cover

ཏཱ་ར་ནཱ་ཐའི་གསུང་འབུམ།

པོད། ཁ༽

ཏཱ་ར་ནཱ་ཐ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དབང་མདོ་བསྟན་གྱི་འགྲེལ་བ་ཟབ་མོའི་དོན་མཐའ་དག་གསལ་བར་བྱེད་བའི་ཉི་མ།


TNT02_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མདོ་བསྟན་གྱི་འགྲེལ་བ་ཟབ་མོའི་དོན་མཐའ་དག་གསལ་བར་བྱེད་བའི་ཉི་མ་བཞུགས།


TNT02_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱཿ བུདྡྷཱ་བོ་དྷི་སཏྭེ་བྷྱཿ ངེས་དོན་མཐར་ཐུག་སྙིང་པོའི་རྒྱུད། དབང་མདོར་བསྟན་གྱི་འགྲེལ་པ་ཟབ་མོའི་དོན་མཐའ་དག་གསལ་བར་བྱེད་པའི་ཉི་མ་ཞེས་བྱ་བ། བླ་མ་དང་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །རྣམ་དག་རང་བཞིན་སྐུ་བཞིའི་བདག་ཉིད་དངོས། །བླ་མའི་ཞབས་ལ་དངོས་པོ་ཀུན་གྱིས་འདུད། །རྣམ་ཀུན་དྲི་བྲལ་སྟོང་པའི་ཡུམ་གྱིས་འཁྱུད། །ཟུང་འཇུག་བདེ་ཆེན་རྡོ་རྗེ་སེམས་དཔའ་རྒྱལ། །དང་པོའི་སངས་རྒྱས་འགྱུར་མེད་ཡེ་ཤེས་སྐུ། །མཐའ་ཡས་ཆོས་རྣམས་ཀུན་གྱི་དེ་ཉིད་དེ། །གང་གིས་གསལ་བར་བྱེད་པའི་རྡོ་རྗེའི་ཚིག །གཞུང་འདི་ལ་ཡང་གུས་པས་བཏུད་ནས་ནི། །ཤིན་ཏུ་རྙེད་དཀའི་ཆོས་འདི་


TNT02_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རང་གི་བློ་དང་རྗེས་མཐུན་པར། །རྣམ་པར་དབྱེ་ལ་དེར་ཞུགས་ཏེ། །གེགས་མེད་ཕུན་སུམ་ཚོགས་པར་ཤོག །རྣམ་བཤད་འགའ་ཞིག་ཚིག་གི་དོན་ལ་འཁྲུལ། ཁ་ཅིག་མན་ངག་དང་བྲལ་རྟོག་གེས་བསླང༌། །ངེས་མེད་མུ་ཅོར་ལྷུར་ལེན་གཞན་ན་སྟེ། །ཕལ་ཆེར་གླེགས་བམ་མཐོང་བས་ཁེངས་པ་ཙམ། །དེ་སླད་རྡོ་རྗེའི་ལམ་དོན་གཉེར་བ་ལ། །རྨད་བྱུང་ཟུང་འཇུག་འགྱུར་བ་མེད་པའི་གཏམ། །དུས་གསུམ་རྒྱལ་བའི་སྒྲ་དབྱངས་རྒྱ་མཚོའི་བཅུད། །འཆི་མེད་དགའ་སྟོན་འགྱེད་ལ་སྤྲོ་བ་སྐྱེས། །འདིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པུ་པ། འཕགས་པ་རྣམས་ཀྱིས་ངེས་པར་རྟོགས་ཤིང༌། དམ་པ་རྣམས་ཀྱིས་ཐོབ་པར་བྱ་བ་ནི། བདེན་པ་གཉིས་ཟུང་དུ་འཇུག་པའི་མཚན་ཉིད་ཅན། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཉིད་གང་ལས་རབ་ཏུ་གསལ་བར་སྟོན་པ། དཔལ་དུས་ཀྱི་


TNT02_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་རྩ་བའི་རྒྱུད་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པའི་མདོར་བསྟན་གྱི་སྐབས་ལས་བརྩམས་ནས། ཁྱབ་བདག་རྡོ་རྗེ་འཛིན་ཆེན་པོའི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་ཤིང་གསལ་ལ་གཞི་དང་འབྲས་བུའི་གནས་ཚུལ་དང་བཅས་པ་སྟོན་པ། རྒྱུད་རྒྱལ་རྒྱ་མཚོ་ལྟ་བུའི་ཟབ་དོན་ངེས་གསང་གཅེས་པ་མཐའ་དག་མ་ཚང་བ་མེད་པར་བསྡུས་པ་དུམ་བུ་བཀོལ་བའི་རྒྱུད་དབང་མདོར་བསྟན་པ་ཞེས་བྱ་བ་འདི་འཆད་པར་བྱེད་པ་ལ། །དང་པོར་མཚན་གྱི་དོན་ནི། རྒྱ་གར་སྐད་དུ། སེ་ཀ་ནི་དབང༌། ཨུཏ་དེ་ཤ་མདོར་བསྟན་པ། དེ་ཉིད་མཚམས་སྦྱར་བས་སེ་ཀོཏ་དེ་ཤའོ། །དེ་ལ་གཞུང་འདི་ཇི་ལྟར་ན་དབང་བསྐུར་བ་མདོར་བསྟན་པར་འགྱུར་སྙམ་ན། །དབང་བཅུ་གཅིག་པོ་རྣམས་ཀྱི་དག་བྱ་དག་བྱེད་གནད་ཆེ་བ་རྣམས་ཀྱང་གསལ་བར་བསྟན་ལ། གཙོ་བོར་དབང་དོན་གྱི་ཡེ་ཤེས་གང་ཡིན་པ་དེ་ཉིད་ཞིབ་མོར་བསྟན་པ་ཡིན་ནོ། །དེ་ཡང་ཆུ་དང་ཅོད་པན་ལ་སོགས་པ་རྫས་དང་ཨོཾ་ཨ་ཨི་རྀ་ཨུ་ལྀ་ཞེས་སོགས་སྔགས་དང༌། ཡུམ་ལྔ་རིགས་ལྔའི་ལྷའི་རྣམ་པ་བསྐྱེད་པ་སོགས་བསམ་གཏན་གྱི་ཁྱད་པར་གང་ཡིན་པས་སློབ་མ་བྱིན་གྱིས་རློབ་པར་བྱེད་པ་དེ་ནི། འཇིག་རྟེན་ཀུན་རྫོབ་པའི་དབང་གི་ཆོ་ག་ཡིན་ལ། སློབ་མའི་རྒྱུད་བྱིན་གྱིས་བརླབས་པའི་ཁྱད་པར་ལས། རང་རྒྱུད་ཀྱི་དྲི་མའི་རྣམ་གྲངས་མང་པོ་ཉམས་སྨད་ཅིང༌། དགེ་བའི་ས་བོན་ཁྱད་པར་ཅན་མང་པོ་གསོས་ཐེབས་པས། ལམ་སྒོམ་པ་ལ་ནུས་པ་མཐུ་ཅན་དུ་གྱུར་པ་ནི་རྒྱུད་འགྱུར་བའི་ཁྱད་པར་ཏེ་དབང་དངོས་སོ། །ཆོ་ག་དེས་དེ་བྱས་པ་ལ་དབང་ཐོབ་པའམ་དམ་ཚིག་ཐོབ་པ་ཞེས་བྱ་སྟེ། ཆོ་གས་སེམས་རྒྱུད་ཀྱི་ཡོན་ཏན་དགེ་བའི་ས་བོན་གསོས་བཏབ་པའི་ཆ་དེ་ནི་སྔགས་ཀྱི་སྡོམ་པ་དང་དམ་ཚིག་ཡིན་ནོ། །ཆོ་ག་ཡང་དེ་བཞིན་གཤེགས་པས་གསུངས་པ་ཁོ་ན་ཡིན་གྱི། གཞན་ལས་ནི་སྡོམ་པ་ཐོབ་པར་མི་འགྱུར་ཏེ། ལྷའི་མཆོག་རྣམས་ཀྱིས་བྱས་པའི་


TNT02_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་ལས་ནི། ལས་དང་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པའི་བྱིན་རླབས་རྗེས་སུ་འཇུག་པ་དང༌། དེ་ཉིད་ཀྱི་དབང་དང་དམ་ཚིག་ཙམ་ཡོད་སྲིད་ཀྱང༌། སྔགས་ཀྱི་སྡོམ་པ་ཐོབ་པ་ནི་མེད་དེ། ཆོ་ག་ལས་སྡོམ་པ་ཐོབ་པ་ནི་ཆོས་འདི་པ་ཁོ་ནའི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །ཆོ་ག་བརྫུན་པ་ལས་ནི་འཇིག་རྟེན་ལས་འདས་པ་ལྟ་ཞོག་གི་འཇིག་རྟེན་པའི་དངོས་གྲུབ་ཀྱི་བྱིན་རླབས་ཀྱང་འཇུག་པར་མི་འགྱུར་ཏེ། གཞན་དུ་ན་འཚོ་བའི་དོན་ཙམ་དུ་ཟད་དོ། །འཇིག་རྟེན་ལས་འདས་པ་དོན་དམ་པའི་དབང་དུ་བྱས་ན། ཡན་ལག་དྲུག་ལ་སོགས་པའི་མན་ངག་གི་སྒྲུབ་པའི་ཚུལ་ནི་ཆོ་ག་ཡིན་ལ། དེ་འདྲས་སྒྲུབ་པའི་ཡེ་ཤེས་ནི། དབང་དང་དམ་ཚིག་དང་སྡོམ་པ་ཡིན་ཏེ། དེས་དེ་ཐོབ་པ་ནི་དབང་བསྐུར་བའོ། །ཡང་དབང་བཅུ་གཅིག་པོ་རྣམས་ཀྱི་རིམ་པས་རྒྱུད་འགྱུར་བ་ཐོབ་པའི་དགེ་བའི་ས་བོན་འཕེལ་ཞིང་གསོས་ཐེབས་ཞེས་པའི་དགེ་བ་ནི། གཙོ་བོར་སེམས་ཀྱི་རང་བཞིན་དགེ་བ་དེ་ཡིན་ལ། དེར་མ་ཟད། ལམ་རིམ་པ་གཉིས་ཀྱི་ཡེ་ཤེས་འཕྲལ་དུ་སྐྱེ་བའི་ནུས་པ་ཡང་གསོས་ཐེབས་པས་རྒྱས་འགྱུར་གྱི་རིགས་སྐྱེས་པའང་ཡིན་པས། བྱིས་པ་འཇུག་པའི་དབང་བདུན་གྱི་དབང་དོན་བསྐྱེད་རིམ་དང༌། དབང་གོང་མ་བཞིའི་དབང་དོན་རྫོགས་རིམ་དུ་འཇོག་པ་ཡིན་ནོ། །དེས་ན་སྐབས་འདིར་མདོར་བསྟན་རྒྱུའི་དབང་ནི་དབང་ཆོག་ཁོ་ན་མ་ཡིན་གྱི་གཙོ་བོར་དབང་དོན་མདོར་བསྟན་པ་ཡིན་ནོ། །དེའི་ཕྱིར་འདི་ནི་དབང་དོན་སྟོན་བྱེད་ཀྱི་སྒོ་ནས་དབང་མདོར་བསྟན་ཞེས་བཏགས་གྱི། ལེའུ་ལྔའི་མདོར་བསྟན་སོ་སོ་ལས། དབང་ལེའི་མདོར་བསྟན་ཁོར་ནར་འཆད་པ་དོན་མ་ཡིན་ཏེ། ཕྱི་འཇིག་རྟེན་ཁམས་དང་བསྐྱེད་རིམ་གྱི་ཕྱོགས་སུ་གཏོགས་པ་རྣམས་བོར་བའི་ལྷག་མ། ནང་དང་དབང་དང་རྫོགས་པའི་རིམ་པའི་སྒྲུབ་ཐབས་དང་ཡེ་ཤེས་ས་ལམ་དང་འབྲས་བུར་བཅས་པ་རྣམས་མདོར་བསྟན་པའི་ཚུལ་གྱིས་གསལ་བར་གསུངས་པ་ཡིན་ནོ། །འགྱུར་གྱི་ཕྱག་


TNT02_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ་ཞེས་པའོ། །གཞུང་དངོས་ལ། ཟླ་བ་བཟང་པོས་དྲི་བ་ཞུས་པ་དང༌། སྟོན་པས་བཤད་པར་ཞལ་གྱི་བཞེས་པ་དང༌། བཤད་བྱའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། ཟླ་བ་བཟང་པོས་གསོལ་བ། སྟོན་པ་དབང་བསྐུར་རྣམ་བདུན་དང༌། །རྣམ་གསུམ་དེ་བཞིན་བླ་ན་མེད། །འཇིག་རྟེན་འདས་པའི་དངོས་གྲུབ་ཕྱིར། །མདོར་བསྡུས་པ་ཡིས་བདག་ལ་གསུངས། །ཞེས་གསུངས་ཏེ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེ་ལ། ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱལ་པོ་ཟླ་བ་བཟང་པོས་གསོལ་ཞིང་ཞུས་པར་གྱུར་པ་ནི། ཀྱཻ་འགྲོ་བ་ཐམས་ཅད་ཀྱི་སྟོན་པ་ཞེས་བོས་ནས། བྱིས་པ་འཇུག་པའི་དབང་བསྐུར་བ་རྣམ་པ་བདུན་དང༌། བུམ་པ་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ། འཇིག་རྟེན་པའི་དབང་གོང་མ་རྣམ་པ་གསུམ་དང༌། དེ་བཞིན་དུ་བླ་ན་མེད་པ་འཇིག་རྟེན་ལས་འདས་པ་བཞི་པའི་དབང་བསྐུར་བ་སྟེ། དབང་བཅུ་གཅིག་པོ་འདི་རྣམས་ཀྱི་དབང་དོན་གྱི་ཡེ་ཤེས་གང་ཡིན་པ་དེ་བདག་ལ་གསུངས་ཤིག་ཅེས་པ་སྤྱིར་གསོལ་བ་འདེབས་པ་ཡིན་ལ། ཉུང་ངུ་ལ་མོས་པའི་གང་ཟག་རྣམས་རྗེས་སུ་བཟུང་བའི་དོན་དུ། ཚིག་བཟུང་སླ་ཞིང་དོན་རྟོགས་སླ་བའི་ཕྱིར་མདོར་བསྡུས་པས་གསུངས་ཤིག་ཅེས་པ་དང༌། དགོས་པ་གང་གི་ཕྱིར་ཞུ་བ་ནི། འཇིག་རྟེན་འདས་པའི་དངོས་གྲུབ་ཕྱིར་ཞེས་པ་སྟེ། གྲུབ་པ་བརྒྱད་ལ་སོགས་པ་ནས་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་བར་གྱི་དངོས་གྲུབ་ནི། དངོས་གྲུབ་འཇིག་རྟེན་པ་དང༌། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྟེ། སྐབས་འདིའི་རྒྱ་སྐད་དུ། ལོ་ཀི་ཀོ་ཏ་ཏ་ར་སིདྡྷྱ་ར་ཐཾ་ཞེས་འབྱུང་བས། འཇིག་རྟེན་ལས་འདས་པ་ཁོ་ན་སྟོན་པ་མ་ཡིན་པར། འཇིག་རྟེན་པ་དང་འདས་པ་ཞེས་པའི་དོན་དུ་སྣང་ཞིང༌། འགྲེལ་པ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བཤད་དོ། །དེས་ན་འཇིག་


TNT02_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དང་འདིས་དངོས་གྲུབ་ཕྱིར། །ཞེས་བསྒྱུར་ན་ལེགས་ལ། འཇིག་རྟེན་འཇིག་རྟེན་འདས་གྲུབ་ཕྱིར། །ཞེས་འབྲོ་འགྱུར་ལས་འབྱུང་བ། རྒྱ་སྐད་ལ་དང་གི་སྐད་དོད་དང༌། འཇིག་རྟེན་ཞེས་པ་ལན་གཉིས་མེད་ཀྱང་དོན་འགྱུར་གྱི་དབང་དུ་བྱས་ན་མི་འགལ་ཏེ། རྒྱལ་བའི་བསྟན་པ་ནི་དོན་ལ་རྟོན་པ་ཡིན་པས་དོན་འཁྲུལ་སོ་མེད་ཅིང་གོ་བདེ་བ་ཉིད་གནད་ཆེ་བ་ཡིན་ནོ། །འདི་ནི་གཞུང་འདིའི་དགོས་འབྲེལ་གྱི་ངག་དངོས་མིན་ཀྱང༌། དགོས་སོགས་ཆོས་བཞི་སྟོན་པར་འཆད་པ་ཁོག་དོན་ནམ་འཕྲོས་དོན་གྱི་ཚུལ་དུ་བྱས་ན་ལེགས་པར་འགྱུར་རོ། །འདིར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དོན་དམ་པའི་དབང་བཞི་པ་ནི་བརྗོད་བྱའི་གཙོ་བོ་ཡིན་ཞིང༌། དེ་ཉིད་སྒྲུབ་པར་བྱེད་པའི་ཐབས་རྣམས་ཀྱང་བརྗོད་བྱའོ། །གཞུང་ཚིག་ཤོ་ལོ་ཀ་བརྒྱ་དང་བདུན་ཅུ་རྩ་བཞིའི་བདག་ཉིད་ཀྱི་རྒྱུད་འདི་ནི་བརྗོད་བྱེད་དོ། །གཞུང་འདི་ལ་བརྟེན་ནས་དབང་དོན་སྒྲུབ་ཐབས་དེ་ཉིད་གསལ་བར་རྟོགས་ཤིང་བདེ་བླག་ཏུ་རྟོགས་པ་ནི་དགོས་པའོ། །དེ་ལས་ཕྱག་རྒྱ་ཆེན་པོའིདངོས་གྲུབ་སངས་རྒྱས་ཉིད་ཐོབ་པ་ནི། དགོས་པའི་ཡང་དགོས་པའོ། །དབང་བཞི་པའི་ཡེ་ཤེས་སྒྲུབ་ཐབས་དང་བཅས་པ་དང་གཞུང་འདི་ཉིད། བརྗོད་བྱ་བརྗོད་བྱེད་ཀྱི་འབྲེལ་པ་ཅན་དུ་གནས་ཤིང༌། གཞུང་འདི་ལ་བརྟེན་ནས་དབང་དོན་མ་ནོར་བར་གོ་བ་དང་དེ་ལྟར་ཕྱིན་ཅི་མ་ལོག་པར་གོ་བ་བཞིན་དུ་ཉམས་སུ་བསྟར་བས། མཆོག་གི་དངོས་གྲུབ་ཐོབ་པ་རྣམས། ཕྱི་མ་ཕྱི་མ་སྔ་མ་སྔ་མ་ལ་བལྟོས་པའི་ཚུལ་གྱི་འབྱུང་བའི་ཕྱིར། ཕྱི་མ་རྣམས་སྔ་མ་ལ་འབྲེལ་བ་ནི་འབྲེལ་བའོ། །དཔེར་ན་ས་འོག་ན་རིན་པོ་ཆེའི་གཏེར་ཡོད་པར་གྱུར་ལ། དེ་ཡོད་པས་རྣོ་མཐོང་མཁན་པོས་ཕྱོགས་འདི་ན་གཏེར་གྱི་ཁྱད་པར་འདི་དང་འདི་ལྟ་བུ་དག་ཡོད་དོ། །ཞེས་པའི་ངག་གི་བརྗོད་པ་དེ་འབྱུང་ལ་བརྗོད་པ་དེ་ལས་གཏེར་དོན་གཉེར་འགའ་ཞིག་ལ། ཕྱོགས་དེར་


TNT02_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གྱི་ཁྱད་པར་ཡོད་ངེས་པའི་བློ་སྐྱེ། བློ་དེ་སྐྱེས་པས་བརྐོ་སྤྱད་ལ་སོགས་པའི་བྱ་བས་གཏེར་ལག་ཏུ་འོང་བར་འགྱུར་ལ། སྔ་མ་སྔ་མ་མ་བྱུང་བར་ཕྱི་མ་ཕྱི་མ་མི་འབྱུང་བ་བཞིན་ནོ། །སྐབས་འདིར་འཇིག་རྟེན་པའི་དངོས་གྲུབ་ཐོབ་པ་དགོས་པར་འཆད་པ་ནི། དཔལ་དྲི་མེད་འོད་ལ་བརྟེན་པར་སྣང་ཡང༌། དེ་དང་མི་འདྲ་སྟེ། བསྡུས་པའི་རྒྱུད་ཆེན་པོ་ལས་ནི། འཇིག་རྟེན་པའི་དངོས་གྲུབ་སྒྲུབ་ཐབས་ཡན་ལག་དང་བཅས་པ་རྒྱས་པར་གསུང་ཞིང༌། གཞུང་འདིར་དེ་ལྟར་མ་གསུངས་པའི་ཕྱིར་རོ། །ཚིག་བཅད་དང་པོའི་སྐབས་འདིར་ཉེ་བར་མཁོ་བ་ལ། འཇིག་རྟེན་པའི་དངོས་གྲུབ་ནི་ཐུན་མོང་གི་དངོས་གྲུབ་ཡིན་ལ། དེ་ཡང་རི་ལུ་མིག་སྨན་ལ་སོགས་པ་དངོས་གྲུབ་ཆུང་ངུ་དང༌། འདོད་པའི་ཁམས་ཀྱི་ལྷའི་ལུས་སུ་འགྱུར་བའི་རིག་འཛིན་ནི་འབྲིང་པོ་དང༌། གཟུགས་ཀྱི་ཁམས་ཀྱི་ལུས་སུ་འགྱུར་བའི་རིག་འཛིན་ནི་ཆེན་པོའོ། །དེ་དག་གི་ནང་ཚན་འདོད་ཁམས་ཀྱི་ལྷ་ལ་རིགས་དྲུག་དང༌། གཟུགས་ཁམས་ལ་བཅུ་དྲུག་ཡོད་ཅིང༌། དེའི་བཟང་ཤོས་འོག་མིན་པ་ཡིན་པས། འོག་མིན་པའི་ལྷའི་ལུས་སུ་འགྱུར་བའི་རིག་འཛིན་ནི། ཐུན་མོང་གི་དངོས་གྲུབ་མཐར་ཐུག་པ་ཡིན་པས། འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་འཇིག་རྟེན་པའི་དངོས་གྲུབ་ཞེས་འབྱུང་བ་ཡིན་ནོ། །ཡང་གནས་སྐབས་འགའ་ཞིག་ཏུ། ཞི་སོགས་ཀྱི་ལས་ཆུང་ངུ་དང༌། གྲུབ་པ་བརྒྱད་སོགས་འབྲིང་པོ་དང༌། གཟུགས་ཀྱི་རིག་པ་འཛིན་པ་ཆེན་པོར་བཤད་པའི་སྐབས་ཀྱང་ཡོད་དེ། དེ་ནི་ལས་དང་དངོས་གྲུབ་སོ་སོར་མ་ཕྱེ་བར། སིངྔྷི་ཅེས་པ་གྲུབ་པའི་སྒྲ་འབྲས་བུ་ཙམ་ལ་འཇུག་པར་དགོངས་ནས། བསྐྱེད་རིམ་གྱི་གྲུབ་པ་སྟེ་འབྲས་བུ་རབ་འབྲིང༌། ་མ་གསུམ་དུ་བཤད་པའི་སྐབས་ཡིན་ནོ། །འཇིག་རྟེན་པ་ནི་ཁམས་གསུམ་གྱི་ཉོན་མོངས་པ་མ་སྤངས་པའི་དོན་ཡིན་ལ། སྤངས་པ་ནི་འཇིག་རྟེན་ལས་འདས་པའོ། །དེའི་ནང་ནས་སངས་རྒྱས་ཉིད་ནི་ཉོན་མོངས་


TNT02_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲིབ་པར་མ་ཟད། ཤེས་བྱའི་སྒྲིབ་པ་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཡང་སྤངས་པ་སྟེ། སྒྲིབ་པ་གསུམ་ལས་གྲོལ་བའོ། །སེམས་ཅན་བསྡུས་པ་ལ་མངོན་པར་དགའ་བ་ཞེས་པ་ནི། ཉོན་མོངས་པ་དང༌། དུས་དང༌། སེམས་ཅན་དང༌། ལྟ་བ་དང༌། ཚེའི་སྙིགས་མ་སྟེ། སྙིགས་མ་ལྔ་དང༌། ལྡན་པའི་སེམས་ཅན་གཞུང་རྒྱ་ཆེན་པོ་མི་རྟོགས་པའོ། །གཉིས་པ་ནི།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་ཟླ་བཟང་དབང་བསྐུར་དོན། །རྣམ་པ་བདུན་དང་རྣམ་གསུམ་མཆོག །རྩ་ཡི་ཀུན་སྤྱོད་རྩོལ་བ་ནི། །མདོར་བསྟན་པ་ཡིས་ཁྱོད་ལ་བཤད། །བཅོམ་ལྡན་འདས་ཞེས་པ་ལ། རྒྱ་གར་གྱི་སྐད་དུ་བྷ་ག་ཝཱན་ཞེས་པ་སྟེ་དེ་ནི། སྐལ་བ་དང་ལྡན་པའམ། བཅོམ་པ་དང་ལྡན་པ་ལ་ཡང་འཇུག་པ་ལས། དང་པོའི་དབང་དུ་བྱས་ནས་རྩ་བའི་རྒྱུད་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །གྲགས་དང་དཔལ་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་རྣམས་བྷ་ག་ཞེས་བརྗོད་དོ། །རྣམ་དག་སུམ་ཅུ་རྩ་དྲུག་ཁམས། །ས་སོགས་རྡོ་རྗེ་བཙུན་མོ་སྟེ། །དེ་རྣམས་དབང་ཕྱུག་སོགས་ཡོན་ཏན། །དྲུག་པོ་དེ་རྣམས་བྷ་གར་གྲགས། །ཞེས་ཏེ་བསམ་ཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་དབང་ཕྱུག་དང༌། བཟོད་པའི་འབྲས་བུ་གཟུགས་བཟང་དང༌། ཚུལ་ཁྲིམས་ཀྱི་སྙན་པར་གྲགས་པ་དང༌། སྦྱིན་པའི་དཔལ་འབྱོར་དང་ཤེས་རབ་ཀྱི་ཡེ་ཤེས་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། དེ་ལ་དབང་ཕྱུག་ཕུན་སུམ་ཚོགས་པ་ནི་ཟད་པར་དང་ཟིལ་གནོན་ལ་སོགས་པའམ་དབང་བཅུ་དང་ལྡན་པ་ལྟ་བུ་སྟེ། བརྟན་གཡོ་ཐམས་ཅད་ལ་འདོད་དགུར་སྒྱུར་བའོ། །གཟུགས་བཟང་ནི་མཚན་དང་དཔེ་བྱད་དོ། །དཔལ་ནི་ཡོངས་སུ་དག་པའི་ཞིང་ཁམས་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པ་དང་བཅས་པའོ། །གྲགས་པ་ནི་འགྲོ་བ་མཐའ་དག་


TNT02_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཆོད་འོས་སུ་གྱུར་པས་བསྟོད་པའོ། །ཡེ་ཤེས་ནི་སྟོབས་བཅུ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ། །བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི་འབད་རྩོལ་མེད་ཅིང་རྣམ་པར་རྟོག་པ་མེད་པར་ཕྱོགས་བཅུ་དུས་གསུམ་གྱི་སེམས་ཅན་རྣམས་ལ་གང་ལ་གང་འདུལ་གྱི་འགྲོ་དོན་འཁྲུལ་པ་མེད་ཅིང་དུས་ལས་མ་ཡོལ་བར་འཇུག་པ་སྟེ། འདི་ལྟ་བུའི་སྐལ་བ་དྲུག་ནི་དངོས་སངས་རྒྱས་རྣམས་ཁོ་ན་ལ་མངའ་ལ། རྗེས་མཐུན་པ་བྱང་ཆུབ་སེམས་དཔའ་ལ་ཡང་ཡོད་ཅིང༌། གཞན་རྣམས་ལ་མེད་དོ། །གང་ཚངས་པ་དང་དབང་ཕྱུག་ལ་སོགས་པ་དེ་དག་ལ་ནི། དབང་ཕྱུག་དྲུག་ཡོད་པར་གྲགས་མོད་ཀྱི། འཁོར་བ་ཉིད་ན་འཕྲལ་གྱི་བྱ་བ་ལ་ཅུང་ཟད་དབང་འབྱོར་བ་སོགས། དབང་ཕྱུག་དང་ལུས་དང་དཔལ་དང་གྲགས་པ་དང་མངོན་ཤེས་དང༌། བྱ་བ་ལ་འཇུག་པའི་བརྩོན་འགྲུས་ཉི་ཚེ་བ་དང་ལྡན་པ་ཁོ་ན་ཡིན་ནོ། །གཉིས་པའི་དབང་དུ་བྱས་ནས་དགྱེས་པའི་རྡོ་རྗེ་ལས། ཡང་ན་ཉོན་མོངས་ལ་སོགས་བདུད། །འཇོམས་ཕྱིར་བཅོམ་ལྡན་འདས་ཞེས་བྱ། །ཞེས་པ་ལྟར། བདུད་བཞི་བཅོམ་པའི་ཡོན་ཏན་དང་ལྡན་པའོ། །དེ་ལ་བདུད་བཞི་ནི། ཐེག་པ་ཐུན་མོང་ལྟར་ན། གང་ལ་ལྟོས་ནས་འབྲས་བུའི་ཕྱོགས་ཉེ་བར་བཟུང་བའི། ཉེར་ལེན་གྱི་ཕུང་པོ་ལྔ་ནི། ཕུང་པོའི་བདུད་ཡིན་ལ། རྒྱུའི་ཕྱོགས་བཟུང་བའི་ཁམས་གསུམ་གྱི་ཉོན་མོངས་པ་ནི་ཉོན་མོངས་པའི་བདུད་དང༌། ཕུང་པོ་དང་ཉོན་མོངས་པ་དེ་རྣམས་ཉིད་ཀྱི་འཇིག་ཅིང་འགྱུར་བའི་རང་བཞིན་ཅན་གྱི་མི་རྟག་པའི་མཚན་ཉིད་ནི་འཆི་བདག་གི་བདུད་དང༌། འདོད་པའི་ཁམས་ཀྱི་ལྷའི་གདོན་གྱི་གཙོ་བོ། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ། གང་གི་མཐུ་ལས་འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་དགེ་བ་ལ་གཡེལ་ཞིང་ཆགས་བྲལ་གྱི་ལམ་ལས་ཕྱིར་ཟློག་པར་བྱེད་པ་ནི་ལྷའི་བུའི་བདུད་སྟེ། དེ་རྣམས་བདུད་བཞི་དངོས་ཡིན་ལ། ཕྱོགས་མཐུན་ཙམ་སངས་


TNT02_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཡེ་ཤེས་ཀྱི་གཞོམ་པར་བྱེད་པའི་དབང་དུ་བྱས་ན། ཡིད་ཀྱི་རང་བཞིན་གྱི་ལུས་དང༌། མ་རིག་བག་ཆགས་ཀྱི་ས་དང། བསམ་གྱི་མི་ཁྱབ་པའི་འཆི་འཕོ་དང༌། དབང་སྒྱུར་བའི་སྲེད་པ་ལ་སོགས་པ་རྣམས་ཀྱང་རིམ་བཞིན་ཕུང་པོའི་བདུད་ལ་སོགས་པར་སྦྱར་རོ། །ཐུན་མོང་མ་ཡིན་པའི་ཐེག་པ་འདིར་ཡང་དེ་དག་ཁས་ལེན་ཞིང་ལྷག་པོར་བཤད་པ་ནི། ལུས་ཀྱི་ཐིག་ལེའི་སྒྲིབ་པ་ནི་ཕུང་བོའི་བདུད་དང༌། ངག་གི་ཐིག་ལེའི་སྒྲིབ་པ་ནི་ཉོན་མོངས་པའི་བདུད་དང༌། ཡིད་ཀྱི་ཐིག་ལེའི་སྒྲིབ་པ་ནི་འཆི་བདག་གི་བདུད་དང༌། །བཞི་པའི་ཐིག་ལེའི་སྒྲིབ་པ་ནི་ལྷའི་བུའི་བདུད་དོ། །དེ་དག་ཀྱང་གནས་སྐབས་བཞིའི་མཚན་ཉིད་ཅན་ཡིན་ཞིང༌། སད་པའི་གནས་སྐབས་ཀྱི་སྣོད་བཅུད་དུ་སྣང་བ་ནི། ལུས་ཀྱི་ཆོས་རྣམས་ཕུང་སོགས་ཀྱི་དངོས་པོ་རགས་ཤོས་ཡིན་པའི་ཕྱིར་དང༌། གང་ཉོན་མོངས་མ་རྣམས་ཀྱི་དམིགས་པའི་ཡུལ་ནི། ཡིད་ངོར་སྣང་བའི་ཕུང་སོགས་ཕྲ་བ་ཡིན་ཞིང༌། དེ་ཉིད་རྨི་ལམ་གྱི་གནས་སྐབས་དང་འབྲེལ་བ་དང༌། ཐིག་ལེ་རླུང་གིས་སྐྱོད་པ་ལས་སྣང་བའམ་བརྗོད་འདོད་ཀྱི་རྟོག་པ་དང་འབྲེལ་བའི་ཕྱིར། ཉོན་མོངས་པ་ནི་ངག་གི་ཆོས་སུ་སྦྱོར་བའི་ཕྱིར་དང༌། འདུས་བྱས་སྐྱེ་འཇིག་ཐམས་ཅད་ཀྱང་རྣམ་པར་རྟོག་པའི་སྐྱེ་འཇིག་གི་བྱེད་པ་ཅན་ཡིན་ཞིང༌། ཡིད་ཀྱི་ཐིག་ལེའི་དྲི་མ་ཡང་རྣམ་པར་རྟོག་པ་ཡིན་པས་དང༌། ཚོགས་དྲུག་རགས་པ་འགགས་པ་རྨོངས་པའི་གནས་སྐབས་ནི་གཉིད་འཐུག་པོ་དང་འཆི་བ་ལ་སོགས་པ་གནད་གཅིག་པའི་ཕྱིར་དང༌། བཞི་པ་ཐིག་ལེ་འཕོ་བ་ལ་ཆགས་པ་ནི། དེ་ཐམས་ཅད་ཀྱི་དཔུང་གཉེན་ཡིན་ཞིང༌། འཛག་བདེའི་སྲེད་པ་མངོན་གྱུར་ནི་བདུད་སྡིག་ཏོ་ཅན་གྱི་བྱེད་ལས་དངོས་ཀྱང་ཡིན་པའི་ཕྱིར་རིམ་པ་བཞིན་དུ་སྦྱར་རོ། །བདུད་དེ་ཐམས་ཅད་ཀྱང་རང་གི་སེམས་ཀྱི་དྲི་མ་ཡིན་ཞིང༌། སྤང་བར་བྱ་རྒྱུ་བདེན་པའི་དངོས་པོ་ཅན་དུ་མེད་དེ། སེམས་འཁྲུལ་པའི་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །དེ་ཡང་


TNT02_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པའི་མཐར། བདུད་བཞི་དངོས་རྣམས་བཅོམ་པ་ཡིན་ལ། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སྔ་ལོགས་སུ་བདུད་བཞིའི་ཆར་གཏོགས་ཐམས་ཅད་ཀྱང་བཅོམ་པ་ཡིན་ཏེ། གང་འདིའི་འཁྲུལ་པའི་ཆ་ཤས་ཐམས་ཅད་ཡོངས་སུ་སངས་པ་ནི་བཅོམ་པའོ། །དེ་ལྟར་སྐལ་ལྡན་དང་བཅོམ་ལྡན་གྱི་ཡོན་ཏན་གང་ལ་མངའ་བ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེས་བཀའ་སྩལ་པ་ནི། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་བཟུང་ཞིག་དང༌། ཞེས་པའི་ཚུལ་གྱི་སྣོད་ཀྱི་སྐྱོན་གསུམ་སྤངས་ནས་ཉན་པར་གདམས་པའོ། །དེ་ཡང་ཀྱཻ་ཟླ་བ་བཟང་པོ་ཞེས་ཞུ་བ་པོ་ཉིད་ཡིན་པའི་ཕྱིར་ན། དངོས་སུ་ཟླ་བཟང་ཁོ་ན་སྨོས་ཀྱང༌། ཤུགས་ལ་འཁོར་ཐམས་ཅད་ལ་ཉན་པར་གདམས་པའོ། །དེ་ལྟར་ཉན་པར་གདམས་ནས། མདོར་བསྟན་པའི་སྒོ་ནས་ཁྱོད་ལ་བཤད་པར་བྱའོ་ཞེས་བཤད་པར་ཞལ་གྱི་བཞེས་པའོ། །གང་ཞིག་བཤད་པར་བྱ་བ་ནི། བྱིས་འཇུག་གི་དབང་བདུན་དང༌། དབང་གོང་མ་ལས་འཇིག་རྟེན་པ་གསུམ་དང༌། མཆོག་སྟེ་འཇིག་རྟེན་ལས་འདས་པ་བཞི་པ་སྟེ། དབང་བཅུ་གཅིག་པོ་རྣམས་ཀྱི་དོན་བཤད་པར་བྱའོ། །ཞེས་པ་ཡིན་ལ། རྩ་ཡི་ཀུན་སྤྱོད་རྩོལ་བ་ནི་ཞེས་པ་ལ། རྩ་ནི་རྩ་དྲུག་དང༌། འཁོར་ལོ་དྲུག་ལ་སོགས་པ་སྟེ། གང་ལས་བྱང་ཆུབ་ཀྱི་སེམས་འབབ་པའི་རྩ་དང་རླུང་རྣམས་སོ། །དེ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི། བྱ་བ་དང་བྱེད་པའི་དངོས་པོ་སྟེ། རྩ་རྣམས་སུ་རླུང་དང་ཐིག་ལེ་རྒྱུ་ཞིང་སྤྱོད་པའི་ཚུལ་གཞི་ལམ་གྱིས་བསྡུས་པ་དང༌། རྣམ་པར་དག་ཚུལ་འབྲས་བུས་བསྡུས་པ་རྣམས་སོ། །རྩོལ་བའི་སྐད་དོད། ཨཱ་ཡ་མ་ནི་འགོག་པ་ལ་འཇུག་སྟེ། རྩ་དེ་རྣམས་སུ་ཀུན་ཏུ་སྤྱོད་པ་འགོག་པའོ་འདིར་རྩོལ་བ་ནི། སྲོག་རྩོལ་གྱི་ཡན་ལག་གི་རྩོལ་བ་ལ་བྱེད་པ་ནི་མི་ལེགས་ཏེ། ཡན་ལག་དེ་དབང་བཞི་པའི་དོན་དངོས་མ་ཡིན་པའི་ཕྱིར་རོ། །དེས་ན་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས།


TNT02_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་དང་པོ་ནས་བརྩམས་ཏེ། མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི་བར་དུ། ལས་རླུང་འགག་བཞིན་པ་དང༌། འགགས་ཟིན་པ་མངོན་དུ་གྱུར་པའི་ཡེ་ཤེས་རྣམས་བསྟན་པ་ཡིན་ནོ། །སྐབས་འདིར་མཁས་པ་ཁ་ཅིག །རྣམ་པ་བདུན་དང་རྣམ་གསུམ་མཆོག་ནི། ཞུས་པའི་ལན་ཡིན་ལ། རྩའི་ཀུན་སྤྱོད་རྩོལ་བ་ནི་མ་ཞུས་པར་གསུངས་པའོ། །ཞེས་གསུངས་པ་ནི་མི་ལེགས་ཏེ། དེ་ནི་ཞུས་པའི་དོན་གྱི་གཙོ་བོ་དབང་བཞི་པའི་ཡེ་ཤེས་ཀྱི་སྒྲུབ་པ་ཡིན་པའི་ཕྱིར་རོ། །ཚིགས་སུ་བཅད་པ་འདི་དག་གིས་སྟོན་པ་བཅོམ་ལྡན་འདས་དང་ཞུ་བ་པོ་ཟླ་བ་བཟང་པོ་དང༌། ཆོས་དབང་བཞི་པའི་ཡེ་ཤེས་ངེས་པའི་དོན་རྣམས་དངོས་སུ་བསྟན་ཞིང༌། གནས་དང་འཁོར་ཕུན་སུམ་ཚོགས་པའང་ཤུགས་ལ་བསྟན་པ། དེའི་ཕྱིར་གླེང་གཞིའི་ཚུལ་དུ་བཤད་དགོས་སོ། །སྙམ་ན། རྒྱུད་འདི་ནི་རྒྱུད་རྒྱས་པའི་བར་སྐབས་ནས་ཕྱུང་བ་ཡིན་པའི་ཕྱིར། ཚིགས་བཅད་འདི་དག་གླེང་གཞི་ནྀ་མ་ཡིན་ལ། ཕུན་སུམ་ཚོགས་པ་ལྔ་དང་སྦྱར་བ་ནི་སྤྲོས་ཏེ་བཤད་པ་ཡིན་མོད་ཀྱང་དེ་ལྟར་འཆད་པ་མི་འགལ་ལོ། །རྩ་བའི་རྒྱུད་ལས། སྟོན་པས་བྱ་སྟེ་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་སྟོན་དཔལ་ལྡན་འབྲས་སྤུངས་ཏུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །གང་ལ་གནས་ནས་སྟོན་པ་ནི། །སུ་ཡིས་རྒྱུད་བསྟན་ཅི་ཞིག་བསྟན། །གནས་ནི་གང་དུ་འཇིག་རྟེན་པའི། །འཁོར་ནི་སུ་ཡི་རྒྱུ་ཅི་ཡིས། །བྱ་རྒོད་ཕུང་པོའི་རི་ཆེན་པོ། །ཐཻག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །བྱང་ཆུབ་སེམས་དཔའ་སོགས་རྣམས་ཀྱིས། །ཐབས་ཅིག་དེ་བཞིན་གཤེགས་པ་བཞུགས། །ནམ་མཁའ་བེམ་མིན་ཤིན་ཏུ་དྭངས། །གོ་སྐབས་མེད་པར་རབ་ཏུ་གསལ། །སྣ་ཚོགས་རྡོ་རྗེའི་ཁང་པ་གནས། །ཆོས་ཀྱི་དབྱིངས་དང་ཡིད་འོང་པར། །རྒྱུད་བསྟན་སྐྱེས་བུ་རྣམས་ཀྱི་ནི། །


TNT02_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཡེ་ཤེས་དགོས་པའོ། །ཨེ་ཡིག་ནམ་མཁའི་སྣང་བ་ཆེ། །ཆོས་ཀྱི་དབྱིངས་སུ་རབ་ཏུ་གྲགས། །ཝཾ་ཡིག་བདེ་བར་གཤེགས་པའི་ཚོགས། །ཨེ་ཡིག་རྣམ་པར་ཡང་དག་གནས། །ཞེས་གསུངས་ཏེ། འདིའི་ཚིག་བཅད་དང་པོའི་དོན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་གསང་སྔགས་བསྟན་ཏོ་ཞེས་དུས་སྔ་ཕྱིར་འཆད་པ་དོན་མིན་ལ། བྱ་རྒོད་ཕུང་པོར་ཤེས་རབ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་གསུངས་པ་བཞིན་དུ། དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་དབྱིངས་ཀྱི་གནས་སུ་ཡང༌། གསང་སྔགས་ཀྱི་རྒྱུད་གསུངས་པ་རྣམས་ཕུན་སུམ་ཚོགས་པ་ལྔ་དང་ལྡན་ནོ་ཞེས་དཔེ་དོན་དུ་སྦྱར་བ་ཡིན་ནོ། །གང་ལ་གནས་པ་དང༌། གནས་གང་དུ་ཞེས་གནས་ཕུན་སུམ་ཚོགས་པའི་དབྱེ་བ་གཉིས་འབྱུང་བ་ནི། སེམས་ཅན་སྤྱི་མཐུན་གྱི་སྣང་བ་དང༌། དག་པའི་འཁོར་རྣམས་ཀྱི་སྣང་ངོའི་དབང་དུ་བྱས་པ་སྟེ། འབྲས་སྤུངས་ཀྱི་མཆོད་རྟེན་ལ་གནས་ནས། ཨེ་ཡིག་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་རང་བཞིན་གཞལ་མེད་ཁང་གི་དབུས་ན་སེང་གེའི་ཁྲིའི་གནས་སུའོ། །སྟོན་པ་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་སྟེ། འདི་ལ་ཁ་ཅིག་ཆགས་བྲལ་རབ་ཏུ་བྱུང་བའི་རྣམ་པ་ཁོ་ནས་སོ། །ཞེས་སྨྲ་བ་ནི་སྙིང་པོ་མེད་ཅིང༌། སྐུ་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར། འགའ་ཞིག་ལ་དེ་ལྟར་སྣང་བ་མི་འགལ་མོད་ཀྱི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་གཙོ་བོར་ཡང་ནས་ཡང་དུ་གསུངས་པའི་ཕྱིར། གཙོ་བོར་འཁོར་ལོའི་དབང་ཕྱུག་གི་རྣམ་པ་ཉིད་དོ། །དེ་ལྟ་བུའི་སྟོན་པ་ནི་ཝཾ་ཡིག་བདེ་བ་ཆེན་པོ་ཡིན་པས། ཆོས་ནི་ཨེ་ཡིག་ལ་ཝཾ་ཡིག་གནས་པའི་དོན་བདེ་སྟོང་ཟུང་འཇུག་གི་རྒྱུད་བསྟན་པ་ཡིན་ཞིང༌། བསྡུད་པ་པོ་ནི་ཕྱག་ན་རྡོ་རྗེ་སྟེ། ཐབས་ཀྱི་ཕྱོགས་ལས་ཐུགས་ཀྱི་སེམས་དཔའོ། །འཁོར་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་ལྷ་མོའི་དཀྱིལ་འཁོར་པ་དང་ལྷའི་མཆོག་དང་ཀླུ་སོགས་ཁམས་གསུམ་གྱི་བདག་པོ་རྣམས་དང་ཐབས་ཅིག་པའོ། །དགོས་པ་ནི་སྐྱེ་དགུ་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་བླ་ན་


TNT02_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་བྱང་ཆུབ་ཐོབ་པའི་སླད་དུའོ། །ཞེས་པའི་དོན་ནོ། །དེ་ལྟར་ན་ཞུས་པ་དང་བཤད་པར་ཞལ་གྱི་བཞེས་པའི་ཚིག་བཅད་གཉིས་པོ་འདི་དག་ལ་འགྲེལ་ཆེན་དོན་དམ་བསྡུས་པར། སྤྲོས་པའི་བཤད་པ་དུ་མ་མཛད་ཏེ། སྤྲོ་ན་དེ་ཉིད་དུ་བལྟ་བར་བྱའོ། །གསུམ་པ་ལ། རྒྱུད་དོན་ཕྱིན་ཅི་མ་ལོག་པ་རྟོགས་པའི་ཐབས་བཤད། དབང་རྣམ་པ་བཅུ་གཅིག་གི་དག་དབྱེ་མདོར་བསྟན། མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་རྒྱས་པར་བཤད་པའོ། །དང་པོ་ལ། རྒྱུད་དོན་ཚང་ལ་མ་ནོར་བར་སྟོན་པའི་རྗོད་བྱེད་ངོས་བཟུང༌། ཕྱིན་ཅི་མ་ལོག་པའི་ངེས་དོན་བརྗོད་བྱར་བསྟན། བརྗོད་བྱ་རྗོད་བྱེད་གཉིས་འདུས་ཀྱི་རིམ་པ་བསྟན་པའོ། །དང་པོ་ནི། རྒྱུད་དུ་མདོར་བསྟན་རྣམ་གསུམ་དང༌། རྒྱས་པར་བཤད་པ་རྣམ་གསུམ་འགྱུར། །རབ་ཏུ་མདོར་བསྟན་མདོར་བསྟན་ཆེ། །རབ་ཏུ་རྒྱས་པར་བཤད་པ་གཞན། །མདོར་བསྟན་རྒྱས་པར་བཤད་པ་ཉིད། །རྒྱུད་དོན་ཡང་དག་བསྡུས་པར་བརྗོད། །རབ་ཏུ་མདོར་བསྟན་རྒྱས་བཤད་པ། །དཀའ་འགྲེལ་ཚིག་ནི་འབྱེད་པའོ། །མདོར་བསྟན་ཆེན་པོ་རྒྱས་བཤད་པ། །རྒྱས་འགྲེལ་ཐམས་ཅད་དོན་སྟོན་བྱེད། །དེ་ནི་མངོན་ཤེས་ཐོབ་རྣམས་ཀྱིས། །བྱ་ཡི་མཁས་རྣམས་ཀྱིས་མིན་ཉིད། །དེ་ལྟར་མཐའ་དྲུག་རྣམས་ཀྱིས་དག །ཅེས་གསུངས་ཏེ་ཚིག་བཅད་འདི་དག་གི་དོན་ལ། དུས་འཁོར་ཞབས་ཀྱི་མཛད་པར་གྲགས་པའི་འགྲེལ་བ་འགྱུར་རྙིང་ལས། མདོར་བསྟན་ཨེ་ཝཾ་གི་ཡི་གེ་ལ་བཤད་པ་སོགས་དང༌། འགའ་ཞིག་རྒྱུད་ཉིད་ཀྱི་མདོར་བསྟན་རྒྱས་བཤད་སོགས་ཡིན་ནམ་སྙམ་དུ་སེམས་པ་ནི། དེ་ནི་མངོན་ཤེས་ཐོབ་རྣམས་ཀྱིས། །བྱ་ཡི་མཁས་རྣམས་ཀྱིས་མིན་ཉིད། །ཅེས་གསུངས་པས། མངོན་ཤེས་མེད་པའི་མཁས་པས་རྒྱུད་རྩོམ་པའི་དོགས་པ་མེད་པའི་ཕྱིར། ཤིན་ཏུ་མི་འབྲེལ་ལོ། །དེ་ལྟར་ན་བསྡུས་པའི་རྒྱུད་དང་འབྲེལ་བ་ལ། མདོར་བསྟན་ལ་སོགས་པ་རྣམ་པ་གསུམ་དང༌། རྩ་རྒྱུད་དང་འབྲེལ་བ་ལ་རྒྱས་བཤད་ལ་སོགས་པ་གསུམ་དུ་འགྱུར་ཏེ།


TNT02_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པོ་དེ་དག་ཀྱང་གང་ཞེ་ན། མདོར་བསྟན་ཞེས་པའི་མིང་དངོས་སུ་སྨོས་པའི་ཤུགས་ལ། རབ་ཏུ་མདོར་བསྟན་དང་མདོར་བསྟན་ཆེན་པོ་སྟེ། བསྡུས་རྒྱུད་ཀྱི་ཕྱོགས་ལ་གསུམ་དང༌། རྒྱས་བཤད་དངོས་སུ་སྨོས་པའི་ཤུགས་ལ། རབ་ཏུ་རྒྱས་བཤད་དང༌། གཞན་ཞེས་པ་རྒྱས་བཤད་ཆེན་པོ་སྟེ། རྩ་རྒྱུད་ཀྱི་ཕྱོགས་ལ་གསུམ་མོ། །དེ་ལ་དོན་དམ་བསྡུས་པ་ལ་སོགས་པ་འབྲེལ་བ་རྣམས་ཀྱི་དགོངས་པ་དང༌། བོད་ཀྱི་མཁས་པ་ཕྱི་མ་ཕལ་ཆེར་འདི་སྐད་ཅེས། མདོར་བསྟན་ནི་བསྡུས་པའི་རྒྱུད་དེ། གསང་འདུས་ལེའུ་བཅུ་བདུན་པ་དང༌། བདེ་མཆོག་ཉུང་ངུ་དང༌། དགྱེས་རྡོར་བརྟག་གཉིས་ལ་སོགས་པ་ཡིན་ལ། རབ་ཏུ་མདོར་བསྟན་ནི་དེ་དག་གི་དཀའ་འགྲེལ་བྱང་ཆུབ་སེམས་དཔའ་འཕགས་པས་མཛད་པ་དང༌། མདོར་བསྟན་ཆེན་པོ་ནི། རྒྱས་འགྲེལ་བྱང་ཆུབ་སེམས་དཔའ་འཕགས་པས་མཛད་པའོ། །རྒྱས་བཤད་ནི་གསང་འདུས་ཉི་ཁྲི་ལྔ་སྟོང་པ་དང༌། བདེ་མཆོག་འབུམ་པ་དང༌། དགྱེས་རྡོར་འབུམ་ལྔ་ལ་སོགས་པ་ཡིན་ལ། རབ་ཏུ་རྒྱས་བཤད་ནི་དེ་རྣམས་ཀྱི་དཀའ་འགྲེལ་འཕགས་པས་མཛད་པ་དང༌། འགྲེལ་བཤད་ཆེན་པོ་ནི་དེ་རྣམས་ཀྱི་རྒྱས་འགྲེལ་འཕགས་པས་མཛད་པ་སྟེ། དེས་ན་པདྨ་དཀར་པོའི་དྲི་མེད་འོད་ལྟ་བུ་ནི། མདོར་བསྟན་ཆེན་པོ་དང་ཟླ་བ་བཟང་པོས་མཛད་པའི་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་ལྟ་བུ་ནི། རྒྱས་བཤད་ཆེན་པོའོ། །མདོར་བསྟན་རྒྱས་པར་བཤད་པ་ཉིད་རྒྱུད་ཡང་དག་པར་བསྡུས་པར་བརྗོད། ཅེས་སྟོན་ཏེ། མདོར་བསྟན་རྒྱས་བཤད་གཉིས་ཀྱིས་ནི། བཤད་བྱ་རྒྱུད་རྣམས་ཡང་དག་པར་བསྡུས་པ་ཡིན་ལ། རབ་ཏུ་མདོར་བསྟན་དང༌། རབ་ཏུ་རྒྱས་པར་བཤད་པ་གཉིས་ནི་རྒྱུད་དེ་དག་གི་དཀའ་འགྲེལ་ཏེ། ཚིག་དོན་གསལ་བར་བྱེད་པ་ཡིན་ལ། མདོར་བསྡུས་ཆེན་པོ་དང༌། རྒྱས་བཤད་ཆེན་པོ་ནི། དེ་གཉིས་ཀྱི་འགྲེལ་ཆེན་ཏེ་རྒྱུད་ཀྱི་ཚིག་དོན་ཐམས་ཅད་ཞིབ་མོར་སྟོན་པའོ། །དེ་ལྟར་དྲུག་ལས་དཀའ་འགྲེལ་གཉིས་དང༌། རྒྱས་འགྲེལ་གཉིས་པོ་དེ་ནི།


TNT02_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པའི་ལམ་ལ་མངོན་ཤེས་ཐོབ་པ་རྣམས་ཀྱི་བྱ་ཡི། མཁས་པ་པཎྜི་ཏ་ཕལ་པ་རྣམས་ཀྱིས་བྱ་བ་ནི་མ་ཡིན་ནོ། །ཞེས་འཆད་ཅིང་དེ་དག་ལས་མཁས་པ་ཁ་ཅིག་ནི། དེ་ལྟ་བུའི་མཐའ་དྲུག་ཀྱང་མཐའ་གསུམ་དུ་འདུས་ཏེ། རྒྱུད་དང་དཀའ་འགྲེལ་དང་རྒྱས་འགྲེལ་གསུམ་མོ། །ཞེས་པ་དང༌། མཐའ་དྲུག་ཅེས་པའི་མཐའི་དོན་ནི། རྣམ་བཤད་རིག་པ་ལས། མཐའ་ནི་ཟད་དང་འཇུག་ཆ་དང༌། །ཉེ་དང་ཕྱོགས་དང་སྨད་པ་ལ། །ཞེས་གསུངས་པས། རྒྱུད་དོན་གྱི་ཆ་ཤས་ཡོངས་སུ་རྫོགས་པར་འགྲེལ་པའི་དོན་ནོ་ཞེས་འཆད་པ་དང༌། ཡང་མཁས་པ་ཁ་ཅིག་རྒྱུད་དོན་ཐམས་ཅད་དྲུག་པོ་འདིར་ཟད་པ་དང༌། རྒྱུད་འགྲེལ་གྱི་ཆ་ཤས་ལ་དབྱེ་ན་དྲུག་ཡོད་པའི་དོན་ཡིན་ནོ། །ཞེས་ཀྱང་གསུང་ངོ༌། །འོན་ཀྱང་བདག་གི་རྣམ་པར་རྟོག་པ་ནི་འདི་ཡིན་ཏེ། དེ་ནི་ཞེས་པའི་ཚིག་དེ་ཉེ་བ་ལ་སྦྱོར་ན། རྒྱས་འགྲེལ་ཁོ་ན་ལ་བྱེད་དགོས་པར་འགྱུར་ཞིང༌། ཉེ་བ་ལ་མི་སྦྱོར་ན་དྲུག་ཀ་ལ་འཇུག་སྟེ། དང་པོ་གཉིས་ངེས་པར་འབོད་དགོས་ལ། བར་བ་གཉིས་ལ་ངེས་པར་འཇུག་པའི་དངོས་ཤུགས་ཀྱི་ནུས་པ་གང་ཡང་བཤད་དུ་མེད་པའི་ཕྱིར་རོ། །དེས་ན་དཀྱུས་སུ་བྲིས་པའི་འགྱུར་ལ། རྒྱུད་དོན་ཡང་དག་བསྡུས་པར་བརྗོད། །ཅེས་པ་དང༌། འབྲོ་འགྱུར་ལས་ཀྱང༌། རྒྱུད་ཀྱི་བསྡུས་པ་བརྗོད་པ་ཡིན། །ཞེས་འབྱུང་བ་ལྟར་ལེགས་ཏེ། འདིའི་རྒྱ་སྐད་ལས། ཏནྟྲ་ས་གཱི་ཏི་རུ་ཙེ་ཏེ་ཞེས་འབྱུང་བས། རྒྱུད་ཀྱི་དོན་འགྲེལ་ལམ་དོན་བསྡུས་དཔལ་དོན་དམ་བསྙེན་པ་ལྟ་བུ་ཡིན་པར་གསལ་ལོ། །འགྲེལ་བཤད་ཐམས་ཅད་དོན་སྟོན་བྱེད། །ཅེས་པ་ནི་འགྲེལ་བཤད་དོན་ཀུན་སྟོན་བྱེད་པའོ། །ཞེས་བཅོས་ན་བདེའོ། །དེས་ན་བསྡུས་རྒྱུད་དང་རྩ་རྒྱུད་སོ་སོ་ལ་སྦྱར་ཏེ། ཚིག་ལ་འབྲུ་བཤད་མ་བྱས་པར། དོན་གྱི་སྙིང་པོ་གསལ་བར་འགྲེལ་པ་ནི། མདོར་བསྟན་རྒྱས་བཤད་དང་ཚིག་དོན་མ་ནོར་བར་བཀྲལ་ཕྱིན་དོན་མི་འགྲེལ་


TNT02_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་སྲིད་པས། དོན་འགྲེལ་པའི་སྟེང་དུ་ཚིག་ཀྱང་གསལ་བར་འབྱེད་པ། རབ་ཏུ་བསྟན་བཤད་དང༌། རྒྱུད་དེ་ཉིད་ཀྱི་ཚིག་དོན་དངོས་འགྲེལ་པར་མ་ཟད། ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་ནི། བསྟན་བཤད་ཆེན་པོའོ། །དེ་ལྟར་ན་མཐའ་དྲུག་པོ་དེ་དག་གང་ཡང་རུང་བ་ཅིག་གིས། རྒྱུད་ཀྱི་རྡོ་རྗེའི་ཚིག་གི་དོན་རྣམ་པར་དག་པ་ཕྱིན་ཅི་མ་ལོག་པ་རྟོགས་པར་ནུས་སོ། །འོ་ན་དོན་འགྲེལ་དང༌། དཀའ་འགྲེལ་དང༌། འགྲེལ་ཆེན་མཁས་པ་ཅི་རུང་རུང་གིས་སྦྱར་བ་ལ་བསྟེན་ནས། རྒྱུད་དོན་ཡང་དག་པར་རྟོགས་སམ་ཞེ་ན། མ་ཡིན་ཏེ་དེ་ནི་མངོན་ཤེས་ཞེས་སོགས་དང་སྦྲེལ་ལོ། །དེ་ཡང་མདོར་བསྟན་གྱི་མཐའ་དང༌། རབ་ཏུ་མདོར་བསྟན་གྱི་མཐའ་ལ་སོགས་པ་ནི། མངོན་ཤེས་ལྔ་ཐོབ་པ་རྣམས་ཀྱིས་སྦྱར་བ་ཁོ་ནའི་མིང་ཡིན་ཞིང༌། སོ་སོ་སྐྱེ་བོས་སྦྱར་བ་ལ་མཐའ་དྲུག་གི་ཐ་སྙད་མི་འཇོག་པས། རྒྱུད་དོན་བསྡུས་པ་དང༌། དཀའ་འགྲེལ་ཚིག་འབྱེད་དང༌། རྒྱས་འགྲེལ་དོན་ཀུན་སྟོན་བྱེད་དེ་ནི་འཕགས་པས་བྱ་ཡི། མཁས་པས་མངོན་པའི་ང་རྒྱལ་གྱིས་མ་ཡིན་ནོ། །ཞེས་སྦྱར་དགོས་ཀྱི། མདོར་བསྟན་སོགས་མཐའ་དྲུག་པོ་སོ་སོ་སྐྱེ་བོས་མི་བྱ་ཞེས་མི་སྦྱོར་ཏེ། ཉེས་བྱས་པའི་དེ་འདྲ་མི་སྲིད་པའི་ཕྱིར་རོ། །སྐབས་འདིར་མངོན་པར་ཤེས་པ་ལྔ་པས་ཆོག་གམ། དྲུག་པ་དགོས་ཞེ་ན། སེམས་འགྲེལ་སྐོར་གསུམ་ལས་མངོན་ཤེས་ལྔར་གསུངས་པ་མང་བའི་ཕྱིར། མངོན་ཤེས་ལྔ་པ་ཡན་ཆད་ཀྱིས་རྒྱུད་འགྲེལ་བྱར་རུང་ལ། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས། ས་བརྒྱད་པ་མངོན་ཤེས་ལྔ་པ་ཅན་དུ་བཤད་ཅིང༌། དེའི་ཤུགས་ལས་ས་བཅུ་གཉིས་པ་མངོན་ཤེས་དྲུག་པའོ། །འདིའི་ས་བཅུ་གཉིས་ཀྱང་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་ཡིན་ཏེ། དེ་ལྟར་ན་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་ལས་བྱུང་བའི། མངོན་ཤེས་ལྔ་དང་ལྡན་པས་རྒྱུད་དོན་རང་སྟོབས་སུ་འགྲེལ་ནུས་པ་ཡིན་ལ། དེ་བས་ཀྱང་ནང་ཚན་དུ་གོང་མ་གོང་མར་གྱུར་པ་དག །


TNT02_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་བཟང་བའི་ཕྱིར། སེམས་འགྲེལ་སྐོར་གསུམ་ལྟ་བུ་ནི་རྒྱུད་ཀྱི་དགོངས་འགྲེལ་མཐར་ཐུག་པ་ཡིན་ནོ། །ས་བརྒྱད་པ་ནི་མགྲིན་པའི་འཁོར་ལོ་མི་འགྱུར་བའི་བདེ་བས་དག་པ་སྟེ། དེའི་ཕྱིར་རྡོ་རྗེའི་ཚིག་གི་དོན་མ་ནོར་བར་འབྱེད་པ་ལ་དགོངས་སོ། །དེས་ན་རྒྱུད་ཀྱི་འགྲེལ་པ་རིགས་གསུམ་མངོན་ཤེས་ལྔ་ཐོབ་པ་རྣམས་ཀྱིས་བྱས་ན་མ་ནོར་བ་ཁོ་ནར་འབྱུང་བས་རང་གཞན་ལ་ཕན་པའི་ཕྱིར་བྱ་ཡི། གཞན་སོ་སོ་སྐྱེ་བོ་མཁས་ཀྱང་རུང༌། རང་སྟོབས་ཀྱིས་སྦྱར་ན་རྒྱུད་དོན་ལོག་པར་བཀྲལ་བའི་ཉེས་པས་རང་བཞིན་གཉིས་ཀ་ལ་གནོད་པའི་ཕྱིར་མི་བྱའོ། །ཡང་ཁ་ཅིག །རྒྱུད་དང་མགོ་སྙོམས་པའི་འགྲེལ་པ་མི་བྱ་ཞེས་སོགས་སྨྲ་བ་ནི་ཅལ་ཅོལ་ཏེ། སོ་སོ་སྐྱེ་བོས་དེ་འདྲ་བྱེད་པ་མི་སྲིད་པའི་ཕྱིར་དང༌། སེམས་འགྲེལ་རྣམས་ཀྱང་རྒྱུད་དང་མགོ་སྙོམས་པ་རང་ནི་མ་ཡིན་པའི་ཕྱིར་རོ། །ཡང་འདི་སྙམ་དུ། འོ་ན་ཏིང་ངེ་འཛིན་གྱི་ས་བརྒྱད་པ་དེ། སོ་སོ་སྐྱེ་བོའི་གནས་པ་མ་ཡིན་ནམ་སྙམ་ན། འདི་ནི་འཕགས་པའི་ས་ལ་ཤིན་ཏུ་ཉེ་བའི་ཕྱིར་དང༌། སྤྱིར་ཡང་ཐེག་ཆེན་སྦྱོར་ལམ་པ་ནི། ཐེག་ཆེན་རང་ལམ་གྱི་སོ་སོ་སྐྱེ་བོའི་ས་ལ་གནས་པ་ཡིན་ཀྱང༌། ཉན་རང་གི་འཕགས་པ་ལས་ཆེས་ལྷག་པའི་ཡོན་ཏན་མངའ་བའི་ཕྱིར། སྤྱི་ལྡོག་ནས་འཕགས་པའི་ཕྱོགས་སུ་བསྡུ་བའི་སྐབས་མང་དུ་ཡོད་པ་བཞིན་ནོ། །དེ་ལ་མངོན་ཤེས་ལྔ་ནི། ལྷའི་མིག་དང༌། ལྷའི་རྣ་བ་དང༌། གཞན་སེམས་ཤེས་པ་དང༌། སྔིན་གྱི་གནས་རྗེས་སུ་དྲན་པ་དང༌། རྫུ་འཕྲུལ་གྱི་མངོན་ཤེས་སོ། །མཐའ་དྲུག་ལ། དྲང་དོན་དང༌། ངེས་དོན་དང༌། དགོངས་པ་ཅན་དང༌། དགོངས་མིན་དང༌། སྒྲ་ཇི་བཞིན་དང༌། སྒྲ་ཇི་བཞིན་མ་ཡིན་པ་སྟེ་དྲུག་ཏུ་བཤད་པའང་ཡོད་པ། སྤྱིར་རྒྱུད་དོན་མཐའ་དྲུག་པོ་དེ་དག་གིས་ཀྱང་བཤད་དགོས་མོད་ཀྱི། སྐབས་འདིའི་མཐའ་དྲུག་ནི། ཥཏ་ཀོ་ཊི་ཞེས་འབྱུང་བས། གནས་དྲུག་ཅེས་པ་སྟེ། གཞུང་གི་བརྗོད་བྱའི་དོན་གྱི་གནས་ཏེ། བརྗོད་དོན་འཛིན་པའི་གཞིའི་དོན་ནོ། །


TNT02_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གིས་ནི་བརྗོད་བྱེད་མཐའ་དྲུག་ལ་བསྟེན་ན་རྒྱུད་དོན་ཕྱིན་ཅི་མ་ལོག་པར་རྟོགས་པར་འགྱུར་བས། དབང་རྣམ་པ་བཅུ་གཅིག་གི་དོན་རྟོགས་པའི་ཐབས་ཀྱི་སྒོ་དང་པོ་བསྟན་པ་ཡིན་ནོ། །གཉིས་པ་ནི། རྡོ་རྗེའི་རྣམ་འབྱོར་རྣམ་བཞི་དང༌། །རྫོགས་པའི་བྱང་ཆུབ་བཞི་རྣམས་དང༌། །ཕུང་ཁམས་སྐྱེ་མཆེད་རིགས་དྲུག་རྣམས། །ཞེས་པ་སྟེ། རྡོ་རྗེ་འཛིན་ཆེན་པོ་དེ་བཞིན་གཤེགས་པའི་ལམ་རྣམ་པར་དག་པའི་དོན་གྱི་ཕྱག་རྒྱ་ནི་འདི་དག་ཡིན་ཏེ། དཔེར་ན་མི་རྟག་སྡུག་བསྔལ་བདག་མེད་གསུམ་ནི། དེ་བཞིན་གཤེགས་པས་བསྟན་པའི་ཕྱག་རྒྱ་ཡིན་པ་བཞིན་ནོ། །དེ་ལ་རྡོ་རྗེའི་རྣལ་འབྱོར་རྣམ་པ་བཞི་ནི། སྐུ་རྡོ་རྗེ་དབྱིབས་གྱི་རྣལ་འབྱོར་དང༌། གསུང་རྡོ་རྗེ་སྔགས་ཀྱི་རྣལ་འབྱོར་དང༌། ཐུགས་རྡོ་རྗེ་ཆོས་ཀྱི་རྣམ་འབྱོར་དང༌། ཡེ་ཤེས་རྡོ་རྗེ་དག་པའི་རྣལ་འབྱོར་རོ། །དེ་དག་ཀྱང་སྟོང་པ་ཉིད་ཀྱི་ཕྱོགས་ནས། རྣམ་པར་ཐར་པའི་སྒོ་བཞི་དང༌། སྙིང་རྗེ་ཆེན་པོའི་ཕྱོགས་ནས་ཚད་མེད་པ་བཞི་དང་ཡང་སྦྱར་བར་བྱ་སྟེ། དབྱིབས་ཀྱི་རྣལ་འབྱོར་འདུས་མ་བྱས་པ། སྔགས་ཀྱི་རྣལ་འབྱོར་སྨོན་པ་མེད་པ། ཆོས་ཀྱི་རྣལ་འབྱོར་མཚན་མ་མེད་པ། དག་པའི་རྣལ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །དེ་བཞིན་དུ་དབྱིབས་བཏང་སྙོམས། སྔགས་དགའ་བ། ཆོས་བྱམས་པ། དག་པའི་རྣལ་འབྱོར་སྙིང་རྗེ་ཚད་མེད་དོ། །དེ་ལྟར་ན་རྡོ་རྗེའི་རྣལ་འབྱོར་རྣམ་པ་བཞི་ལམ་དང་འབྲས་བུས་བསྡུས་པ་ཐམས་ཅད་ཀྱང༌། སྟོང་ཉིད་སྙིང་རྗེའི་བདག་ཉིད་དང༌། བདེ་སྟོང་གཉིས་སུ་མེད་པའི་རང་བཞིན་ཉིད་དོ། །དེ་ལ་དབྱིབས་ནི་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་རང་བཞིན་ཏེ། ལམ་དུས་ན་སོར་བསམ་གྱི་ཡན་ལག་དང༌། འབྲས་དུས་ན་སྤྲུལ་པའི་སྐུའོ། །སྔགས་ཀྱི་རྣལ་འབྱོར་ནི་ངག་རླུང་གཞོམ་མེད་ཀྱི་སྒྲར་འགོག་པ་སྟེ། ལམ་དུས་ན་སྲོག་འཛིན་གྱི་ཡན་ལག་དང༌། འབྲས་དུས་ན་ལོངས་སྤྱོད་རྫོགས་སྐུའོ། །ཆོས་ཀྱི་རྣལ་འབྱོར་ནི། སྟོང་ཉིད་ལ་དམིགས་པའི་ཡེ་ཤེས་ཏེ།


TNT02_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུས་ན་སྟོང་ཉིད་ལ་ཞུ་བ་དེས་དམིགས་པའི་རྗེས་དྲན་གྱི་ཡན་ལག་དང༌། འབྲས་དུས་ན་ཆོས་སྐུའོ། །དག་པའི་རྣལ་འབྱོར་ནི། མི་འགྱུར་བའི་བདེ་བ་ཆེན་པོ་སྟེ། ལམ་དུས་ན་ཏིང་ངེ་འཛིན་གྱི་ཡན་ལག་དང༌། འབྲས་དུས་ན་ལྷན་ཅིག་སྐྱེས་པའི་སྐུའོ། །དེ་བཞིན་དུ་རྣམ་པར་ཐར་པའི་སྒོ་འདུས་མ་བྱས་ནི། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དངོས་ཉིད་ཡིན་ལ། སྨོན་པ་མེད་པ་ནི། ངག་གི་རང་བཞིན་བརྗོད་བྲལ་དུ་རྟོགས་པ་སྟེ། སྐབས་འདིར་གཞོམ་མེད་ཀྱི་སྒྲ་ཐམས་ཅད་པ་ནི། ཀུན་ཏུ་རྟོག་པའི་རྒྱུ་རླུང་འགགས་པའི་ཕྱིར་རོ། །མཚན་མ་མེད་པ་ནི་ལྷན་ཅིག་སྐྱེས་པའི་བདེ་བ་སྟེ། བདེ་བས་རྣམ་རྟོག་འགགས་པའི་ཕྱིར་དང༌། བདེ་བ་གཅིག་པུ་ཁོ་ན་ལས་གཞན་རྣམ་རྟོག་གི་ཡུལ་སྤྲོས་པའི་མཚན་མ་མི་དམིགས་པའི་ཕྱིར་རོ། །སྟོང་པ་ཉིད་ནི་གཟུགས་བརྙན་དང་བདེ་བ་དབྱེར་མེད་པ་ཟུང་འཇུག་གི་ཡེ་ཤེས་ཏེ། གཟུང་འཛིན་གཉིས་ཆོས་ཐམས་ཅད་ཀྱིས་སྟོངས་པའི་ཕྱིར་རོ། །དེ་བཞིན་དུ་ཁྱད་པར་ཅན་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་བཏང་སྙོམས་དང༌། རོ་རྐྱང་གི་རླུང་འགགས་པ་ནི་བདེ་བ་མི་ཉམས་པར་བྱེད་པའི་ཕྱིར་དགའ་བ་དང་བདེ་བ་སྒྲུབ་པའི་རྣལ་འབྱོར་ནི་བྱམས་པ་དང༌། དཀར་དམར་རླུང་གསུམ་གྱི་སྡུག་བསྔལ་འགོག་པ་ནི་སྙིང་རྗེའོ། །དེ་ལྟར་ཡང་དཔལ་དྲི་མེད་འོད་ལས། ཡེ་ཤེས་སྟོང་ཉིད་ཡེ་ཤེས་ཀྱིས། །ལེགས་དག་རྣམ་དག་འགྱུར་བ་མེད། །སེམས་ནི་མཚན་མེད་ཡེ་ཤེས་ཀྱིས། །ལེགས་དག་གཉིས་མེད་ཆོས་བདག་ཉིད། །ངག་ནི་སྨོན་མེད་ཡེ་ཤེས་ཀྱིས། །དག་པ་གསང་སྔགས་མི་བཟད་སྒྲ། །གང་ཞིག་ལུས་སྔོན་འདུས་མ་བྱས། །ཡེ་ཤེས་ཀྱིས་དག་དྲི་མ་མེད། །དབྱིབས་ཏེ་རྫུ་འཕྲུལ་བགྲོད་པ་ཅན། །ཞེས་གསུངས་ཏེ། གཞིའི་དུས་ཀྱི་རྡོ་རྗེ་བཞི་རྣམ་པར་དག་པའི་ལམ་དང་འབྲས་བུ་ནི་སྟོང་ཕྱོགས་རྣམ་ཐར་བཞི་དངོས་སུ་གསུངས་ལ། དེ་བཞི་དང་སྦྱོར་རྒྱུ་བདེ་བ་ཚད་མེད་བཞི་


TNT02_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དོན་གྱིས་འཕངས་ཤིང༌། དོན་དམ་བསྡུས་པ་ལས་ཀྱང་བཤད་པ་བཞི་ཡིན་ནོ། །དེ་ལྟར་ན་རྡོ་རྗེ་བཞིའི་ལམ་དང་འབྲས་བུ་ནི་དབང་གི་དོན་བདེ་བར་གཤེགས་པའི་ལམ་རྣམ་པར་དག་ཅིང་རྫོགས་པའོ། །རྫོགས་པའི་བྱང་ཆུབ་པ་བཞི་ནི། སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། སྒྱུ་འཕྲུལ་དྲྭ་བས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །སྐད་ཅིག་གཅིག་ནི་ཡེ་ཤེས་རྡོ་རྗེ་དང༌། རྣམ་པ་ལྔ་ནི་ཐུགས་རྡོ་རྗེ་དང༌། རྣམ་པ་ཉི་ཤུ་ནི་གསུང་རྡོ་རྗེ་དང༌། སྒྱུ་འཕྲུལ་དྲྭ་བ་ནི་སྐུ་རྡོ་རྗེའོ། །གནས་ལུགས་རང་བཞིན་བདེ་བ་ཆེན་པོ་གཅིག་པུར་གནས་པ་དང༌། ལམ་བསྒོམས་པས་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པའི་བདེ་བའི་སྐད་ཅིག་རྣམས་རྒྱུན་མི་འཆད་ཅིང་རྣམ་པ་མི་འགྱུར་བ་དང༌། སྐད་ཅིག་རྣམས་ཀྱང་ངོ་བོ་གཅིག་ཏུ་གནས་པའི་ཕྱིར། མི་འགྱུར་བའི་བདེ་བ་སྒྲིབ་བྲལ་དེ་ནི། སྐད་ཅིག་གཅིག་གི་མངོན་པར་རྫོགས་པར་བྱང་ཆུབ་པའོ། །ཆོས་ཉིད་ཁམས་ལྔའི་དྭངས་མ་ཡེ་ཤེས་ལྔའི་རང་བཞིན་དུ་གནས་པའི་ཕྱིར་དང༌། དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་ཞེས་སོགས་ཀྱི་རིམ་པས། ལམ་དུས་སུ་ཡང་ཕུང་པོ་ལྔ་དང་ཁམས་ལྔ་རང་བཞིན་སྟོང་ཉིད་དང་ཞུ་བདེ་ཟུང་འཇུག་ཏུ་དག་པར་བྱེད་པའི་ཕྱིར། རྗེས་དྲན་གྱི་རྣལ་འབྱོར་སོགས་གཏུམ་མོ་ནི། རྣམ་པ་ལྔས་བྱང་ཆུབ་པའོ། །གནས་ལུགས་སྟོང་ཉིད་ཉི་ཤུའི་བདག་ཉིད་ཅན་ཡིན་པ་དང༌། ལམ་སྒོམ་པས་ཀྱང༌། དབང་པོ་ལྔ་དང༌། ཡུལ་ལྔ་དང༌། ལས་དབང་ལྔ་དང༌། བྱ་བ་ལྔ་སྟེ་ཉི་ཤུ་གཏུམ་མོའི་ཡེ་ཤེས་ཀྱི་མེས་བཅོམ་ཤིང་ཞུ་བདེས་བྱིན་གྱིས་བརླབས་པས་དབང་ཡུལ་བྱ་བྱེད་དང་བཅས་པ་རང་བཞིན་སྟོང་པ་ཉིད་དུ་རྟོགས་པར་འགྱུར་བའི་ཕྱིར། གཏུམ་མོའི་སྣང་བའི་སྐུ་གཞོམ་མེད་གྱི་སྒྲ་དང་བཅས་པ་དེ་ནི་རྣམ་པ་ཉི་ཤུས་བྱང་ཆུབ་པའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་དོན་དམ་སྲིད་གསུམ་སྒྱུ་མས་རྣམ་པར་


TNT02_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་པ་ལྟ་བུ་ཡིན་ལ། ལམ་གྱི་དུས་ན་ཡང་སྟོང་པ་ཉིད་ཀྱི་གཟུགས་བརྙན་རབ་འབྱམས་སུ་སྣོད་བཅུད་ཐམས་ཅད་དག་པར་བྱེད་པའི་ཕྱིར་དང༌། སྟོང་གཟུགས་ནི་རྣམ་པར་འཕྲུལ་པ་མཐའ་ཡས་པའི་ཕྱིར། སྒྱུ་འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་པའོ། །གཞན་ཡང་ཆོས་ཉིད་ལྷན་ཅིག་སྐྱེས་པ་དེ་ནི། སྐད་ཅིག་གཉིས་པ་ཕན་ཆད་དུ་འགྱུར་ཞིང་འགྲོ་བ་མེད་པས། ལྷན་ཅིག་སྐྱེས་པའི་སྐུ་ནི་སྐད་ཅིག་གཅིག་པ་དང༌། ཡེ་ཤེས་ལྔའི་རང་བཞིན་ཡིན་པའི་ཕྱིར། ཆོས་སྐུ་ནི་རྣམ་པ་ལྔ་དང༌། དབང་ཡུལ་བྱ་བྱེད་དག་པ་སྟོང་ཉིད་དང༌། ཉི་ཤུའི་བྱེད་ལས་ཀྱི་ཕྱིར། ལོངས་སྐུ་ནི་རྣམ་པ་ཉི་ཤུ་དང༌། སྤྲུལ་པ་སྣ་ཚོགས་པ་སྒྱུ་མ་ལྟ་བུས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར། སྤྲུལ་སྐུ་ནི་སྒྱུ་འཕྲུལ་དྲྭ་བས་བྱང་ཆུབ་པའོ། །དེ་ལྟར་ན་བྱང་ཆུབ་རྣམ་པ་བཞིའི་ལམ་དང་འབྲས་བུ་ཚང་བ་དེ་ནི། རྡོ་རྗེ་འཆང་ཆེན་པོའི་ལམ་རྣམ་པར་དག་པ་ཡིན་པས། བྱང་ཆུབ་རྣམ་པ་བཞིས་ཀྱང༌། རྒྱུད་ཀྱི་དགོངས་དོན་དང་དབང་གི་ཡེ་ཤེས་རྣམ་པར་དག་པ་ཤེས་པར་འགྱུར་རོ་ཞེས་པའོ། །དོན་དམ་བསྡུས་པར་དུ་བ་ལ་སོགས་པའི་མཚན་མ་བཅུ་པོ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང༌། ཆེན་པོའི་ཆེན་པོ་བཞི་བྱང་ཆུབ་བཞི་དང་སྦྱར་བ་ནི། རྡོ་རྗེ་བཞིའི་བསྙེན་སྒྲུབ་ལ་རིམ་པ་བཞིན་དུ་སྦྱར་བ་ལ་དགོངས་སོ། །ཕུང་ཁམས་སྐྱེ་མཆེད་རིགས་དྲུག་རྣམས་ཞེས་པ་ནི་གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཡེ་ཤེས་ཀྱི་ཕུང་པོ་སྟེ། ཕུང་པོ་དྲུག་དང༌། ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་ཁམས་དྲུག་དང༌། ལུས་ལྕེ་མིག་སྣ་རྣ་བ་ཡིད་ཀྱི་དབང་པོ་སྟེ་ནང་གི་སྐྱེ་མཆེད་དྲུག་དང༌། དྲི་གཟུགས་རོ་རེག་སྒྲ་དང་ཆོས་ཁམས་ཏེ་ཕྱིའི་སྐྱེ་མཆེད་དྲུག་དང༌། སྐྱེ་མཆེད་ཅེས་པའི་ཤུགས་ལའམ། རྣམས་ཞེས་པའི་ཚིག་ཟུར་གྱིས་བསྟན་པ་ནི། བཤང་ལམ་རྐང་ལག་དག་དང་ཆུ་ལམ་དུང་ཅན་མ་སྟེ། ལས་ཀྱི་དབང་པོ་དྲུག་དང༌། བཤང་འདོར་དང་འགྲོའི་ན་དྲི་ཆུ་འདོར་དང་


TNT02_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་བ་འཕོ་བ་སྟེ། ལས་དབང་གི་བྱ་བ་དྲུག་གོ །དེ་ལྟར་ན་ཕུང་ཁམས་སོ་དྲུག་པོ་དེ་དག །སྒྲིབ་པ་དང་བཅས་པ་ཉིད་ཀྱི་འཁོར་བ་དང༌། དེ་རྣམས་སྒྲིབ་བྲལ་ཉིད་ཀྱི་མྱང་འདས་ཏེ། དེ་དག་སྒྲིབ་བྲལ་དུ་བྱེད་པ་ནི་ལམ་ཡན་ལག་དྲུག་གོ །དེ་ལྟར་ན་གཞི་དང་ལམ་དང་འབྲས་བུ་གསུམ་ལ་རིགས་དྲུག་གི་རྣམ་པར་དག་པ་དང་བཅས་པ་འདི་ལྟ་བུས་ཀྱང༌། རྒྱུད་དོན་དག་པར་འགྱུར་ཏེ། དེ་ལྟར་ན་རྣལ་འབྱོར་བཞི་དང༌། བྱང་ཆུབ་བཞི་དང་རིགས་དྲུག་པོ་ཐམས་ཅད་སྡོམ་པའམ། སྡེ་ཚན་རེ་རེས་ཀྱང༌། རྒྱུད་དོན་རྣམ་པར་དག་པར་འགྱུར་བའི་ཕྱིར། དབང་དོན་ཕྱིན་ཅི་མ་ལོག་པ་རྟོགས་པ་འགྱུར་རོ། །གསུམ་པ་ནི། དག་པ་འཇིག་རྟེན་ཁམས་ལ་སོགས། །ལེའུ་ལྔ་ནི་འདོད་རྣམས་ཀྱི། །བདེན་གཉིས་དང་པོའི་སངས་རྒྱས་འགྱུར། །དུས་ཀྱི་འཁོར་ལོར་མངོན་བརྗོད་བྱེད། །ཅེས་པའོ། །འདིར་དག་པ་ཞེས་པ་རིགས་དྲུག་གི་དག་པའོ་ཞེས་སྔ་མ་ལ་སྦྱོར་བ་མང་ཡང༌། འདིའི་རྒྱ་སྐད་དུ། བ་ཊ་ལཻཿཔཉྩ་བྷིཿཤུདྡྷི་ལོ་ཀ་དྷཱ་ཏྭཱ་དི་ཀཻརྨ་ཏེ། ཞེས་འབྱུང་བ། ལེའུ་ལྔ་རྣམས་ཀྱིས་དག་པའོ། །ཞེས་དང༌། འཇིག་རྟེན་ཁམས་ལ་སོགས་པར་འདོད་དོ། །ཞེས་པའི་དོན་དུ་སྣང་བས་དང༌། །ཚིག་བཅད་ཀྱི་གཅོད་མཚམས་སོ་སོར་ཡོད་པའི་ཕྱིར། དག་པ་ཞེས་པ་སྐབས་འདིའི་སྦྱར་བར་བྱའོ། །དེ་ལྟར་ན་ཕྱི་འཇིག་རྟེན་ཁམས་དང༌། ནང་རྡོ་རྗེའི་ལུས་དང༌། དབང་བསྐུར་བ་དང༌། སྒྲུབ་པའི་ཐབས་དང༌། ཡང་དག་པའི་ཡེ་ཤེས་ཏེ། ལེའུའམ་དོན་ཚན་རྣམ་པ་ལྔས་སྟོན་པར་བྱེད་དེ། དང་པོ་གཉིས་ནི་སྦྱང་བྱ་གཞི་འཁོར་བའི་ཆོས་དང༌། སྦྱང་གཞི་དེ་བཞིན་གཤེགས་པའི་སྙིང་པོ་ཡང་སྟོན་པར་བྱེད་དོ། །གསུམ་པས་ནི་ལམ་གྱི་གཞི་དང༌། བཞི་བས་ལམ་དང༌། ལྔ་པས་ལམ་དང་འབྲས་བུ་ཡང་སྟོན་པར་བྱེད་དོ། །དེ་དག་ཀྱང་བདེན་པ་གཉིས་ཀྱི་བདག་ཉིད་དེ་འཇིག་རྟེན་ཁམས་ལ་ཡང༌། ཀུན་རྫོབ་འཁོར་བའི་འཇིག་རྟེན་ཁམས་དང༌། དོན་དམ་ཡེ་ཤེས་ཀྱི་འཇིག་རྟེན་ཁམས། བཅུད་ཀྱི་སེམས་ཅན་ལ་ཡང་དེ་བཞིན་དུ་གཉིས་སུ་དབྱེ་བ་དང༌། དབང་ལ་ཡང་ཀུན་རྫོབ་བརྡ་དང༌། ཡེ་ཤེས་དོན་དམ་གྱི་དབང་


TNT02_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང༌། སྒྲུབ་པའི་ཐབས་ལ་ཡང་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་སྒྲུབ་ཐབས་གཉིས་དང༌། ཡེ་ཤེས་ལ་ཡང་གཞན་རིག་ཀུན་རྫོབ་གཟུགས་སྐུ་དང་འབྲེལ་བ་དང༌། རང་རིག་དོན་དམ་ཆོས་སྐུའི་ངོ་བོ་སྟེ། དེ་རྣམས་ལས་དོན་དམ་གང་ཡིན་པ་དེ་ནི་འཇིག་རྟེན་ཁམས་དང་བཅུད་ཀྱི་སེམས་ཅན་གྱི་མིང་བཏགས་པ་སྟེ། ཕྱི་ནང་གཞན་གསུམ་ལས་ཕྱི་ནང་གི་ཆོས་སུ་མི་འཇོག་སྟེ། གཞན་གྱི་ཆོས་འབའ་ཞིག་ཡིན་ནོ། །ཡང་ཕྱི་ནང་གཞན་གསུམ་ལས། ཕྱི་ནང་གཉིས་ནི་ཀུན་རྫོབ་དང༌། གཞན་ནི་དོན་དམ་པའོ། །དང་པོའི་སངས་རྒྱས་འགྱུར། དུས་ཀྱི་འཁོར་ལོར་མངོན་བརྗོད་བྱེད་ཅེས་པ་ནི། རྣལ་འབྱོར་བཞི་དང༌། བྱང་ཆུབ་བཞི་དང༌། རིགས་དྲུག་དང༌། ལེའུ་ལྔ་དང༌། བདེན་པ་གཉིས་ལ་སོགས་པ་ཟབ་མོའི་དོན་འདི་རྣམས། དམ་པའམ་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་ཅེས་ཀྱང་བྱ། དུས་ཀྱི་འཁོར་ལོ་ཞེས་བྱ་བའི་རྒྱུད་འདིར། མངོན་པར་བརྗོད་པར་འགྱུར་བ་སྟེ། ལེགས་པར་ཡང་དག་པར་བརྗོད་པར་བྱའོ་ཞེས་པའོ། །དེས་ན་དང་པོའི་སངས་རྒྱས་འགྱུར་དུས་ཀྱི་འཁོར་ལོར་མངོན་བརྗོད་བྱེད། ཅེས་པའི་ཚིག་འདི་གོང་དུ་རིགས་དྲུག་རྣམས་ཞེས་པའི་སྐབས་སུ་ཡང་སྦྱར་རྒྱུ་ཡིན་ནོ། །སྐབས་འདིར་དང་པོའི་སངས་རྒྱས་དང༌། དུས་ཀྱི་འཁོར་ལོ་ཞེས་པ་ཡང་བདེན་པ་གཉིས་སོགས་དོན་གྱི་སྡེ་ཚན་ལ་བགྲོང་པ་ནི། རྒྱ་བོད་ཀྱི་མཁས་པ་མང་པོ་བཞེད་ཀྱང༌། ཚིག་དོན་ལ་ནི་མ་བཞུགས་པར་སྣང་ངོ༌། །གཉིས་པ་དབང་བཅུ་གཅིག་གི་དག་དབྱེ་བསྟན་པ་ལ། བདེན་པ་གཉིས་ཀྱི་སྒོ་ནས་མདོར་བསྟན་པ་དང༌། སོ་སོའི་དག་དབྱེ་ཞིབ་མོར་བསྟན་པའོ། །དང་པོ་ནི། དང་པོར་དབང་བསྐུར་བདུན་པ་གང༌། །བྱིས་པ་རྣམས་ནི་གཞུག་པའི་ཕྱིར། །རྣམ་གསུམ་འཇིག་རྟེན་ཀུན་རྫོབ་སྟེ། །དམ་པའི་དོན་གྱི་བཞི་པའོ། །བདེན་པ་གཉིས་ཀྱི་ཆོས་རྣམས་ཀྱིས། །རྡོ་རྗེ་ཅན་དག་གིས་བསྟན་པ། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པས་སོ། །ཆུ་ལ་སོགས་པ་དབང་བསྐུར་


TNT02_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བ་བདུན་ནི། ཀུན་རྫོབ་ཀྱི་བདེན་པའི་དབང་ཁོ་ན་ཡིན་ལ། བྱིས་པ་རྣམས་གཞུག་པ་ཞེས་པའི་དོན་ནི། བྱིས་པ་ཞེས་པའི་སྒྲ་ཚིག་གྲོགས་ཀྱི་དབང་དུ་བྱས་ནས། གནས་སྐབས་སོ་སོར་སོ་སོ་སྐྱེ་བོ་དང༌། བླུན་པོ་དང༌། ན་ཚོད་བྱིས་པ་རྣམས་ལ་འཇུག་པ་སྟེ། འདིར་དོན་གྱི་གཙོ་བོ་ནི་དབང་གོང་མའི་སྣོད་དུ་མ་གྱུར་པས་བླུན་པོའམ། རྒྱུད་ཡོངས་སུ་མ་སྨིན་པ་ན་ཚོད་བྱིས་པ་ལྟ་བུ་ལ་བསྐུར་བར་བྱ་བ་ཡིན་པའི་དོན་ཏེ། འདི་བསྐུར་བས་ན་ཚོད་སྨིན་པ་དང་འདྲ་བར། དབང་གོང་མ་རྣམས་ཀྱི་སྐལ་བ་ཅན་དུ་འགྱུར་རོ། །གཞན་ཡང་དགྱེས་རྡོར་འབུམ་ཕྲག་ལྔ་པའི་ལུང་རྡོ་རྗེ་སྙིང་པོས་དྲངས་པར་ཡང༌། བྱིས་པ་སྐྱེས་ལ་མ་དག་གི །ཆུ་ཡིས་འཁྲུ་བའི་དབང་བསྐུར་བྱེད། །དེ་ཡི་གཙུག་ཕུད་རབ་བཞག་ལ། །དབུ་རྒྱན་དུ་ནི་ཡོངས་སུ་བཏགས། །དེ་ཡི་རྣ་བ་དབུགས་ལ་སོགས། །དར་དཔྱངས་དབང་དུ་ཤེས་པར་བྱ། །བྱིས་པ་དགོད་དང་སྨྲ་བ་ཉིད། །རྡོ་རྗེ་དྲིལ་བུའི་དབང་ཉིད་དོ། །ལྔ་པ་ལོངས་སྤྱོད་བརྟུལ་ཞུགས་སོ། །མིང་གིས་མིང་གི་དབང་བསྐུར་རོ། །ཕ་ཡིས་རྟག་ཏུ་གློག་ལ་སོགས། །སྟེར་བར་བྱེད་པ་རྗེས་གནང་ཡིན། །ཞེས་གསུངས་པ་ལྟར། ལོ་བཅོ་ལྔའི་མཚམས་ཚུན་ཆད་བྱིས་པའམ་གཞོན་ནུའི་གནས་སྐབས་དང་སྦྱོར་བའི་དབང་ཡིན་པའི་ཕྱིར། བྱིས་པའི་དབང་ཞེས་བྱ་སྟེ་རྣམ་གྲངས་གཞན་ནོ། །དབང་གོང་མ་རྣམས་ལས་ཀྱང་བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་གསུམ་ནི། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པས་གཞུག་པ་ཡིན་ལ། འཇིག་རྟེན་ལས་འདས་པ་དམ་པའི་དོན་གྱི་བདེན་པས་བསྟན་པ་ནི། བཞི་པ་ཤེས་རབ་ཆེན་བོའི་དབང་ཁོ་ནའོ། །འདིར་བུམ་དབང་སོགས་གསུམ་འཇིག་རྟེན་ཀུན་རྫོབ་པར་བཤད་པས་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་བའི་དོན་དུ་འཆད་པ་ནི་སྐབས་ཀྱི་དོན་དུ་མི་སྣང་སྟེ། དབང་བདུན་གྱི་དོན་ཁོ་ནས་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་དངོས་གྲུབ་ཏུ་ལུང་སྟོན་དགོས་ལ། དེ་ལས་ལྷག་པའི་འཇིག་རྟེན་པའི་དངོས་གྲུབ་ཡོད་པ་ཡང་མ་ཡིན་ནོ། །དེས་ན་དབང་གསུམ་པོ་དེ་རྣམས་ཀྱི་དོན། །


TNT02_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པའི་ལམ་ཚོགས་སྦྱོར་གཉིས་དང་སྦྱོར་བའི་དོན་ཡིན་ལ། བཞི་པ་དག་པ་བ་ནི་འཇིག་རྟེན་ལས་འདས་པའི་ལམ་མཐོང་ལམ་ཡན་ཆད་ལ་འཇོག་དགོས་པས་སོ། །དེས་ན་སོར་སྡུད་ཀྱི་ཡེ་ཤེས་དང་པོ་ཉིད་ནས་བཟུང་སྟེ་ཤེས་རབ་ཆེན་པོ་བཞི་པའི་ཆ་ཤས་ལ་རྟག་ཏུ་གནས་པས། བཞི་པའི་ལམ་གྱི་ཆ་ཤས་ཅན་ནི་ཡན་ལག་དྲུག་ཀར་ཡིན་ལ། རྡོ་རྗེ་བཞིའི་ལམ་ལ་དབང་བཞིའི་བགོ་སྐལ་སོ་སོར་གཅོད་དགོས་པས། ཐོབ་སྐལ་དུ་བགོས་པའི་དབང་བཞི་བའི་ལམ་ནི་ཏིང་ངེ་འཛིན་གྱི་ཡན་ལག་མཐའ་དག་ཡིན་ཞིང༌། བཞི་པའི་ཡེ་ཤེས་དག་པ་བ་སྟེ་གཞན་དང་མ་འདྲེས་པ་ནི། མཐོང་ལམ་ཡན་ཆད་དོ། །གཞི་འབྲས་དབྱེར་མེད་དེ་བཞིན་གཤེགས་པའི་སྙིང་པོ་བདེ་བ་ཆེན་པོ་དེ་ནི། བཞི་པའི་ལམ་དེ་རྣམས་ཀྱི་རྟོགས་བྱ་འགྱུར་མེད་ཡོངས་གྲུབ་ཡིན་གྱི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱིས་བསྡུས་པ་མ་ཡིན་ནོ། །དེ་ལྟར་དབང་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་སུ་འབྱེད་དགོས་ཏེ། རྡོ་རྗེ་ཅན་སངས་རྒྱས་བདག་གིས་བསྟན་པ་ཐམས་ཅད་འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། འཇིག་རྟེན་ལས་འདས་པ་དོན་དམ་པའི་བདེན་པ་སྟེ། ཆོས་ཀྱི་རྣམ་གྲངས་རེ་རེ་ཞིང་ཆོས་རྣམས་ཐམས་ཅད་ཀྱང༌། བདེན་པ་གཉིས་ཚང་བར་སྟོན་དགོས་པའི་ཕྱིར་རོ། །ད་ལྟའི་འགྱུར་གྱི་ཚིག་ལམ་ལྟར་ན། བདེན་པ་གཉིས་སུ་སངས་རྒྱས་ཀྱིས་བསྟན་ཏེ། གཉིས་པོ་གང་ཞེ་ན་ཀུན་རྫོབ་དང་དོན་དམ་པའོ། །ཞེས་སྦྱར་ཏེ་བཤད་པར་བྱའོ། །ཀུན་རྫོབ་བདེན་པ་དང་དོན་དམ་པའི་བདེན་པ་ཞེས་པ་ཡང་རྣམ་གྲངས་ཀྱི་སྒོ་ནས་རྣམ་པ་དུ་མར་འགྱུར་ཏེ། སྣང་བ་སྣ་ཚོགས་པ་ནི་ཀུན་རྫོབ། དེ་རྣམས་ཉིད་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་པ་ནི། དོན་དམ་བདེན་པའོ་ཞེས་པ་ནི། སྣང་གྲགས་ཀུན་རྫོབ་ཀྱི་ཆོས་རྣམས་ཉིད་ཁྱད་གཞིར་བཞག་ནས། དེ་ལ་བརྟེན་པའི་བདེན་པ་གཉིས་སོ། །གཟུང་འཛིན་འཁྲུལ་སྣང་ཀུན་རྫོབ་དང༌། གཉིས་མེད་ཀྱི་ཡེ་ཤེས་དོན་དམ་དུ་འཇོག་པ་ནི། ཀུན་རྫོབ་དང་དོན་དམ་དངོས་


TNT02_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་བ་ཡིན་ནོ། །འདིར་དག་པ་བ་ཞེས་པ་ནི། གཞན་ལ་མ་བལྟོས་གཞན་དང་མ་འདྲེས་པའི་རྐང་ཚུགས་པའི་དོན་ནོ། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ཀུན་རྫོབ་དང༌། མི་འགྱུར་བའི་བདེ་བ་ཆེན་པོ་དོན་དམ་པར་བཞག་པ་ནི། དོན་དམ་ཁོ་ན་ཁྱད་གཞིར་བཞག་པའི་དབྱེ་བ་སྟེ། དོན་དམ་ཉིད་ལ་ལྡོག་ཆས་ཕྱེ་བའི་རྣམ་པར་གཞགས་པའོ། །དགོས་པ་གང་གི་སྒོ་ནས་ལྡོག་ཆས་འབྱེད་པ་ཡང་འདི་ཡིན་ཏེ། ཡེ་ཤེས་དེ་ཉིད་བདེ་ཆེན་གྱི་ལྡོག་པ་ནས། དོན་དམ་བདེན་པ་རང་ཉིད་ཀྱི་ངོ་བོར་གནས་པའི་ཆོས་ཉིད་ཡིན་ལ། རྣམ་པ་ཐམས་ཅད་པའི་ལྡོག་པ་ནས་ཀུན་རྫོབ་བདེན་པ་སོ་སོའི་གནས་ལུགས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། ཀུན་རྫོབ་བདེན་པའི་ཐ་སྙད་བཏགས་པའོ། །དཔེར་ན་ལྷའི་དབང་པོ་བརྒྱ་བྱིན་ནི། ལྷ་དངོས་ཡིན་ལ་རྒྱལ་པོ་ཡང་ཡིན་པས་ལྷའི་རྒྱལ་པོ་ཞེས་བྱ་ལ། ཀླུ་དང་གྲུལ་བུམ་ལ་དབང་སྒྱུར་བས། དེ་དག་དངོས་མ་ཡིན་ཀྱང་དེ་དག་གི་ཡང་རྒྱལ་པོར་འཇོག་པ་བཞིན་ནོ། །གཞན་ཡང་འཁོར་བ་འཇིག་རྟེན་པ་ལ་ཀུན་རྫོབ་དང༌། འཇིག་རྟེན་འདས་པ་འཕགས་པའི་སྤྱོད་ཡུལ་ལ་དོན་དམ་དུ་བཞག་པ་སོགས། འཇོག་མཚམས་མི་འདྲ་བ་དུ་མ་ཡོད་ཀྱང༌། ཕལ་ཆེར་སྙིང་པོའི་གནད་གཅིག་པར་སྣང་ངོ༌། །སྐབས་འདིར་བདེན་གཉིས་དག་པ་བ་དང༌། འཁོར་འདས་གཉིས་ཀྱི་དབང་དུ་བྱས་ནས། དབང་བཅུ་གཅིག་ལ་བདེན་གཉིས་ཀྱི་དབྱེ་བ་མཛད་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ་དབང་བདུན་གྱི་དག་དབྱེ་དང༌། དབང་བཞིའི་དག་དབྱེའོ། །དང་པོ་ནི། ཆུ་དང་ཅོད་པན་དར་དཔྱངས་དང༌། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་ཆེ། །མིང་དང་རྗེས་གནང་ཡང་དག་ལྡན། །དབང་བསྐུར་རྣམ་བདུན་མི་ཡི་བདག །ལུས་ངག་སེམས་ནི་ལེགས་དག་པ། །མངོན་པར་དབང་བསྐུར་གཉིས་གཉིས་སོ། །རྗེས་གནང་ཡེ་ཤེས་ཡང་དག་དག །གཞན་པ་ཁམས་སོགས་དག་པ་ལས། །ཆུ་ནི་ཁམས་ཀྱི་དག་པ་སྟེ། །ཅོད་པན་ཕུང་པོ་རྣམ་སྦྱོང་བྱེད། །དར་དཔྱངས་ཕ་རོལ་ཕྱིན་པ་


TNT02_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དག །རྡོ་རྗེ་དྲིལ་བུ་མི་འགྱུར་ཆེ། །སངས་རྒྱས་སྐད་རྒྱུན་མི་འཆད་ལ། །ཉི་ཟླ་གཅིག་ཏུ་དག་པར་བྱེད། །ཡུལ་དང་དབང་པོ་ལེགས་དག་པ། །འཕོ་མེད་རྡོ་རྗེའི་བརྟུལ་ཞུགས་འགྱུར། །མིང་ནི་བྱམས་སོགས་ཡང་དག་དག །རྗེས་གནང་སངས་རྒྱས་ཉིད་དག་བྱེད། །དབང་བསྐུར་བདུན་པོ་འདི་རྣམས་ནི། །དཀྱིལ་འཁོར་བཞེངས་ནས་སྦྱིན་པར་བྱ། །ཞེས་གསུངས་ཏེ། དེ་ལ་དབང་བདུན་གྱི་དབྱེ་བ་ནི། ཆུ་དང་སོགས་ཏེ། ཆུའི་དབང་དང༌། ཅོད་པན་གྱི་དབང་དང༌། དར་དཔྱངས་ཀྱི་དབང་དང༌། རྡོ་རྗེ་དང་བཅས་པའི་དྲིལ་བུའི་དབང་དང༌། བརྟུལ་ཞུགས་ཀྱི་དབང་དང༌། མིང་གི་དབང་དང༌། རྗེས་གནང་གི་དབང་རྣམས་སོ། །རྡོ་རྗེ་བཞིའི་དག་པ་བསྟན་པ་ནི། ལུས་ངག་ཞེས་སོགས་ཏེ། ལུས་ཀྱི་དྲི་མ་སྦྱོང་ཞིང་སྐུ་རྡོ་རྗེའི་ནུས་པ་མངོན་དུ་བྱེད་པ། ཆུ་ཅོད་པན་གཉིས་དང༌། ངག་གི་དྲི་མ་སྦྱོང་ཞིང་གསུང་རྡོ་རྗེའི་ནུས་པ་མངོན་དུ་བྱེད་པ། དར་དཔྱངས་དང་དྲིལ་བུའི་དབང་གཉིས་དང༌། ཡིད་ཀྱི་དྲི་མ་སྦྱོང་ཞིང་ཐུགས་རྡོ་རྗེའི་ནུས་པ་མངོན་དུ་བྱེད་པ། བརྟུལ་ཞུགས་དང་མིང་གི་དབང་གཉིས་དང༌། ཡེ་ཤེས་ཀྱི་སྒྲིབ་པའམ་ཆགས་རྟོག་གི་སྒྲིབ་པ་དག་པར་བྱེད་ཅིང༌། ཡེ་ཤེས་རྡོ་རྗེའི་ནུས་པ་མངོན་དུ་བྱེད་པ། རྗེས་གནང་འདོགས་དང་བཅས་པའི་དབང་ངོ༌། །དེའི་རྗེས་སུ་དབང་བདུན་གྱི་དག་བྱ་དག་བྱེད་ཞིབ་མོར་བསྟན་པ་ནི། གཞན་པ་ཁམས་སོགས་དག་པ་སྟེ། །ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་བཞི་ལས་གཞན་པའི་རྣམ་གྲངས། ཁམས་ལྔ་ལ་སོགས་པ་དག་པ་གཞན་བསྟན་པ་ནི། ཆུ་དང་ཅོད་པན་ལ་སྦྱང་བྱ་ཕུང་ཁམས་དང༌། བརྟུལ་ཞུགས་ལ་དབང་ཡུལ་གྱི་སྒོ་ནས་བསྟན་པས། གཞན་རྣམས་ཀྱི་ཡང་སྦྱང་བྱ་རྟཽགས་དགོས་ལ། དར་དཔྱངས་དྲིལ་བུ་མིང་དབང་གསུམ་ལ། ཕར་ཕྱིན་སོགས་སྦྱོང་བྱེད་དང་སྦྱངས་འབྲས་ཀྱི་སྒོ་ནས་བསྟན་པས། གཞན་རྣམས་ལ་ཡང་དེ་དག་སྦྱོར་དགོས་པ་དང༌། རྗེས་གནང་ལ་བསྐྱེད་རིམ་དང་འབྲས་བུའི་དབང་དུ་བྱས་ནས། ལྷའི་དག་པ་སྦྱར་


TNT02_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞིན། གཞན་དྲུག་ལའང་ཤེས་པར་བྱ་སྟེ། ཆུ་དབང་གིས་ནི་སྦྱང་བྱ་ནམ་མཁའ་རླུང་མེ་ཆུ་ས་སྟེ་ཁམས་ལྔ་དག་པ་དང༌། ལམ་དུ་འབྱུང་བ་ལྔའི་དཀྱིལ་འཁོར་དབུ་མར་ཐིམ་པའི་ཡེ་ཤེས་བསྐྱེད་པ་དང༌། འབྲས་དུས་སུ་ཤེས་རབ་ཕྱོགས་ཀྱི་ཡེ་ཤེས་ལྔ་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སོགས་ལྷ་མོ་ལྔའི་གོ་འཕང་ཐོབ་པའི་སྐལ་བ་ཅན་དུ་བྱེད་དོ། །ཅོད་པན་གྱི་དབང་གིས་རྣམ་ཤེས་འདུ་བྱེད་ཚོར་འདུ་གཟུགས་ཏེ་ཕུང་པོ་ལྔ་སྦྱོང་བར་བྱེད། ཕུང་པོ་ལྔའི་དཀྱིལ་འཁོར་དབུ་མར་ཐིམ་པའི་ཡེ་ཤེས་དང༌། འབྲས་དུས་ཐབས་ཀྱི་ཕྱོགས་ཀྱི་ཡེ་ཤེས་ལྔ་དང༌། རྒྱལ་བ་རིགས་ལྔ་མངོན་དུ་འགྱུར་རོ། །དར་དཔྱངས་ཀྱི་དབང་ནི། རླུང་བཅུ་དག་པ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུའི་ཡེ་ཤེས་དང༌། རྟགས་བཅུ་མཐར་ཕྱིན་ཞིང་ནུས་མ་བཅུ་མངོན་དུ་འགྱུར་བ་ལ་སྦྱར་རོ། །རྡོ་རྗེ་དྲིལ་བུ་དང་རྡོ་རྗེའི་དབང་གིས་ཉི་མའི་རྩ་ར་ས་ནཱ་དང༌། ཟླ་བའི་རྩ་ལ་ལ་ནཱ་དག་པར་བྱེད་ཅིང༌། ཟླ་བ་དང་འབྲེལ་པ་སྲོག་དང་ཉི་མ་དང་འབྲེལ་བ་ཐུར་སེལ་ཡང་ཡིན་པས། གཡས་གཡོན་སྲོག་ཐུར་གྱི་རླུང་རྣམས་དབུ་མར་གཅིག་ཏུ་ཞུགས་པས་དག་པར་བྱེད་དོ། །རྡོ་རྗེ་ནི་མི་འབྱུང་བའི་བདེ་བ་ཆེན་པོ་རང་དོན་ཆོས་སྐུ་དང༌། དྲིལ་བུ་ནི་རྒྱུན་མི་འཆད་པ་སྟེ་གཞོམ་དུ་མེད་པའི་སངས་རྒྱས་ཀྱི་གསུང་གཞན་དོན་ལོངས་སྐུའོ། །འདིར་རྡོ་རྗེ་མི་འགྱུར་ཆེ་དྲིལ་བུ། །རྒྱུན་མི་འཆད་པའི་སངས་རྒྱས་གསུང༌། །ཞེས་བསྒྱུར་ན་གོ་བདེའོ། །དེ་ལྟར་ན་སྦྱང་བྱ་རྩ་གཉིས་དག་པ་དང༌། དེ་གཉིས་ཀྱི་རྒྱུ་བ་འགོག་པ་དང༌། མི་འགྱུར་བའི་བདེ་བ་དང་གཞོམ་མེད་ཀྱི་ཡེ་ཤེས་དང༌། དཀྱིལ་འཁོར་གྱི་གཙོ་བོ་དཔལ་དུས་ཀྱི་འཁོར་ལོ་དང་སྣ་ཚོགས་ཡུམ་མངོན་དུ་འགྱུར་རོ། །རྡོ་རྗེའི་བརྟུལ་ཞུགས་ཀྱི་དབང་གིས། དབང་པོ་དྲུག་དང་ཡུལ་དྲུག་རབ་ཏུ་དག་པར་བྱེད་ཅིང༌། གཞན་ཡེ་ཤེས་ཀྱི་དབང་པོ་དྲུགགཞན་སྟོང་གཟུགས་ཀྱི་ཡུལ་དྲུག་ལ་རབ་ཏུ་འཇུག་པས། ཐིག་ལེ་འཕོ་མེད་ཀྱི་ཡེ་ཤེས་སྐྱེད་པར་བྱེད་པ་དང༌། མངོན་ཤེས་སོགས་ཀྱི་ཡོན་ཏན་དང༌། སེམས་དཔའ་ཡབ་ཡུམ་བཅུ་


TNT02_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་གོ་འཕང་མངོན་དུ་བྱེད་ལ། ཐིག་ལེ་འཕོ་བ་མེད་པའི་ཚངས་སྤྱོད་ནི་རྡོ་རྗེའི་བརྟུལ་ཞུགས་ཏེ་དབང་ཡུལ་དག་པས་སྟོང་གཟུགས་ཀྱི་སྐུ་འགྲུབ་ནས་འཕོ་མེད་དུ་བྱེད་པའི་ཕྱིར་རོ། །མིང་དབང་གིས་ལས་དབང་ལྔ་བྱ་བ་ལྔ་དང་བཅས་པ་དག་པར་བྱེད་པ་དང༌། བྱམས་སོགས་ཚད་མེད་ལྔའི་ཡེ་ཤེས་དང༌། འཕྲིན་ལས་སྣ་ཚོགས་པས་སེམས་ཅན་འདུལ་བ་དང༌། ཁྲོ་བོ་ཡབ་ཡུམ་བཅུ་མངོན་དུ་བྱེད་དོ། །འདིར་ཚད་མེད་ལྔ་པ་ནི་མཉམ་པ་ཉིད་ཚད་མེད་དོ། །རྗེས་གནང་གི་དབང་གིས་སངས་རྒྱས་ཀྱི་གོ་འཕང་ཉིད་རྫོགས་པ་མཚོན་བྱེད་དུ། སངས་རྒྱས་ཉིད་དེ་རིགས་བདག་གི་དག་པར་བྱེད་དོ། །དེ་ཡང་ཕུང་ཁམས་དྲུག་པ་ཡེ་ཤེས་ཀྱི་ཕུང་ཁམས་སྦྱོང་ཞིང༌། སྟོང་ཉིད་དང་བདེ་བ་ཟུང་དུ་འཇུག་པའི་ཡེ་ཤེས་དང༌། ཆོས་ཀྱི་འཁོར་ལོ་ཡང་དག་པར་བསྐོར་བ་དང༌། རྡོ་རྗེ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གོ་འཕང་མངོན་དུ་བྱེད་པ་ཡིན་ནོ། །འབྲས་དུས་ཀྱི་ལྷའི་དག་པ་བསྟན་པས་བསྐྱེད་རིམ་གྱི་ལྷ་ཡི་སྨིན་བྱེད་དུ་འགྱུར་ཚུལ་ཤུགས་ལ་ཤེས་ཤིང༌། རྡོ་རྗེ་བཞི་དང་སྦྱར་བས་བསྐྱེད་རིམ་ཡན་ལག་བཞིའི་སྨིན་བྱེད་དུ་འགྲོ་བའི་ཚུལ་ཡང་ཡོད་དོ། །དེ་དག་ལ་ཡང་ཕུང་ཁམས་ལུས་ཀྱི་ལྡོག་ཆ་གཙོ་ཆེ་ཞིང༌། རླུང་བཅུ་དང་རྩ་གཉིས་དག་གི་ཆོས་དང༌། དབང་པོ་ལས་དབང་ཡུལ་བཅས་ནི། རྣམ་རྟོག་གི་གཞི་ཡིན་པའི་ཕྱིར་ཡིད་ཀྱི་ཆོས་དང༌། ཡེ་ཤེས་ཀྱི་ཕུང་ཁམས་བདེ་བའི་ཆོས་ཡིན་པའི་ཕྱིར། ཡེ་ཤེས་རྡོ་རྗེ་བཞག་པས་རྡོ་རྗེ་བཞིའི་དག་པ་དེ་ཉིད་རྒྱས་པར་བཤད་པར་འགྱུར་རོ། །དབང་བདུན་པོ་དེ་ཉིད་གང་དུ་བསྐུར་བའི་དཀྱིལ་འཁོར་སྟོན་པ་ནི། དབང་བསྐུར་བདུན་པོ་སོགས་ཏེ། དཀྱིལ་འཁོར་བཞེངས་ནས་ཞེས་པའི་ཚིག་གིས། བཅོས་མ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བར་ཤིན་ཏུ་གསལ་ལ།འགྲེལ་ཆེནདོན་དམ་བསྡུས་པར། རྡུལ་ཚོན་གྱི་དཀྱིལ་འཁོར་ཁོ་ནར་དབང་བསྐུར་གྱིས། གཞན་རས་བྲིས་ལ་སོགས་པ་མ་ཡིན་ཞེས་བཤད་ཅིང༌། རྒྱུ་མཚན་གསལ་བར་མ་བྲིས་ལ། དཔལ་འཛིན་


TNT02_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བས་བྱས་པའི་འགྲེལ་པ་མདོར་བཤད་ལས། རས་བྲིས་ལ་སོགས་པའི་དཀྱིལ་འཁོར་དུ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་རྒྱུད་རྣམས་སུ་མ་གསུངས་པའི་ཕྱིར་རོ། །ཞེས་འགྲེལ་པ་སྔ་མའི་དགོངས་པ་གསལ་བར་བསྟན་ཏོ། །དེ་ལ་རྒྱུད་རྣམས་སུ་ཞེས་པས། དུས་ཀྱི་འཁོར་ལོ་ཁོ་ན་མ་ཡིན་པར་གསལ་ལོ། །བོད་ཁ་ཅིག་བྱིས་འཇུག་རྡུལ་ཚོན་ཁོ་ནར་བསྐུར་དགོས་པ་དུས་འཁོར་གྱི་རྒྱུད་འདིའི་ཁྱད་ཆོས་ཡིན་ཞིང༌། རྒྱུད་སྡེ་གཞན་ལ་ནི་རས་བྲིས་ཀྱང་རུང་ངོ་ཞེས་དབྱེ་བ་འབྱེད་པ་ནི་འཆལ་གཏམ་ཡིན་ཞིང༌། མཁས་ཆེན་ཁ་ཅིག་གིས་ཀྱང༌། རྡུལ་ཚོན་གྱི་ནི་དཀྱིལ་འཁོར་དུ། །དབང་བསྐུར་བྱ་བར་གསུངས་མོད་ཀྱི། གཞན་གྱི་སྨིན་བྱེད་རྒྱུད་ལས་བཀག །ཅེས་གསུངས་པ་ནི། མདོར་བཤད་དུ་འབྱུང་བ་ལྟར་གྱི་དོན་དེ་ཉིད་ཐུགས་ལ་བཞག་པ་སྟེ། རྒྱུད་ལས་མ་གསུངས་པ་ཉིད་ཀྱི་ཕྱིར་བྱར་མི་རུང་བས་བཀག་པར་དགོངས་སོ། །འོན་ཀྱང་རྒྱུད་ཀྱི་ཚིག་འདིས་ནི་དབྱིབས་སམ་གཟུགས་བརྙན་གྱི་དཀྱིལ་འཁོར་བཞེངས་ནས་དབང་བདུན་བསྐུར་བར་བྱ་ཞེས་གསུངས་ཀྱི། གཟུགས་བརྙན་གྱི་ནང་ཚན་རྡུལ་ཚོན་རས་བྲིས་སོགས་དབྱེ་བ་གང་ཡང་མི་གསལ་ཞིང༌། མ་བཞེངས་པར་སྦྱིན་དུ་མི་རུང་ཞེས་པའི་ཚིག་ཀྱང་མེད་དེ། དཔེར་ན་ནམ་ལངས་ནས་ཁ་ཏོན་བྱའོ་ཞེས་པས། ནམ་ལངས་པའི་སྔོན་དུ་ཁ་ཏོན་བཀག་པ་མ་ཡིན་པ་བཞིན་ནོ། །འགྲེལ་པ་དེ་དག་གིས་དེ་ལྟར་བཤད་ཀྱང་དེ་སེམས་འགྲེལ་ནི་མ་ཡིན་པས། མཐའ་གཅིག་ཏུ་ཁས་ལེན་དགོས་པའང་མིན་ལ། ལེན་དུ་ཆུག་ཀྱང་སྤྱིར་བཏང་ལ་དགོངས་པར་བཤད་དགོས་སོ། །རས་བྲིས་ཀྱི་དཀྱིལ་འཁོར་དུ་མ་སྨིན་པ་སྨིན་པར་བྱེད་པའི་དབང་བསྐུར་བ་ནི། དེང་སང་བཞུགས་པའི་རྒྱུད་ཕལ་ཆེར་ལས་གསལ་བར་མ་གསུངས་མོད་ཀྱི། རྒྱུད་རྣམ་པར་དག་པ་ཁ་ཅིག་ལས་གསལ་བར་གསུངས་པའང་སྣང་ངོ༌། །རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ་འདིར་ཡང༌། སློབ་དཔོན་དང་སློབ་མ་གཉིས་ཀར་ཀུན་སྤངས་ཀྱི་སྤྱོད་པ་ཅན་ལ་རྫས་དང་ཡོ་བྱད་སྤངས་པའི་དབང་བསྐུར་བ་སྦྱིན་པར་གསུངས་ཏེ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས།


TNT02_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་རྣམས་མེད་པའི་མངོན་པར་དབང་བསྐུར་རྒྱལ་བའི་བདག་པོའི་བཀའ་ཡིས་ཀུན་སྤངས་ལ་ནི་སྦྱིན་པར་བྱ། །ཞེས་གསུངས་པས་རྫས་ཅི་རིགས་པ་སྤངས་པ་ནས་མཐའ་དག་སྤངས་པའི་བར་དུ་སྟེ། གཟུགས་བརྙན་གྱི་དཀྱིལ་འཁོར་ཡང་རྫས་ཀྱི་ནང་ཚན་ནོ། །དེ་བཞིན་དུ་ལུས་ཀྱི་དཀྱིལ་འཁོར་ཡང་སྟེ། དེས་ན་ཏིང་ངེ་འཛིན་འབའ་ཞིག་གི་དཀྱིལ་འཁོར་དུ་ཡང་དབང་བསྐུར་དུ་རུང་ན། གཞན་ལྟ་སྨོས་ཀྱང་ཅི་དགོས། འཇིགས་མེད་འབྱུང་གནས་ཀྱི་ཞལ་སྔ་ནས་ཀྱིས་ནི། འབྱོར་བ་དང་ལྡན་ཡང་རུང༌། ལྷག་པར་མོས་པ་བརྟན་པོ་ཅན་ལ་ཏིང་ངེ་འཛིན་ཁོ་ནའི་དཀྱིལ་འཁོར་གྱིས་སྨིན་བྱེད་རུང་བར་བཤད་པ་ནི་ལེགས་པར་གསུངས་པའོ། །འགྲེལ་པ་དོན་དམ་བསྡུས་པ་སོགས་ཀྱི་དགོངས་པས་ནི། བཞེངས་ནས་ཞེས་པའི་ཚིག་གིས། སྐབས་དེར་བཞེངས་པར་གསལ་བས། རྡུལ་ཚོན་ལས་འོས་མེད་པའི་ཕྱིར་མཉམ་དུ་དགོངས་པ་སྟེ། དུས་དེ་ཙམ་ན་འཕགས་པའི་ཡུལ་ན། རས་བྲིས་ཤིན་ཏུ་དར་བ་ལ་ཟུར་ཟ་བ་མཛད་པ་ཡིན་ནོ། །གཉིས་པ་ལ། དབང་བཞིའི་དབྱེ་བ། དབང་བཞིའི་ཡེ་ཤེས། དབང་བཞིའི་དག་པ། དབང་བཞིའི་དཔེ། དབང་བཞིའི་ངོ་བོ་བཤད་པ་སྟེ་ལྔ་ལས། དང་པོ་ནི། བུམ་པ་གསང་བའི་དབང་བསྐུར་དང༌། །ཤེས་རབ་ཡེ་ཤེས་མངོན་བརྗོད་པ། །སླར་ཡང་ཤེས་རབ་ཆེན་པོ་ཉིད། །དེ་ཡི་ཡེ་ཤེས་མངོན་རྗོད་བྱེད། །ཅེས་ཏེ་དབང་གོང་མ་ལ་ངོ་བོའི་སྒོ་ནས་དབྱེ་ན་བུམ་པའི་དབང་བསྐུར་བ་དང༌། གསང་བའི་དབང་བསྐུར་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཞེས་མངོན་པར་བརྗོད་ཅིང་གྲགས་པ་དང༌། གསུམ་པ་ཤེས་རབ་ཡེ་ཤེས་དེའི་རྗེས་སུ། སླར་ཡང་ཤེས་རབ་ཡེ་ཤེས་གཞན་ཞིག་སྟེ། ཤེས་རབ་ཆེན་པོ་ཉིད་དེ་ཡི་ཡེ་ཤེས་ཀྱི་དབང་བསྐུར་བ་ཞེས་མངོན་པར་བརྗོད་པར་བྱེད་པ། འཇིག་རྟེན་ལས་འདས་པའི་དབང་བཞི་པ་རྣམས་སོ། །གཉིས་པ་ནི། འགྱུར་དང་འགྱུར་དང་དེ་ནས་འཛག །དེ་ནས་གཞན་ཡང་མི་འཛག་པའོ། །བུམ་དབང་གི་ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་ཅུང་ཟད་གཡོ་ཞིང་འགྱུར་བའི་བདེ་བ་དང༌། གསང་


TNT02_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ཡེ་ཤེས་ནི་སྔ་མ་ལས་ཆེས་གཡོ་ཞིང་འགྱུར་བའི་བདེ་བ་དང༌། གསུམ་པ་ཤེས་དབང་གི་ཡེ་ཤེས་ནི་འགྱུར་བ་རྫོགས་པ་འཛག་པའི་སྐད་ཅིག་ལ་རེག་པའི་བདེ་བ་དང༌། དེ་ལས་གཞན་འཇིག་རྟེན་ལས་འདས་པ་བཞི་པའི་ཡེ་ཤེས་ནི། བྱང་ཆུབ་ཀྱི་སེམས་འཕོ་མེད་དུ་བཅིངས་པའི་བདེ་བའོ། །གསུམ་པ་ནི། ལུས་ངག་སེམས་ནི་ལེགས་དག་པ། །དབང་བསྐུར་གསུམ་པོ་རིམ་པ་ཡིས། །བཞི་པ་ཡེ་ཤེས་ཡང་དག་དག །ལུས་ངག་སེམས་ནི་དག་པར་བྱེད། །ཅེས་ཏེ། ལུས་ཀྱི་དྲི་མ་དག་ཅིང་སྐུ་རྡོ་རྗེ་རྫོགས་པར་བྱེད་པ་བུམ་དབང་དང༌། ངག་གི་དྲི་མ་དག་ཅིང་གསུང་རྡོ་རྗེར་རྫོགས་པར་བྱེད་པ་གསང་དབང་དང༌། ཡིད་ཀྱི་དྲི་མ་དག་ཅིང་ཐུགས་རྡོ་རྗེ་རྫོགས་པར་བྱེད་པ་འཇིག་རྟེན་པའི་ཤེར་དབང་དང༌། ཡེ་ཤེས་ཀྱི་ཁམས་ཆགས་རྟོག་གི་དྲི་མ་སྦྱོང་ཞིང་ཡེ་ཤེས་རྡོ་རྗེ་རྫོགས་པར་བྱེད་པ་འཇིག་རྟེན་ལས་འདས་པའི་དབང་བཞི་པ་སྟེ། འདིས་ནི་ལུས་དང་ངག་དང་སེམས་ཀྱི་དྲི་མ་བག་ཆགས་དང་བཅས་པ་ཡང་སྦྱོང་བར་བྱེད་དོ། །དེ་བཞིན་དུ་བུམ་དབང་སོར་བསམ་གྱི་སྨིན་བྱེད་དང༌། གསང་དབང་སྲོག་འཛིན་གྱི་དང༌། འཇིག་རྟེན་པའི་ཤེར་དབང་རྗེས་དྲན་གྱི་དང༌། འཇིག་རྟེན་འདས་པའི་དབང་བཞི་པ་ཚིག་གི་དབང་དུ་བྱས་པ་ནི་ཏིང་ངེ་འཛིན་གྱི་ཡན་ལག་གི་སྨིན་བྱེད་བགོ་སྐལ་དུ་ཐོབ་པ་དང༌། སྦྱིར་ཡན་ལག་ལྷག་མ་ལྔ་པོའི་ཡང་ངོ༌། །ཚུལ་འདིས་གོང་དབང་བདུན་ལ་ཡང་ངེས་པ་སྟེར་བར་བྱེད་དོ། །ཆུ་ཅོད་ནི་བུམ་དབང་གི་སྔོན་འགྲོ་དང་སོར་བསམ་གྱི་སྨིན་བྱེད། དར་དཔྱངས་དང་དྲིལ་བུ་གསང་དབང་དང་སྲོག་འཛིན། བརྟུལ་ཞུགས་དང་མིང་འཇིག་རྟེན་པའི་ཤེར་དབང་དང་རྗེས་དྲན། རྗེས་གནང་ནི་འཇིག་རྟེན་འདས་པ་བཞི་བའི་སྔོན་འགྲོ་དང༌། ཏིང་ངེ་འཛིན་གྱི་སྨིན་བྱེད་དུ་ཡང་སྦྱོར་ལ། དབང་བདུན་ནི་བསྐྱེད་རིམ་གྱི་དངོས་ཀྱི་སྨིན་བྱེད་དང༌། རྫོགས་རིམ་གྱི་བརྒྱུད་པའི་སྨིན་བྱེད་དོ། །དབང་གོང་མ་བཞི་ནི་རྫོགས་རིམ་གྱི་དངོས་ཀྱི་སྨིན་བྱེད་དང༌། འབྲས་བུ་སྐུ་བཞི་རྒྱུད་ནས་སྨིན་པར་བྱེད་པའོ། །ཞེས་རགས་པའི་ཐ་སྙད་དུ་སྦྱོར་ཞིང༌། ཡང་དག་པར་ན་དབང་


TNT02_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་ཡེ་ཤེས་ཉིད་ལམ་རྫོགས་པའི་རིམ་པ་དང་འབྲས་བུ་སྐུ་བཞིའོ། །བཞི་པ་ནི། བྱིས་པ་དར་མ་དེ་ནས་རྒན། །བཞི་པ་སྐྱེ་དགུའི་བདག་པོའོ། །བུམ་དབང་གི་ཡེ་ཤེས་ནི་བདེ་བ་གསར་དུ་སྐྱེས་པ་ཕྲ་མོ་ཡིན་པའི་ཕྱྀར་བྱིས་པ་དང༌། གསང་དབང་གི་ཡེ་ཤེས་ནི་སྔར་ཡོད་ཀྱི་རྒྱུན་ལས་ལྷག་པར་འཕེལ་ཀྱང་མ་སྨིན་པ་ཡིན་པའི་ཕྱིར། ལང་ཚོའམ་དར་མ་དང༌། འཇིག་རྟེན་པའི་ཤེར་དབང་གི་ཡེ་ཤེས་ནི། }ར་གྱི་བདེ་བའི་རྒྱུན་ལས་རྒྱས་པ་ནི་ཡིན་ཡང་རབ་ཏུ་སྨིན་པའི་ཕྱིར་རྒན་པོ་དང༌། འཇིག་རྟེན་ལས་འདས་པའི་བཞི་པ་ནི། བདེ་བ་གཞན་ཐམས་ཅད་ཀྱི་རང་བཞིན་ལ་ཁྱབ་ཅིང༌། རང་ཉིད་ལ་སྐྱེ་འཇིག་མེད་ལ་གཞན་རྣམས་གང་ལས་འབྱུང་བ་དང་གང་དུ་ཐིམ་པའི་གཞི་ཡིན་པའི་ཕྱིར་སྐྱེ་དགུའི་བདག་པོའོ། །ལྔ་པ་ནི། ཤེས་རབ་ནུ་མར་ཡན་ལག་ནི། །རེག་པས་བྱང་ཆུབ་སེམས་འཕོའི་བདེ། །འོ་མ་འཛིན་པས་དབང་བསྐུར་བ། །གང་ལས་བདེ་ཐོབ་དེ་བྱིས་པའོ། །ཡུན་རིང་གསང་བར་སྤྲོས་ལས་སྐྱེས། །བྱང་ཆུབ་སེམས་ནི་འཕྲོ་བའི་བདེ། །གསང་བའི་དབང་བསྐུར་གསང་བར་ནི། །གང་ལས་བདེ་ཐོབ་དེ་དར་མ། །ཡུན་རིང་གསང་བར་སྤྲོས་ལས་སྐྱེས། །རྡོ་རྗེའི་རྩེ་མོར་གཡོ་བའི་བདེ། །ཤེས་རབ་ཡེ་ཤེས་དབང་བསྐུར་བ། །གང་ལས་གཡོ་བའི་བགྲོད་དེ་རྒན། །ཕྱག་རྒྱ་ཆེན་པོ་རྗེས་ཆགས་ལས། །སྐྱེས་པ་གཡོ་མེད་བདེ་བ་ནི། །ཤེས་རབ་ཆེན་པོའི་དབང་བསྐུར་བ། །གང་ལས་གཡོ་མེད་རྟོགས་པ་སྟེ། །སྐྱེ་དགུའི་བདག་པོར་རྣམ་ཤེས་བྱ། །སྐྱོབ་པ་ཐམས་ཅད་སྐྱེད་མཛད་པ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །བྱང་སེམས་གཉིས་མེད་མི་འགྱུར་བ། །འདི་ནི་དམ་ཚིག་སེམས་དཔར་འགྱུར། །རྡོ་རྗེའི་རྣལ་འབྱོར་རྣམ་པ་ཡིན། །དུས་ཀྱི་འཁོར་ལོ་འདིར་བཤད་པ། །རྣམ་འབྱོར་བ་ཡི་ཐར་སྟེར་བྱེད། །ཅེས་གསུངས་ཏེ་ཤེས་རབ་མའི་ནུ་མ་ལ་ཐབས་ཀྱི་ཡན་ལག་རེག་པའི་རྗེས་ཆགས་ལས། བྱང་ཆུབ་ཀྱི་སེམས་གཙུག་ཏོར་ནས་དཔྲལ་པར་འཕོས་ཤིང་འོངས་པ། རྣལ་འབྱོར་གྱི་ཐབས་


TNT02_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཅུང་ཟད་བཅིངས་པའི་བདེ་བའི་ཡེ་ཤེས་ནི་བུམ་དབང་སྟེ། དེ་ཡང་སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི་དགའ་བ་སྟེ་བཞིའི་བདག་ཉིད་དོ། །དེ་ལ་བུམ་པའི་བརྡས་ནི་ཤེས་རབ་ཀྱི་འོ་མ་འཛིན་པ་བསྟན་པ་ཡིན་ཏེ། དེ་ལ་རེག་པ་ལས་བྱུང་བའི་ཕྱིར་བུམ་དབང་ཞེས་བྱའོ། །དེ་ལྟ་བུའི་བདེ་བ་དེ་ནི་བྱིས་པའི་དཔེས་བསྟན་པ་སྟེ། དང་པོར་བྱུང་བ་དང༌། ཆུང་བ་དང༌། མི་བསྟན་པས་སོ། །ཡུན་རིང་གསང་བར་སྤྲོས་ལས་སྐྱེས། །ཞེས་པ་དང་པོ་ནི། གསང་བར་སྤྲོས་ལས་སྐྱེས་ཡུན་རིང་ཞེས་པའམ། འབྲོ་འགྱུར་ལས། གསང་བ་མཉེས་ལས་ཡུན་རིང་སྐྱེས། །ཞེས་འབྱུང་བ་ལེགས་ཏེ། རྒྱ་གར་གྱི་སྐད་དུ་གུ་ཧྱཱ་སྥཱ་ལ་ཙི་རཱ་ཛ་ཏཾ། ཞེས་འབྱུང་བས། སྥཱ་ལ་སྤྲོས་པ་དང་མཉེས་པ་གཉིས་ཀར་ལ་འཇུག་གོ །ཤེས་རབ་མའི་གསང་བར་ཐབས་ཀྱི་རྡོ་རྗེ་སྤྲོས་པ་སྟེ་ཕྱིན་པ་ལས། བྱང་ཆུབ་ཀྱི་སེམས་དཔྲལ་པ་ནས་ཞུ་སྟེ་མགྲིན་པ་ནས་རྒྱུད་སྙིང་གར་འཕོས་པ་ལས་སྐྱེས་པའི་བདེ་བ་ཐབས་ཀྱིས་ཅུང་ཟད་བཅིངས་པ་ནི། གསང་དབང་གི་ཡེ་ཤེས་ཏེ། དེ་ལ་དབྱེ་ན་སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི་མཆོག་ཏུ་དགའ་བ་བཞིའོ། །གསང་བར་ནི་ཞེས་པ། གསང་བའི་དབང་པོ་ཕྲད་པ་ལས་ཐོབ་པ་ཞེས་འཆད་ཅིང༌། }་མ་ལས་འཕེལ་བའི་ཕྱིར་དར་མའི་དཔེས་སྟོན། འདི་ནི་དོན་དམ་བསྡུས་པ་སོགས་འགྲེལ་པ་རྣམས་ལས་བཤད་པའི་ལུགས་ཡིན་ལ། གསང་བར་སྤྲོས་པ་ནི། སློབ་དཔོན་གྱི་བྱང་ཆུབ་ཀྱི་སེམས་གསང་བའི་རྩ་འཁོར་ཕན་ཆད་དུ་སྤྲོས་པ་སློབ་མའི་ཁར་དབབ་པ་དང༌། གསང་བར་ནི་ཞེས་པས་ཤེས་རབ་མའི་གསང་བའི་དཀྱིལ་འཁོར་དུ་ཞེས་པ་སྟེ། དེ་ལྟར་ན་ཐབས་ཀྱི་བྱང་སེམས་དང༌། ཤེས་རབ་མའི་བྷ་གའི་དཀྱིལ་འཁོར་བལྟས་པ་ལས། སྔ་མ་བུམ་དབང་ལས་ཡུན་རིང་བའི་བདེ་བ་ཐོབ་པ་གསང་དབང་ངོ་ཞེས་བཤད་ན། གཞུང་དོན་དཔྱིས་ཕྱིན་པར་འགྱུར་རོ་སྙམ་པ་ནི་ཁོ་བོའི་རྣམ་པར་རྟོག་པའོ། །དེ་བཞིན་དུ་སློབ་དཔོན་གྱི་སློབ་མ་ལ་ཤེས་རབ་མ་གཏད་པ་ལས། ལག་བཅངས་དང༌། སྙོམས་འཇུག་གི་སྤྱོད་པས་བྱང་ཆུབ་ཀྱི་


TNT02_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྙིང་ག་ནས་གསང་བའི་བར་དུ་སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི་དགའ་བྲལ་བཞི་དང༌། གསང་བ་ནས་ནོར་བུའི་བར་དུ། སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི་ལྷན་སྐྱེས་བཞིའོ། །ནོར་བུའི་རྩེ་མོར་གཡོ་ཞིང་བྱོན་པའི་བདེ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཡེ་ཤེས་ཏེ། སྔ་མ་གཉིས་ཀ་ལས་ཡུན་རིང་ཞིང༌། ཁྱད་པར་དུ་གྱུར་ལ་མཐར་མི་བརྟན་པའི་ཕྱིར་རྒན་པོའོ། །དེ་དག་ཐམས་ཅད་ལ་གཡོ་བའི་བགྲོད་པ་ཞེས་གསུངས་པ་ནི། མི་བརྟན་པ་དང༌། འགྱུར་བདེའི་རང་བཞིན་ཅན་དུ་དགོངས་པ་ཡིན་ལ། བགྲོད་པ་ཞེས་པ་ནི་འགྲོ་བའི་དོན་ནོ། །ཡུན་རིང་ཞེས་པས་མཐར་འཇིག་ཀྱང་སྔ་མ་ལས་ཡུན་རིང་ཞེས་བསྟན་པས། འོག་ཏུ་འཆད་པ་བཞི་པའི་ཡེ་ཤེས་ནི། མི་འཇིག་ཅིང་བརྟན་པར་ཡང་ཤུགས་ལ་བསྟན་ཏོ། །འཇིག་རྟེན་ལས་འདས་པའི་དབང་བཞི་པ་ནི། ལས་དང་ཡེ་ཤེས་ཀྱིས་ཕྱག་རྒྱ་དང༌། རྣམ་པར་རྟོག་པའི་སྒོམ་པ་ལས་འབྱུང་བ་མ་ཡིན་ཏེ། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ་རྗེས་སུ་ཆགས་པ་ལས། བྱང་ཆུབ་ཀྱི་སེམས་བཅིངས་ཤིང་བཟློག་པར་འགྱུར་ལ། དེ་ལས་སྐྱེས་པ་སྟེ་མངོན་དུ་གྱུར་པའི་བདེ་བ་གཡོ་བ་མེད་པ་ནི། ཤེས་རབ་མ་ཆེན་པོ་སྟོང་གཟུགས་ཕྱག་རྒྱ་ཆེན་མོས་དབང་བསྐུར་བ་སྟེ། འཇིག་རྟེན་ལས་འདས་པའི་དབང་བཞི་པ་བསྐུར་བ། མི་འགྱུར་བའི་ཡེ་ཤེས་སོ། །དེ་ལྟར་ན་ཕྱག་རྒྱ་ཆེན་པོའི་ཐབས་གང་ལས། ཐིག་ལེ་གཡོ་མེད་མི་འགྱུར་བའི་བདེ་བ་རྟོགས་པ་དེ་ནི་སྐྱེ་དགུའི་བདག་པོ་ཞེས་བྱ་བར་རྣམ་པར་ཤེས་པར་བྱ་སྟེ། འཇིག་རྟེན་དུ་ཡང་བུ་དང་ཚ་བོ་ལ་སོགས་པའི་རིགས་བརྒྱུད་དཔག་ཏུ་མེད་པ་གང་ལས་བྱུང་བའི་གཞི། ཡང་མེས་དེ་ནི་སྐྱེ་དགུའི་བདག་པོ་ཞེས་གྲགས་ཏེ། མུ་སྟེགས་བྱེད་དག་ཚངས་པ་ལ་སོགས་པ་བྱེད་པོ་དག་ནི་འཇིག་རྟེན་ཐམས་ཅད་སྤྲུལ་པར་བྱེད་ཅིང༌། མཐར་དེ་ཉིད་དུ་ཐིམ་པར་བྱེད་པ་ནི་སྐྱེ་དགུའི་བདག་པོའོ་ཞེས་འདོད་དོ། །དེ་བཞིན་དུ་མི་འགྱུར་བའི་བདེ་བ་དེ་ནི་ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་དང༌། ཆོས་ཉིད་


TNT02_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འཁོར་འདས་ཐམས་ཅད་ཀྱི་གཞིའི་ཕྱིར་རོ། །སྐྱོབ་པ་ནི་སངས་རྒྱས་ཡིན་ལ། དེ་ཡང་ཆོས་ཉིད་རྟོགས་པས་རབ་ཏུ་ཕྱེ་བའི་ཕྱིར། སངས་རྒྱས་ཐམས་ཅད་སྐྱེད་པར་མཛད་པ་པོ་ཡིན་པ་དང༌། ཡང་ན་སྐྱོབ་པ་སྟེ་སངས་རྒྱས་ཀྱི་བརྡས་ལྷ་སུམ་ཅུ་རྩ་དྲུག་གི་རྣམ་པར་དག་པ་ཅན་ཕུང་ཁམས་སུམ་ཅུ་རྩ་དྲུག་ཡིན་ལ། དེ་ཡང་ཕུང་ཁམས་མ་དག་པ་རྣམས་སྦྱངས་ནས། རྣམ་པར་དག་པའི་ཕུང་ཁམས་བསྐྱེད་པར་བྱེད་དོ། །མི་འགྱུར་བའི་བདེ་བ་བྱང་ཆུབ་གྱི་སེམས་ནོར་བུ་ནས་གཙུག་ཏོར་གྱི་བར་ཏུ་བརྟན་པ་གང་ཡིན་པ་དེ་ནི། འབྲས་བུ་སྐུ་བཞི་ལམ་དུ་བྱེད་པས་ལམ་གྱི་སྐུ་བཞི་ཡིན་ཏེ། རྡོ་རྗེ་སེམས་དཔའ་ལྷན་ཅིག་སྐྱེས་པའི་སྐུ་དང་བྱང་ཆུབ་སེམས་དཔའ་ཆོས་སྐུ་དང༌། སེམས་དཔའ་ཆེན་པོ་ལོངས་སྐུ་དང༌། དམ་ཚིག་སེམས་དཔལ་སྤྲུལ་སྐུ་སྟེ། བྱང་ཆུབ་ཀྱི་སེམས་ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། གཙུག་ཏོར་དུ་བརྟན་པས་མས་བརྟན་པའི་དགའ་བ་བཞི་དང༌། སྐད་ཅིག་མ་བཞི་དང༌། འབྲས་བུ་བཞི་ཐོབ་པ་ལ་སྦྱར་ཞིང༌། ཐམས་ཅད་ཀྱང་བདེ་སྟོང་གཉིས་སུ་མེད་པ་ཐིག་ལེ་མི་འགྱུར་བའི་ཡེ་ཤེས་སོ། །དེ་དག་ཡེ་ཤེས་དང༌། ཐུགས་དང༌། གསུང་དང༌། སྐུ་རྡོ་རྗེའི་རྣལ་འབྱོར་རྣམ་པ་བཞི་ཡང་ཡིན་ཏེ། དབང་བཞི་པའི་ཡེ་ཤེས་དུས་ཀྱི་འཁོར་ལོའི་རྒྱུད་འདིར་བཤད་པ་ནི། རྣལ་འབྱོར་པ་སྟེ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐར་པ་ཟུང་འཇུག་མཆོག་ཏུ་མི་འགྱུར་བ་སྟེར་བར་བྱེད་པའོ། །དེས་ན་རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། བྱང་སེམས་ཞེས་གོ་རིམ་དེ་ལྟར་གསུངས་པ་ནི་སྡེབ་སྦྱོར་གྱི་དབང་ལས་ཏེ། དོན་དུ་ནི་གོ་རིམ་གོང་དུ་བཤད་པ་ཉིད་དོ། །འདིར་འགྲེལ་ཆེན་དོན་དམ་བསྡུས་པ་རྗེས་འབྲང་དང་བཅས་པ་ལས་ནི། གསང་ལྟེ་སྙིང་མགྲིན་བཞི་ལ་སེམས་དཔའ་བཞི་དང༌། དཔྲལ་པར་རྡོ་རྗེའི་རྣལ་འབྱོར་བཞི། གཙུག་ཏོར་དུ་དུས་ཀྱི་འཁོར་ལོ་ཞེས་འཁོར་དྲུག་ལ་སེམས་དཔའ་དྲུག་སྦྱོར་ཏེ། སྐབས་འདིའི་གཞུང་གི་ཚིག་དོན་ལ་ཞུགས་པར་མི་སྣང་ངོ༌། །དེ་ལ་རྒྱུད་ཀྱི་རྒྱལ་པོ་འདིར་ཆུ་དབང་སོགས་ལ། བྱིས་


TNT02_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གི་དབང་ཞེས་བརྗོད་ཀྱི་རྡོ་རྗེ་སློབ་དཔོན་གྱི་དབང་དང་བུམ་དབང་གི་ཐ་སྙད་མི་མཛད་དོ། །བུམ་དབང་ནི་རྣམ་པ་ཀུན་ཏུ་དབང་གོང་མ་ཡིན་ལ། དེ་རྒྱུད་འདིར་རྡོ་རྗེ་སློབ་དཔོན་གྱི་དབང་དུ་མི་འཇོག་ཀྱང་ཕྱིར་མི་ལྡོག་པའི་དབང་དུ་ནི་བྱེད་དགོས་པ་ཡིན་ནོ། །དེས་ན་དབང་ལ་དབྱེ་ན་བྱིས་འཇུག་དང་དབང་གོང་མ་གཉིས་སོ། །དེ་ལ་དབྱེ་ན། །གང་ལ་བསྐུར་བའི་ཡུལ་གྱི་སྒོ་ནས་སློབ་དཔོན་གྱི་དབང་དང༌། སློབ་མའི་དབང་ངོ༌། །ཡེ་ཤེས་མཆོག་དམན་གྱི་དབྱེ་བས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་སོ། །དེ་ཡང་དཔལ་དྲི་མ་མེད་པའི་འོད་ལས། འདིར་དབང་གོང་མ་ནི་རྣམ་པ་གཉིས་ཏེ། གཅིག་ནི་སེམས་ཅན་གཞུག་པའི་དོན་དང༌། ལམ་ཡོངས་སུ་ཤེས་པའི་དོན་དང༌། རྒྱུད་ཉན་པ་ལ་དབང་བའི་དོན་དུའོ། །གཞན་ནི་སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང༌། སྟོན་པ་པོ་བྱེད་པའི་སླད་དུའོ། །ཞེས་གསུངས་ཏེ། རང་ཉིད་སྒོམ་པ་དང་རྒྱུད་ཉན་པ་ལ་དབང་བའི་དོན་དུའོ་སློབ་མའི་དབང་བསྐུར་བ་ལ། ཤེས་རབ་ཀྱི་ནུ་མ་ལ་རེག་པའི་བུམ་དབང་དང༌། བྱང་ཆུབ་ཀྱི་སེམས་མྱང་ཞིང་བྷ་གའི་དཀྱིལ་འཁོར་ལྟ་བའི་གསང་དབང་དང་རིགས་དྲུག་གི་སྦྱང་པ་བྱས་པའི་རིག་མ་གཏད་དེ་གཉིས་སྦྱོར་གྱི་བདེ་བ་སྒོམ་པའི་ཤེར་དབང་རྣམས་ངེས་པར་སྦྱིན་པར་བྱ་བ་ལ་རྩོད་པ་མེད་ལ། ཁ་ཅིག་འཇིག་རྟེན་ལས་འདས་པའི་དབང་བཞི་པ་མི་སྦྱིན་པར། ཤེར་དབང་གི་ནང་ཚན་འཇིག་རྟེན་པའི་དབང་བཞི་པ་དེ་ཉིད་ལོགས་སུ་བགྲངས་ནས། སློབ་མའི་དབང་གོང་མར་གྱུར་པ་བཞིའོ་ཞེས་འདོད་པ་ནི་མི་འཐད་དེ། འཇིག་རྟེན་ལས་འདས་པའི་དབང་བཞི་པའི་ཚིག་དབང་ཙམ་ཡང་མ་ཐོབ་པར། དབང་དེའི་ལམ་སྒོམ་དུ་རུང་བ་དང༌། འདས་པའི་ལམ་སྟོན་བྱེད་ཀྱི་རྒྱུད་ཚིག་རྣམས་ཉན་དུ་རུང་བར་ཐལ་བའི་ཕྱིར། དགོས་པའི་སྒོ་ནས་མི་འཐད་ལ། དབང་དང་པོ་གསུམ་ལ་གསོལ་གདབ་དང་ང་རྒྱལ་འཛིན་པ་ཡོད་ལ། བཞི་པ་ལ་མི་བྱེད་པའི་ལག་ལེན་ཡང་མི་འཐད་ཅིང༌། དང་པོ་གཉིས་སོ་སོར་བྱེད་ཅིང་ཕྱི་མ་གཉིས་གཅིག་ཏུ་


TNT02_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་ཡང་མི་འཐད་པའི་ཕྱིར་རོ། །དེས་ན་བསྡུས་རྒྱུད་ལས། དབང་བདུན་རྣམས་ཀྱིས་མངོན་པར་དབང་བསྐུར་དགེ་བའི་དབང་གིས་ས་བདུན་གྱི་ནི་དབང་ཕྱུག་ཉིད་དུ་འགྱུར། །བུམ་པ་གསང་བས་དབང་བསྐུར་སླར་ཡང་ཕྱིར་མི་ལྡོག་པ་སོགས་སུ་ངེས་པར་རབ་ཏུ་འཇུག །ཤེས་རབ་ཡེ་ཤེས་དག་གིས་མངོན་པར་དབང་བསྐུར་སྲིད་པའི་འཇིགས་པ་འཇོམས་པའི་འཇམ་དབྱངས་ཉིད་དུ་འགྱུར། །ཞེས་ཤེས་རབ་ཡེ་ཤེས་དག་ཅེས་པས་འཇིག་རྟེན་འཇིག་རྟེན་འདས་པ་གཉིས་བསྟན་པར་འགྱུར་ལ། དབང་བདུན་གྱི་ཕྲེང་ཆགས་སུ་དག་པའི་རིམ་པ་གཅིག་གིས་བསྟན་པའི་ཕྱིར། སློབ་མའི་དབང་ཁོ་ན་ཡིན་པར་འགྱུར་རོ། །གཞན་དུ་ན་འཇིག་རྟེན་པའི་དབང་གསུམ་པ་དང་བཞི་པ་སོ་སོར་བགྲངས་ཀྱང་འཇིག་རྟེན་པའི་ཤེས་རབ་ཡེ་ཤེས་ཁོ་ནར་རིམ་པ་གཅིག་པའི་ཕྱིར། ཤེས་རབ་ཡེ་ཤེས་རིམ་པ་གཉིས་སུ་མི་འགྱུར་རོ། །འོ་ན་དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་གང་ཡིན་བུམ་པའི་དབང་ནི་དེ་ཉིད་དོ། །གསང་བ་དག་ལས་རི་བོང་འཛིན་པ་མྱང་བ་དང་ནི་བལྟ་བ་དག་གི་གསང་བའི་དབང་དུ་འགྱུར། །ཤེས་རབ་ཡེ་ཤེས་དབང་ལ་མཐའ་དག་རྒྱལ་བའི་རིགས་ཀྱི་ཡན་ལག་ཞལ་གྱིས་སྦྱང་བ་བྱས་ནས་ནི། །རྒྱལ་བ་དག་ཀྱང་འདིར་ནི་བླ་མས་དབང་པོར་བྱས་ནས་སློབ་མ་ལ་ནི་ཕྱག་རྒྱ་སྦྱིན་པར་བྱ། །ཞེས་པའི་ཚིགས་བཅད་འདིས་སློབ་མའི་དབང་བསྟན་ཞིང་འདིར་འཇིག་རྟེན་ལས་འདས་པའི་བཞི་པ་མ་གསུངས་ལ། རྒྱན་རྣམས་ཐམས་ཅད་དང་ལྡན་ཞུན་མའི་གསེར་དང་མཚུངས་ཤིང་བཅུ་གཉིས་ལོ་ལོན་མཛེས་པའི་བུ་མོ་ནི། །ཁྲག་དང་ལྡན་ལ་ཤེས་རབ་ཐབས་ཀྱི་བདག་ཉིད་དག་གིས་རང་གི་རྡོ་རྗེ་ནོར་བུས་འདོད་སྤྱད་ནས། །ས་བོན་དང་བཅས་རྡོ་རྗེ་དག་ཀྱང་སློབ་མ་དག་པར་ཤེས་ནས་ཁ་རུ་འཕང་པ་བྱས་ནས་ནི། །ཕྱི་ནས་རང་གི་ཕྱག་རྒྱ་སྦྱིན་བྱ་དེ་ནས་སླར་ཡང་གཞན་ནི་དུ་བའི་ལམ་སོགས་ལྡན་པའོ། །ཞེས་རྡོ་རྗེ་སློབ་དཔོན་གྱི་དབང་ལ་དུ་བའི་ལམ་སོགས་འཇིག་རྟེན་འདས་པའི་དབང་གསུངས་པས་ཁྱད་


TNT02_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསལ་པོར་ཕྱེ་བ་མ་ཡིན་ནམ་སྙམ་ན་མ་ཡིན་ཏེ་ཚིགས་བཅད་དང་པོ་ཡང༌། ཕྱག་རྒྱ་དར་དཔྱངས་ཅོད་པན་དག་དང་རྡོ་རྗེ་མཆོད་ཕྱིར་ཐོགས་ནི་བླ་མ་མཆོག་གིས་སྦྱིན་པར་བྱ། །དེ་རྣམས་སློབ་དཔོན་སླད་དུ་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ཕྱག་རྒྱ་རྣམ་པར་དག་པ་ཉིད། །ཅེས་གསུངས་པའི་འཕྲོས་འཆང་བ་ཡིན་པས་ན་སློབ་དཔོན་སླད་དུ་ཞེས་སློབ་དཔོན་གྱི་དབང་གི་སྐབས་ཉིད་དུ་འབྲེལ་བས། དངོས་ནི་སློབ་དཔོན་གྱི་དབང་ཉིད་ཡིན་ལ། ཆོ་ག་ནི་སློབ་མའི་དབང་དང་ཡང་ཕལ་ཆེར་འདྲ་བས་ཐུན་མོང་དུ་བསྟན་པ་ཉིད་དོ། །དེས་ན་ཚིགས་བཅད་འོག་མར་དུ་བའི་ལམ་སོགས་བསྟན་པས་ཚིག་བཅད་སྔ་མའི་གཞུག་ཏུ་ཡང་ཁ་འགེངས་དགོས་པ་ཡིན་ནོ། རང་ལུགས་ནི། སློབ་མའི་དབང་གི་སྐབས་སུ་ཟབ་ལམ་ཉན་པ་དང་སྒོམ་དུ་རུང་བའི་དོན་དུ་འཇིག་རྟེན་ལས་འདས་པའི་དབང་བཞི་པ་སྦྱིན་དགོས་ཤིང༌། རྡོ་རྗེ་སློབ་དཔོན་གྱི་དབང་ཡང་ནང་ཚན་དུ་ཕྱེ་ན་གཉིས་སུ་འགྱུར་ཏེ། བདག་པོའི་དབང་དང་བདག་པོ་ཆེན་པོའི་དབང་ངོ༌། །དང་པོ་ནི་དབང་སྟེགས་སོགས་བཅས་ནས་ཕྱག་རྒྱ་དར་དཔྱངས་ཅོད་པན་སོགས་སྔོན་དུ་འགྲོ་བས། དབང་བཞི་བསྐུར་བ་སྟེ་དཔལ་ལྡན་ཤེས་རབ་ལྡན་ནུ་མ་སོགས་ཀྱིས་བསྟན་ཏོ། །གཉིས་པ་བདག་པོ་ཆེན་པོའི་དབང་ནི་རིག་མ་བཅུའི་དཀྱིལ་འཁོར་དང་བཅས་ཏེ། ཆོ་གའི་ཁྱད་པར་སྔ་མ་གཉིས་དང་ཅུང་ཟད་མི་འདྲ་བས་དབང་བཞི་བསྐུར་བ་ནི། རྒྱན་རྣམས་ཐམས་ཅད་དང་ལྡན་སོགས་ཀྱིས་བསྟན་ཏོ། །ཕྱི་མ་འདི་ནི་རིག་པའི་བརྟུལ་ཞུགས་དང་འབྲེལ་བའི་དབང་བསྐུར་བ་ཡིན་པར་གསལ་ལ། འགའ་ཞིག་དབང་གོང་མ་རྣམ་པ་གཉིས་ཞེས་གསུངས་པས། སློབ་དཔོན་གྱི་དབང་ལ་དབྱེ་བ་གཉིས་མེད་པར་འདོད་པ་དང༌། ཁ་ཅིག་གོང་མ་ཆེན་མོ་སྟོན་པའི་ཚིག་རྣམས་ཀྱིས་བརྟུལ་ཞུགས་ཀྱི་སྤྱོད་པའི་དབང་ཁོ་ན་བསྟན་པའི་ཕྱིར། གནས་སྐབས་དེ་མ་ཐོབ་པར་བྱེད་པ་མི་འཐད་ལ། དེ་ལས་གཞན་པའི་སློབ་དཔོན་གྱི་དབང་ལ། ཕྱག་རྒྱ་དྲུག་སོགས་བྱིན་


TNT02_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སློབ་དཔོན་གྱི་གནས་སུ་གནང་བ་སྦྱིན་པ་ཡིན་གྱི། དབང་བཞི་བལྡབས་ཏེ་བསྐུར་མི་དགོས་སོ་སྙམ་པ་དང༌། འགའ་ཞིག་རིག་མ་གཅིག་ལ་བརྟེན་པའི་དབང་གསུམ་ལ་གོང་ཆུང་དང༌། བཅུ་ལ་བརྟེན་པའི་དབང་བཞི་ཀ་ལ་གོང་ཆེན་ཟེར་ཞིང༌། སློབ་དཔོན་ཆེན་པོའི་དབང་ཡིན་པར་འདོད་བཞིན་དུ་བདག་པོ་ཆེན་པོར་མི་འདོད་པ་དང༌། ཕྱག་རྒྱ་དར་དཔྱངས་སོགས་ཁོ་ན་བདག་པོ་ཆེན་པོར་བྱེད་པ་རྣམས་ནི། དྲི་མེད་འོད་ཉིད་དང་འགལ་ཞིང༌། རིག་པའི་གནོད་བྱེད་ཀྱང་ཡོད་མོད་ཀྱི་འདིར་མ་སྨོས་སོ། །ཡང་རྒྱུད་ལས་འདི་སྐད་ཅེས། འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུའི་ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས་པའོ། །གང་ཞིག་ཤེས་རབ་ཀྱི་ནི་ནུ་མ་ལ་རེག་གཞན་པ་བདུད་རྩི་མྱང་དང་འཁྱུད་པ་གང་ཡིན་པ། །ཤེས་རབ་དང་འགྲོགས་བྱང་ཆུབ་སེམས་ནི་ཞུ་བ་དག་ལ་བཞི་པའི་སྐད་ཅིག་བདུད་རྩི་རྟོགས་པ་གང༌། །འདི་དག་ཐམས་ཅད་ངེས་པར་འཇིག་རྟེན་པ་སྟེ་མཆོག་གི་སྙིང་རྗེ་ཡིས་ནི་ལམ་གྱི་རྒྱུ་རུ་བསྟན། །འཇིག་རྟེན་འདས་པའི་དབང་གང་མཆོག་གི་རྒྱལ་བའི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ། །ཞེས་གསུངས་ཏེ། སློབ་མའི་དབང་དང༌། བདག་པོའི་དབང་དང༌། བདག་པོ་ཆེན་པོའི་དབང་གསུམ་གང་ལ་ཡིན་ཡང་རུང་སྟེ། ཏིང་ངེ་འཛིན་གྱི་ཡན་ལག་མ་ཐོབ་པ་ལ་སྦྱིན་ན་དབང་དང་པོ་གསུམ་ནི་འཇིག་རྟེན་པ་དང༌། བཞི་པ་ནི་འཇིག་རྟེན་ལས་འདས་པའོ། །ཏིང་ངེ་འཛིན་ཐོབ་པ་ལ། དེ་དག་གང་སྦྱིན་ཡང་འཇིག་རྟེན་ལས་འདས་པར་འགྱུར་མོད་ཀྱི། སློབ་མ་དང༌། བདག་པོའི་དབང་སྦྱིན་མི་དགོས་པས། བདག་པོ་ཆེན་པོ་ཁོ་ན་རིག་པའི་བརྟུལ་ཞུགས་ཀྱི་དོན་དུ་སྦྱིན་པར་བྱས་ལ། གནས་སྐབས་དེར་ནི་མི་འགྱུར་བའི་བདེ་བ་ཁོ་ནའི་རྣམ་རོལ་ཏུ་འཆར་བའི་ཕྱིར། དབང་བཞི་ཀ་འཇིག་རྟེན་ལས་འདས་པའོ། །འཇིག་རྟེན་པའི་དབང་རྣམས་ལ་ནི་དབང་གོང་མ་ཆུང་ངུ་ཞེས་བརྗོད་ལ། འཇིག་རྟེན་ལས་འདས་པའི་དབང་རྣམས་


TNT02_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དབང་གོང་མ་ཆེན་པོའོ། །བཞི་པ་དང་ཤེས་རབ་ཡེ་ཤེས་ཀྱི་རབ་དབྱེ་ནི། ཤེས་རབ་ཡེ་ཤེས་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་ཏེ། དབང་བཞིའི་ཟླས་ཕྱེ་བའི་གསུམ་པ་དང་བཞི་པ་གཉིས་སོ། །འཇིག་རྟེན་པའི་ཤེས་རབ་ཡེ་ཤེས་ལ། ལག་བཅངས་ལས་ཐོབ་པ་འཇིག་རྟེན་པའི་དབང་གསུམ་པ་དང༌། གཉིས་གཉིས་ལས་ཐོབ་པ་འཇིག་རྟེན་པའི་དབང་བཞི་པ་གཉིས་སུ་དབྱེ་ལ། འཇིག་རྟེན་ལས་འདས་པའི་ཤེས་རབ་ཡེ་ཤེས་དང༌། ཤེས་རབ་ཡེ་ཤེས་ཆེན་པོ་དང༌། འཇིག་རྟེན་ལས་འདས་པའི་དབང་བཞི་པ་རྣམས་དོན་གཅིག་གོ །འོ་ན་གཞུང་འདིའི་དངོས་བསྟན་ལས་གསུངས་པའི་དབང་བཞི་པོ་འདི་སློབ་མའམ་སློབ་དཔོན་གྱི་དབང་གང་ཡིན་ཞེ་ན། དབང་བཞི་ཚན་གསུམ་པོ་ཐམས་ཅད་ཀྱི་སྤྱི་ཐུན་མོང་གི་མཚན་ཉིད་ནས་བསྟན་པ་ཡིན་ཏེ། དེ་གསུམ་ཀ་ཆོ་གའི་ཡན་ལག་རྒྱས་བསྡུས་མ་གཏོགས་སྤྱིའི་མཚན་ཉིད་འདྲ་བའི་ཕྱིར་རོ། །མཁས་པ་འགའ་ཞིག་རྒྱུད་འདི་དང་ཕྱག་རྡོར་སྟོད་འགྲེལ་ལས། གསང་དབང་གི་ཡེ་ཤེས་ནི་སློབ་མའི་རྡོ་རྗེ་ཤེས་རབ་ཀྱི་པདྨར་ཅུང་ཟད་སྐྱོད་པས་དཔྲལ་པ་ནས་མགྲིན་པར་ཞུ་བའི་བདེ་བ་ལ་བཤད་ཅིང༌། བསྡུས་རྒྱུད་རྩ་འགྲེལ་སོགས་ལས། བྱང་ཆུབ་ཀྱི་སེམས་མྱངས་ཤིང་བྷ་གར་བལྟ་བ་ལ་བཤད་པས་ཕན་ཚུན་ཁ་བསྐངས་ནས་གཉིས་ཀར་ཚང་བ་དགོས་སོ་ཞེས་འཆད་མོད་ཀྱང༌། གཞུང་འདིས་ཇི་ལྟར་བསྟན་ཚུལ་ནི་གོང་དུ་བཤད་པ་ལྟར་ཡིན་ལ། སྟོད་འགྲེལ་གྱི་དགོངས་པ་ཅི་ཡིན་བརྟག་པར་བྱ་བ་ཉིད་དེ། གལ་ཏེ་དེ་ལྟར་ཡིན་དུ་ཟིན་ཀྱང༌། དཔྲལ་བའི་བྱང་ཆུབ་ཀྱི་སེམས་མགྲིན་པར་འོངས་པའི་མཆོག་དགའ་ཞིག་ལ། ངེས་པར་གསང་དབང་དུ་ངོ་སྤྲོད་དགོས་པ་ཡིན་གྱི། ཕན་ཚུན་ཁ་འགེངས་དགོངས་པ་མ་ཡིན་ཏེ། སོ་སོར་བཤད་ལུགས་བཞིན་དུ་བྱའོ། །དཔེར་ན་དགྱེས་རྡོར་དུ་སློབ་དཔོན་གྱི་མིང་གིས་བསྟན་པ་བུམ་དབང་སྟེ། དགོད་པ་དག་པ་སློབ་དཔོན་ཉིད་ཅེས་གསུངས་པ་དང་འདིར་ནུ་མ་ལ་རེག་པ་དང༌། འཕགས་ཡུལ་གྱི་དཀྱིལ་ཆོག་མང་པོར་འཁྱུད་པ་ལ་བཤད་པ་སོགས་ཡོད་ཀྱང༌།


TNT02_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ནི་བཞི་ཡི་གྲངས་ཉིད་ཀྱིས། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་པའི་དགོངས་དོན་ལ་མཐུན་པ་བཞིན་ནོ། །སྐབས་འདིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་མ་སྦྱར་ན། སྤྱི་ལྡོག་ནས་དབང་བཞིའི་ཡ་གྱལ་གྱི་ཤེས་རབ་ཡེ་ཤེས་ནི་འཇིག་རྟེན་པ་དང༌། བཞི་པ་ནི་འཇིག་རྟེན་ལས་འདས་པ་ཁོ་ན་ལ་བཟུང་བར་བྱའོ། །གཞན་ཡང་འདི་དག་ལ་མང་དུ་བཤད་པ་བྱར་ཡོད་མོད་ཀྱི། སྤྲོས་པས་ཆོག་གོ། །།འདིར་སྨྲས་པ། མཁས་མིན་སྐྱེ་བོས་བྱས་པའི་བཤད་པ་རྣམས། །ཉེས་བཤད་སྒྱུ་མས་གཞུང་བཟང་མུན་པར་སྤྲུལ། །ངེས་གསང་སྐྱ་རེངས་བུ་ཡི་རོལ་སྒེག་འདིས། །སྐལ་བཟང་དོན་མཐུན་ཚོགས་ལ་སྣང་བ་སྦྱིན། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་རྒྱས་པར་བཤད་པ་དང༌། རྡོ་རྗེ་བཞི་སྒྲུབ་པའི་ཐབས་རྒྱས་པར་བསྟན་པ་དང༌། གྲུབ་པ་འབྲས་བུའི་རྣམ་གཞག་ཞིབ་མོར་བསྟན་པའོ། །དང་པོ་ལ། སྐུ་རྡོ་རྗེའི་སྒྲུབ་པ་དང༌། གསུང་རྡོ་རྗེའི་སྒྲུབ་པ་དང༌། ཐུགས་རྡོ་རྗེའི་སྒྲུབ་པ་དང༌། ཡེ་ཤེས་རྡོ་རྗེའི་སྒྲུབ་པའོ། །དང་པོ་ལ་སྒྲུབ་བྱ་སྟོང་གཟུགས་ཀྱི་རབ་དབྱེ་དང༌། སྒྲུབ་བྱེད་སོར་བསམ་གྱི་རྣལ་འབྱོར། སྟོང་གཟུགས་ཀྱི་རྣལ་འབྱོར་ལ་དོགས་པ་བཅད་པའོ། །དང་པོ་ནི། འདི་ཉིད་ཀྱིས་ནི་སྒྲུབ་བྱེད་བྱ། །སྣང་བརྙན་བསམ་པ་མ་ཡིན་པའི། །དུ་སོགས་མཚན་མ་དེ་རྣམས་ཀྱིས། །ཤེས་རབ་གཟུགས་བརྙན་ནམ་མཁའ་མཉམ། །ཡོད་དང་མེད་ལས་རྣམ་པར་འདས། །རང་གི་སེམས་ཀྱི་རྐྱེན་གྱི་དོན། །རྡུལ་ཕྲན་ལས་སྐྱེས་ཚོགས་པ་རྣམས། །ཀུན་ནས་ཡོངས་སུ་དོར་བ་ཡིས། །དུ་བ་སྨིག་སྒྱུ་མཁའ་སྣང་དང༌། །སྒྲོན་མེ་འབར་བ་ཟླ་ཉི་མ། །མུན་ཅན་ཆ་དང་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་བརྙན་འོད་གསལ་བའོ། །ཞེས་ཏེ། དུ་བ་ལ་སོགས་པ་རྟགས་བཅུའི་རང་བཞིན་གྱི་མཚན་མ་དེ་རྣམས་ཀྱིས། ཐར་པ་མཆོག་འདི་ཉིད་ཀྱི་སྒྲིབ་བྱེད་དེ་སྒྲུབ་པའི་ཐབས་སྒོམ་པར་བྱའོ། །མཚན་མ་དེའི་རང་བཞིན་གང་ཞེ་ན། རྣམ་རྟོག་གི་བསམ་པས་


TNT02_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་མ་ཡིན་པའི་སྣང་བརྙན་སྣ་ཚོགས་པ་སྟེ། རབ་གསལ་བསམ་གྱིས་མི་ཁྱབ་པའི། །ཞེས་བསྒྱུར་བ་ལྟར་ན། ཤིན་ཏུ་གསལ་བར་སྣང་བའི་ཕྱིར་རབ་གསལ་དང༌། རྣམ་རྟོག་ཞི་བའི་བསམ་གྱི་མི་ཁྱབ་པའོ། །འོན་ཀྱང་འབྲོ་འགྱུར་ལས། མ་བསམ་པའི་སྣང་བ་དེ་ཞེས་པར་བསྒྱུར་བ་གོ་བདེའོ། །འོ་ན་མཚན་མར་བཤད་པས། དུ་བ་ལ་སོགས་པའི་རྟགས་རྣམས་ལམ་དངོས་ཀྱང་མིན་ན། ཆོས་ཉིད་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཁ་ཅིག་གི་བསམ་པ་ལ་འབྱུང་མོད་ཀྱི། འོན་ཀྱང་འདི་ནི་གསེར་གྱི་མཆོད་སྡོང་ས་འོག་ཏུ་བྱང་བའི་རྩེ་མོ་ས་སྟེང་དུ་ཅུང་ཟད་མངོན་པར་ཡོད་ན། མཆོད་སྡོང་གི་རྩེ་མོ་མཐོང་བ་དེ་ནི། མཆོད་སྡོང་ས་འོག་ན་ཡོད་པའི་རྟགས་ཡིན་པ་དང༌། རྒྱང་རིང་པོ་ནས་མེ་འབར་བ་མཐོང་བ་ནི། ཕྱོགས་དེ་ན་མེ་ཡོད་པའི་རྟགས་སམ། དེ་ནས་མེ་བླངས་ན་ཐོབ་པའི་རྟགས་དང་མཚན་མར་འགྱུར་བ་བཞིན་ཡིན་པས། མཚན་མ་ཡང་ཡིན་ལ་ཆོས་ཉིད་ཀྱང་ཡིན་ནོ་ཞེས་སྟོན་པ་ནི་ཤེས་རབ་སོགས་ཏེ། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ནི་ཤེས་རབ་ཏེ་དེ་ཉིད་གཟུགས་སུ་ཤར་བ་ཞེས་པའི་དོན་ཏེ། གཟུགས་བརྙན་དེ་ཉིད་ནམ་མཁའ་དང་མཉམ་ཞིང་མཚུངས་པར་སྤྲོས་པ་དང་བྲལ་བ། ཡོད་པ་དང་མེད་པའི་ཆོས་ལས་འདས་པ་སྟེ། དངོས་པོ་མ་ཡིན་པས་ཡོད་པ་ལས་འདས་ཤིང༌། དངོས་མེད་མ་ཡིན་པས་མེད་པ་ལས་འདས་པའོ། །དེ་ཡང་ཅང་མེད་མ་ཡིན་ཞིང༌། ཆོས་ཉིད་ཀྱི་གནས་ཚུལ་ལ་གྲུབ་པའི་ཕྱིར། ཡོད་པ་ཡིན་ལ། ཡུལ་དབང་རྣམ་ཤེས་སོགས་གང་ལའང་མི་གནས་ཤིང༌། གཅིག་དང་དུ་མ་དང་ཡུལ་དང་དུས་ཐམས་ཅད་ལས་འདས་པའི་ཕྱིར། རང་བཞིན་མེད་པའང་ཡིན་ནོ། །དེས་ན་ཕྱོགས་གཅིག་ནས་ཡོད་པ་དང་མེད་པར་ཡང་འགྱུར་ལ། ཕྱོགས་ཅིག་ཤོས་ནས་ཡོད་པ་དང་མེད་པ་གཉིས་ཀའང་མིན་པས། སྤྱི་ལྡོག་ནས་ཡོད་མེད་ཐམས་ཅད་ལས་འདས་པ་ཡིན་ནོ། །འདིར་གཟུགས་བརྙན་ཞེས་པས་ཡེ་ཤེས་དངོས་མ་ཡིན་


TNT02_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ཏེ། བྱད་ཀྱི་གཟུགས་བརྙན་བྱད་མ་ཡིན་པ་བཞིན་ནོ་སྙམ་ན། གཟུགས་བརྙན་ཞེས་པ་རང་དངོས་ཀྱི་གཟུགས་དབྱིབས་དང༌། དངོས་མ་ཡིན་པ་གཟུགས་འདྲ་ལ་འཇུག་པ་གཉིས་ཡོད་དེ། རྒྱ་གར་གྱི་སྐད་དུ་ཡང༌། བིམ་པ་ཞེས་པ་གཟུགས་དབྱིབས་ཀྱི་གཟུགས་བརྙན་དང་པྲ་ཏི་བིམ་པ་ཞེས་ལ་གཟུགས་འདྲའི་གཟུགས་བརྙན་ལ་འཇུག་གོ །འདིར་རྒྱ་སྐད་ལས། པྲཛྙཱ་བི་མ་བཻ་ར་ན་བྷཿས་མཻཿཞེས་འབྱུང་བས། གཟུགས་དབྱིབས་ཀྱི་དོན་ཡིན་གྱི་གཟུགས་འདྲ་མ་ཡིན་ནོ། །རྐྱེན་གྱི་དོན་ཞེས་པ་ལ། རྒྱ་སྐད་པྲ་ཏྱ་ཡཱརྠཻཿཞེས་པ་ཡིད་ཆེས་དོན་ལའང་འཇུག་པས། རང་གི་སེམས་ཉིད་ཀྱི་ངོ་བོ་ཡང་ཡིན་ལ། སེམས་ཀྱི་རང་བཞིན་སངས་རྒྱས་ཀྱི་སྐུ་རྣམ་པ་ཐམས་ཅད་པར་ཡིད་ཆེས་སྐྱེད་པའི་དོན་ནོ། །འདིར་དོན་ཞེས་བྱ་བ་ནི་ཡོངས་གཅོད་དུ་གྲུབ་ཅིང་དངོས་གནས་ལ་ཡོད་པའི་མིང་ཡིན་གྱི། ཕྱི་རོལ་ཀྱི་དོན་ནི་མིན་ཏེ། སེར་པོ་འབར་བ་དང་དུ་བ་ལ་སོགས་པར་སྣང་ཡང༌། རྡུལ་ཕྲན་ལས་སྐྱེས་ཤིང་བྱུང་བའི་ཚོགས་པའི་དངོས་པོ་རྣམས་ནི། ཀུན་ནས་ཡོངས་སུ་དོར་ཞིང་སྤངས་པ་ཉིད་དོ། །དེས་ན་སྟོང་པའི་གཟུགས་ནི་གཟུགས་མ་ཡིན་ལ། སྟོང་པའི་སྒྲ་ཡང་སྒྲ་མ་ཡིན་ཞིང༌། དཀར་པོ་འབར་བ་ཡང་དཀར་པོ་མ་ཡིན་ཞེས་སོགས་སྦྱར་རོ། །འདི་ལ་ལྟ་བ་ལོག་པའི་དབང་དུ་སོང་བ་ཁ་ཅིགདཀར་པོ་མ་ཡིན་པ་དཀར་པོ་དང༌། ས་མ་ཡིན་པ་སར་སྣང་བ་སོགས་ཀྱི་རྒྱུ་མཚན་གྱིས་སྟོང་གཟུགས་ནི་བདེན་པར་མེད་ཅིང་འཁྲུལ་སྣང་ཡིན་པར་གྲུབ་བོ་ཞེས་ཡང་དག་པའི་ཆོས་ལ་བསྐུར་བ་འདེབས་པ་ལྷུར་བྱེད་ཅིང༌། རང་བློ་རྩིང་པོའི་རིག་པ་ལྟར་སྣང་འཆོར་ཆས་སུ་ངོམ་ལ། ཡང་དག་པའི་ཆོས་ཉིད་ལ་སྙིང་ནས་བསྐུར་བ་བཏབ་པས་དམྱལ་བའི་སྡུག་བསྔལ་ཤིན་ཏུ་མི་བཟད་པའི་ཚོགས་རྣམས་སྤུས་ཀྱིས་ཉེ་བར་བྱེད་དོ། །འདིར་མང་དུ་དཔྱད་པ་བྱར་ཡོད་མོད་ཀྱི། །དོན་གྱི་སྙིང་པོ་ནི། དཀར་པོ་འབར་བ་དེ་གནས་ཚུལ་ལ་དོན་དམ་པའི་དཀར་པོ་ཡིན་ལ། ཡེ་ཤེས་ཀྱི་སྣང་ངོར་དོན་


TNT02_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དམ་གྱི་དཀར་པོར་སྣང་ཡང་སྣང་བས་ཡིན་པ་ལ་ཡིན་པར་སྣང་བ་ཡིན་པ་དང༌། ཀུན་རྫོབ་ཀྱི་དཀར་པོ་ནི་ཡིན་ཡང་མ་ཡིན་ལ། དེར་སྣང་ཡང་མི་སྣང་བས་མ་ཡིན་པའི་རྒྱུ་མཚན་གྱིས་མི་སྣང་བ་ཡིན་པས། མ་འཁྲུལ་བ་ཁོ་ན་ཡིན་ནོ། །དེའི་ཕྱིར་སའི་རྣམ་པ་སྲ་བ་མིན་ཞིང་ཞེས་སོགས་ཀྱང༌། དོན་དམ་ཡེ་ཤེས་ཀྱི་སའི་རྣམ་པར་སྣང་ཡང༌། ཀུན་རྫོབ་འཁྲུལ་སྣང་གདོས་བཅས་ཀྱི་སྲ་བའི་དངོས་པོ་མ་ཡིན་ཞེས་པ་ཡིན་པས་ཅིའི་ཕྱིར་འཁྲུལ་བའི་རྒྱུ་མཚན་དུ་འགྲོ་བས་མ་དགོས་སོ། །དེ་ལྟ་བུའི་རྟགས་དེ་ཡང་མཐའ་ཡས་པའི་རང་བཞིན་ཅན་ཡིན་མོད་ཀྱི། སྐབས་འདིར་དགོས་ཆེད་དང་དག་བྱའི་དབང་གིས་བསྡུ་ན། དབྱེ་བ་རྣམ་པ་བཅུར་འདུ་སྟེ། དུ་བ་དང༌། སྨིག་རྒྱུ་དང༌། མཁའ་སྣང་སྟེ་སྲིན་བུ་མེ་ཁྱེར་འདྲ་བ་དང༌། སྒྲོན་མེ་འབར་བ་རྣམས་ནི་མཚན་མོའི་རྟགས་བཞི་དང༌། སེར་པོ་འབར་བ་དང༌། ཟླ་བ་སྟེ་དཀར་པོ་འབར་བ་དང༌། ཉི་མ་སྟེ་དམར་པོ་འབར་བ་དང༌། མུན་ཅན་ནི་སྒྲ་གཅན་ཏེ་ནག་པོ་འབར་བ་དང༌། ཆ་སྟེ་གློག་དང༌། ཐིག་ལེ་ཆེན་པོ་རྣམས་ཉིན་མོའི་རྟགས་དྲུག་སྟེ་ཉིན་མཚན་སྡོམ་པས་རྟགས་བཅུའོ། །ཉིན་རྟགས་མཚན་རྟགས་འདི་དག་ཉིན་མཚན་གྱི་རྣལ་འབྱོར་ལ་སྦྱར་བ་ནི། ཐབས་ཤེས་དག་སྦྱོར་མཚུངས་པའི་དབང་དུ་སྦྱར་བ་ཡིན་གྱི། མུན་ཁང་དང་ནམ་མཁའ་ལ་སོ་སོར་མཐོང་བའི་ངེས་པ་མེད་དོ། །བཅུ་པ་ཐིག་ལེ་དེའི་དབུས་སུ་ནི། ཁམས་གསུམ་གྱི་གཟུགས་བརྙན་རྣམ་པ་སྣ་ཚོགས་པ་འོད་ཟེར་རབ་ཏུ་འཕྲོ་ཞིང་གསལ་བའམ། པྲ་བྷ་སྭ་ར་ཞེས་འབྱུང་བས། དེ་ཐམས་ཅད་འོད་གསལ་ཆེན་པོའི་ཡེ་ཤེས་ཀྱི་སྣང་བའོ། །ཞེས་པའོ། །གཉིས་པ་ལ། སོ་སོར་སྡུད་པའི་རྣམ་འབྱོར་ནི། བཀབ་དང་མ་བཀབ་མིག་དག་གིས། །སྟོང་པར་འདི་ནི་རྗེས་རྟགས་མིན། །རྨི་ལམ་བཞིན་དུ་གཟུགས་མཐོང་འགྱུར། །ཞེས་པ་སྟེ། བཀབ་དང་མ་བཀབ་མིག་ཅེས་པས། བྱེད་བཅིངས་ཀྱི་གཙོ་བོ་བལྟ་སྟངས་བསྟན་པའི་ཕྱིར། བྱེད་བཅིངས་གཞན་རྣམས་ཤུགས་ལ་


TNT02_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་དགོངས་ཤིང༌། སོར་སྡུད་ཀྱི་རྣལ་འབྱོར་དངོས་ནི་མུན་པའི་ནམ་མཁའ་འམ། སྤྲིན་མེད་པའི་ནམ་མཁའ་སྟོང་པ་ལ་ཡིད་དང་མིག་མཉམ་པར་གཏད་དེ། གཟུང་འཛིན་གྱི་སྣང་བ་སྤངས་པའི་སྟོང་ཉིད་ལ། རྣམ་པར་རྟོག་པས་རྗེས་སུ་མ་རྟགས་པར་བསམ་མེད་ལ་མཉམ་པར་འཇོག་པའོ། །མིག་ལྟ་བའི་ཡུལ་ཕྱི་རོལ་ཀྱི་ནམ་མཁའ་ཡིན་ལ། དངོས་སུ་སེམས་ཡང་དེ་ལ་གཏོད་མོད་ཀྱི། དོན་གྱི་ནི་ཕྱི་རོལ་ཀྱི་ནམ་མཁའ་སེམས་ཀྱི་ཉམས་སུ་མྱོང་དུ་མེད་པས། བློས་ཅིར་ཡང་མ་བསམས་པའི་མྱོང་བྱ། གང་དུ་ཡང་མཚོན་དུ་མེད་པའི་རིག་པ་དེ་ནི་ནང་གི་ནམ་མཁའ་འམ་སྟོང་ཉིད་དོ། །དེས་ན་སེམས་ནི་དམིགས་པས་ཕྱིའི་ནམ་མཁའ་ལ་གཏད་ཀྱང༌། ནང་གི་ནམ་མཁའི་ལ་གནས་པར་འགྱུར་བས། སྟོང་པའི་གཙོ་བོ་ནི་དེ་ཡིན་ལ། དེ་ཡང་མིག་སོགས་དབང་པོའི་སྒོ་ནས་རླུང་རྒྱུས་ནས། གཟུགས་སོགས་ལྔ་ཡུལ་གཟུང་བའི་སྣང་བ་དང༌། དབང་ཤེས་ལྔ་སོགས་ཡུལ་ཅན་འཛིན་པ་རྣམ་པར་རྟོག་པའི་ཚོགས་དང་བཅས་པ་བསྐྱེད་པ་ཞིག་ཡོད་པ་དེ་ལ། འབྲས་བུ་དབང་ཤེས་དང་ཡུལ་སྣང་གློ་བུར་དུ་བསྡུས་ཏེ་སྒོམ་པས་རྒྱུ་རླུང་གི་ཚོགས་ནང་དུ་རིམ་གྱིས་འགག་པ་དང༌། དེ་འགགས་པས་སྔར་གཟུང་འཛིན་གྱི་སྣང་བ་བསྡུས་པའི་ཏིང་ངེ་འཛིན་དེ་ཡང་གོང་འཕེལ་དུ་འགྱུར་ཏེ། མདོར་ན་སེམས་བསྡུས་པས་རླུང་འདུས། རླུང་བསྡུས་པས་ཀྱང་སེམས་འདུས་ཏེ་ཕན་ཚུན་གཅིག་ལ་གཅིག་བརྟེན་པའི་ཚུལ་གྱིས་སྒོམ་པས་ཆ་ཤས་དབུ་མས་དབང་དུ་བྱས་པ་ནི། སོ་སོར་སྡུད་པའི་རྣམ་འབྱོར་ཡིན་ལ། གཙུག་ཏོར་འཁོར་ལོས་བསྒྱུར་བའི་ལྟ་སྟངས་གི་མཐུ་ལས། གཟུང་འཛིན་གྱི་རླུང་གི་ཆ་ཤས་གཙུག་ཏོར་དུ་འགགས་པ་ཞེས་ཀྱང་བྱའོ། །དེ་ནས་རྟགས་ནི། རྡུལ་ཕྲན་གྱི་ཚོགས་པ་མེད་ཀྱང་གསལ་བར་སྣང་བ། རྨི་ལམ་བཞིན་དུ་སྟོང་གཟུགས་རྟགས་བཅུ་པོ་རྣམས་རིམ་གྱིས་མཐོང་བར་འགྱུར་རོ། །གཟུང་འཛིན་གྱི་རླུང་རྣམས་ལོག་པའི་མཐུ་ལས་


TNT02_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ལྔའི་གནས་སུ་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བའི་ཆ་ཤས་ཀྱིས་ཅུང་ཟད་བསླན་པ་དེ་ཉིད་དབུ་མར་ཅུང་ཟད་འབབ་པས། མི་འགྱུར་བའི་ཆ་ཤས་ཀྱི་བདེ་བའི་ཡེ་ཤེས་ཕྲ་མོ་སྐྱེས་པ་ནི། གནས་ལུགས་ལ་ལྟ་བའི་ཕྱིར་མིག་ཡིན་ལ། མ་དག་པའི་དབང་པོ་ལྔས་ཤིན་ཏུ་གཡོགས་པའི་ཕྱིར་ཤའི་མིག་དང༌། སྟོབས་དམན་པའི་ཕྱིར་ཁྱིའི་མིག་ཅེས་ཀྱང་བཏགས་ཏེ། བདེ་བའི་ཡེ་ཤེས་ཕྲ་མོ་དེའི་སྣང་བ་ལ་རྟགས་སྣང་ཤར་བ་ནི་ཤའི་མིག་གིས་རྟགས་བཅུ་མཐོང་བའི་དོན་ནོ། །གཉིས་པ་བསམ་གཏན་གྱི་ཡན་ལག་ནི། རྟག་ཏུ་གཟུགས་དེ་བསྒོམ་པར་བྱ། །ཞེས་པ་སྟེ། རྟགས་བཅུ་རྫོགས་ཤིང་རྟགས་སྣང་བརྟན་པོར་གྱུར་པ་ན། རྟག་ཏུ་སྟོང་པའི་གཟུགས་དེ་ཉིད་ལ་སེམས་གཏད་དེ། རྣམ་པར་རྟོག་པའི་ཡིད་བྱེད་སྤངས་ནས་སྒོམ་པར་བྱའོ། །སོར་སྡུད་ཀྱི་སྐབས་སུ་ནང་གི་ནམ་མཁའ་ཙམ་ལ་མཉམ་པར་འཇོག་པ་ཡིན་ལ། འདིར་ནི་དེ་དང་སྟོང་གཟུགས་དབྱེར་མེད་དུ་གྱུར་པ་ལ་མཉམ་པར་བཞག་པས། དང་པོར་ཤེས་རབ་དང༌། དེ་ནས་རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། གཡོ་མེད་བདེ་བའི་ཡན་ལག་རྣམས་རིམ་གྱིས་སྐྱེ་བར་འགྱུར་ཏེ། དེ་ཡང་སྟོང་གཟུགས་དེ་གནས་ཚུལ་ལ་སེམས་ཉིད་ཆོས་ཀྱི་སྐུའི་ངོ་བོ་ཡིན་ཀྱང༌། དང་པོའི་ལས་ཅན་གྱི་རྣལ་འབྱོར་པའི་སྣང་ངོ་ལ་ཕྱི་རོལ་རྒྱང་ཆད་ཁོ་ནར་སྣང་བ་ན། དེ་ལ་སེམས་བསྲེ་བའི་ཚུལ་གྱིས་སྒོམ་པ་ནི་ཤེས་རབ་དང༌། དེ་ནས་དེ་ཕྱི་རོལ་རྒྱང་ཆད་དུ་མེད་པ་ལྟར་ཡང་སྣང་བ། སེམས་ཙམ་དུ་ཤེས་སུ་ཉེ་བའི་སྐབས་ནི་རྟོག་པ་དང༌། དེ་ཕྱི་རོལ་རྒྱང་ཆད་མ་ཡིན་པར་ངེས་ཤིང༌། གཟུང་འཛིན་དང་བྲལ་བ་དང་དངོས་པོའི་རང་བཞིན་མེད་པར་འཆར་དུ་ཉེ་བ་ནི། དཔྱོད་པ་དང། ཚོགས་དྲུག་འཁོར་བཅས་རྣམ་ཤེས་ཀྱིས་བསྡུས་པ་འདི། ན་བུན་བཞིན་དུ་གྱུར་ནས། དེའི་དབུས་ཀྱི་སེམས་ཉིད་གསལ་དྭངས་ཅན་དེ་ཀ་སྟོང་གཟུགས་དང་གཅིག་པར་མྱོང་ཞིང༌། གཟུང་འཛིན་རང་བཞིན་མེད་པར་ངེས་པས་


TNT02_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པའི་དགའ་བདེ་ཆུང་ངུ་ཞེན་པ་ཕྲ་མོ་དང་བཅས་པ་ནི་དགའ་བ་དང༌། སྟོང་གཟུགས་དང་སེམས་གཅིག་ཏུ་རྟོགས་པས་དགའ་བདེ་ཆེན་པོ་ཞེན་པ་དང་བྲལ་བ་ནི་གཡོ་མེད་བདེ་བའོ། །འདི་དག་ཏུ་གནས་ལུགས་རྟོགས་པའི་ཚུལ་ནི། གསལ་སྣང་རྙེད་པའི་ཚུལ་གྱིས་རྟོགས་པ་ཡིན་གྱི། མཐོང་སྤངས་ལ་སོགས་པའི་སྒྲིབ་པ་སྤངས་པའི་ཚུལ་གྱིས་རྟོགས་པ་ནི་མ་ཡིན་ནོ། །གཞུང་ལུགས་སྤྱིར་ཁྱབ་ཏུ་སོ་སོ་སྐྱེ་བོའི་ལམ་རྣམས་དང༌། ཁྱད་པར་སྦྱོར་ལམ་དུ་སེམས་ཉིད་རྟོགས་ཚུལ་ལ། རང་གི་མངོན་སུམ་དང༌། མོས་པའི་ཚུལ་གྱིས་རྟོགས་པ་ཡིན་ལ། རྣམ་འབྱོར་མངོན་སུམ་གྱིས་རྟོགས་པའི་ཐ་སྙད་མི་མཛད་དོ། །སྐབས་འདིར་ནི་ཡན་ལག་དྲུག་གི་ཡེ་ཤེས་ཐམས་ཅད་རྣལ་འབྱོར་མངོན་གསུམ་ཡིན་ཡང༌། སྐྱེ་འཕགས་ཀྱི་མངོན་སུམ་གྱི་ཁྱད་པར་ནི། སྒྲིབ་པ་སྤངས་པ་དང་མ་སྤངས་པ་ལས་ཡིན་ཞིང༌། རྟོག་གེའི་གཞུང་ལུགས་རྣམས་དང་ཐ་སྙད་མི་བསྟུན་དགོས་པ་མ་ཡིན་ནོ། །གསུམ་པ་ནི། དངོས་མེད་གཟུགས་ལ་སྒོམ་པ་དེ། །རྣལ་འབྱོར་པ་ཡི་སྒོམ་མ་ཡིན། །སེམས་ཀྱི་དངོས་པོ་དངོས་མེད་མིན། །སྟོང་པར་མ་བརྟགས་མཐོང་ཕྱིར་རོ། །ཇི་ལྟར་པྲ་ཕབ་གཞོན་ནུ་མས། །མེ་ལོང་ལ་མཐོང་དངོས་མེད་སྐྱེས། །དེ་བཞིན་འདས་དང་མ་འོངས་ཆོས། །མཁའ་ལ་དེ་ཉིད་རྣལ་འབྱོར་པས། །འདི་ལས་དངོས་པོ་དངོས་མེད་འགྱུར། །དངོས་པོ་སྟོང་པའི་དོན་མཐོང་ཕྱེས། དངོས་པོ་དངོས་མེད་དོན་ཡོད་པ། སྒྱུ་མ་རྨི་ལམ་མིག་འཕྲུལ་བཞིན། །མེད་པའི་ཆོས་ཅན་དག་ལ་ཆོས། །སྐྱེ་བའི་འདི་ནི་རབ་ཏུ་མཐོང༌། །ཡིད་བཞིན་ནོར་ལྟར་མཐའ་ཡས་པའི། །སེམས་ཅན་བསམ་པ་ཡོངས་རྫོགས་བྱེད། །པྲ་ཕབ་པ་ཡི་གཞོན་ནུ་མས། །མ་མཐོང་པ་ཡི་རྐུན་པོ་མཐོང༌། །ཉེ་ཚེ་པ་ཡི་མིག་དག་གིས། །སོང་ནས་སྒྲུབ་པ་པོ་ཡིས་མཐོང༌། །གལ་ཏེ་ཡོད་པའི་གཟུགས་མཐོང་ན། །རང་གི་གདོང་བ་ཅིས་མི་མཐོང༌། །གལ་ཏེ་མེད་པའི་གཟུགས་མཐོང་ན། །རི་བོང་རྭ་ནི་ཇི་ལྟར་མིན། །གཞན་གྱི་


