལ་འོད་ཟེར་དེ་དངོས་གནས་ལ་འགྲུབ་མི་དགོས་པ་བཞིན་ཏེ། འདི་ནས་བསམ་གཏན་གྱི་སྦྱིན་སྲེག་སྐབས་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་དངོས་གྲུབ་ནི་སྒྱུ་མ་ལྟ་བུ་ཞེས་སོགས་ཨ་བྷྱས་གསུངས་པ་དང་ཚུལ་མཐུན་ནོ། ༈ །དེ་ལྟར་ཕྱོགས་འདིའི་གྲུབ་པའི་རྟགས་སམ་མཚན་མ་ཐམས་ཅད་ཀྱི་གཙོ་བོ་རྟ་སྐད་གཙུག་ཐོན་ལ་ཡང་། དངོས་སུ་དང་། ཉམས་ལ་དང་། རྨི་ལམ་དུ་ཐོན་པའི་རིམ་པ་གསུམ་གྲུ་གུ་ཡང་དབང་གི་རྟ་མགྲིན་ལས་བཤད་ཅིང་། དེ་དག་ཀྱང་གདང་གསལ་མི་གསལ། ཟབ་མི་ཟབ། །མཐོ་དམན་སོགས་ཀྱི་རིམ་པ་ཐ་དད་པ་མང་དུ་འོང་ཞིང་། དེའི་ཁྱད་པར་ལྟར་དངོས་གྲུབ་ཀྱི་ཁྱད་པར་ཡང་སྣ་ཚོགས་སུ་འགྱུར་བར་སྣང་ཏེ། སྔོན་བྱོན་རིགས་

TN03_Page_0999
[མ་དཔེ་གཟིགས་ན་འདིར་གནོན།]

(༦༤༠)འཛིན་རྣམས་ཀྱི་ལོ་རྒྱུས་ཀྱི་ཕྲེང་བ་ལས་ཀྱང་ཤེས་པར་བྱའོ།། །།

TN03_Page_1000
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༡)དབྱེ་བ་ཉེར་གཉིས་ཕྱེ་བའི་རིགས་པ་ལྟར་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་གོང་འཕེལ་གྱི་ཆ་བཅུ་གསུམ་དང་སྦྱར་བ་སྟེ། སྦྱོར་ཚུལ་ཙམ་ལས་ཁྱབ་མཐའ་མི་དགོས་ཏེ། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སོགས་ལྟ་བུ་སྟེ། སེམས་ཅན་སྨིན་བྱེད་ཆོས་མཆོག་མན་ཆད་དུའང་ཡོད་ཀྱང་ཆོས་མཆོག་ལས་མ་སྦྱར་བ་བཞིན་ནོ། །དབྱིངས་ཤེས་རབ་སྟོང་པ་དོན་དམ་བཞི་རང་བཞིན་ངོ་བོ་དོན་གྱི་རྟ་སྐད་དང་། ཡེ་ཤེས་ཐབས་སྣང་བ་ཀུན་རྫོབ་བཞི་རིག་པ་ངོ་བོ་དོན་གྱི་རྟ་སྐད་དུ་བཤད་པས་མདོར་ན་ཐུན་མོང་མ་ཡིན་པའི་ཐབས་ཤེས་གཉིས་ལ་རྟ་ཞལ་དུ་བཤད་དེ། བསྐྱེད་རིམ་པའི་ཐབས་ཤེས་ནས། མི་སློབ་ཟུང་འཇུག་དང་། དེའི་ཡ་གཉིས་ཀྱི་བར་དངོས་དང་རྗེས་མཐུན་ཅི་རིགས་སུ་སྦྱར་རོ། །དེ་རྣམས་རྟ་ཞལ་དུ་འཇོག་པའི་རྒྱུ་མཚན། ཆགས་པ་ཆེ་བ། ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས་ཀྱང་། དག་པའི་འདོད་ཆགས་ཀྱི་སྒོས་སྒྲུབ་ལ་པདྨ་གསུང་གི་སྒྲུབ་པ་འཇོག་པར་ལེའུ་བདུན་པའི་ཐད་དུ་གསུངས། སྐད་རིང་། ཤུགས་ཆེ་བ་སོགས་དང་། རྟ་དབུའི་ཁ་དོག་གི་དེ་ཉིད། ཕྲིན་ལས་བཞིས་འགྲོ་བ་སྒྲོལ་ཚུལ་སོ་སོ་དང་སྦྱར་བ་དང་བཀའ་སྒོ་ལས་གསུངས་པའི་དབྱེ་བ་རྣམས་གསང་སྔགས་ལ་ཤན་དབྱེ་བའི་སྐབས་སུ་སྦྱོར། གསང་སྔགས་ལ་ཤན་དབྱེ་བ་ཞེས་པ་ནི་འདིའི་ཟབ་ལམ་ཐེག་པ་དང་རྒྱུད་སྡེ་འོག་མའི་སྐོར་རྣམས་ལས་འཕགས་པའི་ཆེ་

TN03_Page_1001
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༢)བ་སྟོན་པ་སྟེ། བླ་མེད་ཀྱི་ལྷ་གཞན་ལས་ཀྱང་མྱུར་བ་ཡང་བཤད་རུང་ངམ་དཔྱད། ཡང་སྙིང་འདུས་པར། རྟ་དབུས་གཞན་ལས་ཁྱད་པར་དུ་འཕགས་པར་མཚོན་ཞེས་གསུངས་པའང་དེ་ཀའོ། །ཞལ་གསུམ་གྱིས་ཀྱང་ཟུང་འཇུག་མཚོན་པ་སྒྱུ་འཕྲུལ་ལྟར་ཡིན་མོད། སྐབས་འདིར་རྟ་མགོས་མཚན་པའི་གཡས་ཞལ་གྱིས་སྒྱུ་མའི་དཀྱིལ་འཁོར་མཚོན། ཞེས་སོགས་སུ་སྦྱར་ནས། རྟ་མགོས་མཚན་པར་བསྟན་པའི་རྒྱུ་མཚན། ཁྲོ་ཞལ་གསུམ་གྱི་ངེས་དོན་ནམ་དེ་ཁོ་ན་ཉིད་གསུམ་པོ་རྗེས་ཆགས་ཀྱི་རིགས་ལས་སྐྱེས་པར་མཚོན་པའི་ཆེད་ཡིན་ནོ། །དཔལ་གྱི་རྟ་སྐད་སྐབས། སྙིང་རྗེའི་འཚེར་སྐད་ཀྱི་སྔགས་སྒྲ་དང་པོ་བསྒྲགས་པས་སྣང་སྲིད་ཐམས་ཅད་པདྨ་དབང་གི་དཀྱིལ་འཁོར་དུ་སྤྲུལ་པར་གསུངས་པ་འདི་རྟ་སྐད་ཀྱིས་དབང་སྒྱུར་ལུགས་ཁྱད་པར་ཅན་ཏེ། གསང་རྫོགས་རང་ཤར་གཉིས་ལས་འདི་ཁོ་ན་རྟ་སྐད་ཐང་གསུམ་དུ་བཤད་ཚུལ་འབྱུང་ངོ་། །འདིར་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པའི་དམིགས་གནད་ལ་སྣང་སྲིད་ཐམས་ཅད་རྟ་མགྲིན་དབང་གི་དཀྱིལ་འཁོར་དུ་སད་པར་བསམ་ཚུལ་འདི་ནི། རྣལ་བྱོར་བླ་མེད་སྤྱིར། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །ཅེས་པའི་ཏིང་ངེ་འཛིན་གྱིས་ཡུལ་སྣང་ཟིལ་གྱིས་གནོན་ལུགས་དང་ཤིན་ཏུ་མཐུན་ནོ། །འདི་ནི་གང་སྣང་བདེ་སྟོང་གི་རྣམ་རོལ་དང་། དེའང་དག་པའི་དཀྱིལ་འཁོར་དུ་ལྟ་བ་སྟེ། འདི་དང་ལྡན་ན་བསོད་ནམས་ཆུང་བའི་མིས་ཀྱང་

TN03_Page_1002
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༣)ཚེ་འདི་ཉིད་ལ་མཆོག་འགྲུབ་པར་བརྟགས་གཉིས་ལས་སོ། །རྣམ་པ་གཅིག་ཏུ་ན། བདེ་འདུས་དབང་ཆེན་རྩ་རྒྱུད་ལས། སེམས་ཅན་ཁམས་ཀུན་ཐམས་ཅད་ལཿ ང་ཡི་སྐུ་ནི་རེ་རེ་གནསཿ གོལ་ཏེ་འཁྲུལ་པའི་དབང་གྱུར་པསཿ མ་མཐོང་མ་རྟོགས་ལས་ཀྱིས་ནོངསཿ ཞེས་གསུངས་པ་ལྟར་ལུས་ཅན་ཐམས་ཅད་ཀྱི་སྙིང་དབུས་ན་གཉུག་མ་མི་ཤིགས་པའི་རྟ་མགྲིན་རེ་ཡོད་དེ། དེ་མ་རིག་པའི་བག་ཆགས་ཀྱི་དབང་གིས་རང་གི་གནས་ལུགས་སྟོང་པ་ཉིད་ལས་གོལ་ཏེ་གཉིས་སྣང་འཁྲུལ་པའི་ཕྱོགས་སུ་ཡེངས་ནས་རྩལ་བདེན་འཛིན་དུ་ཤར་ཏེ་འཁོར་བའི་འཁོར་ལོ་སྐོར་བ་དེ་སངས་རྒྱས་ཀྱི་གསུང་རྡོ་རྗེའི་རྐྱེན་ལས་རང་གི་དེ་ཁོ་ན་ཉིད་ལྟ་བའི་དྲན་པ་རྙེད་ཅིང་ཤེས་རབ་ཀྱི་མིག་གཉུག་མ་རང་གི་སྟེང་ནས་སད་དེ། ཁ་ཕྱིར་ཕྱོགས་པའི་ཀུན་རྟོག་གི་གཡེང་བ་རྟེན་ལས་རླུང་དང་བཅས་པ་རང་སར་སྡུད་པ་དང་། དེ་ལས་སྟོང་ཕྱོགས་བདེ་སྟོང་ཡེ་ཤེས་ཀྱི་རྟ་མཆོག་དང་། སྣང་ཕྱོགས་བདེ་ཆེན་སྒྱུ་མའི་རྟ་མཆོག་ཇེ་སད་ཇེ་དག་ལ་འགྲོ་བ་ཡང་རྟ་སྐད་ཀྱིས་སེམས་ཅན་ཐམས་ཅད་དཔལ་ཧེ་རུ་ཀའི་འཁོར་ལོར་སྤྲུལ་པར་བྱེད་པའི་གནད་དོ། །ཚུལ་འདི་ལེགས་པར་བསྒོམ་ན་ལྷ་སྔགས་ཀྱི་ནུས་པ་ཆེར་སོང་སྟེ་རྟ་མཆོག་དངོས་དང་མཇལ་བ་ན་རྟ་ཞལ་བཞད་པའི་སྒྲ་དབྱངས་ཐོས་པ་ཙམ་གྱིས་སྙིང་དབུས་མི་ཤིགས་པའི་ནོར་བུ་ཡིད་བཞིན་གྱི་སྣང་ནས་ཀུན་ཏུ་བཟང་པོའི་སྨོན་ལམ་དང་སྤྱོད་པ་རྒྱ་མཚོའི་དངོས་གྲུབ་ཁ་ཕྱེ་བར་འགྱུར་རོ། །

TN03_Page_1003
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༤)བཀའ་སྒོའི་རྟ་སྐད་ལྟ་བར་དགོངས་པའི་སྐབས། དང་པོས་གདུལ་བྱ་ཐུན་མོང་གི་ལམ་གྱིས་སྣོད་རུང་དུ་བྱེད། གཉིས་པས་དབང་དང་དམ་ཚིག་ལ་འགོད། གསུམ་པས་སྤྱི་སྦས་མཐར་ཐུག་གི་མངོན་རྟོགས་ལ་འགོད་ཅེས་བཤད་ན་ལམ་རིམ་འགངས་ཆེ་བ་འདྲ་སྟེ་དཔྱད། ༈ རྟ་སྐད་དོན་བསྡུའི་ཐད། ངོ་བོ་དོན་སྐད་ནི་ལྟ་བར་དགོངས་པའི་རྟ་སྐད་དངོས་ཡིན་ཏེ། སྣང་ཕྱོགས། སྟོང་ཕྱོགས། ཟུང་འཇུག་གི་རྟ་སྐད་གསུམ་མོ། །གསང་སྔགས་གནད་སྐད་ནི། དེ་དག་རྟ་སྐད་དུ་འཇོག་པའི་འཐད་པ་བརྡ་དོན་གཉིས་ཆོས་མཐུན་སྦྱོར་ཚུལ་གྱི་སྒོ་ནས་བཤད་པའོ། །སྤྱོད་པར་དགོངས་པའི་སྐབས་སུ། དཔལ་གྱི་རྟ་སྐད་ནི་ཧེ་རུ་ཀའི་རྟ་སྐད་ཉིད་ངོས་བཟུང་བ། གཞན་གཉིས་སླ། དཔལ་ཆེན་ཆེ་སྐད་ནི། དེའི་ཆེ་བ་བསྟན་པ་སྟེ་དབང་གི་ཕྲིན་ལས་ཁྱད་པར་ཅན་དུ་མཛད་ཚུལ་གྱི་སྒོ་ནས་རྟ་སྐད་མཛད་པའི་རྒྱུ་མཚན་གཞན་བཤད་པའོ། །དེའང་མཐུན་རྫས་བསགས་ཡུན་རིང་དུ་བསྒྲུབ་ཀྱང་འདུར་མི་བཏུབ་པའི་སྡེ་བརྒྱད་ཆེ་དྲེགས་ཀྱིས་འགྱིང་བ་རྣམས་རྟ་བསྙེན་ཐེམས་ནས་ཏིང་ངེ་འཛིན་གྱི་འཚེར་སྐད་ཕྱུངས་པ་ཙམ་གྱིས་དེའི་མོད་ལ་རང་དབང་མེད་པར་རྐང་པའི་དྲུང་དུ་བཀུག་འོང་བ་ནི་རྟ་སྐད་དབང་ཆེ་ཞིང་མཐུ་མྱུར་བའི་ཆེ་བ་ཡིན་ཏེ། བསྙེན་བཀུར་རྒྱ་ཆེན་དང་བཅས་ཏེ་འདོད་དོན་ལ་གསོལ་བ་རིང་དུ་བཏབ་ཀྱང་གྲོགས་བྱེད་པ་ལྟ་ཅི། སྙན་གཡར་བ་ཙམ་ཡང་དཀའ་བའི་སྟོབས་ལྡན་གྱི་སྡེ་དཔོན་

TN03_Page_1004
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༥)ཆེན་པོ་རྣམས་ལ་མིའི་བདག་པོའི་བཀའ་ཡིག་རྟགས་ལྡན་ཁྱེར་ཏེ་འོང་ན་འཁྱེར་མཁན་གདོལ་པ་ཐ་ཤལ་ཅིག་ཡིན་ཡང་མཐོང་བའི་མོད་ལ་དྲེགས་པའི་རལ་པ་བསྙིལ་ནས་སྤྱི་བོས་ནོད་པར་བྱེད་པ་དེ་རྒྱལ་པོ་ཆེན་པོའི་དབང་ཕྱུག་གི་མཐུ་ཡིན་པ་བཞིན་ནོ། ༈ །རྟ་སྐད་ཀྱི་བཤད་པའི་སྐབས་དུ་མར་བསྐྱེད་རྫོགས་རྫོགས་ཆེན་གསུམ་ཞེས་གསུངས་པ་ནི། །རྒྱུད་ཀྱི་ཞུང་ཟུར་དུ་བྲིས་པ་ལྟར་སྤྱི་སྦས་མཐར་ཐུག་གི་ལམ་གསུམ་ལ་བཤད་ན། མན་ངག་ལྟ་ཕྲེང་དང་བདེ་འདུས་བསྐྱེད་རྫོགས་གསུམ་གྱི་གདམས་པ་ལ་འགྲིགས་ཤིང་། མདོ་སྔགས་སྨོན་ལམ་ལས་དེ་ལྟར་གསུངས་པ་དེ། ཕྲེང་པོ་པའི་རྣམ་ཐར་རུ་རིན་ཆེན་ཕུན་ཚོགས་ཀྱི་གསུང་། ཁོ་བོའི་རྡོ་རྗེ་སློབ་དཔོན་མངའ་རིས་པ་ཆེན་རིན་པོ་ཆེ་དེའི་མཁྱེན་རབ་ལ་མཐའ་མེད། དེའི་བཀའ་ལས། རྙིང་མ་ལུགས་མཐུན་ཞིག་བྱེད་ན་གསང་སྔགས་སྔ་འགྱུར་རང་གི་བསྟན་པའི་བབས་ལ་བཀའ་གཏེར་ཟུང་གཅིག་གཅེས། བཀའ་མ་ནི་མདོ་སྒྱུ་སེམས་གསུམ་ལ་བཀའ་བབས་ཆུ་བོ་བཞིའི་སྒོ་ནས་བཤད་རྒྱུན་རྣམ་པར་དག་པ་འདུག་པ་བཞིན་བཤད་པ་ལག་ལེན་དང་བཅས་པ་བཀའ་མ་ལྟར་བྱེད་དགོས། ཆོས་ཀྱི་ཟབ་གནད་རྣམས་ནི་བརྒྱུད་པ་དང་ཆོས་ལ་སེལ་མེད་ཅིང་མཁའ་འགྲོའི་ཁ་རླང་ཆི་ལེ་བ་དེ་གཏེར་མ་ཡིན་པས་གཏེར་ཆོས་ཚད་ལྡན་ལྟར་དགོས། དེ་ལྟར་བྱས་ན་རྙིང་མ་ཚུལ་མཐུན་ཅིག་ཡོང་

TN03_Page_1005
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༦)གསུང་། ཞེས་སོགས་འབྱུང་བ་ལྟར་པ་ཆེན་ཆོས་ཀྱི་རྒྱལ་པོ་སོགས་རིག་འཛིན་གོང་མའི་མན་ངག་མངའ་བའི་བཤད་སྲོལ་ཡིན་པས་ཆེས་བཟང་བར་མཐོང་ངོ་། ༈ །གསང་རྫོགས་དང་རང་ཤར་གྱི་རྟ་སྐད་རྣམ་བཤད་ལས། རང་སེམས་དྲི་མ་མེད་པ་དང་། །རང་རིག་ཅེས་གསུངས་པ་ནི་འོད་གསལ་མི་ཤིགས་པའི་སེམས་ཡིན་ཏེ། གསང་རྫོགས་ལུས་གནད་རྩའི་མན་ངག་ལས། དྷཱུ་ཏི་འཆད་པ་ན། རྩའི་གཙོ་མཆོག་ཧེ་རུ་ཀ་ཞེས་ཀྱང་བྱ་སྟེ་རང་སེམས་རྣམ་དག་གསལ་བའི་མན་ངག་གོཿ ཞེས་རང་སེམས་རྣམ་དག་དེ་རྩ་དབུ་མའི་གནད་ལ་བརྟེན་ནས་གསལ་དགོས་པར་བཤད་པ་དང་། འགྱུ་བྱེད་རླུང་གི་གདམས་པ་ལས། ཡང་རྔུབ་ཡང་བསྐྱིལ་ཡང་འཕང་བར་བྱ་སྟེ་གནས་པའི་རླུང་ལ་བསྐྱིལ་ཡུན་བསྲིང་བ་ནི་དྷཱུ་ཏིར་ཚུད་པའི་གནད་དོཿ དེ་ལྟར་ཞག་ཉེར་གཅིག་ཚུན་ཆད་འབད་པས་རླུང་ཟིན་རྟགས་ནི་རླུང་འགྱུ་བ་མི་ཚོརཿ གར་སྤྱིན་ལ་སྦྲང་བུ་འབྱར་བ་ལྟར་གཡོ་འགུལ་མི་ནུས་པ་འབྱུང་ཿ དེའི་ཚེ་བླ་མས་ངོ་སྤྲད་པའི་ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་རྟོགས་ཏེཿ ཉོན་མོངས་རྣམ་རྟོག་ཐམས་ཅད་རང་སངས་ནས་རང་བྱུང་ཡེ་ཤེས་མཐའ་རྒྱས་པར་འགྱུར་རོཿ ཞེས་སྲོག་དྷཱུ་ཏིར་ཚུད་པ་ལས་རིག་པ་ངོ་འཕྲོད་པར་གསུངས་པ་དང་། འབར་འཛག་གཏུམ་མོའི་གདམས་པར་འཁོར་ལོ་བཞིའི་ལྟེ་བར་ཐིག་ལེའི་རང་བཞིན་གྱི་ཡི་གེ་བསྒོམས་ནས་སེམས་འཆིང་བར་བཤད་

TN03_Page_1006
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༧)པའི་སྐབས་སུ། རང་རིག་སྤྲིན་མེད་པར་སྣང་བཞིནཿ དྭངས་ལ་གསལ་བ་རང་སར་ཞོགཿ མེ་ལོང་ནང་གི་གཟུགས་བརྙན་ལྟརཿ ས་ལེ་ཧྲིག་གེ་འཛིན་མེད་དུ་བཞག་གོཿ དེ་ཁོ་ན་ངོ་སྤྲད་པ་ནིཿ དེ་ལྟར་སྲོག་འཛིན་བྱང་ཆུབ་སེམས་ཀྱི་རང་བཞིནཿ བདེ་སྟོང་འཛིན་མེད་དུ་སྙིང་དབུས་སུ་སད་པསཿ འཁོར་འདས་ཐམས་ཅད་ཡེ་ཤེས་ཀྱི་རྩལ་དུ་ཤེསཿ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་ཟིནཿ ཞེས་གསུངས་ཤིང་། སྲོག་འཛིན་བྱང་ཆུབ་སེམས་ཀྱི་ངོས་འཛིན་ཡང་དེ་ཉིད་ལས། སྲོག་འཛིན་བྱང་ཆུབ་སེམས་ནིཿ སྙིང་དབུས་ཁྲག་གི་དྭངས་མ་བྱེའུ་ལྕོག་གའི་སྒོ་ང་ཙམ་གྱི་ནང་ནཿ འོད་ཀྱི་གའུ་སྲན་མ་ཙམ་པའི་དབུས་ནཿ དྲན་རིག་ཤེས་པ་གནས་སོཿ ཞེས་སོ། །དེ་འདྲ་བའི་རང་སེམས་དྲི་མེད་དེ་ཉིད་བདེ་བའི་ཆགས་ཉམས་དང་ལྡན་པ་དང་། དེའི་སྟེང་ནས་ལམ་བསྒྲུབ་ན་སྒྲུབ་གཞི་རླབས་ཆེ་བའི་དབང་གིས་ས་ལམ་ཆེས་བདེ་མྱུར་དུ་བགྲོད་པས་ན་རྟའི་ཞལ་ལོ། །འཚེར་སྐད་ནི་འབོད་ཅིང་སྐུལ་བར་བྱེད་པའི་ཆགས་སྐད་དེ། གང་སྣང་བརྟན་གཡོ་ཐམས་ཅད་ལྷན་སྐྱེས་ཡེ་ཤེས་ཀྱི་མདངས་སུ་ཁ་དོག་བསྒྱུར་ཏེ། མ་རིག་པའི་གཉིད་ཀྱིས་ནོན་པའི་འཁྲུལ་སྣང་འདི་དག །ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོ་ཉག་གཅིག་ཏུ་སད་པར་བྱེད་ཅིང་། དེའི་ཚུལ་གྱིས་སྣང་གྲགས་རྟོག་གསུམ་བདེ་ཆེན་བསམ་མི་ཁྱབ་ཀྱི་ཐིག་ལེར་བསྡུས་ནས་འོད་གསལ་དང་

TN03_Page_1007
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༨)སྒྱུ་འཕྲུལ་དྲ་བའི་ལྟད་མོ་གཉིས་ལ་རྩེ་གཅིག་ཏུ་བྱེད་པའོ། །ཡུལ་སྣང་གང་ཤར་གྱི་སྟེང་དུ་བདེ་བའི་རྩལ་འབར་བའམ་རྒྱས་པ་ལ་བདེ་ཆེན་བཞད་པའི་གད་རྒྱངས་སུ་འཇོག་པ་ནི། མཚན་བརྗོད་ལས། གང་རྒྱངས་ཧ་ཧ་ངེས་པར་སྒྲོགས། །སོགས་དང་ཡང་ཕྱོགས་མཐུན་ནོ། ༈ །སེམས་ཅན་གྱི་དུས་ན་ཤེས་པ་ཡུལ་ལ་གཡོ་བའམ་ཡུལ་བགྲོད་པར་བྱེད་པ་ལ་རླུང་ཞེས་ཟེར་ལ། དེའི་རྩ་བ་མཐར་གཏུག་ན་འོད་གསལ་གྱི་བཞོན་པའམ་འོད་གསལ་སྤྲོ་བསྡུ་བྱེད་མཁན་གྱི་རླུང་མི་ཤིགས་པ་ལ་ཐུག་གོ །འགྲོ་འོང་། འབྲས་དུས་སུ་དེ་འདྲའི་གཡོ་བ་དེ་གཏན་ནས་མེད་ཀྱང་། དེའི་དོན་དུ་ཡེ་ཤེས་རང་གི་སྟེང་ན་བརྟན་གཡོའི་འཇིག་རྟེན་མཐའ་དག་ལ་ཁྱབ་པར་ཞུགས་ནས་དེ་ཐམས་ཅད་བདེ་བའི་རོ་ཉམས་སུ་འཆར་བར་བྱེད་པའི་རྩལ་ཤུགས་མཐར་ཕྱིན་པ་ཡོད་པས། དེ་ཉིད་ལ་སྔོན་གྱི་རྗེས་སུ་འབྲངས་པ་སྟེ། རྒྱུ་དུས་ཀྱི་ཤན་གྱིས་ཡེ་ཤེས་ཀྱི་རླུང་ཞེས་ཐ་སྙད་བྱེད་པ་ཙམ་མོ། །སེམས་ཅན་གྱི་ངག་དག་པ་ནི་གསུང་རྡོ་རྗེ་ཡིན་ཅིང་། ངག་གི་རྩ་བ་རླུང་ཡིན་པས། དེའི་ཤན་གྱིས་གསུང་རྡོ་རྗེའི་འཆར་གཞིའང་ཡེ་ཤེས་ཀྱི་རླུང་དེའོ། །འདི་ལ་སྒྱུ་དྲའི་ལེའུ་བཞི་པ་ལ་སོགས་པར་ཤེས་དང་ཤེས་བྱ་མཚམས་སྦྱོར་བའམ་བརྡ་སྤྲོད་པར་བྱེད་པ་ལ་གསུང་ཞེས་བཤད་པ་སོགས་ལ་བརྟེན་ནས་ཞིབ་ཏུ་བསམ་མོ། །ད་ལྟ་ནས་སངས་རྒྱས་པའི་ཡེ་ཤེས་ཀྱི་རྩལ་ལམ་མཐུའི་ཁྱད་པར་དེ་ལྟ་བུ་དེ་ལག་

TN03_Page_1008
[མ་དཔེ་གཟིགས་ན་འདིར་གནོན།]

(༥༨༩)རྗེས་སུ་འཇོག་བྱེད་ཀྱི་རྒྱུ་མཐུན་སྒྲུབ་ཚུལ་ནི། བརྟན་གཡོ་ཐམས་ཅད་འོད་གསལ་གྱི་རྣམ་འཕྲུལ་གྱི་ལྷ་སྔགས་རབ་འབྱམས་སུ་དབང་བསྒྱུར་བར་བྱེད་པའི་རྣལ་འབྱོར་འདི་ཉིད་ཡིན་ཅིང་། འདིའི་སྒོ་ནས་ཡང་དང་ཡང་དུ་འོད་གསལ་མངོན་དུ་བྱས་ཏེ། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུས་ཉམས་ནི་དུ་མས་གར་མཛད་དོ། །ཞེས་པའི་བག་ཆགས་འོད་གསལ་ལ་ཡང་ཡང་བཞག་སྟེ་སྟོབས་སུ་གྱུར་པ་ན། མི་ཤིགས་པའི་རླུང་སེམས་རང་གི་སྟེང་ནས་སྒྱུ་འཕྲུལ་དྲྭ་བའི་གནས་ལུས་ལོངས་སྤྱོད་འབྱམས་ཀླས་པ་སྨིན་ཅིང་སྤྲོ་བའི་ནུས་པའང་ཐོབ་འོང་བས། གསང་རྫོགས་སོགས་སུ་ཡེ་ཤེས་ཀྱིས་ཡུལ་ལ་ལོངས་སྤྱོད་ཚུལ་ཁྱད་པར་བའི་སྟེང་ནས་པདྨ་གསུང་དབང་ཆེན་གྱི་རྟ་སྐད་ལ་བཤད་པ་མཛད་དོ། །དེ་ལྟར་བྱས་ན་གསུང་རྡོ་རྗེ་མི་ཤིགས་ནཱ་དའི་དབྱངས་ཞེས་པ་ལྷན་སྐྱེས་ཀྱི་བདེ་བའི་གདངས་ཉིད་ལ་འཇོག་པས། རྗེས་ཆགས་ཀྱི་འཚེར་སྐད་དུ་ཆེས་འཐད་དོ། ༈ །མཐའ་བྲལ་སྟོང་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་གཏིང་མཐར་ཐུག་ཡིན་ཏེ། སྡུད་པར། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །ཅེས་དང་། མཐར་ཐུག་བདེན་པ། ཞེས་དང་། དོན་དམ་བདེན་པ་ནི་ཀུན་རྫོབ་ཀྱི་གནད་གསང་དེ་ཕན་ཆད་དུ་འབྱེད་རྒྱུ་མེད་པ་ཡིན་པས་དེ་རྟོགས་པ་ལ་ཤིན་ཏུ་རྣམ་པར་ཕྱེ་བའི་བློ་ཞེས་བཤད་པར་ས་བཅུ་པའི་དབྱིག་འགྲེལ་ལས་གསུངས་པ་རིགས་པ་མཚུངས་སོ། །དེ་ལྟ་བུའི་གནས་ལུགས་ཀྱི་

TN03_Page_1009
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༠)གཏིང་ཕིགས་པའི་རྣལ་འབྱོར་བླ་མེད་པའི་བདེ་ཆེན་གྱི་རྟ་སྐད་ནི་རྡོ་རྗེ་རྟ་སྐད་ཅེས་བྱ་སྟེ། སྲིད་ཞིའི་ཆོས་གང་ལ་ཡང་ཐལ་བྱུང་ཐོགས་མེད་དུ་འཇུག་པའི་ཕྱིར་དང་། ཤིན་ཏུ་ཚབས་ཆེར་འཇུག་པའི་ཕྱིར་རོ། །དེ་བས་ན་དངོས་པོ་ཐམས་ཅད་ཀྱི་རང་དབང་གི་རྒྱ་གཏན་ནས་བཤིགས་ཏེ། གནད་སྲོག་ནས་བཟུང་སྟེ་འདྲེན་པར་བྱེད་ལ་ཕ་ལམ་གྱི་ཀྱོ་བས་ལྕགས་འབིགས་པ་ལ་རྩའམ་ཤིང་གི་གོ་ཆས་སྲུང་མི་ནུས་པ་ལྟར། དེ་ལ་བར་ཆད་ཀྱི་རྣམ་པ་གང་གིས་ཀྱང་བགེགས་བྱར་མེད་པ་ཡིན་ནོ། ༈ །བདེ་སྟོང་གི་རྣལ་འབྱོར་གྱིས་ཡུལ་སྣང་ཟིལ་གྱིས་གནོན་པའི་ནུས་པ་ཀློང་དུ་གྱུར་པ་ན། དབང་གི་རྒྱལ་སྲིད་ཐོབ་པ་ཡིན་པས་ཐུན་མོང་གི་དངོས་གྲུབ་དམ་པར་བསྔགས་ཤིང་། རྟ་སྐད་ཀྱི་དགོངས་པ་དེ་དང་མི་མཐུན་པའི་ཡིད་བྱེད་མཉམ་རྗེས་ཐམས་ཅད་དུ་བཀག་སྟེ། ལྷན་སྐྱེས་ཀྱི་བདེ་བའི་སྟེང་ནས་དེ་ཁོ་ན་ཉིད་ལ་སེམས་བརྟན་པར་བྱེད་པ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་རྩ་བ་དམ་པ་ཡིན་པས། རྟ་སྐད་ཀྱི་རྣལ་འབྱོར་དངོས་གྲུབ་རྒྱ་མཚོའི་སྲག་ཏུ་ཟུང་སྟེ། བདེ་འདུས་མ་ཚང་ཁ་སྐོང་བའི་རྒྱུད་ཀྱི་ལེའུ་དགུ་པ་དབང་ཆེན་སྒྲུབ་པའི་ཁ་སྐོང་གི་ལེའུར། རྟོགས་པའི་རི་བོ་སེམས་ཉིད་དུཿ སྣང་བ་ཐམས་ཅད་དབྱེར་མེད་ནཿ ཐུན་མོང་དངོས་གྲུབ་དམ་པ་ཡིནཿ དབང་གི་དཀྱིལ་འཁོར་རང་ལ་སྣང་ཿ རིག་པའི་རྒྱལ་པོ་རང་དབང་ཐོབཿ རང་རིག་བདེ་བར་གནས་པ་ནིཿ དབང་གི་སྒྲུབ་པའི་མཐར་ཐུག་སྟེཿ མཆོག་གི་དངོས་གྲུབ་རྩ་བ་ཡིནཿ ཞེས་སོ།

TN03_Page_1010
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༡)སྣང་བ་དབང་དུ་གྱུར་ན་སྣང་སྲིད་ཚུར་འདུ་བའི་ཚུལ་ཁྱིམ་གསུམ་ཟིན་ཐོར་སྡེ་བརྒྱད་དབང་སྡུད་ལ་སྦྱར་བ་དེ་གཞན་རྣམས་ལའང་འདྲ་བས། རང་སྣང་དབང་དུ་འདུས་ན་གཞན་སྣང་ཟིལ་གྱིས་ནོན་ཅེས་རིག་འཛིན་བརྒྱུད་པའི་གསུང་སྒྲོས་ལས་འབྱུང་། དེས་ན་བཀའ་བརྒྱད་བསྡུས་འབྲིང་གཉིས་ལས་གཟུག་འཛིན་དབང་བྱེད་ཀྱི་གནད་འདི་དབང་གི་རྟ་སྐད་ཀྱི་དགོངས་པར་གསུངས་ཏེ། ཤིན་ཏུ་གཅེས་པར་སྣང་ངོ་། ༈ །རྗེ་གྲུབ་ཐོབ་ཆེན་པོའི་པདྨ་སྒྱུ་འཕྲུལ་རོལ་པའི་གཞུང་འདིར་རྟ་སྐད་བཤད་ཚུལ་ནི། རྟ་སྐད་ཀྱི་དབྱེ་བ། དེ་ཉིད། མཛད་པ་དང་གསུམ་ལས། དང་པོ་ནི། བྲོ་ཆོགས་ལས་རིགས་དྲུག་གི་རྟ་སྐད་སོ་སོར་གསུངས་རྣམས་སོ། །གཉིས་པ་ལ། སྤྱི་དང་། བྱེ་བྲག་གི་དེ་ཉིད་གཉིས་ལས། དང་པོ་ནི། དཀྱིལ་ཆོག་ལས། ཡེ་ཤེས་གཟི་འབར་རྔམས་ཤིང་བཞད་པའི་སྒྲསཿ འཁོར་འདས་ཐམས་ཅད་དབང་སྒྱུར་ཟིལ་གྱིས་གནོནཿ ཞེས་གསུངས་པ་དེའོ། །གཉིས་པ་ནི། བདེ་ཆེན་གྱི་ཡེ་ཤེས་ལ་ལྡོག་ཆས་ཕྱེ་བའི་ཡེ་ཤེས་དྲུག །རྟ་སྐད་སོ་སོ་དང་སྦྱར་ནས་བྲོ་ཆོག་ཏུ་གསུངས་པ་རྣམས་སོ། །གསུམ་པ་ལ། སྤྱིའམ་གཙོ་བོའི་མཛད་པ་ནི་དཀྱིལ་ཆོག་གི་གཞུང་དེས། བཞད་སྒྲའི་གཟི་བྱིན་གྱིས་འཁོར་འདས་ཐམས་ཅད་ཟིལ་གྱིས་གནོན་པར་བསྟན་ནོ། །སོ་སོའི་མཛད་པ་ནི། རིགས་སོ་སོའི་རྟ་སྐད་ཞི་སོགས་ལས་སོ་སོ་དངསྦྱར

TN03_Page_1011
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༢)ནས་བྲོ་ཆོག་ཏུ་གསུངས་པ་རྣམས་སོ། ༈ །དེ་ལྟར་རྟ་གླུ་དེ་ཉིད་རིགས་ཀྱི་དབྱེ་བས་སྒྱུར་ལུག་རེ་བྱས་པས་རྣམ་བཞིའི་ཕྲིན་ལས་རབ་འབྱམས་བྱེད་པར་གསུངས་པ་ནི། རྟ་གླུའི་དེ་ཉིད་རྗེས་ཆགས་ཀྱི་བདེ་བ་གཅིག་པུ་དེ་ཉིད་སྒྱུར་ལུགས་རེ་བྱས་པས་ལས་ཚོགས་རབ་འབྱམས་བྱེད་ཅིང་དེའང་ཐུན་མོང་གི་དངོས་གྲུབ་ཁ་ཅིག་ནི་དེ་མེད་པར་གཏན་མི་འགྲུབ་པའང་ཡོད་ལ། ལས་ཕྲན་ཚེགས་རྣམས་ཀྱང་། དེ་ཡོད་ན་དུས་ཐུང་ངུ་དང་། ཚོགས་ཆུང་ངུས། མཚན་ཉིད་ཡོངས་སུ་རྫོགས་པར། འགལ་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པའི་ཚུལ་གྱིས་འགྲུབ་པར་བྱེད་པའི་མཐུ་ཕུལ་དུ་བྱུང་བ་ཡོད་པ་ལ་དགོངས་ནས། བདེ་སྟོང་གི་ཡེ་ཤེས་ལ་ལས་སྔགས་སུ་རྒྱུད་ལས་གསུངས་པ་དང་སྦྱར་ནས་ངེས་པ་དྲང་ངོ་། །དངོས་གྲུབ་བསྒྲུབས་ཀྱང་མ་གྲུབ་ན་སྤོགས་ཆོག་བྱ་བའི་སྐབས་སུ་སྤྱོད་རྒྱུད་ལས། སྟོང་ཉིད་སྒོམ་པ་སྤོགས་ཆོག་གི་མཆོག་ཏུ་སུངས་པ་དང་། །སྟོང་ཉིད་སྒོམ་བྱེད་ཀྱི་ཡུལ་ཅན་ལ་ལྷན་སྐྱེས་ཀྱི་བདེ་བ་བསྔགས་པས། དེ་དང་ཡང་སྔ་མ་སྦྱར་ན་དགའ་བ་སྟེར་ཏེ་འདི་གཞན་ནས་བླངས་སོ། ༈ །རྟ་སྐད་ཀྱི་གསལ་བྱེད་དྲན་ཐོ་མཁས་པའི་ཡིད་འཕྲོགས་འདི་ལ་ཞར་བྱུང་གཅེས་པ་འདི་ལྟ་བུ་ཡོད་དེ། འཇིག་རྟེན་དབང་པོའི་མཚན་བརྒྱ་ལ། མཆོག་ཆེན་རྡོ་རྗེའི་གླུ་ལ་བསྟོད་པ། ཞེས་གསུངས་པ་དང་། ཀྱེ་རྡོར་བརྟགས་པ་ཕྱི་མའི་ལྔ་པར། གླུ་གསུང་རྡོ་རྗེའི་རྣལ་འབྱོར་

TN03_Page_1012
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༣)གྱིས་བླང་། ཞེས་གསུངས་ལ། ཁྱད་པར་འཚེར་སྐད་ནི་རྗེས་ཆགས་ཀྱི་གླུ་དབྱངས་ཡིན་པས་འདོད་ཆགས་རྡོ་རྗེའི་རིགས་སོ། །འདུས་ཀྱེ་སོགས་ལས། པདྨའི་རིགས་ཀྱི་ཕྱག་རྒྱ་གར་མཁན་གྱི་བུ་མོ་ཞེས་བཤད་པ་དང་། འོད་དཔག་མེད་ལ་གར་དབང་ཞེས་རྒྱུད་མང་པོར་གྲགས། རྟ་རྒྱུད་རྣམས་སུ་བྲོ་ཁོ་ན་རྣམ་གྲངས་དུ་མས་ཡང་ཡང་བཤད་ཡོད་པའང་འདི་ལྟར་ཡིན། གསང་རྫོགས་ལས། གླུ་བྲོ་གར་ལ། ཞེས་དང་། སྒྱུ་དྲ་ལས། བྲོ་གར་འདུ་འཕྲོའི་ཡོ་བྱད། ཅེས་པས་བྲོ་གར་འདྲའོ། །དེ་ལྟར་ན་པདྨའི་རིགས་རྣམས་ཀྱི་རིགས་ཆོས་ཀྱི་ལས་སྒོ་གསུམ་གྱི་བྱ་བ་མཐའ་དག་གླུ་གར་གྱི་ཏིང་ངེ་འཛིན་ཁོ་ནའི་སྟེང་ནས་སྐྱོང་བ་ནི། བདེ་མཆོག་པའི་གཡོན་པའི་ཀུན་སྤྱོད་ལྟར་འདིའི་སྔགས་པའི་བསླབ་པའི་ཀུན་སྤྱོད་བླ་ན་མེད་པར་སྣང་བས་ཕའི་རིགས་ཀྱི་ལས་ལ་བུ་ངེས་པར་སྤྱོད་པ་བཞིན་དུ་ཡི་དམ་བྱའོ། །ནི་གླུ་བྲོའོ། །དེས་ན་དེ་གཉིས་ཀྱི་སྒོ་ནས་དངོས་གྲུབ་སྒྲུབ་པ་འདི་རྟ་རྒྱུད་ལས་མང་དུ་གསུངས་ལ། གཞུང་འདིར་ཡང་རྟ་བྲོ་རིགས་དྲུག་དང་། དེ་དག་གི་སྒོས་མཛད་དྲུག །སྤྱིའི་ཆེ་བརྗོད་དང་བཅས་པ་གསུངས་སོ། ༈ །གྲོལ་ཐིག་རྟ་མགྲིན་དྲེགས་འདུལ་ལས། འཁོར་འདས་དབང་དུ་སྡུད་པའི་གདེང་ནིཿ དབང་ཆེན་རྟ་མགྲིན་གྱི་ཡེ་ཤེས་ཀྱི་རོལ་པ་ཆེན་པོ་གཅིག་ལས་ནམ་ཡང་གཡོ་བ་མེད་པའི་ངང་ལས་གང་ལ་ཡང་ཉམ་ང་བ་དང་བག་ཚ་བ་མེད་པར་གདོན་བགེགས་ཀྱི་སྟེང་དུ་ཐོག་བརྫི་

TN03_Page_1013
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༤)བྱའོཿ དེ་ལྟ་བུ་དགོངས་པ་དང་ལྡན་ཙ་ན་ལྷ་འདྲེ་མི་གསུམ་དབང་དུ་འདུ་བར་འགྱུར་རོཿ དྲེགས་པ་ཅན་རྣམས་ལས་ལ་བཀོལ་ནས་བྲན་བཞིན་དུ་ལས་བྱེད་དོཿ གལ་ཏེ་བྲན་དུ་མི་ཁོལ་བའམ་ལས་བྱེད་དུ་མ་འདོད་ནཿ ཨོཾ་བཛྲ་དུན་བྷྱོཿ སོགས། ཞེས་རྩ་སྔགས་ལ་བཏགས་ནས་བྲོ་བརྡུང་བས་བར་ཆད་གདོན་བགེགས་རྡུལ་དུ་བརླག་པར་ཐེ་ཚོམ་མེད་དོཿ ཞེས་སྣང་སྲིད་ཐམས་ཅད་བདེ་ཆེན་གྱི་རོལ་པར་ལྟ་བའི་སྒོ་ནས་མི་ཕོད་པའི་ཡུལ་དུ་ཐོག་བརྫིས་གཏོང་བར་བཤད་དོ། འདི་ནི་བརྟགས་གཉིས་ལས་སྤྱོད་པའི་སྐབས་སུ། ངེས་པར་སྔོན་དུ་ལྷ་མིན་གང་། །བརྒྱ་བྱིན་ལྟ་བུ་ཡིན་ན་ཡང་། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། །ཞེས་གསུངས་པ་ལྟ་བུ་སྟེ་གལ་ཆེའོ། །དེ་དང་འདྲ་བར་རྟ་མཆོག་རོལ་པའི་རྒྱུད་ལས་ཀྱང་། ཐུག་ཕྲད་ཀྱི་དངོས་པོ་གང་ལ་ཡང་མི་བཟུར་ཞིང་ཐེ་ཚོམ་མེད་པར་སྨྱོན་པའི་བརྟུལ་ཞུགས་ཀྱིས་རྫི་ཞིང་རྡེག་པ་ནི་གདུག་པ་དང་དྲེགས་པ་ཅན་མཐའ་དག་ཐོགས་མེད་དུ་འདུལ་བ་ལ་ངེས་པར་བསྟན་པར་བྱ་བའི་བརྟུལ་ཞུགས་སུ་གསུངས་ཏེ། བར་ཆད་ཀྱི་རྐྱེན་གང་དང་ཕྲད་ཀྱང་དེ་མ་ཐག་སྒྱུ་མ་ལྟ་བུར་ཤེས་པའི་རྣལ་འབྱོར་གྱིས་རྫི་ཞིང་འགྲོ་བ་དང་། དེའང་ཡང་དང་ཡང་དུ་རྡེག་པའམ་རྫི་བའི་ཏིང་ངེ་འཛིན་གྱིས་བརྟུལ་ཞུགས་བྱེད་པ་ཉིད་དོ། །དེ་དག་ཀུན་ཀྱང་རྟ་བྲོའི་དགོངས་སྤྱོད་ཉིད་འཆད་པར་སྣང་ངོ་། །དང་

TN03_Page_1014
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༥)པོ་ནས་མོས་སྒོམ་ཚུན་ཆད་ཀྱིས་གོམས་པར་བྱས་ན་མཐར་ཡུལ་རྐྱེན་བཟང་ངན་ཐམས་ཅད་ཟིལ་གྱིས་གནོན་ནུས་སོ། །དུས་ངན་གདོན་བགེགས། སྔོན་ལས། དུས་ཀེགས་སོགས་གང་ལའང་བདག་གཉིས་ཀྱི་སྲོག་དང་ལྡན་པར་མཐོང་བའི་ལོག་ཤེས་ཅི་ཙམ་ཤུགས་ཆེ་བ་དེ་ཙམ་དུ་དེའི་རང་མདངས་ཡུལ་ལ་ཤར་ནས་བར་ཆད་གང་ཡང་སྲོག་དང་ལྡན་པ་དང་། དེའང་རྡོ་རྗེ་ལྟར་བརླིང་བའི་སྲོག་དང་ལྡན་པ་བཞིན་དུ་མཐུ་ཆེ་ཞིང་གཞོམ་དཀའ་བར་འགྱུར་ལ། དེ་ལྟ་བུའི་འཛིན་པ་ཕྱིན་ཅི་ལོག་གི་འཁྲིལ་འཁོར་ཞིག་ནས། བར་ཆད་དེ་དག་ཐམས་ཅད་རང་སེམས་ཀྱི་གཤིས་ལ་གཏན་ནས་མ་ཞུགས་པའི་ལོག་རྟོག་གློ་བུར་བ་ཁོ་ནའི་རྩ་བ་ཅན་གྱི་རྒྱུ་རྐྱེན་དང་ཆ་ཤས་མང་པོ་ལ་བརྟེན་ནས་མིང་དང་རྟོག་པ་འབའ་ཞིག་གིས་བཟོ་སྦྱར་བའི་གསོག་ཉག་གཅིག་ཏུ་མཐོང་ནས་གོམས་པར་བྱས་ན། དེ་ཐམས་ཅད་ཀྱང་རི་མོའི་མདུང་ལྟར་མཐུ་མེད་པ་དང་། ལྦུ་བ་ལྟར་ཉམ་ཆུང་བ་ཤ་སྟག་ཏུ་འགྲོ་བས་གཞུང་འདིའི་གཏོར་ཟློག་ལས། དགྲ་གསུམ། བདུད་བཞི། ཆག་ཆེ་ཉམ་ང་ཐམས་ཅད་བདེ་སྟོང་གི་རྟོགས་པས་ཕམ་པར་བྱ་བར་གསུངས་པས་རྟ་བྲོའི་དགོངས་པ་བཤད་མ་ཐག་པའི་ངང་ནས་ཐོག་བརྫིས་གཏོང་བ་ནི་རིག་སྔགས་འཆང་གི་ལག་ཆ་བླ་ན་མེད་པའོ། །དེར་མ་ཟད་སྔགས་ཀྱི་སྐབས་འདིར་རྐྱེན་སྣང་དེ་དག་ཐམས་ཅད་དག་པ་རབ་འབྱམས་སུ་བལྟས་ནས་སློབ་རྒྱུ་ཡོད་པས། དེའི་ལག་རྗེས་ལ་འབྲས་

TN03_Page_1015
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༦)བུའི་དུས་སུ་རྣམ་དག་གི་ལྷ་སྔགས་ཕྱག་རྒྱའི་འཁོར་ལོ་རབ་འབྱམས་ཤིག་འབྱུང་ཞིང་། ལམ་དུས་སུའང་བགེགས་ཡི་དམ་གྱི་ལྷར་བལྟས་ནས་དངོས་གྲུབ་ལེན་པར་གཏེར་གཞུང་བྱང་གཏེར་གེགས་སེལ་ནོར་མཛོད་དང་། གྲོལ་ཐིག་ཐུགས་རྗེ་ཆེན་པོ་སོགས་ཏེ། སྐྱབས་རྗེའི་བསམ་ལྷུན་ཟིན་བྲིས་སོགས་མང་པོ་མང་པོར་སྣང་། ཚད་ལྡན་ནས་བཤད་པ་ལྟ་བུ་དུ་མ་ཞིག་ཡོད་དོ། ཡུལ་གྱི་སྟེང་གི་མ་དག་པའི་དུག་ཕྲོགས་ནས་དག་པ་དངོས་གྲུབ་ཀྱི་སྒོར་བྱིན་གྱིས་རློབ་པ་འདི་ནི་རྟ་སྐད་ཀྱིས་སྣང་བ་ཟིལ་གྱིས་གནོན་ཚུལ་ཡང་ཡིན་ནོ། །བསམ་རྒྱུད་འདི་ནི་རྣལ་འབྱོར་བླ་མེད་པའི་ལམ་གྱི་གཅེས་ནོར་ཅིག་སྟེ། རྡོ་རྗེ་ཕྲེང་བར། རྣལ་འབྱོར་དབང་པོ་གང་གང་འདོད། དེ་དེ་ཐོགས་པ་མེད་བར་བྱ། མཉམ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་ཏུ་མཉམ་པར་འཇོག་པར་འགྱུར། །ཅེས་སོགས་མཐའ་ཡས་པ་གསུངས་སོ། །དེ་ལྟར་གླུ་གར་གཉིས་ཀྱི་དེ་ཉིད་གཅིག་ཡིན་ཀྱང་། རྐང་སྟབས་དང་སྔགས་ཚིག་གི་སྒོ་སོ་སོར་ཤར་ནས་རིམ་བཞིན་སྐུའི་མཛད་པ་དང་གསུང་གི་མཛད་པའི་སྒོས་དངོས་གྲུབ་ཀྱི་རེ་བ་རྫོགས་པར་མཛད་པའོ། །བྲོ་ཕྱག་རྒྱར་འཇོག་ནའང་རུང་སྟེ། བྲོ་གར་གཉིས་ཀྱི་ཁྱད་པར་ནི། རྐང་པའི་བྲོ་དང་། ལག་པའི་གར་ཞེས་པ་སྟེ། བྲོས་རི་བྲག་དང་། ས་འོག་གི་འཁྲུལ་འཁོར་སོགས་ལ་ཐོགས་པ་མེད་པར་འཛུལ་ལམ་གར་གྱིས་ནམ་མཁའ་འགྲོ་བར་འགྱུར་ཞེས་སྒྱུ་འཕྲུལ་བ་རྣམས་གསུང་ངོ་། །འདི་ནི་སྒྱུ་འཕྲུལ་ལས་བཤད་ཚུལ་ཡིན་གྱི་རྣམ་པ་ཀུན་ཏུ་འཁྱེར་མི་བཏུབ་སྙམ། སྒྱུ་

TN03_Page_1016
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༧)འཕྲུལ་ལས། རྐང་གཉིས་ཆོས་དང་ལས་ཀྱི་སེམས་དཔར་གསུངས་ནས། ཡན་ལག་ཐམས་ཅད་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས་ཕྱག་རྒྱ་སྤྲོས་པའི་ལེའུ། ཞེས་གསུངས་པ་སོགས་ཀྱིས་རྐང་པ་བསྒུལ་བསྐྱོད་ཕྱག་རྒྱར་བྱ་བ་བསྟན་ཅིང་གསང་ཞབས་ཀྱི་ལམ་རིམ་ལས་ཀྱང་གསལ་ལོ། །འཇིག་རྟེན་ན་སྐྱིད་པའི་རྐང་བྲོ་ཟེར་བ་ལྟར་ལྷན་སྐྱེས་ཀྱི་དགའ་བའི་ཉམས་འབར་བའི་སྤྱོད་པར་བྲོ་གར་བྱེད་པ་དང་སྤྱོད་པ་དེས་ཀྱང་ཉམས་དེ་སྤོར་བར་བྱེད་པས་དེ་གཉིས་ཕན་ཚུན་གྲོགས་སུ་འཇུག་པ་སྟེ། བརྟུལ་ཞུགས་ཀྱི་སྤྱོད་པའི་སྐབས་ཀྱི་གར་དང་ཡང་ཚུལ་འདྲའོ། །རྗེ་དང་མཆོག་གླིང་ཐུན་མོང་གི་གཏེར་ཁ་གར་ཆོག་རིན་ཆེན་རོལ་བ་སོགས་འགའ་རེ་ན་གསལ་ལོ། །བདེ་ཆེན་གཅིག་པུ་དེ་ཉིད། ཞི་ཞིང་དང་བ་དང་། དགའ་ཞིང་སྤྲོ་བ་དང་། ཆགས་ཤིང་ཞེན་པ་དང་། ཁྲོ་ཞིང་རྔམ་པ་སྟེ་ལས་ཀྱི་སྟོང་སེམས་ཐ་དད་དུ་ཉམས་བསྒྱུར་བའི་བསམ་པའི་ཁྱད་པར་བཞིན་དུ་བྲོ་གར་གྱི་སྤྱོད་པ་ཡང་རྣམ་པ་གཞན་དང་གཞན་དུ་མཛད་ནས་གཞུང་འདིར་གསུངས་ཤིང་། དངོས་གྲུབ་ཀྱང་སོ་སོར་གསུངས་སོ། །བྲོ་འདིས་སྣང་བ་དབང་དུ་བྱེད་པར་མ་ཟད་དབང་དུ་བྱས་པ་དེ་ལས་མི་འདའ་བའམ་མི་ལྡང་བར་ཟིལ་གྱིས་གནོན་ཅིང་རེང་བར་ཡང་བྱེད་དོ། །ཕྱག་རྒྱས་བཏབ་པའི་དོན་དུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན། གླུ་བྲོའི་དེ་ཉིད་ཀྱི་ཁྱད་པར། གླུ་ནི་ཡུལ་སྣང་

TN03_Page_1017
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༨)ཐམས་ཅད་བདེ་ཉམས་སུ་མྱོས་པར་བྱེད་པའི་བདེ་བ་དེ་ཡིན་ཅིང་། བྲོ་ནི་བདེ་བ་དེ་ཉིད་ཡུལ་གྱི་རྣམ་འགྱུར་སྣ་ཚོགས་སུ་ཤར་བའི་ཆ་སྟེ། འདི། གར་མཁན་དག་དང་རི་མོ་བཟང་ལྟར་སྣང་། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུས་ཉམས་ནི་དུ་མས་གར་མཛད་དོ། །ཞེས་པར་ཡང་མཐུན། དེའི་ཚེ་བློ་ངོར་སྣང་བ་ཐམས་ཅད་བདེ་བའི་གར་དུ་བྱེད་པས་བྲོས་བརྫི་བྱ་ཟུར་དུ་མི་འཆར་མོད། གནས་ཚོད་ལ། དེ་འདྲའི་རྣལ་འབྱོར་གྱི་བྲོ་འདུལ་བྱེད་དང་། ཡུལ་གྱི་ཕྲ་མེན་མ་འདུལ་རྒྱུ། །ཡུལ་གྱིས་རྒྱུད་ཕུང་བར་བྱེད་པའི་གདུག་རྩུབ་བྲོའི་དེ་ཉིད་ཀྱིས་བཅོམ་ནས་དངོས་གྲུབ་ཀྱི་གྲོགས་སུ་འཁྲོལ་བར་བྱེད་པ་འདུལ་ལུགས་སུ་སོང་ཡོད་དོ། །འདི་ནི་རྣལ་འབྱོར་བླ་མེད་པའི་རྫུ་འཕྲུལ་གྱི་རྐང་པའི་རོལ་རྩེད་སྦྱོང་ཚུལ་རྨད་དུ་བྱུང་བའོ། །འདི་ཀློང་དུ་གྱུར་པ་ན་ལྷ་དབང་དང་། མིའི་རྒྱལ་སྲིད་ཀྱི་གནས་དང་། མཁའ་སྤྱོད་དང་། ས་འོག་བདེ་བ་ཅན་སོགས་གང་དུ་བགྲོད་པར་འདོད་ཀྱང་། དེ་དང་དེར་དགོངས་པ་གཏད་དེ་བྲོ་གར་བྱས་པས་ཐོགས་མེད་དུ་མནན་འགྲོ་སྟེ། མནན་ཞེས་པ་ནི་ས་ནས་ས་མནན་ཞེས་པ་ལྟར་དེར་སླེབས་པའི་དོན་ཏོ། །སྒྱུ་འཕྲུལ་ལས། བྲོ་གར་ཚོགས་ཀྱི་སྤྲིན་ཕུང་ལ། །ཧཱུཾ་དུ་ཤེས་པས་རབ་སྤྱད་ན། །ཞེས་དང་། བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡིས། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །ཞེས་བྲོ་གར་ལ་ངེས་དོན་

TN03_Page_1018
[མ་དཔེ་གཟིགས་ན་འདིར་གནོན།]

(༥༩༩)གྱི་སྔགས་ཀྱིས་རྒྱས་བཏབ་ནས་སྤྱད་ན། མཁའ་དང་ས་འོག་སྤྱོད་པ་ལ་སོགས་པའི་དངོས་གྲུབ་ཏུ་འགྱུར་བར་བཤད་དོ། །ལྷན་སྐྱེས་ཀྱིས་མཁའ་སྤྱོད་ལ་སོགས་པ་དེ་དག་གི་གནས་ལུགས་ལ་མཉམ་པར་བཞག་པ་ན་གནས་ལུགས་དང་བདེ་བ་ཆེན་པོའི་རོ་གཉིས་ཐ་དད་དུ་སྣང་བ་ཕལ་ཆེར་ལོག་པའི་དབང་གིས། མཉམ་བཞག་ལས་ལངས་པ་ན་གནས་ལུགས་དེའི་རྣམ་འཕྲུལ་ཐམས་ཅད་བདེ་བའི་རྣམ་འཕྲུལ་དུ་ཡང་འཆར་ལ་དེའི་མཐུས་མཁའ་སྤྱོད་སོགས་དེ་དག་ལ་ཡུལ་དང་རང་བཞིན་གྱིས་བསྐལ་བའི་འཆར་ཚུལ་ཟིལ་གྱིས་གནོན་པའི་ནུས་པ་རྙེད་འོང་ངོ། །ཚུལ་འདིས་བསམ་སླེབ་བམ་ཡིད་མགྱོགས་ཀྱི་རྫུ་འཕྲུལ་སྒྲུབ་པ་ནི་བྲོ་གར་གྱི་མན་ངག་དམ་པའོ། །གཏེར་གསར་མཉམ་སྦྱོར་ལས། གར་གྱི་ཕན་ཡོན་འཆད་པ་ན་ཞིང་མཐའ་ཡས་པའི་སངས་རྒྱས་རིག་པའི་ལྷ་མོར་བཅས་པ་རྣམས་དང་ཐབས་ཅིག་ཏུ་འདུག་པར་གསུངས་པའང་འདི་དང་མཐུན་ནོ། །གླུ་ནི་འགྲོ་བའི་ཡིད་དང་རྗེས་སུ་མཐུན་པའི་དམ་པའི་ཆོས་ཀྱི་དབྱངས་དང་། གར་ནི་གདུལ་བྱ་ངོ་མཚར་བར་བྱེད་པའི་རྫུ་འཕྲུལ་གྱི་སྤྱོད་པ་ཞེས་བཤད་ཚུལ་ཡང་ཡོད་འོང་ངམ་དཔྱོད་དགོས། ༈སླར་ཡང་དཀྱུས་ལ་འཇུག་སྟེ། སྔགས་བླ་མེད་ལྟར་ནའང་། སྐྱོབ་འདོད་ཀྱི་བརྩེ་བ་དང་། སྦྱིན་པ་སོགས་དང་། ཏིང་འཛིན་རྣམ་ཐར་གྱི་སྒོ་མཐའ་ཡས་པ་འབྲས་དུས་ན་ཡོད་པར་ནི་འདོད་ལ། སེམས་གཞན་ནི་

TN03_Page_1019
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༠)།འབྲས་དུས་ན་མེད་པར་འདོད་པས། དེ་ཐམས་ཅད་རྒྱ་ཆེ་བ། གྱ་ནོམས་པ། ཟག་པ་མེད་པའི་ལྷན་སྐྱེས་ཀྱི་བདེ་བ་སྟོང་ཉིད་དང་སྦྱར་བ་ཁོ་ནའི་སྟེང་ནས་འཇོག་གོ །དེས་ན་སྒྲ་རྟོག་སེལ་འཇུག་ཡིན་པས་སངས་རྒྱས་སའི་འོད་གསལ་ཞེས་ཟེར་ཚེ་ཁོལ་བུ་པ་ཞིག་ལྟར་སྣང་ཡང་མ་འདྲེས་པའི་ཆོས་སུམ་བརྒྱ་ལྟ་བུ་མདོ་ཕལ་པོ་ཆེ་ལ་སོགས་པར་རྒྱ་གང་ཆེར་བཀའ་སྩལ་བ་ཐམས་ཅད་དེའི་ཆ་ཤས་རེ་ཡིན་པས་ཆུང་ཆུང་ཞིག་ཏུ་མི་གཟུང་སྟེ། དཔེར་ན་སེམས་རགས་པ་ཞེས་བྱས་ཚེ་འོལ་ལེ་བ་དུ་མ་ཅིག་ལྟར་སྣང་ཡང་། ལས་དང་ཉོན་མོངས་ལམ་དང་དམིགས་པ་སོགས་ཀྱིས་ཕྱེ་བ་ན་མཐའ་ཀླས་པ་ཞིག་འོང་བ་དང་འདྲའོ། །དེས་ན་འབྲས་དུས་སུ། གང་སྣང་བདེ་སྟོང་གི་རོལ་པར་འཆར་བ་ན་ཡང་། དེར་སྟོང་ཉིད་ལ་མཉམ་པར་བཞག་བཞིན་པའི་སྦྱིན་པ་དང་སྙིང་བརྩེ་སོགས་ཀྱང་ཡོད་པས། སྟོང་པའི་རྣལ་འཕྲུལ་ཐམས་ཅད་བདེ་བའི་འཕྲུལ་དུ་འཆར་བ་ལྟར། བདེ་བ་དེའི་ཆར་གྱུར་པའི་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་གསལ་བ་མཐའ་ཡས་པ་སོགས་རེ་རེ་ཞིང་གིའང་འཕྲུལ་དུ་འཆར་རོ། །འདི་ལྟར་བསམ་ན་རིགས་དྲུག་གི་རྟ་སྐད་བྱེད་དུས་སུའང་། སེར་སྣ་རྡོ་རྗེ་ལྟ་བུར་མཚོན་ན། བརྟན་གཡོའི་འཁོར་ལོ་མཐའ་དག །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ་སྦྱིན་པ་རྣམབཞི་དུས་དྲུག་ཏུ་གཏོང་བ་མཐར་ཕྱིན་པའི་ནུས་པ་ལྷན་སྐྱེས་ཀྱི་སེམས་སྟེང་ནས་སྨིན་པའི་སྦྱིན་པ་མཐར་ཐུག་དང་

TN03_Page_1020
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༡)སྦྱོར་བ་དང་། ཚོར་ཕུང་ལ་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དུ་གསུངས་པ་དེ་སྒྲིབ་བྲལ་དུ་བྱས་པའི་ལྷན་སྐྱེས་ཀྱི་ཚོར་ཕུང་རཏྣའི་རྟ་གླུར་བཞག་པའི་རྣམ་འཕྲུལ་དུ་ལྷག་པར་སྦྱར་ནས་སྣང་ཞེན་བསྐྱེད་པས་རྒྱས་ལས་ལ་དབང་བ་སོགས་ཀྱི་རྣམ་བཞག་གསལ་པོར་འཐོན་འོང་ངོ། །བླ་མེད་ཀྱི་དཀྱིལ་ཆོག་ཀུན་ཏུ་གཞལ་མེད་ཁང་གི་ཆ་རྣམས་བྱང་ཕྱོགས་སོ་བདུན་དང་། གཟུངས་བཞི། སོ་རིག་བཞི་སོགས་དང་སྦྱར་ནས་གསུངས་པའང་ཚུལ་འདི་འདྲ་ཡིན་ནོ། ༈ །རྟ་སྐད་དུ་འཇོག་རྒྱུའི་བདེ་བའི་དཔེར། དབང་ཆེན་ཡང་གསང་ལས་ནམ་མཁའ་བསྟན་ཅིང་། སྙན་རྒྱུད་རྟ་མཆོག་སྙིང་ཏིག་གི་གཞུང་ཟུར་གསལ་གྱི་དགོངས་པའང་དེ་ལྟར་མངོན་པས་མཉམ་བཞག་ནམ་མཁའི་དང་རྗེས་ཐོབ་སྒྱུ་མའི་རྣལ་འབྱོར་གཉིས་ལས་སྔ་མར་བྱེད་དམ་སྙམ། གསང་རྫོགས་ལས་རྟ་ཞལ་གྱི་དེ་ཉིད་གཉུག་མ་འོད་གསལ་བའི་སེམས་སུ་གསུངས་པ་དང་འདི་དག་བསྒྲིགས་ན། རྟ་ཞལ་གཉུག་སེམས། རྟ་སྐད་སེམས་དེས་སྟོང་ཉིད་རྟོགས་པ་ཞེས་པར་འགྱུར་བས། ཇི་སྲིད་དུ་འོད་གསལ་གྱིས་ཤེས་བྱའི་དེ་ཁོ་ན་ཉིད་ངེས་མི་ནུས་པའམ། སོ་སོར་ཀུན་ཏུ་རྟོག་པའི་མཐུ་མ་སྐྱེས་པ་དེ་སྲིད་དུ། འོད་གསལ་གྱིས་ཤེས་བྱའི་གནས་ལུགས་བརྗོད་མི་ནུས་པ་དང་། འོད་གསལ་གྱིས་སྔགས་པ་དང་བརྟན་གཡོའི་དེ་ཉིད་བརྡ་སྤྲོད་པའམ་མཚམས་སྦྱོར་བར་མི་ནུས་པ་ཡིན་པས། འོད་གསལ་གྱིས་སྐད་མི་ཐོན་པ་ཞེས་བྱ་ལ། ནམ་