TNT02_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གིས་མི་མཐོང་ཞིང༌། །རང་གི་མིག་གིས་མཐོང་མིན་པ། །སྐྱེ་བ་མེད་པ་མཐོང་བ་ནི༌། །གཞོན་ནུ་མ་ཡི་བུ་ཇི་བཞིན། །ཞེས་གསུང་པའི། གཞུང་འདི་དག་དོན་ཚན་བཞིར་འདུས་ཏེ། སྟོང་གཟུགས་ཀྱི་རྣལ་འབྱོར་འདི་རྟོག་པའི་སྒོམ་པ་མ་ཡིན་པ་དང༌། ཡོད་མེད་ལས་འདས་པའི་སྤྲོས་བྲལ་ལ་རྣལ་འབྱོར་དུ་བྱེད་པ་ཡིན་པ་དང༌། དངོས་པོ་ལས་འདས་ཀྱང་ཕུན་སུམ་ཚོགས་པའི་དོན་མཐའ་དག་འགྲུབ་པ་དང༌། སྟོང་གཟུགས་དེ་ཉིད་སྐྱེ་བ་མེད་པའི་དོན་ཡིན་པར་བསྟན་པའོ། །དེ་དག་ལས་རྟོག་པའི་སྒོམ་པ་ལས་འདས་པར་མཚོན་པ་ནི། དངོས་མེད་སོགས་ཤོ་ལོ་ཀ་གཅིག་སྟེ། སྟོང་གཟུགས་འདི་ནི་དངོས་པོ་མ་ཡིན་པས། དངོས་པོར་མེད་པའི་གཟུགས་དེ་ལ་སྒོམ་ཀྱང༌། འདུས་བྱས་ལ་དམིགས་པར་མི་འགྱུར་ཏེ། སེམས་ཀྱི་ཆོས་ཉིད་དེར་སྣང་བ་ཙམ་ལས། སེམས་དང་སེམས་བྱུང་དང་བེམ་ཆོས་སོགས་དངོས་པོ་དང༌། རིགས་སྤྱི་སོགས་དངོས་པོ་མེད་པའང་མིན་པའི་ཕྱིར་རོ། །སྣང་བ་དང་བཅས་པ་ཡིན་ཀྱང་རྣམ་པར་རྟོག་པས་སྒོམ་པ་མ་ཡིན་ཏེ། རྣམ་རྟོག་མེད་བཞིན་དུ་མ་བརྟགས་པར་སྟོང་པ་ལ་མཐོང་བའི་ཕྱིར་རོ། །དེ་ཡང་ཕྱི་རོལ་ཀྱི་གཟུགས་ལ་སོགས་པ་མཐོང་བ་ནི། རྣམ་པར་རྟོག་པ་སྔོན་འགྲོ་ཅན་ཡིན་པ་དང༌། རྣམ་རྟོག་དང་ལྷན་གཅིག་ཏུ་འཇུག་ཅིང༌། རྣམ་རྟོག་རྗེས་སུ་འབྲང་བའང་ཡིན་ལ། ཅི་སྟེ་དོན་དུ་མ་གྲུབ་པའི་གསལ་སྣང་ཡིན་ན། མི་སྡུག་པའི་ཏིང་ངེ་འཛིན་བཞིན་དུ། རྣམ་རྟོག་སྒོམ་པ་གོམ་པ་ལས་སྣང་བ་མ་ཡིན་ནམ་སྙམ་ན། འདི་ནི་རྣམ་རྟོག་གོམས་པའི་གསལ་སྣང་མིན་ཞིང༌། ཡིད་ལ་བྱེད་པའི་རྣམ་རྟོག་གི་མཚམས་སྦྱར་ནས་མཐོང་བ་ཡང་མིན་ལ། རྣམ་རྟོག་དང་ལྷན་ཅིག་ཀྱང་མི་འབྱུང་ཞིང་རྗེས་སུ་འབྲང་བ་ཡང་མ་ཡིན་ནོ། །རྣམ་པར་རྟོག་པའི་བག་ཆགས་ཀྱི་མཐུ་ལས་སྣང་བ་མ་ཡིན་ནམ་སྙམ་ན་མ་ཡིན་ནོ། །རེ་ཞིག་ལས་དང་པོ་པས་སྟོང་གཟུགས་རྒྱང་ཆད་དུ་མཐོང་ན། ཕྱི་རོལ་


TNT02_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱང་ཆད་དུ་ཤར་བའི་ལྡོག་ཆ་ནི་གཉིས་སྣང་གི་བག་ཆགས་ཀྱི་མཐུ་ཡིན་ཀྱང༌། སྟོང་གཟུགས་ཉིད་སྣང་བའི་ངོས་ནས་བག་ཆགས་ཀྱི་སྟོབས་ལས་མ་ཡིན་ཏེ། དཔེར་ན་ཆུར་སྣང་བའི་རྒྱུར་གྱུར་པའི་བག་ཆགས་ལས། ཆུ་ཉིད་སྣང་བ་འཐད་ཀྱི། ཆུ་མ་ཡིན་པ་སྣང་བ་ཇི་ལྟར་འཐད་དེ་སྟོང་གཟུགས་ཆུའི་སྣང་བརྙན་ནི་ཆུ་མ་ཡིན་ནོ། །ཅི་སྟེ་གདོན་མི་ཟ་བར་ཆུའི་བག་ཆགས་ལས་ཆུ་མ་ཡིན་པ་ཡང་སྣང་བར་འགྱུར་ན་ནི། དམྱལ་བའི་བག་ཆགས་ལས་ལྷའི་སྣང་བ་ཡང་འབྱུང་བ་ཐལ་བར་འགྱུར་ཏེ། རྒྱུ་འབྲས་ཀྱི་རྟེན་འབྲེལ་ཤིན་ཏུ་འཁྲུགས་པར་འགྱུར་རོ། །གཞན་ཡང་བག་ཆགས་གང་དག་ཁམས་གསུམ་དང་རྗེས་སུ་མཚུངས་པ་ལས་ཁམས་གསུམ་དུ་སྣང་བ་འབྱུང་བར་འགྱུར་བ་ནི་བདེན་ན་ཐིག་ལེ་ཆེན་པོ་ལ་སོགས་པ་ཅི་ཞིག་གི་བག་ཆགས་ལས་བྱུང་ཞེས་བརྟགས་པར་བྱའོ། །དེས་ན་འདི་ནི་རྣམ་པར་རྟོག་པ་གློ་བུར་དུ་འགགས་པ་ན། ལས་རླུང་ཅུང་ཟད་ཆོས་ཉིད་དུ་ཐིམ་པར་གྱུར་པས་ཆོས་ཉིད་མཐོང་བའི་ཡེ་ཤེས་ཕྲ་མོ་སྐྱེས་ནས། ཆོས་ཉིད་ཅུང་ཟད་མཐོང་བའོ། །དེས་ན་བསྐྱེད་རིམ་གྱི་གསལ་སྣང་ནི་ངེས་པར་རྣམ་རྟོག་གི་བསྐྱེད་དགོས་ལ། འདིའི་གསལ་སྣང་ནི་ངེས་པར་རྣམ་རྟོག་འགགས་པ་ལས་སོ། །དེ་བས་ན་སེམས་མི་རྟོག་པ་གཉིད་ལོག་པ་ལྟ་བུའི་གནས་སྐབས་དང༌། ཀུན་རྫོབ་ཀྱི་སྣང་བ་ཅན་དཔྱད་པ་མེད་པ་ཙམ་དང༌། ཡོངས་གཅོད་བློའི་ཡུལ་དུ་མི་འཆར་བའི་རྣམ་བཅད་ཁོ་ན་ལ་དམིགས་པའི་སྟོང་ཉིད་སྒོམ་པ་རྣམས་ནི། ཡང་དག་པའི་སྟོང་ཉིད་དེ་ཁོ་ན་ཉིད་ནི་མ་ཡིན་ཏེ། ཤིན་ཏུ་རྨོངས་པའི་ཕྱིར་དང༌། ཕྱིན་ཅི་ལོག་གི་སྣང་བ་ཅན་གྱི་ཕྱིར་དང༌། རྣམ་པར་རྟོག་པས་ཆད་པའི་མཐའ་བཟུང་བའི་ཕྱིར་རོ། །དེས་ན་ཐུབ་པས་ལན་བརྒྱ་བསྔགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་སྟོང་གཟུགས་ཀྱི་རྣལ་འབྱོར་རོ། །འོ་ན་རྣམ་པར་མི་རྟག་པ་ཆོས་ཀྱི་དབྱིངས་སྒོམ་པ་དེ་ནི། ཡོད་མེད་ཀྱི་མཐའ་ལས་འདས་པའི་རྣལ་འབྱོར་དབུ་མའི་ལམ་ལ་གསུངས་པ་ཡིན་ན་


TNT02_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གཟུགས་ཀྱི་རྣལ་འབྱོར་ནི་ཇི་ལྟར་ན་དེར་འགྱུར་ཏེ། གཟུགས་སོགས་ལ་རབ་ཏུ་དམིགས་པའི་ཕྱིར་རོ། །ཞེ་ན་ཡོད་མེད་ལས་འདས་པའི་རྣལ་འབྱོར་དུ་སྟོན་པ་ནི་ཇི་ལྟར་པྲ་ཕབ་སོགས་ཤོ་ལོ་ཀ་གཉིས་ཕྱེད་དང་བཅས་པ་སྟེ། ཇི་ལྟར་པྲ་ཕབ་པའི་གཞོན་ནུ་མས་མེ་ལོང་ལ་མཐོང་བའི་གཟུགས་བརྙན་དེ་རྣམས་ནི། གཟུགས་སོགས་རྡུལ་གྱི་དངོས་པོ་མེད་ཀྱང་སྔགས་ལ་སོགས་པའི་རྟེན་འབྲེལ་ལས་སྣང་བ་དེ་སྐྱེས་ཤིང་ཤར་བ་བཞིན་དུ། དེ་ཁོ་ན་ཉིད་ལ་རྣལ་འབྱོར་དུ་བྱེད་པས་ཀྱང༌། ནམ་མཁའ་ལ་འདས་པ་དང་མ་འོངས་པ་ལ་སོགས་པ་སྟེ་དུས་གསུམ་དུ་སྲིད་པར་འགྱུར་བའི་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་མཐོང་བར་འགྱུར་རོ། །དེ་བས་ན་དཔེ་དོན་སྦྱར་བའི་རྒྱུ་མཚན་འདི་ལས། སྟོང་གཟུགས་ཀྱི་དངོས་པོ་དེ་ནི་དངོས་པོ་མེད་པར་འགྱུར་ཏེ། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་འཁོར་དང་བཅས་པ་སོགས། དངོས་པོ་ནི་མ་ཡིན་ལ། དངོས་མེད་ཅི་མེད་ཀྱང་མ་ཡིན་ཏེ། དངོས་པོས་སྟོང་པའི་དོན་ཁོ་ན་ཞིགསྟོང་གཟུགས་ཀྱི་དངོས་པོར་མཐོང་བའི་ཕྱིར་རོ། །ཡང་ན་ད་ལྟའི་འགྲོ་བ་ལ་སྣང་བའི་དངོས་པོའི་སྣང་བ་ཐམས་ཅད་འགགས་པ་ན་འདི་སྣང་ལ། དངོས་པོ་རྣམས་སྣང་བ་ན་འདིའི་སྣང་བ་འགགས་པའི་ཕྱིར་སྟོང་གཟུགས་འདི་དངོས་པོ་མ་ཡིན་པ་ཁོ་ནའོ། །སྟོང་གཟུགས་ཀྱི་དངོས་པོ་ཞེས་པའི་དངོས་པོ་ནི། དངོས་པོ་དངོས་མེད་གཉིས་ཀྱི་ཟླས་ཕྱེ་བའི་དངོས་པོ་མ་ཡིན་གྱི། ཡོད་པ་དང་གསལ་བ་དང་ཉམས་མྱོང་དུ་གྲུབ་པ་ཅན་ཡིན་པའི་དོན་ནོ། །དེ་བས་ན་སྟོང་གཟུགས་ཀྱི་དངོས་པོ་དང་ཐ་མལ་གྱི་དངོས་མེད་གཞི་གཅིག་ཏུ་འདུས་པར་འགྱུར་རོ། །འོ་ན་སྣང་བའི་དངོས་པོ་དང༌། རྡུལ་ཕྲ་རབ་ཚོགས་ཤིང་འདུས་པའི་དངོས་པོ་མེད་པ་དོན་གཅིག་གི་སྟེང་དུ་འདུས་ཤིང་ཚོགས་པས་ཡོད་པ་གཞན་འགའ་ཡང་མ་མཐོང་བས་ཡིད་མི་ཆེས་སོ་སྙམ་ན། སྒྱུ་མ་དང་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་འཇིག་རྟེན་ཀུན་རྫོབ་ལ་ཡང་དེ་ལྟར་གྲགས་ཤིང་གྲུབ་པ་མང་


TNT02_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡོད་པའི་ཕྱིར་རོ། །དེ་ཡང་པྲ་ཕབ་པའི་གཟུགས་བརྙན་དཔེར་བླངས་པ་ན། མེ་ལོང་ལ་སོགས་པ་བརྟེན་ནམ་འཁྲུལ་བའི་གཞི་ཡོད་པ་ཡིན་ནོ་སྙམ་པ་ལ། རྟེན་གྱི་སྣང་བ་མེད་ཀྱང་སྒྱུ་མ་རྨི་ལམ་ལ་སོགས་པ་དཔེར་བྱས་སོ། །དེ་ལྟར་ན་རྡུལ་ཕྲན་སོགས་དངོས་པོ་མེད་པའི་ཆོས་ཅན་ཡང༌། གསལ་བར་སྣང་བའི་ཆོས་སྐྱེ་བ་འདི་ནི་འཇིག་རྟེན་ན་ཡང་རབ་ཏུ་མང་པོ་མཐོང་བའི་ཕྱིར། སྟོང་གཟུགས་ལ་དངོས་པོ་མེད་ཀྱང༌། ཡང་དག་པར་གསལ་བ་ལ་ཅིའི་ཕྱིར་ཡིད་མི་ཆེས། དེས་ན་དངོས་པོ་དང་དངོས་མེད་ལས་འདས་པའི་ཕྱིར་ཡོད་མེད་ཀྱི་མཐའ་དང་བྲལ་བའི་ཆོས་ཉིད་མཐོང་ཞིང་ཉམས་སུ་མྱོང་བའོ། །ཞེས་པའོ། །འོ་ན་རྣམ་རྟོག་གི་རྩོལ་བ་མེད་པ་དང༌། དངོས་པོ་མེད་པའི་ཕྱིར་ན། ཕུན་སུམ་ཚོགས་པའི་ཡོན་ཏན་གང་ཡང་མི་འབྱུང་བས། གསལ་བར་སྣང་ཞིང་མྱོང་བས་གྲུབ་ཀྱང་དོན་མེད་དོ་སྙམ་ན། ཡིད་བཞིན་གྱི་ནོར་བུ་རྣམ་རྟོག་གི་འབད་རྩོལ་མེད་ཀྱང་སྐྱེ་བོའི་འདོད་པ་ཚུལ་བཞིན་དུ་སྐོང་ནུས་པ་འཇིག་རྟེན་དུ་གྲགས་ཤིང་མཐོང་བ་ལྟར། སྟོང་གཟུགས་ཀྱི་རྣལ་འབྱོར་འདིས་ཀྱང༌། མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་བསམ་པའི་དོན་ཡོངས་སུ་རྫོགས་པར་བྱེད་དོ། །འདིས་ནི་སྟོང་གཟུགས་དེ་ཉིད་སོར་བསམ་པས་མཐོང་ནས་སངས་རྒྱས་ཀྱི་བར་དུ་མི་འཇིག་པའི་རྟག་པ་ཉིད་དང༌། དེ་བཞིན་ཉིད་དང༌། ཆོས་ཀྱི་སྐུ་དང༌། བདེ་གཤེགས་སྙིང་པོ་དང༌། སངས་རྒྱས་ཉིད་དོ། །ཅི་སྟེ་འདི་དེ་བཞིན་གཤེགས་པ་དང་ཆོས་དབྱིངས་མ་ཡིན་ལ་གནས་སྐབས་དེ་ཉིད་དུ་འཇིག་པ་ཡང་ཡིན་ན། སོར་བསམ་པས་མཐོང་བའི་སྟོང་གཟུགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟར་རྫོགས་པར་བྱེད་བརྟག་དགོས་སོ། །དངོས་པོ་མེད་ཀྱང་དོན་འགྲུབ་པ་དཔེས་བསྟན་པ་ནི། སྒྲུབ་པ་པོའི་རྫས་རྐུན་པོས་ཁྱེར་ན། དེ་ལ་བརྟན་པའི་ཕྱིར་མེ་ལོང་དང་རལ་གྲི་དང་ཆུ་ལ་སོགས་པ་པྲ་ཕབ་བརྒྱད་པོ་གང་རུང་ལ་བརྟེན་ནས་པྲ་སེན་འབེབས་པར་བྱེད་དེ། དེའི་ཚེ་པྲ་ཕབ་པའི་གཞོན་ནུ་མས་སྔར་མ་མཐོང་ཞིང་


TNT02_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པའི་བག་ཆགས་མེད་པར། རྐུན་པོའི་གཟུགས་བརྙན་མེ་ལོང་སོགས་ལ་མཐོང་ཞིང་གསལ་བར་སྣང་བར་འགྱུར་རོ། །གཞོན་ནུ་མ་དེའི་ངག་ལས་ཐོས་ནས་སྒྲུབ་པ་པོ་དེས་ཚོལ་དུ་སོང་ན་སྒྲུབ་པ་པོའི་ཉེ་ཚེ་བའི་མིག་སྔགས་ཀྱིས་བྱིན་གྱིས་མ་བརླབས་པ་དེས་ཀྱང༌། རྐུན་པོ་དེ་དངོས་སུ་མཐོང་སྟེ་རྫས་དེ་དག་ཐོབ་པར་འགྱུར་རོ། །འདི་ལ་སྒྲུབ་པ་པོ་དག་སོང་ནས་ནི། ཉི་ཚེ་བ་ཡིས་མིག་གིས་མཐོང་ཞེས་སྦྱར་ན་གོ་བདེའོ། །དེ་བཞིན་དུ་པྲ་ཕབ་ཀྱིས་མཐོང་བ་དང་འདྲ་བར། རྗེས་དྲན་ཚུན་ཆད་དུ་མཐོང་བ་ལ་ཡིད་ཆེས་བྱས་ནས། སྒྲུབ་པ་པོ་འགྲོ་བ་དང་འདྲ་བར་ཏིང་ངེ་འཛིན་གྱིས་སྒྲུབ་ན། འབྲས་བུ་ཐོབ་པའི་དོན་ནོ། །པྲའི་གསལ་སྣང་ཤར་བའི་ཚེ། མེ་ལོང་ལ་གཟུགས་བརྙན་ཤར་བ་མ་ཡིན་གྱི། }གས་དང་མེ་ལོང་ལ་སོགས་པའི་རྟེན་འབྲེལ་གྱིས། རྐུན་པོ་དེ་ཡང་མཐོང་བའི་ས་ཉེ་སྐོར་ན་མེད་ཀྱང་རྐུན་པོ་ཉིད་མཐོང་བ་ཡིན་ནོ། །གལ་ཏེ་དེ་དངོས་པོར་གྲུབ་པ་ཞིག་མཐོང་བ་ཡིན་ན་ནི། ཐག་རིང་བའི་རྐུན་པོ་མཐོང་ནས་ཐག་ཉེ་བའི་རང་གི་གདོང་པ་ཅིའི་ཕྱིར་མི་མཐོང༌། གལ་ཏེ་རྐུན་པོ་དེ་མ་ཡིན་ལ་གཞན་ཡང་མ་ཡིན་པས་དངོས་པོ་གཏན་ནས་མེད་ཀྱང་གཟུགས་སུ་མཐོང་ན་ནི། རི་བོང་རྭ་སོགས་མི་སྲིད་པ་རྣམས་ཀྱང༌། མཐོང་བའི་གནས་སྐབས་ཡོད་པར་ཐལ་བར་འགྱུར་རོ། །དེ་རྣམས་ཀྱི་དོན་བསྡུ་བ། ད་ནི་དེ་རྣམས་ཀྱི་དོན་བསྡུ་བ་སྟོང་གཟུགས་སྐྱེ་བ་མེད་པའི་ཆོས་དབྱིངས་སུ་བསྟན་པ་ནི་གཞན་གྱི་སོགས་ཤོ་ལོ་ཀ་གཅིག་སྟེ། སྟོང་གཟུགས་འདི་མིག་གིས་མཐོང་བའི་ཕྱིར། གཟུགས་ཅན་ཡིན་པས། འདི་བསྒོམས་པས་དོན་དམ་སྒོམ་པར་མི་འགྱུར་སྙམ་ན། འདི་མིག་སོགས་དབང་པོ་ལྔའི་སྐྱེ་མཆེད་ཀྱིས་མཐོང་བ་མ་ཡིན་ནོ། །ཅི་སྟེ་ན་གཞན་གྱི་མིག་གིས་མཐོང་བ་མ་ཡིན་པར་མངོན་སུམ་དུ་གྲུབ་ཅིང༌། རང་གི་མིག་གིས་ཀྱང་མི་མཐོང་སྟེ། མིག་གིས་གཟུགས་མཐོང་བའི་མཐོང་ཚུལ་དང་འགལ་བར་སྣང་བ། ཐག་རིང་ཐུང་དང་མདུན་རྒྱབ་དང་ཆེ་ཆུང་སོགས་ལ་ཁྱད་པར་མེད་ཅིང༌། མིག་གསལ་མི་གསལ་ལས་སྟོང་གཟུགས་


TNT02_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་མི་གསལ་རྗེས་སུ་འགྲོ་བ་མེད་པ་དང༌། གཟུགས་བརྙན་ལན་ཅིག་གྲུབ་ན། མིག་མེད་ཀྱིས་རྟག་ཏུ་མཐོང་བའི་ཕྱིར་རོ། །ཡིད་ལའང་མི་སྣང་སྟེ་མི་རྟོག་པ་ཆེས་འཐུག་པོས་ནོན་པ་ནའང་འདི་གསལ་བར་སྣང་བས་སོ། །སེམས་སེམས་བྱུང་གཞན་ལ་ནི་དེ་ལས་ཀྱང་མི་སྣང་བ་དེས་ན་གསལ་ལ་ངོས་བཟུང་མེད་པའི་ཚུལ་གྱི་སྐྱེ་བ་མེད་པ་སྟེ། སྐྱེ་འགག་གནས་གསུམ་དང་བྲལ་བའི་དབྱིངས་གསལ་བར་མཐོང་བ་དེ་ནི། དོན་ལ་གསར་དུ་སྐྱེས་པ་མེད་ཀྱང་རྣལ་འབྱོར་པའི་སྣང་ངོར་འཕྲལ་དུ་སྐྱེས་པར་སྣང་བའི་ཕྱིར། གཞོན་ནུ་མ་སྐྱེ་གནས་མ་ཉམས་པའི་རྨི་ལམ་དུ་བུ་སྐྱེ་བ་བཞིན་ནོ། །སྐུ་རྡོ་རྗེའི་བསྙེན་སྒྲུབ་བསྟན་པའི་གཞུང་འདི་རྣམས་ཀྱིས་ཁོངས་གཅོད་མཚམས་ལ། རྒྱ་བོད་ཁ་ཅིག་སྣ་ཚོགས་གཟུགས་བརྙན་འོད་གསལ་བ་ཞེས་པ་ཡན་ཆད་སོར་སྡུད་ཁོ་ན་དང༌། བཀབ་དང་ཞེས་སོགས་མན་ཆད་བསམ་གཏན་ཁོ་ན་ལ་སྦྱོར་རོ། །འདི་ལ་སྐབས་དེར་སོར་སྡུད་སྒོམ་ཐབས་སྟོན་པའི་ཚིག་མེད་པའི་ཕྱིར་དང༌། སྟོང་གཟུགས་ཀྱི་དོགས་གཅོད་རྣམས་བསམ་གཏན་ཁོ་ནའི་སྐབས་ལ་སྦྱོར་དགོས་པའི་རྒྱུ་མཚན་ཡང་མེད་པའི་ཕྱིར་མི་འཐད་དོ༌། །སྟོང་གཟུགས་ཀྱི་མཚན་ཉིད་དང་དབྱེ་བ་བསྟན་པས་ཀྱང༌། སོར་བསྡུད་ཁོ་ན་བསྟན་པར་མི་འགྱུར་བས་དཀྱུས་སུ་བསྟན་པ་ཁོ་ན་ཚིག་དོན་ལ་ཞུགས་པ་ཡིན་ནོ། །གཉིས་པ་གསུང༌། རྡོ་རྗེ་སྒྲུབ་པ་ལ། སྲོག་རྩོལ་གྱི་ཡན་ལག་གསལ་བར་བཤད། འཕྲོས་དོན་རྫོགས་རིམ་གང་ལ་སྒོམ་པའི་ཡུལ་རྩ་རླུང་ཐིག་ལེའི་ཀུན་སྤྱོད་བསྟན། འཛིན་པའི་རྣལ་འབྱོར་གྱིས་འཆི་མེད་སྒྲུབ་པའི་ཚུལ་བསྟན་པའོ། །དང་པོ་ནི། གཟུགས་བརྙན་མཐོང་ན་དེ་ནས་ནི། །བར་མ་ཆད་པར་སྲོག་རྩོལ་བྱ། །སྟེང་འོག་རྩ་གསུམ་པོ་རྣམས་ལ། །ལུས་ངག་སེམས་ནི་འགོག་པ་ལས། །ཞེས་ཏེ་གཟུགས་བརྙན་མཐོང་བ་སྟེ་སྟོང་གཟུགས་ལ་བརྟན་པ་ཐོབ་ནས། ལམ་གྱི་རིམ་པ་གཞན་གྱིས་བར་མ་ཆད་པ་སྟེ། བར་དུ་གཞན་འཇུག་མི་དགོས་པར་སྲོག་རྩོལ་གྱི་ཡན་ལག་བསྒོམ་པར་བྱའོ། །དེ་ཡང་སྟོང་གཟུགས་


TNT02_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟན་པ་མ་ཐོབ་བར་ཡང་བུམ་པ་ཅན་ལ་སོགས་པ་སྒོམ་དུ་མི་རུང་བ་མ་ཡིན་ཞིང༌། ཡོན་ཏན་ཅི་རིགས་པར་མི་སྐྱེད་པའང་མ་ཡིན་མོད་ཀྱི། ཉི་ཟླའི་ལམ་ཡང་དག་པར་བཀག་པའི་ཡེ་ཤེས་བསྐྱེད་མི་ཐུབ་པས་སྲོག་རྩོལ་གྱི་ཡན་ལག་དངོས་སུ་མི་འགྲོ་བ་ལ་དགོངས་སོ། །སྲོག་རྩོལ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། སྟེང་གི་རྩ་གསུམ་དང་འོག་གི་རྩ་གསུམ་པོ་རྣམས་ལ། ལུས་ངག་ཡིད་ཀྱི་རླུང་གསུམ་འགོག་པའི་ཐབས་ལས་སོ། །དེ་ཡང་རླུང་ཕྱིར་འགྲོ་བ་ངག་དང༌། ནང་དུ་འོང་བ་ལུས་དང༌། གནས་པ་ཡིད་དང་སྦྱོར་ཞིང༌། སྲོག་གི་ཕྱོགས་ལ་རོ་མའི་བྱེད་པ་ལས་འགྲོ་བ་དང༌། རྐྱང་མའི་བྱེད་པ་ལས་འོང་བ་དང༌། དབུ་མའི་བྱེད་པ་ལས་གནས་པའོ། །ཐུར་སེལ་ཕྱོགས་ལ་གཅི་བར་འགྲོ་བ་དང༌། བཤང་བར་འོང་བ་དང༌། ཁུ་བའི་རྩར་གནས་པའི་རླུང་ཀུན་ཏུ་སྤྱོད་དོ། །དེ་ལྟར་རྩ་གསུམ་པ་གཉིས་དང་འགྲོ་འོང་གནས་པ་གསུམ་པོ་དེ་དག་ཐ་མལ་གྱི་དུས་སུ་རོ་རྐྱང་གི་སྟོབས་ཀྱིས་དབང་བྱེད་པ་དེ། རྣལ་འབྱོར་གྱི་སྟོབས་ཀྱིས་བཀག་ནས་དབུ་མས་དབང་བྱས་པ་ན། གཡས་གཡོན་གྱི་རྒྱུ་བ་འགགས་པ་ལས་སྟེང་འོག་སྲོག་ཐུར་ཀྱང་གཅིག་ཏུ་བསྲེ་ཐུབ་པ་ཡིན་ཏེ། ཐུར་སེལ་ལ་རྐྱང་མ་དང༌། སྲོག་ལ་རོ་མས་དབང་བྱེད་པས་སོ། །འདི་ལ་རླུང་གི་རྣལ་འབྱོར་གྱི་གཙོ་བོ་ནི་བུམ་པ་ཅན་ཡིན་ཏེ། རྡོ་རྗེའི་བཟླས་པ་ཡང་བུམ་པ་ཅན་ཉིད་ལ་ཚང་བ་དང༌། རླུང་འཆིང་བའི་བྱེད་པ་གཞན་ཐམས་ཅད་ནི་བུམ་པ་ཅན་གྱི་ཡན་ལག་ཡིན་པས་སོ། །རླུང་གི་སྦྱོར་བ་ཁོ་ནས་སྲོག་རྩོལ་གྱི་ཡན་ལག་ཏུ་མི་འགྱུར་ཏེ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དྷཱུ་ཏཱིའི་རྩ་ལ་ཤར་བ་ལ། དམིགས་པ་མེད་པའི་ཚུལ་གྱིས་མཉམ་པར་བཞག་ཅིང༌། རོ་རྐྱང་གི་རླུང་སྟོབས་ཀྱིས་བཀག་པ་ལས་བྱུང་བ། དབུ་མའི་རླུང་དང་སྟོང་གཟུགས་འདྲེས་པའི་ཏིང་ངེ་འཛིན་ནི་སྲོག་རྩོལ་གྱི་ཡན་ལག་གོ །གཉིས་པ་ནི། དེ་ལྟར་བཤད་པའི་སྟེང་འོག་གི་རྩ་ཞེས་པ་ལས་འཕྲོས་པའི་ཚུལ་ཏེ། དེ་ཡང་ཟླ་ཉི་སྒྲ་


TNT02_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་བཤང་གཅི་དང་ཞེས་པ་ནས། དཀྱིལ་འཁོར་ལྔ་རྣམས་འབབ་པའི་ཕྱིར། །ཞེས་པའི་བར་དུ། ཤོ་ལོ་ཀ་བཞི་བཅུ་ཞེ་གཅིག་སྟེ། དེ་ལ་ཀུན་སྤྱོད་དངོས་དང༌། འཕྲོས་དོན་འཆི་རླུང་རྒྱུ་བའི་ཚུལ་གཉིས་སོ། །དང་པོ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། ཟླ་ཉི་སྒྲ་གཅན་བཤང་གཅི་དང༌། །ཁུ་བ་འབབ་པའི་ལམ་རྣམས་སུ། །ཆུ་མེ་སྟོད་པ་ས་རླུང་དང༌། །ཡེ་ཤེས་ཁམས་རྣམས་རིགས་རྣམས་ལ། །ཞེས་ཏེ། དེ་ཡང་ལྟེ་བ་ཡན་ཆད་གཡོན་པ་ཟླ་བའི་རྩ་དང༌། གཡས་པ་ཉི་མའི་རྩ་དང༌། དབུས་སྒྲ་གཅན་གྱི་རྩ་སྟེ་གསུམ་དང༌། ལྟེ་བའི་འོག་གསང་བའི་འཁོར་ལོ་མན་ཆད་དུ། དབུས་ནས་རྒྱབ་ཏུ་བཤང་བའི་རྩ་དང༌། གཡོན་གྱི་མདུན་ཕྱོགས་སུ་གཅི་བའི་རྩ་དང༌། གཡས་ཀྱི་མདུན་ཕྱོགས་སམ་མདུན་གྱི་དབུས་སུ་ཁུ་བ་འབབས་པའི་ལམ་གྱི་རྩ་སྟེ་དེ་རྣམས་སུ། ཁམས་དྲུག་གི་རླུང་དང་ཐིག་ལེ་འབབ་པའི་ཚུལ་ནི་ཟླ་བའི་རྩ་ལ་ཆུ་ཁམས་དང༌། ཉི་མའི་རྩ་ལ་མེ་ཁམས་དང༌། སྒྲ་གཅན་གྱི་རྩ་ལ་སྟོང་པ་སྟེ་ནམ་མཁའི་ཁམས་དང༌། བཤང་བའི་རྩ་ལ་ས་ཁམས་དང༌། གཅི་བའི་རྩ་ལ་རླུང་ཁམས་དང༌། ཁུ་བའི་རྩ་ལ་ཡེ་ཤེས་ཀྱི་ཁམས་རྣམས་འབབ་སྟེ། རིགས་ཞེས་པ་ནི། ཁམས་དྲུག་པོ་དེ་རྣམས་ཀྱི་རིགས་ལས་སྐྱེས་པའི་རླུང་དང་ཐིག་ལེ་རྣམས་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ནི། གང་ཞིག་ཟླ་ཉི་མུན་ཅན་དང༌། །ཞེས་པ་ནས། འདི་ནི་རྩ་ཡི་ཀུན་སྤྱོད་དོ། །ཞེས་པའི་བར་ཚིགས་བཅད་སུམ་ཅུ་རྩ་གཅིག་ཕྱེད་བཅས་ཏེ། དེ་དག་ཀྱང་སྲོག་ཐུར་ལ་བལྟོས་པའི་སྐུ་གསུང་ཐུགས་གསུམ་དང༌། ཐབས་ཤེས་ལ་བལྟོས་པའི་སྐུ་གསུང་ཐུགས་གསུམ་དང༌། སྐྱེ་འཆིའི་རླུང་འབབ་ཚུལ་དང༌། དབུ་མའི་དབུགས་ཀྱི་མཚན་ཉིད་དང༌། རྩ་དྲུག་གི་མིང་གི་རྣམ་གྲངས་རིགས་ཀྱི་བདག་པོར་བཅས་པ་དང༌། སྲོག་གི་རླུང་གི་འགྲོ་འོང་དང༌། ཐུར་སེལ་གྱི་རླུང་གི་འགྲོ་འོང་དང༌། རྩ་དྲུག་ཐབས་ཤེས་སུ་སྦྱར་བ་དང༌། དུས་སྦྱོར་བཅུ་གཉིས་ཀྱི་དཀྱིལ་འཁོར་དང༌། དཀྱིལ་འཁོར་དེ་རྣམས་ཀྱི་ཐབས་ཤེས་དང༌།


TNT02_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་དྲུག་རྩ་གསུམ་དུ་འདུ་བའི་ཚུལ་རྣམས་ཏེ་དེ་ལྟར་དོན་བསྡུས་བཅུ་གཅིག་རྣམས་ཀྱིས། རྩ་རླུང་ཐིག་ལེའི་ཀུན་སྤྱོད། རྫོགས་རིམ་གྱི་ལམ་ཟབ་མོ་གང་ལ་གནད་དུ་བསྣུན་པའི་གཞི་རྣམས་རྒྱས་པར་བཤད་དོ། །དེ་དག་སྡོམ་དུ་བྱས་ན་འདི་ལྟར། སྲོག་ཐུར་སྒོ་གསུམ་ཐབས་ཤེས་སྒོ་གསུམ་དང༌། །སྐྱེ་འཆིའི་རླུང་དང་དབུ་མའི་རླུང་མཚན་ཉིད། །རྩ་དྲུག་མིང་རིགས་སྲོག་རླུང་འགྲོ་འོང་དང༌། །ཐུར་སེལ་འགྲོ་འོང་ཐབས་དང་ཤེས་རབ་སྦྱོར། ཁྱིམ་གྱི་དཀྱིལ་འཁོར་དེ་དག་ཐབས་ཤེས་སྦྱོར། །རྩ་དྲུག་གསུམ་དུ་བསྡུ་བའི་ཚུལ་རྣམས་ཏེ། །དོན་ཚན་བཅུ་གཅིག་ཀུན་སྦྱོད་རྒྱས་བཤད་ཡིན། འཕྲོས་དོན་སྤང་བྱ་དུས་ཀྱི་ལྟས་གསུམ་མོ། །དེ་ལ་དང་པོར་སྲོག་ཐུར་གྱིས་བསྡུས་པའི་སྐུ་གསུང་ཐུགས་གསུམ་གྱི་རྩ་བསྟན་པ་ནི། གང་ཞིག་ཟླ་ཉི་སོགས་ཤོ་ལོ་ཀ་གཅིག་གོ །ཐབས་ཤེས་སྒོ་གསུམ་གྱི་རྩ་ནི། ཟླ་བ་ཐབས་ཀྱིས་སོགས་ཤོ་ལོ་ཀ་གསུམ་མོ། །སྐྱེ་འཆིའི་རླུང་འབབ་ཚུལ་ནི། འཆི་བལྟས་ལུས་ངག་སོགས་རྐང་པ་དྲུག་གོ །དབུ་མའི་དབུགས་ནི། ཉི་མའི་འཕོ་བ་སོགས་ཤོ་ལོ་ཀ་གསུམ་དང་རྐང་པ་གཉིས་སོ། །རྩ་དྲུག་གི་མིང་རིགས་བསྟན་པ་ནི། སྟེང་དུ་གཡོན་གཡས་སོགས་ཤོ་ལོ་ཀ་གསུམ་དང༌། ལྟེ་བའི་སྟེང་དུ་སོགས་གཅིག་དང༌། རྡུལ་འབབ་ཕྱིར་ཏེ་སོགས་གཅིག་སྟེ་ཚིག་བཅད་ལྔའོ། །སྲོག་གི་རླུང་འགྲོ་འོང་བསྟན་པ་ནི། ལྟེ་བའི་ཆུ་སྐྱེས་སོགས་ཤོ་ལོ་ཀ་གཉིས་སོ། །ཐུར་སེལ་གྱི་དེ་བཤད་པ་ནི། ལྟེ་གསང་སོགས་ཤོ་ལོ་ཀ་གཉིས་སོ། །རྩ་དྲུག་ཐབས་ཤེས་སུ་སྦྱར་བ་ནི་ཤེས་རབ་ཐབས་དངོས་སོགས་ཤོ་ལོ་ཀ་གཅིག་གོ །དུས་སྦྱོར་བཅུ་གཉིས་ཀྱི་དཀྱིལ་འཁོར་བཤད་པ་ནི། རྣམ་ཤེས་ལ་སོགས་དཀྱིལ་འཁོར་ལྔ། །ཞེས་སོགས་ཤོ་ལོ་ཀ་དྲུག་གོ །དཀྱིལ་འཁོར་དེ་རྣམས་ཀྱི་ཐབས་ཤེས་སྦྱར་བ་ནི་ནུབ་དང་ཤར་དུ་སོགས་ཤོ་ལོ་ཀ་ལྔའོ། །རྩ་དྲུག་གསུམ་དུ་བསྡུ་བ་ནི། ཐོག་མར་མིང་རིགས་བསྟན་པའི་སྐབས་ཀྱི་རྡོ་རྗེ་རྡོ་རྗེ་འཛིན་པར་འདོད། །ཅེས་པའི་རྗེས་སུ། ཟླ་བའི་སོགས་ཤོ་ལོ་ཀ་གཅིག་དང༌། དཀྱིལ་


TNT02_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྣམས་ཀྱི་ཐབས་ཤེས་སྦྱར་བའི་འོག་འདིར། ཟླ་བ་ཉི་མའི་སོགས་ཤོ་ལོ་ཀ་ཕྱེད་དང་གཉིས་སོ། །དེ་ལྟར་དོན་ཚན་བཅུ་གཅིག་ལས། དང་པོ་སྲོག་ཐུར་གྱིས་བསྡུས་པའི་སྒོ་གསུམ་རྩ་དྲུག་དང་སྦྱར་བ་ནི། གང་ཞིག་ཟླ་ཉི་མུན་ཅན་དང༌། །བཤང་གཅི་ཁུ་བ་འབབ་མ་རྣམས། །སྲོག་དང་ཐུར་སེལ་རིམ་པ་ལས། ལུས་ངག་སེམས་ཀྱི་རྩ་རྣམས་སོ། །ཞེས་པ་སྟེ་གང་ཞིག་སྟེང་སྲོག་གི་རླུང་དང་འབྲེལ་བ་ལ་ཟླ་བའི་རྩ་དེ་སྐུ་དང་ཉི་མའི་རྩ་ནི་གསུང་དང༌། མུན་ཅན་གྱི་རྩ་ནི་ཐུགས་སོ། །འོག་ཐུར་སེལ་དང་འབྲེལ་བ་ལ་བཤད་པའི་རྩ་ནི་སྐུ་དང༌། གཅི་བའི་རྩ་ནི་གསུང་དང༌། ཁུ་བ་འབབ་མ་ནི་ཐུགས་ཀྱི་རྩ་རྣམས་སོ། །དོན་ཚན་གཉིས་པ་ཐབས་ཤེས་ཀྱི་སྒོ་གསུམ་དང་སྦྱར་བ་ནི། ཟླ་བ་ཐབས་ཀྱི་སྐུ་ཡིན་ཏེ། །ཉིན་མོ་བྱེད་པ་ཤེས་རབ་གསུང༌། །ཤེས་རབ་སྐུ་ནི་གསང་བའི་རྩ། །གཅི་བ་འབབ་མ་གཙོ་བོའི་གསུང༌། །སྟེང་འོག་ཐུགས་ཀྱི་རྩ་གཉིས་དག །མུན་ཅན་ཁུ་བ་འབབ་མའོ། །ཐབས་ཀྱི་ཐུགས་ནི་མུན་པ་ཅན། ཁུ་བ་འབབ་མ་ཤེས་རབ་ཀྱི། །སྟེང་འོག་རིགས་དྲུག་འདི་རྣམས་ནི། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ལས། །ཤེས་རབ་ཐབས་དངོས་ཡན་ལག་གིས། །ལུས་ཅན་ཀུན་ལ་རྣམ་པར་གནས། །ཞེས་པ་སྟེ་ཟླ་བའི་རྩ་ནི་ཆུ་ཁམས་ཡིན་པས་ཐབས་ཀྱི་སྐུ་དང༌། ཉི་མའི་རྩ་ནི་མེ་ཁམས་ཡིན་པས་ཤེས་རབ་ཀྱི་གསུང་དང༌། བཤང་བའི་རྩ་ནི་ས་ཁམས་ཡིན་པས་ཤེས་རབ་ཀྱི་སྐུ་དང༌། གཅི་བ་འབབ་མ་ནི་རླུང་ཁམས་ཡིན་པས་གཙོ་བོ་སྟེ་ཐབས་ཀྱི་གསུང་ཡིན་ལ། སྟེང་དང་འོག་ཏུ་ཐུགས་ཀྱི་རྩ་རེ་རེ་སྟེ་གཉིས་ནི་མུན་ཅན་གྱི་རྩ་དང་ཁུ་བ་འབབ་མ་སྟེ། མུན་པ་ཅན་གྱི་རྩ་ནི་ནམ་མཁའི་ཁམས་ཀྱི་ཕྱིར་ཐབས་ཀྱི་ཐུགས་དང་ཁུ་བ་འབབ་པ་ནི་ཡེ་ཤེས་ཀྱི་ཁམས་ཀྱི་ཕྱིར་ཤེས་རབ་ཀྱི་ཐུགས་སོ། །དེ་ལྟར་ན་སྟེང་དུ་གསུམ་དང་འོག་ཏུ་གསུམ་སྟེ། བསྡོམས་པས་འབྱུང་བའི་ཁམས་རིགས་དྲུག་གི་རྩ་འདི་རྣམས་ནི། ས་མེ་ཡེ་ཤེས་གསུམ་ཤེས་རབ་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་པོ་དང༌། ཆུ་མེ་


TNT02_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་གསུམ་ཐབས་ཀྱི་དངོས་པོའི་སྐུ་གསུང་ཐུགས་ཀྱི་ཡན་ལག་སྟེ་དབྱེ་བས་དང༌། རྣལ་འབྱོར་ཏེ་ཐབས་ཤེས་ཕན་ཚུན་གཉིས་མེད་དུ་སྦྱོར་བའི་ཚུལ་གྱིས། ལུས་ཅན་ཀུན་གྱི་ལུས་ལ་ཏྶཾ་རྣམ་པར་གནས་སོ། །དོན་ཚན་གསུམ་པ་སྐྱེ་འཆིའི་རླུང་བཤད་པ་ནི། འཆི་ལྟས་ལུས་ངག་རྩ་དག་ལ། །སྟེང་འོག་ལྷག་པའི་རླུང་རྣམས་ཀྱིས། །མུན་ཅན་ཁུ་བ་འབབ་མ་ལ། །སྐྱེ་བ་དང་ནི་འཆི་བ་གནས། །སྐྱེ་དང་འཆི་དང་འཁྲིག་པ་ཡི། །དུས་སུ་ཁུ་བ་འབབ་པའོ། །ཞེས་པ་སྟེ་འཆི་ལྟས་ཀྱི་རླུང་རྣམས་བསྡུ་ན་གསུམ་དུ་འདུས་པ་ལས་རགས་པར་ན། ཚེ་ལོ་བརྒྱ་པའི་དབང་དུ་བྱས་ན། ལོ་དགུ་བཅུ་གོ་དྲུག་དང༌། ཟླ་བ་ཕྱེད་དང་བཅུ་གཅིག་ཚུན་ཆད་ལ་བྱུང་བའི་འཆི་ལྟས་ནི། དུས་མིན་གྱི་འཆི་ལྟས་ཡིན་ལ། དེ་ཕན་ཆད་ནི་དུས་འཆིའི་ལྟས་སོ། །དེ་ཡང་སྟེང་གི་ལུས་ངག་གི་རྩ་ཟླ་ཉི་གཉིས་དང༌། འོག་གི་ལུས་ངག་གི་རྩ་བཤང་གཅི་གཉིས་ལ་ཉི་ཟླའི་འཆི་ལྟས་འཆར་ཏེ། དེ་དག་སྟེང་དང་འོག་གི་རླུང་སྲོག་དང་ཐུར་སེལ་ལ་སྐྱོན་ཞུགས་པ་ལས་སོ། །དེ་ཡང་བཤང་བའི་རྩ་ལ་སྐྱོན་ཞུགས་ན་ཟླ་བའི་དང༌། གཅི་བའི་རྩ་ལ་སྐྱོན་ཞུགས་ན་ཉི་མའི་སྟེ། འདི་དག་ཚད་ལས་ལྷག་པར་རྒྱུས་པའི་རླུང་གི་སྟོབས་ཀྱིས་ཡིན་པས། དུས་མིན་གྱི་བལྟས་སོ། །མུན་ཅན་གྱི་རྩ་དང་ཁུ་བ་འབབ་མའི་རྩ་ལ་གློ་བུར་དུ་མ་ཡིན་པར། རིམ་གྱིས་སྐྱོན་ཞུགས་པ་ལས། མཐར་དུས་འཆིའི་བལྟས་སུ་འགྱུར་རོ། །གཞན་ཡང་སྐྱེ་བ་སྟེ་མངལ་དུ་ལུས་ཆགས་པ་ནས་ཕྱི་རོལ་ཏུ་མ་བཙས་ཀྱི་བར་ལ། མུན་ཅན་གྱི་རྩ་དྷཱ་ཏཱིར་རླུང་གནས་པ་ཡིན་ལ་འཆི་བའི་ཚེ་ཡང་རླུང་དང་ཁམས་གྱི་ནུས་པ་ཐམས་ཅད་དེར་གནས་པར་འགྱུར་རོ། །གཞན་ཡང་སྐྱེ་བའི་གནས་སྐབས་དེ་དང༌། འཆི་བའི་གནས་སྐབས་དང༌། འཁྲིག་པའི་དུས་སུ་ཡང༌། རྩ་དེ་གཉིས་སུ་རླུང་དང་ཁུ་བ་འབབ་པའོ། །དོན་ཚན་བཞི་པ་དབུ་མའི་རླུང་གི་མཚན་ཉིད་ནི། མུན་ཅན་མ་ཡང་སྟེང་དུ་འབབ། །ཉི་མའི་འཕོ་བ་མཉམ་པ་ལ། །དུས་སྦྱོར་འཆར་བའི་མངོན་མཚམས་སུ། །དབུ་མ་ནས་ནི་མཉམ་པ་འབབ། །རྐང་པ་དང་བཅས་ལྔ་བཅུ་དྲུག །འབྱུང་དང་འཇུག་པའོ་མི་ཡི་བདག །བདུན་ཅུ་རྩ་ལྔའི་ལྷག་པ་ཡི། །དྲུག་བརྒྱ་ཉིན་དང་མཚན་ལའོ། །དྲུག་བརྒྱ་རྣམས་ཀྱིས་ལྷག་པ་ཡི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་གོ། འདི་ཡིས་དམན་པ་གང་དེ་རྣམས། །


TNT02_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དང་གཡས་པའི་རྩར་འབབ་བོ། །ཕྱོགས་གསུམ་དང་བཅས་ལོ་གསུམ་རྣམས། །ལོ་བརྒྱ་རྣམས་ལས་དབུ་མའོ། །ཞེས་པ་སྟེ། གཞན་ཡང་རླུང་དབུ་མར་འབབ་པའི་དུས་ཡོད་སྟེ། མུན་ཅན་མ་ལས་སྟེང་དུ་མཉམ་རྒྱུ་འབབ་བའི་དུས་ནའོ། །དེ་ཡང་རླུང་འགྲོ་འོང་གནས་གསུམ་གཅིག་ཏུ་སྡོམ་པ་ནི་དབུགས་གཅིག་ཡིན་ལ། དེ་དྲུག་ལ་ཆུ་སྲང་དང༌། དེ་དྲུག་ཅུ་ལ་དབུགས་སུམ་བརྒྱ་དྲུག་ཅུ་ཡོད་དེ། ཆུ་ཚོད་གཅིག་གོ །ཆུ་ཚོད་རེ་ནི་འབྱུང་བའི་དཀྱིལ་འཁོར་རེ་དང་ཚད་མཉམ་པ་ཡིན་ལ། ཆུ་ཚོད་ལྔ་ནི་དབུགས་སྟོང་བརྒྱད་བརྒྱ་སྟེ་དུས་སྦྱོར་གཅིག་གི་དབུགས་སོ། །འདི་དག་ཏུ་དུས་སྦྱོར་དང་ཁྱིམ་དང༌། འཕོ་བ་ཡང་དོན་གཅིག་གོ །དེ་ལྟ་བུའི་འཕོ་བ་བཅུ་གཉིས་ནི་ཉིན་ཞག་གཅིག་སྟེ་དེ་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དབུགས་ཐམས་ཅད་ལ་རང་རང་གི་ཆ་ལ་སུམ་ཅུ་རྩ་གཉིས་སུ་བགོས་པའི་ཆ་གཅིག་ཙམ་ཞིག་དབུ་མ་ནས་འབབ་པ་མཉམ་པར་རྒྱུ་བའི་རླུང་ཡིན་ནོ། །འཕོ་བ་བཅུ་གཉིས་པོ་དེ་ཡང་ལྟེ་བའི་རྩ་འདབ་བཅུ་གཉིས་དང་སྦྱོར་བས། དང་པོ་ལུག །གསུམ་པ་འཁྲིག་པ། ལྔ་པ་སེང་གེ བདུན་པ་སྲང༌། དགུ་པ་གཞུ། བཅུ་གཅིག་པ་བུམ་པ་རྣམས་ནི་ཁ་ཡར་བ་ཡིན་པའི་ཕྱིར་མི་མཉམ་པ་ཞེས་བྱ་ལ། དེ་རྣམས་གཡོན་གྱི་རྩ་འདབ་དྲུག་ལ་རིམ་བཞིན་འབྱུང་ངོ༌། །གཉིས་པ་གླང༌། བཞི་པ་ཀརྐ་ཊ། དྲུག་པ་བུ་མོ། བརྒྱད་པ་སྡིག་པ། བཅུ་པ་ཆུ་སྲིན། བཅུ་གཉིས་པ་ཉ་རྣམས་ཁ་འཆམ་པ་ཡིན་པའི་ཕྱིར་མཉམ་པ་ཞེས་བྱ་སྟེ། གཡས་ཀྱི་རྩ་འདབ་དྲུག་ལ་རིམ་བཞིན་འབྱུང་ངོ༌། །དེ་ལྟར་ངེས་པར་བྱས་ནས། ཉི་མའི་ཆོས་གཡས་ཀྱི་འཕོ་བ། གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་ལ་མཚོན་ནས། དུས་སྦྱོར་འཆར་བའི་མངོན་མཚམས་སུ། དབུ་མ་ནས་ནི་མཉམ་པ་འབབ། །ཅེས་གསུངས་པ་སྟེ། གཡོན་པ་མི་མཉམ་པའི་དུས་སྦྱོར་ལའང་འདྲའོ། །དབུགས་རེ་རེའི་སོ་གཉིས་ཆ་རྣམས་བསྡོམས་པས། དཀྱིལ་འཁོར་རེ་རེའི་མཚམས་ཀྱི་མཐར། བཅུ་གཅིག་རྐང་བཅས་རེ་རེར་ལོངས་པར་འགྱུར་བས། དུས་སྦྱོར་སྔ་མ་རྫོགས་


TNT02_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཕྱི་མ་འཆར་བའི་བར་མཚམས་དེར། དུས་སྦྱོར་དེ་ལ་དབུ་མའི་དབུགས་ལྔ་བཅུ་ང་དྲུག་རྐང་པ་དང་བཅས་པ་ཡིན་ལ། འབྱུང་བ་དང་འཇུག་པའི་ཚུལ་གྱིས། དབུ་མ་ནས་གཡས་གཡོན་མཉམ་པ་སྟེ་མཉམ་རྒྱུའི་ཚུལ་དུ་འབབ་བོ་ཞེས་པ་སྟེ། དུས་སྦྱོར་གཅིག་ལ་དབུ་མའི་མཉམ་རྒྱུ་བསྡོམས་པས་འཕོ་མཚམས་སུ་རྩིས་ན། ང་དྲུག་རྐང་བཅས་སུ་ལོངས་པའི་དོན་ནོ། །དེ་འདྲ་བ་བཅུ་གཉིས་ཀྱིས་ཉིན་དང་མཚན་གྱི་ཞག་གཅིག་ལ་འབབ་པ་རྣམས་བསྡོམས་པས། བདུན་ཅུ་རྩ་ལྔ་ལྷག་པའི་དྲུག་བརྒྱའོ། །ཞག་གཅིག་ལ་དྲུག་བརྒྱ་རྣམས་ཀྱིས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་དབུགས་རྒྱུ་བ་ལས། དྲུག་བརྒྱ་བདུན་ཅུ་དོན་ལྔའི་ཚད་འདི་ཡིས། དམན་ཞིང་ཕྲི་བའི་དབུགས་གང་ཡིན་པ་དེ་རྣམས། གཡོན་རྐྱང་མ་དང༌། གཡས་རོ་མའི་རྩར་འབབ་བོ། །དེ་ཡང་སོ་གཉིས་ཆས་ཕྲི་བའི་དབང་ལས་དབུགས་རིལ་པོའི་ཚད་དུ་བཞག་ན། ཉི་ཁྲི་དགུ་བརྒྱ་ཉི་ཤུ་རྩ་ལྔ་རོ་རྐྱང་དུ་འབབ་པ་ཡིན་གྱི། སྤྱིར་འབྱུང་འཇུག་གི་གྲངས་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཉིད་རོ་རྐྱང་ནས་འབབ་བོ། །ཚུལ་དེས་རྩིས་ན་ཞག་སུམ་ཅུ་རྩ་གཉིས་ལ་དབུ་མའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ་ཞག་སྟོང་ཕྲག་སུམ་ཅུ་རྩ་དྲུག་སྟེ། ལོ་བརྒྱ་རྣམས་ལས་དབུ་མའི་དབུགས་ནི། ཕྱོགས་གསུམ་དང་བཅས་པའི་ལོ་གསུམ་སྟེ། ཞག་སྟོང་བརྒྱ་ཉི་ཤུ་རྩ་ལྔའོ། །འདིར་རྐང་པ་དང་བཅས་པ་ཞེས་པའི་རྐང་པ་ནི་དབུགས་གཅིག་གི་བཞི་ཆའོ། །དོན་འདི་དག་ལ་སེམས་འགྲེལ་རྣམས་ཀྱི་ཚིག་བརླིང་པོ་ལ་འཁྲུལ་གཞི་བྱས་ཏེ། འཕོ་མཚམས་སུ་ང་དྲུག་རྐང་བཅས་ལྷག་པོར་འདོད་པ་ནི། སྔ་མ་མང་པོ་ཞིག་དང༌། བོད་ཀྱི་གྲུབ་ཐོབ་ཏུ་གྲགས་པ་ཁ་ཅིག་ཀྱང་སྟེ། འོན་ཀྱང་མི་འཐད་པར་རྟོགས་སླ་ལ། ཡང་འཕོ་བ་སྔ་མའི་འཇུག་དང་ཕྱི་མའི་སོ་ག །སུམ་ལྷག་རེ་མཉམ་རྒྱུར་འགྱུར་རོ་ཞེ་ན་རགས་པའི་མཉམ་རྒྱུ་ནི་སུམ་བརྒྱ་རེ་ཡང་འབྱུང་སྲིད་ལ། འདི་ལ་དཀྱིལ་འཁོར་རྣམས་ཚད་མི་མཉམ་པར་ཐལ་ལོ། ཁ་ཅིག་དབུགས་རེ་རེའི་སོ་གཉིས་ཆ་དེ་འཕོ་བ་དངོས་ཀྱི་སྒང་ལ་མི་རྒྱུ་བར། འཕོ་མཚམས་


TNT02_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྡོམས་ཏེ་ང་དྲུག་རྐང་བཅས་རྒྱུ་བར་འདོད་པ་ཡང༌། ཤིན་ཏུ་མི་འཐད་དེ། དཀྱིལ་འཁོར་རེ་རེའི་མཚམས་སུ་དྲག་པོ་རྐང་བཅས་དང༌། ཞག་གཅིག་གི་མཐར་དྲུག་བརྒྱ་དོན་ལྔ་ལ་ཡང་དེ་ལྟ་བུ་དགོས་པར་ཐལ་བར་འགྱུར་རོ། །ཡང་དེ་གཉིས་ཐོབ་སྐལ་ཙམ་རྩིས་པ་ཡིན་ལ། འཕོ་མཚམས་ཀྱི་འདི་ནི་གཡས་གཡོན་ཕན་ཚུན་དུ་འཕོ་བའི་བར་དུ་མཉམ་རྒྱུ་འབྱུང་བའི་ངེས་པ་ཡིན་པས། མི་འདྲའོ་སྙམ་ན་འདི་ནི་ཕྲ་མོའི་མཉམ་རྒྱུ་ངོས་མ་ཟིན་པའི་གཏམ་ཡིན་ཞིང༌། དབུགས་འབྱུང་འཇུག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལས་ལྷག་པའི་སྐྱོན་དང༌། འཕོ་བའི་དབུགས་དང་དབུ་མའི་དབུགས་རྣམས་ཡུན་རིང་ཐུང་དང་དངོས་པོ་སྦོམ་ཕྲ་མི་མཉམ་པའི་སྐྱོན་དུ་ཐལ་བར་འགྱུར་རོ། །དེས་ན་རང་ལུགས་ནི་སོ་གཉིས་ཆ་དེ་ནི་དབུགས་ཐམས་ཅད་ལ་ཡོད་ཅིང་དེ་ཡང་ཕྱོགས་ཅིག་ན་དུམ་བུའི་ཚུལ་གྱིས་ཡོད་པ་མ་ཡིན་ཏེ། ཏིལ་ལ་ཏིལ་མར་བཞིན་དུ་ཁྱབ་པ་དང༌། དབུ་མའི་དབང་བྱས་པ་དང༌། དབུ་མའི་ཆ་དེ་ཉིད་སྣ་སྒོ་གཉིས་ནས་མཉམ་པར་རྒྱུ་བ་ཡིན་ལ། འཕོ་མཚམས་ཀྱི་འཕོ་བ་སྔ་མའི་འགོ་དང་ཕྱི་མའི་འཇུག་རྣམས་ལ། མཉམ་རྒྱུ་ལྟར་སྣང་བ་འབྱུང་བ་ནི་རགས་པའི་མཉམ་རྒྱུ་ཡིན་པས་འདི་དང་མི་གཅིག་གོ །དབུ་མའི་རླུང་འདི་དྲུག་པ་ཡེ་ཤེས་ཀྱི་ཁམས་ཀྱི་རླུང་ཡིན་ཞིང༌། དཔེར་ན་སེང་ལྡེང་ལ་སེང་ལྡེང་གི་ཁུ་བས་ཁྱབ་ཅིང༌། སེང་ལྡེང་གི་སྡོང་དུམ་དང་པོར་འཇལ་བྱེད་ཀྱི་གཞལ་ནས་སླར་ཆུ་ནང་དུ་བསྐོལ་ཏེ་ཁུ་བ་མཐའ་དག་བྱུར་ནས། ཤིང་དེ་ཡང་སྐམ་ལ། ཁུ་བ་དེ་ཡང་ཁན་དར་བསྐམས་ནས། སོ་སོར་འཇལ་བྱེད་ལ་གཞལ་ན། སེང་ལྡེང་དེ་ཁན་དའི་བརྗིད་གྱི་ཚད་ཙམ་གྱིས། སྔོན་ལས་ཡང་བར་འགྱུར་རོ། །དེ་ཡང་ཤིང་གི་ཉི་ཤུ་ཆ་ཁན་དའི་བརྗིད་དུ་འགྱུར་བ་ཡིན་ན། སྔོན་ཉི་ཤུ་ཆའི་བཅུད་དེས་ཤིང་དེ་ཐམས་ཅད་ལ་ཁྱབ་པར་གནས་སོ། །དེས་ན་འདིར་དབུ་མའི་དབུགས་དེ་ཡང༌། དབུགས་ཀྱི་ནང་ནས་ལོགས་སུ་སྟོན་པ་ཞིག་སྲིད་ན་སོ་གཉིས་ཆ་ཡོད་ཞེས་པ་ཡིན་གྱི། དུམ་བུར་ཆད་པ་ནི་མ་ཡིན་ཏེ། རོ་རྐྱང་གི་དབང་


TNT02_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་རླུང་གི་ལུས་ལ། དབུ་མས་དབང་བྱས་པའི་རླུང་གི་བཅུད་ཀྱིས་ཁྱབ་པ་ཡིན་ནོ། །འདི་ནི་ལམ་མ་སྒོམས་པའི་དབང་དུ་བྱས་པ་སྟེ། དབུ་མའི་དབུགས་ཀྱི་གྲོལ་བ་མི་ཐོབ་པར་མ་ཟད། དུས་ཀྱི་འཆི་བ་ནི་འདི་ཁོ་ནའི་སྟོབས་ཀྱིས་ཡིན་ལ། དུས་མིན་དུ་འཆི་བ་ཡང་འདིས་རྒྱུ་བྱས་ནས་རོ་རྐྱང་ལ་སྐྱོན་ཞུགས་པ་ཡིན་པས། དེ་ལྟ་བུའི་སྐྱོན་བཟློག་པའི་ཕྱིར་འདི་ལམ་དུ་བྱེད་པ་ལ་འབད་པར་བྱའོ། །དོན་ཚན་ལྔ་པ་རྩ་དྲུག་གི་མིང་རིགས་བཤད་པ་ནི། སྟེང་དུ་གཡོན་གཡས་ཟླ་ཉི་མ། །རྐྱང་མ་ལུག་དང་སེར་སྐྱ་གཞན། །ཆུ་དང་མེ་ཡི་རང་བཞིན་ཅན། །པདྨ་རིན་ཆེན་འཛིན་པར་འདོད། །འོག་ཏུ་བཤང་གཅི་འབབ་པ་དག །ས་དང་རླུང་གི་རང་བཞིན་ཅན། །དབུས་མའི་རྩ་དང་གཡོན་པ་ཡང༌། །འཁོར་ལོ་རལ་གྲི་འཛིན་པར་འདོད། །སྟེང་དང་འོག་ཏུ་དབུས་མ་གཡས། །སྒྲ་གཅན་ཁུ་བ་རབ་འབབ་པ། །སྟོང་པ་ཡེ་ཤེས་རང་བཞིན་ཅན། །རྡོ་རྗེ་རྡཽ་རྗེ་འཛིན་པར་འདོད། །ཅེས་པ་སྟེ་སྟེང་དུ་གཡོན་ཟླ་བའི་རྩ་ཡི་མིང་ནི་རྐྱང་མ་དང༌། ལུག་ཅེས་ཀྱང་བྱ་སྟེ་ཆུ་ཁམས་འབབ་པས། པདྨ་སྟེ་འོད་དཔག་མེད་ཀྱི་རིགས་ཡིན་ལ། སྟེང་དང་གཡས་ཉི་མའི་རྩ་ནི་སེར་སྐྱ་དང་གཞན་རོ་མ་ཞེས་ཀྱང་བྱ་སྟེ། མིའི་རང་བཞིན་ཅན་གྱི་ཕྱིར། རིན་ཆེན་འཛིན་པ་སྟེ་རིན་ཆེན་འབྱུང་ལྡན་དུ་འདོད་དོ། །འོག་ཏུ་བཤང་བ་འབབ་པ་སའི་རང་བཞིན་ཅན་རྒྱབ་ཀྱི་དབུས་སུ་གནས་པའི་རྩ་ནི་འཁོར་ལོ་འཛིན་པ་རྣམ་སྣང་གི་རིགས་དང༌། གཅི་བ་འབབ་པ་རླུང་གི་རང་བཞིན་ཅན་མདུན་གྱི་གཡོན་ན་གནས་པ་ཡང༌། རལ་གྲི་འཛིན་པ་སྟེ་དོན་ཡོད་གྲུབ་པར་འདོད་དོ། །སྟེང་གི་དབུས་མ་སྒྲ་གཅན་གྱི་རྩ་སྟོང་པའི་རང་བཞིན་ཅན་ནི་རྡོ་རྗེའི་རིགས་མི་བསྐྱོད་པ་དང༌། འོག་ཏུ་མདུན་གྱི་གཡས་ཕྱོགས་ན་ཁུ་བ་འབབ་པའི་རྩ་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ཅན་རྡོ་རྗེ་འཛིན་པ་སྟེ། རྡོ་རྗེ་སེམས་དཔའི་རིགས་སུ་འདོད་དོ། །དེའི་རྗེས་སུ། ལྟེ་བའི་སྟེང་དུ་ཀུན་འདར་མ། །གང་དེ་ལ་ཡིད་བཟང་མུན་པ་འབབ། །འོག་ཏུ་ཁུ་བ་འབབ་གང་དེ། །མཁའ་འགྲོ་གདོང་དང་དུང་


TNT02_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མ། །ཞེས་ཚིག་བཅད་འོག་མ་འདིར་བླངས་ཏེ། ལྟེ་བའི་སྟེང་དུ་དབུས་མ་སྒྲ་གཅན་གྱི་རྩ་དེ་ནི་ཀུན་འདར་མ་སྟེ། གང་དེ་ལ་ཡིད་བཟང་མ་ཞེས་ཀྱང་བྱ་བ་མུན་པ་སྟེ་རླུང་དང༌། མུན་པའི་ཁམས་འབབ་པའོ། །འོག་ཏུ་ཁུ་བ་འབབ་པའི་རྩ་དེ་ནི་རྩ་མཁའ་འགྲོ་གདོང་སྟེ་བྱ་གདོང་དང༌། དུང་ཅན་མ་ཞེས་ཀྱང་བྱའོ། །ཡང་འོག་ནས་འབྱུང་བ་རྡུལ་འབབ་ཕྱིར་དེ་གཏུམ་མོ་སྟེ། ཁུ་བ་འབབ་ཕྱིར་མཁའ་འགྲོ་གདོང༌། །སྟེང་དུ་བརྗོད་དུས་བུད་མེད་ཀྱི། །གཡུང་མོ་སྐྱེས་བུའི་ཀུན་འདར་མ། །ཞེས་པ་ཡང་འདིར་བླངས་ནས། བུད་མེད་ཀྱི་ནི་རྩ་མཁའ་འགྲོ་གདོང་དེ་ལ་རྡུལ་འབབ་པའི་ཕྱིར། གཏུམ་མོ་ཞེས་བྱ་སྟེ། དམར་ཆ་ལ་གཏུམ་མོར་ཀུན་ཏུ་གྲགས་པའི་ཕྱིར་རོ། །སྐྱེས་པ་ལ་ནི་ཁུ་བ་འབབ་པའི་ཕྱིར། མཁའ་འགྲོ་གདོང་སྟེ་མཁའ་འགྲོའི་བརྡས་ནི་དཀར་ཆ་བསྟན་པ་ཡིན་ནོ། །རྩ་དེ་ཉིད་ཀྱི་རྒྱུད་ལྟེ་བའི་སྟེང་དུ་གནས་པ་ལ། མིང་བརྗོད་དུས་བུད་མེད་ཀྱི་དབུ་མ་དེ་ལ་ནི་གཡུང་མོ་ཞེས་བྱ་སྟེ། སྐྱེས་བུའི་དེ་ལ་ནི་ཀུན་འདར་མ་ཞེས་གྲགས་སོ། །དེ་ཡང་གཡུང་མོ་ནི་རྣམ་རྟོག་གིས་མི་རེག་ཅིང་མ་གོས་པ་སྟེ། མི་རྟོག་པའི་བདེ་བ་ལ་གནས་པའི་ཕྱིར་དང༌། ཀུན་འདར་མའམ་སྡིག་འཇོམས་མ་ནི་རྒྱ་སྐད་དུ་ཨ་ཝ་དྷཱུ་ཏཱི་སྟེ། རྣམ་པར་རྟོག་པའི་སྡིག་པ་འཇོམས་པའི་ཕྱིར་དེ་སྐད་ཅེས་བཏགས་ཏེ། མ་གོས་པ་དང་འཇོམས་པའི་དོན་ལ་ཤེས་རབ་དང་ཐབས་ཀྱི་ལྡོག་ཆའི་ཁྱད་པར་ཅུང་ཟད་ཡོད་དོ། ཁ་ཅིག་གཡུང་མོ་དང་གཏུམ་མོ་རྡུལ་འཛག་པའི་དུས་ཁོ་ན་ལ་སྦྱར་བ་ནི་སྐབས་ཀྱི་དོན་མ་ཡིན་ནོ། །དོན་ཚན་དྲུག་པ་སྲོག་རླུང་འགྲོ་འོང་གི་རྣམ་གཞག་ནི། ལྟེ་བའི་ཆུ་སྐྱེས་སྙིང་མགྲིན་དང༌། །དཔྲལ་པ་གཙུག་ཏོར་འདམ་སྐྱེས་ལ། །ས་ཆུ་མེ་རླུང་སྟོང་པ་རྣམས། རབ་ཏུ་འབབ་པ་བསྡུད་པ་ཡིས། །འབྱུང་འགྱུར་དེ་ནི་འཇུག་པ་དང༌། །སྐྱེད་པའི་འཇུག་དེ་ས་ལའོ། །ལྟེ་བ་ནས་ནི་ལྟེ་བའི་དབུས། །ཨ་ཝ་དྷཱུ་ཏཱིར་འགྲོ་དང་འོང༌། །ཞེས་ཏེ། དེ་ལ་དབུགས་ཕྱིར་འགྲོ་བ་ནི་འབྱུང་བ་ལྔ་བསྡུད་རིམ་གྱི་ཚུལ་གྱིས་


TNT02_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བས། རྒས་པ་དང་འཆི་བ་སོགས་ཀྱི་རྒྱུ་ཡིན་ལ། ནང་དུ་འཇུག་པ་ནི་སྐྱེ་རིམ་ཡིན་པས། སྟོབས་དང་ཚེ་ལ་སོགས་པའི་རྒྱུའོ། །དེ་ཡང་ལྟེ་བའི་དཀྱིལ་འཁོར་ནས་བརྩམས་ཏེ་སྲོག་གི་རླུང་རྒྱུ་བ་ཡིན་པ་ལ། ལྟེ་བར་ས་དང༌། སྙིང་གར་ཆུ་དང༌། མགྲིན་པར་མེ་དང༌། དཔྲལ་པར་རླུང་དང༌། གཙུག་ཏོར་དུ་ནམ་མཁའི་རིམ་པས་རྒྱུད་ནས། སླར་ཡང་སྨིན་མཚམས་ནས་སྣ་བུག་གཡས་གཡོན་གང་རུང་དུ་འབབ་བོ། །འདམ་སྐྱེས་ནི་པདྨ་སྟེ་རྩ་འཁོར་རོ། །དེ་ཡང་ལྟེ་བའི་ཆུ་སྐྱེས་ལ་སའི་ཡོན་ཏན། དྲི་གཟུགས་རོ་རེག་སྒྲ་སྟེ་ལྔ་དང༌། སྙིང་ག་ལ་ཆུའི་ཡོན་ཏན་གཟུགས་རོ་རེག་སྒྲ་སྟེ་བཞི་དང༌། མགྲིན་པ་ལ་མེའི་ཡོན་ཏན་རོ་རེག་སྒྲ་གསུམ་དང༌། དཔྲལ་བ་ལ་རླུང་གི་ཡོན་ཏན་རེག་སྒྲ་གཉིས་དང༌། གཙུག་ཏོར་གྱི་འཁོར་ལོ་ལ་སྟོང་པ་སྟེ་ནམ་མཁའི་ཡོན་ཏན་སྒྲ་གཅིག་པུའི་མཚན་ཉིད་དོ། །དེ་ཡང་ལྟེ་བའི་ས་སྙིང་གའི་ཆུ་ལ་ཐིམ། དེ་མགྲིན་པའི་མེ་དང༌། དེ་དཔྲལ་བའི་རླུང་དང༌། དེ་གཙུག་ཏོར་གྱི་ནམ་མཁའ་ལ་ཐིམ་པས་ན། བསྡུད་པའི་རིམ་པས་རླུང་ཕྱིར་འབྱུང་བར་འགྱུར་ཞིང༌། དེ་ནི་སྔར་གྱི་ལམ་ནས་ནང་དུ་འཇུག་པ་དག་ལ། ནམ་མཁའ་ལས་རླུང་དང༌། རླུང་ལས་མེ་དང༌། མེ་ལས་ཆུ་དང༌། ཆུ་ལས་ས་སྐྱེ་བའི་ཚུལ་གྱིས། བསྐྱེད་པའི་རིམ་པས་མཐར་ལྟེ་བའི་ས་ལ་འཇུག་གོ །སྐབས་འདིར་རྩ་གསུམ་ལམ་གསུམ་གྱི་བགྲོད་ཚུལ་དང༌། རྩ་བའི་འཁོར་ལོ་དྲུག་དང༌། ལས་ཀྱི་འཁོར་ལོ་བཅུ་གཉིས་དང༌། བྱ་བའི་འཁོར་ལོ་དྲུག་ཅུ་ལ་སོགས་པ་དང༌། དེ་དག་གི་ཕྱི་ནང་དག་སྦྱོར་སོགས་རྒྱས་པར་རྟོགས་དགོས་ཏེ་རྒྱུད་འགྲེལ་ཆེན་མོ་ཉིད་ལས་རྟོགས་པར་བྱའོ། །འདིར་རབ་ཏུ་འབབ་པ་ཞེས་པ་ནི་ཁམས་ལྔ་རབ་ཏུ་འབབ་ཅེས་པའི་དོན་ཡིན་གྱི། དབུ་མ་ལས་འབབ་པར་འཆད་བ་དོན་མིན་ནོ། །འཁོར་ལོ་ལྔ་པོ་རྣམས་ཀྱི་ལྟེ་བ་ནས་ལྟེ་བའི་དབུས་ཀྱི་ཨ་ཝ་དྷུ་ཏཱིའི་ནང་ནས་འགྲོ་ཞིང་འོང་བར་བྱེད་ཅེས་པས་ནི། འཁོར་ལོའི་བར་


TNT02_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱི་ཨ་ཝ་དྷཱུ་ཏཱི་ལ་གཞི་འཁོར་བའི་གནས་སྐབས་སུ་འགྲོ་འོང་མི་བྱེད་པའི་དོན་ཏེ། དེ་ཡང་འགྲོ་འོང་གཏན་ནས་མི་བྱེད་པ་མིན་ཡང༌། རྩ་དེས་རླུང་དེ་ལ་དབང་མི་སྒྱུར་བའི་དོན་ནོ། །དོན་མཚན་བདུན་པ་ཐུར་སེལ་འགྲོ་འོང་བཤད་པ་ནི། ལྟེ་གསང་ནོར་བུའི་ཆུ་སྐྱེས་ལ། །ལུས་ངག་སེམས་རྣམས་འབབ་པ་ནི། །འབྱུང་དང་དེ་ནི་འཇུག་པ་དག །བསྡུད་དང་སྐྱེད་པའི་རང་བཞིན་ཅན། །དུང་ཅན་སྐྱེ་བོ་ཐམས་ཅད་ཀྱི། །ཐུར་སེལ་རླུང་ནི་འབབ་པའོ། །འདི་རྣམས་བུད་མེད་བདེ་བ་ལས། །ཁུ་བའི་དུས་ལ་ཁྲག་འབབ་པའོ། །ཞེས་པ་སྟེ། ལྟེ་བའི་དཀྱིལ་འཁོར་དང༌། གསང་གནས་དང༌། ནོར་བུའི་ཆུ་སྐྱེས་ཀྱི་རྩ་འཁོར་ཏེ་གསུམ་ལ། ལུས་ངག་སེམས་ཀྱི་ཁམས་དང་རླུང་གི་རིམ་པས། ཐུར་སེལ་གྱི་རླུང་ཕྱིར་འབྱུང་བ་ནི་བསྡུད་པའི་རིམ་པ་དང༌། ཐུལ་སེལ་དེ་ནི་ནང་དུ་འཇུག་པ་ན། སེམས་ངག་ལུས་ཏེ་སྐྱེད་པའི་རང་བཞིན་ཅན་གྱིས་འབབ་པའོ། །དེ་ཡང་ལྟེ་བར་མུན་རྡུལ་སྙིང་སྟོབས་གསུམ་ཚོགས་པ་ལས་སྙིང་སྟོབས་གཙོ་བོ་དང༌། གསང་བར་མུན་རྡུལ་གཉིས་ལས་རྡུལ་གཙོ་བོ་དང༌། ནོར་བུར་མུན་པ་ཁོ་ན་ལྷག་པར་སྤྱོད་དོ། །སྙིང་སྟོབས་ལུས། རྡུལ་ངག །མུན་པ་སེམས་ཀྱི་ཆོས་ཡིན་ཞིང༌། ལུས་ངག་སེམས་གསུམ་གཅིག་ཏུ་འཚོགས་པ་ལས། ལུས་ངག་ལ་ཐིམ་པས་གཉིས་ཚོགས་ཙམ་དང༌། ངག་སེམས་ལ་ཐེམ་པས་གཅིག་པུར་འགྱུར་ཞིང༌། སེམས་ལས་ངག་སྐྱེས་པས་གཉིས་ཚོགས་དང༌། ངག་ལས་ལུས་སྐྱེས་པས་སུམ་ཚོགས་སུ་འགྱུར་བ་ནི། དཔེར་མཚོན་ན། འཆི་བའི་ཚེ་ལུས་ཕུང་ཁམས་རགས་པ་རླུང་ལ་ཐིམ། རླུང་ཡང་འཆི་སེམས་ལ་ཐིམ་པར་འགྱུར་ལ། ཡང་འཆི་སེམས་ལས་བར་སྲིད་རླུང་གི་རང་བཞིན་ཅན་དང༌། དེ་ལས་རགས་ལུས་འགྲུབ་པར་འགྱུར་བ་བཞིན་ནོ། །དེ་ལྟ་བུའི་སྐྱེ་བོ་ཐམས་ཅད་ཀྱི་ཐུར་སེལ་གྱི་རླུང་འགྲོ་འོང་གི་ཚུལ་གྱིས་འབབ་པ་འདི་ནི། དུང་ཅན་མ་ནས་འབབ་པ་ཡིན་པས། ལྟེ་བ་ནས་ནི་ལྟེ་བའི་དབུས། །དུང་ཅན་མར་ནི་འགྲོ་དང་འོང། །ཞེས་སྦྱར་རོ། །དེ་ཡང་སྟེང་གི་


TNT02_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ཕྱིར་འགྲོ་བའི་ཚེ། ཐུར་སེལ་ནང་དུ་འཇུག་ལ། སྟེང་རླུང་ནང་དུ་འོང་བའི་ཚེ་ཐུར་སེལ་ཕྱིར་འགྲོའོ། །འཁོར་བའི་དུས་ན་དེ་ལྟར་ཡིན་ཀྱང་རྣལ་འབྱོར་སྒོམ་པའི་ཚེ། མཉམ་པར་ཁ་སྦྱར་དུ་འཆི་དགོས་པ་ཡིན་ནོ། །བུད་མེད་ལ་ཆགས་པའི་བདེ་བའི་དུས་ནི་སྐྱེས་པ་ལ། དུང་ཅན་མ་དེ་ཉིད་ཁུ་བ་འབབ་པའི་རྩར་འགྱུར་ཞིང༌། དེའི་དུས་སུ་བུད་མེད་ལ་ནྀ་ཁྲག་འབབ་བོ། །འདིར་ལྟེ་བའི་དཀྱིལ་འཁོར་ནི་སྲོག་ཐུར་གཉིས་ཀར་དང་པོར་འགོ་རྩོམ་ཡིན་པར་བཤད་པ་ལ། འཁོར་ལོ་གཅིག་ཁོ་ནར་འདོད་པ་དང༌། སྟེང་བལྟ་འོག་བལྟའི་རིམ་པ་གཉིས་ཡོད་པར་འདོད་པ་དང༌། ཐུར་སེལ་གྱི་སྐབས་ཀྱི་ལྟེ་བ་ནི་ལྟེ་འོག་སོར་བཞིའོ་ཞེས་འདོད་ཚུལ་གསུམ་ཡོད་ཀྱང་བར་པ་ལེགས་པར་མཐོང་ངོ༌། །དོན་ཚན་བརྒྱད་པ་རྩ་དྲུག་པོ་ཐབས་ཤེས་སུ་སྦྱོར་བ་ནི། ཤེས་རབ་ཐབས་དངོས་ཡན་ལག་གིས། །སྟེང་དུ་གཡས་དང་གཡོན་དག་དང༌། འོག་ཏུ་བཤང་གཅི་འབབ་པ་དང༌། །རྡུལ་དང་ཁུ་བ་འབབ་པ་དག །ཅེས་པ་སྟེ་ཡན་ལག་གིས་ཞེས་པ་ནི་དབྱེ་བ་ཡིས་ཞེས་པའི་དོན་ནོ། །དེ་ཡང་སྟེང་དུ་གཡས་རོ་མ་མེ་དང༌། གཡོན་རྐྱང་མ་ཆུ་གཉིས་རིམ་པས་ཐབས་ཤེས་དང༌། འོག་ཏུ་རྒྱབ་བཤང་བའི་རྩ་ས་དང༌། མདུན་གཅི་བའི་རྩ་རླུང་གཉིས་པོ་ཐབས་ཤེས་སུ་སྦྱར་བ་དང༌། དབུས་སུ་རྡུལ་དང་ཁུ་བ་འབབ་པ་དག །ཁུ་བ་ནི་ནམ་མཁའ་དང་རྡུལ་ཡེ་ཤེས་ཀྱི་ཁམས་ཐབས་ཤེས་སུ་སྦྱོར་ཏེ། དེ་ལྟར་ན་ཤེས་རབ་དང་ཐབས་ཀྱི་དངོས་པོའི་དབྱེ་བས་སོ། །འདི་ནི་འབྱུང་བ་ཁམས་དྲུག་ལུས་བསམ་གྱི་དབྱེ་བས་ཐབས་ཤེས་སུ་སྦྱོར་བ་དེ་ཡིན་པས། གོང་གི་ཐབས་ཤེས་རིགས་དྲུག་དང་སྦྱོར་ཚུལ་མི་འདྲའོ། །དེ་ལ་སྟེང་གི་རྩ་གསུམ་གཡས་གཡོན་ལ་སུམ་སྒྲིགས་དང༌། འོག་གི་རྩ་གསུམ་སུམ་འཛོམ་གྱི་ཚུལ་ལམ་མདུན་རྒྱབ་ཏུ་སུམ་སྒྲིགས་སུའང་དོན་གྱིས་གནས་པ་ཡིན་ལ། དེ་ཡང་རོ་རྐྱང་གཉིས་པོ་གཡས་གཡོན་ལྷོ་བྱང་གི་རིམ་པར་འགྱུར་ཞིང༌། བཤང་བའི་རྩ་དབུས་ཞེས་བརྗོད་ཀྱང་རྒྱབ་ལ་ཉེ་བས་ནུབ་ཀྱི་རྩ་དང༌། གཅི་བ་


TNT02_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁུ་བའི་རྩ་གཉིས་མདུན་གྱི་ཕྱོགས་སུ་འཁྱོགས་མཉམ་པ་གཡས་གཡོན་སོ་སོར་བཟུང་བ་ཡིན་ཀྱང་གཅི་བའི་རྩ་མདུན་གྱི་ཕྱི་ལ་ཉེ་བས་ཤར་གྱི་རྩར་བྱ་ལ། ཁུ་བའི་རྩ་ནི་གཅི་བའི་རྩ་ལས་ཅུང་ཟད་ནང་དུ་ཕྱོགས་པས་འོག་དབུས་ཀྱི་རྩར་དོན་གྱིས་འགྱུར་རོ། །གཅི་བའི་གཡོན་དང་ཁུ་བའི་གཡས་སུ་བཤད་པ་འདི། སྐྱེས་པའི་ལུས་ལ་དེ་ལྟར་ངེས་ལ། ཡང་བོད་དུ་འགྱུར་བའི་རྒྱུད་གཞུང་ལས་བཤད་ཁུངས་གསལ་པོ་མ་མཐོང་ཡང༌། བུད་མེད་ལ་དེ་གཉིས་གོ་བཟློག་པའོ་ཞེས། དམ་པ་འགའ་ཞིག་གསུང་པ་ལྟར་ཡིན་པར་སེམ་མོ། །དེས་ན་འོག་གི་གཡས་གཡོན་དབུས་གསུམ་ལ་སྐབས་ཐོབ་ཀྱི་ངོས་འཛིན་ཅི་རིགས་པར་སྣང་བས། དུས་ཞབས་པ་ཆུང་བས་མཛད་པར་གྲགས་པའི་འགྲེལ་པ་ལས། ཁུ་བ་འབབ་པ་དབུས་སུ་བཤད་པ་ཡང་མ་ནོར་བར་སེམ་མོ། །དེ་ཡང་ཕོ་མོ་གང་རུང་གཅིག་གི་ལུས་ལ་ཨ་ཝ་དྷཱུ་ཏཱི་མཁའ་ཁམས་དང༌། དུང་ཅན་མ་ཡེ་ཤེས་ཀྱི་ཁམས་ཐབས་ཤེས་སུ་སྦྱོར་ལ། སྐབས་འདིར་དངོས་བསྟན་ལ་སྐྱེས་པའི་ཁུ་བ་འབབ་པ་དང་བུད་མེད་ཀྱི་རྡུལ་འབབ་པ་ཐབས་ཤེས་སུ་སྦྱར་བའོ། །དོན་ཚན་དགུ་པ་ཁྱིམ་གྱི་དཀྱིལ་འཁོར་འབབ་ཚུལ་རྒྱས་པར་བཤད་པ་ནི། རྣམ་ཤེས་ལ་སོགས་དཀྱིལ་འཁོར་ལྔ། །རྟག་ཏུ་གཡོན་པའི་རྩ་ལའོ། །ས་སོགས་གཡས་པའི་རྩ་ལ་སྟེ། དབུས་སུ་དྲུག་པ་འབབ་པའོ། །ལྟེ་བའི་པདྨ་འདབ་མ་ལ། །དཀྱིལ་འཁོར་དྲུག་ཅུ་རྣམས་རིམ་བཞིན། །གཡོན་དང་གཡས་པའི་དུས་སྦྱོར་ནི། །ལུག་སོགས་གླང་ལ་སོགས་པ་ལ། །རྩ་བ་གཡོན་དང་དེ་ནས་གཡས། །སྟེང་དང་དབུས་སུ་རིམ་པས་རླུང༌། །ས་སོགས་དཀྱིལ་འཁོར་རེ་རེ་ཞིང༌། །དབྱུག་གུས་སྣ་བུག་དག་ལའོ། །རིམ་པས་ཆུ་ཚོད་འབབ་པ་ནི། །དྲུག་ཅུ་དང་བཅས་སུམ་བརྒྱའི་དབུགས། །བརྒྱ་ཕྲག་བཅོ་བརྒྱད་དབུགས་དེ་རྣམས། །ཆུ་ཚོད་ལྔར་ནི་འབབ་པའོ། །ཆུ་ཚོད་དྲུག་ཅུ་ཉིན་མཚན་དུ། །ལུས་ལ་དཀྱིལ་འཁོར་རྣམས་ཞེས་པའོ། །འདབ་མའི་དབུས་དང་དེ་ནས་ཤར། །གཡས་གཡོན་གཞན་དུ་རིམ་པ་ཡིས། །གཡོན་པར་


TNT02_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་ནམ་མཁའ་སོགས། །གཡས་པར་ས་སོགས་གཞན་ལས་སོ། །གཡོན་པར་རྣམ་ཤེས་སོགས་འབྱུང་བ། །གཡས་པར་ས་སོགས་བསྡུད་པའོ། །ཞེས་པ་སྟེ་རྣམ་ཤེས་ལ་སོགས་པའི་སྒྲས་འདུ་བྱེད་དང༌། ཚོར་བ་དང༌། འདུ་ཤེས་དང༌། གཟུགས་ཀྱི་ཕུང་པོ་སྟེ་ཕུང་པོ་ལྔའི་རླུང་ནི་རྟག་ཏུ་ལྟེ་བའི་རྩ་འདབ་མ་བཅུ་གཉིས་ཀྱི་ནང་ཚན་གཡོན་པའི་རྩ་འདབ་དྲུག་ལ་འབབ་སྟེ། དེ་ཡང་རྣམ་ཤེས་ནམ་མཁའི་ཁམས་དང༌། འདུ་བྱེད་རླུང་དང༌། ཚོར་བ་མེ་དང༌། འདུ་ཤེས་ཆུ་དང༌། གཟུགས་ཕུང་ས་ཁམས་ཡིན་ཀྱང༌། གཡོན་གྱི་འདི་རྣམས་རགས་ཤིང་བདེ་བ་ཤས་ཆེ་བའི་ཕྱིར་ཁམས་ཀྱི་རང་མིང་གིས་མ་བསྟན་པར་ཕུང་པོར་བཞག་པ་དང༌། གཡས་ཀྱི་རྣམས་ནི་ཕྲ་ཞིང་གསལ་བ་ཤས་ཆེ་བའི་ཕྱིར་ཁམས་ལྔ་པོ་ཉིད་ཀྱི་རང་མིང་གིས་བསྟན་པ་ཡིན་ནོ། །དེ་བས་ན་ས་སོགས་ཀྱི་སྒྲས་ཆུ་མེ་རླུང་ནམ་མཁའི་ཁམས་ཀྱི་རླུང་རྣམས། གཡས་པའི་རྩ་འདབ་དྲུག་ལ་འབབ་པ་ཡིན་ལ། དྲུག་པ་ཡེ་ཤེས་ཀྱི་ཁམས་ཀྱི་རླུང་ནི། དབུས་ཨ་ཝ་དྷཱུ་ཏཱི་ནས་འབབ་སྟེ་གོང་དུ་བསྟན་ཟིན་ཏོ། །གཡས་ཀྱི་རྩ་འདབ་དྲུག་གི་འཕོ་བ་རྣམས་ནི་རོ་མས་དབང་བྱས་ཤིང༌། སྣ་བུག་གཡས་ནས་འབབ་པ་གཙོ་ཆེ་ལ། གཡོན་གྱི་རྣམས་རྐྱང་མས་དབང་བྱས་ཤིང་སྣ་བུག་གཡོན་དུ་འབབ་པ་གཙོ་ཆེའོ། །དེ་ཡང་ལྟེ་བའི་རྩ་འདབ་བཅུ་གཉིས་ཀྱི་འདབ་མ་རེ་རེ་ལ། དུས་སྦྱོར་ནི་རེ་རེ་འབབ་པ་ཡིན་ཞིང༌། དུས་སྦྱོར་རེ་ལ་དཀྱིལ་འཁོར་ལྔ་ལྔ་འབབ་པས། དཀྱིལ་འཁོར་དྲུག་ཅུའོ། །རྒྱབ་མདུན་གྱི་དབུས་དྲང་ཐད་ལ་མཚམས་བཅོལ་བའི་གཡོན་དུ་ལུག་སོགས་དུས་སྦྱོར་དྲུག་སྟེ། ལུགའཁྲིགསེང༌། སྲང༌། གཞུ། བུམ་དྲུག་དང༌། གཡས་སུ་གླང་སོགས་དུས་སྦྱོར་དྲུག་སྟེ། གླང༌། ཀར། བུ་མོ། སྡིག་པ། ཆུ་སྲིན། ཉ་རྣམས་སོ། །དེ་དག་ལས་དཀྱིལ་འཁོར་ལྔ་སྣ་སྒོར་འབབ་ཚུལ་ནི། རྩ་བ་ནི་འོག་སྟེ་མཆུའི་ཕྱོགས་ལ་བསྟན་པ་དང༌། གཡོན་ནི་རླུང་ཕྱིར་འགྲོ་ཕྱོགས་ཀྱི་མདུན་གྱི་དབང་དུ་བྱས་པའི་གཡོན་ཏེ་སྣའི་བར་ཀ་ཕྱོགས་དང༌། གཡས་ནི་རིམ་པ་དེས་རྩིས་ཏེ་སྣ་


TNT02_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

གཤོག་གི་ཕྱོགས་དང༌། སྟེང་ནི་སྣའི་རྩེ་མོའི་ཕྱོགས་དང༌། དབུས་ནི་སྣའི་བུ་གའི་དབུས་ཀྱི་ཕྱོགས་ཏེ་སོགས་སུ་འགྲོ་བ་ལ་བརྡ་སྦྱར་རོ། །དེས་ན་རྩ་བ་སྟེ་འོག་ཏུ་ཁམས་ས་དང༌། གཡོན་ཏེ་བར་ཀ་ཕྱོགས་སུ་ཁམས་ཆུ་དང༌། གཡས་ཏེ་མཁུར་ཚོས་ཕྱོགས་ལ་ཁམས་མེ་དང༌། སྟེང་སྟེ་སྣ་རྩེ་ཕྱོགས་ནས་ཁམས་རླུང་དང༌། དབུས་ནས་ཁམས་ནམ་མཁའི་དཀྱིལ་འཁོར་རྒྱུ་ཞིང༌། གོ་རིམ་དེ་ཡང་སྣ་བུག་གཡས་ལའོ། །གཡོན་པ་ལ་ནི་དེ་གོ་བཟློག་སྟེ། ཐོག་མར་དབུས་སུ་ཕུང་པོ་ནམ་མཁའ་དང༌། དེ་ནས་སྟེང་དུ་རླུང་དང༌། གཡས་སུ་མེ་དང༌། གཡོན་དུ་ཆུ་དང༌། འོག་ཏུ་སའི་དཀྱིལ་འཁོར་རྒྱུའོ། །འདི་དག་ཀྱང་དོན་ལ་འབྱུང་བ་ལྔ་པོ་རྟག་ཏུ་འདྲེས་པ་ཡིན་ཀྱང༌། གནས་དེ་དང་དེ་དག་ཏུ་དབང་བྱེད་པའི་དོན་ཡིན་ལ། དེ་ཡང་སྣ་སྒོ་ནས་ས་རླུང་སོར་བཅུ་གཉིས། ཆུ་རླུང་བཅུ་གསུམ། མེ་རླུང་བཅུ་བཞི། རླུང་གི་རླུང་བཅོ་ལྔ། ནམ་མཁའི་རླུང་སོར་བཅུ་དྲུག་རྣམས་ཕྱི་རོལ་ཏུ་རྒྱུ་སྟེ། འདིར་བླ་མའི་མན་ངག་མེད་པར་གླེགས་བམ་དང་ཤོག་ཁྲ་ཙམ་མཐོང་བས་ཁེངས་པ་ཁ་ཅིག་གི་འདོད་པ་ལྟར། ཤིང་ཡལ་ག་ལྔ་འཁྱོག་པོར་སྐྱེས་པ་ལྟར་སྣ་སྒོར་རྒྱུ་བ་ནི་མ་ཡིན་ཏེ། རླུང་ལྔ་པོ་གཙོ་བོར་སྤྱོད་པ་ནི་ཚད་དེ་དང་དེའི་མཐས་སྟེང་འོག་གཡས་གཡོན་མདུན་དང་ལྔར་ཟླུམ་པོར་རྒྱུ་ཡང༌། གང་དབང་དུ་བྱེད་པ་པོས་ལས་བྱེད་པ་ནི་ཕྱོགས་སོ་སོ་ན་གནས་པའི་དོན་ནོ། །དེས་ན་སྣ་སྒོ་ནས་སོར་བཅུ་དྲུག་སྟེང་ཐད་ཀྱི་ནམ་མཁར་གཞལ་བ། ནམ་མཁའི་དཀྱིལ་འཁོར་གྱི་མཐའི་མཚམས་ཡིན་པས། དེར་སྒོམ་མོ་ཞེས་ལམ་འདི་མངོན་སུམ་དུ་བྱས་པ་རྣམས་ཀྱིས་གསུངས་པ་ལ། ཉམས་མྱོང་མེད་པ་དག་གིས་ཁྲེལ་བགད་དུ་བྱེད་པ་ནི། གསལ་བྱེད་པའི་བཞད་གད་དེ་དེ་ཉིད་རང་ལ་ལག་ལེན་དང་འབྲེལ་བའི་བཤད་རྒྱུན་ཙམ་ཡང་མེད་དོ་ཞེས་གོ་བར་བྱེད་པ་དང༌། མན་ངག་ཤེས་པའི་མདུན་དུ་རང་གི་དེ་ཉིད་སྟོན་པར་ཟད་དོ། །ཇི་ལྟར་ཕྱིར་རིང་བ་དེ་ཙམ་ནང་དུ་ཐུང་བས། ནང་དུ་རྒྱུ་བའི་ཚེ་ནམ་མཁའི་རླུང་ལྟེ་བ་ལ་རེག་ཙམ་དང༌། རླུང་ནི་ལྟེ་འོག་ཏུ་སོར་


TNT02_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ནས་ས་ནི་ལྟེ་འོག་ཏུ་སོར་བཞིའི་བར་དུ་རྒྱུའོ། །དེ་ཡང་ས་ལ་སོགས་པ་དཀྱིལ་འཁོར་རེ་རེ་ལ་རིམ་པས་དབུགས་དྲུག་ཅུ་དང་བཅས་པའི་སུམ་བརྒྱ་སྟེ། དབྱུག་གུའི་ཚད་ཅེས་བྱ་བ་ཆུ་ཚོད་རེ་འབབ་ལ། དེ་འདྲ་ལྔ་སྡོམ་པས་ཁྱིམ་མམ་དུས་སྦྱོར་རམ་འཕོ་ཆེན་རེ་ལ་ཆུ་ཚོད་ལྔའམ་དབུགས་བརྒྱ་ཕྲག་བཅོ་བརྒྱད་འབབ་སྟེ་དེ་ལྟར་ཆུ་ཚོད་ལྔ་ལྔར་སྣ་བུག་གཡས་གཡོན་ལ་སྤེལ་མར་འབབ་པ་ནི་སྣ་བུག་དག་ལའོ་ཞེས་པ་དབུས་ཀྱི་གསལ་བྱེད་དོ། །དེ་འདྲ་ལན་བཅུ་གཉིས་ཀྱིས་ཉིན་མཚན་ཞག་གཅིག་གི་ནང་དུ་ཆུ་ཚོད་དྲུག་ཅུས་འབྱུང་བའི་དཀྱིལ་འཁོར་རྣམས་ལུས་ལ་འབབ་ཅེས་པའོ། །དཀྱིལ་འཁོར་ལྔ་རྣམས་ལྟེ་བའི་རྩ་འདབ་ནས་འབབ་ཚུལ་ནི། རྩ་འདབ་བཅུ་གཉིས་པོ་རེ་རེའི་དབུས་སུ་པད་འདབ་བཞི་པ་ལྟ་བུའི་པདྨ་རེ་རེ་གནས་པར་བྱས་ནས། གཡོན་གྱི་འདབ་མ་རྣམས་ལ། འདབ་མའི་དབུས་ཀྱི་ལྟེ་བ་ནས་ཕུང་པོ་ནམ་མཁའ་དང༌། དེའི་རྗེས་ནས་ཤར་རམ་མདུན་ཏེ་ཕྱི་རོལ་ཕྱོགས་ཀྱི་འདབ་མ་ནས། ཕུང་པོ་རླུང་དང༌། རིམ་པ་དེ་ཉིད་ཀྱི་གཡས་ཀྱི་འདབ་མ་ནས་ཕུང་པོ་མེ་དང༌། གཡོན་གྱི་འདབ་མ་ནས་ཕུང་པོ་ཆུ་དང༌། གཞན་ཏེ་དབུས་ཀྱི་ལྟེ་བ་རྩ་དབུ་མ་ལ་བསྟན་པའི་ཕྱོགས། པདྨ་འདབ་མ་བཞི་པ་དེ་ཉིད་ཀྱི་རྒྱབ་བམ་ནུབ་ཀྱི་འདབ་མ་ནས་ཕུང་པོ་ས་རྣམས་རིམ་པས་འབབ་ལ། གཡས་པ་རྣམས་ལའང་འདབ་མ་ནས་འབྱུང་བ་འབབ་ཚུལ་དེ་དང་འདྲ་བ་ཡང༌། གོ་རིམ་དེ་ལས་གཞན་ཏེ། ས་ཆུ་མེ་རླུང་ནམ་མཁའ་ཞེས་པའི་རིམ་པས་འབབ་བོ། གཡོན་པར་རྣམ་ཤེས་ཏེ་ཕུང་པོ་ནམ་མཁའ་སོགས་ནི། རླུང་མེ་ཆུ་སའི་རིམ་པ་བསྐྱེད་ཅིང་འབྱུང་བའི་རིམ་པས་རྒྱུ་བ་དང༌། གཡས་པར་ས་སོགས་སྟེ་ཆུ་མེ་རླུང་ནམ་མཁའི་རིམ་པ་བསྡུད་རིམ་གྱིས་རྒྱུ་བ་ཡིན་ནོ། །གོང་གི་འབྱུང་བ་ལྔའི་བསྐྱེད་བསྡུད་ཀྱི་རིམ་པ་ནི། དབུགས་རེ་རེ་ཞིང་འགྲོ་འོང་གིས་ཡིན་ལ། འདི་ནི་འབྱུང་བའི་རླུང་གི་དཀྱིལ་འཁོར་ལྔ་པོ་རྣམས་ཀྱི་སྔ་ཕྱིའི་གོ་རིམ་ལ་ལྟོས་པའི་བསྐྱེད་བསྡུད་ཀྱི་རིམ་པའོ། །འདིར་འགའ་ཞིག་སྣ་སྒོ་གཡས་སུ་རྒྱུ་བ་ལྷོ་བགྲོད་དང༌། གཡོན་དུ་རྒྱུ་བ་བྱང་བགྲོད་མཚོན་ཞེས་གསུང་ནའང་ལྟེ་བའི་ཁྱིམ་བཅུ་གཉིས་གཡས་གཡོན་དུ་འཕོ་བ་དང་མི་འགྲིག་པས། གནས་སྐབས་གཞན་དུ་སྦྱོར་རུང་བ་སྲིད་ཀྱང༌།


TNT02_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་མི་སྦྱོར་རོ། །དེས་ན་སྐབས་འདིར་ནི་དེའི་ཉིན་མོ་དང་མཚན་མོ་ཉིད་དམ་ཆུ་སྲིན་ལ་སོགས་པ་དང་ཀརྐཊ་ལ་སོགས་པ་བྱང་བགྲོད་དང་ལྷོ་བགྲོད་དུ་ཤེས་པར་བྱའོ། །དོན་ཚན་བཅུ་པ་དཀྱིལ་འཁོར་ཐབས་ཤེས་སུ་སྦྱར་བའི་ཞོར་ལ་ལག་པའི་ཕྱག་རྒྱ་བསྟན་པ་ནི། ནུབ་དང་ཤར་དུ་འཛིན་མ་རླུང༌། །ཕན་ཚུན་ཤེས་རབ་ཐབས་ཡིན་ཏེ། །མཐེ་བོང་མིང་མེད་དག་གིས་ནི། གང་ཕྱིར་ཁ་ལ་དབང་བསྐུར་བའོ། །གཡས་དང་གཡོན་དུ་མེ་དང་ཆུ། །ཕན་ཚུན་ཤེས་རབ་ཐབས་ཡིན་ཏེ། །གུང་མོ་མཛུབ་མོ་གཉིས་དག་གིས། །གང་ཕྱིར་རལ་གྲིར་འགྱུར་བའོ། །ཟླ་ཕྱེད་རྣམ་པའི་ཕྱག་རྒྱ་ནི། །མཆེ་བ་གྲི་གུག་མཐེ་ཆུང་སྟེ། །སྟོང་པ་མི་འགྱུར་སྟེང་འོག་ཏུ། །ཕན་ཚུན་ཐབས་དང་ཤེས་རབ་བོ། །དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར། །སོར་མོ་རྣམས་ནི་ཕན་ཚུན་དུ། །མགོ་བོར་ལག་མཐིལ་སྦྱར་བ་ལ། །གྲི་གུག་དང་བཅས་རྩེ་གཅིག་གོ །དབུ་མའི་རྩ་ལ་མཉམ་པ་དེ། བསྐྱེད་དང་སྡུད་པའི་བྱེད་པ་པོ། །ཕུང་པོ་ཁམས་དང་རྡོ་རྗེ་གསུམ། །གཅིག་ཉིད་དབུ་མར་སོན་པ་ནའོ། །ཞེས་པ་སྟེ་ནུབ་ཏུ་གནས་པའི་འཛིན་མ་སྟེ་ས་དང༌། ཤར་དུ་གནས་པའི་རླུང་གཉིས་ཕན་ཚུན་དུ་ཤེས་རབ་དང་ཐབས་ཡིན་ཏེ། ས་ནི་ཤེས་རབ་རླུང་ནི་ཐབས་སོ། །དེ་བས་ན་མཐེ་བོང་ས་ཁམས་དང༌། མིང་མེད་རླུང་ཁམས་དག་ཁ་སྦྱོར་བས། གསང་རྫས་བླངས་ཏེ་གསང་དབང་གི་དུས་སུ་སློབ་མའི་ཁ་ལ་དབང་བསྐུར་བ་དང༌། མཆོད་པའི་དུས་སུ་ལྷ་རྣམས་བདུད་རྩིའི་མཆོད་པས་མཉེས་པར་བྱེད་དོ། །གཡས་སུ་གནས་པའི་མེ་ཤེས་རབ་དང༌། གཡོན་དུ་གནས་པའི་ཆུ་ཐབས་ཕན་ཚུན་མཉམ་པར་སྦྱོར་བས་ནི་ཟུང་འཇུག་ཏུ་འགྱུར་བས་ན་གུང་མོ་མེ་དང་མཛུབ་མོ་ཆུ་གཉིས་མཉམ་པར་སྦྱོར་བས་རལ་གྲིའི་ཕྱག་རྒྱར་འགྱུར་རོ། །འདིར་གང་ཕྱིར་ཞེས་བྱ་བ་གཉིས་ནི། གང་གི་ཕྱིར་འབྱུང་བ་གཉིས་གཉིས་པོ་དེ་ཐབས་ཤེས་ཡིན་པ་དེའི་ཕྱིར་ཕྱག་རྒྱ་དེར་འགྱུར་རོ། །ཞེས་པའི་དོན་ནོ། །རྡོ་རྗེ་ཁུ་ཚུར་ལས་མཐེའུ་ཆུང་ཟླ་བ་ཕྱེད་པའི་


TNT02_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ལྟ་བུར་བྱེད་པའི་ཕྱག་རྒྱ་ལས། གཡོན་གྱི་མཐེ་ཆུང་མཆེ་བའི་ཕྱག་རྒྱ་ནི་སྟོང་པ་ནམ་མཁའི་ཁམས་ཏེ། མི་བསྐྱོད་པའི་ཕྱག་རྒྱ་སྟེང་གི་བགོ་སྐལ་དུ་འགྱུར་བ་དང༌། གཡས་ཀྱི་མཐེ་ཆུང་གྲི་གུག་གི་ཕྱག་རྒྱ་ནི་མི་འགྱུར་བའི་ཡེ་ཤེས་ཀྱི་ཁམས་ཏེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་འོག་གི་བགོ་སྐལ་དུ་སྦྱོར་ལ། ནམ་མཁའ་དང་ཡེ་ཤེས་མཉམ་པར་སྦྱོར་བ་ནི་དབུས་སུ་འགྱུར་ཏེ། གཞན་ཡང་དཀྱིལ་འཁོར་ལྔའི་རྩ་དང༌། ལག་པའི་སོར་མོའི་རྩ་རྣམས་འབྲེལ་བ་ལས། མཐེ་ཆུང་ནི་ལྟེ་བ་ནམ་མཁའི་ཁམས་རྣམས་ཀྱི་ཐོབ་སྐལ་ཡིན་པ་ལ། གཡོན་གྱི་ནམ་མཁའ་རྣམས་ནམ་མཁའི་ཁམས་དག་པ་བ་དང༌། གཡས་ཀྱི་རྣམས་ཡེ་ཤེས་ཁམས་ཀྱི་དོད་དུ་གྱུར་པའི་ནམ་མཁའ་འོ། །དེ་ཕྱིར་གཡས་ཀྱི་མཐེ་ཆུང་ནི་ཡེ་ཤེས་ཀྱི་ཁམས་ལ་སྦྱར་རོ། །གཡས་ཀྱི་ཁམས་ལྔ་དང༌། གཡོན་གྱི་ཕུང་པོ་ལྔ་སྟེ་དཀྱིལ་འཁོར་བཅུ་པོ་རྣམས་དབུ་མར་ཡང་དག་པར་སྦྱོར་བ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མའི་གྲི་གུག་གི་ཕྱག་རྒྱ་དང་བཅས་པའི། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་རྡོ་རྗེ་རྩེ་གཅིག་པ་སྟེ། མགོ་བོའི་སྟེང་དུ་ཐལ་མོ་བཀོད་པའི་ལག་མཐིལ་མཉམ་པར་སྦྱར་ཞིང༌། སོར་མོ་རྣམས་ཀྱང་ཕན་ཚུན་མཉམ་པར་སྦྱར་བའི་ཕྱག་རྒྱའོ། །འདིར་ལག་མཐིལ་སྦྱར་བ་མགོར་བཀོད་དེ། ཞེས་བརྗོད་ན་གོ་བདེ་ལ། ཁ་ཅིག་ཐལ་མོ་འདི་ཉིད་གྲི་གུག་གི་ཡང་ཡིན་ལ། རྡོ་རྗེ་རྩེ་གཅིག་གི་ཡང་ཡིན་པར་འདོད་པ་དང༌། གྲི་གུག་གི་ཕྱག་རྒྱ་ནི་ཆུ་གྲིའི་ཕྱག་རྒྱའོ་ཞེས་ཟེར་བ་ནི་ཅལ་ཅོལ་ལོ། །དེས་ན་བཅས་ཞེས་པའི་ཚིག་གིས་ཕྱག་རྒྱ་དེ་གཉིས་ཐ་དད་དུ་སྟོན་པའི་ཚིག་སྟེ། སོར་མོ་བརྒྱད་པོ་གཞན་རྣམས་མཉམ་པར་སྦྱར་བ་རྩེ་གཅིག་དང༌། མཐེ་ཆུང་སྦྱར་བ་གྲི་གུག་གོ །འདི་ནི་རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་ཁམས་དག་པ་བ་དང༌། ཤེར་ཕྱིན་མ་སྟོང་པའི་མཚན་ཉིད་ཀྱི་ཕྱིར་ན་ནམ་མཁའི་ཁམས་ཏེ་དེ་གཉིས་མཉམ་པར་སྦྱོར་བའང་མཚོན་མོད་ཀྱི། གཙོ་བོར་སྟེང་དུ་ཕུང་ཁམས་ཀྱི་དཀྱིལ་འཁོར་བཅུ་རོ་མཉམ་པ་


TNT02_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའ་དང༌། འོག་ཏུ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རླུང་དུང་ཅན་མར་འགགས་པ། དྷཱུ་ཏཱི་དང་དུང་ཅན་མ་མཉམ་པར་སྦྱར་བ་མཚོན་ནོ། །འོ་ན་དབྱིངས་ཕྱུག་མ་མཁའ་ཁམས་དང༌། ཤེར་ཕྱིར་མ་ཡེ་ཤེས་ཀྱི་ཁམས་སུ་སྦྱོར་དགོས་པ་མིན་ནམ་སྙམ་ན། མཁའ་མེ་གཉིས་ནམ་ཡང་དགྲར་གྱུར་པ་མེད་དེ་ཁྱབ་བྱ་ཁྱབ་བྱེད་ཡིན་པས་འབྱུང་བ་གཞན་དང་མི་མཚུངས་པས་མི་བསྐྱོད་པ་དང༌། རྡོར་སེམས་ལ་རང་རིགས་ཀྱིས་འཁྱུད་པ་དང་གཞན་རིགས་གྱི་འཁྱུད་པ་གཉིས་ཀ་འབྱུང་བ་དང༌། ཡུམ་གཉིས་པོ་དེའི་ཁམས་ཀྱང་ཕན་ཚུན་རྒྱས་བཏབ་པའི་ཕྱིར་དེ་གཉིས་ཀ་ལ་རེ་རེ་ཞིང་ཁམས་གཉིས་ཀ་འབྱུང་ངོ༌། །དེ་ཡང་དབུ་མའི་རྩ་ལ་ཕུང་ཁམས་བཅུ་དང་རྡོ་རྗེ་གསུམ་པོ་དེ་དག་རོ་མཉམ་པར་གྱུར་པ་ནི། གཞི་འཁོར་བའི་སྐབས་མངལ་དུ་གནས་པའི་དུས་ན་དེ་ལྟར་གནས་པ་ལས་ཕུང་ཁམས་སོགས་ཐམས་ཅད་བསྐྱེད་པ་དང་འཆི་བའི་ཚེ་ཕུང་ཁམས་སོགས་བསྡུས་ནས། དེ་ལྟར་གནས་པར་འགྱུར་བས་བསྐྱེད་བསྡུད་ཀྱི་བྱེད་པ་པོ་དང༌། ཡང་ན་ལམ་གྱི་གནས་སྐབས་སུ་སྟེང་གི་ཕུང་པོ་ལྔ་དང་ཁམས་ལྔའི་དཀྱིལ་འཁོར་བཅུ་དང་འོག་གི་རྡོ་རྗེ་གསུམ་གཅིག་ཉིད་དུ་འདྲེས་པ་དབུ་མ་ཨ་ཝ་དྷཱུ་ཏཱིར་ཐིམ་པ་ནི། ཡང་དག་པའི་ཕུང་ཁམས་དང་རྡོ་རྗེ་གསུམ་བསྐྱེད་ཅིང༌། འཁོར་བའི་ཕུང་ཁམས་དང་རྡོ་རྗེ་གསུམ་བསྡུད་པའི་བྱེད་པ་པོར་འགྱུར་རོ། །དེ་ཡང་སོར་མོ་རྣམས་སྦྱར་བ་ནི་དཀྱིལ་འཁོར་བཅུ་གཅིག་ཏུ་འདྲེས་པ་མཚོན་ལ་ཐལ་མོ་སྦྱར་བ་ནི་རྡོ་རྗེ་གསུམ་གཅིག་ཏུ་འདྲེས་པ་སྟེ། གཡོན་ལུས་དང༌། གཡས་ངག་དང༌། ཁ་སྦྱོར་གྱི་ཁོང་སྟོང་སེམས་ཏེ་གསུམ་པོ་གཅིག་ཏུ་འཚོགས་པ་ནི་ངོ་བོ་གཅིག་ཏུ་འདྲེས་པ་མཚོན་ནོ། །དོན་ཚན་བཅུ་གཅིག་པ་རྩ་དྲུག་གསུམ་དུ་བསྡུ་བའི་ཚུལ་ནི། གོང་དུ་ཚིགས་བཅད་བཞི་བཅུ་ཞེ་དགུ་པར་འབྱུང་བ་ཡང་འདིར་དྲངས་པ། ཟླ་བའི་ལམ་གྱིས་བཤང་བའི་རྩ། །ཉི་མས་གཅི་བ་འབབ་པ་སྟེ། །སྐྱེ་འཆི་མཉམ་པ་ཆགས་པ་ལ། །སྒྲ་གཅན་ཁུ་བ་རབ་ཏུ་འབབ། །ཅེས་ཏེ། སྟེང་གི་རྩ་གསུམ་དང་འོག་


TNT02_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྩ་གསུམ་ཞེས་དྲུག་ཏུ་བྱས་པ་ཡང༌། བྱེད་ལས་ཐ་དད་པས་དྲུག་ཏུ་བཞག་པ་སྟེ་རྩ་གཉིས་གཉིས་རྩའི་རྒྱུད་གཅིག་ཏུ་འདྲེས་ཤིང༌། རྩ་རེ་རེའི་མགོ་མཇུག་རྫོགས་པའི་དབང་དུ་བྱས་ན་རྩ་གསུམ་དུ་གྱུར་ཏེ། ཟླ་བའི་ལམ་སྟེ་རྩའི་རྒྱུད་ལས་བཤད་པའི་རྩ་བྱུང་བ་ཡིན་ཞིང༌། ཉི་མའི་རྩའི་རྒྱུད་ལས་གཅི་བ་འབབ་པ་དང༌། སྒྲ་གཅན་གྱི་རྩའི་རྒྱུད་ལས་ཁུ་བ་འབབ་པ་བྱུང་སྟེ། ལྟེ་བ་ཡན་ཆད་སྒྲ་གཅན་གྱི་རྩ་ཉིད་ལས་ཡང་སྐྱེ་བ་སྟེ་མངལ་ན་གནས་པའི་དུས་དང་འཆི་བའི་དུས་དབུགས་རྣམས་ཐིམ་ཞིང་སྲོག་ཆད་ལ་བར་སྲིད་མ་གྲུབ་པའི་གོང་གི་འཆི་སེམས་ཀྱི་སྐབས་དང༌། གཞིའི་དུས་ན་དབུ་མའི་དབུགས་སོ་གཉིས་ཆ་གཡས་གཡོན་མཉམ་པར་རྒྱུ་བས་དྲངས་ཏེ་ཐིག་ལེ་ཕྲ་མོ་དང༌། ལམ་སྒོམ་དུས། རོ་རྐྱང་གི་རྒྱུ་བ་འགགས་པས། མཉམ་རྒྱུར་སོང་བའི་དུས་དང༌། ཆགས་པ་སྟེ་འཁྲིག་པའི་སྦྱོར་བའི་དུས་རྣམས་ལ་ཡང་སྒྲ་གཅན་གྱི་རྩ་ལ་ཁུ་བ་འབབ་པའོ། །དུས་གཞན་དུ་ཡང་རྩ་ནང་དེ་ན་བྱང་ཆུབ་ཀྱི་སེམས་གཏན་ནས་མི་གནས་པ་ནི་མ་ཡིན་ནོ། །འོན་ཀྱང་འགྲོ་འོང་གི་རང་བཞིན་ཅན་ཞུ་བའི་ཐིག་ལེ་མི་འབབ་པ་ལ་དགོངས་སོ། །རྒྱུ་མཚན་དེའི་ཕྱིར་ཚིགས་བཅད་དྲུག་ཅུ་རེ་བདུན་པའི་རྗེས་ཀྱི་སྐབས་འདིར་བཅིངས་གྲོལ་གྱི་ངེས་པར་བསྟན་པ་ནི། ཟླ་བ་ཉི་མའི་རྩ་འགག་པ་ན། །བཤང་བ་གཅི་པའི་རྩ་འགག་གོ །སྒྲ་གཅན་རྩ་ནི་འགག་པ་ན། །འོག་ཏུ་ཁུ་བ་འབབ་འགག་འགྱུར། །བསྐྱེད་དང་སྡུད་པའི་བྱེད་པ་པོ། །འདི་རྣམས་གྲོལ་ན་གྲོལ་བར་འགྱུར། །ཞེས་པ་སྟེ། ཟླ་བའི་རྩར་ལས་རླུང་འགགས་པ་ལས། བཤང་བའི་རྩར་ཡང་འགག་པར་འགྱུར་བ་དང༌། ཉི་མའི་རྩར་འགགས་ཤིང་ཐིམ་པ་ལས་ཀྱང༌། གཅི་བའི་རྩར་འགག་པར་འགྱུར་ལ་འདིར་འགགས་པའི་དོན་ནི་རྩ་དེའི་སྒོ་འགགས་པའམ་སྟོབས་ཉམས་པ་སྟེ་དེའི་རླུང་དང་ཁམས་དང་རྣམ་པར་རྟོག་པའི་རྒྱུ་བ་ཐིམ་པའོ། །སྟེང་དུ་སྒྲ་གཅན་གྱི་རྩ་འགག་པ་སྟེ།


TNT02_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དེར་རླུང་ཟིན་པ་ན་འོག་ཏུ་ཁུ་བ་འབབ་པའི་རྩ་ཡང་འགག་སྟེ་རླུང་ཟིན་པས་ཐིག་ལེ་བརྟན་པར་འགྱུར་རོ། །རྩ་གཞན་རྣམས་ཐམས་ཅད་དྲུག་པོ་འདི་ལས་སྐྱེས་ཤིང༌། དྲུག་པོ་འདིར་ཐིམ་པར་འགྱུར་བ་དང༌། སྣ་ཚོགས་པའི་ནད་ལ་སོགས་པའི་སྐྱོན་དང༌། གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་དང༌། ལུས་ཀྱི་ལང་ཚོ་དང༌། ཁམས་དང༌། དབང་པོ་ཐམས་ཅད་འཕེལ་འགྲིབ་བྱེད་པ་ནི་རྩ་འདི་རྣམས་ཀྱི་མཐུ་ཡིན་པས། འདི་རྣམས་བསྐྱེད་དང་བསྡུད་པའི་བྱེད་པ་ཅན་ནོ། །དེ་བཞིན་དུ་ཟླ་བའི་རྩ་མདུད་གྲོལ་ན་བཤང་བའི་རྩ་དང༌། གཅི་བའི་རྩ་མདུད་གྲོལ་ན་ཉི་མའི་རྩ་དང༌། སྒྲ་གཅན་གྱི་རྩ་མདུད་གྲོལ་ན་ཁུ་བའི་རྩ་རྣམས་ཀྱང་གྲོལ་བར་འགྱུར་ལ་དྲུག་པོ་འདི་རྣམས་གྲོལ་ན་རྩ་གཞན་ཐམས་ཅད་ཀྱི་ཡང་གྲོལ་བར་འགྱུར་རོ། །དེ་བཞིན་དུ་ཟླ་ཉི་སྒྲ་གཅན་གྱི་རྩ་རྣམ་པར་དག་པས་ཀྱང༌། བཤང་གཅི་ཁུ་བའི་རྩ་སོགས་དག་པ་ནས་རྩ་ཐམས་ཅད་དག་པར་འགྱུར་རོ། །སྤྱིར་དང་པོར་འོག་གི་ལམ་གསུམ་འགགས་པས་ཕྱིས་སྟེང་གི་ལམ་གསུམ་འགག་པ་ཡང་ཡོད་ལ། ཕལ་ཆེར་ཐོག་མའི་གནས་སྐབས་སུ། དང་པོར་སྟེང་གི་ལམ་གསུམ་འགགས་པའི་མཐུ་ལས་འོག་གི་ལམ་གསུམ་འགག་པ་གཙོ་ཆེ་བ་དང༌། དྲན་ཏིང་གཉིས་ཀྱི་གནས་སྐབས་སུ་དང་པོར་འོག་གི་ལམ་གསུམ་རྣམ་པར་དག་པའི་རྐྱེན་གྱིས། ཕྱིས་སྟེང་གི་ལམ་གསུམ་དག་པར་འགྱུར་བ་ཤས་ཆེའོ། །གཞན་ཡང་དབང་གི་ཡེ་ཤེས་ལམ་དུ་བྱེད་པར་གྲགས་པའི་མན་ངག་འགའ་ཞིག་ལ། དང་པོ་འོག་གི་ལམ་གསུམ་ཤིན་ཏུ་འགགས་པ་མིན་ཡང༌། བཙན་ཐབས་ཀྱི་སྦྱོར་བས་ཅུང་ཟད་འགགས་པ་ན། དེའི་རྐྱེན་གྱིས་སྟེང་གི་ལམ་གསུམ་རིམ་གྱིས་འགག་པའི་ཡེ་ཤེས་སྐྱེ་བ་ཡང་ཡོད་པས་སྟེང་འོག་གི་གོ་རིམ་གཅིག་ཏུ་ངེས་པ་ཁོ་ན་རང་ཡང་མིན་མོད། ཕལ་ཆེར་རྣལ་འབྱོར་ཡན་ལག་དང་པོ་གསུམ་ལ། སྟེང་སྔོན་དུ་འགག་ཅིང༌། འཛིན་པ་ལ་ཁྲེའུ་རིས་དང༌། ཕྱི་མ་གཉིས་ལ་ཐུར་སེལ་སྔོན་དུ་འགག་པའི་རིམ་པ་སྦྱར་རོ། །གསུམ་པ་དོན་བསྡུ་བ་ནི། སྲོག་དང་ཐུར་སེལ་ལམ་གསུམ་


TNT02_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །འདི་ནི་རྩ་ཡི་ཀུན་སྤྱོད་དོ། །ཞེས་པ་སྟེ་སྲོག་གི་ལམ་གསུམ་དང༌། ཐུར་སེལ་གྱི་ལམ་གསུམ་སྟེ་རྩ་དྲུག་པོ་རྣམས་དང༌། དེ་ལས་གྱེས་པའི་རྩའི་གཙོ་བོ་རྣམས་དང༌། རྩ་དྲུག་གི་དབང་བྱས་པའི་རླུང་རྣམས་རྒྱུ་བའི་ཚུལ་དང༌། དེ་དག་ཏུ་ཁམས་ཇི་ལྟར་འབབ་པའི་ཚུལ་ཏེ། རྣམ་གཞག་འདི་ལྟ་བུ་དག་ནི་རྩའི་ཀུན་སྤྱོད་དོ། །དེ་ལྟར་ན་རྩ་རླུང་ཐིག་ལེའི་རྣམ་གཞག་ལ་རྩའི་ཀུན་སྤྱོད་ཅེས་བྱ་སྟེ། རྩ་རླུང་ཐིག་ལེ་འདི་དག་ནི་རྫོགས་པའི་རིམ་པ་གང་ལ་སྒོམ་པའི་གཞི་ཡིན་ཞིང༌། དེ་ལ་གནད་དུ་བསྣུན་པ་ནི། ཡན་ལག་དྲུག་པོ་ཐམས་ཅད་ཡིན་ཀྱང༌། ཡན་ལག་ཕྱི་མ་བཞི་པོའི་དོན་སྒོམ་པ་དང་གོ་བ་ལ། འདིའི་རྣམ་གཞག་ཤེས་པ་གལ་ཆེ་ཞིང༌། ཁྱད་པར་གཡས་གཡོན་གྱི་དཀྱིལ་འཁོར་བཅུ་འགོག་ཅིང༌། སྲོག་ཐུར་བསྲེ་བ་ནི། སྲོག་རྩོལ་ཀྱི་ཡན་ལག་ཡིན་པས་དཀྱིལ་འཁོར་བཅུ་དང་སྲོག་ཐུར་གྱི་རྩ་རྣམས་སྐབས་འདིར་བཤད་ན་འགྲེལ་ཆེ་བར་དགོངས་ཀྱི། སྲོག་རྩོལ་ཁོ་ན་དང་སྦྱོར་དགོས་པ་ནི་མ་ཡིན་ནོ། །ད་ནི་རྩའི་ཀུན་སྤྱོད་ཕྱིན་ཅི་ལོག་སྤང་བྱའི་དབང་དུ་བྱས་ནས་བཤད་པ། གཉིས་པ་འཕྲོས་དོན་འཆི་རླུང་རྒྱུ་བའི་ཚུལ་ལ་གསུམ་སྟེ། དུས་མིན་ཉི་ཟླའི་འཆི་ལྟས་དང༌། །སྒྲ་གཅན་དུས་འཆིའི་ངེས་པ་དང༌། །འཆི་ལྟས་མི་འབྱུང་བའི་རྒྱུ་བཤད་པའོ། །དང་པོ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། གཡོན་པའམ་ནི་གཡས་པ་ལ། །མཚན་མོ་གཅིག་དང་དེ་བཞིན་ལྔར། །ལྷག་པའི་རླུང་ནི་རབ་འབབ་པ། །དེ་ལས་ལོ་གསུམ་ན་འཆིའོ། །ཞེས་ཏེ། ལུས་ཀྱི་འབྱུང་བའི་ཁམས་མ་སྙོམས་པ་ལས། སྣ་བུག་གཡོན་པ་ལ་རང་བཞིན་དུ་གནས་པ་ལས་ལྷག་པའི་རླུང་མཚན་མོ་སྟེ། ཞག་གཅིག་བར་མ་ཆད་དུ་འབབ་པ་རྣམས་སྔ་ཕྱིར་བསགས་པས་ཟླ་བའི་འཆི་ལྟས་སུ་འགྱུར་ཞིང༌། སྣ་བུག་གཡས་པ་ཁོ་ན་ལ་རང་བཞིན་དུ་གནས་པ་ལས་ལྷག་པའི་རླུང་དེ་བཞིན་དུ་མཚན་མོ་སྟེ་ཞག་སྔ་ཚན་དུ་བཅད་པ་བར་མ་ཆད་པར་འབབ་པ་ལས་ཉི་མའི་འཆི་ལྟས་སུ་འགྱུར་ཏེ་


TNT02_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གཡས་གཡོན་གྲངས་མཉམ་དུ་འབབ་པ་ནི་རང་བཞིན་དུ་གནས་པའམ་ཐ་མལ་དུ་གནས་པའི་འབབ་ཚུལ་ཡིན་ལ་རགས་རྩིས་ཀྱིས་དབང་དུ་བྱས་ན་འཆི་ལྟས་འདི་གཉིས་དང་པོར་ཤར་བ་ནས་བཟུང་སྟེ་ལོ་གསུམ་ན་ངེས་པར་འཆིའོ། །དེ་ལ་ཟླ་བའི་འཆི་ལྟས་ནི་ཐུར་སེལ་གྱི་བྱེད་པ་དང༌། ཉི་མའི་འཆི་ལྟས་ནི། སྲོག་རླུང་གི་བྱེད་པ་ཅན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། ཉི་མའི་འཆི་ལྟས་ཀྱི་རྒྱས་བཤད་ནི། གཡས་པ་ཉི་མའི་འཆི་ལྟས་ལ། ལྔ་དང་ཕྱོགས་ཆོས་ཉི་ཤུ་དང༌། །དེ་ཉིད་གཅིག་ལྷག་གཞན་རིམ་པས། །ཉིན་ཞག་སུམ་ཅུ་གསུམ་རྒྱུ་ན། །གསུམ་གཉིས་གཅིག་ལོ་ཟླ་བ་ནི། །དྲུག་གསུམ་ཟུང་ཟླ་ཉིན་ཞག་ཚེས། །ཕྱོགས་ལྔ་ཡོན་ཏན་གཉིས་གཅིག་གིས། །ལུས་ཅན་རྣམས་ཀྱི་ཚེ་འགྲོའོ། །དེ་ཡང་ནང་གི་འབྱུང་བ་ཆ་མ་སྙོམས་པ་ལས་ཏེ། ཉི་མའི་འཆི་ལྟས་ཀྱི་སྐབས་འདིར། ལོ་གསུམ་གྱི་ཞག་གི་ཚོགས་པ་རྣམས་ལས་འདབ་མ་དང་པོ་གཅོད་པ་ལ་ཞག་གསུམ་བརྒྱ་སུམ་ཅུ་སོ་ལྔ་དང༌། གཉིས་པ་ལ་སུམ་བརྒྱ་བཞི་བཅུ་ཞེ་ལྔ་དང༌། གསུམ་པ་ལ་བརྒྱ་བདུན་ཅུ་དང༌། བཞི་པ་ལ་བརྒྱད་བཅུ་གྱ་གཉིས་དང༌། ལྔ་པ་ལ་ལྔ་བཅུ་ང་བདུན་དང༌། དྲུག་པ་ལ་ཉི་ཤུ་རྩ་བརྒྱད། བདུན་པ་ལ་ཉི་ཤུ་རྩ་བདུན། བརྒྱད་པ་སོགས་ལ་ཚེས། ཕྱོགས། ལྔ། གསུམ། གཉིས་རྣམས་སོ། །འདབ་མ་རེ་རེ་བཅད་ཟིན་པ་ན་ཚེའི་ལྷག་མའི་ཞག་གི་ཚོགས་ནི། རྩ་འདབ་དང་པོ་བཅད་རྗེས་སུ། བདུན་བརྒྱ་དང་བཞི་བཅུ་ཞེ་ལྔ། གཉིས་པའི་རྗེས་སུ་བཞི་བརྒྱ། གསུམ་པའི་རྗེས་སུ་ཉིས་བརྒྱ་སུམ་ཅུ། བཞི་བའི་རྗེས་སུ་བརྒྱ་ཞེ་བརྒྱད། །ལྔ་པའི་རྗེས་སུ་དགུ་བཅུ་གོ་གཅིག །དྲུག་པའི་རྗེས་སུ་དྲུག་ཅུ་རེ་གསུམ། བདུན་པའི་རྗེས་སུ་སུམ་ཅུ་རྩ་དྲུག་སྟེ། བརྒྱད་པ་སོགས་ཀྱི་ལྷག་མ་ནི། ཉེར་གཅིག་དང༌། བཅུ་གཅིག་དང༌། དྲུག་དང༌། གསུམ་དང༌། གཅིག་རྣམས་སོ། །འཆི་ཞག་སོ་སོའི་གྲངས་ནི། ལྔ་དང༌། བཅུ་དང༌། བཅོ་ལྔ་དང༌། ཉི་ཤུ་དང༌། ཉེར་ལྔ་དང༌། ཉེར་དྲུག་དང༌། ཉེར་བདུན་དང༌།


TNT02_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་དང༌། ཕྱོགས་དང༌། མདའ་དང༌། གསུམ་དང༌། གཉིས་དང༌། གཅིག་རྣམས་སོ། །གང་འཆི་ལྟས་ཀྱི་ཞག་རྣམས་སོ་སོ་རྫོགས་པ་ནས་བརྩམས་ནས། ཚེས་ལྷག་མ་ཇི་ཙམ་ཡོད་པ་ཡང༌། དང་པོ་ནས་བདུན་པའི་བར་ལ་ལོ་གསུམ་དང་གཉིས་དང་གཅིག་དང༌། ཟླ་བ་དྲུག །གསུམ་དང༌། གཉིས་དང༌། གཅིག་རྣམས་ཏེ། བརྒྱད་པ་ལ་ཉེར་གཅིག་སོགས་དེ་ཕན་ཆད་གོང་དུ་བཤད་པ་ཉིད་ཡིན་ནོ། །འདི་ལ་ཁ་ཅིག་འཆི་ཞག་ལྔ་ནས་ཉེར་བདུན་གྱི་བར། འདབ་མ་སྔ་མ་སྔ་མ་རྣམས་ལ་ཤར་བ་དང༌། བསྡོམས་ཏེ་རྩི་བ་ཡིན་ནོ་ཞེས་འདོད་པ་ནི་ལེགས་པར་མ་མཐོང་ངོ༌། །གཞན་ཡང་འདི་དག་ལ་ལུགས་བཟློག་གི་རིམ་པས་བཤད་པའི་སྐབས་ན། ཆ་ཤས་ཆ་ཤས་འཆར་ཚུལ་དང༌། ལོ་གསུམ་གྱི་མཐར་བཤད་པ་ཡང༌། རིམ་པས་འཆི་བ་ཕལ་ཆེར་གྱི་དབང་དུ་བྱས་པ་སྟེ། གློ་བུར་དུ་འཆི་བ་དང༌། རིམ་འཆི་ཡིན་ཡང༌། ཞག་གི་ཚོགས་པ་མ་རྫོགས་པ་ལ་ལྟས་རྣམ་སྔ་བསྣུར་ནས་ཡོང་བ་ཡོད་དེ། ཞིབ་མོར་རྒྱུད་འགྲེལ་དང་མན་ངག་ལས་རྟོགས་པར་བྱའོ། །དེ་ཡང་སྐབས་འདིར་གཡས་ཁོ་ནར་བར་མ་ཆད་དུ་རྒྱུ་བའི་ཞག་རྣམས་ལ། འཆི་ཞག་གམ་རྒྱུ་ཞག་ཅེས་བྱ་སྟེ། ལོ་གསུམ་གྱི་དབང་དུ་བྱས་ནས། སྣ་བུག་གཡས་ནས་བར་མ་ཆད་དུ་ཞག་ལྔ་འབབ་པ་འཆི་ཞག་ལྔ་སྟེ། ཞག་པོ་ལྔ་པོ་དེ་ཐི་བའི་ཞག་སུམ་བརྒྱ་སུམ་ཅུ་སོ་ལྔས་ལྟེ་བའི་རྩ་འདབ་དང་པོ་གཅོད་ཅིང་མཉམ་པར་བྱེད་དོ། །དེ་ཡང་འཆི་ཞག་ལྔ་པོ་དེ་རྒྱུས་པ་ནས། ཁོ་རང་ཐི་བའི་ལོ་གསུམ་ན་འཆིའོ། །དེ་ནས་འཆི་ཞག་བཅུ་སྟེ་ལྔ་ཚན་གཉིས་དང༌། ཐ་མལ་བ་སུམ་བརྒྱ་སུམ་ཅུ་སོ་ལྔས་རྩ་འདབ་གཉིས་པ་མཉམ་པར་བྱེད་དེ། བཅུ་རྒྱུས་པ་དེ་ནས་ལོ་གཉིས་ནས་སོ། །དེ་ནས་ལྔ་ཚན་གསུམ་སྡོམ་པ་ཆོས་ཏེ་བཅོ་ལྔ་དང༌། ཐ་མལ་པ་བརྒྱ་ལྔ་བཅུ་རྩ་ལྔས་རྩ་འདབ་གསུམ་པ་ཉམས་ཏེ་བཅོ་ལྔའི་མཚམས་ནས་ལོ་གཅིག་ནས་སོ། །ཡང་ལྔ་ཚན་བཞི་སྡོམ་པ་ཉི་ཤུ་དང་ཐ་མལ་པ་དྲུག་ཅུ་རྩ་གཉིས་ཀྱིས་བཞི་པ་ཉམས་


TNT02_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་དེ། ཉི་ཤུའི་རྗེས་སུ་ཟླ་བ་དྲུག་གོ །ཡང་ལྔ་ཚན་ལྔ་པ་དེ་ཉིད་སྟེ་ཉེར་ལྔ་དང་ཐ་མལ་པ་སུམ་ཅུས་ལྔ་པ་གཅོད་དེ། ཉེར་ལྔའི་མཚམས་ནས་ལྷག་མ་ཟླ་བ་གསུམ་མོ། །ཡང་ཉེར་ལྔ་ལས་གཅིག་གིས་ལྷག་པ་ཉི་ཤུ་རྩ་དྲུག་དང༌། ཐ་མལ་པ་གཉིས་ཀྱིས་དྲུག་པ་གཅོད་དེ་ལྷག་མ་ཟླ་བ་ཟུང་སྟེ་གཉིས་སོ། །དེ་ནས་འཆི་ཞག་འབའ་ཞིག་པ་ཉེར་དྲུག་གི་རྗེས་སུ་གཞན་ཏེ་ཉི་ཤུ་རྩ་བདུན་གྱིས་རྩ་འདབ་བདུན་པ་གཅོད་དེ། ལྷག་མ་ཟླ་བའི་གྲངས་ཀྱི་ཟླ་བ་སྟེ་ཟླ་བ་གཅིག་གོ །གོང་དུ་ལྷག་མ་ཟླ་བ་གསུམ་ཞེས་པའི་སྐབས་སུ་ཟླ་བ་བཞི་དང་ཞག་གསུམ་བྱུང་བས་རགས་རྩིས་ལ་ཡང་ཧ་ཅང་ཐལ་བར་འགྱུར་སྙམ་ན། རགས་རྩིས་བྱས་ཕྱིན་ཧ་ཅང་ཐལ་བ་རྩིར་མེད་ལ། དེས་ན་ལྷག་མའི་ཞག་རྣམས་ཕལ་ཆེར་རགས་རྩིས་སུ་བཤད་པ་སྟེ། སྔ་མ་རྣམས་ལའང་ཞག་གྲངས་འགའ་རེས་ལྷག་པ་ཡོད་ལ། འདིར་ཡང་དངོས་སུ་ན་ཞག་པོ་སུམ་ཅུ་རྩ་དྲུག་གོ །དེ་ཡང་དཔེར་ན་ཟླ་བ་གཉིས་མ་ལོངས་ན་ཟླ་གཅིག་ལས་ལྷག་ཀྱང་ཟླ་གཅིག་ཏུ་རྩི་བ་དང༌། སྐབས་འགའ་ཞིག་ཏུ་གཅིག་ལས་ལྷག་ན་ཟླ་གཉིས་དངོས་སུ་མ་ལོངས་ཀྱང་ཟླ་གཉིས་སུ་རྩི་བ་ལྟ་བུ་ཕྱོགས་གཞན་ལས་ཀྱང་མང་དུ་འབྱུང་བས་འདིར་ཡང་དེ་ལྟར་སྦྱར་བས་ཆོག་གོ །འདིར་ཁ་ཅིག་འཆི་ཞག་རྒྱུ་བའི་མཚམས་ཀྱི་རྣམ་གཞག་ལ་རང་རང་གི་འཚོ་ཞག་གི་ཐོག་མཐའ་དབུས་གསུམ་གང་ཡང་རུང་བ་གཅིག་ཏུ་ནི་སྦྱོར་ལ་གང་དུ་སྦྱོར་ནི་མ་ངེས་པར། ཇི་ལྟར་མཚམས་མཚམས་སུ་སྦྱར་ནས་ཞག་གྲངས་ལྷག་ཆད་མེད་པར་བྱེད་དགོས་སོ་ཞེ་ན་སྤྱིར་མ་ངེས་པའི་ཚུལ་རྒྱུ་ཞག་གི་མཚམས་ལ་མཐོ་དམན་ཅུང་ཟད་འབྱུང་སྲིད་ཀྱང་ངེས་ཅན་དུ་སྒྲག་པ་འདི་ནི། རྒྱ་གར་བ་འགའ་རེས་བཤད་ཅིང༌། ཕལ་གྱིས་བལྟས་ན་ལེགས་བཤད་རྣམ་པ་གསལ་གསལ་འདྲ་བ་ཞིག་འདུག་ཀྱང༌། རྒྱུད་དང་སེམས་འགྲེལ་སྐོར་གསུམ་ལས་མ་གསུངས་ཤིང༌། ལུང་རིག་གི་རྒྱུ་མཚན་མེད་ཀྱང༌། མ་འགྲིག་བར་དུ་འབད་པས་རང་བཟོར་བསྒྲིགས་པས། མཐར་གྲངས་འགྲིག་


TNT02_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བྱུང་བ་ལ། ངོ་མཐེན་དུ་བསྒྲགས་པར་མངོན་ནོ་སྙམ་པ་ནི་བདག་གི་རྣམ་པར་རྟོགས་པ་སྟེ། མཁས་པ་རྣམས་ཀྱིས་ལེགས་པར་དཔྱོད་ཅིག །དེ་ནས་འཆི་ཞག་འབའ་ཞིག་པ་ཉིན་ཞག་ཚེས་ཏེ་བཅོ་ལྔས་བརྒྱད་པ་བཅད། ལྷག་མ་ཉེར་ཅིག་གོ །ཕྱོགས་ཏེ་བཅུས་དགུ་པ་བཅད། ལྷག་མ་བཅུ་གཅིག་ལུས། ལྔས་བཅུ་པ་བཅད། ལྷག་མ་དྲུག་ལུས། གསུམ་གྱིས་བཅུ་གཅིག་པ་བཅད་དེ་ལྷག་མ་གསུམ་ལུས་སོ། །དེ་ནས་གཡོན་དུ་འཆི་བའི་རླུང་ཞག་གཉིས་རྒྱུས་པས། རྩ་འདབ་བཅུ་གཉིས་པ་བཅད་པས་དུས་སྦྱོར་གྱི་རྩ་འདབ་རྣམས་བཅད་ཟིན་ཏོ། །དེ་ནས་མུན་པ་ཆེན་པོའི་རླུང་སྟེ་དབུ་མའི་མཉམ་རྒྱུ་ཞག་གཅིག་གིས། འཁོར་ལོའི་ལྟེ་བ་བཅད་ནས་ལུས་ཅན་རྣམས་ཀྱི་ཚེ་ཟད་ཅིང་འགྲོ་སྟེ་སྐྱེ་བ་གཞན་དུ་འཕོའོ། །འདིར་ལོ་ནི་གསུམ་གཉིས་གཅིག །ཟླ་བ་ནི་དྲུག་གསུམ་ཟུང་ཟླ། ཉིན་ཞག་ནི་ཚེས་ཕྱོགས་ལྔ་ཡོན་ཏན་གཉིས་གཅིག་ཅེས་བྱས་ཏེ། རིམ་པས་ཞེས་པ་ནི་ལྔ་དང་ནས་གཞན་ཏེ་རྩ་བདུན་གྱི་བར་ལ་ལོ་གསུམ་ནས་ཟླ་བ་གཅིག་གི་ཞེས་པའི་བར་དུ་རིམ་པ་བཞིན་དུ་མཚུངས་པར་སྦྱར་ཞེས་པའོ། །སུམ་ཅུ་གསུམ་རྒྱུ་ན་ཞེས་པ་ནི་སྣ་བུག་གཡས་ལ་ཚེས་ཕྱོགས་ཡོན་ཏན་རྣམས་རྒྱུ་བ་སྡོམ་པའི་དོན་ནོ། །ཟླ་བའི་འཆི་ལྟས་རྒྱས་བཤད་ནི། །རྩ་བ་ནས་གཅིག་ལྷག་པ་ཡིས། །གཡོན་པར་ཟླ་བའི་རྒྱུ་བར་འགྱུར། །ཉི་ཟླ་ཉིན་ཞག་ཟླ་བ་དག །ཉིན་ཞག་གསུམ་རྣམས་ཟླ་བ་གསུམ། །ཉིན་ལ་འཆི་ལྟས་ཟླ་བར་དགེ། །འཕེལ་འགྲིབ་དེ་ནས་འདི་དག་ལ། །ཞེས་གསུངས་པའི་འཕེལ་འགྲིབ་ཞེས་པ་ཡན་ཆད་དོ། །དེ་ཡང་ལོ་གསུམ་གྱི་དང་པོར་གཡོན་ཁོ་ན་ལ་ཞག་གཅིག་བར་མ་ཆད་པར་འབབ་པ། འཆི་ལྟས་ཀྱི་ཞག་གཅིག་རྒྱུ་ཞིང་དེ་ནས་ཐ་མལ་པ་འཚོ་ཞག་ལྔ་བཅུ་ང་དགུ་སྟེ་ཟླ་བ་གཉིས་སོ། །དེ་འདྲ་ལན་གསུམ་གྱིས་ཟླ་བ་དྲུག་འགྲོ་སྟེ་སྔ་ཕྱིར་བྱུང་བའི་འཆི་ཞག་གསུམ་གྱིས་ལྟེ་བའི་དུས་སྦྱོར་གྱི་རྩ་འདབ་དང་པོ་གཅོད་དོ། །དེ་ནས་ཟླ་བ་རེ་རེ་བཞིན་འཆི་ཞག་རེ་འབྱུང་སྟེ། འཆི་ཞག་གསུམ་གསུམ་གྱིས་རྩ་འདབ་


TNT02_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་བཅད་འགྲོ་བས་ན། ཟླ་བ་གསུམ་གསུམ་ལ་རྩ་འདབ་རེ་རེ་བཅད་དེ། ཟླ་བ་གསུམ་ཚན་པ་བཅུ་ཕྲག་གཅིག་གིས་རྩ་འདབ་བཅུ་གཅོད་པ་དང༌། ཐོག་མའི་འཆི་ཞག་གསུམ་ལ་ཟླ་བ་དྲུག་ཡོད་པ་དེ་བསྡོམས་པས། ཟླ་བ་སུམ་ཅུ་སོ་དྲུག་སོང་བ་ན་དུས་སྦྱོར་གྱི་རྩ་འདབ་བཅུ་གཅིག་བཅད་ཟིན་ལ། དེའི་རྗེས་སུ་སྣ་བུག་གཡས་ལ་ཞག་གཉིས་རྒྱུས་པས་བཅུ་གཉིས་པ་གཅོད། དེ་ནས་དབུ་མའི་མཉམ་རྒྱུ་ཞག་གཅིག་གིས་འཁོར་ལོའི་ལྟེ་བ་བཅད་ནས་འཆི་བ་ཡིན་ཏེ། དེ་ཡང་རྩ་བ་སྟེ་དང་པོའི་འདབ་མ་ལ། ཉིན་ཞག་གཅིག་ཏུ་ལྷག་པའི་རླུང་རྒྱུ་བས། གཅིག་དང་གཉིས་དང་གསུམ་ལ་སོགས་པ་སྔ་མ་སྔ་མའི་སྟེང་དུ་ཕྱི་མ་ཕྱི་མ་བསྣན་པས། སྔ་ཕྱི་སྡོམ་པའི་ཉིན་ཞག་སུམ་ཅུ་རྩ་གསུམ་གྱིས་འདབ་མ་བཅུ་གཅིག་པ་ལ་སྣ་བུག་གཡོན་པར་འཆར་བའི་ཟླ་བའི་འཆི་བལྟས་རྒྱུ་པར་འགྱུར་རོ། །ཉི་ཟླ་ཉིན་ཞག་ཟླ་བ་དག །ཉིན་ཞག་གསུམ་རྣམས་ཟླ་བ་གསུམ། །ཞེས་པ་ལ་འབྲོ་འགྱུར་ལས། ཞག་དང་ཞག་གི་ཟླ་བ་སྟེ། །ཟླ་གཉིས་ཅན་གྱི་ཞག་གསུམ་མོ། །ཞེས་འབྱུང་སྟེ། རྒྱ་དཔེ་མི་འདྲ་བའི་ཁྱད་པར་ཅུང་ཟད་ཡོད་སྲིད་ལ། བདག་གིས་མཐོང་བའི་རྒྱ་དཔེ་ན། དི་ནཾ་མཱ་སོ་དི་ནེ་མཱ་སཽ་ཞེས། ཉིན་ཟླ་ཉིན་ཞག་ཟླ་བ་དག །ཅེས་པ་དང་མཐུན་ཞིང༌། ཏྲི་དི་ནཱ་ནི་དྭི་མཱ་ས་ཀཽ་ཞེས། ཟླ་གཉིས་ཅན་གྱི་ཞག་གསུམ་མོ་ཞེས་པ་དང་མཐུན་པ་ཞིག་སྣང་ངོ༌། །ཡང་འདི་ལ་ཞག་དང་ཟླ་བ་ཞག་ཟླ་དག །ཟླ་གཉིས་ཅན་གྱི་ཞག་རེ་གསུམ། །ཞེས་པ་སྒྱུར་ན་བདེ་སྟེ་དོན་ནི། འདབ་མ་ཐོག་མཐའ་གཉིས་མ་གཏོགས་པའི་བར་པ་བཅུ་གཅོད་པ་ལ། འདབ་མ་རེ་ལ་འཆི་ལྟས་ཞག་རེ་དང༌། ཐ་མལ་པ་ཞག་ཉི་ཤུ་རྩ་དགུ་པའི་ཟླ་བ་རེ་རེར་ལན་གསུམ་གསུམ་དགོས་ཤིང༌། དེ་འདྲ་བ་ལན་བཅུ་དགོས་པས་མང་པོའི་དོན་ལ་ཞག་དང་ཞག་ཅེས་ལན་གཉིས་སྨོས་སོ། །ཡང་ཐ་མལ་བ་ཟླ་བ་གཉིས་དང་བཅས་པའི་ཉིན་ཞག་གཅིག་པ་དེ་འདྲ་ལན་གསུམ་གྱིས་འདབ་མ་དང་པོ་གཅོད་ཅེས་པའི་དོན་ནོ། །དེ་ལྟར་ན་གསུམ་ལ་སོགས་པའི་ཉིན་ཞག་རྣམས་ལ་འཆི་


TNT02_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་འཕེལ་ཞིང༌། སུམ་ཅུ་ལ་སོགས་པའི་ཟླ་བ་རྣམས་ལ་དགེ་བ་འགྲིབ་པ་སྟེ། འཚོ་བའི་སྟོབས་ཟད་པར་འགྱུར་རོ། །གཉིས་པ་སྒྲ་གཅན་དུས་འཆིའི་ངེས་པ་བཤད་པ་ནི། དེ་ནས་འདི་དག་ལ། དབུ་མའི་འཆི་བ་རྒྱུ་བ་ནི། ལོ་བརྒྱ་ཡོངས་སུ་རྫོགས་པ་ཡིས། །མཉམ་དང་མི་མཉམ་ཉིན་ཞག་རྣམས། །སྐྱེ་བར་སྐྱེ་བའི་དཀྱིལ་འཁོར་གྱིས། །དེ་རུ་གཡས་དང་གཡོན་པར་ཡང༌། །ཕྱོགས་གཉིས་རྣམ་པར་ཉམས་པ་ལས། །ཞེས་གསུངས་ཏེ། དེ་ལ་དང་པོར་དབུ་མའི་འཆི་ལྟས་འདིའི་མངོན་པར་རྟོགས་པ་བཤད་ན། མངལ་དུ་སྐྱེ་བ་བཟུང་ནས་ཟླ་བ་གཅིག་སོང་པ་ནས་བཟུང༌། ལོ་གཅིག་གི་བར་དུ་ཞག་རེ་ལ་རྩ་ཉིས་བརྒྱ་རེ་འཆགས་པས། བཙས་ནས་ཟླ་བ་བཞི་པ་ལ་བདུན་ཁྲི་ཉིས་སྟོང་གི་རྩ་རྫོགས་སོ། །བཙས་ནས་ལོ་བརྒྱ་དང་ཟླ་བ་གཅིག་འཚོ་བའི་དབང་དུ་བྱས་ཏེ། གོང་དུ་བཤད་པའི་དབུ་མའི་དབུགས་དེ་ལོ་གསུམ་ཕྱོགས་གསུམ་དུ་ལོངས་པ་ན་དུས་ཀྱིས་འཆིའོ། །དེ་ཡང་བཙས་ནས་ཟླ་ཕྱེད་དང་བཅུ་གཅིག་ལ་འཆི་ལྟས་ཀྱི་རླུང་མི་རྒྱུའོ། །དེ་ནས་ལོ་དྲུག་ལ་འཆི་བའི་རླུང་རེ་རེ་རྒྱུ་སྟེ། དེ་ཡང་ལོའི་ཉི་མ་དང་པོ་ལ་རྒྱུ་ཞིང༌། གལ་ཏེ་དེ་མི་མཉམ་པའི་དུས་སྦྱོར་གྱི་མཐའ་ལ་སྐྱེས་ན་སྣ་བུག་གཡོན་དུ་དབུགས་ཡོན་པོ་གཅིག་དང༌། མཉམ་པའི་དུས་སྦྱོར་གྱི་མཐའ་ལ་སྐྱེས་ན་སྣ་བུག་གཡས་སུ་དབུགས་ཡོན་པོ་རེ་རེ་རྒྱུའོ། །དེ་ལྟར་ལན་དྲུག་གིས་ཆུ་སྲང་གཅིག་ཏུ་ལོངས་སོ། །དེ་ནས་ལོ་དྲུག་ཅུའི་བར་དུ་ལོ་དེའི་མགོར་འཆི་བའི་རླུང་ཆུ་སྲང་རེ་རེ་རྒྱུ་བ་ལས། དང་པོར་གཡོན་ནས་འབབས་པའི་རིགས་ལ་ཐོག་མར་གཡོན་དུ་ཡོན་པོ་ཆུ་སྲང་གཅིགལོ་གཉིས་པ་ལ་གཡས་ནས་ཡོན་པོ་ཆུ་སྲང་གཉིས་སོ། །དེ་ནས་བརྩམས་ཏེ་ལོ་ང་དགུ་པ་ལ་གཡོན་ནས་ཆུ་སྲང་ང་དགུ་དང༌། ལོ་དྲུག་ཅུ་པ་ལ་གཡས་ནས་ཆུ་སྲང་དྲུག་ཅུ་སྟེ་ཆུ་ཚོད་དུ་ལོངས་སོ། །དང་པོར་གཡས་ནས་བབས་པ་ལ་གཡས་གཡོན་གྱི་གོ་རིམ་དེ་ལས་བཟློག་སྟེ་འབྱུང་ངོ༌། །དེ་ནས་ལོ་སུམ་ཅུའི་བར་དུ་ཉི་མའི་བགྲོད་པ་རེ་ལ་འཆི་རླུང་རེ་རྒྱུ་སྟེ། གཡོན་སྔ་མའི་


TNT02_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱས་ནས། བགྲོད་པ་དང་པོ་ལ་གཡོན་ནས་ཆུ་ཚོད་གཅིག །གཉིས་པ་ལ་གཡས་ནས་ཆུ་ཚོད་གཉིས། དེ་བཞིན་དུ་སྦྱར་ཏེ་བགྲོད་པ་ང་དགུ་པ་ལ་གཡོན་ནས་ཆུ་ཚོད་ང་དགུ། བགྲོད་པ་དྲུག་ཅུ་པ་ལ་གཡས་ནས་ཆུ་ཚོད་དྲུག་ཅུ་འབབ་སྟེ། ཞག་གཅིག་ཏུ་ལོངས་སོ། །འདིར་གོ་བདེ་བའི་ཕྱིར་དེ་ལྟར་བརྗོད་པ་ཡིན་ལ། དཔལ་དྲི་མ་མེད་པའི་འོད་དུ་བགྲོད་པ་བརྒྱ་ཉི་ཤུ་དང༌། བགྲོད་པ་ཕྱེད་ལ་བརྒྱ་ཉི་ཤུའི་དབྱེ་བ་མཛད་པ་ནི་འཚོ་བ་ཉམས་པ་དང་མི་ཉམས་པའི་ཁྱད་པར་རྟོགས་པའི་ཕྱིར་རོ། །དེ་ཡན་ཆད་ལ་ལོ་དགུ་བཅུ་གོ་དྲུག་དང་ཟླ་བ་ཕྱེད་དང་བཅུ་གཅིག་སོང༌། ལྷག་མ་ལོ་གསུམ་ཕྱོགས་གསུམ་དང་ཟླ་བ་གཅིག་སྟེ། ཞག་སྟོང་བརྒྱ་ལྔ་བཅུ་ང་དྲུག་ལུས་སོ། །ཡང་གཡོན་སྔ་མ་ཅན་གྱི་དབང་དུ་བྱས་ནས། གཡོན་ནས་འཆི་རླུང་ཞག་གཅིག་དང་ཐ་མལ་པ་ཞག་གཅིག་དེ་བཞིན་དུ་གཡས་ནས་འཆི་རླུང་ཞག་གཉིས་དང༌། ཐ་མལ་ཞག་གཉིས། དེ་བཞིན་དུ་སྦྱར་ཏེ། གཡོན་ནས་གསུམ་ཚན་གཉིས་དང༌། གཡས་ནས་བཞི་ཚན་གཉིས། གཡོན་ནས་ལྔ་ཚན་གཉིས་དང༌། གཡས་ནས་དྲུག་ཚན་གཉིས། དེ་རྣམས་ཀྱིས་ལྟེ་བའི་དཀྱིལ་འཁོར་དྲུག་ཅུའི་གཡོན་གྱི་ནམ་མཁའ་དྲུག་དང་གཡས་ཀྱི་ས་དྲུག་གཅོད་དོ། །དེ་ནས་གོང་བཞིན་སྦྱར་ཏེ་བདུན་པ་ནས་བཅུ་གཉིས་པའི་བར་གྱི་གཡོན་གྱི་རླུང་དྲུག་དང༌། གཡོན་གྱི་ཆུ་དྲུག་གཅོད་དོ། །དེ་བཞིན་དུ་བཅུ་གསུམ་པ་ནི་བཅོ་བརྒྱད་པའི་བར་གྱིས། ཁྱིམ་བཅུ་གཉིས་ཀྱི་མེ་བཅུ་གཉིས་གཅོད་དོ། །དེ་བཞིན་དུ་བཅུ་དགུ་པ་ནས་ཉེར་བཞི་པའི་བར་གྱིས། གཡོན་གྱི་ཆུ་དྲུག་དང༌། གཡས་ཀྱི་རླུང་དྲུག་གཅོད་དོ། །དེ་བཞིན་དུ་ཉེར་ལྔ་པ་ནས་སུམ་ཅུ་པའི་བར་གྱིས། གཡོན་གྱི་སའི་དཀྱིལ་འཁོར་དྲུག་དང༌། གཡས་ཀྱི་ནམ་མཁའ་དཀྱིལ་འཁོར་དྲུག་གཅོད་དོ། །དེ་ནས་གཡོན་སྔ་མ་ཅན་གྱི་དབང་དུ་བྱས་ཏེ། གཡོན་ནས་འཆི་རླུང་དང་ཐ་མལ་གཉིས་ཀ་ལ་ཞག་སོ་གཅིག་རེས། སྙིང་སྟོབས་ཀྱི་ཁམས་འདོར་བར་བྱེད། གཡས་ནས་སོ་གཉིས་པ་རེས་རྡུལ་


TNT02_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁམས་དང༌། གཡོན་ནས་སོ་གསུམ་པ་རེས་མུན་པའི་ཁམས་འདོར་ཏེ། ཞག་པོ་སྟོང་དང་བརྒྱ་ཉི་ཤུ་རྩ་གཉིས་སོང༌། ལྷག་མ་སུམ་ཅུ་སོ་བཞི་ལུས་སོ། །དེ་ནས་གཡས་འབའ་ཞིག་ནས་འཆི་རླུང་ཞག་སོ་གསུམ་རྒྱུས་པས། ཕུང་ཁམས་དབང་ཡུལ་ལས་དབང་བྱ་བ་ལྔ་ལྔ་རྣམས་འདོར། ལྷག་མ་ཞག་གཅིག་མཉམ་རྒྱུར་བབས་པས། ཕུང་སོགས་དྲུག་པ་ཡེ་ཤེས་ཀྱི་ཆ་རྣམས་དོར་ཏེ་འཇིག་རྟེན་ཕ་རོལ་ཏུ་འགྲོའོ། །གཡས་པ་སྔོན་མ་ཅན་ལ་གཡས་གཡོན་གྱི་གོ་རིམ་དེ་དག་བཟློག་སྟེ་ཤེས་པར་བྱའོ། །དུས་འཆིའི་བལྟས་ཞག་གཅིག་ཏུ་ལོངས་པ་ཕན་ཆད་བཟློག་པར་དཀའ་བ་དང༌། ཉི་ཟླའི་འཆི་ལྟས་ལ་ཡང་རྩ་འདབ་བདུན་པ་ལ་ཞུགས་པ་ཕན་ཆད་མི་བཟློག་པར་བཤད་པ་ཡང༌། སྤྱིར་བཏང་ཀྱི་དབང་དུ་བྱས་པ་ཡིན་གྱི་ཐབས་ཟབ་མོས་བཟློག་པ་སྲིད་དོ། །དེ་ལ་གཞུང་གི་དོན་ལ་དེ་ནས་སྒྲ་གཅན་གྱི་འཆི་ལྟས་བཤད་པ་ནི་གཡས་གཡོན་གྱི་སྒོ་འདི་དག་ལ། སྒྲ་གཅན་ནམ་དབུ་མའི་འཆི་བ་ཡོངས་སུ་རྒྱུ་སྟེ། བཙས་ནས་ལོ་གོ་དྲུག་དང༌། ཟླ་བ་ཕྱེད་དང་བཅུ་གཅིག་གི་མཚམས་ནས་ཏེ། ལོ་གསུམ་ཕྱོགས་གསུམ་ཟླ་བ་གཅིག་དང་བཅས་བའི་བར་ལ་རྒྱུ་སྟེ། ལོ་བརྒྱ་ཡོངས་སུ་རྫོགས་པའི་མཐར་འཆི་བའི་དབང་དུ་བྱས་པ་ཡིས་སོ། །དེ་ཉིད་རྒྱས་པར་བཤད་པ་ནི། སྐྱེ་བར་སྟེ་སྐྱེ་བའི་དུས་སུ་གླང་སོགས་མཉམ་པའི་དུས་སྦྱོར་གྱི་མཚམས་ལ་སྐྱེས་པར་གྱུར་ན། དེའི་དཀྱིལ་འཁོར་ནས་བརྩམས་ཏེ་གཡས་ལ་འཆི་ལྟས་ཀྱི་རླུང་དེ་རྒྱུ་ལ། དེ་ཡང་དུས་མིན་གྱི་འཆི་བ་མེད་པ་ཅིག་གི་དབང་དུ་བྱས་ནས། ལོ་གོ་དྲུག་དང་ཟླ་བ་ཕྱེད་བཅས་བཅུ་ན། འཆི་རླུང་ཉིན་ཞག་ཏུ་ལོངས་པའི་རྗེས་སུ་གཡས་ནས་ཉིན་ཞག་གཉིས་དང༌། གཡོན་ནས་གཅིག་སོགས་མཉམ་པ་དང་མི་མཉམ་པའི་ཉིན་ཞག་རྣམས། སུམ་ཅུ་རྩ་གསུམ་གྱི་མཐར་ཐུག་པའི་བར་དུ་རྒྱུའོ། །ལུག་སོགས་མི་མཉམ་པའི་དུས་སྦྱོར་གྱི་དཀྱིལ་འཁོར་གྱི་མཚམས་ལ་སྐྱེས་ན། ཐོག་མ་གཡོན་ལ་ཡོན་པོའི་དབུགས་ཉིན་ཞག་གཅིག་ཏུ་ལོངས་པའི་རྗེས་སུ། ཐོག་མར་


TNT02_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ནས་ཞག་གཅིག་སོགས་རྒྱུ་སྟེ། དེ་ལྟར་ན་འཆི་རླུང་འདི་དག་ཐམས་ཅད་ཀྱང་གཡས་པར་ཁམས་དང༌། གཡོན་པར་ཕུང་པོ་འབབ་པའི་རྩའི་ཕྱོགས་གཉིས་རྣམ་པར་ཉམས་པ་ལས་འབྱུང་སྟེ། ཡོན་པོར་རྒྱུ་བའི་ཕྱིར་རོ། །འཆི་རླུང་འདི་དག་ནི་དབུ་མར་འབབ་པའི་རླུང་ཡིན་ཡང༌། སྐྱོན་ཅན་དུ་འབབས་པའི་ཕྱིར་དང༌། རོ་རྐྱང་གཉིས་ཀྱིས་དབང་བྱས་པའི་ཕྱིར། མཉམ་རྒྱུ་མ་ཡིན་པར་ཡོན་པོར་རྒྱུའོ། །གསུམ་པ་འཆི་ལྟས་མི་འབྱུང་བའི་རྒྱུ་བཤད་པ་ནི། གཞན་དུ་འཆི་བར་མི་འགྱུར་ཏེ། །ཕྱོགས་གཉིས་ཡང་དག་གནས་པ་ན། །གཡས་དང་གཡོན་པའི་ཀུན་སྤྱོད་དང༌། །དཀྱིལ་འཁོར་ལྔ་རྣམས་འབབ་པའི་ཕྱིར། །ཞེས་ཏེ། གཡས་གཡོན་གྱི་རྩའི་ཕྱོགས་གཉིས་རྣམ་པར་མཉམ་པ་ལས་གཞན་མ་ཉམས་བར་དུ་འཆི་བར་མི་འགྱུར་ཏེ། གཡས་གཡོན་གྱི་ཕུང་པོ་དང་ཁམས་འབབ་པའི་ཕྱོགས་གཉིས་མ་ཉམས་པར་ཡང་དག་པར་གནས་པ་ནི། གཡས་དང་གཡོན་པའི་རྩའི་ཀུན་སྤྱོད་དང༌། གཡས་གཡོན་གྱི་དཀྱིལ་འཁོར་ལྔའི་རླུང་རྣམས་རྣལ་མར་འབབ་པའི་ཕྱིར། ཕུང་པོ་དང་ཁམས་རྣམས་ནམ་ཡང་གཅོད་པར་བྱེད་པ་མེད་པས་སོ། །དེ་ཡང་དཀྱིལ་འཁོར་ལྔ་རྣམས་འབབ་ཕྱིར་རོ། །ཞེས་པ་སྒྱུར་ན་གོ་བདེའོ། །གསུམ་པ་འཛིན་པའི་རྣལ་འབྱོར་ནི། འཆི་ལྟས་མཚན་ཉིད་ཤེས་ནས་ནི། །སྲོག་ནི་ཐིག་ལེར་གཞུག་པར་བྱ། །ཨ་ཝ་དྷཱུ་ཏཱིའི་ཞབས་བསྟེན་ནས། མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། །རྟག་ཏུ་རྡོ་རྗེ་བསླང་བར་བྱ། །ཟླ་ཉིའི་བགྲོད་པ་འཇོམས་པ་ལས། །གཞན་དུ་ཀུན་འདར་ཡན་ལག་ལ། །སྲོག་གི་རླུང་ནི་འཇུག་པ་མེད། །འོག་ཏུའང་དུང་ཅན་མ་ཐུར་སེལ། །དེ་མ་ཞུགས་ལས་འཆི་བའོ། །འཆི་ལྟས་བསླུ་བ་རྣལ་འབྱོར་པའི། །འདི་ནི་དགའ་བ་རྣམས་ཀྱིས་འགྱུར། །ཞེས་གསུངས་ཏེ། དེ་ལ་འཛིན་པའི་ཡན་ལག་གི་ངོ་བོ་ནི། སྲོག་དང་ཐུར་སེལ་གོང་བུ་གཅིག་ཏུ་གྱུར་ཟིན་པ་སྟེ། དབུ་མའི་ནང་གི་ཐིག་ལེ་ལ་ཡོངས་སུ་ཐིམ་པར་བྱས་པའོ། །དེ་ཡང་དང་པོར་ལྟེ་བའི་ཐིག་ལེ་ལ་ས་ཁམས་གཙོ་བོར་གྱུར་པའི་འབྱུང་བ་ལྔ་རྣམས་རིམ་པས་ཐིམ་པས། གཏུམ་མོ་འབར་བར་འགྱུར་རོ། །


TNT02_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་སྙིང་གར་ཆུ་ཁམས་གཙོ་བོ་དང༌། མགྲིན་པར་མེ་ཁམས་གཙོ་བོ་དང༌། དཔྲལ་པར་རླུང་ཁམས་གཙོ་བོ་དང༌། སྤྱི་བོར་ནམ་མཁའི་ཁམས་གཙོ་བོར་གྱུར་པའི་འབྱུང་བ་ལྔ་རྣམས་ཐིམ་པས། དེ་དང་དེའི་གཏུམ་མོ་རྣམས་ཀྱང་འབར་བར་འགྱུར་རོ། །འཁོར་ལོ་ལྔ་པོའི་འཛིན་པ་སྒྲུབ་པས་ཁམས་ལྔའི་ཐིམ་རིམ་གཙོ་ཆེ་ཤོས་དེ་ཡང་སྐབས་འདིར་འགྲུབ་སྟེ། དེ་ནས་བྱང་ཆུབ་ཀྱི་སེམས་ཡོངས་སུ་ཞུ་བའི་ཐིག་ལེ་དང༌། འབར་བ་དེ་དག་ཁ་སྦྱོར་དུ་བྱས་པས། དང་པོར་དཔྲལ་བ་དང༌། དེ་ནས་མགྲིན་པ་དང༌། སྙིང་ག་དང་ལྟེ་བ་རྣམས་ལ་བརྟན་པར་བྱས་པས། གནས་པའི་དགའ་བཞིའི་ཡེ་ཤེས་བརྟན་པར་འགྱུར་ཞིང༌། སྔར་གྱི་གཏུམ་མོ་འབར་བ་དང༌། ཁམས་ཐིམས་པའི་རིམ་པ་བརྟན་པོར་བྱེད་དོ། །མཐར་གསང་བ་ཡང༌། ཐིག་ལེའི་བགྲོད་པ་བརྟན་པའི་རྐྱེན་གྱིས། སྔར་གྱི་དགའ་བ་བཞི་པོ་ལྷག་པར་རྒྱས་ཤིང༌། ཁམས་རྣམས་ཐིམ་པར་བྱེད་པ་ཡིན་ནོ། །འདིར་ཡས་བབས་ཀྱི་དགའ་བཞིའི་ས་རྣམས་དང་པོར་ཐོབ་པ་ཡིན་གྱི་རྫོགས་པ་ནི་མ་ཡིན་ལ། དཔྲལ་བའི་ཡན་ལག་སྨིན་མཚམས་སུ་ཟུག་པའི་རྩའི་རྩེ་མོར་ཐིག་ལེ་ཟིན་པས། སྤྱི་བོ་ནས་སྨིན་མཚམས་སུ་ཞུ་བའི་ཞུ་བདེ་བརྟན་པ་ཐོབ་པ་ཡིན་གྱི། གཙུག་ཏོར་དུ་ནི་རླུང་དང་ཁམས་ལྔ་པོ་རྣམས་ཀྱི་ཐིམ་ཚུལ་དང་དེ་ཙམ་ལ་བརྟན་པ་གསར་དུ་ཐོབ་པ་ཡིན་ཡང༌། ཐིག་ལེའི་བགྲོད་པ་ཕྲ་མོ་ལ་བརྟན་པ་ཐོབ་པ་ནི་མ་ཡིན་པས། འཁོར་ལོ་ལྔ་ལ་འགྲོ་འོང་གི་དབྱེ་བ་གཉིས་གཉིས་བཤད་པ་ལ། གཙུག་ཏོར་ལ་འགྲོ་འོང་གི་ཐ་སྙད་དངོས་སུ་བཞག་དཀའ་ཡང༌། ཐིམ་བྱེད་དང་བརྟན་བྱེད་གཉིས་ལ་འགྲོ་འོང་མིང་བཏགས་པའོ། །དེ་ལ་གཞུང་གི་དོན་ནི། རྣལ་འབྱོར་བ་སྲོག་རྩོལ་སྒོམ་པ་ལ་འཆི་ལྟས་བྱུང་ན། འཛིན་པའི་རྣལ་འབྱོར་བསྒོམས་པས། འཕྲལ་དུ་འཆི་བ་བཟློག་པར་དགོངས་ཏེ། གོང་དུ་བཤད་པ་ལྟར་འཆི་ལྟས་ཀྱི་མཚན་ཉིད་ཁོང་དུ་ཆུད་ཅིང་ཤེས་པར་བྱས་ནས་འཆི་ལྟས་མ་བྱུང་བའི་སྔོན་རོལ་ནས་འཆི་ལྟས་དང་འཆི་བ་སྲུང་བའི་དོན་དང༌། བྱུང་ན་བཟློག་པའི་དོན་དུ༌། གོང་དུ་ཇི་སྐད་བསྟན་པ་ལྟར་སྲོག་སྟེ་རླུང་རྣམས་དབུ་


TNT02_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ནང་གི་ཐིག་ལེར་དྲག་ཏུ་གཞུག་པར་བྱའོ། །འདི་ལ་གང་དུ་འཇུག་པའི་གནས་ནི་གོང་དུ་བཤད་པ་ལྟར་འཁོར་ལོ་ལྔའམ་དྲུག་ཀར་གྱི་འཁོར་ལོ་ཡིན་གྱི། དཔྲལ་བ་ཁོ་ན་ལ་མི་བཟུང་ངོ༌། །དེའི་རྒྱུ་མཚན་ཡང༌། ཅི་སྟེ་འཛིན་པའི་རྣལ་འབྱོར་སྔར་གྲུབ་ཟིན་པ་ཡིན་ན་ནི། དཔྲལ་བ་ལ་གཞུག་པ་གཙོ་བོར་འགྱུར་སྲིད་ཀྱང༌། གདོད་འཛིན་པ་སྒྲུབ་དགོས་པ་རྣམས་ཀྱིས་དང་པོ་ཉིད་ནས་དཔྲལ་པར་གཞུག་མི་ནུས་པས་སོ། །ཨ་ཝ་དྷཱུ་ཏཱིའི་ཞབས་བསྟེན་ནས་ཞེས་པ་ལ་བསྟེན་པའི་དོན་ནི་བླ་མའི་ཞབས་པད་བསྟེན་པ་དང་འདྲ་བར། མཆོད་ཅིང་བསྟེན་པའི་དོན་ཡིན་ལ། དེ་ཡང་རླུང་དང་བྱང་ཆུབ་ཀྱི་སེམས་དབུ་མར་དྲག་ཏུ་བཅུག་པས། དབུ་མ་རྒྱས་པར་བྱ་བ་སྟེ། མི་འགྱུར་བའི་བདེ་བ་རིམ་གྱིས་ཐོབ་པའི་རྒྱུར་ཐིག་ལེ་མི་འགྱུར་ཞིང་མི་འཛག་པ་བསྒྲུབ་པར་བྱའོ། །སྐབས་འདི་རུ་ཨ་ཝ་དྷཱུ་ཏཱིའི་ཞབས་ལྟེ་བ་དང༌། དེར་དམིགས་བཅས་ཀྱི་ཡི་གེ་ཐིག་ལེ་སྒོམ་པ་ཙམ་བསྟེན་པའི་དོན་དུ་འཆད་པ་ནི། སྐབས་ཀྱི་དོན་ལས་བྱོལ་བའོ། །འཛིན་པའི་བོགས་འདོན་སྦོགས་པའི་ཆོ་ག་ནི། རྟག་ཏུ་རྡོ་རྗེ་བསླང་བར་བྱ་ཞེས་པ་སྟེ། འདི་ལ་རྡོ་རྗེའི་སྒྲ་ནི་རྣམ་པ་གསུམ་སྟེ། ཀུན་རྫོབ་གསང་བའི་རྡོ་རྗེ་དང༌། ནང་ཀུན་ད་ལྟ་བུའི་རྡོ་རྗེ་དང༌། དོན་དམ་སྟོང་ཉིད་ཀྱི་རྡོ་རྗེའོ། །དང་པོ་ནི། ལས་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། ལག་པའི་ཕྱག་རྒྱས་ཀྱང་རུང་སྟེ། རྡོ་རྗེ་བསླང་ཞིང་མཉམ་པར་སྦྱོར་བས། དབུ་མ་དང་དུང་ཅན་གྱི་སྒོ་ཡང་ཡང་དབྱེ་བ་ཡིན་ལ། གཉིས་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་དེ་གསང་བ་ནོར་བུའི་བར་དུ་དབབ་ཅིང༌། ནོར་བུ་ནས་སྤྱི་བོའི་བར་དུ་དབུ་མར་བཅུག་པས་གྱེན་དུ་བསླང་པའོ། །གསུམ་པ་ནི།དོན་གྱི་གཙོ་བོ་སྟེ་སྟོང་གཟུགས་ཀྱི་ཐིག་ལེ་དབུ་མར་བཅུག་པས་གཏུམ་མོའི་འབར་སྣང་གྱེན་དུ་ལངས་པ་སྟེ། རྡོ་རྗེ་བསླང་པ་སྔ་མ་གཉིས་ཆབས་གཅིག་ཏུ་སྒོམས་པ་ལས་ཕྱི་མ་འདི་འབྱུང་ངོ༌། །འདི་ནི་འཛིན་པ་མ་གྲུབ་པ་སྒྲུབ་པ་དང༌། གྲུབ་པ་བརྟན་པར་བྱེད་པ་དང༌། བརྟན་ཀྱང་བོགས་མ་བྱུང་བར་བྱུང་བར་བྱེད་པ་སྟེ། འཆི་བ་འཇོམས་པའི་མཆོག་ཀྱང་


TNT02_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །འཆི་བ་ནི་ཉི་ཟླའི་བགྲོད་པ་ཁ་ཡན་དུ་སོང་བས་ལུས་ངག་ཡིད་ཀྱི་ནུས་པ་ཕྱིར་ཡལ་བ་ལས་འབྱུང་ཞིང༌། འཆི་བ་མེད་པ་ཡང་དེ་གཉིས་དབུ་མར་འགགས་པ་ལས་འབྱུང་ལ། དེ་ཡང་ཉི་ཟླ་མ་བཅིངས་ན་སྒྲ་གཅན་གྱི་རྩའི་ནུས་པའང་ཉི་ཟླའི་ལམ་དུ་ཤོར་བར་འགྱུར་བ་དང༌། དེ་གཉིས་བཀག་ན་དེ་ཡང་ཁེགས་ཏེ། དེའི་ཕྱིར་རོ་རྐྱང་ཉི་མ་དང་ཟླ་བའི་རྩའི་བགྲོད་པ་འགོག་ཅིང་འཇོམས་པ་ལས་གཞན་དུ་ཀུན་འདར་མའི་ཡན་ལག་སྟེ་ཆ་ཤས་ལ། སྲོག་གི་རླུང་འཇུག་པའི་ཐབས་མེད་པས། རོ་རྐྱང་གི་ལམ་དགག་དགོས་ལ། འོག་ཏུ་ཡང་བཤང་གཅི་ཁུ་བའི་རྩ་གསུམ་མ་བཅིངས་པར་འཛག་པ་ལས་འཆི་བ་ཡིན་ཏེ། དུང་ཅན་མར་ཐུར་སེལ་གྱི་རླུང་རྣལ་འབྱོར་གྱི་སྟོབས་ཀྱིས་ཞུགས་ཤིང་བཅིངས་ལ་ཐིག་ལེར་ཐིམ་ན་འཆི་བ་མེད་པ་སྟེར་བ་ལས། དུང་ཅན་མར་ཐུར་སེལ་དེ་མ་ཞུགས་པས་ཁུ་བ་མ་བཅིངས་ཤིང༌། བཤང་གཅིའི་རྩ་ལ་རྒྱུ་བའི་ཐུར་སེལ་ཡང༌། དགག་པར་མ་ནུས་པར་ལུས་ངག་ཡིད་ཀྱི་ཁམས་དང་རླུང་ཕྱིར་ཤོར་བ་ལས་འཆི་བའོ། །དེས་ན་བཤང་གཅིའི་རྩའི་ཐུར་སེལ་དུང་ཅན་མར་བཀཀ་ཅིང༌། དུང་ཅན་མ་ཉིད་ཀྱི་ཐུར་སེལ་ཡང་སྟེང་དུ་དགག་པར་བྱའོ། །དེས་ན་འོག་ཏུ་ཐུར་སེལ་གྱི་རླུང་དེ། དུང་ཅན་མར་མ་ཞུགས་ན་འཆི་བའོ་ཞེས་པའི་དོན་ནི་དེ་ཡིན་ལ། གཞན་ཡང་འཆི་ལྟས་བྱུང་ན་འཆི་བ་བསླུ་བ་ནི། དགའ་བའི་ས་བཞི་པོ་དེ་དག་གང་ཡང་རུང་བ་ཞིག་ཐོབ་ན། དེ་ཉིད་འབད་པས་བསྒོམས་པས། རྣལ་འབྱོར་པ་རྣམས་ཀྱི་འཆི་བ་དགའ་བ་བཞི་པོ་རྣམས་ཀྱིས་བསླུ་བར་འགྱུར་རོ། །དེ་ལྟར་ན་འཛིན་པ་གྲུབ་པ་རྣམས་དང༌། མ་གྲུབ་ཀྱང་སྲོག་རྩོལ་གྲུབ་པ་རྣམས་འཛིན་པ་བསྒོམས་པས་འགའ་ཞིག་འཛིན་པ་གྲུབ་སྟེ་འཆི་བ་བསླུ་བ་དང་འགའ་ཞིག་འཛིན་པ་མ་གྲུབ་ཀྱང་འཆི་བ་བཟློག་གོ། སྲོག་རྩོལ་མ་གྲུབ་ཀྱང་རླུང་གི་རྣལ་འབྱོར་ཅུང་ཟད་གོམས་པ་དག་གིས་ཀྱང་འདི་དག་བསྒོམ་ན་ངེས་པར་འཆི་བ་ཅུང་ཟད་བསླུས་པ་འགྱུར་རོ། །གསུམ་པ་ཐུགས་རྡོ་རྗེའི་སྒྲུབ་པ་ལ། བདེ་བའི་ཡེ་ཤེས་སྤྱིར་བསྟན་


TNT02_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། རྗེས་དྲན་གྱི་ཡན་ལག་ཁྱད་པར་དུ་བཤད་པའོ། །དང་པོ་ལ་དགའ་བའི་རབ་དབྱེ་རྒྱས་པར་བསྟན། རྡོ་རྗེ་སྤྲོ་བའི་རྣམ་གཞག་བཤད། བདེ་བ་འཕེལ་བའི་རྒྱུ་ངོས་བཟུང་བའོ། །དང་པོ་ལ། དགའ་བ་བཞིའི་རབ་དབྱེ་དང༌། བཅུ་དྲུག་གི་རབ་དབྱེའོ། །དང་པོ་ནི། མགོ་བོའི་པདྨར་གཙུག་ཏོར་ལས། ཁུ་བ་འོང་བ་དགའ་བ་སྟེ། །མགྲིན་པ་སྙིང་གར་མཆོག་དགའོ། །དགའ་བྲལ་དགའ་བར་དེ་ནས་འགྱུར། །སྣ་ཚོགས་དགའ་བ་ལྟེ་བ་དང༌། །གསང་བའི་པདྨར་གང་འོངས་པའོ། །གསང་གནས་རྡོ་རྗེ་ནོར་བུའི་བར། །ལྷན་ཅིག་སྐྱེས་དགའ་མི་འཕོ་བའོ། །རབ་གནས་མྱ་ངན་འདས་པ་མིན། །ཆགས་ཆེན་མི་འགྱུར་ཁྱབ་བདག་གོ། འདོད་ཆགས་བྲལ་ལས་འཕོ་མེད་བདེ། །དེ་ནི་མྱ་ངན་འདས་རབ་གནས། །ཞེས་ཏེ་འདིར་སྐད་ཅིག་མའི་དགའ་བཞི་གཙོ་ཆེ་བའི་དབང་དུ་བྱས་ནས། རང་ལུས་ལ་གཏུམ་མོ་འབར་བའི་རྗེས་ཆགས་སམ། ཤེས་རབ་མའི་ཆགས་པས་ཞུ་བར་གྱུར་ཀྱང་རུང་སྟེ། གཙུག་ཏོར་ནས་ཁུ་བ་ཞུ་ཞིང་འོངས་པ། མགོ་བོའི་པདྨ་སྟེ་སྨིན་མཚམས་ཀྱི་འཁོར་ལོར་སླེབ་པ་ནི་དགའ་བའི་སྐད་ཅིག་མ་སྟེ། སྨིན་མཚམས་ནས་མགྲིན་པའི་བར་དུ་དེའི་འགྲོས་ཡོད་ལ། མགྲིན་པའི་ཐིག་ལེ་ཞུ་ནས་སྙིང་གར་འོང་པ་ནི་མཆོག་དགའི་སྐད་ཅིག་སྟེ། ལྟེ་བའི་བར་དུ་ཡང་དེའི་འཕྲོས་སོ། །དགའ་བྲལ་ཞེས་པ་ལ་འདིར་བི་རཱ་མ་ནི་དགའ་བྲལ་ལམ་ཁྱད་པར་གྱི་དགའ་བ་ཞེས་བྱ་ལ། བི་རཱ་མ་ཞེས་པ་ལ་བི་བི་དྷ་རཱ་མ་ཞེས་རྒྱ་སྐད་དུ་འབྲུ་མནན་ཏེ། བི་བི་དྷ་ནི་སྣ་ཚོགས་སོ། །དེས་ན་དགའ་བྲལ་ལ་སྣ་ཚོགས་ཀྱི་འབྲུ་བོད་སྐད་ལ་གསལ་པོར་སྦྱོར་མི་ཐུབ་ཀྱང༌། བི་རཱ་མ་ཞེས་པ་ལ། བི་བི་དྷ་རཱ་ལ་ཞེས་བཤད་ན་ཤིན་ཏུ་བདེའོ། །དེ་ན་དགའ་བྲལ་གྱི་དགའ་བ་ནི་མཆོག་དགའི་རྗེས་དེ་ནས་འབྱུང་བར་འགྱུར་ཏེ། དགའ་བའི་བྱེ་བྲག་རྣམ་འགྱུར་སྣ་ཚོགས་དང་བཅས་པའི་དགའ་བ་དེ་ནི་ལྟེ་བའི་ཐིག་ལེ་ཞུ་ནས་གསང་བའི་པདྨ་སྟེ་གསང་བའི་རྩ་འཁོར་དུ་གང་འོངས་པའོ། །གསང་གནས་ནས་རྡོ་རྗེ་ནོར་བུའི་རྩ་འཁོར་གྱི་བར་དུ་བྱང་ཆུབ་ཀྱི་སེམས་འོངས་པ་ནི། ལྷན་ཅིག་སྐྱེས་དགའ་སྟེ།


TNT02_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ཕྱི་རོལ་ཏུ་འཕོ་བ་མེད་པ་གང་ཡིན་པ་ནི། ཡང་དག་པའི་དགའ་བའོ། །ཕྱི་རོལ་ཏུ་འཕོས་པར་གྱུར་ན་ནི། ལྷན་ཅིག་སྐྱེས་པ་ལ་ལོག་པར་ཞུགས་པ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་མི་འགྱུར་རོ། །དེ་ཡང་སྐད་ཅིག་བཞིའི་མཚན་ཉིད་ཅན་གྱི་དགའ་བའི་དབང་དུ་བྱས་ན་ཡང་ནས་ཡང་དུ་འཆར་ནུབ་བྱེད་པ་ཡིན་ལ། གང་ཞིག་ཐིག་ལེ་བརྟན་པ་ལས་ཐོབ་པའི་དགའ་བའི་སར་གྱུར་པའི་དགའ་བ་བཞི་ནི། སོ་སོ་སྦྱོར་བའི་ལམ་ཐ་དད་པས་ཐོབ་པ་ཡིན་མོད། གང་ཐོབ་པ་དེ་ནི་གཞན་དུ་མི་འགྱུར་བར་གནས་པ་ཡིན་ནོ། །དེ་ཡང་སྐད་ཅིག་གི་དགའ་བ་བཞིའི་འགྱུར་བ་ཡང་ཡང་བཀག་པ་ཡུན་རིང་དུ་གོམས་པ་ལས། དགའ་བའི་ས་དང་པོ་ཐོབ་པར་འགྱུར་ལ། དེ་ལ་གནས་བཞིན་དུ་སྔ་མ་ལྟར་ཡུན་རིང་དུ་གོམས་པ་ལས། དུས་གཞན་ཞིག་ན་མཆོག་དགའི་ས་ཐོབ་པར་འགྱུར་ཏེ། དེ་བཞིན་དུ་གཞན་རྣམས་ལའང་སྦྱར་རོ། །དགའ་བ་བཞིའི་ས་འདི་དག་ནི་འཛིན་པའི་ཡན་ལག་གི་ཕྱེད་ཕྱི་མ་ལ་ཐོབ་པར་འགྱུར་ཞིང༌། རྗེས་དྲན་གྱི་ཡན་ལག་ཏུ་རྫོགས་པར་འགྱུར་ལ། མས་བརྟན་གྱི་ས་ནི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་རྫོགས་པ་ཉིད་དོ། །སྐད་ཅིག་མའི་མཚན་ཉིད་ཀྱི་དགའ་བ་བཞི་ནི་འདི་ཡིན་ཏེ། ཕྱི་རོལ་གྱི་ཡུལ་ལ་མངོན་པར་ཆགས་པ། སྤྱི་བོའི་ཐིག་ལེ་ཞུ་བའི་བདེ་བ་ཡིན་པས་ན། གདོང་ལ་རྣམ་པར་འགྱུར་བ་འབྱུང་བ་དགའ་བ་དང༌། ནང་གི་རེག་བྱའི་རྐྱེན་གྱིས་ཕྱི་རོལ་ལ་ཆགས་པ་རགས་པ་རྣམས་ནང་དུ་འདུས་ཤིང༌། མགྲིན་པའི་ཐིག་ལེ་གཡོས་པས། རླུང་རྒྱུ་བ་ལ་རྣམ་འགྱུར་འཆར་བ་ནི་མཆོག་དགའ་དང༌། ཞུ་བའི་བདེ་བ་རྒྱས་པས་ཕྱི་རོལ་ཀྱི་ཆགས་པའི་དགའ་བ་ཐམས་ཅད་ནང་དུ་འདུས་ཏེ། ཕྱི་རོལ་ཀྱི་དགའ་བ་བྲལ་ཞིང་ཡིད་ཀྱི་ཐིག་ལེ་གཡོས་པས། རྟོག་པ་འགགས་ཤིང་རྣམ་པར་རྨོངས་པའི་མཚན་ཉིད་ཅན་གྱི་ཕྱིར་དང༌། ནང་གི་དགའ་བ་ནི་སྔ་མ་གཉིས་ལས་ཆེས་ཁྱད་པར་དུ་གྱུར་པའི་ཕྱིར་དང༌། ལྟེ་བ་ལས་ཐིག་ལེ་གཡོས་པས། ལུས་དང་རླུང་གི་འགྱུར་བ་སྣ་ཚོགས་པ་ཅན་གྱི་ཕྱིར། དགའ་བྲལ་དང༌། ཁྱད་དགའ་དང༌། སྣ་ཚོགས་དགའ་བའོ། །གང་ལས་དེ་ལྟ་


TNT02_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་དགའ་བ་རང་གིས་རིག་པའི་མཚན་ཉིད་ཅན་གྱི་བདེ་བ་གསང་བའི་འཁོར་ལོ་ལས་ལུས་ངག་ཡིད་ཆགས་བཞིའི་ཐིག་ལེ་འདྲེས་པ་གཡོ་བའི་མཚན་ཉིད་ཅན་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། འདི་དག་ནི་དཔེ་ཡིན་ལ། དེས་མཚོན་པའི་དོན་ནི། ཡས་འབས་ཀྱི་དགའ་བའི་ས་ལ་ཕྱི་རོལ་གཟུང་བའི་རྣམ་པར་རྟོག་པ་མ་འགགས་པའི་བདེ་བ་དང༌། མཆོག་དགའི་ས་ལ་གཟུང་རྟོག་རགས་པ་ཐིམ་པ་དང༌། ཁྱད་དགའི་ས་ལ་འཛིན་རྟོག་རགས་པ་ཡང་ཐིམ་པ་དང༌། ལྷན་སྐྱེས་ཀྱི་ས་ལ་བདེ་ཆེན་རང་གིས་རིག་པའི་ཡེ་ཤེས་གསལ་བར་མཚོན་ནུས་པ་ཡིན་ནོ། །མས་བརྟན་གྱི་དགའ་བའི་ས་ནི། ངོ་བོ་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་ཡིན་པས། དེ་དང་དེའི་ཡོན་ཏན་གྱི་ཁྱད་པར་ནི་མི་འདྲ་བ་ཆེར་ཡོད་པ་ཡིན་ལ། འོན་ཀྱང་དགའ་བ་བཞིའི་ས་རྣམས་ཀྱི་ལྡོག་ཆ་ནི་མི་འགྱུར་བའི་བདེ་བ་ཆེན་པོ་དོན་གྱི་ཡེ་ཤེས་རང་གིས་རིག་པ་ནི། ལྷན་ཅིག་སྐྱེས་པའི་ས་དང་རྣམ་པར་མི་རྟོག་པའི་བདེ་བ་བརྟན་པོ་སྟོང་གཟུགས་དང་གཅིག་ཏུ་འདྲེས་པ་ནི་ཁྱད་དགའ་དང༌། དེ་ཉིད་གསུང་གཞོམ་དུ་མེད་པ་དང་འདྲེས་པ་ནི་མཆོག་དགའི་ས་དང༌། དེ་ཉིད་གཞན་དོན་དུ་སྐུ་སྣ་ཚོགས་པར་སྤྲོ་བའི་ནུས་པ་དང་འབྲེལ་བའི་ཡེ་ཤེས་ནི་དགའ་བའི་སའོ། །འདྀ་ནི་སྐུ་བཞིའི་རིམ་པས་ལྷན་སྐྱེས་ནས་དགའ་བའི་བར་དུ་ལུགས་བཟློག་ལ་སྦྱར་བ་ཡིན་ལ། ཡང་ན་མས་བརྟན་ལ་ཡང་དགའ་བ་དང་པོ་ནས་བརྩིས་ཀྱང་རུང་སྟེ། གོང་དུ་བསྟན་པ་དང་ཕྱོགས་མཚུངས་པར་བཟུང་བའི་རྟོག་པ་རགས་པ་འགགས་པ་དང༌། ཐམས་ཅད་འགགས་པ་དང༌། འཛིན་པའི་རྟོག་པ་འགགས་པ་དང༌། ལྷན་ཅིག་སྐྱེས་པ་དོན་དམ་པ་རང་རིག་པ་ཡོངས་སུ་རྫོགས་པ་རྣམས་ལ་རིམ་བཞིན་སྦྱར་ཏེ། སྐབས་འདིར་ནི་ཏིང་ངེ་འཛིན་གྱི་ས་དང་པོ་གཉིས་དགའ་བའི་ས་དང༌། དེ་ནས་བཞི་བཞི་སྟེ་བརྒྱད་ལ་མཆོག་དགའ་དང་ཁྱད་དགའ་གཉིས། ཕྱི་མ་གཉིས་པོ་ལྷན་སྐྱེས་ཀྱི་སར་སྦྱར་རོ། །གཞན་ཡང་འདིར་བཤད་པའི་དགའ་བ་བཞི་པོ་འཁོར་ལོ་དྲུག་ལ་ས་མཚམས་སུ་གཅོད་ལུགས་འདི།


TNT02_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་འཆད་པ་ཟླ་བའི་ཆ་བཅུ་དྲུག་དང་སྦྱོར་བའི་ལུགས་ཡིན་ལ། འདི་དང་དགའ་བ་བཞི་ལ་ལུས་ངག་ཡིད་དང་ཡེ་ཤེས་བཞིས་དབྱེ་བས་བཅུ་དྲུག་ཏུ་བྱེད་པ་ནི། རྣམ་གཞག་ཐ་དད་ཡིན་པས་མ་འདྲེས་པར་ཕྱེད་པར་བྱའོ། །སྐབས་འདིར་འཁོར་ལོ་དྲུག་ལ་དགའ་བཞི་སྦྱར་ཚུལ་སྐད་ཅིག་མའི་དབྱེ་བ་ཅན་ཉིད་དངོས་སུ་གསུངས་པ་ཡིན་མོད། གཅིག་ཤོས་ཀྱང་ཞོར་ལ་འཕངས་སོ། །དགའ་བ་བཞི་ལ་སྐད་ཅིག་མ་དང་སའི་དབྱེ་བ་མ་ཕྱེད་ན། རྒྱུད་སྡེ་རྣམས་ཀྱི་ཚིག་མང་པོའི་དོན་དབྱེ་བར་མི་ནུས་ཤིང༌། རྒྱ་གར་བ་འགའ་ཞིག་དང༌། བོད་ཀྱི་མཁས་པ་མང་པོ་ལའང༌། ངེས་མེད་སྣ་ཚོགས་ཀྱི་བཤད་པ་ལས་མི་སྣང་བས། གནས་འདི་ལ་ངེས་པ་རྙེད་པ་གལ་ཆེའོ། །དེ་ཡང་སྐད་ཅིག་རྣམ་པའི་མཚན་ཉིད་ཅན་གྱི་དགའ་བ་བཞི་ནི། རང་ལུས་ཀྱི་རྣལ་འབྱོར་ལ་བརྟེན་ནས་གཏུམ་མོ་ལན་རེ་འབར་བ་ལས་ཁམས་ཞུ་བ་ལན་རེ་འབྱུང་བ་ན་ཡང་ཆ་ཚང་བ་ཐེངས་རེ་རེ་འབྱུང་ཞིང༌། དང་པོར་སྨིན་བྱེད་ཀྱི་དབང་གི་སྐབས་དང༌། བསྐྱེད་རིམ་དང་རྫོགས་རིམ་གྱི་གནས་སྐབས་མང་པོ་ཡང་སྟེ། ལས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱར་བའི་བྱ་རྩོལ་ཚར་གཅིག་ལ་ཡང༌། དེ་ལྟ་བུའི་དགའ་བ་བཞི་དང་བཅུ་དྲུག་ཡས་བབ་དང་མས་བརྟན་གྱི་རིམ་པ་ཆ་ཚང་བར་འབྱུང་ངོ༌། །གནས་པའམ་སའི་དགའ་བ་ནི། རྫོགས་པའི་རིམ་པ་ཡུན་རིང་དུ་བསྒོམས་པ་ལས། དུས་ལན་ཅིག་ན་དཔྲལ་པར་ཞུ་བདེའི་ཐིག་ལེ་བརྟན་པ་ལས་བྱུང་བའི་དགའ་བ་ཞེས་བྱ་བ་བདེ་བའི་ཉམས་དང་ལྡན་པའི་ཡེ་ཤེས་གཅིག་འཆར་བར་འགྱུར་ཞིང༌། ཤར་བ་དེ་ཡང་ཅུང་ཟད་བརྟན་པར་གྱུར་ན། ཕྱིན་ཆད་ཉམས་པར་མི་འགྱུར་ལ། སྐབས་དེར་མཆོག་ཏུ་དགའ་བའི་ས་ལ་སོགས་པ་མ་ཐོབ་བོ། །དེ་ནས་ཀྱང་ཡུན་རིང་དུ་གོམས་པས་དུས་ལན་ཅིག་ན་སྙིང་གར་ཐིག་ལེ་བརྟན་པ་ལས་མཆོག་དགའ་སྐྱེ་བ་སོགས་ཡིན་ཏེ། དེ་ལྟར་གཞན་རྣམས་ལ་ཡང་སྦྱར་ཏེ་ཤེས་པར་བྱའོ། །དེ་ལྟར་བུའི་དགའ་བ་དེ་དག་ཀྱང་སྐབས་འདིར་རབ་གནས་ཞེས་སོགས་ཀྱི་དོན་ལ། དོན་དམ་བསྡུས་པ་རྗེས་འབྲང་དང་


TNT02_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ནི། གཙུག་ཏོར་དུ་ཁུ་བ་རབ་ཏུ་གནས་པ་དང༌། ནོར་བུ་ལས་འཕོ་བ་ནི་མྱང་འདས་ཡིན་ལ། འདིར་ནོར་བུ་ལས་མི་འཕོ་ཞིང༌། གཙུག་ཏོར་ཁོ་ནར་གནས་པ་ཡང་མིན་ཏེ། ཨ་ཝ་དྷཱུ་ཏཱི་ཡང་ནས་ཡང་དུ་འགེངས་པར་བྱེད་པས་རབ་གནས་དང་མྱ་ངན་ལས་འདས་པ་གཉིས་ཀ་མིན་ནོ། །ཞེས་འཆད་ལ། འབྲོ་འགྱུར་དང༌། དཔལ་འཛིན་དགའ་བའི་མདོར་བཤད་ལས་ནི། རབ་ཏུ་མི་གནས་མྱ་ངན་འདས། །ཞེས་འདོན་པར་སྣང་ཞིང༌། འགའ་ཞིག་ཁུ་བ་འཕོ་བ་ནི་མྱང་འདས་ཡིན་པས། མྱ་ངན་འདས་ལ་རབ་གནས་མིན། །ཞེས་འདོན་པའང་ཡོད་དོ། །འོན་ཀྱང་འདི་ལྟར་བཤད་ན་བདེ་སྟེ། ཁུ་བ་འཕོ་བ་ནི་ཕུང་ཁམས་ཀྱི་སྟོབས་རྣམས་ཟད་པར་བྱེད་པ་ཡིན་པའི་ཕྱིར་མྱང་འདས་ཀྱི་མིང་བཞག་པ་སྟེ། ལྷན་གཅིག་སྐྱེས་དགའ་མི་འཕོ་བ་དེ་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུ་ལ་རབ་ཏུ་གནས་ཤིང་འགྱུར་བ་མེད་པས། འཕོ་བའི་མྱང་འདས་མ་ཡིན་ལ། ཆགས་བྲལ་གྱི་མཐའ་ལས་འདས་ནས། བདེ་བའི་འདོད་ཆགས་ཆེན་པོ་ཐིག་ལེ་མི་འགྱུར་བ། དོན་དམ་ཁྱབ་བདག་གི་ངོ་བོ་སྟེ་འདྲིས་པའི་ཚུལ་གྱིས་དེ་དངོས་སུ་མཚོན་པའམ། མཚོན་པའི་རྒྱུ་ཐུན་མོང་མ་ཡིན་པའོ། །ཁྱབ་བདག་ནི་གཙོ་བོའི་དོན་སྟེ། ཆོས་ཉིད་དང་དབྱེ་བ་མེད་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ངོ་བོ་ཉིད་ཀྱིས་སྲེད་པའི་འདོད་ཆགས་དང་བྲལ་བའི་ཕྱིར། བརྟེན་ཐིག་ལེ་འཕོ་བ་མེད་པའི་བདེ་བ་ནི་འཁོར་བའི་མཐའ་སྤངས་ཏེ་མྱ་ངན་ལས་འདས་པ་ལ་རབ་ཏུ་གནས་སོ། །ཞེས་ཏེ་དང་པོར་མྱང་འདས་མིན་ཞེས་པས་མྱང་འདས་ཀྱི་མཐའ་ལ་མི་གནས། སྐབས་འདིར་མྱ་ངན་འདས་རབ་གནས་ཞེས་པས་འཁོར་བའི་མཐའ་ལ་མི་གནས་པའོ། །གཉིས་པ་ནི། ཁུ་བ་ཟླ་འཆར་གཙུག་ཏོར་དུ། །རྫོགས་པ་གསང་བའི་མཚོ་སྐྱེས་ལ། །བཅུ་དྲུག་ཆ་གང་དེ་ནོར་བུའི། །པདྨར་རྡོ་རྗེའི་རྩེ་མོར་གནས། །དེ་སྟེང་འཕོ་བའི་དུས་སུ་འགྱུར། །ནག་པོའི་ཚེས་གཅིག་འོངས་པ་ན། །འདོད་ཆགས་བྲལ་བས་གནམ་སྟོང་ལ། །ཉི་མ་མཛོད་སྤུའི་གནས་སུ་འགྲོ །དེ་ཡི་ཆ་ཤས་


TNT02_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་མ། གཙུག་ཏོར་པདྨར་སོན་པའོ། །ཟླ་བ་ཉམས་པ་ཞེས་བརྗོད་དེ། །ཆགས་པའི་བདེ་ལ་ཆགས་བྲལ་ཕྱིར། །ཞེས་ཏེ་བྱང་ཆུབ་ཀྱི་སེམས་ཁུ་བ་ནི་བདེ་བ་ཐམས་ཅད་སྐྱེ་བའི་ཕྱིར་ཟླ་བ་སྟེ། ཕྱི་རོལ་ཏུ་ཚེས་གཅིག་ནས་ཟླ་བའི་ཆ་དང་པོར་ཤར་བ་ནས། བཅོ་ལྔ་པ་ལ་ཆ་བཅོ་ལྔ་རྫོགས་ཏེ་ཉེ་བར་འགྱུར་ཞིང༌། དེའི་བཅུ་དྲུག་པ་ནི་ཉ་གང་པ་དེ་ཉིད་ལ་སྐད་ཅིག་ཙམ་གནས་པའོ། །དེ་བཞིན་དུ་གཙུག་ཏོར་ནས་བྱང་ཆུབ་ཀྱི་སེམས་ཆ་དང་པོ་ཤར་བ་ནས་བརྩམས་ཏེ་མགྲིན་པའི་ཡས་མཐའ་ཚུན་ཆད་དུ་ཆོས་གཅིག་ནས་ལྔའི་བར་ཏེ། དགའ་བ། བཟང་པོ། རྒྱལ་བ། སྟོང་པ། རྫོགས་པ་རྣམས་ལ་ཨཾཾཾ་ཨིཾ་རྀ༵ཾ་ཨུཾ་ལྀཾ་རྣམས་འཆར་བ་ནམ་མཁའ་རླུང་མེ་ཆུ་སའི་མུན་པ་བསལ་བ་མུན་པའི་ཡོན་ཏན་ཅན་དེ་དགའ་བའི་སྐད་ཅིག་མ་ལྔ་འཆར་བར་འགྱུར་རོ། །མགྲིན་པ་ནས་ལྟེ་བའི་ཡས་མཐའི་བར་ལ། ཚེས་དྲུག་ནས་བཅུའི་བར་ཏེ། དགའ་བ་སོགས་ལྔ་ལ་ཨཾཾ་ཨེཾ་ཨཾར་ཨོཾ་ཨཾལ་རྣམས་འཆར་བ་འབྱུང་བ་ལྔའི་མུན་པ་བསལ་བ་རྡུལ་གྱི་ཡོན་ཏན་གྱི་བདག་ཉིད་ཀྱི་མཆོག་དགའ་སྐད་ཅིག་མ་ལྔ་འཆར་བར་འགྱུར་རོ། །ལྟེ་བ་ནས་གསང་བའི་མཚོ་སྐྱེས་ཀྱི་མས་མཐའི་བར་དུ། ཚེས་བཅུ་གཅིག་ནས་བཅོ་ལྔའི་བར་ཏེ། དགའ་བ་སོགས་ལྔ་ལ་ཧཾ་ཡཾ་རཾ་ཝཾ་ལཾ་རྣམས་འཆར་བ་ཁམས་ལྔའི་མུན་པ་བསལ་བ་སྙིང་སྟོབས་ཀྱི་ཡོན་ཏན་གྱི་ཁམས་ལྔའི་བདག་ཉིད། ཁྱད་པར་གྱི་དགའ་བ་སྐད་ཅིག་མ་ལྔ་འབྱུང་སྟེ། དེ་ལྟར་ན་རྫོགས་པ་གསུམ་པ་དགའ་བའི་ཚེས་བཅོ་ལྔ་པ་ནི་གསང་བའི་མཚོ་སྐྱེས་ལ་འཆར་བར་འགྱུར་ཞིང༌། དེའི་ཆ་དྲུག་པའམ། ཆོས་བཅུ་དྲུག་པ་ཨཾ་ཡིག་འཆར་བ། མཚོན་བྱེད་ལྷན་ཅིག་སྐྱེས་པའི་དགའ་བ་གང་ཡིན་པ་དེ་ནི། གསང་བ་ནས་ནོར་བུའི་བར་ཏེ་ཁྱད་པར་དུ་ཡང་ནོར་བུའི་དབུས་ཀྱི་རྩའི་པདྨ་རྡོ་རྗེའི་རྩེ་མོར་འཕོ་མེད་དུ་གནས་པ་ཉིད་ཏེ། འདི་ནི་ཡེ་ཤེས་ཀྱི་ཁམས་དང་ཁྱབ་བདག་གོ །དེ་ནས་ལམ་དུ་མ་བྱས་པ་ཐ་ལམ་པ་རྣམས་ལ་དེའི་སྟེང་སྟེ་རྗེས་ཐོགས་ཉིད་


TNT02_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁམས་འཕོ་བའི་འགོ་རྩོམ་པའི་དུས་སུ་འགྱུར་ཏེ། དེ་ནི་ནག་པོ་སྟེ་མར་ངོའི་ཚེས་གཅིག་འོངས་པ་ཡིན་ནོ། །དེ་དང་དུས་མཉམ་པར་རྡོ་རྗེ་ནོར་བུའི་རྩེ་མོར་རྡུལ་གྱི་གཟུགས་ཉི་མའི་ཚེས་ཀྱི་ཆ་དང་པོ་ཤར་རོ། །དེ་ནས་གསང་གནས་ཀྱི་བར་དུ་མར་ངོའི་ཚེས་ལྔའི་བར་ཏེ་དགའ་བ་ལ་སོགས་པ་ཟླ་བའི་ཆ་དང་པོ་ལྔ་མུན་པ་ལ་ཞུགས་ལཱཿཝཱཿརཱཿཡཱཿཧཱཿརྣམས་འཆར་བའོ། །དེ་ནས་སྙིང་གའི་བར་དུ་ཚེས་བཅུ་པའི་བར་ཏེ། དགའ་བ་ལ་སོགས་པ་ཆ་བར་བ་ལྔ་མུན་པ་ལ་ཞུགས་པ་ཨཱལཿཨཽཿཨཱརཿཨཻཿཨཱཿརྣམས་འཆར་བའོ། །དེ་ནས་དཔྲལ་པའི་བར་དུ་མར་ངོའི་ཚེས་བཅོ་ལྔའི་བར་ཏེ་དགའ་བ་ལ་སོགས་པ་ཟླ་བའི་ཆ་ཐ་མ་ལྔ་མུན་པ་ལ་ཞུགས་པ་ལཱྀཿཨུཿརཱྀཿཨཱིཿཨཱཿརྣམས་འཆར་བའོ། །དེ་ལྟ་བུའི་ལྔ་ཚན་གསུམ་པོའང་སྙིང་སྟོབས་རྡུལ་མུན་གྱི་དབྱེ་བ་ཅན་ཡིན་ལ། བཅོ་ལྔ་པ་གནམ་སྟོང་ལ་ནི། མཛོད་སྤུའི་འཁོར་ལོའི་གནས་སུ་ཉི་མ་རྡུལ་གྱི་ཁམས་འགྲོ་སྟེ། དེ་ལྟར་ཉི་མའི་ཆ་ཤས་རེ་རེ་འཕེལ་བ་ན། ཟླ་བའི་ཆ་ཤས་རེ་རེ་འགྲིབས་ཏེ། ཆ་བཅོ་ལྔ་རྫོགས་པར་ཉམས་སོ། །དེ་ལྟར་ཆ་བཅོ་ལྔ་འགྲིབས་ཟིན་ལ་སླར་ཡང་འཕེལ་བའི་འགོ་མ་བརྩམ་བར་གྱི་སྐད་ཅིག་དེ་ནི། ནག་ཕྱོགས་ཀྱི་ཚེས་སམ་ཆ་ཤས་བཅུ་དྲུག་མ་ཨཱཿཡིག་འཆར་བ་སྟེ། དེ་ལ་ནི་གཙུག་ཏོར་གྱི་པདྨར་ཉི་མ་སོན་པའོ། །བཅུ་དྲུག་པ་དེ་ལ་ནི་ཟླ་བ་མཐའ་དག་ཉམས་པ་ཞེས་བརྗོད་དེ། གོང་དུ་ནག་ཕྱོགས་ཀྱི་ཚེས་གཅིག་ཤར་བ་ནས། འདོད་ཆགས་བྲལ་བས་ཞེས་ཆགས་བྲལ་གྱི་མགོ་ཟིན་ལ། བཅུ་དྲུག་པའི་མཐའི་གནས་སྐབས་འདིར་ནི་ཆགས་པའི་བདེ་བ་མཐའ་དག་ཉམས་པ་སྟེ། གང་ལ་ཆགས་པའི་གཞི་བདེ་བ་མེད་པས་དགའ་བའི་ཆགས་པ་དང་བྲལ་བའི་ཕྱིར། འདོད་ཆགས་ཉམས་པ་ཞེས་བྱ་ལ་འོན་ཀྱང་སྲིད་པ་མངོན་གྱུར་དང༌། སྡང་བ་དང་རྨོངས་པ་འཐུག་པོ་རྣམས་གཅིག་ཏུ་འཚོགས་པ་ནི་འགྱུར་བའི་མ་རིག་པ་ཡིན་ནོ། །འདི་དག་གི་ཆུང་འབྲིང་ཆེན་པོའི་དབྱེ་བ་སོགས་རྒྱས་པར་གཞན་དུ་ཤེས་པར་བྱའོ། །དེ་ལྟར་ན་དགའ་བ་བཅུ་དྲུག་གི་རབ་དབྱེ་བསྟན་ནས། འཕྲོས་དོན་འཁོར་འདས་ཀྱི་ཁྱད་པར་བཤད་དེ། ཡང་དག་པའི་ལམ་ལ་གདམས་པ་ནི། ལུས་ཅན་ཐམས་ཅད་འཆི་བ་ན། །ཟླ་བ་བདུད་རྩི་འོག་ཏུ་འགྲོ །སྟེང་དུ་ཉི་མ་རྡུལ་སྒྲ་གཅན། རྣམ་ཤེས་དངོས་པོའི་མཚན་ཉིད་ལ། །


TNT02_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་ཟླ་བ་བདུད་རྩི་ནི། །སྟེང་དུ་བགྲོད་བྱ་མི་ཡི་བདག །འོག་ཏུ་ཉི་མ་རྡུལ་སྒྲ་གཅན། །རྣམ་ཤེས་འགྱུར་མེད་བདེ་བ་ལ། སངས་རྒྱས་ཀུན་གྱི་མཛོད་སྤུ་ཡི། །པདྨར་ཟླ་བ་བདུད་རྩི་ཉ། །ཉི་རྡུལ་གནམ་སྟོང་གསང་བར་ཏེ། །གཙུག་ཏོར་ནོར་བུ་དེ་དག་གོ། ཞེས་པ་སྟོན་པའི་རྡོ་རྗེའི་ཚིག །ལུས་ཅན་ཀུན་ལ་ཕྱིན་ཅི་ལོག །རབ་གནས་མྱ་ངན་འདས་པ་མིན། ཁམས་རྣམས་ཕྱིན་ཅི་ལོག་ཏུ་འགྱུར། ཅེས་པ་སྟེ། གང་གི་ཕྱིར་ལུས་ཅན་འཁོར་བ་པ་རྣམས་ནི། འཛག་པའི་བདེ་བ་མ་སྤངས་པའི་ཕྱིར། འཆི་བ་ན་ཟླ་བ་བདུད་རྩི་ཁམས་དཀར་པོ་ནི། དུང་ཅན་གྱི་ལམ་ལས་འོག་ཏུ་ལྷུང་ཞིང་འཛག་པར་འགྱུར་ལ། ཉི་མའི་ཆོས་རྡུལ་ཏེ་ཁམས་དམར་པོ་ནི། སྟེང་གཙུག་ཏོར་གྱི་བར་དུ་འགྲོ་ཞིང༌། དེ་གཉིས་ཀྱི་བར་ནས་སྒྲ་གཅན་རྣམ་ཤེས་སྲོག་གི་རླུང་དང་བཅས་པ་ཕྱིར་སོང་བ། སྔོན་བསགས་པའི་དགེ་སྡིག་གི་ལས་དང་རྗེས་སུ་འབྲེལ་བར་དངོས་པོ་སྲིད་པ་གཞན་དུ་འགྲོ་བའི་མཚན་ཉིད་སྟེ་བྱ་བ་ལ་འཇུག་གོ །འདི་ནི་སྐྱེ་བོ་ཕལ་བའི་མཚན་ཉིད་དོ། །མིའི་བདག་པོ་ཞེས་ཟླ་བ་བཟང་པོ་ལ་བོས་ནས། འཁོར་བའི་ཚུལ་དེ་ཉེས་དམིགས་དང་བཅས་པ་དེའི་ཕྱིར་ཟླ་བ་བདུད་རྩི་བྱང་ཆུབ་ཀྱི་སེམས་ནི་འཛག་པ་བཀག་སྟེ་སྟེང་དུ་བགྲོད་པ་ལ་འབད་པར་བྱ་ལ། །ཉི་མ་དང་རྡུལ་ཡང་འོག་རྡོ་རྗེ་ནོར་བུར་བགྲོད་པར་བྱས་ནས། སྒྲ་གཅན་ཏེ་རྣམ་ཤེས་རླུང་དང་བཅས་པ། ཁམས་འགྱུར་མེད་ཀྱི་བདེ་བ་ལ་ཐིམ་ཞིང་བགྲོད་པར་བྱའོ། །བགྲོད་པ་ཞེས་བྱ་བ་ནི་འགྲོ་ཞིང་ལོངས་སྤྱོད་པའི་དོན་ཡིན་ལ། རྣལ་འབྱོར་གྱྀ་སྟོབས་ཀྱིས་ཁམས་ཀྱི་བགྲོད་པ་ནོར་བུར་ཁེགས་པ་ནས། དེ་ཕྱིན་ཆད་འདི་ལྟ་བུར་འགྱུར་ཏེ། དཀར་ཆའི་གནས་གཙུག་ཏོར་ཡིན་ལ། དེ་ལས་ཁུ་བ་ནོར་བུར་འོངས་པ་དེ་ཉིད་དུ་ཐིམ་མི་འགྲོ་བར། རང་གནས་གཙུག་ཏོར་ཉིད་དུ་ལོག་སྟེ་ཐིམ་པར་འགྱུར་བ་བཞིན་དུ་ཁམས་དམར་པོ་ཡང་གསང་གནས་ནས་ཡར་གཙུག་ཏོར་གྱི་བར་དུ་འབར་བར་འགྱུར་ཞིང༌། དེར་ཐིམ་སྟེ་མི་འགྲོ་བར་སླར་ལོག་སྟེ་རང་གནས་གསང་བར་ཐིམ་ཞིང་འགྲོའོ། །དེ་ཡང་དང་པོར་ཚུལ་འདི་ལྟར་འབྱུང་སྟེ། དམར་པོ་སྤྱི་བོའི་བར་དུ་འབར། བྱང་སེམས་དཀར་ཆ་ཞུ་ནས་ནོར་བུར་སླེབ་པའི་དམར་པོ་ཡང་སྤྱི་བོ་ནས་ལོག་ནས་གསང་གནས་སུ་ཐིམ། བྱང་ཆུབ་ཀྱི་


TNT02_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྟེང་དུ་གཤེགས་པ་ན་དམར་པོ་ཡང་དེ་དང་ལྷན་ཅིག་གཙུག་ཏོར་གྱི་བར་དུ་སོང་ནས། རྗེས་ཆགས་ལ་སོགས་པ་རྐྱེན་གཞན་གྱིས་བསྐུལ་བ་མེད་ན། དཀར་ཆ་ཞུ་བར་མི་འགྱུར་ཞིང༌། སྤྱི་བོར་བརྟན་པའི་དམར་པོ་རང་ལོག་ནས་གསང་བར་འགག་གོ འཁོར་བ་པ་རྣམས་ཀྱི་དཀར་པོ་འོག་ཏུ་ཕྱི་ལ་ཐལ་བས། ཉོན་མོངས་པ་ཐམས་ཅད་ཀྱི་གཞིར་འགྱུར་ཞིང༌། རྒས་པ་དང༌། ནད་དང༌། སྡུག་བསྔལ་བསྐྱེད་པར་བྱེད་ལ། དེ་རྗེས་དམར་ཆ་གྱེན་དུ་འབར་བ་གཙུག་ཏོར་ནས་དབང་པོའི་སྒོ་རྣམས་རྒྱུད་དེ་ཕྱིར་ཤོར་བས། གཟུང་འཛིན་གྱི་སྣང་བ་དང་རྣམ་རྟོག་སྣ་ཚོགས་བསྐྱེད་ཅིང༌། འཆི་བ་བསྐྱེད་པར་ཡང་འགྱུར་རོ། །རྣམ་འགྱུར་པས་དཀར་པོའི་འོག་གི་སྒོ་བཀག་ཅིང༌། དམར་པོའི་སྟེང་གི་སྒོ་ཁེགས་པས། ལས་དང་ཉོན་མོངས་པ་དང༌། ནད་དང་སྡུག་བསྔལ་དང་རྣམ་རྟོག་དང་འཆི་བ་ཐམས་ཅད་བཟློག་པར་འགྱུར་རོ། །འགྱུར་བ་འགེགས་པའི་གོམས་པ་མཐར་ཕྱིན་ནས། ཏིང་ངེ་འཛིན་གྱི་ཡན་ལག་སྐྱེས་པའི་གནས་སྐབས་སུ་ནི། ནོར་བུ་ནས་དམར་པོ་འབར་བ་དང༌། གཙུག་ཏོར་ནས་དཀར་པོ་འཛག་པ་དུས་མཉམ་པར་བྱས་ནས། དཀར་ཆ་ནོར་བུར་སླེབ་པ་དང༌། དམར་ཆ་གཙུག་ཏོར་དུ་སླེབ་པ་དུས་མཉམ་མོ། །དེ་ནས་གཉིས་ཀར་ཕྱིར་ལོག་པ་དུས་མཉམ་སྟེ། ཐིག་ལེ་གཙུག་ཏོར་དུ་ཐིམ་པ་ནི། རྡུལ་ནོར་བུར་ཐིམ་མོ། །ཤར་ཕྱོགས་ནས་ཉི་མ་ཤར་བའི་འོད་ནུབ་ཀྱི་རི་རྩེ་ལ་འཆར་བ་བཞིན་དུ། ཐིག་ལེ་གཙུག་ཏོར་དུ་ཐིམ་པའི་ནུས་པ་ལས། ནོར་བུར་འགྱུར་བ་མེད་པའི་ཐིག་ལེ་དཀར་པོ་ཅུང་ཟད་ཅིག་བརྟན་ཏེ་ཕྱིས་དེ་ཉིད་རིམ་གྱིས་འཕེལ་བར་འགྱུར་ལ། རྡུལ་གྱི་ཆ་ནོར་བུར་བཅིང་ཞིང་ཐིམ་པས། དེའི་འོད་ལས་གཙུག་ཏོར་དུ་དམར་ཆ་ཅུང་ཟད་ཅིག་བརྟན་ནས། ཕྱིས་དེ་ཉིད་རིམ་གྱིས་འཕེལ་བར་འགྱུར་རོ། །དེ་ལྟར་ན་དེ་རྣམས་ནི་ཡང་དག་པའི་རྣལ་འབྱོར་བ་རྣམས་ཀྱི་ངེས་པའི་ལམ་བརྟན་པའོ། །ཏིང་ངེ་འཛིན་གྱི་ས་བཅུ་གཉིས་རྫོགས་པ་ཕན་ཆད་ཀྱི། སངས་རྒྱས་ཏེ་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ཀུན་ནི། བྱང་ཆུབ་ཀྱི་སེམས་སྤྱི་བོར་ཟླ་བ་ཉ་གང་བ་ལ་རྟག་ཏུ་གནས་པའི་


TNT02_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། མཛོད་སྤུའི་པདྨ་ཐིག་ལེ་གང་བའི་བརྡ་མཛོད་སྤུ་དུང་ལྟར་འཁྱིལ་བ་དང༌། ཉི་རྡུལ་གནམ་སྟོང་གི་ངོ་བོ་གསང་བར་རྟག་ཏུ་རྫོགས་པ་ལས། གསང་བ་སྦུབས་སུ་ནུབ་པའོ། །ཟླ་བའི་ཆ་བཅུ་དྲུག་པ་གཙུག་ཏོར་དུ་རྟག་ཏུ་གནས་པ་དང༌། ཉི་མའི་ཆ་བཅུ་གཉིས་པའམ་ཉི་མ་ལ་ཡང་ཆ་བཅུ་དྲུག་པ་ནོར་བུར་རྟག་ཏུ་གང་བའི་ཕྱིར། གཙུག་ཏོར་རབ་ཏུ་འཕགས་པའོ། །དེ་ལྟར་ན་གཙུག་ཏོར་དང་ནོར་བུར་དེ་དག་བརྟན་པར་བྱའོ་ཞེས་པ། སྟོན་པ་སངས་རྒྱས་ཀྱི་གསུངས་པའི་རྡོ་རྗེའི་ཚིག་སྟེ། འདི་ལས་བླ་ན་མེད་པའི་བྱང་ཆུབ་འགྲུབ་པ་གདོན་མི་ཟ་བས་མི་བསླུ་བའི་ཚིག་གོ །དོན་དམ་བསྡུས་པར་ཚིག་ཅེས་པའི་དོན་ནི།བགྲོད་བྱའམ་རྟོགས་བྱ་ལ་བཤད་པ་ལྟར་ན། སྟོན་པས་བསྟན་པ་འགྱུར་བ་མེད་པ་རྡོ་རྗེའི་ལམ་མོ། །མི་གནས་པའི་མྱ་ངན་ལས་འདས་པའི་ལམ་དང་འབྲས་བུ་ནི་དེ་ལྟ་ཡིན་ཡང༌། ལུས་ཅན་འཁོར་བ་པ་ཀུན་གྱི་ཁམས་བགྲོད་ཚུལ་ནི་དེ་ལས་ཕྱིན་ཅི་ལོག་གོ །རབ་གནས་མྱ་ངན་འདས་པ་མིན་ནི་གོང་བཞིན་ཏེ། ནོར་བུར་བྱང་ཆུབ་ཀྱི་སེམས་འགྱུར་མེད་བདེ་བའི་སྐད་ཅིག་མར་གྱུར་ན་ནི། ཁམས་རྣམས་ཐམས་ཅད་སྔར་འཁོར་བའི་མཚན་ཉིད་དུ་གནས་པ་ལས། ཕྱིན་ཅི་ལོག་སྒྲིབ་བྲལ་དུ་འགྱུར་རོ། །གཉིས་པ་རྡོ་རྗེ་སྤྲོ་བའི་རྣམ་གཞག་ནི། ནོར་བུར་ཐུགས་དང་གསང་བར་གསུང༌། །ལྟེ་བར་སྐུ་སྟེ་བདེ་ཆེན་ལས། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །འདི་རྣམས་དག་པའི་སྐུ་ལས་སྤྲོ། །ཐབས་ཀྱི་འོག་ཏུ་རྒྱལ་པོའི་དབང༌། །ཤེས་རབ་ཀྱིས་ནི་སྟེང་དུ་འགྱུར། །འདི་ཡི་དཔྲལ་པར་སྐུ་རྡོ་རྗེ། །མགྲིན་སྙིང་ལྟེ་བའི་འདམ་སྐྱེས་ལ། །གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམས། །སྤྲུལ་པ་ལ་སོགས་འདི་རྣམས་སྤྲོ། །ཕུང་པོ་ཁམས་རྣམས་སྤྲོ་བ་ནི། །སྒྲིབ་པ་མེད་པའི་བདེ་བ་ལས། །ཞེས་གསུངས་ཏེ། གོང་དུ་ཁམས་རྣམས་ཕྱིན་ཅི་ལོག་ཏུ་འགྱུར། །ཞེས་པ་ལ། ཇི་ལྟར་སྒྲིབ་བྲལ་དུ་འགྱུར་སྙམ་ན། གང་ཞིག་དོན་དམ་པའི་གཏུམ་མོ་འབར་བ་དང༌། མི་འགྱུར་བའི་མཚན་ཉིད་ཅན་གྱི་ཐིག་ལེས་བསླན་པ་ལས། ནོར་བུ་ཐུགས་ཀྱི་ཐིག་ལེ་ལ། གཉིད་འཐུག་པོའི་གནས་སྐབས་ཀྱི་སྒྲིབ་པ་བྲལ་བས།


TNT02_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐུའི་ཡེ་ཤེས་སྐྱེ་བར་འགྱུར་བ་དང༌། གསང་བར་གསུང་གི་ཐིག་ལེ་ལ་རྨི་ལམ་གྱི་གནས་སྐབས་བྲལ་བས་ལོངས་སྐུ་ཐོབ་པ་དང༌། ལྟེ་བར་སྐུའི་ཐིག་ལེ་ལ་སད་པའི་གནས་སྐབས་བྲལ་བ་ལས། སྤྲུལ་པའི་སྐུ་སྤྲོ་ཞིང༌། སྐུ་གསུམ་པོ་འདི་རྣམས་ཀྱང༌། རྡོ་རྗེའི་རྩེ་མོ་ནོར་བུའི་འཁོར་ལོའི་ཕྱི་ལོགས་ནས་ཡེ་ཤེས་ཀྱི་ཐིག་ལེ་བཞི་པའི་གནས་སྐབས་དག་པ་བདེ་བ་ཆེན་པོའི་སྐུའམ། དག་པའི་སྐུ་ལས་སྤྲོའོ། །རྒྱལ་པོའི་དབང་པོ་ཞེས་བོས་ནས་དེ་ལྟར་བཞི་ནི་སྐུ་བཞི་ཐབས་ཀྱི་ཆ་སྟེ་ལྟེ་བའི་འོག་ཏུའོ། །སྐུ་བཞི་ཤེས་རབ་ཀྱི་ཆོས་སྤྲོ་བ་ནི་ལྟེ་བའི་སྟེང་དུ་འགྱུར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཆ་འདིའི་དབང་དུ་བྱས་ན། གཙུག་ཏོར་དང་བཅས་པའི་དཔྲལ་པར་སྐུ་རྡོ་རྗེ་དང༌། མགྲིན་པར་གསུང་དང༌། ཐུགས་ཀར་ཐུགས་དང༌། ལྟེ་བའི་འདམ་སྐྱེས་ལ་ཡེ་ཤེས་རྡོ་རྗེ་སྟེ། རྡོ་རྗེ་བཞི་པོར་དེ་རྣམས་ཀྱི་ཐིག་ལེ་ལ་སྔ་མ་བཞིན་དུ། སད་རྨི་གཉིད་འཐུག་བཞི་པའི་གནས་སྐབས་བཞི་རིམ་པས་དག་པས། སྤྲུལ་ལོངས་ཆོས་དག་བཞིའི་སྐུ་འདི་རྣམས་སྤྲོ་བར་འགྱུར་རོ། །སྤྲུལ་པ་ལ་སོགས་ཞེས་པ་ནི་སྐུ་བཞིའོ། །འདི་རྣམས་ཞེས་པ་གོང་དུ་ཆོས་དང་ཞེས་སོགས་ལ་བསྙེགས་པའོ། །རྡོ་རྗེ་སྤྲོ་བ་འདི་དག་དངོས་ནི་ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་པ་ནས་ཡིན་ལ། རྗེས་མཐུན་པ་ནི་རྗེས་དྲན་ལ་ཡང་སྟེ་དེའི་སྒྲུབ་པ་ནི་སོར་སྡུད་ནས་ཀྱང་ངོ༌། །དེ་ཡང་ཡེ་ཤེས་ཀྱི་སྣང་ངོར་ཞུ་བདེ་དང་མི་རྟོག་པ་འཐུག་པོ་ལས་ཁམས་གསུམ་གྱི་གཟུགས་བརྙན་འཆར་བས་ཁྱད་པར་ཏུ་བྱས་པ་ནི་ཐུགས་རྡོ་རྗེ་དང༌། གཞོམ་མེད་གྱི་སྒྲ་རྣམ་པ་ཐམས་ཅད་པར་འཆར་བ་ནི་གསུང་རྡོ་རྗེ་དང༌། རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་སྣང་བའི་སྟོང་གཟུགས་ནི་སྐུ་རྡོ་རྗེ་དང༌། ནང་གི་བདེ་བ་མུ་མཐའ་མེད་པས་རྣམ་རྟོག་དང༌། མ་དག་པའི་སྣང་བ་འགོག་ཅིང༌། དག་པའི་སྣང་བ་རེ་རེས་ཀྱང་བདེ་བ་མཐའ་ཡས་པ་བསྐྱེད་པ་ནི་ཡེ་ཤེས་རྡོ་རྗེའི་སྤྲོ་བ་སྟེ། ཡེ་ཤེས་ཀྱི་སྣང་བ་བཞི་པོ་འདི་རབ་འབྱམས་སུ་མཆེད་པ་ལས་སྣང་བ་འགག་པ་ནི་རྡོ་རྗེ་སྤྲོ་བའི་དོན་ནོ། །དེ་དག་ནི་རྡོ་རྗེ་བཞིའི་སྤྲོ་བ་ཡིན་ལ། འབར་སྣང་དང་ཐིག་ལེ་སྦྱོར་བ་དེ་རྩ་དྲུག་གམ་


TNT02_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་དྲུག་ཏུ་སྒོམ་པ་ན། འགྱུར་བའི་སྒྲིབ་པ་མེད་པའི་བདེ་བ་དེ་ལས། ཕུང་ཁམས་ཀྱི་སྒྲིབ་པ་འགག་སྟེ། སྒྲིབ་བྲལ་གྱི་ཕུང་པོ་དྲུག་སངས་རྒྱས་དྲུག་དང༌། ཁམས་དྲུག་ནི་ཡུམ་དྲུག་ལ་སོགས་པ་མདོར་ན་མཐའ་ཡས་པའི་དཀྱིལ་འཁོར་དུ་འགྱུར་བ་ནི། ཕུང་སོགས་རིགས་དྲུག་རྣམས་ཀྱི་རྡོ་རྗེ་སྤྲོ་བའོ། །གསུམ་པ་བདེ་བ་འཕེལ་བའི་རྒྱུ་ངོས་བཟུང་བ་ནི། ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང༌། །ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང༌། །ཕྱག་རྒྱ་ཆེན་མོ་གཅིག་སྦྱོར་བས། །མི་འགྱུར་བདེ་བ་འཕེལ་བར་འགྱུར། །འཕེལ་བའི་འཕེལ་བར་འགྱུར་བའང་མེད། །ཉམས་པའི་ཉམས་པ་ཉིད་ཀྱང་མེད། །ནུབ་པ་དེ་ཡི་ནུབ་པ་མེད། །འཆར་བ་ཡིན་ནི་འཆར་བ་མེད། རབ་ཏུ་གསལ་བའི་རབ་གསལ་མེད། །བཀབ་པའི་བཀབ་པ་ཡང་མེད་དོ། །སྐྱེ་བའི་སྐྱེ་བར་འགྱུར་ཉིད་མེད། །འཆི་བའི་འཆི་བ་ཡང་མེད་དོ། །གྲོལ་བའི་གྲོལ་བར་འགྱུར་བའང་མེད། །མི་གནས་པ་ཡི་མི་གནས་མེད། །དངོས་པོ་མེད་པའི་དངོས་མེད་མེད། །དངོས་པོའི་དངོས་པོ་ཉིད་ཀྱང་མེད། །འགྱུར་བའི་འགྱུར་བར་འགྱུར་བའང་མེད། །མི་འགྱུར་བ་ཡིའང་མི་འགྱུར་མེད། །རང་བཞིན་མེད་པའི་ཆོས་རྣམས་ཀྱི། །སྐྱེ་འཇིག་སྒྱུ་མ་དེ་བཞིན་ནོ། །འབྱུང་དང་འཇིག་པར་འགྱུར་མིན་ཏེ། །རང་བཞིན་ཉིད་ཀྱི་སྐྱེ་མི་འགྱུར། །སྣ་ཚོགས་འདི་ནི་རང་བཞིན་མེད། །དངོས་པོ་དངོས་མེད་མཚན་ཉིད་ཅིག །ཅེས་གསུངས་པ་ལ་མི་འགྱུར་བའི་བདེ་བ་འཕེལ་བ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། མི་འགྱུར་བའི་བདེ་བ་མ་གྲུབ་པ་སྒྲུབ་པར་བྱེད་པ་ནི། དེའི་རྒྱུ་ཚོགས་འཕེལ་བར་བྱེད་པ་ཉིད་ཡིན་པའི་ཕྱིར། འཕེལ་བ་ཞེས་བཏགས་པ་དང༌། མི་འགྱུར་བའི་བདེ་བ་ཐོབ་ཟིན་སྐད་ཅིག་རྣམས་གོང་ནས་གོང་དུ་འཕེལ་བ་གཉིས་སོ། །དང་པོ་ནི་འཛིན་པའི་ཕྱེད་ཕྱི་མ་དང་རྗེས་དྲན་གྱི་སྐབས་ཡིན་ལ། ཕྱི་མ་ནི་ཏིང་ངེ་འཛིན་གྱི་སྐབས་ཉིད་དོ། །དེ་ཡང་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་དབང་པོ་གཉིས་ཀྱི་སྙོམས་པར་འཇུག་པ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱའི་རྣལ་འབྱོར་རྣམ་རྟོག་གི་སྒོམ་པ་གོམས་པ་མཐར་ཕྱིན་པའི་འབྲས་བུ་ཡིད་ངོར་རིག་མའི་གསལ་སྣང་ཤར་བ་ལ། དམིགས་པས་མཉམ་པར་སྦྱོར་བ་དང་སྟོང་


TNT02_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཕྱག་རྒྱ་ཆེན་མོ་སྟེ། ཁམས་གསུམ་པའི་གཟུགས་བརྙན་གྱིས་བརྒྱན་པའི་རང་འདོད་པའི་ལྷ་ཡབ་ཡུམ་ཁ་སྦྱོར་གྱི་རྣམ་པ་ཡང་དག་པའི་གཏུམ་མོའི་བར་སྣང་གི་སྟོང་གཟུགས་དེ་ལ་རྗེས་སུ་ཆགས་པའི་སྦྱོར་བ་སྟེ། ཕྱག་རྒྱའི་རྣལ་འབྱོར་གསུམ་པོ་འདིས་མི་འགྱུར་བའི་བདེ་བ་འཕེལ་བར་འགྱུར་རོ། །ཞེས་སྤྱིར་བཤད་ནས། གཅིག་སྦྱོར་བས་ཞེས་པ་ནི། ཕྱག་རྒྱ་ཆེན་མོ་ཁོ་ན་དང་མཉམ་པར་སྦྱོར་བ་ལས་བདེ་བ་བསྐྱེད་པ་སྟེ། འདིའི་ཤུགས་ལ་འདི་དག་ཀྱང་སྟོན་ཏེ། ལུས་ཀྱི་ཕྱག་རྒྱ་ཡང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་མོ་སྟེ་གསུམ་ལྷན་ཅིག་ཏུ་སྦྱོར་བ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་ནི། ཕྱག་རྒྱ་ཆེན་པོ་དང་གཉིས་སྦྱོར་ཡང་ངོ༌། །ཡང་མན་ངག་ཏུ་དེ་དག་རེ་རེ་ལ་ཆོས་ཀྱི་ཕྱག་རྒྱ་སྦྱར་ཏེ། བཞི་སྦྱོར་དང་གསུམ་སྦྱོར་ལ་སོགས་པའི་ཐ་སྙད་དཔེ་མཛད་པར་ཡང་ཡོད་དེ་གནད་ཆེན་པོ་དང་ལྡན་པའོ། །དེ་ལ་ཕྱག་རྒྱ་བཞིའི་ངོ་བོ་ནི་ལས་ཀྱི་ཕྱག་རྒྱ་དང་དམ་ཚིག་གི་ཕྱག་རྒྱ་དང༌། ཆོས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་ཞེས། རྒྱུད་དང་བསྟན་བཅོས་མང་པོ་ལས་འབྱུང་ལ། ངོས་འཛིན་ཡང་རྒྱུད་ཐ་དད་ལས་ཀྱང་སེམས་ཅན་བསམ་པའི་དབང་གིས་ཅུང་ཟད་མི་འདྲ་བར་གསུངས་པ་ཡང་ཡོད་ཅིང་སློབ་དཔོན་སོ་སོའི་འདོད་ལུགས་ལ་ནི་ཆེས་མི་འདྲ་བ་ཤིན་ཏུ་མང་ངོ༌། །འདིར་གྲགས་ཆེ་བ་དག་ལས་ཕྱོགས་ཙམ་སྨོས་ན། ལག་པའི་ཕྱག་རྒྱ་འཆིང་བ་དང༌། བསྐྱེད་རིམ་གྱི་ཕྱོགས་ལ་ཡང་ཕྱག་རྒྱ་བཞིའི་རྣམ་གཞག་ཡོད་མོད་ཀྱང་སྐབས་ཀྱི་དོན་མ་ཡིན་ལ། འདིར་ནི་རྫོགས་པའི་རིམ་པ་ཡན་ལག་དང་བཅས་པ་རྣམས་སོ། །དེ་ལ་ཀླུ་སྒྲུབ་ཞེས་བྱ་བས་མཛད་པ་ཕྱག་རྒྱ་བཞིའི་རྗེས་སུ་འགྲོ་བའི་གཞུང་དང༌། དེའི་རྗེས་སུ་འབྲང་པ་རྣམས་ལས་ནི་དངོས་དང་ཡིད་ཀྱིས་སྒོམ་པའི་རིགས་ལས་ཀྱི་ཕྱག་རྒྱ་དངོས་དང་ཕྲ་ཐིག་སོགས་རང་ལུས་ཐབས་ལྡན་ཡང་ལས་རྒྱ་རྗེས་མཐུན་པ་དང༌། ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་དེ་ཉིད་དཔེར་བྱས་ནས། མི་རྟག་པའི་རང་བཞིན་སྒོམ་པར་བྱེད་པ་ནི་ཆོས་ཀྱི་ཕྱག་རྒྱ་དང༌། མ་བརྟགས་པ་ཉིད་ལས་རང་བཞིན་བདེ་སྟོང་དུ་གནས་པ་དེ། སྒོམ་སྟོབས་ཀྱི་མངོན་གྱུར་དུ་རང་ཤར་བ་ནི་ཕྱག་རྒྱ་ཆེན་པོ་དང༌། མངོན་བྱང་


TNT02_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་སོགས་བསྐྱེད་རིམ་གྱི་མཚོན་པར་བྱ་བ་འབྲས་བུའི་ཡེ་ཤེས་མི་རྟོག་པ་ལས་ཤར་བ་ནི། དམ་ཚིག་གི་ཕྱག་རྒྱའོ། །ཞེས་བཞེད་ལ། སློབ་དཔོན་མང་པོ་ཞིག་ནི་ལས་དང་ཕྱག་རྒྱ་ཆེན་པོ་དེ་དང་འདྲ་བ་ལ། ཞུ་བདེའི་ཉམས་མྱོང་གིས་སྣང་བ་ཐམས་ཅད་ལ་རྒྱས་བཏབ་པས་སྣང་བ་ཐམས་ཅད་བདེ་བ་འབར་བའི་གྲོགས་སུ་འགྱུར་བ་ནི། ཆོས་རྒྱ་དང༌། འབར་འཛག་གི་དམིགས་པ་སོགས་རང་ལུས་ཐབས་ལྡན་གྱི་རྣལ་འབྱོར་རྣམས་དམ་ཚིག་གི་ཕྱག་རྒྱ་ཡིན་ཞེས་གསུང༌། གྲུབ་ཐོབ་རྡོ་རྗེ་དྲིལ་བུས་པས། རིམ་ལྔར་དམ་ཚིག་གི་ཕྱག་རྒྱ་མི་མོ་དང༌། ལག་པའི་ཕྱག་རྒྱ་དང༌། ཆོས་རྒྱ་དང༌། ཕྱག་ཆེན་བཤད་མ་ཐག་པ་དེ་ཉིད་དང་ཕལ་ཆེར་འདྲ་བར་གསུངས་པ་ནི། ནོར་བུ་འགེངས་པའི་རིམ་པ་ཁོ་ན་ལས་ཕྱེ་བའི་ཕྱག་རྒྱ་བཞི་ཡིན་གྱི། རྫོགས་རིམ་མཐའ་དག་སྟོན་པ་ནི་མ་ཡིན་ནོ། །དགྱེས་རྡོར་གྱི་འགྲེལ་པ་སྙན་གྲགས་བཟང་པོས་མཛད་པ་ལས། ལས་དང་ཡེ་ཤེས་ཕྱག་རྒྱ་ཆེ། །དམ་ཚིག་ཅེས་བྱ་འོད་གསལ་རྣམས། །རྒྱུ་དང་དེ་བཞིན་བསྒོམ་བྱ་དང༌། །ཐོབ་བྱ་བཞི་པ་འཇིག་པ་མེད། །ཅེས་ཕྱག་རྒྱ་བཞི་པའི་གཞུང་དང་ཕྱོགས་འདྲ་རུང་ལ། ཆོས་རྒྱ་མི་བགྲོང་པར་ལས་ཡེ་ཕྱག་ཆེན་དམ་ཚིག་ཅེས་བགྲངས་ནས། ཕྱག་རྒྱ་ཆེན་པོ་འབྲས་བུ་དང༌། དམ་ཚིག་གི་ཕྱག་རྒྱ་གཞི་ལམ་འབྲས་གསུམ་ཀུན་ཏུ་ཁྱབ་ཅིང་འཇིག་པ་མེད་པས་དངོས་པོའི་གནས་ལུགས་སུ་འདོད་པའོ། །རྒྱུད་ཀྱི་རྒྱལ་པོ་འདི་དག་ལས་ནི། འགྱུར་བ་མེད་པ་བདེ་བའི་འབྲས་སྟེར་ཕྱག་རྒྱ་བཞི་པོ་འདི་རྣམས་གྲོང་དང་འབྲོག་དགོན་དུར་ཁྲོད་དང་ཞེས་པ་ལ་སོགས་པ་དང༌། སྨད་འཚོང་དམ་པ་ལས་ཀྱི་ཕྱག་རྒྱར་འགྱུར་ཞིང་གསང་བའི་མི་མོ་གཞན་གྱི་བུད་མེད་དམ་ཚིག་སྟེ། རང་དབང་ཆོས་ཀྱི་ཕྱག་རྒྱ་ཡུལ་ནི་མང་པོ་ལ་དགའ་རང་གི་ཆུང་མ་ཡེ་ཤེས་ཕྱག་རྒྱའོ། །ཞེས་གསུངས་པའི་སྐབས་དོན་རྣམས་སྦྱར་ན། ལས་དམ་ཚིག་ཆོས་ཡེ་ཤེས་ཀྱི་ཕྱག་རྒྱ་བཞི་ཀུན་རྫོབ་དང༌། ཁྱབ་བྱེད་ཕྱག་རྒྱ་ཆེན་པོ་ནི་དོན་དམ་མོ། །དེས་ན་ལས་ཡེ་གཉིས་སྤྱི་དང་འདྲ་ལ་དམ་ཚིག་གི་ཕྱག་རྒྱ་ནི།


TNT02_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོ་འབར་བ་ལ་རྣམ་པ་གཉིས་ཡོད་པའི། ཀུན་རྫོབ་ལྟེ་གསང་ལ་སོགས་པའི་འཁོར་ལོ་ནས་དམར་ཆའི་ཁམས་འབར་བ་དེ་ཡིན་ལ། མེ་ཏོག་དང་མེ་ཏོག་གི་དྲི་ལྟར་དེ་ལྟ་བུ་དེའི་ཆོས་ཉིད་དུ་གནས་པ། སྟོང་གཟུགས་འབར་བའི་གཏུམ་མོ་ནི་ཕྱག་ཆེན་ཁོ་ནར་འགྱུར་ཞིང༌། ཀུན་རྫོབ་ཇི་ལྟར་སྣང་ཡང༌། རང་བཞིན་མེད་པར་ཤེས་ནས་དབྱིངས་སྤྲོས་པ་དང་བྲལ་བ་མི་རྟོག་པར་འཇོག་པ་ནི། ཆོས་ཀྱི་ཕྱག་རྒྱའོ། །དེ་ལྟར་ན་ཕྱག་རྒྱ་ལྔའི་རྣམ་གྲངས་སུ་འགྱུར་བ་ལས། དམ་ཚིག་གི་ཕྱག་རྒྱ་ནི་ཤུགས་ལ་འབྱུང་ཞིང༌། ཆོས་ཀྱི་ཕྱག་རྒྱ་ནི་གཞན་རྣམས་ཀྱི་ཡན་ལག་ཏུ་སྦྱོར་བས། ལམ་གྱི་རྐང་ཚུགས་པའི་དབང་དུ་བྱས་ན། ལས་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་པོ་གསུམ་གྱི་རིམ་པ་ཡང་ནས་ཡང་དུ་རྒྱས་པར་གསུངས་སོ། །འོ་ན་ཕྱག་རྒྱ་སྔ་མ་གཉིས་ཀྱང་ཕྱག་རྒྱ་ཆེན་མོའི་དོན་དུ་ཡིན་ན། ཅིའི་ཕྱིར་གཅིག་ཏུ་མི་བསྡུ་སྙམ་ན། བདེན་ཏེ་འོན་ཀྱང་རང་རང་གི་གྲུབ་འབྲས་མི་འདྲ་བ་གསུམ་དང༌། བདེ་བའི་སྐྱེད་ཚུལ་མི་འདྲ་བ་གསུམ་དང༌། གནས་སྐབས་མི་འདྲ་བ་གསུམ་དུ་ངེས་པར་འཇུག་པའི་རིམ་པ་གསུམ་ཡོད་པའི་དབང་ལས་དེ་གསུམ་གྱི་རིམ་པ་ངེས་པར་སྒོམ་དགོས་པས་ན། དེ་འདྲའི་རྣམ་གཞག་ཤེས་པ་གཞན་ལས་གལ་ཆེའོ། །དེ་དག་ཀྱང་ལས་ཀྱི་ཕྱག་རྒྱའི་ལམ་མཐར་ཕྱིན་པའི་འབྲས་བུ་ནི། འདོད་པའི་ཁམས་ཀྱི་རིག་པ་འཛིན་པ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱའི་ནི་གཟུགས་ཁམས་ཀྱི་རིག་པ་འཛིན་པ་དང༌། ཕྱག་རྒྱ་ཆེན་མོས་ནི། མཆོག་གི་དངོས་གྲུབ་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པར་བྱེད་པས་གྲུབ་འབྲས་གསུམ་མོ། །མི་མོའི་སྐྱེ་གནས་ནི་འཇིག་རྟེན་དུ་སྐྱེས་བུའི་ཐིག་ལེ་རགས་པ་ཕྱི་རོལ་ཏུ་འཛག་པར་བྱེད་པ་ལ་སྟོབས་དང་ལྡན་པ་ཡིན་པའི་ཕྱིར་དང༌། རྣལ་འབྱོར་དང་ལྡན་པ་ལ་ཕྱི་རོལ་ཏུ་མི་འཛག་ཀྱང༌། སྤྱི་བོ་ནས་ནོར་བུའི་བར་དུ་འཛག་ཅིང༌། རྣལ་འབྱོར་གྱིས་བཅིངས་པ་མ་གཏོགས་རང་སྟོབས་ཀྱིས་འཛག་པར་བྱེད་པའི་རིགས་ཅན་ཡིན་པའི་ཕྱིར། འཛག་པའི་བདེ་བ་སྟེར་བའོ། །རྫོགས་པའི་རིམ་པ་འདིར་དམིགས་གསལ་ཕྲན་བུ་མ་གཏོགས། གང་ཕྱི་རོལ་དུ་དངོས་པོར་འཛག་ན་ནི། བུད་མེད་དེ་ཡང་མི་མོ་ཙམ་སྟེ་ལས་རྒྱར་མི་འགྱུར་བ་ཉིད་དེ། འཇིག་རྟེན་ཕལ་པ་བཞིན་ནོ། །ཡེ་ཤེས་ཀྱི་ཕྱག་


TNT02_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ནི། ཐིག་ལེ་རགས་པ་རྣམས་རང་གནས་སུ་གཡོ་བ་དང༌། ཅུང་ཟད་ཕྲ་བ་བར་མ་ཕན་ཆད་ནོར་བུར་འགྲོ་ཞིང་འོང་བར་ཅན་ཏེ། རྣལ་འབྱོར་གྱི་སྟོབས་ཀྱིས་མ་བཅིངས་ན་འདི་ཡང༌། ཕྱི་རོལ་ཏུ་འཛག་མོད་ཀྱི། འཛག་པའི་སྟོབས་ཆུང་བའི་ཕྱིར་གཡོ་བའི་བདེ་བ་སྦྱིན་པ་མོ་སྟེ། འདི་ཡང་ཕྱི་རོལ་ཏུ་འཛག་ན་ཡེ་ཤེས་ཀྱི་ཕྱག་རྒྱ་མི་འགྱུར་རོ། །ཕྱག་རྒྱ་ཆེན་མོའི་རང་སྟོབས་ཀྱིས་ནི་ཕྱི་རོལ་ཏུ་འཛག་པ་མི་སྲིད་ལ། རང་གི་ནུས་པ་ནི་གཉིས་ཏེ། བྱང་ཆུབ་ཀྱི་སེམས་ཤིན་ཏུ་དྭངས་མ་གཙུག་ཏོར་ནས་ནོར་བུའི་བར་དུ་དབབ་བཟློག་བྱེད་པ་དང༌། མི་འགྱུར་བའི་ཐིག་ལེར་བྱེད་པ་གཉིས་སོ། །སྔ་མ་ཡང་མི་འགྱུར་བའི་ཐིག་ལེའི་རྒྱུ་ཡིན་པའི་ཕྱིར། ཕྱག་རྒྱ་ཆེན་མོ་ནི་མི་འགྱུར་བའི་བདེ་བ་སྦྱིན་པ་མོ་སྟེ། དེས་ན་བདེ་བ་བསྐྱེད་ཚུལ་མི་འདྲ་བ་གསུམ་མོ། །རྒྱུ་མཚན་དེ་ལས་ན་གནས་སྐབས་གསུམ་དུ་འཇུག་སྟེ། བསྡུས་པའི་རྒྱུད་ལས། འདི་དག་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། །ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་མཆོག་རྣམས་སོ། །ཞེས་གསུངས་ཏེ་དེ་ཡང་ཁམས་རགས་པའི་ཚོགས་པ་ལ་དྭངས་མ་བར་བ་རྣམས་བཅུད་ཀྱི་ཚུལ་དུ་གནས་ལ། དེ་ལ་ཤིན་ཏུ་ཕྲ་བའམ་ཤིན་ཏུ་དྭངས་མ་རྣམས་བཅུད་ཀྱི་ཚུལ་དུ་གནས་སོ། །དེ་ལྟར་གནས་ཀྱང་སྔ་མ་སྔ་མ་མ་ཞུ་བར་ཕྱི་མ་ཕྱི་མ་མངོན་དུ་མི་འགྱུར་བས་དང་པོར་ཐིག་ལེ་རགས་པ་མཐའ་དག་ཤིན་ཏུ་བཞུ་སྟེ། དངས་སྙིགས་ཕྱེད་པ་ན་དེའི་རྩིགས་མ་རྣམས་ཟད་ཀྱི་བར་དྭངས་མ་རྣམས་བར་བར་མ་གྱུར་གྱི་བར་དུ་ལས་ཀྱི་ཕྱག་རྒྱ་ངེས་པར་དགོས་ཏེ། ཡེ་རྒྱ་དང་ཕྱག་ཆེན་ཙམ་གྱི་རགས་པ་བཞུ་མི་ནུས་པའི་ཕྱིར་རོ། །དེའི་རྗེས་སུ་དངས་མ་བར་མའི་དངོས་པོ་མཐའ་དག་ཤིན་ཏུ་བཞུ་སྟེ། བར་མའི་དངོས་པོ་དེ་ཉིད་ཀྱི་དངས་སྙིགས་ཕྱཻད་པ་ན། རྩིགས་མའི་ཆ་རྣམས་ཟད་ལ། དངས་མའི་ཆ་གང་ཡིན་པ་དེ་ནི་ཤིན་ཏུ་དངས་མའི། ཤིན་ཏུ་ཕྲ་བར་གྱུར་གྱི་བར་དུ་ནི་ལས་ཀྱི་ཕྱག་རྒྱ་མི་བསྟེན་པར་ཡེ་ཤེས་ཀྱི་ཕྱག་རྒྱ་ངེས་པར་དགོས་ཏེ། ཕྱག་ཆེན་འབའ་ཞིག་གི་བར་པ་དེ་བཞུ་མི་ནུས་པའི་


TNT02_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང༌། སྐབས་དེར་ལས་རྒྱ་བསྟེན་ན་མཐར་རིམ་པས་འགྲུབ་མོད་ཀྱི་གཡེང་རྐྱེན་དུ་གྱུར་པས་ལམ་བུལ་བར་འགྱུར་རོ། །ཤིན་ཏུ་དངས་མ་འབའ་ཞིག་ཏུ་གྱུར་ནས་ནི། མི་འགྱུར་བའི་བདེ་བ་མ་སྐྱེས་ཀྱི་བར་དུ་ཕྱག་རྒྱ་ཆེན་མོ་ཁོ་ནས་དེ་བཞུ་བར་བྱ་སྟེ། སྐབས་དེར་ལས་དང་ཡེ་རྒྱས་གཡེང་བ་ཅན་དུ་བྱེད་པས་ལམ་འགོར་བར་འགྲོ་བས་སོ། །མི་འགྱུར་བའི་བདེ་བ་ཐོབ་ནས་ནི་གསུམ་ཀས་འཕེལ་བར་བྱའོ། །ཐིག་ལེར་རགས་པ་ནི་ཞོ་དང་འདྲ་ལ། བར་པ་ནི་དེ་ཉིད་སྲུབས་པས་མར་དུ་བྱས་པ་དང་འདྲ་ཞིང༌། ཤིན་ཏུ་དངས་མ་ནི་ཞུན་མར་གྱི་ཉིང་ཁུ་དང་འདྲ་ལ། མི་འགྱུར་བའི་ཐིག་ལེ་ནི་དེ་ཉིད་མར་མེ་འབར་བར་གྱུར་པ་ལྟ་བུ་སྟེ། སྔ་མ་གསུམ་རྣམ་པ་འདྲ་རུང་སྐྱེད་པ་ཡིན་ལ་རྫས་ཀྱི་ཐིག་ལེ། རྫས་མ་ཡིན་པར་ན་འཕོས་པས་ཕྱིར་ན། ཕྱི་མ་ནི་མི་འདྲ་བར་གྱུར་པ་སྟེ། འདིར་ལས་ཡེ་གཉིས་ཀྱིས་ཐིག་ལེ་བཞུ་ནུས་ཀྱང་ཕྱག་ཆེན་མེད་ན་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱས་ཁམས་དེ་དང་དེ་དཔྱིས་ཕྱིན་པས་དངས་སྙིགས་འབྱེད་མི་ཐུབ་ཅིང་མི་འགྱུར་བའི་བདེ་བའི་རྒྱུད་དངས་མ་རྒྱས་པར་མི་བྱེད་དོ། །མན་ངག་གི་གཏམ་ལས་ཕྱག་རྒྱ་བཞི་སྦྱོར་སོགས་ཀྱི་ཐ་སྙད་མཛད་པའི་དོན་ནི། ལུས་ཀྱི་ཕྱག་རྒྱ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱར་བསྐྱེད་དགོས་ཤིང༌། རྗེས་ཆགས་ལས་གཏུམ་མོ་དམར་ཆ་འབར་བའི་དམ་རྒྱ་ཡང་ཡོད་ལ། དེ་ཐམས་ཅད་ཕྱག་རྒྱ་ཆེན་མོས་རྒྱས་བཏབ་དགོས་པའི་ཕྱིར། བཞི་སྦྱོར་ཞེས་བྱ་ལ། དེ་ལས་དང་པོ་ལས་ཀྱི་ཕྱག་རྒྱ་བོར་བ་ནི་གསུམ་སྦྱོར་ཡིན་ཞིང༌། དེ་ལས་ཡེ་རྒྱ་བོར་ན་ད་དུང་དམ་ཚིག་གི་ཕྱག་རྒྱ་ཡོད་ཀྱང༌། རང་ཤུགས་ལ་བྱུང་བ་ཡིན་གྱི་གཙོ་བོ་མ་ཡིན་ལ་སྒོམ་པའི་རྣལ་འབྱོར་ཕྱག་ཆེན་ཁོ་ན་གཙོ་བོ་ཡིན་པས་ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་ཞེས་བྱའོ། །གཞན་ཡང་བསྡུས་པའི་རྒྱུད་ལས། རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་དང་པོར་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ། །དེ་ནས་ཉི་མའི་གཟུགས་ནི་ལུས་དང་གདོང་དང་རྐང་པ་གཙུག་ཏོར་ཡན་ལག་ཐམས་ཅད་རྫོགས་པ་སྟེ། །གློག་གི་དབྱུག་པའི་རྗེས་མཐུན་འཕོ་མེད་བདེ་བ་བསྐྱེད་པར་བྱེད་མ་མཚན་ཉིད་ཡན་ལག་རབ་ཏུ་རྫོགས། །རྡོ་རྗེ་རྣམས་


TNT02_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རབ་ཏུ་སྣང་བར་བྱེད་མ་སྲིད་གསུམ་གནས་ལས་ཆོས་ཀྱི་དབྱིངས་ནི་དེ་ནས་འགྱུར། །ཞེས་གསུངས་ཏེ་དང་པོར་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱས་ཐིག་ལེའི་བགྲོད་པ་རྫོགས་པར་བཞུ་དགོས་ཏེ། འདིར་ལས་རྒྱ་དངོས་སུ་སྨོས་པས་ཡེ་རྒྱ་ཡང་ཤུགས་ལ་བསྟན་ཏོ། །དེ་ནས་སྟོང་གཟུགས་ཀྱི་སྟོབས་དང་ནུས་མཐུ་ཤིན་ཏུ་འཕེལ་བ་དང༌། གནས་སྐབས་སྔ་མ་རྣམས་ལས་ཆེས་གསལ་བར་གྱུར་པ་དང༌། ཐིག་ལེ་ཡང་ཤིན་ཏུ་དྭངས་མར་གྱུར་པ་འཛོམས་པ་ན། གཟུགས་བརྙན་ཁོ་ནས་ཁམས་ཀྱི་བགྲོད་པ་མཐའ་དག་བཞུ་ནུས་ཏེ། དེ་ལ་ཉི་མའི་གཟུགས་ཞེས་བྱ་བ་ནི། གཏུམ་མོའི་སྣང་བ་ལ་ཤར་བའི་དོན་ཡིན་ལ། དབྱུག་པའི་གཟུགས་དང་རྗེས་སུ་མཐུན་པའི་གློག་ཅེས་བྱ་བ་ནི། དབུ་མའི་ནང་གཏུམ་མོས་གང་བའི་དོན་ཡིན་ཞིང༌། ལུས་དང་སོགས་ཀྱི་ལྷ་སྐུའི་རྣམ་པར་ཤར་བ་དང༌། ཡན་ལག་ཐམས་ཅད་རྫོགས་པ་སྟེ་ཞེས་པས་ནི། མཚན་དང་དཔེ་བྱད་དང་རྒྱན་དང་ཆ་ལུགས་མ་ཚང་བ་མེད་པར་རྫོགས་པ་བསྟན་ཞིང༌། ཡན་ལག་རབ་ཏུ་རྫོགས་ཞེས་པས་ནི། ཡན་ལག་མ་སྟེ་ལྷ་མོས་འཁྱུད་པའི་སྐུ་ཅན་ནོ། །ཕྱག་རྒྱ་ཆེན་མོ་ནི་ཤེས་རབ་ཀྱི་ཕྱོགས་ལས་བརྩམས་ཏེ། འདོད་པའི་ལྷ་མོ་ཉིད་ལ་གཙོ་བོར་སྦྱོར་རམ་སྙམ་ན། ཞུ་བདེ་འགྱུར་མེད་སྐྱེད་པ་དང༌། མི་འགྱུར་བའི་ཐིག་ལེ་སྒྲུབ་པའི་གནས་སྐབས་གཉིས་ཆར་དུ། རང་འདོད་པའི་ལྷ་ཡབ་ཡུམ་གྱི་རྣམ་པར་སྣང་བའི། ཡབ་ཡུམ་གཉིས་པོ་བདེ་བ་སྐྱེད་པ་ལ། གཙོ་ཆེ་ཆུང་གི་ཁྱད་པར་མེད་པས། གཉིས་ཀར་ཕྱག་རྒྱ་ཆེན་མོའི་གཙོ་བོར་འཇོག་པ་ལ་འདྲ་བའོ། །རྡོ་རྗེ་རྣམས་ཀྱི་ཞེས་པ་ནི། རྡོ་རྗེ་བཞིའི་གཏུམ་མོ་འབར་བ་རྩ་འཁོར་བཞི་ནས་སམ་ཐབས་ཤེས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དྲུག་གི་གཏུམ་མོ་རྣམས་རྩ་འཁོར་ལོ་དྲུག་ནས་འབར་བས་ཕྱི་ནང་ཐམས་ཅད་འོད་ཀྱི་དཀྱིལ་འཁོར་གྱིས་ཁྱབ་པ་བྱེད་པ་ཡིན་ཞིང༌། སྲིད་གསུམ་གནས་ལུས་ཞེས་པ་ནི། ལྷ་སྐུ་དེའི་ཕྱི་ནང་ཐམས་ཅད་དོན་དམ་སྲིད་གསུམ་འཁོར་འདས་རྣམ་པ་ཐམས་ཅད་པའི་ལྷར་ཤར་བ། དེ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །དེ་རྣམས་གནས་ཚུལ་ལ་ངོ་བོ་


TNT02_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཀྱང༌། རྗེས་དྲན་གྱི་གནས་སྐབས་ན། རྣལ་འབྱོར་པའི་སྣང་ངོར་འདོད་ལྷ་ཡབ་ཡུམ་མཉམ་སྦྱོར་རྣམས་ཀྱིས་བདེ་བ་ཤིན་ཏུ་འཕེལ་བ་ཙམ་སྣང་ཆ་གཞན་རྣམས་ཀྱིས་མི་འཕེལ་ཏེ། འཇིག་རྟེན་ཀུན་རྫོབ་ཏུ་ཡང་ས་ཕྱོགས་ཉམས་དགའ་བ་ཙམ་མཐོང་བས་དགའ་བ་སྐྱེ་ཡང༌། ཞུ་བདེ་མི་བསྐྱེད་པ་བཞིན་ནོ། །གཞན་ཡང་འཁོར་བ་དང་མཚུངས་པའི་རྣམ་ཆ་ལས། དག་པའི་རྣམ་ཆ་གཙོ་ཆེ་ཞིང༌། དེའི་གཙོ་བོར་ཡང་ཁ་སྦྱོར་གྱི་སྐུ་ཡིན་པས། འདིར་ཕྱག་ཆེན་གྱི་གཙོ་བོ་ནི་ལྷ་སྐུའི་ལྡོག་ཆ་ནས་འཇོག་དགོས་ཏེ། དེས་ན་རྣམ་པ་དང་བཅས་པ་ལ་གཏན་ནས་མི་མོས་པ་དང༌། སྣང་ཆ་གཞན་ལ་མོས་ཀྱང་ལྷ་སྐུའམ། སྣང་ཆ་ནན་གྱིས་འགོག་པ་ནི། སྔགས་གྱི་ཐེག་པའི་གཞུང་ལམ་ལས་གོལ་བ་སྟེ་རང་གི་མཚན་ཉིད་རང་གི་ངོ་ཤེས་པར་གྱིས་ཤིགསྤྲོས་པས་ཆོག་གོ །འོ་ན་མི་འགྱུར་བའི་བདེ་བ་འཕེལ་བ་དང༌། འགྱུར་བ་ཉམས་པ་ལ་སོགས་པ། དོན་དམ་པའི་ངོར་ཡིན་ནམ་ཞེ་ན་མ་ཡིན་ཏེ་དོན་དམ་པ་ནི་ཇི་སྐད་དུ། འདི་ལ་བསམ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་པར་ལྟར་ཏེ། འོག་ཏུའང་རྒྱས་པར་འཆད་པ་ལྟར། ཡེ་ཤེས་འཕེལ་བར་སྣང་བ་ཡང་བློ་ངོར་ཤར་བ་ཡིན་གྱི། དོན་དམ་པར་མ་ཡིན་ཏེ་གནས་ལུགས་ལ་འཕེལ་འགྲིབ་མེད་པའི་ཕྱིར་རོ། །སྒྲིབ་པ་རྣམས་ཉམས་ཤིང་སྤངས་པར་སྤང་བ་ཡང༌། བློ་ལ་སྣང་ཚུལ་ཡིན་གྱི་དངོས་གནས་ལ་ཉམས་ཤིང་སྤང་རྒྱུ་མེད་དེ། སྒྲིབ་པ་ཉིད་འཁྲུལ་སྣང་ཙམ་མ་གཏོགས་གདོད་མ་ནས་ཡོད་མ་མྱོང་བའི་ཕྱིར་རོ། །དེ་བཞིན་དུ་རྣམ་རྟོག་ནུབ་པ་ལྟར་སྣང་ཡང༌། ནུབ་པ་མེད་དེ་ནུབ་རྒྱུ་རྣམ་རྟོག་ཉིད་མེད་པས་སོ། །ཡང་དག་པའི་ཡེ་ཤེས་ཤར་བར་སྣང་ཡང་ཤར་བ་མེད་སྟེ་གདོད་མ་ནས་གནས་པའི་ཕྱིར་རོ། །དེ་བཞིན་དུ་ཡེ་ཤེས་རབ་ཏུ་གསལ་བ་ལ། གསལ་བར་གྱུར་པ་མེད་ཅིང༌། སྒྲིབ་གཡོགས་ཀྱིས་བཀབ་པར་སྣང་ཡང༌། གནས་ཚུལ་ལ་བཀབ་པ་མེད་པ་དང༌། གཞི་ལམ་འབྲས་བུ་སྐྱེ་བའི་སྣང་བ་ལ་སྐྱེ་བ་


TNT02_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མེད་པ་དང༌། འཆི་བའི་ཚུལ་ཅན་ཏེ་འཇིག་པར་སྣང་བ་ལ། དོན་དུ་འཇིག་པ་མེད་ཅིང་མ་གྲུབ་པའོ། །གྲོལ་བར་སྣང་ཡང་གྲོལ་བར་འགྱུར་བ་མེད་དེ། །བཅིངས་མ་མྱོང་བའི་ཕྱིར་དང༌། དེ་རྣམས་ཀྱིས་འཁོར་འདས་ཀྱི་མཐའ་མ་གྲུབ་པར་བསྟན་ནས། འཁོར་འདས་ཉིད་ལ་མི་གནས་པའི་མྱང་འདས་ལ། མི་གནས་པའི་ངོ་བོ་ཉིད་མེད་དེ་གང་ལ་བརྟེན་ནས་མི་གནས་པར་འཇོག་པའི་འཁོར་འདས་ཉིད་མེད་པའི་ཕྱིར་རོ། །དངོས་པོ་མེད་པའི་ངོ་བོ་དངོས་མེད་ཀྱི་རང་བཞིན་ཉིད་མེད་དེ། བློས་བརྟགས་པ་ཙམ་ལས་གཞན་ཅི་ཡང་མེད་པའི་ཕྱིར་རོ། །གཟུགས་སོགས་དངོས་པོར་སྣང་ཡང་དེའི་ངོ་བོ་དངོས་པོ་ཉིད་མེད་དེ། དངོས་པོར་ཡོད་ན་གཅིག་དང་དུ་མ་གང་རུང་དུ་ཡོད་དགོས་པ་ལས་དེར་མེད་པའི་ཕྱིར་རོ། །འགྱུར་བའི་ཆོས་ཅན་དངོས་པོ་རྣམས་ལ་འགྱུར་བའི་ངོ་བོ་མེད་དེ། འགྱུར་འགྲོ་རྒྱུའི་དངོས་པོ་ཉིད་མེད་པའི་ཕྱིར་རོ། །མི་འགྱུར་བ་ནམ་མཁའ་ལྟ་བུ་དངོས་མེད་ཀྱི་རྟག་པ་རྣམས་ལ། མི་འགྱུར་བ་རྟག་པའི་ངོ་བོ་ཡང་མེད་དེ། རྟག་པར་གནས་རྒྱའི་ཆོས་རང་ཉིད་མེད་པའི་ཕྱིར་རོ། །དེ་ལྟར་རང་བཞིན་མེད་པའི་ཆོས་འདི་རྣམས། སྐྱེ་བ་དང་འཇིག་པར་སྣང་བ་ནི་འཁྲུལ་པའི་སྣང་བ་ལ་སྣང་ཡང་དངོས་གནས་མ་ཡིན་ཏེ། སྒྱུ་མ་སྤྲུལ་པ་ཇི་ལྟ་བ་དེ་བཞིན་ནོ། །འབྱུང་བ་སྟེ་དངོས་པོ་འདི་རྣམས་གནས་ཚུལ་ལ་འཇིག་པར་འགྱུར་བ་མ་ཡིན་ཏེ། འཇིག་པ་ལ་སྔོན་དུ་སྐྱེ་དགོས་པ་ལས། གནས་ཚུལ་ལ་རང་བཞིན་ཉིད་ཀྱིས་སྐྱེ་བར་འགྱུར་བ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་ཉོན་མོངས་པ་དང༌། ལས་དང༌། ལུས་དང༌། ལོངས་སྤྱོད་སྣོད་ཀྱི་འཇིག་རྟེན་གྱིས་བསྡུས་པའི་སྡུག་བསྔལ་རྣམས་དང་ལམ་སྒོམ་པ་རྐྱེན་ལས་བྱུང་བའི་ཡེ་ཤེས་རྣམས་དང༌། འབྲས་བུ་སྤངས་ཐོབ་ཏུ་སྣང་བ་དང༌། དེ་རྣམས་གང་ལ་འཆར་བའི་གཞི་སེམས་སེམས་བྱུང་གི་ཚོགས་པ་སྟེ། སྣ་ཚོགས་སུ་སྣང་བ་འདི་རྣམས་ནི་རང་བཞིན་ནམ་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ཏེ། སྣང་ཡང་བདེན་པས་སྟོང་པའོ། །མིག་དང་གཟུགས་སོགས་ཀུན་རྫོབ་ཏུ་བྱ་བ་བྱེད་པའི་དངོས་པོ་འདི་རྣམས་དང༌། དེ་རྣམས་ཉིད་


TNT02_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱིས་མ་གྲུབ་པའི་དངོས་པོ་མེད་པ་སྟོང་པ་ནི། མཚན་ཉིད་དེ་རང་བཞིན་དབྱེ་བ་མེད་པར་གཅིག་པ་ཉིད་དོ། །དེ་ལས་གཅིག་ཅེས་བྱ་བ་ནི། ཐ་དད་དུ་མེད་པ་ཙམ་ཏེ་གཅིག་དངོས་སུ་གྲུབ་པ་ཡང་མ་ཡིན་ནོ། །དེ་དག་ནི་རྗེས་དྲན་གྱི་སྐབས་སུ་འབྲེལ་བ་མང་ཞིང༌། ཞུ་བདེ་ནང་སྤྲོས་པ་བཀག་པའི་སྟོང་ཉིད་ནི། རང་ལྡོག་ནས་ཐུགས་རྡོ་རྗེའི་སྒྲུབ་པར་འགྱུར་བ་ཤས་ཆེ་ཞིང༌། དགའ་བའི་རབ་དབྱེ་ནི་སྤྱིར་གཞི་དུས་ནའང་ཡོད་ལ། དབང་དུས་ནས་བརྩམས་ཏེ་ཡང་ནས་ཡང་དུ་ཡོད་མོད་ཀྱང༌། གཙོ་བོར་འཛིན་པའི་ཕྱེད་ཕྱི་མ་ལ་འབྱུང་བ་དང༌། རྗེས་དྲན་གྱི་སྐབས་ཉིད་ཡིན་པ་ལས། འཛིན་པའི་དེ་ཡང་རྗེས་དྲན་གྱི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར། རྗེས་དྲན་དང་འབྲེལ་བ་ཡིན་ནོ། །གཉིས་པ་རྗེས་དྲན་གྱི་ཡན་ལག་ཁྱད་པར་དུ་བཤད་པ་ནི། རང་གི་ཤེས་རབ་ལ་འགྱུར་སེམས། །རྡོ་རྗེ་ནོར་བུའི་པདྨར་སོན། །དེར་སོན་ཟླ་བ་གཡོ་བ་དང༌། །མི་གཡོ་བ་དང་མི་འགྱུར་སྒོམ། །ལུས་ངག་སེམས་ཀྱི་རྩ་རྣམས་སུ། །སྐུ་གསུང་ཐུགས་རྣམས་སྒོམ་པ་སྟེ། རྡོ་རྗེ་གསུམ་རྣམས་ལེགས་བསྡུས་པ། །ཡེ་ཤེས་དུང་ཅན་མར་སྒོམ་པའོ། །ཤེས་རབ་ཆགས་པས་ཞུ་བ་ཡི། །ཐིག་ལེ་རིམ་པས་མགོ་བོ་ལས། །རྫོགས་པའི་གནས་སུ་ཞུགས་རྣམས་ཀྱང༌། །འཆིང་བ་དམ་པའི་དོན་གྱིས་སོ། །ཞེས་གསུངས་ཏེ། རྗེས་སུ་དྲན་པའི་ཡན་ལག་ནི། གང་ཞིག་གཏུམ་མོའི་འབར་སྣང་ལས་གྲུབ་པ། འདོད་པའི་ལྷ་ཡབ་ཡུམ་གྱི་དཀྱིལ་འཁོར་བརྟན་གཡོ་ཀུན་གྱི་སྣང་བརྙན་དང་བཅས་པའི་སྟོང་གཟུགས་དེ་གྲུབ་ན་ཡང༌། རེ་ཞིག་ཞུ་བདེ་མཐར་ཐུག་པའི་བདེ་བ་འཕེལ་བར་མ་ནུས་ནས། ཕྱག་རྒྱ་བཞི་སྦྱོར་གྱི་སྒོ་ནས་ལས་ཀྱི་ཕྱག་རྒྱ་སྒྲུབ་པར་བྱའོ། །དེར་ལས་རྒྱ་ལ་བལྟོས་པའི་གནས་སྐབས་བཅུ་རྫོགས་ནས་བདེ་བ་ཚད་དུ་ཕྱིན་པར་འགྱུར་རོ། །དེ་ནས་ཕྱག་རྒྱ་གསུམ་སྦྱོར་གྱི་ཡེ་རྒྱ་ལ་བསྟེན་ཏེ་བསྒོམས་པས། དེ་ཉིད་ལ་བལྟོས་པའི་འདོད་པའི་གནས་སྐབས་བཅུ་རིམ་གྱིས་རྫོགས་པ་ལས། ཡེ་རྒྱ་ཉིད་ཀྱི་བདེ་བ་ཚད་དུ་ཕྱིན་པར་འགྱུར་རོ། །དེ་དག་ཕྱག་ཆེན་གྱི་རྗེས་


TNT02_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་ལ་བལྟོས་ན་སྔོན་འགྲོ་ལྟ་བུ་སྟེ། དེ་ནས་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་འབའ་ཞིག་གིས་བདེ་བ་སྐྱེད་པ་ལ་གོམས་པར་བྱས་པས། འདོད་པའི་གནས་སྐབས་བཅུ་དང་མཚུངས་པའི་བདེ་བའི་ཡེ་ཤེས་མཐར་ཐུག་པ་ནམ་མཁའ་དང་མཉམ་པ་བཅུ་ཐོབ་སྟེ། ཕྱག་ཆེན་གྱིས་དྲངས་པའི་ཞུ་བདེ་རྫོགས་པར་འཆར་རོ། །དེ་ལ་འདོད་པའི་གནས་སྐབས་བཅུ་ནི། རྒྱུད་ཀྱི་རྒྱལ་པོ་ལས། བསམ་དང་འདོད་དང་ལུས་ལ་རིམ་དང་ཁ་མཆོག་པདྨ་སྐམ་དང་ཟས་ལ་རབ་ཏུ་མི་འཇུག་དང༌། འདར་དང་སྨྱོ་དང་རབ་ཏུ་རྨོངས་དང་ཡིད་ནི་རྣམ་པར་འཁྲུལ་དང་དྲག་ཏུ་བརྒྱལ་བ་དག །རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་རབ་གསལ་རྣམ་པ་བཅུ་སྟེ་སྲོག་ཆགས་ལུས་ལ་འཇིག་རྟེན་དུ། །རབ་ཏུ་གསལ་ཞིང་ངེས་པ་དེ་རྣམས་ཡིད་སྲུབས་གནས་སྐབས་སུ་ཞིག་རྒྱལ་བར་འདོད་པ་དེ་ནི་སུ། །ཞེས་གསུངས་ཏེ། ཐ་མལ་པཔའི་འདོད་ཆགས་ཀྱི་གནས་སྐབས་བཅུ་ནི་ཆགས་ཡུལ་བསམ་པ་དང༌། ཕྲད་འདོད་ཀྱི་འདུན་པ་དང༌། ལུས་ལ་དྲོད་འབར་བ་དང༌། ཁ་སྐམ་པ་དང༌། ཟས་སོགས་བྱ་བ་གཞན་ལ་མི་འཇུག་པ་དང༌། ལུས་འདར་བ་དང༌། འཛེམ་བག་དོར་བ་དང༌། རིགས་པར་སྨྲས་པའི་དོན་ལ་བློ་མི་གཏོང་བར་བྱར་འོས་མི་འོས་དབྱེ་བ་མི་ཤེས་པ་དང༌། འདོད་པའི་ཆགས་པས་སེམས་བསྡུས་ཏེ་བརྒྱལ་བ་ལྟར་གཞན་མི་དྲན་མི་ཤེས་པའི་གནས་སྐབས་སོ། །སྐབས་འདིར་རྟགས་བཅུའི་རང་བཞིན་གྱི་ཕྱག་རྒྱ་ཆེན་པོ་རྣམས་ཀྱི་རིམ་པས་དྲངས་པའི་བདེ་བའི་ཡེ་ཤེས་རྣམས་པ་བཅུ་རིམ་གྱི་ཐོབ་པ་ན། འདོད་པའི་གནས་སྐབས་བཅུ་དང༌། དེས་བཞག་པའི་སྒྲིབ་པ་ཐམས་ཅད་སྤོང་བར་འགྱུར་རོ། །བདེ་བའི་ཡེ་ཤེས་དེ་དག་ཀྱང་འདོད་པའི་གནས་སྐབས་བཅུ་དང༌། ཕྱོགས་དེ་ནས་རྣམ་པ་མཚུངས་པ་སྟེ། ཤེས་རབ་མ་གྲངས་མེད་པའི་གཟུགས་བརྙན་རང་ཤར་བའི་བདེ་བ་དང༌། དེ་རྣམས་ལ་སེམས་གཡོ་བ་མེད་པར་ཆགས་པའི་བདེ་བ་དང༌། གཏུམ་མོའི་དྲོད་འབར་བའི་བདེ་བ་དང་ནང་གི་བདེ་བས་ཚིམ་སྟེ། བཟའ་བཏུང་གོས་སོགས་


TNT02_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྲེད་པ་དང་བྲལ་བའི་བདེ་བ་དང༌། རྩ་རླུང་ཐིག་ལེ་ཐམས་ཅད་རབ་ཏུ་གཡོ་ཞིང་འདར་བའི་བདེ་བ་དང༌། བདེ་སྡུག་མཐོ་དམན་ཐམས་ཅད་མགོ་སྙོམ་པར་གྱུར་པའི་བདེ་བ་དང༌། འདོད་ཡོན་ལྔ་བཟང་ངན་གྱི་དབྱེ་བ་སོགས་མི་རིག་པར་འགྱུར་བའི་བདེ་བ་དང༌། ཕྱི་རོལ་ཀྱི་སྣང་བ་དང་རྣམ་རྟོག་རབ་ཏུ་ནུབ་པ་ལས་བྱུང་བའི་བདེ་བའི་ཡེ་ཤེས་རྣམས་སོ། །དེ་ཡང་རྟགས་བཅུ་པོ་རེ་རེ་བཞིན་གྱི་རིགས་ལས་སྟོང་གཟུགས་མཐའ་དག་གིས། རང་སྟོབས་སུ་ལུགས་འབྱུང་ལུགས་བཟློག་གི་དགའ་བ་བཞིའམ་བཅུ་དྲུག་རྫོགས་པར་དྲངས་པ་ན་རྗེས་དྲན་རྫོགས་པར་འགྱུར་ཏེ། དེ་ལ་རྗེས་དྲན་གྱི་ངོ་བོ་ནི། གྲོགས་ཕྱག་རྒྱ་གཞན་ཡོད་དམ་མེད་ཀྱང་རུང༌། སྟོང་གཟུགས་ཉིད་ཀྱིས་དངོས་སུ་ཞུ་བདེ་འགྱུར་མེད་ཀྱི་དགའ་བཞི་འདྲེན་པའི་ལམ་མོ། །དེ་ལ་གཞུང་དོན་ནི། ལས་ཀྱི་ཕྱག་རྒྱ་ལ་སོགས་པ་རང་གི་ཤེས་རབ་མ་རྣམ་པ་གསུམ་ལ་འཁྱུད་པའི་རྐྱེན་གྱིས། རྗེས་ཆགས་ཀྱི་གཏུམ་མོ་འབར་བས་བཞུ་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་རྩ་འཁོར་གྱི་པདྨར་སོན་པའི་དུས། རྩ་འཁོར་དེ་དག་ཏུ་སོན་པའི་ཟླ་བ་གཡོ་བའི་བདེ་བ་ཤར་བ་ན། རྣལ་འབྱོར་གྱི་སྟོབས་ཀྱིས་ནོར་བུའི་གནས་དེ་ཉིད་དུ་རླུང་མི་གཡོ་ཞིང་ཐིག་ལེ་མི་འགྱུར་བར་སྒོམ་མོ། །དེ་ནས་མས་བརྟན་པའི་ཚུལ་གྱིས་གཙུག་གཏོར་གྱི་བར་དུ་བགྲོད་པར་བྱའོ། །རྒྱ་བོད་མང་པོས་འདིས་ཏིང་ངེ་འཛིན་གྱི་ཡན་ལག་བརྟན་པར་བཞེད་ཀྱང༌། ཡན་ལག་འདི་གཉིས་ཕྱོགས་མཚུངས་པའི་ཕྱིར་ཕྱོགས་མཐུན་ཙམ་དུ་འགྱུར་མོད། ཟླ་བ་གཡོ་བ་ཞེས་གསུངས་པས། གཞུང་དོན་ནི་མིན་ནོ། །ཐབས་གང་གི་མི་འགྱུར་བར་སྒོམ་སྙམ་ན། ལུས་ཀྱི་རྩ་རྐྱང་མ་དང་བཤང་བའི་རྩར་རླུང་གི་རྒྱུ་བ་བཀག་པ་ལ་སྐུ་རྡོ་རྗེ་སྤྲོ་བ་སྒོམ་པ་དང༌། ངག་རོ་མ་དང་གཅི་བའི་རྩར་དེ་ལྟ་བུའི་ཚུལ་གྱིས་གསུང་གི་སྤྲོ་བ་སྒོམ་པ་དང༌། སེམས་ཀྱི་རྩ་ཨ་ཝ་དྷཱུ་ཏཱིར་ཚུལ་དེ་ལྟ་བུས་ཐུགས་ཀྱི་སྤྲོ་བ་རྣམས་སྒོམ་པ་དང༌། སྐུ་གསུང་ཐུགས་རྡོ་རྗེ་གསུམ་པོ་དེ་རྣམས་ལེགས་པར་གཅིག་ཏུ་བསྡུས་པ་ཡེ་ཤེས་རྡོ་རྗེའི་སྤྲོ་བ་དུང་ཅན་མའི་རྩ་ལ་སྒོམ་པས་སོ། །འདིར་དོན་དམ་བསྡུས་པ་ལས། སྐུའི་རྩ་དཔྲལ་བ་སོགས་སུ་


TNT02_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཡང་སྤྱིར་སྐབས་འདིར་ཤིན་ཏུ་འབྲེལ་མོད་ཀྱི། ཡེ་ཤེས་དུང་ཅན་མ་ཞེས་གསུངས་པའི་ཟླས་དྲངས་པར་མི་ལེགས་ཏེ། དུང་ཅན་མ་ནི་ལྟེ་བ་མན་ཆད་དུ་དྷཱུ་ཏཱིའི་མས་སྣ་ཐམས་ཅད་ལ་འཆད་དགོས་ཀྱི། རྡོ་རྗེ་ནོར་བུ་ཁོ་ན་ལ་གནས་པ་མ་ཡིན་པའི་ཕྱིར་དང༌། སྐུ་གསུང་ཐུགས་ཀྱི་འཁོར་ལོ་མ་སྨོས་པར་རྩ་ཙམ་སྨོས་པ་ལ་རྒྱུད་འདིར་རོ་རྐྱང་སོགས་ལ་གཙོ་བོར་གྲགས་པའི་ཕྱིར་དང༌། གཞུང་ཚིག་འདིས་བསྟན་པའི་སྐུ་གསུང་ཐུགས་གསུམ་དཔྲལ་སྙིང་གསང་གསུམ་ཡིན་ན། གསང་འཁོར་དུང་ཅན་མར་འདུས་པའི་ཕྱིར་ཐུགས་ཡེ་ཤེས་སུ་འདུས་པས། རྡོ་རྗེ་བཞིའི་དབྱེ་བ་ཟློས་བུ་ཅན་དུ་འགྱུར་པའི་ཕྱིར་རོ། །ཤེས་རབ་མ་ལ་ཆགས་པས་ཞུ་བའི་ཐིག་ལེ་གཙུག་ཏོར་ནས་འོང་ནས། རིམ་པས་མགོ་བོ་སྟེ་སྤྱི་བོའི་འཁོར་ལོ་སོགས་ལས་རྒྱུད། རྫོགས་པའི་གནས་གསང་བའི་འཁོར་ལོ་མན་ཆད་དུ་ཞུགས་ཤིང་སོང་བ་རྣམས། མི་འཛག་པར་འཆིང་བའི་ཐབས་ནི་ལུས་ཀྱི་བྱེད་བཅིངས་སམ་རླུང་གི་སྦྱོར་བ་སོགས་ཀྱིས་མ་ཡིན་ཏེ། དམ་པའི་དོན་གྱི་སྦྱོར་བས་སོ། །དེ་ཡང་གང་ཞེ་ན་བྱང་ཆུབ་ཀྱི་སེམས་གསང་བར་འོང་པ་ན། འབད་རྩོལ་མེད་ཀྱང་སྟོང་གཟུགས་ཀྱི་སྣང་བ་རྒྱ་ཆེར་མཆེད་པ་ལ། མཉམ་པར་བཞག་པས་བཟུང་བ་དང་བཟློག་པ་དང་ཁྱབ་པར་ཡང་འགྱུར་རོ། །འདི་ཉིད་ཚུལ་ཁྲིམས་ཀྱི་ཚོགས་ཏེ་ཡེ་ཤེས་དང་བསོད་ནམས་ཀྱི་རྒྱུ་ཅན་ནོ། །དེ་ལྟར་ཡང་རྩ་བའི་རྒྱུད་ལས། བྷ་གར་ལིང་ག་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །སྲུང་བ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཞེས་སོ། །དེ་ཡང་དང་པོར་ལུས་ཀྱི་བྱེད་བཅིངས་དང༌། ནཱ་དའི་སྦྱོར་བ་སྟེ་རླུང་གི་བྱེད་པ་བཅིང་པ་ལ་བརྟེན་ནས། འཆིང་བ་ལ་སོགས་པའི་བྱ་བ་བྱེད་དགོས་པ་དེ་སྲིད་དུ། ལས་དང་པོ་པའི་སྐབས་ཡིན་ལ་


TNT02_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་བྱེད་བཅིངས་སྤངས་ནས། རླུང་གི་བྱེད་བཅིངས་ཁོ་ནས་བྱ་བ་བྱེད་པའི་སྐབས་ཀྱང་ཕལ་ཆེར་དེ་དང་མཚུངས་ཏེ། སོ་སོར་སྡུད་པ་དང་བསམ་གཏན་གྱི་ཡན་ལག་ལ་གནས་པའི་རྣལ་འབྱོར་པ་རྣམས་ལའོ། །བསྐྱེད་པའི་རིམ་པ་ཤིན་ཏུ་གོམས་པ་དག་ལ་ནི། མཚན་མ་དང་བཅས་པའི་ཏིང་ངེ་འཛིན་ཁོ་ནས། དེ་དག་བྱེད་པ་ཡོད་མོད་ཀྱི། དབུ་མའི་ནང་དུ་གཞུག་པར་ནུས་པ་ནི་མ་ཡིན་ནོ། །བསྐྱེད་རིམ་སྔོན་མ་ཅན་གྱི་སོར་བསམ་པ་དག་ལ་ནི། དེ་འདྲས་དེ་དག་ནུས་པར་མ་ཟད། དབུ་མར་ཅུང་ཟད་འཇུག་ཐུབ་ནུས་པ་ཡང་ཡིན་ནོ། །སྲོག་རྩོལ་གྱི་ཡན་ལག་ལ་གནས་པ་དག་གིས། མཚན་མ་མེད་པའི་རྣལ་འབྱོར་ལ་རྩོལ་བ་དང་བཅས་པ་ཁོ་ནས། རླུང་འགགས་ཏེ་འཆིང་བ་དང༌། བཟློག་པ་དང༌། ཁྱབ་པར་ཡང་བྱེད། འཛིན་པའི་ཕྱེད་གོང་མ་ལ་ཡང་ངོ༌། །མཚན་མ་མེད་པའི་རྣལ་འབྱོར་དེ་ཡང་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ་མཉམ་པར་འཇོག་པ་ཡིན་ཏེ། འོན་ཀྱང་བཟུང་བ་དང༌། བཟློག་པ་དང༌། ཁྱབ་པའི་ཕྱིར་རྩོལ་བ་དང་བཅས་པ་དགོས་ལ། ཡན་ལག་དེ་རྣམས་སུ་གེགས་བསལ་བ་དང༌། བོགས་དབྱུང་བའི་དོན་དུ་བཙན་ཐབས་ཀྱི་སྦྱོར་བར་བཤད་པ་མ་གཏོགས། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལམ་གྱི་དངོས་གཞིའི་གཙོ་བོར་བསྟེན་པ་མ་ཡིན་ལ། འཛིན་པའི་ཕྱེད་ཕྱི་མ་ལ་དགའ་བཞིའི་ས་ཐོབ་པར་འགྱུར་ཏེ། སྔར་བྱང་ཆུབ་ཀྱི་སེམས་ཀྱི་བགྲོད་པ་ཐམས་ཅད་རྩོལ་བཅས་ཀྱིས་དགག་དགོས་པ་ཡིན་ཀྱང༌། སྐབས་འདིའི་དང་པོར་ལུས་ཀྱི་ཐིག་ལེ་རྩོལ་མེད་དུ་འགགས་ཤིང༌། གཞན་རྣམས་མ་འགགས་པའི་དུས་དགའ་བའི་ས་དང་པོ་ཐོབ་པ་ཡིན་པ་ནས། བཞི་ཀ་རྩོལ་མེད་དུ་འགགས་པ་ལྷན་སྐྱེས་ཀྱི་ས་ཡིན་པའི་བར་དུའོ། །ལུས་ངག་ཡིད་ཆགས་ཀྱི་ཐིག་ལེ་བཞི་ཀར་ལུས་ཀུན་ལ་ཁྱབ་པ་ཡིན་ཀྱང་གནས་གང་ནས་འབྱུང་ཞིང་གང་དུ་ཐིམ་པར་འགྱུར་བའི། བྱ་བ་བྱེད་པ་ནི་རྩ་འཁོར་སོ་སོ་ཡིན་ལ། རྩོལ་མེད་དུ་བརྟན་པ་ཐོབ་པའི་དོན་ནི། འདི་ཞུ་བདེ་ཡིན་པས་འགྲོ་འོང་གཏན་ནས་མི་བྱེད་པ་མིན་ཡང༌། ནོར་བུའི་འཁོར་ལོ་རང་འགགས་སུ་སོང་རྗེས་


TNT02_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་གྱི་བར་དུ་རྩོལ་མེད་དུ་ལོག་ནས། སླར་རང་རང་གི་འཁོར་ལོ་རྒྱུད་ནས་རང་གནས་སུ་ཐིམས་པར་འགྱུར་བའི་དོན་ནོ། །བཞི་པ་ཡེ་ཤེས་རྡོ་རྗེའི་སྒྲུབ་པ་བཤད་པ་ལ། མི་འགྱུར་བའི་མཚན་ཉིད་སྤྱིར་བསྟན་པ་དང༌། །ཏིང་ངེ་འཛིན་གྱི་ཡན་ལག་ངོས་བཟུང་བའོ། །དང་པོ་ནི། ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། །གྲིབ་མ་ཉམས་པ་རྫོགས་པ་སྟེ། །ཟླ་བ་ཆད་དང་རྫོགས་པ་མིན། །དེ་བཞིན་ཡེ་ཤེས་ཤར་རིམ་པས། །ས་རྣམས་ཀྱིས་ནི་རྫོགས་པར་འགྱུར། །ཉོན་མོངས་ལ་སོགས་ཉམས་པ་རྫོགས། །ཡེ་ཤེས་ཆད་དང་རྫོགས་པ་མིན། །ཇི་ལྟར་རི་བོང་མཚན་མར་དབུས། །རྫོགས་པར་རི་བོང་ཅན་མི་གནས། །དེ་བཞིན་འགྱུར་མེད་བདེ་བར་སེམས། །འཁོར་བའི་བག་ཆགས་མཚན་མ་ཡིས། །སྐྱེད་དང་རབ་ཏུ་ཉམས་པའི་ཕྱོགས། །དཀར་པོ་ནག་པོ་རབ་ཏུ་གནས། །དེ་དག་དབུས་སུ་རྫོགས་པ་གང༌། །དེ་ནི་རྫོགས་པར་མི་གནས་སོ། །སྐད་ཅིག་གཅིག་མངོན་རྫོགས་སངས་རྒྱས། །རྫོགས་པ་ལ་ནི་གཡོ་མི་འགྱུར། །གང་ཚེ་རྡོ་རྗེ་ནོར་བུའི་སེམས། །དེ་ནི་སྐད་ཅིག་ཐམས་ཅད་རྫོགས། །དཀར་པོའི་ཕྱོགས་ལ་འདི་མི་གནས། །རེས་འགའ་དཀར་མིན་ལ་མི་འགྲོ །ཕྱོགས་གཉིས་པོ་ཡི་དབུས་གནས་པ། །རྫོགས་པ་ལ་གནས་གཉིས་སུ་མེད། །གཙུག་ཏོར་ལས་ནི་ཤར་བ་སྟཻ། །རྡོ་རྗེ་ནོར་བུར་རྫོགས་པར་འགྱུར། །དེ་ཆགས་བྲལ་ལས་ཆ་ཉམས་པ། །རྡོ་རྗེ་ནས་མཉམ་ལ་རབ་རྫོགས། །སླར་ཡང་གཙུག་ཏོར་དུ་ཤར་བ། །སླར་ཡང་རྡོ་རྗེ་ནོར་བུར་རྫོགས། །དེ་ཆགས་བྲལ་ལས་ཆ་ཉམས་པ། །ལུས་ཅན་ཡེ་ཤེས་ཉམས་པ་མིན། །འདི་ཡི་བདེ་བ་ཆེ་རང་བཞིན། །རྫོགས་པའི་སྒྲ་ཡིས་བརྗོད་པར་བྱ། །དངོས་པོ་བར་མ་གཞན་ཐམས་ཅད། །འབྱུང་དང་བསྡུད་པའི་རྒྱུ་ཡིན་ནོ། །སྲིད་ལས་མྱ་ངན་འདས་པར་འགྲོ། །དེ་ལས་སླར་ཡང་སྲིད་པར་འོང༌། །རང་ཕྱོགས་དག་ལས་ཟླ་བཞིན་དང༌། །བགྲོད་པ་དག་ལས་སྣང་བྱེད་བཞིན། །ཞེས་གསུངས་ཏེ། ཇི་ལྟར་ཟླ་བ་ནི་ཚེས་གཅིག་


TNT02_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྔར་སྒྲིབ་བྱེད་ཀྱི་གྲིབ་མས་བསྒྲིབས་པ་ཆ་གཅིག་པར་བསལ་བས། ཆ་ཤས་དང་པོ་ཤར་བ་ནས་བརྩམས་ཏེ། རིམ་པས་ཆགས་རྣམས་ཀྱི་གྲིབ་མ་བསལ་བས་ནི་མཐར་ཚེས་བཅོ་ལྔ་ལ་ཟླ་བའི་ཆ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་འཇིག་རྟེན་ན་གྲགས་ཀྱང༌། སྒྲིབ་བྱེད་ཀྱི་གྲིབ་མ་རྣམས་ཉམས་པའི་རིམ་པ་རྫོགས་པ་ཙམ་ཡིན་གྱི། །ཟླ་བའི་དཀྱིལ་འཁོར་གྱི་ངོ་བོ་དང་པོ་ནས་ཆད་པ་མེད་པས། ཕྱིས་རྫོགས་པའང་མིན་ཏེ། མདོར་ན་སྒྲིབ་བྱེད་འཕེལ་འགྲིབ་ཡིན་གྱི་ཟླ་བ་འཕེལ་འགྲིབ་མིན་ནོ། །དེ་བཞིན་དུ་མི་འགྱུར་བའི་ཡེ་ཤེས་ཀྱང་རྒྱུ་མཐུན་པ་ལ་སོགས་པའི་འབྲས་བུ་བཞིའམ། ས་བཅུ་གཉིས་ལ་སོགས་པའི་རིམ་པས་ཤར་ཏེ། ས་བཅུ་གཉིས་ཀྱི་མཐར་ཐུག་པས་ནི་མི་འགྱུར་བའི་བདེ་བ་རྫོགས་པར་འགྱུར་ཞེས་རྣལ་འབྱོར་པའི་སེམས་སྣང་དང་བསྟུན་ནས་བཤད་མོད་ཀྱང༌། ཉོན་མོངས་པ་ལ་སོགས་པ་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་སྒྲིབ་པའི་ཁྱད་པར་གཞན་རྣམས། ཉམས་ཤིང་སྤངས་པའི་རིམ་པ་རྫོགས་པ་ཡིན་གྱི། མི་འགྱུར་བའི་ཡེ་ཤེས་ནི་གདོད་མ་ནས་གནས་པའི་ཕྱིར། དང་པོར་མ་ཚང་ཞིང་ཆད་པ་མེད་པས། ཕྱིས་རྫོགས་པའང་མིན་ཏེ། བསལ་བཞག་མེད་པའི་ཕྱིར་རོ། །བྲམ་ཟེ་ཆེན་པོའི་ཞལ་ནས། བྱེད་པོ་དང་བྲལ་འགྲོ་ལ་རྟག་ཏུ་ཤར། །གང་ཞིག་དུས་སུ་ངེས་པར་གསུངས་པ་ན། །ཐམས་ཅད་མཁྱེན་པའང་ཚིག་གིས་དབུལ་འགྱུར་བ། །བདེ་བའི་རྒྱལ་པོ་གཅིག་པུ་རྒྱལ་གྱུར་ཅིག །ཅེས་སོ། །འགྱུར་བར་སྣང་བའི་རྒྱུ་ནི་བག་ཆགས་ཏེ། ཇི་ལྟར་རི་བོང་གི་མཚན་མའི་རྣམ་པར། མུན་པའི་ས་བོན་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པའི་རྒྱུ་མཚན་གྱིས། ཆ་བཅོ་ལྔ་རྫོགས་པའི་ངང་དེར་རི་བོང་ཅན་གནས་པར་མི་ནུས་སོ། །དེ་བཞིན་དུ་འཁོར་བའི་བག་ཆགས་ཀྱི་མཚན་མས་རྙོག་པར་བྱས་པའི་སེམས་ཉིད་བརྟེན་ཐིག་ལེར་བཅས་པ་ཡང༌། བདེ་བ་ལ་མི་འགྱུར་བར་གནས་པར་མི་ནུས་སོ། །ཟླ་བ་ནི་སྐྱེད་པ་དཀར་ཕྱོགས་དང༌། རབ་ཏུ་ཉམས་པ་ནག་པོའི་ཕྱོགས་གཉིས་པོ་ལ། རྟག་པར་རབ་ཏུ་གནས་ཤིང༌། ཕྱོགས་གཉིས་པོ་དེའི་དབུས་སུ། དཀར་


TNT02_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་རྫོགས་པའི་གནས་སྐབས་བཅུ་དྲུག་པ་གང་ཡིན་པ་དེ་ལ། ཟླ་བ་དེ་ནི་སྐད་ཅིག་ཙམ་གནས་ཀྱི། རྫོགས་པའི་སྐབས་དེར་དེ་ལས་ལྷག་པ་མི་གནས་ཏེ། དཀར་པོའམ་ནག་པོའི་ཕྱོགས་གང་རུང་ལ་དེ་མ་ཐག་འཇུག་པར་འགྱུར་བ། དེ་བཞིན་དུ་དཀར་དམར་གྱི་རིམ་པའི་བྱང་ཆུབ་ཀྱི་སེམས་ནོར་བུ་དང་གཙུག་ཏོར་དུ་སྐད་ཅིག་ལས་མི་གནས་པའོ། །གང་མི་འགྱུར་བའི་སྐད་ཅིག་མ་གཅིག་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ་བྱང་ཆུབ་ཀྱི་སེམས་ཆ་བཅུ་དྲུག་པ་ནོར་བུར་རྫོགས་པའི་སྐབས་དེ་ཉིད་དུ། མི་འགྱུར་བའི་ཐིག་ལེར་གྱུར་པ་ནི་རྫོགས་པ་ལ་གཡོ་བར་མི་འགྱུར་བ་སྟེ། མི་གཡོ་བ་ཞེས་བྱ་སྟེ། གང་གི་ཚེ་རྡོ་རྗེ་ནོར་བུར་སེམས་དམ་པའི་བདེ་བར་གྱུར་པ་དེ་ནི། མི་འགྱུར་བའི་བདེ་བའི་སྐད་ཅིག་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། བདེ་བའི་སྐད་ཅིག་ཐམས་ཅད་ནོར་བུར་སེམས་བརྟན་པ་ལས་བྱུང་ཞེས་པའོ། །དེ་བས་ན་མི་འགྱུར་བའི་བདེ་བ་དེ་ལ་ནི་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་སྟེ། དེ་ཡང་དཀར་པོ་ནོར་བུར་རྫོགས་པའི་སྐད་ཅིག་དང༌། དམར་པོ་གཙུག་ཏོར་དུ་རྫོགས་པའི་སྐད་ཅིག་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་པར་བཤད་དོ། །བྱང་ཆུབ་ཀྱི་སེམས་ནོར་བུར་ཟིན་པའི་རྒྱུ་ནི་གཉིས་ཏེ། ཐིག་ལེས་གང་བ་དང༌། སྙིང་གའི་ནཱ་ད་མི་གཡོ་བའོ། །དེ་ཡང་རོ་རྐྱང་གི་རྒྱུ་བ་འགགས་པས། ལྟེ་བའི་གཏུམ་མོ་བརྟན་པ་ན། སྙིང་གའི་ནཱ་ད་ཡང་མི་གཡོ་བར་གནས་སོ། །སྙིང་ཁ་དང་ལྟེ་བ་ནི་མཚོན་པ་སྟེ་འཁོར་ལོ་ཐམས་ཅད་ལ་གཏུམ་མོ་དང་ནཱ་ད་གནས་པའོ། །གང་གི་ཚེ་མི་འགྱུར་བའི་བདེ་བ་ཡོངས་སུ་རྫོགས་པ་ན། དཀར་པོའི་ཕྱོགས་དགའ་བ་བཅོ་ལྔ་པོ་ལ་ཡང་མི་གནས་ལ། དཀར་མིན་ནག་པོའི་ཕྱོགས་ལ་རེས་འགའ་ཙམ་སྟེ་ལན་གཅིག་ཀྱང་མི་འཕྲོ་ཞིང༌། ཕྱོགས་གཉིས་པོའི་དབུས་སུ་གནས་པ། དཀར་དམར་གྱི་བགྲོད་པ་བཅུ་དྲུག་པར་རྫོགས་པ་ལ་རྟག་ཏུ་གནས་པ་ནི་གཉིས་སུ་མེད་པ་སྟེ། ཟུང་འཇུག་གི་དོན་ནམ་ཕྱོགས་གཉིས་སུ་མེད་པ་ལ་འཇུག་གོ །དེས་ན་ཟུང་དུ་འཇུག་པ་ཡེ་ཤེས་ཀྱི་སྐུ་ཐོབ་པའི་མཚམས་ཀྱང༌།


TNT02_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བའི་སྐད་ཅིག་རྫོགས་པའོ། །འཁོར་བ་པ་རྣམས་ཆ་བཅུ་དྲུག་པ་ལ་མི་གནས་པའི་ཚུལ་ནི་གཙུག་ཏོར་ལས་ནི་ཤར་བའི་བྱང་ཆུབ་ཀྱི་སེམས་དེ་དགའ་བ་བཅུ་དྲུག་གི་རིམ་པས། རྡོ་རྗེ་ནོར་བུར་རྫོགས་པར་གྱུར་ཏེ། དེ་ཆ་བཅུ་དྲུག་པའི་མཐར། ཕྱི་རོལ་ཏུ་ཉམས་ཤིང་ལྷུངས་པ་དགའ་བའི་ཆགས་བྲལ་དུ་གྱུར་པ་ལས། རྡོ་རྗེ་ནས་ལྷུངས་ཤིང་ཉམས་ལ་རབ་ཏུ་རྫོགས་པས་ཆ་བཅུ་དྲུག་པ་ཉམས་པ་ཞེས་བྱ་ལ། རྡུལ་ཡང་གཙུག་ཏོར་གྱི་མཐའ་ལས་ཉམས་པར་འགྱུར་རོ། །ཡང་ནག་ཕྱོགས་ཀྱི་ཆ་བཅུ་དྲུག་པའི་མཐར། ཆགས་པའི་སྦྱོར་བ་ལ་བརྟེན་ནས། སླར་ཡང་གཙུག་ཏོར་དུ་ཤར་བ་སྔར་བཞིན་སླར་ཡང་རྡོ་རྗེ་ནོར་བུར་རྫོགས་པར་འགྱུར་ལ། དེར་ཆགས་བྲལ་ལས་ཆ་བཅུ་དྲུག་པ་ཉམས་པ་ཞེས་བརྗོད་ཀྱང༌། བརྟེན་ཐིག་ལེ་ལྷུང་བ་ལ་བརྟེན་ནས་སེམས་སྒྲིབ་པས་བསྒྲིབས་པ་ཡིན་གྱི། ཡེ་ཤེས་ཀྱི་ངོ་བོ་ཉམས་པ་ནི་མ་ཡིན་ཏེ། ཇི་སྐད་དུ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་སོ། །ཞེས་འགྲེལ་པ་དོན་དམ་བསྡུས་པ་ལས་གསུངས་ཤིང༌། ཡང་ན་དེ་ལྟ་བུའི་དགའ་བྲལ་གྱི་ཆ་བདེ་བ་ཆེན་པོས་བཅོམ་པས། དགའ་བྲལ་དང་བེམ་ཆོས་ཀྱི་ཆ་ཉམས་ཀྱང་ཡེ་ཤེས་མ་ཉམས་ཤིང་མ་བཅོམ་ཞེས་བོད་ཀྱི་གྲུབ་ཐོབ་ཆེན་པོ་མན་ལུང་གུ་རུ་གསུང་པར་གྲག་གོ །ནམ་ཡང་ཉམས་པར་མི་འགྱུར་བའི་མཚན་ཉིད་ཅན་འདིའི་བདེ་བ་ཆེན་པོ་ནི། རྟག་པར་རང་བཞིན་གྱིས་རྫོགས་པ་ཡིན་ནོ་ཞེས་པའི་སྒྲ་ཡིས་བརྗོད་པར་བྱའོ། །ཞེས་པ་སྟེ་གདོད་མའི་ཡེ་ཤེས་ནི་ཐོག་མ་མེད་པ་ནས་གདོད་མ་གནས་ལུགས་གཤིས་ཀྱི་རང་བཞིན་གྱིས་རྫོགས་པའོ། །དང་པོ་བར་མ་གཞན་ཐམས་ཅད་ཅེས་པ་ལ། རྒྱ་སྐད་དུ། ཨ་ནྱ་བྷཱ་ཝཱན་ཏ་རཾ་སརྦཾ། ཞེས་འབྱུང་ཏེ་ཨན་ཏ་ར་ནི། མཐའ་ལ་ཡང་འཇུག་པས། གཞན་པ་དང་དངོས་པོའི་མཐའ་ཐམས་ཅད་ཅེས་བསྒྱུར་བ་ལྟར་ལེགས་པས། བདེ་ཆེན་གདོད་མའི་ཡེ་ཤེས་དེ་ལས་གཞན་པ་སྲིད་པའི་ཆོས་ཐམས་ཅད་ནི། འབྱུང་བ་སྐྱེ་བ་དང༌། བསྡུད་པ་འཇིག་པའི་རྒྱུའམ་མཚན་ཉིད་ཅན་ཡིན་ནོ། །དངོས་པོའི་མཐའ་ནི་འདུས་བྱས་ཐམས་ཅད་དོ། །དེ་ཡང་སྲིད་པ་སྟེ་སྐྱེ་བ་ནས་


TNT02_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བ་མྱ་ངན་ལས་འདས་པའི་མཐར་འགྲོ་ཞིང༌། དེ་ལས་སླར་ཡང་ལས་ཀྱི་དབང་གིས་སྲིད་པ་སྟེ་སྐྱེ་བའི་གནས་སུ་འབྱུང་བར་འགྱུར་བ་ནི། ཟླ་བའི་དཀྱིལ་འཁོར་ཟླ་བ་རང་གི་དཀར་ཕྱོགས་དང་ནག་ཕྱོགས་དག་ལ་འཕེལ་བ་དང་འགྲིབ་པར་བྱེད་པ་དང༌། སྣང་བྱེད་དེ་ཉི་མ་ཡང་བྱང་བགྲོད་དང་ལྷོ་བགྲོད་ཀྱི་བགྲོད་པ་དག་ལ་སྟོབས་འཕེལ་བ་དང་འབྲི་བར་འགྱུར་བ། སྤེལ་མར་བྱེད་པས་དུས་འདའ་བ་བཞིན་ཏེ། འདི་དགའ་བ་བཅུ་དྲུག་གི་འཕེལ་འགྲིབ་ཁོ་ན་ལ་འཆད་པ་མང་ཡང༌། དེ་ནི་གོང་དུ་གཙུག་ཏོར་ལས་ནི་ཤར་བ་དེའི་སོགས་ཀྱིས་བཤད་ཟིན་ཞིང༌། ཕྱི་ནང་གི་ཟླ་ཉི་དང་དཔེ་དོན་དུ་ཡང་ལན་མང་དུ་སྦྱར་ཟིན་པས། འདིར་འཁོར་བའི་མཚན་ཉིད་སྤྱི་ལྡོག་ནས་སྦྱར་ན་གནད་ཆེ་ཞིང་མ་བཟློས་པར་འགྱུར་རོ། །གཉིས་པ་ཏིང་ངེ་འཛིན་གྱི་ཡན་ལག་བྱེ་བྲག་ཏུ་བཤད་པ་ནི། རྫོགས་པར་མི་གཡོ་བ་འདི་ནི། །ས་རྣམས་ཀྱིས་ནི་ཡོངས་རྫོགས་ཉིད། །ཉི་ཁྲི་བརྒྱད་གཉིས་བརྒྱ་ཡི་དབུགས། །འགྱུར་མེད་སྐད་ཅིག་ཟོས་རྣམས་ཀྱིས། །ཕྱོགས་གཉིས་ཡང་དག་གནོན་པ་ནི། །ས་རྣམས་ཀྱིས་ནི་ཡོངས་སུ་རྫོགས། །བདེན་དོན་རྣམ་པ་བཅུ་གཉིས་པ། །རྣམ་པ་བཅུ་དྲུག་འགྱུར་བ་མེད། །ཅེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ཡེ་ཤེས་ཉིད་མི་གཡོ་བ་སྟེ་འགྱུར་མེད་ཀྱི་ཐིག་ལེ་རྫོགས་པར་འགྱུར་བ་ནི་རྒྱུ་གང་ལས་ཞེ་ན། ཏིང་ངེ་འཛིན་གྱི་ས་བཅུ་གཉིས་ཡོངས་སུ་རྫོགས་པ་ཉིད་དོ། །དེ་ལ་ཏིང་ངེ་འཛིན་གྱི་ཡན་ལག་ནི། མི་འགྱུར་བའི་བདེ་བའི་སྐད་ཅིག་གི་ཡེ་ཤེས་ཉིད་སྟེ། གོང་དུའང་བཤད་པ་ལྟར་ཇི་སྲིད་དུ་རྟགས་དང་པོས་དགའ་བཞི་རྫོགས་པར་སྐྱེད་ཅིང༌། འདོད་པའི་གནས་སྐབས་དང་པོ་རྣམ་པར་དག་པའི་ཡེ་ཤེས་སུ་འགྱུར་བ་ནས། དགུ་པའི་བར་དུ་རྗེས་དྲན་ཁོ་ན་སྟེ་ཏིང་ངེ་འཛིན་གྱི་སྦྱོར་བའི་ལམ་དུ་མི་འགྱུར་རོ། །བཅུ་པ་ཐོབ་ནས་ནི། མི་འགྱུར་བའི་བདེ་བ་དངོས་སུ་སྒྲུབ་པའི་འགོ་བརྩམས་ཏེ། མི་རིང་བར་ལས་རླུང་དབུགས་གཅིག་འགགདཀར་པོ་ཆ་གཅིག་ནོར་བུ་དང༌། དམར་པོ་ཆ་གཅིག་གཙུག་ཏོར་དུ་བརྟན་པས་


TNT02_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་རླུང་གསུམ་གྱི་ཆ་རེ་རེ་སྟོང་གཟུགས་སུ་གྱུར་པ་ནི་རྫས་དང་དངོས་པོ་ལས་འདས་ཤིང་ཆོས་ཉིད་དུ་སོང་བའི་ཕྱིར། མི་འགྱུར་བའི་ཐིག་ལེ་ཞེས་བྱ་སྟེ། དེའི་ཡེ་ཤེས་ནི་མི་འགྱུར་བའི་བདེ་བ་སྟེ། ཐིག་ལེ་དང་ཡེ་ཤེས་ཀྱང་ངོ་བོ་གཅིག་གོ །དེ་ནས་ཀྱང་དཀར་པོའི་འགྲོ་འོང་གཙུག་ཏོར་ནས་ནོར་བུའི་བར་དུ་རྟག་ཏུ་བྱེད་ཅིང༌། དམར་པོའི་འགྲོ་འོང་ནོར་བུ་ནས་གཙུག་ཏོར་གྱི་བར་དུ་རྟག་ཏུ་བྱེད་དགོས་ཏེ། དེས་ལས་རླུང་འགགས་པ་དང༌། ཐིག་ལེའི་བགྲོད་པ་བརྟན་པར་བྱེད་དོ། །མི་འགྱུར་བའི་ཐིག་ལེར་གྱུར་ཟིན་པའི་ཐིག་ལེ་དེ་ནི་ལུས་ལ་དངོས་སུ་འགྲོ་འོང་བྱར་མེད་ཀྱང༌། ལྷག་མ་རྣམས་འགྲོ་འོང་བྱེད་པ་ཡིན་ནོ། །གང་མི་འགྱུར་བའི་ཐིག་ལེར་གྱུར་པ་དེ་ནི། འཇའ་ཚོན་ལྟ་བུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུར་གྱུར་པ་ཡིན་པས། དེའི་ཚད་ཀྱི་མ་དག་པའི་ལུས་ངག་ཡིད་གསུམ་སྤངས་ཤིང༌། རྣམ་པར་གྱུར་པ་ཡིན་ལ་སྐུ་དེ་ཡང་བདེ་བ་ཆེན་པོ་དང་ངོ་བོ་གཅིག་པའི་ཕྱིར། སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པ་ན། རྣམ་པར་སྨིན་པའི་ལུས་རྩ་བ་ནས་དག་སྟེ་ཟུང་འཇུག་གི་སྐུར་རྫོགས་པ་ཡིན་ནོ། །དེ་ལྟར་ཡན་ལག་དྲུག་གི་རང་བཞིན་རྣམས་འདིར་ཕྱོགས་ཙམ་སྨོས་པ་ཡིན་གྱི། རྒྱས་པར་བྱང་ཆུབ་སེམས་དཔའི་འགྲེལ་པ་རྣམས་ལས་ཤེས་པར་བྱའོ། །ལས་རླུང་དབུགས་སྟོང་བརྒྱད་བརྒྱ་རེ་འགགས་པ་ལས་ཏིང་ངེ་འཛིན་གྱི་ས་རེ་རེ་ཐོབ་པར་འགྱུར་ཞིང༌། །གསང་བའི་འཁོར་ལོའི་ཕྱེད་མི་འགྱུར་པའི་ཐིག་ལེས་གང་བ་ན། ས་དང་པོ་དང༌། ཕྱེད་ཕྱི་མས་གཉིས་པ་དང༌། དེ་བཞིན་དུ་སྦྱར་ཏེ་ལྟེ་བའི་ཕྱེད་ཀྱིས་གསུམ་པ་དང༌། རིལ་པོས་བཞི་པ་དང༌། སྙིང་གའི་ཕྱེད་ཀྱིས་ལྔ་པ་དང༌། རིལ་པོས་དྲུག་པ་དང༌། མགྲིན་པའི་ཕྱེད་ཀྱིས་བདུན་པ་དང༌། རིལ་པོས་བརྒྱད་པ་དང༌། དཔྲལ་པའི་ཕྱེད་ཀྱིས་དགུ་པ་དང༌། རིལ་པོས་བཅུ་པ་དང༌། གཙུག་ཏོར་གྱི་ཕྱེད་ཀྱིས་བཅུ་གཅིག་པ་དང༌། གཙུག་ཏོར་རིལ་གྱི་གང་བས་བཅུ་གཉིས་པའོ། །ས་འདི་རྣམས་ལ་ཡོན་ཏན་ཁྱད་པར་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སམ་སྟོང་གཅིག་གི་འཇིག་རྟེན་གྱི་ཁམས་མ་མཐོང་བའི་དོན་ཡང་དག་པར་


TNT02_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ས་དང་པོ་ཡིན་པ་ནས། དེ་འདྲ་སྟོང་དང་ཉི་ཤུ་རྩ་བཞི་མཐོང་བ་ས་བཅུ་གཅིག་པ་ཡིན་པའི་བར་དུ་ས་རེ་ལ་ཉིས་འགྱུར་བསྒྲེ་བ་ཡིན་ནོ། །ས་དེ་དག་གི་མིང་ཡང༌། གནས་དང་ཉེ་གནས་དང༌། ཞིང་དང་ཉེ་ཞི་དང༌། འདུན་པ་དང་ཉེ་བའི་འདུན་པ་དང༌། འདུས་པ་དང་ཉེ་བའི་འདུས་པ་དང༌། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དང༌། འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད་རྣམས་སོ། །དབུགས་ཇི་ཙམ་འགག་པ་དེ་ཙམ་གྱི་གྲངས་དང་མཉམ་པའི་དཀར་ཆ་གསང་བ་ནས་གཙུག་ཏོར་གྱི་བར་དུ་བརྟན་པ་དང༌། དམར་ཆ་གཙུག་ཏོར་ནས་ནོར་བུའི་བར་དུ་བརྟན་པས། མི་འགྱུར་བདེ་བའི་སྐད་ཅིག་ཀྱང་དེ་སྙེད་ཐོབ་སྟེ། ཐོབ་ཚུལ་ནི་གང་དུ་བསྟན་པ་ལྟར་མི་འགྱུར་བའི་བདེ་བ་ཆེན་པོ་ཐམས་ཅད་ངོ་བོས་གཅིག་ཡིན་ཀྱང༌། རྣལ་འབྱོར་བའི་སེམས་ལ་འགྱུར་བ་འགག་ཚུལ་དེ་སྙེད་ཀྱིས་ཡེ་ཤེས་འཆར་ཚུལ་ཡང་དེ་ཙམ་ཞིག་བྱུང་བ་ཡིན་ནོ། །དེ་ལྟར་ན་ཉི་ཁྲི་དང་བརྒྱད་གཉིས་བརྒྱ་སྟེ་བརྒྱ་ཕྲག་བཅུ་དྲུག་ནི་བསྡོམས་པས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ། དེ་ཙམ་གྱི་དབུགས་འགྱུར་བ་མེད་པའི་སྐད་ཅིག་གིས་ཡེ་ཤེས་ཀྱིས་ཟོས་ཤིང་ཡེ་ཤེས་ལ་ཐིམ་པ་རྣམས་ཀྱི་རྒྱུས། ས་རྣམས་ཀྱི་རིམ་པས་ནི་མི་འགྱུར་བའི་བདེ་བ་ཡོངས་སུ་རྫོགས་པ་སྟེ། ནོར་བུར་དཀར་པོ་དང་གཙུག་ཏོར་དུ་དམར་པོ་དང༌། ཆགས་པ་དང་ཆགས་བྲལ་ལམ། དཀར་ཕྱོགས་དང་ནག་ཕྱོགས་སམ། སྲིད་པ་དང་མྱ་ངན་འདས་པའི་ཕྱོགས་གཉིས་ཡང་དག་པར་གནོན་ཞིང་སྤོང་བ་ནི། ཏིང་ངེ་འཛིན་གྱི་ཡན་ལག་གོ །སྐབས་དེར་ས་རེ་རེ་ལ་རྟེན་འབྲེལ་བཅུ་གཉིས་ལུགས་བཟློག་རེ་རེ་སྦྱར་ཏེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་འགགས་པའི་བདེན་པའི་དོན་རྣམ་པ་བཅུ་གཉིས་དང་དགའ་བ་བཅུ་དྲུག་སྒྲིབ་བྲལ་དུ་གྱུར་པ། སྐུ་བཅུ་དྲུག་གི་བདག་ཉིད་ནི་དངོས་པོའི་དེ་ཁོ་ན་ཉིད་ཡིན་ལ་དེ་ཡང༌། བདེ་བའི་རྣམ་པ་བཅུ་དྲུག་འགྱུར་བ་མེད་པ་མངོན་དུ་བྱས་པ་ནི། མས་བརྟན་གྱི་དགའ་བའི་ས་བཅུ་དྲུག་ཡིན་ཏེ། དགའ་བ་རེ་རེ་ཡང་ལུས་དང་ངག་དང་སེམས་དང་ཡེ་ཤེས་ཀྱི་དབྱེ་བ་ཅན་ཡིན་པས། སྐུ་རེ་རེ་ལ་ཡང་སྐུ་དང་གསུང་དང་ཐུགས་དང་


TNT02_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་དབྱཻ་བ་ཅན་ནོ། །དེ་ཡན་ཆད་ནི་རྡོ་རྗེ་བཞིའི་སྒྲུབ་པ་རྒྱས་པར་བསྟན་པ་སྟེ། དེ་ཡང་ཡན་ལག་སྔ་མ་སྔ་མའི་ཡེ་ཤེས་རྣམས་ཀྱི་རྒྱུན། ཕྱི་མ་ཕྱི་མའི་གནས་སྐབས་ན་ཡང་ཡོད་པས། ཏིང་ངེ་འཛིན་གྱི་ཡན་ལག་མ་རྫོགས་བར་དུ་རྡོ་རྗེ་བཞིའི་སྒྲུབ་པ་ཡིན་ལ། ཏིང་ངེ་འཛིན་གྱི་མཐར་སྐུ་དང༌། གསུང་དང༌། ཐུགས་དང་ཡེ་ཤེས་གཅིག་ཏུ་འདུས་པའི་ཟུང་འཇུག་གི་སྐུ་ཐོབ་པ་ནས་བཟུང་ནས། རེ་ཤིག་སྒྲུབ་པ་ཞེས་མི་བྱ་སྟེ། སྐབས་འདིར་གྲུབ་པའི་གནས་སྐབས་སུ་འཇོག་དགོས་པ་ཡིན་པའི་ཕྱིར་རོ། །གྲུབ་པ་དེ་ཡང་གནས་སྐབས་ལ་ལྟོས་པའི་དབང་དུ་བྱས་པ་སྟེ། མི་སློབ་པ་རྫོགས་པའི་སངས་རྒྱས་ལ་ལྟོས་ན་ནི། འདི་ཡང་སྒྲུབ་པ་ཁོ་ན་ཡིན་པར་ཤེས་པར་བྱའོ། །འདིར་སྨྲས་པ། གང་གི་ཉུང་ངུའི་རྒྱུད་དོན་རྣམ་བཤད་པས། །རྒྱུད་རྒྱལ་ཆེན་པོའི་དགོངས་དོན་ཀུན་ཤེས་པ། །གླེགས་བམ་ཉུང་ངུས་འབད་མེད་དོན་ཆེན་འགྲུབ། །རྒྱུད་དོན་རིག་པའི་རྣམ་འགྱུར་ངོ་མཚར་རྨད། །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་འབྲས་བུའི་རྣམ་པར་གཞག་པ་ཞིབ་མོར་བསྟན་པ་ལ། ཐོག་མར། མངོན་པར་རྟོགས་པ་ཕྱོགས་སྨོས་པ་ཙམ་ནི་འདི་ཡིན་ཏེ། རྡོ་རྗེ་བཞིའི་རང་བཞིན་དང༌། སྐུ་བཞིའི་རྣམ་གཞག་དང༌། ཡེ་ཤེས་ཀྱི་རྣམ་དབྱེ་དང༌། འཕྲིན་ལས་འཇུག་པའི་ཚུལ་དང༌། །ཉེ་བར་སྦྱོར་བ་འཕགས་པའི་ལམ་གྱི་རྣམ་གཞག་རྣམས་སོ། །དང་པོ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། རྒྱལ་བའི་སྐུ་ཡི་རྡོ་རྗེ་ཡུལ་དང་ཡུལ་ཅན་རྣམས་ཀྱི་བགྲོད་བྱ་མིན་པ་རྣམ་པ་ཐམས་ཅད་པ། །གསུང་གི་རྡོ་རྗེ་སེམས་ཅན་ཐམས་ཅད་རང་སྙིང་སྐད་རྣམས་དག་གིས་ཆོས་ནི་གོ་བར་བྱེད་པའོ། །རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་མཐའ་དག་ས་ལ་གནས། །དྲི་མེད་ནོར་བུ་ལྟ་བུ་དངོས་པོ་རྣམས་ཀྱི་འཛིན་བྱེད་གང་ཡིན་དེ་ཉིད་ཡེ་ཤེས་རྡོ་རྗེའོ། །ཞེས་གསུངས་ཏེ་ཆོས་ཀྱི་དབྱིངས་ཡུལ་དང་ཡུལ་ཅན་གྱི་དབྱེ་བ་དང་བྲལ་ཡང༌། དོན་དམ་པའི་འཁོར་འདས་ཀུན་གྱི་རྣམ་པར་སྣང་བ་ནི་སྐུ་རྡོ་རྗེ་དང༌། ཆོས་དབྱིངས་དེ་ཉིད་སངས་རྒྱས་རང་སྣང་ལ་བརྗོད་བྲལ་


TNT02_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡིན་ལ་སྒྲ་སྐད་ཐམས་ཅན་པར་རྟག་ཏུ་ཤར་བ་དེའི་མཐུ་ལས། གདུལ་བྱ་གཞན་སྣང་དུ་སེམས་ཅན་ཐམས་ཅད་ཀྱི་རང་རང་གི་སྐད་དང༌། རང་རང་གི་བློ་དང་མཚམས་པར་ཆོས་ཀྱི་སྒྲ་དབྱངས་ཆེན་པོ་འབྱུང་བ་ནི་གསུང་རྡོ་རྗེ་དང༌། ཆོས་ཉིད་དེ་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་དངས་མའི་ཚུལ་གྱིས་བཞུགས་པས། ས་གཞི་མཐའ་དག་སྟེ་ཤེས་བྱ་མཐའ་དག་ལ་ཇི་ལྟ་བ་དང་ཇི་སྙེད་པའི་རྟོགས་ཚུལ་རྣམ་པ་གཉིས་རྟག་ཏུ་འབྱུང་བ་ནི་ཐུགས་རྡོ་རྗེ་དང༌། ཆོས་དབྱིངས་དེ་ཉིད་རང་བཞིན་བདེ་བ་ཆེན་པོར་གནས་པས། འཁོར་འདས་ཀྱི་དངོས་པོ་ཐམས་ཅད་དང་རྣམ་ཆ་མཚུངས་པས་ཐམས་ཅད་ཀྱི་མཚན་ཉིད་འཛིན་པར་བྱེད་པ་ཞེས་བྱ་སྟེ། མདོར་ན་རྣམ་པ་ཐམས་ཅད་པ་འཛིན་པས་ཁྱད་པར་དུ་བྱས་བའི་བདེ་བ་འགྱུར་མེད་དེ་ནི་ཡེ་ཤེས་རྡོ་རྗེའོ། །དེ་ཡང་གཞི་གདོད་མའི་གནས་ལུགས་ཆོས་ཉིད་མི་འགྱུར་བའི་ཐིག་ལེ་བཞི་ནི། རྡོ་རྗེ་བཞི་དངོས་ཡིན་ཞིང༌། ཆོས་ཉིད་རང་ངོས་ནས་དག་པ་གཉིས་ལྡན་གྱི་ཆོས་ཉིད་ལ་རྟག་ཏུ་གནས་པ་སྟེ། དེ་ཉིད་སྔར་བྱོན་པའི་སངས་རྒྱས་རྣམས་ཀྱིས་རྟག་ཏུ་ཐོབ་པ་ཞེས་བྱ་ལ། སྐྱེས་བུ་ཞིག་ད་ལྟར་གསར་དུ་སངས་རྒྱས་ཐོབ་པར་འགྱུར་ན། ཆོས་ཉིད་དེ་སྐྱེས་བུ་དེ་ལ་བལྟོས་ནས་ནི་སངས་རྒྱས་མ་ཐོབ་བར་དུ་རང་བཞིན་རྣམ་དག་ཁོ་ན་ཡིན་ལ། སངས་རྒྱས་ཐོབ་པ་ནས་བརྩམས་ཏེ་ནི་དེ་ཉིད་ལ་བལྟོས་ནས་ཀྱང༌། དག་པ་གཉིས་ལྡན་ཁོ་ནའོ། །ཆོས་ཉིད་ཀྱི་ཐིག་ལེ་བཞི་ཞེས་བྱ་བ་ཡང་མཚན་ཉིད་ཀྱི་སྒོ་ནས་ལྡོག་ཆས་ཕྱེ་བ་ཡིན་ཏེ། དེ་དག་ལ་ངོ་བོའི་སྒོ་ནས་དབྱེ་བ་ཅུང་ཟད་ཀྱང་མེད་ལ། དོན་དམ་པར་གཅིག་དང་དུ་མའི་མཐའ་ཀུན་ལས་གྲོལ་བ་ཡིན་ཀྱང༌། ཐ་སྙད་འཇོག་པའི་ཚེ་ཐིག་ལེ་བཞི་ཡང་ངོ་བོ་གཅིག་གོ་ཞེས་རྣམ་གཞག་བྱའོ། །འདི་ནི་སྐུ་བཞི་སོགས་འོག་ཏུ་འཆད་པ་རྣམས་ལ་ཡང་རིགས་འགྲེའོ། །གཉིས་པ་ནི་རྒྱུད་ལས། ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་ཆོས་ཀྱི་སྐུར་གྱུར་པ། །ཤེས་རབ་ཐབས་ཀྱི་རང་བཞིན་


TNT02_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་མུན་པ་དང་བྲལ་ཡེ་ཤེས་དང་ནི་རྣམ་ཤེས་དབྱེ་བ་ལས། །འདི་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྒྲ་བརྙན་ལྟ་བུ་སེམས་ཅན་དུ་མའི་དོན་ནི་བྱེད་པ་པོ། །སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་སླར་ཡང་འདི་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་རུ་འགྱུར། ཞེས་ཏེ། དེ་ལ་ཤེས་རབ་ནི་དངོས་པོ་མེད་པ་སྟེ་ནག་ཕྱོགས་དང༌། ཐབས་ནི་དངོས་པོའི་རང་བཞིན་གྱི་ཕྱིར་དཀར་ཕྱོགས་ཡིན་ལ། ཡེ་ཤེས་ཀྱི་སྐུ་ལ་དོན་དམཔའི་ཐིག་ལེ་དཀར་པོ་ནི་རྟག་ཏུ་ཉ་གང་གང་བར་གནས་པས། ཤེས་རབ་མ་ཡིན་ཞིང༌། དོན་དམ་པའི་རྡུལ་གྱི་ཐིག་ལེ་རྟག་ཏུ་གནམ་སྟོང་ཁོ་ན་ལ་གནས་པས། ཐབས་ཀྱང་མ་ཡིན་ནོ། །དཀར་ཕྱོགས་དང་ནག་ཕྱོགས་ཐམས་ཅད་ལ་རྟག་ཏུ་དེ་དག་ཆོས་ཉིད་ཀྱི་ཚུལ་གྱིས་ཁྱབ་པའང་ཡིན་ཏེ། དེའི་ཕྱིར་ཡོད་པ་དང་མེད་པ་དང༌། གཉིས་ཀ་དང་གཉིས་མིན་ཏེ། མཐའ་བཞི་ལས་གྲོལ་བའི་བདེ་ཆེན་རྣམ་པ་ཐམས་ཅད་པ་དེ་ནི་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་སྐུ་ཡིན་ལ་དེ་ཉིད། སྐུ་གཞན་གསུམ་ཆར་ལ་ཁྱབ་བྱེད་དུ་འཇུག་པ་པོ་ཡིན་ཞིང་བཞི་པའི་གནས་སྐབས་སྤངས་པ་ལས་མངོན་དུ་འགྱུར་བ་དང༌། རྒྱུ་མཐུན་པའི་མཚན་ཉིད་ཅན་ཏེ་རང་དོན་ཕུན་སུམ་ཚོགས་པའོ། །ཤེས་རབ་དང་ཡེ་ཤེས་དང་སེམས་ཉིད་དེ་ཡུལ་ཅན་བདེ་བ་ཆེན་པོ་དང༌། ཐབས་དང་རྣམ་ཤེས་སྙིང་རྗེ་སྟེ་ཡུལ་སྟོང་གཟུགས་གཉིས་རོ་གཅིག་ཏུ་འདྲེས་པ་ལས་ཐ་མལ་གྱྀ་གཟུང་འཛིན་ནི་ཡུལ་ཡུལ་ཅན་ཟད་ཅིང༌། དོན་དམ་པའི་ཡེ་ཤེས་དང་རྣམ་ཤེས་དེ་དག་གཟུང་འཛིན་ཐམས་ཅད་ཀྱི་མཚན་ཉིད་འཛིན་པ་ནི། མུན་པ་ཀུན་གཞི་རྣམ་ཤེས་དང་བྲལ་བའི་འབྲས་བུ་སྟེ། འདི་ནི་གཞན་དོན་བྱེད་པ་པོ་ཆོས་ཀྱི་སྐུ་ཞེས་བྱ་བ་གཉིད་འཐུག་གི་གནས་སྐབས་ཟད་པ་ལས་བྱུང་བ། རྣམ་པར་སྨིན་པའི་མཚན་ཉིད་ཅན་ནོ། །ཚུལ་ཇི་ལྟ་བུས་གཞན་དོན་ལ་འཇུག་པའི་བྱེད་པ་ནི་རབ་ཏུ་དང་བའི་གཟུགས་བརྙན་གྱི་སྐུ་དང༌། སྒྲ་དབྱངས་རྒྱ་མཚོ་སྒྲ་བརྙན་གྱི་གསུང་གིས་གདུལ་བྱ་གཞན་སྣང་དུ་སྐུ་དང་


TNT02_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་སྣང་བ་མཐའ་ཡས་པ་སྟོན་པའི་རྒྱུ་སྟེ། ཤེས་བྱ་ཐམས་ཅད་གཟིགས་པའི་མཚན་ཉིད་ཅན་འདི་ནི། རྨི་ལམ་གྱི་གནས་སྐབས་ཟད་པ་དང༌། ཁམས་སྟེང་དུ་ལོག་པའི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྐྱེས་བུ་བྱེད་པའོ། །འདིའི་དོན་འཆད་པ་ན་དྲི་མ་མེད་པའི་འོད་ལས། ལྷའི་མིག་དང་ལྷའི་རྣ་བ་ཞེས་སྨོས་པས། གཟུང་འཛིན་གཞན་ཞེས་བྱ་བ་དོན་དམ་པ་གཉིས་དབྱེར་མེད་དུ་འདྲེས་པ་དང༌། སངས་རྒྱས་རང་སྣང་ཡིན་པར་སྟོན་པའི་ཚིག་གོ །སྐུ་དེ་རྣམས་ཉིད་ཀྱི་ཤེས་རབ་གཅིག་དང་ཐབས་དུ་མ་དོན་དམ་པར་སྦྱོར་བ་སྟེ། རྒྱུད་གཅིག་ཉིད་ལས་སྤྲུལ་པ་སྣ་ཚོགས་པས་འགྲོ་བའི་དོན་སྤྱོད་པའི་རྒྱུ་དམིགས་པ་མེད་པའི་སྙིང་རྗེ་རྣམ་པ་ཐམས་ཅད་པར་འཆར་བའི་ཡེ་ཤེས་དེ་ནི། སད་པའི་གནས་སྐབས་སྤངས་པའི་འབྲས་བུ་སྤྲུལ་པའི་སྐུ་སྟེ་དྲི་མ་དང་བྲལ་བ་ཡིན་ལ། དེའི་ལས་ནི་གཞན་སྣང་དུ་སྤྲུལ་པ་སྣ་ཚོགས་པས་འགྲོ་བའི་དོན་སྤྱོད་པ་ཉིད་དོ། །འདིར་ཤེས་རབ་མ་ཡིན་ཐབས་ཀྱང་མིན་ཞེས་པ་དང༌། ཤེས་རབ་ཐབས་ཀྱི་རང་བཞིན་ཞེས་སོགས་ཀྱིས་དོན་རྒྱས་པར་འཆད་པ་ནི། དབང་མདོར་བསྟན་གྱི་གཞུང་འདི་ཉིད་ལས། རྟེན་དང་བརྟེན་པ་ལེགས་རྫོགས་པ། །ཞེས་པ་ལ་སོགས་པས། སྐུ་དང་ཡེ་ཤེས་ཟུང་འཇུག་དང༌། སྟོང་པ་ལས་བྱུང་གཟུགས་བརྙན་སོགས་ཀྱིས་བདེ་སྟོང་ཟུང་འཇུག་དང༌། རྒྱུ་ནི་འབྲས་བུས་རྒྱས་བཏབ་སོགས་ཀྱིས་རྒྱུ་འབྲས་ཟུང་འཇུག་དང༌། སྟོང་ཉིད་གཟུགས་བརྙན་འཛིན་པ་སོགས་སྟོང་ཉིད་སྙིང་རྗེར་ཟུང་འཇུག་དང༌། མྱ་ངན་འདས་པ་བྲལ་བ་ཞེས་སོགས་དང༌། གཟུགས་ནི་སྲིད་པར་མི་འོང་སོགས་ཀྱིས་འཁོར་འདས་ཟུང་འཇུག་དང༌། དངོས་མེད་ལས་བྱུང་སོགས་དངོས་མེད་ཟུང་འཇུག་དང༌། གཟུགས་དང་གཟུགས་མིན་ཞེས་སོགས་སྟོང་པ་དང་གཟུགས་ཟུང་འཇུག་དང༌། སྐྱེ་བ་མེད་ཅིང་སོགས་ཀྱི་ཡུལ་ཡུལ་ཅན་ཟུང་འཇུག་དང༌། ཤེས་རབ་མ་ཡིན་ཐབས་ཀྱང་མིན། །ཞེས་སོགས་དང༌། ཕན་ཚུན་འཁྱུད་པ། ཞེས་སོགས་སྔ་ཕྱི་


TNT02_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོས་ཐབས་ཤེས་ཟུང་འཇུག་སྟེ། དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་དང༌། ཡང་དག་པར་སྦྱོར་བའི་ཡེ་ཤེས་དང༌། རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་རྣམས་ཟུང་འཇུག་གི་མཚན་གྱི་རྣམ་གྲངས་ཡིན་ནོ། །དེ་ལྟར་ན་རྡོ་རྗེ་བཞི་དང་སྐུ་བཞི་ངོ་བོ་གཅིག་ཏུ་འདུས་པ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྐུ་དང༌། མི་འགྱུར་བའི་བདེ་བ་ཐུགས་ཟུང་འཇུག་གི་མཚན་ཉིད་ཅན་ཏེ། དེ་ལ་ཟུང་འཇུག་གི་དོན་གཉིས་མེད་རོ་མཉམ་ལ་འཇོག་ཅིང༌། དེ་ལས་གཞན་གང་ཡང་རུང་བའི་ཆོས་གཉིས་དབྱེར་མེད་ངོ་བོ་གཅིག་ཏུ་མ་གྱུར་ན། དུས་སྤེལ་མའམ་དུས་གཅིག་ཏུ་ཚོགས་པ་ཙམ་ནི་ཟུང་འབྲེལ་གྱི་དོན་ཡིན་གྱི་ཟུང་འཇུག་མ་ཡིན་ནོ། །ཡང་ཆོས་གང་དེ་དངོས་སུ་ན་ཟུང་འབྲེལ་ཡིན་ཀྱང༌། ཟུང་འཇུག་རྟོགས་པའི་ཐབས་སུ་འགྱུར་ན་འབྲེལ་བའི་སྒོ་ནས་དེའི་ཐ་སྙད་འདོགས་པའང་རུང་མོད་ཀྱི། ཏིང་ངེ་འཛིན་གྱི་ས་བཅུ་གཉིས་རྫོགས་པ་ཡན་ཆད་ཀྱི་ལམ་དང་འབྲས་བུའི་ཟུང་འཇུག་ནི། རྗེས་མཐུན་པ་ཟུང་འབྲེལ་ཙམ་མ་ཡིན་གྱི་དབྱེར་མེད་ཀྱི་ཟུང་འཇུག་ཡིན་ལ། ཏིང་ངེ་འཛིན་ཐོབ་ནས་མ་རྫོགས་བར་དུ། མི་འགྱུར་བའི་ཐིག་ལེར་སོང་བ་རྣམས་ནི་ཟུང་འཇུག་ཡིན་ལ། སླད་ཀྱིས་འགྲོ་རྒྱུའི་རྣམས་ནི་ཟུང་འབྲེལ་གྱི་མཚན་ཉིད་ཅན་ནོ་ཞེས་རྣམ་གཞག་བྱ་མོད་ཀྱི། རྣམ་པར་དཔྱད་ན་ནི་དེ་འདྲ་དེ་གནས་ཚུལ་ལ་ཐམས་ཅད་ཟུང་འཇུག་ཡིན་ཀྱང༌། རྣལ་འབྱོར་པའི་བློ་ངོ་ལ་ཟུང་འཇུག་དང་ཟུང་འབྲེལ་འདྲེས་མར་སྣང་བ་ཡིན་ནོ། །དེ་ལ་གཉིས་ཆོས་སྤངས་ཚུལ་ཡང༌། དེ་ལྟ་བུ་ལ་ངོ་བོའི་སྒོ་ནས་རྒྱུ་འབྲས་ཀྱི་དབྱེ་བ་མེད་དེ། རྟག་ཏུ་ངོ་བོ་གཅིག་པར་གནས་པའི་ཕྱིར་དང༌། རྒྱུ་འབྲས་དངོས་ཡིན་ན་འདུས་བྱས་ཡིན་པས་ཁྱབ་པ་ལས། གཉིས་མེད་འདི་ནི་འདུས་མ་བྱས་ཡིན་པའི་ཕྱིར་རོ། །འདིར་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང༌། རྣམ་པ་ཐམས་ཅད་པའི་ལྡོག་པ་ནས་རྒྱུ་རྣམས་ཀྱི་དང༌། བདེ་བའི་ལྡོག་པ་ནས་འབྲས་བུ་རྣམས་ཀྱི་ཆོས་ཉིད་དུ་གནས་པས་སྟོང་ཉིད་རྒྱུ་དང་བདེ་བ་འབྲས་བུར་བཞག་ལ། དོན་དུ་ཡོད་པ་དང་བདེ་བ་གཉིས་ཆར་རྒྱུ་འབྲས་གཉིས་ཀྱི་ཆོས་ཉིད་དོ། །ཡང་རྟོགས་བྱེད་ལམ་རྒྱུ་འབྲས་ཡིན་པའི་སྒོ་ནས་ཀྱང་


TNT02_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་དང་བདེ་བ་རྒྱུ་འབྲས་སུ་འཇོག་པས་རྒྱུ་འབྲས་ཀྱི་རྒྱས་བཏབ་ཅན་དང་རྒྱས་བཏབ་མེད་པའི་ཚུལ་གཉིས་འགལ་མེད་དུ་གྲུབ་པ་ཡིན་ནོ། །དེ་བཞིན་དུ་རང་བཞིན་གཉིས་སུ་མེད་ཅིང་ཐམས་ཅད་རོ་མཉམ་པའི་ཕྱིར། དུ་མ་དང་བྲལ་བས་གནས་སྐབས་སུ་ཟུང་འཇུག་དེ་ལ་གཅིག་པུ་ཡིན་པའི་ཐ་སྙད་སྦྱར་གྱི། ངེས་པར་ན་གཅིག་དང་དུ་མ་དང༌། ཡུལ་ཡུལ་ཅན་དང༌། ཡོན་མེད་ཡིན་མིན་ཐམས་ཅད་ལས་འདས་པའོ། །དེ་བཞིན་དུ་ཟུང་འཇུག་རང་གི་ངོ་བོ་འཁོར་འདས་ལས་འདས་པ་ཡེ་གདོད་མ་ནས་གྲུབ་ཚུལ་དང༌། ལམ་ཟུང་འཇུག་གིས་འཁོར་འདས་ཀྱི་མཐའ་སྤོང་ཚུལ་རྣམས་ཀྱང་ཤེས་དགོས་ཏེ་འོག་ཏུ་འཆད་དོ། །དེ་ལྟ་བུའི་ཟུང་འཇུག་གི་རང་བཞིན་ལ་ལྡོག་ཆ་སོ་སོའི་དབང་དུ་བྱས་ནས་ཐུགས་བདེ་སྟོང་གི་ཡེ་ཤེས་ཡིན་པའི་ཆ་རྒྱས་པར་འཆད་པ་ནི། མཆོད་ཆེན་དྲུག་པོ་རྣམས་ཏེ། དེ་ལ་ཡང་རྣམ་ཀུན་མཆོག་ལྡན་ཚང་བར་བསྟན་ལ། སྐུ་རྣམ་པ་ཐམས་ཅད་པའི་ལྡོག་ཆས་རྒྱས་པར་འཆད་པ་ནི། དོན་དམ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྒྱས་པར་བཤད་པའི་སྐབས་རྣམས་ཏེ། རྣམ་པ་ཐམས་ཅད་པ་ཉིད་ཀྱི་ཕྱིར། བསམ་གྱིས་མི་ཁྱབ་པའི་དཀྱིལ་འཁོར་དུ་གནས་པ་ཡིན་ནོ། །རྣམ་པ་ཐམས་ཅད་པ་དེ་ཡང་བདེ་བའི་རྒྱས་བཏབ་ཅན་གྱི་ཕྱིར། མི་འགྱུར་བའི་རང་བཞིན་དུ་བསྟན་ཞིང༌། མི་འགྱུར་བ་དེ་ཉིད་ཉོན་མོངས་རྒྱ་མཚོའི་ཆོས་ཉིད་དུ་གནས་ཞིང་ཉོན་མོངས་ཟད་པར་བྱེད་པ་ཡང༌། མཆོད་ཆེན་དྲུག་གི་དོན་ཡིན་ནོ། །དབྱིངས་དེས་ཉོན་མོངས་ཟད་པར་བྱེད་ན་ཐམས་ཅད་འབད་མེད་དུ་གྲོལ་བར་ཐལ་སྙམ་ན། གཉེན་པོ་དངོས་རྣམས་ཀུན་རྫོབ་པ་ཡིན་ཞིང་དབྱིངས་དེས་ཀུན་རྫོབ་ཀྱི་བྱ་བ་མི་བྱེད་ཀྱང་ཉོན་མོངས་ཟད་མཐའ་ཡིན་པ་དང༌། གཉེན་པོ་ཡང་དབྱིངས་ཀྱི་ནུས་པ་ལས་བྱུང་བས་དེར་གཞག་པའོ། །དེ་ལ་ལྷན་ཅིག་སྐྱེས་དང་སྐུ་གཉིས་སྡོམ་པ་ནི་ཐུགས་བདེ་ཆེན་དང༌། ལོངས་སྤྲུལ་གཉིས་སྡོམ་པ་ནི་སྐུ་རྣམ་པ་ཐམས་ཅད་པ་སྟེ། དོན་དུ་སྐུ་བཞི་དབྱེར་མེད་ནི་དེ་ལྟ་བུའི་ཚུལ་གྱི་ཟུང་འཇུག་ཡིན་ལ། ཐབས་ཤེས་རྒྱས་བཏབ་ཀྱི་སྒོ་ནས་སྐུ་རེ་རེ་ལ་ཡང་ཟུང་འཇུག་གི་ལྡོག་ཆ་ཚང་བའི་རྣམ་གཞག་ཤེས་དགོས་སོ། །གསུམ་པ་


TNT02_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། གང་དུ་ངེས་པར་རིགས་ཀྱི་གཟུགས་ནི་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཆེན་པོའི་གཟུགས་སུ་གསུངས། །གང་དུ་འཁོར་བའི་སྡུག་བསྔལ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཚོར་བ་ཆེན་པོར་གསུངས་པ་སྟེ། །གང་དུ་འཁོར་བའི་འདུ་ཤེས་ཉམས་པ་ཉིད་དུ་གྱུར་པ་དེ་ནི་རྡོ་རྗེ་འདུ་ཤེས་ཆེན་པོའོ། །གང་དུ་འཁོར་བའི་འཕེལ་པ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་རྡོ་རྗེ་འདུ་བྱེད་ཁོ་ནའོ། །གང་དུ་གཉིད་ལ་སོགས་པའི་གནས་སྐབས་ཉམས་པ་ཉིད་དུ་གྱུར་པ་དེ་ཡང་རྣམ་པར་ཤེས་པར་གསུངས། །གང་དུ་ཤེས་པ་མིན་པའི་དངོས་པོ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཐུབ་པའི་ཡེ་ཤེས་ཉིད། །ཅེས་པ་ལ་སོགས་པ་ཕུང་པོ་དྲུག་དང༌། འབྱུང་བ་དྲུག་གི་བདག་ཉིད་ཉོན་མོངས་རྣམས་དང༌། དབང་པོ་དྲུག་ལ་སོགས་པའི་ཆོས་ཉིད་གདོད་མའི་ཡེ་ཤེས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་དྲུག་གམ་ལྔ་སྟེ། དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ། སྟོང་པའི་ཕྱོགས་མཁའ་ཁམས་དང༌། བདེ་བའི་ཕྱོགས་ཡེ་ཤེས་ཀྱི་ཁམས་སུ་བཞག་པ་གཉིས་སོ་སོར་དབྱེ་བས་དྲུག་དང༌། དེ་གཉིས་གཅིག་ཏུ་བསྡོམས་པས་ལྔ་ཡིན་ལ། དེ་རྣམས་ཐམས་ཅད་ཀྱང་རྣམ་པར་ཤེས་པའི་ཡུལ་ལས་འདས་ཤིང་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་ལོ། །གཞན་ཡང་རྒྱུད་ལས། གཙོ་བོའི་སྐུ་ཡི་མཐུ་ལས་རྣལ་འབྱོར་པ་རྣམ་དག་གི་མཆོག་གི་ལུས་ལ་ལྷའི་སྤྱན་དུ་འགྱུར་ཞེས་པ་ལ་སེམས་པ་རྩ་དྲུག་དག་པས། མངོན་པར་ཤེས་པ་དྲུག་ཏུ་འགྱུར་བ་ལ་སོགས་པ། རྒྱ་ཆེར་གསུངས་ཏེ་བསྡུས་པའི་རྒྱུད་ཆེན་པོ་ཉིད་དུ་རྟོགས་པར་བྱའོ། །བཞི་པ་ནི་རྒྱུད་ལས། ཕུང་པོ་ལྔའི་རང་བཞིན་རྣམས་ཀྱི་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་པ་བརྩེ་བ་ཡིས། །ངེས་པ་རྣམ་པར་མ་སྒྲུབ་བསོད་ནམས་བསགས་པ་མིན་པའི་སེམས་ཅན་རྣམས་ནི་སྨིན་པའི་དོན་དུ་སྟེ། །གཙང་མའི་གནས་ལ་སོགས་པར་བཅོམ་ལྡན་གང་ཞིག་རྣམ་པར་བཞུགས་པ་ཉན་ཐོས་རྣམས་ཀྱི་སླད་དུའོ། །གང་ཞིག་ཨེ་བཾ་ཡི་གེ་ལ་གནས་མཆོག་གི་ངེས་པ་ཅན་རྣམས་མཆོག་ལ་འགོད་པའི་དོན་དུའོ། །ཞེས་དང༌། དོན་གཅིག་དུ་མའི་ཀྱང་ནི་རང་རང་དངོས་པོ་རྣམས་ཀྱིས་སྲོག་ཆགས་རྣམས་ཀྱི་སྙིང་ལ་རབ་ཏུ་འཇུག །གནས་ཅན་རྣམས་ཀྱིས་བསོད་ནམས་སླད་དུ་འཁོར་ལོར་གནས་ལ་བསོད་སྙོམས་ལ་ནི་རྣམ་པར་རྒྱུ་རུ་གཤེགས། །ཞེས་དང༌། སངས་རྒྱས་རྣམས་ཀྱིའང་རྟོགས་བྱ་མིན་པ་དཔག་མེད་ཡོན་ཏན་དང་ལྡན་སངས་


TNT02_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སྤྲུལ་པ་རྒྱུ་མ་ནི། །སྲིད་པ་གསུམ་གྱི་གནས་སུ་བདག་ཉིད་སྟོན་པར་བྱེད་དེ་བརྒྱ་བྱིན་དྲ་བ་ཇི་བཞིན་ཉིད་དུའོ། །ཞེས་གསུངས་ཏེ། སོ་སྐྱེ་ཕལ་པ་རྣམས་དང༌། ཉན་རང་ཐེག་ཆེན་ལ་ཉུགས་པ་རྣམས་དང༌། ཡང་དག་པར་སྦྱངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ། ཛམྦུའི་གླིང་དང༌། གནས་གཙང་མ་ཆེན་པོ་དང༌། འོག་མིན་སྟུག་པོ་བཀོད་པ་ལ་སོགས་པ་དག་པའི་ཞིང་རྣམས་སུ། སངས་རྒྱས་འབྱུང་བ་དང༌། གསུང་དང་སྐུ་རྣམ་པ་ཐམས་ཅད་པ་དང༌། བརྟན་གཡོ་ཐམས་ཅད་ཀྱི་རྣམ་པས་སེམས་ཅན་ཀྱི་དོན་སྤྱོད་པའི་འཕྲིན་ལས་རྒྱ་ཆེར་འབྱུང་བ་ཡིན་ནོ། །ལྔ་པ་ནི། །ལམ་ཡན་ལག་དྲུག་རེ་རེ་ནས་མཚན་ཉིད་ཚང་བ་དྲུག་པོ་ཆ་ཚང་བ་མ་ཐོབ་ཀྱི་བར་དུ། འབྲས་བུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུའམ། ཟུང་འཇུག་མ་ཐོབ་པ་ཞེས་བྱ་ལ། དེ་ཐོབ་ནས་དེ་ཡང་ཐོབ་པ་དང་གྲུབ་པ་ཞེས་བྱ་ཞིང༌། དེ་ཉིད་ཟུང་འཇུག་ཆུང་ངུ་དང་ཙམ་པོ་ཡིན་ཏེ། ཏིང་ངེ་འཛིན་གྱི་ས་བཅུ་གཉིས་མ་རྫོགས་བར་གྱི་ལམ་རྣམས་དེ་ཐོབ་པའི་ཕྱིར་དུ་སྒོམ་པ་ཙམ་ཡིན་པས། ལམ་དེ་རྣམས་ལམ་འབྲས་གཉིས་ཀྱིས་ཟླས་ཕྱེ་བའི་འབྲས་བུའི་གནས་སྐབས་སུ་ནམ་ཡང་མི་འཇོག་པར། ལམ་དུས་ཁོ་ནའི་ཐ་སྙད་བྱེད་ལ། ཟུང་འཇུག་ཆུང་ངུ་དེ་ལ་ནི་འབྲས་བུའི་གནས་སྐབས་དང༌། ལམ་གྱི་གནས་སྐབས་ཀྱི་ལྡོག་པ་གཉིས་ཀ་ཡོད་པས་རེས་འགའ་འབྲས་བུ་དང་ཕལ་ཆེར་ལམ་དུ་བཤད་ཅིང༌། གཉིས་སུ་མེད་པའི་སྐུའི་ཟུང་འཇུག་ཆེན་པོ་མི་སློབ་པའི་གནས་སྐབས་ནི། འབྲས་དུས་ཁོ་ན་ཡིན་གྱི། ལམ་གྱི་གནས་སྐབས་སུ་ནམ་ཡང་མི་འཇོག་གོ །ཟུང་འཇུག་ཆུང་ངུ་དེ་ཐོབ་ནས་དེ་ཕྱིན་ཆད། ཆེན་པོ་ཁོ་ན་ཐུན་མོང་མ་ཡིན་པའི་ཐོབ་བྱར་བྱེད་དགོས་པའི་ཕྱིར། ཟུང་འཇུག་ཆེན་པོ་ཐོབ་བྱེད་ཀྱི་ལམ་ནི་ཆུང་ངུ་དེ་ཡིན་ནོ། །དེ་ཡང་མ་བརྟགས་མ་དཔྱད་པའི་རྣམ་གཞག་ཙམ་ཡིན་གྱི། ཤིན་ཏུ་དཔྱད་ན་གནས་ལུགས་དོན་དམ་པའི་ཟུང་འཇུག་ནི། ཆེན་པོ་ཁོ་ནར་ངེས་པའི་ཕྱིར་དང༌། ཆུང་ངུ་ནི་ལམ་གྱི་རྟོགས་པས་རབ་ཏུ་བྱེ་བའི་ཕྱིར་ནི། རྟོགས་བྱ་ནི་ཟུང་འཇུག་ཆེན་


TNT02_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་ཁོ་ན་ཡིན་ཡང༌། རྣལ་འབྱོར་པས་ནི། དེ་ཡི་ཁྱད་པར་ཅུང་ཟད་ཙམ་རྟོགས་ལ། ཅི་རིགས་པར་ནི་མ་རྟོགས་པའི་ལམ་གྱི་ཤེས་པ་དེ་ཉིད་ཟུང་འཇུག་ཆུང་ངུ་བཞག་པ་ཡིན་ཞིང༌། དེ་ལ་དབྱེ་ན་འཕགས་པའི་ས་བཅུ་གཅིག་གམ་བཅུ་གཉིས་སོ། །དེ་ཡང་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་ཉེ་རྒྱུའི་མངོན་བྱང་དང་བཅས་པ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། སྲོག་དང་ཐུར་སེལ་འགགས་པར་གྱུར་ན་རི་བོང་འཛིན་པའི་བསྐྱོད་པ་ཉི་མའི་གཟུགས་སུ་རབ་ཏུ་འགྱུར། །རྡོ་རྗེ་པདྨས་རབ་ཏུ་སད་ན་སླར་ཡང་འདི་ནི་ཉི་མའི་གཟུགས་ཀྱི་མེ་ལྕེས་ཞུ་བར་བྱེད། །རླུང་དང་ཟླ་བ་ཉི་མ་འགགས་པར་གྱུར་ན་རྣམ་པར་ཤེས་པ་དང་ནི་ཡེ་ཤེས་གཅིག་ཏུ་འགྱུར། །དེ་ལྟར་དེ་ལྟར་དང་ནི་དེ་བཞིན་དེ་ལྟར་རྣམ་གསུམ་དུ་འགྱུར་གཞན་ནི་ཅུང་ཟད་ཡོད་མ་ཡིན། །ཞེས་སྲོག་ཐུར་འགགས་པས་ཐིག་ལེ་ཞུ་བ་སྟོང་གཟུགས་སུ་འགྱུར་བ་དང༌། ཡང་རྗེས་སུ་ཆགས་པའི་རྐྱེན་གྱིས་སྟོང་གཟུགས་ཐིག་ལེའི་གཏུམ་མོ་དེ་འབར་བས་ཞུ་བདེ་འདྲེན་པ་དང༌། མཐར་དཀར་དམར་རླུང་གསུམ་གྱི་བགྲོད་པ་རེ་འགགས་པས། དེ་ལ་བལྟོས་པའི་གཟུང་འཛིན་དང་རྟེན་དང་བརྟེན་པའི་དབྱེ་བ་ཟད་པར་འགྱུར་ཏེ། ཚུལ་དེ་རྫོགས་པ་ན་རང་རྒྱུད་ཀྱིས་བསྡུས་པ་ལ། ཡེ་ཤེས་ཀྱི་སྐུ་ཁོ་ན་ལས་གཞན་གཟུང་འཛིན་དངོས་པོ་རགས་པ་ཅུང་ཟད་ཀྱང་མེད་པའོ། །ཡང་རྒྱུད་ལས། ཟླ་བ་ཉི་མའི་གཟུགས་ནི་ཟོས་ན་མཁའ་ལ་ཉིན་མོ་དང་ནི་མཚན་མོ་ནམ་ཡང་མིན་པ་ཉིད། ཐུན་མཚམས་དེ་ནི་རྣལ་འབྱོར་རྣམས་ཀྱི་ལས་ཀྱི་དབུས་སུ་དུས་ཀུན་བདུད་རྩིའི་གོ་འཕང་ལ་གནས་པའོ། །ཞེས་པས་ཟུང་འཇུག་ཆུང་ངུའི་ཉེ་རྒྱུ་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པར། འབྱུང་རྒྱུའི་མངོན་བྱང་འོག་མ་བསྟན་ཏོ། །བདུད་རྩིའི་གོ་འཕང་ཞེས་པ་ནི། འཆི་བ་མེད་པའི་གོ་འཕང་སྟེ། དེ་ལྟར་མ་དག་པའི་ལུས་གནས་གྱུར་ཏེ། ཡེ་ཤེས་ཀྱི་སྐུར་གྱུར་པ་ལ་འཆི་སྲིད་མི་འབྱུང་བའི་དོན་ནོ། །ཡང་འདི་ལྟར། ཟླ་བ་ཉི་མའི་རྒྱུ་བ་ཉམས་ཤིང་ལམ་ནི་གཉིས་ཀ་ཡི་ཡང་སྲོག་གི་རླུང་ནི་ཆེན་པོ་འགགས། །ཆུ་སྐྱེས་རྡོ་རྗེ་རབ་ཏུ་སད་ཅིང་རི་བོང་


TNT02_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཞུ་ཉི་མའི་གཟུགས་ཅན་ལ་ནི་རབ་ཏུ་ཞུ། །དངོས་དང་དངོས་མེད་གཅིག་གྱུར་རྣམ་གསུམ་སྲིད་པར་གནས་པའི་གཞོམ་མེད་ལེགས་པར་རབ་ཏུ་རྟོགས་གྱུར་པ། །དེ་ཡི་དུས་སུ་རྣལ་འབྱོར་པ་སྟེ་གང་ལ་གཉིས་ནི་ཅུང་ཟད་མེད་པ་མཆོག་གི་གོ་འཕང་འགྲོ། །ཞེས་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་དང་མཚན་ཉིད་འདྲ་རུང་དུ་འཕགས་པའི་ས་བཅུ་གཉིས་ཀྱང་བསྟན་པ་ཡིན་ཞིང༌། ཡང་འདི་ལྟར་ཕྱོགས་ཟད་ཟླ་བ་མཁའ་ལ་གནས་པ་ཉི་མའི་གཟུགས་ལ་རོ་ནི་མཉམ་པར་གྱུར་པ་ཇི་ལྟ་བར། །སྲོག་དང་ཐུལ་སེལ་ཟད་པར་གྱུར་ན་བསལ་བར་ཡང་ནི་ལུས་ལ་དངོས་གྲུབ་དུས་སུ་དེ་འགག་གོ། ཞེས་པས་མངོན་པར་བྱང་ཆུབ་པ་གོང་མར་གྲགས་པ་མཐར་ཐུག་གི་འབྲས་བུ་ལ་ཉེ་བར་སྦྱོར་བྱེད་དེ་བསྟན་ཏོ། །ཏིང་ངེ་འཛིན་དང་འཕགས་པའི་སའི་དབྱེ་བ་དང༌། མངོན་བྱང་གོང་འོག་གཉིས་ཀྱི་དབྱེ་བ་མ་ཤེས་ན། གཞུང་ཚིག་འདི་དག་དོན་ཟློས་པ་ཅན་དུ་འཆད་དགོས་པའི་སྐྱོན་དུ་འགྱུར་བས། འདི་འདྲའི་རིགས་ཅན་སྔ་ཕྱིར་མང་པོ་ཡོད་པ་རྣམས་དབྱེ་བ་ཕྱེད་པ་གལ་ཆེའོ། །མངོན་བྱང་དེ་གཉིས་ཀྱི་སྐབས་སུ་དབང་བསྐུར་བ་དང་མཆོད་པའི་བཀོད་པ་རྒྱ་ཆེན་པོ་འབྱུང་བ་ནི། ཡང་འདི་སྐད་ཅེས། ཁྲོ་བོ་སངས་རྒྱས་ལྷ་མོ་དང་བཅས་ངེས་པར་རོ་ཡི་རྡོ་རྗེ་རྣམས་དང་ས་ཡི་སྙིང་པོ་སོགས། །རབ་ཏུ་དགའ་བའི་ཐུགས་རྣམས་རྣལ་འབྱོར་པ་ལ་གྲུབ་པའི་དུས་སུ་ནམ་མཁའ་ལ་ནི་མངོན་སུམ་འགྱུར། །དེ་ཡི་འདོད་པའི་དངོས་གྲུབ་རི་བོང་ཅན་གྱི་ཞག་གི་ཐོ་རངས་དང་ནི་མཚན་མོ་ཕྱེད་ལ་འགྱུར། །རིན་པོ་ཆེའམ་མེ་ཏོག་ཆར་ནི་མཆོག་གྱུར་དུས་ཀྱི་སྦྱོར་བས་ས་ཡི་སྟེང་དུ་འབབ་པར་འགྱུར། །ཞེས་ཏེ། གཙོ་བོར་ནི་མངོན་བྱང་ཆུང་ངུའི་དབང་དུ་བྱས་ནས་གསུངས་མོད་ཀྱི། ཆེན་པོའི་སྐབས་ཀྱི་དེ་ཡང་མཚན་ཉིད་འདྲ་བའི་སྒོ་ནས་ཞོར་ལ་འཕངས་སོ། །དེ་ལྟ་བུའི་སྐབས་སུ་དཀར་དམར་རླུང་གསུམ་དང༌། ཕུང་ཁམས་ཀྱི་ཚོགས་པ་གནས་འགྱུར་ཚུལ་ནི། འོག་ཏུ་གཞུང་དོན་གྱི་སྐབས། དཔེ་དུ་མས་སྟོན་པར་འགྱུར་ཏེ། སྙིང་པོར་དྲིལ་ན། དོན་དམ་པའི་ཡེ་ཤེས་ཆེན་པོ་ལ་རྣལ་འབྱོར་པའི་བློ་ངོས་ནས། སྔར་སྒྲིབ་པའི་རྟེན་བྱེད་པ་དེ་སླར་ནས་ཕྱིན་ཆད་སྒྲིབ་


TNT02_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བརྟེན་མི་བྱེད་ན། གནས་གྱུར་ཞེས་མིང་འདོགས་ཏེ། གནས་པོ་གཞན་དུ་གྱུར་པ་བཞིན་ནོ། །རྣམ་ཤེས་འཁོར་བཅས་ཀྱི་རིགས་རྒྱུན་རྣམས་ནི། གཞན་སྣང་དུ་འགྲོ་བའི་དོན་སྦྱོར་བ་ཡེ་ཤེས་ཀྱི་མིང་ཅན་ཀུན་རྫོབ་ཤེས་པར་གྱུར་པ་ནི་དེའི་གནས་གྱུར་ཏོ། །ཤིན་ཏུ་སྤྲོས་པས་ཆོག་གོ །གཉིས་པ་གཞུང་གི་དོན་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། རྣམ་པ་བཅུ་གཉིས་ས་རྣམས་ཀྱིས། །རྫོགས་པ་གཉིས་སུ་མེད་པ་མཆོག །ཆ་ཤས་རྣམས་ཀྱིས་རྫོགས་པའི་སེམས། །རྣམ་པ་བཅུ་དྲུག་མི་འགྱུར་བ། །དོན་གཅིག་གཉིས་སུ་མེད་པའི་ཆོས། །དམ་པའི་དོན་ཏེ་འཇིག་པ་མེད། །རྫོགས་པའི་གནས་སྐབས་སོན་པའི་སེམས། །ཀུན་ནས་རབ་ཏུ་རྫོགས་པའོ། །ཆགས་བྲལ་དང་པོ་ཆགས་པ་ཆེ། །རྡོ་རྗེ་ལུས་མེད་མི་འགྱུར་ཆེ། །ཡོངས་སུ་རྫོགས་པའི་ཕྱོགས་གཉིས་ཀྱི། །བག་ཆགས་རྣམས་ཀྱིས་མ་འཁྱུད་པའོ། །དེ་ཡང་གནས་སྐབས་ཀྱི་འབྲས་བུའི་དབང་དུ་བྱས་ནས་ཚིགས་བཅད་གཅིག་སྟེ། རྣམ་པ་བཅུ་གཉིས་ཀྱི་ས་ནི་ཀུན་ཏུ་འོད་དང༌། བདུད་རྩིའི་འོད་དང༌། ནམ་མཁའི་འོད་དང༌། རྡོ་རྗེའི་འོད་དང༌། རིན་ཆེན་འོད་དང༌། པདྨའི་འོད་དང༌། སངས་རྒྱས་ཀྱི་འཕྲིན་ལས་བྱེད་པ་དང༌། དཔེ་མེད་པ་དང༌། དཔེ་དང་ལྡན་པ་དང༌། ཤེས་རབ་འོད་དང༌། ཐམས་ཅད་མཁྱེན་པ་ཉིད་དང༌། སོ་སོར་བདག་ཉིད་རིག་པའི་ས་རྣམས་ཏེ། རྡོ་རྗེ་སྙིང་པོ་རྒྱན་རྩ་བའི་རྒྱུད་ལས། ཀུན་ཏུ་འོད་ཀྱི་ས་ཆེན་པོ། །དེ་ཉིད་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩིའི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའ་ཇི་བཞིན་རབ་ཏུ་གནས། །རྡོ་རྗེའི་འོད་ནི་བཞི་པ་སྟེ། །ས་དེའི་འོད་ནི་ཡིད་དགའ་བའོ། །ལྷག་པའི་བསམ་པ་བརྟན་སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བཏགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ནི་དྲུག་པ་སྟེ། །པདྨ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་སེམས་ཉིད་ཀྱིས། །དྲི་མ་མེད་པ་ཡོངས་སུ་


TNT02_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །བདུན་པ་ལས་ཀྱི་འོད་ཅེས་པ། །སངས་རྒྱས་འཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་ཅེས་པ་སྟེ། །དེ་ལ་དཔེ་ནི་ཡོད་མ་ཡིན། །དཔེ་ལྡན་ཞེས་བྱ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་རྟོགས། །བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །རབ་ཏུ་འོད་གསལ་ས་ཆེན་པོའོ། །བཅུ་གཉིས་སོ་སོའི་བདག་ཉིད་རིག །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །ཞེས་གསུངས་སོ། །འདི་ལ་འཆད་ཚུལ་མི་གཅིག་པ་མང་པོ་ཡོད་ཀྱང༌། དཔའ་བོ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བདེ་བ་ཆེན་པོའི་རྡོ་རྗེ་ལམ་ལྔ་བསྟན་པ་ཞེས་བྱ་བའི་གཞུང་དུ་གསལ་བར་མཛད་པ་ནི། མ་རིག་པའི་རྣམ་རྟོག་ཉོན་མོངས་པའི་མུན་ནག་སྤོང་བར་བྱེད་པའི་ཡེ་ཤེས་ནི། ཉི་མ་དང་འདྲ་བས་ཀུན་ཏུ་འོད་དང༌། མི་འགྱུར་བདེ་བའི་ཡེ་ཤེས་ཟླ་བ་གང་བ་དང་འདྲ་བས་བདུད་རྩིའི་འོད་དང༌། དབྱིངས་སྤྲོས་བྲལ་ནམ་མཁའ་ལྟ་བུར་མཐོང་བའི་ཡེ་ཤེས་ནི། ནམ་མཁའི་འོད་དང་ལྷག་པའི་བསམ་པ་དམིགས་པ་མེད་པའི་སྙིང་རྗེ་ཤིན་ཏུ་བསྟན་པ། ཉེས་པས་ཚུར་མི་འཇོམས་ཤིང༌། རང་གཞན་གྱི་ཉེས་པ་ཐམས་ཅད་སྤོང་བ་ལས། སྙིང་རྗེ་དེ་ཡང་བདེ་བ་ཆེན་པོར་གྱུར་པས་ཡིད་དགའ་ཞིང་ཚིམ་པ་ནི་རྡོ་རྗེ་འོད་དང༌། དེ་བཞིན་གཤེགས་པ་རྣམས་ཀྱིས་གསར་དུ་དབང་བསྐུར་བས་ཐོབ་པའི་ཡེ་ཤེས་ནི། གཞན་གྱི་དོན་ལ་སྟོབས་ཆེན་པོའི་ནུས་མཐུ་དང་ལྡན་པའི་ཕྱིར་རིན་ཆེན་འོད་དང༌། འགྲོ་བ་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་གདོད་ནས་དག་པར་གཟིགས་པ་ནི། འཁོར་བར་གནས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པར་བྱེད་པ་སྟེ་པདྨའི་འོད་དང༌། སྤྲུལ་པ་སྣ་ཚོགས་པས་འགྲོ་བའི་དོན་སྦྱོར་ཞིང༌། སངས་རྒྱས་སུ་སྟོན་པ་སོགས་དེ་བཞིན་གཤེགས་པ་རྣམས་ཀྱི་འཕྲིན་ལས་དང་ལྷན་ཅིག་འཇུག་པ་ནི། ལས་ཀྱི་འོད་དང༌། ལྷན་ཅིག་སྐྱེས་པ་ཟུང་དུ་འཇུག་པའི་ཡེ་ཤེས་ནི། ཐབས་གཞན་གྱིས་མཚོན་དུ་མེད་པའི་ཕྱིར། དཔེ་མེད་པའི་ས་དང༌། དེ་ཉིད་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་རྗེས་སུ་ཞུགས་ཤིང༌། ཆོས་ཐམས་ཅད་ཀྱང་དེ་རྟོགས་པའི་ཐབས་སུ་ཤེས་པས།


TNT02_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་དང་རྒྱུ་མཚན་མ་ལུས་པར་མཁྱེན་པ་ནི། དཔེ་དང་ལྡན་པའི་དཔེ་ཐམས་ཅད་པའི་ས་དང༌། གནས་ལུགས་ཇི་ལྟ་བའི་གཟིགས་པས་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་ཡེ་ཤེས་ནི། ཤེས་རབ་འོད་དང༌། འོད་གསལ་བའི་ཡེ་ཤེས་དེ་ཉིད་ཀྱི། ཤེས་བྱ་ཇི་སྙེད་པ་མཁྱེན་པ་ནི་ཐམས་ཅད་མཁྱེན་པའི་ས་དང༌། དེ་ཐམས་ཅད་ཀྱང་དོན་དམ་པའི་བདེ་སྟོང་ཟུང་འཇུག་གཅིག་ཏུ་འདུས་ཤིང་རྫོགས་པ་རང་རིག་དོན་དམ་ཁོ་ནས་ཉམས་སུ་མྱོང་བ་ནི། སོ་སོའི་བདག་ཉིད་རིག་པའི་ས་ཡིན་ཏེ། ཡོན་ཏན་གོང་ནས་གོང་དུ་འཕེལ་བའི་གཞི་དང༌། རང་སའི་ཕུན་ཚོགས་ཐམས་ཅད་ཀྱི་གཞིའམ་གནས་ཡིན་པའི་ཕྱིར། རེ་རེའི་ལྡོག་པ་ནས་ཀྱང་ས་ཞེས་བྱའོ། །ཞེས་བཞེད་དེ་རང་ལུགས་ལ་ཡང་གཙོ་བོར་འདི་ཉིད་ཁས་བླངས་པར་བྱ་ལ། འདི་ནི་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་གཉིས་རེ་རེ་ལ་ཡང་ཀུན་ཏུ་འོད་ལ་སོགས་པ་བཅུ་གཉིས་བཅུ་གཉིས་ཚང་བའི་ལུགས་ཡིན་ནོ། །ཡང་རྒྱ་གར་བ་འགའ་ཞིག་དང༌། བོད་མང་པོའི་བཞེད་པ་ལྟར་ན། ཀུན་ཏུ་འོད་རབ་ཏུ་དགའ་བ་ནས། དཔེ་ཐམས་ཅད་པ་ལེགས་པའི་བློས་གྲོས་ཀྱི་བར་དུ་སྦྱོར་བ་ཡིན་ལ། བཅུ་པ་སོགས་ལ་འདོད་ཚུལ་སྣ་ཚོགས་ཡོད་ཀྱང་ས་ལྷག་མ་གཉིས་སམ་གསུམ་སྦས་པར་འདོད་པ་ལ་སོགས་པ་ཡང་དག་པའི་རྣམ་གཞག་མ་ཡིན་པའི་ཕྱིར་འདི་ལྟར་བཤད་དགོས་ཏེ། ཤེས་རབ་འོད་ནི་ཆོས་ཀྱི་སྤྲིན་ཙམ་པོ་དང༌། ཐམས་ཅད་མཁྱེན་པའི་ས་ནི། རྒྱུན་མཐའི་སྔ་ལོགས་ཀྱི་སྦྱོར་བ་དང༌། སོ་སོར་རང་གི་བདག་ཉིད་རིག་པའི་ས་ནི། རྒྱུན་མཐའ་དང་རྫོགས་པའི་སངས་རྒྱས་ཀྱི་ས་བསྡོམས་པའོ། །དང་པོ་ཆོས་ཉིད་གསར་མཐོང་དང༌། གཉིས་པ་མི་འགྱུར་བའི་ཚུལ་ཁྲིམས་ཡིན་པ་ནས། དཔེ་ལྡན་སོ་སོ་ཡང་དག་རིག་པ་བཞི་དང་འགྲིག་པ་སོགས། རྣམ་གཞག་འཐད་ལྡན་དུ་འབྱུང་བར་མངོན་པས། འདི་ཡང་རྣམ་གྲངས་ཀྱི་སྒོ་ནས་རང་ལུགས་སུ་ཁས་བླང་དུ་རུང་ངོ༌། དེ་ལྟར་ན་ས་བཅུ་གཉིས་རྣམས་ཀྱི་རབ་ཏུ་རྫོགས་པ་གཉིས་སུ་མེད་པ་ཟུང་འཇུག་གི་མཆོགམཐར་ཐུག་སངས་རྒྱས་ཀྱི་ཡེ་ཤེས་སོ། །ཡང་ན་ཆ་ཤས་བཅོ་ལྔ་རྣམས་ཀྱིས་རྫོགས་པའི་


TNT02_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་བཅུ་དྲུག་པ་སྟེ། དགའ་བ་བཅུ་དྲུག་སྒྲིབ་བྲལ་དུ་གྱུར་པའི། འཇིག་རྟེན་ལས་འདས་པའི་སྐུ་བཅུ་དྲུག་རིམ་གྱིས་གྲུབ་ནས། མཐར་རྣམ་པ་བཅུ་དྲུག་པོ་ཐམས་ཅད་གཏད་ནས་འགྱུར་བ་མི་མངའ་བའི། རྫོགས་པའི་སངས་རྒྱས་ཀྱི་སྐུ་བཅུ་དྲུག་ཐོབ་བོ། །འདི་ལའང་དགའ་བ་བཅུ་དྲུག་གིས་ས་བཅུ་དྲུག་གོ །ཏིང་ངེ་འཛིན་གྱི་ས་བཅུ་གཉིས་དང༌། འབྲས་བུའི་ས་བཅུ་གཉིས་འདི་དག་འཁོར་བའི་ལུས་ངག་ཡིད་དང་ཡེ་ཤེས་དངོས་རྣམས་འགགས་པ་དང༌། དེ་རྣམས་ཀྱི་བག་ཆགས་འགགས་པའི་ཁྱད་པར་དང༌། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བའི་ཁྱད་པར་དང༌། འཁོར་བའི་ཁུ་རྡུལ་རླུང་གསུམ་འགགས་པ་དང༌། ཁམས་གསུམ་གྱི་འཁོར་བ་ལས་འདས་པ་ཡིད་ཀྱི་རང་བཞིན་གྱི་ཁུ་རྡུལ་རླུང་གསུམ་འགགས་པའི་ཁྱད་པ་ཡིན་ལ། དོན་ལ་སྤངས་རྟོགས་ཡོན་ཏན་གྱི་ཁྱད་པར་ཤིན་ཏུ་ཆེ་ཡང༌། སྒྲིབ་པ་རྣམས་སྤོང་ཚུལ་གྱི་རིམ་པ་དང༌། རྡོ་རྗེ་བཞི་འགྲུབ་ཚུལ་གྱི་རིམ་པ་དང༌། བདེན་དོན་བཅུ་གཉིས་དང༌། དེ་ཉིད་བཅུ་དྲུག་གི་རབ་དབྱེ་སོགས། རྣམ་གཞག་རྣམ་པ་ཤིན་ཏུ་མཚུངས་པས། དཔེ་དོན་གྱི་ཚུལ་དུའང་གནས་པ་ཡིན་ནོ། །འདིར་རྒྱུ་འབྲས་ཀྱི་ས་བཅུ་གཉིས་རིམ་པ་གཉིས་ཡོད་པས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འཇིག་རྟེན་ཆོས་མཆོག་ནས་ཐོབ་པ་དང༌། སངས་རྒྱས་ལས་གཞན་ལ་མེད་པར་བཤད་པ་གཉིས་འབྱུང་བའི་རྒྱུ་མཚན་དེ་ཡིན་ནོ་ཞེས་གྲུབ་ཐོབ་མན་ལུང་བ་གསུང་བར་གྲག་སྟེ། རྒྱུད་དང་འཕགས་ཡུལ་གྲུབ་པའི་དགོངས་པ་བོད་སྔ་ཕྱི་མང་པོ་ཞིག་གིས་མ་རྟོགས་པའི་རྣམ་གཞག་བླ་ན་མེད་པའོ། །ཚིགས་བཅད་གཉིས་པས་ནི་མཐར་ཐུག་གི་འབྲས་བུ་ལས་བརྩམས་ཏེ། རྡོ་རྗེའི་སྐུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་བཤད་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་དེ་ནི། ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་ཡིན་ལ། གནས་ལུགས་ལ་ཐ་དད་པ་གཉིས་པ་མི་འབྱུང་བའི་ཕྱིར་དང༌། ཀུན་ཁྱབ་དེ་ཉིད་ཆ་དང་བྲལ་བའི་ཕྱིར། དོན་གཅིག་པུ་ཡིན་ལ། དེ་ལ་གཟུང་བ་དང་འཛིན་པ་དང༌། ཡུལ་ཡུལ་ཅན་དང་ཤེས་པ་དང་ཤེས་བྱ་སོགས།


TNT02_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཚན་ཐམས་ཅད་དང་བྲལ་བས་གཉིས་སུ་མེད་པའི་ཆོས་ཉིད་དེ་ནི། དམ་པའི་དོན་གྱི་བདེན་པ་སྟེ། རྟག་པ་བརྟན་པ་འགྱུར་བ་མེད་པ་ཉིད་ཀྱིས་འཇིག་པ་མེད་པ་དང༌། སྤང་བྱ་རྣམས་ཟད་ཅིང་རྫོགས་པ་སྟེ་ཆོས་ཉིད་རྫོགས་པ་མཐར་ཐུག་པར་སོན་པའི་གནས་སྐབས་ཀྱི་སེམས་ཉིད། གནས་ལུགས་ཇི་ལྟ་བ་ལ་སྒྲིབ་གཡོགས་མཐའ་དག་སྤངས་པས་གནས་ཚུལ་ཀུན་ནས་རབ་ཏུ་རྫོགས་པར་མངོན་དུ་གྱུར་པ་སྟེ། སྤངས་པ་དང་རྟོགས་པ་ཀུན་ནས་རབ་ཏུ་རྫོགས་པའོ་ཞེས་ཀྱང་བྱ་སྟེ། འདི་ནི་རྣམ་བཅུ་དབང་ལྡན་གྱི་ངོ་བོར་བརྗོད་དོ། །ཚིགས་བཅད་གསུམ་པས་གཞན་ཡང་མི་འགྱུར་བའི་བདེ་བ་ཆེན་པོ་ལས་བརྩམས་ཏེ་བཤད་པ་ནི། རྟག་ཏུ་ཆགས་བྲལ་གྱི་དང་པོ་སྟེ་འགྱུར་བའི་ཆགས་བྲལ་ནམ་ཡང་མི་སྐྱེ་བའི་ཕྱིར་དང༌། བདེ་བ་ཆེན་པོ་འགྱུར་བ་མེད་པའི་རང་བཞིན་གྱིས་ཆགས་པ་ཆེན་པོའི་ངོ་བོར་རྟག་ཏུ་གནས་པ། རྡོ་རྗེ་ལུས་མེད་མི་འགྱུར་བ་ཆེན་པོ་ཞེས་ཀྱང་བྱ་སྟེ། ལུས་མེད་ནི་ལྷའི་བུའི་བདུད་སྟེ་འཁྲིག་པའི་འདོད་ཆགས་ཀྱི་སྙིང་པོ་ཅན་གྱི་འདོད་པའི་ཡུལ་ལྔའམ་དྲུག་ལ་རྗེས་སུ་ཆགས་པ་སྙིང་ལ་འཇུག་པའི་སེམས་ཏེ། ཡིད་འོང་ཡུལ་གྱི་རྣམ་པ་ཡིད་ལ་ཤར་བ་དང༌། དེ་ལ་བརྟེན་ནས་ཆགས་པའི་བདེ་སྣང་དུ་ཤར་བ་གཉིས་ངོ་བོ་རྫས་གཅིག་ཏུ་འདྲེས་པ་དེ་ཡིན་ལ། དེ་ལྟ་བུའི་ལུས་མེད་དེ་འཛག་མེད་ཀྱི་བདེ་བས་བཅོམ་པ་ནི། རྡོ་རྗེ་ལུས་མེད་དམ་ལུས་མེད་རྡོ་རྗེ་སྟེ། སྟོང་གཟུགས་ཡིད་འོང་མཆོག་དང་ཐིག་ལེ་མི་འགྱུར་བའི་བདེ་བ་འདོད་ཆགས་མཆོག་ཐོབ་པས། འགྱུར་བ་མེད་པའི་བདེ་བ་ཆེན་པོའོ། །སྤང་བྱ་ལུས་མེད་ལའང་ཆགས་པ་དང་ཆགས་ཡུལ་ངོ་བོ་གཅིག་པ་བཞིན་དུ། ལུས་མེད་རྡོ་རྗེ་སྟོང་གཟུགས་དང་བདེ་བ་ཡང་ངོ་བོ་གཅིག་གོ །གང་ཆགས་པའི་ཡུལ་དངོས་ནི་ཡིད་ཀྱི་ཡུལ་ཀུན་ཏུ་རྟོག་པ་ལ་ཤར་བ་དེ་ཡིན་གྱི། ཕྱི་རོལ་ཀྱི་རྣམས་མིན་པས། ལུས་མེད་ཅེས་བྱ་སྟེ། དེ་ལྟར་ཡང༌། འཇིག་རྟེན་སྣ་ཚོགས་གང་བདེ་འདོད་མིན་པས། །སྐྱེས་བུའི་ཀུན་རྟོག་འདོད་ཆགས་འདོད་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །ཉི་མ་དང་ཟླ་བའི་ཆོས་ཉིད་ཆ་བཅུ་དྲུག་པའི་