TN03_Page_1021
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༢)བསྒོམ་སྟོབས་ཀྱིས་རླུང་དབུ་མར་ཐིམ་ནས་མི་ཤིགས་པའི་སེམས་དེའི་རང་ཞལ་དམིགས་རྣམ་ཤིན་ཏུ་གསལ་བར་ཕྱུངས་ཏེ། དེས་ཤེས་བྱའི་གནས་ལུགས་བརྗོད་ནུས་པ་ན་འོད་གསལ་གྱིས་སྐད་འབྱིན་ནུས་པ་ཞེས་བྱའོ། །དེ་ལྟར་སེམས་དེས་ལྷན་སྐྱེས་ཀྱི་བདེ་བའི་ཆགས་ཉམས་དང་སྦྲགས་ནས་དངོས་པོའི་དེ་ཁོ་ན་ཉིད་གླུར་བླངས་པ་ན། སྣང་སྲིད་ཐམས་ཅད་རང་དབང་མེད་པར་ཕྱག་བྱེད་པས་ན། བདེ་སྟོང་སྦྱོར་བའི་རྟ་སྐད་སྣང་སྲིད་ཀྱི་སྲོག་སྔགས་མཐར་ཐུག་པ་ཡིན་ནོ། །དེས་ན་འཁོར་འདས་ཐམས་ཅད་ཀྱི་སྲོག་སྔགས་རྣལ་འབྱོར་པ་རང་ཉིད་ལ་ཡོད་པ་ཡིན་ནོ། །རྟ་སྐད་འདི་དངོས་རྫོགས་རིམ་ནས་དང་། བཅོས་མས་བཏགས་པ་དང་རྗེས་མཐུན་རིམ་པ་དང་པོར་ཡང་ཡོད་དོ། །སྟོང་པའི་ནམ་མཁར་བདེ་བའི་འཚེར་སྐད་འབྱིན་པར་བཤད་པའང་འདི་དང་གཅིག་སྟེ། དྲིལ་བུའི་བརྗོད་པ་སྒྲའི་རྣམ་བཞག་དང་འདྲ་སེ་ཞིག་སྣང་ངོ་། །དབང་ཆེན་གསུང་གི་སྔགས་པའི་ནང་མཛོད་ཆེན་མོ་གུ་ཧྱ་རྒྱ་རྒྱ་རྒྱ། སྒྱུ་འཕྲུལ་སོགས་ལས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཞེས་མང་དུ་གསུངས་པའི་དོན་ནི། དེར་རྣམ་རྟོག་གློ་བུར་བའི་དབང་གིས་མ་དག་པའི་སྣང་བ་བསྐྱེད་པར་གསུངས་པའི་ཤུགས་ཀྱིས་གློ་བུར་བའི་བསླད་རྐྱེན་གྱི་གཞན་དབང་མེད་ན་ཇི་ལྟ་བུ་ཞིག་ཅེ་ན། གདོད་མ་ནས་སངས་རྒྱས་པ་ཞེས་གཉུག་མའི་གནས་ཚོད་བསྟན་པ་ཡིན་ནོ། །གཉུག་མ་བྱས་ཚད་མི་ཤིགས་པ་ལ་གོ་མི་དགོས་ཏེ།

TN03_Page_1022
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༣)སྒྱུ་མའི་ཁང་བཟང་སྤྲུལ་པ་ན་ཡང་ཁང་བཟང་གི་སྣང་ཆ་དེ་གློ་བུར་བ་དང་། སྣང་གཞིའི་གཉུག་མའི་ངོ་བོ་ཉིད་རྡེའུ་ཤིང་སོགས་སུ་གནས་པར་འདོད་པ་ཡིན་ནོ། །སྔགས་ཀྱི་སྐབས་འདིར་གཉུག་མའི་གནས་ཚོད་མཐར་ཐུག་དེ་སྒོམ་པར་བྱེད་པས་རང་བཞིན་གཞིའི་ཧེ་རུ་ཀ་སྒོམ་པ་དང་འབྲས་བུ་ལམ་བྱེད་གཉིས་ཀར་འཇོག་པ་འདི་ཕ་མེས་ཀྱི་ཁ་ཕོར་ཡིན་ནོ། །དེ་ལ་མཉམ་བཞག་ཏུ་བཤད་མ་ཐག་པའི་རྟ་སྐད་ཀྱིས་གཉུག་མའམ་གདོད་མའི་སྟོང་ཕྱོགས་བཟླས་པས། རྗེས་ཐོབ་ཏུ་ཡང་དག་པར་བ་འབྱམས་གཉུག་མའི་སྣང་ཕྱོགས་ལ་རིག་པ་བདེ་བླག་ཏུ་འཇུག་སྟེ། འདི་ལྟར། བདེ་སྟོང་མཁའ་ལྟར་དག་པའི་ཡེ་ཤེས་དེ་ཉིད་ཕུང་པོ་ལྔར་ཤར་བར་སྣང་བ་དང་། དེའི་དབང་གིས་ཕུང་པོ་ལྔ་ཡང་ཤིན་ཏུ་དག་པའི་རིགས་ལྔ་ཡེ་ཤེས་ལྔར་མཐོང་བར་འགྱུར་བ་ནི། རྡོ་རྗེ་རྟ་སྐད་རྣམ་ཤེས་ཐུགས་ཉིད་ད༔ སོགས་ཀྱི་དོན་ཏེ་རིགས་ལྔའི་དེ་བཞིན་གཤེགས་པ་ཐམས་ཅད་རྟ་སྐད་ཀྱི་སྐྱེ་གནས་པར་བསྟན་ནོ། །དེ་ལྟར་རྗེས་སྣང་ལ་མཉམ་བཞག་གི་རྒྱས་ཐེབས་པའི་སྟོབས་ཀྱིས། གང་སྣང་ཅི་ཤར་ཐམས་ཅད་དག་པའི་འཁོར་ལོ་འབའ་ཞིག་ཏུ་བཟླུམས་ཏེ། དེ་ལྟར་བཟླུམས་པ་དེའང་ལྷའི་དེ་ཉིད་གཅིག་པུ་ལ་ཡིད་གཏད་པའི་སྒོ་ནས་བདེ་སྟོང་ལ་བསྡུ། དེ་ལྟར་སྣང་གྲགས་རིགས་གསུམ་རིམ་གྱིས་བདེ་བའི་རང་བཞིན་དུ་དྲིལ་ནས་བསྒོམ་པས་བསྒོམ་པ་དེ་དབང་དུ་གྱུར་པ་ན་སྣང་བ་ཐམས་

TN03_Page_1023
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༤)ཅད་ཀྱང་དབང་དུ་འགྱུར་རོ། །དེའི་ཚེ་ན་ཐ་མལ་པའི་ཡུལ་སྣང་ཆམ་ལ་ཕེབ་པའམ་ཟིལ་གྱིས་ནོན་པ་ཞེས་བྱ་བས་ན། དེ་ཚེ་འཁོར་བ་ཟིལ་གྱིས་ནོནཿ ཞེས་དང་། བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོཿ ཞེས་གསུངས། སངས་རྒྱས་སོཿ ནི་གྲོལ་ཞེས་པའོ། །འདི་སྐབས་ཡུལ་རྐྱེན་ཅི་ཙམ་རགས་ལ་རྒོད་པ་དེ་ཙམ་དུ་དེ་ཐམས་ཅད་དག་པ་རབ་འབྱམས་བདེ་བ་ཆེན་པོའི་ཡོ་ལངས་ཁོ་ནར་འཆར་བས། ཇི་ལྟར་ཡོ་ལངས་ཆེན་པོའི་ནང་དུ་འདུ་འཛིས་བློ་ཕྲོགས་ཚབས་ཆེ་བ་ལྟར། རྟ་མཆོག་གི་གླུ་གར་བྱང་བའི་སྔགས་པ་འདུ་འཛིའི་ནང་ན་བདེ་ཆེན་སྒྱུ་མའི་ཉམས་ཆེས་ལྷག་པར་འབར་བར་འགྱུར་རོ། །དེའང་རྟ་སྐད་སྒྲོགས་པའི་དུས་དང་། དེའི་བྱིན་རླབས་ཀྱི་ཟིལ་ཡུལ་སྣང་ལ་ཕོག་པའི་དུས་གཉིས་སོ་སོར་ཆ་ཤས་སུ་ལྡན་པའི་དུས་ལ་ལྟོས་ཏེ། རྟ་གླུས་སྣང་བ་དབང་དུ་སྡུད་པའི་རྣམ་བཞག་བྱེད་ཆོག་པས། དེ་གཉིས་དུས་མཚུངས་མི་དགོས་ཏེ། སྔགས་བཟླས་པས་དངོས་གྲུབ་དབང་དུ་གྱུར་ཟེར་ཚེ་སྔགས་བཟླ་བའི་དུས་དང་། དངོས་གྲུབ་དབང་དུ་གྱུར་པའི་དུས་གཅིག་མི་དགོས་པ་བཞིན་ནོ། །འདི་དང་སྔར་བཤད་ལ་མི་མཐུན་པ་ཡོད་ཀྱང་དཔྱོད་རྟེན་ཙམ་ཡིན། ཚུལ་དེ་ལྟར་བྱས་ན་མཉམ་བཞག་གི་རྟ་སྐད་ཅི་ཙམ་ཤུགས་ཆེ་བ་དེ་ཙམ་དུ། རྗེས་ཐོབ་ཏུ་གང་སྣང་སྟོང་པའི་རོལ་པར་འཆར་སྟོབས་ཆེ། དེ་ཇི་ལྟར་ཆེ་བ་ལྟར་བདེ་བའི་རྣམ་འགྱུར་དུའང་འཆར་ཕུལ་ཆེ།

TN03_Page_1024
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༥)དེ་ཆེ་བ་ལྟར་ཤིན་ཏུ་དག་པའི་ལྷར་ལྟ་བའང་ཁྱད་པར་ཅན་དུ་འབྱུང་། དེ་འབྱུང་བ་ལྟར་དེས་དྲངས་པའི་མཉམ་བཞག་གི་རྟ་སྐད་དེ་ཐ་མལ་པའི་འཆི་སྲིད་ལྟ་བུའི་སྣང་ཞེན་གྱིས་དག་ཚབས་ཆེ་བས་ཤིན་ཏུ་རྣམ་པར་དག་པའི་སྣང་ཞེན་མཐར་ཕྱིན་པའི། སྟོང་ཕྱོགས་ཀྱི་ཧེ་རུ་ཀ་ཧྱ་གྷྲི་བ་དང་མཐུན་ཤུགས་ཆེ། དུས་དེར་སངས་རྒྱས་ཀྱི་ཡེ་ཤེས་ངའོ་སྙམ་པའི་ང་རྒྱལ་ཀུན་རྫོབ་རྣམ་ཅན་མངོན་དུ་གྱུར་བ་མེད་ཀྱང་། ང་རྒྱལ་དེ་འདྲའི་ཤུགས་མ་ཉམས་པ། ད་ལྟ་རང་རེ་གཉིད་དང་རྨི་ལམ་གྱི་སྐབས་ཚུན་ཆད་དུ་ཐ་མལ་པའི་ཞེན་པ་དང་མི་འབྲལ་བ་ལྟ་བུ་ནི་ཡོད་དགོས་ཏེ། རྫོགས་རིམ་པའི་སྐུ་གསུམ་ལམ་ཁྱེར་གྱིས་སྐྱེ་འཆི་བར་དོའི་ཐ་མལ་གྱི་སྣང་ཞེན་གཅོད་པར་གསུངས་པའི་འཆི་སྲིད་ལམ་འཁྱེར་གྱིས་ཇི་ལྟར་གཅད་དང་། དེ་ཆོས་སྐུ་ལ་ལྟོས་ཏེ་འབྲས་བུ་ལམ་བྱེད་དུ་འགྱུར་ཚུལ་དང་། ལྷ་སྒོམ་པ་དང་། ལྷའི་དེ་ཉིད་སྒོམ་པ་གཉིས་ཀ་ལྷའི་རྣལ་འབྱོར་ཡིན་མཉམ་ཡིན་ཅིང་བདེ་སྟོང་སྦྱོར་བའི་མཉམ་བཞག་ལྷའི་དེ་ཉིད་སྒོམ་པ་ཡིན་ཞེས་པའང་མཉམ་བཞག་དེ་ལྷའི་དེ་ཉིད་དུ་དམིགས་པའི་སྟེང་ནས་རྩེ་གཅིག་ཏུ་དྲན་པར་བྱས་སྟོབས་ཀྱིས་དྲངས་པའི་འོད་གསལ་ལ་དགོངས་པ་ཡིན་གྱི། དེ་ལྷའི་དེ་ཉིད་དུ་བློ་ངོར་བཟུང་མ་བཟུང་ཇི་ལྟར་ཡང་། ལྷའི་དེ་ཉིད་དུ་འགྲོ་རྒྱུ་ཡིན་པ་ཙམ་གྱིས་འོད་གསལ་བསྒོམ་ན་ལྷ་བསྒོམ་པའི་གོ་ཆོད་པར་འགྲུབ་ན་མི་འགྲིགས་པ་མང་དུ་འོང་བ་སོགས་

TN03_Page_1025
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༦)བསྒྲིགས་ནས་ཤེས་པར་བྱའོ། །སྟོང་ཕྱོགས་ཀྱི་རྟ་མགྲིན་ནམ་རྟ་སྐད་དེ་ཉིད་ཇི་ལྟར་ཤུགས་ཆེ་བ་དེ་ལྟར་ཡང་རྗེས་ཐོབ་དབང་ཆེན་གྱི་རྣལ་འབྱོར་ཕུལ་དུ་བྱུང་བར་འགྱུར་བ་སྔ་མའི་འགྲེས་ཏེ། ཚུལ་འདིས་རྟ་སྐད་ལ་བྱང་བར་བྱེད་པ་ནི་རྟ་ལམ་གྱི་སྲོག་གོ ༈ །རྗེ་གྲུབ་ཆེན་ཉིད་ཀྱི་སྙན་རྒྱུད་ཀྱི་གཅོད་ཡུལ་ལས་ཕཊ་ཀྱིས་ལས་རབ་འབྱམས་བྱེད་པ་ལ་སྔོན་དུ་ཕཊ་བསྙེན་དགོས་པར་གསུངས་པ་ལྟར་རྟ་སྐད་ཀྱིས་དངོས་གྲུབ་སྡུད་པ་ལ་སྔོན་དུ་དེའི་བསྙེན་པ་བྱ་དགོས་ལ། དེའང་ཡང་གསང་གི་རྟ་སྐད་གཅིག་མར་རྟ་སྐད་ཧྲཱིཿཡིག་ཏུ་བཤད་པ་དང་། སྤྱི་མདོ་ལས་ཀྱང་། རྟ་མགྲིན་གྱི་རྡོ་རྗེ་སྟམ་བྷ་ནའི་སྟོབས་ཀྱིས་ཁྲོ་བོ་ཐེག་ཆེན་ཀུན་ཀྱང་འདུར་ཐག་གཅོད་པའི་འདུར་གླུ། ཧྲཱིཿཞེས་པ་ཡིན་པར་བཤད། རྟ་མགྲིན་དགོངས་པ་ལུང་སྟོན་ལས། མུཉྫའི་གསེབ་ནས་ལྗང་ཞུར་ཅན། །གྱེན་དུ་ཁ་གདངས་ཧྲཱིཿསྒྲ་འབྱིན། །ཞེས་འབྱུང་སྟེ་ཤིན་ཏུ་གསལ། གྲོལ་ཏིག་ལས་ཀྱང་གཉིས་མེད་ཧྲཱིཿཧཱུཾ། སོགས་ཟུར་བྲིས་དང་། བདེ་འདུས་མ་མོའི་སྐབས་སུ་གཙོ་བོའི་དབུ་གཙུག་རྟ་མགྲིན་གྱི་ཞལ་ནས་ཧྲཱིཿཞེས་རྟ་སྐད་སྒྲོགས་པར་གསུངས་པ་རྣམས་དང་། བདེ་འདུས་དབང་ཆེན་འདུས་རྒྱུད་ལས། རྟ་མཆོག་གི་གསུང་རིག་པའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་མཐའ་དག་གི་རྩ་བ་དང་། སྲོག་ནི་ཧྲཱིཿཡིག་ཡིན་པར་གསུངས་ཏེ། དེ་སོགས་དཔྱད་ན་བསྙེན་སྒྲུབ་ཀྱི་སྔགས་ཀྱི་ཐོག་མའི་ཧྲཱིཿདེ་རྟ་སྐད་དུ་ཡང་འགྱུར་བས་འདིའི་གྲངས་བསྙེན་ཐེམས་ན་རྟ་སྐད་འབུམ་

TN03_Page_1026
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༧)ཕྲག་གཉེར་གཉིས་ཁ་སྐོང་བཅས་འགྲོ་བས་ངོ་ཤེས་པར་བྱའོ། །འདར་ཕྱར་བས་དབང་ཆེན་བསྙེན་སྐབས། གུ་རུ་རིན་པོ་ཆེས། ཐོག་མའི་ཨོཾ་དེ་ཧྲཱིཿར་སྒྱུར་ལ་ཟློས་ཞེས་གསུང་པར་གྲགས། རྟ་མགྲིན་གསང་བ་ཕྲིན་ལས་ཀྱི་རྒྱུད་ལས། དཔལ་གྱི་རྟ་སྐད་ཐེངས་གཅིག་གིསཿ ཁམས་གསུམ་མ་ལུས་དབང་དུ་བསྡུཿ མ་མོའི་བྷྱོ་སྐད་ཐེངས་གཅིག་གིསཿ སྲིད་པའི་མ་མོ་ལས་ལ་བཀོལཿ རྣལ་འབྱོར་བས་ཧྲཱིཿསྐད་ཐེངས་གཅིག་གིསཿ སྲིད་གསུམ་གདུག་པའི་དགྲ་བགེགས་སྒྲོལཿ ཞེས་བཤད་དེ་དཔལ་གྱི་རྟ་སྐད་དེ། རྣལ་འབྱོར་བས་ཧྲཱིཿར་ཉང་གཏེར་མཁའ་འགྲོ་ཆེན་མོ་དང་། མཁའ་འགྲོ་སྙིང་ཏིག་མ་བུ་སོགས་ལས་རྟ་མཆོག་གི་སྔགས་སུ་སྲོག་སྔགས་འབྲུ་གཅིག་འདི་རང་ལས་གཞན་མ་བཤད། ཟློ་བའི་དོན་དུ་འགྲོའམ་དཔྱད་དོ། ༈ །ཛབ་ལས་གཞན་པའི་རྟ་སྐད་འདོན་དུས་ནི། བྲོ་ཆོག་གི་སྐབས་ཏེ། ཤིན་ཏུ་གསལ། དེའང་སྒྲུབ་གཞུང་འདིར་མནན་པའི་ལས་སྒྲུབ་ཟུར་བ་དང་སྦྲགས་ནས་གསུངས་ཀྱང་། དེ་ལས་ཚེགས་ཆུང་བ་རྒྱུན་འཁྱེར་བྱེད་ན་ནི་ཚོགས་མཆོད་ཀྱི་གཏོར་མནན་མཐར། རིགས་དྲུག་གི་བྲོ་གླུ་རྒྱས་པ་བཏགས་པས་རུང་བ་འདྲ་སྟེ། དབང་ཆོག་ཏུ་དེ་གཉིས་སྦྲེལ་མར་བྱ་བ་ཞིག་བསྟན་ཡོད་ཅིང་། རྗེ་བློ་གྲོས་མཐའ་ཡས་ཀྱིས་སྙན་བརྒྱུད་རྟ་མགྲིན་གྱི་ཆོག་བསྒྲིགས་ལས། དེའི་རྩ་གཞུང་དུ་ལས་རབ་འབྱམས་སྒྲུབ་པའི་བྲོ་ཆོག་གསུངས་པ་དེ་ཚོགས་མཆོད་ཀྱི་བྲོ་མནན་དུ་བསྡེབས་པ་བཞིན་ནོ། །

TN03_Page_1027
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༨)ཚོགས་མཚོད་ཀྱི་སྐབས་ཀྱི་བྲོ་མནན་དང་། བྲོ་ཆོག་རྒྱས་པ་གཉིས་བསྡུས་རྒྱས་ཀྱི་ཁྱད་ཡིན་པས། ཕྱི་མ་བྱེད་ཚེ་སྔ་མ་མི་བྱེད་ཀྱང་རུང་ངམ་སྙམ་སྟེ་སྙན་རྒྱུད་རྟ་མགྲིན་ཆོག་སྒྲིགས་དེར། ཡང་དག་ཟབ་ཏིག་གི་བྲོ་མནན་མེད་དོ། །རཏྣའི་རྟ་གསང་དུ། དབང་གི་རྟ་བྲོ་དང་གླུའི་མཆོད་པ་ཞེས་མཆོད་ཕྲེང་གི་ནང་དུ་གསུངས་པའི་རིགས་པས་བླ་མ་ཞི་བ་སོགས་དང་ཐུན་མོང་བའི་ཕྱག་རྒྱ་གར་མཆོད་ལ་ཚང་བར་བྱེད་ནའང་རུང་ངམ་སྙམ་ཞིང་། ཚོགས་མཆོད་ཀྱི་གླུ་གར་སྐབས་རྟ་སྐད་དང་བྲོའི་དེ་ཉིད་བསྐྱངས་པའང་རུང་ངམ་སྙམ།། ༈ །།འགྲོས་དགུ་རྟ་སྐད་ཀྱི་མཚོན་དོན་དུ་འཆད་སྐབས་སྔར་བཤད་ལས་ཡང་ན། འཚེར་སྐད་ནི་གྲོགས་ཀྱི་དྲུང་ལྟ་བུར་འགྲོ་འདོད་ཀྱི་གདུང་བ་འབར་བའི་ང་རོ་ཡིན་པས། འདོད་པའི་གནས་སུ་བང་འགྲོས་ཀྱི་ཤུགས་ཕྱུངས་ནས་འགྲོ་བ་མཚོན་ནོ། །ཐུབ་པས་གསུངས་པའི་ཐེག་པ་མཐའ་དག་རང་རྒྱུད་ལྡན་གྱི་གདུལ་བྱ་དངོས་སམ་བརྒྱུད་ནས་སངས་རྒྱས་ཀྱི་ས་ལ་འཁྱེར་བའི་ཐེག་པའམ་བཞོན་པར་གཅིག་ཀྱང་། དེའི་ནང་ནས་གོ་འཕང་དེར་བདེ་མྱུར་དུ་དཀྲི་བའི་ཐབས་མཁས་ཀྱི་ཤུགས་གཏིང་ནས་ཕྱུངས་པ་ནི། ཕྱི་ནང་གསང་བའི་རྟ་མགྲིན་ནམ། བསྐྱེད་རྫོགས་གསུམ་གྱི་རྣལ་འབྱོར་ཡིན་པས་དེ་ནི་མྱུར་མགྱོགས་ཀྱི་མཐུ་ཕུལ་དུ་བྱུང་བའི་མཐར་ཐུག་གོ ༈ །ཡང་གོང་དུ། སྣང་སྟོང་ཟུང་འཇུག་དང་། ཡ་གཉིས་ཀྱི་རྟ་སྐད་གསུམ་གསུངས་པ་དེ་ལ། ཞལ་དང་སྐད་གཉིས་སོ་སོར་བཤད་པ་ནི་ཆེས་མི་གསལ་ཡང་། འགྲོ་སྒྲོལ་

TN03_Page_1028
[མ་དཔེ་གཟིགས་ན་འདིར་གནོན།]

(༦༠༩)གྱི་སྙིང་རྗེ་ཆེན་པོ་གཅིག་པུ་དེ་ཞལ་གསུམ་སོ་སོའི་གླུ་སྐད་དུ་འགྱུར་བར་འཆད་དམ། ཡང་ན། སྟོང་ཕྱོགས་ཀྱི་རྟ་སྐད་གོང་གི་རྟ་སྐད་ཐེངས་གཅིག་ལྟར་དང་། སྣང་ཕྱོགས་ཀྱི་རྟ་སྐད་ནི། སངས་རྒྱས་ཀྱི་གསུང་མི་ཤིགས་ནཱ་དའི་སྒྲ་དབྱངས་ཆོས་ཕུང་རབ་འབྱམས་སུ་འཆར་བ་དེ་དང་། ཟུང་འཇུག་གི་ནི། སྣང་སྟོང་གི་རྟ་སྐད་དེ་གཉིས་གཅིག་ཏུ་སྦྱར་བ་སྟེ། ཆོས་ཀྱི་དབྱིངས་ཐམས་ཅད་ཁྱབ་པར་བཞད་པའི་སོར་རྟོག་ཡེ་ཤེས་དེ་ཉིད་གསུང་དབྱངས་ཀྱི་རྣམ་པར་ཤར་བ། ཞེས་པར་འགྱུར། ཞལ་གསུམ་ཡང་། ཐུགས་འོད་གསལ། སྐུ་བཞིན་ལག་ཅན། དེ་གཉིས་ཟུང་འཇུག་དང་གསུམ་མོ། །འདི་འབྲས་དུས་དང་སྦྱར་བ་སྟེ། ལམ་དུས་ལ་ཡང་བསྒྲེ། གཞན་རང་བཟོར་འགྲོ་དོགས་ཆེ་བས་མ་བྲིས། དབང་སྐད་དུ་འགྲོ་ལུགས་སླ། འདིའི་རྩ་བའི་མན་ངག་ལྟ་ཕྲེང་གི་བརྗོད་བྱ་རྟ་སྐད་ཀྱིས་འཆད་ཚུལ་ནི། ཐེག་དགུའི་རྣམ་བཞག་ནི་འགྲོས་དགུ་དང་སྦྱོར་བ་བདེ་འདུས་ཐ་རམ་ལྟར་དང་། དེ་ལས་ཁྱད་པར་གསང་བ་སྒྱུ་འཕྲུལ་གྱི་ལམ་རིམ་ནི་རྟ་སྐད་ཐང་གསུམ་གྱིས་མཚོན་ཏེ། རྟ་སྐད་དང་པོ་ནི་ཤེས་པའི་མཚན་ཉིད་དེ་བསྒོམ་བྱའམ་ཉམས་ལེན་གྱིས་སྦྱོར་བས་འཇུག་ཡུལ་ཤེས་པར་བྱེད། རྟ་སྐད་གཉིས་པ་ནི་འཇུག་པའི་མཚན་ཉིད་དེ་སྒོམ་བྱེད་ཉམས་ལེན་གྱི་སྦྱོར་བ་སྟེ། འདི་ལ་ལམ་རིམ་ཡེ་ཤེས་སྙིང་པོ་ལྟར་བསྐྱེད་རིམ་པའི་སྟོང་ཆེན་དང་སྙིང་རྗེ་སྒྱུ་མ་སོགས་ལྔ་དང་། རྫོགས་

TN03_Page_1029
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༠)རིམ་པའི་དེ་ལྔ་དང་། བསྐྱེད་རིམ་ནས་རྫོགས་རིམ་དུ་འཕོ་བྱེད་ཀུན་ཏུ་བཟང་པོའི་མན་ངག་སོགས་གསང་ཐིག་ལྟར་ཡོད་པ་སོགས་སྤྲོས་པས་ཆོག །མཚན་ཉིད་དེ་གཉིས་ནི་མངོན་རྟོགས་རྒྱན་གྱི། འཇུག་ཡུལ་མཁྱེན་གསུམ། ཉམས་ལེན་སྦྱོར་བཞི་ཟེར་བ་ལྟ་བུའི་བཤད་ཚུལ་དུ་སྣང་ངོ་། །རྟ་སྐད་ཐ་མ་ནི་མངོན་དུ་གྱུར་པའི་མཚན་ཉིད་དེ། བསྒོམ་བྱ་དེ་སྒོམ་བྱེད་དེས་བསྒོམས་པ་ལས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་འགྲུབ་ཚུལ་ལོ། །མཚན་ཉིད་ཕྱི་མ་འདི་རྒྱས་པར་ནི་སྐད་འགྱུར་བཅུ་གསུམ་དང་སྦྱར་ནས་ཤེས་ཏེ་ཐ་རམ་བཞིན་ནོ། །ཚུལ་འདི་ནི་སྙན་བརྒྱུད་རྟ་མགྲིན་ལ་བརྟེན་ནས་བཤད་པ་སྟེ། སྙན་བརྒྱུད་ཀྱི་གཞུང་དེ་དང་སྒྱུ་འཕྲུལ་གསང་ཐིག་སོགས་ཀྱི་ཡེ་ཤེས་ཀྱི་སྐུ་སྒྲུབ་ལུགས་འདྲ་བར་སྣང་བའང་ཡིན་ཏེ། རགས་པ་ཙམ་ལ་བསམས་སོ། །རྫོགས་རིམ་པའི་སྟོང་ཆེན་སོགས་ལྔའི་ཐད་ནས་དཔྱད་ན་སྒྱུ་འཕྲུལ་བའི་བཞེད་པ་ཡང་ཚུལ་གཉིས་སུ་སོང་བ་འདྲ་བ་ཞིག་སྣང་ངོ་། །འོན་ཀྱང་འདིའི་རྫོགས་རིམ་པའི་སྙིང་རྗེ་སྒྱུ་མ་དང་། རྒྱ་གཅིག །རླུང་སེམས་ཀྱི་ལྷ་སྐུ་གསུངས་པ་སོགས་མན་ངག་སྡེ་པའི་ལུགས་དང་ཕྱོགས་མཐུན་པར་རླུང་གདངས་སྟོང་གཟུགས་ཀྱི་ལྷ་སྐུ་ལ་བཞེད་པ་འདྲ་ཞིག་སྣང་ཞིང་སྐུ་གསུམ་ལམ་ཁྱེར་སོ་སོར་སྦྱོར་ཚུལ་ལའང་དཔྱད་རྒྱུ་འདུག་པས་རྩད་གཅད་པར་བྱའོ། །དང་པོའི་སངས་རྒྱས་དང་ཡང་ཅུང་ཟད་སྒྲིགས་ཆོག་གམ། ༈ སྣང་

TN03_Page_1030
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༡)བ་དབང་སྡུད་ཀྱི་གནད་མཐར་ཐུག་སྙིང་པོར་དྲིལ་ན། ཐབས་མཁས་དང་མི་ལྡན་པ་ལ་ནང་རིག་པ་ལ་ལྟོས་མེད་ཀྱི་ཡུལ་སྣང་མགོ་རྒྱལ་བར་ཤར་ནས་སེམས་ཀྱི་དབང་ཕར་འཕྲོགས་པ་དེ་ཐབས་མཁས་དང་ལྡན་པའི་རྣལ་འབྱོར་པ་ལ་བདེ་ཆེན་གཅིག་པུ་ཉིད་ཀྱིས་ཉམས་ཇི་ལྟར་བསྒྱུར་བ་དེ་ལྟར་སྣང་བའི་རང་སེམས་ཀྱི་གར་སྟབས་ཉག་གཅིག་ཏུ་ཤར་ནས་མི་ཤིགས་གཉུག་མའི་རྟ་ཞལ་གཟི་བརྗིད་རྒྱས་བྱེད་ཀྱི་བཅུད་ལེན་དམ་པར་འགྱུར་བ་སྟེ། སྒྱུ་འཕྲུལ་གསང་སྙིང་དུ། སྲིད་ཞིའི་ཆོས་ཐམས་ཅད་སེམས་དང་ཡེ་ཤེས་རང་སྣང་བར་གཏན་ལ་ཕབ་པའང་རྟ་སྐད་ཀྱི་དེ་ཉིད་འདི་འཆད་བྱེད་ཡིན་ནོ། །དེ་ལ་ངེས་དོན་ཤིང་རྟ་ཆེན་པོའི་ལེའུ་དགུ་པར། དཔལ་གསང་བའི་སྙིང་པོའི་ལུགས་ཀྱི་གཏུམ་མོའི་འཁོར་ལོ་བཞི་པ་རྒྱས་པར་བཤད་ནས། ལེའུ་བཅུ་པར་གཞི་རྟོགས་པའི་ཤེས་རབ་མཐའ་གཉིས་ལ་མི་གནས་པ་ཞེས་ལྟ་སྒོམ་གྱི་གནད་རྒྱ་ཆེར་བསྟན་པ་ནི། རྫོགས་རིམ་གྱི་ཡེ་ཤེས་འཆར་བའི་ཐབས་དང་། ཐབས་དེས་གྲུབ་པའི་ཡེ་ཤེས་གཉིས་ལས། སྔ་མ་ལེའུ་དགུ་པ་དང་། ཕྱི་མ་བཅུ་པ། དེ་འཕྲོས་དང་བཅས་པ་བཅུ་གཅིག་པ་སོགས་ཀྱིས་སྟོན་པར་གསལ་ཏེ། བཅུ་པའི་ཀླད་དུ་རྫོགས་རིམ་གྱི་སྙིང་པོའི་ཡེ་ཤེས་འཆད་པར་གསུངས་པའི་ཕྱིར་རོ། །ལེའུ་དེར་དབུ་མའི་ལྟ་བ་སྒོམ་དགོས་པ་དང་། དེའང་དཔྱད་སྒོམ་བྱ་རྒྱུ་མ་ཡིན་ཚུལ་སྦྲགས་ནས་བཤད་དེ།

TN03_Page_1031
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༢)མཉམ་བཞག་འོད་གསལ་གྱི་སྟེང་ནས་རང་བཞིན་མེད་པའི་དབྱིངས་ལ་འཇོག་པའི་དབྱིངས་རིག་སྲེ་བ་ལ་གདམས་པའོ། །དེར་ཕྱི་ནང་ཡུལ་སེམས་ཐམས་ཅད་དང་སྦྱར་ཏེ་བདེན་མེད་རྟོགས་པའི་ཤེས་རབ་རྩལ་སྦྱོང་ཚུལ་དབུ་མའི་སྐབས་དང་མཐུན་པ་འདྲ་བ་ཞིག་བཤད་པའང་། ནང་འོད་གསལ་གྱི་དགོངས་པ་ལས་མ་གཡོས་པའི་ངང་ནས་གཟུང་འཛིན་བདེན་མེད་དུ་ལྟ་ལུགས་ཁོ་ན་ཡིན་ཏེ། དེ་ལྟར་བལྟས་པ་ཙམ་གྱིས་གདོད་མའམ་གཉུག་མའི་རང་ཀློང་དུ་ཕྱིན་ནས་དཔྱད་མཁན་རང་དག་ལ་འགྲོ་བར་བཤད་པའང་དེའི་གནད་ཀྱིས་ཡིན་ནོ། །ལུགས་འདི་ལ་བསླད་མ་བསླད་ཀྱི་ཁྱད་ཙམ་མ་གཏོགས་མཉམ་རྗེས་གཉིས་འོད་གསལ་གྱི་དགོངས་པ་སྐྱོང་རྒྱུ་ཡོད་པ་ལ་ཁྱད་མེད་པར་བཞེད་དེ། འདི་ནི་རྫོགས་ཆེན་གྱི་སྐོར་དུ་རྒྱས་སོ། །དེར་ཆོས་ཐམས་ཅད་སྟོང་ཉིད་ལས་མ་གཡོ་ཚུལ་དབུ་མ་ནས་བཤད་པ་འདྲ་བ་རེ་བཤད་ནས་འདི་ལྟར་རྟོགས་ན་རྫོགས་ཆེན་དུ་ཆོས་ཀུན་རྫོགས་ཚུལ་རྟོགས་པ་ཡིན་ཞེས་མང་དུ་གསུངས་ཏེ། རིག་པ་དབྱིངས་ཐོག་ཏུ་འཁྱོལ་བའི་རྫོགས་རིམ་པས་བལྟས་ན་གང་སྣང་སྟོང་པའི་རོལ་པར་གནས་པ་དེ་ཉིད་གང་སྣང་འོད་གསལ་གྱི་རིག་པའི་རོལ་པར་གནས་པའི་དོན་དུའང་འགྲོ་བ། དཔེར་ན་དབུ་མ་པའི་ངོར་སྟོང་པ་རྟེན་འབྱུང་གི་དོན་དུ་འགྲོ་བ་ལྟ་བུ་ཞིག་ཡིན་པས། དེ་བཤད་པ་ཡིན་གྱི། སྤྱིར་དེ་ལྟར་བཤད་པ་མིན་ཏེ། དབུ་མ་ཐལ་

TN03_Page_1032
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༣)འགྱུར་པའི་ལུགས་ཀྱི་ཐད་དུའང་། སྟོང་ཉིད་འདི་ལྟར་རྟོགས་ན་རྫོགས་ཆེན་རྟོགས་པ་ཡིན་ཞེས་ཀུན་མཁྱེན་རང་གིས་ཀྱང་མ་བཤད་དོ། །དེའི་ཕྱིར་གང་ཟག་དེ་འདྲའི་ངོར། ཆོས་ཐམས་ཅད་རྫོགས་པ་ཆེན་པོའི་ཀློང་ལས་མ་གཡོས་ཚུལ་འཆད་པ་ན། དེ་འདྲའི་ངོར་ཆོས་ཐམས་ཅད་སྟོང་ཉིད་ལས་མ་གཡོས་ཚུལ་འབའ་ཞིག་བསྟན་པས་ཆོག་པར་བྱུང་བ་ཡིན་ཏེ། ད་དུང་ཞི་བ་ཆ་མང་ངོ་། །མདོར་ན་རྫོགས་ཆེན་ཀ་དག་གི་དབྱིངས་རིག་གཉིས་སོ་སོར་མ་ཕྱེ་བའི་དབང་དུ་མཛད་ནས། རེས་སྟོང་ཉིད་དང་། རེས་རིག་པ་ལ་རྫོགས་ཆེན་དུ་གསུངས་པ་ཡིན་ནོ། །ཀུན་མཁྱེན་གྱི་སེམས་ཕྱོགས་སྐོར་ན་འོད་གསལ་ངང་བཞག་གི་ཏིང་ངེ་འཛིན་མ་བརྗེད་པའི་ངང་ནས་ཡུལ་གང་སྣང་དང་བློ་གང་ཤར་ལ་བལྟ་བ་གོམས་པས། ཇི་ཞིག་ན། བྱ་གར་སོང་ཡང་ནམ་མཁའ་ཟེར་བ་ལྟར། རྣལ་འབྱོར་པས་གར་བལྟས་ཀྱང་རིག་པ་ལས་གཞན་མེད་པ་ཞིག་འོང་ཚུལ་ཡང་ཡང་གསུངས་པ་རྣམས་ཀྱང་དེ་ལྟར་ཡིན་པ་ནི། ཟེར་ས་གང་རྙེད་ནས་སྲ་སྲེ་བྱས་པ་མིན་གྱི་རྩ་བའི་དགོངས་པ་བསླད་མེད་དུ་སྣང་བས་ལམ་གྱི་གནད་འདི་ནི་རྗེ་བཙུན་ཙོང་ཁ་པའི་སྔར་ཡང་རྙིང་ཕྱོགས་ལ་མ་གྲགས་པ་མིན་ནོ། ༈ །མང་དུ་བཤད་པའི་བསྡུ་བ་ནི། རྟ་སྐད་ཀྱིས་དངོས་གྲུབ་དངོས་སུ་སྒྲུབ་ནུས་པ་ལ་ནི། སྒྲུབ་ཐབས་ཐུན་བཞིར་བསྒོམ་པའི་སྒོ་ནས་རྟ་ཞལ་ལ་རེག་མཐོང་གི་མཚན་མ་བརྟན་པོ་རྙེད་ཅིང་། རྟ་སྐད་ལའང་གསལ་བརྟན་དེ་འདྲ་ཐོབ་པ་དང་། རྟ་སྐད་ཀྱི་དེ་ཉིད་ལས་སུ་རུང་བའི་དབང་གིས་སྐད་དེའི་

TN03_Page_1033
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༤)སྣང་ཞེན་གཉིས་ཀ་ཆེས་ཕུལ་དུ་བྱུང་བའི་ངོ་བོ་ཉིད་དུ་བོགས་ཐོན་པ་གཉིས་ཚོགས་དགོས་སོ། །དེ་གཉིས་ཚང་བ་ན་ནི་རྟ་སྐད་སྟོབས་སུ་གྱུར་པ་དང་། རྟ་སྐད་ལ་ནུས་པ་རྙེད་པ་ཡིན་པས། གསུང་རྟ་དབྱངས་ཀྱི་ང་རོ་ཙམ་གྱིས་དངོས་གྲུབ་རབ་འབྱམས་བྱེད་པའི་དབང་དང་ལྡན་པ་ཡིན་ནོ། །དེའང་ལས་ཀྱི་ཕྲེང་བ་ལྟར་སྒྲུབ་ཐབས་ཀྱི་སྦྱོར་མཆོད་དང་། ཚོགས་མཆོད་ཀྱི་གསང་ཚོགས་དང་། ཐུན་མཚམས་བྲོ་རྡུང་གི་སྐབས་སོགས་སུ་བསྐྱེད་རིམ་པའི་བདེ་སྟོང་ཅི་ནུས་སུ་སྒོམ་ཞིང་། དེ་ཉིད་རྟ་སྐད་དུ་འཆར་བ་ལ་སློབ། ཛབ་དང་བྲོའི་དུས་སུ་རྟ་སྐད་འདོན་པ་རྣམས་རྩ་བའི་མན་ངག་གོ །རྟ་སྐད་ཀྱི་དེ་ཉིད་བརྟན་པའི་དྲོད་ཚད་ནི་ཉམས་དང་རྨི་ལམ་ཙམ་ལས་ཤེས་པར་བྱ་བ་མིན་གྱི། འཇིགས་པ་དང་། ཁྲོ་བ་དང་། མྱ་ངན་སོགས་སྐྱེད་པའི་ཡུལ་རྐྱེན་ཆེན་པོ་རྣམས་ཀྱང་རྣལ་འབྱོར་དེས་ཟིལ་གྱིས་མནན་ནས་དེ་ཐམས་ཅད་བདེ་ཆེན་སྒྱུ་མའི་ཁ་དོག་གཅིག་ཏུ་སྒྱུར་ནུས་པ་ཞིག་དགོས་ཏེ། འདི་ལ་ཡུལ་སྣང་རྟ་སྐད་ཀྱི་དབང་དུ་གྱུར་པ་ཞེས་བྱའོ། །དེ་འདྲ་ཞིག་ནི་བསྐྱེད་རིམ་པའི་ཚོགས་སྒྲུབ་ཀྱི་སྔོན་ནས་འོང་དགོས་པར་མངོན་ལ། སྔགས་ཀྱི་གདུལ་བྱ་ཙནྡན་ལྟ་བུ་སོགས་ནི་མཚམས་དེ་ཤེད་ནས་ཚོགས་སྤྱོད་བྱེད་དོ། ༈ །རྟ་སྐད་སྣང་བ་ཐམས་ཅད་ལ་བདེ་ཆེན་ཡེ་ཤེས་ཀྱི་བྱིན་རླབས་འབེབས་པའི་ཐབས་སུ་བསྔགས་པ་ནི། བྱིན་འབེབས་དུས། བཛྲ་དྷ་རྨ་ར་ྀ་སོགས་ཀྱིས་རོལ་མོས་བྱིན་དབབ་པར་བཤད་པ་ལྟ་བུའོ། །

TN03_Page_1034
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༥)ཕྱི་ནང་གི་བར་ཆད་གང་བྱུང་ཡང་དེ་ལྟར་བྱིན་འབེབས་བྱས་པས། ཇི་ལྟར་འཕགས་པ་འཇམ་དཔལ་གྱིས་བདུད་སྡིག་ཅན་བྱང་སེམས་རྣམས་ཀྱི་བདུད་ཀྱི་ལྕགས་ཀྱུ་སྤོང་བའི་ཆོས་སྟོན་པ་པོར་བྱིན་གྱིས་བརླབས་ནས་མདོ་སྡེ་བཤད་དུ་བཅུག་པ་དང་འདྲ་བར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་མི་ཟད་པ་དག་གི་སྒོར་སྣང་བར་འགྱུར་བ་ཡིན་ནོ། །འདི་ནི་སྔགས་བླ་མེད་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བར་ཆད་འདུལ་ལུགས་ཡིན་ཏེ། རྟ་མགྲིན་གྱི་སྔགས་པ་ནི་གདབ་ལས་སོགས་ལ་གཙོ་བོར་མི་བྱེད། འདི་ཁོ་ན་བྱེད་སྙམ། ཞི་སོགས་ལས་བྱེ་བྲག་པ་སྒྲུབ་པའི་རྟ་སྐད་སོ་སོར་ཡོད་ཀྱང་། འདི་ནི་ལས་སྒྲུབ་ཙམ་གྱི་དབང་དུ་བྱས་པ་མིན་པར་རྒྱུན་འཁྱེར་དུ་སྐྱོང་རྒྱུའི་རྟ་སྐད་སྤྱིའི་ཁོག་ཏུ་བར་ཆད་འདུལ་ལུགས་སོ། །རྟ་སྐད་རང་ཉིད་དབང་གི་རིགས་ཡིན་ཀྱང་། དེ་ལ་བརྟེན་ནས་ཞི་དྲག་སོགས་ལས་གཞན་ཡང་བྱར་ཡོད་པ་ནི་སྦྱིན་སྲེག་དུས་དབང་ཐབས་ལས་ཐམས་ཅད་པ་ཟེར་བ་ལྟ་བུའོ། །རྣམ་པ་གཅིག་ཏུ་ན་དབང་དུ་གྱུར་པའི་དངོས་གྲུབ་དང་། དབང་གི་ལས་ནི་ལས་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་དང་སྲོག་ལྟ་བུ་ཡིན་ཏེ། དངོས་གྲུབ་གང་ཡང་དབང་དུ་མ་གྱུར་པ་ནི་དངོས་གྲུབ་དེ་ལས་སུ་མ་རུང་བ་ཡིན་པས། དེ་སྲིད་དུ་དངོས་གྲུབ་ཀྱི་བྱ་བ་མི་བྱེད་པའི་ཕྱིར་རོ། །དབང་གི་རྟ་སྐད་ཅེས་པའི་ཚིག་ཟུར་གྱི་དབང་དང་། ལས་བཞིའི་ནང་གི་དབང་ལས་གཉིས་ལ་རྒྱ་མཚོ་

TN03_Page_1035
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༦)དང་ཡ་མུ་ན་ལྟ་བུའི་ཁྱད་ཡོད་པས། ལྷ་འདི་མཆོག་སྒྲུབ་དང་ལས་སྒྲུབ་ཀྱི་ལྷ་གཉིས་ལས་སྔ་མ་ཡིན་པ་དང་། འོན་ཀྱང་ལས་བཞིའི་ནང་ནས་དབང་ལས་ལ་བསྔགས་པ་མི་འགལ་བྱ་བ་སོགས་དཔྱད་དགོས། བཤད་ཚུལ་གཅིག་ལ། ཇི་ལྟར་མི་བསྐྱོད་རྡོ་རྗེ་ཞེ་སྡང་གི་རིགས་ཡིན་པས་མཚན་ཡང་ཞེ་སྡང་རྡོ་རྗེ་ཞེས་གྲགས་ཤིང་། དེའི་གནད་ཀྱིས་ལས་བཞི་ལས་མངོན་སྤྱོད་ལ་བསྔགས་ཀྱང་ལས་ཚོགས་ཀྱི་ལྷར་མི་འདོད་པ་ལྟར། དཔའ་བོའི་དབང་པོ་འདི་ཡང་ལུས་ཅན་རྣམས་ཀྱི་འདོད་ཆགས་སྦྱོང་ཕྱིར་རྗེས་ཆགས་ཀྱི་རིགས་ཀྱི་རྒྱལ་པོར་བཞེངས་པ་ཡིན་པས་ལས་སྒྲུབ་ཀྱི་ཚེ་དབང་གི་ལས་ལ་བསྔགས་ཀྱང་མཆོག་སྒྲུབ་དང་ལས་སྒྲུབ་ཀྱི་ལྷ་གཉིས་ལས་སྔ་མ་ཡིན་ཏེ། འདི་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་རིམ་གཉིས་ཀྱི་ལམ་གྱིས་ལྷ་འདིའི་གཟུགས་སུ་འཚང་རྒྱ་བའི་དབང་དུ་མཛད་ནས་རྒྱུད་སྡེ་ཆེན་པོའི་དཀྱིལ་འཁོར་གྱི་རྩ་བའི་བདག་པོར་བཞེངས་པ་ཡིན་གྱི། གཙོ་བོར་ལས་ཚོགས་སྒྲུབ་པའི་སྐབས་ཙམ་དུ་གསུངས་པ་མིན་པའི་ཕྱིར་རོ། །རྟ་སྐད་ལའང་། ལྟ་བར་སྦྱར་བ་དང་། སྤྱོད་པར་སྦྱར་བ་ཞེས་ལམ་གྱི་གཞུང་ཤིང་ཡེ་ཤེས་ཀྱི་དོན་ལ་དགོངས་པ་དང་། ལམ་གྱི་ཆ་ལག་ཕྲིན་ལས་ཀྱི་སྤྱོད་པའམ་མཛད་པ་ལ་དགོངས་པ་གཉིས་ལས། སྔ་མའི་སྐབས་སུ་དབང་ལས་དང་མི་སྦྱོར་གྱི། ལམ་གྱི་སྙིང་པོ་རྗེས་ཆགས་ལམ་བྱེད་ཀྱི་བདེ་སྟོང་དང་། དེའི་སྟེང་ནས་ས་ལམ་བགྲོད་ཚུལ་སོགས་

TN03_Page_1036
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༧)ལ་སྦྱོར་བ་ཐ་རམ་བཞིའི་དང་པོ་གསུམ་ལྟར་ཏེ། རྟ་སྐད་ཀྱི་ཐ་རམ་དོན་བསྡུའི་ཐད་དང་བསྒྲིགས་ན་གསལ་ལོ། །དེས་ན་དབང་གི་རྟ་སྐད་ནི་རྟ་སྐད་སྤྱོད་པར་དགོངས་པའི་སྐབས་ཡིན་ནོ། །འདི་བཟང་ངམ་དཔྱད། གོང་འོག་ན་མི་མཐུན་པ་བག་ཙམ་ཡོད་དེ་དཔྱད་པ་རྩིང་ཞིབ་ལས་བྱུང་ངོ་། །དེ་ལྟར་ཧེ་རུ་ཀ་འདི་ནི་བདེ་བ་ཆེན་པོའི་རྣམ་འགྱུར་གསལ་ཤོས་ཡིན་པས། རྡོ་རྗེ་ཕུར་པའི་སྐབས་སུ་ཡང་ཡེ་ཤེས་སེམས་དཔའི་སྲོག་ལ་ལྷན་སྐྱེས་ཡེ་ཤེས་ཀྱིས་དབང་བསྐུར་བ་ཞེས་རྡོ་རྗེ་སེམས་དཔའ་ལ་རྟ་མགྲིན་གྱིས་དབང་སྐུར་བའི་ཚུལ་བཤད་དོ། ༈ །སངས་རྒྱས་གསང་བས་རྣམ་སྣང་མངོན་བྱང་གི་འགྲེལ་པར་བཤད་པའི་ཟླ་ལ་དྲང་ན་རྟ་སྐད་ཀྱི་དོན་ཡང་། སྲོང་བཙན་བཀའ་འབུམ་གྱི་ཅང་ཤེས་བཱ་ལ་ཧའི་ཐད་ལྟར། མི་འཇིགས་པའི་གནས་སུ་འགྲོ་བར་འདོད་པ་སུ་ཡོད། ཅེས་མཐོན་པོར་སྒྲོགས་པ་ལ་བཤད་དགོས་པ་འདྲ། ༈ །རྟ་མགྲིན་དགོངས་པ་ལུང་སྟོན་སོགས་ལས། མཉམ་དང་སྐུལ་དང་རྟགས་ཙམ་འཛིན། །ཞེས་གསུངས་པ་ནི། དབང་ཆེན་གྱི་ཏིང་ངེ་འཛིན་གསལ་བརྟན་ཚད་ལ་ཕེབས་པས་རྟ་སྐད་ཇི་ལྟར་འདོད་པ་བཞིན་དངོས་སུ་ཐོན་པ་ཙམ་གྱི་སྤྱི་ལྡོག་ནས་དཔལ་ཁྲག་འཐུང་དབང་པོ་དངོས་དང་མཉམ་པ་ནི་དང་པོ་སྟེ། །འདི་ནི་དངོས་གྲུབ་ལ་གཙོ་བོར་རང་སྟོབས་ཀྱིས་མངའ་དབང་ཐོབ་པ་སྟེ། རིག་འཛིན་གྲུབ་པ་པོའོ། །དངོས་པོ་ལ་རྟ་སྐད་དེ་ལྟར་མི་ཐོན་ཡང་། ཏིང་ངེ་

TN03_Page_1037
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༨)འཛིན་ལས་སུ་རུང་བས་བསམ་གཏན་གྱི་རྟ་སྐད་ཙམ་གྱིས་དེ་བཞིན་གཤེགས་པ་རྣམས་དངོས་གྲུབ་ལ་སྐུལ་བའི་དགོས་པ་དངོས་སུ་བྱེད་ནུས་པ་ནི་གཉིས་པ་སྟེ། གཙོ་བོར་གཞན་སྟོབས་ཀྱིས་དངོས་གྲུབ་མང་པོ་ལ་དབང་བསྒྱུར་བའི་སྐབས་སོ། །དབང་ཆེན་གྱི་ལྷ་སྔགས་ཡེ་ཤེས་ལ་རྣལ་འབྱོར་བྱེད་ཀྱང་། རྟ་སྐད་ཀྱི་དྲོད་དེ་འདྲ་གང་ཡང་མ་རྙེད་པ་ནི་གསུམ་པ་སྟེ། རྣལ་འབྱོར་པའི་བརྡ་སྐད་དུ་འཇོག་རྒྱུ་དངོས་ནི། རྟ་སྐད་དངོས་སུ་གྲུབ་པ་དང་། དེ་མ་གྲུབ་ཀྱང་ནུས་པ་ཅུང་ཟད་རྙེད་པའི་བཟླས་པའམ་བཤུག་གླུ་སོགས་དང་། ནུས་པ་མ་ཐོབ་པ་ལས་དང་པོ་པའི་རྟ་མཆོག་གི་བརྡ་སྐད་རྣམས་ཏེ། རྣལ་འབྱོར་པའི་གསུང་རྡོ་རྗེ་རིམ་པ་གསུམ་པོ་འདི་ནི་བསྐྱེད་རིམ་པ་ཁོ་ན་ཡང་ཡོད་དོ། །དེ་ལྟར་བཤད་རུང་ངམ་དཔྱད་དགོས། ༈ །རྟ་སྐད་ཡི་གེར་བརྗོད་ན་ཇི་ལྟར་ཡིན་པ་ནི། བཀའ་བརྒྱད་བདེ་གསང་སོགས་སུ་བཤད་ཚུལ་སྔར་བསྟན་ཟིན་པས་གོང་འོག་སྒྲིགས་ལ་ལྟོས། རྣམ་སྣང་མངོན་བྱང་གི་འགྲེལ་པར། རྟ་མགྲིན་གྱི་རྟ་སྐད་ལ་ཨི་ཧི་ཧི་ཞེས་སྙན་རྒྱུད་རྟ་མགྲིན་གྱིའང་སྐབས་གཅིག་ན་འདི་བཞིན་ཡོད། པ་བཤད་ཅིང་། ཀློང་སྙིང་རིག་འཛིན་འཁྲུལ་འཁོར་ལས་ཀྱང་དེ་ལྟར་བཤད། སྤྱིར་ནི། གཞུང་འདིར། ཡེ་ཤེས་གཟི་འབར་རྔམས་ཞིང་བཞད་པའི་སྒྲསཿ ཞེས་རྟ་སྐད་བཞད་སྒྲ་ཡིན་པར་གསུངས་ཏེ། གསང་སྒྲུབ་ཀྱི་བསྟོད་པར། རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོདཿ ཅེས་སོགས་དེ་འདྲ་གཞན་

TN03_Page_1038
[མ་དཔེ་གཟིགས་ན་འདིར་གནོན།]

(༦༡༩)ཡང་ཆེས་མང་ངོ། །བཞད་ཚུལ་ཡང་འདིའི་བྲོ་ཆོག་ཏུ། ཧི་ཧི་ཧི་ཞེས་པ་ལ་ཡང་ཡང་བཤད་པ་སྙན་རྒྱུད་རྟ་མགྲིན་དང་ཡང་ཇི་བཞིན་དུ་མཐུན་ནོ། །དེའང་བསྙེན་སྒྲུབ་ཅི་རིགས་འཁྱོལ་བ་ན། དེའི་སྐབས་རྣམས་སུ་རང་གི་ངག་རླུང་རྡོ་རྗེ་རྟ་སྐད་དུ་འཆར་བའི་བག་ཆགས་བརྒྱུད་མར་བཞག་པས། ངག་ལ་རྟ་སྐད་ཀྱི་སྣང་ཞེན་ཤུགས་ཇེ་ཆེར་འགྲོ། དེས་རྐྱེན་བྱས་ནས་དཔལ་གྱི་རྟ་སྐད་དངོས་རང་འབབ་ཅིང་། དེའང་ཕུལ་ཇེ་ཆེར་རིམ་གྱིས་འགྲོ། །དེའི་ཚེ་སླར་ཡང་རང་གི་ངག་རླུང་ཧི་ཧིའི་གད་རྒྱངས་ཀྱི་རྣམ་པར་བཅོས་པ་འདི་ཉིད་སྒྲུབ་རྟེན་དུ་བཟུང་ནས། བྲོ་རྡུང་དང་སྦྲགས་ནས་ཞག་བདུན་ལ་སོགས་པར་བསྒྲུབ་པས། མཁའ་འགྲོ་མ་དང་། སྲིད་གསུམ་དྲེགས་པའི་རྒྱལ་སྲིད་ལ་དབང་སྒྱུར་ཞིང་། བདུད་ལས་རྣམ་པར་རྒྱལ་བའི་མཐུ་གྲུབ་པར་འགྱུར་བ་ནི། སྒྲུབ་ལུགས་འདིའི་སྨད་ལས་ཐུན་མོང་མ་ཡིན་པ་སྟེ། ཚེ་མཆོག་བདུད་རྩིའི་བསྙེན་པ་སོང་བའི་སློབ་དཔོན་གྱིས་རྩི་སྨན་གྱི་སྦྱོར་བ་སྒྲུབ་གཞིར་བཟུང་སྟེ་ཞག་བདུན་ལ་སོགས་པར་བསྒྲུབ་པས་གྲུབ་པའི་བདུད་རྩི་དངོས་སམ་རྗེས་མཐུན་པར་གྱུར་ནས། སྐོང་དང་གཟི་མདངས་འཆི་མེད་སོགས་སྩོལ་ནུས་པ་དང་འདྲའོ། དེང་སང་རྟ་སྐད་ཀྱི་སྒྲུབ་ལུགས་འདི་རྣམས་ས་འོག་གི་གཏེར་བཞིན་སོང་འདུག་ཀྱང་། བླ་མའི་དྲིན་ཁོ་ནས་བདག་གིས་གཏེར་རྡོལ་བ་བཞིན་དུ་བྱས་ཡོད། ༈ རྟ་སྐད་བྲོ་གར་དང་འབྲེལ་བའི་རྒྱུ་མཚན་ནི་

TN03_Page_1039
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༠)རྟ་སྐད་ནི་གཞན་ལ་འབོད་ཅིང་སྐུལ་བའི་སྒྲ་ཁོ་ན་མིན་ཏེ། ཤིན་ཏུ་ཆགས་ལྡན་འགའ་ཞིག་བདེ་བས་མྱོས་པ་ན་རྟ་སྐད་འབྱིན་པར་གྲགས་པ་ཡིན་ཏེ། བདེ་སྐད་དམ་ཆགས་སྐད་དོ། །བྲོ་ཡང་སྒྱུ་འཕྲུལ་ལུགས་ཟུར་འཁོད་ལྟར་རིག་མ་དང་ལག་པའི་པདྨ་ལུ་གུ་རྒྱུད་དུ་སྦྲེལ་ནས་འཁྲབ་ཅིང་རྩ་བའི་རྗེས་ཆགས་ཀྱི་སྤྱོད་པ་ཡིན་ལ། དེའང་སྙོམས་འཇུག་གི་དགའ་བའི་རོས་མྱོས་དུས་ཀྱི་ཆགས་སྐད་རྟ་མཆོག་འཚེར་བའི་ང་རོ་དང་སྦྲགས་ན་དགའ་བ་འབར་བ་ལ་མཐུ་ཤིན་ཏུ་ཆེ་བས། ལུས་བྲོ་གར་དང་། ངག་འཚེར་སྐད། སེམས་རྗེས་ཆགས་ཏེ་གསུམ་དང་ལྡན་པས་རིག་མ་ལ་རྩེ་བར་བསྟན་ཏེ། འདོད་ཆགས་རྡོ་རྗེའི་རིགས་ལ་ཅི་སྟེ་མི་བསྔགས། མདོར་ན་བྲོས་བདེ་བ་རྒྱས་པའི་གྲོགས་སུ་རྟ་སྐད་དགོས་པའོ། ༈ །རྟ་སྐད་འདོན་པ་དང་བྲོ་རྡུང་གི་དུས་གཅིག་ནི། མཆོད་པའི་སྐབས་ཏེ། རཏྣའི་རྟ་མགྲིན་གསང་འདུས་སུ། དབང་གི་རྟ་བྲོ་དང་གླུའི་མཆོད་པ་ཞེས་རྟ་རྒྱུད་ནས་བཤད་པའི་གླུ་དྲུག་དང་བྲོ་དྲུག་གིས་མཆོད་པ་དེར་གླུའི་སྔགས་དང་། བྲོའིསྔགས་གཉིས་ཐ་དད་དུ་འབྱུང་བ་ལས། འདི་ནི་བྲོའི་སྔགས་སུ་བྱས་ནས་གསུངས་སོ། །མཆན། ཏེ་ན་ཏེ་ཏེའི་སྔགས་དང་བཅས་པ་གསུངས་ཏེ། འདི་ནི་རྟ་མགྲིན་གྱི་ཐུགས་དམ་རྩ་བ་ཡིན་ཚུལ་བཤད་ཟིན་ལྟར་མཉེས་པའི་མཆོད་པ་མཆོག་གོ །དེ་ལྟར་སྦྱོར་ན་ནི་ཁ་སྐོང་ཕྲིན་ལས་ཀྱི་ཕྱག་རྒྱ་གར་མཆོད་ལ་ཡེ་ཤེས་གླུའི་མཆོད་པའང་ཡོད་པར་མཆོད་སྔགས་ཀྱིས་ཤེས་

TN03_Page_1040
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༡)པས། དེར་རྟ་བྲོ་དང་འཚེར་གླུའི་མཆོད་པའི་དམིགས་རིམ་བསྐྱང་བས་ཆོག་པ་འདྲ་ལ། དེ་ལས་ཀྱང་སྤྲོ་ན་ཐུགས་ཏིག་འདི་ཀའི་བཀའ་བརྒྱད་ཀྱི་གླུ་གར་མཆོད་པའི་སྐབས་སུ། མ་ཧཱ་ཛྙཱ་ན་ཏེ་ན་ཧཱུཾཿ ཏེ་ན་ཏེ་ཏེ་ཧཱུཾཿ ཞེས་འབྱུང་བ་དེ་གདངས་འགྱུར་མཐོ་དམན་རིང་ཐུང་ཇི་ལྟར་འདོད་པས་གླུར་ལེན་ཅིང་། བྲོ་གར་ཡིད་ལ་གང་ཤར་བཞིན་བྱས་ནས་ཉམས་སྦར་བ་ཡང་རུང་བ་འདྲ་སྟེ། ཐང་སྟོང་སྙན་རྒྱུད་ལས་ཀྱང་། ཏེ་ན་ཏེ་ཏེའི་སྔགས་ཀྱིས་བྲོ་གར་སྣང་བ་ལ་གང་དྲན་བྱས་པས་མཁའ་འགྲོ་མ་རྣམས་ཆགས་ཤིང་གདུང་བར་འགྱུར་བར་ཕག་མོའི་སྐབས་སུ་གསུངས་སོ། །འདི་ནི་ལས་སྒྲུབ་ཀྱི་རྟ་བྲོ་གཏན་མིན་ཏེ། རྟ་གསང་དུའང་བྲོ་མནན་གྱི་ཚིག་ལྟ་བུ་ཡེ་མེད་དོ། །མཆོད་པའི་གླུ་བྲོ་ནི་སྒྱུ་འཕྲུལ་ལས། གླུ་ཚིག་བྲོ་གར་རོལ་མོ་ཡི། །སྤྲིན་ཕུང་ཚོགས་ཀྱིས་རབ་ཏུ་མཆོད། །ཅེས་པ་ལྟ་བུའོ། །དཔྱོད། འདི་དག་ནི། སྤྱིར་འདི་འདྲའང་རུང་དམ་ཞེས་དཔྱད་གཞིར་བཀོད་ཀྱི། གཞུང་རང་ན་གསལ་ཁ་མི་སྣང་ཞིང་། བཀའ་བརྒྱད་སྤྱིའི་ཁོག་ནས་ཀྱང་ཆེར་མ་ཐོན་པས། ཕྱག་རྒྱ་གར་མཆོད་ཅེས་པའི་གར་གྱི་དོན་དངོས་ནི་ལག་པའི་ཕྱག་རྒྱ་སོགས་སྒྱུ་འཕྲུལ་པའི་ཕྱག་རྒྱ་བདུན་སྦྲགས་ལ་བྱ་དགོས། བཀའ་བརྒྱད་གསང་རྫོགས་ཀྱི་སྒོམ་ཁོག་སོགས་ལས་ཀྱང་བཤད་དེ། དེར་ནི། ཕྱག་རྒྱ་གར་མཆོད་ལ་ཕྱག་རྒྱའི་མཆོད་པ་རྒྱས་པར་སྤྲོས་ནས། དེའི་འོག་ཏུ་གླུ་བྲོའི་མཆོད་པ་ཛྙཱ་ན་ཏེ་ཏེའི་སྔགས་

TN03_Page_1041
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༢)དང་བཅས་པ་འབྱུང་སྟེ་སོ་སོར་མཛད་དོ། ༈ །བདེ་འདུས་བྲོ་མནན་ཆེན་མོར། དབུས་ཀྱི་རྟ་སྐད་ལྷང་ལྷང་ཐེང་གཅིག་གིས༔ རྣལ་འབྱོར་ཡལ་གམ་ཅན་ལ་དངོས་གྲུབ་སྟེརཿ གཡོན་གྱི་རྟ་སྐད་ལྷང་ལྷང་ཐེང་གཅིག་གིས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དབང་དུ་སྡུདཿ ཅེས་གསུངས་ཏེ་བསྐུལ་ཆེན་དང་མི་འདྲའོ། ༈ །སྤྱི་མདོའི་གསང་སྔགས་འབྱུང་བའི་གནས་སྐབས་བཅུ་གཉིས་ཀྱི་དྲུག་པ། གདུལ་བྱའི་སྐབས་ལ་བབས་པ་ན་ཡང་འབྱུང་། ཞེས་པའི་རྒྱས་བཤད་དུ། སྔོན་རུ་ཏྲས་འཇིག་རྟེན་གསུམ་ལ་དབང་བསྒྱུར་བ་ན། ཁོའི་མཐུས་འགྲོ་བ་རྣམས་ཀྱི་སེམས་དང་སྤྱོད་པ་ཤིན་ཏུ་འཁྲུགས་ཏེ་ཕྱིན་ཅི་ལོག་ཏུ་སོང་ཞིང་། དེའི་དབང་གིས་སྣོད་བཅུད་ཐམས་ཅད་ཆེས་ཆེར་སྙིགས་ཤིང་རྒུད་པར་གྱུར་པའི་ཚེ། འཇིག་རྟེན་དབང་ཕྱུག་རྡོ་རྗེ་རྟའི་གདོང་པ་ཅན་སངས་རྒྱས་རྣམས་ཀྱིས་བསྐུལ་ཏེ། རྒྱ་མཚོའི་དོ། ལང་ཀའི་གྲོང་རྡལ་གྱི་དབུས། རིའི་རྒྱལ་པོ་མ་ལ་ཡའི་རྩེར་བྱོན་ནས། ཁམས་གསུམ་ཡོངས་སྒྲོལ། དུག་གསུམ་གཏན་སྤྲུགས་པའི་སྤྱོད་པ་མཛད་ཚུལ་རྒྱ་ཆེར་གསུངས་པའི་སྐབས་སུ་རྟ་སྐད་བཤད་པའི་ཚུལ་ནི། རུ་ཏྲ་ལ་གདུང་བ་བསྐྱེད་པ་ན། ཁོས་རང་གི་བཀའ་འོག་གི་འཇིག་རྟེན་གྱི་དབང་ཕྱུག་ཆེན་པོ་རྣམས་དམག་སྡེ་དང་བཅས་པ། དམོད་པ་གྲུབ་པའི་མཐུ་འབྱུང་པོ་