TNT02_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་བཏགས་པ་ལ་རྟག་ཏུ་གནས་པའི་ཕྱིར། ཡོངས་སུ་རྫོགས་པའི་རང་བཞིན། དཀར་ཕྱོགས་དང་ནག་ཕྱོགས་ཏེ་ཕྱོགས་གཉིས་ཀྱི་སྒྲིབ་པའི་བག་ཆགས་རྣམས་ཀྱིས་མ་འཁྱུད་པ་སྟེ་མ་གོས་པ་འདི་ནི་རྡོ་རྗེ་ཧཾཀཥ། །གཉིས་པ་རྒྱས་པར་བཤད་པ་ལ། སྒྲིབ་པ་སྤོང་ཚུལ་གྱི་རྣམ་གཞག་ཞིབ་མོར་དབྱེ། ཟུང་འཇུག་གཉིས་མེད་ཀྱི་མཚན་ཉིད་གསལ་བར་བཤད། རང་བཞིན་འགྱུར་མེད་ཀྱི་དཀྱིལ་འཁོར་རྒྱས་པར་བསྟན་པའོ། །དང་པོ་ལ་བཞི་སྟེ། དཔེ་བདུན་ནམ་བརྒྱད་ཀྱི་སྒོ་ནས་གནས་གྱུར་པའི་དོན་བསམས། སྒྲིབ་པ་སྤོང་ཚུལ་སྤྱི་ལྡོག་ནས་བཤད། སྒྲིབ་པའི་གཙོ་བོ་འཕོ་བའི་ཉེས་དམིགས་བསྟན། ཉེས་དམིགས་ཅན་གྱི་འགྱུར་བདེ་འགག་མཚམས་སོ། །དང་པོ་ནི། ཇི་ལྟར་ཆུ་བོའི་ཆུ་ཞུགས་པ། །དེ་ནི་རྒྱ་མཚོའི་ཆུར་མཚུངས་པ། །དེ་བཞིན་དངོས་པོའི་ཚོགས་འདི་སྟེ། །འགྱུར་བ་མེད་པར་འགྱུར་མེད་མཚུངས། །ཇི་ལྟར་ཁམས་ཀྱི་ཚོགས་པ་འདི། །ཟོས་པ་ལས་ནི་རོ་ཉིད་འགྱུར། །ས་བོན་རང་བཞིན་ས་བོན་གྱི། །འབྲས་བུའི་དུས་སུ་ང་རྒྱལ་སྤངས། དེ་ལྟར་དངོས་པོའི་ཚོགས་པ་ཡང༌། །མཆོག་ཏུ་མི་འགྱུར་ཟོས་པ་ཡིས། །མཆོག་ཏུ་མི་འགྱུར་པ་ཉིད་འགྱུར། །རྣམ་པ་ཐམས་ཅད་རང་བཞིན་འཛིན། །མཆེ་བའི་ཚོར་བ་སྡུག་བསྔལ་ནི། །དུག་རྫོགས་གནས་སྐབས་གྱུར་པ་ན། །རྨ་ལ་རིག་མིན་གཞན་དུ་མིན། །ཡུལ་རྣམས་དབང་པོའི་སྒོ་རྣམས་ཀྱིས། །དེ་བཞིན་རྣལ་འབྱོར་དམ་པའི་བདེ། །སེམས་རྫོགས་ཆར་གྱུར་ན་རྡོ་རྗེ། །ནོར་བུར་རིག་མིན་གཞན་དུ་མིན། །ཡུལ་རྣམས་དབང་པོའི་སྒོ་རྣམས་ཀྱིས། །ཇི་ལྟར་རོ་ཆེན་ལྕགས་རྣམས་ཀྱི། །ཕྱོགས་གཅིག་ཡང་དག་གནས་པ་ནི། །ལྕགས་ལ་དྲགས་པོའི་མེས་གདུངས་ནས། ཀུན་ནས་ཀུན་ཏུ་འབིགས་པར་བྱེད། །དེ་བཞིན་ཉིད་དུ་འགྱུར་མེད་བདེ། །ཕྱོགས་གཅིག་གང་དག་གནས་པ་ཡང༌། སེམས་ལ་འདོད་པའི་མེ་གདུངས་ན། །ཀུན་ནས་ཀུན་ཏུ་འབིགས་པར་བྱེད། །ཇི་ལྟར་ཕུག་པའི་ལྕགས་རྣམས་ནི། །འགའ་ཞིག་ཏུ་ཡང་དྲི་མ་མེད། །དེ་བཞིན་དུ་ནི་ཕུག་པའི་སེམས། །འགའ་ཞིག་ཏུ་ཡང་བག་ཆགས་མེད། །ལྕགས་ནི་གསེར་ཉིད་དུ་གྱུར་པ། །མེ་ཡིས་དྲི་མ་མེད་པར་འགྱུར། །དེ་བཞིན་ཡང་དང་ཡང་དུ་སེམས། །འདོད་ཆགས་མི་ཡིས་དྲི་མ་མེད། །ཇི་ལྟར་ནོར་བུ་ཆེ་རེག་ལས། །རྡོ་ནི་རབ་ཏུ་འབར་བར་


TNT02_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །དེ་བཞིན་འགྱུར་མེད་བདེ་རེག་ལས། །སེམས་ནི་བདེ་བ་ཉིད་དུ་འགྱུར། །འདིར་ནི་མང་པོ་བརྗོད་པས་ཅི། །འཇིག་རྟེན་ཀུན་རྫོབ་བདེན་པ་ཡིས། །ལྕགས་རྣམས་རབ་ཏུ་འབིགས་བྱེད་པ། །རོ་ཡི་མཐུ་ནི་བརྟག་བྱ་མིན། །ཅི་ཞིག་སླར་ཡང་དོན་དམ་པས། །གློ་བུར་དྲི་མས་གཡོགས་པ་ཡི། །སེམས་ནི་རབ་ཏུ་འབིགས་བྱེད་པ། །ཡེ་ཤེས་མཐུ་ནི་རྟག་བྱ་མིན། །ཞེས་གསུངས་ཏེ། ཇི་ལྟར་ཆུ་བོ་སྣ་ཚོགས་པའི་ཆུ་རྒྱུན་རྣམས། རྒྱ་མཚོར་ཞུགས་པ་ན་དེ་རྣམས་ཀྱི་རོ་ནི་རྒྱ་མཚོའི་ཆུར་མཚུངས་ཤིང་གཅིག་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་ཕུང་ཁམས་སུམ་ཅུ་རྩ་དྲུག་གིས་བསྡུས་པའི་བརྟན་གཡོའི་དངོས་པོའི་ཚོགས་པ་འདི་རྣམས་ཀྱང་འགྱུར་བ་མེད་པའི་ཐིག་ལེར་ཐིམ་པ་ན། འགྱུར་མེད་ཀྱི་བདེ་བ་གཅིག་ཏུ་མཚུངས་པར་འགྱུར་རོ། །ཇི་ལྟར་དངུལ་ཆུ་གྲུབ་པ་ན། སྨན་གྱི་ཁམས་ཐ་དད་པའི་ཚོགས་པ་འདི་དག་ནི་དངུལ་ཆུས་ཟོས་པ་ལས། ཐམས་ཅད་ཀྱང་རོ་སྟེ། དངུལ་ཆུ་ཉིད་དུ་འགྱུར་ལ། དངུལ་ཆུར་གྱུར་ཀྱང་ཁམས་སྣ་ཚོགས་པ་ཐམས་ཅད་ཀྱི་ནུབ་པ་སོ་སོ་བ་རྣམས་དངུལ་ཆུ་ཐམས་ཅད་ཀྱིས་ཅིག་ཅར་འཛིན་པ་དང༌། འབྲས་ལ་སོགས་པའི་ས་བོན་ཞིང་སར་བཏབ་པ་དེ། སའི་བཅུད་དང་ཆུ་ལུད་ལ་སོགས་པའི་ཁམས་ཟོས་པ་ལས། སླར་ཡང་ས་བོན་གྱི་རང་བཞིན་འབྲས་བུ་ལོ་ཐོག་སྐྱེད་མོད་ཀྱིས། ས་བོན་དང་མྱུ་གུ་དང་འབྲས་བུའི་དུས་གསུམ་པོ་དེ་རྣམས་སུ། འདི་དང་འདི་སྐྱེད་དོ་སྙམ་པའི་ང་རྒྱལ་རྣམ་རྟོག་ནི་སྤངས་སྟེ་ཡོད་པ་མ་ཡིན་ནོ། །ང་རྒྱལ་ཞེས་པ་འཛིན་པའི་མིང་ངོ༌། །དེ་བཞིན་དུ་དངོས་པོའི་ཚོགས་པ་ཡང༌། མཆོག་ཏུ་མི་འགྱུར་བའི་བདེ་བས་ཟོས་པ་ཡིས་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་ཉིད་དུ་འགྱུར་ཏེ། འོན་ཀྱང་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་ཀྱི་རང་བཞིན་པས་ན་དངོས་པོ་ཤེས་བྱ་ཐམས་ཅད་དང་མཚུངས་པའི་རྣམ་པ་དོན་དམ་པ་འཆར་བ་ནི་ཡིན་ལ། དེ་ལྟར་གྱུར་ཀྱང་ང་རྒྱལ་སྤངས་པ་ཡང་ཡིན་ནོ། །དེ་ལའང་ཏིང་ངེ་འཛིན་གྱི་སྐབས་སུ་འགྱུར་བ་དངོས་རྩ་བ་ནས་འགགས་པའི་ཐིག་ལེ་དང༌། འཕགས་པའི་ས་ལ་འགྱུར་བའི་གནས་ཀྱི་བག་ཆགས་འགག་ཚུལ་གཉིས་ཀ་དང་འབྱོར་


TNT02_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་དང་པོ་ནི། ཆུ་བོ་རྒྱ་མཚོར་གྱུར་པ་དང༌། ཁམས་ཀྱི་ཚོགས་པ་དངུལ་ཆུར་གྱུར་པའི་དཔེ་གཉིས་ཀྱིས། མི་འགྱུར་བའི་ཐིག་ལེ་འགྲུབ་ཚུལ་བསྟན་པ་ཡིན་ལ། དེ་སྔར་ཡང་བཤད་ཟིན་མོད་ཀྱི་གསལ་བར་བརྗོད་ན་རང་རྒྱུད་ཀྱི་ཕུང་ཁམས་སོ་དྲུག་བེམ་ཆོས་རྣམས་ཀྱི་དྭངས་མ་ནི། ཐིག་ལེ་བྱང་ཆུབ་ཀྱི་སེམས་ཡིན་ལ། ཐིག་ལེ་བྱང་ཆུབ་ཀྱི་སེམས་རྡུལ་ཉིད་ཆོས་དེ་ཉིད་ལ་དབྱེ་ན། རྡུལ་ཆོས་ཉིད་ལ་བལྟོས་པའི་རགས་པ་ཕྲ་བ་ཤིན་ཏུ་ཕྲ་བ་གསུམ་མམ། སྦོམ་པོ་དྭངས་མ་ཤིན་ཏུ་དྭངས་མ་གསུམ་མོ། །ཡང་ན་རགས་པ་བར་མ་ཕྲ་མོ་གསུམ་མམ། སླ་བ་དང༌། བསྐ་བ་དང༌། ཤིན་ཏུ་བསྐ་བ་གསུམ་ཞེས་ཀྱང་གྲགས་སོ། །དེ་དག་ལས་གཏུམ་མོ་འབར་བས། ཕུང་ཁམས་ཐ་མལ་གྱི་ཆོས་ཇེ་ཆུང་དུ་སྲེགས་དང༌། ཐིག་ལེ་ཞུ་ཞིང་ཇེ་རྒྱས་སུ་འགྲོ་བ་ལས། ཐིག་ལེ་རིམ་པ་གསུམ་ཡང་ཕྱི་མ་ཕྱི་མ་ཇེ་རྒྱས་དང༌། སྔ་མ་སྔ་མ་བསྲེགས་ནས་མཐར་རྡུལ་ཆོས་ཀྱི་ཐིག་ལེ་དངས་ཤོས་དེ། རྗེས་ཆགས་ཀྱིས་ཞུ་ནས་ནོར་བུར་སླེབ་པ་ན་སྟོང་གཟུགས་ཕྱག་རྒྱ་ཆེན་པོས་བཅིངས་པས། ཐིག་ལེ་དེ་ཉིད་རིལ་པོའི་ཆ་ཤས་ནས། བེམ་ཆོས་ཡལ་ཏེ་སྟོང་གཟུགས་སུ་སོང་ནས། འཆིང་བྱེད་ཀྱི་སྟོང་གཟུགས་དང་རོ་གཅིག་ཏུ་གྱུར་པ་ན། ཐིག་ལེ་ཡང་ཡིན་ལ་སྟོང་གཟུགས་ཀྱང་ཡིན་པས། སྟོང་པ་ཉིད་ཀྱི་ཐིག་ལེའམ། ཐིག་ལེ་ཆེན་པོའམ། དངས་མ་ཆེན་པོ་ཞེས་བྱའོ། །དེ་ནི་སེམས་ཉིད་ཀྱི་རང་སྣང་ཁོ་ན་ཡིན་པས་ཞུ་གཡོ་འཛག་གསུམ་གྱི་ཆོས་མེད་པ་དང༌། ཆོས་ཉིད་ཡིན་པའི་ཕྱིར་ན་འགྱུར་མེད་ཀྱི་ཐིག་ལེ་ཞེས་བྱ་ཞིང༌། དེ་དང་ངོ་བོ་གཅིག་ཀྱང་འགྱུར་མེད་ཀྱི་ཐིག་ལེ་རྟོགས་པའི་ཆ་ནས། འགྱུར་མེད་ཀྱི་བདེ་བ་ཞེས་ཡེ་ཤེས་ལ་བརྗོད་ཅིང༌། རྟོགས་ཚུལ་ཡང་རང་རིག་གི་ཚུལ་གྱིས་སོ། །ཚུལ་དེ་འདྲ་བས་འགྱུར་མེད་བདེ་བ་སྐད་ཅིག་གཅིག་སྐྱེ་ཞིང་དེ་ལྟ་བུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པ་ན་དཀར་དམར་རླུང་གསུམ་ཐམས་ཅད་སྟོང་གཟུགས་གྱི་ཐིག་ལེ་འབའ་ཞིག་ཏུ་སོང་ལ། ཕུང་ཁམས་རགས་པ་གཞན་རྣམས་མར་གསར་བཞུ་བ་ན་རྙིགས་མ་བསྐམས་ཏེ། ཞུན་མར་གྱི་ཉིང་ཁུར་འགྱུར་བ་བཞིན་དུ།


TNT02_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་མ་རེ་རེའི་སྔོན་དུ་གཏུམ་མོ་འབར་ཐེངས་རེ་ངེས་པར་བྱུང་བས། རྙིགས་མ་བསྲེགས་ཤིང་དྭངས་མ་ཐིག་ལེར་གྱུར་ཟིན་པས་ཤུལ་དུ་ལུས་རྒྱུ་མེད་དོ། །རང་རྒྱུད་ཀྱིས་བསྡུས་པའི་ཕུང་ཁམས་སོ་དྲུག་ནི་དེ་ལྟར་གནས་འགྱུར་ལ། དེའི་སྟོབས་ཀྱིས་ཕྱི་སྣང་བ་ཐམས་ཅད་ཀྱང་བཟང་པོ་འབའ་ཞིག་ཏུ་རྣམ་པར་གྱུར་པ་ནི་ཡིན་ནོ། །འགྱུར་བདེ་དངོས་མེད་མོད་ཀྱི་འོན་ཀྱང་འགྱུར་བའི་བག་ཆགས་དང་ལྡན་པས། ཀུན་རྫོབ་ཀྱི་སྣང་བ་འདི་དེ་སྐབས་མ་ནུབ་བོ། ཕྱི་མ་ནི་འཕགས་པའི་ས་བཅུ་གཉིས་ལ་བག་ཆགས་དེ་རིམ་གྱིས་སྦྱངས་པས། རང་སྣང་དུ་སྣང་བ་འདི་ཡང་རིམ་གྱིས་ཐམས་ཅད་གནས་འགྱུར་ཏེ། མཐར་རྫོགས་པའི་སངས་རྒྱས་ཀྱི་སར་ཕྱིན་པ་ན། མ་དག་པའི་སྣང་བ་གཏན་ནས་འགགས་ལ། འགྱུར་མེད་བདེ་བ་ཁོ་ནའི་སྣང་བ་རབ་འབྱམས་སུ་གནས་པ་ཡིན་ནོ། །དེས་ན་དངོས་པོ་རྣམས་ཀྱི་ཆོས་ཉིད་གདོད་མ་གང་ཡིན་པ་དེ། རྣམ་པ་ཐམས་ཅད་པའི་སྟོང་གཟུགས་དང་བདེ་བ་ཟུང་འཇུག་གི་རང་བཞིན་འཛིན་པ་ལ། དངོས་པོ་ཀུན་རྫོབ་པའི་ཆོས་ཡལ་བའི་ཚེ། ཆོས་ཉིད་དེ་ཆོས་ཉིད་ཀྱི་རྒྱ་མཚོ་ཆེན་པོ་དང་གདོད་མ་ནས་རོ་ཅིག་པར་རྟོགས་པ་ཙམ་ལ། དངོས་པོ་དེ་དང་དེ་འགྱུར་མེད་བདེ་བར་འགྱུར་ཞིང༌། རྣམ་པ་ཐམས་ཅད་པ་འཛིན་ཞེས་བརྟགས་པ་སྟེ། སྔར་མ་རྟོགས་པ་གསར་དུ་རྟོགས་པས་ན། རྣལ་འབྱོར་བའི་བློ་ངོར་སྔར་དངོས་པོ་ཡིན་འཕྲོ་ལ་དེ་ནས་མི་འགྱུར་བའི་བདེ་བར་སོང་བ་ལྟ་བུ་ཞིག་འཆར་བ་དང༌། གཞན་ཡང་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་མཐར་ཕྱིན་པ་ན་དེ་ཉིད་ཀྱིས་དུས་གསུམ་ཤེས་བྱ་ཐམས་ཅད་མཁྱེན་པར་འགྱུར་ཞིང༌། དེ་ཡང་ཕན་ཚུན་དུ་གཉིས་སྣང་གི་ཚུལ་གྱིས་མ་ཡིན་ཏེ། ཤེས་བྱ་དུས་གསུམ་པོ་རང་གི་ཤེས་པ་ལས་གཞན་པར་གནས་ཚུལ་ལ་མེད་པ་བཞིན་དུ་མེད་པ་ཁོ་ནར་གཟིགས་པས། ཤེས་དང་ཤེས་བྱ་གཅིག་པའི་སྐུ་ཡིན་ལ། བདེ་བ་དང་རྣམ་པ་མཐའ་ཡས་པའི་སྟོང་གཟུགས་རོ་ཅིག་ཅིང༌། བདེ་བའི་ངོ་བོ་དམིགས་མེད་ཀྱི་སྙིང་རྗེ་ཡིན་པས་སྙིང་རྗེ་དེ་ཡང་རྣམ་པ་ཐམས་ཅད་པའི་སྟོང་ཉིད་དུ་གནས་པས་སྟོང་ཉིད་སྙིང་རྗེའི་


TNT02_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཅན་ཞེས་བྱ་ལ། རྣམ་པ་ཐམས་ཅད་པའི་སྙིང་རྗེས་སེམས་ཅན་མཐའ་ཡས་པའི་དོན་ཅིག་ཅར་སྒྲུབ་ནུས་པ་ཡིན་ནོ། །དོན་དམ་སྲིད་གསུམ་རྣམ་པ་ཐམས་ཅད་པ་དེ་ནི་གདོད་མ་ཡིན་པས་དང་པོར་མ་སྐྱེས་ཤིང༌། བར་དུ་མི་འགྱུར་ལ། མཐར་མི་འཇིག་པས་སྲིད་གསུམ་སྐྱེ་དང་འཇིག་པ་མེད་པའོ། །དེའི་རྗེས་སུ་བདེ་བ་ཆེན་པོ་གཅིག་པུ་དང་རྟོག་བྲལ་དུ་བསྟན་པ་ནི། དུག་སྦྲུལ་གྱི་མཆེ་བས་བཟུང་བའི་ཚོར་བ་སྡུག་བསྔལ་ནི། ཐོག་མ་རྨའི་སྒོ་ལ་སྡུག་བསྔལ་རིག་ཀྱང༌། དུག་གི་ནུས་པ་རྫོགས་པའི་གནས་སྐབས་སུ་གྱུར་པ་ན། རྨ་ལ་ཟུག་རྔུ་རིག་པའམ་ཤེས་པ་མིན་ལ། ལུས་ཀྱི་གནས་གཞན་དུ་ཡང༌། ཤེས་པ་མིན་ཞིང་དབང་པོའི་སྒོའི་རྣམ་ཤེས་ལྔ་པོ་རྣམས་ཀྱིས་གཟུགས་སོགས་ཡུལ་ལྔ་པོ་རྣམས་ཀྱང་མི་མཐོང་སྟེ། བརྒྱལ་ཞིང་མྱོས་པའི་ཕྱིར་རོ། །དེ་བཞིན་དུ་དང་པོ་ཞུ་བདེའི་གནས་སྐབས་ན། ལྷག་པར་བདེ་བ་མྱོང་ངོ་ཞེས་ང་རྒྱལ་དུ་བྱེད་ཀྱང༌། རྣལ་འབྱོར་པ་འགྱུར་མེད་དམ་པའི་བདེ་བ་ཆེན་པོའི་སེམས། ཆ་ཤས་རྫོགས་པར་གྱུར་པ་ན། རྡོ་རྗེ་ནོར་བུའི་བདེ་བ་མྱོང་ངོ་ཞེས་ཀྱང་རིག་པ་མིན་ལ། ལུས་ཀྱི་གནས་གཞན་དུའང་མིན་ཏེ། བདེ་བར་འཛིན་པ་མེད་པ་ནི། རི་ཀླུངས་ཐམས་ཅད་གསེར་འབའ་ཞིག་ཏུ་སོང་ན་གསེར་གྱི་གོང་བུ་ལ་སྲེད་པ་མི་འབྱུང་བ་བཞིན་ཏེ། བདེ་བས་བྱིན་གྱིས་བརླབས་པས། དབང་པོའི་སྒོའི་རྣམ་ཤེས་རྣམས་ཀྱིས་ཡུལ་རྣམས་མི་རིག་སྟེ་མཉམ་བཞག་ཏུ་མ་དག་པའི་སྣང་བ་འགགས་ཤིང་གཉིས་སྣང་ནུབ་པའི་ཕྱིར་དང༌། ལུས་ངག་ཡིད་གསུམ་བདེ་བ་ཆེན་པོ་འབའ་ཞིག་ཏུ་གྱུར་པའི་ཕྱིར་རོ། །འདིས་ནི་བདེ་བས་གཉིས་སྣང་འགག་པ་རྒྱུ་མཚན་དང་བཅས་པ་བསྟན་ཏོ། །ཇི་ལྟར་རོ་ཚན་པོ་གྲུབ་པའི་དངུལ་ཆུ་ལྕགས་ཀྱི་གོང་བུ་རྣམས་ཀྱི་ཕྱོགས་གཅིག་ཏུ་ཡང་དག་པར་གཞག་ཅིང་གནས་པའི་སྐབས་དེར། ལྕགས་ལ་དྲག་པོའི་མེས་གདུངས་ཞིང་སྲེགས་ན། ཕྱོགས་ཀུན་ནས་དུས་ཀུན་ཏུ་གསེར་དུ་འབིགས་པ་སྟེ་འགྱུར་བར་བྱེད་དོ། །དཔེ་དེ་བཞིན་ཁོ་ན་ཉིད་དུ་མི་


TNT02_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་བདེ་བ་ཡང་ལུས་ཀྱི་ཕྱོགས་གཅིག་རྡོ་རྗེ་ནོར་བུར་ཡང་དག་པར་གནས་པ་ཡང༌། ལས་ཀྱི་ཕྱག་རྒྱ་སོགས་དང་མཉམ་པར་སྦྱོར་བའི་འདོད་ཆགས་ཀྱིས་གཏུམ་མོ་འབར་བའི་མེས། བྱང་ཆུབ་ཀྱི་སེམས་དེ་ལ་ཀུན་ཏུ་གདུངས་ན། ཕུང་ཁམས་སོ་དྲུག་པོ་ཆ་ཤས་ཀུན་ནས་དུས་ཀུན་ཏུ་མི་འགྱུར་བའི་ཐིག་ལེ་ཆེན་པོར་འབིགས་པར་བྱེད་དོ། །འདིས་ནི་ཏིང་ངེ་འཛིན་གྱི་སྐད་ཅིག་དང་པོ་སྐྱེས་ནས། ཐུན་མཚམས་སུ་ལས་ཀྱི་ཕྱག་རྒྱ་སྒྲུབ་པའི་སྤྱོད་པ་བས། མི་འགྱུར་བའི་བདེ་བ་རྫོགས་པར་བྱེད་དགོས་པར་བསྟན་ཞིང་གོང་དུ་ཕུང་ཁམས་བདེ་བ་ཆེན་པོར་འགྱུར་བ་ཙམ་ཞིག་བཤད་ལ། ཇི་ལྟར་འགྱུར་བའི་ཚུལ་ཡང་འདིས་བསྟན་ཏོ། །ཇི་ལྟར་རོ་བཅུད་ཀྱིས་ཕུག་པའི་ལྕགས་གསེར་དུ་གྱུར་པ་ནི། དུས་འགའ་ཞིག་ཏུ་ཡང་དྲི་མ་མེད་པ་སྟེ། གཡུའི་རང་བཞིན་དུ་མི་འགྱུར་ཞིང་འོད་གསལ་བར་གནས་པ་དེ་བཞིན་དུ། མི་འགྱུར་བའི་བདེ་བས་ཕུག་པའི་སེམས་ལ་འགའ་ཞིག་ཏུ་ཡང་བག་ཆགས་ཀྱི་དྲི་མ་སྐྱེ་བའི་སྐབས་མེད་དེ། འདིར་དྲི་མ་ཞེས་པའི་སྐབས་ན། ཀཱ་ལི་ཀ་ཞེས་པ་ཡོད་པས་ནག་པོའི་དོན་ཏེ། ཕལ་ཆེར་གསེར་དུ་གྱུར་ཀྱང་འགའ་ཞིག་ན་ལྕགས་དྲེག་ལུས་པའི་ནག་ཚིག་ཡོད་དམ་སྙམ་ན། དེ་འདྲ་མེད་དོ་ཞེས་པའི་དོན་ཡིན་ལ། བག་ཆགས་ཞེས་པ་ཡང་བཱ་ས་ན་ཞེས་པ་སྤྱིར་བག་ཆགས་དང་གནས་དང་དྲི་མ་རྣམས་ལ་འཇུག་པ་ཡིན་ཡང༌། འདིར་དྲི་མ་སྟེ་འཇིག་རྟེན་ན་ཡང་སོལ་བ་ལ་དཀར་པོའི་དྲི་མ་མེད་ཞེས་པའམ། འདི་དང་འདི་ལྟ་བུ་ལ་ཡོན་ཏན་གྱི་དྲི་མ་མེད་ཅེས་པ་དང་སྐྱོན་གྱི་དྲི་མ་མེད་ཅེས་པ་ལྟར། ཆ་ཤས་ཕྲ་མོ་ཙམ་ཡང་ལུས་པ་མེད་པའི་དོན་ཡིན་གྱི། དེ་ཉིད་དངོས་མ་ཡིན་ཀྱང༌། རྣམ་པ་མཐུན་རུང་ཕྲ་མོ་མ་རིག་བག་ཆགས་ཀྱི་ས་ལྟ་བུའི་གནས་ཀྱི་བག་ཆགས་ལ་མི་འཇོག་སྟེ། བཞག་ནས་དང་པོར་དངོས་སུ་སྤངས་པའི་སྤང་བྱ་རྣམས་ཀྱི་བག་ཆགས་ཀྱང༌། ས་དང་པོ་ཉིད་དུ་སྤངས་པར་ཐལ་བ་འགྱུར་རོ། །དེས་ན་གང་ཞིག་འགྱུར་མེད་ཀྱི་བདེ་བར་


TNT02_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དེ་ལ། འགྱུར་བ་དངོས་སུ་བགྲང་བ་ཐན་ཐུན་ཙམ་ཡང་མ་གོས་ཞེས་པའི་དོན་ཏེ། འགྱུར་མེད་ཀྱིས་སྤངས་པ་རྣམས་ཕྱིན་ཆད་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའོ། །ཡང་ལྕགས་ནི་གསེར་ཉིད་དུ་གྱུར་པ། མེ་དྲག་པོས་སྦྱངས་ན་གཡའ་ལ་སོགས་པ་དྲི་མ་མེད་པར་འགྱུར་བ་བཞིན་དུ། སེམས་མི་འགྱུར་བའི་བདེ་བ་ཐོབ་པ་ཡང༌། ཡང་ནས་ཡང་དུ་གཏུམ་མོའི་འདོད་ཆགས་ཀྱི་མེས་བསྲེགས་ན། དྲི་མ་སྤང་བྱ་རྣམས་རིམ་གྱིས་མེད་པར་འགྱུར་རོ། །དེ་ལྟར་བཤད་པ་ལས་འདིར་འགྱུར་ཏེ། ཏིང་ངེ་འཛིན་གྱི་ཡན་ལག་གི་སྐབས་སུ་གཏུམ་མོས་བསྲེགས་པ། ལྕགས་འབུགས་པའི་དཔེས་བསྟན་ཞིང་གསེར་དུ་གྱུར་ཟིན་མེས་སྦྱོང་དགོས་པའི་དཔེ་བཤད་པ་འདི་ནི་ཏིང་ངེ་འཛིན་རྫོགས་ཟིན་ནས་འཕགས་པའི་ས་བཅུ་གཉིས་འདོད་ཆགས་ཆེན་པོའི་ལམ་གྱིས་བགྲོད་དགོས་པར་བསྟན་ཏོ། །ཇི་ལྟར་ནོར་བུ་ཆེན་པོ་པ་རི་ཤ་ཀ་ཞེས་བྱ་བ་ལ་རེག་པའི་སྦྱོར་བ་ལས། རྡོ་རྣམས་ནི་ཨིནྡྲ་ནཱི་ལ་ལ་སོགས་པ་དང༌། ལྕགས་སོགས་ཁམས་རྣམས་ནི་གསེར་ལ་སོགས་པར་གྱུར་ཏེ། འོད་རབ་ཏུ་འབར་བར་འགྱུར་རོ། །དེ་བཞིན་དུ་འགྱུར་བ་མེད་པའི་བདེ་བའི་ཐིག་ལེ་ལ་སེམས་མཉམ་པར་བཞག་ཅིང་རེག་པ་ལས། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་བདེ་བ་ཉིད་དུ་གནས་འགྱུར་རོ། །རང་བཞིན་རྣམ་པར་དག་པ་མངོན་དུ་གྱུར་པ་ན། ཀུན་རྫོབ་ཀྱི་ཆོས་རྣམས་ཀྱི་རིགས་རྒྱུན་ཡང༌། ལམ་གྱི་བདེན་པར་འགྱུར་ཏེ་གཞན་སྣང་དུ་སེམས་ཅན་གྱི་དོན་བྱེད་དོ། །ཞེས་བསྟན་ཏོ། །ཡང་འདི་སྙམ་དུ་ཁུ་བའི་ཁམས་ནི་འཇིག་རྟེན་རྣམས་དང་ཐུན་མོང་ཡིན་ལ། དེ་བཅིངས་པའི་བྱེད་པས་སངས་རྒྱས་སུ་འགྱུར་བ་མི་རིགས་སོ་ཞེ་ན། འདིར་ནི་མང་པོ་བརྗོད་པས་ཅི་ཞིག་བྱ་སྟེ། འཇིག་རྟེན་ཀུན་རྫོབ་བདེན་པའི་སྣང་ངོར་ཡང༌། ལྕགས་རྣམས་རབ་ཏུ་འབུགས་པས་གསེར་དུ་བྱེད་པའི་རོ་བཅུད་ཀྱི་ནུས་མཐུ་ནི། མངོན་སུམ་དུ་གྱུར་ཡང་བརྟག་ཅིང་དཔྱད་པར་བྱ་བ་མ་ཡིན་ཏེ། ནུས་པ་དངོས་པོའི་ཆོས་ཉིད་འདི་ལ། ཐ་མལ་བའི་བློ་གྲོས་


TNT02_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རྟོག་གེའི་རིགས་པ་མི་འཇུག་གོ །དེ་ཡང་དེ་འདྲ་ན་གང་ཅི་ཞིག་སླར་ཡང་དོན་དམ་པའི་བདེན་པའི་དབང་དུ་བྱས་ནས་གློ་བུར་གྱི་དྲི་མས་གཡོགས་པའི་སེམས་འདི་ནི་ཐིག་ལེ་མི་འགྱུར་བའི་སྟོབས་ལས་སངས་རྒྱས་ཀྱི་ཡེ་ཤེས་སུ་རབ་ཏུ་འབུགས་པར་བྱེད་པའི་ཡེ་ཤེས་ཀྱི་ནུས་མཐུ་འདི་ནི་བརྟག་བྱ་མ་ཡིན་པ་ལྟ་སྨོས་ཀྱང་ཅི་ཞིག་དགོས། ཞེས་སོ། །གཉིས་པ་སྒྲིབ་པ་སྤོང་ཚུལ་སྤྱི་ལྡོག་ནས་བསྟན་པ་ལ་གསུམ་སྟེ། སྒྲིབ་པའི་རང་བཞིན་བསྟན་པ། དག་པ་གཉིས་ལྡན་གྱི་མཚན་ཉིད་བཤད་པ། དེ་ཐོབ་བྱེད་སོ་སོ་རང་རིག་གིས་གྲུབ་པའི་ཚུལ་ལོ། །དང་པོ་ནི། །སེམས་ལ་གློ་བུར་དྲི་མ་མེད། །སེམས་ལས་ཡུན་རིང་དུས་ཅན་མིན། །སེམས་མེད་པར་ནི་སྐྱེ་བ་མེད། །སེམས་ལ་མི་ཟད་གནས་པ་མིན། །ཞེས་མདོར་བསྟན་གྱི་ཚུལ་དུ་དམ་བཅས་ནས། དེ་ཉིད་རྒྱས་པར་བཤད་པ་ནི། གལ་ཏེ་འདི་ཉིད་གློ་བུར་བ། །དེ་ཚེ་སྔོན་དུ་སེམས་དྲི་མེད། །གལ་ཏེ་སེམས་ལས་དུས་རིང་ཅན། །དེ་ཚེ་དེ་ནི་ཅི་ལས་སྐྱེས། །གལ་ཏེ་སེམས་མེད་པར་སྐྱེ་ན། །དེ་ནི་ནམ་མཁའི་མེ་ཏོག་མཚུངས། །གལ་ཏེ་སེམས་ལ་རྟག་ཏུ་གནས། །དེ་ཚེ་ཀུན་ཏུ་ཐར་པ་མིན། །ཞེས་གསུངས་ཏེ། སྒྲིབ་པའི་མཚན་ཉིད་དམ་ཁྱད་ཆོས་ནི་སེམས་ཀྱི་སྐྱོན་ཏེ་སྔོན་སེམས་གྲུབ་ཙམ་ན་དེ་ཡང་གྲུབ་ལ། སེམས་ཉིད་དང་རྫས་གཅིག་དང་ཐ་དད་ལས་འདས་པ། རང་ཡོད་དུས་སེམས་འདྲེས་པར་སྣང་ཡང༌། རང་བཞིན་འགལ་བས་འབྲལ་དུ་རུང་བའི་ཆོས་ཅན་གྱི་གློ་བུར་པའོ། །དེས་ན་དྲི་མ་སྟེ་སྒྲིབ་པ་ནི། ཕྱིས་བྱུང་བས་གློ་བུར་ཡིན་ལ། སེམས་ཉིད་ནི་སྔོན་དྲི་མ་མེད་དོ་སྙམ་ན། སེམས་ཉིད་སྔོན་དྲི་མ་མེད་པ་ལ། ཕྱིས་བློ་བུར་གྱི་དྲི་མ་སྐྱེས་པ་མིན་ཏེ། གལ་ཏེ་འདི་ཉིད་ཕྱིས་བྱུང་བའི་གློ་བུར་པ་ཡིན་པ་དེའི་ཚེ། སྔོན་དུ་སེམས་དྲི་མེད་དེ་དྲི་མས་དག་པར་འགྱུར་ཞིང༌། དྲི་མས་དག་པ་ལ་སླར་ཡང་སྐྱེ་བ་མི་འཐད་དོ། །གལ་ཏེ་སེམས་ལས་དྲི་མ་དུས་ཡུན་རིང་བ་ཅན་གྱི་སྔ་བ་ནི་མིན་ཏེ་གང་གི་ཚེ་དེ་ལྟར་ཡིན་པ་དེའི་ཚེ། སེམས་ནི་མེད་ན་སྒྲིབ་པ་དེ་ནི་ཅི་ལས་སྐྱེས་ཞེས་དཔྱད་ན་མི་འཐད་དོ། །སེམས་མེད་པར་


TNT02_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྒྲིབ་པ་སྐྱེ་བ་མེད་དཻ་གལ་ཏེ་སེམས་མེད་པར་སྒྲིབ་པ་སྐྱེ་ན། རྒྱུ་མེད་ཀྱང་སྐྱེ་བར་ཐལ་པའི་ཕྱིར་ཏེ། དེའི་ཚེ་ནམ་མཁའི་མེ་ཏོག་ཀྱང་སྐྱེ་བར་ཐལ་བར་མཚུངས་པ་ཡིན་ནོ། །སེམས་ལ་སྒྲིབ་པ་ནི་མི་ཟད་པ་སྟེ། སྒྲིབ་པ་སེམས་ཀྱི་ངོ་བོ་ཉིད་དུ་གནས་པའམ་འབྲལ་མི་ཤེས་པ་མིན་པ་ནི། གལ་ཏེ་སྒྲིབ་པ་རྣམས་སེམས་ལ་སེམས་ཀྱི་རང་བཞིན་གྱིས་རྟག་ཏུ་གནས་པ་ཡིན་ན། དེའི་ཚེ་ཀུན་ཏུ་སྟེ་ནམ་ཡང་ཐར་པ་ཐོབ་སྲིད་པ་མིན་པར་འགྱུར་ཏེ། སེམས་མ་ཟད་པར་དེ་ཡང་ཟད་མི་ཤེས་པའི་ཕྱིར་དང༌། དེ་ཟད་ན་སེམས་ཀྱང་ཟད་དེ། ཐར་པ་ཐོབ་མཁན་མེད་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་རང་བཞིན་གྱི་སེམས་ལ་གློ་བུར་བའི་དྲི་མ་ཇི་ལྟར་སྤོང་སྙམ་ན་ལན་ནི། ཇི་ལྟར་ཟངས་ཀྱི་དྲི་མ་ནི། །རོ་ཡི་སྦྱོར་བས་ཉམས་པར་འགྱུར། །དེ་ཡི་ཡོད་ཉིད་ཉམས་པ་མེད། །དྲི་མེད་ཉིད་ཀྱིས་ཡང་དག་གནས། །དེ་བཞིན་སེམས་ཀྱི་དྲི་མ་ནི། །སྟོང་ཉིད་སྦྱོར་བས་རྣམ་ཉམས་འགྱུར། །དེ་ཡི་ཡེ་ཤེས་ཉིད་ཉམས་མེད། །དྲི་མེད་ཉིད་ཀྱིས་ཡང་དག་གནས། །ཇི་ལྟར་བཅུད་ཀྱིས་ཕུག་པའི་ལྕགས། །ལྕགས་ཉིད་དུ་ནི་རྗེས་འགྲོ་མིན། །དེ་བཞིན་བདེ་བས་ཕུག་པའི་སེམས། །སྡུག་བསྔལ་ཉིད་དུ་རྗེས་འགྲོ་མིན། །ཞེས་གསུངས་ཏེ། ཇི་ལྟར་ཟངས་ཀྱི་ངོ་བོ་ཡོད་པ་ཙམ་དང་ཟངས་ཀྱི་དྲི་མ་ཁ་དོག་ངན་ཞིང་གྱོང་པོར་སྣང་བ་མི་བརྟན་པའི་ཆ་གཉིས་དང་པོར་བྱུང་བ་དུས་མཉམ་ཞིང༌། དེ་ལྟར་ཡང་འབྲལ་མི་ཤེས་པ་ལྟ་བུར་གནས་ཀྱང༌། ཟངས་ཀྱི་དངོས་པོ་ཡོད་ཙམ་དེ། ཟངས་ཀྱི་མཚན་ཉིད་གྱོང་བ་དང༌། ཁ་དོག་ངན་པ་དེའི་ངོ་བོར་གནས་པ་མེད་དེ། རོ་བཅུད་ཆེན་པོ་གསེར་འགྱུར་རྩི་བྱུགས་པའི་སྦྱོར་བས་ཟངས་ཀྱི་དྲི་མའི་ཆ་ཁ་དོག་ངན་པ་དང༌། གྱོང་བ་དང༌། བསྲེགས་བཅད་ཀྱིས་འཇིག་པའི་ཆ་དེ་ནི་ཉམས་པར་འགྱུར་མོད། དེའི་དངོས་པོ་ཡོད་པ་ཉིད་ནི་ཉམས་པ་མེད་དེ། སྔོན་ཟངས་ཀྱི་བོངས་ཇི་ཙམ་ཡོད་པ་དེ་ཙམ་དུ། དྲི་མ་མེད་པ་དང་ཁ་དོག་གསལ་བ་དང༌། གཉེན་པ་དང༌། བསྲེགས་བཅད་ཀྱིས་མི་འཇིག་པའི་ཆོས་ཅན་གསེར་ཉིད་ཀྱི་ངོ་བོས་


TNT02_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཡིན་ནོ། །དེའི་ཚེ་ཟངས་ཀྱི་རང་བཞིན་ཡོད་ཉིད་ཙམ་གདོད་ནས་དག་པ་དེ་ལ་ལྷན་སྐྱེས་ཀྱི་དྲི་མ་ཁ་དོག་ངན་པ་སོགས། རྩད་ནས་སྤངས་པས་དག་པ་གཉིས་ལྡན་གྱི་དཔེའོ། །དེ་བཞིན་དུ་འཁོར་བའི་དུས་ན། སེམས་དང་སྒྲིབ་པ་འབྲལ་མི་ཤེས་པ་ལྟར་སྣང་ཡང༌། སེམས་སྒྲིབ་པའི་ངོ་བོར་མེད་དེ། སེམས་ཀྱི་དྲི་མ་ཡང་དམིགས་བཅས་ཀྱི་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་སྦྱོར་བས། རྣམ་པར་ཉམས་པར་འགྱུར་ཏེ། སེམས་དེའི་རང་བཞིན་ཡེ་ཤེས་ཉིད་ནི་ནམ་ཡང་ཉམས་པ་མེད་ལ། གདོད་ནས་དྲི་མས་མ་གོས་པའི་སྟེང་དུ། གློ་བུར་བ་བཅོམ་སྟེ་ཕྱིས་མི་སྐྱེ་བས། དག་པ་གཉིས་ལྡན་དྲི་མེད་ཉིད་ཀྱིས་ཡང་དག་པར་གནས་སོ། །དོན་འདི་ནི་ཐེག་པ་ཆེན་པོ་རྒྱུད་བླ་མ་དང༌། ཆོས་དབྱིངས་བསྟོད་པ་ལས་ཤིན་ཏུ་རྒྱས་པར་གསུངས་སོ། །དག་པ་གཉིས་ལྡན་དྲི་མེད་ཁོ་ནར་གནས་པའི་རྒྱུ་མཚན་ནི། ཇི་ལྟར་བཅུད་ཀྱིས་ཕུག་པའི་ལྕགས་གསེར་དུ་གྱུར་པ་ནི། སླར་ཡང་ལྕགས་ཉིད་དུ་རྗེས་སུ་འགྲོ་བ་མིན་པ་དེ་བཞིན་དུ། མི་འགྱུར་བའི་བདེ་བས་ཕུག་པའི་སེམས། བདེ་ཆེན་དོན་དམ་པ་དེ། སླར་ཡང་སྡུག་བསྔལ་འཁོར་བའི་ཆོས་ཉིད་དུ་ལོག་ཏེ་རྗེས་སུ་འགྲོ་བ་སྲིད་པ་མིན་ནོ། །གསུམ་པ་ནི། ཆགས་བྲལ་ལས་གཞན་སྡིག་པ་མེད། །བདེ་བ་ལས་གཞན་བསོད་ནམས་མེད། །དེ་ཕྱིར་འགྱུར་མེད་བདེ་བར་སེམས། །མི་བདག་རྟག་ཏུ་གནས་པར་བྱ། །གཞོན་ནུ་མ་ཡི་དགའ་བ་ནི། །མེད་པར་བདེ་བ་སྨྲ་མི་ནུས། །ལང་ཚོའི་དགའ་བ་ཐོབ་པ་ན། །བདེ་བ་ཆེན་པོ་རང་གིས་རིག །དེ་བཞིན་ཏིང་འཛིན་དང་བྲལ་བའི། །བདེ་བ་སྨྲ་བར་ནུས་མ་ཡིན། །འགྱུར་མེད་ཏིང་འཛིན་ཐོབ་པ་ན། །རྣལ་འབྱོར་པ་ཡིས་རང་རིག་འགྱུར། །འགྱུར་མེད་ལས་སྐྱེས་བདེ་རིག་པ། །ཐམས་ཅད་མཁྱེན་ལའང་ཐེ་ཚོམ་ཟ། །དེ་ལྟར་ན་ཡང་ཡིད་བདེ་མིན། །ཆགས་བྲལ་ཉིད་དུ་མི་བྱའོ། །འདིར་གཞན་ཞེས་པ་ནི་བར་ཞེས་པའི་སྒྲ་ལས། མཆོག་གམ་ཆེ་བ་ལ་ཡང་འཇུག་པས། བདེ་བ་ཉམས་པའི་ཆགས་བྲལ་ལས་གཞན་ཏེ། ཆེ་བའི་


TNT02_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་མེད་ཅིང༌། བདེ་བ་མ་ཉམས་པ་ལས་གཞན་ཏེ་ཆེ་བའི་བསོད་ནམས་དགེ་བ་མེད་པས། དེའི་ཕྱིར་བདེ་བའི་མཆོག་འགྱུར་མེད་ཀྱི་བདེ་བར་སེམས་རྟག་ཏུ་གནས་པར་བྱའོ། །མི་བདག་ཅེས་པ་ནི་བོད་པའོ། །འོ་ན་མི་འགྱུར་བའི་བདེ་བ་དེ་ད་ལྟ་དངོས་སུ་མ་མཐོང་ན་ཇི་ལྟར་ཡིད་ཆེས་ཞེ་ན། འཕགས་པ་རྣམས་ཀྱི་སོ་སོར་རང་གིས་རིག་པས་གྲུབ་པའི་ཕྱིར། འཕགས་པའི་ཚིག་ལ་ཡིད་ཆེས་པར་བྱའོ། །ཞེས་པའི་དོན་ལ་གཞོན་ནུ་མ་བྱིས་པ་ཆུང་ངུའི་རྒྱུད་ལ་དགའ་བའི་བདེ་བ་མངོན་དུ་གྱུར་པ་མེད་པས། འདི་ལྟར་མྱོང་ངོ་ཞེས་མི་ཤེས་ལ། གཞན་ལ་སྨྲ་མི་ཐུབ་ཀྱང༌། ནམ་ཞིག་ལང་ཚོ་མར་གྱུར་ཏེ་དགའ་བ་ཐོབ་པ་ན། བདེ་བ་ཆེན་པོ་རང་གིས་རིག་ཅིང་ཤེས་སོ། །དེ་བཞིན་དུ་ཏིང་ངེ་འཛིན་གྱི་ཡན་ལག་དང༌། བྲལ་བ་སྟེ་མ་ཐོབ་པའི་གང་ཟག་གིས། མི་འགྱུར་བའི་བདེ་བ་མ་རིག་ཅིང༌། མ་ནོར་བར་སྨྲ་ནུས་པ་མ་ཡིན་ཀྱང༌། འགྱུར་བ་མེད་པའི་ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་པ་ན། རྣལ་འབྱོར་པ་རང་ཉིད་ཀྱིས་ཉམས་སུ་མྱོང་བས་རང་རིག་གྀས་རྟོགས་པར་འགྱུར་རོ། །དེ་ལྟར་ནའང་དེ་མ་ཐོབ་པས་སངས་རྒྱས་རྣམས་ཀྱི་བདེ་བ་ཆེན་པོའི་སྐུ། ཐིག་ལེ་མི་འགྱུར་བ་ལས་ཐོབ་བོ་ཞེས་པ་འདི་ལ་ཐེ་ཚོམ་ཟའོ་སྙམ་པ་ལ་གདམས་པ་ནི། འགྱུར་མེད་ལས་སྐྱེ་སོགས་ཏེ་འདི་ལ་འབྲོ་འགྱུར་ལས། ཐམས་ཅད་མཁྱེན་པ་མ་ཐོབ་པས། འགྱུར་མེད་ལས་སྐྱེས་ཐེ་ཚོམ་སྟེ། །ཞེས་འབྱུང་བ་ལྟར་བདེ་སྟེ། རྒྱ་སྐད་དང་ཡང་མཐུན་ནོ། །དེ་ཡང་ཐམས་ཅད་མཁྱེན་པའི་གནས་མ་ཐོབ་པས་དེ་འགྱུར་མེད་ལས་སྐྱེས་མ་སྐྱེས་ཐེ་ཚོམ་ཟ་བས། འཛག་མེད་ཀྱི་ལམ་ལ་མི་གུས་སོ་སྙམ་ན། རེ་ཞིག་དེ་ཞོག་ཅིགདེ་ལྟར་ཡང་འཁོར་བའི་ཆགས་པ་ཉིད་ལས་ཀྱང༌། ཐིག་ལེ་མ་འཕོས་པ་ནི། དགའ་བ་ཕུན་སུམ་ཚོགས་པ་དང་ལྡན་ལ་འཕོས་པ་ན་ཡིད་བདེ་བ་མིན་ཞིང༌། ལང་ཚོ་ལ་སོགས་པ་ཕུན་སུམ་ཚོགས་པ་ཉམས་པར་བྱེད་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར་ན། བདེ་བ་ཉམས་པའི་ཆགས་བྲལ་ཉིད་དུ་མི་བྱའོ། །ད་ནི་དེ་ལས་འཕྲོས་པའི་ཚུལ་


TNT02_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ། གསུམ་པ་སྒྲིབ་པའི་གཙོ་བོ་འཕོ་བའི་ཉེས་དམིགས་བསྟན་པ་ནི། འཕོས་པ་ལས་ནི་ཆགས་བྲལ་འགྱུར། །ཆགས་བྲལ་ལས་ནི་སྡུག་བསྔལ་འབྱུང༌། །སྡུག་བསྔལ་སྐྱེས་བུའི་ཁམས་ཟད་བྱེད། །ཟད་པ་ལས་ནི་འཆི་བར་བརྗོད། །ཤི་ནས་སླར་ཡང་དེ་རྣམས་ཀྱི། །སྲིད་པའོ་སྲིད་ལས་སླར་འཆི་འཕོ། །དེ་ལྟར་སེམས་ཅན་གྱི་སྲིད་པ། །ཆགས་བྲལ་ལས་བྱུང་གཞན་དུ་མིན། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །འཕོ་བའི་ཆགས་པ་རྣམ་པར་སྤངས། །གང་གིས་འགྱུར་མེད་བདེ་བར་འགྱུར། །རྣལ་འབྱོར་འཁོར་བ་བཅིངས་པ་ཡིས། །འདོད་ལྡན་ཡང་ནི་ཆགས་བྲལ་བར། །འདོད་པའི་བསྟན་བཅོས་སུ་མི་འདོད། །བདག་གིས་བརྗོད་པའི་རྒྱུད་དུ་སླར། །རྣལ་འབྱོར་པ་ཞེས་སྡུག་བསྔལ་འདོད། །ཅེས་གསུངས་ཏེ། དེ་ཡང་ཐིག་ལེ་འཕོས་པས། ཚད་མེད་བཞི་ཉམས། ཉོན་མོངས་བཞི་སྐྱེའོ། །འདོད་ཆགས་ཉམས་པས་སྡིག་སྟེ་གང་ཕྱིར་ཤིན་ཏུ་སྡུག་མ་ལ་ནི་ཞེ་སྡང་སྐྱེ། །སྡང་ལས་གཏི་མུག་འདི་ལས་རང་གི་རྡོ་རྗེ་ལྷུང་ལས་སེམས་ནི་རྟག་རྨོངས་ཏེ། །མཆོག་མིན་མ་ལུས་བཟའ་དང་བཏུང་བ་ལ་སོགས་ཡུལ་གཞན་དག་ལ་རབ་ཏུ་འཇུག །དེ་ཡིས་སེམས་ལ་ཅོ་དྲིས་བདེ་བ་ཉམས་ཤིང་སྐྱེ་བ་དྲུག་ཏུ་འཁོར་བར་འགྱུར། །ཞེས་སོ། །དེ་ཡང་ཆགས་དགའི་བདེ་བ་འཕེལ་བའི་བདག་ཉིད་སྙིང་རྗེ། ཞེ་སྡངཉམས་པའི་བདག་ཉིད་བྱམས་པ། གཏི་མུག་ཟད་པའི་བདག་ཉིད་དགའ་བ། མི་འགྱུར་བའི་བདག་ཉིད་ནི་བཏང་སྙོམས་སོ། །དེ་ཡང་ཐིག་ལེ་འཕོས་པ་ཉིད་ན་སྡིག་པ་སྟེ་སྙིང་རྗེ་ཟད་པ་དང༌། སྡུག་མ་ལ་ཡིད་འོང་གི་མཛའ་བ་ཉམས་པའི་ཞེ་སྡང་དང༌། དགའ་བ་ཉམས་ཤིང་རྨོངས་པས་གཏི་མུག་དང༌། བདག་ཏུ་རྨོངས་པ་བཏང་སྙོམས་ཟད་པའི་མཚན་ཉིད་ཅན་གཞན་ལ་སྡང་བ་དང་འགྱུར་བ་ལ་སྲིད་པ་རྣམས་རིམ་པས་འབྱུང་ངོ༌། །དེ་ལྟ་བུའི་མ་རིག་པ་ཉོན་མོངས་པ་དེ་ལས་ནི་འདུ་བྱེད་སོགས་ཡན་ལག་བཅུ་གཉིས་ཀྱི་འཁོར་ལོ་སྐོར་བར་འགྱུར་རོ། །འདིར་འཁོར་བ་འཇུག་པའི་ཚུལ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཏེ། དེ་ཡང་རྩ་བའི་མ་རིག་པ་ནི་འགྱུར་བདེའི་བག་


TNT02_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་བཤད་མ་ཐག་པ་དེ་ཡིན་ལ། དེའི་དབང་ལས་བྱུང་བ་ནུས་པ་བཞི་དང༌། དེས་སྐྱེད་པའི་བསམ་པ་བཞིའོ། །དེ་དག་ཀྱང་དངོས་པོ་རྣམས་གསལ་བར་བྱེད་པ་འདོད་པ་དང༌། ཡིད་འཇུག་པར་བྱེད་པ་བྱ་བ་དང༌། དོན་ངེས་ཤིང་རྟོག་པ་དང་ཡུལ་གྱི་རྣམ་པ་འདྲེས་པར་བྱེད་པ་ཡེ་ཤེས་དང༌། དེ་རང་ཤུགས་ཀྱི་ལེགས་པ་སྟོང་པར་བྱེད་པ་ནི་བཞི་པའི་ནུས་པ་སྟེ། བག་ཆགས་གསར་པ་བསྐྱེད་ཅིང་རྙིང་པ་གསོས་འདེབས་པར་བྱེད་པའི་སེམས་སོ། །འཆི་ཁའིདུས་ཀྱྀ་དགེ་བའི་བསམ་པ་ནི་ཞི་བའི་བསམ་པ་སྟེ། སྙིང་སྟོབས་ཀྱི་ཡོན་ཏན་ལྷའི་སྐྱེ་བར་འགྲོ་བའི་རྒྱུའོ། །དེ་དུས་ཀྱི་མི་དགེ་བའི་བསམ་པ་དྲག་པོ་ནི་མུན་པའི་བསམ་པ་སྟེ། མུན་པའྀ་ཡོན་ཏན་དམྱལ་བ་དང༌། དེ་དུས་ཀྱི་མི་དགེ་བ་འབྲིང་པོ་ནི་རྡུལ་གྱི་བསམ་པ་རྡུལ་གྱི་ཡོན་ཏན། འབྱུང་པོ་དང༌། དེ་དུས་ཀྱི་དགེ་མི་དགེ་འདྲེས་པ་ནི། འདྲེས་པའི་བསམ་པ་སྟེ་ཡོན་ཏན་གསུམ་འདྲེས་པ། མི་དང་དུད་འགྲོའི་སྐྱེ་བའི་རྒྱུའོ། །དེ་ལས་འབྲས་བུའི་སྐྱེ་བ་ནི་སད་པའི་གནས་སྐབས་ལ་གཙོ་བོར་སྤྱོད་པ་དམྱལ་བ་ལྷ་མིན་གཉིས། རྨི་ལམ་ལ་གཙོ་བོར་སྤྱོད་པ་ལྷ་དང་ཡི་དྭགས་གཉིས། གཉིད་འཐུག་ལ་གཙོ་བོར་སྤྱོད་པ་མི། བཞི་པ་ལ་གཙོ་བོར་སྤྱོད་པ་དུད་འགྲོ་སྟེ། གནས་སྐབས་བཞི་ལ་འགྲོ་བ་དྲུག་སྦྱར་བ། རྒྱུ་དང་འབྲས་བུ་ཕན་ཚུན་རྒྱས་བཏབ་ཀྱི་ཚུལ་ལོ། །དེ་ལྟར་ན་སྐྱེ་བ་སྔ་མའི་ནུས་པ་བཞི་དང་བསམ་པ་བཞི་ལས། འཆི་གར་སྟོང་པ་ལ་ཞུགས་པ་ཡན་ཆད་ནི་མ་རིག་པ་དང༌། མངལ་དུ་ཉིང་འཚམས་སྦྱོར་བཞིན་པ་ལས་ཀྱིས་འཁྲིད་པ་ནི་འདུ་བྱེད། །ཉིང་མཚམས་སྦྱར་མ་ཐག་པའི་ཤེས་པ་ནི་རྣམ་ཤེས། ཁམས་དྲུག་འཕེལ་བ་ནི་མིང་གཟུགས། དབང་པོ་དོད་པ་ནི་སྐྱེ་མཆེད་དྲུགདེས་ཡུལ་ཕྲ་མོ་འཛིན་པའི་ནུས་པ་རྙེད་པ་ནི་རེག་པ། ཡུལ་ཉམས་སུ་མྱོང་བ་ནི་ཚོར་བ་སྟེ། མངལ་དུ་ཟླ་བ་བདུན་པ་མན་ཆད་དོ། །སྲིད་པའི་ལོངས་སྤྱོད་བདེ་སྡུག་ལ་བླང་དོར་དུ་སྲེད་པ་ནི་སྲེད་པ། ཡན་ལག་གཡོ་བ་ནི་ལེན་པ། བཙས་པའི་གནས་སྐབས་སུ་རླུང་རྒྱུ་བ་ནི་སྲིད་པ། དེ་ནས་བརྩམས་ཏེ་བྱིས་པ་དང་ལང་ཚོའི་བར་ནི་སྐྱེ་བ། རྒས་པ་དང་འཆི་བའི་གནས་སྐབས་ནི་རྒ་ཤི་སྟེ།


TNT02_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྙིང་འགྲེལ་ལས། འཆི་བར་མ་རིག་འཇུག་པ་ཡི། །འདུ་བྱེད་དེ་ནས་སྐྱེ་བར་འབྱུང༌། །ཞེས་དང༌། མི་བསྐྱོད་ལ་སོགས་གང་ཞུགས་པ། དེ་ནས་རྣམ་ཤེས་སྲིད་པའོ། །དེ་ནས་མིང་དང་གཟུགས་འགྱུར་ཏེ། ཁམས་དྲུག་བདག་ཉིད་དེ་ནས་སོ། །ཞེས་དང༌། རེག་ན་མིག་ལ་སོགས་པ་དང༌། གཟུགས་སོགས་ལྷན་ཅིག་སྦྱོར་བའོ། །དེ་ནས་ཚོར་བ་སྐྱེ་འགྱུར་ཏེ། །ཞེས་དང༌། སྲིད་པའི་ལོངས་སྤྱོད་བདག་ཉིད་ནི། དེ་ལས་སྲེད་པ་སྐྱེ་བར་འགྱུར། །རྐང་དང་ལག་པ་རྐྱང་བ་ནི། །དེ་ནས་ཉེ་བར་ལེན་པར་བརྗོད། །བྱིས་པ་སྲོག་དག་འབྱུང་བ་ནི། །དེ་ནས་སྲིད་པ་སྐྱེ་བར་འགྱུར། །བྱིས་པ་རྟག་ཏུ་བརྗོད་པ་ནི། །དེ་བས་སྐྱེ་བའི་འདུ་ཤེས་སོ། །ཞེས་གསུངས་ཏེ། འདི་ནི་སྐྱེ་བ་གཉིས་ལ་སོགས་པས་རྫོགས་པའི་ལུགས་ཡིན་ལ། མངལ་གྱི་ཟླ་བ་དང་པོ་མ་རིག་པ་སོགས། ཟླ་བ་རེ་རྟེན་འབྲེལ་རེ་ལ་སྦྱར་བ་ནི། སྐྱེ་བ་གཅིག་ལ་བཅུ་གཉིས་ཀ་ཚང་བའི་དབང་དུ་མཛད་པ་སྟེ། ཞིབ་པར་གཞན་དུ་རྟོགས་པར་བྱའོ། །དེ་ཡང་བྱང་ཆུབ་ཀྱི་སེམས་འཕོས་པ་ལས་ནི་ཆགས་པ་སྟེ་དགའ་བའི་བདེ་བ་དང་བྲལ་བར་འགྱུར་ལ། ཆགས་བྲལ་ལས་ནི་སེམས་སྡུག་བསྔལ་དུ་འབྱུང་ཞིང༌། སྡུག་བསྔལ་གྱིས་སྐྱེས་བུའི་ལུས་ཀྱི་ཁམས་ཟད་པར་བྱེད་ལ། ཁམས་ཟད་ལས་ནི་རྒ་བ་དང༌། ན་བ་དང་ཐ་མར་འཆི་བར་བརྗོད་དོ། །ཤི་བ་ལས་སླར་ཡང་དེ་རྣམས་ཀྱི་བར་དོའི་སྲིད་པ་རྒྱུད་ནས་སྐྱེ་བའི་སྲིད་པར་མཚམས་སྦྱོར་རོ། །སྲིད་པ་སྐྱེ་བ་བཟུང་བ་ལས་སླར་ཡང་འཆི་འཕོ་བ་སོགས། འཁོར་ལོ་ལྟར་འཁོར་བ་སྟེ། དེ་ལྟར་སེམས་ཅན་རྣམས་ཀྱི་སྲིད་པ་འཁོར་བ་ནི། རྩ་བ་འཛག་བདེ་ཁམས་འཕོས་པའི་ཆགས་བྲལ་ལས་འབྱུང་བས། འཛག་བདེ་ལས་གཞན་དུ་རྒྱུའི་གཙོ་བོ་ཡོད་པ་མིན་ནོ། །དེའི་ཕྱིར་རྣལ་འབྱོར་པ་ལམ་ལ་བརྩོན་པ་དང་པོའི་ལས་ཅན་ཉིད་ནས་ཀྱང༌། ཐབས་འབད་པ་ཐམས་ཅད་ཀྱིས་འཕོ་བའི་ཆགས་པ་རྣམ་པར་སྤངས་ཏེ། ཐིག་ལེ་འགྱུར་མེད་ཀྱི་སྒྲུབ་པ་ལ་བརྩོན་པར་བྱའོ། །རྣལ་འབྱོར་པ་གང་ཞིག་འཁོར་བའི་རྒྱུ་འཛག་བདེ་བཀག་ཅིང་བཅིངས་པ་ཡིས་ཏེ། འདི་ལྟ་བུའི་ཐབས་གང་གི་སྒྲུབ་ན་


TNT02_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མེད་ཀྱི་བདེ་བ་ཐོབ་པར་འགྱུར་རོ། །ཐེག་པ་མཆོག་གི་རྣལ་འབྱོར་པས་དེ་ལྟར་བྱ་དགོས་པར་མ་ཟད། འདོད་ལྡན་འཇིག་རྟེན་པའི་བདེ་བ་ཙམ་དོན་དུ་གཉེར་བ་ཉོན་མོངས་ཀྱི་གཉེན་པོའི་ཆོས་ཁས་མི་ལེན་པ་མུ་སྟེགས་བྱེད་ལ་སོགས་པ་རྣམས་ཀྱང་ནི། དབང་ཕྱུག་ལ་སོགས་པས་བྱས་པའི་འདོད་པའི་བསྟན་བཅོས་སུ་ཡང༌། རྫས་དང་སྔགས་དང་བྱེད་བཅིངས་དང༌། ཡི་གེ་སོགས་ཐབས་སྣ་ཚོགས་ཀྱི། བདེ་བ་མ་ཉམས་པ་དོན་དུ་གཉེར་གྱི། བདེ་བ་ཉམས་པའི་ཆགས་བྲལ་མི་འདོད་ཅིང་དོན་དུ་མི་གཉེར་ན། དེ་བཞིན་གཤེགས་པ་བདག་གིས་བརྗོད་པ་སྟེ་གསུངས་པའི་རྒྱུད་དུ་ལྟ་སྨོས་ཀྱང་ཅི་དགོས་པ་ལས། སླར་ཡང་འཇིག་རྟེན་ལས་འདས་པའི་ཆོས་ལ་བརྟེན་པ། ཉོན་མོངས་ལས་གྲོལ་བར་བྱེད་པའི་ཆོས་ལ་ཞུགས་པ་དང་རྡོ་རྗེ་འཛིན་པའི་ལམ་སྒོམ་པ་དང༌། སངས་རྒྱས་པར་ཁས་འཆེ་བའི་རྣལ་འབྱོར་པ་དགསྡུག་བསྔལ་གྱི་རྒྱུ་འཕོ་བའི་བདེ་བ་ཅིའི་ཕྱིར་འདོད་པར་བྱེད་ཅེས་དྲག་ཏུ་བཀྱོན་པའོ། །བཞི་པ་ཉེས་དམིགས་ཅན་གྱི་འགྱུར་བདེ་འགགས་མཚམས་ནི། ཁུ་བ་མི་འགྱུར་རང་བཞིན་གྱིས་མཆོག་ཏུ་མི་འགྱུར་སྒྲུབ་པར་བྱ། བརྟེན་ནི་འཕོ་བ་ཐོབ་པ་ན། རྟེན་པ་འདོད་ཆགས་བྲལ་བ་ཉིད། །ཅེས་པ་ལ། བརྟེན་ཁུ་བ་མི་འགྱུར་བའི་རང་བཞིན་ཏེ་ཐབས་ཀྱི་དངོས་པོས། མཐར་ཐུག་མཆོག་ཏུ་མི་འགྱུར་བའི་བདེ་བ་བསྒྲུབ་པར་བྱ་དགོས་ཏེ། དེ་ལས་བཟློག་སྟེ། བརྟེན་ཁུ་བ་འཕོ་བའི་གནས་སྐབས་ཐོབ་པ་ན། རྟེན་པའི་སེམས་ཀྱང་དགའ་བའི་འདོད་ཆགས་དང་བྲལ་བར་འགྱུར་རོ། །རྟེན་དང་བརྟེན་པ་ལེགས་རྫོགས་པ། །ཇི་སྲིད་འགྱུར་མེད་ཉིད་དུ་འགྲོ། །སེམས་ཀྱི་འགྱུར་མེད་ཉིད་ཐོབ་ན། །རྟེན་དང་བརྟེན་པའི་མཚན་ཉིད་མེད། །ཅེས་པ་ལ། ཇི་སྲིད་དེ་ཇི་ཙམ་དུ། བརྟེན་ཐིག་ལེ་དཀར་དམར་ལེགས་པར་ཡོངས་སུ་རྫོགས་པར་མི་འགྱུར་བའི་ཐིག་ལེར་གྱུར་པ་དང༌། རྟེན་པ་སེམས་མི་འགྱུར་བའི་སྐད་ཅིག་ལེགས་པར་རྫོགས་པ་དེ་སྲིད་ན། ལུས་ངག་ཡིད་གསུམ་ཐམས་ཅད་འགྱུར་མེད་གཅིག་པུ་ཁོ་ན་ཉིད་དུ་འགྲོ་བར་འགྱུར་རོ། །སེམས་ཀྱི་གནས་ལུགས་འགྱུར་མེད་ཀྱི་གོ་འཕང་ཉིད་ཐོབ་པ་ན། སྔར་


TNT02_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལྟར་ལུས་ཀྱི་ཆོས་རྣམས་ཀྱང་སེམས་ལ་ཐིམ་པའི་ཕྱིར། བརྟེན་ལུས་དང་རྟེན་པ་སེམས་ཀྱི་མཚན་ཉིད་སོ་སོར་ངེས་པའི་དབྱེ་བ་མེད་སྟེ། སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པར་གྱུར་པའི་ཕྱིར་རོ། །རྟེན་བརྟེན་པ་འགགས་ཚུལ་ནི། རྣམ་པ་ཐམས་ཅད་རང་བཞིན་འཛིན་ཞེས་པའི་སྐབས་སུ་བཤད་ཟིན་ཏོ། །གཉིས་པ་ཟུང་འཇུག་གཉིས་མེད་ཀྱི་མཚན་ཉིད་རྒྱས་པར་བཤད་པ་ལ། གཉིས་མེད་ཡེ་ཤེས་ཀྱི་སྐུའི་དཀྱིལ་འཁོར་ངོས་བཟུང་བ། དེའི་ཁྱད་ཆོས་ལ་མཐའ་བཅད་པའོ། །དང་པོ་ནི། འགྱུར་མེད་ལས་བྱུང་སྐུ་ཡི་ནི། །མཛོད་སྤུའི་འཁོར་ལོ་སོན་པའི་ཡང༌། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཧཱུཾ་ཡིག་མི་འདོད་མི་ཡི་བདག །ཅེས་པ་སྟེ། དེ་ཡང་འགྱུར་མེད་ཀྱི་བདེ་བ་རྫོགས་པ་ལས་བྱུང་བའི་ཟུང་འཇུག་སྐུ་སྟེ། ཕུང་ཁམས་སོ་དྲུག་ཐམས་ཅད་སྒྲིབ་བྲལ་དཀྱིལ་འཁོར་གྱི་འཁོར་ལོར་གྱུར་པ་ནི། དུས་ཀྱི་འཁོར་ལོ་དང༌། དགྱེས་པ་རྡོ་རྗེ་དང༌། འཁོར་ལོ་སྡོམ་པ་དང༌། གསང་བ་འདུས་པ་དང༌། སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་དུ་མས་བསྙད་པ་སྟེ། སྐུ་འདིའི་རྒྱུ་ལ་རྟོག་པས་སྒོམ་པའི་ཨཱ་ལི་ལས་བྱུང་བ་ཟླ་བའི་དཀྱིལ་འཁོར་དང༌། ཀཱ་ལི་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་མཉམ་པར་སྦྱོར་བ་དང༌། ཧཱུཾ་ཡིག་ལ་སོགས་པ་ས་བོན་ནམ་ཕྱག་མཚན་དང་གཅིག་ཏུ་འདྲེས་པ་ལས་སྐྱེད་པ་ནི་མི་འདོད་དེ། མཛོད་སྤུའི་འཁོར་ལོར་སོན་པའི་བྱང་ཆུབ་ཀྱི་སེམས་སྤྱི་བོར་གང་བ་ལས། དཀར་ཆ་མི་འགྱུར་བའི་ཐིག་ལེར་རིམ་པའི་ཟླ་བ་དང༌། དམར་ཆ་ཡང་དེར་ཐིམ་པའམ་ནོར་བུར་ཐིམ་པའི་ཉི་མ་དང༌། ལས་རླུང་དང་ཡིད་སོགས་རྣམ་ཤེས་འགགས་པའི་ས་བོན་ཕྱག་མཚན་དང་གཅིག་ཏུ་འདྲེས་པ་སྟེ། འགྱུར་བ་མེད་པའི་མངོན་བྱང་ལྔ་ལས་བྱུང་ཞིང་འཁྲུངས་པའོ། །འདིར་འགྱུར་མེད་ཅེས་པ་ལས་འཕྲོས་ནས་འགྱུར་མེད་ལྔའམ་དྲུག་གི་རང་བཞིན་ཨེ་བཾ་ཟུང་འཇུག་གི་དོན་རྒྱས་པར་བཤད་ན་ལེགས་པོར་འགྱུར་ལ། གཞན་ཡང་དོན་འདི་རྒྱས་པར་མཐའ་ཆོད་པ་དང་བཅས་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བལྟ་ཞིང༌། རྒྱུད་སྡེ་གཞན་རྣམས་ལས་འབྱུང་བ་མངོན་


TNT02_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱང་ཆུབ་པའི་རིམ་པ་ལས་མི་གནས་པའི་མྱ་ངན་ལས་འདས་པ་སྤྲོ་བ་དང༌། ཨཱ་ལི་ཀཱ་ལི་ཉེ་རྒྱུ་མངོན་བྱང་ལྔ་ལ་སོགས་པ་ཡང༌། དོན་འདི་ཉིད་གསལ་བར་བྱེད་པའོ། །གཉིས་མེད་ཡེ་ཤེས་ཀྱི་སྐུའི་ཁྱད་པར་གསལ་པོར་བསྟན་པའོ། །དང་པོ་ནི། སྟོང་པ་ལས་བྱུང་གཟུགས་བརྙན་རྒྱུ། །མི་འགྱུར་ལས་སྐྱེས་བདེ་བ་འབྲས། །རྒྱུ་ནི་འབྲས་བུས་རྒྱས་བཏབ་ཅིང༌། །འབྲས་བུ་རྒྱུ་ཡིས་རྒྱས་བཏབ་པའོ། །སྟོང་ཉིད་གཟུགས་བརྙན་འཛིན་པ་རྒྱུ། །སྙིང་རྗེ་འགྱུར་མེད་འཛིན་པ་འབྲས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་དེ་མི་འཕོ་བའོ། །ཞེས་པ་ལ་བདེ་སྟོང་ཟུང་འཇུག་ཏུ་བསྟན་པ་དང༌། སྟོང་པ་དང་བདེ་བ་རྒྱུ་འབྲས་ཀྱི་གཟུགས་སུ་གཞག་པར་རྟོགས་ཏེ། སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་སྟོང་པ་ལས་བྱུང་བ་སྟེ་སྟོང་པའི་རང་བཞིན་གྱི་གཟུགས་བརྙན་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ནི་རྒྱུའི་ཚུལ་ཡིན་ལ། ཐིག་ལེ་མི་འགྱུར་བ་ལས་སྐྱེས་པ་སྟེ་མི་འགྱུར་བ་ལས་གྲུབ་པའི་བདེ་བ་ནི་འབྲས་བུ་ཞེས་བྱ་སྟེ། རྒྱུ་སྟོང་ཉིད་དེ་ཉིད་འབྲས་བུ་བདེ་བ་ཆེན་པོའི་ངོ་བོར་གྱུར་པའི་ཕྱིར། རྒྱུ་ལ་འབྲས་བུའི་རྒྱས་བཏབ་པ་དང༌། འབྲས་བུ་བདེ་ཆེན་དེ་ཉིད་རྒྱུ་སྟོང་གཟུགས་རྣམ་པ་ཐམས་ཅད་པར་འཆར་བའི་ཕྱིར། འབྲས་བུ་ལ་རྒྱུ་ཡིས་རྒྱས་བཏབ་པའོ། །ཡང་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་རྒྱུ་འབྲས་ཟུང་འཇུག་ནི་ཡང་དག་པའི་སྟོང་ཉིད་གཟུགས་བརྙན་གྱི་མཚན་ཉིད་འཛིན་པ་སྟེ་གཟུགས་བརྙན་གྱི་རྣམ་པར་འཆར་བ་དེ་རྒྱུ་ཡིན་ལ། སྙིང་རྗེ་ཆེན་པོ་ཐིག་ལེ་འགྱུར་མེད་ཀྱི་བདེ་བའི་མཚན་ཉིད་འཛིན་པ་ནི་འབྲས་བུ་སྟེ། དེ་ལྟ་བུའི་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་ནི། དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། དེ་ནི་གདོད་མའི་ཆོས་དབྱིངས་ཡིན་པའི་ཕྱིར། རང་གི་ངོ་བོ་འཕོ་འགྱུར་མེད་པས་མི་འཕོ་བའོ། །དེ་འདྲ་བའི་སྟོང་ཉིད་སྙིང་རྗེ་དབྱེར་མེད་དེ་ནི་གདོད་མ་ནས་གྲུབ་པའི་མི་འགྱུར་བའི་བདེ་བ་ཡིན་ཡང༌། རྣལ་འབྱོར་པས་ཇི་སྲིད་མི་འགྱུར་བའི་ཐིག་ལེ་མ་གྲུབ་ཀྱི་བར་དུ། རྣལ་


TNT02_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་དེ་ཉིད་ཀྱིས་མངོན་དུ་མ་གྱུར་ཞིང་མ་རྟོགས་ལ། མངོན་དུ་གྱུར་པ་ན་དེ་ཐོབ་པའོ། །སྟོང་ཉིད་དེ་ལ་མཉམ་པར་བཞག་པས་མི་འགྱུར་བ་དེ། མངོན་སུམ་དུ་ཐོབ་པར་སྣང་བའི་ཕྱིར། སྟོང་ཉིད་ཀྱི་ཆ་ལ་རྒྱུ་དང་བདེ་བའི་ཆ་ལ་འབྲས་བུར་བཤད་པ་ཡིན་གྱི། ངོ་བོའི་སྒོ་ནས་དབྱེ་བ་མེད་པས་རྒྱུ་འབྲས་ཀྱི་དངོས་པོར་གཞག་ཏུ་མེད་དོ། །དེས་ན་སྟོང་ཉིད་རྒྱུར་བྱས་ནས་བདེ་བ་འབྲས་བུར་དངོས་སུ་བྱས་པ་མིན་ཡང༌། སྟོང་ཉིད་རྟོགས་པའི་ལམ་བདེན་ལས་བདེ་བ་རྟོགས་པའི་ལམ་བདེན་སྐྱེ་སྟེ། དཔེར་ན། དུང་གི་མདོག་དབྱིབས་རགས་པ་མཐོང་བ་ལ་དམིགས་ནས། ཡུན་སྲིངས་ཏེ་ཞིབ་མོར་བལྟས་པ་ལས། ཁྱད་པར་མཐའ་དག་ཕྱི་ནས་རྟོགས་པ་ན། དུང་གི་མདོག་དབྱིབས་ལ་མི་འདྲ་བ་གཉིས་རྒྱུ་འབྲས་སུ་མེད་ཀྱང༌། དུང་མཐོང་བའི་ཤེས་པ་སྐད་ཅིག་མ་དང་པོ་རགས་པའི་རྣམ་པ་ཙམ་འཛིན་པ་དེ་ལས། ཤེས་པ་སྐད་ཅིག་མ་ཕྱི་མ་ཕྲ་བའི་རྣམ་པ་འཛིན་པ་སྐྱེ་བ་ན། ཡུལ་ལའང་སྔ་ཕྱི་རྒྱུ་འབྲས་སུ་མིང་བཏགས་བཞིན་ནོ། །གཉིས་པ་ནི། མྱ་ངན་འདས་པ་བྲལ་བའི་གཟུགས། །འཁོར་བ་ལས་འདས་མི་འགྱུར་བ། །དེ་དག་སྦྱོར་བ་གཉིས་མེད་མཆོག །རྟག་དང་ཆད་ལས་ངེས་པར་གྲོལ། །ཞེས་པ་ལ། མྱ་ངན་ལས་འདས་པའི་མཐའ་དང་བྲལ་བར་བྱེད་པའི་ཆོས་ནི་སྟོང་གཟུགས་ཡིན་ཏེ། སྐུ་སྣ་ཚོགས་པ་སྟོན་པས་ཆད་པའི་མྱང་འདས་ལ་མི་གནས་པའི་ཕྱིར་རོ། །འཁོར་བའི་མཐའ་ལས་འདས་པར་བྱེད་པ་ནི་མི་འགྱུར་བའི་བདེ་བ་སྟེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་རྣམ་པ་ཉིད་དང༌། འཁོར་བའི་རྒྱུ་འགྱུར་བདེ་བ་ལོག་པའི་མཚན་ཉིད་ཀྱི་ཕྱིར་རོ། །སྟོང་གཟུགས་ནི་རྣམ་པ་ཐམས་ཅད་པ་དང༌། དངོས་པོ་སྤངས་པའི་ཕྱིར་རྟག་མཐའ་ལས་ངེས་པར་གྲོལ་ཞིང་བདེ་བ་ནི་ངོ་བོ་མི་འགྱུར་བས་རྟག་ཅིང༌། ཉམས་སུ་མྱོང་བར་ཡོད་པས་ཆད་མཐའ་ལས་གྲོལ་བ་སྟེ། རྒྱུ་མཚན་མཚུངས་པའི་ཕྱིར་གཟུགས་ཀྱིས་ཀྱང་རྟག་མཐའ་དང་མི་འགྱུར་བས་ཀྱང་ཆད་མཐའ་ཡང་གནོན་ཏེ། གཟུགས་དང་བདེ་བ་དེ་དག་མཉམ་པར་སྦྱོར་བ་ནི། གཉིས་མེད་ཟུང་འཇུག་མཆོག་སྟེ། མི་གནས་པའི་མྱ་ངན་ལས་འདས་པའོ། །དངོས་མེད་ལས་བྱུང་མཚན་ཉིད་ཕྱིར། །གཟུགས་ནི་དངོས་པོ་མེད་


TNT02_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པ་མིན། །དངོས་པོ་ལས་བྱུང་མཚན་ཉིད་ཕྱིར། །འགྱུར་བ་མེད་པ་དངོས་པོ་མིན། །ཞེས་པ་ལ། སྟོང་གཟུགས་ནི་རྡུལ་ཕྲ་རབ་སྤངས་པས། དངོས་པོར་མེད་ཀྱང་དངོས་པོ་མེད་པའི་དབྱིངས་ལས་རང་བྱུང་རང་ཤར་བའི་ཡེ་ཤེས་ཀྱི་གཟུགས་ཀྱི་མཚན་ཉིད་ཅན་གྱི་ཕྱིར་ཏེ་བྱུང་བ་དང་ཤར་བས་ན། དངོས་པོ་མེད་པ་ཡང་མིན་ནོ། །འགྱུར་མེད་ཀྱི་བདེ་བ་ནི། དམིགས་པ་མེད་པའི་ཕྱིར་དང༌། དངོས་པོ་ཐིག་ལེ་རྣམས་འགགས་པ་ལས་བྱུང་བའི་མཚན་ཉིད་ཀྱི་ཕྱིར། དངོས་པོ་མིན་ལ་བདེ་བ་ཆེན་པོ་ཉིད་དུ་རྟག་པར་ཡོད་པའི་ཕྱིར་དངོས་མེད་ཀྱང་མིན་ནོ། །དངོས་པོ་དངོས་མེད་ཡང་དག་སྦྱོར། །རྡོ་རྗེའི་རྣལ་འབྱོར་གཉིས་མེད་མཆོག །གཟུགས་དང་གཟུགས་མིན་རྣམ་པར་གྲོལ། །པྲ་ཕབ་མེ་ལོང་ལ་བཞིན་ནོ། །ཞེས་པ་ལ། དངོས་པོ་དངོས་མེད་ལས་གྲོལ་བའི་སྟོང་གཟུགས་དོན་དམ་པའི་དངོས་པོ་དང་བདེ་བ་དོན་དམ་པའི་དངོས་མེད་གཉིས་བདེ་སྟོང་ཡང་དག་པར་སྦྱོར་བ་སྟེ། ནམ་ཡང་དབྱེ་བ་མེད་པའི་ཕྱིར། རྡོ་རྗེའི་རྣལ་འབྱོར་ཟུང་འཇུག་གཉིས་སུ་མེད་པའི་མཆོག་གོ། དེ་བཞིན་དུ་རྡུལ་ཕྲ་རབ་སོགས་འདུས་བྱས་ཀྱི་ཆོས་མེད་པས་གཟུགས་ཀྱི་ཆོས་ལས་རྣམ་པར་གྲོལ་བ་དང༌། ཡེ་ཤེས་འདུས་བྱས་ཀྱི་སྣང་བ་རབ་འབྱམས་ཀྱི་ཕྱིར། གཟུགས་མིན་ལས་རྣམ་པར་གྲོལ་བ་སྟེ། པྲ་ཕབ་པའི་མེ་ལོང་ལ་རྐུན་པོའི་གཟུགས་བརྙན་ཤར་ན། ཤ་རུས་ལ་སོགས་པ་མེད་པས་གཟུགས་མིན་ཞིང༌། མདོག་དབྱིབས་ཀྱི་རྣམ་པར་གནས་པས་གཟུགས་མིན་མིན་པ་བཞིན་ནོ། །གཟུགས་ནི་སྲིད་པར་མི་འོང་སྟེ། །འགྱུར་མེད་མྱ་ངན་འདས་མི་འགྲོ །ཕན་ཚུན་འཁྱུད་པ་ཞི་བ་སྟེ། །མ་ནིང་གི་ནི་གོ་འཕང་མཆོག །ཅེས་པ་ལ། སྟོང་གཟུགས་ནི་འཁོར་བའི་ལུས་ངག་ཡིད་གསུམ་ལས་འདས་པའི་ཕྱིར་དང༌། སྟོང་ཉིད་ཡིན་པའི་ཕྱིར་འདིས་སྲིད་པར་མི་འོང་ལ། འགྱུར་མེད་ནི་བདེ་བ་ཆེན་པོ་དང་ཐམས་ཅད་རིག་པ་ཡིན་པའི་ཕྱིར། མྱ་ངན་ལས་འདས་པའི་མཐར་མི་འགྲོ་བའོ། །གོང་དུ་མྱ་ངན་འདས་པ་བྲལ་བའི་གཟུགས་སོགས་དང༌། འདིར་བཤད་པ་གཉིས་སྦྱོར་ཚུལ་གོ་བཟློག་པ་སྟེ། དེས་ན་སྟོང་ག །ཟུགས་ཀྱི་ལྡོག་ཆ་ནས་ཀྱང་འཁོར་འདས་ཀྱི་མཐའ་གཉིས་


TNT02_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་གནོན་ལ། བདེ་བའི་ལྡོག་ཆས་ཀྱང་མཐའ་གཉིས་ཀ་གནོན་ནོ། །དེ་ལྟ་བུའི་ཕྱིར་ན། གཟུགས་དང་འགྱུར་མེད་གཉིས་ཀ་ལ་གཉིས་ཀ་ཕན་ཚུན་འཁྱུད་པ་སྟེ། འབྲལ་མི་ཤེས་པ་ནི་སྤྲོས་པ་ཐམས་ཅད་ཞི་ཞིང༌། ཐབས་ཀྱང་ཡིན་ལ་ཤེས་རབ་ཀྱང་ཡིན་པའི་ཕྱིར། རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་མཆོག་གོ །འདིར་འཁོར་འདས་དང་རྟག་ཆད་དང་ཡོད་མེད་གཟུགས་དང་གཟུགས་མིན་ཏེ། སྤྲོས་པའི་མཐའ་བརྒྱད་སྤངས་པ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྐུ་རྣམ་པ་ཐམས་ཅད་པའི་དཀྱིལ་འཁོར་དང༌། རྣམ་པ་ཐམས་ཅད་པའི་སྒྲ་དབྱངས་སུ་འཆར་བ་གསུང་དང༌། ཆོས་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་འགྱུར་བ་མེད་པ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཐུགས་རྣམས་མིང་འདོགས་དང་ལྡོག་ཆས་དབྱེ་བ་མ་གཏོགས་ངོ་བོའི་སྒོ་ནས་དབྱེ་བ་མེད་པའི་ཡེ་ཤེས་ནི་ཟུང་འཇུག་གོ །དེ་ལྟར་ཡང༌། ལུས་ནི་དྭངས་ཤིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་དངས་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང༌། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་སོ། །དེ་ལྟ་བའི་ཟུང་འཇུག་དེ་ལ་སྤྲོས་པ་མེད་ཅིང་གཉིས་ཆོས་རྣམས་སྤངས་པ་ཡང་ཟུང་འཇུག་གི་དོན་ཕྱོགས་གཅིག་གོ །གསུམ་པ་ནི། ཤེས་རབ་རྒྱུ་ལས་མ་བྱུང་ཞིང༌། །ཤེས་རབ་རྒྱུ་ལས་བྱུང་བ་འབྲས། །ཤེས་རབ་རྒྱུ་ལས་མ་སྐྱེས་ཕྱིར། །ཤེས་རབ་ལས་སྐྱེས་རྒྱུ་སྐྱེས་མིན། །དེ་ཕྱིར་ཡེ་ཤེས་རྒྱུ་སྐྱེས་མིན། །ཤེས་རབ་ཡེ་ཤེས་བླ་ན་མེད། །ཅེས་པ་ལ། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་ཤེས་རབ་ཀྱི་རྒྱུ་ལས་མ་བྱུང་ཞིང༌། སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་ཤེས་རབ་ཀྱི་རྒྱུ་ལས་བྱུང་བའི་འབྲས་བུའི་ཕྱིར། སྟོང་གཟུགས་ཀྱི་ཤེས་རབ་མ་དེ་ཡང་རྒྱུ་ལས་མ་སྐྱེས་པའི་ཕྱིར། སྟོང་གཟུགས་ཀྱི་ཤེས་རབ་མ་ལ་སྙོམས་པར་ཞུགས་པ་ལས་སྐྱེས་པའི་བདེ་བ་དེ་ཡང༌། རྒྱུ་ལས་སྐྱེས་པ་མིན་པས། དོན་དམ་པའི་ཤེས་རབ་ཡེ་ཤེས་དེ་ནི། ཤེས་རབ་ཡེ་ཤེས་བླ་ན་མེད་པ་ཡིན་ཏེ། རྒྱུ་ལས་སྐྱེས་པ་མིན་པར་རང་བྱུང་གདོད་མའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །འདིར་སྟོང་གཟུགས་དང་བདེ་ཆེན་གྱི་


TNT02_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་མཐུན་པ་ལ། སྟོང་གཟུགས་ལས་བྱུང་བའི་བདེ་བ་ཞེས་ཟེར་བ་ནི། གསེར་དང་བུམ་པའི་གཞི་མཐུན་པ་ལ་གསེར་ལས་བྱུང་བའི་བུམ་པ་དང༌། སེང་ལྡེང་དང་ཕུར་བུའི་གཞི་མཐུན་པ་ལ། སེང་ལྡེང་ལས་སྐྱེས་པའི་ཕུར་བུ་ཟེར་བ་བཞིན་དུ། བྱུང་བ་དང་སྐྱེས་པ་ནི་དེའི་བདག་ཉིད་དུ་ཡོད་པའི་མིང་ངོ༌། །འོན་ཀྱང་རྣམ་གཞག་ཙམ་གྱི་རྒྱུ་འབྲས་སུ་ཡང་འཇོག་སྟེ། གསེར་གྱི་རྒྱུ་ལས་བུམ་པ་སྒྲུབས་སོ་ཟེར་བ་བཞིན་དང༌། རྒྱུ་བུ་རམ་ལས་བྱུང་བའི་རོ་མངར་བ་ཞེས་པ་བཞིན་ནོ། །སྟོང་གཟུགས་ལ་རྒྱུ་མེད་པར་བཤད་པ་ནི་འཇིག་རྟེན་ཀུན་རྫོབ་ཏུ་ན། དུ་སྣང་ལ་བུད་ཤིང་ལ་སོགས་པ་དུ་བའི་རྒྱུ་མེད་པ་ལྟ་བུ་ཡིན་ལ། དོན་དམ་པར་ན་རང་བྱུང་གདོད་མའི་སྟོང་ཉིད་ཡིན་པའི་ཕྱིར། སྐྱེད་པའི་རྒྱུད་གཏན་ནས་ཡོད་པ་མ་ཡིན་པས། སྟོང་གཟུགས་ངོ་བོས་ཀྱང་དངོས་པོར་མ་གྲུབ་པའོ། །འབྲས་བུ་རྒྱུ་ཡིས་གཞན་དང་གཞན། །ཕན་ཚུན་དུ་ནི་རྒྱས་བཏབ་མེད། །ཅེས་པ་ལ། དེ་བས་ན་ཟུང་འཇུག་འདི་ནི་རྒྱུ་འབྲས་རྟེན་འབྲེལ་ཐམས་ཅད་ལས་འདས་པའོ། །དེ་དོན་དམ་པར་འབྲས་བུ་བདེ་བ་དང་རྒྱུ་སྟོང་གཟུགས་གཉིས་པོ་ལ་རྒྱུ་འབྲས་ཀྱི་དབྱེ་བ་མེད་པར་མ་ཟད། ཡུལ་ཡུལ་ཅན་དང་ལུས་དང་སེམས་སོགས་རྣམ་གཞག་གཞན་དང་གཞན་གྱིས་ཀྱང་ཕན་ཚུན་དུ་རྒྱས་བཏབ་པ་མེད་དོ། །རྒྱུ་དང་འབྲས་བུ་ཐམས་ཅད་གང༌། །དེ་ནི་རྟེན་ཅིང་འབྲེལ་བར་འབྱུང༌། །ཕན་ཚུན་རྒྱ་ཡིས་བཏབ་པའི་གཟུགས། །སྐྱེ་མིན་མྱ་ངན་འདས་པ་མིན། །ཞེས་པ་ལ། གང་རྒྱུ་དང་འབྲས་བུ་ལ་སོགས་པ་རྒྱས་བཏབ་པ་སྟེ་ཕན་ཚུན་བསྲེ་བར་བྱེད་ནུས་པའི་ཆོས་གང་ཡིན་པ་དེ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ། སྐྱེ་འཇིག་གི་རང་བཞིན་ཅན་ཀུན་རྫོབ་བདེན་པ་ཡིན་ལ། དོན་ལ་ཕན་ཚུན་རྒྱ་ཡིས་བཏབ་རྒྱུ་མེད་ཀྱང༌། འཁོར་འདས་དབྱེར་མེད་རྒྱུ་འབྲས་དབྱེར་མེད། ཡུལ་ཡུལ་ཅན་དབྱེར་མེད་སོགས་གདོད་མ་ནས་གཉིས་སུ་མེད་པ་ལ། རྒྱས་བཏབ་པ་ལྟར་ཐ་སྙད་བྱས་པ་ནི་རྒྱས་བཏབ་པའི་གཟུགས་བརྙན་ཅན་ཏེ། ཟུང་འཇུག་འདི་ནི་རྟེན་འབྲེལ་དངོས་མ་ཡིན་ལ། དོན་དམ་པའི་རང་བཞིན་གྱི་ཕྱིར་སྐྱེ་བ་མིན་ཞིང་འཇིག་པའི་མྱ་ངན་ལས་འདས་པའང་མིན་ནོ། །དེ་ལྟར་ན་ཀུན་


TNT02_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་འཁོར་བའི་སྐྱེ་འགག་མེད་ཅིང༌། དོན་དམ་པ་རྟག་ཏུ་སྐྱེ་བ་དང༌། རྟག་ཏུ་མྱ་ངན་ལས་འདས་པའང་ཡིན་ཏེ། ཤེས་རབ་ཀུན་ནས་མྱ་ངན་འདས། །སྐྱེ་བ་མཆོག་ཏུ་འགྱུར་བ་མེད། །རྒྱུ་དང་འབྲས་བུ་རྣམ་ངེས་གྲོལ། །ཕན་ཚུན་དུ་ནི་རྒྱས་བཏབ་མེད། །ཅེས་པ་ལ། ཤེས་རབ་སྟོང་གཟུགས་ནི་དངོས་པོ་ཐམས་ཅད་སྤངས་པའི་ཕྱིར། ཀུན་ནས་རྟག་ཏུ་ཞིག་ཅིང་མྱ་ངན་ལས་འདས་པའང་ཡིན་ལ། མཆོག་ཏུ་འགྱུར་བ་མེད་པའི་བདེ་བ་ནི། སོ་སོར་རང་གིས་རིག་ཅིང༌། དོན་དམ་སྲིད་གསུམ་རྣམ་པ་ཐམས་ཅད་པ་འཛིན་པའི་ཕྱིར། རྟག་པར་སྐྱེ་བ་ཡང་ཡིན་པས། འདུས་བྱས་ཀྱི་རྒྱུ་དང་འབྲས་བུ་ལས་ངེས་པར་རྣམ་པར་གྲོལ་བའི་ཕྱིར། ཕན་ཚུན་དུ་ནི་རྒྱས་བཏབ་མེད་དེ། གཉིས་སུ་མ་གྲུབ་པའི་ཕྱིར་རྒྱས་གདབ་བྱ་འདེབས་བྱེད་སོ་སོར་མེད་པས་སོ། །མ་སྐྱེས་པ་དང་མ་འགགས་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །དེ་ནི་རང་སེམས་གཞན་མ་ཡིན། །ཕྱི་ཡི་ཤེས་བྱ་རྣམ་འབྱེད་ཕྱིར། །ཞེས་པ་ལ། མ་སྐྱེས་པ་དང་མ་འགགས་པའི་རང་བཞིན་གྱི། ཤེས་བྱ་སྟོང་གཟུགས་གང་ཞིག་རྡོ་རྗེའི་རྣལ་འབྱོར་གྱིས་སྐབས་འདིར་མཐོང་བ་ནི་རང་གི་སེམས་ལས་གཞན་ཕྱི་རོལ་ཀྱི་དོན་མ་ཡིན་ཏེ། འདི་ཡིས་ལས་སྣང་ཕྱི་རོལ་ཀྱི་དོན་དུ་ཤར་བའི་ཤེས་བྱ་རྣམས། རྣམ་པར་འབྱེད་ཅིང་འཇོམས་པའི་ཕྱིར། དགྱེས་པའི་རྡོ་རྗེ་ལས་ཀྱང༌། མཐོ་རིས་མི་ཡུལ་ས་འོག་རྣམས། །སྐད་ཅིག་གིས་ནི་གཟུགས་གཅིག་འགྱུར། །རང་གཞན་ཆ་ཡི་རྣམ་རྟོག་གིས། །གནོན་པ་ཉིད་ནི་ནུས་པ་མིན། །ཞེས་གསུངས་སོ། །དེ་ཕྱིར་བདག་གི་བདག་ཉིད་ལ། །འགར་ཡང་རྒྱས་བཏབ་ནུས་མ་ཡིན། །རལ་གྲི་ཆེན་པོ་བདག་ཉིད་ལ། །བདག་ཉིད་སོ་ཡིས་གཅོད་དམ་ཅི། ཞེས་པ་ལ། དོན་དམ་པའི་རྒྱུ་འབྲས་དེ་གཉིས་སེམས་ཉིད་ཀྱི་ངོ་བོར་གཅིག་པ་དེའི་ཕྱིར། བདག་གིས་བདག་ཉིད་ལ་རྒྱས་བཏབ་པར་ནུས་པ་གནས་སྐབས་འགར་ཡང་ཡོད་པ་མ་ཡིན་ཏེ། གཞན་དུ་ན། རལ་གྲི་ཆེན་པོ་བདག་ཉིད་ལ། རལ་གྲི་བདག་ཉིད་ཀྱི་སོ་ཡིས་གཅོད་དམ་ཅི་སྟེ། གཅོད་པར་ཐལ་བ་ལས་མི་གཅོད་དོ། །འོ་ན་ཕྱག་རྒྱ་ཆེན་པོ་ནི་སྐྱེ་བ་མེད་པ་ཡིན་པའི་ཕྱིར། དེའི་བདེ་བ་སུས་ཀྱང་མྱོང་བ་མེད་དོ་སྙམ་ན། མོ་གཤམ་བུ་མོ་དང་འགྲོགས་པས། །རྨི་ལམ་དུ་ནི་


TNT02_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་འགྱུར་ལྟར། །ནམ་མཁའ་ལས་བྱུང་གཟུགས་བརྙན་ནི། །བརྟེན་པས་བདག་ལ་དེ་བཞིན་ནོ། །རྨི་ལམ་དུ་མོ་གཤམ་གྱི་བུ་མོ་དང་འགྲོགས་པ་ལས། བདེ་བ་ཐོབ་པ་འགྱུར་བ་ན། མོ་གཤམ་གྱི་བུ་མོ་མེད་ཅིང༌། དེ་ལས་བདེ་བ་སྐྱེས་པ་མེད་ཀྱང་མྱོང་བ་ལྟར། ནམ་མཁའ་སྟེ་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་ལས་བྱུང་བ་སྟེ་སྟོང་ཉིད་ལས་གྲུབ་པའི་གཟུགས་བརྙན་ནི་སྟོན་པས། བདག་ལ་མི་འགྱུར་བའི་བདེ་བ་འབྱུང་བ་ཡང་སྐྱེས་པ་མེད་ཀྱང་མྱོང་བ་དེ་བཞིན་ནོ། །རྨི་ལམ་དུ་མོ་གཤམ་གྱི་བུ་མོ་དང་འགྲོགས་པའི་བདེ་བ་ནི། རྒྱུ་རྐྱཻན་མེད་ཀྱང་ཉམས་སུ་མྱོང་བའི་དཔེར་བླངས་ཀྱི་སྣང་ཡང་བདེན་པས་སྟོང་པའི་དཔེར་བྱས་པ་ནི་མ་ཡིན་ནོ། །དོན་འདི་ཡང་རྒྱས་པར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་འབྱུང་ངོ༌། །དེ་ལྟར་ན་འདི་དག་གི་བསྐྱེད་བྱ་སྐྱེད་བྱེད་དང༌། རྟོགས་བྱ་རྟོགས་བྱེད་སོགས་སོ་སོ་བ་བཀག་པ་ཡིན་གྱི། བོད་འགའ་ཞིག་འདི་དག་གིས་རང་རིག་བཀག་པར་སེམས་པ་ནི། གྲུབ་མཐའ་ངན་པའི་གདོན་གྱིས་བསླབ་པའི་རྣམ་འགྱུར་ཙམ་ལས་ཕྱོགས་སུ་འགྲོ་བའི་རྒྱུ་མཚན་ཙམ་ཡང་མེད་དོ། །བཞི་པ་ནི། ཤེས་རབ་མ་ཡིན་ཐབས་ཀྱང་མིན། །འདི་ནི་ལྷན་སྐྱེས་ཤེས་རབ་བཅས། །ཀུན་ནས་བདེ་བ་རྫོགས་པ་ལས། །སྒྲིབ་པ་ཐམས་ཅད་སྤངས་པ་སྟེ། །ནམ་མཁའ་བཞིན་དུ་གོས་པ་མེད། །ཡུལ་དང་དབང་པོ་སྤངས་པ་ནི། །ཀུན་ནས་འབྱུང་པོ་ཀུན་ལ་གནས། །བཅད་དུ་མེད་པ་དབྱེ་བ་སྤངས། །ཞེས་གསུངས་ཏེ། ཟུང་འཇུག་གི་ངོ་བོ་ནི། ཤེས་རབ་རྐྱང་པ་མིན་ལ་ཐབས་རྐྱང་པ་ཡང་མིན་ཞེས་པ་དང༌། ལྷན་སྐྱེས་ཤེས་རབ་བཅས་ཤེས་པས་ཐབས་ཡིན་ལ་ཤེས་རབ་ཡང་ཡིན་ཞེས་པར་འགྱུར་བས། འདིར་ཐབས་ཤེས་ཀྱི་གཙོ་བོ་གོང་དུ་བཤད་པ་ལྟར་ཡིན་ཡང༌། ཐབས་ཤེས་ཀྱི་རྣམ་གྲངས་མཐའ་དག་ཀྱང་འདིར་སྦྱར་བར་བྱ་སྟེ། མདོར་བསྡུ་ན། ཤེས་རབ་སྤྲོས་བྲལ་གྱི་སྟོང་ཉིད་ཁོ་ན་རྟོགས་པའི་ཡེ་ཤེས་ཀྱང་མིན་ལ། ཐབས་དམིགས་བཅས་ཀྱི་སྙིང་རྗེ་ཁོ་ན་ཡང་མིན་ཏེ། འདི་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་སྟོང་གཟུགས་ཀྱི་ཤེས་རབ་མ་དང་བཅས་པ་སྟེ་ངོ་བོ་དབྱེ་བ་མེད་པའོ། །བདེ་བ་ཆེན་པོས་


TNT02_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཏེ། སྒྲིབ་པ་དང་བྲལ་བས་བདེ་བ་རང་གི་རྣམ་པ་རྫོགས་པའི་རང་སྣང་ལས་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀུན་ནས་ཡོངས་སུ་རྫོགས་པའི་རང་བཞིན་ཏེ་དེ་ཡང་བསོད་ནམས་ཀྱི་ཚོགས་རྫོགས་པས་འཁོར་བ་ཇི་སྲིད་པར་གཞན་དོན་རྒྱུན་མི་འཆད་པ་དང༌། ཡེ་ཤེས་ཀྱི་ཚོགས་རྫོགས་པས་ཡེ་ཤེས་དག་པའི་ཞིང་དང༌། འཁོར་དང༌། མཆོད་པ་དང༌། མཚན་དཔེ་ཅན་གྱི་སྐུ་དང་རྒྱན་དང༌། ཆོས་འབྱུང་དང་གཞལ་མེད་ཁང་ལ་སོགས་པས་འགྱུར་ཞིང༌། ཚུལ་ཁྲིམས་ཀྱི་ཚོགས་རྫོགས་པས་ཁ་སྦྱོར་གྱི་སྐུ་དང་རང་སྣང་གི་ཆོས་ཐམས་ཅད་བདེ་བར་ཤར་བ་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་རིག་པའོ། །ཉོན་མོངས་པ་དང་ཤེས་བྱ་དང༌། སྙོམས་འཇུག་གི་སྒྲིབ་པ་ཐམས་ཅད་བྲལ་ཞིང་སྤངས་པ་དང༌། ནམ་མཁའ་ནི་ས་ལ་སོགས་པས་གོས་པ་མེད་པ་བཞིན་དུ། རང་སྣང་དུ་མ་དག་པའི་སྣང་བ་ཐམས་ཅད་སངས་ཤིང༌། ཀུན་རྫོབ་གཉིས་སྣང་གི་ཆོས་གང་གིས་ཀྱང་གོས་པ་མེད་པ་དང༌། ཡེ་ཤེས་ཀྱི་ཞིང་དང་མཆོད་པ་རབ་འབྱམས་རྣམས་ཀྱང༌། གཟུགས་སོགས་སྐྱེ་མཆེད་དྲུག་གི་ཡུལ་སྤངས་ཤིང༌། སྐུ་རྣམ་པ་ཐམས་ཅད་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཡང་མིག་སོགས་དབང་པོ་སྤངས་པ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཀྱི་མཐུ་ལས། ཡུལ་དུས་ཀུན་ནས་འབྱུང་པོ་དངོས་པོ་ཀུན་ལ། དོན་དམ་པར་ཆོས་ཉིད་ཀྱི་ཚུལ་གྱིས་གནས་ཤིང༌། ཀུན་རྫོབ་ཏུ་ཡང་ཅིག་ཅར་ལྷུན་གྱིས་གྲུབ་པར་འགྲོ་བའི་དོན་མཛད་པས་ཁྱབ་པར་གནས་པ། གཅད་ཅིང་བཞིག་ཏུ་མེད་ལ། གཟུང་འཛིན་སོགས་གཉིས་ཆོས་ཀྱི་དབྱེ་བ་སྤངས་པ། སྐུ་དང་ཡེ་ཤེས་དང་ཞིང་ཁམས་དང་ཡོན་ཏན་དང༌། ལོངས་སྤྱོད་དང་མཛད་པ་ཐམས་ཅད་ངོ་བོ་གཅིག་ཏུ་གནས་པའོ། །གསུམ་པ་རང་བཞིན་འགྱུར་མེད་ཀྱི་དཀྱིལ་འཁོར་རྒྱས་པར་བསྟན་པ་ལ་གཉིས་ཏེ། རང་བཞིན་མཆོད་པ་ཆེན་པོ་དྲུག་ཞིབ་མོར་བཤད་པ་དང༌། དོན་དམ་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་རྒྱས་པར་བསྟན་པའོ། །དང་པོ་ནི། རང་བྱུང་རྡོ་རྗེ་སེམས་དཔའ་འདི། །དོན་ཆེན་མཆོག་ཏུ་མི་འགྱུར་བ། །ཞེས་མདོར་བསྟན་པའི་དོན་རྒྱས་པར་བཤད་པ་ནི། རྡོ་རྗེ་མི་ཕྱེད་ཞེས་པར་བརྗོད། །འདིར་ནི་དོན་ཆེན་བཅོམ་ལྡན་འདས། །སེམས་དཔའ་


TNT02_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་གསུམ་གཅིག་པ་ཉིད། །མཆོག་ཏུ་མི་འགྱུར་བརྗོད་པར་བྱ། །ཞེས་གསུངས་ཏེ། སྐྱེ་འགགས་ཐམས་ཅད་དང་བྲལ་ཞིང༌། ཡང་དག་པའི་གནས་ལུགས་ལ་ཞུགས་པའི་ཡེ་ཤེས་ནི། རྒྱུ་རྐྱེན་སྤངས་པའི་ཕྱིར་རང་བྱུང་སྟེ། དོན་དམ་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ། ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་ལ། ཕུན་སུམ་ཚོགས་པ་ཡང་ཡིན་ཞིང༌། ནམ་དུ་ཡང་ཉམས་པར་མི་འགྱུར་བའི་ཕྱིར་ན་དོན་ཆེན་པོ་སྟེ། གཞི་ལམ་འབྲས་གསུམ་ཀུན་ཁྱབ་ཀྱྀ་སེམས་ཉིད་བདེ་བ་ཆེན་པོ་འདི་ནི། རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། བདེ་བ་ཆེན་པོ་དེ་ཉིད་འདུས་མ་བྱས་པའི་ཕྱིར་གཞིག་ཏུ་མེད་ལ། རྣམ་པར་རྟོག་པས་མི་བྱེད་པའི་ཕྱིར་རྡོ་རྗེ་ཞེས་པར་བརྗོད་དེ། དེ་ཉིད་བདུད་བཞི་གདོད་མ་ནས་བཅོམ་པ་སྟེ། བདུད་བཞིའི་དྲི་མས་ཀྱང་མ་གོས་པས་གནས་ལུགས་ཉམས་པ་མེད་ལ། སྐལ་པ་དྲུག་གི་བདག་ཉིད་ཕུན་སུམ་ཚོགས་པའང་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཏེ། འདིར་ནི་དོན་ཆེན་པོ་ཡང་དེ་ཉིད་དོ། །སེམས་དཔའ་ནི་དོན་དམ་པའི་འདོད་པ་དང༌། གཟུགས་ཁམས་དང༌། གཟུགས་མེད་ཅེས་པ་སྲྀད་པ་གསུམ་མམ། སྐུ་གསུང་ཐུགས་གསུམ་གྱི་སྲིད་པའི་སྣང་བ་རབ་འབྱམས་ཏེ། སྟོང་གཟུགས་རྣམ་པ་ཐམས་ཅད་པ་རྣམས་ངོ་བོ་བདེ་བ་ཆེན་པོར་རོ་གཅིག་པ་ཉིད་དོ། །གདོད་མའི་བདེ་བ་དང་སྟོང་གཟུགས་ཟུང་དུ་འཇུག་པ་ནི། མཆོག་ཏུ་མི་འགྱུར་བ་ཞེས་བརྗོད་པར་བྱའོ། །དེ་ཡང་སྟོང་གཟུགས་ཀྱི་སྲིད་གསུམ་ལ། སེམས་དཔའི་སྒྲ་དོན་ཇི་ལྟར་འཇུག་སྙམ་ན། བདེ་བ་ཆེན་པོ་སྟོང་གཟུགས་ལ་སེམས་པའི་ཕྱིར། སེམས་པའི་ཡུལ་གྱི་དོན་ཡང་ཡིན་ཞིང༌། སཏྭ་ཞེས་པ་བཅུད་དམ་ཁུ་བ་ལ་ཡང་འཇུག་པས། དོན་དམ་སྲིད་གསུམ་འདི་ཀུན་རྫོབ་སྲིད་གསུམ་གྱི་བཅུད་དུ་ཡོད་པར་ཡང་དགོངས་སོ། །འདི་ནི་མཚན་བརྗོད་ལས། འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །ཞེས་གསུངས་པས། མཆོད་ཆེན་བདེ་བའམ་འདོད་པ་ཆེན་པོའོ། །འདིར་འདོད་པ་ནི་ཁུ་བ་སྟེ་དོན་དམ་པའི་ཐིག་ལེའོ། །བདེ་བ་ནི་མི་འགྱུར་བ་དང༌། དགའ་བ་ནི་ལྷན་ཅིག་སྐྱེས་པ་དང༌། མགུ་བ་ནི་ཀུན་ལ་ཁྱབ་པའི་ཕྱིར་ཏེ། བརྟན་གཡོ་ཐམས་ཅད་མགུ་བར་བྱེད་པས་སོ། །འདོད་ཆགས་ཆེན་པོ་སེམས་དཔའ་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་མདོར་


TNT02_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནས། རྒྱས་པར་བཤད་པ་ནི། མཆོག་ཏུ་མི་འགྱུར་བདེ་བ་རྫོགས། །ས་རྣམས་ཡོངས་སུ་རྫོགས་པ་ཡིས། །འདོད་ཆགས་ཆེན་པོ་སེམས་དཔའ་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །དེ་ལ་སེམས་དཔའ་ཆེན་པོ་ནི། གསུང་རྡོ་རྗེའི་བདག་ཉིད་དེ། སྲིད་པ་གསུམ་གྱི་འདོད་ཆགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་པ། དེ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་ཆེན་པོའོ། །འདོད་ཆགས་རྒྱ་མཚོའི་ཆོས་ཉིད་དེས་ནི། དྲི་མའི་ཆ་ལས་གཞི་འཁོར་བའི་དུས་སུ། མ་གྲོལ་བའི་སེམས་ཅན་ཐམས་ཅད་ལ་འདོད་ཡོན་རྣམས་ཀྱི་དགའ་བ་བསྐྱེད་པ་བྱེད་པ་ཡིན་ལ། དྲི་མ་སྤངས་པ་ན་རང་སྣང་ཐམས་ཅད་བདེ་བ་ཆེན་པོར་འགྱུར་བས་རྣམ་པར་གྲོལ་བའིསེམས་ཅན་ཐམས་ཅད་དགའ་བར་བྱེད་པའོ། །རང་སྣང་ཐམས་ཅད་ཇི་ལྟར་བདེ་བར་འགྱུར་སྙམ་ན། གོང་དུ་བསྟན་པ་ལྟར་ས་བཅུ་གཉིས་ཡོངས་སུ་རྫོགས་པ་ཡིས། མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་རྫོགས་པས་སོ། །དེ་ལྟར་ན་ཐིག་ལེ་དག་པ་གཉིས་ལྡན་དུ་བྱས་པ་ནི་སེམས་དཔའ་ཡིན་ལ། དེ་ཉིད་འདོད་ཆགས་ཆེན་པོའོ། །སེམས་ཅན་ཐམས་ཅད་དགའ་བར་བྱེད་པའི་ཕྱིར། ཆེན་པོ་ཞེས་བྱ་སྟེ། དེ་ལྟར་ན་སེམས་དཔའ་ཆེན་པོའོ། །དེ་བས་ན་རྡོ་རྗེ་སེམས་དཔའ་ནི་ཟུང་འཇུག་གི་བདེ་བའི་ངོ་བོ་སེམས་དཔའ་ཆེན་པོས་མྱོང་བྱ་ཡིན་ལ། སེམས་དཔའ་ཆེན་པོ་ནི་བདེ་བ་དེ་ལ་སེམས་དཔའ་པ་དང་ཆགས་པ་པོའི་ལྡོག་ཆ་ཡིན་ནོ། །འདོད་ཆགས་ནི་རྡུལ་གྱི་ཆོས་ཡིན་པས། གསུང་རྡོ་རྗེའོ། །མཚན་བརྗོད་ལས། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་སོ། །བྱང་ཆུབ་སེམས་དཔའ་ཞེ་སྡང་ཆེ། །ཉོན་མོངས་ཟད་པ་དགྲ་ཆེན་པོ། །ཞེས་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། བྱང་ཆུབ་ལ་གནས་སེམས་དཔའ་ནི། །མི་གཡོ་དེ་ཕྱིར་བྱང་ཆུབ་སེམས། །ཉོན་མོངས་ལ་སོགས་ཞེ་སྡང་ཚོགས། །ཞེ་སྡང་ཆེན་པོ་དགྲ་ཆེ་བ། །ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་ནི་ཞེ་སྡང་གི་རྒྱ་མཚོ་སྟེ། ཞེ་སྡང་རྒྱ་མཚོའི་ཆེན་པོ་ཆོས་ཉིད་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཆོས་ཉིད་དེ་དང་མཐུན་པའི་ལམ་སྒོམ་པའི་ཡེ་ཤེས་ནི། གཟུང་འཛིན་གྱི་སྣང་བ་དང༌། རྒྱུ་རོ་རྐྱང་གི་རླུང་སོགས་འགག་པར་བྱེད་པས། ཉོན་མོངས་པ་ཟད་པར་བྱེད་ཅིང་བདུད་ཀྱི་དགྲ་ཆེན་པོའོ། །དེ་ཡང་


TNT02_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བྲལ་དང་རྣམ་པ་ཐམས་ཅད་པ་ཟུང་དུ་འཇུག་པའི་སྟོང་ཉིད་ནི་བྱང་ཆུབ་སྟེ། དེ་ལ་སེམས་མཉམ་པར་གནས་པའི་སེམས་དཔའ་ཐིག་ལེའི་བདེ་བ་ནི་ཞུ་བདེ་ཡིན་ལ། ཞུ་བདེའི་སེམས་སྟོང་པ་ཉིད་དུ་ཐིམས་པས། འཛིན་ཆ་འགགས་པའི་སྤྲོས་བྲལ་དེ་ནི། ཐུགས་རྡོ་རྗེའི་ལམ་ཡིན་པས། བདེ་བ་རྒྱུ་ཡིན་ཀྱང༌། ཐུགས་ཀྱི་ལྡོག་ཆ་ནི་སྤྲོས་བྲལ་གྱི་སྟོང་ཉིད་དོ། །འདིས་ནི་གཞི་དུས་ཀྱི་ཐུགས་རྡོ་རྗེ་སྤྲོས་པས་ནམ་ཡང་མི་གཡོ་བ་དེ་མངོན་དུ་འགྱུར་ལ། དེས་ན་བྱང་ཆུབ་ལ་སེམས་དཔའ་ཐིམ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེས་ནི་དུག་གསུམ་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་དང༌། སོགས་པའི་སྒྲས་བདུད་བཞི་རྣམས་ཏེ་རང་གཞན་ལ་གནོད་ཅིང་ཞེ་སྡང་བའི་ཚོགས་དེ་ཐམས་ཅད་དབྱིངས་སུ་འཇོམས་པའི་ཕྱིར། ཞེ་སྡང་ཆེན་པོ་དང་བདུད་ཀྱི་དགྲ་ཆེན་པོ་ཞེས་ཀྱང་བྱའོ། །ཞེ་སྡང་ནི་སྡང་བྱེད་དེ་མི་མཐུན་པའི་ཕྱོགས་ཀྱི་མིང་ཡིན་པས་ཉོན་མོངས་ལ་སོགས་སྡང་བའི་ཚོགས། ཞེས་སྦྱར་ན་གོ་བདེའོ། །རླུང་ནི་སེམས་ཀྱི་ཆོས་ཡིན་ལ། ཞུ་བདེ་སྟོང་པར་རོ་མཉམ་པ་རོ་རྐྱང་གི་རླུང་རྟག་ཏུ་འགགས་པར་བྱས་པས། མངོན་དུ་གྱུར་པའི་ཡེ་ཤེས་ཡིན་པའི་ཕྱིར་ཐུགས་དང༌། གསལ་སྟོང་གི་ལྡོག་པ་ནི་ཞེ་སྡང་སྟེ། མཚན་བརྗོད་ལས། མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །ཞེས་སོ། །དམ་ཚིག་སེམས་དཔའ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་མདོར་བསྟན་ནས། དེ་ཉིད་རྒྱས་པར་བཤད་པ་ནི། །དམ་ཚིག་ཟླ་བ་བདུད་རྩི་ཡི། ཁུ་བ་འཕོ་མེད་དེ་ཟ་བ། །དམ་ཚིག་སེམས་དཔའོ་རིགས་པ་འདིས། །གཏི་མུག་བློ་སྟེ་གཏི་མུག་སེལ། །གཏི་མུག་རྒྱ་མཚོའི་ཆོས་ཉིད་ནི་གཏི་མུག་ཆེན་པོ་སྟེ། དེ་ཉིད་རང་དང་རྣམ་པ་མཚུངས་པའི་ལམ་དང་བཅས་པ་ནི། དམ་ཚིག་སེམས་དཔའོ། །གཏི་མུག་རྣམ་པར་མི་རྟོག་པའི་བློ་ཡེ་ཤེས་ནི་དེ་ལྟ་བུ་སྟེ། ཆོས་རྣམས་ལ་རབ་ཏུ་རྨོངས་པའི་ཆ་དང༌། ཐིག་ལེ་འཕོ་བའི་གཏི་མུག་མཐའ་དག་སེལ་བར་བྱེད་དོ། །ཟླ་བ་བདུད་རྩི་ཡི་ཁུ་བ་ནི། སེམས་དཔའ་ཡིན་ལ། དམ་ཚིག་ནི་འདུས་པ་དང་འདའ་བར་མི་བྱ་བའི་དོན་གཉིས་ཀ་ལ་འཇུག་པ་ཡིན་ཏེ། སྟོང་པ་ཉིད་དང་འདུས་པ་ལས་དང་སྟོང་པས་ཐིག་ལེ་དེར་མི་འདའ་ཞིང༌། འཕོ་འགྱུར་མེད་པར་ཟ་ཞིང་ལོངས་སྤྱོད་པས་ན་དམ་ཚིག་སེམས་དཔའོ། །རིགས་པ་


TNT02_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་རྒྱུ་མཚན་འདིས་ནི། གཏི་མུག་བློ་སྟེ་གཏི་མུག་སེལ་བ་སྟེ་དེ་ལྟར་ཡང༌། རྟོག་པ་ཉམས་པས་བློ་ཉམས་ཏེ། །བློ་ངན་རྗེས་སུ་རྟོག་བྱེད་དོ། །དེ་ཉིད་ལས་ནི་བློ་བཟང་པོ། །ནམ་མཁའ་ལས་ལྷག་ཅི་ཡང་འབྱུང༌། །ཞེས་པའོ། དེ་ཡང་རྣམ་པར་རྟོག་པ་དང་བཅས་པས་འགྱུར་མེད་ཐོབ་མི་སྲིད་ལ་མི་འགྱུར་བའི་ཐིག་ལེའི་རང་ངོས་ནས་ཀྱང་རྣམ་རྟོག་སྐྱེད་མི་སྲིད་དེ། དེས་ན་ཐིག་ལེ་འགྱུར་མེད་ནི་རྣམ་པར་མི་རྟོག་པའི་བྱེད་པ་ཅན་ཡིན་པའི་ཕྱིར་དེ་ལྟར་བཤད་ལ། དམ་ཚིག་སེམས་དཔའ་དངོས་ནི་མི་རྟོག་པའི་ལྡོག་ཆ་ནས་ཏེ། སྐུ་རྡོ་རྗེའི་རྣལ་འབྱོར་རོ། །དེ་ཡང་མི་རྟོག་པ་ཉིད་ཀྱིས་མ་རིག་པ་ཐམས་ཅད་སེལ་ཏེ་རྣམ་པར་རྟོག་པ་དང་བཅས་པས་ནི་མ་རིག་པ་འཕེལ་བར་འགྱུར་རོ། །དེ་ལྟར་ཡང༌། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྷུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་དྲི་མེད་འགྱུར། །མཚན་བརྗོད་ལས། མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་སོ། །རྡོ་རྗེའི་རྣལ་འབྱོར་ཁྲོ་བ་ཆེ། །ལྷ་མིན་ཁྲོ་བོ་དགྲ་ཆེན་པོ། །ཞེས་མདོར་བསྟན་ནས། རྡོ་རྗེ་ཐམས་ཅད་གཅིག་པ་ཉིད། །ཤེས་རབ་སྐུ་དང་མི་འགྱུར་བཅས། ཁྲོ་བོ་ཆེན་པོ་དགྲ་ཆེན་པོ། ཁྲོ་བོའི་གཟུགས་ཅན་བདུད་རྣམས་ཀྱིའོ། །རྡོ་རྗེ་སྟོང་གཟུགས་དང་བདེ་ཆེན་རོ་མཉམ་པའི་རྣལ་འབྱོར་ནི་རྣམ་པར་རྟོག་པ་དང་ཉོན་མོངས་པ་ཐམས་ཅད་བརླག་པར་བྱེད་པའི་ཕྱིར་ཁྲོ་བོ་ཆེན་པོ་དང༌། བདེ་བ་ཉམས་པའི་དགའ་བྲལ་གསོད་པའི་ཕྱིར་ལྷ་མིན་ཁྲོ་བོ་སྟེ་སྲིན་པོའོ། །དེ་ཉིད་ཀྱིས་ན་འཁོར་བའི་དགྲ་ཆེན་པོའོ། །རྡོ་རྗེ་བཞི་ལ་སོགས་པའམ། ཡེ་ཤེས་ཀྱི་ལྷ་ཐམས་ཅད་རོ་གཅིག་པ་ཉིད་ཀྱི། ཤེས་རབ་སྟོང་གཟུགས་ཀྱི་སྐུ་དང༌། ཐུགས་མི་འགྱུར་བའི་བདེ་བ་རོ་གཅིག་པ་དང་བཅས་པ་ནི། སྒྲིབ་པ་ཐམས་ཅད་འཇོམས་པར་བྱེད་པ་སྟེ། ཚིག་རྐང་ཐ་མ་གཉིས་ནི། ཁྲོ་བོ་ཆེན་པོ་ཁྲོ་གཟུགས་ཅན། །བདུད་རྣམས་ཀྱི་ནི་དགྲ་ཆེན་པོ། །ཞེས་སྦྱར་བར་བྱ་སྟེ། སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་རྡོ་རྗེའི་རྣལ་འབྱོར་འདི་ནི། བདུད་བཞི་པོ་རྣམས་འཇོམས་པར་བྱེད་པའི་དགྲ་བོ་ཆེན་པོ་ཡིན་ལ་ཐུགས་བདེ་བས་རང་གི་ཉོན་མོངས་འཇིག་པར་བྱེད་པའི་ཕྱིར་ཁྲོ་བོ་ཆེན་པོ་དང༌། སྐུའི་སྤྲུལ་པས་གཞན་གྱི་ཉོན་


TNT02_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་འཇིག་པར་བྱེད་པའི་ཕྱིར་ཁྲོ་བོའི་གཟུགས་ཅན་ནོ། །མཚན་བརྗོད་ལས། མཆོད་པ་ཆེན་པོ་ཁྲོ་བ་ཆེ། ཁྲོ་བ་ཆེན་པོ་དགྲ་ཆེ་བ། །ཞེས་སོ། །དུས་ཀྱི་འཁོར་ལོ་ཆགས་པ་ཆེ། །འཕོ་བའི་ཆགས་པ་སེལ་བར་བྱེད། །ཞེས་མདོར་བསྟན་ནས། འགྱུར་མེད་བདེ་བ་ཆེ་ཐབས་ལས། །ནམ་ཡང་སེམས་ཅན་དོན་མི་འདོར། །སེམས་ཅན་གྲོལ་ནས་ཆགས་ཆེན་པོ། །འགྱུར་བའི་ཆགས་པ་སེལ་བར་བྱེད། །ཅེས་རྒྱས་པར་བཤད་དེ། དུས་ཀྱི་འཁོར་ལོ་ནི། འཕོ་བའི་ཆགས་པ་ལས་འདས་པ། སེམས་ཅན་རྣམས་ལ་རྗེས་སུ་ཆགས་པ་ཆེན་པོ་སྟེ། འགྲོ་བ་ཐམས་ཅད་ཀྱི་འཕོ་བར་འགྱུར་བདེའི་ཆགས་པ་སེལ་བར་བྱེད་དོ། །དེ་ཡང་རང་སྣང་ཐམས་ཅད་འགྱུར་བ་མེད་པའི་བདེ་བ་ཆེན་པོར་གྱུར་པས། དེའི་མཐུ་སྟེ་ཆོས་ཉིད་ཀྱི་བྱིན་རླབས་ལས། ཆོས་ཅན་སེམས་ཅན་རྣམས་ཀྱང་འགྱུར་མེད་ཀྱི་བདེ་བ་ཆེན་པོ་དེ་ཐོབ་པའི་ཐབས་རྙེད་པར་འགྱུར་བ་དེ་ལས་ནམ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་མི་འདོར་ཞིང་རྒྱུན་མི་འཆད་པ་སྟེ། བདེ་བ་ཆེན་པོ་དུས་དང་གཞན་དོན་འཁོར་ལོའོ། །སེམས་ཅན་རྣམས་ལས་རླུང་དང་འཛག་བདེ་ལས་གྲོལ་ནས་འགྱུར་བའི་ཆགས་པ་མ་ལུས་པ་སེལ་བར་བྱེད་པ་ནི། ཆགས་པ་ཆེན་པོའོ། །མཚན་བརྗོད་ལས། མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་གསུངས་ཏེ། འདིར་ཆགས་པ་ནི་རྒྱ་སྐད་དུ་ལོ་བྷ་སྟེ། ནོར་སོགས་ལ་བརྐམ་ཆགས་ཆེ་བའི་སྲེད་པའོ། །དེ་ལྟར་ན་མཆོད་ཆེན་དྲུག་སྟེ། མཆོད་ཆེན་འདོད་པ་ནི་མི་འགྱུར་བའི་ཐིག་ལེ། མཆོད་ཆེན་འདོད་ཆགས་ནི་བདེ་བ་ཆེན་པོ་མཆོད་ཆེན་ཞེ་སྡང་ནི་སྤྲོས་བྲལ་སྟོང་ཉིད། མཆོད་ཆེན་གཏི་མུག་ནི་རྣམ་པར་མི་རྟོག་པ། མཆོད་ཆེན་ཁྲོ་བ་ནི། གཞན་དོན་གྱི་རྒྱུ་སྐུའི་རྣམ་པ། མཆོད་ཆེན་ཆགས་པ་ནི་འཕྲིན་ལས་ཀྱི་རྒྱུ་སྙིང་རྗེ་སྟེ། དེ་རྣམས་ཀྱང་དག་པ་གཉིས་ལྡན་འབྲས་བུའི་སྐབས་སུ་སྦྱོར་ལ། དེ་དག་ལ་རྡོ་རྗེ་སེམས་དཔའ་དང༌། སེམས་དཔའ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་དང༌། དམ་ཚིག་སེམས་དཔའ་སྟེ་སེམས་དཔའ་བཞི་དང༌། རྡོ་རྗེའི་རྣལ་འབྱོར་དང༌། དུས་ཀྱི་འཁོར་ལོ་ཞེས་བྱ་བའི་མཚན་དུ་བཏགས་སོ། །རྒྱུད་དང་སེམས་འགྲེལ་དངོས་ཀྱི་དགོངས་པ་དེ་ཁོ་ན་ལྟར་ཡིན་ལ། བཤད་པ་


TNT02_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་འགའ་ལས་བྱང་ཆུབ་སེམས་དཔའ་གསུང་དང༌། སེམས་དཔའ་ཆེན་པོ་ཐུགས་སུ་འཆད་པའང་སྣང་བ་འདོད་ཆགས་དང་ཞེ་སྡང་ཕན་ཚུན་རྒྱས་བཏབ་པའི་དབང་དུ་བྱས་པ་དང༌། རེས་འགའ་རྡུལ་དག་དང་རླུང་སེམས་ཀྱི་ཆོས་སུ་བྱེད་ཅིང༌། རེས་འགའ་རླུང་དག་གི་ཆོས་དང༌། རྡུལ་ནི་འདོད་ཆགས། དེ་བདེ་བ་དང༌། དེ་སེམས་ཀྱི་ཆོས་སུ་འཇོག་པའི་གནས་སྐབས་ཀྱང་ཡོད་པས། རྣམ་གྲངས་ཀྱི་སྒོ་ཐ་དད་ཡིན་པའི་ཕྱིར་མི་འགལ་ལོ་སྙམ་མོ། །དེ་དག་རྒྱལ་བ་རིགས་དྲུག་དང་སྦྱར་ན། རྡོ་རྗེ་སེམས་དཔའ་ཡེ་ཤེས་རྣམ་སྣང༌། སེམས་དཔའ་ཆེན་པོ་གསུང་རིན་འབྱུང༌། བྱང་ཆུབ་སེམས་དཔའ་ཐུགས་དོན་གྲུབ། དམ་ཚིག་སེམས་དཔའ་སྐུ་འོད་དཔག་མེད་རྡཽ་རྗེ་རྣམ་པ་བཞི་དང༌། རྡོ་རྗེའི་རྣལ་འབྱོར་མི་བསྐྱོད་པ་དང༌། དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་གཉིས། སྤངས་རྟོགས་གཉིས་སམ་ཡོན་ཏན་དང་འཕྲིན་ལས་ཀྱི་དོན་ལ་སྦྱར་ཏེ་སྤྱི་ཁྱབ་ཏུ་བཏང་ངོ༌། །ཡང་ན་ཆུ་རླུང་ནམ་མཁའ་ཡབ་ཀྱི་སྐུ་གསུང་ཐུགས་གསུམ་དང་ས་མེ་ཡེ་ཤེས་ཡུམ་གྱི་སྐུ་གསུང་ཐུགས་གསུམ་དུ་བཤད་པ་དང་སྦྱར་ཀྱང་རུང་སྟེ། སྟོང་གཟུགས་དམ་ཚིག་སྐུ། རླུང་དག་པ་བྱང་ཆུབ་གསུང༌། ཉོན་མོངས་འཇོམས་པའི་ཤེས་རབ་རྣལ་འབྱོར་ཐུགས་ཏེ་ཐབས་ཀྱི་ཕྱོགས་གསུམ་དང༌། ཐིག་ལེ་སྐུ། འདོད་ཆགས་གསུང༌། སྙིང་རྗེ་ཐུགས་ཏེ་ཤེས་རབ་ཀྱི་ཕྱོགས་གསུམ་ལ་སྦྱར་རོ། །གཉིས་པ་ནི། འདི་རྣམས་རྣམ་པ་དྲུག་ཏུ་བརྗོད། །མི་འགྱུར་ཡེ་ཤེས་ཚོར་བ་དང༌། །རྣམ་ཤེས་གཟུགས་དང་འདུ་བྱེད་དང༌། །འདུ་ཤེས་དེ་རྣམས་ཕུང་པོའི་རིགས། །ཡེ་ཤེས་མེ་དང་ནམ་མཁའ་ས། །རླུང་ཆུ་རྣམས་ཀྱི་རིམ་པ་བཞིན། །ཡིད་མིག་རྣ་བ་ལུས་དང་སྣ། །ལྕེ་རྣམས་ཀྱི་ཡང་དེ་བཞིན་ཉིད། །སྒྲ་རོ་ཆོས་ཀྱི་དབྱིངས་དང་དྲི། །རེག་བྱ་ཁ་དོག་རྣམས་ཀྱི་ཡང༌། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །རིགས་དྲུག་རྣམས་ཀྱི་ཡོངས་དག་པ། །ཞེས་གསུངས་ཏེ། གང་དུ་འདི་རྣམས་ཏིང་ངེ་འཛིན་གྱི་མཐར་རྣམ་པར་དག་པས་དཀྱིལ་འཁོར་ཙམ་དུ་གྱུར་པ་ཡིན་ལ་ཡིད་ཀྱི་རང་བཞིན་ཅན་གྱི་འདི་རྣམས་བག་ཆགས་དང་བཅས་པ་དག་པ་ལས་རྫོགས་པའི་སངས་རྒྱས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དོན་དམ་པ་ཐོབ་པའོ། །དེ་ཡང་ཕུང་པོ་དང་ཁམས་དང་དབང་པོ་དང་ཡུལ་དང༌།


TNT02_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོའི་ཞལ་དང་རིགས་ཏེ། སྡེ་ཚན་འདི་རྣམས་རེ་རེ་བཞིན་ནང་ཚན་རྣམ་པ་དྲུག་ཏུ་བརྗོད་དེ། མི་འགྱུར་ཡེ་ཤེས་སོགས་ལ། གོ་རིམས་འདི་གོང་གི་རྡོ་རྗེ་སེམས་དཔའ་སོགས་དྲུག་དང་སྦྱོར་བར་འདོད་པ་ནི་ཇི་བཞིན་འགྲིག་པར་མི་སྣང་ལ། རྩ་དྲུག་ལ་འཁོར་ལོ་རྩིབས་དྲུག་པའི་ཐ་སྙད་སྦྱར་བ་སོགས་ཀྱང༌། དགོས་ནུས་ལྷག་པོ་གང་ཡང་མི་སྣང་བས་འདིར་མི་འཆད་དོ། །དེས་ན་སྡེ་ཚན་ཐོག་མ་ཕུང་པོའི་སྐབས་འདིར། ཡེ་ཤེས་གཙོ་བོར་དགོངས་ནས་ཐོག་མར་སྨོས་ཤིང༌། གཞན་རྣམས་སྡེབ་སྦྱོར་གྱི་རིམ་པའམ་ཡང་ན་སྟེང་འོག་གི་གཡས་དང་དབུས་དང་གཡོན་རྣམས་ཟུང་དང་ཟུང་དུ་སྦྱར་བའི་རྩ་དྲུག་གི་རིམ་པར་སྦྱར་ནའང་ལེགས་ཏེ། སྡེ་ཚན་འོག་མ་རྣམས་ནི་ཕན་ཚུན་ཁམས་ཀྱི་དག་པ་སྦྱོར་བ་སོགས་ལ་མི་འཁྲུལ་བའི་ཕྱིར། ཕུང་པོའི་སྐབས་སུ་ཇི་སྐད་བཤད་པའི་རིམ་པ་ལྟར་སྦྱར་བ་ཡིན་ཏེ། དེ་ཡང་ཀུན་གྱི་ཐོག་མར་མི་འགྱུར་བ་ཞེས་སྨོས་པ་ནི། ཐོག་མའི་གསལ་བྱེད་དེ། གདོད་མའི་ཆོས་ཉིད་རང་བཞིན་རྣམ་དག་ལ། ལམ་སྒོམ་པས་གློག་བུར་གྱི་དྲི་མ་སྦྱངས་ཤིང་དག་སྟེ་སྒྲིབ་བྲལ་གྱི་གནས་སྐབས་ཐོབ་པ་ན་ཡང༌། གདོད་མའི་ངོ་བོ་ལ་འཕོ་འགྱུར་མེད་པའི་དོན་ཏེ། དག་པ་གཉིས་ལྡན་གྱི་ཆོས་དབྱིངས་སུ་གྱུར་པའི། དོན་དམ་པའི་ཕུང་ཁམས་སོ་དྲུག་ནི་ལྷ་སུམ་ཅུ་རྩ་དྲུག་གོ་ཞེས་སྟོན་པའི་ཚིག་སྟེ། དོན་དམ་གདོད་མ་མི་འགྱུར་བའི་ཡེ་ཤེས་ཀྱི་ཕུང་པོ་ནི་ཁྱབ་བདག་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རབ་འབྱམས་སུ་འཆར་བ་ནས། མི་འགྱུར་བའི་བྱ་བ་ལེན་པ་ནི་ཁྲོ་མོ་ཁེངས་བྱེད་མའི་དཀྱིལ་འཁོར་རབ་འབྱམས་སུ་འཆར་བའི་བར་དུ་སྦྱོར་ཏེ་ཆོས་དབྱིངས་རང་གི་ངོ་བོས་གདོད་མ་ནས་དཀྱིལ་འཁོར་དུ་རང་ཤར་བ་ཡིན་ཞིང༌། དེ་ཉིད་འདས་པའི་རྒྱལ་བ་རྣམས་ཀྱིས་མངོན་དུ་བྱས་ཀྱང་གསར་དུ་གྲོལ་བ་ཐོབ་པའི་སྒྲུབ་པ་པོ་དེ་ཉིད་ཀྱི་བློ་ངོས་ནས་དེ་ཉིད་གྲོལ་བ་ཐོབ་པ་ན་གདོད་དཀྱིལ་འཁོར་དུ་ཤར་ཞེས་བྱའོ། །དེ་ཡང་ཕུང་པོ་དྲུག་ལ་ཡེ་ཤེས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ་དང༌། ཚོར་བ་རིན་འབྱུང་དང༌། རྣམ་ཤེས་མི་བསྐྱོད་པ་དང༌། གཟུགས་ཕུང་རྣམ་སྣང་དང༌། འདུ་བྱེད་དོན་ཡོད་གྲུབ་པ་དང༌། འདུ་ཤེས་འོད་དཔག་མེད་དེ། རྡོར་སེམས་ལ་སོགས་པ་དེ་རྣམས་དོན་དམ་པའི་ཕུང་པོའི་རིགས་ཏེ་ཆོས་ཉིད་དོ། ཁམས་དྲུག་གམ་འབྱུང་བ་དྲུག་ལ།


TNT02_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ཁམས་ནི་ཤེར་ཕྱིན་མ། མེ་གོས་དཀར་མོ། ནམ་མཁའ་རྡོར་དབྱིངས་དབང་ཕྱུག་མ། ས་སངས་རྒྱས་སྤྱན་མ། རླུང་སྒྲོལ་མ། ཆུ་མཱ་མ་ཀཱི་སྟེ་ཁམས་དྲུག་གི་རིགས་ཆོས་ཉིད་རྣམས་སོ། །རྣམས་ཀྱི་རིམ་ཇི་བཞིན་ཞེས་པ་ནི་སྔ་མ་ཕུང་པོའི་ལྷ་དྲུག་དང་རིམ་པ་བཞིན་ཡབ་ཡུམ་དུ་སྦྱར་ཞེས་པའི་དོན་ནོ་དབང་པོ་དྲུག་ལ་ཡིད་ཀུན་ཏུ་བཟང་པོ། མིག་སའི་སྙིང་པོ། རྣ་བ་ཕྱག་ན་རྡོ་རྗེ། ལུས་སྒྲིབ་པ་རྣམ་སེལ། སྣ་ནམ་མཁའི་སྙིང་པོ། ལྕེ་འཇིག་རྟེན་དབང་ཕྱུག་སྟེ། དབང་པོ་རྣམས་ཀྱི་རིགས་ཆོས་ཉིད་དྲུག་པོ་ཡང༌། རྡོ་རྗེ་སེམས་དཔའི་རིགས་ཀྱི་སེམས་དཔའ་སོགས། གོང་གི་རིམ་པ་དེ་བཞིན་ཉིད་དུ་སྦྱར་རོ། །ཡུལ་དྲུག་ལ། སྒྲ་ནི་སྒྲ་རྡོ་རྗེ་མ། རོ་ནི་རོ་རྡོ་རྗེ་མ། ཆོས་ཀྱི་དབྱིངས་ཏེ་ཆོས་ཁམས་ནི་ཆོས་ཁམས་རྡོ་རྗེ་མ། དྲི་ནི་དྲི་རྡོ་རྗེ་མ། རེག་བྱ་ནི་རེག་བྱ་རྡོ་རྗེ་མ། ཁ་དོག་སྟེ་གཟུགས་ནི་གཟུགས་རྡོ་རྗེ་མ་སྟེ། དེ་དག་ཀྱང་ཡུལ་དྲུག་པོ་རྣམས་ཀྱི་རིགས་ཏེ་ཆོས་ཉིད་ཡིན་ལ་ཀུན་བཟང་སོགས་ཀྱི་ཡུམ་སྟེ་རིམ་པ་བཞིན་དུ་སྦྱར་རོ། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །ཞེས་པས་ནི། ལས་དབང་ཡུལ་དང་བཅས་པ་དབྱེར་མེད་པར་འདྲེས་པའི་གདོང་དྲུག་དང་ལྡན་པའི་ཁྲོ་བོ་སྟེ། ལས་དབང་དང་བྱ་བའི་ཆོས་ཉིད་སྒྲིབ་བྲལ་གྱི་ཡེ་ཤེས་ཏེ་རྣམ་པར་རྟོག་པ་ཐམས་ཅད་འཇོམས་པའི་ཕྱིར། འཇིགས་པར་བྱེད་པའོ། །ཚིག་འདིའི་དགོངས་པ་དོན་གྱིས་ན་ལས་དབང་ཡུལ་དང་བཅས་པའི་དག་པ་སྟོན་པ་སྟེ། ཁྲོ་བོ་གཅིག་ཉིད་ཡིན་ཡང་གདོང་པ་དྲུག་ཡོད་པ་ནི་བརྡ་སྟེ། ཆོས་དབྱིངས་གཅིག་ཉིད་དག་བྱའི་དབང་གིས་ཁྲོ་བོ་དྲུག་གམ། ཁྲོ་མོ་དྲུག་ཏུ་འགྱུར་ཏེ་ལས་ཀྱི་དབང་པོ་དྲུག་ལ། མཆོག་གི་དབང་པོ་ནི་གནོད་མཛེས། ལག་པའི་དབང་པོ་ནི་ཤེས་རབ་མཐར་བྱེད། ཆུ་ལམ་གྱི་དབང་པོ་ནི་གཙུག་ཏོར་ཅན། བཤང་ལམ་ནི་གཤིན་རྗེ་མཐར་བྱེད། ངག་ནི་བགེགས་མཐར་བྱེད། རྐང་པ་ནི་པདྨ་མཐར་བྱེད་དེ། ལས་དབང་གི་རིགས་ཆོས་ཉིད་རྣམས་སོ། །ཡུལ་ལམ་བྱ་བ་དྲུག་ལ། ཁུ་བ་འཕོ་བ་དྲག་པོའི་མིག་མ། འགྲོ་བ་རྨུགས་བྱེད་མ། དྲི་ཆུ་འཕེན་པ་ཤིན་ཏུ་སྔོན་མོ། སྨྲ་བ་རེངས་བྱེད་མ། བཤང་བ་འདོར་བ་ཤིན་ཏུ་བརྩོན་འགྲུས་མ། ལེན་པ་ཁེངས་བྱེད་མ་སྟེ། ལས་དབང་གི་བྱ་བ་དྲུག་གི་རིགས་ཆོས་ཉིད་


TNT02_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ། །འདིར་ཆོས་དབྱིངས་གཅིག་ཉིད་ཡིན་ཡང་སྦྱང་བྱའི་དབྱེ་བ་དང༌། རྣམ་པ་ཐམས་ཅད་པའི་ལྡོག་ཆ་སོ་སོ་ལྷ་སོ་སོར་སྦྱར་བ་འདི་ནི་དབུས་ཀྱི་གསལ་བྱེད་དེ། སྡེ་ཚན་སྔ་ཕྱི་ཐམས་ཅད་ལ་ཡང་གོ་བར་བྱའོ། །དེ་དག་ཐམས་ཅད་ཀྱང་ཁམས་དྲུག་གི་རིགས་སམ། རྒྱལ་བའི་རིགས་དྲུག་རྣམས་ཀྱི་ཡོངས་སུ་དག་པར་འདུས་ཏེ། ཐིག་ལེ་སྟོང་པ་འགྱུར་མེད་ལྔའམ་དྲུག་གི་བདག་ཉིད་ཅན་ནོ། །ལུས་དང་གསང་བ་དབང་པོ་སེམས། །རྟག་ཏུ་དཀྱིལ་འཁོར་རྣམ་པ་གསུམ། །ཞེས་པ་ལ། སྔར་བསྟན་པ་དྲུག་ཚན་གྱི་སྡེ་ནི་གཙོ་བོར་རྟེན་པ་ལྷའི་ཆ་ནས་བསྟན་ལ་འདི་ནི་གཙོ་བོར་བརྟེན་གཞལ་མེད་ཁང་གི་ཆ་ནས་བཤད་དེ། དངོས་སུ་ནི་བརྟེན་དང་རྟེན་པ་དབྱེར་མེད་ཁོ་ནའོ་འདིར་ལུས་ཀྱི་དཀྱིལ་འཁོར་སྒྲིབ་བྲལ་སྐུ་དང༌། གསང་བའི་དབང་པོ་སྟེ་བྷ་གའི་དཀྱིལ་འཁོར་སྒྲིབ་བྲལ་གསུང་དང༌། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྒྲིབ་བྲལ་ཐུགས་ཏེ་དཀྱིལ་འཁོར་གསུམ་ནི་ལྷ་རྣམས་ཀྱི་གནས་གཞལ་མེད་ཁང་དང་ཞིང་ཁམས་དོན་དམ་པ་མཚོན་བྱེད་ཙམ་མོ། །ཤེས་རབ་ཐབས་ཀྱི་རྡོ་རྗེ་གསུམ་ཞེས་བྱ་བ་ལ། གོང་དུ་ནི་དྲུག་ཚན་ཕན་ཚུན་ཐབས་ཤེས་སུ་བསྟན་ཞིང༌། འདིར་དྲུག་ཚན་རེ་རེར་ཡང་ཐབས་ཤེས་བསྟན་པའི་དོན་དང༌། རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་སྐུ་གཅིག་ཉིད་ཀྱང་ཡབ་ཡུམ་སྐུ་གསུང་ཐུགས་རྡོ་རྗེ་དྲུག་ཉིད་དུ་བསྟན་པ་ནི། རིགས་དྲུག་པོ་དེ་ཡང་ཐབས་ཀྱི་སྐུ་གསུང་ཐུགས་གསུམ་དང་ཤེས་རབ་ཀྱི་སྐུ་གསུང་ཐུགས་གསུམ་དུ་འདུས་ལ། ཐབས་ཀྱི་ཕྱོགས་ལ་སྣང་མཐའ་སྐུ་རྡོ་རྗེ། དོན་ཡོད་གསུང་རྡོ་རྗེ། མི་བསྐྱོད་ཐུགས་རྡོ་རྗེ་སྟེ་གསུམ་དང༌། ཤེས་རབ་ཀྱི་ཕྱོགས་ལ་སྤྱན་མ་སྐུ་རྡོ་རྗེ་མ། གོས་དཀར་གསུང་རྡོ་རྗེ་མ། ཤེས་རབ་ཕྱིན་མ་ཐུགས་རྡོ་རྗེ་མ་སྟེ་དཀྱིལ་འཁོར་རྣམ་པ་དྲུག་དང་དེ་ཉིད་ལུས་བསམ་གྱི་དབྱེ་བས་བཅུ་གཉིས་ལ་སོགས་པར་འགྱུར་རོ། །གཞན་ཡང་སྐུ་རྡོ་རྗེ་སྤྲུལ་པའི་སྐུ། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ། ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་རྣམས་སུ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རབ་འབྱམས་འདུས་པའོ། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་ཞེས་པ་ནི། མ་ལུས་པའི་དཀྱིལ་འཁོར་དེ་ཐམས་ཅད་ཀྱི་བདག་པོའམ་རྩ་བ་ནི་ཁྱབ་བདག་རྡོ་རྗེ་སེམས་དཔའ་ལྷན་ཅིག་སྐྱེས་པའི་སྐུ་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་ཏེ། དཀྱིལ་འཁོར་མཐའ་དག་སྤྲོས་པའི་གཙོ་བོ་ཐམས་ཅད་ཀྱང་འདིའི་རང་བཞིན་དུ་གནས་པའོ། །


TNT02_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རྗེས་ཀྱི་དོན་ནི། འདི་ནི་དབང་གི་སྒྲུབ་ཐབས་ཏེ། །མཆོག་ཏུ་མི་འགྱུར་སྒྲུབ་པའི་ཐབས། །རྩ་དང་རིགས་དང་ཡང་དག་ལྡན། །ཟླ་བ་མདོར་བསྟན་པ་ཡིས་བཤད། །ཅེས་པ་འཇིག་རྟེན་ཁམས་ཀྱི་ལེའུར། ལེའུ་ལྔ་པའི་མཆོག་ཏུ་མི་འགྱུར་བའི་དབང་གི་སྒྲུབ་ཐབས་མདོར་བསྟན་པ་རྫོགས་སོ།། །།ཞེས་པ་སྟེ་དེ་ལྟར་བསྟན་པ་འདིས་ནི་དབང་བཞི་པའི་ལམ་གྱི་སྒྲུབ་ཐབས་ཏེ། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བདེ་བ་ཆེན་པོ་སྒྲུབ་པའི་ཐབས། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དང༌། རྩའི་ཀུན་སྤྱོད་དང༌། རིགས་ཏེ་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ། གཞི་ལམ་འབྲས་གསུམ་དུ་རྣམ་པར་དག་པའི་རིམ་པ་དང་ཡང་དག་པར་ལྡན་པ། དོན་གྱི་གཙོ་བོ་རྣམས་མདོར་བསྟན་པས་བཤད་པ་ཡིན་ནོ། །ཟླ་བ་བཟང་པོ་ཀྱེ་ཞེས་པའོ། །འཇིག་རྟེན་ཁམས་ཀྱི་ལེའུར་ཞེས་པ་ནི། དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་རྒྱས་པ་སྟོང་ཕྲག་བཅུ་གཉིས་པའི་འཇིག་རྟེན་ཁམས་ལེའི་སྟོད་ན་བཞུགས་པའི་གཞུང་ཚིག་གོ །ལེའུ་ལྔ་པའི་ཞེས་པ་ནི་འདིའི་རྒྱས་བཤད། རྩ་རྒྱུད་ཉིད་ཀྱི་ལེའུ་ལྔ་པ་ཡེ་ཤེས་ལེའུ་ལས་འབྱུང་བའོ། །མཆོག་ཏུ་མི་འགྱུར་བའི་དབང་གི་སྒྲུབ་ཐབས་ཞེས་པ་ནི་བཤད་ཟིན་ལ་མདོར་བསྟན་པ་རྫོགས་སོ། །ཞེས་པ་ནི་གོ་བ་ཉིད་དོ། །རྒྱུད་འདི་ལ་འགྱུར་ཐ་དད་པ་བཞི་ཙམ་ཡོད་པར་གྲགས་ནའང༌། ཁ་ཆེའི་པཎྜི་ཏ་ཟླ་བ་མགོན་པོ་དང༌། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་པས་བསྒྱུར་བ་ལ། ཤོང་སྟོན་སྐུ་མཆེད་ཀྱི་སློབ་མ་སྒྲ་ཚད་པ་རིན་ཆེན་རྒྱལ་མཚན་གྱིས། རྒྱ་གར་གྱི་མཁན་པོ་ལ་མ་ཉན་ཡང༌། འགྲེལ་པ་དོན་དམ་བསྡུས་པའི་རྒྱ་དཔེ་དང་བསྟུན་ནས། འགྱུར་བཅོས་པ་ལ། སླར་ཡང་སྐྱེས་བུ་དམ་པ་འགའ་ཞིག་གིས་ཞུས་དག་ཅུང་ཟད་མཛད་པའོ། །འདིས་སྨྲས་པ། ཟབ་ཡངས་བདེ་གཤེགས་གསུང་གི་ཆུ་གཏེར་ལས། །ངེས་དོན་ཡིད་བཞིན་ནོར་བུ་ལེན་


TNT02_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་རྣམས། །རྣམ་བཤད་གྲུ་ཆེན་འདི་ལ་ཞུགས་གྱུར་ན། །རིང་པོར་མི་ཐོགས་འདོད་པའི་དོན་ཀུན་འགྲུབ། །འཕགས་མིན་བློ་ནི་ཆོས་ཉིད་གནས་ལ་འཁྲུལ། །གྱ་གྱུས་མིན་ཏེ་འདི་ལ་ནོར་བ་སྲིད། །ཆུ་ཟླ་གཡོ་ལ་མཁས་པའི་སེམས་ཁྲལ་ཅི། །ཡང་དག་ཁོ་ནར་གསུང་པ་སངས་རྒྱས་ཉིད། །ཡུན་རིང་སྦྱངས་ཀྱང་མཁས་པར་མི་འགྱུར་ཞིང༌། །འབད་པས་སྒོམ་ཀྱང་ས་ལམ་མི་བགྲོད་པའི། །རྫུན་ཆོས་གླེགས་བམ་མཐོན་པོའི་ཟློས་གར་ལ། །ལས་ངན་དབང་སོང་སྐྱེ་བོ་ཕལ་ཆེར་འཁོར། །ངེས་དོན་གྲུབ་མཐའི་རྒྱ་ལས་མི་འདའ་ཞིང༌། །ལམ་རིམ་ཁྲིགས་བཀོད་ཞིབ་ལ་མ་འཛིངས་པ། །རྣམ་གསུམ་དཔྱད་པའི་ཚད་མས་ཡོངས་སུ་དག །ནོར་བ་མེད་པའི་མན་ངག་ཟབ་མོ་ཅན། །ཧ་ཅང་མི་རྒྱས་ཤིན་ཏུ་བསྡུས་མིན་ལ། །འདུས་ཤིང་གསལ་བའི་རྣམ་བཤད་འདི་ལྟ་བུ། །གང་གིས་འདྲི་བའང་རྟོན་པ་བཞི་ལྡན་སོགས། །སྐྱེས་ཆེན་དམ་པ་དེ་དེ་རྣམས་ཀྱི་མཐུ། །ལེགས་པ་གང་ཡིན་དེ་ལ་མཆོད་པར་བགྱིད། །དགེ་བ་གང་ཡིན་སེམས་ཅན་རྣམས་ལ་བསྔོ། །བསོད་ནམས་གང་ཡིན་དེས་ཀྱང་དེང་ནས་བདག །སྲིད་ཞི་གང་ཡིན་དེ་དང་མཉམ་པར་སྤྱོད། །ཅེས་པ་རྒྱུད་ཀྱི་རྒྱལ་པོ་དབང་མདོར་བསྟན་པ་ཞེས་བྱ་བ་ངེས་དོན་དོན་དམ་པའི་རྒྱུད་ཀྱི་རྣམ་པར་བཤད་པ་ཟབ་མོའི་དོན་མཐའ་དག་གསལ་བར་བྱེད་པའི་ཉི་མ་ཞེས་བྱ་བ་འདི་ནི་རྡོ་རྗེ་འཛིན་ཆེན་པོའི་ལམ་གྱི་རིམ་པ་མཐའ་དག་དང༌། ཁྱད་པར་ས་བཅུའི་དབང་ཕྱུག་རྣམས་ཀྱི་གསུང་ངེས་དོན་གྱི་སྐབས་ཐམས་ཅད་ལ་ངེས་པ་རྙེད་ཅིང༌། རྒྱུ་འདི་ཉིད་ཀྱི་འགྲེལ་པ་དོན་དམ་བསྡུས་པ་ཞེས་པ་དཔལ་ནཱ་རོ་པས་མཛད་པར་གྲགས་པ་དང༌། དུས་འཁོར་ཞབས་ཞེས་བྱ་བའི་འགྲེལ་པ་དང༌། རྣམ་རྒྱལ་དཔལ་བཟང་པོའི་འགྲེལ་པ་དང༌། དཔལ་འཛིན་དགའ་བའི་མདོར་བཤད་དེ་རྒྱ་འགྲེལ་བཞི་དང༌། རིགས་ལྡན་སྤྲུལ་པ་ཀུན་སྤང་ཆེན་པོའི་གསུང་མཆན་དང༌། མཁས་པ་གཞན་མང་པོའི་འགྲེལ་པ་སོགས་ཀྱི་དོན་ཡང་ཁོང་དུ་ཆུད་ལ། ནམ་ཡང་གྲུབ་པའི་དབང་པོའི་མན་ངག་རྣམས་དང༌། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དོལ་པོ་པའི་དགོངས་པ་ཁོ་ན་སྲོག་ཏུ་གཞག་སྟེ། ༧རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཞེ་གཉིས་པ་ལ་ནགས་རྒྱལ་གྱི་དབེན་གནས་ཇོ་ནང་དུ་སྦྱར་བའོ། །


TNT02_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས། རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་བའི། །རྣམ་སྤྲུལ་རྗེ་བཙུན་ཡོན་ཏན་བཟང་པོ་ཡིས། །སྤྱི་ལོ་ཅིག་སྟོང་གུ་བརྒྱ་གོ་ལྔ་ལོར། །རྒྱལ་བསྟན་མི་ཉམ་གོང་དུ་འཕེལ་བའི་ཕྱིར། །ཀུན་མཁྱེན་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱི། །ཞིང་པར་འཛམ་ཐང་གཙང་བའི་ཆོ་གྲྭ་ཆེན། །བསྤྲུན་པའི་དགེ་བ་འོད་དཀར་དྲིན་མེད་ཀྱིས། །མ་གྱུར་གྲོལ་རྫོགས་སངས་རྒྱས་ཐོབ་ཤོག །འདི་ཡང་པུཎྱཻ་ཤྲཱིས་བྲིས་དགེ། །རབ་དཀར་དའི་མཚན་སྐྱེ་འཕགས་དགེ་ཆེན་གྱིས། །དུས་མཐར་རྒྱལ་སྟན་དབུ་འཕང་མཐོ་བ་དང་། །ཆབས་གཅིག་འགྲོ་ལ་ཕན་བདེ་ཡོངས་སྤེལ་ཞིང་། །བསྟན་འགྲོའི་སྲུང་རིམ་རླབས་ཆེན་སྤྱོད་གྱུར་ཅིག །དེ་ཡང་མ་ཏིས་སྨྲས། །དུས་ཀྱི་འཁོར་ལོ་བླ་མ་དབྱེར་མེད་ལ། །གུས་པས་སྐྱབས་གསོལ་འདིར་བསམ་སར་བ་དཀར་མཐུས། །ཤམྦྷ་ལ་རུ་རིགས་ལྡན་སྲས་གྱུར་ཏེ། །བསྟན་འགྲོ་ཡོངས་བརླབས་ཆེན་ཕན་ཐོགས་ཤོག །ཅེས་པ་འང་མ་ཏིས་སོ། བསོད་ནམས་བསགས་དགེ་བདག་སོགས་འགྲོ། །འདི་ཕྱི་ཀཀུན་ཏུ་ཡང་དག་གི །ཆོས་མཐུན་ཁོ་ནས་ལེགས་འཚོ་ཞིང་། །རྐྱེན་ངན་གང་གིས་བསྒྱུར་མེད་ཤོག །ཅེས་པའང་མ་ཏིས་སོ། ལེགས་མཆོག་ཕན་བདེ་ཀུན་གྱི་གཞི་གཅིག་པུ། །ཐུབ་པའི་བསྟན་པ་ལུང་རྟོགས་པའི་ཆོས། །ཡོངས་རྫོགས་སྒོ་གང་ཐང་ནས་འཛིན་པ་ལ། །ལུས་སྲོག་འདོར་ལ་ཐུག་ཀྱང་ཞུམ་མེད་ཤོག །ཁྱད་པར་རྒྱལ་བའི་དགངས་པ་མཐར་ཐུག་པ། །འཁོར་ལོ་ཕྱིར་མི་ལྡོག་པའི་བརྗོད་བྱིའི་དོན། །ངེས་དོན་དབུ་མ་ཟབ་གསང་ཐེག་པའི་ཕུལ། །བསྟན་པའི་སྙིང་པོ་མཆོག་དེ་རྟག་འཛིན་ཤོག །ཅེས་པའང་མ་ཏིས་སོ། རབ་དཀར་བསགས་དགེ་འདིས་ནི་ཕྱི་མིའི་སྐབས། །སྐྱེ་སྲིད་གཞན་གྱིས་གོ་མཚམས་མ་ཕྱེ་བར། །འཐགས་ཤིང་པོ་ཊཱ་ལ་ཡིས་གནས་མཆོག་ཏུ། །ཡང་དག་གདུལ་བྱ་བཟང་པོར་ལེགས་འཕེལ་ཤོག །ཅེས་པའང་མ་ཏིས་སོ། འདིར་འབད་དགེ་འདིས་ལུས་འདི་བོར་མ་ཐག །གཡུ་ལོ་བཀོད་པར་འཕགས་མའི་དགྱེས་ཞལ་དྲུང་། །ཐུགས་སྲས་གདུལ་ཞིང་མཆོག་ཏུ་ལེགས་གྱུར་ཏེ། །སྐྱེ་སྲིད་དེད་ལ་མ་མཐར་ཕྱིན་གྱུར་ཅིག །ཅེས་པ་བརྩོན་འགྲུས་དང་ལ་ལ་མཁོ་ནས་མ་ཏིས་སྨྲས་པའོ།


TNT02_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

༄། དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་གྱི་བྱུང་ཁུངས་ཉེར་མཁོ་བཞུགས།


TNT02_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། སྤྱིར་སྟོན་པས་ཆོས་དཔག་ཏུ་མེད་པ་གསུངས་པ་ལས། ཉན་ཐོས་ཀྱི་དོན་དུ་གསུང་བའི་སྡེ་སྣོད་གསུམ་ནི། བསམ་པ་རང་དོན་ཁོ་ན་དང༌། སྦྱོར་པ་ཉམས་ལེན་ནི། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་གསུམ་ལས་བརྩམས་ཏེ། ལྟ་བ་གང་ཟག་གི་བདག་མེད། སྤྱོད་པ་འཚེ་བ་མེད་པ། སྒོམ་པ་ཞི་ལྷག་གི་རྣལ་འབྱོར་རྣམས་སྟོན། བརྩོན་འགྲུས་རབ་ཀྱིས་བསྒོམས་ན། ཚེ་གསུམ་ཀྱིས་ཉན་ཐོས་དགྲ་བཅོམ་པ་དང༌། བསྐལ་པ་བརྒྱས་རང་སངས་རྒྱས་ཐོབ་ནུས་པ་ནི་ཡིན། ཕར་ཕྱིན་དྲུག་ལ་སོགས་པ་མིང་ཙམ་ལས་ངོ་བོ་ཚང་བར་མ་བཤད། ཐེག་དམན་གྱི་སྡེ་སྣོད་གསུམ་པོ་ཁོ་ནའི་དོན་བསྒོམས་ཀྱང༌། འདིས་སངས་རྒྱས་ཀྱི་ལམ་མ་རྫོགས་པས། སངས་རྒྱས་ཐོབ་པར་མི་ནུས་སོ། །ཐེག་ཆེན་ལ། མདོ་དང་སྔགས་གཉིས་ལས། མདོ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས། བསམ་པ་གཞན་ཕན་བྱང་ཆུབ་ཀྱི་སེམས། སྤྱོད་པ་ཕར་ཕྱིན་བཅུ་དང་བསྡུ་བའི་དངོས་པོ་བཞི། ལྟ་བ་བདག་མེད་གཉིས། སྒོམ་པ་རྣམ་པར་མི་རྟོག་པ་སྟེ། བྱང་ཆུབ་སེམས་དཔའི་གཞི་ལམ་འབྲས་བུ་རྣམས་ཤིན་ཏུ་རྒྱས་པར་སྟོན། ལམ་འདི་ཁོ་ན་བསྒོམས་ན་བསྐལ་པ་གྲངས་མེད་གསུམ་ནས། ས་བཅུ་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རྒྱལ་ཚབ་ཆེན་པོའི་གོ་འཕང་ཐོབ་པར་ནུས།


TNT02_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཕར་ཕྱིན་རང་ལམ་གྱིས་དེ་ལས་ལྷག་པོ་མི་ཐོབ་ཀྱང༌། སྐབས་དེར་སྔགས་ལ་ཞུགས་ནས་སངས་རྒྱས་འཐོབ་བོ། །སྔགས་ཀྱི་ཐེག་པ་ལ། བྱ་རྒྱུད། སྤྱོད་རྒྱུ། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དེ་བཞི་ལས། བྱ་རྒྱུད་དུ་ནི་མདོ་ལས་ཇི་སྐད་བཤད་པའི་ལམ་རྣམས་ཀྱི་སྟེང་དུ། ཆུ་དང་ཅོད་པན་གྱི་དབང་བསྐུར་ཙམ་དང༌། མདུན་བསྐྱེད་ཀྱི་ལྷ་སྤྱན་དྲངས། མཆོད་པ་ཕུལ། དམ་ཚིག་གི་ཕྱག་རྒྱས་བཏབ། སྔགས་བཟླས་པས་ཐུགས་རྒྱུད་བསྐུལ་བའི་བསྙེན་པ་དང༌། ལས་ཚོགས་སྣ་ཚོགས་པ་དང༌། ཐུན་མོང་གི་དངོས་གྲུབ་མང་དུ་སྒྲུབ་པའི་ཐབས་རྒྱ་ཆེར་བསྟན། རྒྱུད་འདི་ལ་བདག་བསྐྱེད་མེད་པས། རྗེ་དབོན་ལྟར་དངོས་གྲུབ་ལེན་པའི་ཐ་སྙད་བྱེད། དཀའ་ཐུབ་དང་གཙང་སྦྲ་གཙོ་བོར་སྤྱོད། འདིའི་རང་ལམ་གྱིས་བསྐལ་པ་ཆེན་པོ་བརྒྱད་ནས་བཅུ་པ་འཐོབ། སྤྱོད་རྒྱུད་ནི། ཕལ་ཆེར་བྱ་རྒྱུད་དང་འདྲ་བ་ལས། དབང་གི་ཚེ། ཕྱག་མཚན་གྱི་དབང་དང༌། མིང་དབང་ཡང་ཡོད། ཉམས་ལེན་གྱི་སྐབས་བདག་བསྐྱེད་ཀྱང་ཡོད། གྲོགས་པོ་ལྟ་བུའི་སྒོ་ནས་དངོས་གྲུབ་ལེན། བསྐལ་པ་གསུམ་མ་མ་གཅིག་གིས་ས་བཅུ་ཐོབ་པར་འདོད། བྱ་སྤྱོད་དེ་གཉིས་ལ། ཐུན་མོང་གི་དངོས་གྲུབ་ཀྱིས་ཚེ་བསྐལ་པའི་བར་དུ་གནས་པར་བསྒྲུབས་ནས། རྟེན་དེ་ལ་སྟོང་ཉིད་སྙིང་རྗེ་དབྱེར་མེད་མདོ་དང་ཐུན་མོང་བ་དེས་འཕགས་པའི་ས་སྒྲུབ་པར་འདོད་ཀྱི། མཆོག་གི་དངོས་གྲུབ་སྒྲུབ་ཐབས་སྔགས་ལམ་ཐུན་མོང་མ་ཡིན་པ་བཤད་པ་མེད་དོ། །རྣལ་འབྱོར་རྒྱུད་ནི།སྤྱོད་རྒྱུད་མན་ཆད་ཀྱི་ཆོས་རྣམས་ཡོད་ཀྱི་སྟེང་དུ། དབང་གི་སྐབས། ཆུ་ཅོད་པན། རྡོ་རྗེ་དྲིལ་བུ། མིང་བརྟུལ་ཞུགས། རྡོ་རྗེ་སློབ་དཔོན་གྱི་དབང༌། རྗེས་གནང་སོགས་མཐའ་རྟེན་རྣམས་དང་བཅས་པ་ཡོད་ཅིང༌། ཉམས་ལེན་གྱི་སྐབས། བདག་བསྐྱེད་དཀྱིལ་འཁོར་གྱི་འཁོར་ལོ་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་སྒོམ་པ་དང༌། ཐུན་གྱི་མཐར་ཕྱག་བརྒྱ་བཀྲོལ་ནས། བདག་བསྐྱེད་ཀྱི་ལྷ་གཤེགས་སུ་གསོལ་བ་དང༌། འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་པ་ལམ་བྱེད་མངོན་བྱང་ལྔ་སོགས་སྒོམ་པ་དང༌། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཐབས་མདོ་དང་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་གྱི་ཁྱད་པར་མང་དུ་གསུངས། འདིའི་རང་ལམ་གྱི་


TNT02_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ལོ་བརྒྱ་པའི་མིའི་སྐྱེ་བ་བཅུ་དྲུག་གི་ཡུན་ཚོད་ཙམ་ལ། དབང་པོ་རྣོ་ཤོས་ཀྱིས་ཕྱག་རྒྱ་ཆེན་པོ་འགྲུབ་པར་བཤད། དེའི་ཡུན་ཚད་ཉིས་འགྱུར་གྱིས་ས་བཅུ་པ་ལ་སྦྱོར་བ་ཡིན་ནོ། །སྤྱོད་རྒྱུད་དང་རྣལ་འབྱོར་རྒྱུད་འདི་གཉིས་ལ། ལས་ཚོགས་ཀྱི་སྐབས་འགའ་རེ་མ་གཏོགས། དཀའ་སྤྱད་དང་ཁྲུས་སོགས་ཀྱི་གཙང་སྦྲ་མི་དགོས། གཙང་རྨེ་མེད་པའི་སྤྱོད་པ་ཡང་མི་བྱེད་དོ། །དེ་ལྟར་རྒྱུད་སྡེ་དེ་གསུམ་གྱི་ལམ་གྱིས་ས་བཅུ་པ་ཐོབ་པ་ཡང༌། བླ་མེད་ལ་ཞུགས་ནས་སངས་རྒྱས་ལ་སྦྱོར་བ་ཡིན། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནི། དབང་གི་དུས་ན། བུམ་དབང༌། གསང་དབང༌། ཤེར་དབང༌། དབང་བཞི་པ་སྟེ། དབང་བཞི་རྫོགས་པ་དང༌། ལམ་བསྐྱེད་རིམ་མ་དག་པའི་སྣང་བ་དབྱིངས་སུ་སྦྱངས་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་སྒོམ། དབང་དང་བསྐྱེད་རིམ་གཉིས་ཀ་ལ། ཡར་སངས་རྒྱས་དང་རྣམ་པ་མཐུན་པའི་ལམ་དུ་བྱེད་ཚུལ་གཅིག་དང༌། མར་འཁོར་བ་དང་རྣམ་པ་མཐུན་པའི་དྲི་མ་སྦྱོང་ཚུལ་གཅིག་སྟེ། སྦྱང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་ཞིབ་མོར་སྦྱོར། ཐུན་མཚམས་སུ་སྣང་བ་ཐམས་ཅད་ལྷར་སྒོམ། བདག་བསྐྱེད་ཀྱི་ལྷ་མི་གཤེགས། རྫོགས་རིམ་རྡོ་རྗེའི་ལུས་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་ཐབས་སྟོན། སྤྲོས་བཅས་སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་སྤྱད་པས། འབྲས་བུ་ལ་སྦྱོར་བར་བཞེད། སྐྱེ་བ་སྔ་མར་བསགས་རྒྱབ་ཅན་མ་ཡིན་ཀྱང༌། བསམ་པའི་སྟོབས་ཆེ་བ་གཅིག་གིས་འབད་པས་བསྒོམས་ན། ཚེ་ལོ་བརྒྱ་པའི་མིའི་ཚེ་གང་གཅིག་གི་ཡུན་ལ། ལམ་གཞན་ལ་མ་ལྟོས་པར་སངས་རྒྱས་ཀྱི་ས་ཐོབ་ནུས་ཏེ། དབང་པོ་རྣོ་ཞིང་བར་ཆད་མེད་པའི་དབང་དུ་བྱས་པ་ཡིན་ནོ། །ལམ་དེ་རྣམས་སྟོན་བྱེད་ཀྱི་སྡེ་སྣོད་སོ་སོ་གཙོ་ཆེ་བ་བོད་དུ་འགྱུར་བའི་རགས་རིམ་ཙམ་ངོས་བཟུང་ན། སོ་སོ་ཐར་བའི་མདོ། འདུལ་བའི་ལུང་སྡེ་བཞི། གདགས་པའི་བསྟན་བཅོས། མདོ་སྡེ་ལས་བརྒྱ་པ། རྟེན་འབྲེལ་གྱི་མདོ། ཆོས་འཁོར་གྱི་མདོ། དོན་རྣམ་པར་ངེས་པའི་མདོ་ལ་སོགས་པ་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་མདོ།


TNT02_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཆུང་སྡོམ་པ་ལྔ་ཅུ་ཙམ་ཡོད་དེ། ཉན་ཐོས་ལ་གསུངས་པ་ཐེག་དམན་གྱི་སྡེ་སྣོད་དོ། །འབུམ་ཉི་ཁྲི་བརྒྱད་སྟོང་པ་སོགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ནི་འཁོར་ལོ་བར་པའི་མདོ་ཡིན་ཅིང༌། གྲངས་བཅུ་བདུན་ཙམ་ཡོད། སྙིང་པོའི་མདོ་སྡེ་ཟབ་མོ་ཕྱིར་མི་ཟློག་པ་འཁོར་ལོའི་གཏམ་སྟོན་བྱེད་ཉི་ཤུ་ཙམ་ཡོད་པ་ནི། འཁོར་ལོ་ཐ་མའི་མདོའི་གཙོ་བོ་ཡིན་ལ། གཞན་དཀོན་མཆོག་བརྩེགས་པ་དང༌། འདུས་པ་ཆེན་པོ་དང༌། སྡོང་པོ་བཀོད་པ་དང༌། ཕལ་པོ་ཆེ་ཤས་ཆེ་བ་ཞིག་དང༌། བསྐལ་བཟང་དང༌། མ་སྐྱེས་དགྲའི་འགྱོད་པ་བསལ་སོགས་མདོ་སྡེ་ཕལ་ཆེ་བ་ཡང༌། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གྱི་མདོ་ཡིན་ཏེ། འཁོར་ལོ་བར་མཐའ་གཉིས་བསྡོམས་པ་ལ་ཐེག་ཆེན་གྱི་མདོ་ཞེས་གྲགས་ཤིང༌། ཡོངས་དྲིལ་མདོ་རྣམ་དག་སུམ་བརྒྱ་ཉེ་བ་བཞུགས། བྱ་རྒྱུད་ལ་རིགས་དྲུག་ཡོད་པ་ལས། དམ་ཚིག་གསུམ་བཀོད་དང༌། འཇམ་དཔལ་རྩ་རྒྱུད་སོགས་དེ་བཞིན་གཤེགས་པའི་རིགས། དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོ་དང༌། ཞལ་བཅུ་གཅིག་པའི་གཟུངས་སོགས་པདྨའི་རིགས། ཕྱག་རྡོར་རིག་པ་མཆོག་གི་རྒྱུད་སོགས་རྡོ་རྗེའི་རིགས། ནོར་རྒྱུན་མ་དང༌། ཛམྦྷ་ལའི་གཟུངས་སོགས་ནོར་བུའི་རིགས། མེ་ཁ་ལེའི་གཟུངས་སོགས་ལྔ་རྩེན་གྱི་རིགས། ལྷ་ཀླུ་འབྱུང་པོ་ཕལ་པས་ཕུལ་བའི་གཟུངས་མང་པོ་རྣམས་འཇིག་རྟེན་ཕལ་པའི་རིགས་སོ། །སྤྱོད་རྒྱུད་ལ་རིགས་གསུམ་ལས། སྐུའི་རིགས་ནི། རྣམ་སྣང་མངོན་བྱང་དང༌། མི་གཡོ་བ་བརྟུལ་ཕོད་སོགས་ཡིན། གསུང་གི་རིགས་བོད་དུ་མ་འགྱུར། ཐུགས་ཀྱི་རིགས་ཕྱག་རྡོར་དབང་བསྐུར་བའི་རྒྱུད་སོགས་སོ། །རྣལ་འབྱོར་རྒྱུད་ལ། ཕ་རྒྱུད་དེ་ཉིད་བསྡུས་པ་དང༌། རྡོ་རྗེ་རྩེ་མོ་སོགས། མ་རྒྱུད་དཔལ་མཆོག་དང་པོ་དང༌། རྡོ་རྗེ་སྙིང་རྒྱན་སོགས་སོ། །བླ་མེད་ལ་ཕ་རྒྱུད་མ་རྒྱུད་གཉིས། ཕ་རྒྱུད་ལ་གསུམ་ལས། ཆགས་ཅན་རྗེས་སུ་འཛིན་པའི་རྒྱུད་ནི། གསང་བ་འདུས་པ་དང༌། གཤིན་རྗེ་གཤེད་དམར་ནག་དང༌། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ལ་


TNT02_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དང༌། ཞེ་སྡང་ཅན་ཚར་གཅོད་ཀྱི་རྒྱུད་ནི། འཇིགས་བྱེད་ཀྱི་རྟོག་པ་བདུན་པ་ལྟ་བུ་དང༌། གཏི་མུག་ཅན་རྗེས་སུ་འཛིན་པའི་རྒྱུད་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡིན་པ་ལས། ཕྱོགས་འདིར་ནི་མཚན་བརྗོད་ཙམ་ཞིག་འགྱུར་རོ། །མ་རྒྱུད་ལ་རིགས་དྲུག་ལས། བདེ་མཆོགདགྱེས་རྡོར། མཧཱ་མཱ་ཡ། སངས་རྒྱས་ཐོད་པ། རྡོ་རྗེ་ཨ་རལླི། རྀ་ཥི་ཨ་རལླི། ཕྱག་ཆེན་ཐིག་ལེ་སོགས་ཧེ་རུ་ཀའི་རིགས། གདན་བཞི་རྣམ་སྣང་གི་རིགས། རིགས་ཀྱི་འཇིག་རྟེན་མགོན་པོ་པདྨའི་རིགས། རྡོ་རྗེ་བདུད་རྩི་རིན་ཆེན་འབྱུང་ལྡན་གྱི་རིགས། སྒྲོལ་མ་བླ་མེད་སོགས་རྟའི་རྒྱལ་པོའི་རིགས། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་དང༌། ཟླ་གསང་ཐིག་ལེ་རྡོ་རྗེ་སེམས་དཔའི་རིགས་ཡིན་ལ། དཔལ་དུས་ཀྱི་འཁོར་ལོ་ཡང༌། ཧེ་རུ་ཀ་དང་རྡོ་རྗེ་སེམས་དཔའི་རིགས་གཉིས་ཀ་ལ་བརྟེན་པ་ལྟར་ཡོད་ཀྱང༌། རྡོ་རྗེ་སེམས་པའི་རིགས་ཉིད་ཡིན་ནོ། །ཅི་སྟེ་རྣལ་འབྱོར་བླ་མེད་ལ་རིགས་གསུམ་དུ་ངེས་པར་འབྱེད་ན་ནི། གཉིས་མེད་རྒྱུད་ཀྱི་ངོས་འཛིན་དུས་འཁོར་ཁོ་ན་ལ་བྱེད་དགོས་ཏེ། ཐབས་ཤེས་རབ་ཀྱི་ཕན་ཚུན་རྒྱས་གདབ་མང་པོ་དུས་འཁོར་ནས་གསུངས་ལ། དུས་འཁོར་ལ་ལྟོས་ན་བརྒྱུད་སྡེ་གཞན་རྣམས་རྒྱས་གདབ་སྟེ་བསྡུས་པས་སོ། །འོན་ཀྱང༌། བླ་མེད་ཀྱི་རྒྱུད་ལ་ཐབས་རྒྱུད་དང༌། ཤེས་རབ་ཀྱི་རྒྱུད་དང༌། གཉིས་མེད་ཀྱི་རྒྱུད་གསུམ་དུ་འབྱེད་པ་ནི། བོད་ཀྱིས་བརྟགས་པའི་རྣམ་རྟོག་ཙམ་མོ། །ཕ་མ་གཉིས་ཀྱི་ཁྱད་པར་ནི་ལྷ་ཡབ་ཀྱི་དཀྱིལ་འཁོར་དང་སྔགས་དང་ཆོ་ག་ཁོ་ན་རྩལ་དུ་འདོན་པ་ནི། ཐབས་ཀྱི་རྒྱུད་ཡིན་ལ། ལྷ་ཡུམ་གྱི་དཀྱིལ་འཁོར་དང༌། སྔགས་དང་ཆོ་ག་ཁོ་ན་རྩལ་དུ་འདོན་པའམ། ཡབ་ཡུམ་གཉིས་ཀར་གྱི་དཀྱིལ་འཁོར་དང་སྔགས་དང་ཕྱག་རྒྱ་ཆ་མཉམ་པར་རྩལ་དུ་འདོན་པ་ནི་རྣལ་འབྱོར་མའི་བརྒྱུད་ཡིན་ཏེ། བདེ་དགྱེས་དུས་འཁོར་སོགས་མ་རྒྱུད་གཙོ་ཆེ་བ་ཕལ་ཆེར་ལས་ཆ་མཉམ་དུ་སྟོན་ལ། གདན་བཞི་སོགས་འགའ་ཞིག་ལས་ཡུམ་ཁོ་ན་རྩལ་དུ་འདོན་ནོ། །དེ་ལྟར་ན་དངོས་བསྟན་ཚིག་ཟིན་གྱི་དབང་དུ་བྱས་ན།


TNT02_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་ཀྱི་རྒྱུད་རྣམས་ལ་ཡང་ཟབ་མི་ཟབ་ཀྱི་ཁྱད་ཡོད་ལ། ཕ་རྒྱུད་ནས་བཤད་པའི་ཟབ་དོན་རྣམས། མ་རྒྱུད་ལ་ཡང་ཡོད་ཅིང༌། ཕ་རྒྱུད་ནས་མ་བཤད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འགའ་རེ་ཡང༌། མ་རྒྱུད་ལ་སྣང་བས། རྣལ་འབྱོར་མའི་རྒྱུད་ཉིད་མཆོག་ཏུ་བྱའོ། །འོན་ཀྱང་མཐའ་དྲུག་དང་ཚུལ་བཞིའི་སྒོ་ནས་རྣམ་པར་ཕྱེ་བ་དང༌། བླ་མ་དམ་པའི་མན་ངག་གིས་བཀྲལ་ན་ནི། བླ་མེད་ཀྱི་རྒྱུད་ཐམས་ཅད་དགོངས་པ་གཅིག་ཏུ་འགྱུར་བའི་ཕྱིར། མཆོག་དམན་གྱི་དབྱེ་བ་ཐུབ་པར་དཀའ་འོ། །དེ་དག་ལས་སྐབས་འདིར། རྒྱུད་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་སངས་རྒྱས་པའི་ཕྱི་ལོ་ནག་པའི་ཉ་ལ། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆེན་པོ་མངོན་པར་སྤྲུལ། འཁོར་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པ་དང༌། ལྷ་ཆེན་བཅུ་གཉིས་སོགས། ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་དང༌། ཆུ་བོ་སཱི་ཏའི་བྱང་ཕྱོགས་གྲོང་བྱེ་བ་ཕྲག་དགུ་ཅུ་རྩ་དྲུག་གི་མིའི་འགྲོ་བ་སྐལ་ལྡན་དཔག་ཏུ་མེད་པ་འདུས་པའི་དབུས་སུ། ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟང་པོས་ཞུས་པའི་ངོར་གསུངས་པ་ཡིན་ལ། དེར་རྒྱུད་འདིར་མ་ཟད། རྒྱུད་མཐའ་དག་གསུངས་ནས། ཕྱག་ན་རྡོ་རྗེ་ལ་གཏད་པ་ཡིན་ཅིང༌། མི་དང་མི་མ་ཡིན་པ་བགྲང་བ་ལས་འདས་པ་འདོད་པའི་དངོས་གྲུབ་ཐོབ་པར་གྱུར། རེ་ཤིག་མིའི་འཇིག་རྟེན་གཞན་དུ་མ་དར། ཤམྦྷ་ལར་རྒྱལ་པོ་ཟླ་བ་བཟང་པོས་རྒྱུད་མཐའ་དག་གླེགས་བམ་ལ་བྲིས། དུས་ཀྱི་འཁོར་ལོའི་རྩ་རྒྱུད་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ལ། འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་མཛད། རྒྱུ་རིན་པོ་ཆེ་སྣ་ཚོགས་པ་ལས། ལྷའི་བཟོ་བའི་འདུ་


TNT02_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱིས་དཀྱིལ་འཁོར་གྱི་བཀོད་པ་ཁྲུ་བཞི་བརྒྱ་པ་བཞེངས། སྐྱེ་བོའི་ཚོགས་ལ་སྔགས་ཀྱི་ཐེག་པ་རྒྱ་ཆེར་གསུངས། མང་པོ་ཞིག་དངོས་གྲུབ་མཆོག་ལ་བཀོད། རྩ་རྒྱུད་གསུངས་པའི་དུས་ནས་ལོ་གཉིས་པ་ལ། སའི་སྙིང་པོའི་སྤྲུལ་པ་སྲས་ལྷའི་དབང་པོ་རྒྱལ་སྲིད་དུ་བསྐོས་ནས་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །དེ་རྗེས་ས་བཅུའི་དབང་ཕྱུག་སོ་སོའི་སྤྲུལ་པའི་སྐུ། ལྷ་དབང་དང༌། གཟི་བརྗིད་ཅན་དང༌། ཟླ་བས་བྱིན་དང༌། ལྷའི་དབང་ཕྱུག་དང༌། སྣ་ཚོགས་གཟུགས་དང༌། ལྷའི་དབང་ལྡན་ཏེ། དེ་དག་གིས་ཀྱང་ཟླ་བ་བཟང་པོ་བཞིན་དུ་དར་བ་མཛད་དོ། །དེ་རྗེས་འཇམ་དཔལ་གྱི་སྤྲུལ་བ་རྒྱལ་པོ་གྲགས་པས་ལོ་བརྒྱའི་བར་དུ་སྔོན་བཞིན་ཆོས་བསྟན་ནས། སླར་ཡང་རྩ་རྒྱུད་ལས་ལུང་བསྟན་པ་ལྟར། ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་ན་གནས་པའི། ཚངས་པའི་རིགས་ཀྱི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་རྣམས་སྐལ་བ་མཆོག་དང་ལྡན་ཞིང༌། འདུལ་བའི་དུས་ལ་བབ་པར་ཡང་གཟིགས། དེ་དག་མ་བཏུལ་ན་མ་འོངས་པ་ན་དེ་དག་གི་བུ་བརྒྱུད་ལས་ཀླ་ཀློའི་ཆོས་འབྱུང་བ་ཡང་མཁྱེན། དེ་རྣམས་སྔགས་ཀྱི་བསྟན་ལ་བཅུག་ན། ཡུལ་དགུ་བཅུ་རྩ་དྲུག་གི་མི་རྣམས་སྔགས་ཀྱི་ལམ་ལ་འཇུག་པར་ཡང་མཁྱེན། དྲང་སྲོང་རྣམས་ཀྱང་དང་པོར་འཇམ་པོ་ཁོ་ནས་མི་ཐུལ་ཏེ། བསྡིགས་ཤིང་བསྐྲད་ན་ཐུལ་བར་མཁྱེན་ནས། དྲང་སྲོང་རྣམས་ཀྱི་མཆོག་ཉི་མའི་ཤིང་རྟ་ལ་བཀའ་བསྒོས་ཏེ། དྲང་སྲོང་རྣམས་ཀྱི་སྤྱོད་པ་ཐ་དད་པ་རྣམས་དྲིས་ཤིང༌། དེ་རྣམས་ཀྱིས་ཀྱང་ཞུས་པ་ན། ཁྱེད་རྣམས་རང་རང་གི་ལྟ་བ་མུ་སྟེགས་ཀྱི་གྲུབ་མཐའ་ཐ་དད་པ་རྣམས་དང༌། སྤྱོད་པ་སྣ་ཚོགས་པ་རྣམས་དོར་ཏེ། རྡོ་རྗེའི་ཐེག་པ་ལ་རིགས་གཅིག་ཏུ་གྱིས་ཤིག་པར་བཀའ་སྩལ་བ་ན། དེ་རྣམས་རང་རང་གི་ལྟ་སྤྱོད་ངན་པ་ལ་མངོན་པར་ཞེན་པས། རྡོ་རྗེའི་རིགས་ལ་མི་འཇུག་སྟེ། དེ་བས་རང་ཡུལ་བོར་ནས། འཕགས་པའི་ཡུལ་དུ་འགྲོ་བར་སྤྲོ་བའི་


TNT02_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། རྒྱལ་པོའི་བཀའ་དྲག་པོས་ལྷོ་ཕྱོགས་སུ་བསྐྲད། ཞག་བཅུའི་བར་དུ་སོང་སྟེ། བཅུ་པ་ལ་ནགས་ཚལ་ཆེན་པོ་ཞུགས་པའི་ཚེ། གཉིད་འཐུག་པོས་ནོན་པར་བྱིན་གྱིས་བརླབས། མི་མ་ཡིན་རྣམས་ལ་བཀའ་བསྒོས་ཏེ། གཉིད་མ་སད་པ་ཁོ་ནར། སྐད་ཅིག་ལ་ནམ་མཁའི་ངོས་ནས་ཁྱེར་འོངས་ཏེ། མཱ་ལ་ཡའི་སྐྱེད་ཚལ་གྱི་དབུས། རྒྱལ་པོ་ཟླ་བ་བཟང་པོས་བཞེངས་པའི་དཀྱིལ་འཁོར་གྱི་བཀོད་པའི་དྲུང་དུ་ཕྱིན་པར་གྱུར་པ་ན་གཉིད་སད་དོ། །དེ་ནས་ཡ་མཚན་དུ་གྱུར་པ་ན། བློན་པོ་རྒྱ་མཚོའི་བློ་གྲོས་ཀྱིས་བརྡའ་སྦྱར་ཏེ། ཉི་མའི་ཤིང་རྟ་ལ་སོགས་པ་དྲང་སྲོང་རྣམས་ཀྱིས་གསོལ་བ་བཏབ་པར་གྱུར་པའི་ཚེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཞིང༌། རྩ་བའི་རྒྱུད་ཀྱི་སྙིང་པོ་བསྡུས་པ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོས་བསྡུས་རྒྱུད་དུ་གྲགས་པ་འདི་གསུངས་ཏེ། གཞུང་གི་ཚད་ནི་རྩ་རྒྱུད་ལས་བསྡུས་པའི་ཚིག་ནི། འཕྲེང་འཛིན་གྱི་སྡེ་སྦྱོར་ཅན་གྱི་ཤླཽ་ཀ་སྟོང་དང་སུམ་ཅུ་ཡིན་ལ། རྩ་རྒྱུད་རྗེས་སྔགས་ཀྱི་སྡེབ་སྦྱོར་ཡིན་པར་འདོད་པས། རྗེས་སྔགས་ཚད་ཀྱིས་གཞལ་ན་རགས་རྩིས་ལ་སུམ་སྟོང་གི་ཚད་ཙམ་དུ་འགྱུར་བས། རྩ་རྒྱུད་ཀྱི་བཞི་ཆ་ཙམ་མོ། །དེར་ནག་པའི་ཉ་ལ་དྲང་སྲོང་རྣམས་ལ་དབང་བསྐུར་ཞིང་རྒྱུད་བཤད་པས། དེའི་ཟླ་བ་ཕྱི་མ་ས་གའི་ཉ་ལ་དྲང་སྲོང་དེ་རྣམས་ཐམས་ཅད་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་གྲུབ་བོ། །དེའི་རྗེས་སུ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་པདྨ་དཀར་པོས། བསྡུས་པའི་རྒྱུད་ལ་འགྲེལ་བཤད་དྲི་མ་མེད་པའི་འོད་ཅེས་བྱ་བ་སྟོང་ཕྲག་བཅུ་གཉིས་པ་མཛད་དོ། །དེ་ལ་དྲང་སྲོང་རིགས་པ་ཐ་དད་པ་རྣམས་རྡོ་རྗེ་ཐེག་པ་ལ་རིགས་གཅིག་ཏུ་མཛད་པས། རྒྱལ་པོ་གྲགས་པའི་སྐུ་ཚེའི་ཐ་མར་རིགས་ལྡན་གྱི་མཚན་གསོལ་ཞིང༌། དེ་མན་ཆད་དུ། རིགས་གཅིག་པའི་རྒྱུད་ལ་གནས་པས། རིགས་ལྡན་ཞེས་བྱ་སྟེ།


TNT02_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དཀར་པོའི་རྗེས་སུ་ས་བཅུའི་དབང་ཕྱུག་སོ་སོའི་སྤྲུལ་པའི་སྐུ། བཟང་པོ་དང༌། རྣམ་རྒྱལ་དང༌། བཤེས་གཉེན་བཟང་པོ་དང༌། ཕྱག་དམར་དང༌། ཁྱབ་འཇུག་སྦས་པ་དང༌། ཉི་མ་གྲགས་དང༌། ཤིན་ཏུ་བཟང་པོ་དང༌། རྒྱ་མཚོ་རྣམ་རྒྱལ་དང༌། རྒྱལ་དཀའ་དང༌། ཉི་མ་དང༌། སྣ་ཚོགས་གཟུགས་དང༌། ཟླ་འོད་དང༌། མཐའ་ཡས་དང༌། ས་སྐྱོང་དང༌། དཔལ་སྐྱོང་དང༌། སེང་གེ་དང༌། རྣམ་པར་གནོན་པ་དང༌། སྟོབས་པོ་ཆེ་དང༌། མ་འགགས་པ་དང༌། མིའི་སེང་གེ་དང༌། དབང་ཕྱུག་ཆེན་པོ་དང༌། མཐའ་ཡས་རྣམ་རྒྱལ་དང༌། འཁོར་ལོ་ཅན་ཏེ། གྲགས་པ་ནས་འདིའི་བར་ལ་ཉི་ཤུ་རྩ་ལྔའོ། །དེ་དག་ལས་ཁྱབ་འཇུག་སྦས་པས། རྫུ་འཕྲུལ་གྱིས་ཁ་ཆེའི་ཡུལ་དུ་བྱོན་ཞིང༌། རྡོ་རིང་བཙུགས། ཟླ་བ་གསུམ་དུ་སྔགས་ཀྱི་ཐེག་པ་མང་དུ་གསུངས། ཆོས་སྟོན་པའི་ཚེ་ས་གཡོ་ཞིང་འོད་འབྱིན་པ་དང༌། ཁ་ཆེའི་མཚོ་ནང་ཀླུའི་ཕོ་བྲང་དུ་ཡང་ཡང་འབྱོན་ཞིང༌། ཀླུ་རྣམས་དངོས་སུ་ཆོས་ཉན་པ་སོགས་ཆོ་འཕྲུལ་མང་པོ་བསྟན། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་དང༌། རལ་གཅིག་མའི་སྒྲུབ་ཐབས་སོགས་མཛད་དེ། ནམ་མཁའི་ལམ་ལས་ཕྱིར་གཤེགས་སོ་ཞེས་གྲག་གོ །དུས་འདི་ཙམ་ན། སློབ་དཔོན་ཆེན་པོ་དཔལ་ཕྱོགས་གླང་ངམ། ཆོས་ཀྱི་གྲགས་པས་བསྟན་པ་སྐྱོང་བའི་དུས་ཙམ་ཡིན་པར་མངོན་ནོ། །རིགས་ལྡན་རྒྱལ་དཀའི་དུས་སུ། འཕགས་པའི་ཡུལ་དུ་དུས་ཀྱི་འཁོར་ལོ་དང༌། ད་ལྟ་དཔལ་སྐྱོང་སེང་གེའི་ཁྲི་ལ་བཞུགས་ཞེས་བྱ་ཞིང༌། ཆོས་རྒྱལ་ལྷ་དབང་ནས་བརྩམས་ཏེ་མཐའ་ཡས་རྣམ་རྒྱལ་གྱི་བར་དུ་ཐམས་ཅད་ཀྱང་རྒྱལ་སྲིད་ལ་ལོ་གྲངས་རྒྱ་ཕྲག་རེ་རེ་བཞུགས་པར་མཉམ་མོ། །དྲག་པོས་ཀྱང་ལོ་བརྒྱའི་བར་དུ་སྔར་བཞིན་ཆོས་བསྟན་ནས། ཀླ་ཀློའི་འདུལ་བར་བཞེད་པ་ལྟར་རེ་ཞིག་ཁས་བླང་བར་བྱ་ལ། ཉི་མ་གྲགས་སེང་གེའི་ཁྲི་ལ་འཁོད་པ་ཙམ་ན། མཁའི་ཡུལ་


TNT02_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཀླ་ཀློའི་ཆོས་ལྷག་པར་དར་ཞིང༌། འཕགས་ཡུལ་གྱི་ནུབ་ཀྱིས་རྣམས་སུ་གསར་དུ་དར་ལ། ཀླ་ཀློའི་སྟོན་པ་སྦྲང་རྩིའི་བློ་གྲོས་ཀྱི་དུས་དེ་ཡིན་པར་མངོན་ནོ། །དེ་ནས་ད་ལྟའི་བར་དུ་ཆེར་འཕེལ་ཞིང༌། མ་འོངས་པ་ན། ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་ཐམས་ཅད་ཀླ་ཀློར་གྱུར་པའི་ཚེ། ཀླ་ཀློ་རྣམས་འདུལ་བའི་དུས་ལ་བབ་པ་ན། འཁོར་ལོ་ཅན་གྱི་སྤྲུལ་པའི་དམག་ཚོགས་ཀྱིས་ཀླ་ཀློ་ཐམས་ཅད་བཅོམ་སྟེ། ཀླ་ཀློ་སྤྲུལ་པ་རྣམས་ནི་བསད་བའི་ཚུལ་བསྟན། རང་རྒྱུད་པ་རྣམས་ཀྱི་དྲེགས་པ་ཞི་བར་མཛད་དེ། ཡང་དག་པའི་ལམ་ལ་བཀོད་ནས། མཐར་སྤྲུལ་པ་བསྡུ་བར་འགྱུར་རོ། །དེ་ནས་དུས་རྣམས་ཀྱང་རྫོགས་ལྡན་དུ་འགྱུར་ཞིང༌། འཁོར་ལོ་ཅན་གྱི་སྲས་ཚངས་པ་དང༌། ལྷ་དབང་གཉིས། ལྷ་དབང་གི་རྒྱུད་ལ་འོད་སྲུངས་སོགས་ཤིན་ཏུ་མང་པོ་དག་འབྱུང་སྟེ། ས་དུམ་བུ་བཅུ་གཉིས་རྣམས་སུ་འཁོར་ཞིང༌། ལོ་ཉྀ་ཁྲི་ཆིག་སྟོང་དྲུག་བརྒྱའི་བར་དུ་ཆོས་མིན་ཀླ་ཀློའི་ཆོས་ཉམས་ཤིང༌། ཡང་དག་པའི་ལམ་དར་བར་མཛད་དོ། །འདི་ཙམ་ཞིག་ཡོངས་སུ་གྲགས་པ་ལྟར་བཀོད་པ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་བ་གསང་བ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར། རིག་དྲས་ཀྱི་ཕོ་ཚོད་དོན་ལ་གནས་པ་དཀའ་འོ། །དེ་ནས་རྒྱ་བོད་དུ་དར་ལུགས་ལ། རྒྱ་གར་དུ་ལུགས་མང་པོ་དང་འབྲེལ་བའི་གཏམ་བརྒྱུད་ཡོད་ཅིང༌། བོད་དུ་ཡང༌། གྱི་ཅོ་ལོ་ཙཱ་བ་ཟླ་བའི་འོད་ཟེར། རྨ་དགེ་བའི་བློ་གྲོས། འ་ཞ་རྒྱ་གར་བརྩེགས། ཁྱུང་པོ་ཆོས་བརྩོན། རྭ་ཆོས་རབ། རྩ་མི་སངས་རྒྱས་གྲགས་སོགས་ཀྱི་ལུགས་ཤིན་ཏུ་མང་ཡང༌། མཆོག་ཏུ་གྱུར་པ་འབྲོ་ལུགས་སམ། ཟླ་མགོན་ལུགས་ལྟར་བཤད་ན། འཕགས་པའི་ཡུལ་དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཞིག་གི་སྲས། དུས་འཁོར་ཞབས་ཆེན་པོར་གྲགས་པ་དེ་ནི། མཚན་དངོས་མཉྫུ་བཛྲ། མདོ་སྔགས་ཐམས་ཅད་ལ་མཁས་


TNT02_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པའི་པཎྜི་ཏ། རྟེན་དགེ་བསྙེན། འཇམ་དཔལ་གྱི་ཞལ་གཟིགས་པ་ཞིག་ཡིན་ལ། ཡི་དམ་གྱི་ལུང་བསྟན་ནས་བྱང་ཕྱོགས་སུ་གཤེགས་པས། ལམ་དུ་རིགས་ལྡན་གྱི་སྤྲུལ་པ་དང་མཇལ། དབང་བསྐུར་ཞིང་ཟབ་མོའི་རྣལ་འབྱོར་ཟླ་བ་དྲུག་བསྒོམས་པས་རྫུ་འཕྲུལ་ཐོབ་སྟེ་བྱང་ཤམྦྷ་ལར་བྱོན། རིགས་ལྡན་དངོས་དང་མཇལ། དུས་ཀྱི་འཁོར་ལོ་སོགས་རྒྱུད་སྡེ་མང་པོ་དང༌། བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར་གསུམ་སོགས། འགའ་ཞིག་ཐུགས་ལ་གཟུང༌། འགའ་ཞིག་གླེགས་བམ་སྤྱན་དྲངས་ཏེ་འཕགས་ཡུལ་དུ་བྱོན། ཕལ་ཆེར་སྒོམ་པ་གཙོ་བོར་མཛད། མུ་སྟེགས་ཀྱི་དཔུངས་ལྟ་སྟངས་ཀྱིས་གནོན་པ་སོགས་རྫུ་འཕྲུལ་མང་དུ་བསྟན། མཐར་འཇའ་ལུས་སུ་གཤེགས། འདི་ལ་སློབ་མ་བཅུ་གཉིས་ཙམ་བྱུང་ནའང༌། ཐམས་ཅད་རྣལ་འབྱོར་པ་ཤ་སྟག་ཏུ་གྱུར་ཅིང༌། གྲུབ་པའི་རྟགས་དང་ཆོ་འཕྲུལ་མང་དུ་བསྟེན་ནས། འཇའ་ལུས་སུ་གཤེགས་པས། བཤད་རྒྱུན་ལ་ཕན་པ་ཙམ་མ་བྱུང༌། དུས་ཞབས་པ་ཆུང་པ་ཁོ་ནས་ཆོས་འདི་དར་བར་མཛད་དེ། མཚན་དངོས་ནི་ཤྲཱི་བྷ་དྲ། རིགས་ནི་རྗེ་རིགས། རྟེན་དགེ་བསྙེན། ཐེག་པ་མཐའ་དག་ལ་ཤིན་ཏུ་མཁས་པ། མངོན་ཤེས་ཐོགས་མེད་དུ་མངའ། ཆུ་ལ་མི་འབྱིང༌། རྩིག་པ་དང་རི་ལ་ཐོགས་མེད་དུ་གཞུད། འདིས་དཔལ་ནཱ་ལནྡར་པཎྜི་ཏ་ལྔ་བརྒྱ་དང་འབེལ་གཏམ་བྱས་པས། དེ་ཐམས་ཅད་སྨྲ་བས་ཟིལ་གྱིས་མནན། ངག་དབང་གྲགས་པ་དང༌། ཤེས་རབ་འབྱུང་གནས་མ་གཏོགས་ཐམས་ཅད་ཀྱིས་ཞབས་ལ་གཏུགས། ཆོས་འདིས་ས་སྟེང་ཐམས་ཅད་ཁྱབ་པར་མཛད་དེ། རྒྱལ་པོ་དང༌། བློན་པོ་དང༌། ཚོང་དཔོན་ཆེན་པོ་རྣམས་ཀྱིས་ཀྱང༌། གླེགས་བམ་བཞེང་བ་དང༌། བག་ཆགས་འཇོག་པ་བྱུང༌། རྒྱ་གར་དུ་དུས་འཁོར་མ་ཕེབས་གོང་ཕར་བཞགདེ་ཕྱིན་ཆད་དུས་འཁོར་གྱི་གྲུབ་ཐོབ་ཕྱོགས་གཅིག་ཏུ་གཞགཆོས་གཞན་གྱི་


TNT02_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐོབ་ཐམས་ཅད་ཕྱོགས་གཅིག་ཏུ་གཞག་ཀྱང༌། དུས་འཁོར་གྱི་གྲུབ་ཐོབ་མང་ངོ༌། །དུས་ཞབས་པ་ཆུང་བ་དེ་ཉིད་ཀྱི་སྲས་ནཱ་ལེནྡྲ་པ་ནི། མཚན་དངོས་བོ་དྷི་བྷ་དྲ། ནཱ་ལེནྡྲ་ཞེས་བྱ་བའི་གནས་གཞིའི་བདག་པོ་མཛད། ལས་བཞི་གང་སྒྲུབ་ཀྱང་རླུང་གི་རྣལ་འབྱོར་ཁོ་ནས་འགྲུབ་བོ། །དེ་ལ་སློབ་མ་མང་ཡང་ཕྱོགས་འདིར་ཕྲིན་ལས་ཆེ་བ་ཁ་ཆེའི་པཎྜི་ཏ་ཟླ་བ་མགོན་པོ་ནི། དབུགས་ཐེང་རེ་ལ་ཤླཽ་ཀ་བཅུ་དྲུག་ཙམ་རེ་ཟིན་པའི་ཤེས་རབ་མངའ། བླ་མ་བྲམ་ཟེ་བཟང་པོའི་ཞབས་ཞེས་བྱ་བ་ཅིག་བསྟེན། ཁ་ཆེའི་ཡུལ་གྱི་ཆོས་ཐམས་ཅད་མཁྱེན། སླར་ཡུལ་དབུས་སུ་བྱོན་ནས་ནཱ་ལེནྡྲ་པ་ལ་དུས་འཁོར་སོགས་སྔགས་ཀྱི་ཟབ་དོན་དཔག་ཏུ་མེད་པ་གསན། བསྒོམས་པས་སྲོག་རྩོལ་དང་འཛིན་པ་མཐར་ཕྱིན། སྐུ་ལ་བཤང་གཅིའི་རྒྱུ་བ་ཆད། ཆོམ་རྐུན་ལ་སྡིགས་མཛུབ་མཛད་པས་རེངས་པ་སོགས་ནུས་པ་མངའ། བོད་དུ་ལན་གསུམ་བྱོན། སྒྲོན་གསལ་དང༌། རིག་ཚོགས་དང༌། ས་སྡེ་སོགས་ཆོས་མང་དུ་གསུངས། ཁྱད་པར་དུས་ཀྱི་འཁོར་ལོ་ཤིན་ཏུ་དར་བར་མཛད། མན་ངག་ལ་བཀའ་དོག་སྟེ། ཕལ་ཆེར་ལ་སོར་སྤོང་ཙམ་ལས་མ་གནང༌། གདམས་ངག་ཡོངས་རྫོགས་གནང་པ་གསུམ་ཡོད་ཀྱང༌། ལོ་རོ་བ་ཡིན་པ་ཅིག་ནི། གྲུམ་བུས་ཟིན་ནས་སྒོམ་ལོང་མ་བྱུང་བར་འདས། པུ་རངས་བའི་དགེ་སློང་གཅིག་གིས་ཡེར་པར་བསྒོམས་པས་འཇའ་ལུས་སུ་སོང༌། ཆོས་ཀྱི་བརྒྱུད་པ་ལ་ཕན་པ་ལྷ་རྗེ་སྒོམ་པ་ཡིན། དེ་ལ་འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱི་རྒྱུད་འགྲེལ་གཞུང་འགྲེལ་མང་པོ་དང་བཅས་པ་བསྒྱུར་པཎྜི་ཏའི་ལོ་ཙཱ་བ་མཛད། ལྷ་རྗེ་སྒོམ་པའི་ཡང་བླ་མ་ཡིན་པས་ཤིན་ཏུ་སྐུ་དྲིན་ཆེ། འདི་འཁྲུངས་ཡུལ་ལ་སྟོད་ལྷོའི་གཉན་རྩེ་བ་ཡིན། པཎ་ཆེན་ཟླ་མགོན་རྩ་བའི་བླ་མ་མཆོག་ཏུ་འཁུར། གཞན་པཎ་གྲུབ་ཀྱི་བླ་མ་མང༌། སྐུ་ཚེའི་སྨད་ལ་ཁ་ཆེ་ཉིད་དུ་བཞུགས། བླ་མ་ལྷ་རྗེ་སྒོམ་པས། པཎ་ཆེན་ཟླ་མགོན་ལ་དབང་རྒྱུད་བཤད་མན་


TNT02_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ངག་མཐའ་དག་རྫོགས་པར་གསན། བླ་མ་སྒྲོ་སྟོན་གྱིས་པཎ་ཆེན་ལ་དབང་དང་རྒྱུད་བཤད་རྫོགས་པར་ཐོབ། གྲུབ་ཆེན་ཡུ་མོས་ཆོས་འབྲེལ་ཙམ་གསན། དེ་ལ་ལྷ་རྗེ་སྒོམ་པ་ནི། འཁྲུངས་ཡུལ་འཕན་ཡུལ་གྲབ། མཚན་དཀོན་མཆོག་བསྲུངས། རྟེན་དགེ་བསྙེན། སྔགས་པ་ཚངས་སྤྱོད། སྨན་དཔྱད་དང༌། མངོན་པ་དང༌། སྔགས་རྙིང་མ་གསུམ་ལ་མཁས་པ་གཅིག་ཡིན་པ། ཡོ་བྱད་ཐམས་ཅད་དྲིལ་བས་གསེར་སྲང་དྲུག་དང༌། དར་ཡུག་གཅིག་བྱུང་བ་པཎ་ཆེན་ལ་ཕུལ། སྒྱུ་ལུས་ཀྱི་ཞབས་ཏོག་བྱེད་པར་ཞུས་ནས། གདམས་ངག་ཞུས་ཏེ་བསྒོམས་པས། ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་འཁྲུངས། བྲན་ཀ་དང༌། འོ་དེ་གུང་རྒྱལ་སོགས་དམ་ལ་བརྟགས། བྲམ་པ་སྐམ་པོ་ལས་ཆུ་བཏོན། གཞན་སེམས་ཤེས་པ་སོགས་ཡོན་ཏན་དཔག་ཏུ་མེད་དོ། །བླ་མ་སྒྲོ་སྟོན་ནི། རུས་སྒྲོ། འཁྲུངས་ཡུལ་འཕན་ཡུལ་སྤྲས་པ། བཞུགས་ས་སྣོར་བཟང༌། རྟེན་སྔགས་པ་དཀར་པོ། མཚན་གནམ་ལ་བརྩེགས། ཆོས་མངོན་པ། ས་སྡེ། དབུ་མ་རིག་ཚོགས། གསང་འདུས་སྒྲོན་གསལ། ཡོ་ག་སྨན་དཔྱད་སོགས་ལ་མཁས་པ་ཞིག་ཡིན། པཎ་ཆེན་ཟླ་མགོན་ལ་དུས་ཀྱི་འཁོར་ལོའི་དབང་ཞུས། རྒྱུད་བཤད་མཁས་པར་ཉན། སྦྱོར་དྲུག་གི་མན་ངག་རྣམས་ལྷ་རྗེ་སྒོམ་པ་ལ་ཞུས། ཕྱིས་པཎ་ཆེན་ཉིད་ལ་ཡང་བཀའི་གནང་བ་ཐོབ། ཉམས་རྟོགས་མཐར་ཕྱིན་པ་བརྙེས་ཏེ། ཡི་དམ་གྱི་ལྷ་མང་པོ་ཞལ་གཟིགས། མངོན་ཤེས་ཐོགས་མེད་མངའ། བཞེད་དོན་ཐམས་ཅད་མཁའ་འགྲོ་ལ་བཀའ་བསྒོས་པ་ཙམ་གྱི་འགྲུབ་བོ། །གྲུབ་ཆེན་ཡུ་མོ་ནི། གདུང་རུས་རྔམ། འཁྲུངས་ཡུལ་གངས་ཏི་སེའི་འགྲམ། ཕྱིས་རབ་ཏུ་བྱུང་བའི་མཚན་དད་པ་རྒྱལ་པོ། གསང་མཚན་མི་བསྐྱོད་རྡོ་རྗེ་ཞེས་བྱ། དབུས་གཙང་དུ་བླ་མ་མང་དུ་བསྟེན། སོག་འདུལ་འཛིན་ཚུལ་ཁྲིམས་བླ་མའི་ཐུགས་ཟིན་གྱི་སློབ་མར་གྱུར། ཕྱིས་གསང་སྔགས་ལ་མོས་ནས་


TNT02_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཆོས་མང་དུ་གསན། རྡོ་རྗེ་སྙིང་འགྲེལ་གྱི་མཚན་གསན་པས་ཀྱང་དགའ་བ་དཔག་ཏུ་མེད་པ་སྐྱེས། བླ་མ་སྒྲོ་སྟོན་ལོ་ཙཱའི་བར་དུ་བསྟེན་ནས། ཁོད་ལ་བཞུགས་པའི་དབང་རྒྱུད་མན་ངག་མཐའ་དག་ཐོབ། བདག་པོའི་དབང་དང༌། བདག་པོ་ཆེན་པོའི་དབང་རྒྱུད་འགྲེལ་ལས་ཇི་སྐད་གསུངས་པ་བླ་མའི་ཀྱང་གནང༌། ཕྱིས་འུ་ཡུག་གི་རྒྱ་ལ་གནས་སུ་བཞུགས། བསྟན་བཅོས་ཀྱང་མང་དུ་མཛད། སྔགས་ཀྱི་གཞན་སྟོང་གྲུབ་མཐའི་སྲོལ་ཀ་ཕྱེ། མངོན་ཤེས་ཐོགས་པ་མེད་པ་མངའ། སྐྱ་ཀ་དང་བྱ་རོག་ཏུ་སྤྲུལ་པ་སོགས། ཡུལ་སྣ་ཚོགས་སུ་སྤྲུལ་སྒྱུར་མང་དུ་མཛད་པའི་ལོ་རྒྱུས་ཡོད། གྲུབ་ཐོབ་གྱི་སྙན་གྲགས་ཀྱང་ཤིན་ཏུ་ཆེ་བས་ས་སྟེང་ཁྱབ་བོ། །དེ་ཉིད་ཀྱི་སྲས་དྷརྨེ་ཤྭ་ར་ཆོས་ཀྱི་དབང་ཕྱུག་ཡིན་ཏེ། མཁྱེན་རབ་ཤིན་ཏུ་ཆེ། དགུང་ལོ་བཅུ་གཉིས་པ་ལ་ཡང༌། དབང་མདོར་བསྟན་གྱི་རྒྱུད་ལ་ཐུགས་བཤད་མཛད། བཅུ་དྲུག་པ་ལ་རྒྱུད་འགྲེལ་ཆེན་མོ་ཐུགས་ནས་གསུངས། གྲུབ་ཆེན་ལ་མངའ་བའི་གཞུང་གདམས་ངག་ཐམས་ཅད་དགུང་ལོ་ཉི་ཤུ་ཚུན་ལ་ཐུགས་སུ་ཆུད། མཁས་པ་མང་དུ་བསྟེན་པས། མདོ་སྔགས་ཀྱི་ཆོས་ལ་མི་མཁྱེན་བྱ་བ་མེད། ཁྱད་པར་དབུ་ཚད་གཉིས་དང༌། གསང་འདུས་དུས་འཁོར་རྣམས་ལ་རྩལ་དུ་ཐོན། ས་ཆེན་ཀུན་དགའ་སྙིང་པོ་དང༌། དཔྱལ་ལོ་ཀུན་དགའ་རྡོ་རྗེ་དང༌། རྔོག་ཞེ་སྡང་རྡོ་རྗེ་སོགས་ཀྱང་འབེལ་གཏམ་གྱིས་ཟིལ་གྱིས་མནན། ཐོག་མཉམ་གྱི་ཇོ་སྲས་གཅིག་ལ་འདི་ལས་མཁས་པ་མེད། འཇམ་དཔལ་གྱི་སྤྲུལ་པ་ཡང་གྲགས་སྐད། དེའི་བུ་ཆེན་མཁས་པ་ནམ་མཁའ་འོད་ཟེར་ནི། འཁྲུངས་ཡུལ་དང་བཞུགས་ས་ཁང་གསར་ཡིན། རྟེན་དགེ་བསྙེན་དཀར་པོ། ཆོས་དབུ་ཚད། ཕར་ཕྱིན། མངོན་པ། ས་སྡེ། སེམས་འགྲེལ་སྐོར་གསུམ། གསང་འདུས་འཕགས་སྐོར་སོགས་ལ་མཁས། རྡོ་རྗེ་ཕག་མོ་དང༌། རྡོ་རྗེ་དབྱངས་ཅན་མའི་ཞལ་གཟིགས། འོད་ཟེར་འཕྲེང་བ་


TNT02_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བསྟན་བཅོས་ཀྱང་མང་དུ་མཛད་དོ། །སྲས་མཆོག་ཆོས་ཀྱི་དབང་ཕྱུག་ལ་སྲས་ལྕམ་སྲིང་གསུམ་བྱོན་པ་ལས། འགྲོ་དོན་ཅན་གཉིས་ཏེ། ལྕམ་ལྷ་རྗེ་ཇོ་འབུམ་ནི། ཨིནྡྲ་བོ་དྷིའི་ལྕམ་ལཀྵཾ་ཀ་རའི་སྤྲུལ་པའི་སྐུ་ཡིན་པར་གྲགས་ཤིང༌། མཁྱེན་པ་ཆེ་བས་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཡོངས་རྫོགས་ཐུགས་ལ་བཞུགས། གཞོན་ནུའི་དུས་ན་སྤྱོད་པ་ངེས་མེད་ཅིག་ཡོད་པ། དར་བབ་ཀྱི་དུས་ན་ཡུམ་གྱིས་བསྐུལ་ཏེ། གཤིན་རྗེ་གཤེད་ཕྱག་རྒྱ་ཟིལ་གནོན་སྒྲུབ་པས་ཞལ་གཟིགས། ཚེ་བདག་དང་ལྷ་ཆེན་དཔལ་འབར་ཕྲན་དུ་འཁོལ། སྲོག་མཐུ། ཆོ་འཕྲུལ་སེར་བ་སོགས་ཞག་དུས་ཐེབ་པ་ཁོ་ན་བྱུང་སྟེ། དྲག་སྔགས་ཀྱི་མཐུ་ཤིན་ཏུ་ཆེ། དགུང་ལོ་སུམ་ཅུ་སོ་དྲུག་པ་ལ་སྙུང་གཞི་དྲག་པོ་བྱུང་བས་ཐུགས་བསྐུལ་ཏེ། གནས་ལུགས་མ་རྟོགས་ན་ཅིས་ཀྱང་དགོས་པ་མེད་པ་མཁྱེན། ཡབ་ལ་གསན་པའི་སྦྱོར་བ་ཡན་ལག་དྲུག་བསྒོམས་པས། ཞག་གཅིག་ལ་རྟགས་བཅུ་རྫོགས། བདུན་ལ་རླུང་དབུ་མར་ཐིམ། གྲུབ་ཐོབ་ཆེན་མོར་གྱུར་ཏེ། དབེན་པར་ཟླ་ཕྱེད་ཙམ། ཟླ་རེ་ཙམ་མི་ཟས་ཡེ་མ་གསོལ་ཀྱང༌། ཉམ་སྟོབས་ཆེས་བཟང་བ་དང༌། སྲིན་པོ་རིའི་བྲག་གི་སྐྱིབས་མིས་མི་ཐར་བ་རྣམས་སུ་འགྲོ་འོང་མཛད་ཅིང་སྒོམ། ནད་ཡམ་ལ་བདེན་སྟོབས་བརྗོད་པ་ཙམ་གྱིས་ཆད་པ་དང༌། ནད་པ་ལ་ཕྱག་གི་རེག་པ་ཙམ་གྱིས་ནད་ལས་གྲོལ་བ་སོགས་རྟགས་མངོན་གྱུར་མངའོ། །དེ་ཉིད་ཀྱི་མིང་པོར་གྱུར་པ། གྲུབ་ཐོབ་སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན་ཡིན་ཏེ། དང་པོ་སྤྱན་རབ་རིབ། སྙན་མི་བསང༌། ལྗགས་ཀྱང་མི་བདེ་བ་ཞིག་བྱུང་བས། རེ་ཆེན་པོ་མེད་ཀྱང་སྦྱོར་བ་ཡན་ལག་དྲུག་པ་བསྒོམས་པས་ཉམས་རྟོགས་དང་མཁྱེན་རབ་ནང་ནས་རྡོལ་ཏེ། མཁས་པ་ནམ་མཁའ་འོད་ཟེར་གྱི་དྲུང་དུ། དུས་འཁོར་གྱི་རྒྱུད་འགྲེལ་ལ་སྦྱངས་པས་མཁས་པར་མཁྱེན། སྤྲུལ་སྐུ་ཇོ་འབུམ་ལ་དབང་མདོར་བསྟན་དང་བཀའ་འགྲེལ་


TNT02_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཅན་གསན། བླ་མ་གཞན་ལ། བདེ་མཆོག །ཀྱཻ་རྡོར། ནཱ་རོ་ཆོས་དྲུག་སོགས་ཀྱང་གསན། ལྕམ་ཇོ་འབུམ་སྐུ་འདས་ནས། ཕྱིས་ལོ་མཆོད་ཀྱི་དུས་སུ་ཞག་བཅོ་ལྔ་ཏིང་ངེ་འཛིན་ཐུན་གཅིག་ལ་སོང༌། དེ་རྗེས་སྔོན་གྱི་སྐྱེ་བ་ཐམས་ཅད་དྲན། ཕྱིས་སྐྱེ་བ་རེ་ལ་ས་རེ་དགྲོད་ནས། སྐྱེ་བ་བཅུ་བཞི་ནས་སངས་རྒྱ་བའི་གནས་ཚུལ་ཐམས་ཅད་གཟིགས། དེས་མཚོན་ཏེ། རང་གཞན་ཐམས་ཅད་ཀྱི་སྐྱེ་བ་སྔ་ཕྱི་དང་ཚེ་འདིའི་བདེ་སྡུག་ཐམས་ཅད་སྒྲིབ་མེད་དུ་མཁྱེན། མ་སྦས་པ་མང་དུ་ཡང་གསུངས། གཙང་པོ་ལ་ཇི་ལྟར་གཤེགས་ཆ་མེད་པར་ཆུ་ཕ་ཁར་ཟང་གི་གཤེགས་པ་མང་དུ་བྱུང༌། གྲུབ་ཐོབ་ཀྱི་མཚན་གྲགས་ཤིན་ཏུ་ཆེ། རྟེན་དགེ་སློང་ཡིན། སྐུ་ཚེའི་སྨད་ལ་གཙང་འོ་ལུང་སེ་མོ་ཆེའི་དགོན་པ་བཏབ་སྟེ། དེར་ཤས་ཆེར་བཞུགས། ཆོས་རྗེ་འཇམ་དབྱངས་གསར་མ་ནི། མཚན་ཤེས་རབ་འོད་ཟེར། འཁྲུངས་ཡུལ་ཉང་སྟོད། སྔགས་རྙིང་མ་བའི་རྒྱུད་དུ་འཁྲུངས། གཞོན་ནུ་ནས་རབ་ཏུ་བྱུང་སྟེ། འུ་མཚན་ཉིད་ཀྱི་གྲྭ་མང་པོར་བྱོན། ཁྱད་པར་གསང་ཕུར་གཉལ་ཞིག་གི་སློབ་མའི་གཙོ་བོར་གྱུར། བར་སྐབས་སུ་བསྙུང་མཛེ་བྱུང༌། ལོ་ཕྱེད་དང་གཉིས་ཕྱག་ན་རྡོ་རྗེའི་སྒོམ་བཟླས་མཛད་པས་སྙུང་བ་གདངས། མི་གཞན་གདོན་གྱི་ཟྀན་པ་ལ་སྔགས་བཏབ་པ་ཙམ་གྱིས་ཕན་པ་བྱུང༌། འཇམ་དབྱངས་ཞལ་གཟིགས་པ་ལ་ལུང་བསྟན་ཞུས་པས། གྲུབ་ཐོབ་སེ་མོ་ཆེ་པ་དང་ལས་འབྲེལ་ཡོད་པར་ལུང་བསྟན་ཏེ། འུ་ཡུག་ལ་མཇལ་དུ་ཕེབས་པའི་ལམ་དུ། ལྷ་འདྲེ་ཆོ་འཕྲུལ་མི་བཟད་པ་བྱུང་ཡང་མཉམ་པ་ཉིད་ཀྱི་ངང་དུ་བཞགསེ་མོ་ཆེ་བ་ལ་དུས་འཁོར་གྱི་དབང་གསན་པའི་ཚེ། བླ་མ་དུས་འཁོར་དངོས་སུ་གཟིགས། བསྒོམས་པས་ཉམས་རྟོགས་མཐར་ཕྱིར། རྐྱང་འདུར་གྱི་འཆད་ཉན་ཀྱང་མཛད་དེ། རྒྱ་ནག་རི་བོ་རྩེ་ལྔར་སྒྲུབ་པ་མཛད་ན་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་རྒྱུ་ཡིན་པས།


TNT02_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བཞེད་པ་ལ་སློབ་མ་རྣམས་ཀྱིས་བཤོལ་བཏབ་སྟེ་མ་ཐོན་པས། བཤད་སྒྲུབ་སྤེལ་མའི་ངང་ལ་བཞུགས་སོ། །གྲུབ་ཐོབ་སེ་མོ་ཆེ་བ་ཡན་ཆད། དུས་འཁོར་ལ་ཤིན་ཏུ་བཀའ་དོག་གཉན་ཆ་ཆེ་བ་ཡིན། ཆོས་རྗེ་འཇམ་གསར་ནས་གཟུང་ཅུང་ཟད་བཀའ་ཡངས་སུ་སོང༌། ཀུན་མཁྱེན་ཆོས་སྐུ་འོད་ཟེར་ནི། གསེར་སྡིངས་པ་གཞོན་ནུ་འོད་ཀྱི་སྲས་ཡིན། མཚན་དངོས་ཆོས་ཀྱི་འོད་ཟེར་ཡིན་པ་ལ། བླ་ཆེན་འཕགས་པ་རིན་པོ་ཆེས། ཁྱེད་ཆོས་ཀྱི་སྐུའི་རང་བཞིན་དུ་འདུག་པས། ཆོས་སྐུ་འོད་ཟེར་དུ་ཐོགས་གསུང༌། མདོ་སྔགས་ཐམས་ཅད་ལ་ཤིན་ཏུ་མཁྱེན་པ་ཆེ། ཁྱད་པར་གསང་འདུས་འཕགས་སྐོར་དང༌། ཀྱཻ་རྡོར་དཔྱལ་རྔོག་གཉིས་འདུས་ལ་མཁས་པ། གསང་འདུས་རིམ་ལྔའི་ཉམས་རྟོགས་ཀྱང་ཚད་དུ་ཕྱིན་པ་ཞིགའཇམ་དབྱངས་གསར་མ་ལ་དུས་འཁོར་གྱི་དབང་རྒྱུད་མན་ངག་ཐམས་ཅད་རྫོགས་པར་གསན་པས། ཉམས་རྟོགས་བརྒྱ་འགྱུར་དུ་འཕེལ། དབང་གི་ཡེ་ཤེས་དབབ་པའི་སྐབས་བླ་མ་རྡོ་རྗེ་ཤུགས་སུ་གཟིགས། ཡེ་ཤེས་ཕེབས་ནས་ཉི་མ་ཕྱེད་ཙམ་ཕེབས་པ་མ་བཏང༌། གསང་བ་འདུས་པའི་རྒྱུད་ཡོངས་སུ་རྫོགས་པ་རྒྱ་སྐད་དུ་སངས་ཀྱིས་བཏོན། བླ་མ་གསུང་ནས། འདི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་སྐྱེ་བ་ཡིན་ཏེ། དེའི་ཚེ་གསང་འདུས་ལ་མཁས་པར་སྦྱངས་པའི་བག་ཆགས་ཡིན་གསུང༌། མནལ་ཐམས་ཅད་འོད་གསལ་དུ་ཆུག་ནས། གཟིགས་རྟོག་དང༌། ཆོས་གསན་པ་དང༌། སྒོམ་བཟླས་ཐམས་ཅད་མནལ་གྱི་ངང་ནས་གྲུབ་པར་མཛད། སྒྲུབ་ཁང་དུ་འདག་སྦྱང་ལ་བཞུགས་པ་དང༌། འབུམ་པ་ལ་བསྐོར་བ་མཛད་པ་དུས་གཅིག་ཏུ་འབྱུང་བ་སོགས། སྐུ་ལུས་ཀྱི་བཀོད་པ་ཡང་མང་དུ་བསྟན་ཏོ། །ཆོས་རྗེ་ཀུན་སྤངས་ཆེན་པོ་ཞང་ཐུགས་རྗེ་བརྩོན་འགྲུས་ནི། མདོག་གི་དབ་ཕྱར་དུ་སྐུ་འཁྲུངས། ས་སྐྱ་དང་མདར་སོགས་དབུས་གཙང་གི་གྲྭ་ས་ཕལ་ཆེར་དུ་ཕེབས། མདོ་སྔགས་ཐམས་ཅད་ལ་མཁྱེན་པ་ཤིན་


TNT02_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྒྱས། ཆུ་མིག་པ་སེང་གེ་དཔལ་སོགས་མཁས་མཆོག་ཐམས་ཅད་ཟིལ་གྱིས་མནན། མདར་དང་དོན་མོ་རིར་ཟུར་ཆོས་ཀྱང་མཛད། དེ་ནས་འཇམ་གསར་གྱི་གདན་ས་རྐྱང་འདུར་གྱི་ཆོས་དཔོན་མཛད་ཅིང༌། ཀུན་མཁྱེན་ཆོས་སྐུ་བ་ལ་མངའ་བའི་གཞུང་གདམས་ངག་ཐམས་ཅད་གསན། ཁྱད་པར་དུས་འཁོར་ར་ལུགས་སྔར་ནས་མཁྱེན་ཅིང༌། ཀུན་མཁྱེན་ཆོས་སྐུ་བ་ལ་འབྲོ་ལུགས་ཀྱི་དབང་རྒྱུད་བཤད་དང༌། སྦྱོར་དྲུག་ཉམས་ཁྲིད་དུ་གསན་པས། ཉམས་རྟོགས་ཀྱི་ཀློང་བརྡོལ། སྤྱི་སྦྱོར་བ་ཡན་ལག་དྲུག་པའི་གདམས་པ་མི་འདྲ་བ་བཅུ་བདུན་ཙམ་གསན་ཅིང་ཉམས་སུ་མྱོང་བར་མཛད། སྲོག་རྩོལ་བསྒོམས་པས། འབྱུང་བ་ལྔའི་རླུང་སྟོབས་སུ་གྱུར་ཏེ། ཐུགས་ཉམས་འུར་ལངས། ཕྱག་ཡ་རེ་མི་བཅུ་བཅུས་མི་ཐུབ་དང༌། གཟིམས་ཁང་ན་ཡོད་པ་རྣམས་རེས་འགའ་འཁྱགས་ཏེ་མི་ཚུགས་པ་དང༌། རེས་འགའ་ཚད་པས་གདུངས་ཏེ་མི་ཚུགས་པ་དང༌། གཟིམས་ཁང་ཡོམ་ཡོམ་དུ་གཡོ་བ་དང༌། བུག་སྒོ་རྩིག་པ་ལ་ཐོགས་མེད་དུ་གཤེགས་པ་རྣམས་བྱུང༌། ལན་གཅིག་སྲོག་གེགས་ཅུང་ཟད་བྱུང་བ། ཀུན་མཁྱེན་ཆོས་སྐུ་བས་མངོན་ཤེས་ཀྱིས་མཁྱེན་ནས་ཕེབས་ཏེ་བསལ། དེར་ཉམས་རྟོགས་མཐར་ཕྱིན་ནས། སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་སོགས་ཡི་དམ་དཔག་ཏུ་མེད་པའི་ཞལ་གཟིགས། དེ་ནས་འཆད་ཉན་བོར་ཏེ་ཀུན་སྤངས་མཛད། རི་ཁྲོད་ངེས་མེད་ལ་ཐེགས། ལྷ་སའི་ཇོ་བོ་བཅུ་གཅིག་ཞལ་ལ་སོགས་གསོལ་བ་ཡུན་རིང་དུ་བཏབ་པས། སྤྱན་རས་གཟིགས་སྨར་ཁྲིད་ཀྱི་བཀའ་རྒྱ་གྲོལ་བའི་ལུང་བསྟན་བྱུང༌། སེ་མཁར་ཆུང་དུ་བཞུགས་པའི་ཚེ། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོ་བསྡུ་བར་དགོངས་ནས་གསོལ་བ་བཏབ་པས། ཆོས་རྒྱལ་རིགས་ལྡན་རྣམས་དུས་གཅིག་ཏུ་ཞལ་གཟིགས་ནས་བཀས་གནང༌། འདི་ལ་དགེ་མཚན་ལན་གསུམ་


TNT02_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང༌། དེ་དུས་ནགས་སྨན་རྒྱལ་མོས་སྤྱན་འདྲེན་བྱུང་ཡང༌། ཅུང་ཟད་དུས་ལ་མ་བབ་པར་མཁྱེན་ཏེ། ལོ་གསུམ་ནས་འབྱོར་པར་ཞལ་གྱིས་བཞེས། ཕྱིས་ཕེབས་ནས་མཁའ་སྤྱོད་བདེ་ལྡན་དུ་རྣལ་འབྱོར་ཡན་ལག་དྲུག་པའི་མན་ངག་སྙན་བརྒྱུད་དུ་བཞུགས་པ་རྣམས་ཡི་གེར་འགོད་པ་མཛད་པ་ན། དུས་ཀྱི་འཁོར་ལོ་ཉིད་ཞལ་གཟིགས་ནས་ལུང་བསྟན་ཐོབ། འདི་སྦྱོར་དྲུག་གི་འཁྲིད་ཡིག་རྒྱས་པ་བོད་དུ་བྱུང་བའི་སྔ་ཤོས་ཡིན། ཕྱིས་སྐྱིད་ཕུག་བདེ་ལྡན་དུ་ཕེབས། རྣལ་འབྱོར་དབང་ཕྱུག་བིརྺ་པ་ཞལ་གཟིགས། ལམ་འབྲས་ལ་འཁྲུགས་སྡེབས་ཀྱི་ཡིག་ཆ་མཛད། གསང་སྔགས་གསར་རྙིང་སྒོ་མཐའ་དག་ནས་ཆོས་ཀྱི་སྒོ་སྤེལ། ཕྱོགས་རིགས་མེད་པ་ནས་འདུས་པའི་སྒོམ་ཆེན་དྲུག་བརྒྱ་རེ་རྟག་ཏུ་འཚོགས། ཉམས་རྟོགས་བཟང་པོ་མ་སྐྱེས་པ་གཅིག་ཀྱང་མེད། སྦྱོར་དྲུག་ལ་ཉམས་ལེན་གྱི་མཐིལ་དུ་མཛད། རྒྱུད་འགྲེལ་ཆེན་མོ་ཡང་མང་དུ་གསུངས། རྒྱུད་སྙིང་ལོ་རེ་བཞིན་ལན་གཉིས་གཉིས་གསུངས། བྱམས་སེམས་ཆེན་པོ་གདན་སར་བསྐོས་ནས། ཞིང་འདི་ན་གདུལ་བྱ་མེད་པས་གཞན་དུ་འགྲོ་ཞེས་སྐུ་འདའ་བར་དགོངས་པ་ན། བྱང་སེམས་ཆེན་པོ་བསྙུང་བས། ཟླ་བ་ཤས་ཤིག་སྐུ་ཚེ་བསྲིངས། ཡང་གཤེགས་པར་བཞེད་པ་ལ་སློབ་མ་རྣམས་ཀྱིས་གསོལ་བ་བཏབ་པས་ཟླ་བ་ཕྱེད་བཞུགས། དེ་ནས་བསྙུང་བར་མེད་པར་སྐུ་འདས། བྱང་སེམས་ཆེན་པོ་རྒྱལ་བ་ཡེ་ཤེས་ནི། འཁྲུངས་ཡུལ་མདོ་ཁམས། ཆུང་ངུའི་དུས་སུ་ཀརྨ་པག་ཤིའི་གྲྭ་པ་ཡིན། རྗེ་པག་ཤི་དེ་སྐུ་འཁོར་པ་ཐམས་ཅད་ལ་བཀའ་དྲག་ཏུ་སྐྱོན་པ་ཞིག་ཡོད་པས། ཤིན་ཏུ་འཇིགས་པ་ཞིག་ཡོད་པ་ལ། ཤིང་ཁུར་ཞིག་བསྣམས་ནས་བྱོན་པས། ནགས་བསེབ་གཅིག་ཏུ་བླ་མ་སྐུ་རྐྱང་བྱོན་པ་དང་ཐུག་གིས་མཇལ། སྐྲག་སྟེ་བྲོས་པས། བླ་མ་ན་རེ། དེ་ཚུགས་མ་བྱེད། ད་ལྟ་བླ་མ་ལ་བྲོས་ན་བར་


TNT02_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དོར་ཡང་འབྲོས། ཚུར་ཤོག་གསུང༌། དེ་ནས་འཇིགས་པ་སངས། ལོ་མང་དུ་བསྟེན། ཁོང་ལ་མངའ་བའི་གདམས་ངག་ཐམས་ཅད་གསན་ཅིང་བསྒོམས། འོན་ཀྱང་དེ་སྐབས་ཉམས་མྱོང་རྩལ་ཆེ་བ་ཙམ་མ་བྱུང༌། དེ་ནས་བླ་མ་པའི་ཞལ་ནས། རི་ཁྲོད་ངེས་མེད་འགྲིམས། ཆོས་ལ་ཕྱོགས་རིས་མ་བྱེད། བླ་མ་བཟང་པོ་གཅིག་དང་མཇལ་བར་འདུག་གི་གསུངས་པས་དེ་བཞིན་དུ་མཛད། ཤར་བ་འཇམ་དབྱངས་ཆེན་པོའི་སྐུ་གཞོགས་སུ་ཡུན་རིང་དུ་བཞུགས། མདོ་སྔགས་ཀྱི་ཆོས་མང་དུ་གསན། ཆོས་རྗེ་ཀུན་སྤངས་ཆེན་པོ་དང་མཇལ་ནས་ཤིན་ཏུ་དད་པ་ཐོབ། རྣལ་འབྱོར་ཡན་ལག་དྲུག་པ་གསན་པས་ཉམས་རྟོགས་མཐར་ཕྱིན། གཞུང་གདམས་ངག་ཐམས་ཅད་བུམ་པ་གང་བྱོར་གནང༌། གནས་ངེས་མེད་དུ་གཤེགས་པར་བཞེད་པ་ལ། འཇམ་དབྱངས་ཆེན་པོའི་བཀའ་མ་ཆོགས་ཏེ། བདེ་ཆེན་གྱི་དགོན་པ་བཏབ། སྒྲུབ་པའི་ངང་ནས་ཆོས་ཀྱང་མང་དུ་གསུངས། ཐུགས་སྙིང་རྗེ་ཆེན་པོའི་རང་བཞིན་དུ་བཞུགས་པས། བྱང་སེམས་ཆེན་པོའི་མཚན་ཐོགས། ཀུན་སྤངས་ཆེན་པོའི་བཀའ་གནང་བ་ལ་རྟེན། ཇོ་ནང་གི་གདན་སར་ཕེབས། དགོན་གཉིས་ཀར་དུ་སྒྲུབ་གྲྭ་རྒྱ་ཆེར་བསྐྱངས། ཞབས་ལ་གཏུགས་ཚད་གནས་ལུགས་ཀྱི་རང་ཞལ་ལྟ་ཤེས་པ་ཁོ་ན་བྱུང༌། མཐར་ཕུག་མོ་ཆོས་རྗོང་གི་རི་ཁྲོད་དུ་སྐུ་གཤེགས། མཁས་བཙུན་ཆེན་པོ་ཡོན་ཏན་རྒྱ་མཚོ་ནི། བྱང་སེམས་ཆེན་པོ་དེ་ཉིད་ཀྱི་མཆེད་གྲོགས་དང༌། སློབ་མ་དང༌། རྒྱལ་ཚབ་གསུམ་ཀ་ཡིན། མདོག་གི་མཁར་རྙིང་དུ་སྔགས་རྙིང་མ་བའི་རྒྱུད་དུ་འཁྲུངས། གྲྭ་ས་མང་དུ་བསྟེན་པ་ལས། གཙོ་བོར་མདར་དུ་སྦྱངས་པ་མཛད། གསང་སྔགས་ཕྱོགས་ཀྱི་བླ་མ་མང་དུ་བསྟེན། ཁྱད་པར་ཤར་པ་འཇམ་དབྱངས་ཆེན་པོའི་བུ་ཆེན་དང་ཟུར་ཆོས་པའི་གཙོ་བོ་ཡིན།


TNT02_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་པའི་བཀའ་ནན་གྱིས་ཐུགས་བློས་མི་ལོངས་བཞིན་དུ། རྒྱ་ནག་དུ་ཡང་ཕེབས་དགོས་བྱུང༌། ཆོས་རྗེ་ཡབ་སྲས་གཉིས་དང་སྔར་ནས་དཔོན་སློབ་དུ་གྱུར་པ་ཡིན་ཅིང༌། དེ་སྐབས་ཇོ་ནང་དུ་ཕེབས། ཀུན་སྤངས་ཆེན་པོ་ལ་ཟབ་ལམ་གྱི་འཁྲིད་གསན། མཚན་མའི་རྣལ་འབྱོར་ཞག་ཉི་ཤུ་རྩ་གཅིག་ལ་རྟགས་བཅུ་རྫོགས་པར་མཐར་ཕྱིན། ཉིན་མོའི་རྣལ་འབྱོར་གྱི་སྐབས། འཕར་གཡོའི་ཉམས་ཆེར་བྱུང་སྟེ། མདའ་རྒྱང་ཙམ་དང་རྡོ་རྒྱང་ཙམ་དུ་འཕར་བའི་འཕར་གཡོས་ཇོ་ནང་གི་རི་ཀླུངས་མེད་པར་བྱོན་པ་ཞག་བདུན་གྱི་བར་དུ་བྱུང༌། དེ་སངས་ནས་མཉམ་ཉིད་ཆེན་པོ་གཅིག་གི་ངང་དུ་གྱུར། མངོན་མཁྱེན་ཐོགས་པ་མེད་པར་མངའ། ཆོས་ལ་འདི་མ་གསན་དང་འདི་མི་མཁྱེན་མེད་པ་ཙམ་ཡིན། སྐུ་བཙུན་པ་རབ་ཀྱི་མཐར་ཐུག་པས། ཚུལ་ཁྲིམས་ཀྱི་དྲི་བསྲུང་རྒྱ་ཆེར་འཕྲོ་བ་ཞིག་སྟེ། དང་པོར་ཀུན་སྤངས་ཆོས་རྗེ་བླ་མ་བསྟེན་ཚུལ་རྒྱུད་ནས་བཤད་པ་ལྟར་བསྟེན། དེ་རྗེས་བྱང་སེམས་ཆེན་པོ་གདན་སར་ཕེབས་པ་ལའང༌། ཀུན་སྤངས་ཆེན་པོ་དང་ཁྱད་མེད་དུ་བསྟེན། བྱང་སེམས་ཆེན་པོ་སྐུ་འདས་ནས་ཇོ་ནང་གི་གདན་སར་ཕེབས། སྒྲུབ་བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་བསྐྱངས་ཏེ། ལོ་བདུན་ལྷག་ཙམ་ནས་ཀུན་མཁྱེན་ཆེན་པོ་གདན་སར་བསྐྱོས། དེ་རྗེས་ལོ་གཉིས་ཙམ་ནས་སྐུ་འདས་སོ། །ཆོས་རྗེ་ཀུན་མཁྱེན་ཆེན་པོ་དུས་གསུམ་སངས་རྒྱས་ནི། འཁྲུངས་ཡུལ་དོལ་པོ་པན་ཚང་བ། རུས་སྔགས་རྙིང་མ་ཡིན། ཡུལ་དུ་བླ་མ་སྐྱི་སྟེངས་པ་སོགས་བླ་མ་མང་རབ་བསྟེན། ཆོས་ཀྱང་རྙིང་མ་དང༌། དབུ་མ་རིག་ཚོགས་སོགས་དང༌། རིག་གནས་དང་བཟོ་གནས་ཕྲ་མོ་མང་པོ་ཆུང་ངུའི་དུས་ནས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་བཞི་བཅོ་ལྔ་ཙམ་ལ་དགོན་པའི་བྱ་བ་ཐན་ཐུན་མཛད་དགོས་བྱུང༌། ཕྱིས་གསུང་ལས། བར་དེར་དོན་མེད་ཡུན་རིང་དུ་འདས་གསུང༌། དགུང་ལོ་བཅུ་བདུན་པ་ལ་སྐྱི་སྟོན་འཇམ་དབྱངས་


TNT02_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་རྒྱལ་མཚན་ཡ་རྩེར་ཕེབས་པའི་ལམ་ཞོར་ལ། གློ་བོ་སྟེང་དུ་ཕེབས་པ་དང་མཇལ། འཕྲེང་བ་སྐོར་གསུམ་སོགས་ཀྱི་ལག་ལེན་དང་ཆོས་ཀྱང་མང་དུ་གསན། དེ་རྗེས་མར་ཕེབས་དང་ཡང་མཇལ་ནས། གསང་སྔགས་ཀྱི་ཆོས་སྣ་མང་པོ་དང༌། ཚད་མ་བསྡུས་པ་མཁྱེན་པ་མཛད། དེ་རྗེས་ཀྱི་སྟོན་འཇམ་དབྱངས་ཀྱི་དྲུང་དུ་ཕེབས་པར་བཞེད་ནས། དགུང་ལོ་ཉི་ཤུ་རྩ་གཅིག་པ་ལ་གཅིག་པོར་བྲོས་ནས་ཕེབས། སྔར་ཡང་རབ་ས་འབྱོར་པ་ཅན་ཡིན་པ་དང༌། ལམ་དུ་འབྲོག་པའི་ཁྱིས་ཞལ་རས་ལ་རྨུགས་པ་དང༌། བཤུལ་ཐག་རིང་བ་སོགས་ཀྱི་ཤིན་ཏུ་འོ་བརྒྱལ་བར་བྱུང་ཡང༌། ཐུགས་ཀྱི་བརྟན་པ་མ་ཞུམ། ངལ་དུབ་ཆེ་བ་ཡབ་ཡུམ་གྱི་བཀའ་བཅག་པས་ལན་དགོངས་ཏེ། ལ་ཁ་ཅིག་ནས། ཡབ་ཡུམ་བཞུགས་པའི་ཕྱོགས་སུ་ཕྱག་དང་བཤགས་པ་མང་པོ་མཛད་པས་དེ་ཕྱིན་ཆད་བདེ་བར་བྱུང༌། དེ་ནས་ས་སྐྱར་ཀྱི་སྟོན་འཇམ་དབྱངས་ཀྱི་དྲུང་དུ་ཕར་ཚད་མངོན་པ་གསུམ་དུས་གཅིག་ཏུ་བསླབས་པས། གྲོགས་རྣམས་ཀྱི་གཅིག་ལ་དྲིལ་བ་འཐད་ཟེར་ཡང༌། མ་གསན་པར་གསུམ་པོའི་སྟེང་དུ་སྤྱོད་འཇུག་སྔགས་ཆོས་འགའ་ཡང་བསྣན། ལོ་ཕྱེད་གཉིས་ནས། གཞུང་བཞི་ཆར་འགྲེལ་པ་དང་བཅས་པའི་ཚིག་དོན་མཐའ་དག་ཐུགས་སུ་ཆུད་ནས། བཤད་གསར་མཛད་པའི་ཆས་སྒྲུབ་པ་ལ་རྟ་ནག་ཏུ་ཕེབས། སློབ་དཔོན་རིན་ཡེའི་དྲུང་དུ་ཟླ་བ་གསུམ་ཙམ་བཞུགས། རྡེའུའི་བཅུད་ལེན་སོགས་ཁ་ཟས་རྒྱུད་གཅོད་ཀྱི་གདམས་ངག་སྤྱོད་བཞིན་དུ། བྱམས་པའི་ཆོས་ལྔའི་བཤད་པ་ཚར་གཅིག་གསན། དེ་རྗེས་བཤད་གསར་མཛད། བཀའ་རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་རྣམས་ཡུད་ཙམ་གསན་པས་ཐམས་ཅད་ཐུགས་སུ་ཆུད། དབུས་གཙང་གི་སྡེ་ཕལ་ཆེར་དུ་གྲྭ་སྐོར་ལ་ཕེབས་པས། མཁྱེན་རབ་ཀྱི་རྩལ་དང༌། རིག་པའི་རྣམ་འགྱུར་བཟང་ཞིང༌། ཤེར་ཕྱིན་འབུམ་པ་སོགས་མདོ་སྡེ་


TNT02_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མའི་ཚིག་མཐའ་དག་ཐུགས་ལ་བྱང་བར་བཞུགས་པ་དང༌། གཞུང་ཆེ་ཆུང་གང་ལ་ཡང་ཐོགས་པ་མེད་པར་མཁྱེན་པ་རྒྱས་པས། ཐམས་ཅད་ཀྱིས་ཀུན་མཁྱེན་རང་དུ་འདུག་ཅེས་བསྔགས་པས། ཀུན་མཁྱེན་གྱི་མཚན་དེ་དུས་ནས་ཀྱང་ཐོགས། སྤྱིར་མདོ་སྔགས་ཀྱྀ་ཆོས་གསན་པའི་བླ་མ་སུམ་ཅུ་ལྷག་ཅིག་མངའ་མཆོག་ཏུ་ཀྱི་སྟོན་འཇམ་དབྱངས་ལ། མདོ་སྔགས་ཀྱི་གཞུང་ཆེ་ཆུང་དཔག་ཏུ་མེད་པ་དང༌། དབང་བསྐུར་རང་ཡང་ཟུར་བཀའ་བདུན་ཅུ་ཙམ་གསན། དཔལ་དུས་ཀྱི་འཁོར་ལོའི་ཕྱོགས་ལ་ཡང༌། དང་པོར་བླ་མ་འདིའི་དྲུང་དུ་དབང་རྒྱུད་མན་ངག་ཐམས་ཅད་ལ་ཤིན་ཏུ་མཁས་པར་མཛད་པ་ཡིན། འཆད་ཉན་ཟུར་ཆོས་པ་ཡང་ལོ་ཤས་མཛད། ཆོས་ལུང་ཚོགས་པའི་མཁན་ཆེན་བྱང་སེམས་བསོད་ནམས་གྲགས་པ་ལ་བསྙེན་རྫོགས་ཞུས་ཤིང༌། འདུལ་བ་མདོ་རྩ་གཞུང་འགྲེལ་དང་བཅས་པ་མ་ལུས་པ་གསན་ཅིང་མཁྱེན་ནས། སྐུ་བཙུན་པའི་མཐར་ཐུག་པར་བཞུགས། བར་སྐབས་དེར་ཡུལ་དུ་ཕེབས། ཡབ་ཡུམ་སོགས་དང་མཇལ། སྔོན་བཀའ་བཅག་ནས་དབུས་གཙང་དུ་ཕེབས་པ་ལ་བཟོད་གསོལ་བྱས། མི་དགྱེས་མེད་པར་མཛད། ལོ་གཅིག་ཙམ་བཞུགས། སླར་ས་སྐྱར་ཕེབས། དགུང་ལོ་སུམ་ཅུ་པ་ལ་ཇོ་ནང་དུ་དོན་གཅོད་གཅིག་ལ་ཕེབས་པས། སྒྲུབ་ཚུགས་ལ་ཐུགས་དད་སོང༌། དེ་ནས་ལྷ་ས་དང་འཚུར་ཕུ་སོགས་སུ་ཕེབས། ཆོས་རྗེ་རང་བྱུང་པ་དང་ཆོས་ཀྱི་གསུང་གླེང་མང་དུ་མཛད། རང་བྱུང་པས་རྗེ་འདིའི་ལུང་རིག་གི་ཞལ་ཡ་མ་ཐེགས་ཀྱང༌། མངོན་ཤེས་བཟང་པོ་མངའ་བས། ཁྱེད་ལ་ལྟ་གྲུབ་དང་ཆོས་སྐད་ད་ལྟའི་འདི་བས་ཀྱང་ཆེས་བཟང་བ་ཅིག་མྱུར་དུ་འོང༌། ཞེས་ལུང་བསྟན། དགུང་ལོ་སོ་གཅིག་པ་ལ་ཇོ་ནང་དུ་ཕེབས། མཁས་བཙུན་ཆེན་པོ་ལ་སྤྱིར་དབང་དང་གདམ་པ་མང་དུ་གསན། སྦྱོར་དྲུག་ལ་ཉམས་འཁྲིད་མཛད། དམིགས་པ་ཞུ་བའི་སྐབས་


TNT02_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས་སུ་དང་ཡང་མི་འཕྲད་པར་མཁའ་སྤྱོད་བདེ་ལྡན་དུ་བཞུགས། སོར་སྡུད་བསམ་གཏན་གྱི་ཉམས་རྟོགས་མཐར་ཕྱིན་པས། བླ་མའི་གསུང་ནས་མགྱོགས་ཁྲིད་བྱ་གསུང་བ་ལ། གོལ་ལེ་སྐྱོང་བར་ཞུ་ཞུས་ཏེ་སྒོམ་པར་མཛད་པས། སྲོག་རྩོལ་མཐར་ཕྱིན་པའི་རྟགས་རྒྱུད་ནས་བཤད་པ་བཞིན་མངའ། དེ་ནས་ལྷ་སར་སྨོན་ལམ་མཛད་ཅིང༌། ཡེར་བར་ཐོག་གཅིག་ཐུགས་དམ་པ་ལ་བཞུགས། ཡང་ཡར་ཕེབས་ཏེ། སྐྱིད་ཕུག་དུ་བླ་མ་ཀུན་སྤངས་ཆོས་གྲགས་པ་ལ། འགྲེལ་ཆེན་ཚར་གཅིག་གསན་ནས་གསུངས། མཁས་བཙུན་ཆེན་པོའི་གསུང་གནང་བས། དགེ་བཤེས་ལྔ་ཅུ་ཙམ་ལ་རྒྱུད་འགྲེལ་གྱི་བཤད་པ་རྒྱས་པ་ཚར་གཅིག་གསུངས། དེ་ནས་བླ་མའི་བཀའ་ནན་ཆེན་པོས་གདན་སར་ཕེབས། མཁས་བཙུན་ཆེན་པོ་ཤིན་ཏུ་དགེས་ནས། ལོ་གཉིས་སུ་ཉེ་བ་ཞིག་ཉིན་མཚན་མེད་པར། དབང་ལུང་འཁྲིད་བཤད་པ་སོགས། བླ་མ་ཉིད་ལ་མངའ་བའི་ཆོས་ཐམས་ཅད་སྩལ། སྤྱིར་ཀྱི་སྟོན་འཇམ་དབྱངས་དང༌། མཁས་བཙུན་ཆེན་པོ་ལ་ཆོས་གསན་པ་ནི་མཐའ་ཡས་ཏེ། མི་ཙམ་འཛིན་པ་ཡང་དཀའོ། །གཞན་སྟོང་གི་ལྟ་སྒོམ་ཁྱད་པར་ཅན་ནི། མཁའ་སྤྱོད་བདེ་ལྡན་དུ་བཞུགས་པའི་ཚེ་ཐུགས་ལ་འཁྲུངས་པ་ཡིན་ཀྱང༌། ལོ་ཤས་ཤིག་གཞན་ལ་མ་གསུངས། གདན་སར་ཕེབས་ནས་ལོ་ཤས་ནས། སྐུ་འབུམ་ཆེན་མོའི་རྨང་འདིངས་པ་དང༌། བཟང་ལྡན་གོང་གི་ཆོས་ཁྲིར་བཞུགས། བཤེས་གཉེན་དམ་པ་བཅུ་ལྷག་ལ། སྙིང་པོའི་མདོ་བཅུའི་བཤད་པ་རང་བཞེད་རྩལ་དུ་སྟོན་ནས་རྒྱས་པར་གསུངས། གཞན་སྟོང་སྟོན་པའི་གསུང་རབ་ཐན་ཐུན་ཀྱང་མང་དུ་མཛད། དཔེ་རྣམས་དང་ཆོས་སྐད་ཕྱོགས་ཐམས་ཅད་དུ་ཁྱབ་པས། མཁས་པ་ཕལ་གྱི་བློར་མ་ཤོང༌། དངོས་སུ་འབེལ་གཏམ་རྩོད་པ་ཞུས་པ་རྣམས། རྒྱ་མཚོ་ལ་ཁ་བ་བབས་པ་བཞིན་དུ་སོང་བས།


TNT02_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་མཇལ་བ་རྣམས་གྲུབ་མཐའ་ལ་ངེས་ཤེས་དང༌། བླ་མ་ལ་དད་པ་ཐོབ་པ་ཤ་སྟག་བྱུང༌། རིང་ནས་ངག་ལོན་དང་རྩོད་ཡིག་བསྐུར་བ་རྣམས་ལ་ཆོས་དང་མཐུན་པའི་ལན་མཛད་པས། ངེས་པ་རྙེད། ཕྱིས་གྲུབ་མཐའ་དེ་རྩོད་བྲལ་དུ་སོང་ནས། ཕྱོགས་བཞིའི་དགེ་བཤེས་དུ་མས་བསྐུལ་ནས། ངེས་དོན་རྒྱ་མཚོ་སོགས་ཡིག་ཆ་ཆེ་བ་རྣམས་མཛད་པ་ཡིན། མཆོད་རྟེན་ཆེན་མོ་བཞེང་པའི་ཚེ། སྲོག་ཆགས་ཤིན་ཏུ་མང་བ་ལ་ལྗགས་སྔགས་མཛད། སེ་གོལ་རྟོག་པས། སྲོག་ཆགས་གཅིག་ཀྱང་མེད་པར་སོང་ཞིང༌། ནམ་མཁའ་འཇའ་འོད་ཀྱི་ཁེངས། ཆུ་མེད་པ་ལ། བཅའ་ལུང་གི་ཕུ་ཆུ་ནར་གྱིས་ཐོན། གཞལ་ཡས་ཁང་གི་ཐོག་ཕུབས་དང༌། གདུགས་ཀྱི་ཐོག་ཕུབས་ཀྱང་ཉི་མ་རེ་རེ་ཁོ་ན་ལ་ཁེལ། རླུང་ཤིན་ཏུ་ཆེ་བ་དང༌། ཆར་ཞོང་ཆེ་བ་བྱུང་རེས་ལ་བདེན་སྟོབས་བརྗོད་པས། འཕྲལ་ཉིད་དུ་ཞི་བ་ཁོ་ན་བྱུང༌། ཆོས་ཁྲིའི་ཁར་ཆོས་གསུང་བ་དང༌། བཟོ་བོ་རྣམས་ཀྱི་སར་བཀོད་པ་མཛད་པ་དང༌། གཟིམས་ཆུང་དུ་ཐུགས་དམ་ལ་བཞུགས་པ་སོགས། སྐུ་ལུས་ཀྱི་བཀོད་པ་གསུམ་གསུམ་དུས་གཅིག་ཏུ་འབྱུང་བ་ནི་མང་པོས་ཡང་ཡང་མཐོང༌། སྐུའི་བཀོད་པ་བརྒྱད་དུས་གཅིག་ཏུ་འབྱུང་བ་ཡང་འགའ་རེས་མཐོང༌། སྔ་ཕྱིར་ཇོ་ནང་དང༌། ཕུག་མོ་ཆོས་རྫོང་དང༌། སྤྱི་བར་ཕུག་གི་བྲག་གི་ངོས་མིས་ཡེ་མི་ཐར་པ་མང་པོར་ཡུད་ཀྱིས་ཕེབས་ནས། མཆོད་རྟེན་མང་པོ་བཞེངས། ལ་ལ་ད་ལྟ་ཡང་སྣང༌། ཐོག་མ་ཇོ་ནང་དུ་ཕེབས་པའི་སྐབས་ཉིད་ན་མདའ་ནས་ཡར་ཕེབས་པས། ནམ་མཁའ་ལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གཟིགས། དེ་ནས་བཟུང་ཡི་དམ་ཞལ་གཟིགས་པ་ནི་གྲངས་ལས་འདས་ཏེ་ཆེར་ཆེར་ཡང་མི་མཛད། འཕགས་པ་སྤྱན་རས་གཟིགས་དང་མི་ལབ་པ་བཞིན་ཡོད་ལ། གུར་གྱི་མགོན་པོ་དང༌། རྣམ་ཐོས་


TNT02_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་བྲན་བཞིན་འཁོལ། ཕྱག་མཆོད་ཐུགས་དམ་མཛད་རེས་ཀྱི། རིགས་གསུམ་མགོན་པ་དང༌། འཕགས་མ་སྒྲོལ་མ་དང༌། སྨན་བླ་དང༌། བྱམས་པ་རྣམས་རེ་མོས་ཀྱི་འབྱོན། མཁའ་འགྲོ་རྒྱ་མཚོ་དང༌། སྒྱུ་འཕྲུལ་དྲྭ་བ་དང༌། སྡོམ་པ་ཆེ་ཆུང་དང༌། རྡོ་རྗེ་ཕག་མོ་དང༌། རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་གཟིགས་པ་ཡང་གྲངས་ལས་འདས། བདེ་བ་ཅན་གྱི་སྨོན་ལམ་མཛད་པའི་ཚེ། བདེ་བ་ཅན་གྱི་ཞིང་ཁམས་དངོས་སུ་གཟིགས་པ་དང༌། གཟིམས་ཁང་བདེ་བ་ཅན་དུ་གུ་རུའི་ཚེས་བཅུའི་མཆོད་པ་མཛད་པའི་ཚེ། སློབ་དཔོན་པདྨ་མཁའ་འགྲོའི་ཚོགས་དང་བཅས་པ་མངོན་སུམ་དུ་བྱོན་ནས་ཤིས་བརྗོད་མཛད་པ་དང༌། མཆོད་རྟེན་བཞེང་པའི་ལས་ལ་ཞུགས་ཚད་བདེ་བ་ཅན་དུ་འགྲོ་བའི་མཚན་མ་གཟིགས། སྤུན་གསུམ་དུ་བཞུགས་སྐབས། ཐུགས་དམ་གྱི་ལྷ་ཇོ་བོ་བྷུ་གྨ་ལ་རབ་གནས་མཛད་པའི་ཚེ། འཇའ་འོད་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་གཟུགས་ཤིན་ཏུ་གསལ་བ་ནུབ་ཕྱོགས་ནས་བྱུང་བ་དང༌། མེ་ཏོག་གི་ཚོགས་ཁ་དོག་སྣ་ཚོགས་པ་མང་པོ་སྙོན་མེད་དུ་བབས། ནམ་ཕྱེད་སྐུ་འབུམ་ནང་དུ་ཆུ་ཤོར་བ་སོགས་འཕྲན་བུ་རྣམས་ཀྱང་འཕྲལ་འཕྲལ་མཁྱེན་ཅིང༌། གོང་མ་ཡོན་མཆོད་ཀྱི་མངའ་ཐང་འགྱུར་ལྡོག་དང༌། རྒྱལ་ཁམས་ཀྱི་འགྱུར་ལྡོག་རྣམས་ཀྱང་ཇི་སྐད་གསུངས་པ་བཞིན་ཐོག་ཏུ་ཁེལ། ཧོར་གྱི་སྤྱན་འདྲེན་འབྱུང་བ་ཡང་སྔ་མོ་ནས་དགོངས། སྤྱན་འདྲེན་བྱུང་བའི་ཚེ། ཉིང་རོ་དང༌། ཕར་ཕུག་དང༌། ན་དུམ་སོགས་སུ་དབེན་པ་ཁོ་ན་བསྟེན་པ་ལོ་བཞི་ཙམ་མཛད། ཕྱིས་རྒྱལ་པོས་ལུང་བཟང་པོ་གནང་སྟེ། ཕེབས་མི་དགོས་པར་བྱུང་ནས། ཤིན་ཏུ་དགྱེས་ཏེ་དགོན་པར་ཕེབས། དེ་ལ་རྗེ་འདིས་ཇོ་ནང་གི་གདན་ས་ལོ་བཅུ་བདུན་མཛད་རིང༌། གཙོ་བོར་ཇོ་ནང་ཉིད་དུ་བཞུགས་ཤིང༌། སྒྲུབ་བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་སྤེལ། སྐུ་འབུམ་བཞེང་པ་དང༌། གསུང་སྒྲོགས་དང༌།


TNT02_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་འབུལ་བ་དང༌། མཁས་པ་དུ་མ་འདུས་པ་ལ། མདོ་སྔགས་ཀྱི་དབང་དང་གཞུང་བཤད་རྒྱ་ཆེར་སྩལ། ཚོགས་པ་ཡང་སྒྲུབ་པ་སྙིང་པོར་བྱེད་པ་ཁོ་ན་རང་ཡང་ཉུང་དུས་སུ་སྟོང་ཙམ་རེ་འཚོག་ཅིང༌། སྤྱིར་ཚོགས་པ་ཉུང་དུས་སུ་ཡང་ཉིས་སྟོང་ཙམ་རེ་འདུ་བ་བྱུང༌། མང་བ་ལ་ཚད་མེད། མཆོད་རྟེན་བཞེང་པའི་ལས་ཀ་སུ་རེམ་པ་དང༌། རྒྱུ་ཚོགས་གཏོང་ཕོད་སུ་ཆེ་བ་ལ་དགེ་སྦྱོར་ཡང་ཤིན་ཏུ་བཟང་བར་བྱུང༌། ཆོས་རྗེ་འདི་ལ་ཟབ་ལམ་གྱི་འཁྲིད་ཞུས་པ་ལ། དགེ་སྦྱོར་གྱི་སྣེ་མ་ཟིན་པ་ནི་གཅིག་ཀྱང་མེད། མུ་གེ་བྱུང་བའི་སྐབས། སློབ་མ་ཀུན་ལ་དཀའ་ཐུབ་རིགས་མང་དུ་གནང༌། དཔོན་སློབ་ཀུན་གྱིས་མི་ཟས་སྤངས། གསོལ་ཆས་ཐམས་ཅད་འཕོངས་པ་རྣམས་ལ་གནང༌། ཕྱིས་ཆོས་རྗེ་ཐུགས་སྲས་ཀླུ་བས་ལོ་ཙཱ་བ་དང༌། རྗེ་ཕྱོགས་ལས་རྣམ་རྒྱལ་བས་གདན་ས་མཛད་པའི་རིང༌། དབེན་གནས་ངེས་མེད་ཀྱི་རི་ཁྲོད་མང་པོར་ཕེབས་ཤིང༌། ཕལ་ཆེར་ནི་ཐུགས་དམ་ལ་བཞུགས་པ་དང༌། ཟབ་ལམ་གྱི་འཁྲིད་འདེབས་པའི་འགྲོ་དོན་ཉིད་གཙོ་བོར་མཛད་བར་བར་དུ་ཆོས་གསུང་བ་དང༌། རྟེན་བཞེང་པ་དང༌། ཡུལ་སོ་སོའི་ལྷ་ཁང་ལ་ཞིག་གསོས་མཛད་པ་ཡང་ཤིན་ཏུ་མང༌། ངམ་རིངས་སུ་ཆོས་སྡེ་བཏབ་སྟེ་བཤད་ཉན་གྱི་གྲྭ་བཙུགས། དེར་སྙུང་བ་ཞིག་གིས་རྐྱེན་བྱས། ཞག་བཅུ་གཉིས་ཀྱི་རིང་སངས་རྒྱས་ཀྱི་ཞིང་ཁམས་དང༌། ཡི་དམ་ཀྱི་ལྷ་བགྲང་བར་མི་དཔྱོད་པ་ཞལ་གཟིགས། རིན་ཆེན་སྡིང་གི་ལྕགས་ཟམ་འདྲེ་གདུག་པ་ཞུགས་པ་ཞིགཐུགས་རྟོག་མི་མཛད་ན་བསྣོམས་པར་ཞུ་ཞེས་བདག་པོས་ཕུལ་བ་ལ། འདྲེན་ཐག་བཏང་མཚམས། ལྕགས་ཀྱི་ཚུ་ཁ་ནས་བཀའ་ཤོག་བསྒྲགས་པ་ཙམ་གྱིས། ཕ་ཕྱོགས་ཀྱི་ལྕགས་ཐག་རང་ཆད་ལ་སོང་སྟེ། ཚུར་ཕྱོགས་ཀྱི་ཟམ་རྔུར་དུ་ཕུང་གི་བྱུང་བ་སོགས་ཡ་མཚན་པའི་ལྟས་མང༌། དབུས་དམག་


TNT02_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་སྐབས་ཤིགཞག་ཤས་བློ་སྦྱོང་ཁོ་ནའི་ཆོས་གསུངས་ཤིང༌། བཟོད་པའི་བསྔགས་པ་འབའ་ཞིག་མཛད། ཆོས་རང་བཞུགས་ཐོག་དམག་རྒྱ་ཙམ་སླེབས། སྐུ་ལ་མདའ་རྡོ་མཚོན་ཆ་སྣ་ཚོགས་འཕངས་ཀྱང༌། ཅུང་ཟད་ཀྱང་མ་སྐྱོན་ཅིང་གཡོ་མེད་དུ་བཞུགས། དེ་ནས་དད་པ་སྐྱེས་ཏེ་བཤགས་པ་ཕུལ། སྐུ་ཚེའི་སྨད་ལ་ནུབ་ཆོས་ལུང༌། འུ་ཡུགསྙེ་མོ། གནམ་སྟོང་ལུང་སོགས་རིམ་པས་བརྒྱུད་ནས། ཁྱད་པར་ལྷ་སར་ཕེབས་ནས་ཟླ་བ་བཅུ་གཅིག་བཞུགས། དབུས་ཕྱོགས་ཀྱི་བླ་མ་སློབ་དཔོན་དགེ་བཤེས་དཔོན་སྐྱ་སྐྱེ་བོ་ཐམས་ཅད་ཀྱི་ཞབས་ལ་གཏུགས། གང་ཕེབས་ཐམས་ཅད་དུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་འཁྲིད་དང༌། སྐྱེ་བོའི་ཚོགས་ལ་སེམས་བསྐྱེད་དང༌། ཡིག་དྲུག་གི་ཆོས་ཁོ་ན་གནང༌། ལྷ་སར་བཞུགས་རིང་གདོན་གྱི་གནོད་པ་ལ་བཀའ་ཤོག་བསྒྲགས་པ་ཙམ་གྱིས་ཕན་པས། བཀའ་ཤོག་ཞུ་བ་ཉིན་རེ་བཞིན་ཤིན་ཏུ་མང་སྟེ། མང་དུས་བརྒྱ་བརྒྱ་ཙམ་བྱུང་སྐད། ཟབ་ལམ་གྱི་འཁྲིད་ལན་བདུན་གནང་བ་ལ། འཁྲིད་གྲྭ་སྔ་མ་རྣམས་ལ་བརྒྱ་ཙམ། ཉིས་བརྒྱ་ཙམ། ལྔ་བཅུ་ཙམ་ཅི་རིགས་པ་ཡོད་ཅིང༌། འཁྲིད་རྟིང་མ་འཁྲིད་མོ་ཆེར་གྲགས་པ་ལ། དམ་པོ་འདེབས་པ་སྟོང་དང་བརྒྱད་བརྒྱ་ལྷག་ཙམ་བྱུང༌། གྲངས་སུ་མ་བཅད་པ་ལ་ཟབ་ལམ་སྒོམ་མཁན་དཔག་ཏུ་མེད་དེ། སྤྲང་པོ་ཚུན་ཆད་ཀྱང་ཆོས་ལ་དད་པ་སྐྱེས་ནས། ལས་སྲང་རྣམས་སུ་དབེན་གསུམ་སྒོམ་པ་དང༌། སྐྱེ་བོ་སྟོང་ཕྲག་མང་པོ་ལ་མཆོག་དབང་གོང་མ་གནང་བས། མི་རྣམས་ལ་ལྟ་ཅི་སྨོས་སྲང་གའི་ཁྱི་ཚུན་ཆད་ལ་ཡེ་ཤེས་ཕེབས་པའི་རྣམ་འགྱུར་མང་དུ་བྱུང༌། གཞན་ཡང་དུས་འཁོར་གྱི་རྒྱུད་འགྲེལ་ཆེན་མོ་ཚར་གཅིགའབུམ་གྱི་བཤད་པ་ཚར་གཅིགདབང་མདོར་བསྟན་ཚར་གཉིས། ནཱ་རོ་འགྲེལ་ཆེན་དང༌། སེམས་འགྲེལ་ཆུང་བ་ཚར་གཉིས། དབུ་མ་བསྟོད་


TNT02_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཚར་གསུམ། སྙིང་པོའི་མདོ་བཅུ་དང༌། ངེས་དོན་རྒྱ་མཚོ་སོགས་མང་དུ་གསུངས། སྙེ་མོ་ནས་འདིའི་བར་ལ་སྲོག་རྩོལ་གནང་བས་ཉམས་རྟོགས་ཚད་དུ་ཕྱིན་པ་ཡང་ཉིས་བརྒྱ་ལྷག་ཙམ་བྱུང༌། ཕྱིར་ཕེབས་པའི་ཚེ། ཕྱག་འབུལ་བར་འོངས་པའི་རྟ་ཁྲོམ་མི་ཁྲོམ་རྐྱང་ཐང་སྒང་ལ་མི་ཤོང་བ་ཙམ་བྱུང༌། དེ་ནས་ཀྱི་སྨད་དང༌། ཡར་འབྲོག་དང༌། ཉང་སྟོད་སོགས་སུ་རིམས་གྱིས་ཕེབས་ནས། དེ་ཀུན་དུ་ཡང་ཟབ་ལམ་གྱི་འཁྲིད་མང་དུ་གསུངས། ཤམ་པོ་རྩེ་ལྔ་ལ་བདེ་གཤེགས་སྙིང་པོ་དོན་རྟོགས་པ་མང་དུ་འབྱུང་ཞེས་ལུང་བསྟན། ཐམས་ཅད་མཁྱེན་པ་གཉིས་པ་བུ་སྟོན་ཆེན་པོ་དང་འབེལ་གཏམ་མཛད་པར་བཞེད་ནའང༌། བུ་སྟོན་ཆེན་པོས་རྩོད་པ་མཛད་མ་ནུས་ཞེས་གྲགས་པ་ཡང་དོན་ལ་གནས། སྔ་དུས་བུ་སྟོན་ཆེན་པོས་ཇོ་ནང་གི་སྐུ་འབུམ་གཟིགས་པར་བཞེད་ནས། མནལ་ལམ་གཟུང་སྟེ་ཕེབས་པས། ཇོ་མདར་ཕེབས་པ་ན། ཀུན་མཁྱེན་ཆེན་པོས་ཕཊ་ཅེས་གསུངས་པས་མནལ་སད་དེ་གཟིགས་མ་ཐུབ་སོགས་ཀྱི་ལོ་རྒྱུས་ཡོད། གང་ཕེབས་ཐམས་ཅད་དུ་སེམས་བསྐྱེད་དང༌། ཡིག་དྲུག་གི་ལུང་ཞུ་བ་དང༌། དགེ་བསྙེན་ཕོ་མོ་ཞུ་བ། རབ་བྱུང་བསྙེན་རྫོགས་ཞུ་བ་སོགས་ཀྱང་རྒྱུན་མི་འཆད་པར་བྱུང༌། དེ་ནས་ཇོ་མོ་ནང་དུ་ཕྱག་ཕབ་ནས་ལོ་གཉིས་སུ་ཉེ་བ་ན། གཟུགས་སྐུ་དབྱིངས་སུ་བསྡུ་བར་མཛད་དེ། ཞག་བདུན་དུ་ཐུགས་དམ་མ་གྲོལ་བའི་སྐབས། བར་ཕུག་ནས་འཇད་ཀྱི་བར་གཙང་པོ་ཉིས་ལྡབ་དུ་བྲི། ཐུགས་དམ་གྲོལ་བའི་ཚེ་བྱང་ཆུབ་ཀྱི་སེམས་དབུ་གཙུག་ནས་ལུད་པའི་སྐབས། ཇོ་མདར་ཇ་སྦྱོར་གཅིག་ཙམ་གྱི་ཡུན་གཙང་པོ་གྱེན་དུ་ལོག་ནས་ཆད། དེ་བར་ལ་མི་འགའ་རེས་འགྲོ་འོང་བྱས། སྐུ་མི་འདའ་བའི་སྔོན་ལོ་ལྔ་དང་ཙམ་ནས་བཤང་གཅི་རྒྱུན་ཆད་པ་དང༌། སྔ་མོ་ནས་གཏུམ་མོའི་བདེ་དྲོད་ཀྱི་འུར་ལངས་པ་ལ་ཉིན་མཚན་དང་ཐུན་ཐུན་མཚམས་མེད། མ་ཟོས་བཀྲེས་


TNT02_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཟོས་ཀྱང་འཇུ། ཞེས་པའི་ཚུལ་གྱིས། རེས་འགའ་ཞག་གྲངས་མང་པོར་གསོལ་བ་མི་གསོལ་བ་ཉུང་ངུ་ཙམ་གསོལ་བ་ཡང་མཛད། ནུབ་ཆོས་ལུང་དུ་སྐྱ་སེར་མང་པོ་ལ་བསྙུང་གནས་དཀར་པོ་ཕྱོགས་བརྒྱད་འབོགས་བ་མཛད་སྐབས། གུག་པ་རེའི་བར་དུ་གསོལ་ཇ་སུན་རེ་གསོལ་བ་ཙམ་མ་གཏོགས། ཟླ་བ་ཕྱེད་ལ་གསོལ་བ་ཁམ་གཅིག་ཀྱང་མ་གསོལ་ཏེ། སྐུ་ཉམས་སྟོབས་གཞན་པས་བཟང་བར་བྱུང༌། མཚལ་གུང་ཐང་དུ་ཕེབས་ནས། ཞག་བདུན་བཞུགས་པའི་སྐབས། ཉིན་རེའི་ནང་དུ་ཚ་དྲོ་མཆོད་པ་ཞུ་མཁན་མང་དུས་བཅུ་བཅུ་ཙམ་དང༌། བདུན་བརྒྱད་རེ་འཁོར་མོར་བྱུང་བ་ཀུན་ལ་ཡང༌། དེ་ཀུན་གྱི་བློ་ཁ་ཚིམ་པའི་ཕྱིར་གཞན་པས་ལྷག་པར་གསོལ་བ་མཛད་པས། རེས་འགའ་མི་ཉི་ཤུ་ཙམ་རེའི་ཟས་ཀྱི་ཚད་ཙམ་གསོལ། ཡང་མ་འབྱོངས་པའི་རྣམ་པ་ཡེ་མ་བྱུང་བ་དང༌། ས་སྐྱའི་སྒོག་རར་དབང་བསྐུར་མཛད་པའི་ཡེ་ཤེས་དབབ་པའི་རོལ་མོ་ཕྱི་རོལ་གྱང་འཆག་པའི་མིས་ཚོར་བ་ལ་ཡང་ཡེ་ཤེས་ཕེབས་པ་དང༌། དབང་བསྐུར་མཛད་ཚད་ལ་ཡེ་ཤེས་ཕེབས་པ་དང༌། ཤ་གྲག་སེང་སོགས་སྐྱེས་བུ་དམ་པ་དུ་མ་ཞལ་མཐུན་པར་རིགས་ལྡན་གྱི་སྤྲུལ་པར་ལུང་བསྟན་པ་དང༌། འཆིམས་བློ་བཟང་གྲགས་པས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུར་དངོས་སུ་གཟིགས་པ་ཡང་ཡང་བྱུང་བ་དང༌། ཉེ་གནས་ནམ་མཁའ་བྱང་ཆུབ་ཀྱིས་འཇམ་དབྱངས་དངོས་སུ་མཐོང་བ་དང༌། བཅོམ་ལྡན་རྡོ་རྗེ་སྙིང་པོ་དང༌། སྣང་བ་དག་པའི་སྒྲུབ་པ་ཕོ་མོ་མང་པོས་སྐུ་ལ་མཚན་དཔེ་རྫོགས་པར་མཐོང་བ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་མངོན་གྱུར་དུ་མངའ། དོན་དུ་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་པ་ཡིན་པས། རིགས་ལྡན་པདྨ་དཀར་པོ་དང་གཉིས་སུ་མེད་པའི་ངོ་བོ་ཉིད་ཡིན་པས། དམ་པ་སོ་སོའི་གཟིགས་སྣང་


TNT02_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱུང་བ་ཡང་དེ་སྣང་ཞིང༌། རྣམ་པ་གཅིག་ཏུ་ན། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། རྔ་བོ་ཆེའི་མདོ་དང༌། སྤྲིན་ཆེན་པོའི་མདོར་ལུང་བསྟན་པ། ལི་ཙཱ་བི་གཞོན་ནུ་འཇིག་རྟེན་ཀུན་གྱི་མཐོང་ན་དགའ་བ་ཞེས་བྱ་བ། མ་འོངས་པའི་དུས་ན། ཀ་ཡོ་རིའི་རྒྱུད་དུ་སྟོན་པའི་མཚན་འཆང་བ་ལ་དགེ་སློང་དུ་གྱུར་སྟེ། མདོ་སྡེ་དུ་མ་གསལ་བར་བྱེད་ཅེས་སྟོན་པའི་མཚན་ནི། ཀུན་མཁྱེན་ཅེས་ཡོངས་སུ་གྲགས་པ་སྟེ། ཆོས་རྗེ་འདི་ཉིད་ལུང་བསྟན་པར་དངོས་སློབ་རྣམས་བཞེད་པ་ཡང༌། དོན་ལ་གནས་པ་ཡིན་ཞིང༌། ཆོས་རྗེ་ཉིད་ཀྱིས་ཀྱང་དོན་གྱི་ཞལ་གྱི་བཞེས་པར་མངོན་ནོ། །དེའི་ཕྱིར། སྐུ་གསུང་ཐུགས་དང་མཛད་པ་གསང་བ་མཐའ་དག་དེ་བཞིན་གཤེགས་པ་ཁོ་ནའི་སྤྱོད་ཡུལ་ལོ། །ཆོས་རྗེ་ཐམས་ཅད་མཁྱེན་པ་འདི་ལ། རིགས་ལྡན་ཀྱི་སྤྲུལ་པ་ཡིན་པའི་སྙན་གྲགས་ཆེ་བ་དང༌། དཔལ་དུས་ཀྱི་འཁོར་ལོའི་ཆོས་ཀྱི་མངའ་བདག་ཆེན་པོར་མངོན་སུམ་དུ་བཞུགས་པ་ལ་རྟེན། དུས་མཉམ་གྱི་དགེ་བཤེས་ཕལ་མོ་ཆེ་ཞིག་གིས། ཆོས་འདི་དང་འབྲེལ་བའི་མན་ངག་ཅི་རིགས་པ་མ་གསན་པ་མེད་པ་ལྟ་བུ་ཡིན། དབང་རྒྱུད་མན་ངག་རྫོགས་པར་གསན་པ་ཡང་སྟོང་ཕྲག་མང་པོ་དང༌། དབང་དང་འཁྲིད་ཆ་ཚང་བ་ཐོབ་པ་ཁྲི་ཕྲག་བརྒལ་བ་དང༌། མཆོག་དབང་གོང་མ་དང༌། སོ་སོར་སྡུད་པའི་འཁྲིད་གསན་ཅིང་ཉམས་མྱོང་སྐྱེས་པ་ནི་བགྲང་བར་མི་སྤོགས་པ་ཙམ་ཡོད་པར་གྲགས་ཤིང༌། སྤྱིར་བསྟན་པ་སྒོ་ཐམས་ཅད་ནས་རྒྱས་པར་མཛད། སྒོས་སུ་བོད་ཀྱི་རི་སུལ་ཐམས་ཅད་རྡོ་རྗེའི་རྣལ་འབྱོར་གྱི་སྒྲུབ་པ་པོས་ཁྱབ་པ་དང༌། བཤད་ཉན་གྱི་གྲྭ་ཐམས་ཅད་དུ། སྙིང་པོའི་མདོ་དང་རྒྱུད་བླ་མའི་བསྟན་བཅོས་ལས་བརྩམས། ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ། བདེ་གཤེགས་སྙིང་པོ་སེང་གེའི་སྒྲས་ཁྱབ་


TNT02_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་དེར། རྔ་བོ་ཆེའི་མདོ་ལས་ལུང་བསྟན་པ་བཞིན་དུ། ལོ་བརྒྱད་ཅུ་ལྷག་གི་བར་དུ་དེ་ལྟ་བུའི་རྒྱུན་གནས་པར་གྱུར་ལ། དེ་རྗེས་ལྟ་བ་མཐོ་རུ་རེ་ཞིང་དྲང་དོན་ཀུན་རྫོབ་ལ་ལྷག་པར་ཞེན་པའི་ངང་ཚུལ་ཅན། སྙན་གྲགས་དང༌། དབང་ཐང་དང༌། འཁོར་ཚོགས་བསྡུ་བའི་བགོ་སྐལ་ཅན་མང་དུ་བྱོན་པ་ལ་རྟེན། སྔོན་བཞིན་གསལ་བར་མ་གྱུར་ཀྱང༌། དུས་ཀྱི་ཐ་མའི་ཐ་མ་ད་ལྟའི་བར་དུ་ཡང༌། རྡོ་རྗེའི་རྣལ་འབྱོར་སྒོམ་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་སྲོལ་ཁ་མ་ནུབ་ཙམ་ཡོད་ཅིང༌། བར་སྐབས་སུ་མང་དུ་བྱུང་བ་ནི་དམ་པ་འདི་ཁོ་ནའི་དྲིན་ནོ། །ཡང་དམ་པ་འདིས་དང་པོ་ས་སྐྱར་འཆད་ཉན་ལ་ཐུགས་གཞོལ་བའི་ཚེ། ཀ་ཆེན་བཞི་དང༌། རིགས་ཚོགས་ལྔ། དབུ་མ་འཇུག་པ། བྱམས་ཆོས་ཕྱི་མ་བཞི་རྣམས་ལན་མང་དུ་གསུངས། སྔ་ཕྱིར་གཞུང་འཕྲན་མི་གཅིག་པ་ཡང་བཅུ་ཙམ་གསུངས། ཕྱིས་སྒྲུབ་པ་ལ་ཐེགས་ནས། སྟར་ཆགས་དུ་སྐྱོང་བའི་འཆད་ཉན་གྱི་གྲྭ་འཛུགས་པ་ནི་ཡེ་མི་མཛད། དོན་གཉེར་མཁས་པ་མང་པོ་འདུས་པ་ལ། བྱམས་ཆོས་སྡེ་ལྔ་དང༌། དབུ་མ་བསྟོད་ཚོགས་དང༌། འབུམ་དང༌། སྙིང་པོའི་མདོ་རྣམས་དང༌། འགྲེལ་ཆེན་དྲི་མ་མེད་པའི་འོད་སོགས་སེམས་འགྲེལ་སྐོར་གསུམ་དང༌། དབང་མདོར་བསྟན་ཀྱཻ་རྡོ་རྗེ་ནཱ་རོ་འགྲེལ་ཆེན་རྣམས་ཡང་དང་ཡང་དུ་གསུངས། དབུ་མ་རྩ་བ་དང༌། སྤྱོད་འཇུགབསླབ་བཏུས། ཀྱཻ་རྡོར་རྒྱུད་གསུམ། མཁའ་འགྲོ་རྒྱ་མཚོ། རྡོ་རྗེ་འཕྲེང་བ། གསང་འདུས་སྒྲོལ་གསལ། དམར་ནག་འཇིགས་གསུམ་སོགས་ཀྱང༌། ལན་རེ་རེ་གཉིས་གཉིས་གསུངས། སོ་སོའི་འདོད་པ་དང་མཐུན་པར། དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་འཕྲེང་བའི་དབང་རྣམས་དང༌། བདེ་དགྱེས་གསང་འདུས་གཤིན་རྗེ་གཤེད། རྡོ་རྗེ་དབྱིངས་དང༌། རྟ་མགྲིན་ཕུར་པ་སོགས་གསང་སྔགས་


TNT02_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གསར་རྙིང་གི་དབང་ཟུར་བཀའ་ཡང་མང་དུ་གནང༌། གདམས་ངག་འཁྲིད་ཚུལ་ཐ་དད་པ་ཡང་མང་དུ་གསུང་མོད་ཀྱི། གཙོ་བོར་ཤེར་ཕྱིན་གྱི་མདོ་དང༌། མངོན་རྟོགས་རྒྱན། སྙིང་པོའི་མདོ་དང་རྒྱུད་བླ་མ། དུས་ཀྱི་འཁོར་ལོའི་དབང་ཁྲིད། སེམས་འགྲེལ་སྐོར་གསུམ་གྱི་བཤད་པ་དང་བཅས་པ་རྣམས་རྟག་ཏུ་གསུང་བ་ལྟ་བུ་ཡིན་ཞིང༌། ཐེག་པ་མཐའ་དག་གི་ངེས་པའི་དོན་ཡང་དེ་དག་ལས་བརྩམས་ཏེ་གསུང་ངོ༌། །འོན་ཀྱང་རེས་འགའ་ནི་སྒྲུབ་པ་ཁོ་ན་ལ་ཐུགས་གཞོལ་བར་ཡང་མཛད། ཆོས་གསུང་བའི་དུས་ན་ཡང༌། གཟིགས་རྟོག་བཤར་སྦྱང༌། ཐུགས་བསམ་སོགས་མཛད་མི་དགོས་ཏེ། ཆོས་གྲྭར་ཕེབས་པའི་དུས་དང༌། ཞལ་བཀོད་སོགས་གང་དགོས་པའི་དུས་དེ་ཀ་མ་གཏོགས། ཟབ་མོའི་རྣལ་འབྱོར་ཁོ་ན་ལ་བཞུགས་སོ། །སྔོན་བཀའ་དང་བསྟན་བཅོས་འགྱུར་རོ་འཚལ་རྫོགས་པར་ནན་ཏན་དང་བཅས་པས་ཚར་གཅིག་གཟིགས། དེ་ཀས་དོན་ཐམས་ཅད་མ་འདྲེས་པར་ཐུགས་སུ་ཆུད། སྐུ་འཁོར་འགའ་ཞིག་གིས། བླ་མ་པའི་མཁྱེན་རླབས་འདི་ལ། མཁན་ཆེན་བུ་སྟོན་པའི་གཟིགས་རྟོག་གི་ཐུགས་རྩོལ་དང༌། འཆད་ཉན་ལ་ཐུགས་གཞོལ་བ་འདི་ཡོད་ན། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུ་གཅིག་ཡོང་བར་གདའ་ཞུས་པས། སྤྱིར་ཆོས་འདི་རྣམས་བསླབས་པས་གོ་བ་ཁོ་ན་རང་ཡང་མིན། ཚོགས་སྒོར་དུ་མ་ནས་བསོག་ཅིང༌། བསྒོམས་ན་གོ་བ་ལགས། ད་ལྟ་སྙིང་པོ་བསྡུ་བའི་སྐབས་འདིར། སྒྲུབ་པ་ཁོ་ན་ཕན་ཡོན་ཆེ་བ་ཡིན་མོད་གསུང་ངོ༌། །དེ་ལྟར་ན་དམ་པ་འདི་ལ་སྤྱིར་སློབ་མའི་ཚོགས་མཐའ་ཡས། ཐུན་མོང་མ་ཡིན་པའི་དགོངས་པ་སྐྱོང་བའི་སློབ་མ་རང་ཡང་ཤིན་ཏུ་མང༌། གཙོ་བོར་གྱུར་པ། ལོ་ཙཱ་བ་བློ་གྲོས་དཔལ་དང༌། ས་བཟང་ལོ་ཙཱ་བ་མ་ཏི་པཎ་ཆེན་གཉིས་ལ་ཐུགས་སྲས་རྣམ་གཉིས་སུ་གྲགས། ཀུན་སྤངས་ཆེན་པོ་ཆོས་གྲགས་


TNT02_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བཟང་ཞབས་ཏོག་ཤིན་ཏུ་ཆེ། འདིས་ཀྱང་ལོ་ཙཱ་ཚད་དུ་ཕྱིན་པ་མཁྱེན། ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ། མཁན་ཆེན་རིན་ཆེན་ཚུལ་ཁྲིམས། ཞང་སྟོན་བསོད་ནམས་གྲགས་པ། མཁས་གྲུབ་དཀོན་མཆོག་རྒྱལ་མཚན། ཡར་ལུང་པ་ཆོས་དཔལ་མགོན་པོ་རྣམས། འཕྲིན་ལས་ཀྱི་རྒྱུན་རྒྱ་ཆེར་སྐྱོང་མཁན་ཡིན་ཞིང༌། དེ་དག་ལས། ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་ནི། ཡ་ཚེ་རྒྱལ་པོའི་བླ་མཆོད་བླ་ཆེན་ཞིག་གི་སྲས་སུ་འཚར་ཀའི་རོང་དུ་སྐུ་འཁྲུངས། ལོ་ཤས་གསང་བའི་ཚུལ་དུ་བཞུགས། དེ་རྗེས་བློ་བོར་བྱོན། ཡབ་དང་ཁུ་བོ་སོགས་ལས་སྔགས་ཆོས་མང་པོ་དང༌། དབུ་མ་རྩ་འཇུག་གཉིས་སྤྱོད་འཇུག་དང་བཅས་པ་མཁས་པར་སྦྱངས། གཞོན་ནུའི་དུས་དེ་ཉིད་དུ་ཚོགས་པ་རྣམས་ལ་བཤད་པས། ངོ་མཚར་དུ་གྱུར། དེ་ནས་དབུས་གཙང་དུ་འབྱོན་པར་བཞེད་པ་ལ། རེ་ཞིག་བླ་མས་བཀས་མ་གནང་ཡང༌། ཡིད་ཀྱིས་ཡང་ཡང་གསོལ་བ་བཏབ་སྟེ། གཅིག་པུར་བྲོས་ནས་བྱོན། གུང་ཐང་དུ་དཔང་ལོ་ཆེན་པོ་དང་མཇལ། ས་སྐྱར་བྱོན་ཏེ། དེ་ལོ་འཆད་ཉན་རྐང་ཚུགས་པར་མི་འདུག་ནས། བྲག་རམ་དུ་བྱོན། ལོ་གཅིག་ཕར་ཚད་དབུ་གསུམ་ལ་སྦྱངས་པ་མཛད་པས་མཁས་པར་མཁྱེན། དེ་ནས་དབུས་ཀྱི་གུང་ཐང་དུ་བྱོན། ལོ་གཉིས་ཀྱི་རིང་སྦྱངས་པ་ཆེར་མཛད། གཞུང་ལུགས་ཐམས་ཅད་ལ་མཁྱེན་བརྒྱས། དགུང་ལོ་ཉེར་གཅིག་པ་ལ་དབུས་གཙང་གི་གྲྭ་ས་ཐམས་ཅད་དུ་གྲྭ་བསྐོར་མཛད། སྐུ་གཞོན་ནུ་གཞུང་ལུགས་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང༌། ཐུགས་གསལ་བ་དང༌། བརྗོད་པ་གཙང་བ་དང༌། རྩོད་པ་བཟང་བ་ལ་འགྲན་གྱི་དོ་མེད་དུ་གྲགས། འཚལ་པའི་དཔོན་དགའ་བདེས། ཕྱོགས་ལས་རྣམ་རྒྱལ་དུ་མཚན་གསོལ། འཚལ་གུང་ཐང་གི་ཟུར་ཆོས་ཀྱང་མཛད།


TNT02_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་བྲག་རམ་དུ་བྱོན་པ་ཞིག་ལ། ཇོ་ནང་དུ་ཀུན་མཁྱེན་ཆེན་པོ་དང་མཇལ་ནས། གཞན་སྟོང་གི་གྲུབ་མཐའ་ལ་ལུང་རིགས་ཀྱི་བརྟག་དཔྱད་བྱེད་དགོས་དགོངས་ཏེ་ཕེབས་པས། ཀུན་མཁྱེན་སྐུ་འབུམ་ལ་བསྐོར་བ་མཛད་པ་དང་མཇལ། འབེལ་གཏམ་མཛད་པར་ཞུས་པས་ཤིན་ཏུ་དགྱེས་ཏེ། བླ་བྲང་དུ་ཞག་བདུན་ཙམ་གྱི་རིང་ལ་འབེལ་གཏམ་ཤིན་ཏུ་འཕེལ་བར་མཛད་པས། གཞན་སྟོང་གི་གྲུབ་མཐའ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་ངེས་པ་རྙེད། གཞན་སྟོང་གི་འགོག་བྱེད་ཀྱི་རྩོད་པ་རྣམས་ནི། རྣམ་པར་རྟོག་པའི་རི་མོ་ཙམ་ལས་དོན་ལ་མི་གནས་པར་མཁྱེན། ཀུན་མཁྱེན་ཆེན་པོ་ལ་མི་ཕྱེད་པའི་དད་པ་འཁྲུངས། དེ་སྐབས་ཆོས་འབྲེལ་ཅི་རིགས་པ་གསན་ནས་ཐེགས། སླར་དུས་ཀྱི་འཁོར་ལོ་རྒྱུད་སོགས་ཐུགས་ལ་བཟུང་ནས་ཇོ་ནང་དུ་ཕེབས། དུས་ཀྱི་འཁོར་ལོའི་དབང་ཞུས། ཟབ་ལམ་གྱི་འཁྲིད་བསྐྱངས་པས། ཉམས་རྟོགས་ཕུན་སུམ་ཚོགས་པར་འཁྲུངས། རྒྱུད་འགྲེལ་ལ་སྦྱངས་པས་ཚེགས་མེད་པར་མཁྱེན། ཀུན་མཁྱེན་ཆེན་པོ་ལ་དབང་དང་མདོ་སྔགས་ཀྱི་བཤད་པ་དཔག་ཏུ་མེད་པ་གསན། ལོ་མང་པོར་མཆོད་གཡོག་ཀྱང་མཛད། བུ་སྟོན་ཆེན་པོ་ལ་ཡང༌། ཕར་ཕྱིན་དང་མཚན་བརྗོད་གསན། ཤུག་ཕུག་ཏུ་བཤད་སྒྲུབ་ཀྱི་གྲྭ་ཆུང་དུ་སྐྱོང་ཞིང་ལོ་ཤས་བཞུགས། ངམ་རིང་གི་ཆོས་དཔོན་མཛད་ནས་ཕར་ཚད་ལ་བསྟན་བཅོས་ཀྱང་མང་དུ་མཛད། འཆད་ཉན་འཕེལ་བར་བཞུགས་སྐབས། ལོ་ཙཱ་བ་བློ་གྲོས་དཔལ་སྐུ་འདས་ནས། ཇོ་ནང་གི་གདན་ས་ལོ་དྲུག་མཛད། ངམ་རིང་གི་ཆོས་དཔོན་དང་ཇོ་ནང་གི་གདན་ས་ལྷན་ཅིག་ཏུ་བཞག་ནས། སེ་མཁར་ཆུང་དུ་གཙོ་བོར་ཐུགས་དམ་ལ་བཞུགས། དེ་ནས་ལོག་འགའ་ནས་ཀུན་མཁྱེན་ཆེན་པོ་གཤེགས། དེ་རྗེས་མི་


TNT02_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བར། འཚལ་གུང་ཐང་དང༌། ཡར་ཀླུངས་སོགས་དབུས་ཀྱི་ཕྱོགས་རྣམས་སུ་དུས་ཀྱི་འཁོར་ལོའི་ཆོས་རྒྱ་ཆེར་སྤེལ། ཕྱིས་སྐུ་ཚེའི་སྨད་ཀྱི་དུས་སུ། སླར་ཡང་ཇོ་མོ་ནང་གི་གདན་ས་མཛད། མངོན་མཁྱེན་ཐོགས་མེད་མངའ། གཙང་ནས་སེ་ཁར་ཆུང་དུ་ཕེབས་པ་ཞིག་ལ། ནམ་སྲོད་ཁྱེར་བ་ལ་མདོག་ཆུའི་འགྲམ་དུ་ཕེབས། འཁོར་གཡོག་རྣམས་ཀྱི་གནས་ཚད་དུ་བཞུགས་པར་ཞུས་པ་ལ། འཕྲལ་དུ་ཐེགས་པའི་ཞལ་ཏ་མཛད་དེ། དེ་འཕྲལ་ཀོ་བ་སོགས་གང་ཡང་མེད་པར་སྐུ་རྐྱང་ཆུའི་ཕ་ཁར་ཕེབས། དེ་རྗེས་འཁོར་གཡོག་རྣམས་ཀྱང་ནམ་ཕྱེད་དེ་ཁར་ཀོ་བ་ལ་རྟེན་ནས་ཡོངས་པས། ནམ་ལངས་མ་ཐེག་བལྟས་དུས། ཆུའི་ཕ་ཁ་ཐམས་ཅད་དམག་གིས་ཁེངས། དེ་འདྲ་བའི་ལོ་རྒྱུས་མང༌། དགུང་ལོ་བདུན་དུ་དོན་གསུམ་པ་ལ། ཐམས་ཅད་ཀྱི་སྐུ་དོག་ཆེ་ཟེར་ཞིང༌། སྐུ་ཁམས་བག་ཙམ་བསྙུང་བ་ལ། རིམ་གྲོ་མཛད་པར་ཞུས་པས། དེ་ཡང་རུང་སྟེ། ལོ་བརྒྱད་ཅུ་གྱ་གཅིག་གི་བར་བསྡད་པས་ཆོག་གསུང་བ་དང༌། བདུན་ཅུ་དོན་དགུ་པའི་གཞུག་ལ། སྐུ་ཁམས་ཤིན་ཏུ་བསྙེལ་བའི་སྐབས། ད་ལོ་མི་འཆི་བའི་རང་དབང་ཡོད་གསུང༌། བརྒྱད་ཅུ་པ་ལ་སྐུ་ཁམས་ཤིན་ཏུ་བཟང་བ་ལ། ད་ཀུན་སྐུ་ཁམས་བཟང་བར་གདའ། ལོ་ཤས་བློ་བདེ་ཞུས་པས། ད་ལོ་ཁམས་བཟང་སྟེ། ད་བཟོད་ངེས་པར་འགྲོ་དགོས་པ་ཡིན་གསུང༌། ཐམས་ཅད་ཐོགས་ཏུ་ཁེལ། དེ་སོགས་ཡོན་ཏན་དཔག་ཏུ་མེད་པ་མངའོ། །དེ་ལ་ཞལ་སློབ་འགྲོ་དོན་ཅན་ཤིན་ཏུ་མང་ཡང༌། ཉ་དབོན་ཀུན་དགའ་དཔལ་ནི། ཁམས་པའི་དགེ་བཤེས་ཉ་དར་མ་རིན་ཆེན་ཞེས་བྱ་བའི་དབོན་པོ་ཡིན། ཆུང་ངུ་ནས་མཁྱེན་རབ་ཤིན་ཏུ་ཆེ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་དང་ཡང་ཡང་མཇལ། དགོངས་དོན་ཐུགས་སུ་ཆུད་ཅིང༌། མོས་གུས་


TNT02_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཞིག་ཡིན་པ། དགུང་ལོ་ཉི་ཤུ་སྐོར་ལ། ཕྱག་ཞབས་གོང་སྟེ་འབྱོན་མ་ཐུབ། ཀླུ་གདོན་གྱི་རྟོག་པ་བྱུང༌། ཀུན་མཁྱེན་ཆེན་པོ་ས་སྐྱར་ཕེབས་པ་ཞིག་ལ། གྲོགས་ཀྱི་ཁུར་ནས་བྱིན་རླབས་ཞུ་རུ་བྱོན། བྱིན་རླབས་གནང༌། ལྗགས་བཏབ་ཙམ་གྱིས་བསྙུང་གཞི་ལས་འཕྲལ་དུ་གྲོལ། ཕྱིས་མདོ་སྔགས་ཀྱི་གཞུང་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་རིག་པའི་དབང་ཕྱུག་ཆེན་པོར་གྱུར། རྗེ་ཕྱོགས་ལས་རྣམ་རྒྱལ་ཡུན་རིང་དུ་བསྟེན། ཉམས་རྟོགས་ཀྱང་མཐར་ཕྱིན་པ་བརྙེས། དུས་འཁོར་སོགས་མདོ་སྔགས་ཀྱི་ཆོས་མང་པོ་གསན། ས་སྐྱར་འཆད་ཉན་ཡུན་རིང་དུ་མཛད། སྐུ་ཚེའི་སྨད་ལ་བློ་གསལ་དྲུག་བརྒྱ་ཙམ་གྱིས་བསྐོར་ནས། རྩེ་ཆེན་གྱི་ཆོས་སྡེ་བཏབ། བཤད་སྒྲུབ་གཉིས་ཀ་ཤིན་ཏུ་འཕེལ་བར་མཛད་དོ། །གྲུབ་ཆེན་ཀུན་བློ་ནི། ཤར་ཁ་བའི་སྐུ་རུས་སུ་འཁྲུངས། ཕར་ཚད། མངོན་པ། འདུལ་བ། དབུ་མ་སོགས་མདོ་ཕྱོགས་རྣམས་དང༌། དཔལ་དུས་ཀྱི་འཁོར་ལོའི་བཤད་སྒྲུབ་རྣམས་ཉ་དབོན་ཆེན་པོ་ཁོ་ན་ལ་གསན། གཞན་བླ་མ་དམ་པ་མང་དུ་བསྟེན་ཅིང༌། དབང་གདམས་ངག་མཐའ་ཡས་པ་ལ་མངའ་བརྙེས། རྒྱལ་པོའི་རིགས་སུ་འཁྲུངས་ཀྱང་སྲིད་ལ་མ་ཆགས་པས། སྤ་གྲོ་ལ་སོགས་པ་ཡུལ་ཐེག་རིང་པོ་དང༌། བས་མཐའ་རྣམས་སུ་སྒྲུབ་པ་ཁོ་ན་ལ་ཐུགས་གཞོལ། རང་གི་དཔོན་རིགས་རྩེ་ཤར་ནུབ་གཉིས་ཀྱི་འཁྲུག་པར་དུས་མི་བདེ་བ་ལ། ཕན་བདེའི་བཀས་ཁྱད་པར་མཛད། སྐུ་ཚེའི་སྨད་ལ་འཁྲུལ་ཞིག་ཆེན་པོར་བཞུགས་ཤིང༌། བུ་སྟོན་ཆེན་པོའི་སྐྱེ་བ་ཡིན་པར་གྲགས་སོ། །འཇམ་དབྱངས་དཀོན་མཆོག་བཟང་པོ་ནི། འཁྲུངས་ས་ལ་སྟོད་བྱང་པ། རྩ་བའི་གྲྭ་ས་བཟང་ལྡན་ཡིན། ས་སྐྱ་སོགས་གྲྭ་ས་གྲགས་ཆེ་བ་ཕལ་ཆེར་དུ་བྱོན། མཁན་ཆེན་འཇམ་དབྱངས་


TNT02_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

རིན་རྒྱལ་པ་ལས་ས་སྐྱ་པའི་ཆོས་རྣམས་གསན། གྲུབ་ཆེན་ཀུན་དགའ་བློ་གྲོས་ལ་དུས་ཀྱི་འཁོར་ལོ་སོགས་ཟབ་དོན་མཐའ་དག་གསན། སི་ཏུ་རབ་བརྟན་ཀུན་བཟང་འཕགས་ཀྱི་བླ་མར་བཀུར། ཉང་སྟོད་ཀྱི་ཆོས་སྡེ་གསར་བའི་ཆོས་དཔོན་མཛད། ཇོ་ནང་པའི་གྲྭ་ཚང་གསར་དུ་བཙུགས། ཕྱིས་རྩེ་ཤར་ནུབ་གཉིས་ཀར་གྱིས་གུས་པས་བཏུད། ཆོས་སྡེ་གཉིས་ཆར་དང་ཇོ་ནང་གི་གདན་ས་ཡང་མཛད། གྲུབ་མཐའི་ཆགས་སྡང་ལས། མཁས་གྲུབ་དགེ་ལེགས་དཔལ་བཟང་དཔོན་སློབ་ཀྱིས་བྱད་ཁ་བྱས་པ་ཡང་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་དང༌། རྡོ་རྗེའི་བཟླས་པ་སྤེལ་བས། བྱད་ཁ་ཕྱིར་ལོག་སྟེ། མཁས་གྲུབ་དགེ་ལེགས་དཔོན་སློབ་རྣམས་མི་རིང་བར་གྲོངས། ལྷ་ཆེན་བཟང་ར་དམ་ལ་བཏགས། དེ་སོགས་ཡ་མཚན་བའི་ལོ་རྒྱུས་མང༌། བླ་མ་ས་སྐྱ་བ་ཆེན་པོའི་སྤྲུལ་པ་གྲགས་སོ། །མཁས་གྲུབ་ནམ་མཁའ་ཆོས་སྐྱོང་ནི། རབ་བྱུང་བསྙེན་རྫོགས་མཛད་ས་དང༌། རྩ་བའི་གྲྭ་ས་གྲྭ་ཚང་ཆེན་མོ་ཡིན། ཀུན་མཁྱེན་ནམ་བསོད་ཆེན་མོ་ལ་མཚན་ཉིད་ཀྱི་གཞུང་རྣམས་མཁས་པར་སྦྱངས། སླར་འཇམ་དབྱངས་དཀོན་མཆོག་བཟང་པོའི་ཆོས་གྲྭར་བྱོན། ཆོས་དང་གང་ཟག་ཐམས་ཅད་ལ་དད་མོས་འཁྲུངས། མཚན་ཉིད་ཀྱི་གཞུང་རྣམས་ལ་མཁས་ཉན་མཛད། གཞན་སྟོང་གི་གྲུབ་མཐའ་རྣམས་ལ་ངེས་པ་གཏིང་ནས་ཚུགས། སྦྱོར་བ་ཡན་ལག་དྲུག་པ་ཞུས་ཏེ་ཉམས་རྟོགས་ཀྱང་ཤིན་ཏུ་བཟང༌། དུས་ཀྱི་འཁོར་ལོའི་རྒྱུད་གཞུང་ལ་ཡང་མཁས་པར་སྦྱངས། ངམ་རིང་འཚལ་གུང་སོགས་འཆད་ཉན་ཆང་ཆུང་འགའ་རེའི་སར་ཕེབས། རྩེ་ཤར་ནུབ་གཉིས་དང༌། ཁྱད་པར་སེང་གེ་རྩེ་བས་ཡོན་བདག་གི་མཐིལ་བྱས། རྩེ་ཆེན་དང་ཇོ་ནང་གི་གདན་ས་ཡུན་རིང་དུ་མཛད། བཤད་སྒྲུབ་ཀྱི་བསྟན་པ་གཉིས་ཀར་བཟུང༌།


TNT02_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་འབུམ་ཆེན་མོའི་ཆོས་འཁོར་བཅུ་གསུམ་གསེར་ཟངས་ཀྱི་གཡོག་པར་མཛད་དོ། །པཎ་ཆེན་ནམ་མཁའ་དཔལ་བཟང་ནི། གྲུབ་མཐའ་རྩ་བ་ས་སྐྱ་བ་ཡིན། མུས་པ་རབ་འབྱམས་པ་ཐུགས་རྗེ་དཔལ་བཟང་གི་གྲྭ་སར་སློབ་གཉེར་མཛད། བརྒྱ་སྡེར་འཆད་ཉན་ཡང་ལོ་ཤས་ཚུགས་པ་བྱུང༌། བདག་ཆེན་རྣམ་རྒྱལ་གྲགས་པའི་སློབ་མ་ཤངས་སྟོན་པ་བྱ་བ་ལ། ལྷུན་སྡིངས་སུ་དུས་འཁོར་བྱང་ལུགས་དེ་ཤིན་ཏུ་མཁས་པར་སྦྱངས། རྒྱལ་བ་ནམ་མཁའི་མཚན་ཅན་ལ་སྦྱོར་དྲུག་གི་མན་ངག་ཇོ་ནང་བའི་རང་ལུགས་འདི་སྔ་དུས་ཅིག་གསན་པས་ཉམས་རྟོགས་བཟང་པོར་འཁྲུངས་པ་ཡིན། འབྲས་སྤུང་གི་དགོན་པ་བཏབ་ནས་འགྲོ་དོན་ཅུང་ཟད་མཛད་དོ། །དེ་ལ་ལོ་ཆེན་རཏྣ་བྷ་དྲས་ཞུས། དེ་ལ་རྗེ་བཙུན་གྲོལ་མཆོག་གིས་གསན། དེ་ལ་མཁན་ཆེན་ལུང་རིགས་རྒྱ་མཚོས་གསན། དེའི་དྲུང་དུ་དངོས་ཀྱིས་ཐོབ་སྟེ། འདི་མན་ངག་ཁོ་ནའི་བརྒྱུད་པ་ཡིན་ནའང༌། ཉམས་རྟོགས་ཀྱི་རྒྱུན་མ་ཆད་པ་ཡིན་པས་རྩིས་སུ་བྱས་ལ། ཡང་དབང་རྒྱུད་མན་ངག་གསུམ་ཀར་བཀའ་ཅིག་པའི་དབང་དུ་བྱས་ན། འཇམ་དབྱངས་དཀོན་མཆོག་བཟང་པོ་ལ། འཇམ་དབྱངས་ཆོས་དབང་གིས་གསན་ཏེ། མཁས་པ་དེ་ནི། སྤྱིར་མདོ་སྔགས་ཀྱི་གཞུང་ལུགས་ཐམས་ཅད་ལ་མཁས་ཤིང༌། ཁྱད་པར་ཕར་ཕྱིན་ཇོ་ནང་ཀུན་མཁྱེན་ཆེན་པོའི་རང་ལུགས་ཐུན་མོང་མ་ཡིན་པ་འདི་དང༌། དུས་ཀྱི་འཁོར་ལོ་ལ་ཤིན་ཏུ་མཁས། སྦྱོར་དྲུག་ལ་ཉམས་རྟོགས་བཟང་པོ་མངའ། གུར་གྱི་མགོན་པོ་ཞལ་གཟིགས། བཟང་ར་སོགས་འཇིག་རྟེན་གྱི་ལྷ་འདྲེ་དྲེགས་པ་མང་པོས་ཞབས་ལ་བཏུད། དང་པོར་ཁང་གསར་གི་འཆད་ཉན་མཛད་ཅིང༌། ཕྱིས་ཆོས་སྡེ་ཆེན་པོའི་གདན་ས་ཡུན་རིང་དུ་མཛད་དོ། །དེ་ལ་དབོན་ཆེན་ཆོས་སེང་གེ་གི་ཞུས། དེ་ལ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་ཞུས། དེ་ལ་མཁས་གྲུབ་


TNT02_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་ལྷུན་གྲུབ་ཀྱིས་གསན། དངོས་ཀྱིས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཙམ་མནོས། བྱམས་པའི་མཚན་ཅན་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་རྟེན་དབང་ཡོངས་སུ་རྫོགས་པ་དང༌། རིམ་པ་གཉིས་ཀྱི་བཤད་པ་རྒྱུད་འགྲེལ་དང་བཅས་པ་ཐོབ་བོ། །ཡང་འཇམ་དབྱངས་དཀོན་མཆོག་བཟང་པོ། འཇམ་དབྱངས་ཆོས་དབང༌། མཁན་ཆེན་ཀུན་དགའ་དཔལ་འབྱོར། མཁན་ཆེན་དཀོན་མཆོག་རིན་ཆེན་རྣམས་བརྒྱུད་ནས། མཁན་ཆེན་ལུང་རིགས་རྒྱ་མཚོའི་དྲུང་དུ། མངོན་རྟོགས་དཔག་བསམ་ལྗོན་ཤིང་དང༌། དཀྱིལ་ཆོག་ཡེ་ཤེས་རྒྱ་མཚོ་ཀླགས་ཆོག་གི་སྟེང་ནས་དབང་རྫོགས་པར་ཞུས། གཞན་ཡང་སྦྱོར་དྲུག་གི་ལུང་སོགས་ཐན་ཐུན་ཞུས་པའི་བླ་མ་འགའ་རེ་ཡོད་དེ། བརྒྱུད་པ་དེ་རྣམས་ནི་ཇོ་ནང་བའི་ལུགས་ཡིན་ལ། བུ་སྟོན་རིན་པོ་ཆེའི་ལུགས་ཀྱི་དབང་རྣམས་ཡོངས་སུ་རྫོགས་པར། རྡོ་རྗེ་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་བཟང་ལ་མནོས་ཤིང༌། ཡན་ལག་དྲུག་པའི་གདམས་པ་གྲུབ་ཐོབ་ཞི་བ་སྦས་པའི་ལུགས་དང༌། རྣལ་འབྱོར་མ་རིགས་བརྒྱའི་དཀྱིལ་འཁོར་གྱི་དབང་དང༌། ལྷ་ཉི་རྩ་ལྔའི་དཀྱིལ་འཁོར་གྱི་དབང་རྣམས། སློབ་དཔོན་པུརྞ་བཛྲ་ལས་ཀྱང་ཐོབ་བོ། །ཞེས་པ་དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་གྱི་བྱུང་ཁུངས་ཉེར་མཁོ་བསྡུས་པ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཆོས་ལུང་བྱང་རྩེར་སྦྱར་བའོ། །དགེ་ལེགས་འཕེལ། །


TNT02_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་

དུས་ཀྱི་འཁོར་ལོའི་བརྒྱུད་འདེབས།


TNT02_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་འཁོར་ལོའི་བརྒྱུད་འདེབས་ཞེས་བྱ་བ་བཞུགས།


TNT02_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ མཆོག་གི་དང་པོའི་མགོན་པོ་རྟག་པའི་དཔལ། །སེམས་ཉིད་རིན་ཆེན་རྡོ་རྗེ་རྣམ་བཞི་ཡི། །ལམ་གྱིས་རབ་སྦྱངས་སྐུ་བཞི་མངོན་གྱུར་པ། །ཆོས་ཀུན་མཉམ་ཉིད་ངོ་བོར་གསོལ་བ་འདེབས། །སྐུ་བཞི་དབྱེར་མེད་ཡན་ལག་བདུན་ལྡན་སྐུ། །ས་བཅུའི་དབང་ཕྱུག་མི་བདག་སྤྲུལ་པའི་སྐུ། །


TNT02_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་རིགས་ལྡན་འཁོར་དང་བཅས་རྣམས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇིག་རྟེན་མགོན་པོས་རྗེས་བཟུང་དུས་ཞབས་པ། །དེ་ཡི་ཞབས་བརྟེན་དུས་ཞབས་གཉིས་པ་དང༌། །རྒྱལ་སྲས་ཆེན་པོ་ནཱ་ལེནྡྲ་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རིག་པའི་གནས་ལྔ་ཕུལ་བྱིན་ཟླ་མགོན་ཞབས། །འཇིག་རྟེན་མིག་འབྱེད་འབྲོ་སྟོན་ཤེས་རབ་གྲགས། །རྡོ་རྗེ་ཐེག་པའི་སྲོག་ཤིང་དཀོན་མཆོག་སྲུངས། །


TNT02_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁས་གྲུབ་སྔགས་འཆང་སྒྲོ་སྟོན་གནམ་ལ་བརྩེགས། །གྲུབ་པའི་ཁྱུ་མཆོག་མི་བསྐྱོད་རྡོ་རྗེའི་ཞབས། །ཆོས་ཀྱི་དབང་ཕྱུག་མ་ལུས་ཆོས་ཀྱི་བདག །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ངོ་མཚར་བགྲངས་བཅས་མ་ཅིག་སྤྲུལ་སྐུ་དང༌། །ནམ་མཁའ་འོད་ཟེར་མཚན་འཆང་མཁས་པའི་ཕུལ། །སྔོན་གནས་རྗེས་དྲན་གྲུབ་ཐོབ་སེ་མོ་ཆེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇམ་དབྱངས་སྤྲུལ་པའི་ཤེས་རབ་འོད་ཟེར་དང༌། །རབ་གསལ་རྒྱལ་པོའི་རྣམ་འཕྲུལ་དགེ་སྟེང་པ། །སྲོག་འཛིན་རྒྱ་མཚོའི་མཐར་སོན་ཀུན་སྤངས་རྗེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །}ོན་མཁྱེན་ཐོགས་མེད་རྒྱལ་བ་ཡེ་ཤེས་དང༌། །མཁས་བཙུན་གྲུབ་བརྙེས་ཡོན་ཏན་རྒྱ་མཚོ་དང༌། །རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་ཇོ་ནང་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ལེགས་བཤད་རིན་ཆེན་འབྱུང་གནས་ཉ་དབོན་དང༌། །གྲུབ་ཆེན་འགྲན་ཟླ་མེད་པའི་ཀུན་བློ་བ། །ངེས་དོན་བསྟན་པའི་སྲོག་ཤིང་དཀོན་མཆོག་བཟང༌། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མདོ་སྔགས་ཀུན་ཆུབ་ནམ་མཁའ་ཆོས་སྐྱོང་དང༌། །མཁས་དབང་པཎ་


TNT02_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ནམ་མཁའ་དཔལ་བཟང་པོ། །ལོ་ཆེན་མཚན་འཆང་རཏྣ་བྷ་དྲ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐོགས་མེད་བརྟུལ་ཞུགས་གྲུབ་པ་ཀུན་དགའི་མཚན། །གཉུག་མ་མངོན་གྱུར་ལུང་རིགས་རྒྱ་མཚོ་དང༌། །སྐྱབས་གནས་ཀུན་འདུས་ཀུན་དགའ་སྙིང་པོའི་ཞབས། །གསོལ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གསོལ་བ་འདེབས་སོ་ཀུན་མཁྱེན་ཇོ་ནང་བ། །གསོལ་བ་འདེབས་སོ་འགྲོ་དྲུག་བྱིན་གྱིས་རློབས། །}ོན་འགྲོ་དབེན་པ་གསུམ་གྱིས་རྒྱུད་སྦྱངས་ཤིང༌། །དངོས་གཞི་ཡན་ལག་དྲུག་གི་སྦྱོར་བ་ཡིས། །མཐར་ཐུག་སྐུ་བཞི་རྡོ་རྗེ་རྣམ་པ་བཞི། །མྱུར་དུ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་སྦྱོར་དྲུག་ཇོ་ནང་ལུགས་ཀྱི་བརྒྱུད་འདེབས་ཏཱ་ར་ནཱ་ཐས་སྨྲས་པའོ། །


TNT02_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་སྦྱངས་མཁྱེན་པའི་རིན་ཆེན་རྒྱ་མཚོ་དང༌། །ཐར་པའི་ལམ་སྟོན་བློ་གྲོས་རྣམ་པར་རྒྱལ། །གྲུབ་པའི་མཆོག་གྱུར་ངག་དབང་འཕྲིན་ལས་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་རློབས། །མཐའ་འཁོབ་མུན་སེལ་ངག་དབང་རྣམ་རྒྱལ་དང༌། །དམ་ཆོས་དགའ་སྟོན་སྤེལ་མཛད་དར་རྒྱས་མཚན། །རྒྱལ་བ་ཀུན་དངོས་འཕྲིན་ལས་རྣམ་རྒྱལ་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གདམས་པའི་མཛོད་འཛིན་རང་བཞིན་ལྷུན་གྱིས་གྲུབ། །ཟབ་ལམ་མཐར་ཕྱིན་འཇིགས་མེད་རྣམ་རྒྱལ་དང༌། །དུས་འཁོར་བརྒྱུད་འདེབས་ཀྱི་ཁ་སྐོང་འདིའང་སྤྲུལ་སྐུ་འཇིགས་མེད་རྣམ་རྒྱལ་གྱིས་རི་ཁྲོད་དུ་ཐུན་མཚམས་སུ་བྲིས་པའོ། །རིགས་ཀུན་ཁྱབ་བདག་ཆོས་འཕེལ་རྒྱ་མཚོའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རིམ་གཉིས་མཐར་སོན་ཆོས་ཀྱི་འཕགས་པའི་ཞབས། །གཟུང་འཛིན་འཁྲུལ་ཟད་ཀུན་དགའ་དཔལ་ལྡན་རྗེ། །དབང་ལུང་གདམས་ངག་མཛོད་འཛིན་ཆོས་འབྱོར་ལ། །གསོལ་བ་འདེབས་སོ་བདག་


TNT02_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྒྱུད་བྱིན་གྱིས་རློབས། །གནས་ལུགས་གཤེགས་སྙིང་མངོན་གྱུར་མཁས་གྲུབ་དབང༌། །ཡི་དམ་ཞལ་གཟིགས་བསྟན་པ་གསལ་བྱེད་ཞབས། །རྒྱུད་སྡེ་རབ་འབྱམས་སྤྲོ་བསྡུ་རྡོ་རྗེ་བཟང༌། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྤྱོད་འཆང་རྣམ་འཕྲུལ་དཀོན་མཆོག་དར་རྒྱས་རྗེ། །གཞན་སྟོང་འཛམ་གླིང་ཁྱབ་མཛད་བློ་གྲོས་གྲགས། །དྲིན་ཅན་མངོན་གྱུར་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དུས་འཁོར་བརྒྱུད་འདེབས་ཁ་སྐོང་འཛམ་ཐང་གཙང་ཆེན་གཟིམ་ཁང་བདེ་ཆེན་བཤད་སྒྲུབ་དཔལ་གྱི་ཕོ་བྲང་གི་གདན་རབས་རིམ་བྱོན་ལྟར་བློ་བཟང་ཆོས་འཕེལ་བས་བྲིས་པའོ། །


TNT02_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་

དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ།


TNT02_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ་ཞེས་བྱ་བ་བཞུགས།


TNT02_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལ་འཇུག་པ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །གང་ཞིག་འདོད་པའི་འཆིང་ལས་གྲོལ་ཡང་རྟག་ཏུ་འདོད་ཆགས་ཆེན་པོས་གང༌། །དངོས་དང་དངོས་མེད་རྣམ་པ་བྲལ་ཡང་རྣམ་པ་ཀུན་གྱི་མཆོག་དང་ལྡན། །ཚིག་ཏུ་བརྗོད་པ་ཀུན་ལས་གྲོལ་ཡང་འགྲོ་ཀུན་སྐད་ཀྱིས་ཆོས་རབ་སྟོན། །གཅིག་དང་དུ་མའི་གཟུགས་དང་བྲལ་ཡང་སྣ་ཚོགས་


TNT02_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མང་སྟོན་ལ་འདུད། །གང་ཞིག་བརྟེན་ན་སྲིད་དང་གྲོལ་བ་ཡི། །དཔལ་ཀུན་རབ་སྟེར་རིམ་གཉིས་སྒྲུབ་པའི་ཐབས། །ཀུན་མཁྱེན་ཆེས་མཛད་དཔག་བསམ་ལྗོན་ཤིང་ལས། །ངག་འདོན་འབྲས་བུ་ཅི་ནུས་བསྡུས་ཏེ་བཤད། །འདི་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་ལ། རྒྱུད་སྦྱང་བ་ཐུན་མོང་གི་སྔོན་འགྲོ་དང༌། ངེས་པར་བྱ་བ་ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ནི། བདག་ཉིད་སྒྲུབ་ཐབས་ཉམས་ལེན་གྱི་སྐབས་སུ་ངེས་པར་དགོས་པ་ལ། སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་གསུམ་མོ། །དེ་ཡང༌། བདག་དང་


TNT02_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་བསྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཨོཾ་སྭ་བྷཱ་ཝ[རང་བཞིན་]ཤུདྡྷཱཿ[དག་པ་རྣམས་]སརྦ་དྷརྨཱཿ[ཆོས་རྣམས་ཐམས་ཅད་]སྭ་བྷཱ་བ་ཤུདྡྷོ྅ཧཾ།[རང་བཞིན་དག་པའི་བདག་གོ།] སྟོང་པའི་ངང་ལས་རང་གི་སྤྱི་བོར་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་


TNT02_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾཾཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུཾ་ལ་ཐིམ། དེ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་རྣམ་པར་བརྒྱན་པ། རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་བསྟིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་


TNT02_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀོ་བྷ་ཝ་མཧཱ་ས་མ་ཡ་སཏྭ་ཨ་ཧཱུཾ་ཕཊ། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོ་སྐྱོབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །འཁོར་བ་ཐོགས་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཟླ་བ་ཞུ་བ་ལྟར་གྱུར་པ་བདག་གི་སྤྱི་གཙུག་ནས་ཐིམ་པས། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང༌། རང་གི་ལུས་ངག་ཡིད་གསུམ་ཡེ་ཤེས་རྡོ་རྗེ་རྣམས་དབྱེར་མེད་དུ་གྱུར། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམ་པ་བཅུ་ནི། རྡོ་རྗེའི་ཞལ་དག་རིགས་དྲུག་དགོད་པ་དང༌། །རྡོ་རྗེ་བཞི་དང་ཡན་ལག་དྲུག་རྣམས་འགོད། །བདུད་ཚོགས་གཞོམ་ཞིང་བསྲུང་བའི་འཁོར་ལོ་སྒོམ། །མཁའ་ལ་རྒྱལ་བའི་ཚོགས་རྣམས་རྟོགས་བྱ་སྟེ། །བླ་མེད་མཆོད་པ་རྣམ་པ་བདུན་གྱིས་མཆོད། །ལམ་བསྟེན་སྟོང་པ་ཉིད་ལ་


TNT02_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའོ། །དང་པོ་ནི། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ པྲཛྙཱ་ཨུ་པཱ་ཡ་ཨཱཏྨ་ཀ[ཤེས་རབ་དང་ཐབས་ཀྱི་བདག་ཉིད་]ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་[སྐུ་གསུང་ཐུགས་ཡེ་ཤེས་ཀྱི་]ཨ་དྷི་པ་ཏེ།[མངའ་བདག་] མ་མ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲཾ།[བདག་གི་ལུས་ངག་སེམས་ཡེ་ཤེས་རྡོ་རྗེ་] བཛྲ་ཨ་མྲྀ་ཏ་སྭ་བྷཱ་ཝཾ།[རྡོ་རྗེ་བདུད་རྩིའི་རང་བཞིན་དུ་མཛོད་མཛོད་] ཀུ་རུ་ཀུ་རུ་སྐནྡྷ་དྷཱ་ཏུ་ཨཱ་ཡ་ཏ་ནཾ་ནིཿ[ཕུང་པོ་ཁམས་སྐྱེ་མཆེད་རྣམས་] སྭ་བྷཱ་ཝཾ་སྭཱཧཱ།[རང་བཞིན་མེད་པའི་གཞི་ཚུགས་ཤིག] ལན་གསུམ་བརྗོད། དེ་ནས་གཙུག་ཏོར་གྱི་སྟེང་དུ་ཝཾ་ཡིག་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཟླ་བའི་དཀྱིལ་འཁོར་ཆ་བཅུ་དྲུག་ཡོངས་སུ་རྫོགས་པར་གྱུར། དེ་ཞུ་བ་ལུས་ལ་ཞུགས་པས། གཙུག་ཏོར་ནས་རྐང་སེན་གྱི་མཐར་ཐུག་པའི་མ་དག་པའི་ལུས་སྤྲུལ་གྱི་ཤུན་པ་ལྟར་ལན་གསུམ་དུ་དོར་ཏེ། ལུས་དང་ངག་དང་སེམས་དང་ཡེ་ཤེས་རྣམ་པར་དག་པ་རྡོ་རྗེ་བདུད་རྩིའི་རང་བཞིན་ཟླ་བ་དྲི་མ་མེད་པ་ལྟར་གྱུར། གཉིས་པ་རིགས་དྲུག་དགོད་པ་ནི། ཨོཾ་[རང་བཞིན་དག་པ་རྣམས་ཆོས་རྣམས་ཐམས་ཅད་རང་བཞིན་དག་པའི་བདག་གོ།]སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། དཔྲལ་བར་ཨོཾ་དཀར་པོ་ལས་སྣང་བ་མཐའ་ཡས་དཀར་པོ། མགྲིན་པར་ཨཱཿདམར་པོ་ལས་རིན་ཆེན་འབྱུང་ལྡན་དམར་པོ།


TNT02_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་ཧཱུཾ་ནག་པོ་ལས་དོན་ཡོད་གྲུབ་པ་ནག་པོ། ལྟེ་བར་ཧོཿསེར་པོ་ལས་རྣམ་པར་སྣང་མཛད་སེར་པོ། གཙུག་ཏོར་དུ་ཧཾ་ལྗང་ཁུ་ལས་མི་བསྐྱོད་པ་ལྗང་ཁུ། གསང་བར་ཀྵཿསྔོན་པོ་ལས་རྡོ་རྗེ་སེམས་དཔའ་སྔོན་པོ་རྣམས་ཞལ་གསུམ་ཕྱག་དྲུག་པ། སོ་སོར་དཔའ་བོ་གཅིག་པའི་རྣམ་པ་རྣམས་འཁོད་པར་གྱུར། གསུམ་པ་རྡོ་རྗེ་བཞི་དག་པ་ནི། ལག་པ་ཕན་ཚུན་མཉེ་ཞིང་བཀྲུ་བའི་ཕྱག་རྒྱ་བྱས་ནས། ཨོཾ་ཧྲཿསརྦ་ཨསྟྲ་རཱ་ཛ་[ཐམས་ཅད་མཚོན་ཆའི་རྒྱལ་པོ་]མཱ་ར་ཀླེ་ཤ་ཨནྟ་ཀ་ར།[བདུད་དང་ཉོན་མོངས་པ་མཐར་བྱེད་པ་] བཛྲ་ཏཱིཀྵྞ་[རྡོ་རྗེ་རྣོན་པོ་]དུཿཁ[སྡུག་བསྔལ་]ཙྪེ་ད་[གཅོད་པ་]མཱ་མ་ཀ་རཾ་བི་ཤོ་དྷ་ཡ་[བདག་གི་ལག་པ་རྣམ་པར་སྦྱོངས།]སྭཱཧཱ། ལག་པ་གཡོན་པའི་མཐེའུ་ཆུང་ལ་སོགས་པའི་རྩ་བའི་ཚིགས་རྣམས་སུ། ཨ་ཨི་རྀ་ཨུ་ལྀ། དབུས་ཀྱི་ཚིགས་རྣམས་སུ། ཨ་ཨེ་ཨར་ཨོ་ཨལ། སྟེང་གི་ཚིགས་རྣམས་སུ། ཧ་ཡ་ར་ཝ་ལ། ལག་པ་གཡས་པའི་མཐེ་བོང་ལ་སོགས་པའི་སྟེང་གི་ཚིགས་རྣམས་སུ། ལཱ་ཝཱ་རཱ་ཡཱ་ཧཱ། དབུས་ཀྱི་ཚིགས་རྣམས་སུ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། རྩ་བའི་ཚིགས་རྣམས་སུ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ། ལག་པ་གཉིས་ཀ་སྦྱར་བའི་དབུས་སུ་ཧཱུཾ་གི་ཡི་གེ་མཐོན་མཐིང༌། ཟླ་བ་ཉི་མ་སྒྲ་གཅན་གྱི་ས་བོན་དེ་དག་ལས་གྲུབ་པའི་


TNT02_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་རྡོ་རྗེ་རྩེ་ལྔ་པར་གྱུར། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གཙུག་ཏོར་ནས་བརྩམས་ཏེ་ལུས་ཐམས་ཅད་ལ་རེག་ཅིང༌། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ[རྒྱལ་བ་རིགས་དྲུག་གི་ས་བོན་]ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏེ་[སྐུ་གསུང་ཐུགས་ཡེ་ཤེས་ཀྱི་མངའ་བདག་] བཛྲ་ཀཱ་ཡ། མ་མ་ཀཱ་ཡ་ཝཱཀ་ཙིཏྟ་[རྡོ་རྗེའི་སྐུས་བདག་གི་ལུས་ངག་སེམས་]ཛྙཱ་ན་བཛྲཾ་བཛྲ་ཀཱ་ཡ་སྭ་བྷཱ་ཝཾ་ཀུ་རུ་ཀུ་རུ་[ཡེ་ཤེས་རྡོ་རྗེ་རྡོ་རྗེའི་སྐུའི་རང་བཞིན་དུ་མཛོད་མཛོད།]སྭཱཧཱ། ཨོཾ་[དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སྐུའི་རང་བཞིན་ཅན་གྱི་]སརྦ་ཏ་ཐཱ་ག་ཏ་བཛྲ་ཀཱ་ཡ་སྭ་བྷཱ་ཝ་[བདག་ཉིད་ངའོ། །]ཨཱཏྨ་ཀོ྅ཧཾ། བཞི་པ་ཡན་ལག་དྲུག་འགོད་པ་ནི། ཐལ་མོ་སྦྱར་བའི་མཐེ་བོང་གཉིས་སྙིང་གར་རེག་ལ། ཨོཾ་ཧྲྀ་ད་ཡཱ་ཡ་ན་མཿ དཔྲལ་བར་རེག་ནས། ཨོཾ་ཧྲཱུཾ་སི་ར་སེ་སྭཱཧཱ། གཙུག་ཏོར་དུ་རེག་ནས། ཨོཾ་ཤི་ཁཱ་ཡཻ་བཽ་ཥཊ། ཡན་ལག་རྣམས་ལ་རེག་སྟེ། ཨོཾ་ཧྲཱིཾ་ཀ་བ་ཙ་ཡ་ཧཱུཾ། མིག་གཉིས་ལ་རེག་སྟེ། ཨོཾ་ཧྲཱཾ་ནཻ་ཏཱ་ཡ་ཝ་ཥཊ། གཡོན་པའི་མཐེབ་མཛུབ་ཕྱོགས་བཅུར་བརྡབས་ལ། ཨོཾ་ཧྲཱཿཨསྟྲཱ་ཡ་ཕཊ། ང་རྒྱལ་བཟུང་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་[དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་]ཧྲྀ་ད་ཡ་[སྙིང་ག་]སི་རཿ[མགོ་བོ་]ཤི་ཁཱ་[གཙུག་ཏོར་]ཀ་ཝ་ཙ་[གོ་ཆ་]ནཻ་ཏྲ [སྤྱན་]ཨསྟྲ་[མཚོན་ཆ་] བཛྲ་ཥཊ་ཨཾ་ག་[རྡོ་རྗེ་ཡན་ལག་དྲུག་]སྭ་བྷཱ་ཝ་


TNT02_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཏྨ་ཀོ྅ཧཾ། [རང་བཞིན་གྱི་བདག་ཉིད་ངའོ། །] ལྔ་པ་བདུད་ཚོགས་གཞོམ་པ་ལ་སྔོན་དུ་འགྲོ་བའི་གཏོར་མ་ནི། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཨོཾ་ཨོཾ་[རྡོ་རྗེ་ཟླ་བ་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཆོས་ཐམས་ཅད་རྣམ་པར་སྦྱོངས།]བཛྲ་ཙནྟྲ་སརྦ་དྷརྨ་སུ་བི་ཤུདྡྷ་སྭ་བྷཱ་ཝ་སརྦ་དྷརྨཱན་བི་ཤོ་དྷ་ཡ་སྭཱཧཱ། ཨོཾ་ཨཱཿ[རྡོ་རྗེ་ཉི་མ་ཆོས་ཐམས་ཅད་རབ་ཏུ་རྒྱས་པར་བྱེད་པ་ཆོས་ཐམས་ཅད་རབ་ཏུ་རྒྱས་པར་མཛོད།]བཛྲ་སཱུརྱ་སརྦ་དྷརྨ་པྲ་བོ་དྷ་ཀ་སརྦ་དྷརྨན་པྲ་བོ་དྷ་ཡ་སྭཱཧཱ། ཨོཾ་ཧཱུཾ་[རྡོ་རྗེ་མེ་ཆོས་ཐམས་ཅད་རབ་ཏུ་འབར་བར་བྱེད་པ་ཆོས་ཐམས་ཅད་རབ་ཏུ་འབར་བར་མཛོད།]བཛྲ་ཨ་ན་ལ་སརྦ་དྷརྨ་པྲ་དཱི་པ་ཀ་སརྦ་དྷརྨཱན་པྲ་དཱི་པ་ཡ་སྭཱཧཱ། ཨོཾ་ཧོཿ[ཆོས་ཐམས་ཅད་རྡོ་རྗེ་བདུད་རྩིར་བྱེད་པ་ཆོས་ཐམས་ཅད་རྡོ་རྗེ་བདུད་རྩིར་མཛོད་མཛོད།] སརྦ་དྷརྨ་བཛྲ་ཨ་མྲྀ་ཏ་ཀ་ར་སརྦ་དྷརྨཱན་བཛྲ་ཨ་མྲྀ་ཏཾ་ཀུ་རུ་ཀུ་རུ་སྭཱཧཱ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅས་ཏེ། ཨོཾ་ཨཱཿཧཱུཾ།[རྡོ་རྗེ་གསུམ་གྱི་ས་བོན་ནོ། །]ཡུལ་གྱི་བདག་པོ། ས་པ་རི་ཝཱ་རཱ་ཡ།[འཁོར་དང་བཅས་པ་ལ་] ཨི་དཾ་བ་ལིཾ། [འདི་གཏོར་མ་] གནྡྷཾ།[དྲི་ཆབ་]པུཥྤཾ།[མེ་ཏོག་]དྷཱུ་པཾ།[བདུག་སྤོས་]པྲ་དཱི་པཾ། [སྒྲོན་མེ་] ཨཀྵ་ཏཾ།[མ་ཉམས་འབྲས་བུ་] ད་དཱ་མ་ཧེ། [བདག་གིས་སྦྱིན་གྱིས་]ས་པ་རི་ཝཱ་རཿ[འཁོར་དང་བཅས་པ་]ཤཱྀ་གྷྲཾ།[མྱུར་དུ་]


TNT02_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་གཙྪ་ཏུ། [འབྱོན་པར་མཛོད།]ཛཿཧཱུཾ་བཾ་ཧོཿ[དགུག་གཞུགས་བཅིང་མཉེས་བྱེད་པའི་ས་བོན་ནོ། །] ཨི་དཾ་བ་ལིཾ།[འདི་གཏོར་མ་] གྲྀནྷ་ཏུ།[བཟུང་བར་མཛོད་]ཁཱ་ད་ཏུ།[གསོལ་བར་མཛོད་] པི་ཝ་ཏུ།[བཏུང་བ་མཛོད་] ས་པ་རི་ཝཱ་ར་ཀཿ[འཁོར་བཅས་རྣམས་ཀྱིས་]སརྦ་སཏྭཱ་ནཱཾ།[སེམས་ཅན་རྣམས་ལ་]ཤནྟིཾ།[ཞི་བ་]པུཥྟིཾ།[རྒྱས་པ་] རཀྵ་[བསྲུང་བ་] ཨཱ་ཝ་ར་ཎ། [བསྐྱབ་པ་] གུཔྟིཾ། [སྦ་བ་]ཀ་རོ་ཏུ། [མཛད་དུ་གསོལ།]ཨི་དཾ་སྠཱ་ནཾ། [འདི་གནས་]ཏྱཀྟྭཱ། [དོར་ནས་]བཱ་ཧྱ་མཎྜལ་[ཕྱི་རོལ་དཀྱིལ་འཁོར་གྱི་]བྷཱུ་མྱཱཾ་[ས་གཞི་ལ་]ཏིཥྛ་ཏུ་ཧཱུཾ་ཧཱུཾ་ཕཊ། [གནས་པར་མཛོད།] བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱཧཱ། [རྡོ་རྗེ་འཆང་གི་བཀའ་བཞིན་མཛད་དུ་གསོལ།] ཁྱིའི་ཕྱག་རྒྱ་བཅས་ལ། [རྡོ་རྗེ་གསུམ་གྱི་ས་བོན།] ཨོཾ་ཨཱཿཧཱུཾ། གྲོང་གི་བདག་པོ། ཨཱ་གཙྪ་ཨཱ་གཙྪ།[བྱོན་བྱོན་] ཤཱི་གྷྲཾ།[མྱུར་དུ་] ཨི་དཾ།[འདི་] བ་ལིཾ།[གཏོར་མ་] གྲྀཧྣ་གྲྀཧྣ།[བཟུང་ཞིང་བཟུང་ནས་] བྷུཀྟྭཱ། [གསོལ་ཞིང་]པཱི་ཏྭཱ་[འཐུངས་ཏེ་]ཏྲིཔྟིཾ་[ཚིམ་པར་]ཀྲི་ཏྭཱ་[བྱས་ནས་]སརྦ་[ཐམས་ཅད་]སཏྭཱ་ནཱཾ།[སེམས་ཅན་རྣམས་ལ་] ཤཱནྟིཾ།[ཞི་བའི་] ཙིཏྟཾ།[སེམས་སུ་] ཀྲི་ཏྭཱ།[བྱས་ནས་] ཨ་པ་ར་སྠཱ་ནཾ།[གཞན་གྱི་གནས་སུ་]གཙྪ་གཙྪ་[སོང་སོང་]སྭཱཧཱ། གཉིས་པ་དངོས་ནི། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དཀར་པོ་ལས་


TNT02_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྩེ་མོ་བཅུ་བདུན་པ་དང༌། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿ དམར་པོ་ལས་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པ་དང༌། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་ནག་པོ་ལས་རྡོ་རྗེ་རྩེ་མོ་དགུ་པ་དང༌། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོཿསེར་པོ་ལས་རྡོ་རྗེ་རྩེ་མོ་དྲུག་ཅུ་རྩ་ལྔ་པ་དང༌། གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཧཾ་ལྗང་ཁུ་ལས་རྡོ་རྗེ་རྩེ་མོ་ལྔ་པ་དང༌། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵཿ}ོན་པོ་ལས་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པ་རྣམས་སུ་གྱུར། དེ་བཞིན་དུ། གཡོན་གྱི་ཕྲག་པ་དང་མཐེའུ་ཆུང་ལ་སོགས་པའི་རྩ་བའི་ཚིགས་རྣམས་སུ་ང་ངི་ངུ་ངཾ༌། གྷ་གྷི་གྷྲྀ་གྷུ་གྷླྀ་གྷཾ། ག་གི་གྀར་གུ་གླྀ་གཾ ཁ་ཁི་ཁུ་ཁླྀ་ཁཾ། ཀ་ཀི་ཀུ་ཀླྀ་ཀཾ་རྣམས་དང༌། གཡས་པའི་ཕྲག་པ་དང་མཐེ་བོང་ལ་སོགས་པའི་རྩ་བའི་ཚིགས་རྣམས་སུ། །ཀྐཱཿ ཀྐཱི་ཀྐཱ། ཁྑཱཿ ཁྑཱུ་ཁྑཱི་ཁྑཱ། གྒཱཿ གྒཱུ་གྒཱི་གྒཱ། གྷྒྷཱཿ གྷྒྷཱུ་གྷྒྷཱི་གྷྒྷཱ། རྣམས་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་རྩེ་མོ་སུམ་ཅུ་རྩ་གཅིག་པ་དང༌། རྩེ་མོ་བདུན་པ་རྣམས་སུ་གྱུར། དེ་བཞིན་དུ་སྦྱར་ཏེ་གཡོན་གྱི་གྲུ་མོ་དང་མཐེའུ་


TNT02_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ལ་སོགས་པའི་དབུས་ཀྱི་ཚིགས་རྣམས་སུ། ཉ་ཛྷ་ཛ་ཚ་ཙ་རྣམས་དང༌། གཡས་ཀྱི་གྲུ་མོ་དང་མཐེ་བོང་ལ་སོགས་པའི་དབུས་ཀྱི་ཚིགས་རྣམས་སུ། ཙཱ་ཚཱ་ཛཱ་ཛྷཱ་ཉཱ་རྣམས་ལས་བྱུང་བའི་རྡོ་རྗེ་ནག་པོ་རྩེ་མོ་སུམ་ཅུ་རྩ་གཅིག་པ་དང་རྩེ་མོ་བདུན་པ་རྣམས་སུ་གྱུར། གཡོན་གྱི་འཁྲིག་མ་དང་མཐེའུ་ཆུང་ལ་སོགས་པའི་སྟེང་གི་ཚིགས་རྣམས་སུ་ཎ་ཌྷ་ཌ་ཋ་ཊ་རྣམས་དང༌། གཡས་ཀྱི་འཁྲིག་མ་དང་མཐེ་བོང་ལ་སོགས་པའི་སྟེང་གི་ཚིགས་རྣམས་སུ། ཊཱ་ཋཱ་ཌཱ་ཌྷཱ་ཎཱ་རྣམས་ལས་བྱུང་བའི་རྡོ་རྗེ་དམར་པོ་རྩེ་མོ་སུམ་ཅུ་རྩ་གཅིག་པ་དང་རྩེ་མོ་བདུན་པ་རྣམས་སུ་གྱུར། རྐང་པ་གཡོན་གྱི་དཔྱི་དང་མཐེའུ་ཆུང་ལ་སོགས་པའི་རྩ་བའི་ཚིགས་རྣམས་སུ། མ་བྷ་བ་ཕ་པ་རྣམས་དང༌། རྐང་པ་གཡས་ཀྱི་དཔྱི་དང་མཐེ་བོང་ལ་སོགས་པའི་རྩ་བའི་ཚིགས་རྣམས་སུ་པཱ་ཕཱ་བཱ་བྷཱ་མཱ་རྣམས་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་མོ་སུམ་ཅུ་རྩ་གཅིག་པ་དང་རྩེ་མོ་བདུན་པ་རྣམས་སུ་གྱུར། གཡོན་གྱི་པུས་མོ་དང་མཐེའུ་ཆུང་ལ་སོགས་པའི་དབུས་ཀྱི་ཚིགས་རྣམས་སུ་ན་དྷ་ད་ཐ་ཏ་རྣམས་དང༌། གཡས་ཀྱི་པུས་མོ་དང་མཐེ་བོང་ལ་སོགས་པའི་དབུས་ཀྱི་


TNT02_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་རྣམས་སུ་ཏཱ་ཐཱ་དཱ་དྷཱ་ནཱ་རྣམས་ལས་བྱུང་བའི་རྡོ་རྗེ་སེར་པོ་རྩེ་མོ་སུམ་ཅུ་རྩ་གཅིག་པ་དང་རྩེ་མོ་བདུན་པ་རྣམས་སུ་གྱུར། གཡོན་གྱི་ལོང་བུ་དང་མཐེའུ་ཆུང་ལ་སོགས་པའི་སྟེང་གི་ཚིགས་རྣམས་སུ། ྈྐ་ཤ་ཥ་ྉྤ་ས་རྣམས་དང༌། གཡས་ཀྱི་ལོང་བུ་དང་མཐེ་བོང་ལ་སོགས་པའི་སྟེང་གི་ཚིགས་རྣམས་སུ་སཱ་ཥཱ་ཤཱ་རྣམས་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་མོ་སུམ་ཅུ་རྩ་གཅིག་པ་དང་རྩེ་མོ་བདུན་པ་རྣམས་སུ་གྱུར། གཡོན་དང་གཡས་ཀྱི་རྣ་བ་དག་ལ་ཨ་ཨཱ་ལྗང་ཁུ། སྣ་དག་ལ་ཨེ་ཨཻ་ནག་པོ། མིག་དག་ལ་ཨར་ཨཱར་དམར་པོ། ལྕེ་དང་ལྕེའུ་ཆུང་དག་ལ་ཨོ་ཨཽ་དཀར་པོ། རྡོ་རྗེ་དང་གསང་བདག་ལ་ཨལ་ཨཱལ་སེར་པོ། ཡིད་དང་ཁུ་བའི་རྩ་དག་ལ་ཨཾ་ཨཱཿསྔོན་པོ་རྣམས་ལས་བྱུང་བའི་རྡོ་རྗེ་རྩེ་མོ་གསུམ་པ་རྣམས་དང༌། གཙུག་ཏོར་དང་མགོ་བོར་ཧ་ཧཱ་ལྗང་ཁུ། ལྕེ་དང་རྐན་དག་ལ་ཡ་ཡཱ་ནག་པོ། གཡོན་དང་གཡས་ཀྱི་ལག་མཐིལ་དག་ལ་ར་རཱ་དམར་པོ། རྐང་མཐིལ་དག་ལ་ཝ་ཝཱ་དཀར་པོ། བཤང་ལམ་གྱི་གཡོན་དང་གཡས་སུ་ལ་ལཱ་སེར་པོ་རྣམས་ལས་བྱུང་བའི་རྡོ་རྗེ་རྩེ་མོ་ལྔ་པ་རྣམས་སུ་གྱུར། དེ་ལྟར་བདག་ཉིད་རྡོ་རྗེའི་སྐུར་གྱུར་ནས་དེ་ཉིད་ལས་འཕྲོས་པའི་རྡོ་རྗེའི་མེ་དཔུང་


TNT02_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དང་འོག་ཏུ་ལྗང་ཁུ་དང་སྔོན་པོ། ཤར་དང་མེར་ནག་པོ། ལྷོ་དང་བདེན་བྲལ་དུ་དམར་པོ། བྱང་དང་དབང་ལྡན་དུ་དཀར་པོ། ནུབ་དང་རླུང་དུ་སེར་པོ་འབར་ཞིང་རབ་ཏུ་འབར་བའི་རྡོ་རྗེ་རྣམས་ཀྱིས་སེམས་ཅན་རྣམས་ལ་རྣམ་པར་འཚེ་བར་བྱེད་པའི་བདུད་ཀྱི་ཚོགས་ཕྱོགས་བཅུ་ན་གནས་པ་མཐའ་དག་ངེས་པར་བསྲེགས་ནས་བདེ་བ་ཆེན་པོ་ལ་བཀོད་པར་གྱུར། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཧྲཱཿཧྲཱཿཧྲཱཿཧྲཱཿ ར་ར་ར་ར། བཛྲ་ཨ་ན་ལ།[རྡོ་རྗེ་མེ་] སརྦ་ཨཱ་པ་ར་ཎ་དྷརྨཱ་པྲ་ལ་ཡ་སྭ་བྷཱ་ཝ།[སྒྲིབ་པའི་ཆོས་ཐམས་ཅད་ཉམས་པ་རང་བཞིན་] སརྦ་མཱ་ར་ཀཱ་ཡི་ཀ [ཐམས་ཅད་བདུད་ཀྱི་རིས་དང་]བིགྷྣཱན་བི་ནཱ་ཡ་ཀ་ཨཱ་དཱི་ནཱཾ།[བགེགས་དང་ལོག་འདྲེན་ལ་སོགས་པ] ད་ཤ་དིཀ་ག་ཏཱ་ནཱཾ།[ཕྱོགས་བཅུར་གནས་པ་རྣམས་ཀྱི་] ཀཱ་ཡ་[ལུས་དང་]ཝཱཀ་[ངག་དང་]ཙིཏྟ་ནི།[སེམས་རྣམས་] ད་ཧ་ད་ཧ། [སྲེགས་སྲེགས་]པ་ཙ་པ་ཙ།[ཚོས་ཚོས་]བྷསྨཱི་ཀུ་རུ་ཀུ་རུ་[ཐལ་བར་མཛོད་མཛོད།]ཧུཾ་ཧཱུཾ་ཕཊ། ཅེས་ལན་གསུམ་སོགས་དྲག་ཏུ་འདོད་ནོ། །དྲུག་པ་བསྲུང་བའི་འཁོར་ལོ་སྒོམ་པ་ནི། ཧཾ་ལས་བྱུང་བའི་ནམ་མཁའི་རང་བཞིན་ཆོས་འབྱུང་གྲུ་གསུམ་གྱི་སྟེང་དུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་དབུས་སུ་གཞུའི་རྣམ་པ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་


TNT02_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དམར་པོ་དབུས་སུ་གྲུ་གསུམ་གྱི་རྣམ་པ་བཀྲ་ཤིས་ཀྱིས་མཚན་པ། དེའི་སྟེང་དུ་ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་དབུས་སུ་ཟླུམ་པོའི་རྣམ་པ་པདྨས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་དབུས་སུ་གྲུ་བཞིའི་རྣམ་པ་རྡོ་རྗེས་མཚན་པ། དེ་ཐམས་ཅད་ཀྱི་སྟེང་དང་འོག་ཏུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཁ་སྦྱར་བས་མཚན་པར་གྱུར། ཨོཾ་ཧཱཾ་ཡཱཾ་རཱཾ་ཝཱཾ་ལཱཾ་[འབྱུང་བ་ལྔའི་ས་བོན་]བཛྲ་ཨཱ་ཀཱ་ཤ་བཱ་ཡུ་ཏེ་ཛ་[རྡོ་རྗེ་ནམ་མཁའ་རླུང་མེ་]ཨུ་ད་ཀ་[ཆུ་]པྲྀ་ཐི་བཱི། [ས་]བཛྲ་སྭ་བྷཱ་ཝ།[རྡོ་རྗེ་རང་བཞིན་]པཉྩ་དྷཱ་ཏ་བོ། [ཁམས་ལྔ་] བཛྲ་མཎྜ་ལཱ་ནི་ཀུ་རུ་ཀུ་རུ་[རྡོ་རྗེའི་དཀྱིལ་འཁོར་རྣམས་མཛོད་མཛོད།]སྭཱཧཱ། དཀྱིལ་འཁོར་བཞི་པོ་གཅིག་ཏུ་འདྲེས་པར་གྱུར་པ་ལས། རྡོ་རྗེའི་རྭ་བ་རྣམས་དང༌། རྡོ་རྗེའི་ཁང་པ་བརྩེགས་པ་ལ་སོགས་པ་ཡོངས་སུ་གྲུབ་པར་གྱུར། ཨོཾ་ཨཱཿཧཱུཾ་རཿ[རྡོ་རྗེ་བཞིའི་ས་བོན།]བཛྲ་ཙནྡྲ་སཱུརྱ་རཱ་ཧུ་ཀཱ་ལ་ཨགྣ་ཡཿ[རྡོ་རྗེ་ཟླ་བ་ཉི་མ་སྒྲ་གཅན་དུས་མེ་རྣམས་]ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲ་པྲཱ་ཀཱ་རཱན་ཀུ་རུ་ཀུ་རུ་[སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྭ་བ་རྣམས་མཛོད་མཛོད།] སྭཱཧཱ། ས་དང་ནམ་མཁའ་འབྱར་བར་སྣང་བའི་མཚམས་སུ་རྡོ་རྗེའི་རང་བཞིན་གྱི་རྭ་བ་གསུམ་དང༌། ཡུལ་འཁོར་བསྲུང་བའི་དོན་དུ་ཡུལ་


TNT02_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་མཚམས་སུ་རྡོ་རྗེའི་རང་བཞིན་གྱི་རྭ་བ་ལྔ་སྟེ། ཐམས་ཅད་ཀྱང་སྟེང་དང་འོག་དང་ཕྱོགས་མཚམས་ཀུན་ཏུ་ཟླུམ་པོའི་རྣམ་པར་གྱུར་པའི་དབུས་སུ་རྭ་བ་ལྔའི་ཁྱོན་དང་མཉམ་པའི་རྡོ་རྗེའི་ས་གཞི་དང༌། རྭ་བ་རྣམས་ཀྱི་འོག་ཏུ་མདུང་དང༌། སྟེང་དུ་མདའི་དྲ་བ་རྣོན་པོ་རྣམས་སུ་གྱུར། ཨོཾ་ཧཱུཾ་[རྡོ་རྗེའི་ས་བོན་]བི་ཤྭ་ཀཱ་ཡ་བཛྲ་བཛྲ་ཀཱུ་ཊཱ་གཱ་རཾ་ཀུ་རུ་ཀུ་རུ་[སྣ་ཚོགས་སྐུ་རྡོ་རྗེ་རྡོ་རྗེའི་ཁང་པ་བརྩེགས་པར་མཛོད་མཛོད།]སྭཱཧཱ། རྭ་བའི་དབུས་སུ་རྡོ་རྗེའི་ས་གཞི་ལ་སྐུ་གསུང་ཐུགས་རྣམ་པར་དག་པ་རྡོ་རྗེའི་ཁང་པ་གསུམ་བརྩེགས་པ་ཁྲུ་ཉིས་བརྒྱ་པ། དབུས་སུ་འཁོར་ལོ་རྩིབས་བཅུ་པ་དང་བཅས་པའོ། །ཨོཾ་[པདྨའི་ས་བོན་]པཾ་བི་ཤྭ་བཛྲ་པདྨཾ་ཀུ་རུ་ཀུ་རུ་[སྣ་ཚོགས་རྡོ་རྗེ་པདྨའི་གདན་མཛོད་མཛོད།]སྭཱཧཱ། ཁང་པ་བརྩེགས་པ་བར་མའི་དབུས་སུ་འཁོར་ལོ་རྩིབས་བཅུ་པའི་རྩིབས་བརྒྱད་ཁང་བརྩེགས་བར་མའི་ནང་དང༌། སྟེང་འོག་གི་རྩིབས་གཉིས་སྟེང་འོག་གི་ཁང་པ་བརྩེགས་པའི་ནང་དུ་སོན་ཞིང༌། དབུས་ཀྱི་ལྟེ་བའི་ནང་དུ་ཁྲུ་བཅུ་གཉིས་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པའོ། །ཨོཾ་རཿ[ཉི་མའི་ས་བོན་] བཛྲ་སཱུརྱ་བཛྲ་སཱུརྱ་ཨཱ་ས་ནཾ་ཀུ་རུ་ཀུ་རུ་[རྡོ་རྗེ་ཉི་མ་རྡོ་རྗེ་ཉི་མའི་གདན་རྣམས་མཛོད་མཛོད།]སྭཱཧཱ། པདྨའི་ལྟེ་བ་ཁྲུ་བཞི་པའི་


TNT02_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་དེ་དང་མཉམ་པའི་ཉི་མའི་གདན་དང༌། ཉི་མའི་དཀྱིལ་འཁོར་ཀྱི་སྟེང་དུ་ཧཱུཾ་ལས་བདག་ཉིད་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་སྐུ་མདོག་ནག་པོ་དུས་མཐའི་སྤྲིན་དང་མཚུངས་ཤིང༌། ཞལ་བཞི་པ། ཕྲག་པ་དྲུག་པ། དཔུང་པ་བཅུ་གཉིས་པ། ཕྱག་གི་པདྨ་ཉི་ཤུ་རྩ་བཞི་པ། ལྷག་པའི་ཕྱག་གཉིས་ཏེ་ཕྱག་ཉི་ཤུ་རྩ་དྲུག་དང་ལྡན་པ། ཞབས་གཡས་དམར་པོ་བརྐྱང་ཞིང༌། གཡོན་པ་དཀར་པོ་བསྐུམ་པས་བདུད་དང༌། ཉོན་མོངས་པ་དང༌། ཡི་དྭགས་ཀྱི་གདན་ལ་རྣམ་པར་གནས་པ། གཡས་དང་གཡོན་དང་དབུས་ཀྱི་མགྲིན་པ་དམར་པོ་དང༌། དཀར་པོ་དང༌། ནག་པོའི་མདོག་ཅན། མདུན་ཞལ་ནག་པོ། གཡས་ཞལ་དམར་པོ། གཡོན་ཞལ་དཀར་པོ། རྒྱབ་ཞལ་སེར་པོ། ཞལ་ཐམས་ཅད་མཆེ་བ་གཙིགས་པ། རབ་ཏུ་ཁྲོས་ཤིང་འཇིགས་སུ་རུང་བ་ཅན། སྤྱན་དམར་པོ་གསུམ་གསུམ་དང་ལྡན་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་བསྐྱོད་པས་དབུ་བརྒྱན་པའོ། །གཡས་དང་གཡོན་གྱི་ཕྲག་པ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ། དཔུང་པ་གཉིས་ནག་པོ། གཉིས་དམར་པོ། གཉིས་དཀར་པོ། ཕྱག་ངར་བཞི་ནག་པོ། བཞི་དམར་པོ། བཞི་དཀར་པོ།


TNT02_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སོར་གདུབ་རྣམས་ཀྱིས་སྤྲས་པའི་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེའུ་ཆུང་ལྗང་ཁུ། ཕྱག་གི་མཐིལ་ནས་བརྩམས་ཏེ། ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོའོ། །སྐུ་ལ་རྡོ་རྗེའམ་རུས་པའི་ཕྱག་རྒྱ་ལྔའམ་དྲུག་དང་ལྡན་པ། དབུ་ལ་རྡོ་རྗེའི་དར་དཔྱངས་ཀྱི་སྟེང་དུ་རྡོ་རྗེའི་ཟླ་བ་ཕྱེད་པ་དང༌། རྐེད་པར་སྟག་གི་པགས་པའི་ཤམ་ཐབས་ཅན། ཕྲག་པར་བདུད་རིགས་བརྒྱའི་མགོ་བོའི་འཕྲེང་བ་འཕྱང་བ། སྤྱི་བོར་ཐོད་པ་ལྔའི་འཕྲེང་བས་བརྒྱན་པའོ། །ཨོཾ་ཧཾ་ཧཿ བཱ་མ་དཀྵི་ཎ་ཀརྞ་ཡོར་བཛྲ་ཀུནྜ་ལེ་ཧུཾ་ཧཱུཾ་ཕཊ་ཕཊ། [གཡོན་དང་གཡས་ཀྱི་རྣ་བ་དག་ལ་རྡོ་རྗེའི་རྣ་རྒྱན་དུ་མཛོད་མཛོད།] ཨོཾ་ཨཾ་ཨཿ ཀ་ཊྱཱཾ་ཀནྛེ་བཛྲ་མེ་ཁ་ལཱ་བཛྲ་ཀནྛི་ཀེ་ཧུཾ་ཧཱུཾ་ཕཊ་ཕཊ།[རྐེད་པ་དང་མགྲིན་པ་ལ་རྡོ་རྗེའི་འོག་པག་དང་རྡོ་རྗེའི་མགུལ་རྒྱན་དུ་མཛོད་མཛོད།] ཨོཾ་ཨ་ཨཱཿ བཱ་མ་དཀྵི་ཎ་ཀ་ར་ཡོར་བཛྲ་རུ་ཙ་ཀཽ་ཧུཾ་ཧཱུཾ་ཕཊ་ཕཊ།[གཡོན་པ་དང་གཡས་པའི་ལག་པ་དག་ལ་རྡོའི་ལག་གདུབ་ཏུ་མཛོད་མཛོད།] ཨོཾ་ཧ་ཧཱ། བཱ་མ་དཀྵི་ཎ་པཱ་ད་ཡོར་བཛྲ་ནཱུ་པུ་རེ་ཧུཾ་ཧཱུཾ་ཕཊ་ཕཊ། [གཡོན་པ་དང་གཡས་པའི་རྐང་པ་དག་ལ་རྡོ་རྗེའི་རྐང་གདུབ་ཏུ་


TNT02_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་མཛོད།] ཨོཾ་ཧཾ་བཾ། པཉྩ་ཨཱ་ཀཱ་ར་མཧཱ་ཤཱུ་ནྱ་སྭ་བྷཱ་ཝ་[སྟོང་པ་ཆེན་པོ་རྣམ་པ་ལྔའི་རང་བཞིན་]བཛྲ་ཤི་རོ་མ་ཎི་ཤི་ར་སི་[རྡོ་རྗེ་སྤྱི་བོ་ལ་ནོར་བུ་སྤྱི་བོ་དང་]སརྦ་ཨཾ་གེ་བྷསྨི་ཧུཾ་ཧཱུཾ་ཕཊ་ཕཊ།[ཡན་ལག་ཐམས་ཅད་ལ་ཐལ་བ་མཛོད་མཛོད།] ཨོཾ་ཨཾ། ཨཱརྡྷ་ནཱ་རཱི་ཤྭ་ར་[ཕྱེད་པ་མ་མོའི་དབང་ཕྱུག་]བཛྲ་ཨརྡྷ་ཙནྡྲ་བཛྲ་པཊྚ་ཨཱུརྡྷེ་ཧུཾ་ཧཱུཾ་ཕཊ་ཕཊ། [རྡོ་རྗེ་ཕྱེད་པའི་ཟླ་བ་རྡོ་རྗེའི་དར་དཔྱངས་ཀྱི་སྟེང་དུ་མཛོད་མཛོད། ཡང་ན་རུས་པའི་རྒྱན་དྲུག་གོ།] ཨོཾ་ཨ་ཨཱཿཨཾ། སརྦ་སྭ་ར་ཨེ་ཀ་ཏྲི་[དབྱངས་ཐམས་ཅད་གཅིག་པ་]སྭ་ར་སྭ་བྷཱ་ཝ་བཛྲ་ཡཛྙོ་པ་བཱི་ཏ་སྐནྡྷེ་ཧུཾ་ཧཱུཾ་ཕཊ་ཕཊ།[དབྱངས་གསུམ་གྱི་རང་བཞིན་རྡོ་རྗེའི་མཆོད་ཕྱིར་ཐོགས་ཕྲག་པར་མཛོད་མཛོད། ཕྱག་རྒྱ་དྲུག་དགོད་པའོ། །] ཨོཾ་ཀྵཿ དུར་དཱནྟ་ཨ་བྷི་མཱ་ན་ཀྵ་ཡཾ་ཀ་ར་[གདུལ་དཀའ་བ་མངོན་པའི་ང་རྒྱལ་ཟད་པར་བྱས་པ་]བྱཱགྷྲ་ཙརྨ་ཀ་ཊཽ་ཧུཾ་ཧཱུཾ་ཕཊ་ཕཊ།[སྟག་གི་པགས་པ་རྐེད་པར་མཛོད་མཛོད།] ཨོཾ་ཧཾ་ཀྵཿ ཏྲིཾིཾ་ཤཏ་[སུམ་ཅུ་]སྭ་ར་[དབྱངས་]སཔྟ་ཏི་[བདུན་ཅུ་]ཧྲ་སྭ་[ཐུང་ངུ་]དཱིརྒྷ་[རིང་པོ་]བྱཉྫ་ན་སྭ་བྷཱ་ཝ[གསལ་བྱེད་ཀྱི་རང་བཞིན་]དཻ་ཏྱ་ཀུ་ལ་ཤ་ཏ་སི་རོ་བྷྀི་ར་མུཎྜ་མཱ་ལེ་སྐནྡྷ་ཨ་ཝ་ལཾ་བི་ནི་སྐནྡྷཻ་ཧུཾ་ཧཱུཾ་ཕཊ་ཕཊ།[ལྷ་མིན་རིགས་བརྒྱའི་མགོ་བོ་རྣམས་ཀྱི་མགོ་ཕྲེང་ཕྲག་པར་འཕྱང་བ་ཕྲག་པས་མཛོད་མཛོད།] ཨོཾ་ཧ་ཧི་ཧུ་ཧླྀ། པཉྩ་སྐནྡྷ་བི་ཤུད་དྷ་སྭ་བྷཱ་བ་ཤི་ར་སི་[ཕུང་པོ་ལྔ་རྣམ་པར་དག་པའི་རང་བཞིན་སྤྱི་བོར་]


TNT02_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་པཱ་ལ་མཱ་ལེ་ཧུཾ་ཧཱུཾ་ཕཊ་ཕཊ།[ཐོད་པའི་ཕྲེང་བ་མཛོད་མཛོད།] གཡས་ཀྱི་ཕྱག་བཅུ་གཉིས་རྣམས་ན། ཁྲོ་བོའི་རྡོ་རྗེ། རལ་གྲི །རྩེ་གསུམ། གྲི་གུག མདའ། ལྕགས་ཀྱུ། ཌཱ་མ་རུ། ཐོ་བ། འཁོར་ལོ། མདུང༌། དབྱུག་པ། དགྲ་སྟྭ་རྣམས་སོ། །གཡོན་གྱི་ཕྱག་བཅུ་གཉིས་རྣམས་ན། རྡོ་རྗེའི་དྲིལ་བུ། ཕུབ། ཁ་ཊྭཱཾ་ག ཐོད་པ། གཞུ། ཞགས་པ། རིན་པོ་ཆེ། པདྨ། དུང༌། མེ་ལོང༌། ལྕགས་སྒྲོག ཚངས་པའི་མགོ་བོ་གདོང་བཞི་པ་རྣམས་སོ། །ཕྱག་དང་པོ་གཉིས་ཐུགས་ཀར་བསྣོལ་ཞིང༌། ལྷག་པའི་ཕྱག་གཉིས་ཀྱི་གཡས་པ་ནག་པོ་དང༌། གཡོན་པ་སེར་པོས་སྡིགས་མཛུབ་དང་བཅས་ཏེ་གླང་པོ་ཆེའི་པགས་པ་རློན་པ་ཁྲག་དང་བཅས་པ་མགོ་བོ་གཡས་སུ་བསྟན་པའི་རྐང་ལག་གཉིས་ནས་བཟུང་ཏེ་གྱོན་ཞིང༌། བདུད་ཀྱི་མགོ་བོ་དང་ཁྲག་གིས་གང་བའི་ཐོད་པ་བསྣམས་པའོ། །ཨོཾ་[གཡས་ཀྱི་ཕྱག་མཚན་བཅུ་གཉིས་ཀྱི་ས་བོན་]ཀྲོ་དྷ་བཛྲ་ཧུཾ་ཕཊ།[ཁྲོ་བོའི་རྡོ་རྗེར་མཛོད།] ཨོཾ་བཛྲ་ཁཌ་ག་ཧུཾ་ཕཊ།[རྡོ་རྗེའི་རལ་གྲིར་མཛོད།] ཨོཾ་བཛྲ་ཏྲི་ཤཱུ་ལ་ཧུཾ་ཕཊ། [རྡོ་རྗེའི་རྩེ་གསུམ་དུ་མཛོད།] ཨོཾ་བཛྲ་ཀརྟ་རི་ཧུཾ་ཕཊ།[རྡོ་རྗེའི་གྲི་གུག་ཏུ་མཛོད།] ཨོཾ་བཛྲ་པཱ་ཎ་ཧུཾ་ཕཊ།[རྡོ་རྗེའི་མདའ་རུ་མཛོད།] ཨོཾ་བཛྲ་ཨཾ་ཀུ་ཤ་ཧུཾ་ཕཊ།[རྡོ་རྗེའི་ལྕགས་ཀྱུར་


TNT02_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད།] ཨོཾ་བཛྲ་ཌ་མ་རུ་ཀ་ཧུཾ་ཕཊ།[རྡོ་རྗེའི་ཅང་ཏེའུར་མཛོད།] ཨོཾ་བཛྲ་མུད་ཀ་ར་ཧུཾ་ཕཊ།[རྡོ་རྗེའི་ཐོ་བར་མཛོད།] ཨོཾ་བཛྲ་ཙཀྲ་ཧུཾ་ཕཊ། [རྡོ་རྗེའི་འཁོར་ལོར་མཛོད།]ཨོཾ་བཛྲ་ཀུན་ཏ་ཧུཾ་ཕཊ།[རྡོ་རྗེའི་མདུང་དུ་མཛོད།] ཨོཾ་བཛྲ་དཎ་ཌ་ཧུཾ་ཕཊ།[རྡོ་རྗེའི་དབྱུག་པར་མཛོད།] ཨོཾ་བཛྲ་པར་ཤུ་ཧུཾ་ཕཊ།[རྡོ་རྗེའི་དགྲ་སྟྭར་མཛོད།] ཨོཾ་ཧྭཱཾ་[ས་བོན་]བཛྲ་གྷཎྜེ་ཧོཿཕྲེཾ་ཕཊ།[རྡོ་རྗེའི་དྲིལ་བུར་མཛོད།] ཨོཾ་ཧྭཱཾ་བཛྲ་ཁེ་ཊ་ཀ་ཧོཿཕྲེཾ་ཕཊ།[རྡོ་རྗེའི་ཕུབ་ཏུ་མཛོད།] ཨོཾ་ཧྭཱཾ་བཛྲ་ཁ་ཊྭཾ་ག་ཧོཿཕྲེཾ་ཕཊ།[རྡོ་རྗེའི་ཁ་ཊྭཱཾ་གར་མཛོད།] ཨོཾ་ཧྭཱཾ་བཛྲ་ཀ་པཱ་ལ་ཧོཿཕྲེཾ་ཕཊ།[རྡོ་རྗེའི་ཐོད་པར་མཛོད།]ཨོཾ་ཧྭཱཾ་བཛྲ་ཙཱ་པ་ཧོཿཕྲེཾ་ཕཊ།[རྡོ་རྗེའི་གཞུ་རུ་མཛོད།] ཨོཾ་ཧྭཱཾ་བཛྲ་པཱ་ཤ་ཧོཿཕྲེཾ་ཕཊ།[རྡོ་རྗེའི་ཞགས་པར་མཛོད།]ཨོཾ་ཧྭཱཾ་བཛྲ་རཏྣ་ཧོཿཕྲེཾ་ཕཊ།[རྡོ་རྗེ་རིན་པོ་ཆེར་མཛོད།]ཨོཾ་ཧྭཱཾ་བཛྲ་པདྨ་ཧོཿཕྲེཾ་ཕཊ།[རྡོ་རྗེའི་པདྨར་མཛོད།] ཨོཾ་ཧྭཱཾ་བཛྲ་ཤཾ་ཁ་ཧོཿཕྲཻཾ་ཕཊ།[རྡོ་རྗེའི་དུང་དུ་མཛོད།] ཨོཾ་ཧྭཱཾ་བཛྲ་ཨཱ་དར་ཤ་ཧོཿཕྲེཾ་ཕཊ།[རྡོ་རྗེའི་མེ་ལོང་དུ་མཛོད།] ཨོཾ་ཧྭཱཾ་བཛྲ་ཤྲིཾ་ཁ་ལེ་ཧོཿཕྲེཾ་ཕཊ།[རྡོ་རྗེ་ལྕགས་སྒྲོག་ཏུ་མཛོད།] ཨོཾ་ཧྭཱཾ་ཙ་ཏུར་བེ་ད་མུ་ཁ་སྭ་བྷཱ་ཝ་བྲཧྨ་ཤི་རཾ་ཧོཿཕྲེཾ་ཕཊ།[རིགས་བཞིའི་རང་


TNT02_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་གདོང་ཅན་ཚངས་པའི་མགོ་བོར་མཛོད།] ཨོཾ་ཀྵ་ཀྵཱ་ཀྵི་ཀྵཱི་ཀྵུ་ཀྴཱུ་ཀྵླྀ་ཀྵླཱྀ་ཀྵཾ་ཀྵཿ ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧླྀ་ཧླཱྀ་ཧཾ་ཧཿ སརྦ་བིགྷྣ་བི་དཱ་རི་ཏ་ག་ཛ་ཙར་མ་པ་ཌ་ཨར་ཏྲ་རཀྟ་ཤྲ་ཝ་ཏ་ཧུཾ་ཕྲེཾ། [བགེགས་ཐམས་ཅད་རྣམ་པར་བཅོམ་པའི་གླང་པོ་ཆེ་བསད་པའི་ཀོ་བ་རློན་པ་ཁྲག་འཛག་པར་མཛོད།]ཀླུའི་དབང་པོ་རྒྱལ་བ་རལ་པའི་ཅོད་པན་ལ་བཅིངས་ཤིང༌། རྣམ་པར་རྒྱལ་བ་དར་དཔྱངས་ལ་བཅིངས་པས་གནས་པ། སྟོབས་ཀྱི་རྒྱུ་དང་པདྨ་རྣ་རྒྱན་ལ་གནས་པ། ནོར་རྒྱས་དང་དུང་སྐྱོང་ཕྱག་གདུབ་ལ་གནས་པ། མཐའ་ཡས་དང་རིགས་ལྡན་འོག་པག་དང་མགུལ་རྒྱན་ལ་གནས་པ། འཇོག་པོ་དང་པདྨ་ཆེན་པོ་ཞབས་གདུབ་ལ་གནས་པའོ། །ཨོཾ་ཧུཾ་བཛྲ་ཛ་ཡ་ནཱ་ག་ཨིནྡྲ་བཛྲ་ཛ་ཊཱ་མུ་ཀུ་ཊ་བན་དྷེ་ཏིཥྛ་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ།[རྡོ་རྗེ་རྒྱལ་བ་ཀླུའི་དབང་པོ་རྡོ་རྗེ་རལ་པའི་ཅོད་ཅན་ལ་བཅིངས་པ་གནས་པར་གྱིས་གནས་པར་གྱིས།] ཨོཾ་ཀྵཱུཾ་བཛྲ་བི་ཛ་ཡ་ནཱ་ག་ཨིནྡྲ་བཛྲ་པཊྚ་བན་དྷེ་ཏིཥྛ་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ། [རྡོ་རྗེ་རྣམ་རྒྱལ་བ་ཀླུའི་དབང་པོ་རྡོ་རྗེ་དར་དཔྱངས་ལ་འཆིངས་པ་གནས་པར་གྱིས་གནས་པར་གྱིས།]ཨོཾ་ཧྻཾ་ཧྻཱཾ་བཛྲ་ཀ་ར་ཀོ་ཊ་ཀ་བཛྲ་པདྨཽ་བཱ་མ་དཀྵི་ཎ་ཀུན་ཌ་ལ་ཡོཿཏིཥྛ་ཏིཥྛ་ཧུཾཾ་ཧཱུཾ་ཕཊ་ཕཊ།[རྡོ་རྗེ་སྟོབས་ཀྱི་རྒྱུ་དང་རྡོ་རྗེ་པདྨ་དག་


TNT02_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དང་གཡས་ཀྱི་རྣ་རྒྱན་དག་ལ་གནས་པར་གྱིས་གནས་པར་གྱིས།]ཨོཾ་བཛྲ་བཱ་སུ་ཀི་ཤཾ་ཁ་པཱ་ལཽ་བཱ་མ་དཀྵི་ཎ་རུ་ཙ་ཀ་ཡོཿཏིཥྛ་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ།[རྡོ་རྗེ་ནོར་རྒྱས་དང་དུང་སྐྱོང་དག་གཡོན་དང་གཡས་གྱི་ལག་གདུབ་དག་ལ་གནས་པར་གྱིས་གནས་པར་གྱིས།] ཨོཾ་ཧྭཾ་ཧྭཱཾ་བཛྲ་ཨ་ནན་ཏ་ཀུ་ལི་ཀཽ་མེ་ཁ་ལཱ་ཀཎ་ཋི་ཀ་ཡོཿཏིཥྛ་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ།[རྡོ་རྗེ་མཐའ་ཡས་དང་རིགས་ལྡན་དག་སྐེ་རགས་དང་མགུལ་རྒྱན་དག་ལ་གནས་པར་གྱིས་གནས་པར་གྱིས།] ཨོཾ་ཧླཾ་ཧླཱཾ་བཛྲ་ཏཀྵ་ཀ་མཧཱ་པདྨཽ་བཱ་མ་དཀྵི་ཎ་པཱ་ད་ནཱུ་པུ་ར་ཡོཿཏིཥྛ་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ།[རྡོ་རྗེ་འཇོག་པོ་དང་པདྨ་ཆེན་པོ་དག་གཡོན་དང་གཡས་ཀྱི་རྐང་གདུབ་དག་ལ་གནས་པར་གྱིས་གནས་པར་གྱིས།] དེ་ལྟར་བདག་ཉིད་ཁྲོ་བོའི་དབང་པོ་དུས་མཐའི་སྤྲིན་དང་མཚུངས་ཤིང༌། རབ་ཏུ་འཇིགས་པའི་སྐུར་གྱུར། ཨོཾ་ཧུཾ་[ཁྲོ་བོའི་ས་བོན་]ཀྲོ་དྷཱ་ཨིནྡྲོ྅ཧཾ་[ཁྲོ་བོའི་དབང་པོ་ང༌།]ཀྲོ་དྷཱ་ནཱཾ་ཨཱཛྙཱ་དཱ་ཡ་ཀ་[ཁྲོ་བོ་རྣམས་ལ་བཀའ་བསྒོ་པ་པོ་ང་ཡིན་ནོ། །]སྭཱཧཱ། དེ་ནས་ཁང་པ་བརྩེགས་པའི་སྟེང་དང་འོག་དང་ཁང་བརྩེགས་བར་མའི་རྭ་བ་ལ་ཉེ་བར་ཕྱོགས་དང་ཕྱོགས་བྲལ་གྱི་ཁྲོ་བོ་བཅུའི་གནས། འཁོར་ལོའི་རྩིབས་རྣམས་ཀྱི་ནང་དུ་རཿཡིག་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་རྣམས་སུ་གྱུར། བདག་ཉིད་


TNT02_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། བརྩེགས་པའི་རང་བཞིན་ཡི་གེའི་གོང་བུ་རྣམས་སུ་གྱུར། ཧ་ཧཱ་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་དང་སྔོན་པོ་དག་ཡོངས་སུ་གྱུར་པ་ལས། གཙུག་ཏོར་འཁོར་ལོས་བསྒྱུར་བ་དང་གནོད་མཛེས་རྒྱལ་པོ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་ལྗང་ཁུ་དང་སྔོན་པོ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ། གྲི་གུག དགྲ་སྟྭ། གཡོན་པ་གསུམ་གྱིས། རྡོ་རྗེའི་དྲིལ་བུ། ཐོད་པ། ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ་དག ཞལ་གྱི་གཙོ་བོའི་གཡོན་དང་གཡས་ཀྱི་རྣ་བ་དག་ནས་སྤྲོས་ཏེ། སྟེང་དུ་ཁང་པ་བརྩེགས་པའི་ནང་གི་རྩིབས་ཀྱི་ནང་དང༌། འོག་དང་རྡོ་རྗེ་ས་གཞི་ལ་རྩིབས་ཀྱི་ནང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའོ། །ཡི་ཡཱི་ལས་བྱུང་བའི་རལ་གྲི་ནག་པོ་དག་ཡོངས་སུ་གྱུར་པ་ལས། བགེགས་མཐར་བྱེད་དང་དབྱུག་སྔོན་ཅན་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་ནག་པོ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རལ་གྲི། གྲི་གུག རྩེ་གསུམ། གཡོན་པ་གསུམ་གྱིས་ཕུབ། ཐོད་པ། ཁ་ཊྭཱཾ་ག་


TNT02_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་འཛིན་པ་དག་གཡོན་དང་གཡས་ཀྱི་སྣ་བུག་ནས་སྤྲོས་ཏེ། ཤར་དང་མེའི་རྩིབས་སུ་གནས་པ་དང༌། ལས་བྱུང་བའི་རིན་པོ་ཆེ་དམར་པོ་དག་ཡོངས་སུ་གྱུར་པ་ལས། ཤེས་རབ་མཐར་བྱེད་དང་ཊཀྐི་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་དམར་པོ། གཡས་ཞལ་དཀར་ཞིང་གཡོན་ཞལ་ནག་པ། ཕྱག་གཡས་པ་གསུམ་གྱིས་མེའི་མདའ། རྡོ་རྗེའི་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌཱ་མ་རུ། གཡོན་པ་གསུམ་གྱིས་གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་པ་འོད་འཕྲོ་བ་འཛིན་པ་དག གཡོན་དང་གཡས་ཀྱི་མིག་དག་ནས་སྤྲོས་ཏེ། ལྷོ་དང་བདེན་བྲལ་གྱི་རྩིབས་སུ་གནས་པ་དང༌། ཝུ་ཝཱུ་ལས་འབྱུང་བའི་པདྨ་དཀར་པོ་དག་ཡོངས་སུ་གྱུར་པ་ལས། པདྨ་མཐར་བྱེད་དང་མི་གཡོ་བ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་དཀར་པོ། གཡས་ཞལ་ནག་ཅིང་གཡོན་ཞལ་དམར་བ། ཕྱག་གཡས་པ་གསུམ་གྱིས་ཐོ་བ། མདུང༌། རྩེ་གསུམ། གཡོན་པ་གསུམ་གྱིས་འདབ་མ་བརྒྱད་པའི་པདྨ་དཀར་པོ། མེ་ལོང༌། བགྲང་འཕྲེང་འཛིན་པ་དག ལྕེ་དང་ཆུ་ལམ་ནས་སྤྲོས་ཏེ། བྱང་དང་དབང་ལྡན་གྱི་རྩིབས་སུ་གནས་པ་དང༌། ལླྀ་ལླཱྀ་ལས་བྱུང་བའི་འཁོར་ལོ་སེར་པོ་


TNT02_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཡོངས་སུ་གྱུར་པ་ལས། གཤིན་རྗེ་མཐར་བྱེད་དང་སྟོབས་པོ་ཆེ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་སེར་པོ། གཡས་ཞལ་དཀར་ཞིང་གཡོན་ཞལ་ནག་པ། ཕྱག་གཡས་པ་གསུམ་གྱིས་འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་པ་གསུམ་གྱིས་དུང༌། རྡོ་རྗེའི་ལྕགས་སྒྲོག སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ་དག བཤང་ལམ་དང་གཙུག་ཏོར་ནས་སྤྲོས་ཏེ། ནུབ་དང་རླུང་གི་རྩིབས་སུ་གནས་པ་སྟེ། ཐམས་ཅད་ཀྱང་ཉི་མའི་དཀྱིལ་འཁོར་ལ་གཡས་བརྐྱང་གིས་གནས་ཤིང༌། ཕྱག་རྒྱ་ལྔས་བརྒྱན་པ། ཁྲོ་བོའི་དབང་པོ་ལྟ་བུ་སྟེ། ཁང་བརྩེགས་ཀྱི་ནང་བསྲུང་ཞིང་སྐྱོང་བར་མཛད་པའོ། །སླར་ཡང་བདག་ཉིད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། བརྩེགས་པའི་རང་བཞིན་ཡི་གེའི་གོང་བུ་རྣམས་སུ་གྱུར། ང་ངཱ་ལས་བྱུང་བའི་ཟད་པར་སྟོང་པ་ལྗང་ཁུ་དང་སྔོན་པོ་གཉིས་ཞལ་གྱི་གཙོ་བོའི་དུ་ནམ་གཡོན་དང་གཡས་ཀྱི་རྣ་བ་དག་ནས་སྤྲོས་ཏེ། ཁང་པ་བརྩེགས་པའི་ཕྱི་རོལ་ཀྱི་སྟེང་མཁའི་དཀྱིལ་འཁོར་དང༌། གནོད་མཛེས་ཀྱི་འོག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་གནས་པའོ། །ཉི་ཉཱི་ལས་བྱུང་བའི་ཟད་པར་རླུང་ནག་པོ་གཉིས་གཡོན་དང་གཡས་ཀྱི་