TN03_Page_1042
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༣)། ཐམས་ཅད་ཀྱིས་བཟོད་པར་དཀའ་བའི་ངག་གིས་རམ་ཟླར་བསྐུལ་ཏེ། དཔུང་ཚོགས་བྱེ་བ་དཔག་མེད་ཀྱི་སྤྲིན་གཏིབས་ནས། བདུད་ཀྱི་སྒྱུ་འཕྲུལ་གྱི་དྲྭ་བ་བཀྲམ་པ་ན། རྟ་མཆོག་ཧེ་རུ་ཀས་རྡོ་རྗེས་གསུམ་གྱི་དཀྱིལ་འཁོར་གནོན་པའི་འདུར་གླུ་བླངས་པར་གསུངས་ཏེ། དེའང་ཧྲཱིཿབླང་བར་བཤད་དོ། འདུར་གླུའི་བསྟན་དོན་ནི། དགའ་རབ་དབང་ཕྱུག་སོགས་ལ་འདོད་དབང་སྟོང་ལས་ལྷག་པར་སྒེགས་པའི་གར་དང་། གཤིན་རྗེའི་རྒྱལ་པོ་སོགས་ལ་གཤིན་རྒྱལ་སྟོང་ལས་ལྷག་པར་འབར་ཞིང་ཁྲོ་བའི་གར་དང་། ཚངས་པ་སོགས་ལ་ཚངས་ཆེན་སྟོང་ལས་ལྷག་པར་ཞི་བའི་གར་རམ་ཉམས་ཀྱི་འགྱུར་བ་སྟེ། མདོར་ན་རྒྱལ་བ་ཀུན་གྱི་སྐུ། མཐུན་པས་མཐུན་པ་འདུལ་བའི་ཉམས་ཐ་དད་དུ་ཤིན་ཏུ་བསྒྱུར་བའི་སྤྲུལ་པའི་རྒྱུད་ཀྱིས་འཇིག་རྟེན་གསུམ་རྒྱས་པར་བཀང་སྟེ། རུ་ཏྲ་དང་། དེའི་དཔུང་དྲེགས་པའི་གཙོ་བོ་ཐམས་ཅད་ཤིན་ཏུ་ཟིལ་གྱིས་ནོན་ཅིག །དེ་དག་གི་དགའ་མའི་ཚོགས་རྣམས་དྲོངས་ཤིག་གམ་འགུག་པར་གྱིས་ཤིག །ཉོན་མོངས་ཤིན་ཏུ་ཤུགས་དྲག་ལ་སྤྱོད་པའི་སེམས་ཅན་རྣམས་གདུལ་དཀའ་སླའི་ངེས་པ་ལ་མི་ལྟོས་པར་སྔགས་ཀྱི་ཐབས་མཁས་ཀྱིས་ཐུལ་ཅིག །ཅེས་པ་ཡིན་པར་བཤད། དེ་ལྟར་འདུར་གླུ་བླངས་པས། བདུད་ཀྱི་དམག་ཚོགས་རྣམས་ནི་རེངས་ཏེ་བག་འཁུམ། མཚོན་ཆའི་སྤྲིན་ཕུང་ནི་སྟོང་པ་ཉིད་དུ་སངས། མི་སྙན་པའི་

TN03_Page_1043
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༤)ངག་རྒྱ་མཚོ་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒྲར་སྣང་བར་གྱུར་ཏོ་ཞེས་བཤད་དོ། །དགེ་བྱེད་ལོ་མཇུག་ནས་དཔྱད་པ་གཙང་དུ་སོང་བ་རྣམས་སླར་ཡང་མཐུད་དེ་བྲིས་པ། ལར་དོགས་པ་ཆེ་བ་ནི། །སྒྲུབ་སྡེ་འདི་ལ་པདྨ་གསུང་རྟ་སྐད་ཀྱི་སྒྲུབ་པ་ཞེས་གྲགས་པས་རྟ་སྐད་ཀྱི་ཏིང་ངེ་འཛིན་རྒྱུན་ལྡན་དུ་སྐྱོང་བ་ཞིག་ལ་བསྙེན་སྒྲུབ་ཀྱི་སྲོག་འཆོལ་དགོས་པར་སྣང་ཡང་། འདི་དང་སྙན་རྒྱུད་རྟ་མགྲིན་སོགས་སུ་ཛབ་དགོངས་སྤྱི་ཁྱབ་ལྟར་ལས་མ་བཤད་པ་ཅི་ཞེས་པ་སྟེ། འདི་ལ་སྤྱིར་ཐུན་རེ་བཞིན་རྟ་སྐད་ཀྱི་སྣང་ཞེན་སྐྱོང་རྒྱུ་ནི་དངོས་བསྟན་ལའང་མི་གསལ་བ་མིན་ཏ། སྤྱི་གཙུག་རྟ་གདོང་རྔམ་བཞད་འཚེརཿ ཞེས་སོ། །འོན་ཏེ་རྟ་སྐད་དེ་ཉིད་ཛབ་དགོངས་སུ་བྱས་ནས་སྐྱོང་རྒྱུ་བསྟན་མ་བསྟན་ནི་ཅུང་དཀའ་བས་དཔྱད་ན། སྤྱིར་ཧེ་རུ་འདི་རྗེས་ཆགས་ཀྱི་ངོ་བོ་ཉིད་ཡིན་པ་དང་། འགྲོ་སྒྲོལ་གྱི་ཤུགས་ཆེ་ཞིང་མྱུར་བ་སོགས་ཀྱིས་རྟ་མཆོག་ཏུ་བཤད་དེ། ཚུལ་དེས་རང་ཉིད་རྟ་མཆོག་ཡིན་པའི་མཚོན་བྱེད་དུ་དབུ་གཙུག་ནས་རྟ་གདོང་ཞལ་གྱི་ཕྱག་རྒྱ་བར་སྤྲུལ་པ་ཡིན་གྱི། རྟ་མགོ་ཡོད་པས་རྟ་མགྲིན་དུ་ཚུར་བཞག་པ་ཡེ་མིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་འདིའི་གསུང་ཡང་རིལ་གྱིས་རྟ་སྐད་དུ་བཤད་རྒྱུ་ཡིན་གྱི། རྟ་སྐད་ཅེས་བྱས་ཚེ་རྟ་གདོང་གི་ཁ་ལས་སྐྱེས་པ་འབའ་ཞིག་མི་དགོས་ཏེ། རྟ་བྲོ་ཞེས་པའང་རྟ་མགྲིན་གྱི་ཞབས་བྲོ་ལ་ཟེར་གྱི། རྟ་རྨིག་གི་རྣམ་པས་འཁྲབ་པར་སྒོམ་

TN03_Page_1044
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༥)མི་དགོས་པ་བཞིན་ནོ། །དེ་ལྟར་འཕགས་པ་འདིའི་གསུང་ཐམས་ཅད་རྗེས་ཆགས་ཀྱི་གླུའི་རང་བཞིན་གྱི་རྟ་སྐད་ཁོ་ན་ཡིན་པའི་མཚོན་བྱེད་དུ། དབུ་གཙུག་གི་རྟ་ཞལ་ལས་རྟ་སྐད་དངོས་འབྱིན་པར་ཟད་དེ། སྒྲུབ་ཐབས་སྒོམ་དུས་སུའང་རང་གི་ངག་རླུང་ཐམས་ཅད་རྟ་སྔགས་སུ་བལྟ་ཞིང་། རྟ་སྔགས་ཀྱང་རྟ་སྐད་ཁོ་ན་ཡིན་པའི་བརྡ་རྟགས་སུ་སྤྱི་བོ་ནས་རྟ་སྐད་དངོས་འབྱིན་བཞིན་པར་བལྟ་ཡི། རྩ་ཞལ་སོགས་ནས་འབྱུང་བའི་སྔགས་སྒྲ་རྟ་སྐད་མིན་པ་དང་། རྟ་སྐད་རྟ་གདོང་ཁོ་ན་ལས་འབྱུང་དགོས་པར་ནི་མི་བཟུང་ངོ་། །མདོར་ན་ལྷ་འདིའི་གསུང་གསང་སྔགས་ཀྱི་བརྗོད་པ་ཐམས་ཅད་ཆགས་པའི་རྟ་སྐད་ཀྱི་ངོ་བོ་ཉིད་ཡིན་པ་འདི་ནི་གསང་སྔགས་དེ་དག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཆེན་པོ་ཡིན་ལ། དེའི་རང་རྟགས་སུ་སྤྱི་གཙུག་ཏུའང་རྟ་སྐད་དངོས་རང་བཞག་ལ། དི་ཉིད་རྟ་ཛབ་རྟ་སྐད་ཡིན་པའི་དྲན་པའི་འཛིན་ཕུར་དུ་བྱས་ཏེ། ཛབ་བཟླས་ལ་བརྩོན་པས། ནམ་ཞིག་བཟླས་བརྗོད་ལ་རྟ་སྐད་དངོས་ཀྱི་ནུས་པ་སྐྱེས་པ་ན། དེའི་རྟགས་མཚན་དུ་སྤྱི་གཙུག་ནས་རྟ་སྐད་སྒྲ་རྟ་སྔགས་ཀྱི་བྲག་ཆ། བརྙན་ལྟ་བུར་ཐོན་འོང་བ་ཡིན་གྱི། ཛབ་ལ་རྟ་སྐད་དུ་ཤེས་པས་རྒྱས་བཏབ་ནས་བཟླ་བ་མིན་པའི། རྟ་སྐད་གཙུག་འབྱིན་གྱི་གནད་ཟུར་དུ་འཚོལ་བ་ངལ་བ་ཙམ་མོ། །དེས་ན་རྟ་མགྲིན་གྱི་ཛབ་འདི་དང་པོ་ཟློ་དུས་ནས་སྒྲུབ་སྡེ་གཞན་ལས་ཀྱང་ཆེས་ལྷག་པར་ལྷ་དང་མཁའ་འགྲོ་དམ་

TN03_Page_1045
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༦)ཅན་ཐམས་ཅད་རང་འཁོར་དུ་འོང་ཚབ་ཆེ་བའི་གནད་གཅིག་ཡོད་དེ། ཛབ་རྟ་སྐད་དབང་གི་གླུར་བྱས་ནས་ཟློ་བ་འདི་སྒྲུབ་སྡེ་གཞན་ལ་མེད་པའི་ཕྱིར་རོ། །མཁའ་འགྲོ་དམ་ཅན་རྣམས་དགྱེས་ནས་འདུས་པ་ཙམ་གྱིས་བདུད་བགེགས་བར་ཆད་བྱུར་དང་མི་ཤིས་པ་ཐམས་ཅད་དྲག་ཤུལ་གྱི་གཟི་བརྗིད་རྣོན་པོ་ཅན་དེ་དག་གི་མདུན་དུ་གནས་མི་ནུས་ཤིང་། མེ་ཕུང་གི་འཁོར་དུ་གྲང་རེག་ལྟར་མཐུ་མེད་པར་འགྱུར་བས་བར་ཆད་སེལ་ཐབས་ཀྱང་ཟབ་པའི་ཕུལ་ཡིན་ནོ། །མཆན། བདེ་འདུས་ཀྱི་མ་ཚང་ཁ་སྐོང་རྒྱུད་ལས་རྟ་མགྲིན་གྱི་སྒྲུབ་ལུགས་ལ་བསྙེན་སྒྲུབ་གསུམ་གྱི་བཟླས་ཛབ་གཙོ་བོར་བྱེད་པའི་རྒྱུ་མཚན་གྱིས་གསུང་གི་སྒྲུབ་པར་བཤད་ཅེས་གསུངས་པའང་དེ་ལ་དགོངས་ཤིང་། འདི་ཉིད་ལས། དབང་ཆེན་རྟ་སྐད་བཞད་པའི་སྒྲཿ ནུས་པ་སྔགས་ཀྱི་ཕྲེང་བ་ཡིསཿ ཞེས་བཟླས་སྔགས་ཉིད་རྟ་སྐད་དུ་གསུངས་སོ། །དེའང་བདག་དོན་ཡེ་ཤེས་སྒྲུབ་པ་སྟོད་ལས་ཀྱི་ཛབ་ཀྱི་ཚེ། དེའི་རང་རྟགས་སུ་སྤྱི་གཙུག་གི་རྟ་མགོས་ཀྱང་ལྟ་བར་དགོངས་པའི་རྟ་སྐད་རྩལ་བཏོན་དུ་སྒྲོགས་པ་དང་། གཞན་དོན་ཕྲིན་ལས་སྒྲུབ་པ་སྨད་ལས་ཀྱི་ཛབ་ཀྱི་ཚེ་རྟ་མགོས་ཀྱང་དེའི་རྟགས་སུ་སྤྱོད་པར་དགོངས་པའི་རྟ་སྐད་འབྱིན་ཏེ། ཛབ་ཇི་ལྟར་བསྒྱུར་བ་དེ་ལྟར་དེའི་སྒྲ་བརྙན་རྟ་མགོའི་འཚེར་སྐད་ཀྱང་འགྱུར་འགྲོའོ་སྙམ་སྟེ་ད་དུང་དཔྱད། འོ་ན་བདེ་འདུས་ཐར་མ་སོགས་ལས་སྤྱི་གཙུག་རྟ་ཞལ་གྱི་འཚེར་སྐད་ཁོ་ན་བཤད་པ་ཅི་ཞེ་ན། འདིའི་ལན་འདེབས་ཚུལ། དེ་ཁོ་ན་བཤད་པ་མ་གྲུབ་སྟེ། སྤྱི་བོའི་རྟ་སྐད་

TN03_Page_1046
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༧)བཤད་པ་ཉིད་ཀྱིས་རྟ་སྔགས་སྤྱིར་བཤད་པ་ཡིན་པའི་ཕྱིར་རོ། །ཞེས་ཟུར་འཁོད་ལྟར་དགོས་ཀྱང་འདིར་ཐག་ཆ་འཛིང་བ་ལྟར་སོང་ཡོད། དེར་ནི་སྔོན་བྱུང་ཧེ་རུ་ཀ་ཉིད་ཀྱིས་སྒྲ་ཚིག་ཐམས་ཅད་འདོད་ཆགས་ཆེན་པོའི་ཡེ་ཤེས་ཀྱི་རང་སྒྲར་འཆར་བའི་རྣལ་འབྱོར་ལ་སྦྱང་བ་མཐར་ཕྱིན་པའི་རྒྱུ་མཐུན་རྟགས་ཀྱི་ཕྱག་རྒྱ་ཐུན་མོང་མ་ཡིན་པ་ཇི་ལྟ་བུ་བརྙེས་པ་དེ་གཙོ་བོར་བྱས་ནས་བཤད་ཅིང་སྒྲུབ་ཐབས་སུ་ནི་རྗེས་འཇུག་རྣལ་འབྱོར་པས་རྩོམ་པ་དང་པོ་ལ་རྟ་སྐད་སྒྲུབ་ཚུལ་གཙོ་བོར་མཛད་ནས་བཤད་པའི་ཁྱད་དོ། །དེའང་སྤྱིར་པདྨ་གསུང་གི་ཁྱད་ཆོས་གཙོ་བོ་དེ་གང་ཡིན་འཆད་པ་ཡིན་ན། དེ་རྩོལ་པ་དང་པོ་ལ་གང་གི་སྟེང་ནས་སྒྲུབ་པ་དང་བསྟུན་ཏེ་འཆད་མི་དགོས་ཀྱི། སྤྱིར་དེ་ལ་གསུང་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཇི་ལྟ་བུ་ཡོད་པ་དེ་འཆད་དགོས་ལ། དེའི་ཚེ་གསུང་རིགས་སྔགས་ཀྱི་རང་ལྡོག་ཙམ་ནས་བསྟན་ན་ནི་སྒྲུབ་སྡེ་གཞན་དང་ཐུན་མོང་བར་འགྲོ་བས་རྟ་སྐད་ཀྱི་ལྡོག་པ་ནས་བསྟན་པར་བྱ་ཞིང་། སྐུ་གསུང་གཉིས་གདུལ་བྱ་གཞན་སྣང་གི་ཡོན་ཏན་ཡིན་པས་གསུང་རྟ་སྐད་དུ་འཇོག་པའང་གདུལ་བྱས་རྟ་སྐད་དུ་གསལ་པོར་ཤེས་པ་ཞིག་ལ་བྱེད་པའི་ཕྱིར་རྟ་སྐད་ཀྱི་དེ་ཉིད་ཚང་བ་ཙམ་གྱིས་མི་ཆོག་རྣམ་པའང་རྟ་སྐད་ཡིན་པ་ཅིག་གི་སྟེང་ནས་གསུང་གི་དགོས་དེ་འདིའི་གསུང་གི་དགོས་ཆོས་གཙོ་ཆེ་ཤོས་སམ་གསལ་ཤོས་ཡིན་པས་སོ། །མཆན་ཆོས་བསྟན་དགོས་སོ། །ད་ལྟ་རྣལ་འབྱོར་པས་གསུང་དེ་སྒྲུབ་ལུགས་འཆད་པ་ཡིན་ན་ནི། །སྤྱིར་འདི་ལ་དགོས་

TN03_Page_1047
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༨)ཆོས་ཇི་འདྲ་ཡོད་བསྟན་པ་ཙམ་གྱིས་མི་ཆོག་གི །ད་ལྟ་ནས་རང་གི་ངག་རླུང་འདི་གསུང་དེའི་བཟླས་བརྗོད་ཀྱི་ངོ་བོར་སྒྲུབ་པའི་ཚུལ་དང་། དེ་ལས་པདྨ་གསུང་ཞེས་པའི་གསུང་གི་ཁྱད་ཆོས་ཐུན་མིན་དེའང་འགྲུབ་འོང་བ་ཞིག་བསྟན་ནས། དེ་དང་གཙོ་བོར་སྦྱར་བའི་འཆད་ཚུལ་ལ་རྩལ་འདོན་དགོས་སོ། །དེས་ན་སྤྱིའི་འཆད་ཐབས་སུ་སྤྱི་བོའི་རྟ་སྐད་དང་། སྒྲུབ་ཐབས་སུ་བཟླས་སྔགས་ལ་སྦྱར་ནས་བཤད་པར་ཤེས་པར་བྱའོ། །མདོར་ན་དཔལ་ཧེ་རུ་ཀས་སྔོན་སྤྱི་བོའི་རྟ་སྐད་ཀྱིས་དམ་ཅན་ལས་ལ་བཀྱེ་བའི་ཆོ་འཕྲུལ་མཛད་པ་ནི། རྗེས་འཇུག་ལ་དངོས་གྲུབ་ཀྱི་སྒོ་བྱིན་གྱིས་བརླབས་པ་སྟེ། འདི་ལྟར་རྗེས་འཇུག་རྣམས་རྟ་སྐད་ཀྱི་སྒོ་ནས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྲིད་ཐོབ་པར་བྱ་བའི་ཕྱིར་རོ། །འདི་སྤྱིར་ཡང་མཁོ་རྒྱུ་ཞིག་རེད་དོ། །ཅི་སྟེ་དབུ་གཙུག་གི་རྟ་སྐད་ཀྱིས་ལྷ་འདི་ཉིད་རང་དང་། འདིའི་སྐུ་དང་། སྔགས་དང་། ཡེ་ཤེས་ཐམས་ཅད་རྟ་མཆོག་དང་། རྟ་མཆོག་གི་རིགས་ཀྱི་སྐུ་དང་སྔགས་དང་ཡེ་ཤེས་སུ་བསྟན་ནས། འདིའི་ལམ་རིམ་གྱི་ཁོག་ཐམས་ཅད་རྟ་མཆོག་གི་རིག་ཀྱི་དེ་ཉིད་ཀྱི་སྒྲོམ་དུ་བཅུག་ནས་སྒྲུབ་ཚུལ་གསལ་བར་མཚོན་ནུས་པ་མ་ཡིན་ནམ། དེའི་ཕྱིར་དེ་ཐམས་ཅད་ཀྱི་སྣང་ཞེན་བརྟན་པའི་འཛིན་ཕུར་དུ་སྤྱི་གཙུག་གི་རྟ་གདོང་བཞད་པའི་དབྱངས་དེ་བཏབ་ནས་བསྒོམ་པས། དེ་རྣམས་ཀྱི་སྣང་

TN03_Page_1048
[མ་དཔེ་གཟིགས་ན་འདིར་གནོན།]

(༦༢༩)ཞེན་ལ་ནུས་པ་ཐོན་པ་ན། །གྲུབ་རྟགས་སུ་དཔལ་གྱི་རྟ་སྐད་སྤྱི་གཙུག་ནས་རང་གི་ངང་གིས་ཐོན་ཕུར་པའི་སྐབས་བསྙེན་ཕུར་འབར་དང་བཞད་པ་སོགས་ཀྱི་དོད་ཡིན། འོང་བ་ཡིན་པས། དེ་བཟླས་བརྗོད་ཁོ་ན་ལ་སྦྱོར་བ་ཅི་ལྟར་རིགས་ཤེ་ན། དེ་ལའང་ཞི་བ་ཆ་ཕྱེ་ན། སྐུའི་སྣང་ཞེན་གྲུབ་རྟགས་སུ་རྟ་ཞལ་རྨ་བྱའི་མདོག་ཅན་སྤྱི་བོ་ནས་དངོས་སུ་ཐོན་པ་དང་། གསུང་གི་སྣང་ཞེན་གྲུབ་རྟགས་དེ་ལས་རྟ་སྐད་ཀྱི་རོལ་མོ་འཁྲོལ་བ་དང་། ཐུགས་ཀྱི་གྲུབ་རྟགས་བདེ་སྟོང་གི་ཉམས་ཚད་བཟུང་མེད་པར་འབར་བའི་ཁྱད་ཡོད་པས། གཙོ་ཆེ་བའི་དབང་དུ་བཏང་སྟེ་གསུང་བཟླས་པ་སྔགས་ལ་སྦྱར་བ་འཐད་དོ། །འོན་ཀྱང་སྤྱིར་རྟ་མགྲིན་གྱི་སྐུ་དང་ཐུགས་དང་ཕྲིན་ལས་སོགས་ཀྱང་གསུང་གི་རིགས་ཡིན་པས། དེ་དག་གི་མཚོན་རྟགས་སུ་རྟ་སྐད་འཇོག་པའི་རྣམ་གཞག་ཀྱང་འདོད་པར་ནི་བྱ་སྟེ། གསང་སྔགས་ལ་ཤན་འབྱེད་པའི་རྟ་སྐད་ཀྱིས་ཤེས། དེའི་དབང་དུ་ན་སྒྲུབ་ལུགས་འདིའི་སྐུ་ཕྱག་རྒྱའི་རྣལ་འབྱོར་སོགས་ཀྱང་གསུང་རྟ་སྐད་སྒྲུབ་བྱེད་དུ་འགྱུར་ཏེ། དེ་དག་གི་རྟགས་ཚད་མཐིལ་གཏད་སའང་རྟ་སྐད་ལ་བྱེད་པའི་ཕྱིར་རོ། །དེའི་སྤྱིར་ཡང་སྒྲུབ་ལུགས་འདི་ལ་གསུང་རྟ་སྐད་ཀྱི་སྒྲུབ་པ་ཞེས་བྱ་བ་ཡིན་ནོ། །ཡང་ན་ཐ་རམ་གྱི་དགོངས་པ་འདི་ལྟར་བཤད་དེ། དཔལ་ཧེ་རུ་ཀའི་སྐུ་ཕྱག་རྒྱའི་དང་། གསུང་བཟླས་པའི་དང་། ཐུགས་འོད་གསལ་གྱི་རྣལ་འབྱོར་སོགས། ལམ་འབྲས་བུ་དང་བཅས་པ་དང་། ལམ་གྱི་ཆ་རྐྱེན་ཕྲིན་

TN03_Page_1049
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༠)ལས་ཀྱི་སྦྱོར་བ་ཡོངས་རྫོགས་རྟ་སྐད་ཁོ་ནའི་སྟེང་ནས་བཤད་པ་འདིས་སྒྲུབ་ལུགས་འདི་ལ་གསུང་དང་། དེ་ལས་ཀྱང་རྟ་སྐད་གཙོ་བོར་བྱེད་པར་སྟོན་ལ། བྱེད་ཚུལ་ཡང་ལམ་འབྲས་ཆ་ལག་དང་བཅས་པ་ཐམས་ཅད་རྟ་སྐད་ཀྱི་དེ་ཉིད་དུ་བྱེད་པ་དང་། རྟ་སྐད་དེ་རྣམས་ཀྱི་མཚན་མར་འཛིན་ཚུལ་དང་། ཚུལ་དེ་གཉིས་ནི་འདིའི་ལམ་འབྲས་ཆ་ལག་དང་བཅས་པ་གང་ལ་བསླབ་ཀྱང་སྤྱི་བོའི་རྟ་སྐད་སྒྲུབ་པའི་ཐབས་འབའ་ཞིག་ཏུ་ཧྲིལ་ཧྲིལ་འགྲོ་བའི་གནད་དམར་བཅང་མར་བསྟན་པ་སྟེ། ཞེས་པ་ལྷག་པར་ཇེ་གསལ་དུ་བཏང་བའོ། །དེ་ལྟར་འབད་ནས་སློབ་པ་ནི་སྒྲུབ་སྡེ་འདི་གྲུབ་རྟགས་ཀྱི་གཙོ་བོ་རྟ་སྐད་གཙུག་ནས་འབྱིན་པའི་གནད་དངོས་གཞི་ཡིན་པར་བསྟན་པ་སྟེ། རྟ་སྐད་ལ་བཟླས་སྒོམ་བྱེད་པ་རལ་གྲི་སྒྲུབ་པ་དང་འདྲ། རྟ་སྐད་སྤྱི་བོ་ནས་ཐོན་པ་དེ་རལ་གྲི་འབར་བ་དང་འདྲ། དེ་ལྟར་གྲུབ་པའི་རྟ་སྐད་ཐོབ་ནས་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་རབ་འབྱམས་ལ་དེ་ཉིད་ཀྱིས་དབང་སྒྱུར་བ་རལ་གྲི་དངོས་གྲུབ་ཏུ་འགྱུར་ཚུལ་དང་འདྲ་བས། རྟ་སྐད་དངོས་གྲུབ་ཀྱི་རྟགས་མཚན་ནམ་ཕྱག་རྒྱར་བཤད་པ་ནི་རྟགས་མཚན་གཞན་དང་མི་འདྲའོ། །འདིའི་ཁྱད་པར་གྱི་དངོས་གྲུབ་གཙོ་ཤོས་རང་ཡིན་པས་སོ། །འདིའི་རྟ་སྐད་ནི་སྤྱི་བོའི་རྟ་སྐད་དོ། །དེ་ལྟར་ན་འདིའི་སྒྲུབ་ཐབས་ཀྱི་རིམ་པ་ཐམས་ཅད་སྤྱི་བོའི་རྟ་སྐད་མ་གྲུབ་པ་སྒྲུབ་པ་དང་། གྲུབ་པ་ཁྱད་པར་དུ་འགྲོ་བའི་སྒྲུབ་ལུགས་སུ་མཛད་ནས་སྟོན་པས། པདྨ་གསུང་གི་སྒྲུབ་པ་ཐམས་ཅད་རྟ་སྐད་ཀྱི་སྒྲུབ་པར་བསྡུས་ནས་འཆད་པ་ཞེས་ཡང་ཡང་གསུངས་པ་སྟེ། དེའི་ཕྱིར་བཟླས་པ་རྟ་སྐད་དུ་འཇོག་པའང་འབུར་

TN03_Page_1050
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༡)དོད་དུ་མ་གསུངས་པ་མ་གཏོགས། བཤད་པའི་སྒྲོམ་ན་ཚང་བར་ཡོད་དོ། །དེའང་སྤྱིར་ཐེག་རིམ་དང་། ས་ལམ་ལ་སྦྱར་བའི་དགོངས་པ་གཉིས་དང་། བྱེ་བྲག་ཏུ་དབང་ཆེན་གྱི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་དང་སྦྱར་བ་རྣམས་ཀྱིས་ནི་ཡེ་ཤེས་དག་པའི་རྟ་སྐད་སྒྲུབ་པར་བྱེད་ལ། སྤྱོད་པར་དགོངས་རྟ་སྐད་སྤྱོད་པར་དགོངས་པའི་དགོངས་པ་རྣམས་ཀྱིས་ནི། ཞེས་ཟེར་དགོས། པའི་རྟ་སྐད་རྣམས་ཀྱིས་ནི་དབང་དྲག་ལས་ཀྱི་རྟ་སྐད་སྒྲུབ་བོ། །སྤྱི་བོའི་རྟ་སྐད་སྒྲུབ་ཚུལ་འབའ་ཞིག་གི་སྒྲོམ་ནས་སྤྱིར་ཐེག་དགུའི་རྟོགས་རིགས་དང་། ས་ལམ་གྱི་རིམ་པ། བྱེ་བྲག་དབང་ཆེན་ཧེ་རུ་ཀའི་ལྷ་སྔགས་ཆོས་གསུམ་གྱི་རྣལ་འབྱོར། ཕྲིན་ལས་ཀྱི་སྦྱོར་བ་དང་བཅས་པ་སྒྲུབ་ལུགས་ཚང་བར་འཆད་པས་ན་པདྨ་གསུང་གི་སྒྲུབ་པར་བརྗོད་ཅེས་བཤད་ཀྱང་ཆོག་སྟེ་གནད་འདྲའོ། །སྤྱིར་ཚུལ་འདིའི་ལམ་རིམ་ཐམས་ཅད་རྟ་སྐད་སྒྲུབ་བྱེད་དུ་འགྲོ་བ་དང་། དེའི་ནང་ནས་ཀྱང་རྟ་སྐད་སྒྲུབ་ཐབས་ཀྱི་གཙོ་བོ་ཛབ་ལ་བྱེད་པ་གཉིས་ཅུང་ཟད་ཀྱང་མི་འགལ་བས་གོང་གི་ཐ་རམ་ལ་བརྟེན་པའི་དོགས་པ་ཆོད་སླ། ཛབ་རྟ་སྐད་སྒྲུབ་བྱེད་ཀྱི་གཙོ་བོ་ཡིན་པའི་ཁུངས་ནི་བདེ་གསང་ གཉིས་སོགས་སྔར་བྲིས་ལྟར་རོ། ༈ །དྲག་པོའི་སྨད་ལས་ནི་གཞུང་རང་ན་རྒྱས་མོད། རྟ་མགྲིན་གྱི་དགོས་ཀྱི་སྨད་ལས་ཆེ་མཆོག་གི་སྨན་སྒྲུབ་ཀྱི་དོད་ནི་དམ་ཅན་དབང་སྡུད་ཀྱི་དབང་ལས་ཞིག་དགོས་པར་དབང་གི་སྒྲུབ་ལུགས་ཡིན་པ་ཉིད་

TN03_Page_1051
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༢)ཀྱིས་ཤེས་ཀྱང་མི་གསལ་བས་ཇི་ལྟར་བྱ་ཞེ་ན། འདིར་ནི་སྟོད་ལས་བདག་ཉིད་ནུས་ལྡན་དུ་བྱེད་པ་དང་། སྨད་ལས་མ་ཚོགས་དབང་དུ་བྱེད་པ་གཉིས་ཀ་གཙོ་བོར་ཛབ་དང་རྟ་སྐད་སྦྱར་བའི་སྟེང་ནས་བྱེད་དེ། ཕུར་པའི་དགྲ་ཛབ། ཆེ་མཆོག་གི་སྨན་ཛབ་སོགས་སྒྲུབ་སྡེ་གཞན་ལའང་རང་རང་གི་སྨད་ལས་སམ་དེའི་དོད་ལྟ་བུའི་དགོས་སྒྲུབ་ཀྱི་ཁྱད་པར་དང་འབྲེལ་བའི་ཛབ་དགོངས་བྱེ་བྲག་པ་རེ་ཡོད་མོད་ཀྱི། དེ་དག་གི་ལས་སྦྱོར་གྱི་དངོས་གཞི་དེ་ཛབ་དགོངས་ཀྱི་སྟེང་ནས་མི་འཇོག་གི །གདབ་ཁ་དང་རྩི་སྒྲུབ་སོགས་ཆོ་ག་གཞན་གྱི་སྟེང་ནས་ཁོག་ཕུབ་པ་ཤ་སྟག་ཡིན་ལ། འདིར་ནི་རང་གི་ཐུན་མིན་གྱི་ལས་སྦྱོར་ཡང་གསུང་བཟླས་བརྗོད་སྒྲུབ་སྡེ་ཞེས་ཛབ་ཀྱི་ཀློང་སྒྲོལ་ནས་རྒྱ་འབག་གི་མིག་ལྟར་འཕྲུལ་ལུགས་ཁོ་ན་གཙོ་བོར་བྱེད་པས་ཁྱད་པར་ཆེའོ། །དེས་ན་སྟོད་ལས་ཀྱི་དངོས་གཞི་ནི་རྟ་སྐད་ལྟ་བར་དགོངས་པ་དང་། སྨད་ལས་ཀྱི་དངོས་གཞི་སྤྱོད་པར་དགོངས་པ་ལ་བྱ་སྟེ། ཞིབ་པར་ན། སྤྱོད་པར་དགོངས་པ་ལ་རྩལ་དུ་འདོན་པ་སྨད་ལས་སྐབས་ཡིན་ཀྱང་། སྤྱིར་སྟོད་ལས་སྒྲུབ་པའི་དུས་ནས་ལྟ་སྤྱོད་ལ་དགོངས་པ་གཉིས་ཀ་བྱེད་དེ། དམ་ཅན་ཕོ་ཉ་ལས་ལ་བསྐུལཿ ཞེས་པའང་སྤྱོད་པར་དགོངས་པའོ། །དེའི་རྒྱུ་མཚན་ཡང་། སྒྲུབ་པའི་བྱེ་བྲག་ལས་སྦྱོར་ནིཿ ཞེས་པ་ལྟར་ཡིན་པས། སྒྲུབ་པའི་ཛབ་དགོངས་ཀྱི་བྱེ་བྲག་ཅིག་ལས་སྦྱོར་གྱི་ཚེ་རྩལ་འདོན་བྱེད་པ་ནི་

TN03_Page_1052
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༣)འགྲིགས་པ་ཡིན་ནོ། །ད་ནི་ལྟ་བར་དགོངས་པ་གཙོ་བོ་དང་། སྤྱོད་པར་དགོངས་པ་ཞར་བྱུང་ཙམ་དུ་བྱས་ནས་སྒྲུབ་པ་སྟོད་ལས་དང་། སྤྱོད་པར་དགོངས་པ་གཙོ་བོ་དང་། ཅིག་ཤོས་དེའི་གྲོགས་ཙམ་དུ་བྱེད་པ་སྨད་ལས་ཀྱི་སྒྲུབ་པར་ཤེས་པར་འགྱུར་ལ། ཕྱི་མ་ལའང་སྔོན་དུ་བསྙེན་པའི་ཆེད་དང་། ཕྱིས་ཕྲིན་ལས་དངོས་སུ་སྒྲུབ་ཆེད་དུ་བྱ་བ་གཉིས་ཡོད། ད་དུང་བཤད་ན་རྡོ་རྗེ་ཕུར་པ་ལ་བར་ཆད་འདུལ་བའི་སྟོབས་གཞན་ལས་ལྷག་པ་ཞིག་ཡོད་པ་ནི་གདབ་ཁ་ཡིན་ལ། དེ་ནི་ཛབ་ལ་གཙོ་བོར་མི་འཇོག་སྟེ། ཆེ་མཆོག་སོགས་ལའང་དེ་དང་འདྲའོ། །ལམ་གྱི་ཁོག་ཡེ་ཤེས་ཀྱི་དོན་དང་སྦྱར་བ་ནི་ལྟ་བར་དགོངས་པ་དང་། ལམ་གྱི་ཆ་ལག་ཕྲིན་ལས་ཀྱི་དོན་དང་སྦྱར་བ་ནི་སྤྱོད་པར་དགོངས་པའི་རྟ་སྐད་དོ། །སྒྲུབ་སྡེ་འདི་ལ་མཁའ་འགྲོ་དམ་ཅན་དབང་སྡུད་ཀྱི་གནད་གཞན་ལས་རྣོ་ཞིང་ཟབ་ལ་ཕུལ་དུ་བྱུང་བ་ཞིག་ཡོད་པ་ནི་གཙོ་བོར་ཛབ་ལ་འཇོག་པར་གོང་དུ་བརྗོད་ཟིན་པས་དེ་དག་ལ་སྨད་ལས་ཀྱི་ཆོག་རིམ་ཟུར་པ་ལ་རྩལ་དུ་འདོན་དགོས་མི་དགོས་སམ། ལྟོས་ཚབས་ཆེ་ཆུང་མི་འདྲ་བར་ཤེས་སོ། །འོན་ཀྱང་རྟ་སྐད་དེ་ཉིད་བྲོ་རྡུང་གི་གྲོགས་དང་སྦྲགས་ནས་ཀྱང་ཉམས་སུ་བླང་ན་རྣོ་ལ་ངར་བཏགས་ལྟར་འགྱུར་བ་ནི་སྲོང་བཙན་བཀའ་འབུམ་སོགས་ཀྱི་ལུང་ཟུར་འཁོད་ཀྱིས་ཤེས་པས་གལ་ཆེའོ། །དེའི་རྒྱུ་མཚན་ཡང་། བཞད་པ་དང་བྲོ་རྡུང་གཉིས་ཀ་ཚོགས་པའི་བརྗིད་ཟིལ་དང་། ནང་

TN03_Page_1053
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༤)དུ་བརྟུལ་ཞུགས་ཀྱི་ཉམས་སྤོར་བའི་ནུས་པ་འདྲ་བ་ལ་རེ་རེ་བར་མེད་ཅིང་། འཇིག་རྟེན་ན་ཡང་གླུ་གར་གཉིས་འདུས་ཀྱིས་ཡིད་འཕྲོགས་པ་ལྟ་བུ་རྐྱང་པ་ལ་མེད་པས་བར་ཆད་ལ་རྫི་བ་དང་། མཁའ་འགྲོ་མའི་ཡིད་འཕྲོག་པ་གང་ལའང་གླུ་ལ་བྲོས་བོགས་དབྱུང་བ་ཡིན། སྒྱུ་འཕྲུལ་ལྟར་ན་བུད་མེད་དང་རྩེ་བའི་གར་གྱིས་བདེ་བའི་གླུ་སྤྱི་དང་ཁྱད་པར་རྗེས་ཆགས་ཀྱི་ཤུགས་མ་བཟོད་པའི་ཤུགས་འབྱུང་གི་རྟ་སྐད་དམ་འཚེར་གླུ་ལ་གྲོགས་བྱེད་པའོ། །དེའང་ཚོགས་མཆོད་མཐར་བྱེད་པ་ནི་སྔར་བྲིས་ལྟར་དང་། ཐུན་མཚམས་སུ་བྱེད་ན། ཏེ་ན་ཏེ་ཏེ་དང་སྦྱོར་བ་སོགས་ནི་རྩ་གཞུང་དང་མི་འབྱོར་བས། ལས་ཕྲེང་གི་བྲོ་མནན་མཐའི། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧི་ཧི་ཧི་ཧཱུཾ་ཕཊཿ ཅེས་པ་འདི་ཤམ་མེད་དུ་ཟློ་བ་དང་སྦྲགས་པས་འགྲུབ་པར་མངོན་ཏེ་ཧི་གསུམ་པོ་ནི་རྟ་གླུ་ཡིན་ནོ། །ཡང་ཕུར་པའི་སྐབས་སུ་ལས་རབ་འབྱམས་སྒྲུབ་ལུགས་ལ། ཞི་ལས་དངུལ་ལམ་ཤིང་དཀར་པོའི་ཕུར་བུ་ཟླུམ་པོས་བྱ་བ་སོགས་ཕུར་གདབ་ཉིད་ཀྱིས་སྒྲུབ་ཚུལ་དང་། སྦྱོར་བ་སྣ་ཚོགས་གཞན་གྱི་སྒོ་ནས་སྒྲུབ་ཚུལ་གཉིས་ཡོད་པ་ལྟར། འདིར་ཡང་ལས་རབ་འབྱམས་གླུ་བྲོ་ཉིད་ཀྱིས་སྒྲུབ་པ་དང་། ཚེ་བརྟན་རྒྱལ་མཚན་གྱི་རྟ་མགྲིན་བརྒྱ་རྩ་ལྟར་སྦྱོར་བ་གཞན་སྣ་ཚོགས་ཀྱིས་སྒྲུབ་ཚུལ་གཉིས་ཡོད་ཅིང་། ལས་མཐུན་གྱི་འོད་ཟེར་ལ་བརྟེན་ནས་ལས་བཞི་སྒྲུབ་པའི་སྔགས་དང་བསམ་གཏན་གྱི་སྦྱོར་བ་རིག་འཛིན་ཞི་བ་ནས་འགེབས་ཚུལ་ལས་

TN03_Page_1054
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༥)ཚོགས་བརྗེད་ཐོར་བཀོད་པ་དེའང་ཚུལ་ཕྱི་མ་འདིའོ། །འཇིག་རྟེན་ལས་འདས་པའི་དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས་པ་ཡེ་ཤེས་དག་པའི་དངོས་གྲུབ་ཀྱི་ཆེད་དུ་དབང་སྡུད་བྱ་བ་ནི་ལྟ་བར་དགོངས་པའི་ཐད་དུ་ཡིན་ཏེ་རྔོག་མ་ལེ་བརྒན་སོགས་ལས་ཤེས་སོ། །དེ་ལྟ་ནའང་ཕུར་གདབ་བསྔགས་པའི་ལས་གཙོ་བོ་མངོན་སྤྱོད་ཡིན་པ་ལྟར། རྟ་སྐད་བསྔགས་པའི་ལས་གཙོ་བོ་དབང་དྲག་སྦྲགས་མ་ཡིན་ལ། གལ་ཏེ་རྟའི་གླུ་བྲོ་ཁོ་ནས་ལས་གཞན་སྒྲུབ་ན་དེའི་ཚུལ་ནི། སྤྱོད་པར་དགོངས་པའི་རྟ་སྐད་ཀྱི་ཛབ་ཏུ་དམ་ཅན་དབང་དུ་སྡུད་སྐབས། ཕན་གནོད་ཀྱི་ལས་དེ་དང་དེ་གཉེར་གཏད་ལ་གཙོ་བོར་བྱ་ཞིང་། དེའི་ངར་འདོགས་སུ་ལས་དེ་དང་དེའི་བྲོ་རྡུང་ཡང་ཇི་རིགས་རེ་བྱ་བ་ཡིན་ཏེ། སྨད་ལས་ཀྱི་བཤད་པ་ཞིག་སྔར་ཡང་ཡོད་མོད་དེ་ཁ་ཕོ་ཆེས་པ་ཙམ་ལས་ཕལ་ཆེར་བར་སྣང་ལ་བསྡད་པར་སྣང་། ༈ །སྤྱི་གཙུག་རྟ་གདོང་རྔམས་བཞད་འཚེརཿ ཞེས་པའི་སྐབས་སུ། རྟའི་ཞལ་དང་ང་རོ་ཙམ་གྱིས་ལྷ་དེ་རིལ་རྟ་མཆོག་ཏུ་མཚོན་པའམ་ཤེས་ནུས་པ་ནི་འཇིག་རྟེན་ནའང་སྐྱེས་བུ་དེ་ཉེར་སྦས་སུ་ཤེས་པའི་སྒོར་དེའི་རྐང་ལག་དང་ལྟོ་བ་སོགས་ནི་ཆེས་མི་གསལ་ཀྱི་བྱད་བཞིན་དང་སྐད་ཁོ་ན་ལས་ཤེས་པར་བྱེད་དོ། །དེ་ལྟར་སྔོན་བྱུང་དུ་གདུལ་བྱ་ལ་རྗེས་ཆགས་ཀྱི་རིགས་ཀྱི་བདེ་བའི་དེ་ཉིད་སོགས་བསྟན་ཕྱིར་ཞལ་དང་ང་རོ་དེ་ལྟར་མཛད་པ་ལྟར་རྗེས་འཇུག་གིས་ཀྱང་དེ་གཉིས་རང་གི་སྒོ་གསུམ་རྟ་མཆོག་གི་རྡོ་རྗེ་གསུམ་ལས་མི་འཕྱུག་པའི་གཟེར་བུར་བཏབ་

TN03_Page_1055
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༦)སྟེ་བསྒོམ་པས་དཔལ་གྱི་སྣང་ཞེན་སྐྱེ་སླ་ཞིང་ཧེ་རུ་ཀའི་འཁོར་གྱི་མ་ཚོགས་རྣམས་ཀྱིས་སྒྲུབ་པ་པོ་དང་དེའི་བཟླས་བརྗོད་ལ་རྟ་མགྲིན་དང་དེའི་གསུང་དུ་མཐོང་སླ་བས་བསྐྱེད་རིམ་པའི་རྟ་མགྲིན་དང་མ་མོ་རྣམས་བརྡ་ཕྲད་སླ་བའི་མན་ངག་གོ །ཐ་རམ་གྱི་རྟ་སྐད་ཐེང་གསུམ་ལྟ་བར་དགོངས་སྐབས་མི་སྦྱོར་ཡང་། སྤྱིར་ལྟ་བར་དགོངས་པའི་རྟ་སྐད་ཐེང་གསུམ་མེད་པ་མིན་ཏེ། རྡོག་མ་ལེ་བརྒན་དང་ལུང་བཀའ་སྒོ་སོགས་ན་ཡོད། །རྟ་སྐད་སྤྱོད་པར་དགོངས་པའི་དཔལ་གྱི་རྟ་སྐད་དང་པོའི་དགོངས་པ་འདི་གལ་ཆེ་བས་བཤད་ན། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །སོགས་གང་སྣང་བདེ་སྟོང་། བདེ་སྟོང་ལྷ་སྐུར་ལྟ་བར་གསུངས་པ་དང་མཐུན་པར། སྣང་སྲིད་ཐམས་ཅད་འདོད་ཆགས་རྡོ་རྗེའི་ཏིང་ངེ་འཛིན་གྱི་རོལ་པ་དང་། དེ་ཉིད་རྟ་མགྲིན་དབང་གི་དཀྱིལ་འཁོར་ཉག་གཅིག་ཏུ་འབར་བར་བྱེད་པ་སྟེ། འདི་ནི་འཇིག་རྟེན་གསུམ་གྱི་དྲེགས་པའི་རིགས་ཐམས་ཅད་ཀྱི་སྲོག་རྟ་མཆོག་གི་རིགས་གཅིག་ཏུ་སྒྱུར་བར་བྱེད་པའི་སྲོག་སྒྱུར་གྱི་མན་ངག་རྣོན་པོའོ། །གསང་རྫོགས་ཛབ་ཐ་རམ་གྱི་དོན་བསྡུའི་ཐད་དང་བཀའ་སྒོ་སོགས་ཁུངས་གཞན་ཡང་མང་། དགོངས་སུ་དྲེགས་པ་སྤྱིར་སྡུད་ཚུལ་གསུངས་པས་དེ་ལྟར་འདོད་དགོས་མོད། ཐ་རམ་སོགས་ལས་འབུར་བཏོད་དུ་གསུངས་པ་ནི་མ་མོ་མཁའ་འགྲོའི་འཁོར་ལོ་དབང་དུ་སྡུད་པ་ཉིད་དེ། དེའང་རྟ་སྐད་ནི་འབོད་པ་ཙམ་མིན་གྱི། རྗེས་ཆགས་ཀྱིས་འབོད་ཅིང་སྐུལ་བའི་བརྡ་ཐུན་མིན་ཏེ། དེའི་ཕྱིར་འབོད་ཡུལ་ཡང་མ་མོ་མཁའ་འགྲོ་

TN03_Page_1056
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༧)རྣམས་གཙོ་བོ། །སྡེ་བརྒྱད་གཞན་སོགས་འབོད་པ་ནའང་དེ་དག་རྗེས་ཆགས་ཀྱི་རྣམ་འཕྲུལ་དུ་བལྟས་ཏེ། བདེ་བ་འབར་བའི་གྲོགས་སུ་ཁྱེར་བའི་སྟེང་ནས་འབོད་པ་དེ་ཡིན་ནོ། །དེའང་མོ་རྒྱུད་ཀྱི་སྲོག་འདོད་ཆགས་ཡིན་པར་ཡང་དང་ཡང་དུ་གསུངས་པ་ལྟར་ས་གསུམ་གྱི་མ་མོ་རབ་འབྱམས་ཐམས་ཅད་འདོད་ཆགས་ཀྱི་རིགས་ཀྱི་སྲོག་ལ་བརྟེན་པ་ཤ་སྟག་ཡིན་པས། རྟ་སྐད་དང་པོ་འདིས་འདོད་ཆགས་ཆེན་པོའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ཀྱིས་ཁམས་གསུམ་མ་ལུས་པ་འདོད་ཆགས་རྡོ་རྗེའི་དཀྱིལ་འཁོར་དུ་སད་པར་བྱས་པའི་སྒོ་ནས་སྣང་སྲིད་ལས་དང་ཡེ་ཤེས་ཀྱི་མ་མོའི་ཚོགས་རྣམས་རྗེས་ཆགས་ཀྱི་ཤུགས་གཏིང་ནས་རང་དབང་མེད་པར་བསྐུལ་ཞིང་གཡོ་བར་བྱེད་པ་ནི་མ་མོའི་སྲོག་གི་སྒོ་ལྕགས་དབང་ཆེན་གྱི་ལྡེ་མིག་གིས་འབྱེད་ཚུལ་ཡིན་ནོ། །སྤྱི་མདོར། སྟོང་ཁམས་ཐམས་ཅད་རྟ་མགྲིན་གྱི་གར་དགུའི་རོལ་པ་མཐའ་ཡས་པས་ཆེམ་མེར་མནན་ཏེ། དབང་ཕྱུག་འདི་གླུ་གར་གྱིས་མ་མོ་མཁའ་འགྲོའི་ཡིད་འཕྲོགས་ཚུལ་ལོ། །མ་རྣམས་ཀྱི་སྙིང་འདོད་པ་བཟོད་མེད་དུ་གཡོ་བར་བྱས་པའི་སྒོ་ནས་དྲང་བར་བཤད་པའང་དེ་ལྟར་ཡིན་པས། ཁམས་གསུམ་གར་གྱིས་འགེངས་པའི་གླུའོ། །འོ་ན་འདི་ལའང་མ་མོའི་སྲོག་གི་དེ་ཉིད་ཤེས་པར་བྱས་ནས་མ་མོ་དབང་བྱེད་ཀྱི་སྒྲུབ་ལུགས་འདུག་པས་རྦོད་གཏོང་མ་མོའི་སྒྲུབ་པར་ཡང་ཐལ་ལོ་ཞེ་ན། སྒྲུབ་ལུགས་འདི་མ་མོའི་

TN03_Page_1057
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༨)དེ་ཉིད་ཀྱིས་ཁོག་ཕུབ་པ་མིན་ཞིང་མ་མོའི་དེ་ཉིད་གཙོ་བོར་བྱེད་པའང་མིན་གྱི། རྟ་སྐད་ཀྱི་སྒྲུབ་པའི་སྒྲོམ་ནས་དགོས་མཛད་དུ་མ་མོ་དབང་སྡུད་སྒྲུབ་པ་ཙམ་དུ་ཟད་པས་མ་མོའི་སྒྲུབ་སྡེར་གལ་འཐད་དེ་དཔེར་ན་མ་མོ་རྦོད་གཏོང་དུའང་། རྟ་སྐད་ཀྱིས་མ་མོ་དབང་དུ་སྡུད་ཚུལ་གསུངས་ཀྱང་། སྒྲུབ་ལུགས་དེའི་ཁོག་རྟ་སྐད་ཀྱི་སྟེང་ནས་སོང་བ་མིན་པས་པདྨའི་སྒྲུབ་སྡེར་མི་འཇོག་པ་བཞིན་ནོ། །དེ་ལྟར་ན་དཔལ་གྱི་རྟ་སྐད་དང་པོ་འདིས་དྲེགས་པ་སྤྱི་དང་། ཁྱད་པར་མ་མོ་རྣམས་ཀྱི་སྲོག་བདག་ཉིད་རྟ་མཆོག་གི་རྡོ་རྗེ་ཆགས་པའི་དགོངས་ཀློང་དུ་སྲེ་བར་བྱེད་དེ། སྣང་སྲིད་རྗེས་ཆགས་ཀྱི་བདེ་བའི་དབྱིངས་སུ་གདོད་ནས་སངས་རྒྱས་པར་ལྟ་བ་འདིས་སོ། །དེ་ལྟར་བསྲེས་ནས་དེ་ལ་རྟ་མགྲིན་གྱི་དཀྱིལ་འཁོར་གྱིས་རྒྱས་འདེབས་པར་བྱེད་དེ། སྣང་སྲིད་བདེ་བའི་ངོ་བོར་སངས་རྒྱས་པའི་བདེ་བ་དེ་ཉིད་རྟ་མཆོག་གི་དཀྱིལ་འཁོར་རྒྱ་མཚོའི་སྤྲིན་དུ་འཆར་བར་བྱེད་པ་འདིས་སོ། །དེ་དག་ཀྱང་རྩ་བ་རང་བཞིན་དག་པའི་དེ་ཁོ་ན་ཉིད་ཀྱི་ལྟ་བའི་སྟེང་ནས་འགྲོ་བས་རྟ་མགྲིན་གྱི་སྔགས་པ་ལ་གཞན་གྱིས་ལྷ་དབྱེ་དང་སྲུང་མ་གཤེད་འབེབས་སོགས་བྱར་མེད་དོ། །མ་མོ་དང་དེའི་དེ་ཉིད་རྒྱས་པར་བཤད་ཤོས་མ་མོ་རྦོད་གཏོང་ཡིན་ཡང་། མ་མོ་མཁའ་འགྲོའི་སྲོག་གི་གནད་མཐར་ཐུག་པ་དམར་འབྱིན་བྱེད་པའི་གནད་འདི་ལས་རྣོ་བ་དང་ཟབ་པ་མེད་དེ། དཔེར་ན་གཤེད་སྐོར་དུ་སྲོག་ལས་ཀྱི་གནད་རྒྱས་པར་བཤད་པ་འདྲ་བ་ཕུར་པ་

TN03_Page_1058
[མ་དཔེ་གཟིགས་ན་འདིར་གནོན།]

(༦༣༩)ན་མི་རྒྱས་ཀྱང་། ཕུར་པའི་ཐལ་འབྱིན་ནམ་གདབ་ལས་ཀྱི་གནད་གཅིག་པོ་དེ་ལ་དེ་ཐམས་ཅད་ཀྱི་རྣོ་ནུས་ལྷག་དང་བཅས་ཏེ་ཡོད་པ་དང་འདྲའོ། །འདིར་མ་མོ་རྣམས་སྤྱི་བོའི་རྟ་སྐད་ཀྱིས་དབང་དུ་བྱ་བ་དང་། དགུག་པ་གཉིས་ལས་རྟ་སྐད་དང་པོ་འདི་སྔ་མའི་ཆེད་དང་། རྟ་སྐད་ཐ་མ་ཕྱི་མའི་ལས་ཅན་ཏེ། སྔ་མ་ནི་ཕྱི་མའི་གཞི་བཏིང་བ་ཡིན་ཅིང་། ལས་ལ་འཁོལ་བ་དངོས་ནི་ཕྱི་མས་བྱེད་དོ། །སྤྱི་གཙུག་རྟ་སྐད་ཀྱིས་དམ་ཅན་འགུག་ནུས་པ་དང་ལས་ལ་རྦད་གཏོང་ནུས་པ་ལ། དངོས་པོ་ལ་རྟ་སྐད་གཙུག་འབྱིན་ནུས་པ་ནི་མི་དགོས་ཏེ། སྔགས་ལས་འོད་ཟེར་སྤྲོ་བསྡུའི་དམིགས་རིམ་གྱིས་ལས་དངོས་སུ་འགྲུབ་པ་ལ་འོད་ཟེར་དེ་དངོས་གནས་ལ་འགྲུབ་མི་དགོས་པ་བཞིན་ཏེ། འདི་ནས་བསམ་གཏན་གྱི་སྦྱིན་སྲེག་སྐབས་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་དངོས་གྲུབ་ནི་སྒྱུ་མ་ལྟ་བུ་ཞེས་སོགས་ཨ་བྷྱས་གསུངས་པ་དང་ཚུལ་མཐུན་ནོ། ༈ །དེ་ལྟར་ཕྱོགས་འདིའི་གྲུབ་པའི་རྟགས་སམ་མཚན་མ་ཐམས་ཅད་ཀྱི་གཙོ་བོ་རྟ་སྐད་གཙུག་ཐོན་ལ་ཡང་། དངོས་སུ་དང་། ཉམས་ལ་དང་། རྨི་ལམ་དུ་ཐོན་པའི་རིམ་པ་གསུམ་གྲུ་གུ་ཡང་དབང་གི་རྟ་མགྲིན་ལས་བཤད་ཅིང་། དེ་དག་ཀྱང་གདང་གསལ་མི་གསལ། ཟབ་མི་ཟབ། །མཐོ་དམན་སོགས་ཀྱི་རིམ་པ་ཐ་དད་པ་མང་དུ་འོང་ཞིང་། དེའི་ཁྱད་པར་ལྟར་དངོས་གྲུབ་ཀྱི་ཁྱད་པར་ཡང་སྣ་ཚོགས་སུ་འགྱུར་བར་སྣང་ཏེ། སྔོན་བྱོན་རིགས་

TN03_Page_1059
[མ་དཔེ་གཟིགས་ན་འདིར་གནོན།]

(༦༤༠)འཛིན་རྣམས་ཀྱི་ལོ་རྒྱུས་ཀྱི་ཕྲེང་བ་ལས་ཀྱང་ཤེས་པར་བྱའོ།། །།

TN03_Page_1060
[མ་དཔེ་གཟིགས་ན་འདིར་གནོན།]

(༦༤༡)སམ་ཊ་དཔེ་བཤུ །རྟ་སྐད་ཀྱིས་སྣང་ཕྱོགས་སྟོང་ཕྱོགས་ཟུང་འཇུག་གི་ལམ་གསུམ་སྟོན་ཏེ། དེ་རྟ་སྔགས་ཀྱི་རང་བཞིན་ཡིན་པ་གང་ཞིག །སྔགས་ཀྱིས་ཡེ་ཤེས་དེ་དག་སྐུལ་བར་བྱེད་པའི་ཕྱིར་ཏེ། སྔགས་ནི་སྙན་གསན་འབེབས་པའོ། །ཞེས་གསུངས་པའི་ཕྱིར། སྐུལ་ཞེས་པ་ནི་དབྱུག་པས་རྔ་བརྡུང་བ་ལྟར་བསྐུལ་བྱ་སྐུལ་བྱེད་ངོ་བོ་ཐ་དད་པ་མིན་གྱི། ཡེ་ཤེས་དེ་དག་སྔགས་དེར་ཤར་བ་ཡིན་པའི་ཕྱིར་དེ་བཟླས་པས་ཡེ་ཤེས་དེ་དག་བསྐུལ་བར་འགྱུར་བའོ། །དེས་ན་རྟ་སྔགས་ཀྱི་དགོངས་པའམ་དོན་དེ་རྟ་སྐད་ཀྱི་དེ་ཉིད་ཀྱང་ཡིན་པས་རྟ་ཞལ་དང་རྟ་སྐད་ཀྱི་དེ་ཉིད་སོ་སོར་མི་བྱེད་དམ་སྙམ་སྟེ། ཡེ་ཤེས་དེ་དག་རྟ་སྐད་དང་རྟ་གདོང་གི་སྒྲ་གཟུགས་སུ་མཛད་པའི་རྒྱུ་མཚན་ནི། ཐེག་རིམ་བགྲོད་ཚུལ་སོགས་སོ། །སྤྱོད་པར་དགོངས་སྐབས། རྟ་སྐད་ཀྱི་མཚོན་དོན་བདེ་འདུས་ལས། ཐུན་མོང་དངོས་གྲུབ་དམ་པ་ཡིན། སོགས་ལྟར་སྣང་བ་བདེ་བར་ཤར་བ་ལ་བྱེད་དམ་བརྟགས། ཕོངས་ཤིང་སྡུག་བསྔལ་བའི་སེམས་ཅན་སྐྱབས་མེད་ཅིང་སྐྱོབ་པ་མེད་པ། སྐྱབས་ཚོལ་ཞིང་རྒྱུག་པ་རྣམས། འཚེ་བ་དག་ནི་ཐམས་ཅད་དང་སོགས་ལྔ་དང་། ཐ་མལ་སྣང་ཞེན་གྱི་འཇིགས་པ་ལས་བདེ་མྱུར་དུ་སྒྲོལ་ཞིང་། ཐར་པ་ཆེན་པོའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པས་ན་རྟ་རྒྱལ་བཞོན་པའི་མཆོག་གོ །དེས་ན་གཞན་ཕན་ཕྲིན་ལས་ཀྱི་ལྷ་ཁྱད་པར་ཅན་ཏེ།

TN03_Page_1061
[མ་དཔེ་གཟིགས་ན་འདིར་གནོན།]

(༦༤༢)འཇིགས་པ་མེད་པའི་གནས་སུ་འབྲེལ་ཚད་སྒྲོལ་བས་སོ། །ལམ་གྱིས་ངལ་བ་སྲིད་ཞིའི་མཐའི་གཡང་ལ་སྐྲག་པ་རྣམས་ལ་སྟོབས་བཅུ་ལྡན་པའི་བཞོན་པ་འདི་འཇིག་རྟེན་དབང་པོས་སྩལ་བ་ཡིན་ནོ། །ཐེག་པ་རིམ་བགྲོད་ཀྱི་རྟ་སྐད་དུས་ཡ་ན་ཞེས་པ་བཞོན་པའི་སྐད་དོད་ཡིན་པ་དང་། འདོད་པའི་གནས་སུ་ཞོན་པོ་འཁྱེར་བར་བྱེད་པའི་ཆོས་མཐུན་གྱི་སྒོ་ནས་ཐེག་མཆོག་གི་བརྡར་རྟ་མཆོག་བཞག་སྟེ། དེ་ལ་ཐེག་པ་གཞན་གྱི་སྒྲོལ་ཤུགས་སམ་བྱེད་ལས་ཐམས་ཅད་རྟ་མཆོག་ལ་སྒྲོགས་འགྲོས་དང་ལྕགས་འགྲོས་སོགས་ལྟར་ཚང་ཚུལ་བཤད་པས། ཐེག་པ་ཐམས་ཅད་ཀྱི་སྒྲོལ་ཤུགས་རྟ་མགྲིན་ལ་ཡོད་ཚུལ་བསྟན་ཏེ། འགྲོ་སྒྲོལ་གྱི་ཤུགས་ཆེ་ལུགས་སྟོན་ནོ། །རྟ་སྐད་དམ་རྟ་སྔགས་ལྟ་བར་དགོངས་སྐབས། སྣང་ཕྱོགས་དང་སྟོང་ཕྱོགས་ཀྱིའམ། ཟབ་རྒྱ་ཆེའི་བྱང་ཆུབ་ལམ་གྱི་རྟོགས་པ་མྱུར་བ་སྟེར་བ་ལ་བསྔགས་པའི་སྔགས་ཡིན་ཏེ། དཀྱུས་ཚང་བའི་འགྲོས་དང་སྦྱར་བ་དང་། སྐད་འགྱུར་དང་སྦྱར་བའི་བདེ་སྟོང་ཡེ་ཤེས་སྔགས་ཀྱི་དེ་ཉིད་དུ་བྱས་པ་ལ་དཔྱད་ན་ཤེས་སོ། །སྔགས་ཀྱི་དངོས་གྲུབ་སྒྲུབ་ཐག་ཉེ་བའང་འདིས་ཤེས། གསང་སྔགས་གནད་སྐད་དུས། །གང་ལས་ལྡོག་པའི་འཁོར་བ་ལས་སྒྲོལ་ཤུགས་ཆེ་བ། གང་དུ་འཇུག་པའི་སངས་རྒྱས་སར་བགྲོད་ཤུགས་ཆེ་བ་དང་། ཁ་རྩལ་ཆེ་ཞེས་པ་ནི་སྟེང་དུ་འཐོན་ཤུགས་ཆེ་བ་སྟེ། གོང་ནས་གོང་དུ་

TN03_Page_1062
[མ་དཔེ་གཟིགས་ན་འདིར་གནོན།]

(༦༤༣)རྟོགས་པ་ཁྱད་འཇུག་སྟོབས་གསང་སྔགས་གཞན་པས་ཆེ་བའོ། །དེའང་ཕྱི་ནང་གསང་བའི་རྟ་མགྲིན་གསུམ་བཤད་ཀྱང་གཙོ་བོར་གསང་རྫོགས་དང་ལྡེ་མིག་ལྟར་ཆོས་ཉིད་བྱང་ཆུབ་སེམས་ཞེས་ལྷན་སྐྱེས་ཡེ་ཤེས་ལ་སྦྱར་རྒྱུ་ཡིན་ནོ། །འདིའི་བགྲོད་ཤུགས་ཆེ་བའང་གསང་རྫོགས་ཀྱི། །ས་ལམ་བཅད་དང་འདྲའོ། །དེ་ནས་སྐུའི་ཆོ་འཕྲུལ་རྟ་མགྲིན་ཅིར་སྣང་ཡང་། མྱ་ངན་ལས་འདས་ཚུལ་སོགས་ནི་གསང་རྫོགས་རང་ཤར་གཉིས་ལས་སྣང་སྟོང་གྲགས་སྟོང་སོགས་དང་འདྲ་སྟེ། བྱང་ཆེན་དུ་བགྲོད་པ་ལ་བར་དུ་གཅོད་པའི་གཟུང་འཛིན་འཁྲུལ་པའི་འཇིགས་པ་མཐའ་དག་ཡེ་ཤེས་ཆེན་པོའི་བང་འགྲོས་ཀྱི་འོག་ཏུ་ཅི་བདེར་འགོམ་ནས་ཐགས་ཐོགས་མེད་པར་འགྲོ་ཚུལ་སྟེ། སྣང་སེམས་ལ་དབང་སྡུད་ཟིལ་གནོན་བྱེད་ཚུལ་ཡང་དེ་ཀའོ། །འདི་ངེས་པར་འབྱུང་བ་ཕྱི་མའི་རྒྱུད་དུ་འདོད་ཆགས་ཀྱིས་སྒྲུབ་པར་གསུངས་པ་དང་བཀའ་སྒོ་ལས་འདོད་ཆགས་ཀྱིས་དམར་པོར་བསྟན་གསུངས་པ་ལ་བརྟེན་དགོས་སམ་སྙམ་སྟེ། སྣང་སེམས་དབང་སྡུད་ཟིལ་གནོན་ནི་བདེ་ཆེན་གྱི་གནད་ལ་ཐུག་ཅིང་། ལྷན་སྐྱེས་ཀྱི་བདེ་བ་ནི་རྗེས་ཆགས་ཀྱི་རིགས་ལ་ཁྱད་པར་དུ་ལྷག་པས་སོ། །འཁོར་འདས་ཟིལ་གནོན་དབང་ཆེན་དགོངས་པ་ཡིནཿཞེས་དང་། དེ་ཚེ་འཁོར་བ་ཟིལ་གྱིས་གནོནཿ ཞེས་སོ། །འདས་པ་ཟིལ་གནོན་ནི་ཞོར་ལ་བསྟན་ནོ། །འདི་རྟ་སྐད་ཀྱི་མཚོན་

TN03_Page_1063
[མ་དཔེ་གཟིགས་ན་འདིར་གནོན།]

(༦༤༤)དོན་དུ་བྱེད་ལུགས་ལ། འགྲོས་དགུས་ཐེག་རིམ། སྐད་འགྱུར་གྱིས་ས་ལམ། རྟ་དབུས་ལ་ཤན་སྟོན་པར་གསུངས་པས། ཁྲོ་ཞལ་གྱི་སྟེང་དུ་རྟ་དབུའི་རྣམ་པ་ལྷག་པོར་ཡོད་པས། ཕྲིན་ལས་མྱུར་མགྱོགས་ཀྱི་ཆ་ནས་སྔགས་ཀྱི་ལྷ་གཞན་ལས་ལྷག་ཅིང་འཕགས་པར་སྟོན་ནམ། ང་ནི་སྔགས་གཞན་ལས་མྱུར་བས་ཆེའོ་ཞེས་འཚེར་སྐད་ཀྱིས་སྒྲོགས་སམ་དཔྱད་དགོས། ༈ །བདེ་གཤེགས་གསུང་གི་དངོས་གྲུབ་སྡུད་ལུགས་ནི། སྤྱིར་བཟླས་པ་གསུངས་རྡོ་རྗེ་ཡིན་པར་མ་ཟད་འདིའི་ལྷ་སྔགས་ཡེ་ཤེས་ཐམས་ཅད་གསུང་རྡོ་རྗེའི་རིགས་གཙོར་བཏོན་ཡིན་པས་རྟ་སྔགས་དེ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་བསྡུས་པར་དམིགས་ནས་བཟླས་པས། རྒྱལ་བ་རྣམས་ཀྱི་གསུང་གི་དངོས་གྲུབ་དབང་དུ་སྡུད་པའི་དོན་རེད། ཆོས་ཕུང་སྡུད་པར་བཤད་པའང་དེ་ལྟར་བྱས་པས་ཆོས་ཕུང་རབ་འབྱམས་ལ་དབང་སྒྱུར་བའི་དོན་རེད། གལ་ཆེ། ཐུགས་ཀར་སྔགས་འཁོར་འགོད་པ་ཛབ་ཀྱི་དགོངས་པར་བཞག་པ་ནི། ལྷ་དེ་དང་དེའི་ཐུགས་ཏིང་ངེ་འཛིན་གྱི་ཡེ་ཤེས་རིག་སྔགས་ཀྱི་རྣམ་པར་ཡི་གེར་བྱིན་གྱིས་བརླབས་པ་ཉིད་ཐུགས་ཀ་མི་ཤིགས་པའི་གནས་སུ་བཞག་སྟེ། དེ་ཉིད་སྐུལ་ཞིང་ཀློག་པའི་ཚུལ་དུ་ཟློ་བ་སྟེ། སྔགས་ཐོག་མར་བྱེད་པ་པོའི་རྗེས་སུ་འབྲང་བའི་བསམ་པས་བཟླ་དགོས་གསུངས་པ་ལྟར། ལྷ་དེས་བྱེ་བྲག་ཏུ་བྱིན་གྱིས་བརླབས་པའི་ཡི་གེའི་ཕྲེང་བ་ཁྱད་

TN03_Page_1064
[མ་དཔེ་གཟིགས་ན་འདིར་གནོན།]

(༦༤༥)པར་ཅན་ལ་སྒོས་སུ་དམིགས་ནས་བཟླ་ལུགས་ཐུན་མིན་ནི་འདི་ཀ་རེད་པས་ངོ་ཤེས་པར་བྱ། བསྐྱོད་དང་བཟླས་པ་བསྐུལ་བ་སྟེ། །འཁུལ་བ་རྒྱས་དང་འབར་བར་འདོད། །དེ་དག་རྡོ་རྗེ་སྔགས་ཕྲེང་ལ། །རིམ་བཞིན་དུ་ནི་ཤེས་བྱར་བརྗོད། །ཨ་མཚར། མཚམས་དམ་རྒྱ་དགོས་པའི་རྒྱུ་མཚན་བཟླས་སྒོམ་རྟག་འགྲུས་གཉིས་ཀའི་ཆེད་དེ། ཤིན་ཏུ་གནད་ཆེ། རི་ཆོས་ཞལ་གདམས་ལས། ཤེས་རྒྱུད་སྔར་ལས་སོགས་ཀྱི་ཤེས་རྒྱུད་ལ་བཟང་སྐྱེད་འཐོན་པའི་གནད་ཀྱང་། མཚམས་ནང་དེར་གཡེང་བའི་ཡུལ་རྐྱེན་བསྡམས་ནས་དགེ་སེམས་རྒྱུན་ཆགས་སུ་གོམས་པ་དང་། དགེ་སེམས་རྒྱུད་དང་འདྲེས་ངེས་ཀྱི་འགྲུས་པར་བསླབ་པས་བློ་དགེ་བ་ལ་ལོབ་པའོ། །དེར་མ་ཟད་བཟླས་རྒྱུན་བཙུགས་ནས་བཟླས་པ་འདིར་སྔགས་ཀྱི་ནུས་པ་སྐྱེ་བ་ལའང་གཙུབ་ཤིང་བར་མ་ཆད་དུ་བརྡར་བ་ལྟར་ཁྱད་ཆེ་བ་ཡོད་འདྲ། ཐུན་བར་དུའང་མཆུ་དལ་མེད་དུ་བཟླ་བ་དང་། བཟླས་འཕྲོ་མདུན་བསྐྱེད་ལ་འཆོལ་བ་སོགས་བཤད་པ་ལྟར་ཛབ་ཀྱི་རྒྱུན་མ་ཆད་པ་འདི་གཅེས་ཤིང་། ཁྱད་པར་སྒྲུབ་པའི་དུས་གལ་ཆེ། སྒྱུ་འཕྲུལ་ཞི་བ་ལས་ཁྲོ་བོ་མྱུར་བའི་རྒྱུ་མཚན། སྔ་མ་གདུལ་བྱ་དག་པ་རང་བཞིན་བཟང་བའི་ངོར་སྣང་བའི་སྐུ་དང་། ཕྱི་མ་མ་དག་པའི་ངོར་བཙན་ཐབས་སུ་སྣང་བ་བསྟན་པའི་སྐུ་ཡིན་པ་དང་། ཤིན་ཏུ་

TN03_Page_1065
[མ་དཔེ་གཟིགས་ན་འདིར་གནོན།]

(༦༤༦)གདུལ་དཀའ་བའི་ཡུལ་ལ་བཙན་རྒྱགས། ཐབས་སུ་འཇུག་པའི་ཕྲིན་ལས་ཅན་དུ་བསྟན་པའི་ཆ་ནས་ཡིན་ནམ་སྙམ། ༈ རྫོང་འཕྲང་གཉིས་ཀྱིས་རང་ཉིད་དགྲ་གསུམ་བདུད་བཞི་སོགས་ལ་ཉམ་ང་མེད་པར་བྱེད་པ་ནི་མཁར་བཙན་པོ་འཛིན་པ་དང་འདྲ། དེ་ལ་གདེངས་རྙེད་ནས་སྲོག་གི་ཆོས་གསུམ་གྱིས་ཚར་གཅོད་རྗེས་འཛིན་གྱི་ལས་རབ་འབྱམས་ལ་དབང་སྒྱུར་བ་ནི་མཁར་ཟིན་ནས་སྲིད་སྐྱོང་གི་བྱ་བ་ལ་དབང་སྒྱུར་བ་དང་འདྲའོ། །སྐྱེར་སྒང་བས་ནི་འདི་ཉིད་ལས་སྒྲུབ་ཀྱི་ལྷར་བྱས་པའི་དཔའ་གཅིག་གི་སྒྲུབ་སྐོར་ཙམ་བཏོན་ལ། འདིར་ནི་མཆོག་སྒྲུབ་ཀྱི་ལྷར་བྱས་ནས་དཀྱིལ་འཁོར་རྒྱས་པར་བསྟན་ཅིང་རིམ་གཉིས་ཆ་ཚང་ཐོན། འཕགས་མའི་སྙིང་ཏིག་གི་བསྙེན་པས་བདག་དོན་ཚེ་སྒྲུབ། ལས་སྦྱོར་གྱིས་གཞན་དོན་འགྲོ་འདུལ། སྒྲུབ་པས་ཕྱི་མ་དེ་སྒྲུབ་པར་གསལ་བས། འདིར་ཡང་ལས་སྦྱོར་དུས་ཀྱི་དངོས་གྲུབ་དེ་སྒྲུབ་པའི་དུས་སུ་སྤྱིར་འོད་ཟེར་སྤྲོ་བསྡུ་ལ་རྩལ་སྦྱངས་ནས་སྒྲུབ་པ་སྟེ། སྤྲོ་བསྡུ་འདི་ཕྲིན་ལས་ཀྱི་དགོངས་པར་སྲོག་སྡོམ་གཟེར་བཞིར་ཡང་ངོ། །སྣང་གྲགས་ལྷ་སྔགས་སོགས་སུ་སྦྱོང་བའང་དེས་ཡིན་ཏེ། རྒྱལ་བའི་ཕྲིན་ལས་དངོས་གཞི་ནི་སྣོད་བཅུད་ཐམས་ཅད་དག་པ་རབ་འབྱམས་སུ་སྦྱོང་བའི་གཞན་དོན་གྱི་བྱ་བ་འདི་རང་ཡིན་པས་རྒྱལ་བའི་ཕྲིན་ལས་ལ་སློབ་ན་འདི་ཉིད་མཐིལ་དུ་བཟུང་དགོས་པས་སོ། །ཨེ་མ་བླ་མའི་དྲིན་ལས་ཤེས། །སྒྲུབ་པའི་བྱེ་བྲག་ལས་སྦྱོར། ཞེས་པར་ཡང་ཆེས་འགྲིགས།

TN03_Page_1066
[མ་དཔེ་གཟིགས་ན་འདིར་གནོན།]

(༦༤༧)འདིའི་ཟློག་སྔགས་ཀྱི་དམིགས་པ་གྲུབ་ཐོབ་བཀའ་བརྒྱད་ལྟར། ༈ ཁྲོ་བོའི་སྒྲུབ་ཐབས་སུ། གདོད་མའི་དཔའ་བོ་སྐུལ་བྱེད་རྡོ་རྗེའི་དབྱངས། །ཞེས་དང་། ཡང་དག་ཏུ། ལྷན་སྐྱེས་གདོད་མའི་དཔའ་བོ་མཚོན་མིན་ནམ། །ཞེས་གསུངས་ལྟར་སྣོད་བཅུད་རྒྱུད་གསུམ་གྱི་གཉུག་མའི་དེ་ཉིད་ཡེ་ནས་ཧེ་རུ་ཀའི་དཀྱིལ་འཁོར་དུ་གནས་པ་དེ་བཟླས་སྒོམ་གྱིས་བསྐུལ་བས་སད་པར་བྱེད་པ་འདི་གོ་དགོས་ཏེ། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་སྐུལ་བར་བྱ། །ཞེས་པ་བཞིན་ཏེ། བསྐྱེད་རྫོགས་ཀྱིས་མོས་ངོར་དང་དངོས་སུ་སྐུལ་ཚུལ་ཐ་དད་ཡོད། ཟབ། ༈ དམ་ཡེ་སྲེ་དུས། རང་ཉིད་ཡེ་ནས་སངས་རྒྱས་ཚུལ་ལྟར་རང་གིས་བསྒོམ་པ་དམ་ཚིག་པ། རང་རེའི་ཕུང་ཁམས་ཀྱི་དེ་ཉིད་སངས་རྒྱས་སུ་བཞུགས་ཚུལ་དཔྱིས་ཕྱིན་པ་སངས་རྒྱས་རྣམས་ཀྱིས་གཟིགས་པ་འདྲ་བ་རང་རེ་ལ་འཆར་མི་ཐུབ་པས་དེ་ལྟར་རྟོགས་པ་མངོན་དུ་གྱུར་བའི་སངས་རྒྱས་ཐམས་ཅད་རང་ལ་བཅུག་ནས་རང་དང་སངས་རྒྱས་དེ་དག་གི་རྟོགས་པ་རོ་མཉམ་དུ་གྱུར་པར་མོས་པ་ཡིན་ཞེས་བཤད་ན་པདྨའི་ལམ་རིམ་རང་འགྲེལ་དང་མཐུན་ནམ་འདི་དཔྱད་དགོས། ༈ ལས་བྱང་མཐའི་ཤིས་བརྗོད་རྣམས་ནི་ལས་རིམ་གྱི་མཐའ་ཤིས་པས་བསྡུ་བ་སྟེ། སྒྲུབ་པ་མཐར་དགེ་བཀྲ་ཤིས་སུ་བྱེད་པའོ། ༈ ཁྱིམ་གསུམ་ཐད། ལར་འདི་གསུམ་བསྟན་སྲུང་གི་མན་ངག་ཡིན་ལ། དེ་ལ་དག་པའི་རྣལ་འབྱོར་ལ་

TN03_Page_1067
[མ་དཔེ་གཟིགས་ན་འདིར་གནོན།]

(༦༤༨)བརྟེན་ནས་རང་ལ་སྲུང་མར་བསླང་བ། མ་དག་འཁྲུལ་པའི་གཞན་དབང་དུ་གྱུར་པའི་བསྟན་དགྲ་ལ་གཤེད་དུ་བསླང་བ་སྟེ་སྣང་ཕྱོགས་ལ་བརྟེན་པ་གཉིས། སྣང་མེད་སྟོང་ཕྱོགས་ལ་བརྟེན་ནས་བསྟན་སྲུང་ལ་དབང་སྒྱུར་གྱི་མཐུ་ཕུལ་བྱུང་ངམ་བརྟན་པོར་དབང་དུ་གྱུར་པ་སྒྲུབ་པ་སྟེ་གསུམ། སྔ་མ་གཉིས་སྣང་ཕྱོགས་སྡེ་བརྒྱད་དྲེགས་པ་ཉིད་ལ་བརྟེན་ནས་ལས་སྲུང་གསད་། ཀྱི་དངོས་གྲུབ་སྒྲུབ་ཚུལ་དང་། ཕྱི་མ་སྟོང་ཕྱོགས་སྡེ་བརྒྱད་ཀྱི་དེ་ཉིད་ལ་བརྟེན་ནས་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་ཚུལ་ཡིན་འདྲ། གནས་ཁྱིམ་ཞེས་པའི་གནས་ཀྱི་དོན་ནི། ནང་དུ་རང་སྣང་དག་པར་གནས་གྱུར་པའི་རྩལ་ལས་ཕྱི་རུ་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་སྲུང་མར་གནས་འགྱུར་ཞིང་གོ་འཕོ་བའི་དོན་ཏེ། མདོར་ན་གནས་གྱུར་པའི་ཁྱིམ་ཞེས་པའོ། །ཚིག་ཟིན་དང་མཐུན་ཤས་མི་ཆེ་ཡང་དགོངས་པ་བཙལ་ནས་སོ། ཁྱིམ་དང་པོར་ཕྱིའི་སྡེ་བརྒྱད་ནང་ཚོགས་བརྒྱད་ཀྱི་རླུང་སེམས་ཀྱི་ངོ་བོར་བལྟས་ནས། དེ་ལ་བདེ་སྟོང་གི་ལྷ་སྐུས་རྒྱས་འདེབས་བྱེད་པ་ནི་ཕྱིའི་སྡེ་བརྒྱད་ནང་རླུང་སེམས་ལ་བསྲེས་པས་སྡེ་བརྒྱད་རང་སེམས་ཀྱིས་དབང་དུ་བྱེད་ཅིང་། དེ་ཉིད་ཀྱང་དག་པ་གཉུག་མའི་ཧེ་རུ་ཀས་དབང་དུ་བསྡུ་ཆེད་དོ། །དེ་ཉིད་སྣང་ལ་རང་བཞིན་མེད་པར་རྟོགས་པས་ཞེས་ཧེ་རུ་ཀ་རེ་རེ་ཞིང་གི་ཐད་དུ་སྣང་བས་བདེ་སྟོང་ཞེས་པ་འགྲིགས། དགྲའི་ཚོགས་བརྒྱད་སྡེ་བརྒྱད་དུ་བལྟས་ནས་སྡེ་བརྒྱད་གཤེད་འབེབས་ཀྱིས་གཤེད་དུ་སྐོར་བ་ནི་རང་སྲོག་རང་གིས་

TN03_Page_1068
[མ་དཔེ་གཟིགས་ན་འདིར་གནོན།]

(༦༤༩)གཅོད་པའི་ཆེད་དེ། ཁོ་ཉིད་ཀྱི་རླུང་སེམས་ཁོ་རང་གི་གཤེད་ཡིག་སློང་རྐྱེན་དུ་བསྒྱུར་བའོ། ཁྱིམ་གསུམ་པར་བདག་གཞན་གཉིས་སུ་མེད་པ་ཞེས་པའི་གཞན་ནི་སྡེ་བརྒྱད་ལྷ་སྲུང་ལ་བྱ་སྟེ་དེའི་རྒྱས་བཤད་དུ་གསལ། གསུམ་པ་འདིར་ཚོགས་བརྒྱད་དུག་ལྔ་སོགས་འོད་གསལ་དུ་སྦྱངས་པའི་རང་རིག་གི་དག་ལྡོག་རྣམས་སྡེ་བརྒྱད་དང་དྲེགས་པ་སྡེ་ལྔ་སོགས་ཀྱི་དེ་ཉིད་དུ་བཞག་ནས་དེ་ལ་གོམས་པར་བྱ་བ་ཡིན་ཏེ་གཞུང་ལས། སེམས་ཉིད་དྲི་མ་དག་པ་སྟེཿ སྣང་སྲིད་ལྷ་འདྲེར་ལྷུན་གྱིས་གྲུབཿ བྱས་པ་མེད་པ་རང་བྱུང་བསཿ མི་འགྱུར་རྡོ་རྗེའི་ཁྱིམ་ཞེས་བྱཿ ཞེས་སོ། །ལྷ་འདྲེ་ཆུང་ངུ་ལས་ཀྱང་དངོས་གྲུབ་ཆེ་ལ་མང་བ་འབྱིན་པའི་གནད་ནི་གསུམ་པ་འདི་ཡིན་ཏེ། ཟབ། ༈ བརྟན་གཡོ་ཐམས་ཅད་ཟིལ་གནོན་འཁོར་འདས་ཀུན་ལ་དབང་སྒྱུར་བདེ་ཆེན་རྟོགས་པ་ཕུལ་དུ་བྱུང་བའི་རྒྱལ་སྲིད་མི་འཕྲོགས་པ་སྟེར་ཆེད་བཞེངས་ཕྱིར་ཚོང་པ་རྫས་མང་བཞིན་དུ་དངོས་གྲུབ་ཆེ་ལ་ཟིལ་གནོན་དེ་ཀའི་གནད་ཀྱིས་བར་ཆད་ལྡང་མེད་བྱེད་པས་སྐྱེལ་མ་དཔུང་ཆེན་འདྲ། སོར་རྟོག་ཡེ་ཤེས་ཆོས་སྨྲ་མཁས་པ་ཡིན་ཏེ་སྙིང་རྗེའི་རྒྱ་མཚོ་འགྲོ་འདུལ་ཕྲིན་ལས་བདག་པོའང་དེར་བསྔགས། དེ་ཡི་དཔུང་ནི་རིག་སྔགས་རྡོ་རྗེའི་ལུས་མངའ་འཇིག་རྟེན་དབང་མཛད་ཁམ་གསུམ་རྫུ་འཕྲུལ་རྐང་པས་མཐར་བྱེད་ཉིད་དུ་གནས། ༈ ཐུགས་ཡིད་སྲེ་དུས། ཇོ་བོས་དེ་ལ་མི་ཕན་ན་

TN03_Page_1069
[མ་དཔེ་གཟིགས་ན་འདིར་གནོན།]

(༦༥༠)བླ་མས་ཅི་བྱེད་ཅེས་དང་། བློ་གྲོས་རྒྱ་མཚོས་ཞུས་པར། ཞིང་པ་གཉིད་ལོག་ཀྱང་ཞིང་ཐམས་ཅད་དུ་ཆུ་འཛུག་པའི་དཔེས་གསུངས་ལྟར། བླ་མ་ཉིད་འོལ་སྤྱི་མིན་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣལ་འབྱོར་བླ་མེད་པའི་ཤེར་ཕྱིན་མཐར་ཐུག་གི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ། སེམས་ཅན་རེ་རེ་ནས་དེ་ཁོ་ནའི་ཆེད་དུ་ཆོས་དབྱིངས་བསམ་མི་ཁྱབ་ཀྱི་བསམ་གཏན་མཛད་པ་འདྲ་བ་ཡོད་པས། གདུལ་བྱས་དེ་ལ་ཡིད་ཆེས་ཐོབ་ནས་རིག་པ་གཏད་ཐུབ་པ་ཙམ་གྱིས་བྱིན་རླབས་འཇུག་པ་ཡིན་ནོ།། ༈ །།ཤར་གྲོལ་གྱི་གནད་ལ། རྣམ་རྟོག་ཤར་དུས་དེའི་ངོ་བོ་བལྟས་ན་འཁྲུལ་པ་ལ་རྗེས་འདེད་བཏང་བ་སྟེ་ཀུན་རྟོག་ལུ་གུ་རྒྱུད། རྣམ་རྟོག་ཡལ་བའི་ངང་ལ་གློད་ན་རང་ངོ་ཤེས་པའི་ལྷག་མཐོང་གི་གནད་མེད་པས་མུན་སྒོམ། རྣམ་རྟོག་སྔ་ཕྱིའི་བར་སེངས་ཀྱི་དྭངས་བཙལ་ན་བླང་དོར་རིས་ཆད་ཅན་ཡིན་པས་དེ་འདྲ་ཐམས་ཅད་ཐུན་མོང་གི་ཚུལ་དང་འདྲེས་པ་རེད། སྙིང་ཐིག་གསང་བའི་གནད་ནི། རིག་པ་ཟང་ཐལ་རྗེན་ལ་བུད་པའི་དང་དེར་རང་བབས་སུ་འཇོག་པ་ཉིད་ལས་གཞན་གང་ལའང་ལྟོས་མི་དགོས་ཞེས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གསུངས། ཁ་ཅིག་ངོ་བོ་མི་རྟོག་པར་སྐྱོང་། རྩལ་ཤར་གྲོལ་དུ་འཁྱེར་ཟེར་བའང་ཉམས་ལེན་ཆ་གཉིས་སུ་གཅོད་པ་མི་རིགས་ཞེས་ཀུན་མཁྱེན་སྔ་ཕྱི་གཉིས་ཀས་གསུངས། ༈ རྟ་སྐད་ལ། རྗེས་ཆགས་

TN03_Page_1070
[མ་དཔེ་གཟིགས་ན་འདིར་གནོན།]

(༦༥༡)ཀྱི་འཚེར་སྒྲ་ཞེས་པ་བདེ་བས་ཐབས་བྱས་པའི་རིག་པ། རྟ་སྐད་ནམ་མཁར་བསྟོད་དེ་འཚེར་བ་ཐུགས་རྗེའི་རིག་པ་ངོ་བོ་སྟོང་པའི་དབྱིངས་སུ་རྒྱ་གྲོལ་དུ་སྲེ་བ། དེ་ལྟར་འཚེར་བས་སྣོད་བཅུད་དབང་དུ་བྱེད་པ་རིག་པ་དབྱིངས་ཐོག་ནས་མ་གཡོས་པར་བཞག་པ་རང་གིས་སྣང་སྲིད་ཅིར་སྣང་ཐམས་ཅད་རང་སྣང་ཟང་ཐལ་དག་མཉམ་རིས་མེད་དུ་ཤར་ནས་རིག་ཐོག་ཏུ་ཚུར་འདུ་བ། རྟ་ཁ་རྩལ་ཆེ་ཞིང་སྒྲོལ་ཤུགས་ཆེ་བ་འོད་གསལ་ལམ་བྱེད་ཀྱི་གནད་དེས་ས་ལམ་རིམ་བགྲོད་ལ་མི་ལྟོས་པར། ཡེ་ཤེས་བླ་མའི་ས་ལ་ད་ལྟ་ཕྱིན་ཞེས་པ་ལྟར་ཏེ། འདི་སྐུ་གསུམ་རང་བབས་ཀྱི་དགོངས་པས་ཤེས་ལ། གོལ་སྒྲིབ་ཐམས་ཅད་རིག་པ་ཟང་ཐལ་གྱི་རྟོགས་པ་དེ་ཁོ་ནས་འབད་མེད་དུ་ཆོད་པ། རྟ་སྐད་གསལ་ལ་ངར་ཆེ་བ་རིག་པ་ལ་རང་བབས་ཀྱི་གསལ་ཆ་དང་། ངོ་བོའི་བཞུགས་ཚུལ་རྗེན་པར་རྟོགས་ནུས་ཀྱི་ངར་ཆའི་ཤུགས་རྣོ་བ། རྟ་མཆོག་བདེ་མྱུར་གྱི་ཐེག་པའམ་བཞོན་པའི་རྒྱལ་པོ་ཡིན་པ་རྩོལ་མེད་ཀྱི་ལམ་འདི་ཐེག་པའི་རྒྱལ་པོ་ཡིན་པ། རྩལ་གྱི་རིག་པ་འབྲལ་མེད་དུ་ཡོད་ཀྱང་ཇི་སྲིད་གཟུང་འཛིན་གྱི་རྣམ་རྟོག་ཁོ་ནས་འདི་དང་འདིའོ་ཞེས་རང་སྐད་སྨྲ་ཞིང་བརྡ་སྤྲོད་པའི་རིང་ལ་རིག་པས་རང་སྐད་མི་ཐོན་ལ། མན་ངག་ཟབ་མོས་རིག་པ་རྗེན་ལ་ཕྱུངས་པ་ན། དེ་ཉིད་ཀྱིས་རང་གི་ངོ་བོའི་དབྱིངས་གསལ་བར་ངེས་པའམ་རྟོགས་པའམ་བརྡ་

TN03_Page_1071
[མ་དཔེ་གཟིགས་ན་འདིར་གནོན།]

(༦༥༢)ཕྲད་པ་ནི་ནམ་མཁའ་ལ་སྒྲ་བརྙན་སྣང་བ་ལྟ་བུའི་རིག་པའི་རང་སྐད་ཐོན་པ་སྟེ། དེ་ལྟར་ཟབ་མོ་འབྱེད་པའི་ཤེས་རབ་ཀྱིས་ངེས་པའི་རང་སྐད་ཕུལ་དུ་བྱུང་བ་ཐོན་ཡང་འདི་དང་འདིའོ་ཞེས་ཡིད་ཀྱིས་བརྗོད་པའི་རྣམ་པར་མི་གསལ་བས། ནཱ་ད་མི་གསལ་བའི་སྒྲ་ལའོ། །ཞེས་པ་ལྟར་ནཱ་དའི་རང་བཞིན་གྱི་བཞད་པ་སྟེ་ཚིག་འབྲུ་འདི་ཞེས་བྱར་མེད་པ་རེད་དམ་བརྟགབདེ་བས་ཐབས་བྱས་པའི་རིག་པ་ཞེས་པ་འཚེར་སྐད་ལ་སྦྱར་བ་དེ་ནི། སྙན་རྒྱུད་རྟ་མགྲིན་ལས། དབང་གསུམ་པས་དགའ་བཞི་ངོ་སྤྲོད་བསྟན་པའི་དེ་མ་ཐག་པར། རྡོ་རྗེ་རྟ་སྐད་འཚེར་བའི་དབྱངསཿ གསལ་ཞིང་༴ རང་བྱུང་དཀྱིལ་ནས་བསྒྲགསཿ ཞེས་འབྱུང་བར་མཐུན་ཏེ། གསུམ་པའི་དཔེའི་ཡེ་ཤེས་ཀྱིས་མཚོན་ནས་བཞི་པའི་ཡེ་ཤེས་ངོ་སྤྲོད་ལུགས་ཀྱིས་ཤེས་པའི་ཕྱིར། འོད་གསལ་གྱིས་རང་གི་གནས་ལུགས་རྟོགས་པའམ་བརྗོད་པ་ལ་རྟ་སྐད་དུ་འཇོག་པ་ནི་རྟ་སྐད་ཐག་རིང་དུ་ཐོས་པས་མཐོར་ཐོས་ཞེས་སྐད་གསལ་བའི་དཔེར་བྱེད་པ་ལྟར་འོད་གསལ་ནང་དུ་མ་གབ་པར་ནང་ཕུང་ཁམས་དང་། ཕྱི་ཡུལ་སྣང་གང་ཤར་ཅི་སྣང་ཐམས་ཅད་ཀྱི་སྟེང་དུ་འོད་གསལ་གྱི་རང་སྐད་གསལ་བར་ཐོན་ནས་ཡུལ་སེམས་ཇི་ལྟར་ཤར་ཅི་ཙམ་སྣང་ཡང་སྐད་དེས་མ་ནོན་མ་ཁེབ་པ་མེད་པར་རམ་སྐད་དེ་ལས་ཕྱི་རོལ་དུ་འགྲོ་ས་མེད་པར་ཟིལ་གྱིས་མནན་པ་ཅིག་གི་སྟེང་ནས་འཇོག་དགོས་པས་རླུང་སེམས་དབུ་མར་ཐིམ་པའི་འོད་གསལ་ལྟ་

TN03_Page_1072
[མ་དཔེ་གཟིགས་ན་འདིར་གནོན།]

(༦༥༣)བུ་རྩལ་དུ་འདོན་ཕྱོགས་མ་མཛད་པར་ཐུགས་རྗེའི་རིག་པ་ཡུལ་ཐོག་ཏུ་འཆར་བར་འདྲ་བའི་སྟེང་ནས་བཞག་སྟེ། རོལ་པ་ཆོས་ཉིད་དུ་ཤར་བའི་སྟེང་ནས་སྣང་སེམས་དབང་དུ་སྡུད་ལུགས་བཞག་དགོས་པས་ས། །ཧྲཱི་དང་ཧཱུཾ་ཡིག་སོགས་འབྲི་དུས་ནཱ་ད་སྟེང་དུ་འཇོག་པ་ལྟར། ཧེ་རུ་ཀས་གསང་སྔགས་ཞལ་ནས་ཟློས་པའི་སྒྲ་བརྙན་ནཱ་ད་སྤྱི་གཙུག་ནས་འཚེར་སྒྲའི་རྣམ་པར་འབྱུང་བའོ། །དྲིལ་བུའི་སྒྲ་གདངས་མི་གསལ་བར་སོང་བའི་ནཱ་ད་ལྟ་བུ། ༈ དབང་དྲག་གི་མེ་འོད་ཚ་ཞིང་རྣོ་བས་སྡེ་བརྒྱད་ཐམས་ཅད་ཀྱི་རླུང་སེམས་ཐིག་ལེ་ཆེས་ཆེར་གདུང་སྟེ་གདུག་སེམས་ཁེངས་དྲེགས། དཔའ་བརྟན་གྱི་བརླིང་ཆ་ཐམས་ཅད་མར་གོང་འཁོང་པ་ལ་མེ་ཟེར་བརྒྱབ་པ་ལྟར་རང་དབང་མེད་པར་བཤིགས་ཏེ། སླར་རྒོལ་བ་དང་། གཞན་དུ་འབྲོས་པའི་མཐུ་མེད་པར་རིམ་དྲག་པོས་མྱོས་པ་བཞིན་དུ་སོང་བར་བསམ་པ་ནི་ཛབ་དགོངས་གསུམ་པ་སྟེ་སྡེ་བརྒྱད་དབང་སྡུད་ཀྱི་གཞི་སྒྲུབ་པ་རེད་དམ་དང་། དེ་ནས་ཛབ་དགོངས་ལྔ་པ་ཟུར་ཐོ་ལྟར་བྱས་པས་དབང་དུ་སྡུད་པའོ་སྙམ་དཔྱད། ཡང་ན་མྱོས་པ་བཞིན་དུ་སོང་བའི་བར་དེ་བཞིན་ལ། སོང་བའི་མཐར་ཀེ་ཏ་ཀའི་མེ་ཏོག་སྤོས་ཀྱི་གླང་པོ་ཆེའི་མེ་དྲོད་ཀྱིས་གདུང་བའི་དབང་གིས་གླ་རྩི་ལྟ་བུའི་ཁམས་སུ་འགྱུར་བའམ། རྒྱ་མཚོའི་ཀླུ་མཁའ་ལྡིང་གིས་མེར་སྦྱང་བས་ནོར་བུ་ཏོག་གི་བློ་གྲོས་སུ་འགྲོ་བ་ལྟར་བདག་ཧེ་རུ་ཀ་ལ་

TN03_Page_1073
[མ་དཔེ་གཟིགས་ན་འདིར་གནོན།]

(༦༥༤)དགའ་གུས་དུང་གསུམ་གྱི་རང་བཞིན་ཁོ་ནར་ཞུ་སོངས་བར་བསམ། ༈ མཉམ་བཞག་གི་སྟེང་དུ་དྲན་པ་མི་འཇོག་པར། དྲན་པ་རང་མཉམ་བཞག་གི་ངོ་བོར་རྫོགས་པ་ཞེའོ། །དེ་རབ་ཡིན། དེའི་སྔོན་དུ་དྲན་པ་རྣམ་རྟོག་ཏུ་སོང་ཚེ་ཡེངས་པ་རེད་ལ། སླར་དྲན་པ་སླེབས་ནས་མཉམ་བཞག་གི་སྟེང་དུ་ཐོན་དུས་སྒོམ་རེད། ཇི་ཞིག་ན་འདུ་བྱེད་ཀྱི་དྲན་པ་ཤུགས་ཆེར་སོང་ནས་རྣམ་རྟོག་སྐྱེས། ཅི་ཙམ་སྐྱེས་ཀྱང་དྲན་པ་འཕྲོག་མི་ཐུབ་པར་རྣམ་རྟོག་དྲན་པར་ཆ་གསུངས། ༈ རྩ་བ་ནང་དུ་ཆོད་ཚེ་རྣམ་རྟོག་ཤར་ཡང་དྲེས་ཐག་མེས་ཚིག་གི་ཐལ་བ་འདྲ་གསུང་། དང་པོར་དྲན་པ་ལ་མཐིལ་བཅོལ་དགོས། མཐར་དྲན་པ་རང་དག་ལ་འགྲོ་དགོས་པ་ནི་འདག་བཟོ་བྱེད་དུས་དང་པོ་འདམ་པ་གལ་ཆེ། མཐར་སྐམ་ཐག་ཆོད་པ་གལ་ཆེ་བ་ལྟ་བུ་སོགས། ༈ ཐ་མལ་གྱི་སྣང་ཞེན་གཉིས་སྦྱོང་ལུགས་ཁྲེགས་ཆོད་དུས་གང་སྣང་ཡེ་ཤེས་ཀྱི་རང་སྣང་ཁོ་ནར་ཤར་བས་སྣང་བ་སྦྱོང་། རྩ་བ་ཆད་པས་ཞེན་པ་སྦྱོང་། ཐོད་རྒལ་གྱིས་སྣང་བ་གཅོད་པ་སླ། ཤེས་རབ་རང་བྱུང་སྒྲོན་མས་ཞེན་པ་གཅོད། འོན་ཀྱང་གཙོ་བོར་ཁྲེགས་ཆོད་ཀྱིས་ཞེན་པ་དང་། ཐོད་རྒལ་གྱིས་སྣང་བ་སྦྱོང་། མ་དག་འཁྲུལ་པའི་གཞི་རྩ་ཁྲེགས་ཆོད་ཀྱིས་གཅོད། དག་པ་ཡེ་ཤེས་ཀྱི་སྣང་བའི་རྩལ་ཆེན་ཐོད་རྒལ་གྱིས་རྫོགས། ༈ རྩལ་གྱི་རིག་པ་རྟ་སྐད་དུ་འཇོག་པའི་གནད་ནི་འདི་ལྟར་ཡིན་ནམ་སྟེ། ད་ལྟ་འདིའོ་

TN03_Page_1074
[མ་དཔེ་གཟིགས་ན་འདིར་གནོན།]

(༦༥༥)ཞེས་དང་འདི་ལྟ་བུའོ་ཞེས་ངོ་བོ་དང་ཁྱད་པར་སོགས་སུ་རྟོག་པའི་ཡིད་ཀྱི་བརྗོད་པ་ནི་རྣམ་རྟོག་ཕྲེང་བ་རེད་ལ། དེ་དངོས་གློ་བུར་གྱི་དྲི་མ་སྦྱང་བྱའི་ཆར་གཏོགས་རེད་ཀྱང་། རོང་ཟོམ་གྱིས་སེམས་ཀྱི་གཤིས་ལ་དེ་ལྟ་བུའི་རྩལ་ཡོད་པས། ཞེས་པ་ལྟར་དེ་འདྲའི་ཀུན་རྟོག་སྤྲོ་བའི་རྩལ་གྱི་ཆ་གཉུག་མའི་སྟེང་ན་ཡོད་པས་དེ་ལྟར་ཤར་ལ། གཉུག་མའི་སྟེང་གི་རྩལ་དེ་ནི་ཀུན་རྟོག་སྤྲོ་བྱེད་ཀྱི་འཆར་གཞིའམ་རྩལ་དུ་ཤར་ཡང་། འདི་དང་འདིའོ་ཞེས་པའི་འཛིན་ཆའམ་འཛིན་སྟངས་ཀྱི་བརྗོད་པར་མི་གསལ་བས། སྒྲ་ཐམས་ཅད་ལ་ང་རོའམ་ནཱ་དས་ཁྱབ་པ་ལྟར། ཡིད་ཀྱི་བརྗོད་པ་ཐམས་ཅད་ཀྱི་དབྱིངས་སམ་ཁམས་ན་ནཱ་དའི་ཚུལ་དུ་ཁྱབ་པར་བཞུགས་སོ། །བསམ་གཏན་གཉིས་ཀྱི་སྡུད་རིམ་སོགས་ཀྱིས་འོད་གསལ་འཆར་དུས་ནི་བརྗོད་པ་དང་ནཱ་ད་དེ་དག་གཉིས་ཆར་བསྡུས་འགྲོ་ཞིང་། ད་ལྟ་ཡིད་ཀྱི་བརྗོད་པ་སྣ་ཚོགས་དང་འདྲེས་ཚེ་ནི་ཆུ་རྙོག་མས་བསླད་ཚེ་དྭངས་ཆ་མི་མངོན་པ་ལྟ་བུར་ནཱ་ད་དེ་གསལ་བར་མི་རྟོག་ལ། བཞག་ཐབས་ཟབ་མོས་ཡིད་ཀྱི་བརྗོད་པ་རྣམས་བཅད་དེ་ནཱ་ད་རྗེན་ལ་བཏོན་དུས་ངོ་བོ་སྟོང་པའི་དབྱིངས་སུ་ལྷག་མཐོང་གི་ནཱ་ད་གསལ་ཞིང་ངར་ཆེ་ལ་ངོས་བཟུང་མེད་པར་མཆེད་འགྲོ་སྟེ། དེ་ཉིད་ལ་འཚེར་སྐད་ཅེས་བྱའོ། །ཐུགས་རྗེའི་རིག་པ་ལ་མཁྱེན་ཆ་ལྷག་པའི་གནད་ཀྱང་འོད་གསལ་

TN03_Page_1075
[མ་དཔེ་གཟིགས་ན་འདིར་གནོན།]

(༦༥༦)གྱི་སྟེང་གི་སོ་སོར་ཀུན་ཏུ་རྟོག་པའི་རང་རྩལ་རྗེན་ལ་ཐོན་པ་འདིའི་སྟེང་ནས་ཤེས་དགོས། འདི་རྫོགས་ཆེན་ལྟར་སྦྱོར་བའི་འཆར་གཞི་ཡིན་གྱི། །རྫོགས་རིམ་པའི་ནཱ་ད་སྤྱིའི་འགྲོས་ཙམ་མི་བཏུབ་བམ་སྟེ་བདེ་ཆོག་སོགས་ཀྱི་རྫོགས་རིམ་དུས་དྷ་ཏིར་ནཱ་ད་འཇོག་ཐད་ལྟོས། འདི་ལྟར་དེ་རྣམས་ཀྱི་ནཱ་ད་ནི་རླུང་སེམས་ཀྱི་ཆ་ལ་འཇོག །དེ་ལ་རྫོགས་ཆེན་པས་བལྟས་དུས་རླུང་སེམས་གར་ཡོད་ལ་བཤད་མ་ཐག་གི་ནཱ་ད་དེ་སྲོག་ཏུ་ཡོད་ཅིང་། རླུང་སེམས་དབུ་མར་བསྡུ་བའི་མན་ངག་གིས་དེ་རྣམས་ཕྱོགས་གཅིག་ཏུ་འདྲིལ་ནས་དྷུ་ཏིར་གོང་བུའི་ཚུལ་དུ་གྱུར་པ་དེ་དྷུ་ཏིའི་ནང་གི་ནཱ་དར་བྱེད་པར་སོང་བ་འདྲ། མདོར་ན་སེམས་ཅན་དུས་རིག་པའི་ནཱ་ད་དེ་འཁྲུལ་པའི་བརྗོད་པ་ཐམས་ཅད་ཀྱི་རྒྱུ་ཡིན་ཅིང་། སངས་རྒྱས་དུས་མི་ཤིགས་གཉུག་མའི་ནཱ་ད་རྗེན་པ་ཁོ་རང་སོར་རྟོག་གི་རྩལ་མཆེད་ཅིང་དེ་ཉིད་བརྗོད་པ་ཟད་མེད་དུ་ཤར་བ་ལ་གསུང་རྡོ་རྗེ་ཟེར་བས་གསུང་རྟ་སྐད་ལ་ངེས་པ་སྟེར་རོ། །རྟ་སྐད་ཐེང་གཅིག་གི་དགོངས་པ། ༈ ལུགས་འདིར་སྣང་བ་ཐམས་ཅད་རིག་པའི་རང་རྩལ་དུ་ལྟ་བ་གོ་བ་དེ་ཡང་། སྣང་ཡུལ་འདི་ལྟར་ལྟ་བ་མི་གསལ་བས་སྣང་སྲིད་ཐམས་ཅད་རང་སྣང་རིས་མེད་དུ་མི་འཆར་རམ་ཞེ་ན། སྐྱོན་མེད་དེ། སྣང་བ་རིག་རྩལ་དུ་ཤར་བ་ཉིད་ཀྱིས་སྣང་ཡུལ་ཡང་དེ་ལྟར་འཆར་ཐུབ་པའི་ཕྱིར་ཏེ། འདིར་

TN03_Page_1076
[མ་དཔེ་གཟིགས་ན་འདིར་གནོན།]

(༦༥༧)སྣང་ཡུལ་གྱིས་སྣང་བ་ཚུར་མ་སྤྲུལ་གྱི། སྣང་བས་སྣང་ཡུལ་ཕར་བཞག་པའི་ཕྱིར་ཏེ། སྣང་བ་དགའམ་སྡུག་ཉམས་གྱིས་སྣང་ཡུལ་ཡིད་འོང་ཡིན་མིན་སྤྲུལ་ཞིང་ངམ་འཇོག་ཅིང་། སྣང་བ་ཕྱིན་ལོག་པའི་དབང་གིས་སྣང་ཡུལ་བསླུ་བ་དང་རྫུན་པར་འཇོག་པ་སོགས་ལྟ་བུའོ། །འདི་ལ་ཕན་པའི་ལུང་ཞིག་ཡེ་ཤེས་ཀློང་རྒྱུད་ན་ཡོད་སྣང་ཤར། ༈ བླ་མེད་རྒྱུད་གཞན་དུ་རྫོགས་རིམ་ལམ་གྱི་འོད་གསལ་འཆར་བ་ལ་སྔོན་དུ་རགས་པའི་རྩ་རླུང་ཐིག་ལེ་ལས་སུ་རུང་བར་སྒྲུབ་དགོས་པས་ཡེ་ཤེས་སྐྱེ་བ་ལ་ཅུང་ཟད་ཡུན་རིང་དགོས། དེ་དག་ལས་རུང་ཕྱོགས་ཐམས་ཅད་ནས་ཕུལ་དུ་བྱུང་བ་ཐོབ་པ་ལ་མི་ཤིགས་པའི་སེམས་འཛིན། རྡོར་བཟླས། དྷུ་ཏིའི་ཡར་སྣ་མར་སྣ། ལྟེ་བའི་གཏུམ་མོ་སོགས་ཀྱི་སེམས་འཛིན་སྣ་ཚོགས་དང་། ལས་རྒྱའི་ཐབས་སོགས་བརྟེན་དགོས་པས་ཚེགས་ཀྱང་ཆེ། ཐུན་བར་དུ་ལས་རླུང་ལང་ཡོད་བས་འོད་གསལ་བརྟན་དཀའ་བ་སོགས་རེད། འདིའི་རིག་པ་རང་སྣང་གི་བློ་ཅན་འཁྲིད་དུས། འོད་གསལ་རྩལ་ཐོག་ཉིད་ནས་ཐད་ཀར་ངོ་སྤྲོད་པ། འོད་གསལ་ལམ་བྱེད་རྐྱང་བས་རླུང་སེམས་རགས་པ་ཐམས་ཅད་ལས་རུང་དུ་བྱེད་པ། འོད་གསལ་དང་སྒོམ་བརྟན་ནས་མཉམ་རྗེས་ཀུན་ཏུ་དྭངས་ཆ་དང་གསལ་ཆ་ཆེ་ཆུང་ཙམ་ལས་འོད་གསལ་རིས་མེད་དུ་འཆར་བའི་ཁྱད་སོགས་ཡོད། ཨཱང་རྟགས་ཅན་ལ། གཞན་གྱི་གཏུམ་མོ་དང་། རྡོར་བཟླས་སོགས་སེམས་འཛིན་དེ་

TN03_Page_1077
[མ་དཔེ་གཟིགས་ན་འདིར་གནོན།]

(༦༥༨)ཙམ་མང་བ་ལས། རླུང་སེམས་འདུལ་བ་རིག་པ་རྐྱང་དེ་དག་གཅིག་པུ་རང་རྣོལ་མཐུ་ཆེ་བ་ནི། རྩ་རླུང་ཐིག་ལེ་ཐམས་ཅད་ཀྱི་རྩ་བའི་གནད་མཐར་ཐུག་འོད་གསལ་གཅིག་པུ་ཡིན་པའི་རྒྱུ་མཚན་གྱིས་སོ། ༈ །ལུགས་འདིར་སོ་རིག་བཞི་དང་མངོན་ཤེས་དྲུག་སོགས་མཐར་ཐུག་མངོན་དུ་ནམ་འགྱུར་ཞེ་ན། ཆོས་ཟད་ཀྱི་མཐར་སྒྲིབ་པ་ཀུན་བྲལ་གྱིའམ་ཤིན་ཏུ་རྣམ་དག་གི་ངོ་བོ་སྟོང་པའི་དབྱིངས་མཐར་ཐུག་མངོན་དུ་གྱུར་པ་དང་དུས་མཉམ་དུ་མེ་ལོང་གཡའ་དྲི་ཕྱིས་མ་ཐག་གཟུགས་བརྙན་བཀྲ་ལམ་མེ་འཆར་བ་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་གྱུར་དུ་འོང་སྟེ། དེའི་དུས་སུ་རང་བཞིན་གསལ་བའི་སྣང་ཆ་སྤྲོ་སྡུད་དང་། ཐུགས་རྗེའི་རིག་པ་སྤྲོ་སྡུད་བྱེད་པའི་རླུང་གི་ཆ་མ་ལུས་པར་དག་ནས། གདོད་མའི་གཤིས་ལ་ངོ་བོ་རང་བཞིན་ཐུགས་རྗེའི་ཆ་ཇི་ལྟར་ཡོད་པ་མཐའ་དག་འཆར་ནུབ་འཕེལ་འབྲི་མེད་པར་ལྷང་ལ་བུད་པའི་ཕྱིར་ཏེ། ཡེ་ཤེས་གཅིག་ཉིད་ཡེ་ཤེས་རྣམ་པ་ཐམས་ཅད་པར་སོང་བའོ། །ངོ་བོའི་དབྱིངས་མངོན་དུ་བྱས་སྟོབས་ཁོ་ནས་སྣང་ཕྱོགས་ཀྱི་ཡོན་ཏན་མཐའ་དག་མངོན་དུ་འགྱུར་བ་འདི་ནི་ཇི་ལྟ་བའི་ཡེ་ཤེས་ཉི་མའི་སྙིང་པོ་དང་། ཇི་སྙེད་པའི་ཡེ་ཤེས་སམ་མཁྱེན་ཆ་དེའི་འོད་ལྟ་བུར་རྒྱུད་བླའི་ཐོགས་འགྲེལ་དུ་གསུངས་པ་དང་། ཆོས་ཀྱི་དབྱིངས་ཞེས་པའི་སྒྲ་དོན་སོགས་དང་ཆེས་འགྲིགས་སོ། །གཞི་ལས་འཕགས་དུས་ཀུན་བཟང་ཁྱད་ཆོས་དྲུག་གིས་སངས་རྒྱས་ཏེ། ཐམས་ཅད་མཁྱེན་པ་དང་རྣམ་པ་ཐམས་

TN03_Page_1078
[མ་དཔེ་གཟིགས་ན་འདིར་གནོན།]

(༦༥༩)ཅད་མཁྱེན་པ་གཉིས་གྲུབ་ཚུལ་ཐེག་མཛོད་གཞི་སྣང་གི་རིམ་ཁང་ལས་བཤད་པ་སོགས་དང་ཡང་སྒྲིགས། ༈ ངོ་བོ་དང་རང་བཞིན་གཉིས་ཀ་བལྟ་བའི་མིག་མཐར་ཐུག་ནི་ཐུགས་རྗེའི་རིག་པ་སྟེ། འདིས་ངོ་བོའི་དབྱིངས་ལ་འཇུག་ཚུལ་ཁྲེགས་ཆོད་ཀྱི་མན་ངག་དང་། རང་བཞིན་གསལ་བ་དྲུངས་བཏོན་ནས་བལྟ་བ་ནི་རིག་པ་དེ་རྒྱ་མཚོ་གསེར་གྱི་ཉི་མའི་རྩ་ནས་ནམ་མཁའ་ལ་གཏད་པས་འགྲུབ་བོ། །སྙིང་རྗེ་ཅན་ཡིན་ཡང་སྙིང་རྗེའི་ཤུགས་ཕྱུང་མ་ཕྱུང་གི་སྐབས་མང་པོ་ཡོད་ལ། སྙིང་རྗེའི་དབང་གིས་བ་སྤུ་གཡོ་བ་ནི་སྙིང་རྗེའི་ཤུགས་ཕྱུངས་པ་ཡིན་ཏེ། སྙིང་རྗེ་ལྤགས་ལ་བབ་པ་རེད། ངུས་ནས་མཆི་མ་འབྱིན་པ་ནི་དེ་བས་ཀྱང་ཤུགས་ཕྱུངས་པ་ཡིན་ཏེ། ཤ་ལ་བབས་པ་ཞེས་བྱ། ཚིག་ཏུ་རང་དབང་མེད་པར་འབྱིན་པ་ནི་དེ་བས་ཀྱང་ཤུགས་ཕྱུངས་ནས་རྩལ་སྤྲུགས་སུ་བྱས་པ་ཡིན་ཏེ། སྙིང་རྗེ་རུས་ལ་བབས་པའོ། །དེའི་རིགས་པས་དཔྱད་ཚེ། ལྷ་མོ་སྒྲོལ་མ་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་བཤུམ་པའི་སྤྱན་ཆབ་ལས་འཁྲུངས་པའམ་སྤྲུལ་པས་འཇིགས་པས་ཉེན་པ་རྣམས་ལ་ཐུགས་རྗེ་ཆེན་པོའི་ཤུགས་ལྷག་པར་ཕྱུངས་པའི་རྣམ་འཕྲུལ་ཡིན་ལ། རྟ་མགྲིན་ནི་ཐུགས་རྗེའི་ཤུགས་ཀྱིས་སྐད་ཕྱུངས་པའི་རྣམ་འཕྲུལ་ཡིན་པས་མྱུར་བའི་ནང་ནས་ཀྱང་མགྱོགས་སོ། །དེས་ན་སེམས་ཅན་སྒྲོལ་བའི་སྟོབས་མཚུངས་མེད་འཕགས་པ་ལོ་ཀི་ཤྭ་ར་ནི་འཁོར་སྒྱུར་གྱི་གླང་པོ་རིན་ཆེན་

TN03_Page_1079
[མ་དཔེ་གཟིགས་ན་འདིར་གནོན།]

(༦༦༠)ལྟར་གཞན་ཕན་གྱི་སྟོབས་ཀྱི་རྩ་བའི་བདག་པོ་དང་། པདྨའི་རིགས་ཀྱི་ལྷ་གཞན་ཡང་དེའི་སྙིང་རྗེའི་རྩལ་ཤུགས་ལས་སྤྲུལ་མོད་ཀྱི། གླང་པོ་རིན་ཆེན་བང་ཧ་ཅང་བཏང་སྟེ་གླིང་བཞི་རི་མཚོར་བཅས་པ་རྫ་མཁན་གྱི་འཁོར་ལོ་ལྟར་སྣང་བའི་གནས་སྐབས་ལས་ཀྱང་བརྒལ་ནས། མི་གཡོ་བར་ལྷན་ནེ་གནས་པར་སྣང་བའི་གནས་སྐབས་སུ་འདུག་པ་ལྟ་བུར་ཐུགས་རྗེའི་ཤུགས་ཕྱུངས་པའི་གནས་སྐབས་མཐར་ཐུག་ལ་བཞུགས་པ་ནི་སྒྲོལ་མ་དང་། རྟ་མགྲིན་ཏེ། དེ་ལས་ཀྱང་བརྩེ་བའི་ཉམས་སྐད་ཀྱི་སྒོར་ཐོན་པའི་སྤྲུལ་པ་ཕྱི་མའོ། །ཐུགས་རྗེའི་རྩལ་ཤུགས་མ་ལུས་པ་རྫོགས་པར་ཕྱུང་བའི་སྐུའི་རྣམ་འགྱུར་ཐུན་མིན་ཡིན་པ་འདི་འདྲའི་གནད་ཀྱིས། དཔུང་བཟང་ལས་འདི་ཉིད་པདྨའི་རིགས་ཏེ་སྙིང་རྗེའི་རིགས་ཀྱི་ལྷ་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པར་གསུངས་སྙམ། ༈ ཁྲེགས་ཆོད་དུ་རིག་ཆ་ངོ་བོའི་དབྱིངས་སུ་འདྲེས་པའི་རིགས་པས། ཐོད་རྒལ་དུ་རིག་ཆས་གསལ་དྭངས་ཕུལ་བྱུང་རང་བཞིན་གྱི་ཆ་མངོན་དུ་བྱེད་ཕུལ་ཆེ། དེའང་རིམ་བཞིན་རིག་པ་མི་རྟོག་པའི་ངོ་བོ་སྐྱེ་ཕུལ་དང་། གསལ་དྭངས་ཀྱི་ངོ་བོར་སྐྱེ་ཕུལ་ཆེ་བའམ། མི་རྟོག་པ་འཐུག་ཚབས་དང་། གསལ་ཆ་འཐུག་ཚབས་ཆེ་བའོ། །དེ་ལྟར་རིག་ཆ་ལ་རང་བཞིན་གསལ་བའི་ངར་ཕུལ་བྱུང་ཐོགས་པ་འདི་རིག་པའི་དྭངས་མ་བསམ་གཏན་གྱི་ཐིག་ལེར་འདུས་པའི་དོན་ཏེ། རིག་པ་ངོ་བོའི་དབྱིངས་སུ་ཞུགས་ཚབས་ཆེ་རིམ་ལྟར་གསལ་མདངས་ཆེ་བས་དབྱིངས་སྒྲོན་གྱིས་ལུག་རྒྱུད་

TN03_Page_1080
[མ་དཔེ་གཟིགས་ན་འདིར་གནོན།]

(༦༦༡)ཐིག་སྒྲོན་དུ་འདྲེན་འགྲོ་བ་རེད། རང་བཞིན་གསལ་བ་འདི་ནི་ཏིང་ངེ་འཛིན་གྱི་ཆའོ། །དེ་ལྟར་ན་ལུག་རྒྱུད་ཐིག་སྒྲོན་དུ་ཚུད་པ་ནི། རིག་ཆ་ལ་གསལ་དྭངས་ཀྱི་ཏིང་འཛིན་གྱི་རྫོང་ཐོབ་པ་སྟེ། རིག་ཆ་ལ་གསལ་མདངས་སུ་འབར་བ་འདིའི་དབང་གིས་ཁྲེགས་ཆོད་ལས་ཐོད་རྒལ་ཤེས་རབ་ལྷག་པ་སྟེ། དེ་ལ་ཤེས་རབ་རང་བྱུང་སྒྲོན་མ་ཞེས་བྱ། །རིག་པས་ངོ་བོའི་དབྱིངས་རྟོགས་ཞེས་པ་ངོ་བོའི་དབྱིངས་ངོས་ཟིན་པ་དེ་བཞིན་དུ་རང་བཞིན་གསལ་བ་རྟོགས་པའང་དེ་ངོས་ཟིན་ནས་རང་ཉིད་དེར་འདྲེས་པ་རེད། རིག་ཆས་གསལ་མདངས་དེ་རྗེན་ལ་བཏོན་ནས་འབར་བར་བྱེད་ཅིང་རྒྱས་པར་བྱེད། གསལ་ཆ་དེས་ཀྱང་རིག་ཆ་གོང་འཕེལ་དུ་སྨིན་པར་བྱེད། དེ་དག་གི་རྩ་བ་རིག་ཆ་གསལ་མདངས་ཀྱི་ཐིག་ལེར་བཅུག་ནས་སྒོམ་པ་ལ་ཐུག་སྟེ། དེའི་ཕྱིར་ལུག་རྒྱུད་ཀྱིས་ཐིག་སྒྲོན་རྒྱས་པར་བྱེད། ཐིག་ལེས་ལུག་རྒྱུད་སྨིན་པར་བྱེད། གཉིས་ཀའི་རྩ་བ་ལུག་རྒྱུད་ཐིག་ལེར་བཅུག་ནས་སྒོམ་པའོ། །གསལ་ཆའི་བཅུད་རིག་ཆར་སྨིན་པ་འདི་ཉམས་གོང་འཕེལ་ནས་དང་། ངོ་བོའི་བཅུད་རིག་པར་སྨིན་པ་ཚད་ཕེབས།

TN03_Page_1081
[མ་དཔེ་གཟིགས་ན་འདིར་གནོན།]

(༦༦༢)

TN03_Page_1082
[མ་དཔེ་གཟིགས་ན་འདིར་གནོན།]

(༦༦༣)རྟ་སྐད་ཀྱི་དཀའ་གནད། ཕུར་པ་ཕྲིན་ལས་ཞེས་ཕུར་པ་ནི་ཕྲིན་ལས་ཀྱི་སྒོ་ནས་འཆད་ཅིང་། དེའང་ཐལ་འབྱིན་གྱི་ཕྲིན་ལས་སུ་རྫས་ཕུར་གྱི་བརྡ་རྟགས་ལས་སྟོན་ཏེ། རྡོ་རྗེ་ཕུར་པ་ཞེས་པའི་མཚན་ལས་ཀྱང་ཤེས་སོ། །དེ་བཞིན་དུ་པདྨ་གསུང་ཞེས་སྒྲུབ་ལུགས་འདི་ནི་གསུང་གི་སྒྲུབ་ལུགས་ཀྱི་སྒོ་ནས་འཆད་དེ། དེའང་འདིར་གསུང་ནི་རྗེས་ཆགས་ཀྱི་བདེ་བའི་རང་བཞིན་དང་། དབང་བྱེད་ཀྱི་ལས་ཅན་དུ་དབུ་གཙུག་རྟ་སྐད་ཀྱི་བརྡ་རྟགས་ལས་སྟོན་ཅིང་། གསུང་དེ་ལ་བརྟེན་པའི་སྒྲུབ་ལུགས་ཀྱང་སྤྱི་བོའི་རྟ་སྐད་ཀྱི་རྣམ་བཞག་རྒྱས་པར་བཤད་པ་ཉིད་ཀྱིས་སྟོན་ཏོ། །རྟ་མགྲིན་ཞེས་པའི་མཚན་གྱིས་ཀྱང་ཤེས་སོ། །རྣལ་འབྱོར་པས་རྡོ་རྗེ་ཕུར་པའི་ཐལ་འབྱིན་གྱི་ཕྲིན་ལས་གྲུབ་པ་ན་ཕྲིན་ལས་ཀྱི་དངོས་གྲུབ་དེ་སྔགས་པའི་རྒྱུད་ཀྱིས་བསྡུས་པ་ཡིན་ཡང་། དེའི་གྲུབ་རྟགས་སུ་རྫས་ཕུར་བཞད་པ་དང་མེ་འབར་བ་སོགས་འོང་བ་ལྟར། སྔགས་པའི་ངག་ལ་འཁོར་འདས་དབང་བྱེད་རྗེས་ཆགས་ཀྱི་བདེ་བའི་རིགས་ཀྱི་གསུང་གྲུབ་པའི་ཚེ་ནའང་དེར་གྲུབ་རྒྱུ་ནི་སྔགས་པ་རང་གི་ངག་རླུང་ཉིད་ཡིན་ཡང་། དེའི་གྲུབ་རྟགས་སུ་རྟ་སྐད་གཙུག་འབྱིན་འོང་བས། དེ་ནི་ངག་ལ་གསུང་རྡོ་རྗེ་གྲུབ་པའི་དྲོད་རྟགས་ཡིན་ནོ། །དེས་ན་དབང་ཆེན་ཧེ་རུ་ཀས་རང་ཉིད་ཀྱི་གསུང་དེ་རང་བཞིན་དང་བྱེད་ལས་ཇི་ལྟ་བུ་ཞིག་ཡིན་པ་བརྡ་རྟགས་ཀྱི་སྒོ་ནས་གདུལ་བྱ་ལ་

TN03_Page_1083
[མ་དཔེ་གཟིགས་ན་འདིར་གནོན།]

(༦༦༤)གསལ་པོར་སྟོན་ཆེད་རྟ་སྐད་གཙུག་བཞད་ཀྱི་རྣམ་པར་མཛད་པ་ཡིན་པས་སྤྱི་བོའི་རྟ་སྐད་ཀྱི་རང་བཞིན་དང་བྱེད་ལས་རྒྱ་ཆེར་བཤད་པ་ཉིད་ཀྱིས། །ངག་ལ་པདྨ་གསུང་གྲུབ་ཅེས་པའི་གསུང་དེའི་ངོ་བོ་ཉིད་དང་མཛད་པ་ཇི་ལྟ་བུ་ཡིན་པ་མཐའ་དག་གཏན་ལ་འབེབས་ནུས་པས་སྤྱི་བོའི་དེ་ཁོ་ན་བཤད་པ་ཡིན་པ་ལ། རང་བཞིན་དང་བྱེད་ལས་དེ་དག་སྤྱི་བོའི་རྟ་སྐད་ཁོ་ནའི་ཡིན་པར་གོ་བ་ནི་མཛུབ་མོས་ཟླ་བ་བསྟན་ཚེ་མཛུབ་རྩེར་ལྟ་བ་དང་འདྲའོ། །རྟ་སྐད་ཀྱི་དོན་ནི་རྗེས་ཆགས་ཀྱི་དབང་སྐད་ཅེས་པ་ཡིན་པས་ཚུལ་འདིས་དཔྱད་ན་རྟ་སྔགས་ཀྱི་བཟླས་པ་སོགས་རྟ་སྐད་དུ་མི་ཤེས་པར་རྟ་མགོའི་ཁ་ནས་བྱུང་བ་ཁོ་ན་རྟ་སྐད་ཀྱི་དོན་དུ་བཟུང་ན། རྒྱ་མཚོ་ལས་རླང་འཕྱུར་བ་བལྟས་ནས་ཆུ་ནི་སྐྱ་རྫས་འདི་ཉིད་དོ་ཞེས་པ་དང་འདྲའོ། ༈ འདིར་བྲིས་པ་འདི་ལྟར་ཤེས་ན་རྟ་སྔགས་ལ་བསྙེན་པ་བཏང་བ་ཉིད་རྟ་སྐད་ལ་བསྙེན་པ་བཏང་བར་འགྱུར་བས་སྔར་ཧྲཱིཿབཟླས་རྟ་སྐད་ཀྱི་བཟླས་པར་བཤད་པའི་སྐོར་སོགས་ནི་བྱིས་པའི་གཏམ་མོ། །དཔལ་ཧེ་རུ་ཀའི་དབང་དྲག་གི་གསུང་གི་ཆེ་རྟགས་རྫུ་འཕྲུལ་གྱི་བཞད་སྒྲ་སྤྲོ་ཚུལ་ལ་ལྟོས་ཏེ་དཔལ་གྱི་རྟ་སྐད། བཞད་པའི་ཡུལ་མ་མོ་མཁའ་འགྲོ་དེ་བཞིན་གཤེགས་པའི་ཕྱག་བརྙན་ཆེན་མོ་རྣམས་དབང་དུ་འདུ་ཚུལ་གྱི་རིམ་པ་ལ་ལྟོས་ཏེ་མ་མོའི་འགྱིང་སྐད། རྗེས་འཇུག་རྣལ་འབྱོར་པས་རྟ་སྐད་དེ་ཉིད་བསྙེན་སྒྲུབ་ཀྱིས་གྲུབ་པའི་རིམ་པ་ལ་ལྟོས་ཏེ་རྣལ་འབྱོར་བརྡ་སྐད་ཅེས་བྱས་ན་རྔོག་མ་ལེ་བརྒན་སོགས་ལ་

TN03_Page_1084
[མ་དཔེ་གཟིགས་ན་འདིར་གནོན།]

(༦༦༥)འགྲིགས་སམ་དཔྱད། ཕྱི་མ་འདིའི་ཐད། བསྙེན་པ་ཐེམས་པར་གྱུར་པ་ན། ཞེས་གསུངས་པས་མཚན་མའི་བསྙེན་པ་རབ་འབྲིང་ཐ་མའི་ཚད་ཀྱི་ཁྱད་པར་བཤད་པ་སྟེ། བཟླས་པ་ལ་རྟ་སྐད་ཀྱི་དྲོད་རྟགས་དངོས་རང་ཐོན་པ་དང་། རྗེས་མཐུན་ཙམ་ཐོན་པ་དང་། དྲོད་མ་ཐོབ་ཀྱང་རྟ་སྐད་དུ་མོས་པ་བརྟན་པ་ཙམ་ལ་བརྟེན་ནས་རྟ་སྐད་དུ་བཞག་པའོ། །ཕྱི་མ་འདི་ལ་རྟགས་ཙམ་འཛིན་པ་ཞེས་བཤད་པའི་ཟླས་དྲང་ན། སྔ་མ་གཉིས་རྟ་སྐད་ཀྱི་དྲོད་ཐོབ་པར་གསལ་ལོ། །དེའང་དང་པོ་ནི་རྟ་སྐད་ཀྱི་དགོངས་པ་མཚན་ཉིད་ཡོངས་སུ་རྫོགས་པ་ལ་རྩལ་ཐོན་པ་སྟེ། དགོངས་པ་དེ་མཚན་ཉིད་རྫོགས་པར་གྲུབ་པའི་རྟགས་སུ་རྟ་སྐད་དངོས་སུ་ཐོན་པ་ཡིན་པས་སོ། །འདིར་སྐུ་གསུམ་དང་མཉམ་པར་གསུངས་པ། བསྐྱེད་རིམ་པའི་སྐུ་གསུམ་གྲུབ་པ་ཡན་ཆད་ལ་བྱེད་རུང་ངམ་བརྟགས། གཉིས་པ་ནི་དེ་ལྟར་མཚན་ཉིད་མ་རྫོགས་ཀྱང་རྟ་སྐད་ཀྱི་དེ་ཉིད་ཆ་འདྲ་ཙམ་གྲུབ་པའི་སྟོབས་ཀྱིས་སངས་རྒྱས་ཀྱི་ཐུགས་རྒྱུད་འཁུལ་བ་སོགས་རྟ་སྐད་ཀྱི་བྱེད་ལས་རྗེས་མཐུན་ཙམ་ཐོབ་པ་སྟེ། འདིའང་ལྷས་བྱིན་གྱིས་བརླབས་པའི་མཚན་མ་ཅི་རིགས་མཐོང་བའོ། །གསུམ་པ་ནི་རྟ་མཆོག་གི་རྡོ་རྗེ་གསུམ་གྱི་སྣང་ཞེན་བརྟན་པ་ཙམ་སྟེ། སེམས་བརྟན་པའི་མཚན་མ་རྙེད་པའོ། །འདི་ལ་བསྐྱེད་རིམ་པའི་ལྷན་སྐྱེས་ཀྱི་རྟོགས་པ་ཐོབ་མི་དགོས་ལ།

TN03_Page_1085
[མ་དཔེ་གཟིགས་ན་འདིར་གནོན།]

(༦༦༦)སྔ་མ་གཉིས་ལ་དེ་དགོས་སམ་སྙམ་སྟེ་དཔྱད་དོ། ༈ །སངས་རྒྱས་མཉམ་སྦྱོར་ལ་བརྟེན་ནས་རྟ་མཆོག་གི་གོ་བ་བླང་ཚུལ་ནི། རྟ་ནི་འགྲོས་སྣ་ཚོགས་དང་ལྡན་པས་གར་མཁན་ཏེ། གར་མཁན་ནི་ཆ་བྱད་ཉམས་འགྱུར་དུ་མར་སྣང་བ་ལྟར་ཞི་དྲག་གི་ཉམས་སྣ་ཚོགས་མངའ་བ་སྟེ། མདོར་ན་རྟའི་འགྲོས་སྟབས་སྣ་ཚོགས་ལྟར་རྣམ་འཕྲུལ་སྣ་ཚོགས་སུ་སྟོན་པ། མཛད་པ་སྣ་ཚོགས་འདྲེས་པས་ལྗང་ཀུ། རྟ་མཆོག་བསྐུལ་མི་དགོས་པར་བདག་པོའི་ཡིད་བཞིན་དུ་འཇུག་པ་ལྟར། གཞན་དོན་གྱི་བྱ་བ་སྒྲུབ་པ་ལ་ནུས་སམ་མི་ནུས་སམ་མི་ནུས་སྙམ་དུ་སྔར་བག་མེད་པར་སྤྲོ་ཤུགས་ཀྱིས་འཇུག་པའི་ལྡང་བ་ཡང་བ། རྟ་མཆོག་བདག་པོ་སྒྲོལ་བ་ལ་སྤྲོ་བའི་སྙིང་སྟོབས་མཚོན་ཆས་བསྣུན་ཡང་མི་ཉམས་པ་ལྟར། གཞན་དོན་སྒྲུབ་ལ་སྤྲོ་བའི་སྙིང་སྟོབས་ཕྱིར་མི་ལྡོག་པ། ཕྱི་མ་འདི་ནི། མཛའ་བོའི་མི་ལ་བྱའམ་མི་བྱ་ཡོངས་རྟོག་དེ་དག་མེད་ཀྱང་བླ། །དེ་འདྲའི་མཛའ་བོ་སྒྱུ་མ་ཡིན་ཏེ་དེ་ལ་མཛའ་ཞེས་སུ་ཞིག་ཟེར། སོགས་ལྟར་རྟུལ་ཕོད་པའི་དཔའ་བ་དང་བརྟན་པའི་མཚན་ཉིད་དོ། །ལེ་ལོ་མེད་པར་སྙིང་སྟོབས་དྲག་པོའི་ཤུགས་ཀྱིས་སྒྲུབ་དཀའི་བྱ་བ་ཐམས་ཅད་ཀྱི་ཐོག་མར་སླེབས་པ་ནི་མྱུར་མགྱོགས་ཏེ་དྲག་ཤུལ་གྱི་མཐུ་ཡང་ཡིན། །གྲངས་མེད་གསུམ་དུའམ་དེ་དང་དོད་ཐུབ་ཏུ་བརྩོན་འགྲུས་དེ་

TN03_Page_1086
[མ་དཔེ་གཟིགས་ན་འདིར་གནོན།]