TNT02_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་བུག་དག་ནས་སྤྲོས་ཏེ། ཤར་དང་མེར་གནས་པ་དང༌། ལས་བྱུང་བའི་ཟད་པར་མེ་དམར་པོ་གཉིས་གཡོན་དང་གཡས་ཀྱི་མིག་དག་ནས་སྤྲོས་ཏེ། ལྷོ་དང་བདེན་བྲལ་དུ་གནས་པ་དང༌། མུ་མཱུ་ལས་བྱུང་བའི་ཟད་པར་ཆུ་དཀར་པོ་གཉིས་ལྕེ་དང་ཆུ་ལམ་ནས་སྤྲོས་ཏེ། བྱང་དང་དབང་ལྡན་དུ་གནས་པ་དང༌། ནླྀ་ནླཱྀ་ལས་བྱུང་བའི་ཟད་པར་ས་སེར་པོ་གཉིས་བཤང་ལམ་དང་གཙུག་ཏོར་ནས་སྤྲོས་ཏེ། ནུབ་དང་རླུང་དུ་གནས་པ་སྟེ། ཐམས་ཅད་ཀྱང་རང་རང་གི་འབྱུང་བའི་དཀྱིལ་འཁོར་ལ་མཉམ་བཞག་གི་ཕྱག་རྒྱས་གནས་པ། ཁང་པ་བརྩེགས་པའི་ཕྱི་རོལ་བསྲུང་ཞིང་སྐྱོང་བ་སྟེ། ཟད་པར་དང་ཁྲོ་བོ་ནམ་མཁའ་དང་ཡེ་ཤེས་ཡང་དག་པར་སྦྱོར་བས་སེམས་ཀྱི་ཁམས་བསྲུང་བར་མཛད་པའོ། །སླར་ཡང་བདག་ཉིད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བརྩེགས་པའི་རང་བཞིན་ཡི་གེའི་གོང་བུ་རྣམས་སུ་གྱུར། གྷ་གྷཱ་ལས་བྱུང་བའི་ཚངས་པ་དང་ཁྱབ་འཇུག་གཉིས་ཞལ་གྱི་གཙོ་བོའི་གཡོན་དང་གཡས་ཀྱི་རྣ་བ་དག་ནས་སྤྲོས་ཏེ། རྭ་བ་གསུམ་པའི་ནང་གི་ཚད་ཀྱི་སྟེང་དང་འོག་ཏུ་གནས་པར་གྱུར། ཛྷི་ཛྷཱི་ལས་བྱུང་བའི་བདེན་བྲལ་དང་རླུང་ལྷ་གཉིས་གཡོན་དང་གཡས་ཀྱི་སྣ་བུག་ནས་སྤྲོས་ཏེ། ཤར་དང་མེར་གནས་པ་


TNT02_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ད་དང་། ཌྷཱི་དྷྲཱི་ལས་བྱུང་བའི་གཤིན་རྗེ་དང་མེ་ལྷ་གཉིས་གཡོན་དང་གཡས་ཀྱི་མིག་དག་ནས་སྤྲོས་ཏེ། ལྷོ་དང་བདེན་བྲལ་དུ་གནས་པ་དང༌། བྷུ་བྷཱུ་ལས་བྱུང་བའི་རྒྱ་མཚོ་དང་བདེ་བྱེད་གཉིས་ལྕེ་དང་ཆུ་ལམ་ནས་སྤྲོས་ཏེ། བྱང་དང་དབང་ལྡན་དུ་གནས་པ་དང༌། ལས་བྱུང་བའི་དབང་པོ་དང་གནོད་སྦྱིན་གཉིས་བཤང་ལམ་དང་གཙུག་ཏོར་ནས་སྤྲོས་ཏེ། ནུབ་དང་རླུང་དུ་གནས་པ་སྟེ། དེ་དག་ཀྱང༌། ངང་པ་ལ་གནས་ཚངས་པ་ལྗང་ཁུ་རིག་བྱེད་ཞལ། །ཕྱག་བཞི་ཁབ་དང་བགྲང་འཕྲེང་པདྨ་སྤྱི་བླུགས་འཛིན། །མཁའ་ལྡིང་ལ་གནས་ཁྱབ་འཇུག་སྔོན་པོ་རྒྱ་མཚོའི་ཕྱག །འཁོར་ལོ་དབྱུག་ཐོ་པདྨ་སྐྱེ་ལྔའི་དུང་གི་མཚན། །ཡི་དྭགས་ལ་གནས་བདེན་བྲལ་མིག་སྨན་ལྟ་བུའི་མདོག །ཕྱག་བཞི་རལ་གྲི་གྲི་གུག་ཕུབ་དང་ཐོད་པས་བརྒྱན། །རི་དྭགས་ལ་གནས་རླུང་ལྷ་ནག་པོ་ཕྱག་བཞི་ཡིས། །དཔག་བསམ་ཡོངས་འདུའི་མེ་ཏོག་ནོར་བུ་ཨུཏྤལ་འཛིན། །མ་ཧེ་ལ་གནས་གཤིན་རྗེ་ཤིན་ཏུ་དམར་བའི་མདང༌། །ཕྱག་བཞི་དབྱུག་པ་རལ་གྲི་ལྕགས་སྒྲོག་ཞགས་པས་བརྒྱན། ལུག་ལ་ཉེར་གནས་མེ་ལྷ་དམར་པོ་རིག་བྱེད་ཕྱག །ཤཀྟི་དབྱུག་པ་ཆུ་སྐྱེས་སྤྱི་བླུགས་


TNT02_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མས་སྤྲས། །ཆུ་སྲིན་ལ་གནས་རྒྱ་མཚོ་དཀར་པོ་ཕྱག་བཞི་པ། །ཞགས་པ་རིན་ཆེན་སྦྲུལ་ཞགས་ཟླ་བ་ཆུ་ཤེལ་འཛིན། །ཁྱུ་མཆོག་ལ་གནས་བདེ་བྱེད་དཀར་པོ་དུས་ཀྱི་ཕྱག །རྩེ་གསུམ་མདའ་དང་སྦྲུལ་ལྡན་ཁ་ཊྭཱཾ་གཞུ་ཡིས་མཚན། །གླང་ཆེན་ལ་གནས་དབང་པོ་གསེར་མདོག་རིག་བྱེད་ཕྱག །རྡོ་རྗེ་མེ་མདའ་རྡོ་རྗེ་དྲིལ་བུ་གཞུ་ཡིས་མཚན། །འཁོར་ལོས་དྲངས་པའི་ཁང་བརྩེགས་ལ་གནས་གནོད་སྦྱིན་སེར། །ཕྱག་བཞི་ནོར་བུ་བེ་ཅོན་ནེའུ་ལེ་པདྨའོ། །དེ་ལྟར་ཕྱོགས་སྐྱོང་བཅུ་ནི་རྭ་བ་གསུམ་པའི་ནང་བསྲུང་ཞིང་སྐྱོང་བར་མཛད་པའོ། །སླར་ཡང་བདག་ཉིད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། བརྩེགས་པའི་རང་བཞིན་ཡི་གེའི་གོང་བུ་རྣམས་སུ་གྱུར། ག་གཱ་ལས་བྱུང་བའི་སྒྲ་གཅན་དང་དུས་མེ་ལྗང་ཁུ་དང་སྔོན་པོ་གཉིས་ཞལ་གྱི་གཙོ་བོའི་གཡོན་དང་གཡས་ཀྱི་རྣ་བ་དག་ནས་སྤྲོས་ཏེ། རྭ་བ་གསུམ་པའི་ཕྱི་རོལ་ཀྱི་སྟེང་དུ་ནམ་མཁའི་དཀྱིལ་འཁོར་དང༌། འོག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་གནས་པའོ། །ཛི་ཛཱི་ལས་བྱུང་བའི་ཉི་མ་དང་ཟླ་བ་ནག་པོ་གཉིས་གཡོན་དང་གཡས་ཀྱི་སྣ་བུག་དག་ནས་སྤྲོས་ཏེ། ཤར་དང་མེར་གནས་པ་དང༌། ཌྼི་ཌྼཱི་ལས་བྱུང་བའི་གཟའ་ལྷག་དང་


TNT02_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་དམར་པོ་གཉིས་གཡོན་དང་གཡས་ཀྱི་མིག་དག་ནས་སྤྲོས་ཏེ། ལྷོ་དང་བདེན་བྲལ་དུ་གནས་པ་དང༌། བུ་བཱུ་ལས་བྱུང་བའི་པ་སངས་དང་ཕུར་བུ་དཀར་པོ་གཉིས་ལྕེ་དང་ཆུ་ལམ་ནས་སྤྲོས་ཏེ། བྱང་དང་དབང་ལྡན་དུ་གནས་པ་དང༌། ལས་བྱུང་བའི་མཇུག་རིང་དང་སྤེན་པ་སེར་པོ་གཉིས་བཤང་ལམ་དང་གཙུག་ཏོར་ནས་སྤྲོས་ཏེ། ནུབ་དང་རླུང་དུ་གནས་པ་སྟེ། དེ་དག་ཀྱང༌། སྒྲ་གཅན་དུས་མེ་དག་ནི་ལག་གཉིས་ཉི་ཟླ་འཛིན། །རྟ་བདུན་ཉི་དཀྱིལ་བསིལ་ཟེར་ཟླ་བ་ཕྱེད་པ་སྟེ། །གཟའ་ལྷག་མདའ་གཞུ་མིག་དམར་ཆུ་གྲི་མི་མགོ་བསྣམས། །དཀར་པོ་བླ་མ་བགྲང་འཕྲེང་སྤྱི་བླུགས་མཇུག་རིང་ནི། །རལ་གྲི་སྦྲུལ་ཞགས་སྤེན་པ་དབྱུག་ཏོ་ཁུ་ཚུར་བརྟེན། །ཐམས་ཅད་ཀྱང་རང་རང་གི་འབྱུང་བའི་དཀྱིལ་འཁོར་ལ་གནས་པ། རྭ་བ་གསུམ་པའི་ཕྱི་རོལ་བསྲུང་ཞིང་སྐྱོང་བ་སྟེ། གཟའ་དང་ཕྱོགས་སྐྱོང་མེ་དང་རླུང་ཡང་དག་པར་སྦྱོར་བས་ངག་གི་ཁམས་བསྲུང་བར་མཛད་པའོ། །སླར་ཡང་བདག་ཉིད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་དུ། བརྩེགས་པའི་རང་བཞིན་ཡི་གེའི་གོང་བུ་རྣམས་སུ་གྱུར། ཁ་ཁཱ་ལས་བྱུང་བའི་རྒྱལ་བ་དང་རྣམ་པར་


TNT02_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ལྗང་ཁུ་དང་སྔོན་པོ་གཉིས། ཞལ་གྱི་གཙོ་བོའི་གཡོན་དང་གཡས་ཀྱི་རྣ་བ་དག་ནས་སྤྲོས་ཏེ། རྭ་བ་ལྔ་པའི་ནང་གི་སྟེང་དུ་ནམ་མཁའི་དཀྱིལ་འཁོར་དང༌། འོག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་གནས་པའོ། །ཚི་ཚཱི་ལས་བྱུང་བའི་སྟོབས་ཀྱི་རྒྱུ་དང་པདྨ་ནག་པོ་གཉིས་གཡོན་དང་གཡས་ཀྱི་སྣ་བུག་དག་ནས་སྤྲོས་ཏེ། ཤར་དང་མེར་གནས་པ་དང༌། ལས་བྱུང་བའི་ནོར་རྒྱས་དང་དུང་སྐྱོང་དམར་པོ་གཉིས་གཡོན་དང་གཡས་ཀྱི་མིག་དག་ནས་སྤྲོས་ཏེ། ལྷོ་དང་བདེན་བྲལ་དུ་གནས་པ་དང༌། ཕུ་ཕཱུ་ལས་བྱུང་བའི་མཐའ་ཡས་དང་རིགས་ལྡན་དཀར་པོ་གཉིས་ལྕེ་དང་ཆུ་ལམ་ནས་སྤྲོས་ཏེ། བྱང་དང་དབང་ལྡན་དུ་གནས་པ་དང༌། ལས་བྱུང་བའི་འཇོག་པོ་དང་པདྨ་ཆེན་པོ་སེར་པོ་གཉིས་བཤང་ལམ་དང་གཙུག་ཏོར་ནས་སྤྲོས་ཏེ། ནུབ་དང་རླུང་དུ་གནས་པ་སྟེ། ཐམས་ཅད་རང་རང་གི་འབྱུང་བའི་དཀྱིལ་འཁོར་ལ་རྡོ་རྗེའི་གདན་གྱིས་གནས་ཤིང༌། རིན་པོ་ཆེས་བརྒྱན་པ། ཞལ་གཅིག་པ་སྤྱན་གསུམ་པ། ཕྱག་བཞིའི་གཡས་གཉིས་ཀྱིས་བདུད་རྩིའི་བུམ་པ་དང་རྡོ་རྗེ། གཡོན་གཉིས་ཀྱིས་པདྨ་དང་རིན་པོ་ཆེ་འཛིན་པ། རྭ་བ་ལྔ་པའི་ནང་བསྲུང་ཞིང་སྐྱོང་བར་མཛད་པའོ། །སླར་ཡང་བདག་ཉིད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་


TNT02_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་སྟེང་དུ། བརྩེགས་པའི་རང་བཞིན་ཡི་གེའི་གོང་བུ་རྣམས་སུ་གྱུར། ཀ་ཀཱ་ལས་བྱུང་བའི་རོ་ལངས་དང་གྲུལ་བུམ་ལྗང་ཁུ་དང་སྔོན་པོ་གཉིས། ཞལ་གྱི་གཙོ་བོའི་གཡོན་དང་གཡས་ཀྱི་རྣ་བ་དག་ནས་སྤྲོས་ཏེ། རྭ་བ་ལྔ་པའི་ཕྱི་རོལ་ཀྱི་སྟེང་དུ་ནམ་མཁའི་དཀྱིལ་འཁོར་དང༌། འོག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་གནས་པའོ། །ཙི་ཙཱི་ལས་བྱུང་བའི་མི་འམ་ཅི་ཁྱིའི་གདོང་པ་ཅན་དང༌། སྐྱེས་བུ་འམ་ཅི་བྱ་རོག་གི་གདོང་པ་ཅན་ནག་པོ་གཉིས། གཡོན་དང་གཡས་ཀྱི་སྣ་བུག་དག་ནས་སྤྲོས་ཏེ། ཤར་དང་མེར་གནས་པ་དང༌། ལས་བྱུང་བའི་དྲི་ཟ་ཕག་གི་གདོང་པ་ཅན་དང༌། འབྱུང་པོ་བྱ་རྒོད་ཀྱི་གདོང་པ་ཅན་དམར་པོ་གཉིས། གཡོན་དང་གཡས་ཀྱི་མིག་དག་ནས་སྤྲོས་ཏེ། ལྷོ་དང་བདེན་བྲལ་དུ་གནས་པ་དང༌། པུ་པཱུ་ལས་བྱུང་བའི་སྲིན་པོ་སྟག་གི་གདོང་པ་ཅན་དང༌། ཡི་དྭགས་འུག་པའི་གདོང་པ་ཅན་དཀར་པོ་གཉིས་ལྕེ་དང་ཆུ་ལམ་ནས་སྤྲོས་ཏེ། བྱང་དང་དབང་ལྡན་དུ་གནས་པ་དང༌། ལས་བྱུང་བའི་བརྗེད་བྱེད་ལྕེ་སྤྱང་གི་གདོང་པ་ཅན་དང༌། ནམ་མཁའ་ལྡིང་སེར་པོ་གཉིས་བཤང་ལམ་དང་གཙུག་ཏོར་ནས་སྤྲོས་ཏེ། ནུབ་དང་རླུང་དུ་གནས་པ་སྟེ། ཐམས་ཅད་རང་རང་གི་འབྱུང་བའི་དཀྱིལ་འཁོར་ལ་ཟླུམ་པོའི་སྟབས་ཀྱི་གནས་


TNT02_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། མགོ་བོའི་འཕྲེང་བ་མགུལ་དུ་འཕྱང་བ། ཞལ་གཅིག་པ། སྤྱན་གསུམ་པ། ཕྱག་གཉིས་ཀྱིས་གཡས་གྲི་གུག་དང༌། གཡོན་ཐོད་པ་འཛིན་པ། རྭ་བ་ལྔ་པའི་ཕྱི་རོལ་བསྲུང་ཞིང་སྐྱོང་བ་སྟེ། ཀླུ་དང་འབྱུང་པོ་ཆུ་དང་ས་ཡང་དག་པར་སྦྱོར་བས་ལུས་ཀྱི་ཁམས་བསྲུང་བར་མཛད་པའོ། །ང་རྒྱལ་བཟུང་བ་ནི། ཨོཾ་[དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྲུང་བའི་འཁོར་ལོའི་རང་བཞིན་གྱི་བདག་ཉིད་ངའོ། །]སརྦ་ཏ་ཐཱ་ག་ཏཱ་རཀྵཱ་ཙཀྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཁྲོ་བོ་རྣམས་ལ་བཀའ་བསྒོ་བ་ནི། ཨོཾ་ཧཾ་[རྡོ་རྗེའི་ཁྲོ་བོ་རྒྱལ་པོ་གཙུག་ཏོར་ཆེན་པོ་སྟེང་གི་ཕྱོགས་བསྲུང་བར་མཛོད་མཛོད།] བཛྲ་ཀྲོ་དྷ་རཱ་ཛ་མཧཱ་ཨུཥྞི་ཥ་ཨུར་དྷ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཡཾ་[རྡོ་རྗེའི་ཁྲོ་བོ་རྒྱལ་པོ་ཤིན་ཏུ་སྟོབས་ཐམས་ཅད་བགེགས་མཐར་བྱེད་པ་ཤར་ཕྱོགས་བསྲུང་བར་མཛོད་མཛོད།] བཛྲ་ཀྲོ་དྷ་རཱ་ཛ་ཨ་ཏི་བཱ་ལ་སརྦ་བིགྷྣ་ཨནྟ་ཀ་པཱུརྦ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་རཾཾ་[རྡོ་རྗེའི་ཁྲོ་བོ་རྒྱལ་པོ་རྨུགས་བྱེད་གདུག་པའི་ཤེས་རབ་མཐར་བྱེད་པ་ལྷོའི་ཕྱོགས་བསྲུང་བར་མཛོད་མཛོད།] བཛྲ་ཀྲོ་དྷ་རཱ་ཛ་ཛམྦྷ་ཀ་དུཥྟ་པྲཛྙཱ་ཨནྟ་ཀ་དཀྵཱི་ཎ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཝཾ་[རྡོ་རྗེའི་ཁྲོ་བོ་རྒྱལ་པོ་ང་རྒྱལ་རྣམ་པར་ཆགས་པའི་པདྨ་མཐར་བྱེད་པ་བྱང་ཕྱོགས་བསྲུང་བར་མཛོད་མཛོད།] བཛྲ་ཀྲོ་དྷ་རཱ་ཛ་མཱ་ན་ཀ་བི་རཱ་ག་པདྨ་ཨན་ཏ་ཀ་ཨུཏྟ་ར་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ལཾ་


TNT02_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

[རྡོ་རྗེའི་ཁྲོ་བོ་རྒྱལ་པོ་རེངས་བྱེད་གཤིན་རྗེ་མཐར་བྱེད་པ་ནུབ་ཕྱོགས་བསྲུང་བར་མཛོད་མཛོད།] བཛྲ་ཀྲོ་དྷ་རཱ་ཛ་སྟམྦྷ་ཀ་ཡ་མ་ཨནྟ་ཀ་པཥྩི་མ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ལཱཿ[རྡོ་རྗེའི་ཁྲོ་བོ་རྒྱལ་པོ་སྟོབས་པོ་ཆེན་པོ་རླུང་གི་ཕྱོགས་བསྲུང་བར་མཛོད་མཛོད།]བཛྲ་ཀྲོ་དྷ་རཱ་ཛ་མཧཱ་བ་ལ་བཱ་ཡ་བྱཱཾ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཝཱཿ[རྡོ་རྗེའི་ཁྲོ་བོ་རྒྱལ་པོ་མི་གཡོ་བ་དབང་ལྡན་གྱི་ཕྱོགས་བསྲུང་བར་མཛོད་མཛོད།] བཛྲ་ཀྲོ་དྷ་རཱ་ཛ་ཨ་ཙ་ལ་ཨཱི་ཤ་ན་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་རཱཿ[རྡོ་རྗེའི་ཁྲོ་བོ་རྒྱལ་པོ་འདོད་པ་བདེན་བྲལ་གྱི་ཕྱོགས་བསྲུང་བར་མཛོད་མཛོད།] བཛྲ་ཀྲོ་དྷ་རཱ་ཛ་ཊཀྐི་ནཻ་རྀ་ཏྱཱཾ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཡཱཿ[རྡོ་རྗེའི་ཁྲོ་བོ་རྒྱལ་པོ་དབྱུག་སྔོན་ཅན་མེའི་ཕྱོགས་བསྲུང་བར་མཛོད་མཛོད།] བཛྲ་ཀྲོ་དྷ་རཱ་ཛ་ནཱི་ལ་དཎ་ཌཱ་ཨགྣེ་ཡྻཱཾ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཧཱཿ[རྡོ་རྗེའི་ཁྲོ་བོ་རྒྱལ་པོ་གནོད་མཛེས་འོག་གི་ཕྱོགས་བསྲུང་བར་མཛོད་མཛོད།] བཛྲ་ཀྲོ་དྷ་རཱ་ཛ་སུམྦྷ་ཨ་དྷོ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། དེ་དག་གིས་ཀྱང་བགེགས་དང་ལོག་པར་འདྲེན་པ་རྣམས་རྡོ་རྗེ་ལྕགས་ཀྱུས་བཏབ་ཅིང་རྡོ་རྗེ་ཞགས་པས་བཅིངས་པ་རྣམས་ཀྱི་སྟེང་དུ། རྡོ་རྗེ་ཕུར་བུ་རྣོ་ཞིང་རབ་ཏུ་འབར་བ་སྟོད་ཁྲོ་བོའི་གཟུགས་ཅན་རྣམས་ཀྱིས་བཏབ་པར་འགྱུར། ཕུར་བུ་བསྒྲིལ་བའི་སྔགས་ནི། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ།


TNT02_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཀཱི་ལ།[རྡོ་རྗེའི་ཕུར་བུུ་] ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏི་ཥཌ་མུ་ཁ།[སྐུ་གསུང་ཐུགས་ཡེ་ཤེས་ཀྱི་མངའ་བདག་ཞལ་དྲུག་པ་] ཥཌ་བྷུ་ཛ། [ཕྱག་དྲུག་པ་] ཥཌ་ཙ་ར་ཎ། [ཞབས་དྲུག་པ་] སརྦ་བིགྷྣ་བི་ནཱ་ཡ་ཀ ཨཱ་དི་དུཥྟཱ་ནཱཾ།[ཐམས་ཅད་པ་གེགས་དང་ལོག་འདྲེན་ལ་སོགས་པ་གདུག་པ་རྣམས་ཀྱི་] ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ནཱ་ནི།[ལུས་ངག་སེམས་ཡེ་ཤེས་རྣམས་ལ་] ཀཱིའ་ལ་ཡ་ཀཱི་ལ་ཡ་ཧུཾ་ཧཱུཾ་ཕཊ་ཕཊ། [ཕུར་བུས་ཐོབས་ཕུར་བུས་ཐོབས།] ཕུར་བུ་འདེབས་པའི་སྔགས་ནི། ཨོཾ་ལླྀཿ བཛྲ་མུད་ག་ར་མཱ་ར་ཨཱ་དཱི་ནཱཾ།[རྡོ་རྗེ་ཐོ་བས་བདུད་ལ་སོགས་པ་རྣམས་ཀྱི་] སི་ར་སི་[མགོ་བོ་]ཀནྛེ་[མགྲིན་པ་]ཧྲི་ད་ཡེ་[སྙིང་ག་]ནཱ་བྷཽ་[ལྟེ་བ་]གུ་ཧྱེ། ཨནྟེ་བཛྲ་ཀཱི་ལ་ཀཱན། [གསང་བའི་མཐར་ཐུག་པ་རྡོ་རྗེ་ཕུར་བུ་] ཨཱ་ཀོ་ཊ་ཡ།[རྡུངས་] ཨཱ་ཀོ་ཊ་ཡ།[རྡུངས།] ཀྵཾ་ཀྵཱཾ་ཀྵིཾ་ཀྵཱིཾ་ཀྵུཾ་ཀྵཱུཾ་ཀྵླྀཾ་ཀྵླཱྀཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། རྡོ་རྗེའི་ཐོ་བས་བརྡུངས་ཏེ་བགེགས་ཀྱི་ཚོགས་རྣམས་བདེ་བ་ཆེན་པོར་རོ་གཅིག་པའི་དེ་བཞིན་ཉིད་རྣམ་པར་དག་པར་གྱུར་ཞིང༌། ལྷག་མ་རྣམས་ཀྱང་རིང་དུ་བྲོས་པར་གྱུར། སྐབས་འདིར་ལོང་སྐབས་ཡོད་ཅིང་སྤྲོ་ན། རྐང་པ་བཅུ་དྲུག་པ་དང་བདུན་ཅུ་རྩ་གཉིས་པའི་བཟླས་པ་ཡང་བྱེད་པར་གསུངས་པ་ལྟར་ཡིན་ལ། འོན་ཀྱང་


TNT02_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་དངོས་གཞིའི་བཟླས་པར་བྱེད་པ་གཙོ་ཆེ་བས། ཕྱག་ལེན་ལ་སྐབས་འདིར་མི་མཛད་དོ། །འདིར་གཏོར་མ་འབུལ་ན། གཏོར་མ་ཆུ་ཆང་ནང་མཆོད་ཀྱིས་སྦྱངས་ལ། གོང་དུ་བཤད་པའི་སྔགས་ཀྱིས་སྦྱངས། སྤེལ། སྦར། བདུད་རྩིར་བྱས་ནས། རྡོ་རྗེའི་ཕྱག་རྒྱས་སྤྱན་དྲང་བ་ནི། ཨོཾ་ཨཱཿཧཱུཾ་ཧོཿ བཛྲ་བྷཻ་ར་ཝ་བྷཱི་ཀ་རཱ་ཡ། ས་པ་རི་ཝཱ་རེ་བྷྱཿ[འཁོར་དང་བཅས་པ་རྣམས་ལ་] རྡོ་རྗེའི་ཕྱག་རྒྱས་འབུལ་བ་ནི། ཨི་དཾ།[འདི་] བ་ལིཾ།[གཏོར་མ་] གནྡྷཾ།[དྲི་] པུཥྤཾ།[མེ་ཏོག་] ངྷཱུ་པཾ།[བདུག་སྤོས་] དཱི་པཾ།[སྒྲོན་མེ་] ཨཀྵ་ཏཾ།[མ་ཉམས་པ་] ད་དཱ་མ་ཧེ།[བདག་འབུལ་གྱིས་] ཏེ་ཙ་ཨཱ་ག་ཏྱ།[དེ་རྣམས་ཀྱང་བྱོན་ནས་]ས་པ་རི་ཝཱ་རཿ[འཁོར་དང་བཅས་པ་རྣམས་] ཤཱི་གྷྲཾ།[མྱུར་དུུ་] ཨི་དཾ།[འདི་] བ་ལིཾ།[གཏོར་མ་] གྲྀཧྣནྟུ།[བཟུང་བར་མཛོད་] ཁཱ་དནྟུ།[གསོལ་བར་མཛོད་] པི་བནྟུ།[བཏུང་བར་མཛོད།] ཛཿཧཱུཾ་བཾ་ཧོཿ[དེ་ནི་དགུག་གཞུག་བཅིང་མཉེས་ས་བོན་] སཾ་ཏྲིབ་ཏཱཿ[ཡང་དག་པར་མཉེས་པ་རྣམས་] སརྦ་སཏྭ་ནཱཾ།[སེམས་ཅན་ཐམས་ཅད་ཀྱི་] ཤནྟིཾ།[ཞི་བ་] པུཥྟིཾ།[རྒྱས་པ་] རཀྵ།[བསྲུང་བ་] ཨཱ་ཝ་ར་ཎ།[བསྐྱབ་པ་] གུཔྟཾ། [སྦ་བ་] ཀུརྦནྟུ་[མཛད་དུ་གསོལ།] ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར།[རྡོ་རྗེ་འཆང་གི་] ཨཱཛྙཱ་པ་ཡ་ཏི་སྭཱཧཱ། [བཀའ་བཞིན་མཛོད།]


TNT02_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧུཾ་ཧོཿ [རྡོ་རྗེའི་བཞིའི་ས་བོན་] ཨུཥྞི་ཥ། [གཙུག་ཏོར་] སུམ་བྷ་ནི་སུམ་བྷ།[གནོད་མཛེས་ངེས་པར་གནོད་མཛེས་] བིགྷྣ་ཨནྟ་ཀ [བགེགས་མཐར་བྱེད་] ནཱི་ལ་དཱཎྜ།[དབྱུག་པ་སྔོན་པོ་] པྲཛྙཱ་ཨནྟ་ཀ [ཤེས་རབ་མཐར་བྱེད་] ཊཀྐི་རཱ་ཛ།[འདོད་པའི་རྒྱལ་པོ་] པདྨ་ཨནྟ་ཀ[པདྨ་མཐར་བྱེད་] ཨ་ཙ་ལ།[མི་གཡོ་བ་] ཡ་མ་ཨནྟ་ཀ [གཤིན་རྗེ་མཐར་བྱེད་] མཧཱ་བ་ལེ་བྷྱཿ[སྟོབས་པོ་ཆེ་རྣམས།] གྲི་གུག་གི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧུཾ་ཧོཿ ཨཱ་ཀ་ཤཱ།[ནམ་མཁའ་] བ་ཡུ་[རླུང་] ཏེ་ཛ་[མེ་] ཨུུ་ད་ཀ [ཆུུ་] པྲི་ཐི་ཝཱི།[ས་] སཱའ་དྷི་ཏེ་བྷྱཿ[གྲུབ་པ་རྣམས།] རལ་གྲིའི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུཾ་ཧོཿ པྲཧྨ།[ཚངས་པ་] བིཥྞུ།[ཁྱབ་འཇུག་]ནཻ་རྀ་ཏྱ།[བདེན་བྲལ་] བཱ་ཡུ།[རླུང་] ཡ་མ།[གཤིན་རྗེ་] ཨགྣི།[མེ་] ས་མུ་ཏྲ[རྒྱ་མཚོ་] ཨཱི་ཤྭ་ར།[དབང་ཕྱུག་] ཨིནྡྲ།[དབང་པོ་] ཡཀྵེ་བྷྱཿ [གནོད་སྦྱིན་རྣམས།] རིན་པོ་ཆེའི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧུཾ་ཧོཿ རཱ་ཧུ།[སྒྲ་གཅན་] ཀཱ་ལ་ཨགྣི།[དུས་མེ་] ཙནྡྲ།[ཟླ་བ་] སཱུརྱ།[ཉི་མ་] བུ་དྷ།[གཟའ་ལག་]མངྒ་ལ།[བཀྲ་ཤིས་] ཤུ་ཀྲ།[པ་སངས་]བྲྀ་ཧས་པ་ཏི།[ཕུར་བུ་]ཀེ་དུ།[མཇུག་རིང་]ཤ་ནི་བྷྱཿ[སྤེན་པ་རྣམས།]


TNT02_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་ཕྱག་རྒྱ་བཅས་ལ། ཨོཾ་ཨཱཿཧུཾ་ཧོཿ ཛ་ཡ།[རྒྱལ་བ་] བི་ཛ་ཡ།[རྣམ་པར་རྒྱལ་བ་] པདྨ། [པདྨ་] ཀརྐོ་ཊ་ཀ [སྟོབས་ཀྱི་རྒྱུ་] བ་སུ་ཀི[ནོར་རྒྱས་] ཤཾ་ཁ་པཱ་ལ།[དུང་སྐྱོང་]ཀུ་ལི་ཀ[རིགས་ལྡན་] ཨ་ནནྟ་[མཐའ་ཡས་] ཏཀྵ་ཀ་[འཇོག་པོ་] མཧཱ་པདྨ་བྷྱཿ[པདྨ་ཆེན་པོ་རྣམས།] འཁོར་ལོའི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུཾ་ཧོཿ བེ་ཏཱ་ཌ། [རོ་ལངས་] བི་ཀྲྀཏ་མུ་ཁ་[རྣམས་པར་འགྱུར་བའི་ཞལ་ཅན་ཏེ་གྲུལ་བུམ་]ཤྭཱ།[ཁྱི་] ཀཱ་ཀ[བྱ་རོག་] སཱུ་ཀ་ར།[ཕག་] གྲྀ་དྷྲ།[བྱ་རྒོད་] བྱཱ་གྷྲ།[སྟག]་ཨུ་ལཱུ་ཀ[འུག་པ་] ཛམྦུ་ཀ[ལྕེ་སྤྱང་] ག་རུ་ཌ།[མཁའ་ལྡིང་] མུ་ཁེ་བྷྱཿ[གདོང་ཅན་རྣམས།] ཞེས་པ་རྣམས་ཀྱི་མཐར། ས་པ་རི་ཝཱ་རེ་བྷྱཿ ཨི་དཾ་བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཛ་ཨཱ་ག་ཏྱ། ས་པཱ་རི་ཝཱ་རཿ ཤཱི་གྷྲཾ། ཨི་དཾ་བ་ལིཾ། གྲྀ་ཧྞནྟུ། ཁཱ་དནྟུ། པི་བནྟུ། ཛཿཧཱུཾ་བཾ་ཧོཿ སཾ་ཏྲྀཔྟཱ། སརྦ་སཏྭཱ་ནཱཾ། ཤཱན་ཏིཾ། པུཥྟིཾ། རཀྵ། ཨཱ་བ་ར་ཎ། གུཔྟིཾ། ཀུརྦནྟུ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱཧཱ། ཕྱི་མཆོད་ནི། བཛྲ་བྷཻ་ར་ཝ་བྷཱི་ཀ་རཱ་ཡ།[རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་པ་] ས་པ་རི་ཝཱ་རེ་བྷྱཿ བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ བཛྲ་དྷུ་པཾ་པྲ་ཏཱིཙྪ་ན་མཿ བཛྲ་དཱི་པཾ་པྲ་ཏཱིཙྪ་ན་མཿ བཛྲ་ནཻ་བེ་ཏྱཾ་པྲ་ཏཱིཙྪ་


TNT02_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿ བཛྲ་ཨཀྵ་ཏཾ་པྲ་ཏཱིཙྪ་ན་མཿ བཛྲ་ལཱ་སྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ཧཱ་སྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ཝ་ཏྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ནྲྀ་ཏྱཱཾ་པྲ་ཏཱིཙྪ་ན་མཿ བཛྲ་གཱི་ཏཾ་པྲ་ཏཱིཙྪ་ན་མཿ བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ ནང་མཆོད་ནི། ཨོཾ་བཛྲ་བྷཻ་ར་ཝ། ཧ་ཡ་ར་ཝ་ལ། ང་ཉ་ཎ་མ་ན། གྷ་ཛྷ་ཌྷ་བྷ་དྷ། ག་ཛ་ཌ་བ་ད། ཁ་ཚ་ཋ་ཕ་ཐ། ཀ་ཙ་ཊ་པ་ཏ། ཨོཾ་ཨཱཿཧུཾ། བསྟོད་པ་ནི། རྡོ་རྗེ་འཇིགས་བྱེད་འཇིགས་པར་མཛད། །དཔའ་བོ་གདུལ་དཀར་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། །ཁམས་གསུམ་རྣམ་རྒྱལ་ལ་ཕྱག་འཚལ། །རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། །ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཙོ། །དུས་མཐའི་སྤྲིན་མཚུངས་ཧེ་རུ་ཀ །རྡོ་རྗེ་ཤུགས་ལ་ཕྱག་འཚལ་ལོ། །སྡེ་དྲུག་བསྲུང་མ་དྲུག་ཅུ་འཁོར་བཅས་ལ། །མཆོད་གཏོར་འདི་དང་དྲི་དང་མེ་ཏོག་དང༌། །བདུག་སྤོས་སྣང་གསལ་མ་ཉམས་བདག་འབུལ་གྱི། །དེ་རྣམས་འཁོར་དང་བཅས་པ་ཚུར་བྱོན་ལ། །གཏོར་མ་འདི་དག་ལེན་ཞིང་གསོལ་བ་དང༌། བཏུང་བར་མཛད་དེ་ཤིན་ཏུ་མཉེས་པ་ཡིས། །འགྲོ་ལ་ཞི་རྒྱས་བསྲུང་སྐྱོབ་སྦ་བ་རྣམས། །རྡོ་རྗེ་འཛིན་པའི་བཀའ་བཞིན་མཛད་དུ་གསོལ། །གཤེགས་སུ་གསོལ་བ་ནི།


TNT02_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བར་ཧཾ་ཡིག་ལ་ཁྲོ་བོའི་འཁོར་ལོ་རྣམས་གཤེགས་སུ་གསོལ། གཙུག་ཏོར་དུ་ཨཾ་ཡིག་ལ་ཟད་པར་གྱི་འཁོར་ལོ་རྣམས་གཤེགས་སུ་གཤེགས་སུ་གསོལ། དཔྲལ་བར་ཨི་ཡིག་ལ་ཕྱོགས་སྐྱོང་གི་འཁོར་ལོ་རྣམས་གཤེགས་སུ་གསོལ། མགྲིན་པར་རྀ་ཡིག་ལ་གཟའི་འཁོར་ལོ་རྣམས་གཤེགས་སུ་གསོལ། སྙིང་གར་ཨུ་ཡིག་ལ་ཀླུའི་འཁོར་ལོ་རྣམས་གཤེགས་སུ་གསོལ། ལྟེ་བར་ལྀ་ཡིག་ལ་འབྱུང་པོའི་འཁོར་ལོ་རྣམས་གཤེགས་སུ་གསོལ། བདུན་པ་ཚོགས་ཞིང་སྤྱན་དྲང་བ་ནི། བདག་ཉིད་སྐད་ཅིག་གིས་དུས་ཀྱི་འཁོར་ལོའི་སྐུར་གསལ་བའི་སྙིང་གར་པཾ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཾ་ཡིག་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང༌། དེ་ལས་རྡོ་རྗེ་ཉི་མ་བཞིན་དུ་འོད་ཟེར་ཁ་དོག་ལྔ་རྣམས་འཕྲོས་པས། བླ་མ་དང་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་རྣམ་པས། ནམ་མཁའི་མཐིལ་དུ་བཛྲ་ས་མཱ་ཛཿ འོད་ཟེར་གྱི་ཚོགས་རྣམས་རང་གི་སྙིང་གའི་རྡོ་རྗེ་ལ་ཞུགས་པར་གྱུར། བརྒྱད་པ་མཆོད་པ་རྣམ་པ་བདུན་ནི།


TNT02_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་དཔལ་ལ་འདུད། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། ཨོཾ་བཛྲ་གནྡྷེ་གནྡྷ་ཨརྩནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་མཱ་ལེ་མཱ་ལ་ཨརྩྪ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་དྷཱ་པེ་ད༴ཧཱ་པ་ཨརྩྪ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་པྲ་དཱི་པེ་པྲ་དཱི་པ་ཨརྩྪ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཨ་མྲྀ་ཏེ་ནཻ་ཝེ་ཏྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཨཀྵ་ཏེ་ཨཀྵ་ཏ་ཕ་ལ་ཨརྩྪ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ལཱ་སྱ་ཝསྟྲ་ཨ་བྷ་ར་ཎ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཧཱ་སྱ་གྷནྚ་ཨཱ་དརྴ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་བཱ་དྱེ་བཱ་དྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ནྲྀ་ཏྱེ་ནྲྀ་ཏྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་གཱི་ཏེ་གཱི་


TNT02_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཀཱ་མེ་སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ་ཀྲོ་དྷ་ཨཱ་དཱི་ནཱཾ། བཛྲ་སུ་ར་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། སྲིད་འགྲོ་ཉམས་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་རྣམ་མང་དགེ་བ་གང་མཛད་པ། །དེ་དག་མཐའ་དག་ལ་ནི་སྡིག་པ་རྣམ་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པས་རྗེས་ཡི་རང༌། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་ལུས་འབུལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་མྱ་ངན་མི་འདའ་ཡུན་རིང་བཞུགས་པར་གསོལ་བ་འདེབས། །རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་འདིར་ནི་སྨོན་ལམ་སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ། །དགུ་པ་ལམ་བསྟེན་པ་ནི། བྱང་ཆུབ་མཆོག་གི་སེམས་དང་ནི། །ལྷག་བསམ་རྣམ་པར་དག་པ་དང༌། བདག་དང་བདག་གིར་འཛིན་སྤོང་བའི། །རྩ་བ་བསྟེན་བགྱི་ཚོགས་གསུམ་ཕྱིར། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །


TNT02_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་ཤེས་རབ་ཐབས་དང་ནི། །སྨོན་ལམ་སྟོབས་དང་ཡེ་ཤེས་ཀྱི། །ཕ་རོལ་ཕྱིན་བཅུ་རྫོགས་པར་བགྱི། །བྱམས་དང་སྙིང་རྗེ་དགའ་བ་དང༌། །བཏང་སྙོམས་རྣམས་ལ་གནས་བགྱི་ཞིང༌། །སྦྱིན་དང་སྙན་པར་སྨྲ་བ་དང༌། །དོན་སྤྱོད་པ་དང་དོན་མཐུན་སྤྱད། །སྲོག་གཅོད་མ་བྱིན་གཞན་གྱི་བུད་མེད་དང༌། །རྫུན་དང་ཚིག་རྩུབ་རྣམས་དང་ཕྲ་མ་དང༌། །འཁྱལ་བར་འགྱུར་བའི་ཚིག་དང་བརྣབ་སེམས་དང༌། །གནོད་སེམས་ལྟ་བ་ངན་པ་རྣམ་པར་སྤང༌། །འགྱོད་དང་གཉིད་རྨུགས་རྒོད་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་ཡོངས་སུ་སྤང་བགྱི་ཞིང༌། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་གྱི། །ཉོན་མོངས་བཞི་རྣམས་བདག་གིས་ཀུན་ཏུ་སྤང༌། །འདོད་དང་སྲིད་པ་མ་རིག་ལྟ་བ་ཡི། །ཟག་པ་བཞི་ཡང་ཡོངས་སུ་སྤང་བགྱིའོ། །བཅུ་པ་སྟོང་པ་ཉིད་ལ་དམིགས་པ་ནི། དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཁམས་གསུམ་པོ་རྣམ་པར་དཔྱད་ན་ཅིར་ཡང་མི་དམིགས་པ་དང༌། བདག་ཉིད་ཀྱི་ལུས་ཀྱི་ཆུའི་ཁམས་ཀྱིས་མེ་རྣམ་པར་ཉམས་ཤིང༌། མེ་མེད་པས་ས་ཡང་སྲ་བ་ཉིད་དོར་ནས། ལན་ཚྭ་བཞིན་དུ་ཞུ་བར་གྱུར་ཏེ་ཆུ་ལ་


TNT02_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་ཞིང༌། ཆུ་ཡང་རླུང་གིས་སྐམས་པར་བྱས་ནས། རླུང་གི་ཚོགས་རྣམས་ནམ་མཁའ་ལ་མི་སྣང་བར་གྱུར་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །ཨོཾ་[སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ། །]ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་[མཚན་མ་མེད་པའི་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ། །]ཨ་ནི་མིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་[སྨོན་པ་མེད་པའི་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ། །] ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་[མངོན་པར་འདུ་བྱེད་པ་མེད་པའི་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ། །]བྷི་སཾ་སྐཱ་ར་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གཉིས་པ་དངོས་གཞིའི་རྣལ་འབྱོར་ལ། སྐུ་རྫོགས་པ་བསྙེན་པའི་ཡན་ལག་དཀྱིལ་འཁོར་རྒྱལ་མཆོག གསུང་རྫོགས་པ་ཉེ་བར་སྒྲུབ་པའི་ཡན་ལག་ལས་རྒྱལ་མཆོག ཐིག་ལེ་རྫོགས་པ་སྒྲུབ་པའི་ཡན་ལག་ཐིག་ལེའི་རྣལ་འབྱོར། བདེ་བ་རྫོགས་པ་སྒྲུབ་པ་ཆེན་པོའི་ཡན་ལག་ཕྲ་མོའི་རྣལ་འབྱོར་རོ། །དང་པོ་ལ། རྟེན་གཞལ་ཡས་ཁང་སྒོམ་པ་དང༌། བརྟེན་པ་ལྷ་སྒོམ་པ་གཉིས་ལས། དང་པོ་ལ་ཡང་གཉིས་ཀྱི། དང་པོ་གཞལ་ཡས་ཁང་གསལ་གདབ་པ་ནི། རྡོ་རྗེའི་རང་བཞིན་རྩིབས་


TNT02_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པ་ཟླུམ་པོའི་དབུས་སུ་ཆོས་འབྱུང་ནམ་མཁའི་ཁམས་ལ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ། དབུས་སུ་གཞུའི་རྣམ་པ་རྒྱར་དཔག་ཚད་འབུམ་ཕྲག་བཞི་པ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའིདཀྱིལ་འཁོར་དམར་པོ་དབུས་སུ་གྲུ་གསུམ་གྱི་རྣམ་པ་རྒྱར་དཔག་ཚད་འབུམ་ཕྲག་གསུམ་པ་བཀྲ་ཤིས་ཀྱིས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་དབུས་སུ་ཟླུམ་པོའི་རྣམ་པ་རྒྱར་དཔག་ཚད་འབུམ་ཕྲག་གཉིས་པ་པདྨས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་དབུས་སུ་གྲུ་བཞིའི་རྣམ་པ་རྒྱར་དཔག་ཚད་འབུམ་ཕྲག་གཅིག་པ་རྡོ་རྗེས་མཚན་པ། དེ་ཐམས་ཅད་ཀྱི་སྟེང་དང་འོག་ཏུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གཉིས་གཉིས་དང་ལྡན་པར་གྱུར། སའི་སྟེང་དུ་མཾ་ལས་རི་རབ་ལྷུན་པོ་འོག་གི་རྒྱར་དཔག་ཚད་སྟོང་ཕྲག་བཅུ་དྲུག་པ། སྟེང་ལ་དཔག་ཚད་སྟོང་ཕྲག་ལྔ་བཅུ་པའོ། །དེའི་སྟེང་དུ་ཀྵཾ་ལས་སྣ་ཚོགས་ཆུ་སྐྱེས་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ། ལྟེ་བ་པདྨའི་སུམ་ཆའི་ཚད་དང་ལྡན་པ། དེའི་སྟེང་དུ་ཧཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་པདྨའི་ལྟེ་བ་དང་མཉམ་པ། དེའི་སྟེང་དུ་རྣམ་པར་བཅད་པ་ལས་ཉི་མའི་དཀྱིལ་འཁོར་ཟླ་བ་དང་མཉམ་པ་དེའི་


TNT02_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཐིག་ལེ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་མཐོན་མཐིང་ཉི་མ་དང་མཉམ་པ་དེ་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་ལས། ཞེས་པའི་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས། འཇིག་རྟེན་གྱི་ཁམས་སྔ་མ་བཞིན་དུ་གྲུབ་པར་གྱུར། ལྷུན་པོའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་གུར་རབ་ཏུ་ཡངས་པའི་དབུས་སུ། རྡོ་རྗེའི་ས་གཞི་ཕྱོགས་ཀྱི་མདོག་ཅན་གྱི་གཞི་ལ་བྷྲཱུཾ་ཡོངས་སུ་གྱུར་པ་ལས། ཡེ་ཤེས་རིན་པོ་ཆེ་ལྔའི་རང་བཞིན་གྱི་དཀྱིལ་འཁོར་རིམ་པ་གསུམ་ལས། ཕྱི་རོལ་ཏུ་སྐུའི་དཀྱིལ་འཁོར་གྲུ་བཞི་པ་རྒྱར་དཔག་ཚད་འབུམ་ཕྲག་བཞི་པ་དང༌། དེའི་ནང་གི་ཕྱེད་དུ་གསུང་གི་དཀྱིལ་འཁོར་གྲུ་བཞི་པ་རྒྱར་དཔག་ཚད་འབུམ་ཕྲག་གཉིས་པ་དང༌། དེའི་ཡང་ནང་གི་ཕྱེད་དུ་ཐུགས་ཀྱི་དཀྱིལ་འཁོར་གྲུ་བཞི་པ་རྒྱར་དཔག་ཚད་འབུམ་ཕྲག་གཅིག་པ་སྟེ། སྒོ་བཞི་བཞི་དང་ལྡན་པའོ། །དཀྱིལ་འཁོར་སོ་སོ་ལ་ནང་ནས་རིམ་པ་བཞིན་དུ་སྟེ། ཐུགས་ཀྱི་དཀྱིལ་འཁོར་ལ་རིན་པོ་ཆེ་ནག་པོ་དང༌། དམར་པོ་དང༌། དཀར་པོའི་རྭ་བ་རིམ་པ་གསུམ་དང༌། གསུང་དང་སྐུའི་དཀྱིལ་འཁོར་ལ་རིན་པོ་ཆེ་ལྗང་ཁུ་དང༌། ནག་པོ་དང༌། དམར་པོ་དང༌། དཀར་པོ་དང༌། སེར་པོའི་རྭ་བ་རིམ་པ་ལྔ་ལྔ་དང་ལྡན་པ་སྟེ། སྒོ་དང་མཉམ་པའི་སྒོ་ཁྱུད་དང་སྒོ་འགྲམ་


TNT02_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒོ་ལོགས་ཏེ། གློ་འབུར་གྱི་རྣམ་པ་གྲུབ་པའི་སྒོ་ཁང་ཉིད་དོ། །རྭ་བ་རྣམས་ཀྱི་ཕྱི་རོལ་ཏུ་སྟེགས་བུ་དཀར་པོ་འགྲམ་སྟེགས་ཀྱི་རྣམ་པ་ཅན་ཁོར་ཡུག་ཏུ་ཡོངས་སུ་བསྐོར་བ་དང༌། དཀྱིལ་འཁོར་གསུམ་ཆར་ལ་མཚུངས་པར་རྭ་བའི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དམར་པོ་ཁ་བད་ཀྱི་རྣམ་པ་ཅན་ལ་རིན་པོ་ཆེ་དུ་མས་མཛེས་པར་སྤྲས་པ་དང༌། དེའི་སྟེང་དུ་ཐོག་ཕུབས་ཀྱི་གདུང་འདེགས་པའི་ཀ་ཐུང་རྣམས་ཀྱི་བར་བར་དུ་ཆུ་སྲིན་མ་ཀ་རའི་ཁ་ནས་འཕྱང་བའི་དོ་ཤལ་དང་དོ་ཤལ་ཕྱེད་པ་དཀར་པོ། མེ་ལོང་དང༌། རྔ་ཡབ་དང་བཅས་པ། དེའི་སྟེང་དུ་བྱ་འདབ་ལས་ཐུར་དུ་འཕྱང་བའི་བ་ཀུ་ལི་དང༌། སྟེང་དུ་མཛེས་པར་ཚར་དུ་མངར་བའི་ཀྲ་མ་ཤཱིརྵ་དཀར་པོའོ། །སྒོ་ཁང་རྣམས་ཀྱི་སྟེང་དུ་སྒོ་ལས་སུམ་འགྱུར་གྱི་རྟ་བབས་ནོར་བུ་གསེར་གྱི་རང་བཞིན་བརྩེགས་མ་གསུམ་དང༌། སྒོ་ལོགས་ཀྱི་གཡས་དང་གཡོན་གྱི་སྟེགས་བུའི་སྟེང་དུ་བཙུགས་པའི་ཀ་བ་སེར་པོ་བཞི་བཞིས་བཏེག་པ་རྣམས་ཏེ། བརྩེགས་མ་རེ་རེ་ལའང་གདུང་དང༌། མྱོས་པ་བསྲུང་བ་དང༌། ཀ་ཐུང་རྣམས་ཀྱི་བར་བར་དུ་མཆོད་པའི་ལྷ་མོའི་གནས་གསུམ་གསུམ་དང་ལྡན་པ། འོག་གཞི་ཁ་དོག་སྣ་ཚོགས་པ་ཤིན་ཏུ་མཛེས་པའོ། །དེ་ལ་བརྩེགས་མ་དང་


TNT02_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ལོགས་གཉིས་ནས་གླང་པོ་ཆེ་མནན་པའི་སེང་གེ་དག་དང༌། བརྩེགས་མ་གཉིས་པ་དང་གསུམ་པའི་ལོགས་གཉིས་ནས་མཆོད་པའི་ལྷ་མོ་དག་གིས་གདུང་འདེགས་བཞིན་པ་དང༌། སྟེང་དུ་ཧར་མི་མཛེས་པ་བུམ་པའི་ཏོག་དང་བཅས་པ། བུམ་པའི་གཡས་དང་གཡོན་དུ་རྒྱལ་མཚན་དང་སྣམ་བུ་རྣམས་ལས་དྲིལ་བུ་དང༌། མེ་ལོང་དང༌། བ་དན་དང༌། རྔ་ཡབ་ལ་སོགས་པའི་མཆོད་རྫས་དུ་མ་ཉེ་བར་དཔྱངས་པ་སྟེ། གཞལ་ཡས་ཁང་གི་ཟུར་རྣམས་ལ་སྣ་ཚོགས་རྡོ་རྗེ་དང༌། སྒོ་དང་སྒོ་ཁྱུད་གྱི་མཚམས་ཀྱི་ཟུར་ལ་རིན་པོ་ཆེ་དུ་མས་མཛེས་པར་སྤྲས་པའོ། །སྙིང་པོའི་དཀྱིལ་འཁོར་གྱི་ནང་གི་ཕྱེད་དུ་བདེ་བ་ཆེན་པོའི་འཁོར་ལོ་རྒྱར་དཔག་ཚད་འབུམ་ཕྲག་ཕྱེད་པ་དང༌། དེའི་ནང་གི་ཕྱེད་དུ་ཨོཾ་ཡིག་ལས་བྱུང་བའི་གཙོ་བོའི་པདྨ་རྒྱར་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང༌། དེའི་ལྟེ་བ་ལ་མ་ཡིག་ལས་བྱུང་བའི་ཟླ་བ་དང༌། ར་ཡིག་ལས་བྱུང་བའི་ཉི་མ་དང༌། ཧཱུཾ་ཡིག་ལས་བྱུང་བའི་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་སྟེང་ནས་སྟེང་དུ་བརྩེགས་པ་སྟེ། གནམ་སྟོང་གི་མཐར་ཉི་ཟླ་གཉིས་ཀ་གཟས་འཛིན་པ་དང༌། རྩ་གསུམ་གཅིག་ཏུ་གྱུར་པའི་དག་པའོ། །བདེ་བ་ཆེན་པོའི་


TNT02_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ལ་བུང་བའི་མདོག་ཅན་གྱི་ཀ་བ་བཅུ་དྲུག་སྟེ། ཤར་དུ་རལ་གྲིའི་འཕྲེང་བས་མཚན་པ་བཞི་དང༌། ལྷོར་རིན་པོ་ཆེའི་འཕྲེང་བས་མཚན་པ་བཞི་དང༌། བྱང་དུ་པདྨའི་འཕྲེང་བས་མཚན་པ་བཞི་དང༌། ནུབ་ཏུ་འཁོར་ལོའི་འཕྲེང་བས་མཚན་པ་བཞིའོ། །ཀ་བ་དེ་རྣམས་ཀྱི་ནང་གི་ཐད་སོར་ཡང་གཙོ་བོའི་པདྨ་ལ་གྲུ་བཞིར་བསྐོར་བའི་ཀ་བ་བཅུ་གཉིས་ཏེ། ཕྱི་ནང་གི་ཀ་བ་དེ་དག་གིས་བཏེག་པའི་རྡོ་རྗེའི་གདུང་རིམ་པ་གཉིས་ཀྱི་ནང་མ་སྔོན་པོ་དང་ཕྱི་མ་ལྗང་ཁུའོ། །ནང་གི་ཀ་བ་རྡོ་རྗེའི་གདུང་དང་བཅས་པའི་སྟེང་དུ་ཡང་ཀ་བ་རྣམས་ཀྱིས་བཏེག་པའི་གཙོ་བོའི་གནས་ཀྱི་ཐོག་ཕུབ་ཕྱུར་བུའི་རྣམ་པ། རྡོ་རྗེ་རིན་པོ་ཆེའི་ཏོག་གིས་ཉེ་བར་མཛེས་པའོ། །དཀྱིལ་འཁོར་གསུམ་ཆར་ལ་རྭ་བ་རྣམས་ཀྱི་ནང་དུ་སྙིང་པོའི་སྒོའི་དྲུག་ཆ་སྤངས་པར་ལྷ་སྣམ་དཀར་པོའོ། །གཙོ་བོའི་པདྨ་འོག་གཞི་སྔོན་པོ་དང༌། དེ་ནས་མཆོད་པའི་སའི་མཐར་ཐུག་པའི་འོག་གཞི་རྡོ་རྗེའི་ས་དང་སྟེང་གི་ཐོག་རྣམས་ཀྱི་མདོག་ནི་གཙོ་བོའི་ཞལ་གྱི་དབྱེ་བས་ཤར་ནག་པོ། ལྷོ་དམར་པོ། བྱང་དཀར་པོ། ནུབ་སེར་པོའོ། །སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ་མཆོད་པའི་ས་གཞི་ལ་པདྨ་དང་བུམ་པ་བཟང་པོ་ལ་སོགས་པ་མཆོད་པའི་སྤྲིན་ཕུང་དུ་མ་ཉེ་བར་འཁྲིགས་པ་དང༌། དེའི་ཕྱི་


TNT02_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་སའི་འཁོར་ཡུག་གི་སྟེང་གི་ནམ་མཁའ་ལ་དབང་ལྡན་ནས་ཟླ་བ་ཉ་གང་བ་འཆར་བཞིན་པ་དང༌། བདེན་བྲལ་དུ་ཉི་མའི་དཀྱིལ་འཁོར་ནུབ་བཞིན་པའོ། །དེའི་ཡང་ཕྱི་རོལ་ཏུ་ཆུ་དང་མེ་དང་རླུང་གི་ཁོར་ཡུག་རྣམས་དང༌། དེའི་ཕྱི་རོལ་ཏུ་ནམ་མཁའི་ཁོར་ཡུག་ལ་དབུས་སུ་རྡོ་རྗེའི་འཕྲེང་བ་དང་བཅས་པས་ཡོངས་སུ་བསྐོར་བ་སྟེ། དེ་ལྟར་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ཕྱོགས་ཀུན་ནས་རྡོ་རྗེའི་མེ་ལྕེ་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་ཀུན་ཏུ་འཕྲོ་བའོ། །ཐུགས་དང་གསུང་གི་རྟ་བབས་ཀྱི་རེའུ་མིག་གི་གཞི་ཁ་དོག་སྣ་ཚོགས་པ་ལ་མཆོད་པའི་ལྷ་མོ་སྣ་ཚོགས་པ་དག་གནས་ཤིང༌། སྐུའི་རྟ་འབབ་ཀྱི་བརྩེགས་མ་འོག་མའི་རེའུ་མིག་དབུས་མའི་གནས་ལ་ཤར་དུ་ཆོས་ཀྱི་འཁོར་ལོ་ནག་པོ། གཡས་དང་གཡོན་དུ་རི་དྭགས་དང་རི་དྭགས་མོ། ལྷོར་བུམ་པ་བཟང་པོ་དམར་པོ། གཡས་དང་གཡོན་དུ་དུང་དང་པདྨ། བྱང་དུ་རྔ་བོ་ཆེ་དཀར་པོ། གཡས་དང་གཡོན་དུ་དབྱུག་པ་དང་ཐོ་བ། ནུབ་ཏུ་བྱང་ཆུབ་ཀྱི་ཤིང་སེར་པོ། གཡས་དང་གཡོན་དུ་མིའམ་ཅི་དང་མིའམ་ཅི་མོ་དག་གནས་ཤིང༌། རེའུ་མིག་གི་གནས་གཞན་རྣམས་སུ་མཆོད་པའི་ལྷ་མོ་སྣ་ཚོགས་པ་གནས་པའོ། །བདེ་གཤེགས་འཕར་མའི་ཀ་བ་རྣམས་ཀྱི་བར་བར་དུ་ཨོཾ་ཡིག་ལས་སྐྱེས་པའི་པདྨ་འདབ་མ་བརྒྱད་པ། ལྷའི་གདན་རྣམ་པ་བརྒྱད་དེ།


TNT02_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞི་དཀར་པོ་དང༌། མཚམས་བཞི་དམར་པོའོ། །དེ་དག་གི་བར་བར་དུ་ཡང་བདུད་རྩིའི་བུམ་པ་བརྒྱད་ཀྱི་གནས་སོ། །ཐུགས་ཀྱི་ལྷ་སྣམ་ལ་ཤར་དང་ལྷོའི་གཡས་དང་གཡོན་དང་བྱང་དང་ནུབ་ཀྱི་གཡས་རྣམས་སུ་ཨོཾ་ཡིག་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པ་དང༌། མཚམས་རྣམས་དང༌། བྱང་དང་ནུབ་ཀྱི་གཡོན་དག་ཏུ་ཨོཾ་ཡིག་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་དང༌། ཤར་དང་བྱང་གི་སྒོར་པདྨ་དཀར་པོ་དང༌། ལྷོ་དང་ནུབ་ཀྱི་སྒོར་པདྨ་དམར་པོའོ། །པདྨ་དམར་པོ་བཅུ་གཉིས་ཀྱི་ལྟེ་བར་ལོའི་ཕྱོགས་ཉི་ཤུ་རྩ་བཞིའི་ཉ་བཅུ་གཉིས་རྣམ་པར་དག་པ་མ་ཡིག་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་བཅུ་གཉིས་དང༌། དཀར་པོ་བཅུ་གཉིས་ཀྱི་ལྟེ་བར་གནམ་སྟོང་བཅུ་གཉིས་རྣམ་པར་དག་པ་ར་ཡིག་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བཅུ་གཉིས་སོ། །གསུང་གི་ལྷ་སྣམ་ལ་ཕྱོགས་བཞིར་ཨོཾ་ཡིག་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་དང༌། མཚམས་བཞིར་ཨོཾ་ཡིག་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པའོ། །སྐུའི་ལྷ་སྣམ་ལ་ཕྱོགས་བཞིའི་གཡས་དང་གཡོན་རྣམས་སུ་ཨོཾ་ཡིག་ལ་བྱུང་བའི་པདྨ་དམར་པོ་འདབ་མ་ཉེར་བརྒྱད་པ་བརྒྱད་དང༌། མཚམས་བཞིར་ཨོཾ་ཡིག་ལས་བྱུང་བའི་པདྨ་དཀར་


TNT02_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདབ་མ་ཉེར་བརྒྱད་པ་བཞི་སྟེ། རིམ་པ་དང་པོ་ལ་འདབ་མ་བཞི། གཉིས་པ་ལ་འདབ་མ་བརྒྱད། གསུམ་པ་ལ་འདབ་མ་བཅུ་དྲུག་དང་བཅས་པའི་ལྟེ་བ་ལ་ལྷ་རྣམས་ཀྱི་བཞོན་པ་དང་བཅས་པའོ། །སྐུའི་ཤར་སྒོར་ཕག་བདུན་གྱིས་དྲངས་པའི་ཤིང་རྟ་ནག་པོ། ལྷོ་སྒོར་རྟ་བདུན་གྱིས་དྲངས་པའི་ཤིང་རྟ་དམར་པོ། བྱང་སྒོར་སེང་གེ་བདུན་གྱིས་དྲངས་པའི་ཤིང་རྟ་དཀར་པོ། ནུབ་སྒོར་གླང་པོ་ཆེ་བདུན་གྱིས་དྲངས་པའི་ཤིང་རྟ་སེར་པོ། སྟེང་དུ་ནམ་མཁའ་ལྡིང་མིག་གསུམ་པ་ཁ་དོག་ལྔ་པ་བདུན་གྱིས་དྲངས་པའི་ཤིང་རྟ་ལྗང་ཁུ། འོག་ཏུ་སེང་གེ་རྐང་པ་བརྒྱད་པ་བདུན་གྱིས་དྲངས་པའི་ཤིང་རྟ་སྔོན་པོའོ། །མེ་དང་རླུང་གི་ཁོར་ཡུག་གི་མཚམས་སུ་དུར་ཁྲོད་ཆེན་པོ་མཚན་ཉིད་ཡོངས་སུ་རྫོགས་པ་བརྒྱད་ལ། ཕྱོགས་བཞིར་རྩིབས་བརྒྱད་པའི་འཁོར་ལོ་དམར་པོ་རྣམས་དང༌། མཚམས་བཞིར་རྩིབས་བརྒྱད་པའི་འཁོར་ལོ་དཀར་པོ་རྣམས་དང༌། སྟེང་དང་འོག་ཏུ་ཡང་ཤིང་རྟ་ལྗང་ཁུ་དང་སྔོན་པོ་གཉིས་སོ། །དེ་ལྟར་དཀྱིལ་འཁོར་ཆེན་པོ་ཀུན་ནས་དྭངས་ཤིང་སྒྲིབ་པ་མེད་ལ། ཕྱི་ནང་ཀུན་ཏུ་འོད་གསལ་ཞིང༌། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྒྱན་གྱི་རྣམ་པ་མཆོག་ཏུ་བཀྲ་བ་དུ་


TNT02_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མས་མཛེས་པར་གྱུར། གཉིས་པ་དག་དྲན་ནི། ཀ་བ་རྣམས་དང་རྡོ་རྗེ་ཕྲེང་བ་སའི་དཀྱིལ་འཁོར་རྩིག་པ་ཉིད་ནི་རུས་པ་རྣམས་ཀྱིས་མཛོད། །ཤ་ཁྲག་ཆུ་དང་བཤང་བ་རྣམས་ཀྱིས་ལྷ་དང་གཤིན་རྗེ་ནོར་སྦྱིན་གཞན་དུ་རྡུལ་ཚོན་གདབ་པ་སྟེ། །མཁྲིས་པ་བད་ཀན་གྱིས་ནི་ཉི་མ་རི་བོང་ཅན་ཡང་དེ་བཞིན་ཆུ་རྒྱུས་རྣམས་ཀྱིས་ཆུ་སྐྱེས་རྣམས། །རྭ་བ་ལྔ་ཡི་རེ་ཁཱ་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་མཁའ་ལས་སྐྱེས་རྣམས་ཀྱིས་སོ། །དུས་ཀྱི་རྩ་ཡིས་གཙོ་བོའི་ཆུ་སྐྱེས་གཡོ་བ་མེ་ཡི་དཀྱིལ་འཁོར་ལ་སོགས་པགས་པ་ལ་སོགས་ཀྱིས། །ཉི་མའི་སྒོ་རྣམས་བུག་པ་རྣམས་ཀྱིས་ནོར་བུའི་རང་བཞིན་བཀོད་པ་སོ་ཡི་འཕྲེང་བས་དེ་བཞིན་ཉིད། །གཡོ་བའི་དཀྱིལ་འཁོར་ལ་གནས་དུར་ཁྲོད་བརྒྱད་དུ་འཁོར་ལོ་རྣམས་ནི་སོར་མོ་རྣམས་ཀྱི་སེན་མོ་ཡིས། །བ་སྤུ་རྣམས་ཀྱིས་དཀྱིལ་འཁོར་མཐར་ནི་ཕྱོགས་དང་ཕྱོགས་བྲལ་དག་ཏུ་གནས་པའི་རྡོ་རྗེ་མེ་ལྕེ་སྟེ། དེ་ལྟར་མཆོག་གི་ཡོན་ཏན་རྣམ་མང་སྐུ་ཡི་རྡོ་རྗེ་ངེས་པར་དཀྱིལ་འཁོར་གྱིས་ནི་རྣམ་པར་གསུངས། །སངས་རྒྱས་ཆོས་དང་དགེ་འདུན་ཆོས། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་རོ། །ཚངས་པའི་གནས་བཞི་རྣམས་ཀྱིས་ནི། །རྡོ་རྗེའི་ཐིག་ནི་བཞི་པོ་སྟེ། །དྲན་པ་ཉེར་བཞག་བཞི་རྣམས་


TNT02_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །གྲུ་བཞི་མཉམ་པ་དེ་ཉིད་དེ། །ཡན་ལག་བཅུ་གཉིས་འགགས་པ་ཡིས། །སྒོ་ནི་བཅུ་གཉིས་པོ་རྣམས་ཏེ། །དེ་བཞིན་ས་ནི་བཅུ་གཉིས་ཀྱིས། །རྟ་བབས་དག་ནི་མཛེས་པ་རྣམས། །འཕགས་ལམ་ཡན་ལག་བརྒྱད་རྣམས་ཀྱིས། །ཕྱོགས་བརྒྱད་དུ་ནི་དུར་ཁྲོད་རྣམས། །སྟོང་ཉིད་བཅུ་དྲུག་ཀ་བ་རྣམས། ཁམས་རྣམས་ཀྱིས་ཀྱང་ཁང་པ་བརྩེགས། །རྣམ་ཐར་བརྒྱད་ཀྱིས་སྒོ་ཁྱུད་རྣམས། །གཟུགས་ཅན་ཡོན་ཏན་བརྒྱད་རྣམས་ཀྱིས། །འགྲམ་རྣམས་དང་ནི་ལོགས་རྣམས་ཉིད། །ཐུགས་གསུང་སྐུ་ཡི་དབྱེ་བས་སོ། །ཚུལ་ཁྲིམས་ལ་སོགས་ཕུང་པོ་ལྔས། །ཁ་དོག་ལྔ་ནི་རྣམ་པར་དག །ཐེག་པ་གསུམ་གྱིས་རྭ་བ་གསུམ། །དད་པའི་དབང་པོ་སོགས་ཀྱིས་ལྔ། །དད་སོགས་སྟོབས་རྣམས་དག་གིས་ལྔ། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་ལའོ། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱིས། །དཀྱིལ་འཁོར་གསུམ་ལ་སྟེགས་བུ་སྟེ། །ཕ་རོལ་ཕྱིན་བཅུ་རྫོགས་པ་ཡིས། །རིན་ཆེན་སྣམ་བུ་རྣམ་པར་བཀྲ། །མ་འདྲེས་ཆོས་ནི་བཅྭ་བརྒྱད་ཀྱིས། །དོ་ཤལ་དོ་ཤལ་ཕྱེད་པ་རྣམས། །དབང་རྣམས་ཀྱིས་ཀྱང་བ་ཀུ་ལཱི། །དགེ་བས་ཀྲ་མ་ཤཱིརྵ་འོ། །སྟོང་ཉིད་ལ་སོགས་རྣམ་ཐར་གྱིས། །དྲིལ་བུའི་སྒྲས་ནི་གང་བ་སྟེ། །རྫུ་འཕྲུལ་རྐང་པས་རྒྱལ་མཚན་གཏམས། །སྤོང་བས་མེ་ལོང་རབ་ཏུ་འབར། །བྱང་


TNT02_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཡན་ལག་རྔ་ཡབ་གཡོ། །ཡན་ལག་དགུ་ཡིས་འཕྲེང་བས་བརྒྱན། །བསྡུ་བ་བཞི་པོ་རྣམས་ཀྱིས་ནི། །ཟུར་དུ་སྣ་ཚོགས་རྡོ་རྗེས་བརྒྱན། །བདེན་བཞིས་རིན་པོ་ཆེ་རྣམས་ཀྱིས། །སྒོ་དང་སྒོ་ཁྱུད་མཚམས་སུ་སྤྲས། །མངོན་ཤེས་ལྔ་ཡིས་རྟག་ཏུ་ནི། །ཁོར་ཡུག་ཆེན་པོ་ལྔ་ཡིས་བསྐོར། །རྣམ་པ་ཀུན་མཁྱེན་བྱང་ཆུབ་པས། །རྡོ་རྗེ་འཕྲེང་བས་ལེགས་པར་བསྐོར། །བདེ་བ་གཅིག་པུའི་ཁོར་ཡུག་གིས། །དེ་བཞིན་ཡེ་ཤེས་རྡོ་རྗེ་འབར། །ཐབས་དང་ཤེས་རབ་ཆ་ཡིས་ནི། །ཟླ་བ་ཉི་མ་རྟག་ཏུ་ཤར། །ཐུགས་གསུང་སྐུ་དང་དག་པ་ཡིས། །ཆོས་ཀྱི་འཁོར་ལོ་བུམ་པ་ཆེ། །རྔ་བོ་ཆེ་དང་བྱང་ཆུབ་ཤིང༌། །དེ་བཞིན་ཡིད་བཞིན་ནོར་བུ་སོགས། །འདི་ནི་དཔལ་ལྡན་དུས་འཁོར་གྱི། །དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཉིད་དོ། །གཉིས་པ་བརྟེན་པ་ལྷ་སྒོམ་པ་ལ་གཉིས་ལས། དང་པོ་ལྷ་བསྐྱེད་པ་ནི། དབུས་སུ་སྣ་ཚོགས་པདྨའི་ལྟེ་བ་ལ་གནས་པའི་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ། ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ་ཨཾ་ཞེས་པ་རྣམས་གཡོན་བསྐོར་དང༌། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ་ཨཿ ཞེས་པ་རྣམས་གཡས་བསྐོར་དུ་


TNT02_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་དབྱངས་དང་ལྡན་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་འོག་ཏུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ། ལླ་ལླ་སྶ་ཥྵ་ཤྴ་ཏྟ་དྡ་ནྣ། པྤ་ཕྥ་མྨ། ཊྚ་ཌྜ་ཎྞ། ཙྩ་ཚྪ་ཛྫ་ཀྐ་ཁྑ་གྒ་གྷྒྷ་ཞེས་པ་རྣམས་གཡས་བསྐོར་དང༌། ང་གྷ་ག་ཁ་ཀ ཉ་ཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་ངྷ་ད་ཐ་ཏ། ྈྐ་ཤ་ཥ་ྉྥ་ས། ཧ་ཡ་ར་ཝ་ལ། ཌྷ་ཌ་ཡ་ཝ་ལ། ཞེས་པ་རྣམས་གཡོན་བསྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་གསལ་བྱེད་དང་ལྡན་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཟླ་བའི་དབུས་སུ་ཧཱུཾ་ཡིག་ཟླ་བའི་མཚན་མ་ལྟ་བུ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །དེ་རྣམས་གཅིག་ཏུ་གྱུར་པ་ཧི་ཡིག་དང་བཅས་པ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ལས་ལྷའི་སྐུ་ཡོངས་སུ་རྫོགས་པ་ཧཾ་ཡིག་དང་བཅས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་རྣམས་འགྱེད་ཅིང༌། བདུད་དང་ཉོན་མོངས་པའི་སྙིང་གར་མནན་པའི་ཞབས་གཉིས་པ། མགྲིན་པ་གསུམ་པ། ཞལ་བཞི་པ། ཕྲག་པ་དྲུག་པ། དཔུང་


TNT02_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅུ་གཉིས་པ། ཕྱག་གི་པདྨ་ཉི་ཤུ་རྩ་བཞི་པ། མཚོན་ཆ་རྣམས་དང་རྡོ་རྗེའི་རྒྱན་གྱིས་རྣམ་པར་བརྒྱན་པ། ཞབས་གཡས་པ་དམར་པོ་བརྐྱངས་པས་འདོད་ལྷ་དམར་པོ་གདོང་གཅིག་པ། ལག་པ་བཞིའི་གཡས་གཉིས་གྱིས་མེ་ཏོག་གི་མདའ་ལྔ་དང༌། ལྕགས་ཀྱུ། གཡོན་གཉིས་ཀྱིས་གཞུ་དང་ཞགས་པ་འཛིན་པའི་སྙིང་གར་མནན་པ། གཡོན་པ་དཀར་པོ་བསྐུམས་པས་དྲག་པོ་དཀར་པོ་གདོང་གཅིག་པ། མིག་གསུམ་པ། ལག་པ་བཞིའི་གཡས་གཉིས་ཀྱིས་རྩེ་གསུམ་དང་ཌཱ་མ་རུ། གཡོན་གཉིས་ཀྱིས་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པའི་སྙིང་གར་མནན་པ། བདུད་ཀྱི་དགའ་མ་དང༌། དྲག་པོའི་ཨུ་མ་དག་ནི་དམན་པའི་གདོང་གིས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་ལ་འཛིན་པར་བྱེད་ཅིང་གཡོ་བ་མེད་པར་གནས་པ། སྐུ་མདོག་སྔོན་པོ། གཡས་དང་གཡོན་དང་དབུས་ཀྱི་མགྲིན་པ་ཉི་མ་དང་ཟླ་བ་དང་བུང་བའི་མདོག་ཅན། མདུན་ཞལ་ནག་པོ་མཆེ་བ་ཕྱེད་གཙིགས་པ། གཡས་ཞལ་དམར་པོ་ཆགས་པ་དང་བཅས་པ། གཡོན་ཞལ་དཀར་པོ་རབ་ཏུ་ཞི་བ། རྒྱབ་ཞལ་སེར་པོ་ཏིང་ངེ་འཛིན་ལ་གནས་པ་སྟེ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པའོ། །རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། རྡོ་རྗེ་སེམས་དཔའི་དབུ་རྒྱན་


TNT02_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། སྤྱི་གཙུག་ཏུ་རྡོ་རྗེ་ནོར་བུ་དང༌། རྡོ་རྗེ་རྣ་རྒྱན་དང༌། རྡོ་རྗེ་མགུལ་རྒྱན་དང༌། རྡོ་རྗེ་གདུབ་བུ་དང༌། རྡོ་རྗེ་སྐ་རགས་དང༌། རྡོ་རྗེ་རྐང་གདུབ་དང༌། རྡོ་རྗེ་དར་དཔྱངས་དང༌། རྡོ་རྗེ་འཕྲེང་བ་དང༌། སྟག་གི་པགས་པའི་ན་བཟའ་དང་ལྡན་པ། གཡས་དང་གཡོན་གྱི་ཕྲག་པ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ། དེ་བཞིན་དུ་དཔུང་པ་གཉིས་ནག་པོ། གཉིས་དམར་པོ། གཉིས་དཀར་པོ། ཕྱག་དར་བཞི་ནག་པོ། བཞི་དམར་པོ། བཞི་དཀར་པོ། དེ་དག་རེ་རེ་ལ་ཡང་སོར་གདུབ་རྣམས་ཀྱིས་སྤྲས་པའི་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེའུ་ཆུང་ལྗང་ཁུའོ། །དེ་རྣམས་རེ་རེ་ལ་ཡང་ཕྱག་གི་མཐིལ་ནས་བརྩམས་ཏེ། ཚིགས་ཀྱི་ཕྲེང་བ་དང་པོ་རྣམས་ནག་པོ། གཉིས་པ་རྣམས་དམར་པོ། གསུམ་པ་རྣམས་དཀར་པོའོ། །དེ་ལྟ་བུའི་ཕྱག་གཡས་པ་རྣམས་ཀྱི་ནག་པོ་བཞིས། རྡོ་རྗེ། རལ་གྲི། རྩེ་གསུམ། གྲི་གུག དམར་པོ་བཞིས། མདའ། རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌཱ་མ་རུ། ཐོ་བ། དཀར་པོ་བཞིས། འཁོར་ལོ། མདུང༌། དབྱུག་པ། དགྲ་སྟྭ་རྣམས་འཛིན་ཞིང༌། གཡོན་པ་རྣམས་ཀྱི་ནག་པོ་བཞིས། རྡོ་རྗེའི་དྲིལ་བུ། ཕུབ། ཁ་ཊྭཱཾ་ག་ཁ་ཕྱེ་བ། ཁྲག་གིས་གང་


TNT02_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐོད་པ། དམར་པོ་བཞིས། གཞུ། ཞགས་པ། རིན་པོ་ཆེ། པདྨ་དཀར་པོ། དཀར་པོ་བཞིས། དུང༌། མེ་ལོང༌། རྡོ་རྗེ་ལྕགས་སྒྲོག ཚངས་པའི་མགོ་བོ་གདོང་བཞི་པ་པདྨས་སྤྲས་པ་འཛིན་ཞིང༌། ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ་སྟེ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ་དང༌། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དོན་དམ་པའི་བདེ་བའོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ། ཞལ་བཞི། ཕྱག་བརྒྱད་མ། བཅོམ་ལྡན་འདས་ཀྱི་ནུབ་ཞལ་གཙོ་བོར་བཞག་པ་ལྟ་བུར་མདུན་ཞལ་སེར་མོ། གཡས་ཞལ་དཀར་པོ། རྒྱབ་ཞལ་ནག་པོ། གཡོན་ཞལ་དམར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པའོ། །ཕྱག་གཡས་པ་རྣམས་ཀྱིས་གྲི་གུག ལྕགས་ཀྱུ། སྒྲ་དང་བཅས་པའི་ཌཱ་མ་རུ། བགྲང་འཕྲེང་རྣམས་འཛིན་ཅིང༌། གཡོན་པ་རྣམས་ཀྱིས་ཐོད་པ། ཞགས་པ། འདབ་མ་བརྒྱད་པའི་པདྨ་དཀར་པོ། རིན་པོ་ཆེ་རྣམས་འཛིན་པ། རྡོ་རྗེ་སེམས་དཔའི་ཅོད་པན་ཅན། རུས་པའི་ཕྱག་རྒྱ་ལྔ་དང་ལྡན་པ། གཡོན་བརྐྱང་གིས་བཅོམ་ལྡན་འདས་ལ་འཁྲིལ་ཤིང༌། དེས་ཀྱང་སྙོམས་པར་ཞུགས་པ་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་མ། རང་བཞིན་གྱི་འོད་གསལ་


TNT02_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གཞན་བརྒྱད་ནི་འདབ་མ་བརྒྱད་ལ་གནས་པ་སྟེ། ཤར་དང་ནུབ་ཏུ་ཨ་ཨཱ། བྱང་དང་ལྷོར་ཨཾ་ཨཿརྣམས་ཡོངས་སུ་གྱུར་པ་ལས། རིམ་པ་བཞིན་དུ་བདུག་སྤོས་ཀྱི་སྣོད་དང༌། དྲིའི་དུང་དང༌། ལྷ་བཤོས་དང༌། མར་མེ་ཕྱོགས་ཀྱི་མདོག་ཅན་རྣམས་དང༌། མེ་དང་རླུང་དུ་ཧ་ཧཱ། དབང་ལྡན་དང་བདེན་བྲལ་དུ་ཧཾ་ཧཿརྣམས་ཡོངས་སུ་གྱུར་པ་ལས། རྔ་ཡབ་ཕྱོགས་ཀྱི་མདོག་ཅན་རྣམས་སོ། །དེ་རྣམས་ཡོངས་སུ་གྱུར་པ་ལས་ཤར་དུ་ནག་མོ་འབར་མ། ནག་དམར་སེར་དཀར་བའི་ཞལ་བཞི། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་བདུག་སྤོས་དང༌། ཙནྡན་དང༌། གུར་གུམ་དང༌། གླ་རྩིར་བཅས་པའི་ག་པུར་རྣམས་ཀྱི་སྣོད་དང༌། གཡོན་པ་རྣམས་ཀྱིས་དྲིལ་བུ་དང༌། པདྨ་དང༌། ཡོངས་འདུའི་མེ་ཏོག་དང༌། མེ་ཏོག་སྣ་ཚོགས་ཀྱི་འཕྲེང་བ་འཛིན་པ། ལྷོར་དམར་མོ་འབར་མ། དམར་སེར་དཀར་ནག་པའི་ཞལ་བཞི། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་མར་མེ་དང༌། དོ་ཤལ་དང༌། ཅོད་པན་དང༌། གདུབ་བུ། གཡོན་པ་རྣམས་ཀྱིས་གོས་དང༌། སྐ་རགས་དང༌། རིན་པོ་ཆེའི་རྣ་རྒྱན་དང༌། རྐང་གདུབ་འཛིན་པ། བྱང་དུ་དཀར་མོ་འབར་མ། དཀར་ནག་དམར་སེར་བའི་ཞལ་བཞི། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་འོ་མ་


TNT02_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཆུ་དང༌། སྨན་བཟང་པོ་དང༌། ཆང་རྣམས་ཀྱི་སྣོད་དང༌། གཡོན་པ་རྣམས་ཀྱིས་བདུད་རྩི་དང༌། གྲུབ་པའི་བཅུད་ལེན་དང༌། བདུད་རྩིའི་འབྲས་བུ་དང༌། འབྲས་ཆན་རྣམས་ཀྱི་སྣོད་འཛིན་པ། ནུབ་ཏུ་སེར་མོ་འབར་མ། སེར་དཀར་ནག་དམར་བའི་ཞལ་བཞི། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་དུང་དང༌། གླིང་བུ་དང༌། ནོར་བུ་དང༌། ཌ་མ་རུ། གཡོན་པ་རྣམས་ཀྱིས་པི་ཝང་དང༌། རྔ་དང༌། འཁར་རྔ་དང༌། ཟངས་དུང་རྣམས་འཛིན་པ། མེར་དུ་བ་མ་ནག་མོ་འབར་མ་དང་འདྲ་བ་ལས། ཕྱག་བརྒྱད་ན་རྔ་ཡབ་ནག་པོ་བརྒྱད་བསྣམས་པ། བདེན་བྲལ་དུ་སྨིག་རྒྱུ་མ་དམར་མོ་འབར་མ་དང་འདྲ་བ་ལས། ཕྱག་བརྒྱད་ན་རྔ་ཡབ་དམར་པོ་བརྒྱད་བསྣམས་པ། དབང་ལྡན་དུ་མེ་ཁྱེར་མ་དཀར་མོ་འབར་མ་དང་འདྲ་བ་ལས། ཕྱག་བརྒྱད་ན་རྔ་ཡབ་དཀར་པོ་བརྒྱད་བསྣམས་པ། རླུང་དུ་མར་མེ་མ་སེར་མོ་འབར་མ་དང་འདྲ་བ་ལས། ཕྱག་བརྒྱད་ན་རྔ་ཡབ་སེར་པོ་བརྒྱད་བསྣམས་པ། ཐམས་ཅད་ཀྱང་ཞལ་གྱི་མདོག་ནི་གཡས་བསྐོར་ཀྱི་རིམ་པ་སྟེ། མཉམ་པའི་སྟབས་ཀྱིས་བཞེངས་པ། ཞལ་བཞི། ཕྱག་བརྒྱད། སྤྱན་བཅུ་གཉིས་མ། ཕྱག་རྒྱ་ལྔ་དང༌། རྡོ་རྗེ་སེམས་དཔའི་ཅོད་པན་ཅན་ནོ། །འདི་དག་གི་རྒྱབ་ཏུ་ཡང་དབང་ལྡན་དུ་ཨོཾ་ལས་བྱུང་བའི་ཆོས་ཀྱི་དུང་དཀར་པོ། བདེན་བྲལ་དུ་ཨཱཿལས་བྱུང་བའི་ཆོས་ཀྱི་གཎྜཱི་


TNT02_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ། མེར་ཧཱུཾ་ལས་བྱུང་བའི་ཡིད་བཞིན་གྱི་ནོར་བུ་ནག་པོ། རླུང་དུ་ཧོཿལས་བྱུང་བའི་དཔག་བསམ་གྱི་ཤིང་སེར་པོ་རྣམས་སུ་གྱུར། དེ་ནས་དཀྱིལ་འཁོར་པ་རྣམས་སྤྲོ་བ་ནི། འདོད་ཆགས་ཆེན་པོས་གདུལ་བར་བྱ་བའི་སེམས་ཅན་རྣམས་དང་པོའི་སངས་རྒྱས་བསྟན་པའི་སྣོད་དུ་མངོན་པར་གཟིགས་ནས། ཡུམ་ལ་སྙོམས་པར་ཞུགས་པ་ལས་བྱུང་བའི་ཤིན་ཏུ་དགའ་བའི་སྒྲས། ནམ་མཁའ་གང་བར་བཞུགས་པའི་རྣམ་པར་དག་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལས་དབང་ཡུལ་དང་བཅས་པའི་རང་བཞིན་དེ་བཞིན་གཤེགས་པ་ཡབ་ཡུམ། བྱང་ཆུབ་སེམས་དཔའ་ཡབ་ཡུམ། ཁྲོ་བོ་ཡབ་ཡུམ་ཐམས་ཅད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་རང་གི་ལུས་ལ་ཞུགས་པར་གྱུར། སླར་ཡང་རང་ཉིད་ལས་འཕྲོས་ཏེ་སྣ་ཚོགས་ཡུམ་ལ་ཞུགས་པར་གྱུར། དེ་ལས་ཀྱང་ལོག་ནས་སླར་རང་ཉིད་ལ་ཞུགས་ཏེ། ཟླ་བ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཞུ་བར་གྱུར་པ་རྣམས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས། ལྷ་དང་ལྷ་མོའི་ཚོགས་སུ་གྱུར་པ་ནི། ཨ་ཡིག་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་ཡོངས་སུ་གྱུར་པ་ལས། མི་བསྐྱོད་པ་ཞལ་གསུམ་


TNT02_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་ལྗང་ཁུ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ། གྲི་གུག དགྲ་སྟྭཱ། གཡོན་པ་གསུམ་གྱིས་རྡོ་རྗེའི་དྲིལ་བུ། ཐོད་པ། ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ་ལ། རང་དང་འདྲ་བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ་ནམ་མཁར་སྤྲོས་ནས་སེམས་ཅན་གྱི་དོན་བྱས་ཏེ། སླར་ཡང་རང་ཉིད་ལ་བདག་པོར་བཞུགས་པར་གྱུར། ཨི་ཡིག་ལས་བྱུང་བའི་རལ་གྲི་ནག་པོ་ཡོངས་སུ་གྱུར་པ་ལས། དོན་ཡོད་གྲུབ་པ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་ནག་པོ་གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རལ་གྲི། གྲི་གུག རྩེ་གསུམ། གཡོན་པ་གསུམ་གྱིས་ཕུབ། ཐོད་པ། ཁ་ཊྭཱཾ་ཀ་དཀར་པོ་འཛིན་པ་ལ། སྤྱན་མ་སེར་མོས་འཁྱུད་པ། ཤར་དུ་པད་ཉིའི་སྟེང་དུ་འཁོད་པར་གྱུར། རྀ་ཡིག་ལས་བྱུང་བའི་རིན་པོ་ཆེ་དམར་པོ་ཡོངས་སུ་གྱུར་པ་ལས། རིན་ཆེན་འབྱུང་ལྡན་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་དམར་པོ། གཡས་ཞལ་དཀར་ཞིང་གཡོན་ཞལ་ནག་པ། ཕྱག་གཡས་པ་གསུམ་གྱིས་མེའི་མདའ། རྡོ་རྗེ་ལྕགས་ཀྱུ། སྒྲ་


TNT02_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་ཌ་མ་རུ། གཡོན་པ་གསུམ་གྱིས་གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་པ་འོད་འཕྲོ་བ་འཛིན་པ་ལ། མཱ་མ་ཀཱི་དཀར་མོས་འཁྱུད་པ། ལྷོར་པད་ཉིའི་སྟེང་དུ་འཁོད་པར་གྱུར། ཨུ་ཡིག་ལས་བྱུང་བའི་པདྨ་དཀར་པོ་ཡོངས་སུ་གྱུར་པ་ལས། སྣང་བ་མཐའ་ཡས་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་དཀར་པོ། གཡས་ཞལ་ནག་ཅིང་གཡོན་ཞལ་དམར་བ། ཕྱག་གཡས་པ་གསུམ་གྱིས་ཐོ་བ། མདུང༌། རྩེ་གསུམ། གཡོན་པ་གསུམ་གྱིས་འདབ་མ་བརྒྱད་པའི་པདྨ་དཀར་པོ། མེ་ལོང༌། བགྲེང་འཕྲེང་འཛིན་པ་ལ། གོས་དཀར་མོ་དམར་མོས་འཁྱུད་པ། བྱང་དུ་པད་ཉིའི་སྟེང་དུ་འཁོད་པར་གྱུར། ལྀ་ཡིག་ལས་བྱུང་བའི་འཁོར་ལོ་སེར་པོ་ཡོངས་སུ་གྱུར་པ་ལས། རྣམ་པར་སྣང་མཛད་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་སེར་པོ། གཡས་ཞལ་དཀར་ཞིང་གཡོན་ཞལ་ནག་པ། ཕྱག་གཡས་པ་གསུམ་གྱིས་འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་པ་གསུམ་གྱིས་དུང༌། རྡོ་རྗེ་ལྕགས་སྒྲོག སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ་ལ། སྒྲོལ་མ་ནག་མོས་འཁྱུད་པ། ནུབ་ཏུ་པད་ཉིའི་སྟེང་དུ་འཁོད་པར་གྱུར། ལྔ་ཆར་ཡང་ཞལ་


TNT02_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། པདྨ་དཀར་པོ་དང་ཉི་མའི་དཀྱིལ་འཁོར་ལ་རྡོ་རྗེའི་གདན་གྱིས་གནས་ཤིང༌། ཐབས་གཙོ་བོར་གྱུར་པའོ། །ཨཱི་ཡིག་ལས་བྱུང་བའི་རལ་གྲི་ནག་པོ་ཡོངས་སུ་གྱུར་པ་ལས། སྒྲོལ་མ་ནག་མོ་དོན་ཡོད་གྲུབ་པ་ལྟ་བུ་ལ། རྣམ་པར་སྣང་མཛད་སེར་པོས་འཁྱུད་པ། མེ་མཚམས་སུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། རཱྀ་ཡིག་ལས་བྱུང་བའི་རིན་པོ་ཆེ་དམར་པོ་ཡོངས་སུ་གྱུར་པ་ལས། གོས་དཀར་མོ་དམར་མོ་རིན་ཆེན་འབྱུང་ལྡན་ལྟ་བུ་ལ། སྣང་བ་མཐར་ཡས་དཀར་པོས་འཁྱུད་པ། བདེན་བྲལ་དུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཨཱུ་ཡིག་ལས་བྱུང་བའི་པདྨ་དཀར་པོ་ཡོངས་སུ་གྱུར་པ་ལས། མཱ་མ་ཀཱི་དཀར་མོ་སྣང་བ་མཐའ་ཡས་ལྟ་བུ་ལ། རིན་ཆེན་འབྱུང་ལྡན་དམར་པོས་འཁྱུད་པ། དབང་ལྡན་དུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། ལཱྀ་ཡིག་ལས་བྱུང་བའི་འཁོར་ལོའི་སེར་པོ་ཡོངས་སུ་གྱུར་པ་ལས། སངས་རྒྱས་སྤྱན་མ་སེར་མོ་རྣམ་སྣང་ལྟ་བུ་ལ། དོན་ཡོད་གྲུབ་པ་ནག་པོས་འཁྱུད་པ། རླུང་མཚམས་སུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཐམས་ཅད་ཀྱང་པདྨ་དམར་པོ་དང་ཟླ་བའི་དཀྱིལ་འཁོར་ལ་པདྨའི་གདན་གྱིས་གནས་ཤིང༌། ཤེས་རབ་གཙོ་བོར་གྱུར་པའོ། །དེ་དག་གི་གཡོན་


TNT02_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཡས་སུ་ཡང་ཧི་ཧཱི་ཧུ་ཧཱུ་ཧླྀ་ཧླཱྀ་རྣམས་ཡོངས་སུ་གྱུར་པ་ལས། བདུད་རྩིའི་བུམ་པ་དཀར་པོ་པདྨ་ལ་གནས་ཤིང་པདྨའི་ཁ་བརྒྱན་པ་བརྒྱད་དེ། ཤར་དུ་རྐང་འགགས་པའི་བུམ་པ་གཉིས་དང༌། ལྷོར་ཁྲག་འགགས་པའི་བུམ་པ་གཉིས་དང༌། བྱང་དུ་གཅི་བ་འགགས་པའི་བུམ་པ་གཉིས་དང༌། ནུབ་ཏུ་བཤང་བ་འགགས་པའི་གཉིས་སོ། །ཧཾ་ཧཿལས་བྱུང་བའི་སྟེང་དུ་ཁུ་བ་འགགས་པའི་བུམ་པ་དང༌། འོག་ཏུ་རྡུལ་འགགས་པའི་བུམ་པ་རྣམས་སུ་གྱུར། ཡཾ་ཡིག་ལས་བྱུང་བའི་རལ་གྲི་ནག་པོ་ཡོངས་སུ་གྱུར་པ་ལས། བགེགས་མཐར་བྱེད་ནག་པོ་དོན་ཡོད་གྲུབ་པ་ལྟ་བུ་ལ། ལཱཿཡིག་ལས་བྱུང་བའི་རེངས་བྱེད་མ་སེར་མོ་གཤིན་རྗེ་མཐར་བྱེད་ལྟ་བུས་འཁྱུད་པ། ཤར་སྒོར་པད་ཉིའི་སྟེང་དུ་འཁོད་པར་གྱུར། རཾ་ཡིག་ལས་བྱུང་བའི་དབྱུག་པ་དམར་པོ་ཡོངས་སུ་གྱུར་པ་ལས། ཤེས་རབ་མཐར་བྱེད་དམར་པོ་རིན་ཆེན་འབྱུང་ལྡན་ལྟ་བུ་ལ། ཝཱཿཡིག་ལས་བྱུང་བའི་ཁེངས་བྱེད་མ་དཀར་མོ་པདྨ་མཐར་བྱེད་ལྟ་བུས་འཁྱུད་པ། ལྷོ་སྒོར་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཝཾ་ཡིག་ལས་བྱུང་བའི་པདྨ་དཀར་པོ་ཡོངས་སུ་གྱུར་པ་ལས། པདྨ་མཐར་བྱེད་དཀར་པོ་སྣང་བ་མཐའ་ཡས་ལྟ་བུ་ལ། རཱཿཡིག་ལས་བྱུང་བའི་


TNT02_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རྨུགས་བྱེད་མ་དམར་མོ་ཤེས་རབ་མཐར་བྱེད་ལྟ་བུས་འཁྱུད་པ། བྱང་སྒོར་པད་ཉིའི་སྟེང་དུ་འཁོད་པར་གྱུར། ལཾ་ཡིག་ལས་བྱུང་བའི་ཐོ་བ་སེར་པོ་ཡོངས་སུ་གྱུར་པ་ལས། གཤིན་རྗེ་མཐར་བྱེད་སེར་པོ་རྣམ་པར་སྣང་མཛད་ལྟ་བུ་ལ། ཡཱཿཡིག་ལས་བྱུང་བའི་ཤིན་ཏུ་བརྩོན་འགྲུས་མ་ནག་མོ་བགེགས་མཐར་བྱེད་ལྟ་བུས་འཁྱུད་པ། ནུབ་སྒོར་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཁྲོ་བོ་ཁྲོ་མོ་བརྒྱད་པོ་དེ་རྣམས་ཞལ་རེ་རེ་ལ་སྤྱན་དམར་པོ་གསུམ་གསུམ་དང་ལྡན་ཞིང༌། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། རབ་ཏུ་ཁྲོས་ཤིང་འཇིགས་སུ་རུང་བ། ཀླུའི་དབང་པོ་ཕྱག་རྒྱ་ལྔས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཤར་དང་བྱང་གི་སྒོར་པདྨ་དཀར་པོ་དང་ཉི་མའི་དཀྱིལ་འཁོར་དང༌། ལྷོ་དང་ནུབ་ཀྱི་སྒོར་པདྨ་དམར་པོ་དང་ཟླ་བའི་དཀྱིལ་འཁོར་ལ་ཁྲོ་བོ་རྣམས་གཡས་བརྐྱང་དང༌། ཁྲོ་བོའི་ལྷ་མོ་རྣམས་གཡོན་བརྐྱང་གིས་གནས་ཤིང༌། ཐབས་གཙོ་བོར་གྱུར་པའོ། །ཨ་ཡིག་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་ཡོངས་སུ་གྱུར་པ་ལས། ཕྱག་ན་རྡོ་རྗེ་ལྗང་ཁུ་མི་བསྐྱོད་པ་ལྟ་བུ་ལ། སྒྲ་རྡོ་རྗེ་མ་སྔོན་མོས་འཁྱུད་པ། ལྷོ་སྒོའི་གཡོན་དུ་པད་ཉིའི་སྟེང་དུ་འཁོད་པར་གྱུར། ཨེ་ཡིག་ལས་བྱུང་བའི་རལ་གྲི་ནག་པོ་ཡོངས་སུ་གྱུར་པ་ལས། ནམ་མཁའི་


TNT02_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ནག་པོ་དོན་གྲུབ་ལྟ་བུ་ལ། དྲི་རྡོ་རྗེ་མ་སེར་མོས་འཁྱུད་པ། ཤར་སྒོའི་གཡས་སུ་པད་ཉིའི་སྟེང་དུ་འཁོད་པར་གྱུར། ཨར་ཡིག་ལས་བྱུང་བའི་རིན་པོ་ཆེ་དམར་པོ་ཡོངས་སུ་གྱུར་པ་ལས། སའི་སྙིང་པོ་དམར་པོ་རིན་ཆེན་དབང་པོ་ལྟ་བུ་ལ། གཟུགས་རྡོ་རྗེ་མ་དཀར་མོས་འཁྱུད་པ། ལྷོ་སྒོའི་གཡས་སུ་པད་ཉིའི་སྟེང་དུ་འཁོད་པར་གྱུར། ཨོ་ཡིག་ལས་བྱུང་བའི་པདྨ་དཀར་པོ་ཡོངས་སུ་གྱུར་པ་ལས། འཇིག་རྟེན་དབང་ཕྱུག་དཀར་པོ་འོད་དཔག་མེད་ལྟ་བུ་ལ། རོ་རྡོ་རྗེ་མ་དམར་མོས་འཁྱུད་པ། བྱང་སྒོའི་གཡས་སུ་པད་ཉིའི་སྟེང་དུ་འཁོད་པར་གྱུར། ཨལ་ཡིག་ལས་བྱུང་བའི་འཁོར་ལོ་སེར་པོ་ཡོངས་སུ་གྱུར་པ་ལས། སྒྲིབ་པ་རྣམ་སེལ་སེར་པོ་རྣམ་སྣང་ལྟ་བུ་ལ། རེག་བྱ་རྡོ་རྗེ་མ་ནག་མོས་འཁྱུད་པ། ནུབ་སྒོའི་གཡས་སུ་པད་ཉིའི་སྟེང་དུ་འཁོད་པར་གྱུར། ཨཾ་ཡིག་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ཡོངས་སུ་གྱུར་པ་ལས། ཀུན་ཏུ་བཟང་པོ་སྔོན་པོ་རྡོ་རྗེ་སེམས་དཔའ་ལྟ་བུ་ལ། ཆོས་ཁམས་རྡོ་རྗེ་མ་ལྗང་ཁུས་འཁྱུད་པ། ཤར་སྒོའི་གཡོན་དུ་པད་ཉིའི་སྟེང་དུ་འཁོད་པར་གྱུར། ཐམས་ཅད་ཀྱང་པདྨ་དཀར་པོ་དང་ཉི་མའི་དཀྱིལ་འཁོར་ལ་རྡོ་རྗེའི་གདན་གྱིས་གནས་ཤིང༌། ཐབས་གཙོ་བོར་གྱུར་པའོ། །ཨཱ་ཡིག་


TNT02_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་ཡོངས་སུ་གྱུར་པ་ལས། ཆོས་ཁམས་རྡོ་རྗེ་མ་ལྗང་ཁུ་མི་བསྐྱོད་པ་ལྟ་བུ་ལ། ཀུན་ཏུ་བཟང་པོ་སྔོན་པོས་འཁྱུད་པ། ནུབ་སྒོའི་གཡོན་དུ་ཟླའི་སྟེང་དུ་འཁོད་པར་འགྱུར། །ཨཻ་ཡིག་ལས་བྱུང་བའི་རལ་གྲི་ནག་པོ་ཡོངས་གྱུར་པ་ལས། རེག་བྱ་རྡོ་རྗེ་མ་ནག་མོ་དོན་གྲུབ་ལྟ་བུ་ལ། སྒྲིབ་པ་རྣམ་སེལ་སེར་པོས་འཁྱུད་པ། མེ་མཚམས་སུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཨཱར་ཡིག་ལས་བྱུང་བའི་རིན་པོ་ཆེ་དམར་པོ་ཡོངས་སུ་གྱུར་པ་ལས། རོ་རྡོ་རྗེ་མ་དམར་མོ་རིན་ཆེན་དབང་པོ་ལྟ་བུ་ལ། འཇིག་རྟེན་དབང་ཕྱུག་དཀར་པོས་འཁྱུད་པ། བདེན་བྲལ་དུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཨཽ་ཡིག་ལས་བྱུང་བའི་པདྨ་དཀར་པོ་ཡོངས་སུ་གྱུར་པ་ལས། གཟུགས་རྡོ་རྗེ་མ་དཀར་མོ་འོད་དཔག་མེད་ལྟ་བུ་ལ། སའི་སྙིང་པོ་དམར་པོས་འཁྱུད་པ། དབང་ལྡན་དུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཨཱལ་ཡིག་ལས་བྱུང་བའི་འཁོར་ལོ་སེར་པོ་ཡོངས་སུ་གྱུར་པ་ལས། དྲི་རྡོ་རྗེ་མ་སེར་མོ་རྣམ་སྣང་ལྟ་བུ་ལ། ནམ་མཁའི་སྙིང་པོ་ནག་པོས་འཁྱུད་པ། རླུང་མཚམས་སུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཨཱཿཡིག་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ཡོངས་སུ་གྱུར་པ་ལས། སྒྲ་རྡོ་རྗེ་མ་སྔོན་མོ་རྡོ་རྗེ་སེམས་དཔའ་ལྟ་བུ་ལ། ཕྱག་ན་རྡོ་རྗེ་ལྗང་ཁུས་འཁྱུད་པ། བྱང་སྒོའི་


TNT02_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཐམས་ཅད་ཀྱང་པདྨ་དམར་པོ་དང་ཟླ་བའི་དཀྱིལ་འཁོར་ལ་པདྨའི་གདན་གྱིས་གནས་ཤིང༌། ཤེས་རབ་གཙོ་བོར་གྱུར་པའོ། །དེ་ལྟར་ན་དེ་རྣམས་ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པ་སྟེ། སྒྲོལ་མ། བགེགས་མཐར་བྱེད། ཤིན་ཏུ་བརྩོན་འགྲུས་མ། ནམ་མཁའི་སྙིང་པོ། རེག་བྱ་རྡོ་རྗེ་མ་རྣམས་རྩ་བའི་ཞལ་དང་སྐུ་མདོག་ནག་པོ་གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རལ་གྲི། གྲི་གུག རྩེ་གསུམ། གཡོན་པ་གསུམ་གྱིས་ཕུབ། ཐོད་པ། ཁ་ཊྭཱཾ་ག་དཀར་པོ་འཛིན་པ། གོས་དཀར་མོ། ཤེས་རབ་མཐར་བྱེད། རྨུགས་བྱེད་མ། སའི་སྙིང་པོ། རོ་རྡོ་རྗེ་མ་རྣམས་རྩ་བའི་ཞལ་དང་སྐུ་མདོག་དམར་པོ་གཡས་ཞལ་དཀར་ཞིང་གཡོན་ཞལ་ནག་པ། ཕྱག་གཡས་པ་གསུམ་གྱིས་མེའི་མདའ། རྡོ་རྗེའི་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌ་མ་རུ། གཡོན་པ་གསུམ་གྱིས་གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་པ་འོད་འཕྲོ་བ་འཛིན་པ། མཱ་མ་ཀཱི། པདྨ་མཐར་བྱེད། ཁེངས་བྱེད་མ། འཇིག་རྟེན་དབང་ཕྱུག གཟུགས་


TNT02_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མ་རྣམས་རྩ་བའི་ཞལ་དང་སྐུ་མདོག་དཀར་པོ་གཡས་ཞལ་ནག་ཅིང་གཡོན་ཞལ་དམར་བ། ཕྱག་གཡས་པ་གསུམ་གྱིས་ཐོ་བ། མདུང༌། རྩེ་གསུམ། གཡོན་པ་གསུམ་གྱིས་འདབ་མ་བརྒྱད་པའི་པདྨ་དཀར་པོ། མེ་ལོང༌། བགྲང་འཕྲེང་འཛིན་པ། སངས་རྒྱས་སྤྱན་མ། གཤིན་རྗེ་མཐར་བྱེད། རེངས་བྱེད་མ། སྒྲིབ་པ་རྣམ་སེལ། དྲི་རྡོ་རྗེ་མ་རྣམས་རྩ་བའི་ཞལ་དང་སྐུ་མདོག་སེར་པོ་གཡས་ཞལ་དཀར་ཞལ་གཡོན་ཞལ་ནག་པ། ཕྱག་གཡས་པ་གསུམ་གྱིས་འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་པ་གསུམ་གྱིས་དུང༌། རྡོ་རྗེའི་ལྕགས་སྒྲོག སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ། ཕྱག་ན་རྡོ་རྗེ་དང་ཆོས་ཁམས་རྡོ་རྗེ་མ་རྩ་བའི་ཞལ་དང་སྐུ་མདོག་ལྗང་ཁུ་གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ། གྲི་གུག དགྲ་སྟྭ། གཡོན་པ་གསུམ་གྱིས་རྡོ་རྗེའི་དྲིལ་བུ། ཐོད་པ། ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ། ཀུན་ཏུ་བཟང་པོ་དང༌། སྒྲ་རྡོ་རྗེ་མ་ནི་རྩ་བའི་ཞལ་དང་སྐུ་མདོག་སྔོན་པོ་གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ། གྲི་


TNT02_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གུག དགྲ་སྟྭ། གཡོན་པ་གསུམ་གྱིས་རྡོ་རྗེའི་དྲིལ་བུ། །ཐོད་པ། ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པའོ། རྣམས་ཡོངས་སུ་གྱུར་པ་ལས། སྒོའི་གཡོན་དང་གཡས་ཀྱི་སྟེགས་བུ་ལ། ཤར་དུ་དྲི་མ་དང་ཕྲེང་བ་མ་ནག་མོ། ལྷོར་བདུག་སྤོས་མ་དང་སྣང་གསལ་མ་དམར་མོ། བྱང་དུ་བདུད་རྩི་མ་དང་འབྲས་བུ་མ་དཀར་མོ། ནུབ་ཏུ་སྒེག་མོ་དང་བཞད་མ་སེར་མོ། སྟེང་དུ་སྒྲ་མ་དང་གར་མ་ལྗང་ཁུ། འོག་ཏུ་གླུ་མ་དང་འདོད་མ་སྔོན་མོ་སྟེ། ཐམས་ཅད་རང་རང་གི་མིང་དང་མཐུན་པའི་མཆོད་རྫས་ཐོགས་ཤིང༌། གཟུངས་མ་གྲངས་མེད་པ་དང་བཅས་པའོ། །ཐུགས་དཀྱིལ་གྱི་ལྷ་མཐའ་དག་ས་བོན་ཁོ་ན་ལས་བསྐྱེད་ཀྱང་རུང་ཞིང༌། ནུས་མ་རྣམས་དང༌། རྡོ་རྗེ་བཞི་རྣམས་མངོན་བྱང་ལྔ་ལས་གཙོ་བོ་དང་ལྷན་ཅིག་བསྐྱེད་ཆོག་གོ །དེ་ནས། གསུང་གི་དཀྱིལ་འཁོར་གྱི་ལྷ་སྣམ་ལ་རྣལ་འབྱོར་རྣམས་སྤྲོ་བར་བྱ་སྟེ། ཧ་ཡིག་ལས་བྱུང་བའི་གྲི་གུག་ནག་པོ་ཡོངས་སུ་གྱུར་པ་ལས། ཙར་ཙི་ཀ་ནག་མོ་ལ་དབང་པོ་སེར་པོས་འཁྱུད་པ་ཤར་གྱི་པདྨའི་ལྟེ་བར་ཡི་དྭགས་


TNT02_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་ལ་གནས་པ་དང༌། ཧི་ཧཱི་ཡ་ཡི་ཡཾ་རྣམས་ལས་བྱུང་བའི་གྲི་གུག་ནག་པོ་བརྒྱད་ཡོངས་སུ་གྱུར་པ་ལས། འཇིགས་མ། རླུང་ཤུགས་མ། དྲག་མོ། དུས་ཀྱི་མཆེ་བ་མ། མེ་འབར་གདོང་མ། རབ་གཏུམ་མ། དྲག་མིག་མ། སྣ་ཆེན་མ་རྣམས་ཀྱང་ནག་མོ། མདུན་དང་རྒྱབ་ཀྱི་འདབ་མ་དང༌། གཡས་ཀྱི་འདབ་མ་གསུམ་དང༌། གཡོན་གྱི་འདབ་མ་གསུམ་ལ་གནས་པ། དགུ་ཆར་ཡང་ཕྱག་བཞིའི་གཡས་གཉིས་ཀྱིས་གྲི་གུག་དང་རྩེ་གསུམ། གཡོན་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཾ་ག་འཛིན་པའོ། །ཀྵ་ཡིག་ལས་བྱུང་བའི་འཁོར་ལོ་ནག་པོ་ཡོངས་སུ་གྱུར་པ་ལས། ཁྱབ་འཇུག་མ་ནག་མོ་ལ་ཚངས་པ་སེར་པོས་འཁྱུད་པ། མེ་མཚམས་ཀྱི་པདྨའི་ལྟེ་བར་མཁའ་ལྡིང་ལ་གནས་པ་དང༌། ཀྵི་ཀྵཱི་ཡཱ་ཡཱི་ཡཿརྣམས་ལས་བྱུང་བའི་འཁོར་ལོ་ནག་པོ་བརྒྱད་ཡོངས་སུ་གྱུར་པ་ལས། གཡུང་མོ། རྣམ་པར་རྒྱལ་མ། སྒྱུ་མ། གྲགས་མ། བཀྲ་ཤིས་མ། དཔལ་ལྡན་རྒྱལ་མ། དཔལ་ལྡན་རྒྱལ་བྱེད་མ། འཁོར་ལོ་མ་རྣམས་ཀྱང་ནག་མོ། མདུན་དང་རྒྱབ་ཀྱི་འདབ་མ་དང༌། གཡས་ཀྱི་འདབ་མ་གསུམ་དང༌། གཡོན་གྱི་འདབ་མ་གསུམ་ལ་གནས་པ། དགུ་ཆར་ཡང་ཕྱག་བཞིའི་གཡས་གཉིས་ཀྱིས་འཁོར་ལོ་དང་བེ་ཅོན། གཡོན་གཉིས་ཀྱིས་པདྨ་དང་དུང་


TNT02_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའོ། །ཧཿཡིག་ལས་བྱུང་བའི་དབྱུག་པ་དམར་པོ་ཡོངས་སུ་གྱུར་པ་ལས། ཕག་མོ་དམར་མོ་ལ་དྲག་པོ་དཀར་པོས་འཁྱུད་པ། ལྷོའི་པདྨའི་ལྟེ་བར་མ་ཧེ་ལ་གནས་པ་དང༌། རུ་རླྀ་རཾ་རྣམས་ལས་བྱུང་བའི་དབྱུག་པ་དམར་པོ་བརྒྱད་ཡོངས་སུ་གྱུར་པ་ལས། ཀེང་རུས་མ། གཙིགས་མ། དུས་མཚན་མ། རབ་ཁྲོས་གདོང་མ། དུས་ཀྱི་ལྕེ་མ། ནག་མོ། དྲག་མོ། གཟུགས་ངན་མ་རྣམས་ཀྱང་དམར་མོ། མདུན་དང་རྒྱབ་ཀྱི་འདབ་མ་དང༌། གཡས་ཀྱི་འདབ་མ་གསུམ་དང༌། གཡོན་གྱི་འདབ་མ་གསུམ་ལ་གནས་པ། དགུ་ཆར་ཡང་ཕྱག་བཞིའི་གཡས་གཉིས་ཀྱིས་དབྱུག་པ་དང་རལ་གྲི། གཡོན་གཉིས་ཀྱིས་ལྕགས་སྒྲོག་དང་ཕུབ་འཛིན་པའོ། །ཀྵཿཡིག་ལས་བྱུང་བའི་ཤཀྟི་དམར་པོ་ཡོངས་སུ་གྱུར་པ་ལས། གཞོན་ནུ་མ་དམར་མོ་ལ་ཚོགས་བདག་དཀར་པོས་འཁྱུད་པ་བདེན་བྲལ་གྱི་པདྨའི་ལྟེ་བར་རྨ་བྱ་ལ་གནས་པ་དང༌། རཱུ་རླཱྀ་རཿརྣམས་ལས་བྱུང་བའི་ཤཀྟི་དམར་པོ་བརྒྱད་ཡོངས་སུ་གྱུར་པ་ལས། པདྨ་མ། རིན་ཆེན་འཕྲེང་བ་མ། ལུས་མེད་མ། གཞོན་ནུ་མ། རི་དྭགས་བདག་པོས་འགྲོ་མ། མིག་བཟང་མ། རུལ་མ། བཟང་མོ་རྣམས་ཀྱང་དམར་མོ། མདུན་དང་རྒྱབ་ཀྱི་འདབ་མ་དང༌། གཡས་ཀྱི་འདབ་མ་གསུམ་དང༌།


TNT02_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གྱི་འདབ་མ་གསུམ་ལ་གནས་པ། དགུ་ཆར་ཡང་ཕྱག་བཞིའི་གཡས་གཉིས་ཀྱིས་ཤཀྟི་དང་ལྕགས་ཀྱུ། གཡོན་གཉིས་ཀྱིས་རིན་པོ་ཆེ་དང་ཞགས་པ་འཛིན་པའོ། །ཧཾ་ཡིག་ལས་བྱུང་བའི་རྩེ་གསུམ་དཀར་པོ་ཡོངས་སུ་གྱུར་པ་ལས། དྲག་མོ་དཀར་མོ་ལ་གཤིན་རྗེ་དམར་པོས་འཁྱུད་པ། བྱང་གི་པདྨའི་ལྟེ་བར་ཁྱུ་མཆོག་ལ་གནས་པ་དང༌། ཧུ་ཧཱུ་ཝ་ཝི་ཝཾ་རྣམས་ལས་བྱུང་བའི་རྩེ་གསུམ་དཀར་པོ་བརྒྱད་ཡོངས་སུ་གྱུར་པ་ལས། གཽ་རི་འདེགས་མ། གཾ་གཱ་མ། རྟག་མ། མྱུར་མ། མཚོན་བྱེད་མ། དམར་སེར་མ། ནག་མོ་རྣམས་ཀྱང་དཀར་མོ། མདུན་དང་རྒྱབ་ཀྱི་འདབ་མ་དང༌། གཡས་ཀྱི་འདབ་མ་གསུམ་དང༌། གཡོན་གྱི་འདབ་མ་གསུམ་ལ་གནས་པ། དགུ་ཆར་ཡང་ཕྱག་བཞིའི་གཡས་གཉིས་ཀྱིས་རྩེ་གསུམ་དང་ཌཱ་མ་རུ། གཡོན་གཉིས་ཀྱིས་ཁ་ཊྭཱཾ་ག་དང་ལྟོས་འགྲོ་འཛིན་པའོ། །ཀྵཾ་ཡིག་ལས་བྱུང་བའི་པདྨ་དཀར་པོ་ཡོངས་སུ་གྱུར་པ་ལས། དཔལ་མོ་དཀར་མོ་ལ་གདོང་དྲུག་དམར་པོས་འཁྱུད་པ། དབང་ལྡན་གྱི་པདྨའི་ལྟེ་བར་སེང་གེ་ལ་གནས་པ་དང༌། ཀྵུ་ཀྵཱུ་ཝཱ་ཝཱི་ཝཿརྣམས་ལས་བྱུང་བའི་པདྨ་དཀར་པོ་བརྒྱད་ཡོངས་སུ་གྱུར་པ་ལས། དཔལ་ལྡན་དཀར་མོ། འཛིན་མ། ཟླ་


TNT02_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རི་མོ་ཅན་མ། རི་བོང་འཛིན་ཞལ་མ། ངང་པའི་མདོག་མ། པདྨའི་དབང་མོ། སྐར་མིག་མ། དྲི་མེད་རི་བོང་འཛིན་མ་རྣམས་ཀྱང་དཀར་མོ། མདུན་དང་རྒྱབ་ཀྱི་འདབ་མ་དང༌། གཡས་ཀྱི་འདབ་མ་གསུམ་དང༌། གཡོན་གྱི་འདབ་མ་གསུམ་ལ་གནས་པ། དགུ་ཆར་ཡང་ཕྱག་བཞིའི་གཡས་གཉིས་ཀྱིས་པདྨ་དང་བགྲང་འཕྲེང༌། གཡོན་གཉིས་ཀྱིས་ཆུ་སྐྱེས་དང་རིན་པོ་ཆེ་འཛིན་པའོ། །ཧཱ་ཡིག་ལས་བྱུང་བའི་རྡོ་རྗེ་སེར་པོ་ཡོངས་སུ་གྱུར་པ་ལས། དབང་མོ་སེར་མོ་ལ་བདེན་བྲལ་ནག་པོས་འཁྱུད་པ། ནུབ་ཀྱི་པདྨའི་ལྟེ་བར་གླང་པོ་ཆེ་ལ་གནས་པ་དང༌། ཧླྀ་ཧླཱྀ་ལ་ལི་ལུ་ལླྀ་ལཾ་རྣམས་ལས་བྱུང་བའི་རྡོ་རྗེ་སེར་པོ་བརྒྱད་ཡོངས་སུ་གྱུར་པ་ལས། རྡོ་རྗེ་འོད། བཀྲ་བའི་རི་མོ། རྡོ་རྗེའི་ལུས་མ། གསེར་ལྡན་མ། ཨུརྦ་སཱི། རམ་བྷ། ཟུག་རྔུ་མེད་མ། ཤིན་ཏུ་སྒྲོལ་མ་རྣམས་ཀྱང་སེར་མོ། མདུན་དང་རྒྱབ་ཀྱི་འདབ་མ་དང༌། གཡས་ཀྱི་འདབ་མ་གསུམ་དང༌། གཡོན་གྱི་འདབ་མ་གསུམ་ལ་གནས་པ། དགུ་ཆར་ཡང་ཕྱག་བཞིའི་གཡས་གཉིས་ཀྱིས་རྡོ་རྗེ་དང་མདའ། གཡོན་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་དང་གཞུ་འཛིན་པའོ། །ཀྵཱ་ཡིག་ལས་བྱུང་བའི་བར་བུ་སེར་པོ་ཡོངས་སུ་གྱུར་པ་ལས། ཚངས་མ་སེར་མོ་ལ་ཁྱབ་འཇུག་ནག་པོས་


TNT02_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་པ། རླུང་མཚམས་ཀྱི་པདྨའི་ལྟེ་བར་ངང་པ་ལ་གནས་པ་དང༌། ཀྵླྀ་ཀྵླཱྀ་ལཱ་ལཱི་ལཱུ་ལླཱྀ་ལཿརྣམས་ལས་བྱུང་བའི་བར་བུ་སེར་པོ་བརྒྱད་ཡོངས་སུ་གྱུར་པ་ལས། མཆོད་སྦྱིན་འདོད་མ། ངག་གི་དབང་ཕྱུག་མ། པདྨའི་སྤྱན་མ། ཆུ་སྐྱེས་ལྡན་མ། བློ་གྲོས་མ། གླུ་མ། གློག་མ། དྲན་མ་རྣམས་ཀྱང་སེར་མོ། མདུན་དང་རྒྱབ་ཀྱི་འདབ་མ་དང༌། གཡས་ཀྱི་འདབ་མ་གསུམ་དང༌། གཡོན་གྱི་འདབ་མ་གསུམ་ལ་གནས་པ། དགུ་ཆར་ཡང་ཕྱག་བཞིའི་གཡས་གཉིས་ཀྱིས་པདྨ་དང་ཚངས་པའི་དབྱུག་པ། གཡོན་གཉིས་ཀྱིས་སྤྱི་བླུགས་དང་བར་བུ་འཛིན་པའོ། །གཙོ་མོ་བརྒྱད་པོ་རྣམས་ནི་ས་གའི་སྟབས་ཀྱིས་གནས་ཤིང༌། བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པ་དང༌། འཁོར་རྣམས་ནི་རོལ་པའི་སྟབས་ཅན་རང་རང་གི་གཙོ་མོ་ལ་མངོན་དུ་ཕྱོགས་པ་སྟེ། ཚངས་མ་འཁོར་དང་བཅས་པ་ནི་གདོང་བཞི་མ། གཞོན་ནུ་མ་འཁོར་དང་བཅས་པ་ནི་གདོང་དྲུག་མ། གཞན་རྣམས་གདོང་གཅིག་མ། ཐམས་ཅད་ཀྱང་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ་སྟེ། རྣལ་འབྱོར་མའི་ཐབས་བརྒྱད་ནི་སྐུའི་ལྷ་ཆེན་རྣམས་ཀྱི་སྐབས་དང་ཕྱག་མཚན་འདྲ་བའོ། །དེ་ནས། སྐུའི་དཀྱིལ་འཁོར་གྱི་ལྷ་སྣམ་ལ་ཚེས་ཀྱི་ལྷ་རྣམས་སྤྲོ་བར་བྱ་སྟེ། ཉ་ཉི་ཉྼི་ཉི་ཉླི་ཉཾ།


TNT02_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཛྷ་ཛྷི་ཛྷཾ། ཛ་ཛི་ཛྼྀ་ཛུ་ཛླྀ་ཛྷཾ། ཚ་ཚི་ཚྼྀ་ཚུ་ཚླྀ་ཚཾ། ཙ་ཙི་ཙྼྀ་ཙུ་ཙླྀ་ཙཾ་རྣམས་ཡོངས་སུ་གྱུར་པ་ལས། རལ་གྲི་ནག་པོ་རྣམས་སུ་གྱུར་ཏེ། ཙཾ་དང་ལས་བྱུང་བའི་རལ་གྲི་དག་ཡོངས་སུ་གྱུར་པ་ལས། སྲིན་པོ་ནག་པོ་ལ་ཛརྀ་རྡོ་རྗེ་མ་སྲིན་མོ་སེར་མོས་འཁྱུད་པ། ཤར་གྱི་གཡས་སུ་པདྨའི་ལྟེ་བར་ཡི་དྭགས་ལ་གནས་པ་དང༌། མཚན་མ་ལྷག་མ་རྣམས་ལས་བྱུང་བའི་ཉ་རྡོ་རྗེ་མ། ཉི་རྡོ་རྗེ་མ། དེ་བཞིན་དུ་སྦྱར་ཏེ། ཉྼྀ་ཉུ་ཉླྀ་ཉཾ། ཛྷ་ཛྷི་ཛྷྼྀ་ཛྷུ་ཛྷླྀ་ཛྷཾ། ཛ་ཛི་ཛུ་ཛླྀ་ཛཾ། ཚ་ཚི་ཚྼྀ་ཚུ་ཚླྀ་ཚཾ། ཙ་ཙི་ཙྼྀ་ཙུ་ཙླྀ་ཙཾ་རྡོ་རྗེ་མ་རྣམས་ཀྱང་ནག་མོ། གཙོ་འཁོར་ཐམས་ཅད་ཀྱང་ཕྱག་བཞིའི་གཡས་གཉིས་ཀྱིས་རལ་གྲི་དང་གྲི་གུག །གཡོན་གཉིས་ཀྱིས་ཕུབ་དང་ཐོད་པ་འཛིན་པ། ནང་བསྐོར་གྱི་པད་འདབ་མདུན་མ་ནས་བརྩམས་ཏེ་པད་འདབ་རྣམས་ལ་གཡས་བསྐོར་གྱི་རིམ་པས་གནས་པ། ནག་པ་ཟླ་བའི་ཚེས་རྣམས་རྣམ་པར་དག་པའོ། །དེས་རིགས་སྒྲེས་ཏེ་འོག་མ་རྣམས་ལའང་ཤེས་པར་བྱའོ། །ཙཱ་ཙཱི་ཙྼཱྀ་ཙཱུ་ཙླཱྀ་ཙཿ ཚཱ་ཚཱི་ཚྼཱྀ་ཚཱུ་ཚླཱྀ་ཚཿ ཛཱ་ཛཱི་ཛྼཱྀ་ཛཱུ་ཛླཱྀ་ཛཿ ཛྷཱ་ཛྷཱི་ཛྷྼཱྀ་ཛྷཱུ་ཛླཱྀ་ཛྷཿ ཱ་ཉཱི་ཉཿརྣམས་ཡོངས་སུ་གྱུར་པ་ལས། དཔག་བསམ་གྱི་ཤིང་ནག་པོ་རྣམས་སུ་གྱུར་ཏེ། ཉཿདང་ལས་བྱུང་བའི་དཔག་བསམ་


TNT02_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཤིང་དག་ཡོངས་སུ་གྱུར་པ་ལས། རླུང་ལྷ་ནག་པོ་ལ་རྡོ་རྗེ་མ་རབ་གཏུམ་མ་སེར་མོས་འཁྱུད་པ། མེ་མཚམས་ཀྱི་པདྨའི་ལྟེ་བར་རི་དྭགས་ལ་གནས་པ་དང༌། མཚན་མ་ལྷག་མ་རྣམས་ལས་བྱུང་བའི། ཙཱ་ཚཱ་ཛཱ་ཛྷཱ་ཉླཱྀ་རྡོ་རྗེ་མ་རྣམས་ཀྱང་ནག་མོ། གཙོ་འཁོར་ཐམས་ཅད་ཀྱང་ཕྱག་བཞིའི་གཡས་གཉིས་ཀྱིས་དཔག་བསམ་གྱི་ཤིང་དང་ཡོངས་འདུའི་མེ་ཏོག གཡོན་གཉིས་ཀྱིས་ནོར་བུ་ཨིནྡྲ་ནཱི་ལ་དང༌། ཨུཏྤལ་སྔོན་པོ་འཛིན་པ། ནང་བསྐོར་གྱི་པད་འདབ་མདུན་མ་ནས་བརྩམས་ཏེ་པད་འདབ་རྣམས་ལ་གཡས་བསྐོར་གྱི་རིམ་པས་གནས་པ། ས་གའི་ཟླ་བའི་ཚེས་རྣམས་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་དཔྱིད་ཀྱི་དུས་སོ། །ཎ་ཎི་ཎྼྀ་ཎུ་ཎླྀ་ཎཾ། ཌྷ་ཌྷི་ཌྷྼྀ་ཌྷུ་ཌྷླྀ་ཌྷཾ། ཌ་ཌི་ཌྼྀ་ཌུ་ཌླྀ་ཌཾ། ཋ་ཋི་ཋྼྀ་ཋུ་ཋླྀ་ཋཾ། ཊ་ཊི་ཊྼྀ་ཊུ་ཊླྀ་ཊཾ་རྣམས་ཡོངས་སུ་གྱུར་པ་ལས། མདུང་དམར་པོ་རྣམས་སུ་གྱུར་ཏེ། ཊཾ་དང་ཌྼྀ་ལས་བྱུང་བའི་མདུང་དག་ཡོངས་སུ་གྱུར་པ་ལས། །མེ་ལྷ་དམར་པོ་ལ་རྡོ་རྗེ་མ་ཆུ་ལྷ་མོ་དཀར་མོས་འཁྱུད་པ་ལྷོའི་གཡས་སུ་པདྨའི་ལྟེ་བར་ལུག་ལ་གནས་པ་དང༌། མཚན་མ་ལྷག་མ་རྣམས་ལས་བྱུང་བའི། ཎ་ཌྷ་ཌ་ཋ་ཊླྀ་རྡོ་རྗེ་མ་རྣམས་ཀྱང་དམར་མོ་གཙོ་འཁོར་ཐམས་ཅད་ཀྱང་ཕྱག་བཞིའི་གཡས་གཉིས་ཀྱིས་མདུང་དང་དབྱུག་པ། གཡོན་


TNT02_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་ཆུ་སྐྱེས་དང་སྤྱི་བླུགས་འཛིན་པ། ནང་བསྐོར་གྱི་པད་འདབ་མདུན་མ་ནས་བརྩམས་ཏེ་པད་འདབ་རྣམས་ལ་གཡས་བསྐོར་གྱི་རིམ་པས་གནས་པ། སྣྲོན་གྱི་ཟླ་བའི་ཚེས་རྣམས་རྣམ་པར་དག་པའོ། །ཊཱ་ཊཱི་ཊཱྀ་ཊྼཱྀ་ཊཱུ་ཊླཱྀ་ཊཿ ཋཱ་ཋཱི་ཋྼཱྀ་ཋཱུ་ཋླྀ་ཋཿ ཌཱ་ཌཱི་ཌྼཱྀ་ཌཱུ་ཌླཱྀ་ཌཿ ཌྷཱ་ཌྷཱི་ཌྷྼཱྀ་ཌྷཱུ་ཌྷླྀ་ཌྷཿ ཎཱ་ཎཱི་ཎྼཱྀ་ཎཱུ་ཎླཱྀ་ཎཿརྣམས་ཡོངས་སུ་གྱུར་པ་ལས། ཤཀྟི་དམར་པོ་རྣམས་སུ་གྱུར་ཏེ། ཎཿདང་ལས་བྱུང་བའི་ཤཀྟི་དག་ཡོངས་སུ་གྱུར་པ་ལས། གདོང་དྲུག་དམར་པོ་ལ་རྡོ་རྗེ་མ་དཔལ་མོ་དཀར་མོས་འཁྱུད་པ། བདེན་བྲལ་གྱི་པདྨའི་ལྟེ་བར་རྨ་བྱ་ལ་གནས་པ་དང༌། མཚན་མ་ལྷག་མ་རྣམས་ལས་བྱུང་བའི། ཊཱ་ཋཱ་ཌཱ་ཌྷཱ་ཎླཱྀ་རྡོ་རྗེ་མ་རྣམས་ཀྱང་དམར་མོ། གཙོ་འཁོར་ཐམས་ཅད་ཀྱང་ཕྱག་བཞིའི་གཡས་གཉིས་ཀྱི་ཤཀྟི་དང་མདུང༌། གཡོན་གཉིས་ཀྱིས་ནོར་བུ་དང་མེ་ལོང་འཛིན་པ། ནང་བསྐོར་གྱི་པད་འདབ་མདུན་མ་ནས་བརྩམས་ཏེ་པད་འདབ་རྣམས་ལ་གཡས་བསྐོར་གྱི་རིམ་པས་གནས་པ། ཆུ་སྟོད་ཀྱི་ཟླ་བའི་ཚེས་རྣམས་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་སོས་ཀའི་དུས་སོ། །མ་མི་མྼྀ་མུ་མླྀ་མཾ། བྷ་བྷི་བྷྼྀ་བྷུ་བྷླྀ་བྷཾ། བ་བི་བྼྀ་བུ་བླྀ་བཾ། ཕ་ཕི་ཕྼྀ་ཕུ་ཕླྀ་ཕཾ། པ་པི་པྼྀ་པུ་པླྀ་པཾ་རྣམས་ཡོངས་སུ་གྱུར་པ་ལས། ཞགས་པ་དཀར་པོ་རྣམས་སུ་


TNT02_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏེ། པཾ་དང་ལས་བྱུང་བའི་ཞགས་པ་དག་ཡོངས་སུ་གྱུར་པ་ལས། རྒྱ་མཚོ་དཀར་པོ་ལ་རྡོ་རྗེ་མ་ཕག་མོ་དམར་མོས་འཁྱུད་པ། བྱང་གི་གཡས་སུ་པདྨའི་ལྟེ་བར་ཆུ་སྲིན་ལ་གནས་པ་དང༌། མཚན་མ་ལྷག་མ་རྣམས་ལས་བྱུང་བའི་མ་བྷ་བ་ཕཔླྀ་རྡོ་རྗེ་མ་རྣམས་ཀྱང་དཀར་མོ། གཙོ་འཁོར་ཐམས་ཅད་ཀྱང་ཕྱག་བཞིའི་གཡས་གཉིས་ཀྱིས་ཞགས་པ་དང་རིན་པོ་ཆེ། གཡོན་གཉིས་ཀྱིས་སྦྲུལ་ཞགས་དང་ཟླ་བ་ཆུ་ཤེལ་གྱི་ནོར་བུ་འཛིན་པ། ནང་བསྐོར་གྱི་པད་འདབ་མདུན་མ་ནས་བརྩམས་ཏེ་པད་འདབ་རྣམས་ལ་གཡས་བསྐོར་གྱི་རིམ་པས་གནས་པ། གྲོ་བཞིན་གྱི་ཟླ་བའི་ཚེས་རྣམས་རྣམ་པར་དག་པའོ། །པཱ་པཱི་པྼཱྀ་པཱུ་པླཱྀ་པཿ ཕཱ་ཕཱི་ཕྼཱྀ་ཕཱུ་ཕླཱྀ་ཕཿ བཱ་བཱི་བྼཱྀ་བཱུ་བླཱྀ་བཿ བྷཱ་བྷཱི་བྷཪཱྀ་བྷཱུ་བྷླཱྀ་བྷཿ མཱ་མཱི་མྼཱྀ་མཱུ་མླཱྀ་མཿརྣམས་ཡོངས་སུ་གྱུར་པ་ལས། དགྲ་སྟྭ་དཀར་པོ་རྣམས་སུ་གྱུར་ཏེ། མཿདང་ལས་བྱུང་བའི་དགྲ་སྟྭ་དག་ཡོངས་སུ་གྱུར་པ་ལས། ཚོགས་བདག་དཀར་པོ་ལ་རྡོ་རྗེ་མ་གཞོན་ནུ་མ་དམར་མོས་འཁྱུད་པ། དབང་ལྡན་གྱི་པདྨའི་ལྟེ་བར་བྱི་བ་ལ་གནས་པ་དང༌། མཚན་མ་ལྷག་མ་རྣམས་ལས་བྱུང་བའི། པཱ་ཕཱ་བཱ་བྷཱ་མླཱྀ་རྡོ་རྗེ་མ་རྣམས་ཀྱང་དཀར་མོ། གཙོ་འཁོར་ཐམས་ཅད་ཀྱང་ཕྱག་བཞིའི་གཡས་གཉིས་ཀྱིས་དགྲ་སྟྭ་དང་རྡོ་རྗེ༌། གཡོན་གཉིས་


TNT02_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཞགས་པ་དང་ནོར་བུ་འཛིན་པ། ནང་བསྐོར་གྱི་པད་འདབ་མདུན་མ་ནས་བརྩམས་ཏེ་པད་འདབ་རྣམས་ལ་གཡས་བསྐོར་གྱི་རིམ་པས་གནས་པ། ཁྲུམས་སྟོད་ཀྱི་ཟླ་བའི་ཚེས་རྣམས་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་དབྱར་གྱི་དུས་སོ། །ན་ནི་ནྼྀ་ནུ་ནླྀ་ནཾ། དྷ་དྷི་དྷྼྀ་དྷུ་དྷླྀ་དྷཾ། ད་དི་དྼྀ་དུ་དླྀ་དཾ། ཐ་ཐི་ཐྼྀ་ཐུ་ཐླྀ་ཐཾ། ཏ་ཏི་ཏྼྀ་ཏུ་ཏླྀ་ཏཾ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེར་པོ་རྣམས་སུ་གྱུར་ཏེ། ཏཾ་དང་དྼྀ་ལས་བྱུང་བའི་རྡོ་རྗེ་དག་ཡོངས་སུ་གྱུར་པ་ལས། དབང་པོ་སེར་པོ་ལ་རྡོ་རྗེ་མ་རླུང་ལྷ་མོ་ནག་མོས་འཁྱུད་པ། ནུབ་ཀྱི་གཡས་སུ་པདྨའི་ལྟེ་བར་གླང་པོ་ཆེ་ལ་གནས་པ་དང༌། མཚན་མ་ལྷག་མ་རྣམས་ལས་བྱུང་བའི་ན་དྷ་ད་ཐ་རྡོ་རྗེ་མ་རྣམས་ཀྱང་སེར་མོ། གཙོ་འཁོར་ཐམས་ཅད་ཀྱང་ཕྱག་བཞིའི་གཡས་གཉིས་ཀྱིས་རྡོ་རྗེ་དང་མདའ། གཡོན་གཉིས་ཀྱིས་དྲིལ་བུ་དང་གཞུ་འཛིན་པ། ནང་བསྐོར་གྱི་པད་འདབ་མདུན་མ་ནས་བརྩམས་ཏེ་པད་འདབ་རྣམས་ལ་གཡས་བསྐོར་གྱི་རིམ་པས་གནས་པ། ཐ་སྐར་གྱི་ཟླ་བའི་ཚེས་རྣམས་རྣམ་པར་དག་པའོ། །ཏཱ་ཏཱི་ཏྼཱྀ་ཏཱུ་ཏླཱྀ་ཏཿ ཐཱ་ཐཱི་ཐྼཱྀ་ཐཱུ་ཐླྀ་ཐཿ དཱ་དཱི་དྼཱྀ་དཱུ་དླཱི་དཿ དྷཱ་དྷཱི་དྷྼཱྀ་དྷཱུ་དྷླཱྀ་དྷཿ ནཱ་ནཱི་ནྼཱྀ་ནཱུ་ནླཱྀ་ནཿརྣམས་ཡོངས་སུ་གྱུར་པ་ལས། ཁབ་སེར་པོ་རྣམས་སུ་གྱུར་ཏེ། ནཿདང་དྼཱྀ་ལས་བྱུང་བའི་ཁབ་


TNT02_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཡོངས་སུ་གྱུར་པ་ལས། མེས་པོ་སེར་པོ་ལ་དྼཱྀ་རྡོ་རྗེ་མ་གློག་མ་ནག་མོས་འཁྱུད་པ། རླུང་མཚམས་ཀྱི་པདྨའི་ལྟེ་བར་ངང་པ་ལ་གནས་པ་དང༌། མཚན་མ་ལྷག་མ་རྣམས་ལས་བྱུང་བའི། ཏཱ་ཐཱ་དཱ་དྷཱ་ནླཱཾ་རྡོ་རྗེ་མ་རྣམས་ཀྱང་སེར་མོ། གཙོ་འཁོར་ཐམས་ཅད་ཀྱང་ཕྱག་བཞིའི་གཡས་གཉིས་ཀྱིས་ཁབ་དང་བགྲང་འཕྲེང༌། གཡོན་གཉིས་ཀྱིས་པདྨ་དང་སྤྱི་བླུགས་འཛིན་པ། ནང་བསྐོར་གྱི་པད་འདབ་མདུན་མ་ནས་བརྩམས་ཏེ་པད་འདབ་རྣམས་ལ་གཡས་བསྐོར་གྱི་རིམ་པས་གནས་པ། སྨིན་དྲུག་གི་ཟླ་བའི་ཚེས་རྣམས་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་སྟོན་གྱི་དུས་སོ། །ཋྐ་ཋྐི་ཋྐྼྀ་ཋྐུ་ཋྐཱྀ་ཋྐཾ། ཤ་ཤི་ཤྼྀ་ཤུ་ཤླྀ་ཤཾ། ཥ་ཥི་ཥྼྀ་ཥུ་ཥླྀ་ཥཾ། ྉྤ་ྉྤི་ྉྤཾ། ས་སི་སཾ་རྣམས་ཡོངས་སུ་གྱུར་པ་ལས། རྩེ་གསུམ་སྔོན་པོ་རྣམས་སུ་གྱུར་ཏེ། སཾ་དང་ཥྼྀ་ལས་བྱུང་བའི་རྩེ་གསུམ་དག་ཡོངས་སུ་གྱུར་པ་ལས། དྲག་པོ་སྔོན་པོ་ལ་ཥྼྀ་རྡོ་རྗེ་མ་རི་སྲས་མ་ལྗང་ཁུས་འཁྱུད་པ། བྱང་གི་གཡོན་དུ་པདྨའི་ལྟེ་བར་ཁྱུ་མཆོག་ལ་གནས་པ་དང༌། ༷མཚན་མ་ལྷག་མ་རྣམས་ལས་བྱུང་བའི་ཐྐ་ཤ་ཥ་ཀྦ་སླྀ་རྡོ་རྗེ་མ་རྣམས་ཀྱང་སྔོན་མོ། གཙོ་འཁོར་ཐམས་ཅད་ཀྱང་ཕྱག་བཞིའི་གཡས་གཉིས་ཀྱིས་རྩེ་གསུམ་དང་མདའ། གཡོན་གཉིས་ཀྱིས་སྦྲུལ་དང་བཅས་པས་ཁ་ཊྭཱཾ་ག་དང་གཞུ་འཛིན་པ།


TNT02_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ནང་བསྐོར་གྱི་པད་འདབ་མུན་མ་ནས་བརྩམས་ཏེ་པད་འདབ་རྣམས་ལ་གཡས་བསྐོར་གྱི་རིམ་པས་གནས་པ། མགོའི་ཟླ་བའི་ཚེས་རྣམས་རྣམ་པར་དག་པའོ། །སཱ་སཱི་སྼཱྀ་སཱུ་སླཱྀ་སཿ ྉྤཱ་ྉྤཱི་ྉྤྼཱྀ་ྉྤཱུ་ྉྤླཱྀ་ཥཿ ཥཱ་ཥཱི་ཥྼཱྀ་ཤཱུ་ཥླཱྀ་ཥཿ ཤཱ་ཤཱི་ཤྼཱྀ་ཤཱུ་ཤླཱྀ་ཤཿ ྈྐཱ་ ྈྐཱི་ ྈྐྼཱྀ་ ྈྐཱུ་ ྈྐླཱྀ་ ྈྐཿ རྣམས་ཡོངས་སུ་གྱུར་པ་ལས། བེ་ཅོན་སྔོན་པོ་རྣམས་སུ་གྱུར་ཏེ། ྈྐཿདང་ཥྼཱྀ་ལས་བྱུང་བའི་བེ་ཅོན་དག་ཡོངས་སུ་གྱུར་པ་ལས། ༵ནོར་བདག་སྔོན་པོ་ལ་ཥྼཱྀ་རྡོ་རྗེ་མ་ནོར་གྱི་དབང་མོ་ལྗང་ཁུས་འཁྱུད་པ། ནུབ་ཀྱི་གཡོན་དུ་པདྨའི་ལྟེ་བར་གླང་པོ་ཆེ་ལ་གནས་པ་དང༌། མཚན་མ་ལྷག་མ་རྣམས་ལས་བྱུང་བའི། སཱ་རྡོ་རྗེ་མ་རྣམས་ཀྱང་སྔོན་མོ། གཙོ་འཁོར་ཐམས་ཅད་ཀྱང་ཕྱག་བཞིའི་གཡས་གཉིས་ཀྱིས་ནོར་བུ་དང་བེ་ཅོན། གཡོན་གཉིས་ཀྱིས་ནེའུ་ལེ་དང་པདྨ་འཛིན་པ། ནང་བསྐོར་གྱི་པད་འདབ་མདུན་མ་ནས་བརྩམས་ཏེ་པད་འདབ་རྣམས་ལ་གཡས་བསྐོར་གྱི་རིམ་པས་གནས་པ། རྒྱལ་གྱི་ཟླ་བའི་ཚེས་རྣམས་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་དགུན་སྟོད་ཀྱི་དུས་སོ། །ང་ངི་ངྼྀ་ངུ་ངླྀ་ངཾ༌། གྷ་གྷི་གྷྼྀ་གྷཱུ་གྷླྀ་གྷཾ། ག་གི་གྼྀ་གུ་གླྀ་གཾ། ཁ་ཁི་ཁྼྀ་ཁུ་ཁླྀ་ཁཾ། ཀ་ཀི་ཀྼྀ་ཀུ་ཀླྀ་ཀཾ་རྣམས་ཡོངས་སུ་གྱུར་པ་ལས། འཁོར་ལོ་ལྗང་


TNT02_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་རྣམས་སུ་གྱུར་ཏེ། ཀཾ་དང་ལས་བྱུང་བའི་འཁོར་ལོ་དག་ཡོངས་སུ་གྱུར་པ་ལས། ཁྱབ་འཇུག་ལྗང་ཁུ་ལ་རྡོ་རྗེ་མ་དཔལ་མོ་སྔོན་མོས་འཁྱུད་པ། ཤར་གྱི་གཡོན་དུ་པདྨའི་ལྟེ་བར་མཁའ་ལྡིང་ལ་གནས་པ་དང༌། མཚན་མ་ལྷག་མ་རྣམས་ལས་བྱུང་བའི་ང་གྷ་ག་ཁ་ཀླྀ་རྡོ་རྗེ་མ་རྣམས་ཀྱང་ལྗང་ཁུ། གཙོ་འཁོར་ཐམས་ཅད་ཀྱང་ཕྱག་བཞིའི་གཡས་གཉིས་ཀྱིས་འཁོར་ལོ་དང་དབྱུག་ཐོ། གཡོན་གཉིས་ཀྱིས་པདྨ་དང་སྐྱེ་བ་ལྔ་པའི་དུང་འཛིན་པ། ནང་བསྐོར་གྱི་པད་འདབ་མདུན་མ་ནས་བརྩམས་ཏེ་པད་འདབ་རྣམས་ལ་གཡས་བསྐོར་གྱི་རིམ་པས་གནས་པ། མཆུའི་ཟླ་བའི་ཚེས་རྣམས་རྣམ་པར་དག་པའོ། །ཀཱ་ཀཱི་ཀྼཱྀ་ཀཱུ་ཀླཱྀ་ཀཿ ཁཱ་ཁཱི་ཁྼཱྀ་ཁཱུ་ཁླཱྀ་ཁཿ གཱ་གཱི་གྼཱྀ་གཱུ་གླཱྀ་གཿ གྷཱ་གྷཱི་གྷྼཱྀ་གྷཱུ་གྷླཱྀ་གྷཿ ངཱ་ངཱི་ངྼཱྀ་ངཱུ་ངླཱྀ་ངཿ རྣམས་ཡོངས་སུ་གྱུར་པ་ལས། དབྱུག་པ་ལྗང་ཁུ་རྣམས་སུ་གྱུར་ཏེ། ངཿདང་གྼཱྀ་ལས་བྱུང་བའི་དབྱུག་པ་དག་ཡོངས་སུ་གྱུར་པ་ལས། གཤིན་རྗེ་ལྗང་ཁུ་ལ་རྡོ་རྗེ་མ་གཤིན་རྗེ་མོ་སྔོན་མོས་འཁྱུད་པ། ལྷོའི་གཡོན་དུ་པདྨའི་ལྟེ་བར་མ་ཧེ་ལ་གནས་པ་དང༌། མཚན་མ་ལྷག་མ་རྣམས་ལས་བྱུང་བའི། ཀཱ་ཁཱ་གཱ་གྷཱ་ངླཱྀ་རྡོ་རྗེ་མ་རྣམས་ཀྱང་ལྗང་ཁུ་གཙོ་འཁོར་ཐམས་ཅད་ཀྱང་ཕྱག་བཞིའི་གཡས་གཉིས་ཀྱི་དབྱུག་པ་དང་རལ་གྲི་གཡོན་


TNT02_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་ལྕགས་སྒྲོག་དང་ཞགས་པ་འཛིན་པ། ནང་བསྐོར་གྱི་པད་འདབ་མདུན་མ་ནས་བརྩམས་ཏེ། པད་འདབ་རྣམས་ལ་གཡས་བསྐོར་གྱི་རིམ་པས་གནས་པ། དབོའི་ཟླ་བའི་ཚེས་རྣམས་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་དགུན་སྨད་ཀྱི་དུས་སོ། །གཙོ་བོ་རྣམས་ནི་རྡོ་རྗེའི་གདན་གྱིས་གནས་ཤིང་བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པ་དང༌། འཁོར་རྣམས་ནི་རོལ་པའི་སྟབས་ཅན་རང་རང་གི་གཙོ་བོ་ལ་མངོན་དུ་ཕྱོགས་པ་སྟེ། ཚངས་པ་འཁོར་དང་བཅས་པ་ནི་གདོང་བཞི་པ། གཞོན་ནུ་འཁོར་དང་བཅས་པ་ནི་གདོང་དྲུག་པ། གཞན་རྣམས་གདོང་གཅིག་པ། ཐམས་ཅད་ཀྱང་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པའོ། །སྐུའི་སྒོ་སྐྱོང་སྤྲོ་བར་བྱ་སྟེ། ཡ་ཡིག་ལས་བྱུང་བའི་དབྱུག་པ་ནག་པོ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་དབྱུག་སྔོན་ཅན་ནག་པོ་ཕྱག་བཞིའི་གཡས་གཉིས་ཀྱིས་རལ་གྲི་དང་རྡོ་རྗེ། གཡོན་གཉིས་ཀྱི་ཕུབ་དང་ལྟོས་འགྲོ་འཛིན་པ་ལ། ལཱ་ཡིག་ལས་བྱུང་བའི་འོད་ཟེར་ཅན་མ་སེར་མོ་སྟོབས་པོ་ཆེ་ལྟ་བུས་འཁྱུད་པ། ཤར་སྒོར་འོད་ཟེར་ཅན་མའི་ཤིང་རྟ་ལ་གནས་པ་དང༌། ར་ཡིག་ལས་བྱུང་བའི་མདའ་དམར་པོ་ཡོངས་སུ་གྱུར་པ་ལས། འདོད་པའི་རྒྱལ་པོ་དམར་པོ་ཕྱག་བཞིའི་གཡས་གཉིས་ཀྱིས་མདའ་དང་ལྕགས་ཀྱུ། གཡོན་གཉིས་ཀྱིས་གཞུ་དང་


TNT02_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་པ་འཛིན་པ་ལ། ཝཱ་ཡིག་ལས་བྱུང་བའི་སྐུལ་བྱེད་མ་དཀར་མོ་མི་གཡོ་བ་ལྟ་བུས་འཁྱུད་པ། ལྷོ་སྒོར་ཙུན་དའི་ཤིང་རྟ་ལ་གནས་པ་དང༌། ཝ་ཡིག་ལས་བྱུང་བའི་གཏུན་ཤིང་དཀར་པོ་ཡོངས་སུ་གྱུར་པ་ལས་མི་གཡོ་བ་དཀར་པོ་ཕྱག་བཞིའི་གཡས་གཉིས་ཀྱིས་ཐོ་བ་དང་མདུང༌། གཡོན་གཉིས་ཀྱིས་པདྨ་དང་མེ་ལོང་འཛིན་པ་ལ། རཱ་ཡིག་ལས་བྱུང་བའི་ཁྲོ་གཉེར་ཅན་མ་དམར་མོ་འདོད་རྒྱལ་ལྟ་བུས་འཁྱུད་པ། བྱང་སྒོར་ཁྲོ་གཉེར་ཅན་གྱི་ཤིང་རྟ་ལ་གནས་པ་དང༌། ལ་ཡིག་ལས་བྱུང་བའི་བེ་ཅོན་སེར་པོ་ཡོངས་སུ་གྱུར་པ་ལས། སྟོབས་པོ་ཆེ་སེར་པོ་ཕྱག་བཞིའི་གཡས་གཉིས་ཀྱིས་འཁོར་ལོ་དང་དབྱུག་པ། གཡོན་གཉིས་ཀྱིས་དུང་དང་རིན་པོ་ཆེ་འཛིན་པ་ལ། ཡཱ་ཡིག་ལས་བྱུང་བའི་རྡོ་རྗེ་ལྕགས་སྒྲོག་མ་ནག་མོ་དབྱུག་སྔོན་ཅན་ལྟ་བུས་འཁྱུད་པ། ནུབ་སྒོར་ལྕགས་སྒྲོག་མའི་ཤིང་རྟ་ལ་གནས་པ་དང༌། ཧཾ་ཡིག་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་ཡོངས་སུ་གྱུར་པ་ལས། གཙུག་ཏོར་འཁོར་ལོས་བསྒྱུར་བ་ལྗང་ཁུ། ཕྱག་བཞིའི་གཡས་གཉིས་ཀྱིས་དགྲ་སྟྭ་དང་རྩེ་གསུམ། གཡོན་གཉིས་ཀྱིས་སྦྲུལ་ཞགས་དང་ཁ་ཊྭཱཾ་ག་འཛིན་པ་ལ། ཧཿཡིག་ལས་བྱུང་བའི་ཤིན་ཏུ་སྔོན་མོ་གནོད་མཛེས་རྒྱལ་པོ་ལྟ་བུས་འཁྱུད་པ། སྟེང་དུ་ཤིན་ཏུ་སྔོན་མོའི་ཤིང་རྟ་ལ་གནས་པ་དང༌། ཧ་ཡིག་ལས་བྱུང་བའི་


TNT02_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྔོན་པོ་ཡོངས་སུ་གྱུར་པ་ལས། གནོད་མཛེས་རྒྱལ་པོ་སྔོན་པོ་ཕྱག་བཞིའི་གཡས་གཉིས་ཀྱིས་གྲི་གུག་དང་རྡོ་རྗེ། གཡོན་གཉིས་ཀྱིས་ཐོད་པ་དང་དྲིལ་བུ་འཛིན་པ་ལ། ཧཱ་ཡིག་ལས་བྱུང་བའི་དྲག་སྤྱན་མ་ལྗང་ཁུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་ལྟ་བུས་འཁྱུད་པ། འོག་ཏུ་དྲག་སྤྱན་མའི་ཤིང་རྟ་ལ་གནས་པ་སྟེ། ཁྲོ་བོ་ཡབ་ཡུམ་དེ་རྣམས་ཐམས་ཅད་ཀྱང་ཞལ་གཅིག་པ། སྤྱན་གསུམ་པ། རབ་ཏུ་ཁྲོས་ཤིང་སྦྲུལ་གྱིས་བརྒྱན་པ། ཁྲོ་བོ་རྣམས་གཡས་བརྐྱང་དང༌། ཁྲོ་བོ་ལྷ་མོ་རྣམས་གཡོན་བརྐྱང་གི་སྟབས་ཀྱིས་གནས་པའོ། །མི་སྤྲ྄ོ་ན་ཁྲོ་མོ་བཅུ་པོ་རྣམས་ཀྱི་ས་བོན་བོར་ཀྱང་རུང་ངོ༌། །སྐུའི་སྟེགས་བུ་ལ་རྟ་འབབ་ཀྱི་ཀ་བའི་ནང་རོལ་དུ་ཀླུ་རྣམས་སྤྲོ་བར་བྱ་སྟེ། ཧྻ་ཧྻཱ་ལས་བྱུང་བའི་རྒྱལ་མཚན་དག་ཡོངས་སུ་གྱུར་པ་ལས། སྟོབས་ཀྱི་རྒྱུ་དང་པདྨ་ནག་པོ་ལ། མཁའ་ལྡིང་གདོང་མ་དང༌། ལྕེ་སྤྱང་གདོང་མ་སེར་མོས་འཁྱུད་པ། ཤར་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུའི་སྟེང་དུ། རླུང་གི་དཀྱིལ་འཁོར་ཟླུམ་པོ་ནག་པོ་ཐིག་ལེས་མཚན་པ་ལ་གནས་པ་དང༌། ལས་བྱུང་བའི་བཀྲ་ཤིས་འཁྱིལ་པ་དག་ཡོངས་སུ་གྱུར་པ་ལས། ནོར་རྒྱས་དང་དུང་སྐྱོང་དམར་པོ་ལ། འུག་གདོང་མ་དང༌། སྟག་གདོང་མ་དཀར་མོས་འཁྱུད་པ། ལྷོ་སྒོའི་


TNT02_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དང་གཡས་ཀྱི་སྟེགས་བུའི་སྟེང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་བཀྲ་ཤིས་ཀྱིས་མཚན་པ་ལ་གནས་པ་དང༌། ལས་བྱུང་བའི་པདྨ་དག་ཡོངས་སུ་གྱུར་པ་ལས། མཐའ་ཡས་དང་རིགས་ལྡན་དཀར་པོ་ལ། བྱ་རྒོད་གདོང་མ་དང༌། ཕག་གདོང་མ་དམར་པོས་འཁྱུད་པ། བྱང་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུའི་སྟེང་དུ་ཆུའི་དཀྱིལ་འཁོར་ཟླ་གམ་དཀར་པོ་པདྨས་མཚན་པ་ལ་གནས་པ་དང༌། ཧླ་ཧླཱ་ལས་བྱུང་བའི་རྡོ་རྗེ་སེར་པོ་དག་ཡོངས་སུ་གྱུར་པ་ལས། འཇོག་པོ་དང་པདྨ་ཆེན་པོ་སེར་པོ་ལ། ཁྭ་གདོང་མ་དང་ཁྱི་གདོང་མ་ནག་མོས་འཁྱུད་པ། ནུབ་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུའི་སྟེང་དུ། སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེས་མཚན་པ་ལ་གནས་པ་དང༌། སྟེང་དུ་ནམ་མཁའི་དཀྱིལ་འཁོར་ལྗང་ཁུ་ལ་རྒྱལ་བ་ལྗང་ཁུ། རྡོ་རྗེ་མིག་མས་འཁྱུད་པ་དང༌། འོག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྔོན་པོ་ལ། རྣམ་པར་རྒྱལ་བ་སྔོན་པོ། ཤིན་ཏུ་སྔོན་མོས་འཁྱུད་པས་གནས་པ་སྟེ། ཐམས་ཅད་ཀྱང་རྡོ་རྗེའི་གདན་གྱིས་གནས་ཤིང་རིན་པོ་ཆེས་བརྒྱན་པ། ཞལ་གཅིག་པ། སྤྱན་གསུམ་པ། ཕྱག་བཞིའི་གཡས་གཉིས་ཀྱིས་བདུད་རྩིའི་བུམ་པ་དང་རྡོ་རྗེ། གཡོན་གཉིས་ཀྱིས་པདྨ་དང་རིན་པོ་ཆེ་འཛིན་པའོ། །


TNT02_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་འཁོར་ལོའི་སྟེང་དུ་རབ་གཏུམ་མ་རྣམས་སྤྲོ་བར་བྱ་སྟེ། དང་གྲི་གུག་ལས་བྱུང་བའི་ཁྱི་གདོང་མ་ནག་མོ་ལ་པདྨ་ཆེན་པོས་འཁྱུད་པ། ཤར་གྱྀ་དུར་ཁྲོད་རྩེ་མོས་འབིགས་པར་བསེའི་སྟེང་དུ་འཁོར་ལོའི་གདན་ལ་གནས་པ་དང༌། དང་གྲི་གུ་ལས་བྱུང་བའི་ཁྭ་གདོང་མ་ནག་མོ་ལ་འཇོག་པོས་འཁྱུད་པ། ཤར་ལྷོའི་དུར་ཁྲོད་ལྷག་མ་ཅན་དུ་བྷེ་རུ་ཎ་ཌའི་སྟེང་དུ་འཁོར་ལོའི་གདན་ལ་གནས་པ་དང༌། དང་གྲི་གུག་ལས་བྱུང་བའི་ཕག་གདོང་མ་དམར་མོ་ལ་རིགས་ལྡན་གྱིས་འཁྱུད་པ། ལྷོའི་དུར་ཁྲོད་རོ་བསྲེགས་པར་དོམ་གྱི་སྟེང་དུ་འཁོར་ལོའི་གདན་ལ་གནས་པ་དང༌། དང་གྲི་གུག་ལས་བྱུང་བའི་བྱ་རྒོད་གདོང་མ་དམར་མོ་ལ་མཐའ་ཡས་ཀྱིས་འཁྱུད་པ། བདེན་བྲལ་གྱི་དུར་ཁྲོད་དྲག་པོའི་གཡུལ་དུ་ཁྲུང་ཁྲུང་གི་སྟེང་དུ་འཁོར་ལོའི་གདན་ལ་གནས་པ་དང༌། དང་གྲི་གུག་ལས་བྱུང་བའི་སྟག་གདོང་མ་དཀར་མོ་ལ་དུང་སྐྱོང་གིས་འཁྱུད་པ། བྱང་གི་དུར་ཁྲོད་རུལ་བར་འབྲིའི་སྟེང་དུ་འཁོར་ལོའི་གདན་ལ་གནས་པ་དང༌། དང་གྲི་གུག་ལས་བྱུང་བའི་འུག་གདོང་མ་དཀར་མོ་ལ་ནོར་རྒྱས་ཀྱིས་འཁྱུད་པ། དབང་ལྡན་གྱི་དུར་ཁྲོད་བྱིས་པ་ཤི་བར་བྱ་མ་བྱིའི་སྟེང་དུ་འཁོར་ལོའི་གདན་ལ་གནས་པ་དང༌། གྲི་གུག་ལས་བྱུང་བའི་ལྕེ་སྤྱང་གདོང་མ་སེར་མོ་ལ་


TNT02_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པདྨས་འཁྱུད་པ། ནུབ་ཀྱི་དུར་ཁྲོད་རྣག་གི་དྲིར་སེང་གེའི་སྟེང་དུ་འཁོར་ལོའི་གདན་ལ་གནས་པ་དང༌། གྲི་གུག་ལས་བྱུང་བའི་མཁའ་ལྡིང་གདོང་མ་སེར་མོ་ལ་སྟོབས་ཀྱི་རྒྱུས་འཁྱུད་པ། རླུང་གི་དུར་ཁྲོད་སྦྲུལ་གྱིས་བཟུང་བར་མིག་སྔོན་གྱི་སྟེང་དུ་འཁོར་ལོའི་གདན་ལ་གནས་པ་དང༌། སྟེང་དང་འོག་ཏུ་ཡང་སྔོན་མོ་དང༌། རྡོ་རྗེའི་མིག་མ་ལྗང་ཁུ་དང་སྔོན་མོ་ལ་རྣམ་པར་རྒྱལ་བ་དང༌། རྒྱལ་བ་དག་གིས་འཁྱུད་པ། ཤིང་རྟ་ལྗང་ཁུ་དང་སྔོན་པོ་ལ་གནས་པ་སྟེ། ཐམས་ཅད་ཟླུམ་པོའི་སྟབས་ཀྱིས་གནས་ཤིང༌། གཅེར་བུ་ཕྱག་རྒྱ་ལྔ་བརྒྱན་པ། མི་མགོའི་འཕྲེང་བ་མགུལ་དུ་འཕྱང་བ། ཞལ་གཅིག་པ། སྤྱན་གསུམ་མ། ཕྱག་གཉིས་ཀྱིས་གཡས་གྲི་གུག་དང༌། གཡོན་ཐོད་པ་འཛིན་པའོ། །རླུང་གི་དཀྱིལ་འཁོར་ལ་ས་བོན་དང་མཚན་མ་སྣ་ཚོགས་པ་ལས་བྱུང་བའི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞི་དང༌། གཟའ་བཅུ་དང་དྷྲུ་ཝ་དང༌། ཨ་གསྟྱ་ལ་སོགས་པའི་དྲང་སྲོང་རྣམས་དང༌། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་སྐར་མ་ཐམས་ཅད་དང༌། ཁྱིམ་བཅུ་གཉིས་དང༌། ཆ་བཅུ་དྲུག་དང༌། ཕྱོགས་བཅུ་སྐྱོང་བ་དང༌། དགའ་བྱེད་དབང་ཕྱུག་དང༌། ནག་པོ་ཆེན་པོ་དང༌། དྲིལ་བུའི་རྣ་བ་ཅན་དང༌། བྷྲིང་གི་ནི་དང༌། ཞིང་སྐྱོང་དང༌། ཕོ་ཉ་ཐམས་ཅད་དང༌། འཕྲོག་མ་བུ་དང་


TNT02_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་དང༌། སྐྲའི་གྲངས་ཀྱི་གྲུབ་པ་རྣམས། དབྱིབས་དང༌། ཁ་དོག་དང༌། མཚན་མ་སྣ་ཚོགས་པ་འཛིན་པ་རྣམས་ཀྱང་འཁོད་པར་གྱུར། དེ་ནས། གསུང་གི་སྟེགས་བུ་ལ་འདོད་མ་རྣམས་སྤྲོ་བར་བྱ་སྟེ། ཙཿཚཿཛཿཛྷཿཉཿརྣམས་ཡོངས་སུ་གྱུར་པ་ལས། སྒྲོལ་མ་ལས་བྱུང་བ་དབྱེ་བར་འདོད་མ་དང༌། རེག་བྱ་རྡཽ་རྗེ་མ་ལས་བྱུང་བ་གོས་འདོད་མ་དང༌། ཁྱབ་འཇུག་མ་ལས་བྱུང་བ་མཆིལ་མ་མ་དོར་བར་འདོད་མ་དང༌། ལྕགས་སྒྲོག་མ་ལས་བྱུང་བ་རེག་བྱ་འདོད་མ་དང༌། ཁྭ་གདོང་མ་ལས་བྱུང་བ་ལྷག་མ་ཟ་བར་འདོད་མ་རྣམས་ཤར་སྒོའི་གཡས་ཀྱི་སྟེགས་བུ་ལ་རིམ་པས་གནས་པ་དང༌། ཊཿཋཿཌཿཌྷཿཎཿརྣམས་ཡོངས་སུ་གྱུར་པ་ལས། གོས་དཀར་མོ་ལས་བྱུང་བ་བསྐྱོད་པར་འདོད་མ་དང༌། རོ་རྡོ་རྗེ་མ་ལས་བྱུང་བ་ཟས་འདོད་མ་དང༌། གཞོན་ནུ་མ་ལས་བྱུང་བ་གར་འདོད་མ་དང༌། ཁྲོ་གཉེར་ཅན་མ་ལས་བྱུང་བ་འགུགས་པར་འདོད་མ་དང༌། བྱ་རྒོད་གདོང་མ་ལས་བྱུང་བའི་གཡུལ་འདོད་མ་རྣམས་ལྷོ་སྒོའི་གཡས་ཀྱི་སྟེགས་བུ་ལ་རིམ་པས་གནས་པ་དང༌། པཿཕཿབཿབྷཿམཿརྣམས་ཡོངས་སུ་གྱུར་པ་ལས། མཱ་མ་ཀཱི་ལས་བྱུང་བ་རྒྱས་པར་འདོད་མ་དང༌། གཟུགས་རྡོ་རྗེ་མ་ལས་བྱུང་བ་རྒྱན་འདོད་མ་དང༌། དཔལ་མོ་ལས་བྱུང་བ་


TNT02_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲིད་འདོད་མ་དང༌། ཙུན་དཱ་ལས་བྱུང་བ་འཆིང་བར་འདོད་མ་དང༌། འུག་གདོང་མ་ལས་བྱུང་བ་བྱིས་པ་སྡིགས་པར་འདོད་མ་བྱང་སྒོའི་གཡས་ཀྱི་སྟེགས་བུ་ལ་རིམ་པས་གནས་པ་དང༌། ཏཿཐཿདཿདྷཿནཿརྣམས་ཡོངས་སུ་གྱུར་པ་ལས། སྤྱན་མ་ལས་བྱུང་བ་རེངས་པར་འདོད་མ་དང༌། དྲི་རྡོ་རྗེ་མ་ལས་བྱུང་བ་དྲི་འདོད་མ་དང༌། ཚངས་མ་ལས་བྱུང་བ་ཆུ་ལ་རྐྱལ་བར་འདོད་མ་དང༌། འོད་ཟེར་ཅན་མ་ལས་བྱུང་བ་ཕུར་བུས་འདེབས་པར་འདོད་མ་དང༌། མཁའ་ལྡིང་གདོང་མ་ལས་བྱུང་བ་སྦྲུལ་འཆིང་བར་འདོད་མ་རྣམས་ནུབ་སྒོའི་གཡས་ཀྱི་སྟེགས་བུ་ལ་རིམ་པས་གནས་པ་སྟེ། ལྔ་པ་རྣམས་ནི་སྟེགས་བུའི་ཟུར་ལ་གནས་པའོ། །སཿྉྤཿཥཿཤཿརྣམས་ཡོངས་སུ་གྱུར་པ་ལས། ཤིན་ཏུ་སྔོན་མོ་ལས་བྱུང་བ་ཀུན་ཏུ་གདུང་བར་འདོད་མ་དང༌། ཤིན་ཏུ་བརྩོན་འགྲུས་མ་ལས་བྱུང་བ་བསྐྲོད་པར་འདོད་མ་དང༌། ཙར་ཙཱི་ཀཱ་ལས་བྱུང་བ་ལུས་འཁྲུག་པར་འདོད་མ་དང༌། ཁྱི་གདོང་མ་ལས་བྱུང་བ་ཡན་ལག་བསྐྱོད་པར་འདོད་མ་རྣམས་ཤར་སྒོའི་གཡོན་གྱི་སྟེགས་བུ་ལ་རིམ་པས་གནས་པ་དང་ྈྐཿཀཿཁཿགཿརྣམས་ཡོངས་སུ་གྱུར་པ་ལས། དྲག་སྤྱན་མ་ལས་བྱུང་བ་རྒྱུག་པར་འདོད་མ་དང༌། རྨུགས་བྱེད་པ་ལས་བྱུང་བ་སྐེམས་པར་འདོད་མ་དང༌། ཕག་མོ་ལས་བྱུང་བ་ལུས་ཀྱི་དྲི་མ་འདོད་


TNT02_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང༌། ཕག་གདོང་མ་ལས་བྱུང་བ་བཤང་གཅི་ཟག་པར་འདོད་མ་རྣམས་ལྷོ་སྒོའི་གཡོན་གྱི་སྟེགས་བུ་ལ་རིམ་པས་གནས་པ་དང༌། གྷཿངཿལཿཝཿརྣམས་ཡོངས་སུ་གྱུར་པ་ལས། སྒྲ་རྡོ་རྗེ་མ་ལས་བྱུང་བ་རོལ་མོ་འདོད་མ་དང༌། ཁེངས་བྱེད་པ་ལས་བྱུང་མ་འཇམ་པར་སྨྲ་བར་འདོད་མ་དང༌། དྲག་མོ་ལས་བྱུང་བ་མལ་སྟན་འདོད་མ་དང༌། སྟག་གདོང་མ་ལས་བྱུང་བ་རྩོད་པ་མང་པོ་འདོད་མ་རྣམས་བྱང་སྒོའི་གཡོན་གྱི་སྟེགས་བུ་ལ་རིམ་པས་གནས་པ་དང༌། རཿཡཿཧཿཀྵཿརྣམས་ཡོངས་སུ་གྱུར་པ་ལས། ཆོས་ཀྱི་ཁམས་མ་ལས་བྱུང་བ་འཁྲིག་པར་འདོད་མ་དང༌། རེངས་བྱེད་མ་ལས་བྱུང་བ་གཉེན་བདུན་གདོད་མ་དང༌། དབང་མོ་ལས་བྱུང་བ་མལ་སྟན་བསྙེས་པར་འདོད་མ་དང༌། ལྕཻ་སྤྱང་གདོང་མ་ལས་བྱུང་བ་སེམས་ཅན་སླུ་བར་འདོད་མ་རྣམས་ནུབ་སྒོའི་གཡོན་གྱི་སྟེགས་བུ་ལ་རིམ་པས་གནས་པའོ། །དེ་ནས། སྐུའི་སྟེགས་བུ་ལ་ཕྱིར་འདོད་མ་རྣམས་སྤྲོ་བ་ནི། ཙཾ་ཚཾ་ཛཾ་ཛྙཾ་ཉཾ་རྣམས་ཡོངས་སུ་གྱུར་པ་ལས། སྒྲོལ་མ་ལས་བྱུང་བ་དབྱེ་བར་མི་འདོད་མ་དང༌། རེག་བྱ་རྡོ་རྗེ་མ་ལས་བྱུང་བ་གོས་མི་འདོད་མ་དང༌། ཁྱབ་འཇུག་མ་ལས་བྱུང་བ་མཆིལ་མ་འདོར་བར་མི་འདོད་མ་དང༌། ལྕགས་སྒྲོག་མ་ལས་བྱུང་བ་རེག་བྱ་མི་འདོད་


TNT02_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང༌། ཁྭ་གདོང་མ་ལས་བྱུང་བ་ལྷག་མ་ཟ་བར་མི་འདོད་མ་རྣམས་ཤར་སྒོའི་གཡས་ཀྱི་སྟེགས་བུ་ལ་རིམ་པས་གནས་པ་དང༌། ཊཾ་ཋཾ་ཌཾ་ཌྷཾ་ཎཾ་རྣམས་ཡོངས་སུ་གྱུར་པ་ལས། གོས་དཀར་མོ་ལས་བྱུང་བ་སྐྱོད་པར་མི་འདོད་མ་དང༌། རོ་རྡོ་རྗེ་མ་ལས་བྱུང་བ་ཟས་མི་འདོད་མ་དང༌། གཞོན་ནུ་མ་ལས་བྱུང་བ་གར་མི་འདོད་མ་དང༌། ཁྲོ་གཉེར་ཅན་མ་ལས་བྱུང་བ་འགུགས་པར་མི་འདོད་མ་དང༌། བྱ་རྒོད་གདོང་མ་ལས་བྱུང་བ་གཡུལ་མི་འདོད་མ་རྣམས་ལྷོ་སྒོའི་གཡས་ཀྱི་སྟེགས་བུ་ལ་རིམ་པས་གནས་པ་དང༌། པཾ་ཕཾ་བཾ་བྷཾ་མཾ་རྣམས་ཡོངས་སུ་གྱུར་པ་ལས། མཱ་མ་ཀཱི་ལས་བྱུང་བ་རྒྱས་པར་མི་འདོད་མ་དང༌། གཟུགས་རྡོ་རྗེ་མ་ལས་བྱུང་བ་རྒྱན་མི་འདོད་མ་དང༌། དཔལ་མོ་ལས་བྱུང་བ་རྒྱལ་སྲིད་མི་འདོད་མ་དང༌། ཙུན་དཱ་ལས་བྱུང་བ་འཆིང་བར་མི་འདོད་མ་དང༌། འུག་གདོང་མ་ལས་བྱུང་བ་བྱིས་པ་སྡིག་པར་མི་འདོད་མ་རྣམས་བྱང་སྒོའི་གཡས་ཀྱི་སྟེགས་བུ་ལ་རིམ་པས་གནས་པ་དང༌། ཏཾ་ཐཾ་དཾ་དྷཾ་ནཾ་རྣམས་ཡོངས་སུ་གྱུར་པ་ལས། སྤྱན་མ་ལས་བྱུང་བ་རེངས་པར་མི་འདོད་མ་དང༌། དྲི་རྡོ་རྗེ་མ་ལས་བྱུང་བ་དྲི་མི་འདོད་མི་དང༌། ཚངས་མ་ལས་བྱུང་བ་ཆུ་ལ་རྐྱལ་བར་མི་འདོད་མ་དང༌། འོད་ཟེར་ཅན་མ་ལས་བྱུང་བ་ཕུར་བུས་འདེབས་པར་མི་འདོད་མ་དང༌། མཁའ་ལྡིང་གདོང་མ་ལས་བྱུང་བ་སྦྲུལ་འཆིང་བར་


TNT02_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདོད་མ་རྣམས་ནུབ་སྒོའི་གཡས་ཀྱི་སྟེགས་བུ་ལ་རིམ་པས་གནས་པ་སྟེ། ལྔ་པ་རྣམས་ནི་སྟེགས་བུའི་ཟུར་ལ་གནས་པའོ། །སཾ་ྉྤཾ་ཥཾ་ཤཾ་རྣམས་ཡོངས་སུ་གྱུར་པ་ལས། ཤིན་ཏུ་སྔོན་མོ་ལས་བྱུང་བ་ཀུན་ཏུ་གདུང་བར་མི་འདོད་མ་དང༌། ཤིན་ཏུ་བརྩོན་འགྲུས་མ་ལས་བྱུང་བ་བསྐྲོད་པར་མི་འདོད་མ་དང༌། ཙར་ཙཱི་ཀ་ལས་བྱུང་བ་ལུས་འཁྲུག་པར་མི་འདོད་མ་དང༌། ཁྱི་གདོང་མ་ལས་བྱུང་བ་ཡན་ལག་བསྐྱོད་པར་མི་འདོད་མ་རྣམས་ཤར་སྒོའི་གཡོན་གྱི་སྟེགས་བུ་ལ་རིམ་པས་གནས་པ་དང༌། ྈྐཾ་ཀཾ་ཁཾ་གཾ་རྣམས་ཡོངས་སུ་གྱུར་པ་ལས། དྲག་སྤྱན་མ་ལས་བྱུང་བ་རྒྱུག་པར་མི་འདོད་མ་དང༌། རྨུགས་བྱེད་མ་ལས་བྱུང་བ་སྐེམས་པར་མི་འདོད་མ་དང༌། ཕག་མོ་ལས་བྱུང་བ་ལུས་ཀྱི་དྲི་མ་མི་འདོད་མ་དང༌། ཕག་གདོང་མ་ལས་བྱུང་བ་བཤང་གཅི་ཟག་པར་མི་འདོད་མ་རྣམས་ལྷོ་སྒོའི་གཡོན་གྱི་སྟེགས་བུ་ལ་རིམ་པས་གནས་པ་དང༌། གྷཾ་ངཾ་ལཾ་ཝཾ་རྣམས་ཡོངས་སུ་གྱུར་པ་ལས། སྒྲ་རྡོ་རྗེ་མ་ལས་བྱུང་བ་རོལ་མོ་མི་འདོད་མ་དང༌། ཁེངས་བྱེད་མ་ལས་བྱུང་བ་འཇལ་པར་སྨྲ་བར་མི་འདོད་མ་དང༌། དྲག་མོ་ལས་བྱུང་བ་མལ་སྟན་མི་འདོད་མ་དང༌། སྟག་གདོང་མ་ལས་བྱུང་བརྩོད་པ་མང་པོ་མི་འདོད་མ་རྣམས་བྱང་སྒོའི་གཡོན་གྱི་སྟེགས་བུ་ལ་རིམ་པས་གནས་པ་དང༌། རཾ་ཡཾ་


TNT02_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཧཾ་ཀྵཾ་རྣམས་ཡོངས་སུ་གྱུར་པ་ལས། ཆོས་ཀྱི་ཁམས་མ་ལས་བྱུང་བ་འཁྲིག་པ་མི་འདོད་མ་དང༌། རེངས་བྱེད་མ་ལས་བྱུང་མ་གཉེན་འདུན་མི་འདོད་མ་དང༌། དབང་མོ་ལས་བྱུང་བ་མལ་སྟན་བསྙེས་པར་མི་འདོད་མ་དང༌། ལྕེ་སྤྱང་གདོང་མ་ལས་བྱུང་བ་སེམས་ཅན་བསླུ་བར་མི་འདོད་མ་རྣམས་ནུབ་སྒོའི་གཡོན་གྱི་སྟེགས་བུ་ལ་རིམ་པས་གནས་པའོ། །དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོར་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འཁོར་དང་བཅས་པར་གྱུར། ཨོཾ་[ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་བདག་ཉིད་ངའོ། །]སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གཉིས་པ་སྙིང་རྗེའི་དབང་བསྐུར་བ་ནི། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་དཔག་ཏུ་མེད་པ་དག་གིས་འགྲོ་བ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་བཀུག་ནས་དཀྱིལ་འཁོར་ཆེན་པོར་བཅུག་པར་གྱུར། དེ་ནས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཡུམ་དང་བཅས་པ་ཐམས་ཅད་བཀུག་ནས་རང་གི་སྙིང་ཁར་རབ་ཏུ་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ་རྣམས་གསང་བའི་རྡོ་རྗེ་ལས་སྤྲོས་ནས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བར་གྱུར། དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་རྣམས་ཀྱིས་རེག་པའི་སེམས་ཅན་དེ་རྣམས་མཆོག་གི་དགའ་བ་དང་བདེ་བས་གང་


TNT02_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལྷའི་སྐུ་ཐབས་དང་ཤེས་རབ་ཀྱི་བདག་ཉིད། ཞལ་དང་སྐུ་མདོག་ལ་སོགས་པ་སྣ་ཚོགས་དང་ལྡན་པ་དང༌། དེ་དག་རེ་རེ་ཞིང་ཡང་སྐད་ཅིག་གིས་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་དུ་གྱུར། ཀྵ་ཀྵི་ཀྵྼྀ་ཀྵུ་ཀྵླྀ་ལས་ཕུང་པོ་ལྔ་རྣམ་པར་དག་པ་སངས་རྒྱས་ལྔ་དང༌། ཀྵཱ་ཀྵཱི་ཀྵྼཱྀ་ཀྵཱུ་ཀྵླཱྀ་ལས་ཁམས་ལྔ་རྣམ་པར་དག་པ་ཡུམ་ལྔ་དང༌། ཀྵ་ཀྵེ་ཀྵོ་ཀྵལ་ཀྵཾ་ལས་དབང་པོ་དྲུག་རྣམ་པར་དག་པ་སེམས་དཔའ་དྲུག་དང༌། ཀྵཱ་ཀྵཱཻ་ཀྵཱར་ཀྵཱཽ་ཀྵཱལ་ཀྵཿལས་ཡུལ་དྲུག་རྣམ་པར་དག་པ་སེམས་མ་དྲུག་དང༌། ལས་ཀྱི་དབང་པོ་ལྔ་རྣམ་པར་དག་པ་ཁྲོ་བོ་ལྔ་དང༌། ལས་ཀྱི་དབང་པོའི་ཡུལ་ལྔ་རྣམ་པར་དག་པ་ཁྲོ་མོ་ལྔ་སྟེ། མཚན་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་གྱུར་ཏེ། སླར་ཡང་དེ་རྣམས་རང་རང་ཞིང་དུ་གཤེགས་སུ་གསོལ། གཉིས་པ་གསུང་རྫོགས་པ་ཉེ་བར་སྒྲུབ་པའི་ཡན་ལག་ལས་རྒྱལ་མཆོག་ནི། དང་པོར་ལྟེ་བ་དང་གཙུག་ཏོར་གྱི་ཨ་ཝ་དྷཱུ་ཏཱིའི་ལམ་དུ་ཧོཿཡིག་དག་དང༌། དཔྲལ་བ་དང༌། མགྲིན་པ་དང༌། སྙིང་ག་རྣམས་སུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཨོཾ་ཨཱཿཧཱུཾ་རྣམས་ལས་བྱུང་བའི་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་འཁོད་པར་གྱུར། ཧོཿཡིག་དུས་ཀྱི་མེའི་འོད་ཟེར་གྱིས་སྟེང་དང་འོག་ནས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་བཞུས་ཏེ། གཏུམ་མོ་ཤེས་རབ་ཀྱི་ཆགས་པས་ཡབ་ཡུམ་


TNT02_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཟླ་བ་ཞུ་བ་ལྟར་གྱུར། ལྷ་མོ་རྣམས་ཀྱིས་གླུ་དག་མཛད་དེ་བཅོམ་ལྡན་ཁྱོད་ནི་སེམས་ཅན་ཀུན་ལ་ཕན་པར་མཛད་པ་པོ། བདག་ཅག་སྲུངས་ཤིག་ལྷ་མིའི་བླ་མ་རྡོ་རྗེ་ལྡན་པ་འདོད་པ་དོན་གཉེར་རྣམས་ལ་འདོད་པ་མཛོད། སྤྱན་མ་བདག་ནི་འགྲོ་བའི་ཡུམ། །རྣལ་འབྱོར་པ་ཡི་རྒྱུ་མཐུན་གནས། །བདག་ནི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །མཱ་མ་ཀཱི་བདག་སྲིང་མོ་སྟེ། །རྣལ་འབྱོར་པ་ཡི་རྣམ་སྨིན་གནས། །བདག་ནི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །གོས་དཀར་མོ་བདག་བུ་མོ་སྟེ། །རྣལ་འབྱོར་པ་ཡི་སྐྱེས་བུའི་གནས། །བདག་ནི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྒྲོལ་མ་བདག་ནི་ཚ་མོ་སྟེ། །རྣལ་འབྱོར་པ་ཡི་དྲི་བྲལ་གནས། །བདག་ནི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྟོང་པའི་དཀྱིལ་འཁོར་ཉམས་མྱོང་ནས། །འགྲོ་བ་བསྒྲལ་བའི་བསམ་པ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །འགྲོ་བའི་མགོན་པོས་སྤྲོ་བར་མཛོད། །ཅེས་པའི་གླུ་རྣམས་ཀྱིས་བཅོམ་ལྡན་འདས་སྟོང་པ་ཉིད་ལ་རབ་ཏུ་ཞུགས་པ་འགྲོ་བའི་དོན་མཛད་པའི་སླད་དུ་བསྐུལ་བ་


TNT02_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བཅོམ་ལྡན་འདས་རབ་ཏུ་སད་དེ། འགྲོ་བ་མཐར་དག་སྒྱུ་མ་ལྟ་བུར་གཟིགས་ནས། གཞན་གྱི་དོན་དུ་སླར་ཡང་བསྐྱེད་པར་མཛད་པ་ནི། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དང༌། དེ་ལས་བྱུང་བའི་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། རྡོ་རྗེའི་རྒྱན་གྱིས་རྣམ་པར་བརྒྱན་ཞིང༌། མི་བསྐྱོད་པའི་ཅོད་པན་ཅན། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ་སྣ་ཚོགས་ཡུམ་གྱི་འཁྱུད་པའི་སྐུར་གྱུར་པ་དང༌། འདབ་མ་བརྒྱད་ལ་ནུས་མ་བརྒྱད། ཕྱི་རོལ་ཀྱི་གྲྭ་བཞི་ལ་རྡོ་རྗེ་བཞི་དང་བཅས་པ་རྣམས་སྐད་ཅིག་གིས་བཞེངས་པར་གྱུར་པ་ནི། ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་མདོག །ཕྲག་པ་དྲུག་དང་ཉི་མའི་དཔུང་པ་རྒྱལ་བའི་ཕྱག་གི་པདྨ་སྟོང་པ་དྲུག་དང་མེ་ཡི་ཚིགས། །ཞབས་དག་གིས་ནི་ཟླ་བ་ཉི་མ་བསྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་དང་དྲག་པོ་སྐྲག་བཞིན་པ། །རོལ་པས་མནན་པའི་སྲིད་མེད་སྲིད་མཉམ་པ་དུས་ཀྱི་འཁོར་ལོ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མདའ་དང་ལྕགས་ཀྱུ་ཌ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་སྟས་གཡས་ཀྱི་ཕྱག་བརྒྱན་གཡོན་པ་ཡང༌། །དྲིལ་བུ་ཕུབ་དང་ཁ་ཊྭཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་དུང་དང་མེ་ལོང་ལྕགས་སྒྲོག་


TNT02_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་མགོས་བརྒྱན་ལ་ཕྱག་འཚལ་ལོ། །སྟག་ལྤགས་དང་ནི་རྡོ་རྗེའི་རྒྱན་ལྡན་རྡོ་རྗེའི་སྐུ་ཅན་བདེ་བ་ཆེ། །འོད་གསལ་སྟོང་ཉིད་སྣ་ཚོགས་ཡུམ་གྱིས་ཀུན་ནས་རབ་འཁྱུད་གསེར་མདོག་མ། །ཞལ་བཞི་ཕྱག་བརྒྱད་གྲི་གུག་ལྕགས་ཀྱུ་ཌ་མ་རུ་དང་བགྲང་འཕྲེང་དང༌། །ཐོད་པ་ཞགས་པ་པདྨ་དཀར་དང་རིན་ཆེན་འཛིན་མར་བཅས་ལ་འདུད། །ནག་མོ་འབར་མ་བདུག་སྤོས་ཙན་དན་གུར་གུམ་དང་ནི་ག་བུར་སྣོད། །དྲིལ་བུ་པདྨ་ཡོངས་འདུའི་མེ་ཏོག་སྣ་ཚོགས་མེ་ཏོག་འཕྲེང་ལྡན་མ། །དམར་མོའི་གཡས་ན་མར་མེ་དོ་ཤལ་ཅོད་པན་དང་ནི་གདུ་བུ་སྟེ། །གཡོན་ན་གོས་དང་སྐ་རགས་དང་ནི་རིན་ཆེན་རྣ་རྒྱན་རྐང་གདུབ་འཛིན། །དཀར་མོའི་གཡས་ན་འོ་མ་ཆུ་དང་སྨན་མཆོག་ཆང་གི་སྣོད་རྣམས་ཏེ། །གཡོན་ན་བདུད་རྩི་གྲུབ་པའི་བཅུད་དང་བདུད་རྩིའི་འབྲས་བུ་འབྲས་ཆན་སྣོད། །སེར་མོ་འབར་མ་དུང་དང་གླིང་བུ་ནོར་བུ་དང་ནི་ཌ་མ་རུ། །པི་ཝཾ་རྔ་དང་འཁར་རྔ་ཟངས་དུང་རང་ཕྱོགས་གཙོ་བོའི་ཞལ་ལྡན་མ། །དེ་དག་དང་མཚུངས་དུ་བ་སྨིག་རྒྱུ་མེ་ཁྱེར་དང་ནི་མར་མེ་མ། །རང་མདོག་དང་མཚུངས་རྔ་ཡབ་བརྒྱད་ལྡན་ཕྱག་རྒྱ་ལྔ་ཡིས་རྣམ་བརྒྱན་མ། །རྡོ་རྗེ་སེམས་དཔའི་ཅོད་པན་དང་ལྡན་རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་


TNT02_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སྲོག་གི་དཀྱིལ་འཁོར་འགགས་ལ་འདུད། །ཚད་མེད་རྣམ་ཐར་རྡོ་རྗེའི་རྣལ་འབྱོར་དབང་དང་བསྙེན་སྒྲུབ་དགའ་བ་བཞེས། །ལུས་ངག་སེམས་དང་ཆགས་པའི་ཐིག་ལེ་གནས་སྐབས་རྣམ་བཞི་རྣམ་དག་པ། །སྐད་ཅིག་མཁྱེན་པ་སྐུ་དང་རྡོ་རྗེ་བྱང་ཆུབ་རྣམ་བཞི་སེམས་དཔའ་བཞི། །ཆོས་ཀྱི་དུང་དང་གཎྜཱི་ནོར་བུ་དཔག་བསམ་ཤིང་ལ་ཕྱག་འཚལ་ལོ། །དེ་རྣམས་སྔོན་བཞིན་བསྐྱེད་ཀྱང་ཆོག་གོ །ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། ནམ་མཁར་བཞུགས་པའི་སངས་རྒྱས་སྲས་དང་བཙུན་མོར་བཅས་པ་རྣམས་དང༌། དཀྱིལ་འཁོར་པ་རྣམས་དམ་ཚིག་གི་དཀྱིལ་འཁོར་གྱི་དོན་དུ་རང་གི་ལུས་ལ་རབ་ཏུ་བཅུག་ནས། བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཞུ་བར་གྱུར་པ་རྣམས། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་ལྷ་དང་ལྷ་མོའི་ཚོགས་སུ་གྱུར་པ་ནི། ཨཾ་ཡིག་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་སྔོན་པོ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ། གྲི་གུགདགྲ་སྟྭ། གཡོན་པ་གསུམ་གྱིས་རྡོ་རྗེའི་དྲིལ་བུ། ཐོད་པ། ཚངས་


TNT02_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མགོ་བོ་གདོང་བཞི་པ་འཛིན་པ་ལ། རང་དང་འདྲ་བའི་ཤེར་ཕྱིན་མས་འཁྱུད་པ་ནམ་མཁར་སྤྲོས་ནས་སེམས་ཅན་གྱི་དོན་བྱས་ཏེ། སླར་ཡང་རང་ཉིད་ལ་བདག་པོར་ཞུགས་པར་གྱུར། ཨི་ཨཱི་ལས་བྱུང་པའི་རལ་གྲི་ནག་པོ་དག་དང༌། རྀ་རཱྀ་ལས་བྱུང་བའི་རིན་པོ་ཆེ་དམར་པོ་དག་དང༌། ཨུ་ཨཱུ་ལས་བྱུང་བའི་པདྨ་དཀར་པོ་དག་དང༌། ལྀ་ལཱྀ་ལས་བྱུང་བའི་འཁོར་ལོ་སེར་པོ་དག་དང༌། ཧི་ཧཱི་ཧུ་ཧཱུ་ཧླྀ་ཧླཱྀ་ཧཾ་ཧཿརྣམས་སོ། །ཡཾ་ཡིག་ལས་བྱུང་བའི་རལ་གྲི་ནག་པོ། རཾ་ཡིག་ལས་བྱུང་བའི་དབྱུག་པ་དམར་པོ། ཝཾ་ཡིག་ལས་བྱུང་བའི་པདྨ་དཀར་པོ། ལཾ་ཡིག་ལས་བྱུང་བའི་ཐོ་བ་སེར་པོ། ཨ་ཨཾ་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་དང་སྔོན་པོ་དག་དང༌། ཨེ་ཨཻ་ལས་བྱུང་བའི་རལ་གྲི་ནག་པོ་དག་དང༌། ཨར་ཨཱར་ལས་བྱུང་བའི་རིན་པོ་ཆེ་དམར་པོ་དག་དང༌། ཨོ་ཨཽ་ལས་བྱུང་བའི་པདྨ་དཀར་པོ་དག་དང༌། །ཨལ་ཨཱལ་ལས་བྱུང་བའི་འཁོར་ལོ་སེར་པོ་དག་དང༌། ཨཱ་ཨཿལས་བྱུང་བའི་རྡོ་རྗེ་ལྗང་ཁུ་སྔོན་པོ་དག་དང༌། ཧ་ཧི་ཧཱི་ཡ་ཡི་ཡཾ་རྣམས་ལས་བྱུང་བའི་གྲི་གུག་ནག་པོ་རྣམས་དང༌། ཀྵ་ཀྵི་ཀྵཱི་ཡཱ་ཡཱི་ཡཿརྣམས་ལས་བྱུང་བའི་འཁོར་ལོ་ནག་པོ་རྣམས་དང༌། ཧཿཧྼི་