(༦༦༧)སྦྱངས་པས་བརྟུལ་ཞུགས་དེ་ཤིན་ཏུ་གྲུབ་པ་ན་སྲིད་ཞིའི་འཁོར་ལོ་མཐའ་དག་རྟུལ་ཕོད་ཀྱི་སྤྱོད་པ་དེས་འདོད་དགུར་གནོན་ཅིང་ངོ་འཐོན་མངོན་སུམ་དུ། དུ་གནོན་ནུས་པའི་མཐུ་གྲུབ་པ་སྟེ། དེའི་ཕྱིར་གདུལ་དཀའ་གདུག་པ་ཅན་རྣམས་ཀྱང་བཤིག་ཅིང་གནོན་པའོ། །

TN03_Page_1087
[མ་དཔེ་གཟིགས་ན་འདིར་གནོན།]

(༦༦༨)

TN03_Page_1088
[མ་དཔེ་གཟིགས་ན་འདིར་གནོན།]

(༦༦༩)ཨྃ༔ །ཤྲི་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བཀའ་བརྒྱད་ཡོངས་རྫོགས་བྲོའི་ལས་ནི༔ དཔལ་ཆེན་ཡོངས་རྫོགས་ང་རྒྱལ་དང་ལྡན་པར་བྱས་ལ༔ བགེགས་རྣམས་རྡུལ་དུ་བརླག་པར་བསམས་ཏེ༔ འཁོར་བཅས་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ལ༔ རྐང་པ་རྡོ་རྗེ་རྒྱ་གྲམ་འགྲོས་སམ༔ རང་ལུགས་སུ་བྲོ་བརྡུང་སྟེ༔ དང་པོ་གླུས་སྤྱན་དྲངས་པ་ནི༔ ཧཱུཾ༔ ཞི་ཁྲོ་བཀའ་བརྒྱད་དཀྱིལ་འཁོར་དུ༔ ཆེ་མཆོག་དཔལ་དགུ་སྐུ་སྤྲུལ་ནས༔ མཁའ་འགྲོའི་ཚོགས་དང་རོལ་བ་ནི༔ ཐབས་ཤེས་གཉིས་སུ་མེད་པར་སྦྱོར༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས༔ ཁྲོ་བོ་ཁྲོ་མོའི་སྤྲིན་འཕྲོས་ནས༔ གླུ་བྲོ་གར་ནི་ཐུགས་དམ་སྟེ༔ རྒྱུན་ཆད་མེད་པར་བསྟེན་པར་བྱ༔ བྲོ་ནི་འབར་བའི་ཕྱག་རྒྱ་སྟེ༔ རྒྱལ་བ་སྟོད་དང་མཉམ་པར་སྦྱོར༔ གླུ་ནི་ཚངས་པའི་དབྱངས་ཀྱིས་འདྲེན༔ མ་དང་མཁའ་འགྲོའི་ཐུགས་དམ་བསྐུལ༔ ཚིགས་ནི་དོན་དམ་རྟོགས་པའི་ཚིག༔ ཆོས་སེམས་གཉིས་སུ་མེད་པར་སྟོན༔ འདི་ནི་གླུ་བྲོ་གར་གྱི་བརྡ༔ གར་གྱི་ཁྱབ་གདལ་ཆེན་པོའི་གར༔ ཕྱོགས་བཅུའི་ཞིང་ཁམས་ཁྱབ་པར་བྱེད༔ ཕྱག་རྒྱ་སྣ་ཚོགས་ལུ་གུ་རྒྱུད༔ དུས་གསུམ་རྒྱལ་བ་ཞི་ཁྲོ་བསྐུལ༔ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ནས༔ ཆེ་མཆོག་དཔལ་དགུ་འཁོར་དང་བཅས༔ མ་མོ་མཁའ་འགྲོ་མ་ལུས་ཀུན༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ གླུ་བྲོ་གར་ལ་གཤེགས་སུ་གསོལ༔ཧཱུཾ་ཧཱུཾ་ཧཱུཾ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཨ་བེ་

TN03_Page_1089
[མ་དཔེ་གཟིགས་ན་འདིར་གནོན།]

(༦༧༠)ཤ་ཡ་ཛཿཧཱུཾ་བཾ་ཧོ༔ དེ་ནས་བྲོ་བསྐོར་གྱིས་གཟིར་བ་རྡོ་རྗེའི་འགྲོས་སུ་བྱས་ཏེ༔ ཕོ་མོ་སྤེལ་ཏེ་ཁ་སྦྱོར་དུ་བཞེངས་ལ༔ ཕྱག་རྒྱ་བསྒྱུར་ཞིང་གླུ་གར་བྱའོ༔ རྡོ་རྗེ་རྒྱ་གྲམ་མམ་རང་ལུགས་སུ་འགྲོས་བྱའོ༔ ཧཱུཾ༔ ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་འདིར༔ ཁྲག་འཐུང་རོལ་པའི་བྲོ་ཅིག་བརྡུང་༔ ཕྱོགས་བཅུ་ནམ་མཁའི་ཁམས་ཀུན་ནས༔ ཁྲོ་བོ་ཁྲོ་མོའི་བྲོ་བརྡུང་བས༔ ལ་ལ་ཐབས་དང་ཤེས་རབ་བྲོ༔ ལ་ལ་རྡོ་རྗེ་པདྨའི་བྲོ༔ ལ་ལ་དབང་པོ་ཡུལ་གྱི་བྲོ༔ ལ་ལ་འཇིག་རྟེན་དབང་སྡུད་བྲོ༔ ལ་ལ་འདུལ་སྦྱོང་རྟགས་ཀྱི་བྲོ༔ ལ་ལ་དྲེགས་པ་འདུལ་སྦྱོང་བྲོ༔ ལ་ལ་མོས་པ་རྐྱེན་གྱི་བྲོ༔ ལ་ལ་ལོངས་སྤྱོད་དཔལ་གྱི་བྲོ༔ ལ་ལ་སྤོར་བྱེད་གནས་ཀྱི་བྲོ༔ ལ་ལ་སྤུད་བྱེད་ཐབས་ཀྱི་བྲོ༔ བྲོ་ལ་རྣམ་གྲངས་བསམ་མི་ཁྱབ༔ གླུ་ལ་ཡོན་ཏན་བརྗོད་མི་ལང་༔ ཚིག་ལ་མན་ངག་སྣ་ཚོགས་གསལ༔ བྲོ་ནི་ཕྲིན་ལས་རྒྱ་མཚོའི་བྲོ༔ གླུ་ནི་ལྟ་བ་རྒྱ་མཚོའི་གླུ༔ ཚིག་ནི་འདུ་འབྲལ་མེད་པའི་ཚིག༔ བྲོ་ཡི་མིང་ནི་སྟྭམ་བྷ་ནན༔ གླུ་ཡི་མིང་ནི་པ་ཤ་ཧཱུཾ༔ ཚིག་གི་མིང་ནི་ཨཾ་ཀུ་ཤ༔ རྒྱལ་བ་ཀུན་དང་མཉམ་པར་སྦྱོར༔ ཀུན་གྱི་ཐུགས་དམ་ཆེན་པོ་ཡིན༔ ཧྲི་ཧྲི་ཧྲི༔ ཧཱུཾ་ཧཱུཾ་ཧཱུཾ༔ ཕཊ་ཕཊ་ཕཊ༔ དེ་ནས་ལས་ཀྱི་སྒོས་བྲོས་ཚར་བཅད་དེ༔ ཧཱུཾ༔ གསང་བ་ཡུམ་གྱི་མཁའ་དབྱིངས་སུ༔ བདེ་ཆེན་རོལ་པའི་བྲོ་གཅིག་བརྡུང་༔ དང་པོ་པདྨ་རོལ་པའི་བྲོ༔ ཆགས་པ་མེད་པའི་ཚུལ་

TN03_Page_1090
[མ་དཔེ་གཟིགས་ན་འདིར་གནོན།]

(༦༧༡)ཨྃ༔ གྱིས་བརྡུང་༔ དེ་ནས་རྡོ་རྗེ་རོལ་པའི་བྲོ༔ ཞེ་སྡང་མེད་པའི་ཚུལ་གྱིས་བརྡུང་༔ དེ་ནས་ཐབས་དང་ཤེས་རབ་བྲོ༔ བྷ་གའི་དཀྱིལ་དུ་དགྲ་བགེགས་བརྡུང་༔ དེ་ནས་དབང་པོ་ཡུལ་གྱི་བྲོ༔ ལྷ་མོ་བརྒྱ་དང་ཐབས་ཅིག་རོལ༔ དེ་ནས་རྡོ་རྗེ་པདྨའི་བྲོ༔ ཕྱག་རྒྱ་ཆེན་པོར་རྒྱས་འདེབས་སོ༔ དེ་ནས་གདུལ་བྱ་དྲག་པོའི་བྲོ༔ ཁྲག་འཐུང་རྒྱལ་པོས་འཁོར་ལ་བརྡུང་༔ དེ་ནས་མོས་པ་རྐྱེན་གྱི་བྲོ༔ མ་སྲིང་རྒྱ་མཚོའི་ཚོགས་ལ་བརྡུང་༔ དེ་ནས་འདུལ་བྱེད་ཐབས་ཀྱི་བྲོ༔ ཕྱོགས་བཅུའི་རྣལ་འབྱོར་མ་ལུས་བརྡུང་༔ དེ་ནས་སྤོར་བ་གནས་ཀྱི་བྲོ༔ རྒྱུད་དྲུག་སེམས་ཅན་གནས་སུ་སྤོར༔ ཐབས་དང་ཤེས་རབ་གཉིས་མེད་པས༔ གླུ་བྲོ་དམ་ཚིག་རྒྱལ་པོ་ཡིན༔ བདེན་པས་བདུད་བཞི་འདུལ་བའི་བྲོ༔ བྲོ་ནི་བར་ཆད་མེད་པར་བརྡུང༔ ལྷ་བ་དྲན་པར་བྱ་བའི་ཕྱིར༔ གླུ་ནི་འདུ་འབྲལ་མེད་པར་བླངས༔ དཀྱིལ་འཁོར་རང་ལ་གསལ་བྱའི་ཕྱིར༔ ཚིག་ནི་སྙིང་པོ་འཛབ་ཏུ་བཟླས༔ ཡེ་ཤེས་དཔལ་གྱི་བྲོ་ར་ཚུགས༔ བདུད་བགེགས་བར་ཆད་མིང་ཡང་མེད༔ ཨ་ལ་ལ་ཧོ་དགྱེས་པ་ཆེ༔ ༈ དེ་ནས་ཡོངས་རྫོགས་བྲོས་མཐར་དབྱུང་སྟེ༔ ཧཱུཾ་ཧཱུཾ་ཧཱུཾ༔ ཧཱུཾ༔ཆེ་མཆོག་འཁོར་བཅས་རོལ་པའི་བྲོ༔ དགྲ་བགེགས་དམ་སྲིའི་སྲོག་ལ་བརྡུང་༔ བཛྲ་ཧེ་རུ་ཀ་རོལ་པའི་བྲོ༔ དགྲ་བགེགས་དམ་སྲིའི་སྙིང་ལ་བརྡུང་༔ གཤིན་རྗེ་གཤེད་པོ་རོལ་པའི་བྲོ༔ དགྲ་བགེགས་དམ་སྲའི་

TN03_Page_1091
[མ་དཔེ་གཟིགས་ན་འདིར་གནོན།]

(༦༧༢)ཀླད་ལ་བརྡུང་༔ རྟ་མགྲིན་རྒྱལ་པོ་རོལ་པའི་བྲོ༔ དགྲ་དགེགས་དམ་སྲིའི་མགྲིན་པར་བརྡུང་༔ རྡོ་རྗེ་གཞོན་ནུ་རོལ་པའི་བྲོ༔ དགྲ་བགེག་དམ་སྲིའི་ལྟེ་བར་བརྡུང་༔ བླ་མེད་ཧེ་རུ་ཀ་རོལ་པའི་བྲོ༔ དགྲ་བགེགས་དམ་སྲིའི་གསང་བར་བརྡུང་༔ རིག་འཛིན་དྲག་རྩལ་རོལ་པའི་བྲོ༔ དགྲ་བགེགས་དམ་སྲིའི་སྤྱི་བོར་བརྡུང་༔ དྲེགས་པ་ཀུན་འདུལ་རོལ་པའི་བྲོ༔ དགྲ་བགེགས་དམ་སྲིའི་བརླ་གཡས་བརྡུང་༔ སྟོབས་ལྡན་ནག་པོ་རོལ་པའི་བྲོ༔ དགྲ་བགེགས་དམ་སྲིའི་བརླ་གཡོན་བརྡུང་༔ ཞི་ཁྲོ་བཀའ་བརྒྱད་རོལ་པའི་བྲོ༔ གཡས་སུ་བསྐོར་ཏེ་དགྲ་ལ་བརྡུང་༔ དགྲ་ཡང་དུམ་བུར་གཏུབ་པའི་བྲོ༔ གཡོན་དུ་བསྐོར་ཏེ་བགེགས་ལ་བརྡུང་༔ བགེགས་ཀྱང་ཕྱེ་མར་འཐག་པའི་བྲོ༔ གཡས་གཡོན་ཐབས་དང་ཤེས་རབ་བྲོ༔ ཞི་རྒྱས་དབང་དྲག་ལྷུན་གྲུབ་བྲོ༔ རུ་ཏྲ་དམ་སྲི་ཐལ་བར་རློག༔ ཧཱུཾ་སྟམ་བྷ་ཡ་རཀྴ་ནན༔ བདུད་པྲ་མ་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཁྲ་མ་ཁྲམ་བྷྱོ་རྦད་ནན༔ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་དུ་ཚལ་དུ་རྦད་ནན༔ ཅེས་རྩ་སྔགས་དང་སྦྲེལ་ལ་བདུན་ནམ་ཉེར་གཅིག་བཟླས་ལ་ཕྱག་རྒྱ་བཀྲོལ་ལོ༔ དེས་ནི་བདུད་དང་དགྲ་བགེགས་ཕུར་ཁ་དམ་སྲི་ཐམས་ཅད་ཐུབ་ཅིང་སྨྱོ་བ་ཐུལ་ལོ༔ བཀའ་བརྒྱད་ཡོངས་རྫོགས་ཀྱི་བྲོ་ཨྀིྛ༔ ཞེས་པ་བྱང་གཏེར་རང་ཤར་དཔེ་ལེགས་པོ་ཞིག་ལས་བཤུས་སོ། །གསང་རྫོགས་

TN03_Page_1092
[མ་དཔེ་གཟིགས་ན་འདིར་གནོན།]

(༦༧༣)ཨྃ༔ ཀྱི་བྲོ་ཆོག་རྒྱས་པའང་འདི་དང་ཞུ་དག་ཕེར་ཞིང་། །རང་ཤར་རྒྱུད་ཀྱི་ལེའུ་ལྔ་པ་ལས། བགེགས་ཀྱང་ཕྱེ་མར་འཐག་པའི་བྲོ༔ རུ་ཏྲ་དམ་སྲི་ཐལ་བར་རློག༔ ཧཱུཾཿ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་རྫོགས་དཔལ༔ དཔལ་ཆེན་ཁྲོ་རྒྱལ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་བཀང་ནས༔ ནད་གདོན་སྡིག་སྒྲིབ་ཞི་བ་དང་༔ ཚེ་དང་བསོད་ནམས་རྒྱས་པ་དང་༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས༔ གནོད་བྱེད་དགྲ་བགེགས་བརླག་པར་མཛོད༔ ཤནྟི་པུཥྚི༚་པ་ཤཾ་མ་ར་ཡ་ཕཊ༔ ཧཱུཾ་སྟཾ་བྷ་ཡ་རཀྴ་ནན༔ སོགས་གསུངས་ལ། གསང་རྫོགས་བྲོ་ཆོག་ཟུར་བཀོལ་ན་མཇུག་གི་ལས་བཞིའི་བྲོ་ཚིག་དེ་ལས་རྒྱས་པ་ཞིག་འབྱུང་ངོ། །དཔལ་དགུ་སོ་སོའི་བྲོ་ཚིག་མ་གཏོགས་པ་ཕལ་ཆེར་རྟ་རྒྱུད་ཀྱི་ཚིག་ཇི་བཞིན་དུ་འདུག་པས། ཧཱུཾ༔ སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ། །རྟ་མཆོག་རིགས་དྲུག་ཞེས་དང་། རྟ་མཆོག་རྒྱལ་པོ་འཁོར་དང་བཅས། །ཞེས་པ་ལྟ་བུ་འདོན་པ་བསྒྱུར་ནས། ཨ་ལ་ལ་ཧོ་དགྱེས་པ་ཆེ༔ ཞེས་པའི་མཐར། འདི་ཉིད་ཀྱི། ཧཱུཾ༔ དབང་ཆེན་རྒྱལ་པོ་དེ་བཞིན་གཤེགས༔ སོགས་སྦྱར་ན་རུང་བར་སེམས་མོད། དཔྱད་པར་བྱའོ། ༈ །རྟ་སྐད་བྲོའི་དེ་ཉིད་ལ་སློབ་སྐབས་སུ་ཡུལ་སྣང་གང་ཤར་ཡང་གསལ་བའི་རྣམ་པ་ལ་སྤུ་རིས་ཕྱེ་ནས་དཔྱོད་མི་རུང་ལ། ཅིར་སྣང་སྟོང་པ།

TN03_Page_1093
[མ་དཔེ་གཟིགས་ན་འདིར་གནོན།]

(༦༧༤)དེ་བདེ་བ། དེ་ལྟར་ཤར་བའི་རྣམ་པ་ལ་ནི། དང་པོར་རྟོག་པ་དང་། དེ་ནས་དཔྱོད་དགོས་ཏེ་རྫོགས་རིམ་པའི་བསམ་གཏན་ཡན་ལག་ལྔ་ལས་ཤེས་སོ། །འདི་གལ་ཆེ། རྟ་སྐད་ཀྱི་དེ་ཉིད་ཀྱིས་གཤིན་རྗེའི་ཞགས་པ་དང་ཀླུའི་མདུད་རྒྱ་སེམས་སྒྱུར་གྱི་སྦྱོར་བ་སོགས་གཟིར་ནས་འགྲོལ་བ་ནི་ཉི་མས་ཤིན་ཏུ་གདུང་ཞིང་གཟིར་བའི་ཆབ་རོམ་བཞིན་ནོ། །བདུད་དཔུང་རྣམས་ཀྱི་དེ་ཁོ་ན་ཉིད་ལ་ཞུགས་པའི་བདེ་ཆེན་གྱི་གར་རྩེ་བ་ནི་བདུད་ཚོགས་དེ་དག་གི་སྒོ་གསུམ་གྱི་གཏིང་དུ་ཕྱིན་ནས་བྲོ་རྡུང་བ་སྟེ། དེའང་བདག་དང་བདག་གི་བའི་སྲོག་དང་བྲལ་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་བམ་རོའི་ནང་གནས་ལུགས་ཀྱི་ཁོག་པ་ཟབ་མོར་འཇུག་པའི་ལམ་སྲོལ་སྦྱང་བ་ཡིན་པས། མ་ཏྲཾ་གི་ཁོག་པ་བྲོས་སྦྱོང་བ་ཡང་དེ་ལྟར་ཡིན་ནོ། །བྲོ་བརྡུང་གིས་གཞན་གྱི་ཁེངས་པ་དང་སྡང་སེམས་དང་འཆི་བ་དང་མཐུ་སྟོབས་ཀྱི་རྒྱ་བཤིགས་ཏེ། གདུག་པ་ཅན་རྣམས་བསྡིགས། སྒྱུ་ཅན་རྣམས་སྤ་བཀོང་། བགེགས་བྱེད་རྣམས་ཚར་ཐག་གཅོད་པ་ཐམས་ཅད་དེའི་སྟེང་ནས་གོ་དགོས་སོ། །གཞན་ཡང་གླུ་གར་ལ་བསླབ་པ་དེ་ལ་ཧེ་རུ་ཀ་བཙུན་མོར་བཅས་པས་རིགས་ཀྱི་བྱ་བ་ལས་མ་ཉམས་པའི་སྲས་ཁྱད་པར་ཅན་དུ་དགོངས་ནས་སྤྱན་རས་ཀྱིས་སྐྱོང་བའམ་འཚོ་ཞིང་། དཔའ་བོ་ཌ་ཀི་ཐམས་ཅད་དང་། ཁྱད་པར་ཀླུ་སྒྲུབ་སྙིང་པོ་དང་པདྨ་ཀ་རའི་ཞབས་སོགས་གསུང་གི་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་ཡོན་ཏན་གྱི་ཕུང་པོ་རྣམས་དང་ཀུན་

TN03_Page_1094
[མ་དཔེ་གཟིགས་ན་འདིར་གནོན།]

(༦༧༥)སྤྱོད་གཅིག་པའི་གནད་ཀྱིས་དེ་དག་གིས་སྤུན་དང་མིང་པོ་ལྟ་བུར་དགོངས་ནས་བྱིན་གྱིས་རློབ་ཅིང་བདེ་བ་ཆེན་པོའི་ལམ་གྱི་གྲོགས་མཛད་དོ། །བདེ་བ་ཆེན་པོའི་སྤྱོད་པའི་དགའ་སྟོན་དེ་ལ་ས་གསུམ་གྱིའམ་གནས་གསུམ་གྱི་མ་མོ་མཁའ་འགྲོ་རབ་འབྱམས་ཐམས་ཅད་སྙིང་ཆགས་ནས་འདུ་བར་འགྱུར་ཏེ། བདག་ཏུ་མ་ཟད་གནས་ཡོ་ཐམས་ཅད་ལའང་ཡེ་ཤེས་མཆོག་གི་བྱིན་འབེབས་པར་འགྱུར་རོ། །དེ་ལྟར་རྩ་གསུམ་ཆོས་སྲུང་རབ་འབྱམས་དབང་དུ་གྱུར་པའི་རྣལ་འབྱོར་པ་དེ་ལ་ནི་མ་འབད་བཞིན་དུ་དངོས་གྲུབ་ཐམས་ཅད་འབྱོར་བར་འགྱུར་ཏེ། ཀླུའི་མཆོག་རྣམས་བརྟེན་པའི་ས་ཕྱོགས་སུ་ཆུ་ངང་གིས་མོད་པ་བཞིན་ནོ། །དགའ་བའི་ཚུལ་དུ་ལྷ་རྣམས་དང་། །པདྨའི་མཚོ་ལ་ངང་པ་ཡི། །ཕུང་ཕུང་རྟག་ཏུ་ཆགས་པ་ལྟར། །གར་གྱིས་གཞིར་རྒྱལ་བ་རྣམས། །ཞེས་བྱའོ། །སྔར་མང་དུ་བཤད་པའི་བྲོ་རྡུང་གི་དེ་ཉིད་དེ་ངེས་དོན་གྱི་མནན་ཆོག་ཏུ་འགྲོ་ལུགས་སྒོས་སུ་བཤད་ན། བདེ་སྟོང་གི་རྟོགས་པ་གཟི་ལྡན་གྲུབ་པའི་དབང་གིས་བདུད་དཔུང་ཟིལ་གྱིས་གནོན་ནུས་པ་སྤྱིར་ཡོད་ཀྱང་། དེ་ཙམ་གྱིས་བྲོ་མནན་གྱི་དགོངས་པར་མི་འཇོག་གི །བདུད་དམ་བདུད་རིགས་ཀྱི་བར་ཆད་གང་ཡིན་པ་དེ་ལ་དགོངས་པ་དེ་གཏད་ནས་ཆེད་དུ་ཟིལ་གྱིས་གནོན་པ་ཞིག་ལ་འཇོག་སྟེ། དེ་ལྟར་ལྟ་བ་དང་ཏིང་ངེ་འཛིན་གྱིས་ཡུལ་དེ་ལ་ཆེད་དུའམ་ལྷག་པར་དམིགས་ནས་ཟིལ་གནོན་བྱེད་པ་ནི་ཡུལ་གྱི་སྙིང་ཀར་རྫུ་འཕྲུལ་གྱི་

TN03_Page_1095
[མ་དཔེ་གཟིགས་ན་འདིར་གནོན།]

(༦༧༦)རྐང་པ་བཞག་ནས་མནན་པར་འགྲོ་བའི་ཕྱིར་རོ། །ཇི་ཙམ་དུ་མནན་ཞེ་ན། ཡུལ་དེ་དག་གི་གཏིང་མཐར་ཐུག་དེ་ཁོ་ན་ཉིད་ལ་ཐུག་ཐུག་ཏུ་མནན་ནོ། །མདོར་ན་ཡུལ་གྱི་སྟེང་དུ་རིག་པའི་རྩལ་སྦྱངས་ཏེ་ཡུལ་དེའི་ཉེས་པ་མི་ལྡང་བར་བྱེད་པའོ། །ཡང་ན། ལྷ་དང་ལྷ་མིན་ཆེན་པོ་རྣམས་ནས་ཤ་ཟ་ཕྲ་མོའི་བར་དུ་རང་གི་དངོས་གྲུབ་ཀྱི་བགེགས་སུ་འགྱུར་བ་དང་། བདེ་སྡུག་འབྱོར་རྒུད་བསྟོད་སྨད་སོགས་ཐམས་ཅད་བྱང་ཆུབ་སྒྲུབ་པའི་བར་ཆད་དུ་འགྲོ་བ་ཇི་སྙེད་པ་ནང་བདག་འཛིན་གྱི་འདྲེག་གཅིག་པུ་འདིའི་རྣམ་འཕྲུལ་ལམ་ཆོ་འཕྲུལ་ཁོ་ནར་ཟད་པས། དེ་ལྟ་བུའི་འདྲེ་ཆེན་པོ། །གདོན་བགེགས་དགྲ་འདྲེ་ཐམས་ཅད་ཀྱི་ཕུག་ཐུག་ས་དེ། ཡུལ་རྐྱེན་དེ་དག་གི་སྟེང་ནས་འཕར་འོང་རྒྱུ་ཡིན་པ་ལ་དེ་འཕར་དུ་མི་སྟེར་བར། ཡུལ་རྐྱེན་དེ་དག་ཉིད་ཀྱི་དབྱིངས་ཀློང་ངམ་དེ་ཁོ་ན་ཉིད་ཀྱི་དོང་རིང་པོ་རྣམ་ཐར་སྒོ་གསུམ་གྱི་ཟུར་གསུམ་དང་ལྡན་པའི་ཞབས་སུ་མནན་སྟེ། བདེ་བ་ཆེན་པོའི་བྲོའི་རྒྱས་འདེབས་བྱེད་པ་ཡིན་ཏེ། ཧཱུཾ་ བདག་ཏུ་ལྟ་བའི་དམ་སྲིའི་དཔུང་༔ བདག་མེད་རྡོ་རྗེའི་ཨེ་དབྱིངས་མནན༔ རྣམ་ཐར་གསུམ་གྱི་བྲོ་བརྡུང་བས༔ དུས་གསུམ་མཚན་མ་དབྱིངས་སུ་ཡལ༔ ཞེས་སོ། །རྣམ་ཐར་གསུམ་གྱི་བྲོ་ཞེས་པ་ནི་ཡུལ་ཅན་རྣམ་ཐར་སྒོ་གསུམ་ལ་བྱེད་དམ་སྙམ་མོ། །དེ་ལ་བཤད་ཚུལ་སྔ་མའི་བྲོ་མནན་གྱི་དེ་ཉིད་ནི་སྲོང་བཙན་བཀའ་འབུམ་ལས་ལྷ་འདྲེ་རི་རབ་སོགས་ཀྱི་ཞབས་སུ་གནོན་ཚུལ་བཤད་པ་དང་ཕྱོགས་

TN03_Page_1096
[མ་དཔེ་གཟིགས་ན་འདིར་གནོན།]

(༦༧༧)མཐུན་ལ། དེའི་སྒོ་ནས་ལས་སྣ་ཚོགས་སྒྲུབ་ཚུལ་ནི། ཚར་གཅོད་སྐབས། བྲུབ་ཁུང་ངམ་མནན་སྣོད་ནི་ཚར་གཅད་རྒྱུའི་བདུད་གང་ཡིན་པ་དེ་ཉིད་ཀྱི་དེ་ཁོ་ན་ཉིད་ལ་བྱ་སྟེ། ལས་གཞན་ལའང་། དེ་བཞིན་དུ་ཕྲིན་ལས་བྱ་བའི་ཡུལ་དེ་དང་དེའི་གནས་ལུགས་སྟོང་པ་ཉིད་དེ་ལས་ཁུང་དུ་འཇོག་གོ །དེའི་རྒྱུ་མཚན་ནི། ལས་གང་ལ་བྱ་བའི་ཡུལ་དེ་ཁོ་རང་གི་དེ་ཁོ་ན་ཉིད་ཀྱི་ནང་དུ་བཞག་ནས་སེམས་དེ་ཁོ་ན་ཉིད་ལས་ཕྱི་རོལ་དུ་མ་གྱུར་པར་བལྟས་ནས་ལས་བརྩམས་ན་དམིགས་བྱེད་རྣམ་པ་གཞན་དུ་འཆོར་བའམ་འདའ་མི་སྲིད་པས་ན་ལས་ཁུང་ཡིན་ཅིང་། དེའང་སྒྲུབ་བྱེད་དམ་རྒྱས་འདེབས་བྱེད་ཏིང་ངེ་འཛིན་གྱིས་བལྟ་ཚུལ་ཐ་དད་པའི་ཁྱད་པར་ལས་བསྒྲུབ་བྱ་གདུང་བ་དང་ཚིམ་པ་ལ་སོགས་པའི་གནས་སོ་སོར་འགྱུར་བས་དྲག་པོའི་ལས་ཁུང་དང་རྒྱས་པའི་ལས་ཁུང་སོགས་སོ་སོར་འཇོག་གོ །དྲི་ཟའི་རྒྱལ་ཁམས་དབང་དུ་སྡུད་པ་ལྟ་བུ་ལ། །རྒྱུད་བླ་མ་ལས། འབྱུང་བཞིའི་གནས་ནམ་མཁའ་ཡིན་པ་བཞིན་དུ་སྲིད་པའི་འགྲོ་བ་ཐམས་ཅད་རང་བཞིན་མེད་པའི་ཆོས་ཉིད་ལ་བརྟེན་པར་གསུངས་པ་ལྟར། རོལ་མོ་སའི་རྒྱལ་ཁམས་དེ་སྔགས་པ་རང་གི་རྡོ་རྗེའི་སེམས་དང་ཆུ་ལ་ཆུ་བཞག་ལྟར་མོས་པའི་སྟོང་ཉིད་ཀྱི་དབྱིངས་སུ་གནས་པ་ལ་དམིགས་ཏེ། རྗེས་སུ་ཆགས་པའི་སྟོང་སེམས་ཀྱིས་བསྒྱུར་བའི་བདེ་བའི་བྲོ་བརྡུང་བྱས་པས་དྲི་ཟའི་དབང་པོ་འཁོར་བཅས་སྙིང་རང་དབང་མེད་པར་དཀྲུགས་

TN03_Page_1097
[མ་དཔེ་གཟིགས་ན་འདིར་གནོན།]

(༦༧༨)ནས་འདུད་པ་སྟེ། རྒྱས་པའི་ལས་སྒྲུབ་སོགས་གཞན་ལའང་དེས་དཔགས་ཏེ་ཤེས་པར་བྱའོ། །གཞུང་འདི་ཉིད་ཀྱི་བྲོ་ཆོག་དང་སྦྱར་ན། ཕྱིའི་བགེགས་ལ་ཞེ་སྡང་ལས་གྱུར་པ་ལ་སོགས་པའི་རིགས་དྲུག་ཏུ་ཕྱེ་ནས། དེ་རྣམས་རིགས་དྲུག་གི་ལྷ་སྔགས་དང་ཡེ་ཤེས་ཀྱི་རོ་ཉམས་ཐ་དད་ཀྱིས་སོ་སོར་མནན་པའི་དོན་དུ་བྱས་ན་ནི་བཤད་ཚུལ་དང་པོ་འདི་དང་ཆེས་མཐུན་ཏེ། དེ་ནི་གདུལ་བྱ་གདུལ་དཀའ་བའི་ཡུལ་ལ་ལྟོས་ནས་བྲོ་བརྡུང་དྲུག་ཀ་ཚར་གཅོད་ཀྱི་ལས་དང་སྦྱར་བ་ཡིན་ལ། སྙིང་རྗེ་དང་སྒེགས་པའི་ཀུན་སྤྱོད་ཀྱིས་འདུལ་བ་ལ་སོགས་པའི་གདུལ་བྱ་སྣ་ཚོགས་ལ་ལྟོས་ན་ནི། རྡོ་རྗེ་རོལ་པ་བརྡུང་ཡུལ་ཞི་བྱེད་ཀྱི་བྲོ་དང་། རིན་ཆེན་རོལ་པ་བརྡུང་ཡུལ་འབྱོར་བྱེད་ཀྱི་བྲོ་སོགས་ཟིན་ཐོ་འདི་ལྟར་བྱར་ཡོད་པ། རིན་ཆེན་རོལ་པའི་བྲོ་བརྡུང་བས༔ རྒྱས་པའི་ལས་ཀུན་ལྷུན་གྱིས་གྲུབ༔ ཅེས་སོགས་ཀྱིས་བསྟན་ཏེ། འདི་རང་གི་རྒྱུད་གསང་སྙིང་གི་ཉི་ཤུ་པ་དང་བསྒྲིགས་ན་ཤིན་ཏུ་གསལ་ལོ། །དེ་ལྟར་ན་གཏེར་གཞུང་གི་དངོས་བསྟན་ལ་ཚུལ་གཉིས་ཏེ། འདི་ནི་རྩ་རྒྱུད་ལས་རིགས་སོ་སོའི་ཁ་དོག་དཀར་ནག་དང་། སེར་ནག་སོགས་སུ་གསུངས་པས་ཀྱང་ཤེས་ཏེ། བུདྡྷ་ཧེ་རུ་ཀའི་ཁ་དོག་ལ་དཀར་པོ་དང་ནག་པོ་འདྲེས་མར་འབྱུང་བས། ལྷ་དེ་ཞི་བ་དང་མངོན་སྤྱོད་གཉིས་ཀ་ལ་བསྔགས་པར་མཚོན་ནུས་པ་སོགས་སོ། །འཁོར་ལོའི་རིགས་ཞི་ལས་ལ་བསྔགས་པ་དང་། ཁྲོ་བོའི་རྣམ་པར་བཞེངས་

TN03_Page_1098
[མ་དཔེ་གཟིགས་ན་འདིར་གནོན།]

(༦༧༩)པ་མངོན་སྤྱོད་ཀྱི་ཆེད་དུ་ཡིན་པ་གཉིས་སྦྱར་བ་སོགས་ཀྱིས་ཀྱང་ཤེས་སོ། །ཡང་། གཏེར་གཞུང་གི །རྨོངས་པའི་བདུད་དང་དམ་སྲི་ཀུན༔ ཞེས་སོགས་ནང་ཉོན་མོངས་ཀྱི་འདྲེ་ལ་སྦྱོར་ན་ནི་བཤད་ཚུལ་ཕྱི་མ་དང་བསྟུན་ཡང་རུང་སྟེ། ནང་གི་འདྲེ་དེ་ལ་རིགས་དྲུག་དང་། དེ་རྣམས་འདུལ་བྱེད་ཀྱི་གཉེན་པོའི་ལྡོག་ཆ་དྲུག་སོགས་དོན་སྤྲོ་ཚུལ་རྒྱ་ཆེ་བར་སྣང་སྟེ། རྡོ་རྗེའི་ཚིག་བརླིང་བའི་ཁྱད་པར་དུ་གོ །གླུ་བྲོའི་དེ་ཉིད་ཐ་དད་དུ་བྱེད་ན། གང་སྣང་ཐམས་ཅད་ཤིན་ཏུ་དག་པའི་བརྟན་གཡོ་ཉག་གཅིག་ཏུ་ལྟ་བའི་ཏིང་ངེ་འཛིན་ནི་རྫུ་འཕྲུལ་གྱི་རྐང་པ་ཡིན་ལ། དེ་རྩལ་སྦྱོང་བ་ནི་བྲོ་བརྡུང་ཡིན་ནོ། །དེ་འདྲ་བའི་ཏིང་ངེ་འཛིན་དེ་ཕྱི་རོལ་ཀླུ་གདོན་ལྟ་བུའི་སྟེང་དུ་ཆེད་གཏད་བྱས་ནས་རྩལ་སྦྱོང་བ་ནི་ཀླུ་སོགས་ཀྱི་སྙིང་ཀར་རྐང་པ་བཀོད་དེ་བྲོ་རྡུང་བའོ། །དེའང་ཆ་ཅན་ནོར་རྒྱས་སོགས་དང་། ཆ་ཤས་དེའི་ཕུང་ཁམས་སྐྱེ་མཆེད་ངོ་བོ་དང་ཁྱད་པར་སོགས་ཇི་ཙམ་མིང་དང་རྟོག་པས་བཏགས་ཤིང་ཡོད་པ་དེ་ཙམ་དུ་ལྷའི་རོལ་པར་འཆར་བ་ནི་ཀླུ་གདོན་ལ་ལྟོས་པའི་ཆོས་དང་གང་ཟག་གི་དངོས་པོ་ཐམས་ཅད་ཀྱི་སྟེང་དུ་རྟ་མཆོག་རོལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་ནས་གདོན་དེ་ཆ་ཤས་ཙམ་ཡང་གཞན་དུ་གཡོ་བའི་གླགས་མེད་པར་མནན་པ་སྟེ། ཐ་མལ་པའི་ཆ་རེངས་པར་བྱེད་པའོ། །འདི་དག་གིས་སྦྲུལ་གྱི་རྒྱལ་པོ་ཆེན་པོ་བརྒྱད་ཀྱི་མགོ་བོར་རྣམ་ཐར་བརྒྱད་ཀྱི་ཞབས་བཞག་སྟེ་བྲོ་རྡུང་གི་རོལ་པ་དུ་མས་བཞུགས་པའི་དེ་ཉིད་ལའང་

TN03_Page_1099
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༠)ངེས་པ་འདྲོང་། མ་ཏྲཾ་གི་ཁོག་པ་བྲོས་སྦྱོང་བ་ལ་ཡང་འདི་ཉིད་ཆེས་འགྲིགས་པ་ཡིན་ནོ། །འདི་ནི་བཤད་ཚུལ་དང་པོ་དང་སྦྱོར་དགོས་སོ། །ཞི་བ་ལ་བྱམས་བརྩེ། རྒྱས་པས་དགའ་ཞིང་ཚིམ་པ། དབང་ལ་ཆགས་པ། མངོན་སྤྱོད་ལ་རྩུབ་པའི་ཡིད་ཉམས་ཅན་གྱི་བདེ་སྟོང་ལྷར་ཤར་བ་ལ་སོ་སོར་དམིགས་ཏེ། དེའི་སྟེང་ནས་ལས་སྒྲུབ་ཀྱི་དགོངས་པ་གཏོད་ལུགས་སོ་སོར་བྱའོ། །མཆན། ལྷག་མ་ནི་སྔ་མ་ཇི་ལྟ་བ་བཞིན་བྱའོ། ༈ །ཕྱོགས་འདིའི་ཐོག་བརྫིས་ཐམས་ཅད་ཀྱི་གནད་གཏིང་ཕྱིན་པ་ནི། ནང་ཐ་མལ་སྣང་ཞེན་གྱི་རྣམ་རྟོག་ལ་ཐོག་རྫིས་བྱེད་པ་ཉིད་ཡིན་ཏེ། དེ་འདྲའི་རྣམ་རྟོག་ལ་ཐོག་རྫིས་བྱེད་པའི་སྒོ་ནས་ཕྱི་རོལ་གྱི་ཡུལ་ལ་ཐོག་རྫིས་བྱེད་པ་དང་། རྣམ་རྟོག་དེ་ཆམ་ལ་ཕེབས་སྟོབས་ཀྱིས་ཕྱི་ཡུལ་ཟིལ་གྱིས་ནོན་པ་ཡིན་གྱི། །ཡུལ་སྣང་གི་ཐོག་རྫི་བའི་གནད་གཞན་མེད་པའི་ཕྱིར་རོ། །ཐ་མལ་གྱི་འཁྲུལ་རྟོག་ལ་རྫི་བ་ན། ཕྱིའི་ཡུལ་རྐྱེན་དང་བསྲེས་ནས་བྱེད་པའི་རྒྱུ་མཚན་ནི། དེ་ལྟར་བྱེད་པ་དེ་རྣམ་རྟོག་དང་གཉེན་པོ་འཕྱུག་མེད་ཀྱི་གཟེར་ཐེབས་པའི་ཆེད་ཡིན་ཏེ། ཐལ་འགྱུར་པ་རྣམས་ཡུལ་མྱོང་བ་མིན་པའི་ཡུལ་ཅན་མྱོང་ཚུལ་གཞན་མེད་ཅེས་འཆད་པ་ལྟར། རྣམ་རྟོག་དེ་ཡུལ་རྐྱེན་གྱི་སྟེང་དུ་འཇིགས་སྐྲག་མྱ་ངན་ཆགས་ཁྲོ་ཕྲག་དོག་ལ་སོགས་པའི་ཉམས་དང་སྦྲགས་ནས་དམར་རྗེན་ལ་བུད་དེ་འགྱུ་བས། དེ་དུས་རྫི་སླ་བ་ཡིན་ནོ། །འདི་ནི་གཅོད་ཡུལ་བས་བདག་འཛིན་དང་བདག་གཅེས་འཛིན་གྱི་རྟོག་པ་རྣམས་ལྷ་

TN03_Page_1100
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༡)འདྲེའི་འཚུབ་ལྷོང་གི་སྟེང་དུ་རྦད་ཆད་བྱེད་པ་དང་ཕྱོགས་མཚུངས་སོ། །ཟབ། དེའང་དག་པའི་སྣང་ཞེན་ལ་རྒྱུན་དུ་གནས་པའི་རྣལ་འབྱོར་པ་ལ་ཡུལ་རྐྱེན་དྲག་པོའི་དབང་གིས་ཐ་མལ་གྱི་སྣང་ཞེན་འཕར་བ་ལ་ཕྱོགས་པའམ་འཕར་གྲབ་བྱེད་པ་དེ། སྔར་བཤད་རྫུ་འཕྲུལ་གྱི་རྐང་པས་དྲག་ཏུ་མནན་ནས་གཉའ་བརྫི་བྱེད་པ་ཡིན་གྱི། དང་པོར་ཐ་མལ་པའི་རྣམ་རྟོག་མངོན་གྱུར་དུ་འཕར་བཅུག་ནས་གཟོད་ཐོག་རྫིས་རྒྱགས་པ་ནི་མིན་ནོ། །སླད་ནས་ཡང་བཤད་པ། ཡུལ་རྐྱེན་དྲག་པོ་དང་ཕྲད་པ་ན་ཕལ་པ་ལ་བདག་འཛིན་དང་ཐ་མལ་པའི་སྣང་ཞེན་རགས་ལ་གསལ་བའི་ཚབས་ཆེན་དུ་སྐྱེ་བ་དེའི་དོད་དུ། བདེ་སྟོང་དང་དག་པ་རབ་འབྱམས་ཀྱི་སྣང་ཞེན་འབའ་ཞིག་འོང་བ་ནི་མི་འཕྲོགས་པའི་རྣལ་འབྱོར་བརྟན་པོ་ཐོབ་པ་ཡིན་ལ། དེ་སྒྲུབ་བྱེད་དུ། སྔ་ནས་ཡུལ་སྣང་དེ་རྣམས་སྟོང་ཕྱོགས་དང་སྣང་ཕྱོགས་ཀྱི་ཧེ་རུ་ཀའི་འཁོར་ལོར་བལྟ་བ་ལ་རྩལ་ལྷག་པར་སྦྱོང་བ་ཡིན་ཏེ། འདི་ནི་ཡུལ་སྣང་ཟིལ་གྱིས་གནོན་པའམ་ཡུལ་ལ་ཐོག་རྫིས་རྒྱགས་པ་ཞེས་བྱའོ། །ཡང་དེ་འདྲའི་ཡུལ་རྐྱེན་དང་བསྡོངས་ནས་ནང་ཐ་མལ་གྱི་རྣམ་རྟོག་ལྡང་བ་ན། དེའི་རྒྱུན་ལྡང་བའི་གོ་སྐབས་རྣལ་འབྱོར་གྱི་སྟོབས་ཀྱིས་མོད་ལ་ཕྲོགས་པ་ནི། རྣམ་རྟོག་ལ་ཐོག་རྫིས་གཏོང་བའི་དོན་ནོ། །འདི་དག་ཀྱང་བརྟགས་གཉིས་ལས། སྔར་བཤད་འཇིགས་པའི་གཟུགས་ཅན་གྱི། །སྤྱོད་པ་ལོངས་སྤྱོད་ཕྱིར་མ་གསུངས། །

TN03_Page_1101
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༢)ཡིད་ནི་བརྟན་ནམ་གཡོའམ་ཅི། །རང་གི་སེམས་ལ་སོ་སོར་བརྟགས། །ཞེས་ཡུལ་སྣང་ལམ་འཁྱེར་གྱི་སྐོར་འདི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རམ་རྟོགས་པ་བརྟན་པའི་ཆེད་ཡིན་པར་གསུངས་པ་དང་ཕྱོགས་འདྲའོ། ༈ དབང་ཆེན་འདུས་པའི་ལེའུ་བཅུ་གསུམ་པར། བསྒྲལ་ལས་ཀྱི་མཇུག་ཏུ་གཟས་པོའི་ཕུང་པོ་ལ་བྲོ་རྡུང་རྒྱས་པ་བྱས་ཏེ། གདོད་ཚོགས་ལ་རོལ་ཞིང་སྨོན་ལམ་གདབ་པ་དང་། ལྷག་ཆོག་བྱེད་པར་བཤད་པ་སྒྱུ་འཕྲུལ་བཀའ་མའི་ལུགས་དང་མཐུན། དེ་ལྟར་བསྒྲལ་ལས་དང་འབྲེལ་བར་བསྒྲལ་བྱའི་ལུས་ལ་བྲོ་བརྡུང་བྱེད་པའི་རྒྱུ་མཚན་ནི། བསྒྲལ་ཆོག་གིས་སྲོག་གི་གནད་བཅད་པ་དེ་སླར་མི་ལྡོག་པའི་ཆེད་དུ། ལུས་དེས་བླ་སྲོག་དང་ཡིད་ཀྱི་རྟེན་བྱེད་རུང་གི་ནུས་པ་ལྷག་མེད་དུ་བཤིགས་ཤིང་སྦྱང་བའི་ཕྱིར་བརྟུལ་ཞུགས་བྲོའི་ལས་ཀྱིས་རྒྱས་འདེབས་བྱེད་པ་ཡིན་ཅིང་། དེར་མ་ཟད་ཁོའི་རྣམ་ཤེས་ངན་སོང་དུ་འགྲོ་བའི་སྒོ་དང་། ངན་སོང་གི་ལུས་སྣང་སྐྱེད་པའི་རྩ་རླུང་ཁམས་གསུམ་གྱི་གནས་རྣམས་སུ་ཡེ་ཤེས་དག་པའི་བྲོ་བརྡུང་བས་ངན་འགྲོར་སྐྱེ་བའི་སྒོ་ཆོད་ཅིང་། དེར་སྐྱེ་བའི་ནུས་པ་བཀག་ནས་ལྡང་དུ་མི་སྟེར་བར་བྱེད་པས་དེའི་ཆེད་དུའང་ཡིན་ཏེ། འདི་དག་ནི་རྟ་མཆོག་རོལ་པ་དང་དབང་ཆེན་འདུས་པ་ལས་ཤིན་ཏུ་གསལ་བར་བཤད་དོ། །དེའང་དཔེར་ན་གདབ་ལས་བྱས་ནས་ཟླ་བ་གསུམ་ལྟ་བུ་ན་བསྒྲལ་བྱ་དེ་འཕོ་ངེས་པ་རེད་

TN03_Page_1102
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༣)ཡོད་ན། གནས་སྐབས་དེར་ཟླ་བ་གསུམ་ན་ཁོ་ལུས་དེ་བོར་ནས་སྔར་གནས་ལུང་བྱས་པ་ལྟར་བདེ་བའི་གནས་སུ་འགྲོ་བའི་ཚོད་དུ་བསྒྲལ་བྱའི་རྒྱུད་ལ་དྲག་སྔགས་ཀྱི་ནུས་པ་སྨིན་ཐུབ་ཡོད་པ་ཡིན་ཡང་། ད་དུང་དེའི་བར་ལ་ཁོའི་ཚེ་ལ་གསོས་ཐེབས་པ་དང་། དེ་མིན་ཡང་ཁོ་ངན་སོང་དུ་འགྲོ་བའི་ནུས་པ་སླར་སོས་ནས་སྔ་མའི་སྟེང་དུ་འགྲོ་མི་ཐུབ་པ་སྲིད་དེ། ཉེ་བའི་འཆི་ལྟས་འགའ་ཞིག་མཐོ་མཚམས་སུ་འཆི་བསླུའི་རྐྱེན་དང་ཕྲད་ནས་དེའི་དབང་དུ་འགྲོ་བ་སྲིད་པ་བཞིན་ནོ། །དེས་ན་ཚེ་འདིའི་ཁོག་པ་དང་། ཕྱི་མའི་ངན་འགྲོ་གཉིས་ཀར་མི་ལྡོག་པའི་ཆེད་དུ་བྲོ་ཆོག་བྱེད་དེ། ཞལ་བསྟབས་དང་། སྦྱིན་སྲེག་གི་མངོན་སྤྱོད་ལའང་སྡིག་ཅན་གྱི་རྟེན་འདིར་སླར་མི་འཚོ་བ་དང་། ཕྱི་མར་ངན་སོང་དང་སྡིག་སྤྱོད་ཀྱི་ལུས་སུ་མི་སྐྱེ་བའི་གནད་གཉིས་རེ་ཡོད་དོ། །རྣལ་འབྱོར་པ་ཆེས་མཐུ་ཆེན་ནི་དེ་འདྲའི་ལས་རིམ་དུ་མ་ལ་མི་ལྟོས་ཀྱང་། དེ་འདྲའི་རྣལ་འབྱོར་པ་ལ་མི་མཁོ་བའི་གསེར་སྐྱེམས་གཟུ་དཔང་སོགས་གཞན་ཡང་མང་སྟེ། འདི་དགོས་དོན་ཡང་བློའི་མུན་སེལ་དུ་ཡོད་དོ། །དེ་དག་ནི་བསད་པའི་ལས་མཇུག་བྲོས་བསྡུས་ཚུལ་ལོ། །སྲུང་བའི་མཐའ་སྡུད་མནན་པ་ཞེས་པའི་བྲོ་མནན་དང་། བྲོ་མནན་སྒོས་སུ་སྒྲུབ་པ་གཉིས་ནི་དེ་དང་མི་འདྲ་སྟེ། སྔ་མ་བསྒྲལ་བའི་ཕུང་པོ་དང་། ཕྱི་མ་གཉིས་

TN03_Page_1103
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༤)མ་བསྒྲལ་བའི་ཕུང་པོ་ལ་བྲོ་བྱེད་ཚུལ་དུ་སྣང་བའི་ཕྱིར་ཏེ། བསྒྲལ་བ་དང་མ་བསྒྲལ་བའི་ཕུང་པོ་ལ་བྲོ་བྱེད་པ་གཉིས་ནི་ཚུལ་ཐ་དད་དུ་དབང་ཆེན་འདུས་པ་ལས་གསུངས་སོ། །གཏེར་མའི་ལུགས་ཀྱིས་བརྟན་སྐྱོང་གི་མཐར་རྟ་བྲོ་བྱེད་པ་འདིའང་མ་བསྒྲལ་བའི་ཕུང་པོ་ལ་བྱེད་པར་གསལ་ལོ། །སྒྱུ་འཕྲུལ་ལེའུ་ཉི་ཤུ་པའི་དང་། བཅུ་གཉིས་པའི་བྲོ་གཉིས་ཀྱང་ཤིན་ཏུ་མི་གཅིག་སྟེ། བཅུ་གཉིས་པའི་དེ་ནི་གཟས་པོའི་ལུས་ལ་རྡུང་བ་མིན་གྱི། མཆོད་པའི་ཡོ་བྱད་ལྔའི་ཡ་གྱལ་དུ་བྱེད་དེ། སྔར་འདི་ཙམ་ལའང་མགོ་འཁོར་ནས་སྲ་སྲེ་བྱས་ཡོད་དོ། །དེས་ན་ཁོའི་རྣམ་དབྱེ་པདྨའི་འདབ་མ་ལྟར་མ་འཛིང་མ་འཁྲུགས་པར་ཤེས་པའང་བླ་མའི་དྲིན་ནོ། །གཏེར་གཞུང་འདིར་མནན་པའི་སྔོན་དུ་བསད་པ་བསྟན་ཡང་། དེ་ནི་རེངས་པར་བྱས་པ་ལ་བསད་པར་བརྗོད་པར་ཟད་པས། དོན་དུ་མ་བསྒྲལ་བའི་ཕུང་པོ་ལ་བྲོ་བྱེད་པའི་ཕྱོགས་སོ། ༈ །གནས་སྐབས་ཕྲིན་ལས་རྣམ་པ་བཞི༔ རྡོ་རྗེ་བྲོ་ཡི་ཆོ་གས་བསྒྲུབ༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས༔ སོ་སོའི་ལས་ཀྱི་དབྱིབས་མཐུན་པའི༔ བྲོ་ར་བཅའ་ཞིང་སྔགས་ཚིག་བསྐུལ༔ རྐང་པའི་སྟབས་ཀྱིས་གར་བསྒྱུར་བས༔ ལས་ཀུན་འགྲུབ་ཅིང་ཕྱིར་མི་ལྡོག༔ ཨོཾ༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ རྡོ་རྗེ་རྟ་མཆོག་ང་རྒྱལ་གྱིས༔ མེ་ལོང་ཡེ་ཤེས་བྲོ་བརྡུངས་པས༔ ནད་གདོན་འཇིགས་བརྒྱད་ཞི་བར་

TN03_Page_1104
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༥)ཤོག༔ ཨོཾ་ཤཱནྟི༚་ཀུ་རུ་སྭཱ་ཧཱ༔ བྷྲཱུྃ༔ ཝཾ་གི་ཚོགས་ཀྱི་དཀྱིལ་འཁོར་དུ༔ རཏྣ་རྟ་མཆོག་ང་རྒྱལ་གྱིས༔ མཉམ་ཉིད་ཡེ་ཤེས་བྲོ་བརྡུངས་པས༔ ཚེ་བསོད་དཔལ་འབྱོར་རྒྱས་པར་ཤོག༔ བྷྲུྃ་པུཥྚི༚་ཀུ་རུ་ཨོཾ༔ ཧྲཱི༔ མ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ པདྨ་རྟ་མཆོག་ང་རྒྱལ་གྱིས༔ སོར་རྟོག་ཡེ་ཤེས་བྲོ་བརྡུངས་པས༔ ཁམས་གསུམ་དབང་དུ་འདུ་བར་ཤོག༔ ཧྲཱི་ཝ་ཤཾ་ཀུ་རུ་ཧོ༔ ཧཱུཾ༔ ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ཀརྨ་རྟ་མཆོག་ང་རྒྱལ་གྱིས༔ བྱ་གྲུབ་ཡེ་ཤེས་བྲོ་བརྡུངས་པས༔ མི་མཐུན་ཕྱོགས་ཀུན་ཚར་གཅད་ཤོག༔ ཧཱུཾ་མཱ་ར་ཡ་ཕཊ༔ ཐལ་མོ་སྤྲུགས་པའི་འོད་ཟེར་སྤྲིན༔ ལས་མཐུན་འཇིག་རྟེན་ཁམས་ཀུན་ཁྱབ༔ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི༔ ཕྲིན་ལས་མཐའ་དག་ལྷུན་གྲུབ་བསམ༔ ས་མ་ཡ༔ ཞེས་པ་སྙན་རྒྱུད་རྟ་མགྲིན་གྱི་གཞུང་གི་དུམ་བུ་སྟེ། དེར་ལས་སྣ་ཚོགས་སྒྲུབ་པའི་ཆོ་ག་ལ་འདི་མ་གཏོགས་པ་ཅི་ཡང་མ་གསུངས་པས་ལས་ཚོགས་ཀྱི་སྒྲོམ་ཆེན་པོར་ཟུངས་ཤིག །ཡང་དེའི་ཚེ་སྒྲུབ་ཀྱི་ཐད་དུ། སྤྱི་གཙུག་རྟ་མགོ་ལྗང་ཞུར་ལས༔ ཧི་ཧིའི་དབྱངས་སུ་རབ་འཚེར་བས༔ འཁོར་འདས་དྭངས་བཅུད་དབང་མེད་སྡུད༔ ཅེས་རྟ་སྐད་གྱིས་བརྟན་གཡོའི་སྟོབས་དང་གཟི་བརྗིད་སོགས་ཚེ་བཅུད་སྡུད་པར་བཤད་དེ། ཛབ་ཀྱི་དམིགས་མདེའུ་སྒྱུར་ཚུལ་ལ་མཁོའོ། །བྲོ་རྡུང་གིས་ལས་གསོར་མི་རུང་དུ་

TN03_Page_1105
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༦)བྱེད་པར་སྒྱུ་འཕྲུལ་ལས་གསུངས་ཏེ། དེའི་གནད་ཀྱིས་སྒྲུབ་གཞུང་ཀུན་ཏུ་ལས་ཀྱི་མཐའ་སྡུད་དུ་གསུངས་སོ། །དེའི་རྒྱུ་མཚན་ནི། །དཔེར་ན་ལྷ་དམ་ཡེ་བསྲེས་པའི་རྗེས་སུ་དགའ་བས་རྒྱས་འདེབས་བྱེད་པར་བཤད་པ་ལྟར་ལས་གང་བརྩམས་ཀྱང་མཐར་དགའ་བའི་བྲོ་བརྡུང་གིས་རྟོགས་པའི་ཉམས་སྤར་ནས་ལས་ལ་རྒྱས་འདེབས་པ་རེད་དམ་དཔྱད། དེའང་རྒྱུ་མཚན་དེ་ལ་དགོངས་ནས་བྲོ་ལས་ཀྱི་མཐའ་སྡུད་དུ་བྱིན་གྱིས་བརླབས་པ་ཡིན་ཞེས་དཔལ་ཆེན་པོའི་དགོངས་པ་བླངས་པའོ། ༈ །སྒྱུ་འཕྲུལ་ལུགས་ལྟར་བཤད་ན། བྲོ་གར་གྱིས་དངོས་གྲུབ་སྒྲུབ་པའི་ཚེ། དཔའ་བོ་དང་རྣལ་འབྱོར་མ་ཟུང་དུ་ཚོགས་པ་གལ་ཆེ་སྟེ། དེ་གཉིས་ཀྱིས་ཡིད་བདེ་ཆེན་ལས་གཞན་དུ་མི་གཡོ་བ་དང་། དགའ་བ་གོང་འཕེལ་དུ་སྤེལ་བའི་ཆེད་དུ་གླུ་གར་བྱེད་པར་མཉམ་སྦྱོར་དུ་གསུངས་ཧེ་རུ་ཀའི་སྙེམ་པས་གནས་ཡུལ་སྒོ་དབང་གི་ལྷ་མོའི་འཁོར་ལོ་རྣམས་དང་ལྷན་ཅིག་གླུ་གར་འབྲེལ་མར་རྩེན་པ་འདི་ས་གསུམ་གྱི་མཁའ་འགྲོ་མའི་ཡིད་འཕྲོག་པའི་གནད་དུ་སྣང་། ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱིས༔ ཞེས་པས་ལྷ་མོའི་འཁོར་དང་ལྷན་ཅིག་པས། ཞེས་བསྟན་ནོ། །མཉམ་སྦྱོར་གྱི་ལུང་འདིས་ཚོགས་གླུའི་དུས་ཀྱང་རྣལ་འབྱོར་མའི་ཚོགས་དང་ལྷན་ཅིག་བླང་བར་ཤེས་སྙམ་པས་མོས་པ་ཙམ་ཡང་བྱ་བ་ལྟ་བུའོ། །འོན་ཀྱང་བསྒོམ་པའི་ལྷ་མོ་གྲོགས་སུ་བཟུང་བས་ཆོག་པའང་ཡོད། ཇི་ལྟར་བྱ་

TN03_Page_1106
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༧)བའི་རིམ་པ་ནི། རང་དང་བུད་མེད་གཉིས་ཧེ་རུ་ཀ་ཡབ་ཡུམ་དུ་བསྒོམ། རྒྱུད་ཀྱི་བརྒྱད་པའི་རིགས་པ་ཁ་སྤོས་ལ་ཡན་ལག་རྣམས་རིགས་ལྔ་ཧེ་རུ་ཀའི་ངོ་བོར་ཤེས་པས་རྒྱས་བཏབ། དེ་ཉིད་རིགས་ལྔའི་ཁྲོ་བོ་ཡེ་ཤེས་པ་དང་བསྲེས། རྐང་མཐིལ་གཉིས་སུ་ཉི་ཟླ་ལ་གནས་པའི་རྡོ་རྗེ་རེ་རེ་དང་། ས་གཞི་ལ་པདྨ་བསྒོམ་ཏེ། དེ་གཉིས་སྦྱར་བས་སེམས་ཅན་ཐམས་ཅད་སྲས་སུ་བྱ་བའང་བཤད། མདོར་ན་དག་པའི་སྣང་ཞེན་བརྟན་པོ་ལ་གནས་ཏེ། གླུ་དབྱངས་དང་བཅས་བྲོ་གར་གྱི་བསྒུལ་བསྐྱོད་མང་དུ་བྱས་པས་དགའ་བ་འབར་བའི་དགའ་བདེ་ལ་སྒྱུ་མ་ལྟ་བུར་ཤེས་པའི་རྒྱས་བཏབ་སྟེ་བདེ་སྟོང་གི་ཉམས་ཅི་རིང་དུ་བསྐྱང་། དེའང་བུདྡྷའི་རིགས་ཀྱི་གླུ་བྲོ་བྱེད་སྐབས་བདེ་བ་དེ་ཆོས་དབྱིངས་ཡེ་ཤེས་དང་། རྡོ་རྗེའི་རིགས་ལ་མེ་ལོང་ཡེ་ཤེས་སོགས་སོ་སོར་ང་རྒྱལ་བཞག་སྟེ་ཡེ་ཤེས་དེ་དང་དེའི་ཉམས་སྤར། དེ་ལྟར་བདེ་བའི་གཟི་བྱིན་མཆོག་ཏུ་འབར་བ་ལས་འོད་ཟེར་སྤྲུལ་པའི་ཚོགས་དང་བཅས་པ་སྤྲོས་ནས་ཕྱོགས་བཅུ་རྒྱས་པས་བཀང་སྟེ། ཞི་བ་ལ་སོགས་པའི་ཕྲིན་ལས་གང་འདོད་བསྒྲུབས། སླར་བདག་ལ་བསྟིམ་པས་གཟི་བརྗིད་རྒྱས་པར་བསམ་ལ་ལྟ་ཐོག་ཏུ་བཞག །དེ་འདྲའི་ལས་བྱེ་བྲག་པ་སྒྲུབ་པ་མིན་པའི་སྤྱི་འགྲོ་ལ། སྔར་ལྟར་ཡན་ལག་བྱིན་གྱིས་བརླབས་ནས། མགོ་བོ་བསྐྱོད་པས་སངས་རྒྱས་ཐམས་ཅད་འགྲོ་དོན་ལ་སྐུལ་བ་དང་།

TN03_Page_1107
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༨)ལག་སྟབས་བསྐྱོད་པས་རིག་འཛིན་གྱི་ཞིང་ཐམས་ཅད་གཡོ་ཞིང་རིག་འཛིན་རྣམས་ས་ནས་སར་སྤར་ཏེ་གཞན་དོན་ལ་ལྷག་པར་འཇུག་ཏུ་སྩོལ་བ་དང་། རྐང་སྟབས་བསྒྱུར་བས་འགྲོ་དྲུག་གི་སྡུག་བསྔལ་སྦྱོར་ཞིང་བགེགས་ཚོགས་གནོན་པ་དང་། མིག་ཕྱོགས་ཀུན་ཏུ་བལྟས་པས་བདུད་དཔུང་སྲེག་པ་དང་། ལུས་ཐམས་ཅད་བསྐྱོད་པས་བ་སྤུའི་སྒོ་ཀུན་ནས་ཁྲོ་བོའི་སྤྲིན་སྤྲོས་ཏེ་གདུག་པ་ཅན་རྣམས་བཏུལ་བར་དམིགས་པའི་མཐར་དབྱིངས་ལ་བཞག་གོ །གཞན་ཡང་དབང་པོ་ལྔ་ལ་ཡི་གེ་བཀོད་དེ་བྲོ་བརྡུང་བས་མངོན་ཤེས་འགྲུབ་པ་སོགས་ཀྱང་བཤད་དོ། །བྲོ་བརྡུང་འདི་ཟུར་ལུགས་ལ་ཚོགས་མཆོད་ཀྱི་རིམ་པ་གསུམ་དང་། ཚོགས་ལ་རོལ་པ་རྣམས་ཟིན་པའི་འོག་ཏུ་དང་། ཀློང་ཊིག་ལྟར་ན་ཚོགས་ལ་རོལ་བའི་སྔོན་དུ་བྱེད་པ་འདྲ་ཞིག་སྣང་སྟེ་གང་ལྟར་ཡང་ལྷག་མའི་ལས་རིམ་གྱི་སྔོན་དུ་མཛད་དོ། །ད་དུང་ལས་རིམ་ལ་མང་དུ་ཡོད་དེ་འདིའི་སྦྱིན་སྲེག་གི་ཡི་གེ་ལས་ཚོལ་དགོས་སོ། །གནད་དོན་རྣམས་ནི་རྒྱས་པའི་དོན་གཅིག་ གླུ་གར་རྩེད་འཇོའི་དམ་ཚིག་གི་ལེའུ་ པ་དང་། ལམ་རིམ་རྩ་འགྲེལ་ཞིབ་ཏུ་བལྟས་ནས་ཐོར་བཏབ། འདི་ཡང་རྗེ་ཉིད་ཀྱི་ཕྱག་བྲིས་ཇི་ལྟ་བ་བཞིན་བཅོས་བསླད་མེད་པར་སྤར་དུ་བསྐྲུན་པ་དགེ་ལེགས་འཕེལ།། །།

TN03_Page_1108
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༡)འདྲེའི་འཚུབ་ལྷོང་གི་སྟེང་དུ་རྦད་ཆད་བྱེད་པ་དང་ཕྱོགས་མཚུངས་སོ། །ཟབ། དེའང་དག་པའི་སྣང་ཞེན་ལ་རྒྱུན་དུ་གནས་པའི་རྣལ་འབྱོར་པ་ལ་ཡུལ་རྐྱེན་དྲག་པོའི་དབང་གིས་ཐ་མལ་གྱི་སྣང་ཞེན་འཕར་བ་ལ་ཕྱོགས་པའམ་འཕར་གྲབ་བྱེད་པ་དེ། སྔར་བཤད་རྫུ་འཕྲུལ་གྱི་རྐང་པས་དྲག་ཏུ་མནན་ནས་གཉའ་བརྫི་བྱེད་པ་ཡིན་གྱི། དང་པོར་ཐ་མལ་པའི་རྣམ་རྟོག་མངོན་གྱུར་དུ་འཕར་བཅུག་ནས་གཟོད་ཐོག་རྫིས་རྒྱགས་པ་ནི་མིན་ནོ། །སླད་ནས་ཡང་བཤད་པ། ཡུལ་རྐྱེན་དྲག་པོ་དང་ཕྲད་པ་ན་ཕལ་པ་ལ་བདག་འཛིན་དང་ཐ་མལ་པའི་སྣང་ཞེན་རགས་ལ་གསལ་བའི་ཚབས་ཆེན་དུ་སྐྱེ་བ་དེའི་དོད་དུ། བདེ་སྟོང་དང་དག་པ་རབ་འབྱམས་ཀྱི་སྣང་ཞེན་འབའ་ཞིག་འོང་བ་ནི་མི་འཕྲོགས་པའི་རྣལ་འབྱོར་བརྟན་པོ་ཐོབ་པ་ཡིན་ལ། དེ་སྒྲུབ་བྱེད་དུ། སྔ་ནས་ཡུལ་སྣང་དེ་རྣམས་སྟོང་ཕྱོགས་དང་སྣང་ཕྱོགས་ཀྱི་ཧེ་རུ་ཀའི་འཁོར་ལོར་བལྟ་བ་ལ་རྩལ་ལྷག་པར་སྦྱོང་བ་ཡིན་ཏེ། འདི་ནི་ཡུལ་སྣང་ཟིལ་གྱིས་གནོན་པའམ་ཡུལ་ལ་ཐོག་རྫིས་རྒྱགས་པ་ཞེས་བྱའོ། །ཡང་དེ་འདྲའི་ཡུལ་རྐྱེན་དང་བསྡོངས་ནས་ནང་ཐ་མལ་གྱི་རྣམ་རྟོག་ལྡང་བ་ན། དེའི་རྒྱུན་ལྡང་བའི་གོ་སྐབས་རྣལ་འབྱོར་གྱི་སྟོབས་ཀྱིས་མོད་ལ་ཕྲོགས་པ་ནི། རྣམ་རྟོག་ལ་ཐོག་རྫིས་གཏོང་བའི་དོན་ནོ། །འདི་དག་ཀྱང་བརྟགས་གཉིས་ལས། སྔར་བཤད་འཇིགས་པའི་གཟུགས་ཅན་གྱི། །སྤྱོད་པ་ལོངས་སྤྱོད་ཕྱིར་མ་གསུངས། །

TN03_Page_1109
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༢)ཡིད་ནི་བརྟན་ནམ་གཡོའམ་ཅི། །རང་གི་སེམས་ལ་སོ་སོར་བརྟགས། །ཞེས་ཡུལ་སྣང་ལམ་འཁྱེར་གྱི་སྐོར་འདི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རམ་རྟོགས་པ་བརྟན་པའི་ཆེད་ཡིན་པར་གསུངས་པ་དང་ཕྱོགས་འདྲའོ། ༈ དབང་ཆེན་འདུས་པའི་ལེའུ་བཅུ་གསུམ་པར། བསྒྲལ་ལས་ཀྱི་མཇུག་ཏུ་གཟས་པོའི་ཕུང་པོ་ལ་བྲོ་རྡུང་རྒྱས་པ་བྱས་ཏེ། གདོད་ཚོགས་ལ་རོལ་ཞིང་སྨོན་ལམ་གདབ་པ་དང་། ལྷག་ཆོག་བྱེད་པར་བཤད་པ་སྒྱུ་འཕྲུལ་བཀའ་མའི་ལུགས་དང་མཐུན། དེ་ལྟར་བསྒྲལ་ལས་དང་འབྲེལ་བར་བསྒྲལ་བྱའི་ལུས་ལ་བྲོ་བརྡུང་བྱེད་པའི་རྒྱུ་མཚན་ནི། བསྒྲལ་ཆོག་གིས་སྲོག་གི་གནད་བཅད་པ་དེ་སླར་མི་ལྡོག་པའི་ཆེད་དུ། ལུས་དེས་བླ་སྲོག་དང་ཡིད་ཀྱི་རྟེན་བྱེད་རུང་གི་ནུས་པ་ལྷག་མེད་དུ་བཤིགས་ཤིང་སྦྱང་བའི་ཕྱིར་བརྟུལ་ཞུགས་བྲོའི་ལས་ཀྱིས་རྒྱས་འདེབས་བྱེད་པ་ཡིན་ཅིང་། དེར་མ་ཟད་ཁོའི་རྣམ་ཤེས་ངན་སོང་དུ་འགྲོ་བའི་སྒོ་དང་། ངན་སོང་གི་ལུས་སྣང་སྐྱེད་པའི་རྩ་རླུང་ཁམས་གསུམ་གྱི་གནས་རྣམས་སུ་ཡེ་ཤེས་དག་པའི་བྲོ་བརྡུང་བས་ངན་འགྲོར་སྐྱེ་བའི་སྒོ་ཆོད་ཅིང་། དེར་སྐྱེ་བའི་ནུས་པ་བཀག་ནས་ལྡང་དུ་མི་སྟེར་བར་བྱེད་པས་དེའི་ཆེད་དུའང་ཡིན་ཏེ། འདི་དག་ནི་རྟ་མཆོག་རོལ་པ་དང་དབང་ཆེན་འདུས་པ་ལས་ཤིན་ཏུ་གསལ་བར་བཤད་དོ། །དེའང་དཔེར་ན་གདབ་ལས་བྱས་ནས་ཟླ་བ་གསུམ་ལྟ་བུ་ན་བསྒྲལ་བྱ་དེ་འཕོ་ངེས་པ་རེད་

TN03_Page_1110
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༣)ཡོད་ན། གནས་སྐབས་དེར་ཟླ་བ་གསུམ་ན་ཁོ་ལུས་དེ་བོར་ནས་སྔར་གནས་ལུང་བྱས་པ་ལྟར་བདེ་བའི་གནས་སུ་འགྲོ་བའི་ཚོད་དུ་བསྒྲལ་བྱའི་རྒྱུད་ལ་དྲག་སྔགས་ཀྱི་ནུས་པ་སྨིན་ཐུབ་ཡོད་པ་ཡིན་ཡང་། ད་དུང་དེའི་བར་ལ་ཁོའི་ཚེ་ལ་གསོས་ཐེབས་པ་དང་། དེ་མིན་ཡང་ཁོ་ངན་སོང་དུ་འགྲོ་བའི་ནུས་པ་སླར་སོས་ནས་སྔ་མའི་སྟེང་དུ་འགྲོ་མི་ཐུབ་པ་སྲིད་དེ། ཉེ་བའི་འཆི་ལྟས་འགའ་ཞིག་མཐོ་མཚམས་སུ་འཆི་བསླུའི་རྐྱེན་དང་ཕྲད་ནས་དེའི་དབང་དུ་འགྲོ་བ་སྲིད་པ་བཞིན་ནོ། །དེས་ན་ཚེ་འདིའི་ཁོག་པ་དང་། ཕྱི་མའི་ངན་འགྲོ་གཉིས་ཀར་མི་ལྡོག་པའི་ཆེད་དུ་བྲོ་ཆོག་བྱེད་དེ། ཞལ་བསྟབས་དང་། སྦྱིན་སྲེག་གི་མངོན་སྤྱོད་ལའང་སྡིག་ཅན་གྱི་རྟེན་འདིར་སླར་མི་འཚོ་བ་དང་། ཕྱི་མར་ངན་སོང་དང་སྡིག་སྤྱོད་ཀྱི་ལུས་སུ་མི་སྐྱེ་བའི་གནད་གཉིས་རེ་ཡོད་དོ། །རྣལ་འབྱོར་པ་ཆེས་མཐུ་ཆེན་ནི་དེ་འདྲའི་ལས་རིམ་དུ་མ་ལ་མི་ལྟོས་ཀྱང་། དེ་འདྲའི་རྣལ་འབྱོར་པ་ལ་མི་མཁོ་བའི་གསེར་སྐྱེམས་གཟུ་དཔང་སོགས་གཞན་ཡང་མང་སྟེ། འདི་དགོས་དོན་ཡང་བློའི་མུན་སེལ་དུ་ཡོད་དོ། །དེ་དག་ནི་བསད་པའི་ལས་མཇུག་བྲོས་བསྡུས་ཚུལ་ལོ། །སྲུང་བའི་མཐའ་སྡུད་མནན་པ་ཞེས་པའི་བྲོ་མནན་དང་། བྲོ་མནན་སྒོས་སུ་སྒྲུབ་པ་གཉིས་ནི་དེ་དང་མི་འདྲ་སྟེ། སྔ་མ་བསྒྲལ་བའི་ཕུང་པོ་དང་། ཕྱི་མ་གཉིས་

TN03_Page_1111
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༤)མ་བསྒྲལ་བའི་ཕུང་པོ་ལ་བྲོ་བྱེད་ཚུལ་དུ་སྣང་བའི་ཕྱིར་ཏེ། བསྒྲལ་བ་དང་མ་བསྒྲལ་བའི་ཕུང་པོ་ལ་བྲོ་བྱེད་པ་གཉིས་ནི་ཚུལ་ཐ་དད་དུ་དབང་ཆེན་འདུས་པ་ལས་གསུངས་སོ། །གཏེར་མའི་ལུགས་ཀྱིས་བརྟན་སྐྱོང་གི་མཐར་རྟ་བྲོ་བྱེད་པ་འདིའང་མ་བསྒྲལ་བའི་ཕུང་པོ་ལ་བྱེད་པར་གསལ་ལོ། །སྒྱུ་འཕྲུལ་ལེའུ་ཉི་ཤུ་པའི་དང་། བཅུ་གཉིས་པའི་བྲོ་གཉིས་ཀྱང་ཤིན་ཏུ་མི་གཅིག་སྟེ། བཅུ་གཉིས་པའི་དེ་ནི་གཟས་པོའི་ལུས་ལ་རྡུང་བ་མིན་གྱི། མཆོད་པའི་ཡོ་བྱད་ལྔའི་ཡ་གྱལ་དུ་བྱེད་དེ། སྔར་འདི་ཙམ་ལའང་མགོ་འཁོར་ནས་སྲ་སྲེ་བྱས་ཡོད་དོ། །དེས་ན་ཁོའི་རྣམ་དབྱེ་པདྨའི་འདབ་མ་ལྟར་མ་འཛིང་མ་འཁྲུགས་པར་ཤེས་པའང་བླ་མའི་དྲིན་ནོ། །གཏེར་གཞུང་འདིར་མནན་པའི་སྔོན་དུ་བསད་པ་བསྟན་ཡང་། དེ་ནི་རེངས་པར་བྱས་པ་ལ་བསད་པར་བརྗོད་པར་ཟད་པས། དོན་དུ་མ་བསྒྲལ་བའི་ཕུང་པོ་ལ་བྲོ་བྱེད་པའི་ཕྱོགས་སོ། ༈ །གནས་སྐབས་ཕྲིན་ལས་རྣམ་པ་བཞི༔ རྡོ་རྗེ་བྲོ་ཡི་ཆོ་གས་བསྒྲུབ༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས༔ སོ་སོའི་ལས་ཀྱི་དབྱིབས་མཐུན་པའི༔ བྲོ་ར་བཅའ་ཞིང་སྔགས་ཚིག་བསྐུལ༔ རྐང་པའི་སྟབས་ཀྱིས་གར་བསྒྱུར་བས༔ ལས་ཀུན་འགྲུབ་ཅིང་ཕྱིར་མི་ལྡོག༔ ཨོཾ༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ རྡོ་རྗེ་རྟ་མཆོག་ང་རྒྱལ་གྱིས༔ མེ་ལོང་ཡེ་ཤེས་བྲོ་བརྡུངས་པས༔ ནད་གདོན་འཇིགས་བརྒྱད་ཞི་བར་

TN03_Page_1112
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༥)ཤོག༔ ཨོཾ་ཤཱནྟི༚་ཀུ་རུ་སྭཱ་ཧཱ༔ བྷྲཱུྃ༔ ཝཾ་གི་ཚོགས་ཀྱི་དཀྱིལ་འཁོར་དུ༔ རཏྣ་རྟ་མཆོག་ང་རྒྱལ་གྱིས༔ མཉམ་ཉིད་ཡེ་ཤེས་བྲོ་བརྡུངས་པས༔ ཚེ་བསོད་དཔལ་འབྱོར་རྒྱས་པར་ཤོག༔ བྷྲུྃ་པུཥྚི༚་ཀུ་རུ་ཨོཾ༔ ཧྲཱི༔ མ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ པདྨ་རྟ་མཆོག་ང་རྒྱལ་གྱིས༔ སོར་རྟོག་ཡེ་ཤེས་བྲོ་བརྡུངས་པས༔ ཁམས་གསུམ་དབང་དུ་འདུ་བར་ཤོག༔ ཧྲཱི་ཝ་ཤཾ་ཀུ་རུ་ཧོ༔ ཧཱུཾ༔ ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ཀརྨ་རྟ་མཆོག་ང་རྒྱལ་གྱིས༔ བྱ་གྲུབ་ཡེ་ཤེས་བྲོ་བརྡུངས་པས༔ མི་མཐུན་ཕྱོགས་ཀུན་ཚར་གཅད་ཤོག༔ ཧཱུཾ་མཱ་ར་ཡ་ཕཊ༔ ཐལ་མོ་སྤྲུགས་པའི་འོད་ཟེར་སྤྲིན༔ ལས་མཐུན་འཇིག་རྟེན་ཁམས་ཀུན་ཁྱབ༔ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི༔ ཕྲིན་ལས་མཐའ་དག་ལྷུན་གྲུབ་བསམ༔ ས་མ་ཡ༔ ཞེས་པ་སྙན་རྒྱུད་རྟ་མགྲིན་གྱི་གཞུང་གི་དུམ་བུ་སྟེ། དེར་ལས་སྣ་ཚོགས་སྒྲུབ་པའི་ཆོ་ག་ལ་འདི་མ་གཏོགས་པ་ཅི་ཡང་མ་གསུངས་པས་ལས་ཚོགས་ཀྱི་སྒྲོམ་ཆེན་པོར་ཟུངས་ཤིག །ཡང་དེའི་ཚེ་སྒྲུབ་ཀྱི་ཐད་དུ། སྤྱི་གཙུག་རྟ་མགོ་ལྗང་ཞུར་ལས༔ ཧི་ཧིའི་དབྱངས་སུ་རབ་འཚེར་བས༔ འཁོར་འདས་དྭངས་བཅུད་དབང་མེད་སྡུད༔ ཅེས་རྟ་སྐད་གྱིས་བརྟན་གཡོའི་སྟོབས་དང་གཟི་བརྗིད་སོགས་ཚེ་བཅུད་སྡུད་པར་བཤད་དེ། ཛབ་ཀྱི་དམིགས་མདེའུ་སྒྱུར་ཚུལ་ལ་མཁོའོ། །བྲོ་རྡུང་གིས་ལས་གསོར་མི་རུང་དུ་

TN03_Page_1113
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༦)བྱེད་པར་སྒྱུ་འཕྲུལ་ལས་གསུངས་ཏེ། དེའི་གནད་ཀྱིས་སྒྲུབ་གཞུང་ཀུན་ཏུ་ལས་ཀྱི་མཐའ་སྡུད་དུ་གསུངས་སོ། །དེའི་རྒྱུ་མཚན་ནི། །དཔེར་ན་ལྷ་དམ་ཡེ་བསྲེས་པའི་རྗེས་སུ་དགའ་བས་རྒྱས་འདེབས་བྱེད་པར་བཤད་པ་ལྟར་ལས་གང་བརྩམས་ཀྱང་མཐར་དགའ་བའི་བྲོ་བརྡུང་གིས་རྟོགས་པའི་ཉམས་སྤར་ནས་ལས་ལ་རྒྱས་འདེབས་པ་རེད་དམ་དཔྱད། དེའང་རྒྱུ་མཚན་དེ་ལ་དགོངས་ནས་བྲོ་ལས་ཀྱི་མཐའ་སྡུད་དུ་བྱིན་གྱིས་བརླབས་པ་ཡིན་ཞེས་དཔལ་ཆེན་པོའི་དགོངས་པ་བླངས་པའོ། ༈ །སྒྱུ་འཕྲུལ་ལུགས་ལྟར་བཤད་ན། བྲོ་གར་གྱིས་དངོས་གྲུབ་སྒྲུབ་པའི་ཚེ། དཔའ་བོ་དང་རྣལ་འབྱོར་མ་ཟུང་དུ་ཚོགས་པ་གལ་ཆེ་སྟེ། དེ་གཉིས་ཀྱིས་ཡིད་བདེ་ཆེན་ལས་གཞན་དུ་མི་གཡོ་བ་དང་། དགའ་བ་གོང་འཕེལ་དུ་སྤེལ་བའི་ཆེད་དུ་གླུ་གར་བྱེད་པར་མཉམ་སྦྱོར་དུ་གསུངས་ཧེ་རུ་ཀའི་སྙེམ་པས་གནས་ཡུལ་སྒོ་དབང་གི་ལྷ་མོའི་འཁོར་ལོ་རྣམས་དང་ལྷན་ཅིག་གླུ་གར་འབྲེལ་མར་རྩེན་པ་འདི་ས་གསུམ་གྱི་མཁའ་འགྲོ་མའི་ཡིད་འཕྲོག་པའི་གནད་དུ་སྣང་། ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱིས༔ ཞེས་པས་ལྷ་མོའི་འཁོར་དང་ལྷན་ཅིག་པས། ཞེས་བསྟན་ནོ། །མཉམ་སྦྱོར་གྱི་ལུང་འདིས་ཚོགས་གླུའི་དུས་ཀྱང་རྣལ་འབྱོར་མའི་ཚོགས་དང་ལྷན་ཅིག་བླང་བར་ཤེས་སྙམ་པས་མོས་པ་ཙམ་ཡང་བྱ་བ་ལྟ་བུའོ། །འོན་ཀྱང་བསྒོམ་པའི་ལྷ་མོ་གྲོགས་སུ་བཟུང་བས་ཆོག་པའང་ཡོད། ཇི་ལྟར་བྱ་

TN03_Page_1114
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༧)བའི་རིམ་པ་ནི། རང་དང་བུད་མེད་གཉིས་ཧེ་རུ་ཀ་ཡབ་ཡུམ་དུ་བསྒོམ། རྒྱུད་ཀྱི་བརྒྱད་པའི་རིགས་པ་ཁ་སྤོས་ལ་ཡན་ལག་རྣམས་རིགས་ལྔ་ཧེ་རུ་ཀའི་ངོ་བོར་ཤེས་པས་རྒྱས་བཏབ། དེ་ཉིད་རིགས་ལྔའི་ཁྲོ་བོ་ཡེ་ཤེས་པ་དང་བསྲེས། རྐང་མཐིལ་གཉིས་སུ་ཉི་ཟླ་ལ་གནས་པའི་རྡོ་རྗེ་རེ་རེ་དང་། ས་གཞི་ལ་པདྨ་བསྒོམ་ཏེ། དེ་གཉིས་སྦྱར་བས་སེམས་ཅན་ཐམས་ཅད་སྲས་སུ་བྱ་བའང་བཤད། མདོར་ན་དག་པའི་སྣང་ཞེན་བརྟན་པོ་ལ་གནས་ཏེ། གླུ་དབྱངས་དང་བཅས་བྲོ་གར་གྱི་བསྒུལ་བསྐྱོད་མང་དུ་བྱས་པས་དགའ་བ་འབར་བའི་དགའ་བདེ་ལ་སྒྱུ་མ་ལྟ་བུར་ཤེས་པའི་རྒྱས་བཏབ་སྟེ་བདེ་སྟོང་གི་ཉམས་ཅི་རིང་དུ་བསྐྱང་། དེའང་བུདྡྷའི་རིགས་ཀྱི་གླུ་བྲོ་བྱེད་སྐབས་བདེ་བ་དེ་ཆོས་དབྱིངས་ཡེ་ཤེས་དང་། རྡོ་རྗེའི་རིགས་ལ་མེ་ལོང་ཡེ་ཤེས་སོགས་སོ་སོར་ང་རྒྱལ་བཞག་སྟེ་ཡེ་ཤེས་དེ་དང་དེའི་ཉམས་སྤར། དེ་ལྟར་བདེ་བའི་གཟི་བྱིན་མཆོག་ཏུ་འབར་བ་ལས་འོད་ཟེར་སྤྲུལ་པའི་ཚོགས་དང་བཅས་པ་སྤྲོས་ནས་ཕྱོགས་བཅུ་རྒྱས་པས་བཀང་སྟེ། ཞི་བ་ལ་སོགས་པའི་ཕྲིན་ལས་གང་འདོད་བསྒྲུབས། སླར་བདག་ལ་བསྟིམ་པས་གཟི་བརྗིད་རྒྱས་པར་བསམ་ལ་ལྟ་ཐོག་ཏུ་བཞག །དེ་འདྲའི་ལས་བྱེ་བྲག་པ་སྒྲུབ་པ་མིན་པའི་སྤྱི་འགྲོ་ལ། སྔར་ལྟར་ཡན་ལག་བྱིན་གྱིས་བརླབས་ནས། མགོ་བོ་བསྐྱོད་པས་སངས་རྒྱས་ཐམས་ཅད་འགྲོ་དོན་ལ་སྐུལ་བ་དང་།

TN03_Page_1115
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༨)ལག་སྟབས་བསྐྱོད་པས་རིག་འཛིན་གྱི་ཞིང་ཐམས་ཅད་གཡོ་ཞིང་རིག་འཛིན་རྣམས་ས་ནས་སར་སྤར་ཏེ་གཞན་དོན་ལ་ལྷག་པར་འཇུག་ཏུ་སྩོལ་བ་དང་། རྐང་སྟབས་བསྒྱུར་བས་འགྲོ་དྲུག་གི་སྡུག་བསྔལ་སྦྱོར་ཞིང་བགེགས་ཚོགས་གནོན་པ་དང་། མིག་ཕྱོགས་ཀུན་ཏུ་བལྟས་པས་བདུད་དཔུང་སྲེག་པ་དང་། ལུས་ཐམས་ཅད་བསྐྱོད་པས་བ་སྤུའི་སྒོ་ཀུན་ནས་ཁྲོ་བོའི་སྤྲིན་སྤྲོས་ཏེ་གདུག་པ་ཅན་རྣམས་བཏུལ་བར་དམིགས་པའི་མཐར་དབྱིངས་ལ་བཞག་གོ །གཞན་ཡང་དབང་པོ་ལྔ་ལ་ཡི་གེ་བཀོད་དེ་བྲོ་བརྡུང་བས་མངོན་ཤེས་འགྲུབ་པ་སོགས་ཀྱང་བཤད་དོ། །བྲོ་བརྡུང་འདི་ཟུར་ལུགས་ལ་ཚོགས་མཆོད་ཀྱི་རིམ་པ་གསུམ་དང་། ཚོགས་ལ་རོལ་པ་རྣམས་ཟིན་པའི་འོག་ཏུ་དང་། ཀློང་ཊིག་ལྟར་ན་ཚོགས་ལ་རོལ་བའི་སྔོན་དུ་བྱེད་པ་འདྲ་ཞིག་སྣང་སྟེ་གང་ལྟར་ཡང་ལྷག་མའི་ལས་རིམ་གྱི་སྔོན་དུ་མཛད་དོ། །ད་དུང་ལས་རིམ་ལ་མང་དུ་ཡོད་དེ་འདིའི་སྦྱིན་སྲེག་གི་ཡི་གེ་། །། བཏབ། མེད་པར་སྤར་དུ་བསྐྲུན་པ་དགེ་ལེགས་འཕེལ།། །།

TN03_Page_1116
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༩)ཅི་བགྱིའི་བཀའ་ཉན་གྱི་ཟིན་བྲིས་དོན་ཀུན་གྲུབ་པའི་སྦྲུལ་ཞགས། ཕོ་ཉ་དམ་ཅན་སྤྲིན་ལྟར་གཏིབས༔ ཅེས་པར། ཁམས་རྒྱ་མོ་དྲུག ལོང་བ་སོ་གཉིས། ཁྱི་སྤྱང་བཅུ་དྲུག །ཟླ་ཉི་མེ་ཆུའི་འདབས་ཅན་བཞི། ས་ཆུ་མེ་རླུང་གི་འབྲུག་བཞི་སོགས་རྟ་མཆོག་གི་དགོས་ཀྱི་སྲུང་མ་རྣམས་དང་གོ་ཆའི་འཇམ་དཔལ་གྱི་ཕོ་ཉ། གྲི་ཐོགས་གིང་། ཤོ་ཐོགས་རྩིས་པ། ཁྲམ་ཐོགས་བདུད་སོགས་དང་། གུར་དྲག་གི་ལྷ་སྲིན་སྡེ་བརྒྱད། བླ་མེད་ཧེ་རུ་ཀའི་ཨེ་ཀ་སྤུན་དྲུག་དང་རྣམ་མཁའི་རྒྱལ་མོ་སྤུན་གཉིས། འདོད་ཁམས་གཙོ་མོ་སྤུན་གསུམ། དབང་གི་གྲུ་འདེགས་བཞི། དམག་གི་རྒྱལ་མོ་མཆེད་བཞི། གླིང་བཞིའི་རྒྱལ་མོ་བཞི་སོགས་དང་། ཕུར་པའི་མ་མོ་བཅུ་གཉིས་དང་མིང་པོ་གསུམ་སོགས་ཇི་སྙེད་བསྡུ་སྟེ། གཏོར་ཟློག་ལས་གོ་ཆ་ལྔ་རེ་རེ་ཞིང་། གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ཞེས་སོ། །ལུང་དེ་བླ་མེད་ཧེ་འཁོར་ཞེས་པ་ལས་གྲགས་ཚབས་འདི་ཆེ། རུ་ཀ་སྲིད་པ་མ་མོ་འཇིག་འདས་ཐམས་ཅད་ཀྱི་ངོ་བོའམ་སྤྱི་གཟུགས་སུ་སྒོམ་པ་སོགས་ལས་ལོགས་སུ་སྒོམ་པ་ལ་མ་བཤད་ཀྱང་རུང་སྟེ། གནད་འདྲའོ། །གཞན་ཡང་རྒྱུད་དང་སྒྲུབ་སྡེ་སྤྱི་ལ་གྲགས་པའི་མཁའ་འགྲོ་སོ་གཉིས། སྤོར་མའམ་འབར་མ་བརྒྱད། གིང་བཅོ་བརྒྱད། མགྱོགས་མ་བཞི། མ་བདུན། སྲིད་བཞི། ཕོ་ཉ་སུམ་བརྒྱ་དྲུག་ཅུ། ལངྐ་འབུམ། འབུམ་ཕྲག་ཡངས་པའི་མཁའ་འགྲོ་སོགས་མཐའ་ཡས་པ་དྲང་ངོ། །འོན་ཀྱང་གཙོ་བོ་ནི་

TN03_Page_1117
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༠)དབང་ཕྱུག་ཉེར་བརྒྱད་གལྤོ་ལས། མཁའ་འགྲོ་སོ་གའི་ས། གིང་ཆེན་ཁྱོ་ཤུག་བརྒྱད། ལངྐ་འབུམ། འབར་མ་བརྒྱད། མ་བདུན་སྲིང་བཞི། ཕོ་ཉ་དྲུག་ཅུ་རྩ་བཞི་རྣམས་མར་གནས་ལྷག་མ་ལ་དབང་བ་དང་། དབང་ཕྱུག་མ་ཉེར་བརྒྱད་ཕུད་ལྷག་གཉིས་ཀ་ལ་དབང་བས་མར་ཡར་གྱི་གནས་གཉིས་ཀར་འཇོག་པར་བཤད་དེ། དེ་ཐམས་ཅད་ཀྱི་ནང་ན་གཙོ་བོར་གྱུར་པ་དབང་མོ་འདི་རྣམས་ཡིན་པར་སྟོན་པ་ཤིན་ཏུ་གསལ་པོ་རུ་གསུངས་ཤིང་། གཏོར་ཟློག་ཏུ། ཞི་ཁྲོ་རབ་འབྱམས་མངག་གཞུག་ལས་ཀུན་མཛད༔ ཅེས་གསུངས་ལ། སྒྱུ་འཕྲུལ་ལས་ཀྱང་། རྦད་ཅིང་གཏང་བར་བྱ་བ་སྟེ། །ཐམས་ཅད་ཐམས་ཅད་བྱེད་པ་ཡིན། །ཞེས་ལས་ཀྱི་དངོས་གྲུབ་མཐའ་དག་བྱེད་པ་དང་། དེའང་རྦོད་གཏོང་གི་སྒོ་ནས་བྱེད་པར་བསྔགས་ཏེ། སྒྱུ་འཕྲུལ་གྱི་གོང་འོག་གཞན་དུ་མར་ཡང་དེ་ལྟར་འབྱུང་ངོ་། །གནས་མ་ཡུལ་མ་མན་ཆད་ལ། ལེའུ་བཅུ་གཅིག་པར། ཕོ་ཉ་ཕྱག་བརྙན་བཀའ་ཉན་ཚོགས། །ཅི་བགྱི་ལ་སོགས་ཚོགས་རྣམས་ཀྱིས། །ཞེས་གསུངས་ཏེ། འདིར་ཕོ་ཉ་ཕྱག་བརྙན་སོགས་ཐམས་ཅད་བུད་མེད་ཀྱི་འཁོར་ཤ་སྟག་མཛད་པ་ནི། སྤྱོད་པ་གསུམ་གྱི་ཁྱད་པར་རིག་མའི་འཁོར་མང་ཉུང་གིས་ཕྱེ་བའི་རིགས་པ་ལྟར། དཀྱིལ་འཁོར་འདི་བདེ་བ་ཆེན་པོའི་རྒྱལ་ཐབས་སུ་བསྟན་པའི་ཆེད་དེ། འཇིག་རྟེན་ན་ཡང་ཆེན་པོ་རྣམས་ཀྱི་དགའ་བའི་འབྱོར་པ་འཆད་སྐབས་བུད་མེད་འབའ་ཞིག་གིས་བྱས་པའི་རོལ་མོ་ལ་རྩི་བ་བཞིན་དང་། ཡོ་གའི་དཀྱིལ་འཁོར་སྐབས་འཁོར་སྒྱུར་གྱི་བཙུན་མོ་དང་། གཡོག་མོའི་གཙོ་མོ་དང་། གསོལ་ཀ་མ་སོགས་དང་

TN03_Page_1118
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༡)ཚུལ་བསྟུན་ནས་སྒེགས་སོགས་ལྷ་མོ་བརྒྱད་བཞག་པ་སོགས་ཀྱིས་འཕྲུལ་ཏེ་དཔྱད་དོ། །འཇིག་རྟེན་གྱི་ན་ཆུང་ལ་རིགས་གཟུགས་བློ་དང་སྒྱུ་རྩལ་བསོད་ནམས་སོགས་ཡོན་ཏན་ཐམས་ཅད་ཆེས་ཕུལ་དུ་བྱུང་བ་ནི། དྲག་པོ་དང་ཁྱབ་འཇུག་སོགས་འཇིག་རྟེན་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་ཆུང་མར་འཐོབ་སྟེ། དེ་དག་པས་ཆེས་དམན་པའི་འཁོར་སྒྱུར་གྱི་བཙུན་མོ་ཡང་ཆེས་བཟང་བར་བཤད་པ་ཡིན་ནོ། །དབང་མོ་འདི་རྣམས་གཙོ་བོའི་དགའ་མའང་ཡིན་ཏེ་སྒྱུ་འཕྲུལ་ལེའུ་བཅོ་ལྔ་པར་གསལ་ཞིང་རྒྱས་སོ། །དེས་ན་འཇིག་རྟེན་ན་རབ་མཆོག་ཏུ་གྱུར་པའི་བུད་མེད་རྣམས་དཔལ་ཧེ་རུ་ཀའི་རེས་འགའ་བའི་ཡུམ་མམ། ཡུམ་ཕལ་པར་བྱིན་གྱིས་བརླབས་པ་ཡིན་ནོ། །གཙོ་བོའི་ཡུམ་ཡིན་ཀྱང་དཀྱིལ་འཁོར་གྱི་ལྷ་གནས་ཟུར་པ་ལ་འགོད་པ་ནི། ཀྱེ་རྡོར་གྱི་དཀར་མོ་སོགས་དང་། དུས་འཁོར་གྱི་དུ་བ་མ་སོགས་ལྟ་བུའོ། །སྔ་མ་དག་མོ་རྒྱུད་སྦྱོར་བས་བཏུལ་བ་ནི་སྔོན་བྱུང་ཡིན་ལ། རྗེས་འཇུག་ནི་ལས་ཀྱི་སྲིན་མོ་ལ་མོས་པ་མི་སྐྱེ་བས་སྒྲུབ་ཐབས་ལས་དབྱིངས་ཡུམ་སྡེ་ལྔ་ཁོ་ན་ཡུམ་དུ་བསྟན་གསུངས་ཏེ་བདེ་ཆེན་མཆོག་གི་ཡེ་ཤེས་སྟེར་བ་ལ་དབྱིངས་ཡུམ་ལྔ་གཙོ་ཞིང་། སྣ་ཚོགས་ལས་ཀྱི་དངོས་གྲུབ་སྟེར་བ་ལ་འཇིག་རྟེན་གྱི་གཙོ་མོ་རྣམས་བསྔགས་པས་སྒྲུབ་ཐབས་ཀྱི་བཤད་ཚུལ་དེ་ལྟར་འོང་ཞེས་གཟུང་ངོ་། །ཕྱི་མ་དེ་ལྟར་གཙོ་བའི་རྒྱུ་མཚན་ནི། མྱུར་བ་དང་ཚན་ཆེ་བ་གཉིས་ཚོགས་པའི་སྟེང་ནས་

TN03_Page_1119
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༢)ཤེས་པར་བྱ་སྟེ། མྱུར་བ་ནི། དམ་ཅན་འདི་དག་འཇིག་རྟེན་པའི་སྐྱེ་རྒྱུད་ལྟར་གྲུབ་པའི་ལུས་དེ་ཉིད་མ་སྤངས་པར་ད་དུང་འཇིག་རྟེན་ཉུལ་བའི་ལྷ་ཡིན་པས། སྟོང་ཁམས་ཡོངས་ལ་མངའ་མཛད་པའི། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱང་། །ད་དུང་འཇིག་རྟེན་མ་འདས་པས། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །ཞེས་སོ། །ལས་ཉོན་དང་ཡེ་ཤེས་ལས་གྲུབ་པའི་ལུས་གཉིས་ནི་ཤིན་ཏུ་རང་བཞིན་བསྐལ་པ་ཡིན་པས། དེ་ལྟར་མ་བསྐལ་བའི་རྣམ་པར་སྣང་བ་འདི་དག་ནི་གདུལ་བྱའི་བསམ་པའི་དབང་གིས་ཡེ་ཤེས་ཀྱི་ལྷ་ལས་མཐོང་བ་དང་ཁོལ་བ་གཉིས་ཀ་སླའོ། །སངས་རྒྱས་འཇིག་རྟེན་དུ་མ་བྱུང་གོང་གི་ལྷ་དང་མ་མོ་སོགས་འཇིག་རྟེན་པའི་སྔགས་ཐམས་ཅད། དེ་བཞིན་གཤེགས་པའི་སྤྱན་སྔར་ཕུལ་བའི་ལྷ་དང་མ་མོ་ལ་སོགས་པའི་སྔགས་ཀྱིས་ཐོགས་མེད་དུ་བཅད་འགྲོ་བར་ཡོ་ག་ལས་གསུངས་ཏེ། སངས་རྒྱས་ཀྱིས་མངོན་སུམ་དུ་བྱིན་གྱིས་བརླབས་ཤིང་དགོངས་པའི་ཁྱད་དོ། །དེས་ན་འདི་དག་གི་ཡང་བྲན་ཐ་ཆུང་རྣམས་ཀྱི་སྔགས་དང་དམོད་པའང་དེ་ལས་གཞན་པའི་འབྱུང་པོའི་སྔགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཡིན་ནོ། །སྒྱུ་འཕྲུལ་ཞི་བ་ལས་ཁྲོ་བོ་མྱུར་བའི་རྒྱུ་མཚན་ཡང་། སྔ་མ་དག་ཛབ་འདྲིལ་བ་སོགས་འགའ་རེ་བཞེད་དེ། ཕལ་ཆེར། ཁྲོ་བོ་རྣམས་དངོས་གྲུབ་འབེབས་པ་ལ་བཙན་ཐབས་ཀྱི་སྤྱོད་པ་ཅན་དུ་གནས་པ་དང་། འཁོར་འདས་གཉིས་ཀྱི་ས་མཚམས་ན་བཞུགས་པའི་དངོས་གྲུབ་ཀྱི་ཕོ་ཉ་

TN03_Page_1120
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༣)ཁྱད་པར་ཅན། འདི་དག་གི་དབང་གིས་ཡིན་ནམ་སྙམ་སྟེ། སྒྲུབ་ཆེན་ཟིན་བྲིས་སུ་ཡང་ཕྱོགས་འདྲ་བཤད་ཡོད། ཕྱག་རྡོར་དབང་བསྐུར་ལས། གསང་བ་པའི་བདག་པོའི་བྲན་མོ་རྣམས་འཆད་པ་ན། དེ་དག་ནི་རང་བཞིན་གྱིས་གྲུབ་པ་སྟེ། སུས་བཅོལ་ཡང་ང་རྒྱལ་བཅག་པ། ལས་སྣ་ཚོགས་མི་བྱེད་པ་ཅི་ཡང་མེད་པ་ཞེས་གསུངས་པ་དང་ཚུལ་མཚུངས་པར་འདི་དག་ཀྱང་དེ་བཞིན་གཤེགས་པའི་བྲན་མོ་རང་བཞིན་གྱིས་གྲུབ་པ་ཡིན་ནོ། །མཆན། ཚན་ཆེ་བ་ནི། འཁོར་བའི་སྐྱེ་རྒྱུད་ཀྱི་དབང་དུ་དྲེགས་པ་ལ་ཆེ་ཆུང་མཆོག་དམན་གྱི་རིམ་པ་མང་ལ། ཚུལ་བསྟན་བྱས་ཀྱང་། རླབས་ཆེ་ཆུང་གང་གི་རྣམ་པ་བཟུང་བ་དེ་ལྟར་གདུལ་བྱའི་བསམ་དབང་གིས་རེ་ཞིག་ལ་ཚན་ཆེ་ཆུང་ཡང་འཐད་དོ། །མི་ལ་ལྷ་དང་འདྲ་བའི་མཐུ་དཔལ་ཚེ་དེར་ཐོབ་ན་དངོས་གྲུབ་བཟང་ཤོས་སུ་འགྲོ་ཡང་། ལྷ་ལ་དེས་མི་འགྲོ་བ་ལྟར་སྐྱེ་རྒྱུད་ཀྱིས་ཞན་པ་དང་ཆེས་ཆེ་བ་གཉིས་དངོས་གྲུབ་བརྙེས་རྗེས་སུ་ཡང་མཐུ་ཆེ་ཆུང་ཡོད་ཆོག་གོ །འདི་དག་ནི་དང་པོ་ཉིད་ནས། རྒྱུད་ཀྱི་བཅོ་ལྔ་པར་བྲན་དང་ཡང་བྲན་དང་། གཡོག་དང་ཡང་གཡོག་འཁོར་ཞིང་གི་རྡུལ་སྙེད་ཅན་དུ་གསུངས་པ་ལྟར་འཇིག་རྟེན་གསུམ་གྱི་འབྱུང་མོ་ཐམས་ཅད་ལ་བཀའི་འཁོར་ལོ་སྦྱོར་བའི་གཟི་བརྗིད་ཅན་ཡིན་པའི་སྟེང་དུ་དཔལ་ཧེ་རུ་ཀས་ཐོགས་མེད་མཐུ་སྟོབས་ཀྱི་དངོས་གྲུབ་སྩལ་བས་ཚན་ཆེ་བ་ཡིན་ནོ། །དེའང་འདི་དག་ཏུ་གདུལ་བྱའི་བསམ་དབང་གིས་ཞེས་པ་ནི་གལ་ཆེ་སྟེ། སྲུང་མ་ནང་འབྲས་མཐུན། ཐུགས་ཉེ་རིང་། ཚན་ཆེ་ཆུང་། ལས་

TN03_Page_1121
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༤)མྱུར་འབུལ། དངོས་གྲུབ་གང་ལ་རྩལ་ཐོན་ཐམས་ཅད་སྒྲུབ་པ་པོའི་བློའི་ཞེན་ཚུལ་ལ་ཐུག་ཡོད་པར་མང་དུ་བཤད་དོ། །སོ་སོའི་ལོ་རྒྱུས་ཀྱི་རྩ་ཐོ་ནི། སྲིན་པོ་དྷ་ཤ་གྲི་བའི་ཆུང་མ་རྡོ་རྗེ་མིའི་སྲིན་མོ་དང་། ཚངས་པའི་ཆུང་མ་ཚངས་མ་དང་། ལྷ་ཆེན་དྲག་པོའི་འཁྲུགས་མོ་དང་། བརྒྱ་བྱིན་གྱི་དབང་མོ། ཁྱབ་འཇུག་གི་འཇུག་སྲེད་མོ། །གདོང་དྲུག་གི་གཞོན་ནུ་མོ་སྟེ་ཤར་གྱི་མ་མོ་དྲུག །འཇུག་སྲེད་ཀྱི་དམར་མོ། ཉི་མའི་བདུད་རྩི་མོ། ཟླ་བའི་ཞི་བ་མོ། བེ་ཅོན་གྱི་བེ་ཅོན་མོ། །སྲིན་པོ་ཁྲག་མིག་གི་སྲིན་མོ། །ལྷ་ཟ་བྱེད་ཀྱི་ཟབ་མོ་སྟེ་ལྷོའི་དང་། དགའ་བྱེད་དབང་ཕྱུག་གི་དགའ་བ་མོ། །སྟོབས་བཟང་གི་ར་རོ་ཁྲག་འཐུང་མྱོས་མ་བྷྲི༚་གི་རི་ཏིའི་གཅིག་པུར་སྤྱོད་མ། འདོད་ལྷའི་ཡིད་འཕྲོགས་མ། ནོར་སྲུང་གི་གྲུབ་མོ། །རླུང་ལྷའི་རླུང་མོ་སྟེ་ནུབ་ཀྱི་དང་། ལྷ་གསོད་བྱེད་ཀྱི་གསོད་བྱེད་མོ། མེ་ལྷའི་མེ་མོ། །ས་དག་ཕག་ཆེན་གྱི་ཕག་མོ། །གཤིན་རྗེའི་རྒན་བྱེད་མོ། །ཚོགས་བདག་གི་སྣ་ཆེན་མོ། །ཆུ་ལྷའི་ཆུ་ལྷ་མོ་སྟེ་བྱང་གི་དང་། ལྷ་ནག་པོ་ཆེན་པོའི་ནག་མོ་ཆེན་མོ། །ར་གདོང་ཆེན་པོའི་ར་མགོ་དམར་སེར་ཆེན་མོ། །སྲིན་པོ་བུམ་སྣའི་བུམ་སྣ་སྔོ་ནག་ཆེན་མོ། །གསུས་པོ་ཆེའི་གསུས་འཛིན་སེར་ནག་ཆེན་མོ་སྟེ་སྒོའི་མ་མོའོ། །མ་མོ་འདི་རྣམས་ལས་མང་པོ་ཞིག་འཇམ་དཔལ་རྩ་རྒྱུད་ཀྱི་གླེང་གཞི་ལ་སོགས་པར་ཡང་འབྱུང་ངོ་། །དེར་ཡང་མ་མོའི་འཁོར་བྱེ་བ་བརྒྱ་སྟོང་དང་ལྡན་པར་བཤད་ཡོད། འདིར་ཚངས་པ་ལ་ཆུང་མ་བཤད་པ་ཆོས་མངོན་པ་

TN03_Page_1122
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༥)དང་འགལ་བ་སྤོང་བ་ནི་མན་སྙེ་ལྟར་བྱའོ། །དང་པོ་མི་སྲིན་གཡག་མགོ་ནི་འདོད་ཁམས་དབང་མོ་རྗེ་ཁོལ་གཉིས་ཀྱི་རྗེ་མོ་དང་གཅིག་པར། དགེ་འདུན་རྒྱ་མཚོས། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི། གཙོ་མོ་མཛད་པ་དེ་ཡི་ཚེ། །མི་སྲིན་གཡག་མགོ་ཐོད་རློན་འཆང་། །དེ་ཡང་བྱང་ཤར་རེ་མ་ཏི། །ཞེས་ཏེ་ཀློང་སྙིང་གཡུལ་མདོས་ལས་ཀྱང་ངོ་། ༈ །ཤར་གྱི་མ་མོ་བདུན་རྡོ་རྗེའི་རིགས་སོགས་བུདྡྷའི་རིགས་མ་གཏོགས་པ་བཞི་དང་སྦྱོར་བར་ཁ་ཅིག་ཏུ་བཤད་དེ། རྒྱུད་ཀྱི་བཅོ་ལྔ་པ་དཀྱིལ་གསལ་ལྟར་ན། རྡོ་རྗེའི་རིགས་བརྒྱད། ལྷག་པ་བཞི་ལ་ལྔ་ལྔར་བྱེད་དམ་དཔྱད། འཇིག་རྟེན་ལས་འདས་པའི་རིགས་གར་གཏོགས་ལའོ། །མཆན། ལྷ་གཅིག་གིས་རིགས་གཉིས་འཛིན་པའང་ཡོད་པས་མི་འགལ་ལམ། ༈ དེའང་མགྲིན་བཅུའི་ཆུང་མ་བྱེད་དུས་སྲིན་ཞལ་ཅན་ཡིན་པ་ལས། རུ་ཏྲས་ཕྲོགས་པ་ན་ཁོ་མགོ་བརྙན་ལ་དགའ་བས་སྲིན་ཞལ་གཡག་གདོང་དུ་བསྒྱུར་ཞེས་བཤད་དེ། དེས་ལྷག་མ་རྣམས་མགོ་བརྙན་འཆང་བའི་རྒྱུ་མཚན་ཡང་འགྲེ། གཟུགས་འདོད་དགུར་སྒྱུར་བའི་རྫུ་འཕྲུལ་ཅན་དུ་བསྟན་པའི་ཕྱིར་རྣལ་མའི་བྱད་བཞིན་ལས་གཞན་དུ་བསྒྱུར་བའང་ཡིན་ཏེ་བཤགས་རྒྱུད་ལས། ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཞེའོ། །སྤྲུལ་གཞི་ཉེར་བརྒྱད་དྲག་མོའི་གདོང་ཅན་དང་། སྤྲུལ་པ་ཉེར་བརྒྱད་གདོང་བརྙན་ཅན་ཏེ་གཉིས་སུ་བཤད་པའང་ཡོད། ལོ་རྒྱུས་འདི་ལྟར་ཤེས་ན་དམ་ཅན་ཐུགས་ཉེ་བའི་དགོས་པའང་ཡོད་པར་མངོན་

TN03_Page_1123
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༦)ཏེ། ལག་ན་རྡོ་རྗའི་བུ་ལག་མྱུར་སོགས་རང་གི་མིང་དང་རུས་ཤེས་པ་རྣམས་ལ་སྲུང་སྐྱོབ་སྦེད་གསུམ་བྱེད་པར་གསང་སྔགས་རྗེས་འཛིན་ལས་གསུངས་པ་བཞིན་ནོ། །སྒྱུ་འཕྲུལ་གྱི་བཅོ་ལྔ་པར། སྟོན་པས་འདི་རྣམས་ལ་ལག་ཏུ་རྡོ་རྗེ་བྱིན་ནས་ཕྱི་རོལ་གྱི་སྲུང་མར་བཀོད་པར་བཤད་པ་ནི། རྡོ་རྗེའི་དེ་ཉིད་ནི། བདེ་སྟོང་མི་ཕྱེད་པའི་དོན་དམ་བྱང་ཆུབ་ཀྱི་སེམས་ཏེ། དེའི་སྒོ་ནས་གསང་སྔགས་ཀྱིས་སྟན་པ་སྲུང་བ་དང་། བསྟན་པའི་དོན་བྱ་བ་ལ་དབང་བའི་ཅི་བགྱི་མོར་གནང་སྟེ་དབང་སྐུར་རོ་ཞེས་ཤེས་པའི་ཆེད་དེ། དེས་ན་འདི་དག་གིས་བསྟན་པ་སྲུང་བའི་ཡུལ་ནི་ནམ་མཁའ་ལྟར་ཐུག་པ་མེད་པ་ཡིན་གྱི། ཕྱོགས་རེ་བ་མིན་ནོ། །མཆན། སྒྲུབ་སྡེའི་སྐོར་ལས་ཀྱང་། མ་མོ་རྦོད་གཏོང་ཞེས་རྦོད་གཏོང་ཕོ་ཉའི་ལས་ལ་མ་མོ་བསྔགས་ཏེ། དེའི་རྒྱུ་མཚན་ཡང་། སྤྱིར་མ་མོ་རྦོད་གཏོང་རྩ་རླུང་ཐིག་ལེའི་སྒོ་ནས་འཆད་པ་ན། མ་མོ་རྣམས་ཧེ་རུ་ཀའི་རྩ་རླུང་ཁམས་གསུམ་གྱི་ཆ་རྣམས་ལས་སྤྲུལ་པ་དང་། སྲིད་པའི་གནས་ལུས་ལོངས་སྤྱོད་དག་ཡིད་བྱེད་སྦྱོང་མཐའ་དག་རྩ་ཐིག་རླུང་གསུམ་གྱི་རང་རྩལ་ཡིན་པ་དང་། མ་མོ་རྩ་རླུང་གི་བདག་མོར་ཞལ་གྱིས་བཞེས་པས་སྐྱེ་འགྲོའི་རྩ་རླུང་ལ་གནས་ནས་སྲོག་དབུགས་དང་སྣོད་བཅུད་ཀྱི་གཟི་མདངས་ལ་མངའ་མཛད་པར་བཤད་དེ་མ་མོ་ནད་ཡམ་ལ་མངའ་མཛད་པར་བཤད་པའང་རྩ་རླུང་གི་རྟེན་འབྲེལ་དུ་མངོན་ལ། མ་མོའི་དེ་ཉིད་ལ། མ་དབྱིངས་དང་། མོ་རིག་པའི་ཡེ་ཤེས་ཏེ་དབྱིངས་རིག་ཟུང་འཇུག་ཉིད་ལན་ཅིག་མ་ཡིན་པར་བཤད་པ་དང་། བདེ་འདུས་མ་མོའི་རྩ་རྒྱུད་ལས། མ་སྐྱེད་པ་དང་། མོ་སྡུད་པའི་དོན་དུ་བཤད་དེ་སྲིད་པ་སྐྱེད་སྡུད་ཀྱི་རྩ་བ་མ་མོའི་

TN03_Page_1124
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༧)དེ་ཉིད་ཀྱི་སྒྲུབ་གཞི་ཉིད་ཡིན་ཞེས་པ་སྟེ། འདི་དག་ཡང་ནས་ཡང་དུ་བཤད་པས། དེ་རྣམས་བསྒྲིགས་ན། མ་མོའི་དེ་ཉིད་རྩ་ཐིག་རླུང་གསུམ་ཐམས་ཅད་ཁན་སྐྱེས་ཀྱི་ཡེ་ཤེས་སམ་དབྱིངས་རིག་དབྱེར་མེད་ཀྱི་ཐིག་ལེར་བསྟིམ་པའི་ཏིང་ངེ་འཛིན་དངོས་སམ་བཅོས་མའི་སྟེང་ནས་སྔགས་ཀྱི་ལས་རབ་འབྱམས་བྱེད་པ་འདི་རྩལ་དུ་བཏོན་ནས་སྒྲུབ་པའི་ཆེད་ཡིན་ཏེ། བདེ་མཆོག་གི་གཡོན་པའི་ཀུན་སྤྱོད་བཞིན་ནོ། །དེ་ལྟར་ན་སྲིད་པ་མ་མོའི་རྒྱུད་ཀྱི་བཞེད་པས། སྣང་སྲིད་ཐམས་ཅད་ཀྱི་རྩ་བ་མ་མོ་ཡིན་ཅིང་། རྒྱུ་དང་མི་རྒྱུའི་སྲིད་པ་ཐམས་ཅད་མ་མོའི་མཁའ་དབྱིངས་ན་གནས་པར་བཞེད་དེ། བདེ་མཆོག་ཏུ། བརྟན་གཡོ་ཐམས་ཅད་གཡོན་ནས་འབྱུང་། ཞེས་པ་བཞིན་ནོ། ཁམས་གསུམ་ན་དབང་ཆེ་བ་མ་མོ་ཡིན་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །གལ་ཆེ། མ་མོའི་གསང་རྒྱུད་ལས། མ་མོའི་དེ་ཉིད་དེ་ལྟ་སྒོམ་སྤྱོད་གསུམ་སྦྱོར་སྒྲོལ་གསོ་བསད་ཀྱི་དགོངས་པ་སོགས་མང་པོར་སྦྱར་ནས་བཤད་པས་ཀྱང་ངེས་པ་སྟེར་རོ། །བདེ་འདུས་འབྱེད་ལྡེའི་རྒྱུད་ལས། སྡེ་བརྒྱད་ཐམས་ཅད་ཀྱི་བསྐྱེད་གཞི་དང་རྟེན་གནས་མ་མོར་བཤད་ཅིང་། ཚོགས་བརྒྱད་དང་སྦྱོར་བ་ན་ཡང་། ཀུན་གཞི་མ་མོ། ཡིད་ཤེས་གཤིན་རྗེ་སོགས་སུ་བཤད་དེ། མ་མོ་ལས་ཁྱབ་རྒྱ་ཆེ་བའི་ཐོགས་པ་མེད་ཚུལ་གཞན་ཡང་ཡོད་དོ། །དེས་ན་ལྷ་སྲུང་བརྗེ་ལེན་སོས་ཀའི་གནམ་འཐིབ་དང་ལྟར་མང་དུ་བྱས་བྱས་ནས་གཅིག་ཀྱང་འགྲུབ་དུས་མེད་པའི་ཅོལ་ཆུང་གི་ལས་སྤངས་ལ། བློ་སྣ་གཅིག་ཐོག་ཏུ་བཞག་ནས་དབང་ཕྱུག་མ་འདི་རྣམས་སྲུང་

TN03_Page_1125
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༨)མ་དེས་ཆོག་མར་གཟུང་ངོ། །དེ་ལ་སྔགས་ཀྱི་ཆོས་སྒོར་ཞུགས་མྱོང་གི་མི་མ་ཡིན་ལ་སྔོན་དམ་ལས་ལོག་པས་དམ་ཚིག་ཅན་ལ་གནོད་པའི་འདྲེར་གྱུར་པ་ཞིག་དང་། །དམ་ཚིག་སྲོག་ལྟར་བཙའ་བ་གོམས་པས་ཉམས་པའི་བདུད་བྱེད་ཅིང་དམ་ལྡན་ལ་ཤིས་པའི་ལྷར་གྱུར་པ་ཞིག་སྟེ་གཉིས་ཀྱི་སྔ་མ་ལ་དམ་སྲི་དང་། ཕྱི་མ་ལ་དམ་ཅན་ཞེས་བྱ་སྟེ། དམ་ཚིག་ཉམས་པ་རྣམས་ལ་དམ་སྲི་དང་། དམ་ཚིག་ཅན་རྣམས་ལ་དམ་ཅན་ངང་གིས་འགོ་བ་ནི་ལུགས་ཡིན་ནོ། །དེའང་བཤགས་རྒྱུད་ལས། བདག་གི་དམ་ཚིག་རྡོ་རྗེ་མཆོག་གསུམ་པོ། ཁྱེད་ཀྱི་ཐུགས་དམ་མཆོག་ཀྱང་དེ་ལགས་པས། །རིགས་མི་མཐུན་ཀྱང་དམ་ཚིག་གིས་བསྡུས་ན། ལྕམ་དྲལ་ཚུལ་དུ་ཉེ་ཞིང་གདུང་བར་མཛོད། ཅེས་དམ་ཚིག་ལ་གནས་ན་དཔལ་གྱི་བཀའ་སྡོད་རྣམས་དང་ཀུན་སྤྱོད་མཐུན་པའམ་བསླབ་པ་གཅིག་པས་མིང་སྲིད་ལྟར་གཟིགས་པར་གསུངས་ཏེ། དབང་བསྐུར་གྱིས་ཧེ་རུ་ཀའི་རིགས་སུ་སྐྱེས་པར་མཉམ་པས་རིགས་གཅིག་པའི་མིང་འདི་ནི་མི་གཙང་བ་ལ་ལྟོས་ནས་བཞག་པའི་མིང་སྲིང་གནས་སྐབས་པ་དང་ཆེས་མི་འདྲའོ། །སྲིང་ལྟ་བུའང་ཡིན་ནོ། །དེས་ན་རྒྱུ་འཕྲུལ་རྩ་བ་རྒྱལ་བའི་རིགས་མཆོག་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །ཞེས་སོ། །དང་ཡན་ལག་གི་དམ་ཚིག་བཅོ་ལྔ་སོགས་ཚུལ་བཞིན་སྲུང་བ་ནི་སྲུང་མའི་བླ་རྡོ་འཆའ་བ་ཡིན་ཅིང་། ལྷག་པར། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི། །མིང་ཙམ་འཛིན་པར་བྱེད་པ་ཡང་། །གཙུག་གི་ནོར་བུ་འབར་བ་ལྟར། །

TN03_Page_1126
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༩)ཞེས་པ་ནས། མ་ལུས་རྫོགས་པར་བདག་ཅག་སྒྲུབ། །ཞེས་པ་ལྟར་སྒྱུ་འཕྲུལ་ཧེ་རུ་ཀའི་རྣལ་འབྱོར་འཆང་ བ་ལ་དབང་མོ་རྣམས་རང་འཁོར་ཞིང་འདིས་ནི་རང་གི་ཇོ་བོའི་སྙིང་མཐའ་གཅིག་ཏུ་ཉེ་བའི་བྲན་བཟང་མོ་ཡིན་པར་སྟོན། མ་བཅོལ་བར་ཡང་ལས་ཐམས་ཅད་བྱེད་པར་རྡོ་རྗེའི་བྲོ་བོར་བ་ཡིན་ནོ། །དེ་དག་སྲུང་མར་བསྟེན་ལུགས་འདིར་དམིགས་ཕུག་སྟེ་གསུངས་པ་ནི། ཕྱི་ཁྱམས་ལ་འགོད་པ། དེ་ལ་ཡེ་ཤེས་པ་བཅུག་སྟེ་བྱིན་གྱིས་བརླབ་པ། དྲག་མཆོད་འབུལ་བ། རྟ་སྐད་ཀྱིས་འབོད་ཅིང་བརྔན་ནས་ལས་འཆོལ་བ། རུ་ལུའི་ཛབྲ་ཀྱིས་བསྙེན་པ། ལྷག་གཏོར་གྱིས་མཆོད་པ་སོགས་སོ། །དེའང་རྒྱུད་ཀྱི་བཅོ་ལྔ་པར། སྔོན་བྱུང་དུ་ཧེ་རུ་ཀས། ཧཱུཾ་ཧཱུཾ་ཧཱུཾ་བྷྱོ་ཨེ་ཨ་ར་ལླི་སོགས་བརྗོད་པས་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པ་ཡུང་འབྲུ་ཙམ་དུ་བསྡུ་བའི་ཆོ་འཕྲུལ་གྱིས་དབང་མོ་རྣམས་བསྡུས་པར་གསུངས་པའི་ཧཱུཾ་གསུམ་པོ་མ་མོ་རྣམས་ཀྱི་ལུས་ངག་ཡིད་གསུམ་ཧེ་རུ་ཀ་རང་གི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཕྲ་མོ་ལ་སྡུད་པའི་སྔགས་ཡིན་པར་སྔགས་འཆང་ཆེན་པོ་དག་གསུང་སྟེ། འདིའི་རྟ་སྐད་ཀྱི་དགོངས་པར་དོན་གྱིས་འབབ་མོད། མཁའ་འགྲོ་དམ་ཅན་ཐམས་ཅད་གླུ་གཅིག་གི་བཀའ་འོག་ན་གནས་ཚུལ་རྒྱས་པར་འཆད་པ་ནི་རྟ་མགྲིན་སྐོར་རང་ཡིན་ནོ། །རུ་ལུ་བཞི་འབུམ་བཟླས་ན་བྷྱོ་བསྙེན་བཞི་འབུམ་དེའི་ཁོངས་སུ་འགྲོ་སྟེ། རྩ་རྒྱུད་ལས་དབང་མོ་རྣམས་ཀྱི་སྔགས་ལ་བྷྱོ་མིན་བྷྱོ་ནི་མ་མོའི་ཚོགས་ཀྱི་དོན་དང་། རོང་ཟོམ།

TN03_Page_1127
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༠)སྙིང་པོའང་ཡིན་ལ་འབོད་པ་དང་སྐུལ་བའང་ཡིན་ནོ། །རྣམ་པ་གཅིག་ཏུ་ཀློང་ཆེན་བྷ་གི་ནཱི་སྲིང་མོ་དང་བྷརྻ་ཆུང་མ་ལ་འཇུག་པའི་སྒྲ་བསྡུས་པའམ། མན་སྙེར་འཇིགས་པར་བྱེད་པའི་དོན་ལ་བཤད་པ་ལྟར་ན་འཇིགས་བྱེད་མ་ཞེས་བོད་པའོ། །དགོངས་རྒྱན་ལས་སོ། །པ་ཅིའང་མ་བཤད་ཅིང་། འགྲེལ་པར་རྒྱུ་མ་ནོར་བ་རྩ་བའི་སྔགས་ཀྱི་དབང་དུ་མཛད་པར་གསུངས་ལ། མ་མོའི་སྒོས་སྒྲུབ་ཐམས་ཅད་དུའང་བྷྱོ་སྲོག་སྔགས་སུ་བཤད། ཡོ་ག་དེ་ཉིད་བསྡུས་པར་ཡང་མ་བྷྱོ་ཞེས་བྱ་བ་གཅིག་པོ་འདིས་ནག་པོ་ཆེན་པོ་མ་མོའི་ཚོགས་དང་བཅས་པའི་དཀྱིལ་འཁོར་གྱི་བྱ་བ་ཐམས་ཅད་དང་། ལས་ཀྱི་དངོས་གྲུབ་ཐམས་ཅད་བྱེད་ཚུལ་དཔལ་མཆོག་རྩ་འགྲེལ་ན་རྒྱས་པར་བཤད། བདེ་འདུས་ལས་ཀྱང་། མ་མོའི་ལས་ཀ་བྷྱོ་ལ་ཐུག༔ ཅེས་སོ། །མོའི་སྲོག་སྙིང་ལ་འབྲུ་གཅིག་པོ་འདི་རང་བཤད་དོ། །རྟ་སྐད་ཐ་མའི་ལས་འཆོལ་སྐབས། བདུད་ཚོགས་འགུགས་བསྒྲལ་ཁོ་ན་ཤས་ཆེར་བཤད་པ་ནི་ཁྲོ་བོའི་དགོས་མཛད་མངོན་སྤྱོད་ཡིན་པས་དེའི་དབང་དུ་མཛད་ཀྱི། སྔར་དྲང་བའི། ཐམས་ཅད་ཐམས་ཅད་བྱེད་པ་ཡིན། །ཞེས་དང་། རྔོག་མ་ལེ་བརྒན་ལས། དྲག་དབང་རྒྱས་དང་ཞི་བར་བྱེད། ཤར་གྱི་བདུན་ཞིག །ལྷོའི་བདུན་རྒྱས་ལས་ལ་བསྔགས་སོགས། ཅེས་པ་ལྟར་ཕྲིན་ལས་གཞན་ཡང་འཆོལ་ཆོག་སྟེ། རྣལ་འབྱོར་བརྡ་སྐད་དུ། སངས་རྒྱས་སྐུལ་བ་ན་ཡང་། དྲག་པོའི་ལས་ལ་སྐུལ་བ་ཙམ་ལས་མི་གསལ་ཡང་། གཞན་དུ་གྲུབ་པ་བརྒྱད་འགུགས་པ་སོགས་ཀྱང་བཤད་པ་བཞིན་ནོ། །གཙོ་ཆེ་ཆུང་ཙམ་ལས་སྤྱིར་ནི་དབང་མོ་འདི་དག་འཇིག་རྟེན་གྱི་དངོས་གྲུབ་སྦྱིན་པའི་ནུས་པ་དང་པོ་ནས་བརྙེས་ཤིང་། སླར་ཧེ་རུ་ཀས་དམ་པའི་བདེ་བ་སྩལ་ཞིང་ངོ་མཚར་ཚོགས་

TN03_Page_1128
[མ་དཔེ་གཟིགས་ན་འདིར་གནོན།]

(༦༨༩)ཅི་བགྱིའི་བཀའ་ཉན་གྱི་ཟིན་བྲིས་དོན་ཀུན་གྲུབ་པའི་སྦྲུལ་ཞགས། ཕོ་ཉ་དམ་ཅན་སྤྲིན་ལྟར་གཏིབས༔ ཅེས་པར། ཁམས་རྒྱ་མོ་དྲུག ལོང་བ་སོ་གཉིས། ཁྱི་སྤྱང་བཅུ་དྲུག །ཟླ་ཉི་མེ་ཆུའི་འདབས་ཅན་བཞི། ས་ཆུ་མེ་རླུང་གི་འབྲུག་བཞི་སོགས་རྟ་མཆོག་གི་དགོས་ཀྱི་སྲུང་མ་རྣམས་དང་གོ་ཆའི་འཇམ་དཔལ་གྱི་ཕོ་ཉ། གྲི་ཐོགས་གིང་། ཤོ་ཐོགས་རྩིས་པ། ཁྲམ་ཐོགས་བདུད་སོགས་དང་། གུར་དྲག་གི་ལྷ་སྲིན་སྡེ་བརྒྱད། བླ་མེད་ཧེ་རུ་ཀའི་ཨེ་ཀ་སྤུན་དྲུག་དང་རྣམ་མཁའི་རྒྱལ་མོ་སྤུན་གཉིས། འདོད་ཁམས་གཙོ་མོ་སྤུན་གསུམ། དབང་གི་གྲུ་འདེགས་བཞི། དམག་གི་རྒྱལ་མོ་མཆེད་བཞི། གླིང་བཞིའི་རྒྱལ་མོ་བཞི་སོགས་དང་། ཕུར་པའི་མ་མོ་བཅུ་གཉིས་དང་མིང་པོ་གསུམ་སོགས་ཇི་སྙེད་བསྡུ་སྟེ། གཏོར་ཟློག་ལས་གོ་ཆ་ལྔ་རེ་རེ་ཞིང་། གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ཞེས་སོ། །ལུང་དེ་བླ་མེད་ཧེ་འཁོར་ཞེས་པ་ལས་གྲགས་ཚབས་འདི་ཆེ། རུ་ཀ་སྲིད་པ་མ་མོ་འཇིག་འདས་ཐམས་ཅད་ཀྱི་ངོ་བོའམ་སྤྱི་གཟུགས་སུ་སྒོམ་པ་སོགས་ལས་ལོགས་སུ་སྒོམ་པ་ལ་མ་བཤད་ཀྱང་རུང་སྟེ། གནད་འདྲའོ། །གཞན་ཡང་རྒྱུད་དང་སྒྲུབ་སྡེ་སྤྱི་ལ་གྲགས་པའི་མཁའ་འགྲོ་སོ་གཉིས། སྤོར་མའམ་འབར་མ་བརྒྱད། གིང་བཅོ་བརྒྱད། མགྱོགས་མ་བཞི། མ་བདུན། སྲིད་བཞི། ཕོ་ཉ་སུམ་བརྒྱ་དྲུག་ཅུ། ལངྐ་འབུམ། འབུམ་ཕྲག་ཡངས་པའི་མཁའ་འགྲོ་སོགས་མཐའ་ཡས་པ་དྲང་ངོ། །འོན་ཀྱང་གཙོ་བོ་ནི་

TN03_Page_1129
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༠)དབང་ཕྱུག་ཉེར་བརྒྱད་གལྤོ་ལས། མཁའ་འགྲོ་སོ་གའི་ས། གིང་ཆེན་ཁྱོ་ཤུག་བརྒྱད། ལངྐ་འབུམ། འབར་མ་བརྒྱད། མ་བདུན་སྲིང་བཞི། ཕོ་ཉ་དྲུག་ཅུ་རྩ་བཞི་རྣམས་མར་གནས་ལྷག་མ་ལ་དབང་བ་དང་། དབང་ཕྱུག་མ་ཉེར་བརྒྱད་ཕུད་ལྷག་གཉིས་ཀ་ལ་དབང་བས་མར་ཡར་གྱི་གནས་གཉིས་ཀར་འཇོག་པར་བཤད་དེ། དེ་ཐམས་ཅད་ཀྱི་ནང་ན་གཙོ་བོར་གྱུར་པ་དབང་མོ་འདི་རྣམས་ཡིན་པར་སྟོན་པ་ཤིན་ཏུ་གསལ་པོ་རུ་གསུངས་ཤིང་། གཏོར་ཟློག་ཏུ། ཞི་ཁྲོ་རབ་འབྱམས་མངག་གཞུག་ལས་ཀུན་མཛད༔ ཅེས་གསུངས་ལ། སྒྱུ་འཕྲུལ་ལས་ཀྱང་། རྦད་ཅིང་གཏང་བར་བྱ་བ་སྟེ། །ཐམས་ཅད་ཐམས་ཅད་བྱེད་པ་ཡིན། །ཞེས་ལས་ཀྱི་དངོས་གྲུབ་མཐའ་དག་བྱེད་པ་དང་། དེའང་རྦོད་གཏོང་གི་སྒོ་ནས་བྱེད་པར་བསྔགས་ཏེ། སྒྱུ་འཕྲུལ་གྱི་གོང་འོག་གཞན་དུ་མར་ཡང་དེ་ལྟར་འབྱུང་ངོ་། །གནས་མ་ཡུལ་མ་མན་ཆད་ལ། ལེའུ་བཅུ་གཅིག་པར། ཕོ་ཉ་ཕྱག་བརྙན་བཀའ་ཉན་ཚོགས། །ཅི་བགྱི་ལ་སོགས་ཚོགས་རྣམས་ཀྱིས། །ཞེས་གསུངས་ཏེ། འདིར་ཕོ་ཉ་ཕྱག་བརྙན་སོགས་ཐམས་ཅད་བུད་མེད་ཀྱི་འཁོར་ཤ་སྟག་མཛད་པ་ནི། སྤྱོད་པ་གསུམ་གྱི་ཁྱད་པར་རིག་མའི་འཁོར་མང་ཉུང་གིས་ཕྱེ་བའི་རིགས་པ་ལྟར། དཀྱིལ་འཁོར་འདི་བདེ་བ་ཆེན་པོའི་རྒྱལ་ཐབས་སུ་བསྟན་པའི་ཆེད་དེ། འཇིག་རྟེན་ན་ཡང་ཆེན་པོ་རྣམས་ཀྱི་དགའ་བའི་འབྱོར་པ་འཆད་སྐབས་བུད་མེད་འབའ་ཞིག་གིས་བྱས་པའི་རོལ་མོ་ལ་རྩི་བ་བཞིན་དང་། ཡོ་གའི་དཀྱིལ་འཁོར་སྐབས་འཁོར་སྒྱུར་གྱི་བཙུན་མོ་དང་། གཡོག་མོའི་གཙོ་མོ་དང་། གསོལ་ཀ་མ་སོགས་དང་