TNT02_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཧྼཱི་ར་རི་རུ་རུ་རླྀ་རཾ་རྣམས་ལས་བྱུང་བའི་དབྱུག་པ་དམར་པོ་རྣམས་དང༌། ཀྵཿརཱ་རཱི་རཱུ་རླཱྀ་རཿརྣམས་ལས་བྱུང་བའི་ཤཀྟི་དམར་པོ་རྣམས་དང༌། ཧཾ་ཧུ་ཧཱུ་ཝ་ཝི་ཝཾ་རྣམས་ལས་བྱུང་བའི་རྩེ་གསུམ་དཀར་པོ་རྣམས་དང༌། ཀྵཾ་ཀྵུ་ཀྵཱུ་ཝཱ་ཝཱི་ཝཿ རྣམས་ལས་བྱུང་བའི་པདྨ་དཀར་པོ་རྣམས་དང༌། ཧཱ་ཧླྀ་ཧླཱྀ་ལ་ལི་ལུ་ལླྀ་ལཾ་རྣམས་ལས་བྱུང་བའི་རྡོ་རྗེ་སེར་པོ་རྣམས་དང༌། ཀྵཱ་ཀྵླྀ་ཀྵླཱྀ་ལཱ་ལཱི་ལཱུ་ལླཱྀ་ལཿ རྣམས་ལས་བྱུང་བའི་བར་བུ་སེར་པོ་རྣམས་དང༌། ཉ་ཉི་ཉཾ་ལ་སོགས་པ་རྣམས་ལས་བྱུང་བའི་རལ་གྲི་ནག་པོ་རྣམས་དང༌། ཙཱ་ཙཱི་ཙཱཾཿལ་སོགས་པ་རྣམས་ལས་བྱུང་བའི་དཔག་བསམ་གྱི་ཤིང་ནག་པོ་རྣམས་དང༌། ཎ་ཎི་ཎཾ་ལ་སོགས་པ་རྣམས་ལས་བྱུང་བའི་མདུང་དམར་པོ་རྣམས་དང༌། ཊཱ་ཊཱི་ཊཿ ལ་སོགས་པ་རྣམས་ལས་བྱུང་བའི་ཤཀྟི་དམར་པོ་རྣམས་དང༌། མ་མི་མཾ་ལ་སོགས་པ་རྣམས་ལས་བྱུང་བའི་ཞགས་པ་དཀར་པོ་རྣམས་དང༌། པཱ་པཱི་པཱཿ ལ་སོགས་པ་རྣམས་ལས་བྱུང་བའི་དགྲ་སྟྭ་དཀར་པོ་རྣམས་དང༌། ན་ནི་ནཾ་ལ་སོགས་པ་རྣམས་ལས་བྱུང་བའི་རྡོ་རྗེ་སེར་པོ་རྣམས་དང༌། ཏཱ་ཏཱི་ཏཿལ་སོགས་པ་རྣམས་ལས་བྱུང་བའི་ཁབ་སེར་པོ་རྣམས་དང༌། ྈྐ་ྈྐི་ྈྐཾ་ལ་སོགས་པ་


TNT02_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས་བྱུང་བའི་རྩེ་གསུམ་སྔོན་པོ་རྣམས་དང༌། སཱ་སཱི་སཱུ་སླཱྀ་སཾ་ལ་སོགས་པ་རྣམས་ལས་བྱུང་བའི་བེ་ཅོན་སྔོན་པོ་རྣམས་དང༌། ང་ངི་ངཾ་ལ་སོགས་པ་རྣམས་ལས་བྱུང་བའི་འཁོར་ལོ་ལྗང་ཁུ་རྣམས་དང༌། ཀཱ་ཀཱི་ཀཱུ་ཀླཱྀ་ཀཿ ལ་སོགས་པ་རྣམས་ལས་བྱུང་བའི་དབྱུག་པ་ལྗང་ཁུ་རྣམས་དང༌། ཡ་ར་ལ་ཝ་ཧཾ་ཧཱ་རྣམས་ལས་བྱུང་བའི་དབྱུག་པ་དང༌། མདའ་དང༌། གཏུན་ཤིང་དང༌། བེ་ཅོན་དང༌། རྡོ་རྗེ་ཕྱོགས་ཀྱི་མདོག་ཅན་རྣམས་དང༌། ཧྻ་ཧྻཱ་ཧླ་ཧླཱ་རྣམས་བྱུང་བའི་རྒྱལ་མཚན་དང༌། བཀྲ་ཤིས་འཁྱིལ་པ་དང༌། པདྨ་དང༌། རྡོ་རྗེ་ཕྱོགས་ཀྱི་མདོག་ཅན་རྣམས་དང༌། རྣམས་ལས་བྱུང་བའི་གྲི་གུག་ཕྱོགས་ཀྱི་མདོག་ཅན་རྣམས་དང༌། ཙཿཚཿཛཿཛྙཿཉཿ ཊཿཋཿཌཿཌྷཿཎཿ པཿཕཿབཿབྷཿམཿ ཏཿཐཿདཿདྷཿནཿ སཿྉྤཿཥཿཤཿྈྐཿ ཀཿཁཿགཿགྷཿངཿ ལཿཝཿརཿཡཿཧཿཀྵཿརྣམས་དང༌། ཙཾ་ཚཾ་ཛཾ་ཛྷཾ་ཉཾ། ཊཾ་ཋཾ་ཌཾ་ཌྷཾ་ཎཾ། པཾ་ཕཾ་བཾ་བྷཾ་མཾ། ཏཾ་ཐཾ་དཾ་དྷཾ་ནཾ། སཾ་ྉྤཾ་ཥཾ་ཤཾ་ྈྐཾ། ཀཾ་ཁཾ་གཾ་གྷཾ་ངཾ༌། ལཾ་ཝཾ་རཾ་ཡཾ་ཧཾ་ཀྵཾ་རྣམས་ཏེ། དེ་རྣམས་སོ་སོར་ཡོངས་སུ་


TNT02_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལས། ཁུ་ཁྲག་རྐང་དང་ཁྲག་གི་ཚོགས་ཅན་དྲི་ཆུ་དྲི་ཆེན་རབ་འགགས་པས། །ཞེས་པ་ནས། སྲིད་གསུམ་དང་བ་མངོན་དུ་བྱེད་གྱུར་ཅིག །ཅེས་པའི་བར། ཆོས་རྗེ་ཀུན་མཁྱེན་ཆེན་པོས་མཛད་པའི་བསྟོད་ཆེན་གྱི་ཚིག་རྣམས་འདོན་ཞིང༌། སྤྲོས་པའི་ལྷ་རྣམས་ཀྱི་ཞལ་ཕྱག་གསལ་གདབ་བོ། །ཅི་སྟེ་རྒྱས་པ་ལ་མངོན་པར་དགའ་བས་ནི་གཙོ་བོ་ས་བོན་ཕྱག་མཚན་ལས་བསྐྱེད་པ་དང༌། མི་བསྐྱོད་པའི་དབུ་རྒྱན་ཅན་དུ་བྱེད་པ་དང༌། རྡོ་རྗེ་སེམས་དཔའ་རང་ལ་བསྟིམ་པ་སྟེ། ཁྱད་པར་དེ་ཙམ་མ་གཏོགས། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་ཇི་ལྟ་བ་བཞིན་བརྗོད་པར་བྱའོ། །དེ་ནས་དག་པ་དྲན་པ་ནི། ལྷ་མོ་སངས་རྒྱས་རིག་མ་ཤིང་དང་བཅས་ཤིང་བུམ་པ་དང་བཅས་རྒྱལ་བ་ཡི་ནི་དག་པའི་སྐུ། །ཁྲོ་བོའི་དབང་པོ་བྱང་ཆུབ་སེམས་དཔའ་ངེས་པར་རོ་ཡི་རྡོ་རྗེ་མ་ནི་ཆོས་ཀྱི་སྐུ་དེ་ཉིད། །རྣལ་འབྱོར་མ་རྣམས་ལོངས་སྤྱོད་སྐུ་སྟེ་རབ་མཆོག་ཤིང་རྟ་ལ་གནས་ལྷ་ནི་ཉི་མར་རབ་གྲགས་པ། །ཀླུ་ནི་རྒྱལ་པོ་རྣམས་དང་རབ་གཏུམ་མ་རྣམས་འཁོར་དང་བཅས་པ་སངས་རྒྱས་ཀྱི་ནི་སྤྲུལ་པའི་སྐུ། །དེ་བཞིན་སླར་ཡང་རྒྱལ་བའི་སྐུ་ནི་དབྱེ་བ་གཉིས་སུ་འགྱུར་ཏེ་ཕྱི་རོལ་དག་དང་ནང་དུ་ཡང༌། །མངལ་ནས་སྐྱེས་པ་ཇི་ལྟ་བ་ཉིད་དེ་བཞིན་ཁོ་ནར་དཀྱིལ་འཁོར་ལ་ནི་


TNT02_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་རབ་ཏུ་འགྱུར། །སྟོན་པ་ལྷ་མོ་སོགས་དང་བུམ་པ་ལྷན་སྐྱེས་རྒྱལ་བའི་སྐུ་སྟེ་དཀྱིལ་འཁོར་སྙིང་པོའི་དབུས་སུའོ། །སངས་རྒྱས་ལ་སོགས་ཆོས་ཀྱི་སྐུ་སྟེ་ངེས་པར་རོ་ཡི་རྡོ་རྗེ་མ་སོགས་ལོངས་སྤྱོད་རྫོགས་པའི་སྐུ། །ཁྲོ་བོ་སྤྲུལ་པའི་སྐུ་རུ་འགྱུར་ཏེ་རིགས་ཀྱི་དབང་གིས་དཀྱིལ་འཁོར་གྱི་ནི་སྙིང་པོར་ཡང་དག་གནས། །ཕྱི་རོལ་ཏུ་ནི་ཙཱ་མུཎ་ཌཱ་ལ་སོགས་པ་ལྷ་མོ་བརྒྱད་པོ་འཁོར་དང་བཅས་པ་དག་པའི་སྐུ། །ལྷ་ལ་སོགས་པ་ཆོས་ཀྱི་སྐུ་སྟེ་མཐའ་དག་གདེངས་ཅན་རིགས་ཀྱང་འདིར་ནི་ལོངས་སྤྱོད་རྫོགས་པའི་སྐུ། །གཏུམ་མོ་རྣམས་ནི་སྤྲུལ་པའི་སྐུར་འགྱུར་མི་ཡི་བདག་པོ་སེམས་ཅན་ཀུན་གྱི་དོན་གྱི་སླད་དུའོ། །ལོ་དང་ཟླ་བ་ལ་སོགས་དབྱེ་བའི་དུས་ཀྱི་དག་པས་དཔལ་ལྡན་རྡོ་རྗེ་ཅན་འགྱུར་མི་ཡི་བདག །ཉིན་ཞག་སོ་སོ་རྣམ་པར་དག་པའི་དབང་གིས་སྣ་ཚོགས་ཡུམ་ནི་སེམས་ཀྱི་རྣམ་པ་ཉིན་མཚན་མིན། །རླུང་གི་དག་པས་དུ་བ་ལ་སོགས་རང་གི་སྙིང་གའི་པདྨར་རྩ་ཡི་འཁོར་ལོ་ལ་གནས་རྣམས། །ཉོན་མོངས་རྣམས་ཀྱིས་དྲག་པོ་ཆུང་མར་བཅས་པ་ཁྱབ་བདག་ཞབས་ཀྱི་འོག་ཏུ་བདུད་ཀྱི་ཚོགས་ཀྱིས་བདུད། །དེ་བཞིན་དུང་དང་གཎྜཱི་ནོར་བུ་ལྗོན་པ་ཞེས་པ་དག་ཀྱང་སྐུ་ཡི་རྡོ་རྗེ་ལ་སོགས་ཀྱིས། །བུམ་པ་བརྒྱད་


TNT02_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདུད་རྩིའི་ཡན་ལག་གིས་ཏེ་རྒྱལ་དང་རྣམ་རྒྱལ་བུམ་པ་བྱང་ཆུབ་སེམས་སོགས་ཀྱིས། །འདུ་བྱེད་དོན་ཡོད་གྲུབ་པ་ཚོར་བ་དྲི་མེད་ནོར་བུའི་ཕྱག་དང་འདུ་ཤེས་སྣང་བ་མཐའ་ཡས་ཏེ། །གཟུགས་ནི་འཁོར་ལོ་ཅན་ནོ་རི་བོང་ཅན་དང་སྟོབས་ཁྲག་བཤང་བ་གཅི་བ་རྣམ་པར་དག་པའོ། །ལྷ་མོ་དྲུག་ནི་ཁམས་རྣམས་ཀྱིས་ཏེ་ཡུལ་དང་ཡུལ་ཅན་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་རྒྱར་བཅས། །ཁྲོ་བོ་ལྔ་ནི་སྟོབས་རྣམས་ཀྱིས་ཏེ་ངེས་པར་སླར་ཡང་གཞན་པ་ལྔ་ནི་དབང་པོ་གཞན་རྣམས་ཀྱིས། །ཙཱ་མུཎཱ་ཌཱ་སོགས་ཐུན་བརྒྱད་ཀྱིས་ཏེ་པདྨའི་འདབ་མར་གནས་རྣམས་ཉི་མའི་དུས་སྦྱོར་ཆུ་ཚོད་ཀྱིས། །ལྷ་མིན་ལ་སོགས་ཉི་མའི་ཟླ་བས་པདྨའི་འདབ་མར་གནས་རྣམས་ཆུ་ཚོད་དབུགས་ཀྱི་གྲངས་ཀྱིས་སོ། །གསང་བར་མི་བདག་ཉིས་འགྱུར་ཆུ་ཚོད་རྣམས་ཀྱིས་ཀླུ་རྣམས་དང་ནི་གཏུམ་མོ་རྣམས་ཀྱང་རྣམ་པར་དག །དེ་བཞིན་འདོད་མ་ལ་སོགས་དེ་དག་རང་བཞིན་ཡོན་ཏན་དབང་གིས་ལུས་ཀྱི་བྱ་བ་རྣམ་པར་དག །སྒྲ་རྣམས་ཀྱིས་ནི་གྲུབ་པ་མཐའ་དག་བ་སྤུ་རྣམས་ཀྱིས་དུར་ཁྲོད་ས་གཞི་ལ་གནས་འབྱུང་པོའི་ཚོགས། །དེ་ཉིད་རྣམས་ཀྱིས་གཙོ་བོའི་མཚོན་ཆ་རང་བཞིན་ཡོན་ཏན་དབང་གིས་ཁམས་ཀྱི་ཕྱི་ཡི་ཕྱག་རྒྱའོ། །རྡོ་རྗེ་ནང་གི་ཕྱག་རྒྱ་རྡོ་རྗེ་འཛིན་


TNT02_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཡང་དག་གནས་པའོ། །དཔལ་ལྡན་རྡོ་རྗེ་ཅན་དང་སྣ་ཚོགས་ཡུམ་ནི་རྣམ་གསུམ་སྲིད་གནས་འགྱུར་མེད་ཡེ་ཤེས་སྦྱོར་ལས་སོ། །མདོར་བསྡུ་ན་དེ་ཙམ་གྱིས་ཆོག་ལ། ཅུང་ཟད་རྒྱས་པ་ལ་མོས་ན། སྐུ་ཡི་རྡོ་རྗེ་ལྷན་ཅིག་སྐྱེས་པའི་སྐུ་ནི་ཟུང་དུ་འགྱུར་ཏེ་སོགས་དང༌། དཔལ་ལྡན་དག་པ་ལས་ནི་ཆོས་སྐུར་འགྱུར་ཏེ། སོགས་ཀྱང་བརྗོད་པར་བྱ་སྟེ། སྒྲུབ་ཐབས་མ་མོ་ལས་འབྱུང་བ་བཞིན་ནོ། །དེ་ནས། བདག་ཉིད་ཀྱི་ཐུགས་ཀར་ཧཱུཾ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང༌། དེ་ལས་བྱུང་བའི་རྡོ་རྗེ་ཤུགས་ཞལ་བཞི་པ་འཇིགས་པའི་སྐུ་ཅན། རབ་ཏུ་བཞད་ཅིང་མཆེ་བ་ཕྱིར་གཙིགས་པ། སྒྲ་དྲག་པོ་སྒྲོག་པ། སྤྱན་བཅུ་གཉིས་པ། ཕྱག་ཉི་ཤུ་རྩ་དྲུག་པ། ཤེས་རབ་དང་ཐབས་ལས་བྱུང་བ། གཙོ་བོ་བཞིན་དུ་མཚོན་ཆ་རྣམས་དང་བཅས་པ། གླང་པོ་ཆེའི་པགས་པའི་གོས་ཅན། ཕྱག་རྒྱ་དང་ལྡན་ཞིང་མི་བསྐྱོད་པའི་དབུ་རྒྱན་ཅན། ཐོད་པ་ལྔ་དང༌། མགོ་བོའི་ཕྲེང་བ་འཕྱང་བ། སྦྲུལ་གྱིས་བརྒྱན་པ། རྐང་པ་བརྒྱད་པའི་ཤིང་རྟ་ལ་གནས་པ་ནམ་མཁའི་ཁམས་སུ་སྤྲོས་ཏེ། འཁོར་ལོའི་དབང་ཕྱུག་གི་ལྟེ་བར་རྡོ་རྗེ་ལྕགས་ཀྱུས་བཏབ་ཅིང༌། ཕྱག་ཉི་ཤུ་རྩ་བཞི་པོ་རྣམས་རྡོ་རྗེ་ཞགས་པས་བཅིངས་ནས་


TNT02_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆ་ལྷག་མ་རྣམས་ཀྱིས་སྡིགས་པ་གྱུར། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་ར་ཛཿ ཁྲོ་བོའི་དབང་པོ་སླར་ཡང་རང་ཉིད་ལ་ཞུགས་པར་གྱུར། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་རེ་བྷྱཿ བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ བཛྲ་པུཥྤཾ། བཛྲ་དྷཱུ་པཾ། བཛྲ་དཱི་པཾ། བཛྲ་ནཻ་ཝེ་ཏྱཾ། བཛྲ་ཨཀྵ་ཏཾ། བཛྲ་ལཱ་སྱཾ། བཛྲ་ཧཱ་སྱཾ། བཛྲ་ཝཱ་ཏྱཾ། བཛྲ་ནྲྀ་ཏྱཾ། བཛྲ་གཱི་ཏཱཾ། བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ ཧཱུཾ་ཝཾ་ཧོཿཧི། ལྷ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧུཾ། ལྟེ་བར་ཧོཿ གསང་བར་སྭཱ། གཙུག་ཏོར་དུ་ཧཱ་རྣམས་འཁོད་པར་གྱུར། དཔྲལ་བར་ཨཱཿལས་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ལས་བྱུང་བའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཡོངས་སུ་གྱུར་པ་ལས། སྐུ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་དཀར་པོ། གཡས་ཞལ་ནག་ཅིང་གཡོན་ཞལ་དམར་བ། ཕྱག་གཡས་པ་གསུམ་གྱིས་འཁོར་ལོ། རྡོ་རྗེ། པདྨ། གཡོན་པ་གསུམ་གྱིས་རལ་གྲི དྲིལ་བུ། ནོར་བུ་འཛིན་ཅིང་རང་དང་འདྲ་བའི་ཡུམ་དང་བཅས་པ་དང༌། མགྲིན་པར་ར་ལས་ཉི་མའི་དཀྱིལ་འཁོར་ལ། ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་ཡོངས་སུ་གྱུར་པ་ལས། གསུང་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་


TNT02_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དམར་པོ། གཡས་ཞལ་དཀར་ཞིང་གཡོན་ཞལ་ནག་པ། ཕྱག་གཡས་པ་གསུམ་གྱིས་པདྨ། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་གྱིས་ནོར་བུ། དྲིལ་བུ། རལ་གྲི་འཛིན་ཅིང༌། རང་དང་འདྲ་བའི་ཡུམ་དང་བཅས་པ་དང༌། སྙིང་གར་ཨཾ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་ལ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནག་པོ་ཡོངས་སུ་གྱུར་པ་ལས། ཐུགས་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་ནག་པོ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ། འཁོར་ལོ། པདྨ། གཡོན་པ་གསུམ་གྱིས་དྲིལ་བུ། རལ་གྲི། ནོར་བུ་འཛིན་པ། རང་དང་འདྲ་བའི་ཡུམ་དང་བཅས་པ་རྣམས་འཁོད་པ་ལས་རབ་ཏུ་སྤྲོས་ཏེ། ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། སྐུ་དང་གསུང་དང་ཐུགས་རྡོ་རྗེས་འདུལ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་ནས། སླར་ཡང་མདུན་གྱི་ནམ་མཁར་བཞུགས་པ་ལ། སྐུའི་རྡོ་རྗེ་འཛིན་པ་དང༌། གསུང་གི་རྡོ་རྗེ་འཛིན་པ་དང༌། ཐུགས་ཀྱི་རྡོ་རྗེ་འཛིན་པ་རྣམས་ཀྱིས། བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སྐུ་རྡོ་རྗེ་དང༌། གསུང་རྡོ་རྗེ་དང༌། ཐུགས་རྡོ་རྗེའི་རིགས་


TNT02_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་བདག་ཉིད་ལ་དབང་བསྐུར་བར་གྱུར། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་སྐུ་རྡོ་རྗེ་དང༌། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་གསུང་རྡོ་རྗེ་དང༌། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཐུགས་རྡོ་རྗེ་རྣམས་འཁོད་པར་གྱུར། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །དཔལ་ལྡན་གསུང་གི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །གསུང་གི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །གསུང་གི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །ཐུགས་


TNT02_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །ཐུགས་ཀྱི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཅེས་གསོལ་བ་བཏབ་པས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མ་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབས་ཤིང༌། རྡོ་རྗེ་གསུམ་གཅིག་ཏུ་འདུས་པའི་ངོ་བོར་གྱུར། ཨོཾ་[དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་བདག་ཉིད་ངའོ། །]སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཤེས་རབ་ཀྱི་ལྟེ་བར་ཧོཿལས་སྐུ་རྡོ་རྗེ། གསང་བར་སྭཱ་ལས་གསུང་རྡོ་རྗེ། གཙུག་ཏོར་དུ་ཧཱ་ལས་ཐུགས་རྡོ་རྗེ་རྣམས་འཁོད་པར་གྱུར། བསྡུ་ན་དབང་བསྐུར་བ་དེ་ཙམ་གྱིས་ཆོག་ལ། རྒྱས་པར་སྤྲོ་ན་སྙིང་གའི་འོད་ཀྱིས་དབང་གི་ལྷ་དཀྱིལ་འཁོར་དང་བཅས་པ་སྤྱན་དྲངས། མཆོད་པ་བཅུ་གཉིས་ཀྱིས་མཆོད། དབང་བདུན་གྱི་གསོལ་བ་གདབ་པའི་སྔགས་དང༌། དབང་བསྐུར་བའི་སྔགས་ང་རྒྱལ་བཟུང་བ་དང་བཅས་པ་སྔགས་དབང་གི་ཚུལ་གྱིས་བླང་བར་བྱ་ལ། དབང་གོང་རྣམས་ནི་ཕྲ་ཐིག་གི་རྣལ་འབྱོར་ལས་འགྲུབ་པའི་ཕྱིར་སྐབས་འདིར་མི་བཞེད་དོ། །རྒྱས་བསྡུས་གང་ལྟར་ཡང༌། མཐར། དེ་ལྟར་དབང་བསྐུར་བས་དྲི་མ་མཐའ་དག་སྦྱངས་ཏེ། རྒྱས་གདབ་པར་གྱུར་པ་ནི། རྣམ་པར་སྣང་མཛད་ལ་མི་བསྐྱོད་པ་དང༌། སྣང་བ་མཐའ་ཡས་ལ་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་ལ་འོད་དཔག་མེད་དང༌། དོན་ཡོད་


TNT02_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ལ་རིན་ཆེན་དབང་པོས་རྒྱས་བཏབ་པར་གྱུར་པ། དག་པའི་ཕུང་པོ་ཆོས་གོས་དང་གཙུག་ཏོར་འཛིན་པའོ། །དེ་བཞིན་དུ་རྣམ་པར་ཤེས་པའི་རིགས་ལས་བྱུང་བ་ལྗང་ཁུ་རྣམས་ལ་མི་བསྐྱོད་པ་དང༌། འདུ་བྱེད་ཀྱི་རིགས་ལས་བྱུང་བ་ནག་པོ་རྣམས་ལ་དོན་ཡོད་གྲུབ་པ་དང༌། ཚོར་བའི་རིགས་ལས་བྱུང་བ་དམར་པོ་རྣམས་ལ་རིན་ཆེན་འབྱུང་ལྡན་དང༌། འདུ་ཤེས་ཀྱི་རིགས་ལས་བྱུང་བ་དཀར་པོ་རྣམས་ལ་སྣང་བ་མཐའ་ཡས་དང༌། གཟུགས་ཀྱི་རིགས་ལས་བྱུང་བ་སེར་པོ་རྣམས་ལ་སྣང་མཛད་དང༌། ཡེ་ཤེས་ཀྱི་རིགས་ལས་བྱུང་བ་སྔོན་པོ་རྣམས་ལ་རྡོ་རྗེ་སེམས་དཔས་རྒྱས་གདབ། ལྷ་ཐམས་ཅད་ཀྱི་གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཨ་ཡིག་མི་བསྐྱོད་པ་དང༌། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཨི་ཡིག་དོན་ཡོད་གྲུབ་པ་དང༌། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་རྀ་ཡིག་རིན་ཆེན་འབྱུང་ལྡན་དང༌། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨུ་ཡིག་སྣང་བ་མཐའ་ཡས་དང༌། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ལྀ་ཡིག་རྣམ་པར་སྣང་མཛད་དང༌། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཨཾ་ཡིག་རྡོ་རྗེ་སེམས་དཔས་རྒྱས་བཏབ། ལྷ་རྣམས་ཀྱྀ་ལྟེ་བ་སྙིང་ག་མགྲིན་པ་དཔྲལ་བ་གཙུག་ཏོར་རྣམས་སུ་ས་ཆུ་མེ་རླུང་ནམ་མཁའི་དཀྱིལ་


TNT02_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྣམས་ལ། ལྀ་ཨུ་རྀ་ཨི་ཨའོ། །ལྷ་རྣམས་ཀྱི་དཔྲལ་བ་མགྲིན་པ་སྙིང་ག་ལྟེ་བ་རྣམས་སུ་ཟླ་བ་ཉི་མ་སྒྲ་གཅན་དུས་མེའི་དཀྱིལ་འཁོར་རྣམས་ལ་ཨོཾ་ཨཱཿཧཱུཾ་ཧོཿའོ། །རྡོ་རྗེ་ནོར་བུར་གཞོམ་དུ་མེད་པའི་ཨ་ཡིག་གོ །གསུམ་པ་སྒྲུབ་པའི་ཡན་ལག་ཐིག་ལེའི་རྣལ་འབྱོར་དང༌། བཞི་པ་སྒྲུབ་པ་ཆེན་པོའི་ཡན་ལག་ཕྲ་མོའི་རྣལ་འབྱོར་ནི། ཡབ་ཡུམ་སྙོམས་པར་ཞུགས་པ་ལས་ལྟེ་བའི་ཧོཿཡིག་གློག་དང་མཚུངས་པའི་གཏུམ་མོ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བར་གྱུར་པས། དེ་བཞིན་གཤེགས་པ་ལྔའི་རང་བཞིན་གཡོན་གྱི་དཀྱིལ་འཁོར་ཕུང་པོ་ལྔའི་རླུང་དང༌། སྤྱན་མ་ལ་སོགས་པའི་རང་བཞིན་གཡས་ཀྱི་དཀྱིལ་འཁོར་ཁམས་ལྔའི་རླུང་རྣམས་བསྲེགས་ཤིང༌། མིག་ལ་སོགས་པའི་དབང་པོ་རྣམས་ཀྱང་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་འཇུག་པ་བསྲེགས་ནས། སྤྱི་བོའི་ཧཾ་ཡིག་ཞུ་བ་ལས་གློ་བུར་དུ་ཐིག་ལེའི་རྒྱུན་བབས་པས། མགྲིན་པར་སླེབ་པས་དགའ་བ། སྙིང་གར་སླེབ་པས་མཆོག་དགའ། ལྟེ་བར་ཁྱད་པར་གྱི་དགའ་བ། གསང་བར་ལྷན་ཅིག་སྐྱེས་པའི་དགའ་བ་མངོན་དུ་བྱས། ཨོཾ་ཛྙཱ་ན་པཱུ་ཛ་[ཡེ་ཤེས་ཀྱི་དགའ་བས་] ཨ་ནུ་རཀྟོ་[རྗེས་སུ་ཆགས་པའི་]སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ།[རང་བཞིན་གྱི་བདག་ཉིད་ངའོ། །]


TNT02_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་ཇི་ལྟར་བྱོན་པ་དེ་བཞིན་དུ་སྟེང་དུ་གཤེགས་པས། ལྟེ་བར་རྒྱུ་མཐུན་པའི་འབྲས་སུ་ལྷན་ཅིག་སྐྱེས་པའི་སྐུ་དང༌། སྙི་གར་རྣམ་པར་སྨིན་པའི་འབྲས་བུ་ཆོས་ཀྱི་སྐུ་དང༌། མགྲིན་པར་སྐྱེས་བུ་བྱེད་པའི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དཔྲལ་བར་དྲི་མ་དང་བྲལ་བའི་འབྲས་བུ་སྤྲུལ་པའི་སྐུ་རྣམས་མངོན་དུ་བྱས། ཨོཾ་[དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་ང་གདུལ་དཀའ་བ་འདུལ་བ་པོ།]སརྦ་ཏ་ཐཱ་ག་ཏཱ་ཨ་དྷི་པ་ཏི་བཛྲ་སཏྭཱ་ཧཾ་དུར་དཱནྟ་ད་མ་ཀ་ཧུཾ་ཧཱུཾ་ཕཊ་ཕཊ། དེ་ནས་ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་སོགས་ཀྱིས་མཆོད། སྟོང་ཉིད་སྙིང་རྗེ་སོགས་ཤོ་ལོ་ཀ་གཉིས་ཀྱིས་གོང་བཞིན་བསྟོད། དེ་ནས་ལྷ་སྐུ་ལ་སེམས་འཛིན་པའམ་བཟླས་པ་བྱའོ། །དེ་ཡང་ད་ལྟར་ལག་ལེན་ལ་སྙིང་པོ་གཙོ་བོར་བཟླ་བར་སྣང་ཞིང༌། རྩ་སྔགས་ཀྱང་ཅི་རིགས་པར་བཟླའོ། །གཞན་ཡང་མཚན་སྔགས་ལས་ལྷག་པ་ནི་སྐུའི་སྔགས་སོ། །ཨོཾ་ཀཱ་ལ་ཙཱཀྲ་ཡ་ཧུཾ་སྭཱཧཱ། གསུང་གི་སྔགས་སོ། །ཨོཾ་ཀཱཾ་སྭཱཧཱ། ཐུགས་ཀྱི་སྔགས་སོ། །ཡང་རྩ་སྔགས་དང༌། སྙིང་པོ་དང༌། ཉེ་སྙིང་དང༌། ས་བོན་རྣམས་ནི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཡང་བཟླས་པའོ། །ཨོཾ་ཕཊ། བསྣུན་པ་དང༌། ཨོཾ་ཧུཾཾ། དབབ་པ་དང༌། ཨོཾ་བཽ་ཥཊ། བསྲེག་པ་དང༌། ཨོཾ་ན་མཿ བསླང་བ་དང༌། ཨོཾ་ལྐཱཿ


TNT02_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ། རྒྱས་པ་དང༌། ཨོཾ་ཀཱཾ་ཝ་ཥཊ། མཉེས་པ་སྟེ། འབུམ་འབུམ་བཟླའོ། །དེ་རྣམས་ཀྱང་ཐུགས་ཀྱི་བཟླས་པའོ། །དེ་ནས་ཨོཾ་ཀཱ་ལ་ཙཱཀྲ་ཡ་སྭཱཧཱ། འབུམ་ཕྲག་བཅུ་བཟླའོ། །དུས་ཀྱི་འཁོར་ལོ་ཤེས་རབ་མ་དང་བཅས་པའི་སྔགས། ཨོཾ་སྭཱཧཱ། ཞེས་པ་བྱེ་བ་བཟླས་པས་བསྙེན་པ་ཡོངས་སུ་རྫོགས་པའོ། །ཡང་ན་ཨོཾ་ཨཱཿཧུཾ་ཧོཿཧཾ་ཀྵཿ ཞེས་པའམ། ཨོཾ་ཨཱཿཧུཾ་ཧོཿསྭཱཧཱ། ཞེས་པའམ། ཨོཾ་ཧྲཱཾ་ཧྲཱིཾ་ཧྲཱཿ ཞེས་པ་རྣམས་གང་ཡང་རུང་བ་ཞིག་བྱེ་བར་བཟླས་པས་ཀྱང་བསྙེན་པའོ། །ཨོཾ་[རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །]ན་མོ་བཛྲ་སཏྭཱ་ཡ། ན་མོ་བུདྡྷ་བོ་དྷི་སཏྭེ་བྷྱཿ[སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །] ན་མོ་བཛྲ་ཀྲོ་དྷ་ཨིན་དྲ་རཱ་ཛེ་བྷྱཿ[རྡོ་རྗེ་ཁྲོ་བོའི་དབང་པོའི་རྒྱལ་པོ་རྣམས་ལ་ཕྱག་འཚལ་ལོ། །] ན་མོ་བི་ཤྭ་མཱ་ཏྲེ།[སྣ་ཚོགས་ཡུམ་ལ་ཕྱག་འཚལ་ལོ། །] ན་མོ་བུདྡྷ་བོ་དྷི་སཏྭ་དེ་ཝཱི་བྷྱཿ[སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །] ན་མོ་བཛྲ་ཌཱ་ཀི་ནཱི་བྷྱཿ[རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ལོ། །] ཨོཾ་ན་མོ་བྷ་ག་ཝ་ཏེ་ཀཱ་ལ་ཙཀྲཱ་ཡ།༡[ བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །] བཛྲ་བྷཻ་ར་བ་བྷཱི་ཀཱ་རཱ་ཡ།༢[རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་པ་ལ།] མཧཱ་ཨིན་དྲ་ནཱི་ལ་བརྞ་ཤ་རཱི་རཱ་ཡ།༣ [དབང་པོའི་སྔོན་པོ་ཆེན་པོའི་


TNT02_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་གི་སྐུ་ལ།] མཱ་ར་ཀླཻ་ཤ་ཧྲྀ་ད་ཡཱ་ཀྲཱན་ཏ་[བདུད་དང་ཉོན་མོངས་པའི་སྙིང་གར་མནན་པ་] སི་ཏ་རཀ་ཏ་ཙ་ར་ཎཱ་ཡ།༤[དཀར་པོ་དང་དམར་པོའི་ཞབས་ལ།] ཀྲྀཥྞ་རཀ་ཏ་སི་ཏ་ཀཎ་ཋཱ་ཡ།༥[ནག་པོ་དམར་པོ་དཀར་པོའི་མགྲིན་པ་ལ།] ནཱི་ལ་སི་ཏ་པཱི་ཏ་རཀ་ཏ་[}ོན་པོ་དཀར་པོ་སེར་པོ་དམར་པོ་]དཾཥྟཱ་ཀ་རཱ་ལོ་[མཆེ་བ་གཙིགས་པ་] གྲ་བྷཱི་ཥ་ཎ་མུ་ཁཱ་ཡ།༦[དྲག་ཅིང་འཇིགས་སུ་རུང་བའི་ཞལ་ལ།] ཀྲིཥྞ་རཀ་ཏ་སི་ཏ་[ནག་པོ་དམར་པོ་དཀར་པོའི་] ས་བྱེ་ཏ་ར་སྐན་དྷཱ་ཡ།༧ [གཡས་དང་ཅིག་ཤོས་ཀྱི་ཕྲག་པ་ལ།] དྭཱ་ད་ཤ་བྷཱུ་ཛཱ་ཡ།༨ [བཅུ་གཉིས་ཀྱི་དཔུང་པ་ལ།] ཥཊ་བིཾ་ཤ་ཏི་ཀ་རཱ་ཡ།༩[དྲུག་དང་ཉི་ཤུའི་ཕྱག་ལ།] བཛྲ་[རྡོ་རྗེ་] ཁཌ་ག [རལ་གྲི] ཏྲི་ཤཱུ་ལ།[རྩེ་གསུམ་] ཀར་ཏི་ཀཱ[གྲི་གུག་] བཱ་ཎ།[མདའ་] ཨཾ་ཀུ་ཤ [ལྕགས་ཀྱུུ་] ཌ་མ་རུ་ཀ[ཅང་ཏེའི་] མུད་ག་ར།[ཐོ་བ་] ཙཀྲ།[འཁོར་ལོ་] ཀུན་ཏ།[མདུང་]དཎ་ཌ།[དབྱུག་པ་]པར་ཤུ།[དགྲ་སྟྭ་]བཛྲ་གྷཎ་ཌཱ།[རྡོ་རྗེའི་དྲིལ་བུ་] ཁེ་ཊ།[ཕུབ་] ཁ་ཊྭཱཾ་ག[ཁ་ཊྭཱཾ་ག]ཀ་པཱ་ལ།[ཐོད་པ་] ཙཱ་པ།[གཞུ་] པཱ་ཤ[ཞགས་པ་] རད་ན།[རིན་པོ་ཆེ་] ཀ་མ་ལ།[པད་མ་] ཤཾ་ཁ།[དུང་] ཨཱ་དར་ཤ་[མེ་ལོང་] ཤྲཱིཾ་ཁ་ལཱ།[ལྕགས་སྒྲོག་] བྲ་ཧྨ་ཤི་རོ་[ཚངས་པའི་མགོ་བོ་] ག་ཛ་ཙར་མ་དྷྲྀ་ཏ་ཀ་རཱ་ཡ།༡༠[གླང་པོ་ཆེའི་པགས་པ་འཛིན་པའི་ཕྱག་རྣམས་ལ།] བྱཱ་གྷྲ་ཙར་མ་ནི་ཝ་ས་ནཱ་ཡ།༡༡[སྟག་གི་ལྤགས་པའི་ཤམ་ཐབས་ཅན་ལ།] སྐན་དྷེ་མུཎ་ཌ་མཱ་ལཱ་བ་ལཾ་བི་ནེ།༡༢[ཕྲག་པ་ལ་མགོ་བོའི་ཕྲེང་བ་འཕྱང་བ་ཅན་ལ།]


TNT02_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་ར་སི་[སྤྱི་བོར་]བཛྲ་པཊ་ཊ་[རྡོ་རྗེའི་དར་དཔྱང་དང་] མུ་ཀུ་ཊེ་[ཅོད་པན་ལ་] བཛྲ་ཀ་པཱ་ལ་མཱ་ལ་[རྡོ་རྗེ་ཐོད་པའི་ཕྲེང་བ་དང་] ཨར་དྷ་ཙནྡྲ་དྷ་རཱ་ཡ།༡༣[ཟླ་ཕྱེད་འཛིན་པ་ལ།] ཀུན་ཌ་ལ་[རྣ་རྒྱན་] རུ་ཙ་ཀྭ[ཕྱག་གདུབ་] ཀཎ་ཋི་ཀཱ[མགུལ་རྒྱན་] མེ་ཁ་ལཱ་[{ེ་རགས་] ནཱུ་པུ་ར།[ཞབས་གདུབ་]བྷསྨ་[ཐལ་བ་] ཡཛྙོ་པ་བཱི་ཏ།[མཆོད་ཕྱིར་ཐོགས་]ཤི་རོ་མ་ཎི་[སྤྱི་བོར་ནོར་བུ་] མཧཱ་མུ་དྲ།[ཆེན་པོ་ཕྱག་རྒྱ་] ནཱ་ག་ཨིན་དྲ་[ཀླུའི་དབང་པོ་] བི་བྷཱུ་[རྣམ་པར་] ཥ་ཎཱ་ཡ།༡༤[བརྒྱན་པ་ལ།] བཛྲ་ཌཱ་ཀི་ནཱི།[རྡོ་རྗེ་མཁའ་འགྲོ་མ་]སཾ་ཏོ་ཥི་ཏི་ཧྲི་ད་ཡཱ་ཡ། ༡༥[ཡང་དག་པར་མཉེས་པའི་ཐུགས་ལ།] ཨིན་དྲ་[དབང་པོ་དང་] ཨག་ནི་[མེ་ལྷ་དང་] ཡ་མ་[གཤིན་རྗེ་དང་] ནཻ་རི་ཏྱ།[བདེན་བྲལ་དང་] བཱ་རུ་ཎ་[ཆུ་ལྷ་དང་] བཱ་ཡུ་[རླུང་ལྷ་དང་] ཀུ་བེ་ར་[ལུས་ངན་དང་] ཨཱི་ཤཱ་ན་[དབང་ལྡན་དང་] བྲཧྨ།[ཚངས་པ་དང་] བིཥྞུ་[ཁྱབ་འཇུག་དང་] བི་ནཱ་ཡ་ཀ་[ལོག་འདྲེན་དང་] ཀཱར་ཏི་ཀེ[སྨིན་དྲུག་གི་བུ་དང་] ཡ་ནན་དི།[དགའ་བྱེད་དང་] མཧཱ་ཀཱ་ལ།[ནག་པོ་ཆེན་པོ་དང་] གྲ་ཧ།[གཟའ་དང་] ནཀྵ་ཏྲ་[རྒྱུ་སྐར་དང་] ཀྵེ་ཏྲ་པཱ་ལ་[ཞིང་སྐྱོང་དང་] སུ་ར་ཨིན་དྲ།[ལྷའི་དབང་པོ་དང་] ཨ་སུ་ར་ཨིན་དྲ།[ལྷ་མིན་གྱི་དབང་པོ་དང་] ཕ་ཎི་ཨིནྡྲ་[གདེངས་ཅན་གྱི་དབང་པོ་དང་] བྷུ་ཏ་ཨིན་དྲ་[འབྱུང་པོའི་དབང་པོ་དང་] ན་ར་ཨིན་དྲ།[མིའི་དབང་པོ་དག་གིས་] སཾ་སྟུ་ཏ་ཙ་ར་ཎཱ་ཡ། ༡༦[ཡང་དག་པར་བཏུད་བའི་ཞབས་ལ།]


TNT02_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་རྐང་པ་བཅུ་དྲུག་པའོ། །ཨོཾ་ཨཱཿཧུཾ་ཧོཿཧཾ་ཀྵཿ[རྡོ་རྗེ་དྲུག་གི་ས་བོན།] [རྣམ་བཅུ་དབང་ལྡན་གྱི་ས་བོན།]ཀཱ་ལ་ཙཀྲཱ་ཡ།༡[དུས་ཀྱི་འཁོར་ལོ།] དུར་དཱན་ཏ་ད་མ་ཀ་[གདུལ་དཀའ་འདུལ་བ་པོ་]ཛཱ་ཏི་[སྐྱེ་བ་དང་] ཛ་རཱ་[རྒ་བ་དང་] མ་རཱ་ཎ་[འཆི་བ་] ཨན་ཏ་ཀ༢[མཐར་བྱེད་པ།] ཏྲཻ་ལོ་ཀྱ་བི་ཛ་ལ།༣[འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ།] མཧཱ་བཱི་ར་ཨཱི་ཤྭ་ར། ༤[དཔའ་བོ་ཆེན་པོའི་དབང་ཕྱུག] བཛྲ་བྷཻ་ར་བ།༥[རྡོ་རྗེ་འཇིགས་བྱེད།] བཛྲ་ཀཱ་ཡ།༦[རྡོ་རྗེའི་སྐུ།] བཛྲ་གཱ་ཏྲ།༧[རྡོ་རྗེའི་གོང་བུ།] བཛྲ་ནེ་ཏྲ།༨[རྡོ་རྗེའི་སྤྱན། བཛྲ་ཤོ་ཏྲ།༩རྡོ་རྗེའི་སྙན། བཛྲ་གྷྲཱ་ཎ།༡༠རྡོ་རྗེའི་ཤངས། བཛྲ་ཛི་ཧྭཾ།༡༡རྡོ་རྗེའི་ལྗགས།] བཛྲ་དན་ཏ།༡༢[རྡོ་རྗེའི་ཚེམས།] བཛྲ་ན་ཁ།༡༣[རྡོ་རྗེའི་སེར་མོ།] བཛྲ་ཀེ་ཤ༡༤[རྡོ་རྗེའི་སྐྲ།] བཛྲ་ལོ་མ།༡༥[རྡོ་རྗེའི་བ་སྤུ།] བཛྲ་ཨཱ་བྷ་ར་ཎ།༡༦[རྡོ་རྗེའི་རྒྱན།] བཛྲ་ཧཱ་ས།༡༧[རྡོ་རྗེའི་བཞད་པ།] བཛྲ་གཱི་ཏ།༡༨[རྡོ་རྗེའི་གླུ།] བཛྲ་ནྲྀ་ཏྱ།༡༩[རྡོ་རྗེའི་གར།] བཛྲ་ཨཱ་ཡུ་དྷ་ཀ་ར།༢༠[རྡོ་རྗེའི་མཚོན་ཆའི་ཕྱག] བཛྲ་ཀྲོ་དྷ་རཱ་ཛ་ཨ་དྷི་པ་ཏི།༢༡[རྡོ་རྗེ་ཁྲོ་བོ་རྒྱལ་པོའི་མངའ་བདག]བཛྲ་ཌཱ་ཀ༢༢[རྡོ་རྗེ་མཁའ་འགྲོ།] བཛྲ་ཌཱ་ཀི་ནཱི་ཛཱ་ལ་པ་རི་པྲྀ་ཏ།༢༣[རྡོ་རྗེ་མཁའ་འགྲོ་མའི་དྲྭ་བས་ཡོངས་སུ་བསྐོར་བ།] ཤཱི་གྷྲཾ་[མྱུར་དུ་]ཨཱ་གཙྪ་ཨཱ་གཙྪ།[བྱོན་བྱོན།] བཛྲ་སཏྭཱ་[རྡོ་རྗེ་སེམས་དཔའི་]


TNT02_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཛྙཱ་ཡཱ།[བཀའི་] སརྦ་[ཐམས་ཅད་]མཱ་ར་བིགྷྣ།[བདུད་བགེགས་དང་] བི་ནཱ་ཡ་ཀ [ལོག་འདྲེན་དང་] ཀིཾ་ན་ར།[མིའམ་ཅི་དང་] ཀིཾ་པུ་རུ་ཥ།[སྐྱེས་བུའམ་ཅི་དང་] ག་རུ་ཌ།[མཁའ་ལྡིང་དང་] གན་དྷརྦྷ།[དྲི་ཟ་དང་]ཡཀྵ།[གནོད་སྦྱིན་དང་] རཱཀྵ་ས།[སྲིན་པོ་དང་] བྷཱུ་ཏ། [འབྱུང་པོ་དང་]མཧཱ་པྲེ་ཏ།[ཡི་དྭགས་ཆེན་པོ་དང་] ཀུཾ་བྷཱཎ་ཌ།[གྲུལ་བུམ་དང་]ཨ་པསྨཱ་ར།[བརྗོད་བྱེད་དང་] ཀྵེ་ཏྲ་པཱ་ལ།[ཞིང་སྐྱོང་དང་] བེ་ཏཱ་ཌ།[རོ་ལངས་དང་]པཱུ་ཏ་ན། [སྲུལ་པོ་དང་] དུཥྟ་ནཱ་ག[གདུག་པའི་ཀླུ་དང་] གྲ་ཧ་ཨཱ་ད་[གཟའ་ལ་སོགས་པ་]ཡོ་ཡེ། [གང་ཞིག་] སརྦ་ཛྭ་ར།[རིམས་ཐམས་ཅད་] སརྦ་བྱཱ་དྷཱི་[ནད་ཐམས་ཅད་དང་] ཀྵུ་དྲ་ཨུ་པ་དྲ་བ་ཀཱ་རི་ཎཿ༢༤[ཉེ་བར་འཚེ་བ་ཕྲ་མོ་བྱེད་པ་དང་] སརྦ་སཏྭ་ནཱཾ།[སེམས་ཅན་ཐམས་ཅད་ལ་]སརྦ་ཨ་པ་ཀ་ར།[གནོད་པ་བྱེད་པར་དགའ་བ་] ར་ཏཱཾ་སྟཱན་[དེ་རྣམས་ཐམས་ཅད་] སརྦཱན་ཛཿ [ཐམས་ཅད་ནས་] ཤཱི་གྷྲཾ་བཛྲ་ཨཾ་ཀུ་ཤེ་ན་ཨཱ་ཀྲི་ཥྱ་ཨཱ་ཀྲི་ཥྱ།༢༥[མྱུར་དུ་རྡོ་རྗེའི་ལྕགས་ཀྱུས་ཁུག་ཅིག་ཁུག་ཅིག] ཨཱུར་དྷ་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༢༦[སྟེང་གི་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] པཱུར་བ་དི་ཤི་ག་ཏཱ་ནཱ་ཀྲི་ཥྱ་ཀྲི་ཥྱ།༢༧[ཤར་གྱི་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] དཀྵི་ཎ་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༢༨[ལྷོ་ཡི་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཨུད་ཏ་ར་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༢༩[བྱང་གི་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] པཥྩི་མ་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༣༠[ནུབ་ཀྱི་ཕྱོགས་སུ་


TNT02_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] བཱ་ཡ་བྱ་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༣༡[རླུང་གི་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཨི་ཤཱ་ན་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༣༢[དབང་ལྡན་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ནཻ་རི་ཏྱ་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༣༣[བདེན་བྲལ་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཨཱགྣེ་ཡ་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༣༤[མེ་མཚམས་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཨ་དྷོ་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༣༥[འོག་གི་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཨཱ་ཀཱ་ཤ་མཎྜ་ལ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༣༦[ནམ་མཁའི་དཀྱིལ་འཁོར་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] བཱ་ཡུ་མཎྜ་ལ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༣༧[རླུང་གི་དཀྱིལ་འཁོར་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཏེ་ཛྭ་མཎྜ་ལ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༣༨[མེ་ཡི་དཀྱིལ་འཁོར་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཏོ་ཡ་མཎྜ་ལ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༣༩[ཆུ་ཡི་དཀྱིལ་འཁོར་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] པྲི་ཐི་བཱི་མཎྜ་ལ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༤༠[ས་ཡི་དཀྱིལ་འཁོར་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཀཱ་མ་དྷཱ་ཏུ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༤༡[འདོད་པའི་ཁམས་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག]རཱུ་པ་དྷཱ་ཏུ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༤༢[གཟུགས་ཀྱི་ཁམས་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཨ་རཱུ་པ་དྷཱ་ཏུ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༤༣[གཟུགས་མེད་ཁམས་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཀཱ་ཡ་དྷཱ་ཏུ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༤༤[ལུས་ཀྱི་ཁམས་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] བཱཀ་དྷཱ་ཏུ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༤༥[ངག་གི་ཁམས་ལ་གནས་པའམ་


TNT02_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཙིཏྟ་དྷཱ་ཏུ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༤༦[སེམས་ཀྱི་ཁམས་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] པཉྩ་སྐན་དྷ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༤༧[ཕུང་པོ་ལྔ་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] པཉྩ་དྷཱ་ཏུ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༤༨[ཁམས་ལྔ་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] པཉྩ་ཨིན་དྲི་ཡ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༤༩[དབང་པོ་ལྔ་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] པཉྩ་བི་ཥ་ཡ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༥༠[ཡུལ་ལྔ་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] པཉྩ་ཀརྨ་ཨིན་དྲི་ཡ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༥༡[ལས་ཀྱི་དབང་པོ་ལྔ་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] པཉྩ་ཀརྨ་ཨིན་དྲི་ཡ་བི་ཥ་ཡ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ།༥༢[ལས་ཀྱི་དབང་པོའི་ཡུལ་ལྔ་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] སརྦ་ཏོ་ཡ་ཏྲ་ཀུ་ཏྲ་ཙི་ཏ་ག་ཏཱ་ན་ཀྲི་ཥྱཱ་ཀྲི་ཥྱ།༥༣[ཐམས་ཅད་ནས་གང་སུ་ཡང་རུང་བ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] མཧཱ་ཤྨ་ཤཱ་ན་[དུར་ཁྲོད་ཆེན་པོ་] བཛྲ་ཨགྣི་ཛྭ་ལི་ཏ་བྷཱུ་མྱཱཾ་ནི་པཱ་ཏ་ཡ་ནི་པཱ་ཏ་ཡ།༥༤[རྡོ་རྗེ་མེ་འབར་བའི་ས་གཞི་ལ་ངེས་པར་རྡོབས་ངེས་པར་རྡོབས།] བཛྲ་པཱ་ཤེ་ན་སརྦ་བྷུ་ཛེ་ཥུ་བནྡྷ་ཡ་བནྡྷ་ཡ།༥༥[རྡོ་རྗེ་ཞགས་པས་ཐམས་ཅད་ཀྱི་ལག་པ་རྣམས་ཆངས་ཤིག་ཆངས་ཤིག] བཛྲ་ཤྲིཾ་ཁ་ལ་ཡཱ་སརྦ་པཱ་དེ་ཥུ་ནི་རོ་དྷ་ཡ་ནི་རོ་དྷ་ཡ།༥༦[རྡོ་རྗེ་ལྕགས་སྒྲོག་གིས་ཐམས་ཅད་ཀྱི་རྐང་པ་རྣམས་སྡོམས་ཤིག་སྡོམས་ཤིག] སརྦ་སཏྭེ་ཥུ་[སེམས་ཅན་ཐམས་ཅད་ཀྱི་] ཀཱ་ཡ་ཝཱཀ་ཙིཏྟ་ཨུ་པ་དྲ་བ་ཀཱ་ར་ར་ཏཱན་ཏཱན།[ལུས་ངག་སེམས་ལ་ཉེ་བར་འཚེ་བར་བྱེད་པ་དགའ་བ་


TNT02_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་] མཧཱ་ཀྲོ་དྷ་བཛྲེ་ཎ་ཙཱུརྞ་ཡ་ཙཱུརྞ་ཡ། ༥༧[ཁྲོ་བོ་ཆེན་པོའི་རྡོ་རྗེས་ཕྱེ་མར་གྱིས་ཕྱེ་མར་གྱིས།] བཛྲ་ཁཌ་གེ་ན་ནི་ཀྲིན་ཏ་ཡ་ནི་ཀྲིན་ཏ་ཡ།༥༨[རྡོ་རྗེ་རལ་གྲིས་ངེས་པར་གཤོགས་ངེས་པར་གཤོགས།] བཛྲ་ཏྲི་ཤཱུ་ལེ་ན་བྷེ་ད་ཡ་བྷེ་ད་ཡ།༥༩[རྡོ་རྗེ་རྩེ་གསུམ་པས་ཕྱེ་ཤིག་ཕྱེ་ཤིག] བཛྲ་ཀརྟི་ཀ་ཡཱ་ཧ་ན་ཧ་ན།༦༠[རྡོ་རྗེ་གྲི་གུག་གིས་ཆོམས་ཤིག་ཆོམས་ཤིག] བཛྲ་བཱ་ཎེ་ན་བིནྡྷ་བིནྡྷ།༦༡[རྡོ་རྗེ་མདའ་ཡིས་ཕུགས་ཤིག་ཕུགས་ཤིག] བཛྲ་ཀཱི་ལ་ཀཻཿ ཀཱི་ལ་ཡ་ཀཱི་ལ་ཡ།༦༢[རྡོ་རྗེ་ཕུར་བུ་རྣམས་ཀྱིས་ཕུར་བུས་ཐོབས་ཕུར་བུས་ཐོབས།] བཛྲ་མུད་ག་རེ་ཎ་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ།༦༣[རྡོ་རྗེ་ཐོ་བས་རྡུངས་ཤིག་རྡུངས་ཤིག] བཛྲ་ཙཀྲེ་ཎ་ཙྪེ་ད་ཡ་ཙྪེ་ད་ཡ།༦༥[རྡོ་རྗེ་འཁོར་ལོས་ཆོད་ཅིག་ཆོད་ཅིག] བཛྲ་ཀུན་ཏེ་ན་བྷིན་ད་བྷིན་ད།༦༥[རྡོ་རྗེ་མདུང་གིས་ཕུགས་ཤིག་ཕུགས་ཤིག] བཛྲ་དཎ་ཌེ་ན་ཏཱ་ཌ་ཡ་ཏཱ་ཌ་ཡ།༦༦[རྡོ་རྗེ་དབྱུག་པས་རྒྱོབ་ཅིག་རྒྱོབ་ཅིག] བཛྲ་པར་ཤུ་ནཱ་ཙྪིན་ད་ཙྪིན་ད།༦༧[རྡོ་རྗེ་དགྲ་སྟྭས་གཏུབས་ཤིག་གཏུབས་ཤིག] ས་ཨར་དྷ་ཏྲི་ཀོ་ཊི་[ཕྱེད་དང་བཅས་པའི་བྱེ་བ་གསུམ་གྱིས་] ཁཎ་ཌཾ་ཀྲི་ཏྭཱ་ཤྨ་[དུམ་བུར་བྱས་ནས་] ཤཱ་ན་[དུར་ཁྲོད་] བྷཱུ་མྱཱཾ་[ས་གཞིར་] སརྦ་བྷཱུ་ཏེ་བྷྱོ་༦༨[འབྱུང་པོ་རྣམས་ཐམས་ཅད་ལ་] བ་ལིཾ་ཀུ་རུ་ཀུ་རུ།[གཏོར་མ་མཛོད་མཛོད།] བཛྲ་ཌ་མ་རུ་ཀེ་ན་[རྡོ་རྗེ་ཅང་ཏེའུས་]བཛྲ་ཌཱ་ཀི་ནཱི་རཱ་[རྡོ་རྗེ་མཁའ་འགྲོ་མ་རྣམས་]


TNT02_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བཱ་ཧ་ཡ་བཱ་ཧ་ཡ།༦༩[དགུག་པར་གྱིས་དགུག་པར་གྱིས།] བཛྲ་ཌཱ་ཀི་ནཱི་བྷྱོ་[རྡོ་རྗེ་མཁའ་འགྲོ་རྣམས་ལ་] མཱ་ར་ཀཱ་ཡི་ཀ་ནཾ་[བདུད་ཀྱི་རིགས་རྣམས་ཀྱི་] རུ་དྷི་རཾ་[སྙིང་ཁྲག་] ནི་བེ་ད་ཡ་ནི་བེ་ད་ཡ།༧༠ [གསོལ་ཅིག་གསོལ་ཅིག] པཉྩ་ཨ་མྲྀ་ཏ་[བདུད་རྩི་ལྔ་] ཨ་ཧཱ་རི་ཎཱི་བྷྱཿ[འཕྲོག་མ་རྣམས་] པཉྩ་ཨ་མྲྀ་ཏཾ་ནི་བེ་ད་ཡ་ནི་བེ་ད་ཡ།[བདུད་རྩི་ལྔ་གསོལ་ཅིག་གསོལ་ཅིག] སརྦ་བཛྲ་ཌཱ་ཀི་ནཱི་[རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱིས་]ས་ཧི་ཏཿ༧༡[འབྲེལ་བ་དང་བཅས་པ་]སརྦ་སཏྭཱ་ནཱཾ་[སེམས་ཅན་ཐམས་ཅད་རྣམས་ལ་]ཤཱན་ཏི་ཀཾ་པཽཥྟི་ཀཾ་[ཞི་བ་དང་རྒྱས་པ་དང་] རཀྵ་[བསྲུང་བ་དང་] ཨ་བ་ར་ཎ་[བསྐྱབ་པ་དང་] གུཔ་ཏིཾ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ།༧༢[སྦ་བར་མཛོད་མཛོད།] ཅེས་པ་རྐང་པ་བདུན་ཅུ་རྩ་གཉིས་པ་རྣམས་ཀྱང་ཅི་རིགས་པར་བཟླ་ཞིང༌། འཁོར་གྱི་སྔགས་ནི། རང་རང་གི་མཚན་སྔགས་ཀྱང་སྔགས་སུ་འགྱུར་མོད་ཀྱི། གཙོ་བོར་སོ་སོའི་ས་བོན་ཉིད་ཡིན་ཏེ། མགོ་བོར་ཨོཾ་དང་འཇུག་ཏུ་ན་མཿལ་སོགས་པ། ལས་དང་རྗེས་སུ་མཐུན་པར་སྤེལ་བ་སྟེ། དེ་དག་ཀྱང་རིགས་ལྔ་ཡུམ་ལྔ་སོགས་སྡེ་ཚན་སྡེ་ཚན་བསྡོམས་ཏེ་བཟླ་བ་ཉིད་བླ་མ་དམ་པ་དེ་ཉིད་རིགས་པ་རྣམས་ཀྱི་མན་ངག་ཏུ་སྣང་ངོ༌། །འོན་ཀྱང་འདིར་འཁོར་གྱི་བཟླས་པ་གཙོ་མི་ཆེ་ལ། ཤེས་པར་འདོད་ན། ཆོས་རྗེ་ཐམས་ཅད་མཁྱེན་པ་ཡབ་སྲས་རྣམས་ཀྱི་ཡི་གེར་ལྟ་བར་བྱའོ། །རྗེས་ཀྱི་བྱ་བ་ལ། མཆོད་པ་དང༌། བསྟོད་པ་དང༌། ཉེར་བསྡུ་


TNT02_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས། དང་པོ་ནི་སྤྲོ་ཞིང་ནུས་ན། གཡོན་པའི་མཐེབ་སྲིན་གྱིས་དྲི་བཟང་གི་མཎྜལ་བྱས་ལ། དེར་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་གཟུགས་བརྙན་ལྟར་གསལ་བར་མོས་ཏེ། དཀྱིལ་ཆོག་ཏུ་འཆད་པར་འགྱུར་བ་ལྟར། མཆོད་ཡོན་མངོན་དུ་འགྲོ་བའི་མཆོད་པ་བཅུ་གཉིས་ཀྱིས་མཆོད། ནང་མཆོད་བྱིན་གྱིས་བརླབས་ཏེ། ནང་མཆོད་དེས་ཆོས་འབྱུང་ཐིག་ལེ་དང་བཅས་པ་བྱས་ལ། དེར་དཀྱིལ་འཁོར་གྱི་འཁོར་ལོ་གསལ་བར་བལྟས་ཏེ། ཨོཾ་བུདྡྷ་ཡ་ན་མཿ ཞེས་སོགས་མཆོད་སྔགས་ཆེན་མོས་མཆོད་པར་བྱའོ། །འདི་ལྟ་བུའི་མཆོད་པ་ནི། མདུན་བསྐྱེད་ཀྱི་མཆོད་པ་མ་ཡིན་ལ། བདག་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དངོས་སུ་བཤམས་པའི་མཆོད་པས་མཉེས་པར་བྱེད་ཚུལ་ཏེ། བདག་བསྐྱེད་ཀྱི་དཀྱིལ་འཁོར་རྣམས་མཎྜལ་གྱི་ནང་དུ་གཟུགས་བརྙན་ཤར་བ་ལྟ་བུ་ལ་མཆོད་པ་ཡིན་ནོ། །རྒྱུན་གྱི་རྣལ་འབྱོར་སོགས་ལ་མཆོད་པ་རྒྱས་པ་དེ་ཙམ་མི་ལྕོགས་ན། བཟླས་པའི་མཐར། ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ སོགས་མཆོད་པ་བཅུ་གཉིས་ཀྱིས་གོང་བཞིན་མཆོད་པར་བྱའོ། །གཉིས་པ་ནི། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་


TNT02_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །སོགས་འདུད་ཉི་ཤུས་བསྟོད། སྤྲོ་ན། གང་ལ་ཐོག་མཐའ་དབུས་མེད་སོགས་ཀྱིས་ཀྱང་བསྟོད། གསུམ་པ་ནི། གཙུག་ཏོར་དུ་རྡོ་རྗེ་རྩེ་མོ་ལྔ་པའི་ལྟེ་བར་བདེ་བ་ཆེན་པོའི་འཁོར་ལོ་དང༌། སྙིང་གར་རྡོ་རྗེ་རྩེ་མོ་དགུ་པའི་ལྟེ་བར་ནུས་མ་རྣམས་དང༌། དཔྲལ་པར་རྡོ་རྗེ་རྩེ་མོ་བཅུ་བདུན་པའི་ལྟེ་བར་ཕུང་པོ་དང་ཁམས་བཞིའི་ལྷ་དང༌། མགྲིན་པར་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པའི་ལྟེ་བར་སྐྱེ་མཆེད་བཅུ་གཉིས་ཁྲོ་བོ་བཞི་དང་བཅས་པ་ལུས་དང་བསམ་པས་རབ་ཏུ་ཕྱེ་བ་རྣམས་དང༌། ལྟེ་བར་རྡོ་རྗེ་རྩེ་མོ་དྲུག་ཅུ་རྩ་ལྔ་པའི་ལྟེ་བར་གསུང་གི་རྣལ་འབྱོར་མ་བརྒྱད་པོ་དྲུག་ཅུ་རྩ་བཞིས་འཁོར་དང་བཅས་པ་རྣམས་དང༌། གསང་བར་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པའི་ལྟེ་བར་སྐུའི་སྒོ་སྐྱོང་རྣམས་དང༌། ལས་ཀྱི་འཁོར་ལོའི་ཚིགས་ཆེན་བཅུ་གཉིས་པོར་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གཅིག་པ་རྣམས་ཀྱི་ལྟེ་བར་


TNT02_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཆེན་པོ་བཅུ་གཉིས་འཁོར་དང་བཅས་པ་རྣམས་དང༌། རྐང་པ་དང་ལག་པའི་སོར་མོའི་ཚིགས་རྣམས་སུ་ཀླུ་དང་རབ་གཏུམ་མོ་རྣམས་གཤེགས་སུ་གསོལ། དེ་ནས་སྤྱོད་ལམ་གྱི་རྣལ་འབྱོར་ལ་འཇུག་ན། སྨོན་ལམ་གདབ་ཅིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཡང་བརྗོད་ནས། ཐུན་མཚམས་ལ་འཇུག་གོ །གཏོར་མ་འབུལ་བར་འདོད་ན་ཡང༌། ཉེར་བསྡུའི་རྗེས་ཉིད་ལ་བྱ་སྟེ། གཏོར་མ་བཤམས། ཨོཾ་ཕྲེཾ་བཛྲ་ཌཱ་ཀི་ནཱི། བཛྲ་དྷཱ་ཏྭཱི་ཤྭཱ་རཱི། ག་ག་ན་སྭ་བྷཱ་ཝ་སརྦ་དྲ་བྱ་བི་ཤོ་དྷ་ནི། སརྦ་དྲ་བྱ་ཎི་བི་ཤོ་དྷ་ཡ་ཧུཾ་ཕྲེཾ་ཕཊ་ཅེས་པ་དང༌། ཨོཾ་ཨཱཿཧུཾ་ཧྲཿཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཨ་ལས་མི་མགོའི་སྒྱཻད་བུ་གསུམ་ལ་གནས་པའི་ཨོཾ་ཡོངས་སུ་གྱུར་པ་ལས། ཐོད་པ་དུམ་བུ་གཅིག་པ། དེའི་ནང་གི་དབུས་སུ་ཨ་ལས་བྱང་སེམས། ཤར་དུ་ཨི་ལས་རྐང་དམར། ལྷོར་རྀ་ལས་རཀྟ། བྱང་དུ་ཨུ་ལས་དྲི་ཆུ། ནུབ་དུ་ལྀ་ལས་དྲི་ཆེན། རླུང་མཚམས་སུ་ལཱྀ་ལས་གླང་པོ་ཆེའི་ཤ དབང་ལྡན་དུ་ཨཱུ་ལས་བ་གླང་གི་ཤ བདེན་བྲལ་དུ་རཱྀ་ལས་རྟའི་ཤ མེ་


TNT02_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སུ་ཨཱི་ལས་ཁྱིའི་ཤ དབུས་ཀྱི་སྟེང་དུ་ཨཱ་ལས་མིའི་ཤ རླུང་གཡོས་མེ་སྦར་རྫས་རྣམས་ཞུ། ལག་པ་གཡོན་པའི་མཐིལ་དུ་ཟླ་བ་ལ་གནས་པའི་ཨོཾ་སྐུ་རྡོ་རྗེའི་ངོ་བོ། དེའི་འོད་ཟེར་གྱིས་མ་དག་པའི་རྫས་རྣམས་སྦྱངས་པར་གྱུར། ཨོཾ་ཨོཾ་བཛྲ་ཙནྡྲ་སོགས་གོང་བཞིན། ལག་པ་གཡས་པའི་མཐིལ་དུ་ཉི་མ་ལ་གནས་པའི་ཨཱཿགསུང་རྡོ་རྗེའི་ངོ་བོ། དེའི་འོད་ཟེར་གྱིས་དག་པའི་རྫས་རྣམས་སྤེལ་བར་གྱུར། ཨོཾ་ཨཱཿབཛྲ་སཱུརྱ་སོགས། ལག་པ་གཉིས་ཀ་སྦྱར་བའི་དབུས་སུ་སྒྲ་གཅན་གྱི་དཀྱིལ་འཁོར་ལ་གནས་པའི་ཧུཾ་ཐུགས་རྡོ་རྗེའི་ངོ་བོ། དེའི་འོད་ཀྱིས་རྫས་རྣམས་ཁ་དོག་དྲི་རོ་ནུས་མཐུ་གཟི་བརྗིད་ཕུན་ཚོགས་པ་འབར་བར་གྱུར། ཨོཾ་ཧཱུཾ་བཛྲ་ཨ་ན་ལ་སོགས། མཁའ་ལྡིང་གི་ཕྱག་རྒྱའི་དབུས་སུ་དུས་མེ་ལ་གནས་པའི་ཧོཿཡིག་ཡེ་ཤེས་རྡོ་རྗེའི་ངོ་བོའི་དེས་འོད་ཟེར་གྱིས་ཟག་མེད་ཡེ་ཤེས་མཆོག་གི་བདུད་རྩིར་བྱས་པར་གྱུར། ཨོཾ་ཧོཿསརྦ་དྷརྨ་སོགས་གོང་བཞིན་བརྗོད་པ་ནི་གཏོར་མ་བྱིན་གྱིས་བརླབས་པའོ། །འདི་ནི་མཚོན་པ་སྟེ། གཏོར་མ་དང་ནང་མཆོད་བྱིན་རླབས་རྒྱས་པ་ནི་འདི་ལྟར་བྱ་ལ། འབྲིང་པོ་ནི་སྔོན་འགྲོ་གཏོར་མ་བཞིན་དང༌། བསྡུས་པ་ནི། བསངས་སྦྱངས་སྔོན་དུ་འགྲོ་བས། ཨོཾ་ཨཱཿཧུཾ་ཧོཿ ཞེས་བརྗོད་པ་ཙམ་ཡིན་ཞིང༌། ཨོཾ་ཕྲེཾ་བཛྲ་ཌཱ་ཀི་ནཱི་སོགས་


TNT02_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྔགས་དེ་ཁོ་ནས་ཀྱང་རྫས་མཐའ་དག་བྱིན་གྱིས་བརློབ་པ་སྟེ། འདི་ཡང་བསྡུས་པའོ། །དེ་ནས་མགྲོན་སྤྱན་དྲང་པ་ནི། སངས་རྒྱས་ཡབ་ཡུམ་བཅས་པ་སྲས་བཅས་གཡོག་འཁོར་དང༌། །གྲོགས་བཅས་གཉེན་རྣམས་དག་གིས་སྐོར་བའི་ཚོགས་པ་ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང༌། །མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཨོཾ་ཧ་ཧཱ་ཧི་ཧཱི་བཛྲ་བྷཻ་ར་ཝ། ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བྷནྡྷ་ཡ། བྷནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ཧྲི་ད་ཡ་ཧུཾ་ཧཱུཾ་ཕྲེཾ་ཕྲེཾ་ཕཊ། ཅེས་པས་མཁའ་འགྲོ་མ་རྣམས་ཀྱང་སྤྱན་དྲངས། ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ ནས། ཀཱ་མཾ་གྱི་བར་བརྗོད། ཨོཾ་ཨཱཿཧུཾ་ཧོཿ ཤྲཱི་ཀཱ་ལཱ་ཙཀྲཱ་བཛྲ་བྷཻ་ར་ཝ་བྷཱི་ཀ་རཱ་ཡ། ཞེས་འདོན་པ་སྤོས་ལ། སྡེ་དྲུག་བསྲུང་མ་དྲུག་ཅུའི་ཚོགས་དང་བཅས་པ་ལ་གཏོར་ལ་འབུལ་ཚུལ་བསྲུང་འཁོར་སྐབས་བཞིན་ཏེ། རྒྱལ་བ་རིགས་དྲུག་གོ་འཕང་མྱུར་ཐོབ་ཤོག །ཅེས་པའི་བར་རོ། །བར་འདིར་སྒོས་ཀྱི་ཆོས་སྐྱོང་རྣམས་ལའང་ཕུལ་ནས། ཨོཾ་ཨཱཿཧཱུཾ་བཛྲ་ཌཱ་ཀི་ནཱ་བྷྱཿ ས་པ་རི་ཝཱ་རེ་བྷྱཿ ཨི་དཾ། བ་ལིཾ།


TNT02_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ཞེས་སོགས་ཡུལ་གྱི་བདག་པོའི་གཏོར་སྔགས་དང་འདྲ་བས་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་གཏོར་མ་ཕུལ། སྔོན་འགྲོའི་སྐབས་སུ་བརྗོད་པ་ལྟར། ཡུལ་གྱི་བདག་པོ་དང༌། གྲོང་གི་བདག་པོ་ལ་ཡང་འབུལ་ཏེ། ཨ་པ་ར་སྠཱ་ནཾ་གཙྪ་གཙྪ་སྭཱཧཱ། ཞེས་པའི་དོད་དུ། སྭ་སྠཱ་ནཾ་གཙྪ་གཙྪ་སྭཱཧཱ། ཞེས་སྒྱུར་བ་ནི་ཁྱད་པར་རོ། །སྤྲོ་ན་མཆོད་པ་བཅུ་གཉིས་ཕུལ། མཁའ་འགྲོ་ལྔ་བསྟོད་དང༌། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །སོགས་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་བྱ། བསྡུ་ན་མ་བྱས་ཀྱང་ཆོག དེ་དག་གི་མཐར། སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་དང༌། །མི་ཡི་འཇིག་རྟེན་དག་ན་ཕྱོགས་བྲལ་དུ་གནས་ཁྲོ་བོའི་རྒྱལ་པོ་བཙུན་མོར་བཅས་རྣམས་དང༌། །ས་འོག་དག་ན་གདེངས་ཅན་དབང་པོ་གང་དག་གདོན་ཚོགས་མི་དགེ་དུས་ཀུན་དུ་ནི་འཆིང་བྱེད་པ། །དེ་རྣམས་ཐམས་ཅད་ཉིན་ཞག་སོ་སོའི་དུས་སུ་མི་ཤེས་འཇིག་རྟེན་ཀུན་ནས་སྐྱོང་བར་བྱེད་གྱུར་ཅིག །ཨོཾ་ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱི་ཤིས་པ་བརྗོད། ཡིག་བརྒྱའི་མཐར། བཟོད་གསོལ། གཤེགས་གསོལ། སྤྱི་དང་འདྲ་ཞིང༌། ཡེ་ཤེས་ཀྱི་འཁོར་ལོ་རང་ཉིད་ལ་ཐིམ། བསོད་


TNT02_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་འདི་ཡིས་འགྲོ་རྣམས་དུ་བ་ལ་སོགས་ལམ་གྱིས་ལྷན་སྐྱེས་བདེ་བ་མཆོག་བསྒོམས་ཏེ། །འགྲོ་བའི་བླ་མ་སུམ་ཅུ་རྩ་གཉིས་མཚན་ལྡན་སྐུ་འདི་ཆོས་ཀྱི་འཁོར་ལོར་ཡང་དག་གནས། །ལྷ་རྣམས་མགོ་ཡི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱིས་ཞབས་ཀྱི་པདྨ་ལ་གཏུགས་ཤིང༌། །དམ་པའི་ལམ་སྟོན་ཉིན་བྱེད་བཞིན་དུ་མུན་པ་ཀུན་འཇོམས་དུས་ཀྱི་འཁོར་ལོ་ཉིད་གྱུར་ཅིག །ཉི་མ་དང་བཅས་ཐུབ་པའི་རིགས་རྣམས་ཀྱིས་ནི་ཤེས་རབ་ཡེ་ཤེས་ཐོབ་པར་གྱུར་འདི་ཇི་ལྟ་བར། །རྣམ་གསུམ་སྲིད་པར་གནས་པའི་སེམས་ཅན་རྣམས་ནི་དུས་ཀྱི་འཁོར་ལོའི་དྲིན་ལས་ཨེ་ཝཾ་ཉིད་གྱུར་ཅིག །སྐྱེས་བུ་གང་དག་བདུད་ཀྱི་གྲོགས་ཀྱིས་རྟག་ཏུ་མི་བདེན་མུན་པར་སོང་ཞིང་ལམ་ཉམས་པ། དཻ་རྣམས་ལམ་འདི་ཐོབ་ནས་རྡོ་རྗེ་ནོར་བུའི་ཁྱིམ་དང་རིང་བ་མིན་པར་འོང་གྱུར་ཅིག །རྣལ་འབྱོར་བདག་ཅག་རྣལ་འབྱོར་མ་ཐོབ་རབ་ཏུ་གཡོ་བའི་ཡིད་ཀྱིས་གལ་ཏེ་ཤི་བར་གྱུར་ན་ཡང༌། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་རྣལ་འབྱོར་ལྡན་པར་སྐྱེ་བ་དང༌། །}ོན་གྱི་གོམས་པ་དེ་ཡིས་སླར་ཡང་ཡེ་ཤེས་རྣལ་འབྱོར་ཡངས་པ་དག་ནི་ཀུན་ཏུ་འཛིན་པ་དང༌། །ཡེ་ཤེས་ཐོབ་ནས་མི་ཟད་མཆོག་གི་གནས་སུ་རབ་བགྲོད་སླར་ཡང་གང་དུའང་


TNT02_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་ལྡན་མིན་གྱུར་ཅིག །དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོས་འགྲོའི་བདག་དང་ཆོམ་རྐུན་ཞགས་པས་འཆིང༌། །ཆུ་གཏེར་འཁྲུགས་དང་ཤ་ཟ་འཆི་བའི་འཇིགས་བྱེད་ནད་དང་དབང་པོའི་ཉེ་བར་འཚེ་བ་དང༌། །དབུལ་དང་བུད་མེད་དང་བྲལ་མི་བདག་འཁྲུགས་པའི་འཇིགས་དང་རྡོ་རྗེ་ལྟུང་དང་དོན་ཉམས་རྣམས། །བདག་གིས་རྣལ་འབྱོར་མ་རྣམས་ཞབས་ནི་གསལ་བར་དྲན་པའི་མཐུ་ལས་རབ་ཏུ་ཉམས་གྱུར་ཅིག །དགེ་བ་འདི་ཡིས་མྱུར་དུ་བདག །དུས་ཀྱི་འཁོར་ལོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་དུས་ཀྱི་འཁོར་ལོ་སྟོན། །བླ་མ་ལ་གུས་སྙིང་བརྩེ་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང༌། བཙུན་མོའི་ཁུ་བ་མཉམ་ཟ་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་སོགས་སྨོན་ལམ་ཅི་རིགས་པར་གདབ་པོ། གཞན་ཡང་ཁ་ཟས་ཀྱི་རྣལ་འབྱོར་དང༌། གཉིད་ཀྱི་རྣལ་འབྱོར་དང༌། རྨི་ལམ་གྱི་རྣལ་འབྱོར་དང༌། ལྡང་


TNT02_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྣལ་འབྱོར་ལ་སོགས་པ་རྣམས་ལའང་ནན་ཏན་དུ་བྱ་སྟེ། བླ་མའི་ཞལ་སྔ་ལས་རྒྱུད་དོན་ཞིབ་མོར་མཉན་པ་དང༌། ཆོས་རྗེ་ཐམས་ཅད་མཁྱེན་པས་མཛད་པའི་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས་ཤེས་པར་བྱ་ཞིང༌། སྒྲུབ་ཐབས་ཀྱི་གོ་དོན་ཞིབ་མོ་མཐའ་དག་ཀྱང་ངོ༌། །ཁྱད་པར་ངེས་དོན་མཐར་ཐུག་དང་འབྲེལ་བའི་ལུགས་འདི་ཉིད་དང་བཀའ་སྲོལ་འདི་ཉིད་ལ། ཆོས་རྗེ་ཐམས་ཅད་མཁྱེན་པ་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔའ་བཟང་པོ་ཞེས་མཚན་བརྗོད་པར་དཀའ་བ་དེ་ཉིད་རྣམ་པ་ཀུན་ཏུ་ཚད་མར་བྱེད་དགོས་ཏེ། ཤིང་རྟའི་སྲོལ་འབྱེད་ཆེན་པོ་སྟོན་པ་གཉིས་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ཉེ་བར་སྦྱར་བའི་སྒྲུབ་ཐབས་རིམ་པ་དྲུག་ཡོད་པ་རྣམས་བལྟ་བ་དང༌། ཉན་པ་དང༌། བསམ་པ་ལ་སོགས་པའི་སྒོ་ནས་ངེས་པ་གཏིང་ཚུགས་པར་བྱས་ནས། སླད་ཀྱི་དཔལ་དྲི་མ་མེད་པའི་འོད་ཀྱི་བསྐྱེད་རིམ་སྟོན་བྱེད་ཡན་ལག་དང་བཅས་པ་རྣམས་ལ་ནན་ཏན་དུ་བྱས་ན། བླུན་པོ་རྫུན་གྱི་མན་ངག་ལ་སྐྱབས་འཚོལ་བ་དང༌། མཁས་པ་གླེགས་བམ་མཐོང་བས་ང་རྒྱལ་བ་རྣམས་ཀྱིས་རང་བཟོས་མ་བསླད་པར་རྡོ་རྗེ་འཆང་ཆེན་པོའི་ལམ་མ་ནོར་བ་རྙེད་པར་འགྱུར་རོ། །སྒྲུབ་པའི་ཐབས་འདི་ཡང༌། སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་ཀྱི་གསུང་དང་བྱེ་བྲག་མ་མཆིས་པ་དེ་ཁོ་ནའི་དགོངས་དོན་གཞིར་བཞག་ནས། ངག་འདོན་རྣམས་ཆོས་རྗེ་ཡབ་སྲས་ཀྱི་གསུང་ལས་ཇི་


TNT02_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བརྗོད་པ་བདེ་བ་དག་བླངས་ཤིང༌། སྒྲུབ་ཐབས་ཀྱི་ཚིག་གི་དངོས་བསྟན་ལ་མེད་ཀྱང༌། ཕྱག་ལེན་ལས་འབྱུང་བ་གསུང་གཞན་ལས་དཔགས་ན། དགོངས་དོན་ལ་ཡོད་ངེས་པ་རྣམས་ཀྱིས་ཅུང་ཟད་ཁ་བསྐང་བ་ཡིན་ནོ། །གང་འདིར་གཅིག་ཏུ་རང་དགའི་བློ་ངོར་ནས། །འཕགས་པའི་གསུང་ཉིད་དཔང་དུ་བྱས་ནས་བསྡུས། །དེ་ལྟར་ལགས་ཀྱང་འཁྲུལ་བའི་ཆ་མཆིས་ན། །བདག་གིས་ནོངས་པ་མཁས་ལ་བཟོད་པར་གསོལ། །འདི་ལ་གང་གི་ལྷག་བསམ་དག་པ་ཡིས། །ཉེ་བར་བསྐུལ་དང་མཐུན་པའི་རྐྱེན་སྦྱར་དང༌། །བདག་གིས་འབད་ལས་བསོད་ནམས་གང་སྐྱེས་པ། །དེ་ཡང་འགྲོ་བའི་བྱང་ཆུབ་དོན་དུ་བསྔོ། །དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལ་འཇུག་པ་ཞེས་བྱ་བ་འདི་ཡང༌། དོན་གཉེར་ཅན་དུ་མས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སུམ་ཅུ་རྩ་བདུན་པ་ལ་ནགས་རྒྱལ་གྱི་དབེན་གནས་སུ་སྦྱར་བའོ། །ཨོ་སྭ་སྟི། ཀུན་རྫོབ་གཟུང་འཛིན་རྣམ་བར་རྟོག་པའི་སྤྲོས་པ་གདོད་ནས་བྲལ་བའི་སྒྲིབ་གཉིས་དྲི་མས་སྤུབ་ལས་གྲོལ། ཆོས་དབྱིངས་ཡེ་ཤེས་འཁོར་འདས་ཀུན་ཁྱབ་དོན་དམ་སྤྲོས་བྲལ་རྟག་བརྟན་ཞིབ་གྱུང་དྲུང་རང་བྱུང་ཉིད། །སྐུ་དང་ཡེ་ཤེས་ཞིང་ཁམས་རྒྱ་མཚོའི་བདག་ཉིད་ལྷ་སྔགས་དཀྱིལ་འཁོར་རབ་འབྱམས་སྤྲོ་བའི་གཞི་གཅིག་བུ། ཕྱོགས་ལྷུང་ཆ་ཀུན་ལེགས་བྲལ་རྒྱལ་ཀུན་བྱམས་བརྩེའི་ཐུགས་རྗེ་གདུལ་བྱའི་ཡིད་ལ་མཛའ་བཞིན་འབད་མེད་འཆར། འཇིག་རྟེན་ཁམས་ནི་གང་དུ་ཡང་། སངས་རྒྱས་གཞན་དུ་


TNT02_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་མི་འགྱུར། སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཡེ་ནས་གཟུང་འཛིན་སྤྲོས་མཐའ་བྲལ་བའི་དབྱིངས། །སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་ཅན། །འཁོར་འདས་ཀུན་གྱི་དྭངས་མའི་སྤོག་ཆེན་པོ། །བདེ་གཤེགས་སྙིང་པོ་སྲིང་འདིར་རྒྱལ་གྱུར་ཅིག །མི་འགྱུར་བདེ་ཆེན་ཡེ་ཤེས་མཆོག་གི་རང་གཟུགས་སྣ་ཚོགས་འཇའ་ཚོན་ཐིག་ལེ་འོད་ཟེར་འབུམ་གྱི་རོལ་བས་སྟོང་ཉིད་ནམ་མཁའ་ལ་ཡང་རབ་ཏུ་འགྲོགས་པ་ཞུས་ལེན་བ། ཁྱིམ་དུས་བྲལ་ནང་གི་དུས་བཅོམ་དུས་གཞན་དུ་མེད་དོན་དམ་དུས་ཀྱི་འཁོར་ལོ་སྲིད་གསུམ་ལས་རྣམ་པར་འདས་པའི་སྔོ་བསང་མ་རུ་སྣ་ཚོགས་སྣང་བརྙན་གསལ། རྣམ་ཀུན་གཟུགས་ལྡན་སྣ་ཚོགས་ཡུལ་གྱི་རྣམ་རྒྱལ་པདྨོའི་རེག་པ་ལ་སྲེད་ཕྱག་གཉིས་ཞགས་བས་བདེ་ཆེན་དགའ་མའི་མགྲིན་པར་འཁྱུད་པའི་རྩེ་དགས་ཇི་ཟླའི་རྒྱུ་བ་འགགས། རབ་དམྲ་གཡས་དང་གཡས་མིན་དཀར་པོའི་ཞབས་གཉིས་རོལ་བས་བདུད་དང་འབྱུང་པོའི་མགོན་པོ་དག་གི་མགོ་བོར་གར་མཛད་ཧེ་རུ་ཀ་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། འཕགས་པའི་ཡུལ་དང་གངས་ལྗོངས་ལྷ་ལམ་རབ་ཡངས་མཁས་ཤིང་གྲུབ་བརྟེས་རྒྱུ་སྐར་རབ་ཏུ་བཀྲ་བའི་དབུས། རྣམ་དང་ལུང་རིགས་བྱེ་བས་དཀྱིལ་འཁོར་ཡོང་རྫོགས་ཉ་རྒྱས་ཟླ་བཟིན་རབ་ཏུ་འཕགས་པའི་མྱ་དངས་བརྒྱའི་ཛ་ན། མཐར་ཐུག་དབུ་མ་ཆེན་མོའི་དགོངས་དོན་གསུང་རབ་ལེགས་བཤད་པོད་དཀར་གདུལ་བྱའི་ཁམས་བཞིན་བཤད་པའི་གཞུང་། རྒྱལ་བསྟན་སྙིང་པོའི་ཀུ་མུད་བཞད་པའི་གཉེན་


TNT02_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཤེས་རབ་རྒྱལ་མཚ་རྒྱལ་བའི་ལུང་གིས་ཡང་ཡང་བསྔགས། ཁྱབས་བདག་འདོད་པ་ཀུན་གྱི་དབང་ཕྱུག་འཁོར་ལོ་སྡོམ་པ་བརྟུལ་ཞུགས་ཉམས་རྒྱས་སྒེག་པའི་ཧེ་རུ་ཀ །ཤེས་བྱ་ཐམས་ཅད་གཟིགས་པའི་རྣམ་དཔྱོད་ངོ་མཚར་རབ་རྒྱས་གངས་ཅན་མཁས་གྲུབ་ཡོངས་ཀྱིས་དབུས་ན་འགྱེངས། །བྱམས་ཀླུ་ཐོགས་མེད་མཆེད་བཅས་དགོངས་པ་བསྐོངས་ཕྱིར་ལུང་རིགས་ཐལ་ཕྲེང་སྤྲོས་པས་ལྟང་ན་མ་ལུས་རླགས། རང་ལུགས་དབྱ་མའི་སྲོལ་རྒྱུན་སྐོང་བཞིན་གཞན་སྲོལ་སྤེལ་བའི་རས་མེད་བསྟན་འཛི་ཏཱ་ར་ནཱ་ཐར་འདུད། །བརྩེ་ཆེན་རླུང་གིས་རབ་བསྐྱོད་པའི། མཛད་ཕྲིན་ཆུ་འཛིན་ལང་ལོང་འཁྲིགས། །དབང་ལུང་མན་ཁང་ཆར་རྒྱུན་ཕབས། །དགེ་བའི་ལོ་འབྲས་བསྐྲུན་ཏནམས་འདུད། །བློ་གྲོས་རབ་ཡངས་ཕྱོགས་ཀྱི་འཁོར་ལོའི་ལྟོར། །སྲིད་འདིར་གྲགས་པ་བཤད་སྒྲུབ་ཉི་ཟླའི་བརྒྱན། །གདུལ་བྱ་རྒྱ་མཚོའི་རྨོངས་མུན་ལེགས་བསལ་མཁན། །དད་པའི་རྙིང་གི་པདྨོ་ཁོང་ནས་འཛུམ། །འཕགས་མཆོག་སྤྱན་རས་གཟིགས་དང་དབྱེར་མ་མཆིས། །ཇོ་ནང་ཀུན་མཁྱེན་ཆེན་པོས་ལེགས་བཤད་གཞུང་། །སྒྲུབ་ཐབས་དཔག་བསམ་ལྗོན་ཤིད་ཞེས་བྱ་བ། །དེ་ལ་འཇུག་པ་ཏཱ་ར་ནཱ་ཐས་མཛད། །ལེགས་བཤད་འདོད་འཇོ་ཡིད་བཞིན་དབང་རྒྱལ་ལྟར། །གཅིག་ལས་དུ་མ་འབྱུང་བའི་མི་ཟད་གཏེར། །སྔན་མེད་པའི་ལེགས་བཤད་སྒྲུབ་འཕྲུལ་གཞི། །ཡིག་གཟུགས་མཛད་མེད་ཉལ་འགྲོའི་རྒྱུན་ལ་འགྲན། །ཚུལ་འདིར་བབདདང་མཐུན་པའི་རྐྱེན་སྒྲུབ་པའི། །ཕྲ་རག་འབྲེལ་


TNT02_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མེད་སྐྱེ་བོ་གང་དག་གི། །ཉེ་འབྲེལ་འདས་གསོན་ཇི་སྙེད་མཆིས་པ་ཀུན། །གཏན་བདེ་བྱང་ཆུབ་མྱུར་དུ་མངོན་པ་ཤོག །བརྩེ་ཆེན་ཟླ་འོད་འཕོས་པས་ཆུ་ཤེལ་ལས། སྤྲོས་པའི་འཕྲིན་ལས་ག་བུར་ཞུན་མའི་ཆར། འདོད་དཔལ་འཇོབས་ཐུབ་བསྟན་ཀུ་མུད་ཚལ། །དུས་མཐུའི་སྐྱེ་དགུའི་གཉེན་དུ་ཅི་ཡང་བཞད། །ལེགས་བྱས་པ་བསྟེན་བསྟན་དང་བསྟནན་འཛིན་སྡེའི། །ཞབས་པད་བརྟེན་ཅིང་སྐྱེ་དགུ་བདེ་བས་འཚོ། །མི་མཐུན་རྒུད་ཅིང་ལེགས་འཚོགས་ཡར་རྒྱས་ཤིང་། །བཀྲ་ཤིས་ལེགས་ཚོགས་སྲིན་མཐར་རའ་བར་གྱུར་ཅིག །ཅེས་སྥྱི་ལོ་༡༩༩༥བོད་རབ་བྱུང་བཅུ་བདུན་པའི་ཉག་མ་དགུ་བ་ཤིང་མོ་ཕག་ན་ཚོད་ལྡན་གྱི་ཟླ་༣ཚེས་༡༥ལ་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དཔག་བསམ་ལྗོང་ཤིང་ལ་འཇུག་པ་ཞེས་བྱ་བ་འཛི་ཡང་། དོན་གཉེར་ཅན་ནུ་མས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སུམ་ཅུ་རྩ་བདུན་ལ་ནགས་རྒྱས་གྱི་དབེན་གནས་སུ་སྦྱར་བ་འདིའི་སྤར་རྐོ་བའི་སྦྱིན་བདག་རྣམས་དང་། ཚེ་འདས་ཐོག་མེད། འཆི་མེད་རྡོ་རྗེ་སོགས་འབྲེལ་ཐོག་རྣམས་གྱི་སྡིག་བསྒྲིབས་སྦྱང་ཕྱིར་དུ་དམིགས་ནས་སྤར་བསྐྲུན་སྐབས་ངག་དབང་ཡོན་ཏན་བཟང་པོས་སྨོན་ཚིག་ཏུ་སྦྱར་བ་ལྟ་མཁས་དཔལ་ཀྱིས་ཡིག་རབ་བྲིས་བ་འདི་བསམ་སེམས་ཅན་ཐམས་ཅད་དཔལ་མཆོག་དུས་ཀྱི་འཁོར་ལོའི་གོ་འཕང་ཐོག་པའི་རྒྱུ་གྱུར་ཅིག སྤར་འདི་འཛམ་ཐུང་གླིང་གི་བྱེ་བྲག་ཤམྦྷ་ལ་གཉིས་པ་ལྟ་བུའི་གནས་མཆོག་དུས་ཀྱི་འཁོར་ལོ་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བའི་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་བཞུགས་པ། །


TNT02_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


TNT02_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་རྡོ་རྗེ་ལྷན་ཅིག་སྐྱེས་པའི་སྐུ་ནི་ཟུང་དུ་འགྱུར་ཏེ་གཟུགས་ནི་རྫོགས་པའི་སླད་དུའོ། །གསུང་གི་རྡོ་རྗེ་དང་ནི་ཆོས་ཀྱི་སྐུ་ཡང་ཟུང་དུ་འགྱུར་ཏེ་ཆོས་ཉིད་བསྟན་པའི་དོན་དུའོ། །ཐུགས་དང་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཟུང་དུ་འགྱུར་ཏེ་སེམས་ཅན་ཀུན་གྱི་དོན་ནི་བྱེད་པ་པོ། །ཡེ་ཤེས་དང་ནི་སྤྲུལ་བའི་སྐུ་དག་ཟུང་དུ་འགྱུར་ཏེ་སྲོག་ཆགས་རྣམས་ལ་ཐར་བ་སྟེར་བ་ཉིད། །ཤེས་རག་ཐབས་ཀྱི་ལུས་དང་བསམ་པས་མཉམ་དང་མི་མཉམ་རིགས་ནི་ཉི་ཟླ་ཨ་སོགས་ཀ་སོགས་དང་། །རྣམ་གསུམ་སྲིད་པ་ལ་གནས་ཡེ་ཤེས་རྣམ་ཤེས་དབྱེ་བ་དག་གིས་རྣལ་འབྱོར་བ་ཡི་རིག་པར་བྱ། །བུམ་པ་རྣམས་དང་དུ་བ་ལ་སོགས་བརྒྱད་པོ་རྣམས་ཀྱིས་སྙིང་གར་ཆོས་ཀྱི་འཁོར་ལོ་རབ་ཏུ་འགྱུར། །རིག་མ་རྣམས་དང་སངས་རྒྱས་ཉིད་ཀྱིས་མགོ་བོར་རྩིབས་བཅུ་དྲུག་པ་ལྷན་ཅིག་སྐྱེས་པར་རབ་ཏུ་གྲགས། །བྱང་ཆུབ་སེམས་དཔལ་སོགས་གཉིས་འགྱུར་མི་བདག་རྣམས་ཀྱི་མགྲིན་པར་ལོངས་སྤྱོད་རྫོགས་པའི་འཁོར་ལོར་འགྱུར། །འཇིགས་མ་ལ་སོགས་ནོར་ནི་གདེངས་ཅན་དག་གིས་བསྒྱུར་བ་རྣམས་ཀྱིས་ལྟེ་བར་སྤྲུལ་བའི་འཁོར་ལོར་འགྱུར། །ལྷ་ཏནམས་ཀྱིས་ནི་ལས་ཀྱི་འཁོར་ལོ་ལག་པ་རྐང་བའི་ཚིགས་ལ་དགུ་བཅུ་དུས་ཀྱིས་བསྣུན་པ་སྟེ། །ཀླུ་དང་གཏུམ་མོ་མི་ཡིས་བདག་


TNT02_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་ཀྱིས་སོར་མོའི་ཚིགས་ཀྱི་མཚམས་ལ་བྱ་བ་ཞེས་བྱར་འགྱུར། ལོ་དང་ཟླ་བ་སོགས་སོ། ༈ དཔལ་ལྡན་དག་པ་ལས་ནི་ཆོས་སྐུར་འགྱུར་ཏེ་ཆོས་ལས་ངེས་པར་ལོངས་སྤྱོད་རྫོགས་སྐུ་བཟང་པོའོ། །ལོངས་སྤྱོད་ལས་ནི་སྤྲུལ་པའི་སྐུ་རུ་འགྱུར་ཏེ་རྒྱལ་བའི་བདག་པོ་སེམས་ཅན་ཀུན་དོན་བྱེད་པའོ། །བཞི་བའི་གནས་སྐབས་ཤིན་ཏུན་གཉིད་ལོགས་ངེས་པར་སླར་ཡང་གཞན་དང་ལུས་ཀྱི་དབྱེ་བས་སད་པ་སྟེ། དེ་ལྟར་ལུས་ཀྱི་རབ་ཏུ་དབྱེ་བས་སྲོག་ཆགས་རྣམས་ཀྱི་ལུས་ལ་ཡིད་ནི་རྣམ་པ་བཞི་རུ་གནས། །སྤྲུལ་པར་ཡིད་ནི་ལོངས་སྤྱོད་བྱེད་པ་པོ་རུ་རབ་ཏུ་འགྱུར་ཏེ་ལུས་དང་ངག་གི་དབང་པོས་སོ། །ལོངས་སྤྱོད་རྫོགས་ལ་མ་མཐོང་སེམས་པར་འགྱུར་ཏེ་ཡོན་ཏན་དབང་གིས་ཆོས་ཀྱི་སྐུ་ལ་གཉིད་ཀྱང་ངོ་། །དག་པ་ལ་ནི་བདེ་བར་རབ་འགྱུར་འདིར་ནི་ཉིན་མཚན་དུས་སུ་ཐིག་ལེ་གྲོལ་བ་གསུམ་གྱི་མཐར། །དེ་ཕྱིར་དེ་ནི་ཉིན་མཚན་དུས་སུ་རྣལ་འབྱོར་པ་ཡིས་སྒོམ་པར་བྱ་སྟེ་འགྱུར་མེད་དོན་དུའོ། །གཡོན་དུ་སྲོག་ནི་རབ་ཏུ་རྒྱུ་བར་འགྱུར་བ་དེ་བཞིན་དུ་ནི་གཡས་པ་བརྐུམ་པ་གང་ཡིན་པ། །དེ་ནི་གཡོན་བརྐྱང་སྟབས་ཏེ་མཉམ་པའི་སྟབས་དང་གཞན་པ་གཡས་བརྐྱང་མེ་དང་ཉི་མའི་རྒྱུ་བ་ལས། །ས་ག་དང་ནི་ཟླུམ་པོ་ཉིད་དང་མཆོག་གི་རོལ་པའི་སྟབས་དང་པདྨ་དང་ནི་རྡོ་


TNT02_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རྫེའི་གདན། །མཉམ་དང་མི་མཉམ་པ་གྲོད་བདག་དང་ནམ་མཁའ་ལ་སོགས་རབ་ཏུ་རྒྱུ་བའི་སྲོག་རླུང་རྣམ་པ་ལྔ། །དཔལ་ལྡན་རྡོ་རྗེ་ཅན་ནི་ཐུགས་ཀྱི་རྡོ་རྗེར་འགྱུར་ཏེ་མི་བདག་དཀྱིལ་འཁོར་སྐུ་ཡི་རྡོ་རྗེའོ། །ཟླ་བ་ཉི་མའི་སྟེང་དུ་ཨཱ་ལྀ་ཀཱ་ལྀའི་རིགས་སྐྱེས་རྣམས་འཁོར་ལོ་གསུང་གི་རྡོ་རྗེའི། །༈ རང་གི་སྙིང་ག་ནས་འོད་ཟེར་འཕྲོས། །དབང་གི་ལྷ་རྒྱལ་བ་ཡབ་ཡུམ། །བྱང་ཆུབ་སེམས་དཔའ་དང་ལྷ་མོ། །ཁྲོ་བའི་རྒྱལ་པོ་དང་རྡོ་རྗེ་མཁའ་འགྲོ་མའི་ཚོགས་དང་བཅས་པའི་དཀྱིལ་འཁོར་དང་། །ནམ་མཁའ་གང་བའི་སངས་རྒྱས་སྲས་དང་བཙུན་མོ་བཅས་པ་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་གཎྱཾ་སོགས་མཆོད་པ་བཅུ་གཉིས་ཀྱི་མཆོད། །ཨོཾ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྼྀ་ཧྼཱྀཾ་ཧྭྀུཾ་ཧཱྀུཾ་ཧླྀཾ་ཧླཱྀཾ། ཨཱ་ཨཱི་རཱྀ་མཱུ་ལཱྀ་བཛྲ་ཌཱ་ཀི་ཎྱོ་བཛྲ་ཨ་མྲྀ་ཏ་གྷ་ཊཻ་ར་ཨ་བྷི་ཥིཉྩ་དུ་མཾ་སྭཱ་ཧཱ། ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷ་ཏུ་བི་ཤྭདྷ་ནི་སྭཱ་ཧཱ། ཨོཾ་ཨཾ་ཨིཾ་རྀ་ཨུཾ་ལྀ་སཾརྦ་བུད་དྷ་བཛྲ་མུ་ཀུ་ཊ་མ་མ་པཉྩ་བུདྡྷ་ཨཏྨ་ཀཾ་ཡན་ཏུ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨ་ཨི་རྀ་ཨུ་ལྀ་པཉྩ་ཏ་ཐཱ་ག་ཏ་པ་རི་ཤུདྡྷ་སྭཱ་ཧཱ། ཨོཾ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿཕྲེ་ཧོཿསརྦ་པར་མི་ཏ་མ་མ་བཛྲ་པཊྚཾ་པནྡྷ་ཡན་ཏུ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿཕྲེཾ་ཧོཿད་ཤ་པར་མི་ཏ་པ་རི་བུ་ར་ཎི་སྭཱ་ཧཱ། ཨོཾ་ཧུཾ་ཧོཿབིཛྙ་ན་ཛྙ་


TNT02_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྭབྷཱ་ཝེ་ཀ་རུ་ཎ་པྲཛྙཱ་ཨཱ་ད་མ་ཀེ་བཛྲཱཾ་བཛྲ་གྷ་ཎྚེས་བྱེ་ཏ་ར་ཀར་ཡོར་མ་མ་བཛྲས་ཏྭ་སཾ་པྲཛྙཱོད་དཱཾ་ཏུ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧུཾ་ཧོཿསུརྱ་ཙནྡྲ་བི་ཤདྷ་ཀ་སྭཱ་ཧཱ། ཨོཾ་ཨ་ཨཱ་ཨེ་མཻ་མར་ཨཱ་ར་ཨོ་ཨཽ་ཨ་ལ་ཨཱ་ལ་ཨཾ་ཨཿསརྦ་བོ་དྷི་ས་ཏཱཿསབྷ་དཱ་སརྦ་ཀཱ་མ་ཨུ་པ་བྷོ་གཾ་བཛྲ་པྲ་ཏཾ་མ་མ་ད་དཱ་ན་དུ་སྭཱ་ཧཱ། ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨ་ལ་ཨཱ་ལ་ཨཾ་ཨཿགི་ཡ་ཨིནྡྲ་ཡ་བི་ཤྭདྷ་ནི་སྭཱ་ཧཱ། ཨོཾ་ཧ་ཧཱ་ཡ་ཡ་ར་རཱ་ཝ་ཝཱ་ལ་ལཱ་སརྦ་ཀྲོ་དྷ་རཱ་ཛཱཿསབྷཱ་རྻ་མཻ་ཏྲི་ཀ་རུ་ཎཱ་མུ་དི་ཏ་ཨུ་བེ་ཀྵ་སརྦ་ས་མ་ཏཱ་སྭབྷཱ་ཝཾ་བཛྲ་པཱུརྦཾ་ཀ་མཾ་ནཱ་མ་མེད་དན་ཏུ་ཧཱུཾ་ཧཱུཾ་ཕཏ། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཙ་ཏུ་ར་པྲདྨ་བི་ཧཱ་ར་བི་ཤུདྡྷེ་སྭཱ་ཧཱ། ཨོཾ་ཨེ་ཝཾ་པདྨ་བཛྲ་ཙིཧྞོ་པྲཛྙོ་ཨུ་པཱ་ཡཽ་མཎྜ་ལ་ཨདྷི་པ་ཏཱི་བཛྲ་སུ་ཁ་ཛྙ་ན་ཨཾ་ག་མ་མ་ད་དཱ་ཏཱཾ་ཧཾ་ཧཿཧཱུཾ་ཕཊ། ཨོཾ་ཧཾཀྵཿདྷརྨཱ་ཙཀྲཱ་པྲ་བརདྷ་ཀ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་བྷ་ཨ་བྷི་ཥེ་ཀ་ཏཱ་ས་བྟ་བྷཱུ་མིཔྲཔྟོ་ཧཾ། དེ་ནི་སྔགས་དབང་འོ། ༈ མཆོད་པ་བཅུ་གཉིས་ནི། ཨོཾ་བཛྲི་གནྡྷཾ་པྲ་ཏི་ཙྪ་ནམཿ བཛྲ་པུཥྤཾ༴ བཛྲ་དཱི་པཾ༴ བཛྲ་ནཻ་ཝི་ཏྱཾ༴ བཛྲ་ཨཀྵ་ཏཾ༴ བཛྲ་ལཱ་སྱ༴ བཛྲ་ཧཱ་སྱཾ༴ བཛྲ་ཝཱཏྱཾ༴ བཛྲ་ནྲྀཏྱཾ༴ བཛྲ་གཱི་ཏཱཾ༴ ཨོཾ་བཛྲ་ཀཱ་མཾ་པྲ་ཏཱི་ཙྪ་ནམཿ ཤཽ་ཀ་གཉིས་ཀྱིས་བསྟོད་པ་ནི། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །


TNT02_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། ཅེས་པའོ། ༈ འཁོར་སྔགས་རྣམས་ནི། ཨོཾ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿནམཿ ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿནམཿ ཨོཾ་ཧ་ཧཱ་ཡ་ཡ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿནམཿ ཐུགས་ཀྱི་ལྷ་སྔགས་དང་། ཨོཾ་ཧ་ཧཱུ་ཧི་ཧཱི་ཧྼྀ་ཧྼཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ཧཾ་ཧཿནམཿ། ཡཿརཿཝཿལཿཀྵཿ ཞེས་པ་རྣམས་སྔ་མ་བཞིན་བརྗོད་པ་གསུང་གི་ལྷ་སྔགས་དང་། ཨོཾ་ཙ་ཙ་ཙི་ཙཱི་ཙྼྀ་ཙྼཱྀ་ཙུ་ཙཱུ་ཙླྀ་ཙླཱྀ་ཙི་ཙཿནམཿ ཨོཾ་ཚ་ཚཱ་ཚི་ཚཱི་ཚྼྀ་ཚྼཱྀ་ཚུ་ཚཱུ་ཚླྀ་ཚླཱྀ་ཚྀ་ཚཿནམཿ ཨོཾ་ཛ་ཛཱ་ཛི་ཛཱི་ཛྼྀ་ཛྼཱྀ་ཛུ་ཛཱུ་ཛླྀ་ཛླཱྀ་ཛི་ཛཿནམཿ ཨོཾ་ཛྷ་ཛྷཱ་ཛྷི་ཛྷཱི་ཛྷྼྀ་ཛྷྼཱྀ་ཛྷུ་ཛྷཱུ་ཛྷླྀ་ཛྷླཱྀ་ཛྷཾ་ཛྷཱཿནམཿ ཨོཾ་ཉ་ཉཱ་ཉི་ཉཱི་ཉྼྀ་ཉྼཱྀ་ཉླྀ་ཉླཱྀ་ཉཾ་ཉཿནམཿ དེ་བཞིན་དུ། ཊ་སྡེ་དང་། བ་སྡེ་དང་། ཏ་སྡེ་དང་། ས་སྡེ་དང་། ཀ་སྡེ་སྟེ་སྐུའི་ཚེས་ལྷ་རྣམས་ཀྱི་སྔགས་དང་། སྐུའི་སྒོ་སྐྱོང་རྣམས་ལ། ཨོཾ་ཡར་ཝ་ལ་ཧཾ་ཧཿནམཿ ཀླུ་རྒྱལ་རྣམས་ལ། ཨོཾ་ཧྻ་ཧྻཱ་ནས། ཨོཾ་ཧྼ་ཧྼཱ་ནམཿ ཨོཾ་ཧླ་ཧླཱ་ནམཿ ཨོཾ་ཧླ་ཧླཱ་ནམཿ ཨོཾ་ཧཱུཾ་ཀྵཱུ་ན་


TNT02_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མཿ དང་། རབ་གཏུམ་མ་རྣམས་པ། ཨོཾ་ཀྑྒྒྷྡ་ནམཿ ཨོཾ་ཉྫྷྫྪྩ་ནམཿ ཨོཾ་ཀྵྻྲླླ་ནམཿ ཨོཾ་ཎྜྷྷྚ་ནམཿ ཨོཾ་ཧྻྼླཱླ་ནམཿ ཨོཾ་མྦྷྡྥྤ་ནམཿ ཨོཾ་ཐྐྴྵྐ་ནམཿ ཨོཾ་ནྡྷྡྠྟ་ནམཿ དང་། གསུང་གི་སྟེང་ལ་བུར་བོད་མ་རྣམས་ལ། ཨོཾ་ཙཿཚཿཛཿཛྷཿཉཿནམཿ ཊཿཋཿཌཿཌྷཿཎཿ པཿཕཿབཿབྷཿམཿ ཏཿཐཿདཿཥྚཿདྷཿནཿ སཿཔཿཥཿཤཿཐྐཿ ལཿཝཿརཿཡཿཧཿཀྵཿནམཿ དང་སྐུ་སྟེགས་བུར་ཕྱིར་འདོད་མ་རྣམས་ལ། ཨོཾ་ཙཾ་ཚཾ་ཛཾ་ཛྷཾ་ཉཾ་ནམཿ ཊཾ་ཋཾ་ཌཾ་ཌྷཾ་ཎཾ། པཾ་ཕཾ་བཾ་བྷཾ་མཾ། སཾཔཾ་ཥཾ་ཤཾ་ཐྐ། ཀཾ་ཁཾ་གཾ་གྷཾ་ངཾ། ལཾ་ཝཾ་རཾ་ཡཾ་ཧཾ་ཀྵཾ་ནམཿ། དང་ཞེས་པ་རྣམས་སོ། ༈ སྤྲོན་བསྟོད་པ་ནི། གང་ལ་ཐོག་མཐའ་དབུས་མེད་གནས་དང་འཆི་དང་སྲིད་པ་དང་ནི་སྒྲ་དང་དྲི་དང་རོ་དག་དང་། །རེག་བྱ་གཟུགས་དང་སེམས་མེད་རང་བཞིན་དང་ནི་སྐྱེས་བུ་མེད་ཅིང་འཆིང་དང་གྲོལ་དང་བྱེད་པོ་མེད། །ས་བོན་དང་ནི་གསལ་བར་དུས་མེད་མཐའ་དག་སྲིད་བའི་སྡུག་བསྔལ་བདེ་བ་ཉིད་ཀྱི་རང་བཞིན་མེད། །མྱང་ན་འདས་པ་མཚན་མ་མེད་ཅིང་བྱེད་པ་རྣམ་བྲལ་ཡོན་ཏན་མེད་པ་དེ་ལ་ཕྱག་འཚལ་ལོ། །དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་དང་ནི་སྐྱེས་བུ་དཔེ་མེད་ཀུན་འགྲོ་སྤྲོས་པ་མེད་པ་སྟེ། །ཟེར་ཟུག་ཏུ་གནས་སྙན་དང་ཤངས་དང་ཞལ་དང་སྤྱན་དང་དབུད་ད་ཕྱག་དང་ཞབས་ནི་ཐམས་


TNT02_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་པ། འབྱུང་པོའི་མཐའ་སྟེ་འབྱུང་པོའི་མགོན་པོ་མཆོག་གི་སྲིད་པ་གསུམ་འཛིན་རྒྱུ་རྣམས་དག་གི་རྒྱུར་གྱུར་པ། རིག་པ་ལ་སོགས་རྣལ་འབྱོར་དག་གིས་རྟོགས་བྱ་མཆོག་བདེའི་གོ་འཕང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །སྤྲོས་བྱེད་ནུས་མའི་གཟུགས་གཞན་གློག་གི་མེ་དང་མཚུན་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ཅན། །ཡེ་ཤེས་རྡོ་རྗེའི་སྣང་བ་མཆོག་གི་གོ་འཕང་བགྲོད་བྱེད་རྣམ་པར་བཅད་པ་དེ་ལ་ཕྱག་འཚལ་ལོ། །དཀར་པོ་འཇིག་རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་ལས་འཛག་འཇིག་རྟེན་སྤྱི་བོར་ཡང་དག་གནས། །བདུད་རྩིས་འཆི་བ་སེལ་ཞིང་སྲིད་པའི་འཇིགས་པ་འཇོམགས་པར་བྱེད་པ་ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ། སེམས་ཙམ་སྔགས་ཀྱི་ངོ་བོ་ལྷ་ཡིས་ཡོངས་སུ་བསྐོར་བ་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། །དམ་པ་རྣམས་ལ་ཞི་བའི་གཟུགས་ནི་རང་གིས་བྱས་པའི་ཉམས་མྱོང་མི་ཟད་རྣམས་ལ་མི་ཟད་པ། གང་གིས་ལས་གང་རབ་བྱས་རང་གི་སེམས་ལ་ཆོ་ག་བཞིན་དུ་དེ་ཡི་འབྲས་བུ་དེ་བསྐྱེད་པ། །འཇིག་རྟེན་དབང་པོ་སྣ་ཚོགས་གཟུགས་ཅན་སྲིད་གསུམ་བསྐྱེད་མཛད་རྡོ་རྗེ་སེམས་དཔལ་ཡང་ཕྱག་འཚལ་ལོ། །གཅིག་དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་དང་མི་མཉམ་


TNT02_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མཉམ་པ་གཡས་གཡོན་མདུན་རྒྱབ་དང་། །སྟེང་འོག་ཀུན་ནས་དཀར་ལྗང་སྣ་ཚོགས་ཁ་དོག་ཆེན་པོ་གཅིག་གི་གཟུགས་ཏེ་ཐུང་དུ་རིང་པོ་དང་། །ཤིན་ཏུ་རིང་པོ་ཡོན་ཏན་མེད་ཅེས་ཡོན་ཏན་དང་བཅས་བུད་མེད་སྐྱེས་པའམ་སྐྱེས་པ་བུད་མེད་མིན། །གང་ཞིག་ཀུན་གྱི་རྟེན་གཅིག་བྷ་ག་བཟང་མོ་མཆོག་གི་བྷ་ག་ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། །ཁྱོད་ནི་སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་ཅན། །ཕྲ་རབ་རྡུལ་གྱི་ཆོས་དང་བྲལ་ཡང་བརྟན་དང་གཡོ་བ་ཀུན་གྱི་གཟུགས། །ལུས་ཀྱི་དབང་པོས་སྦྱོར་བ་སྤངས་ཀྱང་རྟག་ཏུ་འདོད་ཆགས་ཆེ་ལ་རོལ། །བསམ་གྱིས་མི་ཁྱབ་བརྟགས་པར་དཀའ་བ་དུས་ཀྱི་འཁོར་ལོས་བདག་སྐྱོངས་ཤིག །ཅེས་པའོ། ༈ སྡེ་དྲུག་གསུང་མ་རྣམས་ལ། རྡོ་རྗེ་འཇིགས་བྱེད་འཇིག་པར་མཛད་དཔའ་བོ་གདུལ་དཀར་འདུལ་བ་བོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། །ཁམས་གསུམ་རྣམ་རྒྱལ་ལ་ཕྱག་འཚལ། །རྗེ་བོ་སྣ་ཚོགས་རྡོ་རྗེའི་འཛིན། །ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཙོ། །དུས་མཐའི་སྤྲིན་མཚུངས་ཧེ་རུ་ཀ །སྡེ་དྲུག་སྲུང་མ་དྲུག་ཅུ་འཁོར་བ་བཅས་ལ། །མཆོད་གཏོར་འདི་དང་དྲི་དང་མེ་ཏོག་དང་། །བདུག་


TNT02_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་སྣང་གསལ་མཉམ་བདག་འབུལ་གྱི། །དེ་རྣམས་འཁོར་དང་བཅས་པ་ཚུལ་བྱོན་ལ། །གཏོར་མ་འདི་དག་ལེན་ཅིང་གསོལ་བ་དང་། །བཏུང་བར་མཛད་དེ་ཤིན་ཏུ་མཉེས་པ་ཡིས། །འགྲོལ་ཞི་རྒྱས་བསྲུང་སྐྱོབ་སྦ་བ་རྣམས། །རྡོ་རྗེ་འཛིན་པའི་བཀའ་བཞིན་མཛད་དུ་གསོལ། །ཀླུ་དང་འབྱུང་པོས་ལུས་ཀྱི་ཁམས་སྲུངས་ཤིང་། །གཟའ་དང་ཕྱོགས་སྐྱོང་ངག་གི་ཁམས་སྲུང་སྟེ། །ཟད་པར་ཁྲོ་བོས་སེམས་ཀྱི་ཁམས་བསྲུང་ཞིང་། །ཁམས་དྲུག་ལྡན་པའི་ཁམས་ཀུན་རབ་སྲུང་ནས། །འཁོར་ལོ་དྲུག་ཏུ་རླུང་སེམས་རབ་འཆིངས་ཏེ། །རྒྱལ་བ་རིགས་དྲུག་གོ་འཕང་མྱུར་ཐོབ་ཤོག །ཅེས་པའོ། ༈ མཁའ་འགྲོ་ལྔ་ལ་བསྟོད་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱི་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་རྡོ་


TNT02_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ནམ་མཁའ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། །ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང་། །གཉོད་སྦྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོའི་ཚོགས་རྣམས་མ་ལུས་དང་། །འབྱུང་པོའི་ཚོགས་རྣམས་མ་ལུས་དང་། །ཡི་དྭགས་ཚོགས་རྣམས་མ་ལུས་དང་། །ཤ་ཟའི་ཚོགས་རྣམས་མ་ལུས་དང་། །སྨྱོ་ཕྱེད་ཚོགས་རྣམས་མ་ལུས་དང་། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང་། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང་། །མ་མོའི་ཚོགས་རྣམས་མ་ལུས་དང་། །ད་ལེ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་ཇི་སྙེད་མཆིས་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་པ་དང་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡིས། །ལས་ཀྱི་དངོས་གྲུབ་


TNT02_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་སྩོལ། །དམ་ཚིག་ཅན་གྱི་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདན་དང་བགེགས་རྣམས་མེད་པར་མཛོད། །རྨེ་ལ་མང་ན་དང་མཚན་མ་ངན། །བྱ་བྱེད་དང་ན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་སོ། ༈ ཤེས་བརྗོད་ནི། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲིའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །དེ་ཡི་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱི་མཆོད་པའི་གནས། །ཆོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །ཞེས་སོ། རྨད་བྱུང་ཆོས་སྦྱིན་འཕྲུལ་ཆེན། །བློ་བཟང་ཐུགས་བསྐྱེད་ལས་སྤྲོས། །ཆོས་ཆར་འཕེལ་འདིས་འགྲོ་ཀུན། །སེམས་རྒྱུད་ཆེས་བརླན་གྱུར་ཅིག །མ་ཏིས་སོ།


TNT02_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


TNT02_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

div1 དཔལ་དུས་ཀྱི་འཁོར་ལོའི་དགའ་སྟོན་ཚོགས་ཀྱི་འཁོར་ལོའི་དགྱེས་གླུ་བདེ་ཆེན་རྡོ་རྗེའི་གསང་ཚིག


TNT02_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་དགའ་སྟོན་ཚོགས་ཀྱི་འཁོར་ལོའི་དགྱེས་གླུ་བདེ་ཆེན་རྡོ་རྗེའི་གསང་ཚིག་ཅེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧེ་ཧེ་བཛྲ་མཧཱ་སུ་ཁ། ཨ་ཧོ་ཧཱུཾ་ཨེ་ཝཾ་ཀཱ་ལ་ཙཀྲ། གནས་དག་པ་འོག་མིན་སྐུ་གསུམ་གྱི་ཞིང་འདིར། །ཕ་བླ་མ་རྡོ་རྗེ་སེམས་དཔལ་ཡི་སྒྱུ་འཕྲུལ། །ལུས་ཕུང་ཁམས་སྐྱེ་མཆེད་རྣམ་དག་གི་ལྷ་ཚོགས། །དཔེ་གྲངས་ལས་འདས་པ་མཁའ་དབྱིངས་ཀུན་ཁྱབ་བཞུགས། ༡ །སྐུ་མཚན་དཔེ་གསལ་བཀྲག་ཡེ་ཤེས་ཀྱི་རང་སྣང༌། །གསུང་གཞོམ་མེད་རྡོ་རྗེ་ནཱ་ད་ཡི་སྒྲ་གདངས། །ཐུགས་སྤྲོས་བྲལ་གཡོ་མེད་བདེ་ཆེན་གྱི་རྡོ་རྗེ། །དུས་འགགས་མེད་རྣམ་ཀུན་མཆོག་ལྡན་གྱི་རང་གཟུགས། ༢ །བྱིན་བརླབས་ཀྱི་ཆུ་འཛིན་ལང་ལོང་དུ་འཁྲིགས་ཏེ། །དངོས་གྲུབ་ཀྱི་ཆར་རྒྱུན་འཛད་མེད་དུ་འབེབས་ཤིང༌། །མ་དག་པའི་དངོས་སྣང་ཆོས་དབྱིངས་སུ་ཟིམ་ནས། །སྣང་སྲིད་ཀུན་དག་པ་རབ་འབྱམས་སུ་ཤར་བྱུང༌། ༣ །ཨ་ཧོ་ཧོ། སྣོད་མཚན་ལྡན་བདེ་སྐྱོང་གི་ཀཱ་པ་ལ་རུ། །བཅུད་ཤ་ལྔ་བདུད་རྩི་ལྔའི་དམ་རྫས་རྒྱ་ཆེ་ན། །ནང་རིགས་ལྔ་ཡེ་ཤེས་ཀྱི་རང་བཞིན་ལས་གྲུབ། །ཟག་མེད་ཀྱི་རོ་བརྒྱ་དང་ལྡན་པའི་ཚོགས་འཁོར། ༤ །ཕྱི་ནང་དང་གསང་གསུམ་གྱི་མཆོད་པའི་སྤྲིན་ཕུང༌། །ཁ་དོག་དང་དྲི་རོ་སོགས་ཅི་དགར་འཆར་འདིས། །དཀྱིལ་འཁོར་གྱི་ལྷ་ཚོགས་ཀུན་བདེ་བས་དགྱེས་སོ། །རྣལ་འབྱོར་ཀུན་ཞེན་མེད་དུ་ཚིམས་པར་རོལ་བས། ༥ །སྣང་སྲིད་ཀུན་བདེ་ཆེན་གྱི་རྣམ་པར་ཤར་ཞིང༌། །གཙང་སྨེ་དང་ཐ་མལ་གྱི་


TNT02_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཡལ་སོང༌། །ཉམས་དགའ་ཞིང་བདེ་དྲོད་ཀྱི་སྣང་བ་རབ་འབྱམས། །དུས་འགོག་མེད་འཆར་བ་ཡི་དགའ་སྟོན་ངོ་མཚར།༦། ཧེ་ཧེ། ཕ་བླ་མ་རྡོ་རྗེ་འཆང་ཆེན་གྱི་དྲིན་ལས། །ལམ་ཟབ་མོ་རྡོ་རྗེའི་རྣལ་འབྱོར་ལ་བརྟེན་ནས། །བློ་ཀུན་རྟོག་ལས་རླུང་རྟ་ཕོ་ལ་ཞོན་ཏེ། །ལུས་ཕུང་པོ་སྒྱུ་མའི་དཀྱིལ་འཁོར་དུ་གནས་པའི། ༧ །རྩ་ཉི་ཁྲིའི་གྲོང་ཁྱེར་སྲང་ལམ་ནས་བརྒྱུད་དེ། །མ་དག་པའི་སྣང་བ་སྣ་ཚོགས་སུ་རྒྱུ་བ། །དངོས་པོ་ཀུན་བདེན་མེད་སྒྱུ་མ་རུ་ཡལ་ཏེ། །སྟོང་གཟུགས་ལ་མཉམ་སྦྱོར་ཡེ་ཤེས་ཀྱི་ངང་ནས། ༨ །སྲོག་ཐུར་དང་རྡོར་བཟླས་ལ་སོགས་པར་སྦྱོར་བས། །རྩ་དབུ་མར་ཨ་མའི་མཁའ་དབྱིངས་སུ་ཞུགས་ནས། །འཁོར་ལོ་དྲུག་འགྱུར་མེད་བདེ་བ་ཡིས་ཁྱབ་ཅིང༌། །འཁོར་འདས་ཀུན་ཨ་མའི་རྣམ་འགྱུར་དུ་ཤེས་འདུག ༩ །དྷཱུ་ཏཱི་རུ་ཉི་ཟླ་འབར་འཛག་གི་སྣང་བར། །སྟོང་གཟུགས་ཀྱི་དག་སྣང་བར་འབྱམས་སུ་ཤར་དེར། །གཡོ་མེད་ཀྱི་ཡེ་ཤེས་འཛིན་མེད་དུ་སྦྱོར་བས། །མ་དག་པའི་ཐིག་ལེ་རིམ་བཞིན་དུ་ཟད་ནས། ༡༠།འགྱུར་མེད་ཀྱི་ཐིག་ལེའི་ཆ་ཤས་ཀུན་རྫོགས་ཤིང༌། །རྡོ་རྗེ་ཡི་ལམ་ལྔ་མྱུར་བ་རུ་བགྲོད་ནས། །མཐར་ཐུག་གི་སྐུ་བཞིའི་དབང་ཕྱུག་ཏུ་འགྱུར་བའི། །རྟེན་འབྲེལ་དེ་ད་ལྟ་འདི་ཉིད་ནས་འགྲིག་སོང༌། ༡༡ །ཞེས་བྱ་བ་འདི་ཉིད་རྣལ་འབྱོར་བ་རྣམས་ཚོགས་ལ་རོལ་བའི་དུས་སུ་དབྱངས་སྙན་པོས་གླུ་རུ་བླངས་ཏེ་དོན་ལ་མོས་པ་བྱའོ། །ཞེས་པ་འདི་དག་ཡང་རིམ་གཉིས་ཀྱི་རྣལ་འབྱོར་པ་བླ་མ་དབང་མཆོག་ནས་བསྐུལ་བ་བཞིན། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་ཚིག་རྟོགས་སྭ་བར་བྲིས་པའོ། །


TNT02_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཨེ་མ་ག་ན་ཙཀྲ་ཨ་ལ་ལ་ཧོ། ཨ་ཧོ་དགའ་འོ་སྐྱིད་དོ་གསང་སྔགས་ཀྱི་གནས་མཆོག །འདིར་ཚོགས་རྣལ་འབྱོར་ཕོ་མོའི་རང་སྣང་གི་གཟིགས་མོར། །སྤྲོས་བྲལ་སྟོང་ཉིད་ཆོས་སྐུ་ཀུན་ཁྱབ་ཀྱི་དབྱིངས་ནས། །སྐུ་དང་ཞིང་ཁམས་རབ་འབྱམས་ཅིག་ཅར་དུ་ངོམས་བྱུང༌། །ཡི་དམ་དཔལ་མཆོག་དུས་ཀྱི་འཁོར་ལོ་[བདེ་མཆོག་འཁོར་ལོ་སྡོམ་པ་]ཡི་ལྷ་ཚོགས། །ཐབས་ཤེས་བདེ་སྟོང་འགྱུར་མེད་དགའ་བདེ་ཡི་མྱོས་ཏེ། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཡི་འདུ་ཚོགས། །དམ་ཅན་ཆོས་སྐྱོང་པྲ་ཕབ་གཟིགས་སྣང་དུ་ཕེབས་བྱུང༌། །གཟུང་འཛིན་ཀུན་བྲལ་ཡེ་བཞུགས་བདེ་གཤེགས་ཀྱི་སྙིང་པོ། །རྟག་ཆད་མཐའ་བྲལ་དོན་དམ་ངེས་དོན་གྱི་ལྟ་བ། །ཡེ་གཞི་སྔགས་ཀྱི་གཞན་སྟོང་དབུ་མ་ཡི་གསང་གནད། །བླ་མ་དམ་པའི་མན་ངག་ཁོ་ན་ཡིས་རྟོགས་བྱུང༌། །ཚུལ་འདི་ཀུན་མཁྱེན་དོལ་པོའི་རང་ལུགས་ཀྱི་མན་ངག །ད་བར་མ་ཆད་བྱིན་རླབས་དོན་བརྒྱུད་ཀྱི་བཀའ་དྲིན། ཁམས་དབང་དང་མཐུན་བསམ་མེད་རྣལ་འབྱོར་གྱི་ཟབ་གསང༌། །ཚེ་འདིར་སངས་རྒྱས་ཐོབ་པའི་ཁྱད་ཆོས་འདི་ཨ་ཧོ། །གཙང་སྨེའི་སྤྲོས་ཚོགས་ཡེ་དག་ཀུན་


TNT02_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ཀྱི་དབྱིངས་སུ། །རང་བྱུང་སྟོང་གཟུགས་རབ་འབྱམས་འབད་མེད་དུ་ངོམས་ཤིང༌། །ཉམས་དང་རྟོགས་པ་འཕེལ་བའི་བསོད་ནམས་ཀྱི་བྱ་བ། ཨ་ཧོ་ག་ན་ཙཀྲའི་རྟེན་འབྲེལ་ཏེ་འགྲིགས་བྱུང༌། །འདི་ཕྱིའི་ཕན་བདེ་རབ་སྟེར་ཟབ་མོ་ཡི་ཆོས་མཆོག །ཟླ་བྲལ་ཐེག་མཆོག་གཞན་སྟོང་དབུ་མ་ཡི་ལྟ་བ། །རང་ཅག་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་བགོ་སྐབས། །དངོས་གྲུབ་རྣམ་གཉིས་སྩོལ་བའི་འཛམ་གླིང་གི་ནོར་བུ། །འདིར་བཞུགས་རྣལ་འབྱོར་ཕོ་མོའི་དགའ་ཆེན་གྱི་དུས་སྟོན། །བྱིན་རླབས་བདུད་རྩིའི་གྲུ་ཆར་འབད་མེད་དུ་འཇོ་བས། །ས་དང་ལམ་གྱི་མྱུ་གུ་ཕང་ཕུང་དུ་ལྡེམ་ཞིང༌། །སྐུ་བཞིའི་འབྲས་བུ་འགྲོ་ཀུན་འབད་མེད་ཀྱིས་འཚོ་མཛད། །དགའ་ཆེན་བདེ་བའི་རབ་མྱོས་རང་བྱུང་གི་རྡོར་གླུ། །ཀུན་གྱི་རྣ་བར་འོང་བའི་རྒྱུད་མང་གི་རོལ་མོ། །ཨ་ཧོ་རྟོགས་པ་འཕེལ་བའི་ཆ་རྐྱེན་གྱི་དགའ་སྟོན། །ཆོས་སྐུའི་རྒྱལ་ས་ནོན་པའི་རྟེན་འབྲེལ་ཏེ་འགྲིགས་སོ། །ཞེས་དཔལ་དུས་ཀྱི་འཁོར་ལོའི་[འཁོར་ལོ་སྡོམ་པའི་]སྒྲུབ་མཆོད་ཀྱི་སྐབས་སུ་མཁོ་བར་མཐོང་བས་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འདབས་སུ་གནས་པ་བློ༵་བཟ༵ང་ཆོ༵ས་འཕེ༵ལ་བས་བྲིས་པའོ། །

ཡེ་ཤེས་རྒྱ་མཚོ།


TNT02_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རྒྱ་མཚོ་ལྟོས་ལ་གོ་དོན་ལོང༌། །ཡེ་ཤེས་རྒྱ་མཚོའི་དགོངས་དོན་འདི་བཟུང་ན། །ཡེ་ཤེས་རྒྱ་མཚོའི་དོན་ཀུན་རྟོགས་པར་འགྱུར། །


TNT02_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་རྒྱ་མཚོའི་དགོངས་དོན་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །གང་གི་སྐུ་ནི་ཀུན་འགྲོ་མི་ཟད་གཞོམ་དུ་མེད། །གསུང་གི་སྐད་ཀྱང་འགྲོ་ཀུན་སྐད་ཀྱིས་ལམ་རབ་སྟོན། །ཐུགས་ནི་བདེ་བ་དམ་པས་གང་བའི་ཡེ་ཤེས་ཉིད། །འཕྲིན་ལས་མཐའ་ཡས་ཀུན་མཁྱེན་སྟོན་པ་དེ་ལ་འདུད། །


TNT02_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཚུལ་རྒྱ་མཚོ་འདི་ལ་ལེགས་ཞུགས་ན། །སྤོབས་པ་རྒྱ་མཚོ་ངེས་པར་སྐྱེ་འགྱུར་བས། །ཡོན་ཏན་རྒྱ་མཚོ་དོན་གཉེར་ཤེས་ལྡན་དག །ཡེ་ཤེས་རྒྱ་མཚོ་མཆོག་ལ་འཇུག་པའི་ཕྱིར། །ངག་འདོན་ཤིན་ཏུ་བཟུང་བདེ་བ། །དམ་པའི་གསུང་གི་ཡི་གེ་དང༌། །བླ་མའི་མན་ངག་དང་བཅས་པར། །མདོ་ཙམ་འཆད་ལ་སྤྲོ་བ་སྐྱེས། །དེ་ལ་སྡོམ་ནི། སློབ་དཔོན་སློབ་མ་ཡོང་བརྟག་གསོལ་གདབ་མཆོད། །དུས་དང་ས་སོགས་བརྟགས་ནས་ཆོ་ག་བརྩམས། །ས་དང་གསོལ་གདབ་བུམ་པ་ཐིག་སྐུད་ཚོན། །རྡོ་རྗེ་དྲིལ་བུ་སློབ་མ་སྟ་གོན་དང༌། །


TNT02_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མལ་སྟན་ལྷག་པར་གནས་རྣམས་སྟ་གོན་ཏེ། །ཐིག་གདབ་ཚོན་དགྱེ་སྦྱིན་སྲེག་བུམ་པ་དགོད། །སྔོན་དུ་འགྲོ་བས་དཀྱིལ་འཁོར་རབ་གནས་མཆོད། །དཀྱིལ་འཁོར་ཆེན་པོར་སློབ་མ་གཞུག་པ་རྣམས། །དབང་གི་སྔོན་དུ་འགྲོ་བའི་ཆོ་ག་ཡིན། །ཆུ་དང་ཅོད་པན་དེ་བཞིན་དར་དཔྱངས་དང༌། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་མིང་གི་དབང༌། །རྗེས་གནང་དབང་སྟེ་རྣམ་བདུན་བསོད་ནམས་རྒྱུར། །སློབ་མ་འབྲིང་པོ་རྣམས་ལ་མཁས་པས་སྦྱིན། །མཆོག་གྱུར་ལ་ནི་བུམ་པ་གསང་བ་དང༌། །ཤེས་རབ་ཡེ་ཤེས་ཚུལ་ཁྲིམས་ཚོགས་ཀྱི་རྒྱུར། །དེ་ནས་བཞི་པ་དོན་དམ་ཕྱག་རྒྱ་ཆེ། །ཡེ་ཤེས་ཚོགས་ཀྱི་དོན་དུ་སྦྱིན་པར་བྱ། །འདི་དག་གིས་ནི་དངོས་གཞིའི་ཆོ་ག་བསྡུས། །དབུལ་བའི་ངེས་པ་གཤེགས་གསོལ་རིམ་པ་དང༌། །བསྙེན་བཀུར་རིམ་པ་དཔའ་བོའི་སྟོན་མོ་ཡི། །ངེས་པ་དག་སྟེ་རྗེས་ཀྱི་ཆོ་གའོ། །ཀུན་སྤངས་ལ་ནི་མཐའ་དག་ཚིག་གིས་སྦྱིན། །སྲིད་གསུམ་མ་ལུས་སྙིང་རྗེའི་དབང་གིས་བསྡུས། །སློབ་དཔོན་ལ་ནི་བདག་པོ་བདག་པོ་ཆེ། །ཞེས་པའོ། །དེ་ལ་དང་པོ་སློབ་དཔོན་དང་སློབ་མ་ཡོངས་སུ་བརྟག་པ་ནི། དབང་གི་ཆོ་ག་ཆེན་མོ་ཡེ་ཤེས་རྒྱ་མཚོར་ཤེས་པར་བྱ་ལ། གསོལ་བ་གདབ་པ་ནི། སློབ་མར་འགྱུར་བ་དེས། མཎྜལ་སྔོན་དུ་འགྲོ་བས། བཅོམ་ལྡན་འདས་གང་དུ་མཚམས་མེད་པ་ལྔ་བྱེད་པ་པོ་རྣམས་ཀྱང༌། སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཐོབ་པར་ལུང་སྟོན་ཞིང༌། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་བདེ་བ་


TNT02_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་མི་འགྱུར་བས་ཡང་དག་པར་བསྡུས་པའི་ཕྱག་རྒྱ་ཆེན་པོ་ཐོབ་པར་ལུང་སྟོན་པ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་གཞུག་པ་དང༌། དབང་བསྐུར་བས་མངོན་པར་དབང་བསྐུར་དུ་གསོལ། ཞེས་བླ་མ་ལ་ལན་གསུམ་གསོལ་བ་གདབ། སློབ་དཔོན་གྱིས་ཀྱང་ཁས་བླངས་ལ། འོག་ཏུ་འཆད་པ་ལྟར་སོ་ཤིང་བྱིན་ལ། མགོ་བོར་ཨཱུ་ཡིག་སོགས་རིགས་དྲུག་གི་ས་བོན་བཀོད། ཡིད་ཀྱིས་བསྲུང་བ་བྱ། སྔགས་ཀྱི་ཆེ་བ་བརྗོད་ལ་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་ཚོགས་ཀྱི་འཁོར་ལོ་དང༌། གཏོར་མ་དང༌། རྣལ་འབྱོར་མ་མཆོད་པ་རྣམས་ཀྱང་ངེས་པར་བྱ་སྟེ། དེ་ལྟར་ན་གསོལ་བ་གདབ་ཅིང་མཆོད་པ་འདི་ནི། གཞན་དུ་སློབ་མ་རྗེས་བཟུང་དུ་གྲགས་པ་ཉིད་དོ། །དེའི་རྗེས་སུ་དུས་ངེས་པ་དང༌། ས་ཡོངས་སུ་བརྟག་པ་ཡང་དབང་ཆོག་ཆེན་པོར་ཤེས་པར་བྱའོ། །འདི་མན་ཆད་ཀྱི་དོན་རྣམས་བསྡུ་ན། སའི་ཆོ་ག་དང༌། ལྷག་པར་གནས་པ་དང༌། དཀྱིལ་འཁོར་འབྲི་བ་དང༌། དཀྱིལ་འཁོར་སྒྲུབ་པ་དང༌། དབང་གི་བྱ་བ་དང༌། རྗེས་ཀྱི་བྱ་བའོ། །དང་པོ་ནི་བྲིས་སྐུ་ལ་སོགས་པ་དགྲམ། མཆོད་པ་རྣམས་ལག་ལེན་བཞིན་དུ་བཤམས། སློབ་དཔོན་ཤར་དུ་མངོན་པར་ཕྱོགས་པའི་མདུན་དུ་རྡོ་རྗེ་དྲིལ་བུ་ནང་མཆོད་རྣམས་ངེས་པར་བཤམ་ཞིང༌། ཅང་ཏེའུ་དང༌། གཞན་ཡང་རོལ་ལོའི་བྱེ་བྲག་རྣམས་ཀྱང་ཚོགས་པར་བྱས། འདིར་རྒྱུད་སྡེ་གཞན་ནས་གསུངས་པའི་སྔོན་འགྲོ་གཏོར་མ་


TNT02_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མཐའ་གཅིག་ཏུ་མི་དགོས་ཀྱང༌། ལག་ལེན་ལ་མཛད་ཅིང་ཕན་ཡོན་ལྷག་པོ་ལས་སྐྱོན་དུ་འགྱུར་བ་མེད་པར་མངོན། ཡུལ་བདག་གྲོང་བདག་གི་གཏོར་ཆོག་ཉིད་རྒྱུད་འདིའི་ལུགས་ཀྱི་སྔོན་འགྲོ་གཏོར་མ་ཡིན་ལ། དེ་ཡང་གཉིས་ཀར་བྱེད་པ་རང་ལུགས་ཡིན་ནོ། །བདག་བསྐྱེད་ཀྱི་སྔོན་འགྲོའི་སྐབས་མ་བྱས་ཀྱང་ཆོག་མོད། བྱས་ན་ལེགས་པས་སྔོན་འགྲོ་གཏོར་མ་ལྕོག་ཟླུམ་གཅིག ཟླུམ་གཏོར་ཉིས་སྒྲིགས་ཚར་གཉིས་དང༌། བསྲུང་འཁོར་གྱི་མཐར་བསྲུང་མ་དྲུག་ཅུ་ལ་འབུལ་རྒྱུའི་གཏོར་མ་བདུན་ནམ། གཅིག ས་ལྷའི་གཅིག གཞན་ཟླུམ་གཏོར་བཟང་པོ་གཉིས་རྣམས་དང༌། གཞན་ཡང་མཆོད་པ་མང་པོ་དང་བཅས་པ་རྣམས་གྲབས་སུ་ཚུད་པར་བྱས་ནས། ཐོག་མར་ནང་མཆོད་ལ་དམིགས་ཏེ། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཨཱཿཧཱུཾ་ཧོཿ ཞེས་བྱིན་གྱིས་བརླབས། དེ་ནས་ཚོགས་པ་ཡོད་ན་སྔོན་འགྲོ་གཏོར་མའི་ཞུ་འབུལ་བྱ། ཚོགས་པ་མེད་ན་མི་དགོས། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཨོཾ་སྭ་བྷཱ་ཝ་སོགས། ཨོཾ་ཨོཾ་བཛྲ་ཙནྡྲ་སོགས་དང༌། ཨོཾ་ཨཱཿབཛྲ་སཱུརྱ་སོགས་དང༌། ཨོཾ་ཧཱུཾ་བཛྲ་ཨ་ན་ལ་སོགས་དང༌། ཨོཾ་ཧོཿསརྦ་དྷརྨ་སོགས་སྔགས་ཚན་བཞིས་བྱིན་གྱིས་བརླབས། ཨོཾ་ཕཻཾ་བཛྲ་ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི།[ཟོ་ཅིག་ཟོ་ཅིག]


TNT02_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཡཀྵ་རཱཀྵ་ས།[གནོད་སྦྱིན་སྲིན་པོ་] བྷཱུ་ཏ་[འབྱུང་པོ་] པྲེ་ཏ་[ཡི་དྭགས་] པི་ཤཱ་ཙེ།[ཤ་ཟ་] ཨུད་མན་དཱ་[སྨྱོ་བྱེད་] ཨ་པ་སྨཱ་ར།[བརྗེད་བྱེད་] ཌཱ་ཀ་ཌཱ་ཀི་ནི་དཱ་ཡ།[མཁའ་འགྲོ་མཁའ་འགྲོ་མ་རྣམས་ལ་སྟེར་བའི་] ཨི་དཾ་བ་ལིཾ།[གཏོར་མ་འདི་] གྲི་ཧྣན་ཏུ།[བཟུང་དུ་གསོལ།] ས་མ་ཡ་རཀྵནྟུ།[དམ་ཚིག་བསྲུང་བ་ཀྱིས་ཤིག] མ་མ་སརྦ་སིདྡྷིཾ་མེ་པྲ་ཡཙྪནྟུ།[བདག་ལ་དངོས་གྲུབ་ཐམས་ཅད་སྩལ་ཏུ་གསོལ།] ཡ་ཐེ་བཾ་ཡ་ཐེ་ཥྟཾ།[ཇི་ལྟར་འདོད་པ་དེ་ལྟར་] བྷུ་ཛཱ་ཐཱ།[བཟའ་བ་] ཛི་གྷྲ་ཐ།[མྱང་བ་] པི་པཱ་ཐ།[བཏུང་བ་] མ་ཏི་ཀྲ་མ་ཐ།[རིམ་པ་ལས་མ་འདས་པར་] མ་མ་སརྦ་ཀརྟ་ཡ།[བདག་གི་དགོས་པ་ཐམས་ཅད་] སད་སུ་ཁཾ་བི་ཤུདྡྷ།[བདེ་བ་དམ་པ་རྣམ་པར་དག་པའི་] ས་ཧཱ་ཡི་ཀ་[གྲོགས་མཛོད་] བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། [མཛོད་དུ་གསོལ།] ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ བཛྲ་པུཥྤཾ། བཛྲ་དྷཱུ་པཾ། བཛྲ་དཱི་པཾ། བཛྲ་ནཻ་ཝི་ཏྱཾ། བཛྲ་ཨཀྵ་ཏཾ། བཛྲ་ལཱ་སྱཾ། བཛྲ་ཧཱ་སྱཾ། བཛྲ་ཝཱ་ཏྱཾ། བཛྲ་ནྲྀ་ཏྱཾ། བཛྲ་གཱི་ཏཾ། ཨོཾ་བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །


TNT02_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱི་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་རྡོ་རྗེ་ནམ་མཁའ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། །ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་


TNT02_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་ཇི་སྙེད་མཆིས་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བསྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གང་དག་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་རྣམས་མཆོད་པ་དང་གཏོར་མ་འདི་བཞེས་ལ། དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པའི་བྱ་བ་ལ་བར་ཆད་ཐམས་ཅད་མི་འབྱུང་བའི་འཕྲིན་ལས་མཛོད་ཅིག ནག་པོའི་ཕྱོགས་ལ་དགའ་བ་དང༌།


TNT02_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྤྱོད་ལྟ་བར་མི་དབང་བ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག ཅེས་པའི་མཐར་བདུད་སྲེག་པའི་སྔགས་ཀྱིས་བགེགས་བསྐྲད་ལ། ཚམས་རྔམས་དང་རོལ་མོའི་སྒྲ་དྲག་པོ་བྱ། རྡོ་རྗེའི་རྭ་གུར་ས་གཞི་ལ་སོགས་པ་དང༌། མེའི་གུར་སོགས་ཡིད་ཀྱིས་བསམས་ཏེ། བགེགས་དང་མཚམས་བཅད་པའོ། །དེ་ནས་གནས་ཡོ་བྱིན་རླབས་ཀྱི་ཞུ་འབུལ་བྱ། རྡོ་རྗེའི་རྩེ་མོས་ནང་མཆོད་གཏོར་ལ། ཨོཾ་ཨཱཿཧཱུཾ་ཧྲ་ཕཊ།[རྡོ་རྗེ་བཞིའི་ས་བོན་] ཨོཾ་སྭ་བྷཱ་ཝ་[རང་བཞིན་] ཤུདྡྷཱཿ[དག་པ་རྣམས་] སརྦ་དྷརྨཱཿ[ཆོས་རྣམས་ཐམས་ཅད་] སྭ་བྷཱ་ཝ་ཤུདྡྷོ྅ཧཾ།[རང་བཞིན་དག་པའི་བདག་གོ།] སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང༌། གྲུ་བཞི། སྒོ་བཞི་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཤེལ་གྱི་སྣོད་སོར་བཅུ་གཉིས་པ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཧོཿརྣམས་ལས་བྱུང་བའི་ཆུ་དང༌། མཆོད་ཡོན་དང༌། དྲི་དང༌། མེ་ཏོག་དང༌། བདུག་པ་དང༌། སྣང་གསལ་དང༌། ཞལ་ཟས་དམ་པ་དག་དང༌། རྣམ་པ་མང་པོའི་འབྲས་བུ་མ་ཉམས་པ་དང༌། གོས་


TNT02_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རྒྱན་དང༌། བ་དན་དང༌། བླ་བྲེ་ལ་སོགས་པ་དང༌། གླུ་དང༌། གར་དང༌། མེ་ལོང་དང༌། དྲིལ་བུ་ལ་སོགས་པ་སིལ་སྙན་གྱི་ཚོགས་དུ་མ་དག་དང༌། ཨིནྡྲ་ནཱི་ལ་ལ་སོགས་པ་རྣམ་པ་མང་པོའི་རིན་པོ་ཆེ་དང༌། ནང་གི་དམ་ཚིག་རྣམས་དང༌། དམ་ཚིགས་རྣམ་པ་བཞིའི་རྫས་ལ་སོགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་དཔག་ཏུ་མེད་ཅིང་དྲི་མ་དང་བྲལ་བར་གྱུར། ཨོཾ་བཛྲ་གནྡྷཾ་[རྡོ་རྗེ་དྲི་]སྭཱཧཱ། བཛྲ་པུཥྤཾ།[རྡོ་རྗེ་མེ་ཏོག་]བཛྲ་དྷཱུ་པཾ།[རྡོ་རྗེ་བདུག་པ་] བཛྲ་དཱི་པཾ།[རྡོ་རྗེ་སྒྲོན་མེ་] བཛྲ་ནཻ་ཝི་ཏྱཾ།[རྡོ་རྗེ་ཞལ་ཟས་] བཛྲ་ཨཀྵ་ཏཾ།[རྡོ་རྗེ་འབྲས་བུ་] བཛྲ་ལཱ་སྱཾ།[རྡོ་རྗེ་སྒེག་མོ་] བཛྲ་ཧཱ་སྱཾ།[རྡོ་རྗེ་བཞད་མ་] བཛྲ་བཱ་ཏྱཾ།[རྡོ་རྗེ་སིལ་སྙན་] བཛྲ་ནྲྀ་ཏྱཾ།[རྡོ་རྗེ་གར་མ་] བཛྲ་གཱི་ཏྱཾ།[རྡོ་རྗེ་གླུ་མ་] བཛྲ་ཀཱ་མཾ་[རྡོ་རྗེ་འདོད་མ་] སྭཱཧཱ། རོལ་ཆེན་དང་བཅས་ཏེ། ཨོཾ་ཧོཿ[གཙོ་མོའི་ས་བོན་] བཛྲ་གྷཎྜེ་[རྡོ་རྗེ་དྲིལ་བུ་] སརྦ་དྷརྨ་ཨཻ་ཀ་[ཆོས་ཐམས་ཅད་གཅིག་པ་]པྲཛྙཱ་དྷཱ་ནི་སྭ་བྷཱ་ཝེ།[ཤེས་རབ་ཀྱི་རང་བཞིན་]


TNT02_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཨཱ་ཀཱ་རེ།[རྣམ་པ་ཐམས་ཅད་པ་] སརྦ་དྷརྨ་པྲ་བོ་དྷ་ནི།[ཆོས་ཐམས་ཅད་རབ་ཏུ་སད་པར་བྱེད་པ་] སརྦ་དྷརྨན་ནིཿ[ཆོས་ཐམས་ཅད་] སྭ་བྷཱ་ཝེ་ན།[རང་བཞིན་མེད་པ་] པྲ་པོ་དྷ་ཡ་པྲ་པོ་དྷ་ཡ་སྭཱཧཱ།[རབ་ཏུ་རྟོགས་པར་མཛོད་མཛོད།] ཞེས་ལན་གསུམ་བརྗོད། དེ་ནས་ཞུ་འབུལ་ནི། ཕྱག་གསུམ་བཙལ་ཏེ་མཎྜལ་བཀོད། ཕྱག་གསུམ་བཙལ་ཏེ་མེ་ཏོག་བཀྲམ། ཕྱག་གསུམ་བཙལ་ཏེ་ཞུ་འབུལ་བྱ། དེ་ཡང༌། ཀུན་བཟང་རྣམ་འཕྲུལ་མཆོད་པའི་སྤྲིན་ཕུང་གིས། །དཔའ་བོ་རྣལ་འབྱོར་མ་རྣམས་མཆོད་པ་དང༌། །ཡོན་བདག་བགེགས་ཞི་ཚོགས་གཉིས་བསག་བྱའི་ཕྱིར། །གཉིས་མེད་ཏིང་འཛིན་དག་ལ་གནས་པར་མཛོད། །ཅེས་སོ། །ཕྱག་གསུམ་བཙལ་ཏེ་མེ་ཏོག་བསྡུ། ཕྱག་གསུམ་བཙལ་ཏེ་མཎྜལ་འབུལ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུཾ། དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུཾ། ཕྱི་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བའི་དབུས་སུ། ཧཱུཾ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམྦུ་གླིང༌། བྱང་སྒྲ་མི་སྙན། ནུབ་བ་གླང་སྤྱོད། སྒྲ་གཅན། ཉི་མ། ཟླ་བ། དུས་མེ། དབུས་སུ་ལྷ་དང་མྀའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད། ཚོགས་ཀྱི་སློབ་དཔོན་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་


TNT02_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། གུ་རུ་ཨི་དཾ་རཏྣ་མཎྜ་ལ་ཀཾ་ནཱིརྻཱ་ཏ་ཡཱ་མི། དེ་ནས་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་དེས་ཀྱང་མཎྜ་ལ་ཁ་གསོས་ཏེ་གསོལ་བ་གདབ་བོ། །དེ་རྗེས་ཕྱག་གསུམ་བཙལ་ཏེ་ཅི་བདེར་འཁོད། དེ་ལྟར་ན་ཞུ་འབུལ་ཕྱག་དང་བཅས་པ་འདི་རྣམས་ཚོགས་པ་ཡོད་ན་བྱ་ལ། ཚོགས་པ་མེད་ན་མི་དགོས་ཤིང༌། ཚོགས་པ་ཡོད་ཀྱང་འདི་དག་བོར་བས་ཆོག་ཆད་པའི་ཉེས་པར་འགྱུར་བ་ནི་མ་ཡིན་ནོ། །དེ་རྗེས་སྐྱབས་འགྲོ་ནས་བརྩམས་ཏེ་བཟླས་པའི་བར་སྒྲུབ་ཐབས་སུ་ཇི་སྐད་བཤད་པའི་མངོན་རྟོགས་རྫོགས་པར་བསྒོམ་པ་ལས། རྗེས་ཀྱི་བྱ་བ་ནི། མཆོད་བསྟོད་བསྡུས་པ་བྱས་པའི་མཐར། གཙུག་ཏོར་དུ་རྡོ་རྗེ་རྩེ་མོ་ལྔ་པ་ནས། རབ་གཏུམ་མ་རྣམས་གཤེགས་སུ་གསོལ། ཞེས་བསྡུས་ལ། སླར་ཡང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་བཛྲ་སཏྭ་ཨཱ་ཧཾ་དུར་དཱན་ཏ་ད་མ་ཀ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ང་རྒྱལ་བཟུང༌། ཡུལ་བདག་གྲོང་བདག་གི་གཏོར་མ་ཆ་གཉིས་པ་དེ་ཆུ་ཆང་ནང་མཆོད་ཀྱིས་སྦྱངས། ཨོཾ་ཨཱཿཧཱུཾ་ཧྲཿཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། ཨོཾ་ཨོཾ་སོགས་སྔགས་ཚན་བཞིས་བྱིན་གྱིས་བརླབས། དེ་ནས་ཨོཾ་ཨཱཿཧཱུཾ་ཡུལ་གྱི་བདག་པོ་ས་པ་རི་ཝཱ་ར་སོགས་ལན་གསུམ་དང༌། ཨོཾ་ཨཱཿཧཱུཾ་གྲོང་གི་བདག་པོ་སོགས་ལན་གསུམ་གྱིས་གཏོར་མ་ཕུལ། དྲིལ་བུ་འཁྲོལ་


TNT02_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་ཡང་རུང༌། །དཀྱིལ་འཁོར་དོན་དུ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །སའི་ཕྱོགས་འདིར་བདག་རྡོ་རྗེ་༵༵ ཆྒཻེ་མོ་[སློབ་དཔོན་མིང་འདི་]ཞེས་བགྱི་བས། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞེངས་པར་འཚལ་ན། ཁྱེད་རྣམས་ཀྱིས་སའི་ཕྱོགས་འདི་བདག་ལ་སྩལ་ཏེ། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་གནས་གཞན་དུ་གཤེགས་ཤིང༌། བདག་ཅག་སློབ་མར་བཅས་པ་ལ་ཕན་པ་དང༌། ཞི་བའི་སེམས་དང་ལྡན་པར་མཛད་དུ་གསོལ། ཞེས་གཏོར་མ་ཕྱིར་བཏང་ཞིང་རོལ་མོའི་སྒྲ་བྱའོ། །དེ་ནས་བདུད་ཚོགས་སྲེག་པ་ནི། རང་ཉིད་དུས་ཀྱི་འཁོར་ལོའི་སྐུར་གསལ་བའི་དཔྲལ་པར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དཀར་པོ་ལས་རྡོ་རྗེ་རྩེ་མོ་བཅུ་བདུན་པ་དང༌། ཞེས་པ་ནས། བྷསྨི་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱི་བར་ཏེ། ཤུགས་དྲག་པོས་མེའི་སྔགས་དེ་ལན་མང་དུ་བཟླ་བར་བྱའོ། །དེ་ནས་སའི་ལྷ་མོ་ལ་གནང་བ་ཞུ་བ་ནི། མདུན་དུ་དྲི་བཟང་པོའི་མཎྜལ་ལ་མེ་ཏོག་གི་ཚོམ་བུ་བཀོད། ས་ལྷའི་མཆོད་གཏོར་བཤམས། རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ལཾ་ལས་བྱུང་བའི་འཁོར་


TNT02_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སེར་པོ་ཡོངས་སུ་གྱུར་པ་ལས། སའི་ལྷ་མོ་ཞལ་གསུམ་ཕྱག་དྲུག་མ། རྩ་བའི་ཞལ་དང་སྐུ་མདོག་སེར་མོ། གཡས་ཞལ་དཀར་ཞིང་གཡོན་ཞལ་ནག་པ། ཕྱག་གཡས་པ་གསུམ་གྱིས་འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་པ་གསུམ་གྱིས་དུང༌། རྡོ་རྗེའི་ལྕགས་སྒྲོགསྒྲ་དང་བཅས་པའི་དྲིལ་བུ་འཛིན་ཞིང༌། པདྨའི་འདུག་སྟངས་ཀྱིས་བཞུགས་པ། ན་བཟའ་སེར་པོ་ཅན། རིན་པོ་ཆེའི་རྒྱན་སེར་པོས་བརྒྱན་པའི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། སའི་ལྷ་མོ་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དམ་ཚིག་སེམས་དཔའ་དང་རོ་གཅིག་ཏུ་གྱུར། ཨོཾ་ལཱཾ་ཨཱཿཧཱུཾ། བ་སུནྡྷ་རི་སརྦ་བུདྡྷ་ཛ་ན་ནི། སརྦ་སཏྭ་ཨུ་པ་ཀཱ་རི་ཎི། བཛྲ་སཏྭཱ་ཨཱཛྙཱ་པ་ཡ་ཏི། ཤི་གྷྲཾ། ཨཱ་གཙྪ་ཨཱ་གཙྪ། ཨི་དཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ནཻ་ཝེ་ཏྱཾ། ཕ་ལ་ཨཀྵ་ཏཾ། ད་དཱ་མི་ཏ་ཝ་ཏྭ་མེ་ཁ། གྲྀ་ཧྞ་གྲྀ་ཧྞ། མཎྜ་ལ་ཨར་ཐཾ། མ་མ་སྠཱ་ནཾ་ད་ད། ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་སྐད་ཅིག་གིས་བྱོན་ཏེ་ཚོམ་བུའི་སྟེང་དུ་འཁོད་པ་ལ། རང་གི་སྙིང་གར་བཞུགས་པའི་སའི་ལྷ་མོ་ཡང་ཐིམ། བ་སུན་དྷ་རི་


TNT02_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ས་པ་རི་ཝཱ་རེ་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་ན་མཿ གནྡྷཾ༴ པུཥྤཾ། དྷཱུ་པཾ། དཱི་པཾ། ནཻ་ཝེ་ཏྱཾ། ཕ་ལ་ཨཀྵ་ཏཾ་པྲ་ཏཱིཙྪ་ན་མཿ ཞེས་པ་རྣམས་ཀྱིས་མཆོད། གཏོར་མ་སྔར་ལྟར་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུཾ་བ་སུན་དྷ་རི་པ་རི་ཝཱ་རེ་བྷྱཿ ཨི་དཾ་བ་ལིཾ་སོགས་བསྲུང་མ་དྲུག་ཅུའི་གཏོར་སྔགས་དང་འདྲ་བས་ཕུལ་ནས། རྡོ་རྗེ་དྲིལ་བུ་འཛིན་པས། རྒྱལ་བས་ལྷ་ཡི་བདག་པོ་དང་བཅས་བདུད་ནི་བཅོམ་པ་དག་ལ་ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །དེ་ཕྱིར་ཁྱོད་ནི་མཆོད་པར་བྱ་ཡིས་ལྷ་མཆོག་གིས་བཏུང་བ་བཞེས་ཤིག་བཞེས་ཤིག་བདག་གི་མཆོད་ཡོན་ནོ། །ཇི་ལྟར་རྒྱལ་བས་བྱང་ཆུབ་སླད་དུ་བདུད་ཀྱི་སྡེ་ནི་སྟོབས་ལྡན་དག་ཀྱང་རབ་ཏུ་བཅོམ་གྱུར་པ། །དེ་བཞིན་བདག་གིས་ཀྱང་ནི་སློབ་མ་རྣམས་ལ་དབང་བསྐུར་སླད་དུ་བདུད་རྣམས་ཉམས་པ་དག་ཏུ་བྱ། །ཁྱོད་དཔང་དུ་གྱུར་པས་སོ། །སརྦ་སཏྭཱ་ནཱཾ། ཤཱནྟིཾ་པུཥྟིཾ། ཀྲྀ་ཏྭཱ་ཤུ་བྷ། ཙིཏྟེ་ན། ཨི་དཾ་སྠཱ་ནཾ། ཏྱཀྟྭ་ཨ་པ་ར་སྠཱ་ནཾ། གཙྪ་གཙྪ་སྭཱཧཱ། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་གི་སྙིང་གར་བསྡུའོ། །ཡུངས་ཀར་དང་དྲི་བཟང་གི་ཆུ་དང༌། ཤིང་ཐལ་རྣམས་བསྲེས་པ་དཀྱིལ་འཁོར་གྱི་ས་གཞི་ལ་གཏོར་ཞིང༌། ཨོཾ་ཨཱཿབིགྷ་ནཱན་ཏ་ཀྲིཏ་


TNT02_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ཅེས་ལན་ཉེར་གཅིག་ཙམ་བརྗོད། ཨོཾ་བྷུ་ཁཾ་ནམ་མཁའི་རང་བཞིན་དུ་གྱུར། ཧཱུཾ་ལཾ་ཧཱུཾ་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་མེ་དི་ནི་བཛྲི་བྷ་ཝ་བཛྲ་བནྡྷ་ཧཱུཾ། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ཤོ་དྷ་ཡ་ཤོ་དྷ་ཡ་རཀྵ་རཀྵ་ཧུཾ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ལག་པ་ས་ལ་རེག་སྟེ་བྱིན་གྱིས་བརླབས། འདི་ནི་ད་ལྟར་ལག་ལེན་བྱེད་པ་ལ། ཁང་བཟང་དང༌། གཙུག་ལག་ཁང་དང༌། དཀྱིལ་འཁོར་ཁང་པ་རྙིང་པར་དཀྱིལ་འཁོར་འདྲི་བའི་དབང་དུ་བྱས་ཏེ། ས་གཞི་བརྐོ་སྦྱངས་མི་དགོས་པའི་ལུགས་ཡིན་ལ། གཞན་དུ་ན་སྐབས་འདིར་ལྟོ་འཕྱེ་བརྟག་པ་དང༌། ས་བརྐོ་བ་དང༌། སེལ་དབྱུང་བ་དང༌། གཏེར་གཞུག་པ་རྣམས་ཀྱང་དགོས་ཏེ། དབང་ཆོག་ཆེན་པོར་ཤེས་པར་བྱའོ། ཁང་བཟང་ལ་སོགས་པར་ཡང་སའི་སྟེགས་བུ་བྱེད་ན་གཏེར་གཞུག་པ་སོགས་པ་འགའ་ཞིག་དགོས་སོ། །དེ་ནས་བསྲུང་འཁོར་བསྒོམ་པ་ནི། སློབ་དཔོན་ཆས་གོས་ཀྱིས་ཀླུབས། དཀྱིལ་འཁོར་གྱི་ས་གཞིར་འདུག་སྟེ། དང་པོར་ཧཾ་ལས་བྱུང་བའི་ནམ་མཁའི་རང་བཞིན་ཞེས་པ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་རཀྵཱ་ཙཀྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཅེས་པའི་བར་མངོན་རྟོགས་བཞིན་ནོ། །དེ་ནས་ཕུར་གདབ་ནི། ཕུར་བུ་བཅུ་མཆོད་པ་དང་བཅས་པ་བཤམས།


TNT02_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ་ཧོཿལན་བཅུ་གཉིས་ཀྱིས་མཆོད་པ་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཀྱིས་བསངས། སྭ་བྷཱ་ཝ་སོགས་ཀྱིས་སྦྱངས། ཕུར་བུ་རྣམས་སྟོང་པའི་ངང་ལས། ཧཱུཾ་བཅུ་ལས་བྱུང་བའི་ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས་པ་ཁམས་དྲུག་རྣམ་པར་དག་པ་རིགས་དྲུག་གི་བདག་ཉིད་ཅན། རྩ་བའི་ཞལ་དང་སྐུ་མདོག་སྔོན་པོ། གཡས་གཉིས་ནག་པོ་དང་དམར་བ། གཡོན་གཉིས་དཀར་པོ་དང་སེར་བ། སྟེང་ཞལ་ལྗང་ཁུ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ། གྲི་གུག དགྲ་སྟྭ། གཡོན་པ་གསུམ་གྱིས་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ། ཞབས་དྲུག་པ། ཁྲོ་བོའི་རྒྱན་དང་ཆ་བྱད་ཡོངས་སུ་རྫོགས་པར་གྱུར། ཐམས་ཅད་ཀྱི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་ཁྲོ་བོ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་སརྦ་བིགྷན་བནྡ་ཧཱུཾ་ཕཊ། ཚར་བཅུ་བརྗོད། གནྡྷཾ་སོགས་མཆོད་པ་བཅུ་གཉིས་ཕུལ། ཕུར་བུའི་ཁྲོ་བོ་རྣམས་ལྟེ་བ་མན་ཆད་མདུང་གི་རྩེ་མོ་ལྟ་བུ་ཕུར་བུའི་དབྱིབས་ཅན་འབར་བའི་འཕྲེང་བ་འཁྲུག་པ། ས་


TNT02_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་བདུད་དང་བགེགས་ཐམས་ཅད་འཇོམས་པའི་ནུས་པ་དང་ལྡན་པར་གྱུར། ཞེས་བརྗོད། དེ་ནས་སློབ་དཔོན་གྱིས་ཕུར་བུ་ཕྱོགས་བཅུར་རིམ་བཞིན་འདེབས་པ་ལས། ཚིགས་བཅད་རྣམས་ཀྱི་སྐབས། སློབ་དཔོན་གྱིས་ཕུར་བུ་ལག་ཏུ་ཐོགས། ཚིགས་བཅད་དེ་ཡང་དབྱངས་དང་བཅས་པས་བྱེད། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ནས། ཀཱི་ལ་ཡ་ཧུཾ་ཧཱུཾ་ཕཊ་ཕཊ་ཀྱི་བར་སྔགས་དང་པོས་ཕུར་བུ་བསྒྲིལ་ཞིང་ཕྱོགས་སོ་སོར་ཕུར་གདན་ལ་འདེབས། ཨོཾ་ལླཱྀ་བཛྲ་ནས། ཀྵླྀཾ་ཀྵླཱྀཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཀྱི་བར་སྔགས་ཕྱི་མ་འདོན་དུས། ཕུར་བུའི་སྟེང་དུ་ཐོ་བའམ་ཐོ་བའི་ཕྱག་རྒྱས་འདེབས་ཚུལ་དུ་བྱེད། ཨོཾ་ཧཾ་སོགས་ཕུར་བུ་བསྲུང་བའི་ཁྲོ་བོའི་སྔགས་ལན་གསུམ་བརྗོད་དུས། ཕུར་བུའི་ཁྲོ་བོ་བགེགས་ལ་བཏབ་ཅིང༌། ཕུར་པ་ཉིད་ཀྱང་བསྲུང་བ་དང༌། གཞན་ཡང་ཕྱོགས་ཀྱི་བགེགས་བསྲུང་བའི་དོན་དུ། བསྲུང་འཁོར་གྱི་ཁྲོ་བོ་ལས་ཁྲོ་བོ་གཉིས་པ་ཞིག་ཆད་དེ། ཕུར་བུའི་རྒྱབ་ཏུ་བཞུགས་པར་མོས། དོན་དེ་བཞིན་ཡིད་ལ་བཞག་ནས། ཤར་གྱི་ཤར་ཏུ་ཕུར་བུ་བཏབ་པ་ནི། འཁོར་ལོས་སྒྱུར་རྒྱལ་ཁྲོ་བོ་ཆེ། །ཉི་ཟླ་ཚངས་སོགས་འཁོར་དང་བཅས། །གདུག་པ་ཅན་རྣམས་གཞོམ་པའི་ཕྱིར། །ཕུར་བུས་ཐོབ་ཅིག་ཀཱི་ལ་ཡ། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་བཛྲ་ཀཱི་ལ། ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏི་ཥཌ་


TNT02_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁ། ཥཌ་བྷུ་ཛ། ཥཌ་ཙ་ར་ཎ། སརྦ་བིགྷྣ་བི་ནཱ་ཡ་ཀ ཨཱ་དི་དུཥྟཱ་ནཱཾ། ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ནཱ་ནི། ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བཞིན་དུ། ཨོཾ་ལླཱྀྀཿབཛྲ་མུད་ག་ར། མཱ་ར་ཨཱ་དཱི་ནཱཾ། སི་ར་སི་ཀནྛེ་ཧྲཱི་ད་ཡེ་ནཱ་བྷཽ་གུ་ཧྱེ། ཨནྟེ་བཛྲ་ཀཱི་ལ་ཀཱན། ཨཱ་ཀོ་ཊ་ཡ། ཨཱ་ཀོ་ཊ་ཡ། ཀྵཾ་ཀྵཱཾ་ཀྵིཾ་ཀྵཱིཾ་ཀྵུཾ་ཀྵཱུཾ་ཀྵླྀཾ་ཀྵླཱྀཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཨོཾ་ཧཾ་བཛྲ་ཀྲོ་དྷ་རཱ་ཛ་མཧཱ་ཨུཥྞཱི་ཥ་ཨུར་དྷ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། དེ་བཞིན་དུ་གཞན་རྣམས་ལ་ཡང་སྦྱར་ཏེ། ཤར་དུ། བགེགས་མཐར་བྱེད་པ་ཁྲོ་བོ་ཆེ། །དབང་པོ་ཉེད་དབང་འཁོར་དང་བཅས། །གདུག་པ་ཅན༴ ཕུར་བུས་ཐོབ༴ ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ༴ ཨོཾ་ལླཱྀ་བཛྲ༴ ཨོཾ་ཡཾ་བཛྲ་ཀྲོ་དྷ་རཱ་ཛ་ཨ་ཏི་བཱ་ལ་སརྦ་བིགྷྣ་ཨནྟ་ཀ་པཱུརྦ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ལྷོར། ཤེས་རབ་མཐར་བྱེད་ཁྲོ་བོ་ཆེ། །གཤིན་རྗེ་མ་མོ་འཁོར་དང་བཅས། །གདུག་པ༴ ཕུར་བུས༴ ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ༴ ཨོཾ་ལླཱྀ་བཛྲ༴ ཨོཾ་རཾ་བཛྲ་ཀྲོ་དྷ་རཱ་ཛ་ཛཾ་བྷ་ཀ་དུཥྟ་པྲཛྙཱ་ཨནྟ་ཀ་དཀྵི་ཎ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། བྱང་དུ། པདྨ་མཐར་བྱེད་ཁྲོ་བོ་ཆེ། །གནོད་སྦྱིན་ནོར་ལྷ་འཁོར་དང་བཅས། །གདུབ་པ༴ ཕུར་བུར༴ ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ༴ ཨོཾ་ལླཱྀ་བཛྲ༴


TNT02_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཝཾ་བཛྲ་ཀྲོ་དྷ་རཱ་ཛ་མཱ་ནཱ་ཀ་བི་རཱ་ཀ་པདྨ་ཨནྟ་ཀ་ཨུཏྟ་ར་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ནུབ་ཏུ། གཤིན་རྗེ་མཐར་བྱེད་ཁྲོ་བོ་ཆེ། །ཆུ་བདག་ཀླུ་ཡི་འཁོར་དང་བཅས། གདུག་པ༴ ཕུར་བུས༴། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ༴ ཨོཾ་ལླཱྀ་བཛྲ༴ ཨོཾ་ལཾ་བཛྲ་ཀྲོ་དྷ་རཱ་ཛ་སྟཾ་བྷ་ཀ་ཡ་མ་ཨནྟ་ཀ་པཥྩི་མ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ནུབ་བྱང་དུ། སྟོབས་ཆེན་རྒྱལ་པོ་ཁྲོ་བོ་ཆེ། །རླུང་ལྷ་རིག་འཛིན་འཁོར་དང་བཅས། །གདུག་པ༴ ཕུར་བུས༴ ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ༴ ཨོཾ་ལླཱྀ་བཛྲ་༴ ཨོཾ་ལཱཿབཛྲ་ཀྲོ་དྷ་རཱ་ཛ་མཧཱ་བཱ་ལ་བཱ་ཡ་བྱཱཾ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། བྱང་ཤར་དུ། མི་གཡོ་རྒྱལ་པོ་ཁྲོ་བོ་ཆེ། །དབང་ལྡན་འབྱུང་པོ་འཁོར་དང་བཅས། གདུག་པ༴ ཕུར་བུས༴ ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ༴ ཨོཾ་ལླཱྀ་བཛྲ༴ ཨོཾ་ཝཱཿབཛྲ་ཀྲོ་དྷ་རཱ་ཛ་ཨ་ཙ་ལ་ཨཱི་ཤན་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ལྷོ་ནུབ་ཏུ། འདོད་པའི་རྒྱལ་པོ་ཁྲོ་བོ་ཆེ། །བདེན་བྲལ་སྲིན་པོ་འཁོར་དང་བཅས། །གདུག་པ༴ ཕུར་བུས༴ ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ༴ ཨོཾ་ལླཱྀ་བཛྲ༴ ཨོཾ་རཱཿབཛྲ་ཀྲོ་དྷ་རཱ་ཛ་ཊཀྐི་ནེ་རྀ་ཏྱཱཾ་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ཤར་ལྷོར། དབྱུག་སྔོན་རྒྱལ་པོ་ཁྲོ་བོ་ཆེ། །མེ་ལྷ་དྲང་སྲོང་འཁོར་དང་བཅས། །གདུག་པ༴ ཕུར་བས༴


TNT02_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ༴ ཨོཾ་ལླཱྀ་བཛྲ༴ ཨོཾ་ཡཱཿབཛྲ་ཀྲོ་དྷ་རཱ་ཛ་ནཱི་ལ་དཎྜཱ་ཨགྣེ་ཡྻཱཾ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། འོག་ཏུ། གནོད་མཛེས་རྒྱལ་པོ་ཁྲོ་བོ་ཆེ། །ས་ལྷ་ལྷ་མིན་འཁོར་དང་བཅས། གདུག་པ་ཅན་རྣམས་གཞོམ་པའི་ཕྱིར། །ཕུར་བུས་ཐོབ་ཅིག་ཀཱི་ལ་ཡ། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ༴ ཨོཾ་ལླཱྀ་བཛྲ༴ ཨོཾ་ཧཱཿབཛྲ་ཀྲོ་དྷ་རཱ་ཛ་སུམ་བྷ་ཨ་དྷོ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། རྡོ་རྗེའི་ཐོ་བས་བརྡུངས་ཏེ་བགེགས་ཀྱི་ཚོགས་རྣམས་བདེ་བ་ཆེན་པོར་རོ་གཅིག་པའི་དེ་བཞིན་ཉིད་རྣམ་པར་དག་པར་གྱུར། དེ་ནས་ཕུར་བུ་བཅུ་བསྲུང་བའི་ཁྲོ་བོ་བཅུ་དང་བཅས་པ་རྣམས་ལ་མཆོད་པའི་དོན་དུ། གཏོར་མ་གཅིག་མཆོད་པ་དང་བཅས་པ་བཤམས། གཏོར་མ་བསངས་སྦྱངས་སྔགས་ཚན་བཞིས་བྱིན་གྱིས་བརླབས། མཆོད་པ་རྣམས་ཀྱང༌། ཨོཾ་ཨཱཿཧཱུཾ་ཧོཿཞེས་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུཾ་ཧོཿཨུཥྞཱི་ཥ་སོགས་བསུང་མ་དྲུག་ཅུའི་སྐབས་ལྟར་ཁྲོ་བོ་བཅུ་ལ་ཕུལ། ཨོཾ་བཛྲ་གནྡྷཾ་སོགས་ཀྱིས་མཆོད། ཨོཾ་ཧ་ཧཱ་ཡི་ཡཱི་ཝུ་ཝཱུ་ལླྀལླཱྀ་ཨོཾ་ཨཱཿཧཱུཾ། ཞེས་ནང་མཆོད་ཕུལ། དཔལ་ལྡན་གཙུག་ཏོར་སོགས། ཤླཽ་ཀ་གཅིག་གིས་བསྟོད། ཇི་སྲིད་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་མཐའ་དག་བསྲུང་བ་དང༌། ཞི་བ་དང༌། གཞོམ་པའི་འཕྲིན་ལས་མཛད་དུ་གསོལ། །དེ་དག་


TNT02_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཕུར་གདབ་ཀྱི་བྱ་བའོ། །དེ་ནས་ཇི་སྲིད་ཆོ་ག་མ་གྲོལ་གྱི་བར་ཉིན་རེ་བཞིན་དུས་གསུམ་དུ་ཕུར་བུ་རྣམས་ལ་ཡུངས་ཀར་གྱིས་གཏོར། གུ་གུལ་གྱིས་བདུག དྲི་བཟང་གི་ཆུས་བསངས་གཏོར་བྱ། འགྲུབ་ན་སྒོས་ཀྱི་གཏོར་མ་རེ་ཡང་འབུལ་ཞིང༌། གལ་ཏེ་མ་ལྕོགས་ན་བསྲུང་འཁོར་དང་དཀྱིལ་འཁོར་ལ་གཏོར་མ་འབུལ་བའི་སྐབས། ཕུར་བུའི་ལྷ་ལ་དམིགས་ནས་གསོལ་བ་འདེབས་པ་ལའང་ནན་ཏན་དུ་བྱའོ། །མདོར་བསྡུས་པའི་ཚེ་སྟངས་སྟབས་ཀྱིས་ས་བཟུང་བ་མེད་ཀྱང་ཆོག་ལ། ཅུང་ཟད་སྤྲོ་ན་ལུགས་འདིའི་ཐུན་མོང་མ་ཡིན་པ་ནི། ཨོཾ་ཧཱུཾ་ཀྲོ་དྷ་ཨིན་དྲོ་སོགས་ཀྱིས་ང་རྒྱལ་བཟུང་ལ། རྐང་མཐིལ་གཉིས་སུ་ཧཱུཾ་ཧཱུཾ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་རེག རྡོ་རྗེའི་རྐང་སྟབས་ཀྱིས་དཀྱིལ་འཁོར་གྱི་དབུས་སུ་བཅགས་ནས། གཞི་བཅའ་སྔོན་དུ་འགྲོ་བའི་གཡས་བརྐྱང་གཡོན་བརྐྱང་མཉམ་པའི་སྟབས་རྣམས་བྱའོ། །ཡཾ་ཡཱཿདང་རལ་གྲིའི་ཕྱག་རྒྱ་དང༌། ཤར་དུ་འཆག་སྟེ་ཟླུམ་པོའི་སྟབས་སོ། །རཾ་རཱཿདང་རིན་པོ་ཆེའི་ཕྱག་རྒྱ་དང༌། ལྷོར་འཆག་སྟེ་རོལ་པའི་སྟབས་སོ། །ལཾ་ལཱཿདང་འཁོར་ལོའི་ཕྱག་རྒྱ་དང༌། ནུབ་ཏུ་འཆག་སྟེ་ས་ཀའི་སྟབས་སོ། །བཾ་བཱཿདང་པདྨའི་ཕྱག་རྒྱ་དང༌། བྱང་དུ་འཆག་སྟེ་ཏཱཎྜ་པའི་སྟབས་ཀྱིས་སོ། །ནུབ་ཏུ་རྡོ་རྗེའི་སྐྱིལ་ཀྲུང་དང༌། བྱང་དུ་པདྨའི་སྐྱིལ་ཀྲུང་ཀྱང་བཤད་དེ། འདི་ཙམ་ཞིག་རྒྱུད་འགྲེལ་ལས་འབྱུང་ངོ༌། །ཕྲེང་བ་སོགས་གཞན་ནས་ཁ་བསྐང་བའི་གར་གྱི་ཆོ་ག་རྒྱས་པ་ནི་འདིར་མ་བཤད་དོ། །ཤེས་པར་འདོད་ན་ཀུན་མཁྱེན་ཆེན་པོས་མཛད་པའི་གར་དཔེ་དང༌། ལག་ལེན་མཐོང་བ་བརྒྱུད་པ་ལས་ཤེས་པར་བྱའོ། །གཉིས་པ་ནི།


TNT02_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་དཀྱིལ་འཁོར་གྱི་ས་གཞི་ལ་མཆོད་པའི་དོན་དུ་མཆོད་པ་བཤམས། ཨོཾ་ཨཱཿཧཱུཾ་ཧོཿ ལན་བཅུ་གཉིས་ཀྱིས་བྱིན་གྱིས་བརླབས། བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ ནས། བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ ཞེས་པས་དམ་ཚིག་གི་ས་གཞི་ལ་མཆོད། སྔར་སའི་ལྷ་མོ་གཤེགས་སུ་གསོལ་བ་སྤྱན་དྲངས་ཏེ་ས་ལ་ཐིམ་པར་མོས་ཏེ། ཨོཾ་ཨཱཿལཾ་ཧཱུཾ་སརྦ་བུདྡྷ་ཛ་ན་ནི་ཞེས་པ་ནས། སྠཱ་ནཾ་དང་ཞེས་པའི་བར་དང༌། སའི་ལྷ་མོ་ས་གཞི་ལ་ཐིམ། སླར་ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དོན་དམ་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེའི་ས་གཞི་སྤྱན་དྲངས་ཏེ་དཀྱིལ་འཁོར་གྱི་ས་གཞི་དང་རོ་གཅིག་ཏུ་གྱུར། ཨོཾ་ཨཱཿལཱཾ་ཧཱུཾ། བཛྲ་བྷཱུ་མི་ཏིཥྛ་མ་ཙ་ལ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་ལན་མང་དུ་བརྗོད། ཡང་མཆོད་པ་ཁ་གསོས་ཏེ། ཨོཾ་བཛྲ་ཨརྒྷཾཾཾ་པྲ་ཏཱིཙྪ་ན་མཿ ནས། ཀཱ་མཾ་པྲ་ཏཱིཙྪ་ན་མཿ ཞེས་པས་ས་གཞི་ལ་མཆོད་དེ། ས་ལྷག་པར་གནས་པའོ། །སླར་ཡང་བསྲུང་འཁོར་བཞིན་བསྲུང་མ་དྲུག་ཅུའི་གཏོར་མ་འབུལ་ཏེ། འབྱུང་པོའི་འཁོར་ལོ་རྣམས་གཤེགས་སུ་གསོལ་གྱི་བར་བྱ། བསོད་ནམས་འདི་ཡིས་འགྲོ་རྣམས་སོགས་སྨོན་ལམ་དང་བཀྲ་ཤིས་གང་འགྲུབ་ཅིག་བྱའོ། །ཉི་མ་དང་པོའི་བྱ་བའོ། །དེ་ནས་མཆོད་པས་སངས་སྦྱངས་བྱིན་རླབས་ནས་བཟུང༌། ད་མ་ཀ་ཧུཾ་ཧཱུཾ་ཕཊ། ཀྱིས་


TNT02_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་བཟུང་བའི་བར། གོང་ཉི་མ་དང་པོའི་སྐབས་དང་འདྲ། དེ་ནས་རྒྱུད་སྡེ་གཞན་གྱི་ཆོ་གའི་ས་ལྷ་ལྷག་གནས་མི་དགོས་ཏེ། གོང་དུ་རྡོ་རྗེའི་ས་གཞི་བཀུག་སྟེ་ས་གཞི་བྱིན་གྱིས་བརློབ་པ་དེ་ཉིད་འདིར་རང་ལུགས་ཀྱི་ས་ལྷ་ལྷག་གནས་རྨད་དུ་བྱུང་བ་ཡིན་པས་སོ། །དེས་ན། གསོལ་བ་གདབ་པ་དང༌། རྫས་ལྔ་ལྷག་གནས་དང༌། སློབ་མ་ལྷག་གནས་དང༌། མལ་སྟན་ལྷག་གནས་རྣམས་སོ། །དང་པོ་ནི་དཀྱིལ་འཁོར་ལྷག་གནས་ཀྱི་དོན་ཡིན་ཏེ། དཀྱིལ་འཁོར་ཀྱི་ས་གཞིར་དྲི་བཟང་གིས་བྱུགས། སྤྱི་འགྲོ་དང་མཐུན་པའི་དགོས་པ་ཡོད་པས་ལྷག་གནས་མི་འཆོལ་བའི་ཕྱིར། ཐིག་ཆེན་བརྒྱད་དང༌། སྐུ་གསུང་ཐུགས་ཀྱི་རྩ་ཐིག་དང༌། མདའ་ཡབ་ཀྱི་ཐིག་དང༌། བདེ་ཆེན་འཁོར་ལོ་དང༌། གཙོ་བོའི་པདྨའི་ཐིག་རྣམས་སྐམ་ཐིག་ཙམ་བཏབ་ལ། ལྷ་སོ་སོའི་གནས་སུ་མེ་ཏོག་གི་ཚོམ་བུ་བཀོད་པའི་སྲོལ་ཡོད་པ་ལྟར་བྱ། ཐིག་དང་ཚོམ་བུ་དགོད་པ་འདི་ངེས་པར་དགོས་པ་ནི་མ་ཡིན་ནོ། །གཞན་ཡང་མེ་ཏོག་སིལ་མ་བཅལ་དུ་བཀྲམ། མཐའ་སྐོར་དུ་མཆོད་པ་དང་གཏོར་མ་ལག་ལེན་བཞིན་བཤམས། མདུན་བསྐྱེད། ཨོཾ་ཨཱཿཧུཾ་ཧྲཿཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་འབྱུང་བ་རིམ་བརྩེགས་ལྷུན་པོ་དང་བཅས་པའི་སྟེང་དུ༌། ཐུགས་གསུང་སྐུའི་དཀྱིལ་འཁོར་རྣམས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱོགས་ཀུན་ཏུ་


TNT02_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་ཀུན་ཏུ་འཕྲོ་བ། དབང་པོའི་གཞུ་དང༌། མེ་ལོང་གི་གཟུགས་བརྙན་དང༌། པྲ་ཕབ་བརྒྱད་དང་མཚུངས་པར་སྣང་ལ་རང་བཞིན་མེད་པ། རང་གི་སེམས་ཉིད་ཀྱི་སོ་སོར་སྣང་བ། སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ། གཞོམ་དུ་མེད་ཅིང་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ། དྭངས་ཤིང་སྒྲིབ་པ་མེད་ལ་ཕྱི་ནང་ཀུན་ཏུ་འོད་གསལ་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང༌། རྒྱན་གྱི་རྣམ་པ་མཆོག་ཏུ་བཀྲ་བ་དུ་མས་མཛེས་པ། དབུས་སུ་སྣ་ཚོགས་པདྨའི་ལྟེ་བ་ལ། ཟླ་བ་ཉི་མ་སྒྲ་གཅན་གྱི་དཀྱིལ་འཁོར་ལ་སོགས་པ། གནས་ཐམས་ཅད་དུ་ལྷའི་གདན་ཐམས་ཅད་ཀྱིས་མཛེས་པའོ། །གདན་རྣམས་ཀྱི་སྟེང་དུ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ཡབ་ཡུམ། ནུས་མ་བཅུ། དེ་བཞིན་གཤེགས་པ་ཡབ་ཡུམ་བཅུ། སེམས་དཔའ་ཡབ་ཡུམ་བཅུ་གཉིས། ཁྲོ་བོ་ཁྲོ་མོ་བརྒྱད། གཟུངས་མ་བཅུ་གཉིས་ཏེ་ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། རྣལ་འབྱོར་མ་བརྒྱད་ཐབས་དང་བཅས་པ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞིས་བསྐོར་བ་དང༌། འདོད་མ་སུམ་ཅུ་རྩ་དྲུག་སྟེ་གསུང་གི་ལྷ་ཚོགས་རྣམས་དང༌། ལྷ་ཆེན་པོ་བཅུ་གཉིས་སོ་སོར་ཤེས་རབ་མ་དང་བཅས་ཤིང༌། པད་འདབ་


TNT02_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པའི་ལྷ་མོ་ཉེར་བརྒྱད་ཉེར་བརྒྱད་ཀྱིས་བསྐོར་བ། ཚེས་ཀྱི་ལྷ་སུམ་བརྒྱ་དྲུག་ཅུའི་ཚོགས་རྣམས་དང༌། སྒོ་སྐྱོང་གི་ཁྲོ་བོའི་རྒྱལ་པོ་དྲུག་པོ་སོ་སོར་ཡུམ་དང་བཅས་པ་དང༌། ཕྱིར་འདོད་མ་སུམ་ཅུ་རྩ་དྲུག་དང༌། ཀླུ་རྒྱལ་ཆེན་པོ་བཅུ་ཤེས་རབ་མ་དང་བཅས་པ་སྟེ། སྐུའི་དཀྱིལ་འཁོར་གྱི་གཞལ་མེད་ཁང་ལ་གནས་པ་རྣམས་དང༌། དུར་ཁྲོད་འཁོར་ལོར་བཞུགས་པའི་རབ་གཏུམ་མ་བཅུ་ཐབས་དང་བཅས་པ་དང༌། རླུང་གི་དཀྱིལ་འཁོར་ལ་གནས་པའི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞི་ལ་སོགས་པ་དང་བཅས་པ་རྣམས་སྐད་ཅིག་གིས་གྲུབ་པར་གྱུར་པ་ནི། སྟོང་པ་ཉིད་དང་སྙིང་རྗེའི་བདག །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཞེས་པ་ནས། སྲིད་གསུམ་དང་བ་མངོན་དུ་བྱེད་གྱུར་ཅིག །ཅེས་པའི་བར་ཀུན་མཁྱེན་ཆེན་པོས་མཛད་པའི་བསྟོད་ཆེན་འདོན་བཞིན་དུ། ཞལ་ཕྱག་རྣམས་ལེགས་པར་གསལ་བཏབ་བོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་མཆོད་པའི་ཡུལ་དུ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ནམ་མཁའ་གང་བར་བཞུགས། ཨོཾ་ཨཱཿཧཱུཾ་ཧོཿ


TNT02_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲཻ་དྷཱ་ཏུ་ཀེ་ཤྭ་ར་[ཁམས་གསུམ་དབང་ཕྱུག་]ཀཱ་ལ་ཙཀྲ་[དུས་ཀྱི་འཁོར་ལོ་] ཨརྒྷཾ་[མཆོད་ཡོན་] པྲ་ཏཱིཙྪ་[སོ་སོར་བཞེས་] ས་པ་རི་ཝཱ་རཿ[འཁོར་དང་བཅས་པ་རྣམས་] ཏྭཾ་[ཁྱོད་] བྷ་ག་ཝཱན་[བཅོམ་ལྡན་འདས་] མེ་ཝ་ར་དོ་བྷ་བ་ཤི་ཥྱ་ཎི་ཙ།[བདག་ལ་མཆོག་ཀུན་སྩོལ་བར་མཛོད།] ཞེས་པ་ལན་གསུམ། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་རེ་བྷྱཿཔཱདྱཾ་པྲ་ཏཱིཙྪ་ན་མཿ དེ་བཞིན་དུ། ཨཉྩ་མ་ནཾ་པྲ་ཏིཙྪ་ན་མཿ པྲོཀྵ་ཎཾ་པྲ་ཏཱིཙྪ་ན་མཿ ཁམས་གསུམ་དབང་ཕྱུག་བཅོམ་ལྡན་འདས། །དུས་ཀྱི་འཁོར་ལོ་འཁོར་བཅས་རྣམས། །རྣམ་དག་རྡོ་རྗེའི་དྲི་མཆོག་འདི། །བཞེས་ནས་བདག་ལ་མཆོག་སྩོལ་མཛོད། །ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་རེ་བྷྱཿ ཞེས་ཀུན་ལ་སྦྱར་ཏེ། བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ རྐང་པ་གསུམ་སྔ་མ་བཞིན་ཀུན་ལ་སྦྱར་ཏེ། རྡོ་རྗེ་མེ་ཏོག་རྣམ་བཀྲའི་ཚོགས། །བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་བདུག་སྤོས་བླ་ན་མེད། །བཛྲ་དྷཱུ་པཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་སྒྲོན་མེ་འོད་རབ་འབར། །བཛྲ་དཱི་པཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་ཞལ་ཟས་རོ་མཆོག་ལྡན། །བཛྲ་ནཻ་ཝི་ཏྱེ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་མ་ཉམས་འབྲས་བུའི་མཆོག །བཛྲ་ཨཀྵ་ཏཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་སྒེག་མོའི་མཆོད་པ་ནི། །བཛྲ་ལཱ་སྱཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་བཞད་མའི་མཆོད་པ་འདི། །བཛྲ་ཧཱ་སྱཾ་པྲ་ཏཱིཙྪ་


TNT02_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿ རྡོ་རྗེ་སིལ་སྙན་རྣམ་མང་པོ། །བཛྲ་བཱ་ཏྱཱཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་གར་གྱི་མཆོད་སྤྲིན་འདི། །བཛྲ་ནྲྀ་ཏྱཱཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་གླུ་དབྱངས་ཡིད་འཕྲོག་ལྡན། །བཛྲ་གཱི་ཏཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་འདོད་མའི་མཆོད་པ་མཆོག །བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ ནང་མཆོད་ནི། གོང་ལྟར་བྱིན་གྱིས་བརླབས། སངས་རྒྱས་དང་ཆོས་དང་དགེ་འདུན་ཐམས་ཅད་ཀྱི་ངོ་བོ། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ། ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་སྐྱོབ་པ། དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་འདི་ཞེས་བྱ་བའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། དངོས་གྲུབ་རྒྱ་མཚོ་ཡོན་ཏན་རིན་ཆེན་གཏེར། །སྲིད་དང་ཞི་བའི་གདུང་བ་སེལ་བའི་སྨན། །ལྷ་དང་བཅས་པའི་འགྲོ་བ་ཀུན་གྱི་སྐྱབས། །དཔལ་ལྡན་རྡོ་རྗེ་འཆང་ལ་མཆོད་པར་འབུལ། །ཨོཾ་ཨཱཿཧཱུཾ། ཉི་མའི་འོད་དང་ཟླ་བཟང་ལྷ་དབང་དང༌། །གཟི་བརྗིད་ཟླས་བྱིན་ལྷ་ཡི་དབང་ཕྱུག་དང༌། །སྣ་ཚོགས་གཟུགས་དང་ལྷ་ཡི་དབང་ལྡན་ཏེ། །ཆོས་རྒྱལ་ཆེན་པོ་བརྒྱད་ལ་མཆོད་པར་འབུལ། །ཨོཾ་ཨཱཿཧཱུཾ། འཇམ་དབྱངས་གྲགས་པ་པདྨ་དཀར་པོ་དང༌། །བཟང་པོ་རྣམ་རྒྱལ་