TN03_Page_1130
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༡)ཚུལ་བསྟུན་ནས་སྒེགས་སོགས་ལྷ་མོ་བརྒྱད་བཞག་པ་སོགས་ཀྱིས་འཕྲུལ་ཏེ་དཔྱད་དོ། །འཇིག་རྟེན་གྱི་ན་ཆུང་ལ་རིགས་གཟུགས་བློ་དང་སྒྱུ་རྩལ་བསོད་ནམས་སོགས་ཡོན་ཏན་ཐམས་ཅད་ཆེས་ཕུལ་དུ་བྱུང་བ་ནི། དྲག་པོ་དང་ཁྱབ་འཇུག་སོགས་འཇིག་རྟེན་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་ཆུང་མར་འཐོབ་སྟེ། དེ་དག་པས་ཆེས་དམན་པའི་འཁོར་སྒྱུར་གྱི་བཙུན་མོ་ཡང་ཆེས་བཟང་བར་བཤད་པ་ཡིན་ནོ། །དབང་མོ་འདི་རྣམས་གཙོ་བོའི་དགའ་མའང་ཡིན་ཏེ་སྒྱུ་འཕྲུལ་ལེའུ་བཅོ་ལྔ་པར་གསལ་ཞིང་རྒྱས་སོ། །དེས་ན་འཇིག་རྟེན་ན་རབ་མཆོག་ཏུ་གྱུར་པའི་བུད་མེད་རྣམས་དཔལ་ཧེ་རུ་ཀའི་རེས་འགའ་བའི་ཡུམ་མམ། ཡུམ་ཕལ་པར་བྱིན་གྱིས་བརླབས་པ་ཡིན་ནོ། །གཙོ་བོའི་ཡུམ་ཡིན་ཀྱང་དཀྱིལ་འཁོར་གྱི་ལྷ་གནས་ཟུར་པ་ལ་འགོད་པ་ནི། ཀྱེ་རྡོར་གྱི་དཀར་མོ་སོགས་དང་། དུས་འཁོར་གྱི་དུ་བ་མ་སོགས་ལྟ་བུའོ། །སྔ་མ་དག་མོ་རྒྱུད་སྦྱོར་བས་བཏུལ་བ་ནི་སྔོན་བྱུང་ཡིན་ལ། རྗེས་འཇུག་ནི་ལས་ཀྱི་སྲིན་མོ་ལ་མོས་པ་མི་སྐྱེ་བས་སྒྲུབ་ཐབས་ལས་དབྱིངས་ཡུམ་སྡེ་ལྔ་ཁོ་ན་ཡུམ་དུ་བསྟན་གསུངས་ཏེ་བདེ་ཆེན་མཆོག་གི་ཡེ་ཤེས་སྟེར་བ་ལ་དབྱིངས་ཡུམ་ལྔ་གཙོ་ཞིང་། སྣ་ཚོགས་ལས་ཀྱི་དངོས་གྲུབ་སྟེར་བ་ལ་འཇིག་རྟེན་གྱི་གཙོ་མོ་རྣམས་བསྔགས་པས་སྒྲུབ་ཐབས་ཀྱི་བཤད་ཚུལ་དེ་ལྟར་འོང་ཞེས་གཟུང་ངོ་། །ཕྱི་མ་དེ་ལྟར་གཙོ་བའི་རྒྱུ་མཚན་ནི། མྱུར་བ་དང་ཚན་ཆེ་བ་གཉིས་ཚོགས་པའི་སྟེང་ནས་

TN03_Page_1131
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༢)ཤེས་པར་བྱ་སྟེ། མྱུར་བ་ནི། དམ་ཅན་འདི་དག་འཇིག་རྟེན་པའི་སྐྱེ་རྒྱུད་ལྟར་གྲུབ་པའི་ལུས་དེ་ཉིད་མ་སྤངས་པར་ད་དུང་འཇིག་རྟེན་ཉུལ་བའི་ལྷ་ཡིན་པས། སྟོང་ཁམས་ཡོངས་ལ་མངའ་མཛད་པའི། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱང་། །ད་དུང་འཇིག་རྟེན་མ་འདས་པས། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །ཞེས་སོ། །ལས་ཉོན་དང་ཡེ་ཤེས་ལས་གྲུབ་པའི་ལུས་གཉིས་ནི་ཤིན་ཏུ་རང་བཞིན་བསྐལ་པ་ཡིན་པས། དེ་ལྟར་མ་བསྐལ་བའི་རྣམ་པར་སྣང་བ་འདི་དག་ནི་གདུལ་བྱའི་བསམ་པའི་དབང་གིས་ཡེ་ཤེས་ཀྱི་ལྷ་ལས་མཐོང་བ་དང་ཁོལ་བ་གཉིས་ཀ་སླའོ། །སངས་རྒྱས་འཇིག་རྟེན་དུ་མ་བྱུང་གོང་གི་ལྷ་དང་མ་མོ་སོགས་འཇིག་རྟེན་པའི་སྔགས་ཐམས་ཅད། དེ་བཞིན་གཤེགས་པའི་སྤྱན་སྔར་ཕུལ་བའི་ལྷ་དང་མ་མོ་ལ་སོགས་པའི་སྔགས་ཀྱིས་ཐོགས་མེད་དུ་བཅད་འགྲོ་བར་ཡོ་ག་ལས་གསུངས་ཏེ། སངས་རྒྱས་ཀྱིས་མངོན་སུམ་དུ་བྱིན་གྱིས་བརླབས་ཤིང་དགོངས་པའི་ཁྱད་དོ། །དེས་ན་འདི་དག་གི་ཡང་བྲན་ཐ་ཆུང་རྣམས་ཀྱི་སྔགས་དང་དམོད་པའང་དེ་ལས་གཞན་པའི་འབྱུང་པོའི་སྔགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཡིན་ནོ། །སྒྱུ་འཕྲུལ་ཞི་བ་ལས་ཁྲོ་བོ་མྱུར་བའི་རྒྱུ་མཚན་ཡང་། སྔ་མ་དག་ཛབ་འདྲིལ་བ་སོགས་འགའ་རེ་བཞེད་དེ། ཕལ་ཆེར། ཁྲོ་བོ་རྣམས་དངོས་གྲུབ་འབེབས་པ་ལ་བཙན་ཐབས་ཀྱི་སྤྱོད་པ་ཅན་དུ་གནས་པ་དང་། འཁོར་འདས་གཉིས་ཀྱི་ས་མཚམས་ན་བཞུགས་པའི་དངོས་གྲུབ་ཀྱི་ཕོ་ཉ་

TN03_Page_1132
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༣)ཁྱད་པར་ཅན། འདི་དག་གི་དབང་གིས་ཡིན་ནམ་སྙམ་སྟེ། སྒྲུབ་ཆེན་ཟིན་བྲིས་སུ་ཡང་ཕྱོགས་འདྲ་བཤད་ཡོད། ཕྱག་རྡོར་དབང་བསྐུར་ལས། གསང་བ་པའི་བདག་པོའི་བྲན་མོ་རྣམས་འཆད་པ་ན། དེ་དག་ནི་རང་བཞིན་གྱིས་གྲུབ་པ་སྟེ། སུས་བཅོལ་ཡང་ང་རྒྱལ་བཅག་པ། ལས་སྣ་ཚོགས་མི་བྱེད་པ་ཅི་ཡང་མེད་པ་ཞེས་གསུངས་པ་དང་ཚུལ་མཚུངས་པར་འདི་དག་ཀྱང་དེ་བཞིན་གཤེགས་པའི་བྲན་མོ་རང་བཞིན་གྱིས་གྲུབ་པ་ཡིན་ནོ། །མཆན། ཚན་ཆེ་བ་ནི། འཁོར་བའི་སྐྱེ་རྒྱུད་ཀྱི་དབང་དུ་དྲེགས་པ་ལ་ཆེ་ཆུང་མཆོག་དམན་གྱི་རིམ་པ་མང་ལ། ཚུལ་བསྟན་བྱས་ཀྱང་། རླབས་ཆེ་ཆུང་གང་གི་རྣམ་པ་བཟུང་བ་དེ་ལྟར་གདུལ་བྱའི་བསམ་དབང་གིས་རེ་ཞིག་ལ་ཚན་ཆེ་ཆུང་ཡང་འཐད་དོ། །མི་ལ་ལྷ་དང་འདྲ་བའི་མཐུ་དཔལ་ཚེ་དེར་ཐོབ་ན་དངོས་གྲུབ་བཟང་ཤོས་སུ་འགྲོ་ཡང་། ལྷ་ལ་དེས་མི་འགྲོ་བ་ལྟར་སྐྱེ་རྒྱུད་ཀྱིས་ཞན་པ་དང་ཆེས་ཆེ་བ་གཉིས་དངོས་གྲུབ་བརྙེས་རྗེས་སུ་ཡང་མཐུ་ཆེ་ཆུང་ཡོད་ཆོག་གོ །འདི་དག་ནི་དང་པོ་ཉིད་ནས། རྒྱུད་ཀྱི་བཅོ་ལྔ་པར་བྲན་དང་ཡང་བྲན་དང་། གཡོག་དང་ཡང་གཡོག་འཁོར་ཞིང་གི་རྡུལ་སྙེད་ཅན་དུ་གསུངས་པ་ལྟར་འཇིག་རྟེན་གསུམ་གྱི་འབྱུང་མོ་ཐམས་ཅད་ལ་བཀའི་འཁོར་ལོ་སྦྱོར་བའི་གཟི་བརྗིད་ཅན་ཡིན་པའི་སྟེང་དུ་དཔལ་ཧེ་རུ་ཀས་ཐོགས་མེད་མཐུ་སྟོབས་ཀྱི་དངོས་གྲུབ་སྩལ་བས་ཚན་ཆེ་བ་ཡིན་ནོ། །དེའང་འདི་དག་ཏུ་གདུལ་བྱའི་བསམ་དབང་གིས་ཞེས་པ་ནི་གལ་ཆེ་སྟེ། སྲུང་མ་ནང་འབྲས་མཐུན། ཐུགས་ཉེ་རིང་། ཚན་ཆེ་ཆུང་། ལས་

TN03_Page_1133
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༤)མྱུར་འབུལ། དངོས་གྲུབ་གང་ལ་རྩལ་ཐོན་ཐམས་ཅད་སྒྲུབ་པ་པོའི་བློའི་ཞེན་ཚུལ་ལ་ཐུག་ཡོད་པར་མང་དུ་བཤད་དོ། །སོ་སོའི་ལོ་རྒྱུས་ཀྱི་རྩ་ཐོ་ནི། སྲིན་པོ་དྷ་ཤ་གྲི་བའི་ཆུང་མ་རྡོ་རྗེ་མིའི་སྲིན་མོ་དང་། ཚངས་པའི་ཆུང་མ་ཚངས་མ་དང་། ལྷ་ཆེན་དྲག་པོའི་འཁྲུགས་མོ་དང་། བརྒྱ་བྱིན་གྱི་དབང་མོ། ཁྱབ་འཇུག་གི་འཇུག་སྲེད་མོ། །གདོང་དྲུག་གི་གཞོན་ནུ་མོ་སྟེ་ཤར་གྱི་མ་མོ་དྲུག །འཇུག་སྲེད་ཀྱི་དམར་མོ། ཉི་མའི་བདུད་རྩི་མོ། ཟླ་བའི་ཞི་བ་མོ། བེ་ཅོན་གྱི་བེ་ཅོན་མོ། །སྲིན་པོ་ཁྲག་མིག་གི་སྲིན་མོ། །ལྷ་ཟ་བྱེད་ཀྱི་ཟབ་མོ་སྟེ་ལྷོའི་དང་། དགའ་བྱེད་དབང་ཕྱུག་གི་དགའ་བ་མོ། །སྟོབས་བཟང་གི་ར་རོ་ཁྲག་འཐུང་མྱོས་མ་བྷྲི༚་གི་རི་ཏིའི་གཅིག་པུར་སྤྱོད་མ། འདོད་ལྷའི་ཡིད་འཕྲོགས་མ། ནོར་སྲུང་གི་གྲུབ་མོ། །རླུང་ལྷའི་རླུང་མོ་སྟེ་ནུབ་ཀྱི་དང་། ལྷ་གསོད་བྱེད་ཀྱི་གསོད་བྱེད་མོ། མེ་ལྷའི་མེ་མོ། །ས་དག་ཕག་ཆེན་གྱི་ཕག་མོ། །གཤིན་རྗེའི་རྒན་བྱེད་མོ། །ཚོགས་བདག་གི་སྣ་ཆེན་མོ། །ཆུ་ལྷའི་ཆུ་ལྷ་མོ་སྟེ་བྱང་གི་དང་། ལྷ་ནག་པོ་ཆེན་པོའི་ནག་མོ་ཆེན་མོ། །ར་གདོང་ཆེན་པོའི་ར་མགོ་དམར་སེར་ཆེན་མོ། །སྲིན་པོ་བུམ་སྣའི་བུམ་སྣ་སྔོ་ནག་ཆེན་མོ། །གསུས་པོ་ཆེའི་གསུས་འཛིན་སེར་ནག་ཆེན་མོ་སྟེ་སྒོའི་མ་མོའོ། །མ་མོ་འདི་རྣམས་ལས་མང་པོ་ཞིག་འཇམ་དཔལ་རྩ་རྒྱུད་ཀྱི་གླེང་གཞི་ལ་སོགས་པར་ཡང་འབྱུང་ངོ་། །དེར་ཡང་མ་མོའི་འཁོར་བྱེ་བ་བརྒྱ་སྟོང་དང་ལྡན་པར་བཤད་ཡོད། འདིར་ཚངས་པ་ལ་ཆུང་མ་བཤད་པ་ཆོས་མངོན་པ་

TN03_Page_1134
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༥)དང་འགལ་བ་སྤོང་བ་ནི་མན་སྙེ་ལྟར་བྱའོ། །དང་པོ་མི་སྲིན་གཡག་མགོ་ནི་འདོད་ཁམས་དབང་མོ་རྗེ་ཁོལ་གཉིས་ཀྱི་རྗེ་མོ་དང་གཅིག་པར། དགེ་འདུན་རྒྱ་མཚོས། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི། གཙོ་མོ་མཛད་པ་དེ་ཡི་ཚེ། །མི་སྲིན་གཡག་མགོ་ཐོད་རློན་འཆང་། །དེ་ཡང་བྱང་ཤར་རེ་མ་ཏི། །ཞེས་ཏེ་ཀློང་སྙིང་གཡུལ་མདོས་ལས་ཀྱང་ངོ་། ༈ །ཤར་གྱི་མ་མོ་བདུན་རྡོ་རྗེའི་རིགས་སོགས་བུདྡྷའི་རིགས་མ་གཏོགས་པ་བཞི་དང་སྦྱོར་བར་ཁ་ཅིག་ཏུ་བཤད་དེ། རྒྱུད་ཀྱི་བཅོ་ལྔ་པ་དཀྱིལ་གསལ་ལྟར་ན། རྡོ་རྗེའི་རིགས་བརྒྱད། ལྷག་པ་བཞི་ལ་ལྔ་ལྔར་བྱེད་དམ་དཔྱད། འཇིག་རྟེན་ལས་འདས་པའི་རིགས་གར་གཏོགས་ལའོ། །མཆན། ལྷ་གཅིག་གིས་རིགས་གཉིས་འཛིན་པའང་ཡོད་པས་མི་འགལ་ལམ། ༈ དེའང་མགྲིན་བཅུའི་ཆུང་མ་བྱེད་དུས་སྲིན་ཞལ་ཅན་ཡིན་པ་ལས། རུ་ཏྲས་ཕྲོགས་པ་ན་ཁོ་མགོ་བརྙན་ལ་དགའ་བས་སྲིན་ཞལ་གཡག་གདོང་དུ་བསྒྱུར་ཞེས་བཤད་དེ། དེས་ལྷག་མ་རྣམས་མགོ་བརྙན་འཆང་བའི་རྒྱུ་མཚན་ཡང་འགྲེ། གཟུགས་འདོད་དགུར་སྒྱུར་བའི་རྫུ་འཕྲུལ་ཅན་དུ་བསྟན་པའི་ཕྱིར་རྣལ་མའི་བྱད་བཞིན་ལས་གཞན་དུ་བསྒྱུར་བའང་ཡིན་ཏེ་བཤགས་རྒྱུད་ལས། ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཞེའོ། །སྤྲུལ་གཞི་ཉེར་བརྒྱད་དྲག་མོའི་གདོང་ཅན་དང་། སྤྲུལ་པ་ཉེར་བརྒྱད་གདོང་བརྙན་ཅན་ཏེ་གཉིས་སུ་བཤད་པའང་ཡོད། ལོ་རྒྱུས་འདི་ལྟར་ཤེས་ན་དམ་ཅན་ཐུགས་ཉེ་བའི་དགོས་པའང་ཡོད་པར་མངོན་

TN03_Page_1135
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༦)ཏེ། ལག་ན་རྡོ་རྗའི་བུ་ལག་མྱུར་སོགས་རང་གི་མིང་དང་རུས་ཤེས་པ་རྣམས་ལ་སྲུང་སྐྱོབ་སྦེད་གསུམ་བྱེད་པར་གསང་སྔགས་རྗེས་འཛིན་ལས་གསུངས་པ་བཞིན་ནོ། །སྒྱུ་འཕྲུལ་གྱི་བཅོ་ལྔ་པར། སྟོན་པས་འདི་རྣམས་ལ་ལག་ཏུ་རྡོ་རྗེ་བྱིན་ནས་ཕྱི་རོལ་གྱི་སྲུང་མར་བཀོད་པར་བཤད་པ་ནི། རྡོ་རྗེའི་དེ་ཉིད་ནི། བདེ་སྟོང་མི་ཕྱེད་པའི་དོན་དམ་བྱང་ཆུབ་ཀྱི་སེམས་ཏེ། དེའི་སྒོ་ནས་གསང་སྔགས་ཀྱིས་སྟན་པ་སྲུང་བ་དང་། བསྟན་པའི་དོན་བྱ་བ་ལ་དབང་བའི་ཅི་བགྱི་མོར་གནང་སྟེ་དབང་སྐུར་རོ་ཞེས་ཤེས་པའི་ཆེད་དེ། དེས་ན་འདི་དག་གིས་བསྟན་པ་སྲུང་བའི་ཡུལ་ནི་ནམ་མཁའ་ལྟར་ཐུག་པ་མེད་པ་ཡིན་གྱི། ཕྱོགས་རེ་བ་མིན་ནོ། །མཆན། སྒྲུབ་སྡེའི་སྐོར་ལས་ཀྱང་། མ་མོ་རྦོད་གཏོང་ཞེས་རྦོད་གཏོང་ཕོ་ཉའི་ལས་ལ་མ་མོ་བསྔགས་ཏེ། དེའི་རྒྱུ་མཚན་ཡང་། སྤྱིར་མ་མོ་རྦོད་གཏོང་རྩ་རླུང་ཐིག་ལེའི་སྒོ་ནས་འཆད་པ་ན། མ་མོ་རྣམས་ཧེ་རུ་ཀའི་རྩ་རླུང་ཁམས་གསུམ་གྱི་ཆ་རྣམས་ལས་སྤྲུལ་པ་དང་། སྲིད་པའི་གནས་ལུས་ལོངས་སྤྱོད་དག་ཡིད་བྱེད་སྦྱོང་མཐའ་དག་རྩ་ཐིག་རླུང་གསུམ་གྱི་རང་རྩལ་ཡིན་པ་དང་། མ་མོ་རྩ་རླུང་གི་བདག་མོར་ཞལ་གྱིས་བཞེས་པས་སྐྱེ་འགྲོའི་རྩ་རླུང་ལ་གནས་ནས་སྲོག་དབུགས་དང་སྣོད་བཅུད་ཀྱི་གཟི་མདངས་ལ་མངའ་མཛད་པར་བཤད་དེ་མ་མོ་ནད་ཡམ་ལ་མངའ་མཛད་པར་བཤད་པའང་རྩ་རླུང་གི་རྟེན་འབྲེལ་དུ་མངོན་ལ། མ་མོའི་དེ་ཉིད་ལ། མ་དབྱིངས་དང་། མོ་རིག་པའི་ཡེ་ཤེས་ཏེ་དབྱིངས་རིག་ཟུང་འཇུག་ཉིད་ལན་ཅིག་མ་ཡིན་པར་བཤད་པ་དང་། བདེ་འདུས་མ་མོའི་རྩ་རྒྱུད་ལས། མ་སྐྱེད་པ་དང་། མོ་སྡུད་པའི་དོན་དུ་བཤད་དེ་སྲིད་པ་སྐྱེད་སྡུད་ཀྱི་རྩ་བ་མ་མོའི་

TN03_Page_1136
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༧)དེ་ཉིད་ཀྱི་སྒྲུབ་གཞི་ཉིད་ཡིན་ཞེས་པ་སྟེ། འདི་དག་ཡང་ནས་ཡང་དུ་བཤད་པས། དེ་རྣམས་བསྒྲིགས་ན། མ་མོའི་དེ་ཉིད་རྩ་ཐིག་རླུང་གསུམ་ཐམས་ཅད་ལྷན་སྐྱེས་ཀྱི་ཡེ་ཤེས་སམ་དབྱིངས་རིག་དབྱེར་མེད་ཀྱི་ཐིག་ལེར་བསྟིམ་པའི་ཏིང་ངེ་འཛིན་དངོས་སམ་བཅོས་མའི་སྟེང་ནས་སྔགས་ཀྱི་ལས་རབ་འབྱམས་བྱེད་པ་འདི་རྩལ་དུ་བཏོན་ནས་སྒྲུབ་པའི་ཆེད་ཡིན་ཏེ། བདེ་མཆོག་གི་གཡོན་པའི་ཀུན་སྤྱོད་བཞིན་ནོ། །དེ་ལྟར་ན་སྲིད་པ་མ་མོའི་རྒྱུད་ཀྱི་བཞེད་པས། སྣང་སྲིད་ཐམས་ཅད་ཀྱི་རྩ་བ་མ་མོ་ཡིན་ཅིང་། རྒྱུ་དང་མི་རྒྱུའི་སྲིད་པ་ཐམས་ཅད་མ་མོའི་མཁའ་དབྱིངས་ན་གནས་པར་བཞེད་དེ། བདེ་མཆོག་ཏུ། བརྟན་གཡོ་ཐམས་ཅད་གཡོན་ནས་འབྱུང་། ཞེས་པ་བཞིན་ནོ། ཁམས་གསུམ་ན་དབང་ཆེ་བ་མ་མོ་ཡིན་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །གལ་ཆེ། མ་མོའི་གསང་རྒྱུད་ལས། མ་མོའི་དེ་ཉིད་དེ་ལྟ་སྒོམ་སྤྱོད་གསུམ་སྦྱོར་སྒྲོལ་གསོ་བསད་ཀྱི་དགོངས་པ་སོགས་མང་པོར་སྦྱར་ནས་བཤད་པས་ཀྱང་ངེས་པ་སྟེར་རོ། །བདེ་འདུས་འབྱེད་ལྡེའི་རྒྱུད་ལས། སྡེ་བརྒྱད་ཐམས་ཅད་ཀྱི་བསྐྱེད་གཞི་དང་རྟེན་གནས་མ་མོར་བཤད་ཅིང་། ཚོགས་བརྒྱད་དང་སྦྱོར་བ་ན་ཡང་། ཀུན་གཞི་མ་མོ། ཡིད་ཤེས་གཤིན་རྗེ་སོགས་སུ་བཤད་དེ། མ་མོ་ལས་ཁྱབ་རྒྱ་ཆེ་བའི་ཐོགས་པ་མེད་ཚུལ་གཞན་ཡང་ཡོད་དོ། །དེས་ན་ལྷ་སྲུང་བརྗེ་ལེན་སོས་ཀའི་གནམ་འཐིབ་དང་ལྟར་མང་དུ་བྱས་བྱས་ནས་གཅིག་ཀྱང་འགྲུབ་དུས་མེད་པའི་ཅོལ་ཆུང་གི་ལས་སྤངས་ལ། བློ་སྣ་གཅིག་ཐོག་ཏུ་བཞག་ནས་དབང་ཕྱུག་མ་འདི་རྣམས་སྲུང་

TN03_Page_1137
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༨)མ་དེས་ཆོག་མར་གཟུང་ངོ། །དེ་ལ་སྔགས་ཀྱི་ཆོས་སྒོར་ཞུགས་མྱོང་གི་མི་མ་ཡིན་ལ་སྔོན་དམ་ལས་ལོག་པས་དམ་ཚིག་ཅན་ལ་གནོད་པའི་འདྲེར་གྱུར་པ་ཞིག་དང་། །དམ་ཚིག་སྲོག་ལྟར་བཙའ་བ་གོམས་པས་ཉམས་པའི་བདུད་བྱེད་ཅིང་དམ་ལྡན་ལ་ཤིས་པའི་ལྷར་གྱུར་པ་ཞིག་སྟེ་གཉིས་ཀྱི་སྔ་མ་ལ་དམ་སྲི་དང་། ཕྱི་མ་ལ་དམ་ཅན་ཞེས་བྱ་སྟེ། དམ་ཚིག་ཉམས་པ་རྣམས་ལ་དམ་སྲི་དང་། དམ་ཚིག་ཅན་རྣམས་ལ་དམ་ཅན་ངང་གིས་འགོ་བ་ནི་ལུགས་ཡིན་ནོ། །དེའང་བཤགས་རྒྱུད་ལས། བདག་གི་དམ་ཚིག་རྡོ་རྗེ་མཆོག་གསུམ་པོ། ཁྱེད་ཀྱི་ཐུགས་དམ་མཆོག་ཀྱང་དེ་ལགས་པས། །རིགས་མི་མཐུན་ཀྱང་དམ་ཚིག་གིས་བསྡུས་ན། ལྕམ་དྲལ་ཚུལ་དུ་ཉེ་ཞིང་གདུང་བར་མཛོད། ཅེས་དམ་ཚིག་ལ་གནས་ན་དཔལ་གྱི་བཀའ་སྡོད་རྣམས་དང་ཀུན་སྤྱོད་མཐུན་པའམ་བསླབ་པ་གཅིག་པས་མིང་སྲིད་ལྟར་གཟིགས་པར་གསུངས་ཏེ། དབང་བསྐུར་གྱིས་ཧེ་རུ་ཀའི་རིགས་སུ་སྐྱེས་པར་མཉམ་པས་རིགས་གཅིག་པའི་མིང་འདི་ནི་མི་གཙང་བ་ལ་ལྟོས་ནས་བཞག་པའི་མིང་སྲིང་གནས་སྐབས་པ་དང་ཆེས་མི་འདྲའོ། །སྲིང་ལྟ་བུའང་ཡིན་ནོ། །དེས་ན་རྒྱུ་འཕྲུལ་རྩ་བ་རྒྱལ་བའི་རིགས་མཆོག་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །ཞེས་སོ། །དང་ཡན་ལག་གི་དམ་ཚིག་བཅོ་ལྔ་སོགས་ཚུལ་བཞིན་སྲུང་བ་ནི་སྲུང་མའི་བླ་རྡོ་འཆའ་བ་ཡིན་ཅིང་། ལྷག་པར། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི། །མིང་ཙམ་འཛིན་པར་བྱེད་པ་ཡང་། །གཙུག་གི་ནོར་བུ་འབར་བ་ལྟར། །

TN03_Page_1138
[མ་དཔེ་གཟིགས་ན་འདིར་གནོན།]

(༦༩༩)ཞེས་པ་ནས། མ་ལུས་རྫོགས་པར་བདག་ཅག་སྒྲུབ། །ཞེས་པ་ལྟར་སྒྱུ་འཕྲུལ་ཧེ་རུ་ཀའི་རྣལ་འབྱོར་འཆང་ བ་ལ་དབང་མོ་རྣམས་རང་འཁོར་ཞིང་འདིས་ནི་རང་གི་ཇོ་བོའི་སྙིང་མཐའ་གཅིག་ཏུ་ཉེ་བའི་བྲན་བཟང་མོ་ཡིན་པར་སྟོན། མ་བཅོལ་བར་ཡང་ལས་ཐམས་ཅད་བྱེད་པར་རྡོ་རྗེའི་བྲོ་བོར་བ་ཡིན་ནོ། །དེ་དག་སྲུང་མར་བསྟེན་ལུགས་འདིར་དམིགས་ཕུག་སྟེ་གསུངས་པ་ནི། ཕྱི་ཁྱམས་ལ་འགོད་པ། དེ་ལ་ཡེ་ཤེས་པ་བཅུག་སྟེ་བྱིན་གྱིས་བརླབ་པ། དྲག་མཆོད་འབུལ་བ། རྟ་སྐད་ཀྱིས་འབོད་ཅིང་བརྔན་ནས་ལས་འཆོལ་བ། རུ་ལུའི་ཛབྲ་ཀྱིས་བསྙེན་པ། ལྷག་གཏོར་གྱིས་མཆོད་པ་སོགས་སོ། །དེའང་རྒྱུད་ཀྱི་བཅོ་ལྔ་པར། སྔོན་བྱུང་དུ་ཧེ་རུ་ཀས། ཧཱུཾ་ཧཱུཾ་ཧཱུཾ་བྷྱོ་ཨེ་ཨ་ར་ལླི་སོགས་བརྗོད་པས་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པ་ཡུང་འབྲུ་ཙམ་དུ་བསྡུ་བའི་ཆོ་འཕྲུལ་གྱིས་དབང་མོ་རྣམས་བསྡུས་པར་གསུངས་པའི་ཧཱུཾ་གསུམ་པོ་མ་མོ་རྣམས་ཀྱི་ལུས་ངག་ཡིད་གསུམ་ཧེ་རུ་ཀ་རང་གི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཕྲ་མོ་ལ་སྡུད་པའི་སྔགས་ཡིན་པར་སྔགས་འཆང་ཆེན་པོ་དག་གསུང་སྟེ། འདིའི་རྟ་སྐད་ཀྱི་དགོངས་པར་དོན་གྱིས་འབབ་མོད། མཁའ་འགྲོ་དམ་ཅན་ཐམས་ཅད་གླུ་གཅིག་གི་བཀའ་འོག་ན་གནས་ཚུལ་རྒྱས་པར་འཆད་པ་ནི་རྟ་མགྲིན་སྐོར་རང་ཡིན་ནོ། །རུ་ལུ་བཞི་འབུམ་བཟླས་ན་བྷྱོ་བསྙེན་བཞི་འབུམ་དེའི་ཁོངས་སུ་འགྲོ་སྟེ། རྩ་རྒྱུད་ལས་དབང་མོ་རྣམས་ཀྱི་སྔགས་ལ་བྷྱོ་མིན་བྷྱོ་ནི་མ་མོའི་ཚོགས་ཀྱི་དོན་དང་། རོང་ཟོམ།

TN03_Page_1139
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༠)སྙིང་པོའང་ཡིན་ལ་འབོད་པ་དང་སྐུལ་བའང་ཡིན་ནོ། །རྣམ་པ་གཅིག་ཏུ་ཀློང་ཆེན་བྷ་གི་ནཱི་སྲིང་མོ་དང་བྷརྻ་ཆུང་མ་ལ་འཇུག་པའི་སྒྲ་བསྡུས་པའམ། མན་སྙེར་འཇིགས་པར་བྱེད་པའི་དོན་ལ་བཤད་པ་ལྟར་ན་འཇིགས་བྱེད་མ་ཞེས་བོད་པའོ། །དགོངས་རྒྱན་ལས་སོ། པ་ཅིའང་མ་བཤད་ཅིང་། འགྲེལ་པར་རྒྱུ་མ་ནོར་བ་རྩ་བའི་སྔགས་ཀྱི་དབང་དུ་མཛད་པར་གསུངས་ལ། མ་མོའི་སྒོས་སྒྲུབ་ཐམས་ཅད་དུའང་བྷྱོ་སྲོག་སྔགས་སུ་བཤད། ཡོ་ག་དེ་ཉིད་བསྡུས་པར་ཡང་མ་བྷྱོ་ཞེས་བྱ་བ་གཅིག་པོ་འདིས་ནག་པོ་ཆེན་པོ་མ་མོའི་ཚོགས་དང་བཅས་པའི་དཀྱིལ་འཁོར་གྱི་བྱ་བ་ཐམས་ཅད་དང་། ལས་ཀྱི་དངོས་གྲུབ་ཐམས་ཅད་བྱེད་ཚུལ་དཔལ་མཆོག་རྩ་འགྲེལ་ན་རྒྱས་པར་བཤད། བདེ་འདུས་ལས་ཀྱང་། མ་མོའི་ལས་ཀ་བྷྱོ་ལ་ཐུག༔ ཅེས་སོ། །མོའི་སྲོག་སྙིང་ལ་འབྲུ་གཅིག་པོ་འདི་རང་བཤད་དོ། །རྟ་སྐད་ཐ་མའི་ལས་འཆོལ་སྐབས། བདུད་ཚོགས་འགུགས་བསྒྲལ་ཁོ་ན་ཤས་ཆེར་བཤད་པ་ནི་ཁྲོ་བོའི་དགོས་མཛད་མངོན་སྤྱོད་ཡིན་པས་དེའི་དབང་དུ་མཛད་ཀྱི། སྔར་དྲང་བའི། ཐམས་ཅད་ཐམས་ཅད་བྱེད་པ་ཡིན། །ཞེས་དང་། རྔོག་མ་ལེ་བརྒན་ལས། དྲག་དབང་རྒྱས་དང་ཞི་བར་བྱེད། ཤར་གྱི་བདུན་ཞིག །ལྷོའི་བདུན་རྒྱས་ལས་ལ་བསྔགས་སོགས། ཅེས་པ་ལྟར་ཕྲིན་ལས་གཞན་ཡང་འཆོལ་ཆོག་སྟེ། རྣལ་འབྱོར་བརྡ་སྐད་དུ། སངས་རྒྱས་སྐུལ་བ་ན་ཡང་། དྲག་པོའི་ལས་ལ་སྐུལ་བ་ཙམ་ལས་མི་གསལ་ཡང་། གཞན་དུ་གྲུབ་པ་བརྒྱད་འགུགས་པ་སོགས་ཀྱང་བཤད་པ་བཞིན་ནོ། །གཙོ་ཆེ་ཆུང་ཙམ་ལས་སྤྱིར་ནི་དབང་མོ་འདི་དག་འཇིག་རྟེན་གྱི་དངོས་གྲུབ་སྦྱིན་པའི་ནུས་པ་དང་པོ་ནས་བརྙེས་ཤིང་། སླར་ཧེ་རུ་ཀས་དམ་པའི་བདེ་བ་སྩལ་ཞིང་ངོ་མཚར་ཚོགས་

TN03_Page_1140
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༡)དཀྱིལ་གྱི་སྐྱེད་ཡུམ་དུ་བརླབས་པ་ནས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྩོལ་བ་ལ་ཡང་དབང་བ་ཡིན་ནོ། །མ་མོའི་གསོ་བ་ལྷག་པར་མཁོ་བས་འདི་ལྟར། ཡུལ་ལ་མི་འཕོ་བའི་ལྷན་སྐྱེས་ཀྱི་དགའ་བའི་བཅུད་ཀྱིས་རྒས་པ་དང་ན་བ་དང་ཤི་བ་གསོ། བརྗེད་ངས་ཆེ་བ་ལ་རྣམ་གཡེངས་མེད་པའི་བདེ་སྟོང་གི་ཏིང་ངེ་འཛིན་བརྟན་པོས་དྲན་པ་གསོ། དབྱིངས་རིག་གི་སྣང་བ་རབ་རིབ་མེད་པས་ཤེས་རབ་གསོ། ཐ་མལ་པའི་སྣང་ཞེན་གྱི་དམེ་བ་བསང་བྱེད་བདེ་སྟོང་མི་ཕྱེད་པའི་གཙང་སྦྲས་གྲིབ་ཅན་གསོ། རྡོ་རྗེ་གསུམ་གྱི་དམ་ཚིག་ལ་དྲན་པ་རྟག་ཏུ་གནས་པའི་ཡེ་སྲུང་ཆེན་པོའི་དམ་ཚིག་གི་བདེ་བའི་བདུད་རྩིས་དམ་ཚིག་ཉམས་ཆག་གསོ། དེ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ནུས་པ་ཡོངས་སུ་སྨིན་པའི་བདེ་བའམ་རང་རིག་བྱང་ཆུབ་ཀྱི་སེམས་ཀྱིས་བྱེད་དེ། མ་མོའི་རྒྱུད་ཚིག་ལ་ཅུང་ཟད་དཔྱད་ནས་བློ་རྟེན་བྲིས། སྒྲུབ་སྡེའི་སྐོར་དུ། མ་མོ་གྲུབ་ཀྱང་ལས་འགྱང་བས་ཤིས་བསྟན་པ་གཅེས་ཞེས་དང་། མ་མོ་དབང་དུ་བསྡུ་བའི་གནད་ཀྱིས་བསྒྲུབ་ན་འགྲུབ། གནད་དེ་མེད་ན་གཟའ་དཔོན་མེད་པའི་བྱི་མོ་དང་འདྲ་སྟེ་འཁུ་ལྡོག་མང་ཞིང་ལས་ལ་གཡེལ་ཞེས་གསུངས་ཤིང་། མ་མོ་རྦོད་གཏོང་སྐབས། མ་མོ་ཐམས་ཅད་སྟན་དུ་འདིང་བ་དང་སྙིང་ཁྲག་དྲང་བ་ལ་སོགས་པའི་སྒྲུབ་ལུགས་དང་། ལས་ལ་རྦོད་སྐབས། འགྱང་ན་སྲོག་ཡིག་དཀྲུགས་པ་སོགས་མང་དུ་བཤད་པའང་ཡིན་ནོ། །དེའི་དོན་ནི་འདིར་ཡང་ཡོད་དེ། རྟ་སྐད་

TN03_Page_1141
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༢)ཀྱི་དགོངས་པས་མ་མོ་མཁའ་འགྲོའི་སྲོག་གཅུན་པ་ཉིད་གནད་དབབ་མཐར་ཐུག་ཏུ་འགྲོ་ཚུལ་ཡོད་པའི་ཕྱིར་ཏེ། བདེ་འདུས་བཀའ་སྒོ་ལས། ཕྱིའི་མ་མོ་མ་ཤེས་ན་ལས་མི་འགྲུབ། དེ་ཤེས་ཀྱང་ཕྱིའི་དང་ནང་གསལ་གྱི་མ་མོ་གཉིས་མེད་དུ་ཤེས་པའི་སྒོ་ནས་ཕྱི་ནང་གསང་བའི་མ་མོ་སྲེ་མི་ཤེས་ན་མ་མོ་དམ་ལ་མི་འདུ་ཞིང་ལས་ལ་བཀོལ་དུ་མི་བཏུབ་པར་གསུངས་པའི་ཤུགས་ལས་མ་མོ་གསུམ་བསྲེའི་དགོངས་པ་དེ་མ་མོ་ལས་འཁོལ་གྱི་ཟབ་གནད་དུ་བསྟན་པ། །ཀློང་སྙིང་སོགས་ལས། དྲན་པ་རང་བྱུང་ཡེ་ཤེས་ནི༔ མ་མོ་འབུམ་གྱི་སྟོང་སྲོག་ཡིན༔ སོགས་སྟོང་སྲོག་འཕྲོགས་ཚུལ་བཤད་པ་དང་གཅིག་ཏུ་གཞོལ་ཞིང་། བདེ་འདུས་ལྡེ་མིག་གི་མ་མོའི་ཤིས་གསུམ་གྱི་སྐབས་སུའང་། གསང་བ་ལྟར་ན། རིག་པ་བྱང་ཆུབ་ཀྱི་སེམས་མ་མོའི་ཤི་སར་བཤད་ཡོད་དོ། །དེའང་མི་དབང་བཀའ་འབུམ་ལས། ལྷ་འདྲེ་རི་རབ་ཀྱི་ཞབས་སུ་མནན་པ་སོགས་ཀྱི་དགོངས་པ་བཤད་ཚུལ་ཟུར་ཐོ་ལྟར་དང་བསྒྲིགས་ན་གསལ་ལོ། །འོན་ཀྱང་འདི་འདྲ་རྣམས་ཚོན་བརྒྱར་ཉེ་བའི་ནོར་བུ་ཆུ་ཤེལ་ལྟར་སྟོང་སེམས་ཀྱིས་ཁ་བསྒྱུར་འགྲོ་བ་བྲོའི་ཟིན་ཐོ་ལྟར་ཡིན་པས་བདེ་སྟོང་གི་ཏིང་འཛིན་དེ་ཉིད་དྲེགས་པ་གཟིར་བའི་བསམ་པའི་དབང་གིས་གནད་གཟིར་དུ་འགྱུར་བ་འདྲ་སྟེ། འདི་དག་བསྙེན་རྫོགས་རྟོགས་པ་བརྟན་པའི་སྔགས་པའི་དབང་དུ་བྱས་སོ། །སྒྱུ་འཕྲུལ་ལེའུ་ཉི་ཤུ་པར། ལྷག་མའི་གཏོར་བསྔོ་དང་། དམ་བསྒྲགས། ཕྲིན་བཅོལ་ཏེ་འདི་གསུམ་

TN03_Page_1142
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༣)གྱིས་དབང་མོ་རྣམས་འཁོར་བར་གསུངས་ཤིང་། ཐར་ལོ་འགྱུར་དུ། ཞེས་པ་ཁྲོ་བོའི་སྒྲུབ་ཐབས་ཀྱི། །ལས་རྣམས་ཀུན་ལ་བརྗོད་པར་བྱ། །ངེས་པར་གཙོ་བོ་འདི་ཡིན་ཏེ། །རྣམ་པ་གཞན་དུ་གདུལ་དཀའ་འགྱུར། །ཞེས་གསུངས། རྒྱུད་ཀྱི་དགོངས་པས་ལྷག་ཆོག་མིན་པའི་བཀའ་ཉན་གྱི་གཏོར་ཆོག་ཟུར་པ་མི་དགོས་པར་གསལ་བས། འདིར་ཡང་། ལྷག་མ་སངས་རྒྱས་མཉམ་སྦྱོར་དུ་ལྷག་ཆོག་དང་གཏོར་ཆོག་གཅིག་ཏུ་བྱས་ནས་གསུངས་པས་ཀྱང་ངེས་པ་སྟེར་རོ། །ཆད་བརྟན་རྣམས་ཀྱིས་གསོལ་ཀ་རྒྱས་པའི་གོ་ཆོད་པར་བཟུང་སྟེ། བསྟན་མའི་གསོལ་ཁ་ཟུར་པ་དང་། ཚོགས་མཆོད་སྐབས་ཀྱི་བརྟན་སྐྱོང་གཉིས་ལ་ཚིག་མང་ཉུང་ཙམ་མ་གཏོགས་ཁྱད་པར་མི་སྣང་བ་བཞིན་ནོ། །ལྷག་ཆོག་གི་སྐབས་འདིར་སྔོན་གྱི་ཆད་མདོའི་དབང་གིས་གཏོར་ལེན་དུ་ངེས་པར་འབྱོན་པས་དུས་གཞན་དང་མི་འདྲ་ཞིང་། དེ་བཞིན་གཤེགས་པའི་ཞལ་ཟས་ཀྱི་ལྷག་མ་དངོས་གྲུབ་ཆེན་པོའི་བགོ་སྐལ་དུ་ཤེས་ནས་གཏོར་མ་གཞན་དང་མི་འདྲ་བར་ངེས་པར་བཞེས་པ་ཡིན་ལ། བདེ་གཤེགས་ལྷག་མ་འདི་དག་ནི། །གསོལ་ཞིག་སྡིག་པ་བྱང་བར་འགྱུར། །ཞེས་པའི་རིགས་པ་ལྟར་ཧེ་རུ་ཀའི་ཕམ་ཕབ་ཀྱིས་དེ་དག་གི་གཟི་བརྗིད་དང་མཐུ་སྟོབས་ཆེས་ལྷག་པར་རྒྱས་པར་བྱེད་འདི་རྟ་མཆོག་རོལ་པའི་རྒྱུད་ལས་གསལ་བར་གསུངས། པས་ཀྱང་གཏོར་མ་གཞན་དང་མི་འདྲ་སྟེ་སྣང་ཚུལ་ཐུན་མོང་བའི་དབང་དུ་བྱས་དེས་ན་འདི་ཉིད་དཔལ་ལྡན་ཧེ་རུ་ཀ་རང་གིས་དབང་ཕྱུག་མའི་གཏོར་ཆོག་

TN03_Page_1143
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༤)ཏུ་བྱིན་གྱིས་བརླབས་པའི་ཟབ་གནད་ཅན་ཡིན་པ་འདི་ངོ་ཤེས་པར་གྱིས་ལ་ཕྲིན་ལས་གང་དགོས་འདིའི་སྒྲོམ་ནས་འཚོལ་བྱང་གཏེར་མ་མོའི་ལས་རྫོགས་ལས། རང་གཞན་གྱི་ཚེ་སྲིང་བ་དང་། འཁོར་དང་ལོངས་སྤྱོད་སྤེལ་བ། སྲིའུ་གསོ་བ། དབབ་པ། བཅད་པ། སྲུང་བ། ཟློག་པ། མི་ཕྱུགས་ནད་ཡམ་གཅོད་པ། བར་ཆད་འདུལ་བ་དགྲ་བགེགས་སྒྲོལ་བ་གང་ཡིན་ཀྱང་གསོལ་མཆོད་ཀྱི་མཐར་བཅོལ་གཏད་བྱས་པ་ཁོ་ནས་འདོད་པ་ལྟར་འགྲུབ་པར་གསུངས་པ་དང་ཚུལ་མཚུངས། བ་དང་། ལྷག་གཏོར་བཟང་ལ་རྒྱ་ཆེ་བ་བཤམས་པ་སོགས་ལ་བརྩོན་པར་བྱའོ། །གྱེར་ཚིག་མང་བ་དང་རྔ་རྡུང་བ་ཙམ་ལ་ཞེན་པར་མི་བྱའོ། །ལྷག་མ་ཆད་ཐོ་གཉིས་ཀྱི་ཁྱད་ནི། ལྷག་མགྲོན་ནི། སྔོན་དཔལ་གྱིས་རུ་ཏྲ་འདུལ་དུས་ལག་ཏུ་རྡོ་རྗེ་བྱིན་ནས་མིང་བཏགས་ཏེ་དལ་གྱི་ཕྱི་ཁྱམས་ལ་བཀོད་པ་ལྟར། ཧེ་རུ་ཀའི་གྲོང་ཁྱེར་གྱི་མཐའ་ན་རྒྱུན་དུ་གནས་ནས་དེ་བཞིན་གཤེགས་པའི་གསོལ་ལྷག་སྡུད་པ་རྣམས་ཡིན་ཅིང་། ཆད་ཐོའི་མགྲོན་ལ། གསང་རྫོགས་སོགས་ལས་ཀཻ་སེར་དབང་མོ་སོགས་ནས་གཏེར་སྲུང་གཞི་བདག་བར་ཀུན་བཤད་པས། བཀའ་སྲུང་། གཏེར་སྲུང་ཐུན་མོང་དུ་ཆད་ཐོ་བརྗོད་པར་སྣང་བས། དཀྱིལ་འཁོར་གྱི་མཐའ་ན་རྟག་ཆགས་ཡིན་མིན་ཀུན་ཡོད་དམ་དཔྱོད། ཐོ་ནི་ཟུར་ཆག་པ་སྟེ་ཆད་མདོ་ཞེས་པ་ཡིན་ལ། །དེའང་ཆད་མཚམས་ཀྱི་མདོ་འགག་ཅེས་པ་སྟེ། རྒྱལ་བ་དང་རིག་འཛིན་གོང་མའི་སྤྱན་སྔར་བརྒྱུད་འཛིན་སྐྱོང་བར་ཆད་ཞུས་པའི་ཆད་མཚམས་ཡོད་པ་དེབསྒྲགས་ཤིང་སྐུལ་བ། དཔེར་ན་ཕ་མེས་གོང་མའི་བརྩེ་གྲོགས་

TN03_Page_1144
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༥)འདིས་གཞུང་ཅན་ལ་སྔོན་རབས་ཀྱི་རྒྱུས་བརྗོད་ནས་མཛའ་བའི་འཕྲོ་མཐུད་པ་ལྟ་བུ་ཡིན་པས་ན་ཆད་མདོ་མཐུད་པ་ཟེར། དེ་ལྟར་ཆད་བརྗོད་པ་ལ་ནི། གཏོར་མགྲོན་དུ་ངེས་པར་གཤེགས་པ་དང་། ཐུགས་ཆགས་ཤིང་དུང་བས་བགོ་བ་ཉན་པའི་དགོས་ཆེད་གཉིས་ཀ་ཡོད་དེ། །གསང་རྫོགས་དང་། ཀུན་མཁྱེན་ཆོས་རྗེའི་ཞི་ཁྲོའི་སྒྲུབ་དཀྱིལ་རིན་གཏེར་སོགས་ལས། བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་སྲིང་བར་མ་ཆད་དམ༔ བཅོལ་པའི་ཕྲིན་ལས་མཛད་པར་མ་ཆད་དམ༔ ཞེས་སོ། །འོ་ན་དབང་མོ་དང་ཌཱཀྐི་སོ་གཉིས་སོགས་ལ་ལྟོས་ན་ལྷག་མ་དང་ཆད་གཏོར་མི་ཟློས་སམ་ཞེ་ན། དེར་ཡང་ལྷག་ཆོག་ནི་ཧེ་རུ་ཀའི་བཀས་བཅད་ཀྱི་སྲོལ་དཀྱུས་མ་བརྐྱང་བ་ཡིན་ཅིང་། ཆད་ཐོ་ནི། ད་དུང་དེ་ལས་ཟུར་དུ་སྔོན་གྱི་ཐ་ཚིག་རིམ་གསུམ་རྒྱས་པར་གླེང་ནས་ལས་འཆོལ་བའི་ཕྱིར། གཏོར་མ་ཟུར་པ་ཕུལ་ཏེ། སྔར་ལྷག་ཆོག་གིས་ཐུགས་ཉེ་བར་བྱས་པ་དེ་དན་བརླིང་དུ་བྱེད་པ་སྟེ། ཉེ་བའི་ནང་ནས་དགོས་མཛའ་ལྟ་བུར་དགོངས་པའི་ཆེད་དོ། །བདེ་འདུས་པྲ་ཁྲིད་ལས། ནང་གི་ཆོས་སྐྱོང་ལྷག་མགྲོན་དང་ཕྱིའི་ཆོས་སྐྱོང་བརྟན་མ་ཞེས་བཤད་དེ། ནང་གི་དོན་གོང་བཤད་ལྟར་བྱའམ་དཔྱད། མདོ་ཚོགས་ཆེན་ཧེ་རུ་ཀ་གལྤོའི་དགོངས་པ་ལྟར། འདུས་པའི་སྒྱུ་འཕྲུལ་ཁྲོ་བོ་དང་ལྷག་ཆོག་ཏུ། ལྷག་ཕུད་ཀྱི་མཁའ་འགྲོ་དམ་ཅན་རྣམས་བཀུག་ནས། རྟ་གདོང་གི་ཕྱག་རྒྱ་སྤྱི་བོར་བཞག་སྟེ། ཧྲཱིཿཔདྨ་བ་ཌ་སོགས་ནས། ཧ་ཧ་ཧི་ཧི།

TN03_Page_1145
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༦)ཞེས་དབང་དུ་བསྡུས་ནས་བཀའ་ནོད་དུ་གཞུག་པར་བཤད་པ་དང་། ལྷ་ཆེན་དབང་ཕྱུག་ཆེན་པོ་དང་། ཚོགས་བདག་གླང་པོ་གདོང་། འདོད་ཁམས་དབང་མོ་རེ་མ་ཏི་རྗེ་འབངས་གཉིས། བེ་ཧར། རྡོར་ལེགས། ཡང་ལེ་བེར་སོགས་དྲེགས་པའི་དབང་ཕྱུག་རྣམས་ཀྱི་སྐྱེ་རྒྱུད་ན། དཔལ་རྟ་མཆོག་རྒྱལ་པོར་སྲོག་སྙིང་ཕུལ་བ་དང་། བྲན་དུ་ཁས་བླངས་པ་དང་། རྡོ་རྗེའི་མིང་ནོད་པ་སོགས་རྒྱ་ཆེར་བཤད་པ་དང་། པདྨའི་མན་ངག་གསེར་ཕྲེང་དུ། དྲེགས་པའི་རིགས་སོ་སོ་ལ་གཉེན་པོ་སྟོབས་ཀྱི་ལྷ་གཤིན་རྗེ་གཤེད་སོགས་སོ་སོ་བསྔགས་པ་ན། རྣམ་དབྱེ་མེད་པར་དྲེགས་པ་ཅན་ཕོ་རྒྱུད་མོ་རྒྱུད་ཀྱི་རིགས་མཐའ་དག་འདུལ་བའི་ལྷར་ཁྱད་པར་དུ་བསྔགས་པ་ནི་པདྨ་དབང་ཆེན་ཡིན་པར་བཤད་པ་དང་། མཁའ་འགྲོ་ཆེན་མོ་ལས། སངས་རྒྱས་འོད་དཔག་མེད་ཀྱིས། འཇིག་རྟེན་གྱི་དྲེགས་པ་ཅན་ལྷ་མ་སྲིན་སྡེ་བརྒྱད་དང་༔ ཁྱད་པར་དུ་མ་མོ་དང་མཁའ་འགྲོ་མ་གདུལ་བའི་ཕྱིར་དཔལ་རྟ་མགྲིན་དུ་སྤྲུལ་ཏེ༔ ཁམས་གསུམ་དབང་བསྡུས་སོ༔ ཞེས་སོ། །གུ་རུ་རིན་པོ་ཆེ་ལ་མཁའ་འགྲོ་མ་ཀུན་དགའ་མོས་ལྷ་སྲིན་སྡེ་བརྒྱད་འདུལ་བའི་མཐུ་དབང་རྟ་མགྲིན་གྱི་སྒོ་ནས་སྩལ་བར་གསུངས་པ་ལ་སོགས་པས་ལྷ་འདིའི་ཛཔྲ་དགོངས་སུ། དམ་ཅན་ཕོ་ཉ་ལས་ལ་བསྐུལ༔ ཞེས་པ་ལ་ངེས་ཤེས་སྐྱེད་དོ། །ཨོ་རྒྱན་གླིང་པའི་བཀའ་འདུས་ཆེན་མོ་ལས། །གདུལ་བྱ་རུ་ཏྲ་དྲག་པོ་འདུལ་བའི་ཕྱིར༔ རྟ་ཕག་ཡབ་ཡུམ་རྔམས་པའི་ཆོ་འཕྲུལ་གྱིས༔ ཀེ་སེང་ཕྲ་མེན་དབང་ཕྱུག་བྲན་དུ་བཀོལ༔

TN03_Page_1146
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༧)ཞེས་གསུངས་ཏེ། རུ་ཏྲ་འཁོར་བཅས་འདུལ་མཁན་རྟ་ཕག་ཏུ་བཤད་པ་གཞན་ཚུལ་འདི་རྒྱས་པར་སྟོན་པ་ནི་སྤྱི་མདོ་དགོངས་འདུས་ཡིན་ཏེ། བཀའ་ཐང་ཤེལ་བྲག་མ་སོགས་ཀྱང་དེའི་རྗེས་སུ་འབྲང་བར་སྣང་ངོ་། །ཡང་མང་ངོ་། །རྟ་མཆོག་རོལ་པའི་རྒྱུད་ཀྱི་བཅུ་དྲུག་པར་རྟ་མགྲིན་གྱིས་རུ་ཏྲ་བཏུལ། དབང་མོ་རྣམས་དབང་དུ་བསྡུས་པའི་ཚེ། དྲེགས་པ་ཅན་རྣམས་བསྒྲལ་བའི་ཤ་ཁྲག་རུས་པ་རྟ་མཆོག་རྒྱལ་པོ་ཉིད་ཀྱིས་གསོལ་བའི་ཞལ་ལྷག་རྣམས་བདུད་རྩིར་བརླབས་ནས་དབང་ཕྱུག་མའི་ཚོགས་ལ་བྱིན་པས། དེ་རྣམས་སྔོན་པས་ཀྱང་ཆེས་ཆེར་མཐུ་སྐྱེས་ཤིང་། གཟུགས་གཞན་གྱི་བལྟར་མི་སྣང་བ་དང་། སྣ་ཚོགས་ཀྱི་གཟུགས་ཀྱི་རྣམ་པར་སྣང་བའི་རྫུ་འཕྲུལ་ཐོགས་པ་མེད་པར་གྱུར་ཏེ། བྷྱོ་བཟློག་ལས་ཀྱི་ཕོ་ཉ་སྐོས་ལ་བཏབ་པར་གསུངས་པ། རྟ་མགྲིན་དྲེགས་སྒྲོལ་ལས། དབང་གི་ལྷ་མོ་དབང་ཕྱུག་ཉི་ཤུ་བརྒྱད༔ ལོང་བ་རྒྱབ་སྦྲེལ་རོ་བཤལ་སྦྱང་མོ་དང་༔ དྲ་བ་ཅན་དང་གློག་འགྱུ་མ་མོའི་ཚོགས༔ ཟ་བྱེད་ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་སོགས༔ པདྨ་དབང་ཆེན་ལྷ་རྒྱུད་ཐུགས་དམ་ཅན༔ ཞེས་གསུངས་ཤིང་། དེའི་ལྷག་ཆོག་ཆེན་མོར། །དབང་མོ་རྣམས་གསེར་གྱི་སེང་གེའི་གཟུགས་ཀྱིས་རྟ་མགྲིན་གྱི་གདན་དུ་བཞུགས་ཚུལ་རྟ་མཆོག་རོལ་པའི་རྒྱུད་ལྟར་རྒྱ་ཆེར་གསུངས། འདི་དག་གིས་དབང་ཕྱུག་ཉེར་བརྒྱད་རྟ་མགྲིན་གྱི་ཕོ་ཉར་དགོས་སུ་བསྔགས་པའང་ཤེས་ནུས། །

TN03_Page_1147
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༨)འདི་དག་གི་ནང་ནས་ཚངས་མ་དང་། ཡིད་འཕྲོགས་མ་སོགས་ས་བླ་བ་དང་། རླུང་ལྷ་མོ་དང་། བུམ་སྣ་མོ་སོགས་ས་སྟེང་པ་དང་། ཕག་ཆེན་མོ་དང་། ཆུ་ལྷ་མོ་སོགས་ས་འོག་གི་འཇིག་རྟེན་ལ་དབང་བྱེད་པ་སྟེ། འདི་དག་དབང་དུ་འདུས་ན་འཇིག་རྟེན་གསུམ་གྱི་གཙོ་མོ་རྣམས་ལས་ལ་ཁོལ་བ་ཡིན་པས། ས་གསུམ་གྱི་དབང་ཕྱུག་བརྙེས་པ་ཞེས་བྱ་བ་ཡིན་ནོ། །རྟ་རྒྱུད་རྣམས་སུ་དབང་གི་རྟ་སྐད་སྟོན་པ་ན་མི་དབང་སྡུད་རྩལ་དུ་བཏོན་ནས་མ་བཤད་ཀྱི། དྲེགས་པ་སྡེ་བརྒྱད་དང་ཁྱད་པར་དུ་མ་མོ་མཁའ་འགྲོའི་འཇིག་རྟེན་ལ་དབང་སྒྱུར་ཚུལ་འབའ་ཞིག་རྒྱ་ཆེར་གསུངས་ཏེ། མིའི་རྒྱལ་སྲིད་ཆེ་ཤོས་འཁོར་སྒྱུར་ལྟ་བུ་ནི་རྩོད་ལྡན་གྱི་དུས་མཐར་སྒྲུབ་ཏུ་ཡང་མེད་ལ། དངོས་གྲུབ་ཀྱི་འབྱོར་པ་ཤིན་ཏུ་རྒྱ་ཆེ་བའི་རྒྱལ་སྲིད་ནི་མི་མ་ཡིན་གྱི་རྒྱལ་སྲིད་ཡིན་ནོ། །དམ་ཅན་བྲན་དུ་ཁོལ་བ་ལའང་རླབས་ཆེ་ཆུང་གི་རིམ་པ་མང་པོ་ཡོད་དོ། །སྔགས་ཕྱི་རྒྱུད་དུའང་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་སྒྲུབ་ཚུལ་གསུངས་མོད་ཀྱི། དེ་དག་ཏུ་མན་ངག་གི་སྙིང་པོ་ལྷན་སྐྱེས་ཡེ་ཤེས་ཀྱི་རྟ་སྐད་མ་བསྟན་པས། འདི་ཁོ་ན་མཆོག་ཏུ་གྱུར་པ་ཡིན་ནོ། ༈ །བཀའ་མ་རྫོང་འཕྲང་ལས། འཇིག་རྟེན་ལས་འདས་པའི་སྒྲུབ་སྡེ་ལྔ་པོ་སྒྲུབ་ཚུལ་ལ། བཟླས་པའི་སྐབས་ལ་བབས་པ་ན། བུདྡྷ་ཧེ་རུ་ཀ་གཤིན་རྗེ་གཤེད་དུ་བསྒྱུར་ནས་ཚེ་སྒྲུབ་ཀྱི་བཟླས་པ་ནས། ཀརྨ་དང་པདྨ་ཧེ་རུ་ཀ་ཕུར་པ་དང་ཆེས་ཆོག་ཏུ་བསྒྱུར་ནས་ཐལ་འབྱིན་དང་བདུད་རྩིའི་བཟླས་པ་བྱ་བའི་

TN03_Page_1148
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༩)བར་དུ་གསུངས་ནས། མ་མོ་རྦོད་གཏོང་མན་ཆད་ནི་ཚོགས་མཆོད་ཀྱི་ལྷག་ཆོག་ཁོ་ན་ལ་འཇོག་པར་གསུངས་ཏེ། འདི་ལྟར། ཚོགས་ལ་རོལ་བའི་འོག་ཏུ། ལྷག་མ་བསྡུས་ལ། རང་ཉིད་བླ་མེད་ཧེ་རུ་ཀར་བསྒྱུར། དེའི་སྔགས་ལན་གཅིག་ལན་ཅིག་གི་གསལ་ཁ་གཞུང་ན་མེད་པས་ཅུང་མ་ལེགས། བརྗོད་པས་མ་མོ་མཁའ་འགྲོ་རྣམས་དབང་དུ་བསྡུས་ཏེ། ལྷག་གཏོར་བརླབ་དེ་ཆ་བཞིར་ཕྱེ་བའི་དང་པོས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་མཆོད་དེ། རྣལ་འབྱོར་པའི་རྒྱུད་བྱིན་གྱིས་རློབ་པར་གསོལ་བ་བཏབ། གཉིས་པས་དམ་ཚིག་མཁའ་འགྲོ་རྣམས་མཆོད་དེ་བསྟན་པ་སྲུང་བར་ལུང་བགོ །གསུམ་པས་ལས་ཀྱི་མཁའ་འགྲོ་རྣམས་མཆོད་དེ་རྐྱེན་དབང་ཟློག་པའི་ལས་འཆོལ། དེ་ནས་སྲིད་ཞིའི་མ་མོ་རབ་འབྱམས་ཀྱི་ཁྱབ་བདག་བླ་མེད་ཧེ་རུ་ཀའི་སྔགས་ཁོ་ནས་སྲོག་དྲང་བ་རྣམས་ནི་མ་མོ་རྦོད་གཏོང་ངོ་། །དེ་ནས་ལྷག་མའི་ཆ་བཞི་པ་དེ་དྲེགས་པ་སྡེ་བརྒྱད་ལ་བསྔོས་ནས། དམོད་བཅོལ་བྱ་བ་ནི་སྒྲུབ་སྡེ་ཐ་མ་གཉིས་པོའི་སྒྲུབ་ལུགས་ཏེ། དེ་གསུམ་ལ་ཛབ་དགོངས་སོགས་གཞན་ཅིའང་མ་བཤད་དོ། །འདིས་ནི་བདེ་འདུས་ལས། མ་མོའི་སྤྱི་འདུན་བྱ་བ། དམག་དཔུང་བསྡུ་ཞིང་དམག་དྲང་བ། དམག་དཔོན་བསྐོ་བ། ལས་ཀྱི་ངོ་བླང་བ་སོགས་དང་། འཇིག་རྟེན་མཆོད་བསྟོད་མཆོད་པ་བསྙེན་སྒྲུབ་གསུམ་གྱི་རྣམ་གྲངས་ཉེར་བཞིས་བཤད་པ་ལ་སོགས་པ་ཀུན་གྱི་སྙིང་པོའི་དོན་ལྷག་ཆོག་ལ་འདུ་བར་བསྟན་པས། སྲུང་མའི་

TN03_Page_1149
[མ་དཔེ་གཟིགས་ན་འདིར་གནོན།]

(༧༡༠)གཏོར་བསྔོ་དང་འབོད་རྦད་ཀྱི་བཟླས་པ་སོགས་གང་ཡང་ལྷག་ཆོག་ཚད་ལྡན་འཁྱོལ་ན་དེ་ལས་ཟུར་དུ་མ་དགོས་པར་ངེས་པ་ཆེན་པོ་སྟེར་ཞིང་། ཁ་ཅིག་ཏུ་ཆད་བརྟན་གཉིས་ལྷག་ཆོག་ཏུ་བསྡུས་པ་སོགས་གཞན་མང་པོར་ཡང་ངེས་པ་སྦྱིན་ནོ་གཞུང་འདིའི་ལྷག་ཆོག་ལ། ལས་དང་ཡེ་ཤེས་ལས་གྲུབ་པའི་རྣམ་གྲངས་སྨོས་ནས་མགྲོན་འབོད་པ། གཏོར་མ་བསྔོ་བ། ལས་བཅོལ། སྟོབས་སྔགས་ཀྱིས་གཏོང་བ་རྣམས་སུ་ཡོད་ཅིང་། སྲོག་ནས་དྲང་བ་ནི་སྔར་བཟླས་པའི་སྐབས་ཀྱི་རུ་ལུའི་བཟླས་པ་ཉིད་ཀྱིས་ཆོག་སྟེ། ལས་རིམ་གྱི་རྒྱུན་གཅིག་ལ་ཚང་ན་གནད་གཅིག་ཏུ་འགྲོ་བའི་ཕྱིར་རོ། །དེར་མ་ཟད་མགོན་པོ་བདུན་རྫོགས་ཀྱི་གསོལ་ཁའང་ཆད་ཐོ་བསྒྲགས་པའི་ལས་རིམ་ལ་ཚང་བར་ལུང་སྔ་མ་ལས་དཔགས་ནས་ཤེས་ཏེ། འདི་ནི་ལྕེ་བཙུན་སྙིང་ཏིག་ཐོབ་ནས་བཀའ་སྲུང་གསུམ་གྱི་གསོལ་ཁ་ཆག་མེད་བྱེད་དགོས་པ། དོན་ཕྲིན་གྱི་ཆད་ཐོ་ལ་མཛད་པས་ཀྱང་རྟོགས་པ་ཡོད་དོ། །འདི་འདྲ་བླ་མའི་བྱིན་རླབས་ཀྱིས་རྙེད་བྱུང་། །གཞུང་སེན་རྩེ་ཙམ་རྣམ་བཤད་ཛམ་གླིང་ལྟར་ཡངས་པ་གཟུགས་བརྙན་བཞིན་དུ་འཆར་བའི་སྒོ་བཏོད་ཡོད་དོ། །དབང་ཕྱུག་མ་རྣམས་བསྙེན་ཐབས་ཀྱི་ངོས་འཛིན་དེ་ལས་ཀྱང་གསལ་བ་བཤད་ན། རྟ་མགྲིན་དབང་གི་སྒྲུབ་པ་ལྟར། སྒྱུ་འཕྲུལ་ཁྲོ་བོའི་མན་ངག་ལྟར་བཤད་པ་གཉིས་ལས། དང་པོ་ནི། ཛཔྲ་དགོངས་སུ། །དམ་ཅན་ཕོ་ཉ་ལས་ལ་བསྐུལ༔ ཞེས་གསུངས་ཏེ། སྤྱིར་ཛབ་

TN03_Page_1150
[མ་དཔེ་གཟིགས་ན་འདིར་གནོན།]

(༧༡༡)དམིགས་སུ་དེ་འདྲ་རེ་ཡོད་ཀྱང་། དེ་ལ་རྩལ་འདོན་མི་འདོན་གཞུང་དེའི་རྩ་བའི་དགོངས་པས་དམ་ཅན་བསྙེན་ཐབས་ཀྱི་དངོས་གཞི་གང་ལས་བྱེད་ཀྱི་སྟེང་ནས་ལེགས་པར་དཔྱོད་དགོས་ཏེ། ཨོ་ཧཱུཾ་ཛམ་ནག་གི་བདག་བསྐྱེད་དུའང་། ཕྱག་རྡོར་ཐུགས་ཀའི་འོད་ཀྱིས་ནོར་བདག་ལས་ལ་སྐུལ་བར་བཤད་ཀྱང་དེའི་ལུགས་ཀྱིས་གནོད་སྦྱིན་སྒྲུབ་ཚུལ་གྱི་མན་ངག་དངོས་དེ་ལ་མི་བྱེད་པས། དེ་རྩལ་དུ་བཏོན་ཕྱོགས་མིན་པ་བཞིན་ནོ། །འདིར་ནི་སྒྲུབ་ལུགས་འདིའི་དགོས་ཆོས་དབང་གི་སྒྲུབ་པའི་མཐིལ་གཏད་སའང་དེ་ཉིད་ཡིན་པར་རྟ་སྐད་སྤྱོད་པར་དགོངས་པའི་ཐད་དུ་ཤེས་པས་དེ་དང་ཆེས་མི་འདྲ་ལ། མཐར་ཕུར་པ་གྲུབ་པ་ན་གདབ་ལས་རྩལ་ཐོན་ཏེ་རྫས་ཕུར་གདེངས་པ་ཙམ་གྱིས་བརྟན་གཡོའི་དངོས་པོ་གང་ཡིན་ཡང་ཐལ་མར་འབྱིན་པའི་དོད་ཀྱང་འདིའི་སྨད་ལས་སྤྱོད་པར་དགོངས་པའི་རྟ་སྔགས་ལ་རྩལ་ཐོན་ཏེ་ཛབ་དབྱངས་བླངས་པ་ཙམ་གྱིས་དམ་ཅན་མཁའ་འགྲོ་ཐམས་ཅད་སྤུངས་སེ་ཐིབས་སེ་བྱིན་ཆིལ་གྱིས་འདུས་ནས་ཅི་བཅོལ་ཐོགས་མེད་དུ་བྱེད་པ་ཉིད་ཡིན་པས་ཆེས་རྩལ་དུ་བཏོན་ཕྱོགས་ཡིན་ནོ། །ལར་དམ་ཅན་སྲུང་མ་སྒྲུབ་ལུགས་ལ། དྲེགས་པ་ཁོ་རང་ཚོའི་སྔགས་རྒྱུད་ལ་བརྟེན་ནས་སྒྲུབ་པ་དང་། དེ་དག་གི་གཉེན་པོ་སྟོབས་ཀྱི་ལྷའི་རིག་སྔགས་ཁོ་ནས་ལས་ལ་འཁོལ་བ་གཉིས་ཚུལ་ཐ་དད་ཡིན་ལ། དྲེགས་པའི་བླ་རྟེན་འཛུགས་པ་དང་། གཟའ་ལ་ཨོལ་དགག །མ་མོ་ལ་ཤི་ས་བསྟན་པ།

TN03_Page_1151
[མ་དཔེ་གཟིགས་ན་འདིར་གནོན།]

(༧༡༢)བཙན་ལ་སེ་ལོང་སོགས་དགོས་པའང་སྔ་མའི་ལུགས་ཡིན་གྱི། ཕྱི་མ་ལ་ནི་ཡེ་ཤེས་ལྷའི་བསྙེན་སྒྲུབ་ལས་སུ་རུང་བ་གཅིག་པུས་ཆོག་གོ །འདི་ལྟར་དྲེགས་པ་ཁོ་རང་ཚོའི་སྔགས་རྒྱུད་ན་དྲེགས་པ་དེ་དག་ཉིད་ཀྱི་སྐྱེ་རྒྱུད། རིག་སྔགས། བླ་རྟེན། མཐུན་རྫས། གནད་དབབ། ལོག་གནོན། དེ་ཉིད་སོགས་ཇི་སྙེད་ཅིག་འཆད་པ་དང་། གཉེན་པོ་ཡེ་ཤེས་ལྷའི་རྒྱུད་ན་དེ་གཙོ་བོར་མི་སྟོན་པར་ཧེ་རུ་ཀ་ཉིད་ཀྱི་རིག་སྔགས། ཆོ་ག །དེ་ཉིད། དེའི་སྒོ་ཁོ་ནས་དྲེགས་པ་དབང་དུ་བྱ་བ་ལ་སོགས་པའི་དངོས་གྲུབ་སྒྲུབ་ཚུལ་སོགས་རྒྱ་ཆེར་འབྱུང་བ་ནི་ཆེས་འཐད་པ་ཡིན་ནོ། །དེ་བས་ན་འདིར་དབང་ཕྱུག་མའི་བསྙེན་ཐབས་ཉུང་ཆེས་སོ་སྙམ་དུ་མི་བསམ་སྟེ། གོང་ནོན་གྱི་སྔགས་ཁོ་ནས་ཆིག་ཆོད་བྱེད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སྤྱི་ཛབ་བཞི་འབུམ་བཟླ་སྐབས་དབང་མོ་རྣམས་ཀྱི་ཐུགས་ཀར་ཉི་གདན་ལ་བྷྱོ་ཡིག་རེའི་མཐར་རུ་ལུས་བསྐོར་བ་གསལ་བཏབ་སྟེ། བདག་གི་ཐུགས་ཀའི་འོད་ཀྱིས་ཕོག་པས་དགྱེས་པ་བསྐྱེད་ཅིང་། ཐུགས་རྒྱུད་བསྐུལ། དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བདག་གི་ཐུགས་ལ་བསྡུ་བའི་དམིགས་རིམ་དགོས་པས། དེར་དབང་ཕྱུག་བསྙེན་སྒྲུབ་ཀྱི་གནད་ཚང་བར་འགྱུར་མོད། ད་དུང་ཟུར་དུ་ཡང་ཟློ་བར་སྤྲོ་ན། ཁྲག་ཐུང་སྤྱི་ཛབ་ཏུ་བྱས་ནས་བཟླས་པ་འཁྱོལ་རྗེས་དེར། སླར་ཡང་རུ་ལུ་ཉིད་དབང་མོའི་སྒོས་ཛབ་ཏུ་བྱས་ནས་འབུམ་ཕྲག་སོགས་ཅི་རིགས་

TN03_Page_1152
[མ་དཔེ་གཟིགས་ན་འདིར་གནོན།]

(༧༡༣)བཟླ་བར་རུང་ངམ་སྙམ་སྟེ་རུ་ལུ་འཇིག་རྟེན་པའི་སྒྲུབ་པ་ཟེར་བ་བཞིན་ནོ། །རུ་ལུ་ནི་དམ་ཅན་འབོད་རྦད་ཀྱི་སྔགས་གཉིས་ཀར་འཁྱེར་ཆོག་ཅིང་ཕོ་ཉའི་ཛབ་ཏུ་རིལ་གྱིས་སྦྱོར་ནའང་བཏུབ་པ་ནི་རུ་ལུའི་རྣམ་བཤད་རྣམས་སུ་ཤེས་སོ། །ལྷག་མའི་གཏོར་བསྔོ་ནི་དེ་གཉིས་ཀའི་ལུགས་སོ། །དེ་ལ་རྟ་སྔགས་ཀྱིས་དབང་དུ་བྱ་བའི་དུས་སུ་ནི་དབང་མོ་ཉེར་བརྒྱད་དུ་མ་ཟད་གཏོར་ཟློག་ལས། འཁོར་འདས་མ་ངེས་སྡེ་བརྒྱད་དྲེགས་པའི་ཚོགས༔ ཞེས་པ་རྣམས་ཀྱང་སྦྱར་དགོས་ལ། དམ་ཅན་རང་གི་སྔགས་ཟློ་བ་ན་ནི་དབང་ཕྱུག་མའི་ཛབ་ལས་གཞན་བཟླ་བར་མ་བཤད་དེ། དཀྱིལ་འཁོར་འདིའི་རྩ་བའི་ལྷ་ནི་དེ་བརྒྱད་དུ་ངེས་པར་ཛབ་ཀྱང་དེའི་དབང་དུ་མཛད་པའི་ཕྱིར་ཏེ། མགྲོན་ཐབས་ཀྱི་ལྷ་རབ་འབྱམས་གསུངས་པ་ཡང་རྩ་བའི་ལྷ་གྲངས་མ་ཡིན་པའི་རྒྱུ་མཚན་གྱིས་རྭ་སྤྲོད་རྒྱུའི་ཛབ་མ་གསུངས་པ་བཞིན་ནོ། །དེ་ཡི་དགོས་པ་ཅི་ཡང་རུང་། །མ་ལུས་རྫོགས་པར་བདག་ཅག་སྒྲུབ། །ཅེས་རྣལ་འབྱོར་པའི་དངོས་གྲུབ་ཀྱི་དགོས་པ་ཅི་དང་ཅི་ཡང་སྒྲུབ་པ་དང་། མ་ལུས་པར་སྒྲུབ་པ་དང་། རྫོགས་པར་སྒྲུབ་པར་འབུར་དོད་དུ་གསུངས་པས་ཡིད་བཞིན་གྱི་ནོར་བུ་ལྟ་བུར་བཟུང་ངོ་། །ཐུན་མཐའི་བསྡུའི་སྐབས་དབང་མོ་རྣམས་ཀྱང་གཙོ་བོའི་ཐུགས་སྲོག་ལ་འཇུག་པར་བྱེད་པ་ནི་དམ་ཅན་ནམ་ཡང་གཞན་དུ་མི་གཡོ་བར་བྱེད་པའམ་རང་དང་འབྲལ་བ་མེད་པར་བྱེད་པའི་གནད་ཟབ་པའོ། ༈ །

TN03_Page_1153
[མ་དཔེ་གཟིགས་ན་འདིར་གནོན།]

(༧༡༤)རྡོ་རྗེ་དཔལ་ཆེན་དུ། དབང་ཕྱུག་ལ་སོགས་བྱེད་པོར་ཁས་འཆེས་ཀྱང་། །དེ་ཉིད་དངོས་པོར་ལྟ་བས་བྱེད་མི་ནུས། ཁྱེད་ནི་སྒྱུ་མའི་ཆོས་ལ་མངའ་བརྙེས་པས། །སྒྱུ་མའི་རང་བཞིན་ཅི་ཡང་གྲུབ་པར་མཛོད། ༈ །དམ་ཚིག་ཉམས་པ་ལ་སོགས་ཉེས་པ་རྣམས། །ཚེ་རབས་འདི་ལ་ཉམས་སུ་མྱོང་གྱུར་པ། །ཆོས་དབྱིངས་འགྲོ་དོན་བདག་གིས་རྟོགས་བར་དུ། །ཆོས་ལ་དབང་སྒྱུར་ཁྱེད་ཀྱིས་ཟློག་ཏུ་གསོལ། །ཞེས་ཏེ་བསྟན་དང་བསྟན་འཛིན་སྲུང་སྐྱོབ་སྦེད་གསུམ་བྱེད་པའི། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་ས་རབ་ཏུ་དགའ་བ་བདག་གིས་རྟོགས་པ་སྟེ་ཐོབ་ཀྱི་བར་དུ། ཞེས་པར་སྣང་། བྱ་བ་ལ་འདོད་དགུར་དབང་བསྒྱུར་ནུས་པའི་སྲུང་མ་དེ་ལས་ཀྱིས་མཐུ་བོ་ཆེར་སྐྱེས་པ་ཙམ་མིན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པའི་མངོན་ཤེས་ཀྱི་མཐུས་དབང་བཅུའི་དབང་ལ་མངའ་བསྒྱུར་བ་ཞིག་དགོས་སོ། ༈ །རྡོ་རྗེའི་སྲིན་མོ་འདི་དག་ནི་རྣལ་འབྱོར་བླ་མེད་ཀྱི་དགེ་འདུན་དཀོན་མཆོག་ཡིན་པའི་ཕྱིར་འདི་དག་གིས་ཕྲིན་ལས་གང་བསྒྲུབ་ཀྱང་དངོས་སམ་བརྒྱུད་ནས་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་གྱི་ཕྱོགས་འབའ་ཞིག་ཏུ་འགྲོ་ལ། དེའི་ཚུལ་གྱིས་བྱང་ཆུབ་སྙིང་པོའི་བར་གྱི་ཚེ་རབས་ཐམས་ཅད་དུ་ལམ་བཟང་སྒྲུབ་པའི་འགལ་རྐྱེན་འགོག་ཅིང་སེལ་བ་དང་། མཐུན་རྐྱེན་སྒྲུབ་ཅིང་སྤེལ་བར་ནུས་པ་ཡིན་ཏེ། །དྲེགས་པ་ཐ་མལ་པ་ལ་དེ་ལྟ་བུ་མེད་དོ། །འདིར་བསྟན་

TN03_Page_1154
[མ་དཔེ་གཟིགས་ན་འདིར་གནོན།]

(༧༡༥)པ་སྤྱིའི་ལུགས་ཀྱིས་དགེ་འདུན་དཀོན་མཆོག་ལ་སྟོན་པ་ལམ་གྲོགས་ཞེས་པའི་གྲོགས་སུ་འཇོག་ཚུལ་དང་། སོ་སྐྱེའི་སར་དགེ་འདུན་དཀོན་མཆོག་མི་འཇོག་པའང་དེའི་རྒྱུ་མཚན་གྱིས་ཡིན་ཚུལ་རྣམས་དྲན་དགོས་སོ། །དེ་ལྟར་ན་འདི་དག་ལ་སྡོང་པོ་བཀོད་པ་ལས་གསུངས་པའི་མཚན་མོའི་ལྷ་མོ་སྐྲ་རྒྱ་མཚོ་རབ་ཏུ་ཞི་བ་དང་ལྡན་པ་སོགས་དང་། ལྷ་མོ་བརྟན་མ་ལ་སོགས་པ་ལྟ་བུའི་འདུ་ཤེས་ཙམ་ཡང་མེད་ན། ཐེག་ཆེན་ཐུན་མོང་བའི་རྣམ་ཐར་གྱི་གསང་བ་ཙམ་ཡང་མ་ཤར་བར་ཟད་དོ། །དེའི་ཕྱིར་དངོས་པོའི་གནས་ཚོད་གཅིག་པུས་མི་ཆོག་གི །བློའི་འཆར་ཚུལ་ལ་ལས་ཀྱི་སྲིན་མོའི་རྣམ་པ་ཅན་མ་ཡིན་པར། ཐུན་མོང་མ་ཡིན་པའི་དགེ་འདུན་དཀོན་མཆོག་ཁོ་ནར་བལྟ་དགོས་ཏེ། དེ་ལྟར་བལྟས་ན་དགེ་འདུན་དཀོན་མཆོག་གི་ཕྲིན་ལས་འབྱུང་གི །སངས་རྒྱས་ལ་ཡང་ཐ་མལ་པར་བལྟས་ན་སངས་རྒྱས་ཀྱི་བྱིན་རླབས་མི་འབྱུང་བའི་ཕྱིར་ཏེ། དབང་ཕྱུག་ལྷར་འཛིན་པའི་མུ་སྟེགས་ཅན་ལ་འཇིག་རྟེན་དབང་ཕྱུག་གི་བྱིན་རླབ་དངོས་མི་འབྱུང་བ་བཞིན་ནོ། །འདི་དག་དཔལ་ཧེ་རུ་ཀས་གསང་སྔགས་སྙིང་པོའི་བསྟན་སྲུང་དུ་བསྐོས་ཤིང་བྱིན་གྱིས་བརླབས་པ་ཡིན་པས། རང་རེ་རྣམས་ཀྱིས་ཀྱང་བདེ་ལེགས་ཀྱི་རྩ་བ་སངས་རྒྱས་ཀྱི་བསྟན་པ་ཡིན་ཚུལ་དང་། བསྟན་པའི་སྙིང་པོ་གསང་སྔགས་འབྲས་བུའི་ཐེག་པ་ཡིན་ཚུལ། དེའི་ཕྱིར་རང་གཞན་གྱི་མངོན་མཐོ་ངེས་ལེགས་ཀྱི་དོན་ཐམས་ཅད་

TN03_Page_1155
[མ་དཔེ་གཟིགས་ན་འདིར་གནོན།]

(༧༡༦)དེ་ཁོ་ན་ལས་དངོས་བརྒྱུད་ཅི་རིགས་ཀྱིས་འབྱུང་བའི་ཚུལ་རྣམས་ཞིབ་ཏུ་ཤེས་པར་བྱས་ལ། དེ་འདྲ་བའི་བསྟན་པ་དེ་སྲུང་བ་དང་། བརྟན་པའི་དོན་བྱ་བའི་ཆེད་ཁོ་ནར་དམིགས་ནས་བསྒྲུབ་ན་ཤིན་ཏུ་སྒྲུབ་སླ་ཞིང་རྣོ་ལ་ལས་མྱུར། ཤིས་ལ་ཚན་ཆེ་བ་ཡིན་ནོ། །ལྷག་པར་མཐའ་བཟང་ལ་བློ་གཏད་ཐུབ་པ་ཞེ་གཙང་བ་འབྱུང་ངོ། ༈ སྡེ་བརྒྱད་ཐམས་ཅད་སྦྲུལ་གྱི་རྣམ་པར་རྣམ་ཐར་ཞབས་བརྒྱད་ཀྱིས་ལྗིད་ཕབ་སྟེ་བརྫིས་ཤིང་བཟུང་བས་ནི་རྡོ་རྗེའི་ཕ་བོང་རི་བོ་ལྟ་བུའི་ཞབས་སུ་ཤོར་བའི་རྡོ་ལེབ་གཞན་གྱིས་འཐེན་མི་ནུས་པ་ལྟར། སྡེ་བརྒྱད་དེ་དག་སྔགས་པ་རང་གི་ཞབས་འོག་ནས་གཞན་གྱིས་དགུག་ཅིང་འཕྲོགས་མི་ནུས་པའམ། བྲལ་མི་ནུས་པ་སྟེ། བརྟན་པོར་དབང་དུ་གྱུར་པའོ། །དེས་ནི་འཇིག་རྟེན་གསུམ་དབང་དུ་བྱ་བའང་འཐོན་ཏེ། འཇིག་རྟེན་གསུམ་གྱི་བདག་པོ་ནི་སྡེ་བརྒྱད་དེ་དག་ཡིན་པའི་ཕྱིར་རོ། །དེ་དག་རྗེ་ཉིད་ནས་ཟིན་ཐོ་ལྟ་བུར་བཏབ་ཡོད་པ་རྣམས་གཞན་དུ་འཁྱར་གྱི་དོགས་ནས་རྗེས་འཇུག་འགའ་ཞིག་གིས་ཕྱོགས་གཅིག་ཏུ་བསྒྲིག་ཁུར་བྱས་ཏེ་ཕྱག་བྲིས་ཇི་ལྟ་བཞིན་བཅོས་བསླད་མེད་པར་སྤར་དུ་བསྐྲུན་པ་དགེ་ལེགས་འཕེལ། ༈ འཕྲུལ་ཆེན་སྤར་གྱི་ལྗོན་ཤིང་རྒྱས་པའི་རྩེར། །ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག ་ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།། །།

TN03_Page_1156
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༡)དཀྱིལ་གྱི་སྐྱེད་ཡུམ་དུ་བརླབས་པ་ནས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྩོལ་བ་ལ་ཡང་དབང་བ་ཡིན་ནོ། །མ་མོའི་གསོ་བ་ལྷག་པར་མཁོ་བས་འདི་ལྟར། ཡུལ་ལ་མི་འཕོ་བའི་ལྷན་སྐྱེས་ཀྱི་དགའ་བའི་བཅུད་ཀྱིས་རྒས་པ་དང་ན་བ་དང་ཤི་བ་གསོ། བརྗེད་ངས་ཆེ་བ་ལ་རྣམ་གཡེངས་མེད་པའི་བདེ་སྟོང་གི་ཏིང་ངེ་འཛིན་བརྟན་པོས་དྲན་པ་གསོ། དབྱིངས་རིག་གི་སྣང་བ་རབ་རིབ་མེད་པས་ཤེས་རབ་གསོ། ཐ་མལ་པའི་སྣང་ཞེན་གྱི་དམེ་བ་བསང་བྱེད་བདེ་སྟོང་མི་ཕྱེད་པའི་གཙང་སྦྲས་གྲིབ་ཅན་གསོ། རྡོ་རྗེ་གསུམ་གྱི་དམ་ཚིག་ལ་དྲན་པ་རྟག་ཏུ་གནས་པའི་ཡེ་སྲུང་ཆེན་པོའི་དམ་ཚིག་གི་བདེ་བའི་བདུད་རྩིས་དམ་ཚིག་ཉམས་ཆག་གསོ། དེ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ནུས་པ་ཡོངས་སུ་སྨིན་པའི་བདེ་བའམ་རང་རིག་བྱང་ཆུབ་ཀྱི་སེམས་ཀྱིས་བྱེད་དེ། མ་མོའི་རྒྱུད་ཚིག་ལ་ཅུང་ཟད་དཔྱད་ནས་བློ་རྟེན་བྲིས། སྒྲུབ་སྡེའི་སྐོར་དུ། མ་མོ་གྲུབ་ཀྱང་ལས་འགྱང་བས་ཤིས་བསྟན་པ་གཅེས་ཞེས་དང་། མ་མོ་དབང་དུ་བསྡུ་བའི་གནད་ཀྱིས་བསྒྲུབ་ན་འགྲུབ། གནད་དེ་མེད་ན་གཟའ་དཔོན་མེད་པའི་བྱི་མོ་དང་འདྲ་སྟེ་འཁུ་ལྡོག་མང་ཞིང་ལས་ལ་གཡེལ་ཞེས་གསུངས་ཤིང་། མ་མོ་རྦོད་གཏོང་སྐབས། མ་མོ་ཐམས་ཅད་སྟན་དུ་འདིང་བ་དང་སྙིང་ཁྲག་དྲང་བ་ལ་སོགས་པའི་སྒྲུབ་ལུགས་དང་། ལས་ལ་རྦོད་སྐབས། འགྱང་ན་སྲོག་ཡིག་དཀྲུགས་པ་སོགས་མང་དུ་བཤད་པའང་ཡིན་ནོ། །དེའི་དོན་ནི་འདིར་ཡང་ཡོད་དེ། རྟ་སྐད་

TN03_Page_1157
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༢)ཀྱི་དགོངས་པས་མ་མོ་མཁའ་འགྲོའི་སྲོག་གཅུན་པ་ཉིད་གནད་དབབ་མཐར་ཐུག་ཏུ་འགྲོ་ཚུལ་ཡོད་པའི་ཕྱིར་ཏེ། བདེ་འདུས་བཀའ་སྒོ་ལས། ཕྱིའི་མ་མོ་མ་ཤེས་ན་ལས་མི་འགྲུབ། དེ་ཤེས་ཀྱང་ཕྱིའི་དང་ནང་གསལ་གྱི་མ་མོ་གཉིས་མེད་དུ་ཤེས་པའི་སྒོ་ནས་ཕྱི་ནང་གསང་བའི་མ་མོ་སྲེ་མི་ཤེས་ན་མ་མོ་དམ་ལ་མི་འདུ་ཞིང་ལས་ལ་བཀོལ་དུ་མི་བཏུབ་པར་གསུངས་པའི་ཤུགས་ལས་མ་མོ་གསུམ་བསྲེའི་དགོངས་པ་དེ་མ་མོ་ལས་འཁོལ་གྱི་ཟབ་གནད་དུ་བསྟན་པ། །ཀློང་སྙིང་སོགས་ལས། དྲན་པ་རང་བྱུང་ཡེ་ཤེས་ནི༔ མ་མོ་འབུམ་གྱི་སྟོང་སྲོག་ཡིན༔ སོགས་སྟོང་སྲོག་འཕྲོགས་ཚུལ་བཤད་པ་དང་གཅིག་ཏུ་གཞོལ་ཞིང་། བདེ་འདུས་ལྡེ་མིག་གི་མ་མོའི་ཤིས་གསུམ་གྱི་སྐབས་སུའང་། གསང་བ་ལྟར་ན། རིག་པ་བྱང་ཆུབ་ཀྱི་སེམས་མ་མོའི་ཤི་སར་བཤད་ཡོད་དོ། །དེའང་མི་དབང་བཀའ་འབུམ་ལས། ལྷ་འདྲེ་རི་རབ་ཀྱི་ཞབས་སུ་མནན་པ་སོགས་ཀྱི་དགོངས་པ་བཤད་ཚུལ་ཟུར་ཐོ་ལྟར་དང་བསྒྲིགས་ན་གསལ་ལོ། །འོན་ཀྱང་འདི་འདྲ་རྣམས་ཚོན་བརྒྱར་ཉེ་བའི་ནོར་བུ་ཆུ་ཤེལ་ལྟར་སྟོང་སེམས་ཀྱིས་ཁ་བསྒྱུར་འགྲོ་བ་བྲོའི་ཟིན་ཐོ་ལྟར་ཡིན་པས་བདེ་སྟོང་གི་ཏིང་འཛིན་དེ་ཉིད་དྲེགས་པ་གཟིར་བའི་བསམ་པའི་དབང་གིས་གནད་གཟིར་དུ་འགྱུར་བ་འདྲ་སྟེ། འདི་དག་བསྙེན་རྫོགས་རྟོགས་པ་བརྟན་པའི་སྔགས་པའི་དབང་དུ་བྱས་སོ། །སྒྱུ་འཕྲུལ་ལེའུ་ཉི་ཤུ་པར། ལྷག་མའི་གཏོར་བསྔོ་དང་། དམ་བསྒྲགས། ཕྲིན་བཅོལ་ཏེ་འདི་གསུམ་

TN03_Page_1158
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༣)གྱིས་དབང་མོ་རྣམས་འཁོར་བར་གསུངས་ཤིང་། ཐར་ལོ་འགྱུར་དུ། ཞེས་པ་ཁྲོ་བོའི་སྒྲུབ་ཐབས་ཀྱི། །ལས་རྣམས་ཀུན་ལ་བརྗོད་པར་བྱ། །ངེས་པར་གཙོ་བོ་འདི་ཡིན་ཏེ། །རྣམ་པ་གཞན་དུ་གདུལ་དཀའ་འགྱུར། །ཞེས་གསུངས། རྒྱུད་ཀྱི་དགོངས་པས་ལྷག་ཆོག་མིན་པའི་བཀའ་ཉན་གྱི་གཏོར་ཆོག་ཟུར་པ་མི་དགོས་པར་གསལ་བས། འདིར་ཡང་། ལྷག་མ་སངས་རྒྱས་མཉམ་སྦྱོར་དུ་ལྷག་ཆོག་དང་གཏོར་ཆོག་གཅིག་ཏུ་བྱས་ནས་གསུངས་པས་ཀྱང་ངེས་པ་སྟེར་རོ། །ཆད་བརྟན་རྣམས་ཀྱིས་གསོལ་ཀ་རྒྱས་པའི་གོ་ཆོད་པར་བཟུང་སྟེ། བསྟན་མའི་གསོལ་ཁ་ཟུར་པ་དང་། ཚོགས་མཆོད་སྐབས་ཀྱི་བརྟན་སྐྱོང་གཉིས་ལ་ཚིག་མང་ཉུང་ཙམ་མ་གཏོགས་ཁྱད་པར་མི་སྣང་བ་བཞིན་ནོ། །ལྷག་ཆོག་གི་སྐབས་འདིར་སྔོན་གྱི་ཆད་མདོའི་དབང་གིས་གཏོར་ལེན་དུ་ངེས་པར་འབྱོན་པས་དུས་གཞན་དང་མི་འདྲ་ཞིང་། དེ་བཞིན་གཤེགས་པའི་ཞལ་ཟས་ཀྱི་ལྷག་མ་དངོས་གྲུབ་ཆེན་པོའི་བགོ་སྐལ་དུ་ཤེས་ནས་གཏོར་མ་གཞན་དང་མི་འདྲ་བར་ངེས་པར་བཞེས་པ་ཡིན་ལ། བདེ་གཤེགས་ལྷག་མ་འདི་དག་ནི། །གསོལ་ཞིག་སྡིག་པ་བྱང་བར་འགྱུར། །ཞེས་པའི་རིགས་པ་ལྟར་ཧེ་རུ་ཀའི་ཕམ་ཕབ་ཀྱིས་དེ་དག་གི་གཟི་བརྗིད་དང་མཐུ་སྟོབས་ཆེས་ལྷག་པར་རྒྱས་པར་བྱེད་འདི་རྟ་མཆོག་རོལ་པའི་རྒྱུད་ལས་གསལ་བར་གསུངས། པས་ཀྱང་གཏོར་མ་གཞན་དང་མི་འདྲ་སྟེ་སྣང་ཚུལ་ཐུན་མོང་བའི་དབང་དུ་བྱས་དེས་ན་འདི་ཉིད་དཔལ་ལྡན་ཧེ་རུ་ཀ་རང་གིས་དབང་ཕྱུག་མའི་གཏོར་ཆོག་

TN03_Page_1159
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༤)ཏུ་བྱིན་གྱིས་བརླབས་པའི་ཟབ་གནད་ཅན་ཡིན་པ་འདི་ངོ་ཤེས་པར་གྱིས་ལ་ཕྲིན་ལས་གང་དགོས་འདིའི་སྒྲོམ་ནས་འཚོལ་བྱང་གཏེར་མ་མོའི་ལས་རྫོགས་ལས། རང་གཞན་གྱི་ཚེ་སྲིང་བ་དང་། འཁོར་དང་ལོངས་སྤྱོད་སྤེལ་བ། སྲིའུ་གསོ་བ། དབབ་པ། བཅད་པ། སྲུང་བ། ཟློག་པ། མི་ཕྱུགས་ནད་ཡམ་གཅོད་པ། བར་ཆད་འདུལ་བ་དགྲ་བགེགས་སྒྲོལ་བ་གང་ཡིན་ཀྱང་གསོལ་མཆོད་ཀྱི་མཐར་བཅོལ་གཏད་བྱས་པ་ཁོ་ནས་འདོད་པ་ལྟར་འགྲུབ་པར་གསུངས་པ་དང་ཚུལ་མཚུངས། བ་དང་། ལྷག་གཏོར་བཟང་ལ་རྒྱ་ཆེ་བ་བཤམས་པ་སོགས་ལ་བརྩོན་པར་བྱའོ། །གྱེར་ཚིག་མང་བ་དང་རྔ་རྡུང་བ་ཙམ་ལ་ཞེན་པར་མི་བྱའོ། །ལྷག་མ་ཆད་ཐོ་གཉིས་ཀྱི་ཁྱད་ནི། ལྷག་མགྲོན་ནི། སྔོན་དཔལ་གྱིས་རུ་ཏྲ་འདུལ་དུས་ལག་ཏུ་རྡོ་རྗེ་བྱིན་ནས་མིང་བཏགས་ཏེ་དལ་གྱི་ཕྱི་ཁྱམས་ལ་བཀོད་པ་ལྟར། ཧེ་རུ་ཀའི་གྲོང་ཁྱེར་གྱི་མཐའ་ན་རྒྱུན་དུ་གནས་ནས་དེ་བཞིན་གཤེགས་པའི་གསོལ་ལྷག་སྡུད་པ་རྣམས་ཡིན་ཅིང་། ཆད་ཐོའི་མགྲོན་ལ། གསང་རྫོགས་སོགས་ལས་ཀཻ་སེར་དབང་མོ་སོགས་ནས་གཏེར་སྲུང་གཞི་བདག་བར་ཀུན་བཤད་པས། བཀའ་སྲུང་། གཏེར་སྲུང་ཐུན་མོང་དུ་ཆད་ཐོ་བརྗོད་པར་སྣང་བས། དཀྱིལ་འཁོར་གྱི་མཐའ་ན་རྟག་ཆགས་ཡིན་མིན་ཀུན་ཡོད་དམ་དཔྱོད། ཐོ་ནི་ཟུར་ཆག་པ་སྟེ་ཆད་མདོ་ཞེས་པ་ཡིན་ལ། །དེའང་ཆད་མཚམས་ཀྱི་མདོ་འགག་ཅེས་པ་སྟེ། རྒྱལ་བ་དང་རིག་འཛིན་གོང་མའི་སྤྱན་སྔར་བརྒྱུད་འཛིན་སྐྱོང་བར་ཆད་ཞུས་པའི་ཆད་མཚམས་ཡོད་པ་དེབསྒྲགས་ཤིང་སྐུལ་བ། དཔེར་ན་ཕ་མེས་གོང་མའི་བརྩེ་གྲོགས་

TN03_Page_1160
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༥)འདིས་གཞུང་ཅན་ལ་སྔོན་རབས་ཀྱི་རྒྱུས་བརྗོད་ནས་མཛའ་བའི་འཕྲོ་མཐུད་པ་ལྟ་བུ་ཡིན་པས་ན་ཆད་མདོ་མཐུད་པ་ཟེར། དེ་ལྟར་ཆད་བརྗོད་པ་ལ་ནི། གཏོར་མགྲོན་དུ་ངེས་པར་གཤེགས་པ་དང་། ཐུགས་ཆགས་ཤིང་དུང་བས་བགོ་བ་ཉན་པའི་དགོས་ཆེད་གཉིས་ཀ་ཡོད་དེ། །གསང་རྫོགས་དང་། ཀུན་མཁྱེན་ཆོས་རྗེའི་ཞི་ཁྲོའི་སྒྲུབ་དཀྱིལ་རིན་གཏེར་སོགས་ལས། བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་སྲིང་བར་མ་ཆད་དམ༔ བཅོལ་པའི་ཕྲིན་ལས་མཛད་པར་མ་ཆད་དམ༔ ཞེས་སོ། །འོ་ན་དབང་མོ་དང་ཌཱཀྐི་སོ་གཉིས་སོགས་ལ་ལྟོས་ན་ལྷག་མ་དང་ཆད་གཏོར་མི་ཟློས་སམ་ཞེ་ན། དེར་ཡང་ལྷག་ཆོག་ནི་ཧེ་རུ་ཀའི་བཀས་བཅད་ཀྱི་སྲོལ་དཀྱུས་མ་བརྐྱང་བ་ཡིན་ཅིང་། ཆད་ཐོ་ནི། ད་དུང་དེ་ལས་ཟུར་དུ་སྔོན་གྱི་ཐ་ཚིག་རིམ་གསུམ་རྒྱས་པར་གླེང་ནས་ལས་འཆོལ་བའི་ཕྱིར། གཏོར་མ་ཟུར་པ་ཕུལ་ཏེ། སྔར་ལྷག་ཆོག་གིས་ཐུགས་ཉེ་བར་བྱས་པ་དེ་དན་བརླིང་དུ་བྱེད་པ་སྟེ། ཉེ་བའི་ནང་ནས་དགོས་མཛའ་ལྟ་བུར་དགོངས་པའི་ཆེད་དོ། །བདེ་འདུས་པྲ་ཁྲིད་ལས། ནང་གི་ཆོས་སྐྱོང་ལྷག་མགྲོན་དང་ཕྱིའི་ཆོས་སྐྱོང་བརྟན་མ་ཞེས་བཤད་དེ། ནང་གི་དོན་གོང་བཤད་ལྟར་བྱའམ་དཔྱད། མདོ་ཚོགས་ཆེན་ཧེ་རུ་ཀ་གལྤོའི་དགོངས་པ་ལྟར། འདུས་པའི་སྒྱུ་འཕྲུལ་ཁྲོ་བོ་དང་ལྷག་ཆོག་ཏུ། ལྷག་ཕུད་ཀྱི་མཁའ་འགྲོ་དམ་ཅན་རྣམས་བཀུག་ནས། རྟ་གདོང་གི་ཕྱག་རྒྱ་སྤྱི་བོར་བཞག་སྟེ། ཧྲཱིཿཔདྨ་བ་ཌ་སོགས་ནས། ཧ་ཧ་ཧི་ཧི།

TN03_Page_1161
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༦)ཞེས་དབང་དུ་བསྡུས་ནས་བཀའ་ནོད་དུ་གཞུག་པར་བཤད་པ་དང་། ལྷ་ཆེན་དབང་ཕྱུག་ཆེན་པོ་དང་། ཚོགས་བདག་གླང་པོ་གདོང་། འདོད་ཁམས་དབང་མོ་རེ་མ་ཏི་རྗེ་འབངས་གཉིས། བེ་ཧར། རྡོར་ལེགས། ཡང་ལེ་བེར་སོགས་དྲེགས་པའི་དབང་ཕྱུག་རྣམས་ཀྱི་སྐྱེ་རྒྱུད་ན། དཔལ་རྟ་མཆོག་རྒྱལ་པོར་སྲོག་སྙིང་ཕུལ་བ་དང་། བྲན་དུ་ཁས་བླངས་པ་དང་། རྡོ་རྗེའི་མིང་ནོད་པ་སོགས་རྒྱ་ཆེར་བཤད་པ་དང་། པདྨའི་མན་ངག་གསེར་ཕྲེང་དུ། དྲེགས་པའི་རིགས་སོ་སོ་ལ་གཉེན་པོ་སྟོབས་ཀྱི་ལྷ་གཤིན་རྗེ་གཤེད་སོགས་སོ་སོ་བསྔགས་པ་ན། རྣམ་དབྱེ་མེད་པར་དྲེགས་པ་ཅན་ཕོ་རྒྱུད་མོ་རྒྱུད་ཀྱི་རིགས་མཐའ་དག་འདུལ་བའི་ལྷར་ཁྱད་པར་དུ་བསྔགས་པ་ནི་པདྨ་དབང་ཆེན་ཡིན་པར་བཤད་པ་དང་། མཁའ་འགྲོ་ཆེན་མོ་ལས། སངས་རྒྱས་འོད་དཔག་མེད་ཀྱིས། འཇིག་རྟེན་གྱི་དྲེགས་པ་ཅན་ལྷ་མ་སྲིན་སྡེ་བརྒྱད་དང་༔ ཁྱད་པར་དུ་མ་མོ་དང་མཁའ་འགྲོ་མ་གདུལ་བའི་ཕྱིར་དཔལ་རྟ་མགྲིན་དུ་སྤྲུལ་ཏེ༔ ཁམས་གསུམ་དབང་བསྡུས་སོ༔ ཞེས་སོ། །གུ་རུ་རིན་པོ་ཆེ་ལ་མཁའ་འགྲོ་མ་ཀུན་དགའ་མོས་ལྷ་སྲིན་སྡེ་བརྒྱད་འདུལ་བའི་མཐུ་དབང་རྟ་མགྲིན་གྱི་སྒོ་ནས་སྩལ་བར་གསུངས་པ་ལ་སོགས་པས་ལྷ་འདིའི་ཛཔྲ་དགོངས་སུ། དམ་ཅན་ཕོ་ཉ་ལས་ལ་བསྐུལ༔ ཞེས་པ་ལ་ངེས་ཤེས་སྐྱེད་དོ། །ཨོ་རྒྱན་གླིང་པའི་བཀའ་འདུས་ཆེན་མོ་ལས། །གདུལ་བྱ་རུ་ཏྲ་དྲག་པོ་འདུལ་བའི་ཕྱིར༔ རྟ་ཕག་ཡབ་ཡུམ་རྔམས་པའི་ཆོ་འཕྲུལ་གྱིས༔ ཀེ་སེང་ཕྲ་མེན་དབང་ཕྱུག་བྲན་དུ་བཀོལ༔

TN03_Page_1162
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༧)ཞེས་གསུངས་ཏེ། རུ་ཏྲ་འཁོར་བཅས་འདུལ་མཁན་རྟ་ཕག་ཏུ་བཤད་པ་གཞན་ཚུལ་འདི་རྒྱས་པར་སྟོན་པ་ནི་སྤྱི་མདོ་དགོངས་འདུས་ཡིན་ཏེ། བཀའ་ཐང་ཤེལ་བྲག་མ་སོགས་ཀྱང་དེའི་རྗེས་སུ་འབྲང་བར་སྣང་ངོ་། །ཡང་མང་ངོ་། །རྟ་མཆོག་རོལ་པའི་རྒྱུད་ཀྱི་བཅུ་དྲུག་པར་རྟ་མགྲིན་གྱིས་རུ་ཏྲ་བཏུལ། དབང་མོ་རྣམས་དབང་དུ་བསྡུས་པའི་ཚེ། དྲེགས་པ་ཅན་རྣམས་བསྒྲལ་བའི་ཤ་ཁྲག་རུས་པ་རྟ་མཆོག་རྒྱལ་པོ་ཉིད་ཀྱིས་གསོལ་བའི་ཞལ་ལྷག་རྣམས་བདུད་རྩིར་བརླབས་ནས་དབང་ཕྱུག་མའི་ཚོགས་ལ་བྱིན་པས། དེ་རྣམས་སྔོན་པས་ཀྱང་ཆེས་ཆེར་མཐུ་སྐྱེས་ཤིང་། གཟུགས་གཞན་གྱི་བལྟར་མི་སྣང་བ་དང་། སྣ་ཚོགས་ཀྱི་གཟུགས་ཀྱི་རྣམ་པར་སྣང་བའི་རྫུ་འཕྲུལ་ཐོགས་པ་མེད་པར་གྱུར་ཏེ། བྷྱོ་བཟློག་ལས་ཀྱི་ཕོ་ཉ་སྐོས་ལ་བཏབ་པར་གསུངས་པ། རྟ་མགྲིན་དྲེགས་སྒྲོལ་ལས། དབང་གི་ལྷ་མོ་དབང་ཕྱུག་ཉི་ཤུ་བརྒྱད༔ ལོང་བ་རྒྱབ་སྦྲེལ་རོ་བཤལ་སྦྱང་མོ་དང་༔ དྲ་བ་ཅན་དང་གློག་འགྱུ་མ་མོའི་ཚོགས༔ ཟ་བྱེད་ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་སོགས༔ པདྨ་དབང་ཆེན་ལྷ་རྒྱུད་ཐུགས་དམ་ཅན༔ ཞེས་གསུངས་ཤིང་། དེའི་ལྷག་ཆོག་ཆེན་མོར། །དབང་མོ་རྣམས་གསེར་གྱི་སེང་གེའི་གཟུགས་ཀྱིས་རྟ་མགྲིན་གྱི་གདན་དུ་བཞུགས་ཚུལ་རྟ་མཆོག་རོལ་པའི་རྒྱུད་ལྟར་རྒྱ་ཆེར་གསུངས། འདི་དག་གིས་དབང་ཕྱུག་ཉེར་བརྒྱད་རྟ་མགྲིན་གྱི་ཕོ་ཉར་དགོས་སུ་བསྔགས་པའང་ཤེས་ནུས། །

TN03_Page_1163
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༨)འདི་དག་གི་ནང་ནས་ཚངས་མ་དང་། ཡིད་འཕྲོགས་མ་སོགས་ས་བླ་བ་དང་། རླུང་ལྷ་མོ་དང་། བུམ་སྣ་མོ་སོགས་ས་སྟེང་པ་དང་། ཕག་ཆེན་མོ་དང་། ཆུ་ལྷ་མོ་སོགས་ས་འོག་གི་འཇིག་རྟེན་ལ་དབང་བྱེད་པ་སྟེ། འདི་དག་དབང་དུ་འདུས་ན་འཇིག་རྟེན་གསུམ་གྱི་གཙོ་མོ་རྣམས་ལས་ལ་ཁོལ་བ་ཡིན་པས། ས་གསུམ་གྱི་དབང་ཕྱུག་བརྙེས་པ་ཞེས་བྱ་བ་ཡིན་ནོ། །རྟ་རྒྱུད་རྣམས་སུ་དབང་གི་རྟ་སྐད་སྟོན་པ་ན་མི་དབང་སྡུད་རྩལ་དུ་བཏོན་ནས་མ་བཤད་ཀྱི། དྲེགས་པ་སྡེ་བརྒྱད་དང་ཁྱད་པར་དུ་མ་མོ་མཁའ་འགྲོའི་འཇིག་རྟེན་ལ་དབང་སྒྱུར་ཚུལ་འབའ་ཞིག་རྒྱ་ཆེར་གསུངས་ཏེ། མིའི་རྒྱལ་སྲིད་ཆེ་ཤོས་འཁོར་སྒྱུར་ལྟ་བུ་ནི་རྩོད་ལྡན་གྱི་དུས་མཐར་སྒྲུབ་ཏུ་ཡང་མེད་ལ། དངོས་གྲུབ་ཀྱི་འབྱོར་པ་ཤིན་ཏུ་རྒྱ་ཆེ་བའི་རྒྱལ་སྲིད་ནི་མི་མ་ཡིན་གྱི་རྒྱལ་སྲིད་ཡིན་ནོ། །དམ་ཅན་བྲན་དུ་ཁོལ་བ་ལའང་རླབས་ཆེ་ཆུང་གི་རིམ་པ་མང་པོ་ཡོད་དོ། །སྔགས་ཕྱི་རྒྱུད་དུའང་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་སྒྲུབ་ཚུལ་གསུངས་མོད་ཀྱི། དེ་དག་ཏུ་མན་ངག་གི་སྙིང་པོ་ལྷན་སྐྱེས་ཡེ་ཤེས་ཀྱི་རྟ་སྐད་མ་བསྟན་པས། འདི་ཁོ་ན་མཆོག་ཏུ་གྱུར་པ་ཡིན་ནོ། ༈ །བཀའ་མ་རྫོང་འཕྲང་ལས། འཇིག་རྟེན་ལས་འདས་པའི་སྒྲུབ་སྡེ་ལྔ་པོ་སྒྲུབ་ཚུལ་ལ། བཟླས་པའི་སྐབས་ལ་བབས་པ་ན། བུདྡྷ་ཧེ་རུ་ཀ་གཤིན་རྗེ་གཤེད་དུ་བསྒྱུར་ནས་ཚེ་སྒྲུབ་ཀྱི་བཟླས་པ་ནས། ཀརྨ་དང་པདྨ་ཧེ་རུ་ཀ་ཕུར་པ་དང་ཆེས་ཆོག་ཏུ་བསྒྱུར་ནས་ཐལ་འབྱིན་དང་བདུད་རྩིའི་བཟླས་པ་བྱ་བའི་

TN03_Page_1164
[མ་དཔེ་གཟིགས་ན་འདིར་གནོན།]

(༧༠༩)བར་དུ་གསུངས་ནས། མ་མོ་རྦོད་གཏོང་མན་ཆད་ནི་ཚོགས་མཆོད་ཀྱི་ལྷག་ཆོག་ཁོ་ན་ལ་འཇོག་པར་གསུངས་ཏེ། འདི་ལྟར། ཚོགས་ལ་རོལ་བའི་འོག་ཏུ། ལྷག་མ་བསྡུས་ལ། རང་ཉིད་བླ་མེད་ཧེ་རུ་ཀར་བསྒྱུར། དེའི་སྔགས་ལན་གཅིག་ལན་ཅིག་གི་གསལ་ཁ་གཞུང་ན་མེད་པས་ཅུང་མ་ལེགས། བརྗོད་པས་མ་མོ་མཁའ་འགྲོ་རྣམས་དབང་དུ་བསྡུས་ཏེ། ལྷག་གཏོར་བརླབ་དེ་ཆ་བཞིར་ཕྱེ་བའི་དང་པོས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་མཆོད་དེ། རྣལ་འབྱོར་པའི་རྒྱུད་བྱིན་གྱིས་རློབ་པར་གསོལ་བ་བཏབ། གཉིས་པས་དམ་ཚིག་མཁའ་འགྲོ་རྣམས་མཆོད་དེ་བསྟན་པ་སྲུང་བར་ལུང་བགོ །གསུམ་པས་ལས་ཀྱི་མཁའ་འགྲོ་རྣམས་མཆོད་དེ་རྐྱེན་དབང་ཟློག་པའི་ལས་འཆོལ། དེ་ནས་སྲིད་ཞིའི་མ་མོ་རབ་འབྱམས་ཀྱི་ཁྱབ་བདག་བླ་མེད་ཧེ་རུ་ཀའི་སྔགས་ཁོ་ནས་སྲོག་དྲང་བ་རྣམས་ནི་མ་མོ་རྦོད་གཏོང་ངོ་། །དེ་ནས་ལྷག་མའི་ཆ་བཞི་པ་དེ་དྲེགས་པ་སྡེ་བརྒྱད་ལ་བསྔོས་ནས། དམོད་བཅོལ་བྱ་བ་ནི་སྒྲུབ་སྡེ་ཐ་མ་གཉིས་པོའི་སྒྲུབ་ལུགས་ཏེ། དེ་གསུམ་ལ་ཛབ་དགོངས་སོགས་གཞན་ཅིའང་མ་བཤད་དོ། །འདིས་ནི་བདེ་འདུས་ལས། མ་མོའི་སྤྱི་འདུན་བྱ་བ། དམག་དཔུང་བསྡུ་ཞིང་དམག་དྲང་བ། དམག་དཔོན་བསྐོ་བ། ལས་ཀྱི་ངོ་བླང་བ་སོགས་དང་། འཇིག་རྟེན་མཆོད་བསྟོད་མཆོད་པ་བསྙེན་སྒྲུབ་གསུམ་གྱི་རྣམ་གྲངས་ཉེར་བཞིས་བཤད་པ་ལ་སོགས་པ་ཀུན་གྱི་སྙིང་པོའི་དོན་ལྷག་ཆོག་ལ་འདུ་བར་བསྟན་པས། སྲུང་མའི་

TN03_Page_1165
[མ་དཔེ་གཟིགས་ན་འདིར་གནོན།]

(༧༡༠)གཏོར་བསྔོ་དང་འབོད་རྦད་ཀྱི་བཟླས་པ་སོགས་གང་ཡང་ལྷག་ཆོག་ཚད་ལྡན་འཁྱོལ་ན་དེ་ལས་ཟུར་དུ་མ་དགོས་པར་ངེས་པ་ཆེན་པོ་སྟེར་ཞིང་། ཁ་ཅིག་ཏུ་ཆད་བརྟན་གཉིས་ལྷག་ཆོག་ཏུ་བསྡུས་པ་སོགས་གཞན་མང་པོར་ཡང་ངེས་པ་སྦྱིན་ནོ་གཞུང་འདིའི་ལྷག་ཆོག་ལ། ལས་དང་ཡེ་ཤེས་ལས་གྲུབ་པའི་རྣམ་གྲངས་སྨོས་ནས་མགྲོན་འབོད་པ། གཏོར་མ་བསྔོ་བ། ལས་བཅོལ། སྟོབས་སྔགས་ཀྱིས་གཏོང་བ་རྣམས་སུ་ཡོད་ཅིང་། སྲོག་ནས་དྲང་བ་ནི་སྔར་བཟླས་པའི་སྐབས་ཀྱི་རུ་ལུའི་བཟླས་པ་ཉིད་ཀྱིས་ཆོག་སྟེ། ལས་རིམ་གྱི་རྒྱུན་གཅིག་ལ་ཚང་ན་གནད་གཅིག་ཏུ་འགྲོ་བའི་ཕྱིར་རོ། །དེར་མ་ཟད་མགོན་པོ་བདུན་རྫོགས་ཀྱི་གསོལ་ཁའང་ཆད་ཐོ་བསྒྲགས་པའི་ལས་རིམ་ལ་ཚང་བར་ལུང་སྔ་མ་ལས་དཔགས་ནས་ཤེས་ཏེ། འདི་ནི་ལྕེ་བཙུན་སྙིང་ཏིག་ཐོབ་ནས་བཀའ་སྲུང་གསུམ་གྱི་གསོལ་ཁ་ཆག་མེད་བྱེད་དགོས་པ། དོན་ཕྲིན་གྱི་ཆད་ཐོ་ལ་མཛད་པས་ཀྱང་རྟོགས་པ་ཡོད་དོ། །འདི་འདྲ་བླ་མའི་བྱིན་རླབས་ཀྱིས་རྙེད་བྱུང་། །གཞུང་སེན་རྩེ་ཙམ་རྣམ་བཤད་ཛམ་གླིང་ལྟར་ཡངས་པ་གཟུགས་བརྙན་བཞིན་དུ་འཆར་བའི་སྒོ་བཏོད་ཡོད་དོ། །དབང་ཕྱུག་མ་རྣམས་བསྙེན་ཐབས་ཀྱི་ངོས་འཛིན་དེ་ལས་ཀྱང་གསལ་བ་བཤད་ན། རྟ་མགྲིན་དབང་གི་སྒྲུབ་པ་ལྟར། སྒྱུ་འཕྲུལ་ཁྲོ་བོའི་མན་ངག་ལྟར་བཤད་པ་གཉིས་ལས། དང་པོ་ནི། ཛཔྲ་དགོངས་སུ། །དམ་ཅན་ཕོ་ཉ་ལས་ལ་བསྐུལ༔ ཞེས་གསུངས་ཏེ། སྤྱིར་ཛབ་

TN03_Page_1166
[མ་དཔེ་གཟིགས་ན་འདིར་གནོན།]

(༧༡༡)དམིགས་སུ་དེ་འདྲ་རེ་ཡོད་ཀྱང་། དེ་ལ་རྩལ་འདོན་མི་འདོན་གཞུང་དེའི་རྩ་བའི་དགོངས་པས་དམ་ཅན་བསྙེན་ཐབས་ཀྱི་དངོས་གཞི་གང་ལས་བྱེད་ཀྱི་སྟེང་ནས་ལེགས་པར་དཔྱོད་དགོས་ཏེ། ཨོ་ཧཱུཾ་ཛམ་ནག་གི་བདག་བསྐྱེད་དུའང་། ཕྱག་རྡོར་ཐུགས་ཀའི་འོད་ཀྱིས་ནོར་བདག་ལས་ལ་སྐུལ་བར་བཤད་ཀྱང་དེའི་ལུགས་ཀྱིས་གནོད་སྦྱིན་སྒྲུབ་ཚུལ་གྱི་མན་ངག་དངོས་དེ་ལ་མི་བྱེད་པས། དེ་རྩལ་དུ་བཏོན་ཕྱོགས་མིན་པ་བཞིན་ནོ། །འདིར་ནི་སྒྲུབ་ལུགས་འདིའི་དགོས་ཆོས་དབང་གི་སྒྲུབ་པའི་མཐིལ་གཏད་སའང་དེ་ཉིད་ཡིན་པར་རྟ་སྐད་སྤྱོད་པར་དགོངས་པའི་ཐད་དུ་ཤེས་པས་དེ་དང་ཆེས་མི་འདྲ་ལ། མཐར་ཕུར་པ་གྲུབ་པ་ན་གདབ་ལས་རྩལ་ཐོན་ཏེ་རྫས་ཕུར་གདེངས་པ་ཙམ་གྱིས་བརྟན་གཡོའི་དངོས་པོ་གང་ཡིན་ཡང་ཐལ་མར་འབྱིན་པའི་དོད་ཀྱང་འདིའི་སྨད་ལས་སྤྱོད་པར་དགོངས་པའི་རྟ་སྔགས་ལ་རྩལ་ཐོན་ཏེ་ཛབ་དབྱངས་བླངས་པ་ཙམ་གྱིས་དམ་ཅན་མཁའ་འགྲོ་ཐམས་ཅད་སྤུངས་སེ་ཐིབས་སེ་བྱིན་ཆིལ་གྱིས་འདུས་ནས་ཅི་བཅོལ་ཐོགས་མེད་དུ་བྱེད་པ་ཉིད་ཡིན་པས་ཆེས་རྩལ་དུ་བཏོན་ཕྱོགས་ཡིན་ནོ། །ལར་དམ་ཅན་སྲུང་མ་སྒྲུབ་ལུགས་ལ། དྲེགས་པ་ཁོ་རང་ཚོའི་སྔགས་རྒྱུད་ལ་བརྟེན་ནས་སྒྲུབ་པ་དང་། དེ་དག་གི་གཉེན་པོ་སྟོབས་ཀྱི་ལྷའི་རིག་སྔགས་ཁོ་ནས་ལས་ལ་འཁོལ་བ་གཉིས་ཚུལ་ཐ་དད་ཡིན་ལ། དྲེགས་པའི་བླ་རྟེན་འཛུགས་པ་དང་། གཟའ་ལ་ཨོལ་དགག །མ་མོ་ལ་ཤི་ས་བསྟན་པ།

TN03_Page_1167
[མ་དཔེ་གཟིགས་ན་འདིར་གནོན།]

(༧༡༢)བཙན་ལ་སེ་ལོང་སོགས་དགོས་པའང་སྔ་མའི་ལུགས་ཡིན་གྱི། ཕྱི་མ་ལ་ནི་ཡེ་ཤེས་ལྷའི་བསྙེན་སྒྲུབ་ལས་སུ་རུང་བ་གཅིག་པུས་ཆོག་གོ །འདི་ལྟར་དྲེགས་པ་ཁོ་རང་ཚོའི་སྔགས་རྒྱུད་ན་དྲེགས་པ་དེ་དག་ཉིད་ཀྱི་སྐྱེ་རྒྱུད། རིག་སྔགས། བླ་རྟེན། མཐུན་རྫས། གནད་དབབ། ལོག་གནོན། དེ་ཉིད་སོགས་ཇི་སྙེད་ཅིག་འཆད་པ་དང་། གཉེན་པོ་ཡེ་ཤེས་ལྷའི་རྒྱུད་ན་དེ་གཙོ་བོར་མི་སྟོན་པར་ཧེ་རུ་ཀ་ཉིད་ཀྱི་རིག་སྔགས། ཆོ་ག །དེ་ཉིད། དེའི་སྒོ་ཁོ་ནས་དྲེགས་པ་དབང་དུ་བྱ་བ་ལ་སོགས་པའི་དངོས་གྲུབ་སྒྲུབ་ཚུལ་སོགས་རྒྱ་ཆེར་འབྱུང་བ་ནི་ཆེས་འཐད་པ་ཡིན་ནོ། །དེ་བས་ན་འདིར་དབང་ཕྱུག་མའི་བསྙེན་ཐབས་ཉུང་ཆེས་སོ་སྙམ་དུ་མི་བསམ་སྟེ། གོང་ནོན་གྱི་སྔགས་ཁོ་ནས་ཆིག་ཆོད་བྱེད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སྤྱི་ཛབ་བཞི་འབུམ་བཟླ་སྐབས་དབང་མོ་རྣམས་ཀྱི་ཐུགས་ཀར་ཉི་གདན་ལ་བྷྱོ་ཡིག་རེའི་མཐར་རུ་ལུས་བསྐོར་བ་གསལ་བཏབ་སྟེ། བདག་གི་ཐུགས་ཀའི་འོད་ཀྱིས་ཕོག་པས་དགྱེས་པ་བསྐྱེད་ཅིང་། ཐུགས་རྒྱུད་བསྐུལ། དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བདག་གི་ཐུགས་ལ་བསྡུ་བའི་དམིགས་རིམ་དགོས་པས། དེར་དབང་ཕྱུག་བསྙེན་སྒྲུབ་ཀྱི་གནད་ཚང་བར་འགྱུར་མོད། ད་དུང་ཟུར་དུ་ཡང་ཟློ་བར་སྤྲོ་ན། ཁྲག་ཐུང་སྤྱི་ཛབ་ཏུ་བྱས་ནས་བཟླས་པ་འཁྱོལ་རྗེས་དེར། སླར་ཡང་རུ་ལུ་ཉིད་དབང་མོའི་སྒོས་ཛབ་ཏུ་བྱས་ནས་འབུམ་ཕྲག་སོགས་ཅི་རིགས་

TN03_Page_1168
[མ་དཔེ་གཟིགས་ན་འདིར་གནོན།]

(༧༡༣)བཟླ་བར་རུང་ངམ་སྙམ་སྟེ་རུ་ལུ་འཇིག་རྟེན་པའི་སྒྲུབ་པ་ཟེར་བ་བཞིན་ནོ། །རུ་ལུ་ནི་དམ་ཅན་འབོད་རྦད་ཀྱི་སྔགས་གཉིས་ཀར་འཁྱེར་ཆོག་ཅིང་ཕོ་ཉའི་ཛབ་ཏུ་རིལ་གྱིས་སྦྱོར་ནའང་བཏུབ་པ་ནི་རུ་ལུའི་རྣམ་བཤད་རྣམས་སུ་ཤེས་སོ། །ལྷག་མའི་གཏོར་བསྔོ་ནི་དེ་གཉིས་ཀའི་ལུགས་སོ། །དེ་ལ་རྟ་སྔགས་ཀྱིས་དབང་དུ་བྱ་བའི་དུས་སུ་ནི་དབང་མོ་ཉེར་བརྒྱད་དུ་མ་ཟད་གཏོར་ཟློག་ལས། འཁོར་འདས་མ་ངེས་སྡེ་བརྒྱད་དྲེགས་པའི་ཚོགས༔ ཞེས་པ་རྣམས་ཀྱང་སྦྱར་དགོས་ལ། དམ་ཅན་རང་གི་སྔགས་ཟློ་བ་ན་ནི་དབང་ཕྱུག་མའི་ཛབ་ལས་གཞན་བཟླ་བར་མ་བཤད་དེ། དཀྱིལ་འཁོར་འདིའི་རྩ་བའི་ལྷ་ནི་དེ་བརྒྱད་དུ་ངེས་པར་ཛབ་ཀྱང་དེའི་དབང་དུ་མཛད་པའི་ཕྱིར་ཏེ། མགྲོན་ཐབས་ཀྱི་ལྷ་རབ་འབྱམས་གསུངས་པ་ཡང་རྩ་བའི་ལྷ་གྲངས་མ་ཡིན་པའི་རྒྱུ་མཚན་གྱིས་རྭ་སྤྲོད་རྒྱུའི་ཛབ་མ་གསུངས་པ་བཞིན་ནོ། །དེ་ཡི་དགོས་པ་ཅི་ཡང་རུང་། །མ་ལུས་རྫོགས་པར་བདག་ཅག་སྒྲུབ། །ཅེས་རྣལ་འབྱོར་པའི་དངོས་གྲུབ་ཀྱི་དགོས་པ་ཅི་དང་ཅི་ཡང་སྒྲུབ་པ་དང་། མ་ལུས་པར་སྒྲུབ་པ་དང་། རྫོགས་པར་སྒྲུབ་པར་འབུར་དོད་དུ་གསུངས་པས་ཡིད་བཞིན་གྱི་ནོར་བུ་ལྟ་བུར་བཟུང་ངོ་། །ཐུན་མཐའི་བསྡུའི་སྐབས་དབང་མོ་རྣམས་ཀྱང་གཙོ་བོའི་ཐུགས་སྲོག་ལ་འཇུག་པར་བྱེད་པ་ནི་དམ་ཅན་ནམ་ཡང་གཞན་དུ་མི་གཡོ་བར་བྱེད་པའམ་རང་དང་འབྲལ་བ་མེད་པར་བྱེད་པའི་གནད་ཟབ་པའོ། ༈ །

TN03_Page_1169
[མ་དཔེ་གཟིགས་ན་འདིར་གནོན།]

(༧༡༤)རྡོ་རྗེ་དཔལ་ཆེན་དུ། དབང་ཕྱུག་ལ་སོགས་བྱེད་པོར་ཁས་འཆེས་ཀྱང་། །དེ་ཉིད་དངོས་པོར་ལྟ་བས་བྱེད་མི་ནུས། ཁྱེད་ནི་སྒྱུ་མའི་ཆོས་ལ་མངའ་བརྙེས་པས། །སྒྱུ་མའི་རང་བཞིན་ཅི་ཡང་གྲུབ་པར་མཛོད། ༈ །དམ་ཚིག་ཉམས་པ་ལ་སོགས་ཉེས་པ་རྣམས། །ཚེ་རབས་འདི་ལ་ཉམས་སུ་མྱོང་གྱུར་པ། །ཆོས་དབྱིངས་འགྲོ་དོན་བདག་གིས་རྟོགས་བར་དུ། །ཆོས་ལ་དབང་སྒྱུར་ཁྱེད་ཀྱིས་ཟློག་ཏུ་གསོལ། །ཞེས་ཏེ་བསྟན་དང་བསྟན་འཛིན་སྲུང་སྐྱོབ་སྦེད་གསུམ་བྱེད་པའི། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་ས་རབ་ཏུ་དགའ་བ་བདག་གིས་རྟོགས་པ་སྟེ་ཐོབ་ཀྱི་བར་དུ། ཞེས་པར་སྣང་། བྱ་བ་ལ་འདོད་དགུར་དབང་བསྒྱུར་ནུས་པའི་སྲུང་མ་དེ་ལས་ཀྱིས་མཐུ་བོ་ཆེར་སྐྱེས་པ་ཙམ་མིན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པའི་མངོན་ཤེས་ཀྱི་མཐུས་དབང་བཅུའི་དབང་ལ་མངའ་བསྒྱུར་བ་ཞིག་དགོས་སོ། ༈ །རྡོ་རྗེའི་སྲིན་མོ་འདི་དག་ནི་རྣལ་འབྱོར་བླ་མེད་ཀྱི་དགེ་འདུན་དཀོན་མཆོག་ཡིན་པའི་ཕྱིར་འདི་དག་གིས་ཕྲིན་ལས་གང་བསྒྲུབ་ཀྱང་དངོས་སམ་བརྒྱུད་ནས་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་གྱི་ཕྱོགས་འབའ་ཞིག་ཏུ་འགྲོ་ལ། དེའི་ཚུལ་གྱིས་བྱང་ཆུབ་སྙིང་པོའི་བར་གྱི་ཚེ་རབས་ཐམས་ཅད་དུ་ལམ་བཟང་སྒྲུབ་པའི་འགལ་རྐྱེན་འགོག་ཅིང་སེལ་བ་དང་། མཐུན་རྐྱེན་སྒྲུབ་ཅིང་སྤེལ་བར་ནུས་པ་ཡིན་ཏེ། །དྲེགས་པ་ཐ་མལ་པ་ལ་དེ་ལྟ་བུ་མེད་དོ། །འདིར་བསྟན་

TN03_Page_1170
[མ་དཔེ་གཟིགས་ན་འདིར་གནོན།]

(༧༡༥)པ་སྤྱིའི་ལུགས་ཀྱིས་དགེ་འདུན་དཀོན་མཆོག་ལ་སྟོན་པ་ལམ་གྲོགས་ཞེས་པའི་གྲོགས་སུ་འཇོག་ཚུལ་དང་། སོ་སྐྱེའི་སར་དགེ་འདུན་དཀོན་མཆོག་མི་འཇོག་པའང་དེའི་རྒྱུ་མཚན་གྱིས་ཡིན་ཚུལ་རྣམས་དྲན་དགོས་སོ། །དེ་ལྟར་ན་འདི་དག་ལ་སྡོང་པོ་བཀོད་པ་ལས་གསུངས་པའི་མཚན་མོའི་ལྷ་མོ་སྐྲ་རྒྱ་མཚོ་རབ་ཏུ་ཞི་བ་དང་ལྡན་པ་སོགས་དང་། ལྷ་མོ་བརྟན་མ་ལ་སོགས་པ་ལྟ་བུའི་འདུ་ཤེས་ཙམ་ཡང་མེད་ན། ཐེག་ཆེན་ཐུན་མོང་བའི་རྣམ་ཐར་གྱི་གསང་བ་ཙམ་ཡང་མ་ཤར་བར་ཟད་དོ། །དེའི་ཕྱིར་དངོས་པོའི་གནས་ཚོད་གཅིག་པུས་མི་ཆོག་གི །བློའི་འཆར་ཚུལ་ལ་ལས་ཀྱི་སྲིན་མོའི་རྣམ་པ་ཅན་མ་ཡིན་པར། ཐུན་མོང་མ་ཡིན་པའི་དགེ་འདུན་དཀོན་མཆོག་ཁོ་ནར་བལྟ་དགོས་ཏེ། དེ་ལྟར་བལྟས་ན་དགེ་འདུན་དཀོན་མཆོག་གི་ཕྲིན་ལས་འབྱུང་གི །སངས་རྒྱས་ལ་ཡང་ཐ་མལ་པར་བལྟས་ན་སངས་རྒྱས་ཀྱི་བྱིན་རླབས་མི་འབྱུང་བའི་ཕྱིར་ཏེ། དབང་ཕྱུག་ལྷར་འཛིན་པའི་མུ་སྟེགས་ཅན་ལ་འཇིག་རྟེན་དབང་ཕྱུག་གི་བྱིན་རླབ་དངོས་མི་འབྱུང་བ་བཞིན་ནོ། །འདི་དག་དཔལ་ཧེ་རུ་ཀས་གསང་སྔགས་སྙིང་པོའི་བསྟན་སྲུང་དུ་བསྐོས་ཤིང་བྱིན་གྱིས་བརླབས་པ་ཡིན་པས། རང་རེ་རྣམས་ཀྱིས་ཀྱང་བདེ་ལེགས་ཀྱི་རྩ་བ་སངས་རྒྱས་ཀྱི་བསྟན་པ་ཡིན་ཚུལ་དང་། བསྟན་པའི་སྙིང་པོ་གསང་སྔགས་འབྲས་བུའི་ཐེག་པ་ཡིན་ཚུལ། དེའི་ཕྱིར་རང་གཞན་གྱི་མངོན་མཐོ་ངེས་ལེགས་ཀྱི་དོན་ཐམས་ཅད་

TN03_Page_1171