TNT02_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་བཟང་པོ་དང༌། །ཕྱག་ན་རིན་ཆེན་ཁྱབ་འཇུག་སྦས་པ་དང༌། །ཉི་མ་གྲགས་དང་ཤིན་ཏུ་བཟང་པོ་མཆོད། །ཨོཾ་ཨཱཿཧཱུཾ། རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་ཉི་མ་དང༌། །སྣ་ཚོགས་གཟུགས་དང་ཟླ་འོད་མཐའ་ཡས་དང༌། །ས་སྐྱོང་དཔལ་སྐྱོང་སེང་གེ་རྣམ་གནོན་དང༌། །སྟོབས་ཆེན་མ་འགགས་མི་ཡི་སེང་གེ་མཆོད། །ཨོཾ་ཨཱཿཧཱུཾ། དབང་ཕྱུག་ཆེན་པོ་མཐའ་ཡས་རྣམ་རྒྱལ་དང༌། །དྲག་པོ་ཞེས་བྱ་ཉི་ཤུ་རྩ་ལྔ་པོ། །ས་ཡི་འཁོར་ལོ་རྫོགས་པར་སྐྱོང་བ་སྟེ། །ཚངས་པ་ལྷ་དབང་ཕྱེད་ཕྱེད་སྐྱོང་རྣམས་མཆོད། །ཨོཾ་ཨཱཿཧཱུཾ། འོད་སྲུངས་ལ་སོགས་དུམ་བུར་སྐྱོང་བ་བརྒྱད། །དེ་ལྟར་ས་སྐྱོང་སུམ་ཅུ་རྩ་ལྔ་ནི། །རིགས་ཀུན་གཅིག་ཏུ་མཛད་པ་གསང་སྔགས་ཀྱི། །རིགས་ལྡན་བརྒྱུད་པ་རྣམས་ལ་མཆོད་པར་འབུལ། །ཨོཾ་ཨཱཿཧཱུཾ། དུས་ཞབས་གཉིས་དང་ནཱ་ལེནྡྲ་པ་དང༌། །ཟླ་བ་མགོན་པོ་འབྲོ་སྟོན་ལོ་ཙཱ་དང༌། །ལྷ་རྗེ་སྒོམ་པ་སྒྲོ་སྟོན་གནམ་བརྩེགས་དང༌། །གྲུབ་ཆེན་ཡུ་མོ་རྣམས་ལ་མཆོད་པར་འབུལ། །ཨོཾ་ཨཱཿཧཱུཾ། ཆོས་ཀྱི་དབང་ཕྱུག་ནམ་མཁའ་འོད་ཟེར་དང༌། །སྤྲུལ་སྐུ་ཇོ་འབུམ་གྲུབ་ཐོབ་སེ་ཆེན་དང༌། །ཆོས་རྗེ་འཇམ་གསར་ཆོས་སྐུ་འོད་ཟེར་དང༌། །ཀུན་སྤངས་ཆོས་རྗེ་རྣམས་ལ་མཆོད་པར་འབུལ། །


TNT02_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ། བྱང་སེམས་ཆེན་པོ་ཡོན་ཏན་རྒྱ་མཚོ་དང༌། །ཀུན་མཁྱེན་ཆོས་རྗེ་སྒྲ་བསྒྱུར་སྐུ་མཆེད་དང༌། །ཕྱོགས་ལས་རྣམ་རྒྱལ་ཉ་དབོན་ཆོས་རྗེ་དང༌། །གྲུབ་ཆེན་ཀུན་བློ་རྣམས་ལ་མཆོད་པར་འབུལ། །ཨོཾ་ཨཱཿཧཱུཾ། འཇམ་དབྱངས་དཀོན་བཟང་འཇམ་དབྱངས་ཆོས་དབང་དང༌། །སློབ་དཔོན་ཆོས་སེང་མཁས་གྲུབ་སངས་ཡེ་དང༌། །འཇམ་དབྱངས་དཀོན་བཟང་ནམ་མཁའི་མཚན་ཅན་གཉིས། །ཤེས་རབ་བཀྲ་ཤིས་རྗེ་བཙུན་གྲོལ་མཆོག་མཆོད། །ཨོཾ་ཨཱཿཧཱུཾ། ནམ་མཁའ་དཔལ་བཟང་རཏྣ་བྷ་དྲ་དང༌། །གྲོལ་མཆོག་ཞབས་དང་སངས་རྒྱས་ཡེ་ཤེས་དང༌། །བྱམས་པའི་མཚན་དང་རྩ་བའི་བླ་མ་དང༌། །མཁན་ཆེན་ཆོས་དབང་ཀུན་དགའ་དཔལ་འབྱོར་མཆོད། །ཨོཾ་ཨཱཿཧཱུཾ། དཀོན་མཆོག་རིན་ཆེན་ལུང་རིགས་རྒྱ་མཚོའི་ཞབས། །རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་ཏེ། །རྡོ་རྗེའི་རྣལ་འབྱོར་མངོན་སུམ་སྟོན་མཛད་པའི། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པར་འབུལ། །ཨོཾ་ཨཱཿཧཱུཾ་ཕྱིས་ཀྱང་མཇུག་གི་ཚིགས་རྣམས་རིམ་པས་འདོན་པ་བསྒྱུར་བར་བྱའོ། །(༈ ལུང་རིགས་རྒྱ་མཆོའི་རྗེས་ནས། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་དང༌། །


TNT02_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་སྦྱངས་དམ་པ་རིན་ཆེན་རྒྱ་མཚོའི་ཞབས། །མཁས་གྲུབ་དམ་པ་བློ་གྲོས་རྣམ་རྒྱལ་མཆོད། །ཨོཾ་ཨཱཿཧཱུཾ། གྲུབ་པའི་དབང་ཕྱུག་ངག་དབང་འཕྲིན་ལས་དང༌། །འཇམ་དབྱངས་ངག་དབང་བསྟན་འཛིན་རྣམ་རྒྱལ་ཞབས། །ཀུན་དགའ་དར་རྒྱས་འཕྲིན་ལས་རྣམ་པར་རྒྱལ། །ལྷུན་གྲུབ་རྒྱ་མཚོ་རྣམས་ལ་མཆོད་པ་འབུལ། །ཨོཾ་ཨཱཿཧཱུཾ། ༈ འཇིགས་མེད་རྣམ་རྒྱལ་ཆོས་འཕེལ་རྒྱ་མཚོ་དང༌། །ཆོས་ཀྱི་འཕགས་པ་ཀུན་དགའ་དཔལ་ལྡན་རྗེ། །ངག་དབང་ཆོས་འབྱོར་ཀུན་དགའ་མཁས་གྲུབ་དབང༌། །བསྟན་པ་གསལ་བྱེད་རྣམས་ལ་མཆོད་པ་འབུལ། །ཨོཾ་ཨཱཿཧཱུཾ། རྡོ་རྗེ་བཟང་པོ་དཀོན་མཆོག་དར་རྒྱས་དང༌། །བློ་གྲོས་གྲགས་པས་རྒྱལ་བསྟན་རབ་སྤེལ་བ། །རྡོ་རྗེ་རྣལ་འབྱོར་མངོན་སུམ་སྟོན་མཛད་པའི། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །ཨོཾ་ཨཱཿཧཱུཾ། འཛམ་ཐང་གཙང་ཆེན་གཟིམ་ཁང་བ༵དེ་ཆེ༵ན་བཤ༵ད་སྒྲུ༵བ་དཔ༵ལ་གྱི༵་ཕོ༵་བྲ༵ང་གི་གདན་རབས་རིམ་བྱོན་ལྟར་བློ༵་བཟ༵ང་ཆོ༵ས་འཕེ༵ལ་བས་བྲིས་པའོ། །)


TNT02_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བུདྡྷཱ་ཡ་ན་མཿ[སངས་རྒྱས་ལ་མཆོད་དོ། །] ཨོཾ་དྷརྨཱ་ཡ་ན་མཿ[ཆོས་ལ་མཆོད་དོ། །] ཨོཾ་སཾ་གྷཱ་ཡ་ན་མཿ[དགེ་འདུན་ལ་མཆོད་དོ། །] ཨོཾ་བཛྲ་སཏྭཱ་ཡ་ན་མཿ[རྡོ་རྗེ་སེམས་དཔལ་ལ་མཆོད་དོ། །] ཨོཾ་པྲཛྙཱ་པཱ་ར་མི་ཏཱ་ཡཻ་ན་མཿ[ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་མཆོད་དོ། །] ཨོཾ་སྭ་བྷཱ་བི་ཀ་ཀཱ་ཡཱ་ཡ་ན་མཿ[རང་བཞིན་པའི་སྐུ་ལ་མཆོད་དོ། །] ཨོཾ་དྷརྨཱ་ཀཱ་ཡཱ་ཡ་ན་མཿ[ཆོས་ཀྱི་སྐུ་ལ་མཆོད་དོ། །] ཨོཾ་སཾ་བྷོ་ག་ཀཱ་ཡཱ་ཡ་ན་མཿ[ལོངས་སྤྱོད་རྫོགས་པའི་སྐུ་ལ་མཆོད་དོ། །] ཨོཾ་ནིརྨཱ་ཎ་ཀཱ་ཡཱ་ཡ་ན་མཿ[སྤྲུལ་པའི་སྐུ་ལ་མཆོད་དོ། །] ཨོཾ་ཛྙཱ་ན་བཛྲཱ་ཡ་ན་མཿ[ཡེ་ཤེས་རྡོ་རྗེ་ལ་མཆོད་དོ། །] ཨོཾ་ཙིཏྟ་བཛྲཱ་ཡ་ན་མཿ[ཐུགས་རྡོ་རྗེ་ལ་མཆོད་དོ། །] ཨོཾ་ཝཱཀ་བཛྲ་ཡ་ན་མཿ[གསུང་རྡོ་རྗེ་ལ་མཆོད་དོ། །] ཨོཾ་ཀཱ་ཡ་བཛྲཱ་ཡ་ན་མཿ[སྐུ་རྡོ་རྗེ་ལ་མཆོད་དོ། །] ཨོཾ་ཙ་ཏུར་བི་མོ་ཀྵེ་བྷྱོ་ན་མཿ[རྣམ་པར་ཐར་པ་བཞི་རྣམས་ལ་མཆོད་དོ། །] ཨོཾ་ཙ་ཏུར་པྲཧྨ་བི་ཧཱ་རེ་བྷྱོ་ན་མཿ[ཚངས་པའི་གནས་བཞི་རྣམས་ལ་མཆོད་དོ། །] ཨོཾ་སཔྟ་ཏྲིཾ་ཤད་བོ་དྷཱི་པཱ་ཀྵཱི་ཀ་དྷརྨེ་བྷྱོ་ན་མཿ[བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་ལ་མཆོད་དོ། །] ཨོཾ་ཙ་ཏུར་ཤཱི་ཏཱི་སཱ་ཧ་སྲ་དྷརྨ་སྐན་དྷེ་བྷྱོ་ན་མཿ[བཞི་དང་བརྒྱད་ཅུའི་སྟོང་ཕྲག་ཆོས་ཀྱི་ཕུང་པོ་རྣམས་ལ་མཆོད་དོ། །] ཨོཾ་སརྦ་དྷརྨཱ་དེ་ཤ་ཀེ་བྷྱོ་ན་མཿ[ཆོས་ཐམས་ཅད་སྟོན་


TNT02_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོ་རྣམས་ལ་མཆོད་དོ། །] ཨོཾ་རཏྣ་ཏྲ་ཡཱ་ཡ་ན་མཿ[དཀོན་མཆོག་གསུམ་ལ་མཆོད་དོ། །] ཨོཾ་ཤཱཀྱ་མུ་ནེ་ཡེ་ན་མཿ[ཤཱཀྱ་ཐུབ་པ་ལ་མཆོད་དོ། །] ཨོཾ་ཀཱ་ལ་ཙཀྲཱ་ཡ་ན་མཿ[དུས་ཀྱི་འཁོར་ལོ་ལ་མཆོད་དོ། །] ཨོཾ་དཱ་ནཱ་པཱ་ར་མི་ཏཱ་ཡཻ་ན་མཿ[སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་དོ། །] ཨོཾ་ཤཱི་ཡ་པཱ་ར་མི་ཏཱ་ཡཻ་ན་མཿ[ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་དོ། །] ཨོཾ་ཀྵཱནྟི་པཱ་ར་མི་ཏཱ་ཡཻ་ན་མཿ[བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་དོ། །] ཨོཾ་བཱིརྱ་པཱ་ར་མི་ཏཱ་ཡཻ་ན་མཿ[བརྩོན་འགྲུབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་དོ། །] ཨོཾ་དྷྱཱ་ན་པཱ་མི་ཏཱ་ཡཻ་ན་མཿ[བསམ་གཏན་གྱི་ཕ་རོལ་ཏུ་ཕྱྀན་པ་ལ་མཆོད་དོ། །] ཨོཾ་པྲཛྙཱ་པཱ་ར་མི་ཏཱ་ཡཻ་ན་མཿ[ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་དོ། །] ཨོཾ་ཨུ་པཱ་ཡ་པཱ་ར་མི་ཏཱ་ཡཻ་ན་མཿ[ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་དོ། །] ཨོཾ་པྲ་ནི་དྷཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ[སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་དོ། །] ཨོཾ་བ་ལ་པཱ་ར་མི་ཏཱ་ཡཻ་ན་མཿ[སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་དོ། །] ཨོཾ་ཛྙཱ་ན་པཱ་ར་མི་ཏཱ་ཡེ་ན་མཿ[ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་དོ། །] ཨོཾ་ཛ་ཡ་གྷ་ཊེ་བྷྱོ་ན་མཿ[རྒྱལ་བའི་བུམ་པ་རྣམས་ལ་མཆོད་དོ། །] ཨོཾ་བི་ཛ་ཡ་གྷ་ཊེ་བྷྱོ་ན་མཿ[རྣམ་པར་རྒྱལ་བའི་བུམ་པ་རྣམས་ལ་མཆོད་དོ། །] ཨོཾ་སརྦ་ཙི་ཧ་ནེ་བྷྱོ་ན་མཿ[ཐམས་ཅད་མཚན་མ་རྣམས་ལ་མཆོད་དོ། །] ཨོཾ་སརྦ་མུ་དྲཱ་བྷྱོ་ན་མཿ[ཐམས་ཅད་ཕྱག་རྒྱ་རྣམས་ལ་མཆོད་དོ། །] ཨོཾ་ཙིནྟཱ་མ་ཎེ་ཡཻ་ན་མཿ[ཡིད་བཞིན་གྱི་ནོར་བུ་ལ་མཆོད་དོ། །] ཨོཾ་དྷརྨ་གཎ་ཌྱཻ་ན་མཿ[ཆོས་ཀྱི་གཎྜེ་ལ་མཆོད་དོ། །]


TNT02_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་དྷརྨ་ཤཾ་ཁཱ་ཡ་ན་མཿ[ཆོས་ཀྱི་དུང་ལ་མཆོད་དོ། །] ཨོཾ་ཀལྤ་བྲི་ཀྵཱ་ཡ་ན་མཿ[དཔག་བསམ་གྱི་ཤིང་ལ་མཆོད་དོ། །] ཨོཾ་ཨཀྵོ་བྷྱཱ་ཡ་ན་མཿ[མི་བསྐྱོད་པ་ལ་མཆོད་དོ། །] ཨོཾ་ཨ་མོ་གྷ་སིང་དྷ་ཡེ་ན་མཿ[དོན་ཡོད་གྲུབ་པ་ལ་མཆོད་དོ། །] ཨོཾ་རཏྣ་སམྦྷ་ཝཱ་ཡ་ན་མཿ[རིན་ཆེན་འབྱུང་ལྡན་ལ་མཆོད་དོ། །] ཨོཾ་ཨ་མི་ཏཱ་བྷཱ་ཡ་ན་མཿ[འོད་དཔག་མེད་ལ་མཆོད་དོ། །] ཨོཾ་བཻ་རོ་ཙ་ནཱ་ཡ་ན་མཿ[རྣམ་པར་སྣང་མཛད་ལ་མཆོད་དོ། །] ཨོཾ་ལོ་ཙ་ན་ཡཻ་ན་མཿ[སྤྱན་མ་ལ་མཆོད་དོ། །] ཨོཾ་མཱ་མ་ཀྱཻ་ཡཻ་ན་མཿ[བདག་གི་མ་ལ་མཆོད་དོ། །] ཨོཾ་པནྚ་རཱ་ཡཻ་ན་མཿ[གོས་དཀར་མོ་ལ་མཆོད་དོ། །] ཨོཾ་ཏཱ་རཱ་ཡཻ་ན་མཿ[སྒྲོལ་མ་ལ་མཆོད་དོ། །] ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་ར་ཡཻ་ན་མཿ[རྡོ་རྗེ་དབྱིངས་ཀྱིས་དབང་ཕྱུག་མ་མཆོད་དོ། །] ཨོཾ་བཛྲ་པཱ་ཎ་ཡཻ་ན་མཿ[ཕྱག་ན་རྡོ་རྗེ་ལ་མཆོད་དོ། །] ཨོཾ་ཁ་གརྦྷཱ་ཡ་ན་མཿ[ནམ་མཁའི་སྙིང་པོ་ལ་མཆོད་དོ། །] ཨོཾ་ཀྵི་ཏི་གརྦྷཱ་ཡ་ན་མཿ[སའི་སྙྀང་པོ་ལ་མཆོད་དོ། །] ཨོཾ་ལོ་ཀེ་ཤྭ་རཱ་ཡ་ན་མཿ[འཇིག་རྟེན་དབང་ཕྱུག་ལ་མཆོད་དོ། །] ཨོཾ་སརྦ་ནི་བ་ར་ཎ་བི་སྐམ་བྷི་ནེ་ན་མཿ[སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་མཆོད་དོ། །]ཨོཾ་ས་མནྟ་བྷ་དྲཱ་ཡ་ན་མཿ [ཀུན་ཏུ་བཟང་པོ་ལ་མཆོད་དོ། །] ཨོཾ་གནྡྷ་བཛྲཱ་ཡཻ་ན་མཿ[དྲི་རྡོ་རྗེ་མ་ལ་མཆོད་དོ། །] ཨོཾ་རཱུ་པ་བཛྲཱ་ཡཻ་ན་མཿ[གཟུགས་རྡོ་རྗེ་མ་ལ་མཆོད་དོ། །] ཨོཾ་རཱ་ས་བཛྲཱ་ཡཻ་ན་མཿ[རོ་རྡོ་རྗེ་མ་ལ་མཆོད་དོ། །] ཨོཾ་སྤརྴ་བཛྲཱ་ཡཻ་ན་མཿ[རེག་བྱ་རྡོ་རྗེ་མ་


TNT02_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཆོད་དོ། །] ཨོཾ་ཤཔྟ་བཛྲཱ་ཡཻ་ན་མཿ[སྒྲ་རྡོ་རྗེ་མ་ལ་མཆོད་དོ། །] ཨོཾ་དྷརྨ་དྷཱ་ཏུ་བཛྲཱ་ཡཻ་ན་མཿ[ཆོས་ཁམས་རྡོ་རྗེ་མ་ལ་མཆོད་དོ། །] ཨོཾ་ཨུཥྞཱྀ་ཥཱ་ཡ་ན་མཿ[གཙུག་ཏོར་ཅན་ལ་མཆོད་དོ། །] ཨོཾ་བིགྷན་ཨནྟ་ཀཱ་ཡ་ན་མཿ[བགེགས་མཐར་བྱེད་ལ་མཆོད་དོ། །] ཨོཾ་པྲཛྙཱ་ཨནྟ་ཀཱ་ཡ་ན་མཿ[ཤེས་རབ་མཐར་བྱེད་ལ་མཆོད་དོ། །] ཨོཾ་པདྨ་ཨནྟ་ཀཱ་ཡ་ན་མཿ[པདྨ་མཐར་བྱེད་ལ་མཆོད་དོ། །] ཨོཾ་ཡ་མ་ཨནྟ་ཀཱ་ཡ་ན་མཿ[གཤིན་རྗེ་མཐར་བྱེད་ལ་མཆོད་དོ། །] ཨོཾ་སྟམྦྷི་ནྱཻ་ན་མཿ[རེངས་བྱེད་མ་ལ་མཆོད་དོ། །] ཨོཾ་མཱ་ནི་ནྱཻ་ན་མཿ[ང་རྒྱལ་བྱེད་མ་ལ་མཆོད་དོ། །] ཨོཾ་སྟོ་བྷི་ནྱཻ་ན་མཿ[རྨུགས་བྱེད་མ་ལ་མཆོད་དོ། །] ཨོཾ་ཨ་ཏི་བཱིརྻཱ་ཡཻ་ན་མཿ[ཤིན་ཏུ་བརྩོན་འགྲུས་མ་ལ་མཆོད་དོ། །] ཨོཾ་ཨ་ཏི་ནཱི་ལཱ་ཡཻ་ན་མཿ[ཤིན་ཏུ་སྔོན་མོ་ལ་མཆོད་དོ། །] ཨོཾ་སརྦ་དྷཱ་རི་ཎཱི་བྷྱོ་ན་མཿ[ཐམས་ཅད་གཟུངས་མ་རྣམས་ལ་མཆོད་དོ། །] ཨོཾ་ཥ་ཌཱཾ་གཱ་ཡ་ན་མཿ[ཡན་ལག་དྲུག་ལ་མཆོད་དོ། །][ཐུགས་དཀྱིལ་ལའོ། །] ཨོཾ་བཛྲ་ཙརྩི་ཀཱ་ཡཻ་ན་མཿ[རྡོ་རྗེ་ཙརྩི་ཀཱ་ལ་མཆོད་དོ། །] ཨོཾ་བཛྲ་ཝཱ་རཱ་ཧྱཻ་ན་མཿ[རྡོ་རྗེ་ཕག་མོ་ལ་མཆོད་དོ། །] ཨོཾ་བཛྲ་མ་ཧཱེ་ཤྭ་རྱཻ་ན་མཿ[རྡོ་རྗེ་དབང་ཕྱུག་ཆེན་མོ་ལ་མཆོད་དོ། །] ཨོཾ་བཛྲ་ཨེནྡྲི་ཡཻ་ན་མཿ[རྡོ་རྗེ་དབང་མོ་ལ་མཆོད་དོ། །] ཨོཾ་བཛྲ་པྲཧྨཱ་ཎྱཻ་ན་མཿ[རྡོ་རྗེ་ཚངས་མ་ལ་མཆོད་དོ། །]


TNT02_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་མཧཱ་ལ་ཀྵ་མྱཻ་ན་མཿ[རྡོ་རྗེ་དཔལ་ཆེན་མོ་ལ་མཆོད་དོ། །] ཨོཾ་བཛྲ་ཀཽ་མཱ་རྱཻ་ན་མཿ[རྡོ་རྗེ་གཞོན་ནུ་མ་ལ་མཆོད་དོ། །] ཨོཾ་བཛྲ་བཻཥྞ་བྱཻ་ན་མཿ[རྡོ་རྗེ་ཁྱབ་འཇུག་མ་ལ་མཆོད་དོ། །] ཨོཾ་ཨཥྟ་ཨཥྟ་ཀེ་ན་ཙ་ཏུཿཥཥྛི་བཛྲ་ཡོ་གི་ནཱི་བྷྱོ་ན་མཿ[བརྒྱད་པ་བརྒྱད་ཀྱི་བཞི་དང་དྲུག་བཅུའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ལ་མཆོད་དོ། །] ཨོཾ་ཥཊ་ཏྲིཾ་ཤད་ཨིཙྪ་བྷྱོ་ན་མཿ[དྲུག་དང་སུམ་ཅུའི་འདོད་མ་རྣམས་ལ་མཆོད་དོ། །] [གསུང་དཀྱིལ་པ་ལའོ། །] ཨོཾ་བཛྲ་བིཥྞ་བེ་ན་མཿ[རྡོ་རྗེ་ཁྱབ་འཇུག་ལ་མཆོད་དོ། །] ཨོཾ་བཛྲ་ནཻ་རི་ཏྱཱ་ཡ་ན་མཿ[རྡོ་རྗེ་བདེན་བྲལ་ལ་མཆོད་དོ། །] ཨོཾ་བཛྲ་ཨགྣ་ཡེ་ན་མཿ[རྡོ་རྗེ་མེ་ལྷ་ལ་མཆོད་དོ། །] ཨོཾ་བཛྲ་ཨུདྡྷ་ཡེ་ན་མཿ[རྡོ་རྗེ་རྒྱ་མཚོ་ལ་མཆོད་དོ། །] ཨོཾ་བཛྲ་ཨིནྜ་ཡ་ན་མཿ[རྡོ་རྗེ་དབང་པོ་ལ་མཆོད་དོ། །] ཨོཾ་བཛྲ་ཨཱི་ཤྭ་ར་ཡ་ན་མཿ[རྡོ་རྗེ་དབང་ཕྱུག་ལ་མཆོད་དོ། །] ཨོཾ་བཛྲ་པྲཧྨ་ཎེ་ན་མཿ[རྡོ་རྗེ་ཚངས་པ་ལ་མཆོད་དོ། །] ཨོཾ་བཛྲ་བི་ནཱ་ཡ་ཀཱ་ཡ་ན་མཿ[རྡོ་རྗེ་ལོག་འདྲེན་ལ་མཆོད་དོ། །] ཨོཾ་བཛྲ་ཀཱརྟི་ཀེ་ཡཱ་ཡ་ན་མཿ[རྡོ་རྗེ་གྲི་གུག་ཅན་ཏེ་གདོང་དྲུག་ལ་མཆོད་དོ། །] ཨོཾ་བཛྲ་བཱ་ཡ་བེ་ན་མཿ[རྡོ་རྗེ་རླུང་ལྷ་ལ་མཆོད་དོ། །] ཨོཾ་བཛྲ་ཡ་མཱ་ཡ་ན་མཿ[རྡོ་རྗེ་གཤིན་རྗེ་ལ་མཆོད་དོ། །] ཨོཾ་བཛྲ་ཡཀྵེ་བྷྱོ་ན་མཿ[རྡོ་རྗེ་གནོད་སྦྱིན་རྣམས་ལ་མཆོད་དོ། །] ཨོཾ་བཱ་རུ་ཎྱཻ་མཿ[ཆུ་ལྷ་མོ་ལ་མཆོད་དོ། །] ཨོཾ་བཱ་ཡ་བཻ་ན་མཿ[རླུང་ལྷ་མོ་མཆོད་དོ། །]


TNT02_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཡཱ་མི་ནྱཻ་ན་མཿ[གཤིན་རྗེ་མོ་ལ་མཆོད་དོ། །] ཨོཾ་ཡཀྵི་ཎྱཻ་ན་མཿ[གནོད་སྦྱིན་མོ་ལ་མཆོད་དོ། །] ཨོཾ་མཧཱ་བ་ལཱ་ཡ་ན་མཿ[སྟོབས་པོ་ཆེ་ལ་མཆོད་དོ། །] ཨོཾ་ཨ་ཙ་ལཱ་ཡ་ན་མཿ[མི་གཡོ་བ་ལ་མཆོད་དོ། །] ཨོཾ་ཊཀྐི་རཱ་ཛཱ་ཡ་ན་མཿ[འདོད་པའི་རྒྱལ་པོ་ལ་མཆོད་དོ། །] ཨོཾ་ནཱི་ལ་དནྜཱ་ཡ་ན་མཿ[དབྱུག་པ་སྔོན་པོ་ལ་མཆོད་དོ། །] ཨོཾ་སུམ་བྷཱ་རཱ་ཛཱ་ཡ་ན་མཿ[གནོད་མཛེས་རྒྱལ་པོ་ལ་མཆོད་དོ། །] ཨོཾ་རཽ་དྲ་ཨཀྵེ་ན་མཿ[དྲག་སྤྱན་མ་ལ་མཆོད་དོ། །] ཨོཾ་བཛྲ་ཤྲཱིཾ་ཁ་ལཱ་ཡཻ་ན་མཿ[རྡོ་རྗེ་ལྕགས་སྒྲོག་མ་ལ་མཆོད་དོ། །] ཨོཾ་ཙིན་དཱ་ཡཻ་ན་མཿ[སྐུལ་བྱེད་མ་ལ་མཆོད་དོ། །] ཨོཾ་བྷྲྀ་ཀུ་ཊྱཻ་ན་མཿ[ཁྲོ་གཉེར་ཅན་མ་ལ་མཆོད་དོ། །] ཨོཾ་མཱ་རཱི་ཙྱཻ་ན་མཿ[འོད་ཟེར་ཅན་མ་ལ་མཆོད་དོ། །] ཨོཾ་པྲ་ཏྱཻ་ཀ་མཱ་ས་བྷེ་དེ་ན་[སོ་སོ་རེ་རེ་ཟླ་བའི་དབྱེ་བས་] ཥིཥྛི་ཨུཏྟ་ར་ཏྲི་[དྲུག་བཅུ་ལྷག་པ་]ཤ་ཏ་བཛྲ་ཏི་ཐི་དེ་བཱི་བྷྱོ་ན་མཿ[སུམ་བརྒྱ་རྡོ་རྗེ་ཆོས་ཀྱི་ལྷ་མོ་རྣམས་ལ་མཆོད་དོ། །] ཨོཾ་ཥཊ་ཏྲིཾ་ཤད་པྲ་ཏཱིཙྪ་བྷྱོ་ན་མཿ[དྲུག་དང་སུམ་ཅུའི་མི་འདོད་མ་རྣམས་ལ་མཆོད་དོ། །] ཨོཾ་བཛྲ་ཛ་ཡཱ་ཡ་ན་མཿ[རྡོ་རྗེ་རྒྱལ་བ་ལ་མཆོད་དོ། །] ཨོཾ་བཛྲ་ཀརྐོ་ཊ་ཀཱ་ཡཱ་ན་མཿ[རྡོ་རྗེ་སྟོབས་ཀྱི་རྒྱུ་ལ་མཆོད་དོ། །] ཨོཾ་བཛྲ་བཱ་སུ་ཀ་ཡེ་ན་མཿ[རྡོ་རྗེ་ནོར་རྒྱས་ལ་མཆོད་དོ། །] ཨོཾ་བཛྲ་ཨ་ནནྟ་ཡ་ན་མཿ[རྡོ་རྗེ་མཐའ་ཡས་ལ་མཆོད་དོ། །] ཨོཾ་བཛྲ་ཏཀྵ་ཀཱ་ཡ་ན་མཿ[རྡོ་རྗེ་འཇོག་པོ་ལ་མཆོད་དོ། །] ཨོཾ་བཛྲ་མཧཱ་པདྨ་ཡ་ན་མཿ[རྡོ་རྗེ་པདྨ་ཆེན་པོ་ལ་མཆོད་དོ། །] ཨོཾ་བཛྲ་ཀུ་ལི་ཀཱ་ཡ་ན་མཿ[རྡོ་རྗེ་རིགས་ལྡན་


TNT02_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་དོ། །] ཨོཾ་བཛྲ་ཤཾ་ཁ་པཱ་ལཱ་ཡ་ན་མཿ[རྡོ་རྗེ་དུང་སྐྱོང་ལ་མཆོད་དོ། །] ཨོཾ་བཛྲ་པདྨཱ་ཡ་ན་མཿ[རྡོ་རྗེ་པདྨ་ལ་མཆོད་དོ། །] ཨོཾ་བཛྲ་བི་ཛ་ཡཱ་ཡ་ན་མཿ[རྡོ་རྗེ་རྣམ་པར་རྒྱལ་བ་ལ་མཆོད་དོ། །] [སྐུ་དཀྱིལ་པ་ལའོ། །]ཨོཾ་ཤྭཱ་ནཱ་སྱཱ་ཡཻ་ན་མཿ[ཁྱི་གདོང་མ་ལ་མཆོད་དོ། །] ཨོཾ་སཱུ་ཀ་རཱ་སྱཱ་ཡཻ་ན་མཿ[ཕག་གདོང་མ་ལ་མཆོད་དོ། །] ཨོཾ་བྱཱ་གྷྲཱ་སྱཱ་ཡཻ་ན་མཿ[སྟག་གདོང་མ་ལ་མཆོད་དོ། །] ཨོཾ་ཛམྦུ་ཀཱ་སྱཱ་ཡཻ་ན་མཿ[ལྕེ་སྤྱང་གདོང་མ་ལ་མཆོད་དོ། །] ཨོཾ་ག་རུ་ཌཱ་སྱཱ་ཡཻ་ན་མཿ[མཁའ་ལྡིང་གདོང་མ་ལ་མཆོད་དོ། །] ཨོཾ་ཨུ་ལཱུ་ཀཱ་སྱཱ་ཡཻ་ན་མཿ[འུག་གདོང་མ་ལ་མཆོད་དོ། །] ཨོཾ་གྲྀ་དྷཱ་སྱཱ་ཡཻ་ན་མཿ[བྱ་རྒོད་གདོང་མ་ལ་མཆོད་དོ། །] ཨོཾ་ཀཱ་ཀཱ་སྱཱ་ཡཻ་ན་མཿ[བྱ་རོག་གདོང་མ་ལ་མཆོད་དོ། །] ཨོཾ་སརྦ་བྷཱུ་ཏེ་བྷྱོ་ན་མཿ[འབྱུང་པོ་རྣམས་ཐམས་ཅད་མཆོད་དོ། །] [དུར་ཁྲོད་དུ་གནས་པ་ལའོ། །] ཨོཾ་བཛྲ་ཙནྡྲ་ཡ་ན་མཿ[རྡོ་རྗེ་ཟླ་བ་ལ་མཆོད་དོ། །] ཨོཾ་བཛྲ་སཱུརྱཱ་ཡ་ན་མཿ[རྡོ་རྗེ་ཉི་མ་ལ་མཆོད་དོ། །] ཨོཾ་བཛྲ་མངྒ་ལཱ་ཡ་ན་མཿ[རྡོ་རྗེ་བཀྲ་ཤིས་ལ་མཆོད་དོ། །] ཨོཾ་བཛྲ་བུ་དྷཱ་ཡ་ན་མཿ[རྡོ་རྗེ་གཟའ་ལྷག་ལ་མཆོད་དོ། །] ཨོཾ་བཛྲ་པྲྀ་ཧསྤ་ཏ་ཡེ་ན་མཿ[རྡོ་རྗེ་ཕུར་བུ་ལ་མཆོད་དོ། །] ཨོཾ་བཛྲ་ཤུ་ཀྲཱ་ཡ་ན་མཿ[རྡོ་རྗེ་པ་སངས་ལ་མཆོད་དོ། །] ཨོཾ་བཛྲ་ཤ་ནཻཥྩ་རཱ་ཡ་ན་མཿ[རྡོ་རྗེ་སྤེན་པ་ལ་མཆོད་དོ། །] ཨོཾ་བཛྲ་ཀེ་ཏ་བེ་ན་མཿ[རྡོ་རྗེ་མཇུག་རིང་ལ་མཆོད་དོ། །] ཨོཾ་བཛྲ་རཱ་ཧ་བེ་ན་མཿ[རྡོ་རྗེ་སྒྲ་གཅན་ལ་མཆོད་དོ། །] ཨོཾ་བཛྲ་ཀཱ་ལཱགྣ་ཡཻ་ན་མཿ[རྡོ་རྗེ་དུས་མེ་ལ་མཆོད་དོ། །]


TNT02_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་དྷྲུ་བེ་ན་མཿ[རྡོ་རྗེ་བརྟན་པ་ལ་མཆོད་དོ། །] ཨོཾ་བཛྲ་ཨ་གསྟྱ་ཡ་ན་མཿ[རྡོ་རྗེ་རི་བྱི་ལ་མཆོད་དོ། །] ཨོཾ་སརྦ་ནཀྵ་ཏྲེ་བྷྱོ་ན་མཿ[རྒྱུ་སྐར་རྣམས་ཐམས་ཅད་ལ་མཆོད་དོ། །] ཨོཾ་དྭཱ་ད་ཤ་རཱ་སི་བྷྱོ་ན་མཿ[བཅུ་གཉིས་ཀྱི་ཁྱིམ་རྣམས་ལ་མཆོད་དོ། །] ཨོཾ་ཥོ་ཊ་ཤ་ཀ་ལཱ་བྷྱོ་ན་མཿ[བཅུ་དྲུག་གི་ཆ་རྣམས་ལ་མཆོད་དོ། །] ཨོཾ་ད་ཤ་དིཀ་པཱ་ལེ་བྷྱོ་ན་མཿ[བཅུ་གཉིས་ཀྱི་ཕྱོགས་སྐྱོང་རྣམས་ལ་མཆོད་དོ། །] ཨོཾ་བཛྲ་ནནྡི་ཀེ་ཤྭ་རཱ་ཡ་ན་མཿ[རྡོ་རྗེ་དགའ་བྱེད་དབང་ཕྱུག་ལ་མཆོད་དོ། །] ཨོཾ་བཛྲ་མཧཱ་ཀཱ་ལཱ་ཡ་ན་མཿ[རྡོ་རྗེ་ནག་པོ་ཆེན་པོ་ལ་མཆོད་དོ། །] ཨོཾ་བཛྲ་གྷཎྜཱ་ཀརྞཱ་ཡ་ན་མཿ[རྡོ་རྗེ་དྲིལ་བུའི་རྣ་བ་ཅན་ལ་མཆོད་དོ། །] ཨོཾ་བཛྲ་བྷྲྀཾ་གི་ཎེ་ན་མཿ[རྡོ་རྗེ་འབྲིང་གི་ཎེ་ལ་མཆོད་དོ། །] ཨོཾ་སརྦ་ཀྵེ་ཏྲ་པཱ་ལེ་བྷྱོ་ན་མཿ[ཞིང་སྐྱོང་རྣམས་ཐམས་ཅད་ལ་མཆོད་དོ། །] ཨོཾ་སརྦ་དཱུ་ཏཱི་བྷྱོ་ན་མཿ[ཕོ་ཉ་མོ་རྣམས་ཐམས་ཅད་ལ་མཆོད་དོ། །] ཨོཾ་ཧཱ་རི་ཏྱཻ་བྷྱོ་ན་མཿ[འཕྲོག་མ་རྣམས་ལ་མཆོད་དོ། །] ཨོཾ་སརྦ་སིདྡྷི་བྷྱོ་ན་མཿ[གྲུབ་པ་རྣམས་ཐམས་ཅད་ལ་མཆོད་དོ། །] [འཇིག་རྟེན་པ་རྣམས་ལའོ། །] ཨོཾ་དྷརྨ་ཙཀྲཱ་ཡ་ན་མཿ[ཆོས་ཀྱི་འཁོར་ལོ་ལ་མཆོད་དོ། །] ཨོཾ་བྷ་དྲ་གྷ་ཌཱ་ཡ་ན་མཿ[བུམ་པ་བཟང་པོ་ལ་མཆོད་དོ། །] ཨོཾ་བཛྲ་དུན་དུ་བྷྱཻ་ན་མཿ[རྡོ་རྗེ་རྔ་བོ་ཆེ་ལ་མཆོད་དོ། །] ཨོཾ་བོ་དྷི་པྲིཀྵཱ་ཡ་ན་མཿ[བྱང་ཆུབ་ཀྱི་ཤིང་ལ་མཆོད་དོ། །] [སྐུའི་རྟ་བབས་ཀྱི་མཚན་མ་ལའོ། །] ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ[བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་ཅིང་ཕྱག་འཚལ་ལོ། །]


TNT02_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། བཀའ་སྡོད་ཆོས་སྐྱོང་བསྲུང་མ་ཐམས་ཅད་ལ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། ཡུལ་བདག་གྲོང་བདག་གཉུག་མར་གནས་པ་ཐམས་ཅད་ལ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། ཟག་པ་མེད་པའི་བདེ་བས་རྒྱུད་ཚིམ་ནས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་གྱུར་ཅིག །དེ་ནས་བསྟོད་པ་ནི། གང་ལ་ཐོག་མཐའ་དབུས་མེད་གནས་དང་འཆི་དང་སྲིད་པ་དང་ནི་སྒྲ་དང་དྲི་དང་རོ་དག་དང༌། །རེག་བྱ་གཟུགས་དང་སེམས་མེད་རང་བཞིན་དང་ནི་སྐྱེས་བུ་མེད་ཅིང་འཆིང་དང་གྲོལ་དང་བྱེད་པོ་མེད། །ས་བོན་དང་ནི་གསལ་བར་དུས་མེད་མཐའ་དག་སྲིད་པའྀ་སྡུག་བསྔལ་བདེ་བ་ཉིད་ཀྱི་རང་བཞིན་མེད། །མྱ་ངན་འདས་པ་མཚན་མ་མེད་ཅིང་བྱེད་པ་རྣམས་བྲལ་ཡོན་ཏན་མེད་པ་དེ་ལ་ཕྱག་འཚལ་ལོ། །དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་དང་ནི་སྐྱེས་བུ་དཔེ་མེད་ཀུན་འགྲོ་སྤྲོས་པ་མེད་པ་སྟེ། །ཐེར་ཟུག་ཏུ་གནས་སྙན་དང་ཤངས་དང་ཞལ་དང་སྤྱན་དང་དབུ་དང་ཕྱག་དང་ཞབས་ནི་ཐམས་ཅད་པ། །འབྱུང་


TNT02_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མཐའ་སྟེ་འབྱུང་པོའི་མགོན་པོ་མཆོག་གི་སྲིད་པ་གསུམ་འཛིན་རྒྱུ་རྣམས་དག་གིས་རྒྱུར་གྱུར་པ། །རིག་པ་ལ་སོགས་རྣལ་འབྱོར་དག་གིས་རྟོགས་བྱ་མཆོག་བདེའི་གོ་འཕང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །སྤྲོས་བྱེད་ནུས་མའི་གཟུགས་གཞན་གློག་གི་མེ་དང་མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ཅན། །ཡེ་ཤེས་རྡོ་རྗེའི་སྣང་བ་མཆོག་གི་གོ་འཕང་བགྲོད་བྱེད་རྣམ་པར་བཅད་པ་དེ་ལ་ཕྱག་འཚལ་ལོ། །དཀར་པོ་འཇིག་རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་ལས་འཛག་འཇིག་རྟེན་སྤྱི་བོར་ཡང་དག་གནས། །བདུད་རྩི་འཆི་བ་སེལ་ཞིང་སྲིད་པའི་འཇིགས་པ་འཇོམས་པར་བྱེད་པ་ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ། །སེམས་ཙམ་སྔགས་ཀྱི་ངོ་བོ་ལྷ་ཡིས་ཡོངས་སུ་སྐོར་བ་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། །དམ་པ་རྣམས་ལ་ཞི་བའི་གཟུགས་ནི་རང་གིས་བྱས་པའི་ཉམས་མྱོང་མི་ཟད་རྣམས་ལ་མི་ཟད་པ། །གང་གིས་ལས་གང་རབ་བྱས་རང་གི་སེམས་ལ་ཆོ་ག་བཞིན་དུ་དེའི་འབྲས་བུ་དེ་བསྐྱེད་པ། །འཇིག་རྟེན་དབང་པོ་སྣ་ཚོགས་གཟུགས་ཅན་སྲིད་གསུམ་བསྐྱེད་མཛད་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །གཅིག་དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་དང་མི་མཉམ་པ་དང་མཉམ་པ་གཡས་གཡོན་མདུན་


TNT02_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་དང༌། །སྟེང་འོག་ཀུན་ནས་དཀར་ལྗང་སྣ་ཚོགས་ཁ་དོག་ཆེན་པོ་གཅིག་གི་གཟུགས་ཏེ་ཐུང་ངུ་རིང་པོ་དང༌། །ཤིན་ཏུ་རིང་པོ་ཡོན་ཏན་མེད་ཅེས་ཡོན་ཏན་དང་བཅས་བུད་མེད་སྐྱེས་པའམ་སྐྱེས་པ་བུད་མེད་མིན། །གང་ཞིག་ཀུན་ཀྱི་རྟེན་གཅིག་བྷ་ག་བཟང་མོ་མཆོག་གི་བྷ་ག་ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། །དེ་ནས་སྤོས་དང་བཅས་པའི་རྡོར་དྲིལ་འཛིན་པས། སེམས་ཅན་རྣམས་ནི་ཐར་པའི་སླད་དུ་ཆྒཻ་[སློབ་དཔོན་]བདག་ཀྱང་གཙོ་བོའི་དཀྱིལ་འཁོར་དག་ནི་བཞེངས་པར་བགྱིད། །གང་དག་ཕྱོགས་རྣམས་ཀུན་ན་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉེས་པ་རྣམས་བྲལ་བཙུན་མོ་དང་བཅས་པ། །དེ་དག་རྣམས་ཀྱི་མཆོག་གི་ཐུགས་རྗེས་དཀྱིལ་འཁོར་དུ་ནི་དབང་བསྐུར་[བསྒྲུབ་ཅིང་མཆོད་པའི་]སླད་དུ་བདག་ལ་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་གདབ། དེ་ནས་སྤྲོ་ན་ད་ལྟ་ལག་ལེན་ལ་བྱེད་པ་ལྟར། རྒྱུད་སྡེ་གཞན་གྱི་ཆོ་གས་སྙན་གསན་དབབ་པ་ཡང་བྱ་སྟེ། བཅོམ་ལྡན་དུས་ཀྱི་འཁོར་ལོ་མཆོག །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་ཕྱིར་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་འབྲི་བར་


TNT02_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་མངའ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་༵ནི་རྡོ་རྗེ་༵ ཆྒཻ་[འཛིན་པ་>༵ཅན། །དུས་འཁོར་འབྱུང་བའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པའི་ཉེར་སྦྱོར་བ། །འགྲོ་བ་སྤྱད་ཕྱིར་བྲི་བར་བྱ། །དེ་ཕྱིར་བདག་དང་སློབ་མ་ནི། །རྗེས་སུ་བརྩེ་བས་ཉེར་བཟུང་སྟེ། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་བྱོན་པར་མཛད་པའི་རིགས། །ཞེས་ལན་གསུམ། འོན་ཀྱང་འདི་ཆོ་ག་གཞན་གྱི་ལུགས་ཡིན་པའི་ཕྱིར་ངེས་པར་དགོས་པ་ནི་མ་ཡིན་ནོ། །སླར་ཡང་དཔལ་དུས་ཀྱི་འཁོར་ལོའི་ལྷ་ཚོགས་དང༌། བསྲུང་མ་དྲུག་ཅུ་དང༌། མགོན་པོ་ལྕམ་དྲལ་སོགས་སྒོས་ཀྱི་ཆོས་སྐྱོང་རྣམས་དང༌། མཁའ་འགྲོ་སྤྱི་དང༌། ཡུལ་བདག་གྲོང་བདག་གི་གཏོར་མ་རྣམས་གཏོར་ཆོག་བཞིན་ཕུལ་ལ། རྗེས་


TNT02_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་ནི། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཅེས་པ་ནས། དཔག་ཏུ་མེད་ཅིང་དྲི་མ་དང་བྲལ་བར་གྱུར། བཛྲ་གནྡྷཾ་སྭཱཧཱ་ནས། ཀཱ་མཾ་སྭཱཧཱ། ཞེས་པའི་བར་གྱིས་བྱིན་གྱིས་བརླབས་ནས། ཨོཾ་ཨཱཿཧཱུཾ་ཧོཿ ཏྲཻ་དྷཱ་ཏུ་ཀཻ་ཤྭ་ར་ཀཱ་ལ་ཙཀྲ་ཨརྒྷཾ་པྲ་ཏཱིཙྪ་ཞེས་པ་ནས། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་བཱ་རེ་བྷྱཿཀཱ་མཾ་པྲ་ཏཱིཙྪ་ན་མཿ ཞེས་པའི་བར་མཆོད་པ་བཅུ་གཉིས་དང༌། ནང་མཆོད་ནི། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་བཱ་རེ་བྷྱཿ ཨོཾ་ཨཱཿཧཱུཾ། བསྟོད་པ་ནི། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། ཅེས་སོགས་འདུད་ཉི་ཤུ་འདོན། གསོལ་བ་གདབ་པ་ནི། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ཅག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། ནུས་མཐུའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་གྱི་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང༌། བླ་མ་གོང་མ་རྣམས་ཀྱི་ཐུགས་དགོངས་རྫོགས་ཤིང༌། ཞལ་བཞུགས་པ་རྣམས་སྐུ་ཁམས་བཟང་བ་དང༌། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་


TNT02_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་རྫོགས་སྒྲིབ་པ་དག་ནས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཡིག་བརྒྱ་ཚར་གསུམ། མ་འབྱོར་པ་དང་ཉམས་པ་སོགས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས། ཨོཾ་བཛྲ་མུཿ བསོད་ནམས་འདི་ཡིས་འགྲོ་རྣམས་སོགས་སྨོན་ལམ་དང་བཀྲ་ཤིས་ཀྱི་ཚིགས་བཅད་གང་འོས་བྱས་ལ། ལས་ཀྱི་རྗེས་མི་མངོན་པར་བར་བསྡུ་བའོ། །དེ་ནས་བུམ་པ་ལ་སོགས་པ་རྫས་ལྔ་ལྷག་གནས་ནི། བུམ་པ་རྣམས་རོལ་མོའི་སྒྲ་དང་བཅས་ཏེ་སྟེགས་བུ་བུམ་གདན་དང་བཅས་པ་ལ། དབུས་ཀྱི་ཤར་དུ་རྒྱལ་བ་དང༌། ནུབ་ཏུ་རྣམ་རྒྱལ་བུམ་པ་བཞག ཕྱོགས་མཚམས་བརྒྱད་དུ་བུམ་པ་བརྒྱད་བཀོད། རྒྱལ་བའི་སྟེང་དུ་རྣམ་རྒྱལ་ཆེན་པོའི་དུང་ཆོས་བཞག མཚན་མ་རང་ཆས་སུ་མེད་ན་འདྲི་བའམ་འདོགས། བུམ་རྫས་རྣམས་བཅུག བཤད་ཚོད་མེད་ཀྱང་ལག་ལེན་ལ་གཟུངས་ཐག་ཀྱང་འདོགས་ཀྱིན་སྣང༌། ཨོཾ་ཨཱཿཧཱུཾ་ཧྲཿཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པས་ངང་ལས། ཧཾ་ཧཱཾ་ཧིཾ་ཧཱིཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་ཁུ་བ་དང་རྡུལ་འགགས་པའི་བུམ་པ་གཉིས་དང༌། ཤར་དང་མེར་རྐང་འགགས་པའི་བུམ་པ་གཉིས་དང༌། ལྷོ་དང་བདེན་བྲལ་དུ་ཁྲག་འགགས་པའི་བུམ་པ་གཉིས་དང༌། བྱང་དང་དབང་ལྡན་དུ་


TNT02_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གཅི་བ་འགགས་པའི་བུམ་པ་གཉིས་དང༌། ནུབ་དང་རླུང་དུ་བཤང་བ་འགགས་པའི་བུམ་པ་གཉིས་ཏེ། བདུད་རྩིའི་བུམ་པ་དཀར་པོ་པདྨ་ལ་གནས་ཤིང་པདྨས་ཁ་བརྒྱན་པ་རྣམས་སུ་གྱུར། རང་གི་སྙིང་གར་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས། དུས་ཀྱི་འཁོར་ལོ་སྣ་ཚོགས་ཡུམ་དང་བཅས་པར་གསལ་བའི་ཡབ་ཀྱི་ཐུགས་ཀར་ཟླ་བ་དང༌། ཡུམ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ཏེ། དེ་དག་ཁ་སྦྱར་བ་ལས་རྡོ་རྗེ་ལྕགས་ཀྱུ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་སྤྲོས་ནས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ རྡོ་རྗེ་བདུད་རྩིའི་བུམ་པ་རྣམས་དང་རོ་གཅིག་ཏུ་གྱུར། ཨོཾ་ཧཾ་ཧཱཾ་ཧིཾ་ཧིཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ་[བུམ་པ་བཅུའི་ས་བོན་] བཛྲ་པདྨ་ཨ་མྲྀ་ཏ་གྷ་ཊ་སུ་བི་ཤུདྡྷ་དྷརྨ་[རྡོ་རྗེ་པདྨ་བདུད་རྩིའི་བུམ་པ་ཤིན་ཏུ་རྣམ་པར་དག་པ་] དྷཱ་ཏུ་སྭ་བྷཱ་ཝ་[ཆོས་ཀྱི་དབྱིངས་ཀྱི་རང་བཞིན་]སརྦ་དྷརྨཱ་ན་[ཆོས་ཐམས་ཅད་] སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝཱན་ཀུ་རུ་ཀུ་རུ་ཀུ་སྭཱཧཱ།[ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་མཛོད་མཛོད།] ཞེས་པ་མང་དུ་བཟླས། ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿནས། ཀཱ་མཾ་པྲ་ཏཱིཙྪ་ན་མཿ


TNT02_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་བར་མཆོད་པ་བཅུ་གཉིས་ཕུལ་ནས། དཀྱིལ་འཁོར་གྱིས་ཆའི་དབུས་དང་ཤར་ལ་སོགས་པ་རང་གནས་སུ་བཞག་པར་བྱའོ། །འདིར་བུམ་རྫས་བོད་དུ་འབྱོར་སླ་བ་རྣམས་བསྡུ་ན། རིན་པོ་ཆེའི་རིགས་ལྗང་ཁུའམ། མེ་ཏོག་ལྗང་ཁུ། ཁབ་ལེན། དྲིའི་རིགས་ག་པུར་དང་གླ་རྩི། སྨན་ཀཎྜ་ཀ་རི། འབྲུ་ཡུངས་ནག་གྲོ་སྲན་ཆུང་རྣམས་རྒྱལ་བའི་བུམ་པར་རོ། །རིན་པོ་ཆེའམ་མེ་ཏོག་སྔོན་པོ་དང༌། གཞན་སྔ་མ་དང་འདྲ་བ་རྣམས་རྣམ་རྒྱལ་བུམ་པར་རོ། །བུམ་རྫས་དེ་རྣམས་ཆ་གཅིག་པའོ། །མུ་མེན་ལྕགས་མེ་ཏོག་ནག་པོ། དྲི་སུག་རྨེལ་ཀ་ཀོ་ལ། ཛཱ་ཏི། འབྲུ་འབྲས་སོ་བ་དང་ཏིལ་དཀར། སྨན་རྟག་ཏུ་ངུ༌། ཆ་གཉིས་པ་སྟེ། ཤར་དང་མེའི་བུམ་པར་རོ། །བྱི་རུ། ཟངས། མེ་ཏོག་དམར་པོ། དྲི་གུར་གུམ། སྨན་ཏིག་ཏ། སྤང་སྤོས། ལྕོ་ག་མགོ་སྨན། འབྲུ་ནས་དང་ཡུངས་དཀར་རྣམས། ཆ་གསུམ་པ་སྟེ། ལྷོ་དང་བདེན་བྲལ་གྱི་བུམ་པར་རོ། །ཤེས་དང༌། དུང་དང༌། མུ་ཏིག་དང༌། དངུལ་དང༌། མེ་ཏོག་དཀར་པོ་དང༌། དྲི་སི་ཧླ། ཨ་ཀར་ནག་པོ། ཙན་དན། སྨན་དབང་ལག འབྲུ་ཟར་མ། མོན་སྲན། ཁྲེ་རྣམས་ཆ་བཞི་པ་སྟེ། བྱང་དང་དབང་ལྡན་གྱི་བུམ་པར་རོ། །རིན་པོ་ཆེ་དང༌། མེ་ཏོག་སེར་པོ་དང༌། གསེར་དང༌། དྲི་གླ་སྒང༌། རུ་རྟ། བཱ་ལ། པུ་ཤེལ་རྩི། སྨན་དེ་བཱ་དཱ་ལི། སླེ་ཏྲེས། འབྲུ་ཏིལ་ནག སྲན་མ་རྣམས་ཆ་ལྔ་པ་སྟེ། ནུབ་དང་རླུང་གི་བུམ་པར་རོ། །ལྔ་ཚན་ལྔ་ཆར་གྱི་ཐུམ་པོ་རྣམ་རྒྱལ་ཆེན་པོར་གཞུག་གོ །རྣམ་གྲངས་གང་མང་ཡོད་པ་ལ་རེ་


TNT02_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རེས་ཀྱང་རུང་ངོ༌། །དེ་ནས་ཐིག་སྐུད་རྣམས། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་སྲད་བུ་ཨཱཾ་ཨཱིཾ་རཱྀཾ་ཨཱུཾ་ལཱྀཾ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་ཡུམ་ལྔའི་ངོ་བོར་གྱུར་པའི་རྡོ་རྗེའི་སྲད་བུའི་རྣམ་པར་གྱུར། རང་གི་སྙིང་གར་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས། དུས་ཀྱི་འཁོར་ལོ་སྣ་ཚོགས་ཡུམ་དང་བཅས་པར་གསལ་བའི་ཡུམ་གྱི་ཐུགས་ཀའི་ཉི་མ་ལས་རྡོ་རྗེ་ལྕགས་ཀྱུ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་སྤྲོས་ནས། ཡུམ་ལྔ་པོ་རྣམས་ཐིག་སྐུད་ཀྱི་རྣམ་པར་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ རྡོ་རྗེའི་སྲད་བུ་དང་རོ་གཅིག་ཏུ་གྱུར། ཨོཾ་ཨཱཾ་ཨཱིཾ་རཱྀཾ་ཨཱུཾ་ལཱྀཾ་བཛྲ་སཱུ་ཏྲ་སརྦ་དྷརྨ་ཨེ་ཀ་སྭ་བྷཱ་ཝ། སརྦ་དྷརྨཱན་ཨེ་ཀ་ཨཱ་ཀཱ་ར་སྭ་བྷཱ་ཝཱན་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་མང་དུ་བཟླས། བཛྲ་གནྡྷཾ་ནས། ཀཱ་མཾ་པྲ་ཏཱིཙྪ་ན་མཿ བུམ་པའི་ཤར་དུ་རོལ་མོས་སྤྱན་དྲངས་ལ་བཀོད། དེ་ནས་རྡུལ་ཚོན་རྣམས། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རྡུལ་ཚོན་ཨཾ་ཨིཾ་རྀཾ་ཨུཾ་ལྀཾ་རྣམས་ལས་བྱུང་བའི། དེ་བཞིན་གཤེགས་པ་ལྔའི་ངོ་བོར་གྱུར་པའི་རྡོ་རྗེ་རྡུལ་ཚོན་གྱི་རྣམ་པར་གྱུར། རང་གི་སྙིང་གར་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་


TNT02_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དུ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས། དུས་ཀྱི་འཁོར་ལོ་སྣ་ཚོགས་ཡུམ་དང་བཅས་པར་གསལ་པའི་ཐུགས་ཀའི་ཟླ་བ་ལས་རྡོ་རྗེ་ལྕགས་ཀྱུ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་སྤྲོས་ནས། སངས་རྒྱས་ལྔ་རྡུལ་ཚོན་གྱི་རྣམ་པར་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ རྡོ་རྗེ་རྡུལ་ཚོན་རྣམས་དང་རོ་གཅིག་ཏུ་གྱུར། ཨོཾ་ཨཾ་ཨིཾ་རྀཾ་ཨུཾ་ལྀཾ་སུ་བི་ཤུདྡྷ་པཉྩ་སྐནྡྷཱ་སྭ་བྷཱ་ཝ། པཉྩ་སྐནྡྷཱ་ན་སུ་བི་ཤུདྡྷ་དྷརྨཱན་ཀུ་རུ་ཀུ་རུ་སྭཱཧཱ། མང་དུ་བཟླས། བཛྲ་གནྡྷཾ་ནས། ཀཱ་མཾ་པྲ་ཏཱིཙྪ་ན་མཿ བུམ་པའི་ནུབ་ཏུ་རོལ་མོས་སྤྱན་དྲངས་ལ་བཀོད། དེ་ནས་རྡོ་རྗེ་ནི། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། སྭ་བྷཱ་ཝས་སྦྱངས། སྟོང་པར་གྱུར། སྟོང་པའི་ངང་ལས་རྡོ་རྗེ་ཧཱུཾ་ལས་བྱུང་བའི་དུས་ཀྱི་འཁོར་ལོའི་ངོ་བོར་གྱུར། རང་གི་སྙིང་གར་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ཡོངས་སུ་གྱུར་པ་ལས། དུས་ཀྱི་འཁོར་ལོ་སྣ་ཚོགས་ཡུམ་དང་བཅས་པར་གསལ་བའི། དུས་ཀྱི་འཁོར་ལོའི་ཐུགས་ཀའི་ཟླ་བ་ལས་རྡོ་རྗེ་ལྕགས་ཀྱུ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་སྤྲོས་ནས། གཙོ་བོ་ཡེ་ཤེས་སེམས་དཔའ་རྡོ་རྗེའི་རྣམ་པར་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ རྡོ་རྗེ་དང་རོ་གཅིག་ཏུ་གྱུར། ཨོཾ་ཧཱུཾ་ཀྲོ་དྷ་བཛྲ་སརྦ་སཏྭ་ཀ་རུ་ཎ། ཨཱཏྨ་ཀ་སརྦ་དྷཱརྨ་ཨེ་ཀ་སུ་ཁ་སྭ་བྷཱ་བ། སརྦ་དྷརྨཱན་


TNT02_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་སུ་ཁ་སྭ་བྷཱ་བཱན་ཀུ་རུ་ཀུ་རུ་སྭཱཧཱ། མང་དུ་བཟླས། བཛྲ་གནྡྷཾ་ནས། ཀཱ་མཾ་པྲ་ཏཱིཙྪ་ན་མཿ བུམ་པའི་ལྷོར་རོལ་མོས་སྤྱན་དྲངས་ལ་བཀོད། དེ་ནས་དྲིལ་བུ་ནི། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དྲིལ་བུ་ཧོཿལས་བྱུང་བའི་སྣ་ཚོགས་ཡུམ་གྱི་ངོ་བོར་གྱུར། རང་གི་སྙིང་གར་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས། དུས་ཀྱི་འཁོར་ལོ་སྣ་ཚོགས་ཡུམ་དང་བཅས་པར་གསལ་བའི། སྣ་ཚོགས་ཡུམ་གྱི་ཐུགས་ཀའི་ཉི་མ་ལས་རྡོ་རྗེ་ལྕགས་ཀྱུ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་སྤྲོས་ནས། གཙོ་མོ་ཡེ་ཤེས་སེམས་དཔའ་དྲིལ་བུའི་རྣམ་པར་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ དྲིལ་བུ་དང་རོ་གཅིག་ཏུ་གྱུར། ཨོཾ་ཧོཿབཛྲ་གྷཎྜེ་སརྦ་དྷརྨ་ཨེ་ཀ་པྲཛྙཱ་དྷཱ་ནི། སྭ་བྷཱ་ཝཻ། སརྦ་ཨཱ་ཀཱ་རེ། སརྦ་དྷརྨ་པྲ་བོ་དྷ་ནི། སརྦ་དྷརྨཱནྣེ། སྭ་བྷཱ་ཝཻ་ན་པྲ་བོ་དྷ་ཡ་པྲ་བོ་དྷ་ཡ་སྭཱཧཱ། མང་དུ་བཟླས། བཛྲ་གནྡྷཾ་ནས། ཀཱ་མཾ་པྲ་ཏཱི་ཙྪ་ན་མཿ བུམ་པའི་བྱང་གི་ཆར་རོལ་མོས་སྤྱན་དྲངས་ལ་བཞག་པར་བྱའོ། །དེ་ནས་སློབ་མ་ལྷག་གནས་ནི་ཉུང་ངུ་ལ་ཡིད་ཆེས་པའི་གང་ཟག་ལ། ས་བཅུའི་དབང་ཕྱུག་རྣམས་ཀྱི་དགོངས་པ་འདི་ཁོ་ནས་ཆོག་སྟེ། མཎྜལ་ཕུལ་ཞིང༌། མི་བཟད་འཁོར་བས་འཇིགས་པ་བདག་ནི་སོགས་ཀྱིས་


TNT02_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ། སློབ་དཔོན་གྱིས། མངལ་དུ་མངལ་གནས་སྡུག་བསྔལ་སོགས་བརྗོད་ཅིང༌། དེའི་དོན་བཤད་པས་སྣོད་དུ་རུང་བར་བྱས། སོ་ཤིང་དོར། ཡི་གེ་དྲུག་པས་བསྲུང་བ་བྱས་ཏེ། རྡོ་རྗེ་སེམས་དཔའ་བསྐུལ་བ་ཙམ་བྱའོ། །བདག་འཇུག་གི་ཚེ་སློབ་མ་སྟ་གོན་ལེན་པའི་སྲོལ་ཡང་ཡོད་པ་སྦྱིར་ངེས་པར་དགོས་པ་ནི་མ་ཡིན་ཀྱང༌། བྱེད་པར་སྤྲོ་ན་བྱའོ། །ད་ལྟ་སློབ་མ་སྟ་གོན་ཆོ་ག་གཞན་དང་བསྟུན་པའི་རྒྱས་པ་ཁོ་ན་ཕྱག་ལེན་ལ་མཛད་པས། དེ་བཞིན་ལྟར་ན། བསམ་པ་བཅོས་ཤིང་ནང་དབང་བསྐུར། །གསོལ་བཏབ་སྔགས་ལ་སྤྲོ་བ་བསྐྱེད། །ཐུན་མོང་ཐུན་མོང་མིན་སྡོམ་བཟུང༌། །བསྲུང་བ་གནས་གསུམ་བྱིན་རླབས་མཆོད། །སོ་ཤིང་ཁྱོར་ཆུ་ཀུ་ཤ་དང༌། །བསྲུང་སྐུད་སྦྱིན་ནས་རྡོར་སེམས་བསྐུལ། །ཟབ་མོས་ཆོས་བཤད་རྨི་ལམ་བརྟག །ཅེས་པ་ནི་སྡོམ་མོ། །དེ་ཡང་དང་པོ་སློབ་མས་ཕྱག་བཙལ་མཎྜལ་ཕུལ། སློབ་དཔོན་གྱིས་འདི་སྐད་ཅེས། མངལ་དུ་མངལ་གནས་སྡུག་བསྔལ་དང་ནི་བཙའ་བའི་དུས་དང་བྱིས་པའི་དངོས་པོ་ལ་ཡང་སྡུག་བསྔལ་ཏེ། །གཞོན་ནུ་ལང་ཚོ་དག་ལ་བུད་མེད་ནོར་དང་འབྱོར་བ་ཉམས་པ་ཉོན་མོངས་སྡུག་བསྔལ་ཆེན་པོས་གང༌། །རྒ་དང་འཆི་བའི་སྡུག་བསྔལ་ཉིད་དེ་སླར་ཡང་འགྲོ་བ་དྲུག་ཏུ་ངུ་འབོད་ལ་སོགས་འཇིགས་སྟེར་བ། །འགྲོ་བ་འདི་དག་མ་ལུས་སྒྱུ་མ་ལ་རྨོངས་གྱུར་པས་སྡུག་བསྔལ་ལས་ནི་སྡུག་བསྔལ་འཛིན་


TNT02_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འཁོར་བར་མི་ཉིད་དུ་ནི་རྒྱ་ལམ་ཞིག་ན་གྱུར་ཀྱང་ཆོས་ཀྱི་བློ་ནི་རྒྱ་ལམ་ཞིག་ནའོ། །དེ་ལས་དགེ་བའི་དབང་གིས་སངས་རྒྱས་ལ་ནི་རྗེས་ཆགས་གྱུར་ཀྱང་དང་པོའི་ཐེག་པར་རབ་ཏུ་འཇུག །དེ་ལས་དཔལ་ལྡན་རྡོ་རྗེ་ཐེག་པ་སྒོམ་པ་ལ་ནི་བློ་གྲོས་མ་ལུས་འཇུག་པ་རྒྱ་ལམ་ནའོ། །དེ་ཕྱིར་སངས་རྒྱས་ཉིད་འདོད་མཆོག་གི་བདེ་བའི་གོ་འཕང་དག་ལ་འཇུག་པ་ཨེ་མ་ཤིན་ཏུ་དཀའ། །ཞེས་བརྗོད་ཅིང་དོན་བཤད། དེ་ནས། རང་ཉིད་དུས་ཀྱི་འཁོར་ལོ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀའི་འོད་ཟེར་ཀྱིས་སློབ་མ་རྣམས་རེ་རེ་ནས་དྲངས་ཞིང་ཞལ་ནས་ཞུགས། ཡུམ་གྱི་པདྨར་ཞུ་བ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་དུས་འཁོར་ཞལ་གཅིག་ཕྱག་གཉིས་པར་གྱུར་པ་ལ་རང་གི་སྙིང་གའི་འོད་ཟེར་གྱིས་སྤྱན་དྲངས་པའི་སངས་རྒྱས་ཐམས་ཅད་ཀྱང་རང་གི་ཞལ་ནས་ཞུགས་པ། སྙིང་གར་རྗེས་སུ་ཆགས་པའི་མེས་ཞུ་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ལམ་ནས་འཐོན་པ་རྣམས་ཀྱིས་དབང་བསྐུར། ཡུམ་ཀྱི་པདྨ་ནས་འཐོན་ཏེ་རང་རང་གི་གནས་སུ་འཁོད་པར་སྒོམ་མོ། །དེ་ནས་སློབ་མས། སྐྱེ་རྒ་འཆི་བ་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བའི། །སྲིད་པའི་མཚོ་ལས་བདག་སྒྲོལ་མཛོད། །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་


TNT02_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་ཀྱིས་གསོལ་བ་བཏབ། བླ་མས། བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། ཁྱོད་ལ་ཡང་དག་བསྟན་པར་བྱ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་པ། །གང་གི་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ཀྱང་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་པའི་དོན་བཤད་དེ། སྔགས་ལ་མོས་པ་བརྟན་པོ་བསྐྱེད་དུ་གཞུག་གོ། བླ་མས་ཐེག་ཆེན་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་སྡོམ་པའི་རྣམ་གཞག་དང༌། བཟུང་བའི་ཕན་ཡོན་དང༌། མ་བཟུང་ཞིང་མ་སྲུང་བའི་ཉེས་དམིགས་སོགས་ལེགས་པར་


TNT02_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་སྤྲད། སློབ་མས་ཀྱང་རྗེས་ཟློས་ལན་གསུམ་བྱས་ཏེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་ལན་གསུམ་ཀྱིས་ཐུན་མོང་གི་སྡོམ་པ་བཟུང༌། དེ་ནས། འཁོར་ལོ་ཕྱིར་མི་ལྡོག་པའི་དབང༌། །དམ་པ་བདག་ལ་སྩལ་ནས་ནི། །མགོན་པོ་འཁོར་ལོ་ལྷ་དག་གི །དེ་ཉིད་སློབ་དཔོན་འཕྲིན་ལས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར། །བདག་ནི་རྟེན་ཏུ་སློབ་དཔོན་བགྱིད། །ཅེས་ལན་གསུམ་ཀྱིས་ཐུན་མོང་མ་ཡིན་པའི་སྡོམ་བཟུང་གི་དོན་དུ་གསོལ་བ་གདབ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་བསྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་


TNT02_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་ཅན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲོལ། །མ་གྲོལ་བ་རྣམས་བདག་གིས་སྒྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་གྱིས་ཐུན་མོང་མ་ཡིན་པ་སྔགས་ཀྱི་སྡོམ་པ་བཟུང་ངོ༌། །


TNT02_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་མའི། དཔྲལ་བར་ཟླ་བ་ལ་ཨཱུ། སྙིང་གར་སྒྲ་གཅན་ལ་ཨཱི། གཙུག་ཏོར་དུ་ནམ་མཁའ་ལ་ཨཱ། ལྟེ་བར་དུས་མེ་ལ་ལཱྀ། མགྲིན་པར་ཉི་མ་ལ་རཱྀ། གསང་བར་ཡེ་ཤེས་ལ་ཨཾཿ རྣམས་བསམ་དུ་གཞུག་ཅིང༌། སློབ་མའི་སྙིང་མགྲིན་དཔྲལ་བ་གསུམ་ལ་གདན་སྔ་མ་དང་འདྲ་བ་ལ་གནས་པའི་ཧཱུཾ་ནག་པོ་དང༌། ཨཱཿདམར་པོ་དང༌། ཨོཾ་དཀར་པོ་བསམ་ལ། མས་རིམ་གྱིས་རེག་ཅིང་བརྗོད་དེ། ཉེར་སྤྱོད་ལྔས་མཆོད་དོ། །དེ་ནས་ཨུ་དུམ་ཝ་ར་སོགས་འོ་མ་ཅན་གྱི་ཤིང་ལས་སྐྱེས་པའི་སོ་ཤིང་སོར་བཅུ་གཉིས་པ་སྲོག་ཆགས་མེད་ཅིང་དྲང་བ། པགས་པ་མ་བཤུས་ཤིང་མ་གས་ལ་ལ། རྨ་མེད་པ། དྲི་བཟང་གི་ཆུས་བཀྲུས་ཤིང༌། མགོར་མེ་ཏོག་གི་ཕྲེང་བ་བཅིངས་པ་ལ། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བསྔགས་ནས། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ བཛྲ་དནྟ་ཀཱཥྛ་ཙ་ཏུར་བི་མོ་ཀྵ་མུ་ཁ་བི་ཤུདྡྷ་སྭ་བྷཱ་ཝཾ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་མུ་ཁ་དནྟ་ཨཱ་དི་མ་ལམ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ་སྭཱཧཱ། ཞེས་པས་སློབ་མ་ཁ་ཤར་དུ་ཕྱོགས་པ་ལ་བྱིན་ལ། ཁྲུ་བཞི་པའི་ཚད་ཅན་གྲུ་བཞི་པ་བ་བྱུང་ལྔས་བྱུགས་པའི་མཎྜལ་ལ་དོར་ནས། སོ་ཤིང་གི་མགོ་གང་དུ་ཕྱོགས་པ་དེ་དང་མཐུན་པར་ལས་རབ་འབྱམས་འགྲུབ་པར་གོ་བར་བྱའོ། །དེ་ནས་དྲི་བཟང་པོའི་ཆུ་བདུད་རྩི་ལྔ་དང་བཅས་པ་ཁྱོར་བ་གསུམ། ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨ་སརྦ་པཱ་པཾ་ནིཤྩ་ཨ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤཱན་


TNT02_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་པ་ན་ཡ་ཧཱུཾ། ཞེས་པས་བླུད་དོ། །དེ་ནས་ཀུ་ཤ་གཉིས་བསངས་ལ། ཆེ་བ་ཧཱུཾ་ལས་སྐྱེ་ཤིང་ཧཱུཾ་བཟླས་པ་སྟན་དང༌། ཆུང་བ་དྷཱིཿལས་སྐྱེས་ཤིང་དེ་བཟླས་པ་སྔས་ཀྱི་དོན་དུ་སློབ་མའི་ལག་པ་གཉིས་སུ། ཨོཾ་བཛྲ་ཏཱིཀྵྞ་བཾ་ཞེས་བརྗོད་དེ་སྦྱིན། དེ་ནས་སློབ་མའི་ལུས་ཚད་མཉམ་པའི་སྐུད་པ་དམར་པོ་བསངས་སྦྱངས་ཏེ། ཧཱུཾ་ལས་བྱུང་ཞིང་ཧཱུཾ་ལན་བདུན་བཟླས་ཏེ་མདུད་པ་གསུམ་བྱས་པ། ཨོཾ་བུདྡྷ་མཻ་ཏྲཱི་རཀྵ་རཀྵ་སརྦཱན་སྭཱཧཱ། ཞེས་བརྗོད་དེ་སློབ་མའི་དཔུང་པ་ལ་བཅིང་ངོ༌། །སློབ་མའི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿ སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ། ལྟེ་བར་དུས་མའི་དཀྱིལ་འཁོར་ལ་ཧོཿ གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཧཾ། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵཿ བཀོད་དེ། ཨོཾ་ཨ་ཨཱཿཨཾ་ཨཿབཛྲ་སཏྭ་མཧཱ་སུ་ཁ་ཀཱ་ལ་ཙཀྲ་ཤི་ཥྱ་སྱ་ཨ་བྷི་མུ་ཁོ་བྷཱ་ཝ་སནྟུ་ཥྟཱོ་བྷཱ་ཝ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་དྷིཥྛཱ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་བརྗོད་དེ་རྡོ་རྗེ་སེམས་དཔའ་བསྐུལ་བས་སློབ་མའི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས་མཆོག་སྩོལ་བར་བསམ་མོ། །འཇིག་རྟེན་ན་ནི་ཀུན་མཁྱེན་རྣམས། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །རྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །


TNT02_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་ཡང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པ་འགྲུབ། །གང་གི་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་གི་རྒྱལ་བ་སྲས་བཅས་པས། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །བདག་ཉིད་ཆེན་པོ་ཁྱེད་གནས་ཏེ། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་དུ། །སངས་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བ། །ལམ་མཆོག་འདི་ནི་དཔལ་དང་ལྡན། ཁྱེད་རྣམས་དེར་ནི་དོང་བས་ན། །རང་འབྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་གཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་པའི་དོན་བཤད་པས་སྤྲོ་བ་བསྐྱེད། བླ་མའམ་


TNT02_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་ཕྱོགས་སུ་མགོ་བསྟན་ཏེ་ཉོལ་ལ། ཐོ་རངས་ནམ་གྱི་བཞི་ཆ་ལ་རྨི་ལམ་གང་མཐོང་བ་དེ་ཁོ་བོ་ལ་སྨྲོས་ཤིག ཅེས་བསྒོས་ནས་སློབ་མ་རང་གནས་སུ་བཏང་ངོ༌། །སྔར་གྱི་རྫས་ལྔ་དཀྱིལ་འཁོར་གྱི་ཕྱོགས་མ་འཆོལ་བར་ཡོད་པ་དེའི་ངང་དུ། སློབ་དཔོན་གྱི་མལ་སྟན་ལྷག་གནས་བྱ་བའི་ཕྱིར་དུ་དཀྱིལ་འཁོར་ཀྱི་སའི་ལྷོ་ཕྱོགས་སུ་མགོ་བོ་ནུབ་ཏུ་བསྟན་པས་མཚན་མ་བརྟག་པའི་དོན་དུ། ཨོཾ་ཧོཿབཛྲ་ཀ་མ་ལ་ད་ལ་གརྦྷེ་ཤ་ཡྻེ་བཛྲ་སུ་ཁ་མཧཱ་ནི་ཏྲཱཾ་ཀ་རོ་མི་ཡ་ཐཱ་ཏ་ཐཱ་ག་ཏེ་ན་ཀྲྀ་ཏཱ་ཧཿསྭཱཧཱ། ཞེས་པ་མང་དུ་བཟླས་ནས་ཉལ་བར་བྱའོ། །དེ་དག་ནི་གསོལ་བ་བཏབ་པ་དང༌། ལྷག་གནས་བདུན་ཏེ་ཉི་མ་གཉིས་པའི་བྱ་བའོ། །དེ་ལ་རྨི་ལམ་དགེ་བའི་མཚན་མ་མཐོང་ན་ནི་ལེགས། ཅི་ཡང་མ་མཐོང་ན་འབྲིང་ཡིན་པས། ནངས་པར་ནས་ཐིག་འདེབས་པ་སོགས་དཀྱིལ་འཁོར་འདྲི་བ་ལ་འཇུག མཚན་མ་ངན་པ་མཐོང་ན་རེ་ཞིག་བཟློག་པའི་ཐབས་ལ་འབད་པར་གསུངས་ཀྱང༌། ད་ལྟར་གྱི་རྡོ་རྗེ་སློབ་དཔོན་སེམས་རྣམ་གཡེང་ངང་གི་གྲངས་བསྙེན་སོང་བ་ཙམ་ལ་སྐྱབས་སུ་བྱེད་པ་རྣམས་ཀྱིས། དངོས་གྲུབ་འབྱུང་བའི་མཚན་མ་ཡང་མཐོང་བ་དཀོན་པ་དང༌། བར་ཆད་ཡོད་ཀྱང་དེའི་མཚན་མ་རྟོགས་པ་དཀའ་བས། རྨི་ལམ་ངན་པ་མ་མཐོང་ཡང༌། བར་ཆད་བཟློག་ཐབས་འདི་དག་བྱས་ན་ལེགས་ཤིང༌། འདི་ཡང་དངོས་སུ་སློབ་མ་དབང་བསྐུར་གྱི་སྐབས་ཁོ་ན་ལ་གསུངས་ཀྱང༌། དགོས་དོན་འདྲ་བའི་ཕྱིར། སྒྲུབ་མཆོད་བདག་འཇུག་དང་བཅས་པ་


TNT02_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལའང་འགྲུབ་ན་བྱ་ཞིང༌། ཡང་འདི་སློབ་དཔོན་དུ་འོས་པ་ཁོ་ནའི་བྱ་བ་ཡིན་མོད་ཀྱང༌། དཀྱིལ་འཁོར་འབྲི་སྒྲུབ་སོགས་ཆོ་ག་གཞན་ལའང་མཚུངས་པས། ཆོ་ག་ལ་ཞུགས་པ་ཐམས་ཅད་ཀྱིས་བྱས་ན་ལེགས་ཤིང༌། སློབ་དཔོན་ཁོ་ནའི་བྱ་བར་གྲགས་པ་གཞན་འགའ་ཞིག་ཀྱང་དེ་དང་འདྲའོ། །ཞེས་བླ་མ་དམ་པ་མན་ངག་རིག་པ་དག་གསུང་པ་ནི་ཤིན་ཏུ་འཐད་པར་རྟོགས་སོ། །དེའི་ཚུལ་ནི། ཧཾ་ལས་བྱུང་བའི་ནམ་མཁའི་རང་བཞིན་ཞེས་པ་ནས། འབྱུང་པོའི་འཁོར་ལོ་རྣམས་གཤེགས་སུ་གསོལ་གྱི་བར། བསྲུང་འཁོར་རྒྱས་པར་སྒོམ་པ་མངོན་རྟོགས་བཞིན་ལས། བར་དེར་མཁའ་འགྲོ་མའི་གཏོར་མ་བརྒྱ་ཕྲག་སོགས་ཅི་ནུས་སུ་བཏང༌། སླར་ཡང་སྒྲུབ་ཐབས་སུ་བཤད་པ་བཞིན་གྱི་སྔོན་འགྲོ་བྱས་ནས། ལོགས་སུ་བཤད་པ་ལྟར་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་རྐང་པ་བཅུ་དྲུག་པ་དང༌། །རྐང་པ་བདུན་ཅུ་རྩ་གཉིས་པའི་བཟླས་པ་ཅི་ནུས་སུ་བྱའོ། །གསུམ་པ་ནི། དཀྱིལ་འཁོར་གྱི་ནུབ་ཏུ་སློབ་དཔོན་ཁ་ཤར་དུ་ཕྱོགས་ཤིང་རྐང་པ་གཡོན་སྐྱིལ་ཀྲུང་ཕྱེད་པ་དང༌། གཡས་ཀྱི་མཐིལ་ས་ལ་བཞག་ཅིང༌། པུས་མོ་སྟེང་དུ་སོན་པའི་འདུག་སྟངས་བྱ། ཁུ་ཚུར་གཡོན་པས་ཐིག་སྐུད་བཟུང༌། སློབ་མ་ཤར་ནས་དེ་ལས་བཟློག་པའི་ཚུལ་གྱིས་གནས་པས། ཁུ་ཚུར་གཡས་པར་འཛིན་དུ་བཅུག་ལ། ཨོཾ་ཨཱཿཧཱུཾ་ཀཱ་ཡ་ཝཱཀ་ཙིཏྟ་ཨེ་ཀ་བྷཱུ་ཧཱཿསརྦ་དྷརྨཱ་ཨེ་


TNT02_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ཀཱ་རེ་ཎ་བཛྲ་སཏྭོ་ཧཾ། བཛྲ་བྷཱུ་མི་སཱུ་ཏྲ་ཡ་མི་ཧཱུཾ་ཨཿཕཊ། ཐིག་སྐུད་བརྐྱང་པའི་སྔགས་སོ། །ཨོཾ་བཛྲ་སཱུ་ཏྲ་ཨེ་ཀཱ་ཀཱ་ར་སྭ་རུ་པེ་ཎ་ཛཿཛཿཛཿསརྦ་དྷརྨཱཾ་སཱུ་ཏྲ་ཡ་ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿཕཊ། ཐིག་སྐུད་གདབ་པའི་སྔགས་སོ། །དེ་ལྟར་ཚངས་ཐིག་དང་པོ་འདེབས་པ་སྟེ། གཞན་རྣམས་ཀྱང་འདིའི་རིག་པས་ཤེས་ལ། འོན་ཀྱང་ཡོངས་འཇོམ་སྤང་བའི་ཕྱིར་བྱད་དང་དབང་ལྡན་དང་ཤར་དང་མེ་རྣམས་སུ་སློབ་དཔོན་མི་འགྲོ་ཞིང༌། ལྷག་མར་སློབ་མ་ཡང་ངོ༌། །ཤིང་བུ་ཁྲྀ་གང་གི་ཚད་དང་སོར་དྲུག་གི་ཚད་མ་འཁྲུལ་བ་བྱས་ལ། དེ་ནས་འདི་ལྟར། མཎྜལ་དབུས་སུ་ཕུར་བུ་བཟུང་བྱ་སྟེ། གྲུ་བཞིའི་མཐའ་ནས་དང་པོར་ཟླུམ་པོར་སྐོར། །དེའི་ཚད་དུ་ཚངས་པའི་ཐིག་གཉིས་གདབ། །ཆ་ཆུང་དྲུག་གིས་ལྷག་པའི་གྲུ་བཞིའི་མཐར། །བསྐོར་བའི་ཚད་དུ་ཟུར་གྱི་ཐིག་གཉིས་གདབ། །ཚངས་ཐིག་རྩེ་ནས་ཚངས་ཐིག་གཞན་གྱི་རྩེར། །ལོགས་གཏུབ་བྱས་པས་སྐུ་ཡི་རྩ་ཐིག་རྙེད། །རྩ་ཐིག་འདི་དང་ཚངས་ཐིག་འཕྲད་མཚམས་ནས། །ལོག་གཏུབ་བྱས་པས་གསུང་གི་རྩ་ཐིག་རྙེད། །དེ་བཞིན་གསུམ་པས་ཐུགས་ཀྱི་རྩ་ཐིག་རྙེད། །བཞི་པས་བདེ་བ་ཆེན་པོ་རྙེད་པར་འགྱུར། །ལྔ་པས་གཙོ་བོའི་གནས་ཀྱི་ཕྱི་མཐའ་གདུང༌། །ཐུགས་ཀྱི་མདའ་ཐིག་ཐུགས་གསུང་རྩ་ཐིག་བར། །གསུང་གི་མདའ་ཐིག་གསུང་སྐུའི་རྩ་ཐིག་ཕྱེད། །སྐུ་ཡི་མདའ་ཐིག་ཟུར་ཐིག་རྩེ་མོ་སྦྲེལ། །དེ་རྣམས་རློན་ཐིག་གོ །


TNT02_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཆར་རྩ་ཐིག་མདའ་ཐིག་བར་གྱི་ས། །གང་ཡིན་དེ་ནི་ཕྱེད་དུ་བགོ་བྱ་ཞིང༌། །དེ་ཡི་ནང་མ་དབུས་དོར་མཐའ་གཉིས་གདབ། །ཕྱི་མ་ཕྱེད་གདབ་དེ་ཡི་ཕྱི་ཡང་ཕྱེད། །རྩ་ཐིག་ནང་གི་ས་ཡང་ཕྱེད་མར་བགོ །དེ་རྣམས་སྐམ་ཐིག་གོ །བདེ་ཆེན་འཁོར་ལོའི་ཕྱི་ནང་ཐིག་གཉིས་ཀྱི། །བར་ལ་མཐའ་གཉིས་སུ་ནི་དྲུག་ཆ་གདབ། །ནང་གི་གདུང་སྣ་འཐེན་པས་ཀ་བ་བརྒྱད། །ཚངས་ཐིག་གཡས་གཡོན་ཆ་ཕྲན་གཉིས་གཉིས་བོར། །སྦོམས་སུ་ཆ་ཕྲན་གཅིག་པའི་ཀ་ཐིག་བྲི། །སྒོ་ཚད་བཞི་པའི་དབུས་དོར་དྲུག་ཆ་གདབ། །བདེ་ཆེན་འཁོར་ལོའི་ཚད་ཀྱི་ཀ་བའི་ཐིག །ཚངས་ཐིག་གཡས་གཡོན་དེ་ལ་ཆ་གཉིས་བགོ །དང་པོ་ཕྱེད་གདབ་ཕྱི་ཕྱེད་གཉིས་པ་བཞི། །སྐམ་ཐིག་གོ །རྩ་བའི་ཕྱི་ལས་དང་པོ་གསུམ་པར་རེག །དེ་ཡི་རྩེ་ནས་ལོགས་སུ་ལྔ་པའི་བར། །དེ་ཡི་རྩེ་ནས་ཕྱི་རུ་མདའ་ཡབ་ཐིག །ཟུར་ནས་ངོས་སུ་ཐིག་ལྔ་ཡོད་པ་ལས། །དང་པོ་གཉིས་ནི་གཉིས་རེག་རྩེ་མོ་སྦྲེལ། །ལྷག་མ་གསུམ་ནི་བདུན་པ་ལ་རེག་ཅིང༌། །ཚངས་ལས་དྲུག་བདུན་བཟུང་ནས་མདའ་ཡབ་རེག །ཐུགས་དཀྱིལ་ལོ། །གསུང་གི་སྒོ་ཚད་བཞི་པ་གོང་དང་མཚུངས། །དབུས་ཀྱི་པདྨའི་ཚད་དུ་སྒོ་ཁྱུད་ཐིག །རྟ་བབས་ཀ་བ་ཐུགས་ཀྱི་རྩ་ཐིག་ཚད། །གསུང་དཀྱིལ་ལོ། །རྩ་ཐིག་ནང་དང་སྒོ་ཚད་བཞི་པའི་ནང༌། བཅུ་གཉིས་ཆ་རེ་རབ་ཏུ་གདབ་བར་བྱ། །སྒོ་ཁྱུད་ཐིག་ནི་བདེ་ཆེན་འཁོར་ལོའི་ཚད། །སྒོ་འགྲམས་ཐུགས་ཀྱི་མདའ་ཡབ་ཚད་ནས་


TNT02_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས། །རྟ་བབས་ཀ་བ་གསུང་གི་རྩ་ཐིག་ཚད། །གསུམ་ཀ་སྒོ་དབྱེ་ཚུལ་དང་རྟ་བབས་ནི། །འདྲ་སྟེ་ཆ་ནི་རང་རང་ཚད་ཀྱི་རྩེ། །རྟ་བབས་དོན་དུ་སྒོ་ཚད་རྣམ་གསུམ་གདབ། །ཚངས་ཐིག་སྒོ་ཚད་གཅིག་ཏུ་སྐམ་ཐིག་དྲངས། །སྒོ་ཚད་འོག་མའི་ནང་མཐར་སུམ་ཆ་དང༌། །དེ་ཡང་གཉིས་སུ་བགོས་ཤིང་བར་མ་ཡང༌། །དབུས་དོར་མཐའ་གཉིས་བཞི་ཆ་རེ་རེ་གདབ། །བཞི་ཆ་གཉིས་ལའང་ནང་དུ་སུམ་ཆ་རེ། །སྒོ་ཚད་ཕྱི་མ་གསུམ་ཕྱེད་དབུས་མ་ཡི། །མ་མཐར་བཞི་ཆ་བཏབ་ཅིང་ཚངས་ཐིག་ལས། །ངོས་སུ་སྒོ་ཚད་བཞི་པོ་རེ་རེ་ལ། །དྲུག་དྲུག་ཕྱེ་བས་ཆ་ཕྲན་ཉེར་བཞི་འབྱུང༌། །སྐམ་ཐིག་གོ །མདའ་ཐིག་ཕྱི་ལས་བཅུ་གཉིས་ངོས་སུ་སྟེ། །ཚངས་པའི་ཐིག་གི་གཡས་དང་གཡོན་ངོས་སུ། །བཅུ་གཉིས་བརྒྱད་དགུ་སླར་ཡང་དགུ་དང་དྲུག །ཕྱེད་བཅས་བདུན་པ་ཟུང་དང་བཞི་དང་དྲུག །དྲུག་དང་བཞི་གཉིས་ཐིག་གི་དཀྱུས་སུའོ། །ཀ་བ་ཕྱི་མའི་ཕྱི་ཐིག་མྱོས་སྲུང་མཉམ། །གདུང་བཞི་མྱོས་སྲུང་གསུམ་དང་བུམ་པའི་གནས། །རང་རང་ཐིག་གི་སྣེ་ནས་འོག་ཏུ་བཅད། །གཉིས་གསུམ་བར་དུ་ཚངས་ལས་གཉིས་པ་དང༌། །མེ་རི་ཀླུ་ཡི་སྟེང་དུ་བཅད་པར་བྱ། །ལྔ་དྲུག་བར་དུ་གཟུགས་མིག་མཚམས་དང་ནི །མིག་མདའི་ཕྱི་རུ་ཆ་ཆུང་བཞི་ཆ་གཅོད། །དེ་བཞིན་ངོས་ཀྱི་དྲུག་པའི་སྟེང་ནས་དྲངས། །བརྒྱད་དགུའི་བར་དུ་དང་པོ་དང་གཉིས་ཕྱེད། །གསུམ་བཞིའི་མཚམས་དང་བཞི་པར་རློན་ཐིག་གདབ། །བཅུ་གཅིག་ཐིག་སྣེ་བཅུ་པའི་ལྔ་པར་སྦྲེལ། །ཚངས་


TNT02_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་མཐའ་ནི་མྱོས་སྲུང་སྟེང་མའི་ཐིག །དེ་ནས་ཁོར་ཡུག་དང་པོའི་ནང་ཐིག་སྐོར། །དེ་ནས་སྒོ་ཚད་ཕྱེད་གཅིག་གཟུགས་ཟླ་ཕྱེད། །རི་བོང་ཅན་གྱི་ཁོར་ཡུག་རིམ་བཞིན་སྐོར། །ནམ་མཁའི་ཁོར་ཡུག་དབུས་སུ་སུམ་ཆ་སྐོར། །རྡོ་རྗེ་འཕྲེང་བའི་གནས་ཡིན་མེ་རླུང་གི །མཚམས་ཏེ་ཕན་ཚུན་ཕྱེད་ནི་དུར་ཁྲོད་གནས། །དབུས་ཀྱི་གདུང་ནང་ཚངས་ཐིག་གཡས་གཡོན་དུ། །སུམ་ཆ་དང་ནི་གདུང་ལ་རེག་པར་སྐོར། །བདེ་གཤེགས་འཕར་མའི་ཕྱོགས་མཚམས་ཆ་ཆུང་བཞི། །བར་གྱི་ཀ་བའི་བར་དུ་ཆ་གསུམ་བསྐོར། །ཐུགས་ཀྱི་ལྷ་སྣམ་ཟུར་བཅད་དེ་ནང་དང༌། །ལྷག་མ་ཆ་གསུམ་མཉམ་པ་དབུས་ནས་བཟུང༌། །ཆ་བཞི་ཟླུམ་སྐོར་སྒོ་བཞིར་དེ་དང་མཚུངས། །གསུང་གི་ཟུར་བཞིར་དེ་དང་འདྲ་བ་སྟེ། །ཕྱོགས་བཞི་པདྨ་ཐུགས་ཀྱི་རྟ་བབས་ཀྱི། །བརྩེགས་མ་བར་མའི་རེའུ་དབུས་མ་ལ། །སྟེང་འོག་སྣམ་བུའི་ཕྱེད་དུ་ཟ་བར་བྱ། །སྐུ་ཡི་པདྨ་ཐུགས་ཀྱི་རིགས་འདྲ་ཡང༌། །པདྨ་བདུན་ཆ་སྐོར་ཐིག་རིམ་པ་བཞི། །སྒོ་བཞི་དང་ནི་ཤར་ནུབ་རྟགས་བབས་རྩེར། །སྒོ་ཚད་ཕྱེད་ཀྱི་ཤིང་རྟ་གྲུ་བཞི་རེ། །དུར་ཁྲོད་གནས་སུའང་འཁོར་ལོ་སྒོ་ཚད་ཕྱེད། །ཚངས་ཟུར་ཐིག་ནས་སྐམ་ཐིག་དྲངས་སྟེང་གདབ། །ཤར་ནུབ་གཉིས་སུ་ཉིས་རིམ་དགོད་པར་བྱ། །སྒོ་ཁྱུད་ཕྱི་ཡི་སྟེགས་བུར་འབྱུང་བཞི་བྲི། །པདྨའི་འདབ་མ་རྣམས་དང་འཁོར་ལོའི་རྩིབས། །ཐིག་གདབ་སྤྱི་དང་མཚུངས་པར་


TNT02_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ། །བཞི་བརྒྱད་བཅུ་དྲུག་སྐུ་ཡི་པད་འདབ་གྲངས། །དེ་ནས་སྐམ་ཐིག་མ་ལུས་དབྱེ་བར་བྱ། །འདི་དག་ཞིབ་མོར་ལག་ལེན་མན་ངག་བཞིན། །མ་འཁྲུལ་ཤིན་ཏུ་སྙོམ་པར་གདབ་པར་བྱ། །མཐར་ཐིག་སྐུད་ལ་མཆོད་པ་བཅུ་གཉིས་ཀྱིས་མཆོད། །ཐིག་སྐུད་ཡེ་ཤེས་པ་རང་གི་སྙིང་ཁར་ཐིམ། ཉི་མ་གསུམ་པའི་བྱ་བའོ། །སླར་ཡང་དཀྱིལ་འཁོར་གྱི་ས་གཞི་ལ་མཆོད་པ་བཅུ་གཉིས་ཀྱིས་མཆོད་ཅིང༌། རྡུལ་ཚོན་ལ་ཡང་མཆོད་པ་བཅུ་གཉིས་ཀྱིས་མཆོད། སྤྲོ་ན་སའི་ལྷ་མོའི་གཏོར་མ་ཡང་ཕུལ། དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། འདི་ནི་ཆོས་ཉིད་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །རང་ཉིད་རྒྱལ་པོ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །འཁོར་ལོའི་ནང་དུ་ཡང་དག་གནས། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བརྗོད་ཅིང༌། ཐུགས་དཀྱིལ་གྱི་དབང་ལྡན་ནས་བརྩམས་ཏེ་གཡས་སྐོར་གྱིས་ཚོན་དགྱེ་ཞིང༌། ཕྱི་ནས་སློབ་མས་ཀྱང་ངོ༌། །ཚིགས་བཅད་དང་སྔགས་དེ་ཡང་ཆོ་ག་གཞན་དང་སྒོ་བསྟུན་པའོ། །མཐར་འདྲི་བའི་བྱ་བ་རྫོགས་ནས། རྡུལ་མཚོན་གྱི་ལྷག་མ་ལ་ཡང་མཆོད་པ་བཅུ་གཉིས་ཀྱིས་མཆོད། རྡུལ་ཚོན་ཡེ་ཤེས་པ་རང་གི་སྙིང་གར་ཐིམ། ཐིག་གི་རྣམ་གཞག་རྒྱས་པ་དང༌། །ཚོན་གྱི་མཚན་ཉིད་མཐའ་དག་ནི་དབང་ཆོག་ཆེན་མོ་


TNT02_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཤེས་པར་བྱ་ཞིང༌། ཉི་མ་འདི་དག་ལ་ཞི་བའི་སྦྱིན་སྲེག་ཅི་འགྲུབ་ཏུ་བྱའོ། །ཉི་མ་བཞི་པ་དང་ལྔ་པའི་བྱ་བའོ། །བཞི་པ་ནི། དཀྱིལ་འཁོར་ལེགས་པར་བྲིས་ཟིན་པ་ན། རོལ་མོའི་སྒྲ་དང་བཅས་ཏེ་བུམ་པའི་སྔགས་བཟླ་བཞིན་དུ་བུམ་པ་འགོད་ཏེ། བུམ་པ་བཅུ་ཡོད་ན་བརྒྱད་པོ་ཕྱོགས་མཚམས་བརྒྱད་དུ་བཀོད། རྒྱལ་བ་ཤར་གྱི་ཤར་དང༌། རྣམ་པར་རྒྱལ་བ་ནུབ་ཀྱི་ནུབ་ཏུ་སོར་གཉིས་སྤངས་པར་བཀོད། རྒྱལ་བའི་སྟེང་དུ་རྣམ་རྒྱལ་ཆེན་པོ་བཞག ཉ་ཕྱྀས་སམ་དུང་ཆོས་ཀྱི་སྣོད་དུ། ཤ་ལྔ་བདུད་རྩི་ལྔ་དངོས་སམ། བདུད་རྩི་རིལ་བུ་ལྟ་བུ་བཞག་ལ། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ལན་བདུན་བསྔགས་ཏེ་འཇོག་པར་བཤད་པ། ལག་ལེན་ལ་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་འཇོག ཅི་ཏེ་བུམ་པ་ལྔ་ཡིན་ན། ཕྱོགས་བཞིར་རེ་རེ། ཤར་ཀྱི་བུམ་པ་ལས་སོར་གཉིས་སྤངས་པའི་ཤར་དུ་རྒྱལ་བའི་བུམ་པ་དང༌། དེའི་སྟེང་དུ་དུང་ཆོས་ནི་རྣམ་རྒྱལ་ཡིན་ལ། བདུད་རྩི་ལྔ་ནི་ནུབ་ཀྱི་བུམ་པའི་སྟེང་དུའོ། །དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དུ་སའི་སྟེགས་བུ་ལ་བ་བྱུང་དང༌། དྲི་བཟང་གི་མཎྜལ་བྱ་ཞིང༌། རྒྱལ་བའི་བུམ་པའི་མདུན་དུའང་ཁྲུ་གང་གི་མཎྜལ་ལྷག་པོར་བྱའོ། །དེ་དག་མ་འགྲུབ་ནའང་མཆོད་པ་རྒྱ་ཆེར་བཤམས་ཤིང༌། ཁ་དོག་ལྔའི་བ་དན་དང༌། ས་རྒྱན་གནམ་རྒྱན། གཏོར་མ་དང་གོས་ཟུང་ལ་སོགས་པ་འོག་ཏུ་དགོས་པའི་མཆོད་རྫས་དང་དབང་རྫས་དེ་དག་ཚོགས་པར་བྱས་ལ། མཚན་ཉིད་དང་ལྡན་པའི་


TNT02_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་བཞི་ལ་རྡོ་རྗེ་དྲིལ་བུ་དང་བཀའི་གནང་བ་སྦྱིན་ཏེ། སྒོའི་རྡོ་རྗེ་སློབ་དཔོན་དུ་བཞགསློབ་མ་བཟང་པོ་ལྔ་པ་ནི་སྦྱིན་བསྲེག་བྱ་བའི་དོན་དུ་དང༌། མཚན་ཉིད་དང་ལྡན་པའི་རྣལ་འབྱོར་མ་བཞི་ཡང་བུམ་པ་སྐྱོང་བའི་དོན་དུ་མཚམས་བཞིར་དགོད་པར་བྱ་སྟེ། དེ་དག་ཀྱང་དངོས་སུ་མེད་ན་ཡིད་ཀྱིས་བྱ་ཞིང༌། སྦྱིན་བསྲེག་ཀྱང་རང་ཉིད་ཀྱིས་བྱ་བར་བཤད་དོ། །དེ་ལ་ཆོ་ག་བྱ་བའི་རིམ་པ་ནི་སྔོན་འགྲོ་གཏོར་མ་དང༌། མཆོད་པ་བསངས་སྦྱངས་བྱིན་རླབས་ནས། ཀླུ་དང་རབ་གཏུམ་མ་རྣམས་གཤེགས་སུ་གསོལ། ཞེས་བདག་བསྐྱེད་ཀྱི་དཀྱིལ་འཁོར་ལུས་ལ་བསྡུ་བའི་བར་གོང་བཞིན། དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར། ཨོཾ་ཨཱཿཧཱུཾ་ཧྲཿཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རྡོ་རྗེའི་རང་བཞིན་རྩིབས་བཅུ་པ་ཟླུམ་པོའི་དབུས་སུ་ཞེས་པ་ནས། བདེ་བ་ཆེན་པོའི་འཁོར་ལོ་རྒྱར་དཔག་ཚད་འབུམ་ཕྲག་ཕྱེད་པ་དང༌། དེའི་ཡང་ནང་གི་ཕྱེད་དུ། སཱཾ་ཥཱཾ་ཤཱཾ་ཡོངས་སུ་གྱུར་པ་ལས་གཙོ་བོའི་པདྨ་རྒྱར་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང༌། དེའི་ལྟེ་བ་ལ་ཨཾ་ཡིག་ལས་བྱུང་བའི་ཟླ་བ་དང༌། ཨཱཿཡིག་ལས་བྱུང་བའི་ཉི་མ་དང༌། ཨ་ཡིག་ལས་བྱུང་བའི་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་སྟེང་ནས་སྟེང་དུ་བརྩེགས་པ་སྟེ། ཞེས་པ་ནས། བདེ་གཤེགས་འཕར་མའི་ཤར་དང་ཐུགས་ཀྱི་ཤར་སྒོར་


TNT02_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་ཚ་ཛ་ཛྷ་ཉ། མེ་མཚམས་སུ་ཙཱ་ཚཱ་ཛཱ་ཛྷ་ཉཱ། ཐུགས་ཀྱི་ལྷ་སྣམ་གྱི་ཤར་གྱི་གཡས་སུ་ཙཾ་ཚཾ་ཛཾ་ཛྷཾ་ཉཾ། ཤར་ལྷོར་ཙཿཚཿཛཿཛྷཿཉཿ བདེ་གཤེགས་འཕར་མའི་ལྷོ་དང་ཐུགས་ཀྱི་ལྷོ་སྒོར་ཊ་ཋ་ཌ་ཌྷ་ཎ། བདེན་བྲལ་དུ་ཊཱ་ཋཱ་ཌཱ་ཌྷཱ་ཎཱ། ཐུགས་ཀྱི་ལྷ་སྣམ་གྱི་ལྷོའི་གཡས་སུ་ཊཾ་ཋཾ་ཌཾ་ཌྷཾ་ཎཾ། ལྷོ་ནུབ་ཏུ་ཊཿཋཿཌཿཌྷཿཎཿ བདེ་གཤེགས་འཕར་མའི་བྱང་དང་ཐུགས་ཀྱི་བྱང་སྒོར་པ་ཕ་བ་བྷ་མ། དབང་ལྡན་དུ་པཱ་ཕཱ་བཱ་བྷཱ་མཱ། ཐུགས་ཀྱི་ལྷ་སྣམ་གྱི་བྱང་གི་གཡས་སུ་པཾ་ཕཾ་བཾ་བྷཾ་མཾ། བྱང་ཤར་དུ་པཿཕཿབཿབྷཿམཿ བདེ་གཤེགས་འཕར་མའི་ནུབ་དང་ཐུགས་ཀྱི་ནུབ་བསྐོར་ཏ་ཐ་ད་དྷ་ན། རླུང་མཚམས་སུ་ཏཱ་ཐཱ་དཱ་དྷཱ་ནཱ། ཐུགས་ཀྱི་ལྷ་སྣམ་ལ་ནུབ་ཀྱི་གཡས་སུ་ཏཾ་ཐཾ་དཾ་དྷཾ་ནཾ། ནུབ་བྱང་དུ་ཏཿཐཿདཿདྷཿནཿ ཐུགས་ཀྱི་ལྷ་སྣམ་ལ་ལྷོའི་གཡོན་དུ་ཀཾ་ཁཾ་གཾ་གྷཾ་ངཾ༌། ནུབ་ཀྱི་གཡོན་དུ་ཀཱ་ཁཱ་གཱ་གྷཱ་ངཱ༌། ཤར་གྱི་གཡོན་དུ་ས་ྉྤ་ཥ་ཤ་ྈྐ། བྱང་གི་གཡོན་དུ་སཿྉྤཿཥཿཤཿྈྐཿརྣམས་ཡོངས་སུ་གྱུར་པ་ལས་པདྨའི་གདན་རྣམས་ཏེ། ཐམས་ཅད་ཀྱང་རྩ་བ་དང༌། སྡོང་བུ་དང་འདབ་མ་དང་གེ་སར་དང་སྙིང་པོ་རྣམས་ཡོངས་སུ་རྫོགས་པ། ས་བོན་རེ་རེ་ལས་བྱུང་བ་སྟེ། བདེ་གཤེགས་འཕར་མའི་ཕྱོགས་བཞི་དང༌། ཐུགས་ཀྱི་ལྷ་སྣམ་ལ། ཤར་


TNT02_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷོའི་གཡས་དང་གཡོན་གཉིས་ཀར་དང༌། བྱང་དང་ནུབ་ཀྱི་གཡས་དང༌། ཤར་དང་བྱང་གི་སྒོ་རྣམས་སུ་པདྨ་དཀར་པོའོ། །བདེ་གཤེགས་འཕར་མ་དང་ཐུགས་ཀྱི་འཁོར་ལོའི་མཚམས་རྣམས་དང༌། བྱང་དང་ནུབ་ཀྱི་གཡོན་དང༌། ལྷོ་དང་ནུབ་ཀྱི་སྒོ་རྣམས་སུ་པདྨ་དམར་པོའོ། །པདྨ་དམར་པོ་བཅུ་གཉིས་ཀྱི་ལྟེ་བར་ལོའི་ཕྱོགས་ཉི་ཤུ་རྩ་བཞིའི་ཉ་བཅུ་གཉིས་རྣམ་པར་དག་པ། ཧ་ཡིག་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་བཅུ་གཉིས་དང༌། དཀར་པོ་བཅུ་གཉིས་ཀྱི་ལྟེ་བར་གནམ་སྟོང་བཅུ་གཉིས་རྣམ་པར་དག་པ་ཀྵ་ཡིག་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ནས། བཀྲ་བ་དུ་མས་མཛེས་པར་གྱུར། དབུས་ཀྱི་གདན་ཀྱི་སྟེང་དུ་གཙོ་བོའི་མཚན་མ་ལྷར་གྱུར་པ་ནི། ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང༌། དེ་ལས་བྱུང་བའི་དཔལ་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་རྣམ་པ་ལྔ། ཞེས་པ་ནས། དཔག་བསམ་གྱི་ཤིང་སེར་པོ་རྣམས་སུ་གྱུར། གྱི་བར་སྒྲུབ་ཐབས་བཞིན་ལས། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན་ཞེས་པ་དང༌། སྣ་ཚོགས་ཡུམ་གྱི་རྡོ་རྗེ་སེམས་དཔའི་ཅོད་པན་ཅན་ཞེས་པ་འདིར་མི་དགོས། གཙོ་བོའི་ཐུགས་ཀར་ཨ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་


TNT02_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་སྔོན་པོ་ནས། རང་དང་འདྲ་བའི་ཤེར་ཕྱིན་མས་འཁྱུད་པའི་བར་ལས་རྒྱལ་མཆོག་བཞིན། བདེ་གཤེགས་འཕར་མའི་མཚན་མ་རྣམས་ལྷར་གྱུར་པ་ནི། ཨི་ཡིག་ལས་བྱུང་བའི་རལ་གྲི་ནག་པོ་ཡོངས་སུ་གྱུར་པ་ལས། དོན་ཡོད་གྲུབ་པ་ནས། འོག་ཏུ་རྡུལ་འགགས་པའི་བུམ་པ་རྣམས་སུ་གྱུར། གྱི་བར་མངོན་རྟོགས་དང་འདྲ་བ་ལས། འཁོད་པར་གྱུར་ཞེས་པ་ཐམས་ཅད་ལ་བཞུགས་པའོ་ཞེས་འདོན་པ་བསྒྱུར། སྒོའི་མཚན་མ་རྣམས་ལྷར་གྱུར་པ་ནི། ཡཾ་ཡིག་ལས་བྱུང་བའི་རལ་གྲི་ནས། ཐབས་གཙོ་བོར་གྱུར་པ་པའོའི་བར་ལ་འཁོད་པར་གྱུར་ཞེས་པ་རྣམས་ལ་བཞུགས་པར་གྱུར། ཐུགས་ཀྱི་ལྷ་སྣམ་གྱི་མཚན་མ་རྣམས་ལྷར་གྱུར་པ་ནི། ཨ་ཡིག་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་ནས། སྒྲ་རྡོ་རྗེ་མ་རྩ་བའི་ཞལ་དང་སྐུ་མདོག་སྔོན་མོ་ཞེས་པ་ནས། ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པའོའི་བར་ཏེ་འཁོད་པར་གྱུར་རྣམས་ལ་བཞུགས་པའོ། །ཞེས་འདོན་པ་སྤོ། ཞེས་པ་ནས། གཟུངས་མ་གྲངས་མེད་པ་དང་བཅས་པའོ། །གསུང་གི་དཀྱིལ་འཁོར་གྱི་ལྷ་སྣམ་ལ་གནས་པའི་མཚན་མ་རྣམས་ལྷར་གྱུར་པ་ནི། ཧ་ཡིག་ལས་བྱུང་བའི་གྲི་གུག་ནས། གཞོན་ནུ་མ་འཁོར་དང་བཅས་པ་


TNT02_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གདོང་དྲུག་པའོ། །སྐུའི་དཀྱིལ་འཁོར་གྱི་ལྷ་སྣམ་ལ་གནས་པའི་མཚན་མ་རྣམས་ལྷར་གྱུར་པ་ནི། ཉ་ཉི་ཉཾ། ཞེས་པ་ནས། གཞོན་ནུ་འཁོར་དང་བཅས་པ་ནི་གདོང་དྲུག་པའོ། །སྐུའི་དཀྱིལ་འཁོར་གྱི་སྒོ་ལ་གནས་པའི་མཚན་མ་རྣམས་ལྷར་གྱུར་པ་ནི། ཡ་ཡིག་ལས་བྱུང་བའི་དབྱུག་པ་ནག་པོ་ནས། ཁྲོ་བོའི་ལྷ་མོ་རྣམས་གཡོན་བརྐྱང་གི་སྟབས་ཀྱིས་གནས་པའོ། །སྐུའི་སྟེགས་བུ་ལ་རྟ་བབས་ཀྱི་ཀ་བའི་ནང་རོལ་ན་གནས་པའི་མཚན་མ་རྣམས་ལྷར་གྱུར་པ་ནི། ཧྻ་ཧྻཱ་ལས་བྱུང་བའི་ནས། རིན་པོ་ཆེ་འཛིན་པའོ། །དུར་ཁྲོད་འཁོར་ལོའི་མཚན་མ་རྣམས་ལྷར་གྱུར་པ་ནི། དང་གྲི་གུག་ནས། སྣ་ཚོགས་པ་འཛིན་པ་རྣམས་ཀྱང་འཁོད་པར་གྱུར། གསུང་གི་སྟེགས་བུའི་མཚན་མ་རྣམས་ལྷར་གྱུར་པ་ནི། ཙཿཚཿཛཿཛྙཿཉཿརྣམས་ཡོངས་སུ་གྱུར་པ་ལས། སྒྲོལ་མ་ལས་བྱུང་བའི་ནས། ནུབ་སྒོའི་གཡོན་གྱི་སྟེགས་བུ་ལ་རིམ་པས་གནས་པའོ། །སྐུའི་སྟེགས་བུའི་མཚན་མ་རྣམས་ལྷར་གྱུར་པ་ནི། ཙཾ་ཚཾ་ཛཾ་ཛྷཾ་ཉཾ་རྣམས་ཡོངས་སུ་གྱུར་པ་ནས། སེམས་ཅན་བསླུ་བར་མི་འདོད་མ་རྣམས་ནུབ་སྒོའི་གཡོན་གྱི་སྟེགས་བུ་ལ་རིམ་པས་གནས་པའོ། །ཞེས་པ་དེ་རྣམས་ནི་དམ་ཚིག་པ་བསྐྱེད་པའོ། །དེ་ནས། བདག་ཉིད་ཀྱི་ཐུགས་ཀར་ཧཱུཾ་


TNT02_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྱུར་པ་ལས། རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང༌། དེ་ལས་བྱུང་བའི་རྡོ་རྗེ་ཤུགས། ཞེས་པ་ནས། གཙུག་ཏོར་དུ་ཧ་ལས་ཐུགས་རྡོ་རྗེ་རྣམས་འཁོད་པར་གྱུར། དེ་ལྟར་དབང་བསྐུར་བས་དྲི་མ་མཐའ་དག་སྦྱངས་ཏེ་རྒྱས་བཏབ་པར་གྱུར་པ་ནི། གཙོ་བོ་ལ་རྡོ་རྗེ་སེམས་དཔའ་དང༌། སྣ་ཚོགས་ཡུམ་ལ་མི་བསྐྱོད་པས་རྒྱས་བཏབ། རྣམ་པར་སྣང་མཛད་ལ་མི་བསྐྱོད་པ་ནས། གཞོམ་དུ་མེད་པའི་ཨ་ཡིག་གོ །ལྷག་གནས་ཀྱི་སྐབས་སུ། སེམས་འགྲེལ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་དགོངས་པས། དེ་བཞིན་གཤེགས་པ་རྣམས་ལ་མཆོད་ཅིང་གསོལ་བ་བཏབ་ནས། འགྲོ་འོང་མེད་པའི་ཚུལ་གྱིས་གཤེགས་སུ་གསོལ་བའི་ཕྱོགས་ལ་ནི། འདིར་སྟ་གོན་གྱི་ལྷ་དང་སྲེ་མི་དགོས་ཏེ། གསོལ་བ་བཏབ་པའི་ལྷ་རྣམས་ཡེ་ཤེས་སེམས་དཔའི་ཚུལ་དུ་ཞུགས་ཟིན་པས་སོ། །བསྡུས་རྒྱུད་གཞན་གྱི་དགོངས་པ་འཕགས་ཡུལ་གྱི་པཎ་གྲུབ་མང་པོས་བཀྲལ་བ་ལྟར་ན། ལྷག་གནས་ཀྱི་ལྷ་རྣམས་ནམ་མཁར་འདེགས་པ་ཤས་ཆེ་ཞིང་རང་གི་སྙིང་ཁར་བསྡུ་བ་དང༌། རང་བཞིན་གྱི་གནས་སུ་གཤེགས་པའང་ཡོད་མོད་ཀྱི། སྐབས་འདིའི་གོང་འོག་ཅི་རིགས་པར་འཇུག་པར་བཞེད་དེ། དེའི་ཚུལ་ལ་མོས་ན་ནི་རྡོ་རྗེ་ཕྲེང་བ་སོགས་ལས་རྟོགས་པར་བྱ་ཞིང༌། བར་འདིར་སྤྲོ་ན་མདུན་བསྐྱེད་ཀྱི་བཟླས་པ་ཡང་ཅུང་ཟད་བྱའོ། །དེ་དག་ནི་དཀྱིལ་འཁོར་རབ་ཏུ་གནས་པའོ། །དེ་ནས་མཆོད་པ་རྒྱ་ཆེར་བཤམས། གོང་བཞིན་མཆོད་པ་བསངས་སྦྱངས་བྱིན་གྱིས་བརླབས། རང་བཞིན་


TNT02_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གནས་ནས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་མཆོད་པའི་ཡུལ་དུ། ཞེས་པ་ནས། ཤི་ཥྱཱ་ཎཱཉྩ། ཞེས་པའི་བར་གོང་གསོལ་བ་གདབ་པའི་སྐབས་བཞིན་ནོ། །སྐབས་འདིར་མཎྜལ་རྣམས་ཀྱི་སྟེང་དུ་དངོས་སུ་མཆོད་པ་རྒྱ་ཆེར་འབུལ་ཞིང༌། མཆོད་ཡོན་གྱི་སྣོད་དུ་ཡང་རུང་སྟེ། ལྷ་ཐམས་ཅད་ཀྱི་མཚན་ནས་སྨོས་ཏེ་འབུལ་བ་ཡིན་ཞིང༌། མཚན་རྣམས་ནི་ལེགས་སྦྱར་གྱི་སྐད་དག་པོར་འདོན་ཤེས་ན་མཆོག་ཡིན་མོད་ཀྱང༌། དཀའ་ཚེགས་ཆེ་ལ་མ་དག་པའི་རྒྱ་སྐད་དུ་རློམ་པ་བས། བོད་སྐད་ཉིད་ཚེགས་ཆུང་ཤིང་དོན་ལ་འབྱོར་བས། ཨོཾ་དཔལ་དུས་ཀྱི་འཁོར་ལོ་ལ་ན་མཿ ཨོཾ་སྣ་ཚོགས་ཡུམ་ལ་ན་མཿ ཞེས་སོགས་ཀྱིས་མཚོན་ནོ། །སྐབས་འདིར་དཀྱུས་འགྲོ་ཉིད་བཤད་པར་བྱ་སྟེ། རྣམ་དག་ཡེ་ཤེས་བདུད་རྩྀའི་ཆུ་གཏེར་ནི། །རབ་དྭངས་ཁ་དོག་དྲི་རོ་ཕུན་སུམ་ཚོགས། །ཞལ་གྱི་རྙོག་པའི་དྲི་སེལ་ཡོན་ཆབ་འདི། །དུས་ཀྱི་འཁོར་ལོའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ཨོཾ་ཨཱཿཧྲཱི་པྲ་ཝ་ར་སད་ཀཱ་རཾ་ཨརྠཾ་ཨཉྩ་མ་ནཾ་པྲ་ཏཱིཙྪ་ན་མཿ ཚིག་རྐང་དང་པོ་གཉིས་འདྲ་བ་ལ། ཞབས་ཀྱི་པདྨའི་དྲི་སེལ་སྤོས་ཀྱི་ཆུ། །ཞེས་པ་དང༌། པཱདྱཾ། དེ་བཞིན་དུ། ཀུན་ཏུ་འཕོ་བའི་གདུང་སེལ་འཐོར་འཐུང་འདི། །པྲོ་ཀྵ་ནཾ། ཡན་ལག་


TNT02_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ལྡན་རྡོ་རྗེ་ཨརྒྷཾའི་རྒྱུན། །ཨརྒྷཾ་ཞེས་པས་ཆུ་བཞི་ཕུལ། དེ་ནས་མཆོད་པ་བཅུ་གཉིས་ལ། ཡོ་བྱད་ཀྱིས་མཆོད་པ་ནི། ཁམས་གསུམ་དབང་ཕྱུག་བཅོམ་ལྡན་འདས། །སོགས་གོང་བཞིན་ནོ། །ལྷ་མོས་མཆོད་པ་ནི། ཙ་སྡེ་ཐུང་རིང་ལས་སྐྱེས་པའི། །དྲི་ཆབ་མ་དང་ཕྲེང་བ་མ། །ནམ་མཁའ་ཁྱབ་པའི་ཚོགས་སྤྲུལ་ཏེ། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །ཨོཾ་བཛྲ་གནྡྷེ་གནྡྷ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ།[རྡོ་རྗེ་དྲི་མས་དྲིའི་མཆོད་པ་རྣམས་མཛོད་མཛོད།] ཨོཾ་བཛྲ་མཱ་ལེ་མཱ་ལ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ།[རྡོ་རྗེ་ཕྲེང་བ་མས་ཕྲེང་བའི་མཆོད་པ་རྣམས་མཛོད་མཛོད།] ཊ་སྡེ་ཐུང་རིང་ལས་སྐྱེས་པའི། །བདུག་སྤོས་མ་དང་སྣང་གསལ་མ། །ནམ་མཁའ་ཁྱབ་པའི་ཚོགས་སྤྲུལ་ཏེ། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །ཨོཾ་བཛྲ་དྷཱུ་པེ་དྷཱུ་པ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ།[རྡོ་རྗེ་བདུག་སྤོས་མས་བདུག་སྤོས་ཀྱི་མཆོད་པ་རྣམས་མཛོད་མཛོད།] ཨོཾ་བཛྲ་པྲ་དཱི་པེ་པྲ་དཱི་པ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ།[རྡོ་རྗེ་སྒྲོན་མེ་མས་སྒྲོན་མའི་མཆོད་པ་རྣམས་མཛོད་མཛོད།]པ་སྡེ་ཐུང་རིང་ལས་སྐྱེས་པའི། །ཞལ་ཟས་མ་དང་འབྲས་བུ་མ། །ནམ་མཁའ་ཁྱབ་པའི་ཚོགས་སྤྲུལ་ཏེ། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །ཨོཾ་


TNT02_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཨ་མྲྀ་ཏེ་ནཻ་ཝི་ཏྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ།[རྡོ་རྗེ་བདུད་རྩི་མས་ཞལ་ཟས་ཀྱི་མཆོད་པ་རྣམས་མཛོད་མཛོད།] ཨོཾ་བཛྲ་ཨཀྵ་ཏེ་ཨཀྵ་ཏ་ཕ་ལ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ།[རྡོ་རྗེ་མ་ཉམས་མས་མ་ཉམས་པའི་འབྲས་བུའི་མཆོད་པ་རྣམས་མཛོད་མཛོད།] ཏ་སྡེ་ཐུང་རིང་ལས་སྐྱེས་པའི། །སྒེག་མོ་དང་ནི་བཞད་པ་མ། །ནམ་མཁའ་ཁྱབ་པའི་ཚོགས་སྤྲུལ་ཏེ། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །ཨོཾ་བཛྲ་ལཱ་སྱེ་ཝསྟྲ་ཨ་བྷ་ར་ཎ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ།[རྡོ་རྗེ་སྒེག་མོས་གོས་རྒྱན་གྱི་མཆོད་པ་རྣམས་མཛོད་མཛོད།] ཨོཾ་བཛྲ་ཧཱ་སྱ་གྷཎྜ་ཨཱ་དར་ཤ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ།[རྡོ་རྗེ་བཞད་མས་དྲིལ་བུ་མེ་ལོང་གི་མཆོད་པ་རྣམས་མཛོད་མཛོད།] ཀ་སྡེ་ཐུང་རིང་ལས་སྐྱེས་པའི། །སིལ་སྙན་མ་དང་གར་མཁན་མ། །ནམ་མཁའ་ཁྱབ་པའི་ཚོགས་སྤྲུལ་ཏེ། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །ཨོཾ་བཛྲ་བཱ་དྱེ་བཱ་དྱཾ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ།[རྡོ་རྗེ་སིལ་སྙན་མས་སིལ་སྙན་གྱི་མཆོད་པ་རྣམས་མཛོད་མཛོད།] ཨོཾ་བཛྲ་ནྲྀ་ཏྱེ་ནྲྀ་ཏྱཾ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ།[རྡོ་རྗེ་གར་མས་གར་གྱི་མཆོད་པ་རྣམས་མཛོད་མཛོད།] ས་སྡེ་ཐུང་རིང་ལས་སྐྱེས་པའི། །གླུ་དབྱངས་མ་དང་འདོད་པ་མ། །ནམ་མཁའ་ཁྱབ་པའི་ཚོགས་སྤྲུལ་ཏེ། །དཀྱིལ་འཁོར་ལྷ་ལ་མཆོད་


TNT02_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབུལ། །ཨོཾ་བཛྲ་གཱི་ཏེ་གཱི་ཏཾ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ།[རྡོ་རྗེ་གླུ་མས་གླུའི་མཆོད་རྣམས་མཛོད་མཛོད་མཛོད།] ཨོཾ་བཛྲ་ཀཱ་མེ་[རྡོ་རྗེ་འདོད་མས་] སརྦ་[ཐམས་ཅད་] བུདྡྷ་[སངས་རྒྱས་] བོ་དྷི་[བྱང་ཆུབ་] སཏྭཱ་ནཱཾ་[སེམས་དཔའ་རྣམས་] ཀྲོ་དྷ་ཨཱ་དཱི་ནཱཾ་[ཁྲོ་བོ་ལ་སོགས་པ་རྣམས་ཀྱི་] བཛྲ་སུ་ར་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ།[རྡོ་རྗེ་ཤིན་ཏུ་དགའ་བའི་མཆོད་པ་རྣམས་མཛོད་མཛོད།] སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་རེ་བྷྱཿབཛྲ་བསྟྲ་ཨཱཿཧཱུཾ། རབ་འབར་ནོར་བུ་རིན་ཆེན་ཨིནྡ་སྙིལ། །གསེར་དངུལ་ལ་སོགས་རིན་ཆེན་མེ་ཏོག་དང༌། །རེག་ན་བདེ་བ་རྣམ་མང་གོས་ཀྱི་ཚོགས། །ཙནྡན་ལ་སོགས་དྲི་བཟང་སྦྱར་བའི་ཆབ། །དྲི་ཞིམ་བདུག་སྤོས་བསྲེགས་པའི་སྤྲིན་ཚོགས་དང༌། །རྩི་བཅུད་འབྲུ་མར་དང་བཅས་སྒྲོན་མེའི་ཚོགས། །གྲགས་སྟོང་གཉིས་སུ་མེད་པའི་དྲིལ་བུའི་སྒྲ། །གསལ་སྣང་གཟུགས་བརྙན་འཆར་བའི་མེ་ལོང་དང༌། །ལྷ་རྫས་བླ་བྲེ་ནམ་མཁའི་ཚད་འཇལ་བྱེད། །རྣམ་མང་འབྲས་བུ་སྣ་ཚོགས་བཅུད་གཏེར་ཞིང༌། །ལྷབ་ལྷུབ་གཡོ་བ་བ་དན་རྣམ་ལྔའི་


TNT02_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །འཇོ་སྒེག་རྣམ་འགྱུར་སྤྲོ་བའི་གར་མཁན་དང༌། །སྒྲ་སྙན་སྣ་ཚོགས་རོལ་མོའི་མཆོད་པ་སྟེ། །བཅུ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཡན་ལག་བཅུ་གཉིས་འཕོ་བ་རབ་འགགས་ནས། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །ཨོཾ་ཨཱཿཧཱུཾ་ཧོཿཤྲཱི་ཀཱ་ལ་ཙཀྲ་མཎྜ་ལ་ས་པ་རི་ཝཱ་རེ་བྷྱཿ ཏྲ་ཡོ་ད་ཤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥཱ་ར་ཎ་ས་མ་ཡ་ན་མཿ རབ་དྭངས་ཡན་ལག་བརྒྱད་ལྡན་ཆུ་གཙང་དང༌། །འོ་ཆབ་མེ་ཏོག་བཅས་པའི་མཆོད་ཡོན་བཟང༌། །རླུང་གིས་བསྐྱོད་པའི་དྲི་བཟང་མཁའ་ཁྱབ་དང༌། །ལྷན་ཅིག་སྐྱེས་དང་སྦྱར་བའི་བདུག་སྤོས་དང༌། །ཨུཏྤལ་པདྨ་ལ་སོགས་མེ་ཏོག་བཀྲ། །མ་ཉམས་ས་ཧ་ཀ་རའི་འབྲས་བུ་སྨིན། །སྨན་མཆོག་དབང་པོ་ལ་སོགས་འབྲུ་སྣ་ཚོགས། །ཉི་ཟླ་ནོར་བུ་ལ་སོགས་སྣང་གསལ་ཚོགས། །བདུད་རྩི་རོ་བརྒྱ་ལྡན་པའི་ལྷ་བཤོས་དང༌། །ཀཉྩ་ལི་ཀ་ལྷ་ཡི་གོས་ཀྱི་མཆོག །མཆོད་པ་རྣམ་བཅུ་ཕུལ་བས་ས་བཅུ་ཐོབ། །དཀྱིལ་འཁོར་རྣམ་བཅུ་སྒྲིབ་བྲལ་ཐོབ་པར་ཤོག །ཨོཾ་ཨཱཿཧཱུཾ་སོགས་གོང་གི་སྔགས་དང་འདྲ་བ་ལས། ཏྲ་ཡོ་ད་ཤ་ཞེས་པའི་ཚབ་ཏུ་ཝ་ཧྱ་ད་ཤ་ཞེས་པ་འཇུག ཇི་ལྟར་སྔོན་གྱི་སངས་རྒྱས་ལ། བཀྲ་ཤིས་དཔལ་བེའུ་གཡུང་དྲུང་འཁྱིལ། །དགེ་བའི་དོན་དུ་


TNT02_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བ་ལྟར། །དེ་བཞིན་བདག་ཀྱང་དབུལ་བར་བགྱི། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །གསེར་གྱི་འཁོར་ལོ་མུ་ཁྱུད་ཅན། །ཚངས་པ་ཆེན་པོས་ཕུལ་བ་ལྟར། །དེ་བཞིན་བདག་ཀྱང་དབུལ་བར་བགྱི། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །འདམ་གྱི་སྐྱོན་གྱིས་མ་གོས་པའི། །པདྨ་དཀར་པོ་ཕུལ་བ་ལྟར། །དེ་བཞིན་བདག་ཀྱང་འབུལ་བར་བགྱི། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །ཉོན་མོངས་བདུད་ལས་རྒྱལ་བ་ཡི། །ཆོས་ཀྱི་རྒྱན་མཚན་ཕུལ་བ་ལྟར། །དེ་བཞིན་བདག་ཀྱང་དབུལ་བར་བགྱི། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །གདུགས་དཀར་གསེར་གྱི་ཡུ་བ་ཅན། །ཕུལ་བ་དེ་བཞིན་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །རེ་བ་ཐམས་ཅད་རྫོགས་མཛད་པའི། །བུམ་པ་བཟང་པོ་ཕུལ་བ་ལྟར། །དེ་བཞིན་བདག་ཀྱང་དབུལ་བར་བགྱི། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །སྙན་པ་ཕྱོགས་བཅུར་སྒྲོག་པ་ཡི། །འབུད་དུང་གཡས་འཁྱིལ་ཕུལ་བ་ལྟར། །དེ་བཞིན་བདག་ཀྱང་དབུལ་བར་བགྱི། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །ན་བཟའ་གསར་གྱི་ཉ་རིས་ཅན། །ཕུལ་བ་དེ་བཞིན་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །དེ་ནས་རྒྱལ་སྲིད་སྣ་བདུན་ནི། བདེ་བར་གཤེགས་པ་


TNT02_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་འབུལ་བས། །ཞེས་སོགས་ཚིགས་བཅད་སྤྱི་ཁྱབ་ལས། འབུལ་སྔགས་གོང་གིས་རིགས་འགྲེ། དེ་བཞིན་དུ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །སོགས་སྤྱི་ཁྱབ་དང་མཐུན་པས་འདོད་ཡོན་ལྔ་ཕུལ། དེ་ནས་བཀྲ་ཤིས་རྫས་བརྒྱད་ནི། དྲི་མེད་ཆོས་ཀུན་གསལ་བའི་མེ་ལོང་དང༌། །གཡས་འཁྱིལ་ཆོས་སྒྲ་མི་ཟད་སྒྲོག་པའི་དུང༌། །དུག་གསུམ་ཉོན་མོངས་འཇོམས་པའོ་གི་ཧཾ་དང༌། རྩི་བཅུད་སྙིང་པོ་བདུད་རྩིའི་རང་བཞིན་ཞོ། ཁམས་གསུམ་དབང་དུ་སྡུད་པ་ལི་ཁྲིའི་རྫས། །རྡོ་རྗེ་སེམས་དཔའི་ཚེ་སྒྲུབ་དུར་བའི་རྩྭ། །དོན་མཆོག་བླ་མེད་སྒྲུབ་པ་བིལ་བའི་འབྲས། །བགེགས་དང་བར་ཆད་ཀུན་འཇོམས་ཡུངས་ཀར་ཏེ། །རྒྱལ་བས་བྱིན་རླབས་བཀྲ་ཤིས་རྫས་བརྒྱད་པོ། །ཕུལ་བས་འགྲོ་ལ་དགེ་ལེགས་འཕེལ་བར་ཤོག །མདྒ་ལ་ཨཥྟ་དྲ་བྱ། བུམ་པ་འབུལ་བ་ནི། ནག་པོ་ར་རི་མེད་པ་ཡི། །བུམ་པ་ལྟོ་ཆེ་བྲེ་ཚད་པ། །མཆུ་འཕྱང་མགྲིན་རིང་གདན་དང་ལྡན། །མགྲིན་པ་རས་བཟང་དག་གིས་དཀྲིས། །སྙིང་པོར་ལྡན་པའི་སྨན་སོགས་བཅུག །འདབ་མར་ལྡན་པའི་ལྕུག་མ་ཡང༌། །དྲི་ངད་ལྡན་པའི་ཁ་རྒྱན་ཅན། །བདུད་རྩིར་ལྡན་པ་ཡིས་ཀྱང་མཆོད། །གྷ་ཊ་པཱུ་ར། དེ་ནས་དམ་རྫས་འབུལ་བ་ནི།


TNT02_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ག་པུར་གླ་རྩི་རྐང་དང་བཞི་མཉམ་དང༌། །སྟོབས་དང་མཆིན་པ་མཁྲིས་པ་ཉི་མ་དང༌། །རྒྱུ་མ་པགས་པ་རྣམས་ཏེ་རྫས་བཅུ་པོ། །ཕུལ་བས་ཕ་རོལ་ཕྱིན་བཅུ་ཐོབ་པར་ཤོག །ད་ཤ་ས་མ་ཡ་བྷུཉྫ་ཐ། ཡུམ་ལྔའི་རང་བཞིན་མཆོག་ཏུ་རྣམ་དག་པའི། ཁུ་བ་བཤང་གཅི་ཁྲག་དང་ཤ་རྣམས་དང༌། །བྱང་ཆུབ་སེམས་མ་དྲུག་གིས་རྣམ་དག་པའི། །རྣ་བ་སྣ་དང་མིག་དང་ལྕེ་དབང་པོ། །བཤང་ལམ་ཕོ་མོའི་དབང་པོའི་དམ་ཚིག་དང༌། །རྣལ་འབྱོར་མ་བརྒྱད་རྣམས་ཀྱིས་རྣམ་དག་པ། །རྣག་དང་བད་ཀན་ཤིག་དང་སྲིན་བུ་དང༌། །ཆུ་སེར་དང་ནི་ཞག་དང་བ་སྤུ་སྐྲ། ཁྲོ་མོ་བཅུ་ཡིས་རྣམ་དག་དམ་ཚིག་ནི། །རྒྱུ་མ་མཁྲིས་པ་རུས་པ་རྐང་མར་དང༌། །མཆིན་པ་གློ་བ་རྩ་དང་པགས་པ་དང༌། །སྙིང་དང་ཚིལ་བུ་ལས་བྱུང་བདུད་རྩི་བཅུད། །རྣམ་དག་རང་བཞིན་རབ་གཏུམ་བཅུ་པོ་ཡིས། །མིག་རྣ་སྣ་ལྕེ་བྷ་ག་བཤང་ལམ་དང༌། །རྟགས་དང་མཆན་ཁུང་ལས་བྱུང་དྲི་མ་བརྒྱད། །དེ་ལྟར་དམ་རྫས་སུམ་ཅུ་རྩ་བདུན་གྱིས། །བདེ་ཆེན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་མཆོད། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ཐོབ། །སུམ་ཅུ་བདུན་པའི་ལྷ་ཚོགས་རབ་འགྲུབ་ནས། །འགྲོ་ཀུན་བདེ་ཆེན་གནས་ལ་འགོད་པར་ཤོག །


TNT02_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སབྟ་ཏྲིང་ཤད་ས་མ་ཡ་བྷུཉྫ་ཐ། དེ་ནས་ནང་མཆོད་འབུལ་བ་དངོས་ནི། གོང་གསོལ་བཏབ་ཀྱི་སྐབས་སུ་བཤད་པ་བཞིན་ནོ། །མདུན་སྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལ། རིགས་དྲུག་དགོད་པ་དང༌། མཁའ་གསང་བྱིན་གྱིས་བརླབ་པ་རྣམས་ཡིད་ཀྱིས་དྲན་པར་བྱས་ནས། ཨོཾ་ཛྙཱ་ན་པཱུ་ཛ་ཨ་ནུ་རཀྟོ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་གསང་བའི་མཆོད་པ་ཕུལ། དེ་ནས་མཆོད་པ་སྣ་ཚོགས་པ་འབུལ་བ་ནི། ཉོན་མོངས་མ་ལུས་བཅོམ་པའི་སྟག་ལྤགས་དང༌། །སྒྲིབ་པ་ཀུན་བྲལ་གླང་ཆེན་པགས་པའི་གོས། །འཇིགས་བྱེད་ཧེ་རུ་ཀ་དཔལ་མཉེས་བྱེད་པ། །སྣ་ཚོགས་ན་བཟའི་མཆོད་པ་འབུལ་བར་བགྱི། །དབང་སྔོན་ཀརྐེ་ཏ་ན་ཆུ་ཤེལ་དང༌། །པད་དམར་མ་ར་ཀ་ཏ་མུ་ཏིག་དང༌། །ཛམྦུ་ཆུ་བོའི་གསེར་དང་དངུལ་ལ་སོགས། །བཟའ་དང་བཅའ་བ་རྣམ་པ་སྣ་ཚོགས་དང༌། །རྩ་བ་སྡོང་བུ་འདབ་མ་མེ་ཏོག་དང༌། །ལྗོན་ཤིང་ལ་སོགས་རྣམ་པ་སྣ་ཚོགས་པ། །བསོད་ནམས་སྤེལ་ཕྱིར་དཀྱིལ་འཁོར་ལྷ་ལ་འབུལ། །རལ་གྲི་ཁང་པ་པགས་པ་སྐྱེད་མོས་ཚལ། །མལ་ཆ་གོས་དང་མཆིལ་ལྷམ་རིན་པོ་ཆེ། །པདྨ་ཅན་སོགས་བཀྲ་ཤིས་ལྷ་མོ་བརྒྱད། །སྣ་ཚོགས་རིན་ཆེན་ལས་གྲུབ་ཁང་བཟང་དང༌། །དཔག་བསམ་ཤིང་དང་བུམ་པ་བཟང་པོ་དང༌། །འདོད་འཇོའི་བ་དང་རིན་ཆེན་


TNT02_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོ་སོགས། །མཆོད་སྤྲིན་རྒྱ་མཚོས་དཀྱིལ་འཁོར་ལྷ་ཚོགས་མཆོད། །དབང་བསྐུར་དངོས་གྲུབ་དོན་དུ་ནི། །ལྷ་དང་བླ་མ་མཆོད་པའི་ཕྱིར། །ཚ་མོ་དང་ནི་བུ་མོ་དང༌། །སྲིང་མོ་དེ་བཞིན་སྐྱེད་བྱེད་མ། །དེ་བཞིན་ཆུང་མའི་མ་དང་ནི། །དེ་བཞིན་ཞང་པོའི་བུད་མེད་དང༌། །ཕ་ཡི་སྤུན་ཟླའི་ཆུང་མ་དང༌། །དེ་བཞིན་ཕ་ཡི་སྲིང་མོ་དང༌། །རང་གི་མ་ཡི་སྤུན་ཟླ་ཉིད། ཁྱིམ་པའི་རིགས་ཀྱིས་དབུལ་བར་བསྔགས། །རིག་མ་བཅུ་ཡིས་མཆོད་པར་བགྱི། །དབང་བསྐུར་བ་དང་དངོས་གྲུབ་དོན། །དགེ་སློང་དགེ་ཚུལ་རྣམས་ལ་ནི། །བླ་མས་སྦྱིན་པར་བྱ་བ་སྟེ། །ལྷ་མོ་བཅུ་ཡི་བདག་ཉིད་ཅན། །རླུང་སོགས་རིམ་པས་དམངས་རིགས་མོ། །རྒྱལ་རིགས་དེ་བཞིན་བྲམ་ཟེ་མོ། །རྗེ་མོ་གདོལ་མོ་ཉ་པ་མོ། །གར་མ་དེ་བཞིན་ཚོས་མཁན་མ། །ཀོ་ལྤགས་བྱེད་མ་གཏུམ་མོ་ནི། །མཐར་སྐྱེས་ཆོས་ཁམས་མ་སྟེ་བཅུ། །རིག་མ་ཆེན་མོར་ཡང་དག་བརྗོད། །ལོངས་སྤྱོད་གྲོལ་འབྲས་རབ་ཏུ་སྟེར། །གཞན་ཡང་སུམ་ཅུ་རྩ་དྲུག་རིགས། །རྣལ་འབྱོར་མ་བརྒྱའི་རིགས་བྱུང་བ། །མི་འགྱུར་བདེ་ཆེན་སྒྲུབ་པའི་ཕྱིར། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །མཧཱ་བིདྱཻ་མཱུ་དྲཱ། ཀུནྡ་རབ་ཏུ་ཁྱབ་བྱེད་


TNT02_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བཟང་དང༌། །རྣམ་དག་ཉི་མས་དག་བྱེད་མེ་ཏོག་ཕྲེང༌། །དོན་དམ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ལ་འབུལ། །འགྲོ་བས་རྣམ་དག་ཟླ་ནི་ཐོབ་པར་ཤོག །གཏུམ་མོ་འབར་བས་ཀུན་རྟོག་བསྲེགས་པའི་སྤོས། །སྙིང་ནང་གཞོམ་མེད་འབར་བའི་སྣང་གསལ་ཚོགས། །དོན་དམ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ལ་འབུལ། །སྤྲོས་བྲལ་ཡེ་ཤེས་སྣང་བ་ཐོབ་པར་ཤོག །འདོད་ཡོན་གཞན་མཆོག་བདུད་རྩི་ཞལ་ཟས་ལྔ། །ཐིག་ལེ་ནོར་བུར་བཅིངས་པའི་མ་ཉམས་འབྲུ། དོན་དམ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ལ་འབུལ། །སྟོང་པའི་གཟུགས་ཀྱིས་བྱང་སེམས་འཆིང་བར་ཤོག །མ་དག་གནས་གྱུར་ཡེ་ཤེས་སྒེག་མོའི་ལུས། །ལུས་རླུང་དྷཱུ་ཏཱིར་ཐིམ་པ་བཞད་སྒྲའི་དབྱངས། །དོན་དམ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ལ་འབུལ། །རྡོ་རྗེའི་སྐུ་དང་བཅུ་གཉིས་ས་ཐོབ་ཤོག །གཞོལ་མེད་ནཱ་དའི་རོལ་མོ་སིལ་སྙན་མཆོག །རྣམ་གསུམ་ཕྱག་རྒྱའི་རོལ་པ་བདེ་བའི་གར། །དོན་དམ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ལ་འབུལ། གྲགས་སྟོང་སྒྲ་དང་སྒྱུ་རྩལ་མཆོག་ཐོབ་ཤོག །སྒྲ་དབྱངས་རྒྱ་མཚོ་ཆོས་ཉིད་རྡོ་རྗེའི་གླུ། །མི་འགྱུར་བདེ་སྒྲུབ་ཕྱག་ཆེན་འདོད་པ་མོ། །དོན་དམ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ལ་འབུལ། །རྡོ་རྗེའི་


TNT02_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་དང་མི་འགྱུར་བདེ་ཐོབ་ཤོག །ཅེས་མཆོད་པ་བཅུ་གཉིས་ཀྱི་ངེས་དོན་དྲན་པས་མཆོད་པའོ། །དེ་ནས་བསྟོད་པ་ནི། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཀྱི་བར་འདུད་ཉི་ཤུ་དང༌། དུས་ཀྱི་འཁོར་ལོ་བདེ་ཆེན་པོ། །སྐུ་གསུམ་མཆོག་དང་དཀྱིལ་འཁོར་གསུམ། །རྡོ་རྗེ་གསུམ་མཆོག་རྡོ་རྗེ་དབྱངས། །འགྱུར་བ་མེད་ལ་ཕྱག་འཚལ་ལོ། །རྣམ་རྟོག་སྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུགས་དང་འཛིན་པ་དབྱིབས་དག་དང༌། །རྟོག་དང་དཔྱོད་པ་རྣམ་པར་སྤངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང༌། །པྲ་ཕབ་པ་ཡྀ་རང་བཞིན་ཅན། །ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། །ཨེ་ཝཾ་ཡི་གེ་དེ་ལ་འདུད། །སངས་རྒྱས་ཀུན་གྱི་བསྐྱེད་མཛད་མ། །སྐྱེ་བ་དང་ནི་འཇིག་པ་སྤངས། །ཀུན་ཏུ་བཟང་པོའི་སྤྱོད་པ་ཅན། །སྣ་ཚོགས་ཡུམ་དེ་ལ་ཕྱག་འཚལ། །ཨཱ་ལི་ཀཱ་ལི་སྙོམས་འཇུག་དང༌། །ཧཱུཾ་ཕཊ་ཡི་གེ་སོགས་སྤངས་ཀྱང༌། །འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ལ་འདུད། །ཀུན་མཁྱེན་ཡེ་ཤེས་སྐུ་ཞེས་པ། ཁྱབ་བདག་ཉི་མ་ལྟ་བུའི་སྐུ། །པདྨའི་འདབ་མ་རྒྱས་པའི་སྤྱན། །དེ་ཉིད་


TNT02_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་དབྱེ་བ་ལས། །སྐུ་བཞིའི་བདག་ཉིད་སངས་རྒྱས་ནི། །རྡོ་རྗེ་སེང་གེའི་གདན་བཞུགས་པ། །ལྷ་དང་ལྷ་མིན་གྱིས་བསྟོད་སྔོན། །ཟླ་བཟང་གིས་གསོལ་དེ་ལ་འདུད། །རྣམ་པར་བཅས་ཀྱང་རྣམ་མེད་བཅོམ་ལྡན་འདས་མ་ཤེས་རབ་མ་སྟེ་དེ་ཡིས་འཁྱུད། །སྐྱེ་འཇིག་སྤངས་པའི་འགྱུར་མེད་བདེ་བ་དང་ལྡན་དགོད་པ་ལ་སོགས་བདེ་བ་སྤངས། །སངས་རྒྱས་རྣམས་ཀྱི་བསྐྱེད་མཛད་སྐུ་གསུམ་རྣམས་དང་ལྡན་ཞིང་དུས་གསུམ་ཡང་དག་རིག །ཀུན་མཁྱེན་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་གཉིས་མེད་དེ་ཉིད་ལ་ཕྱག་འཚལ། །གང་ལ་ཐོག་མཐའ་དབུས་མེད་གནས་དང་ཞེས་པ་ནས། མཆོག་གི་བྷ་ག་ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། །ཅེས་པས་བསྟོད། གཞན་ཡང་སྤྲོ་ཞིང་ནུས་ན་ཆོས་རྗེ་ཀུན་མཁྱེན་ཆེན་པོས་མཛད་པའི་བསྟོད་ཆེན་དང༌། འགྲེལ་ཆེན་དྲི་མ་མེད་པའི་འོད་ཀྱི་ལེའུ་སོ་སོ་དང༌། མདོར་བསྡུས་སོ་སོའི་ཐོག་མར་འབྱུང་བའི་ཚིགས་བཅད་རྣམས་ཀྱིས་ཀྱང་བསྟོད་པར་བྱའོ། །དེ་ནས་དཀྱིལ་འཁོར་མཆོད་པའི་གནས་སྐབས་སུ། །སྦྱིན་བསྲེག་བྱེད་པ་པོ་ལོགས་ན་ཡོད་ན་དེས་སྦྱིན་བསྲེག་བྱ་ཞིང༌། མེད་ན་སློབ་དཔོན་གྱིས་སྐབས་འདིར་རྒྱས་པའི་སྦྱིན་བསྲེག་བྱའོ། །དེའི་རྗེས་སུ་དཀྱིལ་འཁོར་བསྲུང་བ་པོ་ཞིག་བཞག་ལ། དཀྱིལ་འཁོར་ཁང་པའི་ཕྱིར་རོལ་ཏུ་སོང་ན


TNT02_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཏོར་མ་གཏོང་སྟེ། དེ་ཡང་གཏོར་མ་དྲུག་གམ་བདུན་མཆོད་པ་དང་བཅས་པ་བཤམས། བྱིན་གྱིས་བརླབས་ནས། བསྲུང་མ་དྲུག་ཅུ་དང་མཁའ་འགྲོ་མའི་ཚོགས་ལ་གཏོར་ཆོག་བཞིན་ཕུལ། སྡེ་དྲུག་བསྲུང་མ་དྲུག་ཅུ་དང༌། །རྡོ་རྗེ་མཁའ་འགྲོ་མའི་ཚོགས་རྣམས་དང༌། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་མཛོད་ལ། བདག་ཅག་དཀྱིལ་འཁོར་གྱི་ལས་ལ་ཞུགས་པ་རྣམས་ཀྱི་ཡིད་ལ་བསམས་པའི་དོན་ཐམས་ཅད་སྒྲུབ་པ་དང༌། བར་ཆད་ཐམས་ཅད་ལས་བསྲུང་བ་དང་བསྐྱབ་པ་དང་སྦེད་པ་དང༌། དངོས་གྲུབ་ཀྱི་སྡོང་གྲོགས་དམ་པ་མཛད་དུ་གསོལ། ཞེས་འཕྲིན་ལས་བཅོལ་ལ། ཨོཾ་ཧྲིཿབི་ཤུདྡྷའི་སྔགས་ཀྱིས་འཐོར་འཐུང་འགྲོ་ཕྱོགས་སུ་སྒྲེངས། གཏོར་མ་རྣམས་ཕྱོགས་སོ་སོར་གཤེགས་སུ་གསོལ། སརྦ་དུཥྟན་གཙྪ་ཞེས་པའམ། དྲག་སྔགས་བཟླ་ཞིང་ཚམ་རྔམས་དང་བཅས་པས་བགེགས་རྣམས་བསྐྲད་ལ། ནང་མཆོད་དམ་དྲི་ཆུས་རེག་སྟེ། ཡྀ་གེ་དྲུག་པས་གནས་དྲུག་བྱིན་གྱིས་བརླབས། སློབ་དཔོན་གྱིས་རྟྀང་མནན་ལ་ནང་དུ་འོང༌། ཉེ་རེག་བྱས་ལ་བདག་འཇུག་ལ་སོགས་པའི་ལས་ལ་འཇུག་གོ །སྒོ་དབྱེ་བ་དང་མེ་ཏོག་འབུལ་བ་ལ་སོགས་པ་ནི་འདིར་མི་བཞེད་དོ། །ལྔ་པ་ནི། སློབ་མ་དབང་བསྐུར་བའི་དོན་དུ་ནི་ངེས་པར་བདག་འཇུག་དགོས་པ་མ་ཡིན་ཞིང༌། དེའི་


TNT02_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཕྱོགས་འདིའི་རྒྱུད་འགྲེལ་ནས་གསལ་བར་མ་གསུངས་ལ། འོན་ཏེ་བསོད་ནམས་འཕེལ་བའི་དོན་དུ་ལུགས་གཞན་དང་བསྟུན་ཏེ་བྱེད་པ་ཡང༌། བླ་མ་དམ་པའི་མན་ངག་སྟེ་ཚད་ལྡན་ཁོ་ནའོ། །དེ་ཡང་སློབ་མ་ལ་ཇི་ལྟར་བསྐུར་བ་ལྟར་གྱི་ཆོ་ག་མཐའ་དག་བླང་བ་དང༌། ཆོ་གའི་གཙོ་བོ་རྣམས་བླང་བ་དང༌། སྔགས་དབང་ཙམ་བླངས་ཀྱང་རུང་སྟེ། རྒྱས་པ་དང་འབྲིང་པོ་དང་བསྡུས་པའི་རིམ་པའོ། །དེ་ནས་དབུ་རྒྱན་ལ་སོགས་པའི་དབང་རྫས་རྣམས་མདུན་དུ་བཞག དུང་ཆོས་ཀྱི་ཆུ་ཅུང་ཟད་བཏུང་ལ་ཁྲུས་བྱས་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ན། །སོགས་ཤླཽ་ཀ་གཅིག་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། མཎྜལ་ནི། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་འཇུག་པའི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །གུ་རུ་རཏྣ་སོགས་བརྗོད། དེ་ནས། མི་ཟད་འཁོར་བས་འཇིགས་པ་བདག་ནི་དེ་རིང་ཉིད་ནས་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི། ཁྱོད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་བཟུང་བར་བགྱི། །


TNT02_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་རྣམས་ནི་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །ཞེས་ལན་གསུམ། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ བཛྲ་དན་ཏ་ཀཱཥྛ་[རྡོ་རྗེ་སོ་ཤིང་]ཙ་ཏུར་བི་མོ་ཀྵ་མུ་ཁ་[རྣམ་པར་ཐར་བའི་སྒོ་བཞི་] བི་ཤུད་དྷ་སྭ་བྷཱ་ཝཾ་[རྣམ་པར་དག་པའི་རང་བཞིན་] ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་[སྐུ་གསུང་ཐུགས་ཡེ་ཤེས་] མུ་ཁ་དན་ཏ་ཨཱ་དཱི་མ་ལཾ་[ཁ་དང་སོ་ལ་སོགས་པ་དྲི་མ་] བི་ཤོ་དྷ་ཡ་བི་ཤོདྷ་ཡ་ཧཱུཾ།[རྣམ་པར་སྦྱོངས་རྣམ་པར་སྦྱོངས།] སོ་ཤིང་དོར། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿ སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོཿ གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཧཾ། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵཿ ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷཱརྨ་སརྦ་པཱ་པཱཾ་ནིཉྩ་ཨ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུཾ། ཁྱོར་ཆུ་བཏུང༌། ཨོཾ་ཨཱཿཧཱུཾ། བདུད་རྩི་ལྕེ་ལ་རེག དགའ་བ་ལ་དགའ་ཁྱོད་སུ་ཀྱེ། །བདེ་ཆེན་


TNT02_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་སྐལ་བ་བཟང༌། །དེ་ནས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏ་པཱ་ཏ་ཡཱ་མིཿ ཞེས་བརྗོད་ཅིང་སེམས་བསྐྱེད་ལ། མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་བཟུང་སྟེ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷ་བཛྲ་ཡ་ཐཱ་སུ་ཁཾ། རྡོ་རྗེ་སྤྱི་བོར་བཟུང་ནས། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརློབ་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསུང་པའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང༌། མ་དད་པར་ཡང་མི་བྱའོ། །ཞེས་བརྗོད་ནས། ཨོཾ་ཨཱཿཡ་མཱན་ཏ་ཀྲྀཏ་ཧཱུཾ། ཞེས་བརྗོད་ཅིང་ཁྲིད་དེ། ཨཱཿཁཾ་བཱི་ར་ཧཱུཾ། ཞེས་པས་ཡོལ་བའི་ནང་དུ་བཅུག་ནས་བསམས་ལ། མཧཱ་ར་ཏ་སུ་དྲྀ་དྷ་སུ་ཏོ་ཥྱོ་སུ་སུ་ཁོ་བཛྲ་སཏྭཱ་ཨདྷྱ་སིདྷྱ་མཱཾ། ཞེས་འདོན་ཞིང་བསྐོར་བ་བྱེད་པར་མོས། ཐལ་མོ་སྦྱར་བས་དཀྱིལ་འཁོར་གྱི་ཤར་སྒོར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པ་སྠཱ་ནཱ་ཡ་ཨཱཏ་མཱ་ནཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་མཱཾ། ཞེས་པ་དང༌། ཡང་དེ་ཉིད་ལས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎི། ཨཱཏྨཱ་ནཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། ཞེས་པ་དང༌། ལྷོར། ཨོཾ་སརྦ་ཏ་ཐ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨཱ་ནཾ་ནིརྻཱ་ཏ་ཡཱ་མི།


TNT02_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཞེས་པ་དང༌། ནུབ་ཏུ། ཨོཾ་སརྦ་བུདྡྷཱ་པཱུ་ཛོ་པསྠཱ་ནཱ་ཡ་ཨཱཏྨཱ་ནཾ་ནིརྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་བཻ་རོ་ཙ་ན་ཨ་དྷི་ཏིཥྛ་མཱཾ། ཞེས་པ་དང༌། བྱང་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་ཝརྟ་ནཱ་ཡ་ཨཱཏྨཱ་ནཾ་ནིརྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟ་ཡཱ་མི། ཨོཾ་གུ་རུ་ཙ་ར་ཎོ་པསྠཱ་ནཱ་ཡ་ཨཱཏྨཱ་ནཾ་ནིརྻཱ་མི། ཨོཾ་སརྦ་སཏྭ་པ་རཱི་ཏྲཱ་ཎཱརྠཱ་ཡ་ཨཱཏྨཱ་ནཾ་ནིརྻཱ་ཏ་ཡཱ་མི། ཞེས་བླ་མ་ལ་ཕྱག་འཚལ་བར་བྱ་སྟེ། ཕྱོགས་རྣམས་སུ་ཡོད་པར་མོས་པ་ཙམ་བྱ་ཞིང༌། ཕྱག་ཀྱང་ཡིད་ཀྱིས་བྱའོ། །དེ་ནས་སྤྱི་བོར་རྡོ་རྗེ་བཞག་ནས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེ་བས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། མགོ་བོར་རྡོ་རྗེ་བཟུང་ནས་དྲིལ་བུ་དཀྲོལ་ཞིང༌། འདི་ནི་དམ་ཚིག་རྡོ་རྗེ་སྟེ། ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདིའོ། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་བོ་འགེམས། །རྡོ་རྗེ་སྙིང་གར་བཟུང་སྟེ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། ཁྱོད་ཀྱི་སྙིང་ལ་


TNT02_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དུང་གི་ཆུ་བཏུང་ཞིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་སྲུང་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག །ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ཏ་ར་ཀ་ཋཿ དེང་ནས་བརྩམས་ཏེ་ཁྱོད་ཀྱི་རྡོ་རྗེ་འཆང་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡང་བ་མ་སྤངས་པར་ཚེའི་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏ་རེ། དེ་ནས་ཡེ་ཤེས་དབབ་པ་ནི། སྟོང་པའི་ངང་ལས་བདག་ཉིད་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས། ཞབས་གཉིས་པ། མགྲིན་པ་གསུམ་པ། ཞལ་བཞི་པ། ཕྲག་པ་དྲུག་པ། དཔུང་པ་བཅུ་གཉིས་པ། ཕྱག་གི་པདྨ་ཉི་ཤུ་རྩ་བཞི་པ། ལྷག་པའི་ཕྱག་གཉིས་ཏེ་ཉི་ཤུ་རྩ་དྲུག་པ། མཚོན་ཆ་རྣམས་དང་ཕྱག་རྒྱ་ལྔ་དང་ཀླུའི་དབང་པོའི་རྒྱན་གྱིས་རྣམ་པར་བརྒྱན་པའི་སྐུར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད་ལ། རང་གི་སྙིང་གར་ལཾ་ལས་སྐྱེས་པའི་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྡོ་རྗེས་མཚན་པར་ཉི་མ་


TNT02_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཧཱུཾ་སྔོན་པོ་དང༌། མགོ་བོར་ཝཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པར་ཟླ་བ་ལ་ཧཿདཀར་པོ་དང༌། མགྲིན་པར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་གཡོ་བ་གཉིས་ཀྱིས་མཚན་པར་ཟླ་བ་ལ་ཨཱཿདམར་པོ་དང༌། རྐང་པ་དག་གི་འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་ཤུགས་ཀྱིས་སྦར་བཞིན་པ། རཾ་ལས་བྱུང་བའི་མེའི་དཀྱིལ་དམར་པོ་རཾ་གྱིས་མཚན་པ་འོད་ཟེར་འཕྲོ་བ་ལ་གནས་པའི་ཛྷཻཿདམར་པོས་བདག་ཉིད་འདེགས་བཞིན་པར་གྱུར། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་མཐའ་ཡས་པ་འཕྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ཧཱུཾ་ཧཿཨཱཿརྣམས་ལ་ཐིམ་ཞིང༌། རྐང་པའི་བུ་ག་ནས་ཛྷཻཿའི་འོད་ཟེར་གྱི་ཚོགས་ཞུགས་པ་དང༌། ཧཱུཾ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་ལུས་ཀྱི་ནང་མཐའ་དག་གང་བར་གྱུར། སྔར་བསྒྲུབས་པའི་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་སྤོས་ཀྱི་དུད་པས་བདུག་ཅིང༌། དྲིལ་བུ་དཀྲོལ་བ་དང་བཅས་པས། ཨོཾ་ཨ་ར་ར་ར་ར་ལ་ལ་ལ་ལ་བཛྲ་ཨཱ་བྷེ་ཤ་ཡ་ཧཱུཾ། ཨོཾ་ཨཱཿཧཱུཾ་ཞེས་མགོ་ལ་མེ་ཏོག་དོར། དཔྲལ་པར་ཨོཾ། སྙིང་


TNT02_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཧཱུཾ། གཙུག་ཏོར་དུ་ཧཾ། མགྲིན་པར་ཨཱཿ ལྟེ་བར་ཧོཿ གསང་བར་ཀྵཿརྣམས་སུ་གྱུར། འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་རྣམས་སོ། །གང་ཞིག་གང་གི་དུས་སུ་བྱུང་བ་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་སྦྱིན་བྱ། །སྣ་ཚོགས་གཙོ་བོའི་བཀའ་འདི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། །ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ཡང༌། །དབང་པོ་རྣམས་ནི་ཀུན་ནས་ཆགས་པ་དག་སྟེ་དེ་ལྟར་སྲིད་པའི་བདག་པོའི་བརྟུལ་ཞུགས་ཉི་ཤུ་ལྔ། །ཞེས་བསྒྲགས་ལ། སྲིད་པའི་འཇིགས་པ་འཇོམས་མཛད་པའི། །བརྟུལ་ཞུགས་ཉི་ཤུ་རྩ་ལྔ་པོ། །སྣ་ཚོགས་གཙོ་བོའི་གསུང་ཇི་བཞིན། །བདག་གིས་བརྟན་པོར་བཟུང་བར་བགྱི། །ཞེས་ལན་གསུམ་གྱིས་བཟུང༌། དེ་ནས། ཨོཾ་དྭཱ་ད་ཤ་ཨཾ་ག་ནི་


TNT02_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

རོ་དྷ་ཀཱ་རི་ཎེ་ཧཱུཾ་ཕཊ། ཅེས་གདོངས་བཅིངས། གོས་སེར་པོ་བསྒོས་པར་མོས། དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་བྱས་པར་མོས་ཏེ། སྔར་བརྗོད་པའི་མཧཱ་ར་ཏ་སོགས། ཨོཾ་ཨཱཿཧཱུཾཿཧོཿཧཾ་ཀྵཿ ཞེས་ཤར་སྒོར་དུང་གི་ཆུས་མགོ་ལ་བསང་གཏོར་བྱས་ནས། ཨོཾ་ཨཱཿཧཱུཾ། ཞེས་པ་ལན་བདུན་གྱིས་བསྔགས་པའི་མེ་ཏོག་བྱིན་པར་མོས། དེ་ནས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཅི་འདྲ་དེ་འདྲར་ཤོག །དེ་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་གང་འདྲ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་དྷ་ནི་སྭཱཧཱ། ཞེས་པ་འདིས་མེ་ཏོག་དོར། ཨོཾ་པྲ་ཏི་གྲྀ་ཧྣ་ཏྭཾ་ཨི་མཾ་ས་ཏྭཾ་མཧཱ་བ་ལ། མེ་ཏོག་མགོ་བོར་བཅིང་ངོ༌། །དེ་ནས། དཔྲལ་བར་རཾ། མིག་གཉིས་ལ་འབར་བ་དང་བཅས་པའི་ཨོཾ་ཨོཾ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་མེད་པ། །ཐམས་ཅད་མིག་ནི་འབྱེད་པར་མཛད། །ཨོཾ་དེ་བྱེན་ཏྲི་ཡཱ་ཎྱཱ་ཊ་གྷཱ་ཊ་སྭཱཧཱ།


TNT02_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་དི་བྱ་ཡ་ན་མུད་གྷཱ་ཊ་ཡཱ་མི་སྭཱཧཱ། ཞེས་མིག་དར་དགྲོལ། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པདྨ་མཆོག་རོལ་པས། །གསང་སྔགས་རྣམས་ལ་སྒྲུབ་པར་གྱིས། །རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར། རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །རྣམ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང༌། །གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །ཧོཿཧོཿཧོཿ ཞེས་བརྗོད་པར་བྱས་ཏེ། དཀྱིལ་འཁོར་དུ་གཞུག་པའི་ཆོ་གའོ། །གཉིས་པ་དངོས་གཞི་ལ་བྱིས་པ་འཇུག་པའི་དབང་བདུན་ཞུ་བའི་ཡོན་དུ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། །ཞེས་སྤྱི་ཁྱབ་ཏུ་ལན་གསུམ་གསོལ་བ་བཏབ། ཨོཾ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས་ཨུ་


TNT02_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དང་པདྨ་ལས་རང་ཉིད་སྐུ་རྡོ་རྗེ་འོད་དཔག་མེད་དུ་གྱུར། སློབ་དཔོན་གྱི་ཕྱག་གཡས་པའི་རྡོ་རྗེས་ཁྲིད་དེ། དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པས་བསྐོར་བ་བྱས་ཏེ་བྱང་གི་སྒོའི་ས་ལ་གནས་པར་གྱུར། ཆུ་དང་ཅོད་པན་གྱི་དབང་གི་དོན་དུ་མཎྜལ་འབུལ། ཆུ་དབང་གི་དོན་དུ། ཨོཾ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ་[དབང་གི་རྫས་བུམ་པ་བཅུའི་ས་བོན་] ཨཱ་ཨཱི་རཱྀ་ཨཱུ་ལཱྀ་[དབང་གི་ལྷ་ཡུམ་ལྔའི་ས་བོན་] བཛྲ་ཌཱ་ཀི་ཎྱོ་[རྡོ་རྗེ་མཁའ་འགྲོ་མ་རྣམས་] བཛྲ་ཨ་མྲྀ་ཏ་གྷ་ཊཻ་ར་ཨ་བྷི་ཥིཉྩ་ན་ཏུ་མཱཾ་སྭཱཧཱ། [རྡོ་རྗེ་བདུད་རྩིའི་བུམ་པ་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ་བ་དག་ལ།] ཞེས་ལན་གསུམ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་རྒྱལ་བ་ཡབ་ཡུམ། བྱང་ཆུབ་སེམས་དཔའ་དང་ལྷ་མོ། ཁྲོ་བོའི་རྒྱལ་པོ་དང་རྡོ་རྗེ་མཁའ་འགྲོ་མའི་ཚོགས་དང་བཅས་པའི་དཀྱིལ་འཁོར་དང༌། ནམ་མཁའ་གང་བའི་སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿ གནྡྷཾ་སོགས་མཆོད་པ་བཅུ་གཉིས་ཀྱིས་མཆོད། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧུཾ་ཧཱུཾ་ཕཊ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཨོཾ་པཎྜར་བཱ་སི་ནི་བ་ར་དེ་སྭཱཧཱ། ཨོཾ་མཱ་མ་ཀཱི་ཀི་རི་ཀི་རི་སྭཱཧཱ།


TNT02_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ལོ་ཙ་ན་བ་སུ་དེ་སྭཱཧཱ། ཞེས་བུམ་པ་སོ་སོ་ནས་ཆུ་བསྡུས་ཏེ་དུང་ཆོས་སུ་བླུག སྭ་བྷཱ་ཝ༴ སྟོང་པའི་ངང་ལས་ཨཱ་ལས་བྱུང་བའི་སྟེང་དང་འོག་གི་བུམ་ཆུ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ། ཨཱི་ལས་བྱུང་བའི་ཤར་དང་མེའི་བུམ་ཆུ་སྒྲོན་མའི་ངོ་བོ། རཱྀ་ལས་བྱུང་བའི་ལྷོ་དང་བདེན་བྲལ་གྱི་བུམ་ཆུ་གོས་དཀར་མོའི་ངོ་བོ། ཨཱུ་ལས་བྱུང་བའི་བྱང་དང་དབང་ལྡན་གྱི་བུམ་ཆུ་མཱ་མ་ཀཱིའི་ངོ་བོ། ལཱྀ་ལས་བྱུང་བའི་ནུབ་དང་རླུང་གི་བུམ་ཆུ་སྤྱན་མ་རྣམས་ཀྱི་ངོ་བོ་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་བུམ་ཆུ་ཡེ་ཤེས་པའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དུང་གི་ཆུ་བཏེག་ཅིང་མེ་ཏོག་གཏོར་ལ། ཨོཾ་བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཨོཾ་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་


TNT02_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་མངའ་བ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱཧཱ།[ཁམས་ལྔ་རྣམ་པར་སྦྱོངས།] ཞེས་པས་སྐྱེ་བའི་གནས་ལྔར་དབང་བསྐུར། དེ་ལྟར་ཆུའི་དབང་བསྐུར་བས་ཁམས་ལྔ་རྣམ་པར་དག་པ་ཡུམ་ལྔར་གྱུར་པ་ནི། གཙུག་ཏོར་དུ་མཁའ་ཁམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། དཔྲལ་པར་རླུང་ཁམས་སྒྲོལ་མ། མགྲིན་པར་མེ་ཁམས་གོས་དཀར་མོ། སྙིང་གར་ཆུ་ཁམས་མཱ་མ་ཀཱི། ལྟེ་བར་ས་ཁམས་སངས་རྒྱས་སྤྱན་མ་རྣམས་སུ་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་ཡུམ་ལྔའི་རྣམ་པར་བཛྲ་ས་མཱ་


TNT02_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེ་ལྟར་ན་ཡུམ་ལྔའི་སྒོ་ནས་ཆུའི་དབང་བསྐུར་བ་ཐོབ། རླུང་ལ་སོགས་པའི་ཁམས་ལྔ་རྣམ་པར་དག་ཅིང་སྒྲིབ་པ་དང་བྲལ། དེ་བཞིན་གཤེགས་མ་རྣམས་བྱིན་གྱིས་བརླབས་པར་གྱུར། དེ་ནས་ཅོད་པན་གྱི་དབང་གི་དོན་དུ། ཨོཾ་ཨཾ་ཨིཾ་རྀཾ་ཨུཾ་ལྀཾྀ་[ཕུང་པོ་གཞན་ལྔའི་ས་བོན་]སརྦ་བུདྡྷ་[སངས་རྒྱས་ཐམས་ཅད་]བཛྲ་མུ་ཀུ་ཊཾ་མ་མ་[རྡོ་རྗེ་ཅོད་པན་བདག་ལ་]པཉྩ་བུདྡྷ་[སངས་རྒྱས་ལྔའི་]ཨཱཏྨ་ཀཾ་བནྡྷ་ཡན་ཏུ་ཧུཾ་ཧཱུཾ་ཕཊ།[བདག་ཉིད་ཅན་བཅིང་དུ་གསོལ།] ཅེས་ལན་གསུམ། སྭ་བྷ་ཝ༴ སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཅོད་པན་ལྗང་ཁུ་མི་བསྐྱོད་པའི་ངོ་བོ། ཨེ་ལས་བྱུང་བའི་ཅོད་པན་ནག་པོ་དོན་ཡོད་གྲུབ་པའི་ངོ་བོ། རྀ་ལས་བྱུང་བའི་ཅོད་པན་དམར་པོ་རིན་ཆེན་འབྱུང་ལྡན་གྱི་ངོ་བོ། ཨུ་ལས་བྱུང་བའི་ཅོད་པན་དཀར་པོ་འོད་དཔག་མེད་ཀྱི་ངོ་བོ། ལི་ལས་བྱུང་བའི་ཅོད་པན་སེར་པོ་རྣམ་པར་སྣང་མཛད་ཀྱི་ངོ་བོར་གྱུར། གཙོ་བོའི་ཐུགས་ཀའི་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་རྣམས། ཅོད་པན་ཡེ་ཤེས་པའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཨ་ཨ་རྀ་


TNT02_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་ལྀ་པཉྩ་ཏ་ཐཱ་ག་ཏ་པ་རི་ཤུདྡྷ་སྭཱཧཱ།[དེ་བཞིན་གཤེགས་པ་ལྔ་ཡོངས་སུ་དག་པ།] ཞེས་དུང་གི་ཆུས་གོང་བཞིན་དང༌། དབུ་རྒྱན་གནས་ལྔར་གཏུགས་ཏེ་མགོ་ལ་བཅིངས། ཅོད་པན་གྱི་དབང་བསྐུར་བས་ཕུང་པོ་ལྔ་རྣམ་པར་དག་པ་སངས་རྒྱས་ལྔར་གྱུར་པ་ནི་ལྟེ་བར་གཟུགས་ཕུང་རྣམ་པར་སྣང་མཛད། དཔྲལ་བར་འདུ་ཤེས་སྣང་བ་མཐའ་ཡས། མགྲིན་པར་ཚོར་བ་རིན་ཆེན་འབྱུང་ལྡན། སྙིང་ཁར་འདུ་བྱེད་དོན་ཡོད་གྲུབ་པ། གཙུག་ཏོར་དུ་རྣམ་ཤེས་མི་བསྐྱོད་པ་རྣམས་སུ་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་དེ་བཞིན་གཤེགས་པ་རིགས་ལྔའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེ་ལྟར་ན་སངས་རྒྱས་ལྔའི་སྒོ་ནས་ཅོད་པན་གྱི་དབང་བསྐུར་བ་ཐོབ། ཕུང་པོ་ལྔ་རྣམ་པར་དག་ཅིང་སྒྲིབ་པ་དང་བྲལ་བར་གྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པར་གྱུར། དབང་དེ་གཉིས་ཀྱི་ཐུན་མོང་གི་དག་པ་ནི། ཚུལ་དེ་ལྟ་བུས་བྱང་སྒོར་སྐུའི་ཞལ་གྱིས་ལ་ཆུ་དང་ཅོད་པན་གྱི་དབང་བསྐུར་བ་ཐོབ་པས། སྐུ་རྡོ་རྗེ་དྲི་མ་དང་བྲལ་བར་གྱུར། སྭ་བྷཱ་ཝ༴ སྟོང་པའི་ངང་ལས། ཨཱཿཡིག་དང་


TNT02_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ལས་རང་ཉིད་གསུང་རྡོ་རྗེ་རིན་ཆེན་འབྱུང་ལྡན་དུ་གྱུར། སློབ་དཔོན་གྱི་ཕྱག་གཡས་པའི་རྡོ་རྗེས་ཁྲིད་དེ། དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པས་བསྐོར་བ་བྱས་ཏེ་ལྷོའི་སྒོར་གནས་པར་གྱུར། དར་དཔྱངས་དང་དྲིལ་བུའི་དབང་གི་དོན་དུ་མཎྜལ་ཕུལ་ལ། དར་དཔྱངས་ཀྱི་དབང་གི་དོན་དུ། ཨོཾ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿཕྲེཾ་ཧོཿ[ནུས་མ་བཅུའི་ས་བོན་] སརྦ་པཱ་ར་མི་ཏཱ་མ་མ་བཛྲ་པཊྚཾ་བནྡྷ་ཡན་ཏུ་ཧུཾ་ཧཱུཾ་ཕཊ།[ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བདག་ལ་རྡོ་རྗེ་དར་དཔྱངས་བཅིང་དུ་གསོལ།] ཅེས་ལན་གསུམ། སྭ་བྷཱ་ཝ༴ སྟོང་པའི་ངང་ལས། ཨ་དང་ཧ་ལས་བྱུང་བའི་དར་དཔྱངས་ནག་པོ་གཉིས་ནག་མོའི་འབར་མ་དང་དུ་བ་མའི་ངོ་བོ། ཨཿདང་ཧཿལས་བྱུང་བའི་དར་དཔྱངས་དམར་པོ་གཉིས་དམར་མོ་འབར་མ་དང་སྨིག་རྒྱུ་མའི་ངོ་བོ། ཨཾ་དང་ཧཾ་ལས་བྱུང་བའི་དར་དཔྱངས་དཀར་པོ་གཉིས་དཀར་མོ་འབར་མ་དང་མཁའ་སྣང་མའི་ངོ་བོ། ཨཱ་དང་ཧཱ་ལས་བྱུང་བའི་དར་དཔྱངས་སེར་པོ་གཉིས་སེར་མོ་འབར་མ་དང་མར་མེ་མའི་ངོ་བོ། ཕྲེཾ་དང་ཧོཿལས་བྱུང་བའི་དར་དཔྱངས་ལྗང་ཁུ་དང་སྔོན་པོ་གཉིས་མཆོག་གི་ཆ་མ་དང༌། ཐིག་ལེ་མའི་ངོ་བོར་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་


TNT02_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཙུན་མོར་བཅས་པ་ཐམས་ཅད་དར་དཔྱངས་ཡེ་ཤེས་པའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཨ་ཨཱ་ཨཾ་ཨཿ ཧ་ཧཱ་ཧཾ་ཧ་ཕྲེཾ་ཧོཿད་ཤ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི་སྭཱཧཱ།[ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པ།] དུང་གི་ཆུ་གོང་བཞིན་དང༌། དར་དཔྱངས་གནས་ལྔར་རེག་ནས་མགོ་ལ་བཅིངས། དར་དཔྱངས་ཀྱི་དབང་བསྐུར་བས། རླུང་བཅུ་རྣམ་པར་དག་པ་ནུས་མ་བཅུར་གྱུར་པ་ནི། སྙིང་གའི་ཤར་དུ་མཉམ་གནས་ཀྱི་རླུང་ནག་མོ་འབར་མ། ལྷོར་གྱེན་རྒྱུའི་རླུང་དམར་མོ་འབར་མ། བྱང་དུ་ཁྱབ་བྱེད་ཀྱི་རླུང་དཀར་མོ་འབར་མ། ནུབ་ཏུ་ཀླུའི་རླུང་སེར་མོ་འབར་མ། ཤར་ལྷོར་རུས་སྦལ་གྱི་རླུང་དུ་བ་མ། ལྷོ་ནུབ་ཏུ་རྩངས་པའི་རླུང་སྨིག་རྒྱུ་མ། བྱང་ཤར་དུ་ལྷས་བྱིན་གྱི་རླུང་མཁའ་སྣང་མ། ནུབ་བྱང་དུ་ནོར་ལས་རྒྱལ་གྱི་རླུང་མར་མེ་མ། སྟེང་དུ་སྲོག་འཛིན་གྱི་རླུང་མཆོག་གི་ཆ་མ། འོག་ཏུ་ཐུར་སེལ་གྱི་རླུང་ཐིག་ལེ་མ་རྣམས་སུ་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་ནུས་མ་བཅུའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེ་ལྟར་ནུས་མ་བཅུའི་


TNT02_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་དར་དཔྱངས་ཀྱི་དབང་བསྐུར་བ་ཐོབ། ཕ་རོལ་ཏུ་ཕྱིན་པ་བཅུ་རྣམ་པར་དག་ཅིང་སྒྲིབ་པ་དང་བྲལ། ནུས་མ་རྣམས་ཀྱིས་བྱིན་གྱིས་བརླབས་པར་གྱུར། དེ་ནས་རྡོ་རྗེ་དྲིལ་བུའི་དབང་གི་དོན་དུ། ཨོཾ་ཧཱུཾ་ཧོཿ[གཙོ་བོ་ཡབ་ཡུམ་ཀྱི་ས་བོན།]བི་ཛྙཱ་ན་[རྣམ་ཤེས་] ཛྙཱ་ན་སྭ་བྷཱ་ཝེ།[ཡེ་ཤེས་ཀྱི་རང་བཞིན་ཅན་] ཀ་རུ་ཎ་པྲཛྙཱ་ཨཱད་མ་ཀེ་[སྙིང་རྗེ་དང་ཤེས་རབ་ཀྱི་བདག་ཉིད་ཅན་] བཛྲཾ་བཛྲ་གྷན་ཊེ་[རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་]ས་བྱེ་ཏ་ར་ཀ་ར་ཡོར་[གཡས་དང་གཡོན་གྱི་ལག་པ་དག་ཏུ་]མ་མ་བཛྲ་སཏྭ་[བདག་ལ་རྡོ་རྗེ་སེམས་དཔའ་] སཾ་པྲཛྙཱོ་ད་དཱཾ་ཏུ་ཧུཾ་ཧཱུཾ་ཕཊ།[ཤེས་རབ་དང་བཅས་བསྩལ་དུ་གསོལ།] ཅེས་ལན་གསུམ། སྭ་བྷཱ་ཝ༴ སྟོང་པའི་ངང་ལས། ཧཱུཾ་ལས་བྱུང་བའི་རྡོ་རྗེ་དུས་ཀྱི་འཁོར་ལོའི་ངོ་བོ་དང༌། ཧོཿལས་བྱུང་བའི་རྡོ་རྗེའི་དྲིལ་བུ་སྣ་ཚོགས་ཡུམ་གྱི་ངོ་བོར་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་ཡེ་ཤེས་པའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཧཱུཾ་ཧོཿསཱུརྱ་ཙནྡྲ་བི་ཤོ་དྷ་ཀ་སྭཱཧཱ།[ཉི་མ་ཟླ་བ་རྣམ་པར་སྦྱོངས།] དུང་གི་ཆུ་སྔོན་དུ་འགྲོ་བས། རྡོ་རྗེ་དྲིལ་བུ་སྤྱི་བོར་བཞག་ཅིང་ལག་ཏུ་སྦྱིན། རྡོ་རྗེ་དང་རྡོ་རྗེའི་དྲིལ་བུའི་དབང་བསྐུར་བས། རྩ་རོ་མ་དང་རྐྱང་མ་རྣམ་པར་དག་པ་གཙོ་བོ་ཡབ་ཡུམ་དུ་གྱུར་པ་ནི། རྐྱང་མ་དུས་ཀྱི་འཁོར་ལོ་དང༌། རོ་མ་སྣ་ཚོགས་ཡུམ་མཉམ་


TNT02_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྦྱོར་བ་ལྟེ་བའི་དཀྱིལ་འཁོར་དུ་བཞུགས་པར་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་དུས་ཀྱི་འཁོར་ལོ་དང༌། སྣ་ཚོགས་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེ་ལྟར་ན་གཙོ་བོ་ཡབ་ཡུམ་གྱི་སྒོ་ནས། རྡོ་རྗེ་དང་དྲིལ་བུའི་དབང་བསྐུར་བ་ཐོབ། ཟླ་བ་དང་ཉི་མའི་རྩ་ལ་ལ་ནཱ་དང༌། རས་ནཱ་རྣམ་པར་དག་ཅིང་སྒྲིབ་པ་དང་བྲལ། གཙོ་བོ་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་པར་གྱུར། ཚུལ་དེ་ལྟ་བུས་ལྷོ་སྒོར་གསུང་གི་ཞལ་གྱི་ས་ལ་དར་དཔྱངས་དང་དྲིལ་བུའི་དབང་བསྐུར་བ་ཐོབ་པས། གསུང་རྡོ་རྗེ་རྣམ་པར་དག་ཅིང་དྲི་མ་དང་བྲལ་བར་གྱུར། སྭ་བྷཱ་ཝ༴ སྟོང་པའི་ངང་ལས། ཧཱུཾ་ལས་རང་ཉིད་ཐུགས་རྡོ་རྗེ་དོན་ཡོད་གྲུབ་པར་གྱུར། སློབ་དཔོན་གྱི་ཕྱག་གཡས་པའི་རྡོ་རྗེས་ཁྲིད་དེ། དཀྱྀལ་འཁོར་ལ་མངོན་དུ་ཕྱོགས་པས་བསྐོར་བ་བྱས་ཏེ། ཤར་སྒོའི་ས་ལ་གནས་པར་གྱུར། བརྟུལ་ཞུགས་དང་མིང་དབང་གི་དོན་དུ་མཎྜལ་ཕུལ་ལ། རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་གི་དོན་དུ། ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ[སྐྱེ་མཆེད་བཅུ་གཉིས་ཀྱི་ས་བོན།] སརྦ་བོ་དྷི་སཏྭཱཿ[བྱང་ཆུབ་སེམས་དཔའ་ཐམས་ཅད་] ས་བྷཱརྻཿ[བཙུན་མོ་དང་བཅས་པ་རྣམས་] སརྦ་དཱ་[ཐམས་ཅད་ཀྱི་ཚེ་]


TNT02_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཀཱ་མ་[འདོད་པ་ཐམས་ཅད་] ཨུ་པ་བྷོ་གཾ་[ཉེ་བར་ལོངས་སྤྱོད་པ་] བཛྲ་པྲ་ཏི་[རྡོ་རྗེ་བརྟུལ་ཞུགས་] མ་མ་ད་དཱཾ་ཏུ་སྭཱཧཱ།[བདག་ལ་སྩལ་ཏུ་གསོལ།] ཞེས་ལན་གསུམ། སྭ་བྷཱ་ཝ༴ སྟོང་པའི་ངང་ལས། ཨ་ཨཱ་ལས་མེ་ཏོག་སིལ་མ་ལྗང་ཁུ་ཕྱག་རྡོར་དང་ཆོས་དབྱིངས་རྡོ་རྗེ་མའི་ངོ་བོ། ཨེ་ཨཻ་ལས་མེ་ཏོག་ནག་པོ་ནམ་མཁའི་སྙིང་པོ་དང་རེག་བྱ་རྡོ་རྗེ་མའི་ངོ་བོ། ཨར་ཨཱར་ལས་མེ་ཏོག་དམར་པོས་སྙིང་དང་རོ་རྡོ་རྗེ་མའི་ངོ་བོ། ཨོ་ཨཽ་ལས་མེ་ཏོག་དཀར་པོ་འཇིག་རྟེན་དབང་ཕྱུག་དང་གཟུགས་རྡོ་རྗེ་མའི་ངོ་བོ། ཨལ་ཨཱལ་ལས་མེ་ཏོག་སེར་པོ་སྒྲིབ་པ་རྣམ་སེལ་དང་དྲི་རྡོ་རྗེ་མའི་ངོ་བོ། ཨཾ་ཨཿལས་མེ་ཏོག་སིལ་མ་སྔོན་པོ་ཀུན་བཟང་དང་སྒྲ་རྡོ་རྗེ་མའི་ངོ་བོར་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་མེ་ཏོག་སིལ་མ་ཡེ་ཤེས་པའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ བི་ཥ་ཡ་ཨིནྡྲ་ཡ་བི་ཤོ་དྷ་ནི་སྭཱཧཱ་[ཡུལ་དང་དབང་པོ་རྣམ་པར་སྦྱོངས།] དུང་གི་ཆུ་སྔོན་དུ་འགྲོ་བས། མེ་ཏོག་རྣ་བའི་ལྟག་ལ་སོགས་པར་འགོད་དོ། །བརྟུལ་ཞུགས་ཀྱི་དབང་བསྐུར་བས།


TNT02_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་དྲུག་ཡུལ་དང་བཅས་པ་རྣམ་པར་དག་པ་སེམས་དཔའ་ཡབ་ཡུམ་བཅུ་གཉིས་སུ་གྱུར་པ་ནི། རྣ་བ་གཉིས་སུ་རྣ་བའི་དབང་པོ་ཕྱག་ན་རྡོ་རྗེ་དང༌། ཡུལ་སྒྲ་སྒྲ་རྡོ་རྗེ་མ། སྣ་བུག་གཉིས་སུ་སྣའི་དབང་པོ་ནམ་མཁའི་སྙིང་པོ་དང༌། ཡུལ་དྲི་དྲི་རྡོ་རྗེ་མ། མིག་གཉིས་སུ་མིག་གི་དབང་པོ་སའི་སྙིང་པོ་དང༌། ཡུལ་གཟུགས་གཟུགས་རྡོ་རྗེ་མ། ལྕེའི་རྩ་བར་ལྕེའི་དབང་པོ་འཇིག་རྟེན་དབང་ཕྱུག་དང༌། ཡུལ་རོ་རོ་རྡོ་རྗེ་མ། གསང་བའི་རྩ་བར་ལུས་ཀྱི་དབང་པོ་སྒྲིབ་པ་རྣམ་སེལ་དང༌། ཡུལ་རེག་བྱ་རེག་བྱ་རྡོ་རྗེ་མ། སྙིང་ཁར་ཡིད་ཀྱི་དབང་པོ་ཀུན་ཏུ་བཟང་པོ་དང༌། ཡུལ་ཆོས་ཆོས་ཁམས་རྡོ་རྗེ་མ་རྣམས་སུ་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་སེམས་དཔའ་ཡབ་ཡུམ་བཅུ་གཉིས་ཀྱི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེ་ལྟར་ན་སེམས་དཔའ་ཡབ་ཡུམ་གྱི་སྒོ་ནས། བརྟུལ་ཞུགས་ཀྱི་དབང་བསྐུར་བ་ཐོབ་པས། དབང་པོ་དྲུག་ཡུལ་དང་བཅས་པ་རྣམ་པར་དག་ཅིང་སྒྲིབ་པ་དང་བྲལ་བར་གྱུར། སེམས་དཔའ་ཡབ་ཡུམ་


TNT02_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བྱིན་གྱིས་བརླབས་པར་གྱུར། དེ་ནས་མིང་དབང་གི་དོན་དུ། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ།[ཁྲོ་བོ་ཡབ་ཡུམ་གྱི་ས་བོན།] སརྦ་ཀྲོ་དྷ་རཱ་ཛཱཿ[ཁྲོ་བོའི་རྒྱལ་པོ་ཐམས་ཅད་] ས་བྷཱརྻཱ་[བཙུན་མོ་དང་བཅས་པ་] མེ་ཏྲཱི་ཀ་རུ་ཎཱའ་[བྱམས་དང་སྙིང་རྗེ་] མུ་དི་ཏ་[དགའ་བ་] ཨུ་བེ་ཀྵཱ་[བཏང་སྙོམས་]སརྦ་ས་མ་ཏཱ་[ཐམས་ཅད་མཉམ་པ་ཉིད་ཀྱི་] སྭ་བྷཱ་ཝཾ་[རང་བཞིན་] བཛྲ་པཱུརྦཾ་ག་མཾ་ནཱ་[རྡོ་རྗེ་སྔོན་དུ་འགྲོ་བའི་མིང་] མ་མེ་ད་དཱན་ཏུ་ཧུཾ་ཧཱུཾ་ཕཊ་[བདག་ལ་སྩལ་དུ་གསོལ།] ཞེས་ལན་གསུམ། སྭ་བྷཱ་ཝ༴ སྟོང་པའི་ངང་ལས། ཧ་ཧཱ་ལས་བྱུང་བའི་གདུ་བུའམ་མེ་ཏོག་འཕྲེང་བ་ལྗང་ཁུ་དང་སྔོན་པོ་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་དྲག་སྤྱན་མའི་ངོ་བོ། ཡ་ཡཱ་ལས་བྱུང་བའི་གདུ་བུའམ་མེ་ཏོག་འཕྲེང་བ་ནག་པོ་བགེགས་མཐར་བྱེད་དང་ཤིན་ཏུ་བརྩོན་འགྲུས་མ་འི་ངོ་བོ། ར་རཱ་ལས་བྱུང་བའི་གདུ་བུའམ་མེ་ཏོག་འཕྲེང་བ་དམར་པོ་ཤེས་རབ་མཐར་བྱེད་དང་རྨུགས་བྱེད་མའི་ངོ་བོ། ཝ་ཝཱ་ལས་བྱུང་བའི་གདུ་བུའམ་མེ་ཏོག་འཕྲེང་བ་དཀར་པོ་པདྨ་མཐར་བྱེད་དང་ཁེངས་བྱེད་མ་འི་ངོ་བོ། ལ་ལཱ་ལས་བྱུང་བའི་གདུ་བུའམ་མེ་ཏོག་འཕྲེང་བ་སེར་པོ་གཤིན་རྗེ་མཐར་བྱེད་དང་རེངས་བྱེད་མའི་ངོ་བོ་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་


TNT02_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་དང་བཙུན་མོར་བཅས་པ་ཐམས་ཅད་ལག་གདུབ་རྐང་གདུབ་བམ། མེ་ཏོག་འཕྲེང་བ་ཡེ་ཤེས་པའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཙ་ཏཱུརྤྲ་ཧྨ་བི་ཧཱ་ར་བི་ཤུདྡྷ་སྭཱཧཱ།[ཚངས་པའི་གནས་བཞི་རྣམ་པར་དག་པ།] དུང་གི་ཆུ་སྔོན་དུ་འགྲོ་བས། གདུ་བུ་རྣམས་ཡན་ལག་ལ་བཅིང་ངོ༌། །གདུ་བུ་མེད་ན་མེ་ཏོག་ཕྲེང་བས་རུང་ངོ༌། །ཀྱེ་དཔལ་[མི་བསྐྱོད་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །] འདི་ཞེས་བྱའོ། །ཞེས་མིང་བཏགས་པ་དྲན་པར་བྱས་ཏེ། ཀྱེ་ཆྒཻ་མོ་[དཔལ་མི་བསྐྱོད་] རྡོ་རྗེ་ན་མཿ ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷཱུ་བཿསྭ། མིང་གི་དབང་བསྐུར་བས། ལས་དབང་བྱ་བ་དང་བཅས་པ་རྣམ་པར་དག་པ་ཁྲོ་བོ་ཡབ་ཡུམ་དུ་གྱུར་པ་ནི། མགོ་བོ་དང་གཙུག་ཏོར་དུ་གསང་བའི་དབང་པོ་དང་མཆོག་གི་དབང་པོ། ཁྲོ་བོ་གཙུག་ཏོར་ཅན་དང༌། བྱ་བ་དྲི་ཆུ་དང་ཁུ་བ་འདོར་བ་གསང་གནས་སུ་ཁྲོ་མོ་དྲག་སྤྱན་མ། ཁ་ལ་ངག་གི་དབང་པོ་བགེགས་མཐར་བྱེད་དང༌། བྱ་བ་སྨྲ་བ་རེངས་བྱེད་མ། ལག་པ་ལ་ལག་པའི་དབང་པོ་ཤེས་རབ་མཐར་བྱེད་དང༌། བྱ་བ་ལེན་པ་རྨུགས་བྱེད་མ། རྐང་པ་ལ་རྐང་པའི་དབང་པོ་པདྨ་མཐར་བྱེད་དང༌། བྱ་བ་འགྲོ་བ་ཁེངས་བྱེད་མ། བཤང་


TNT02_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་བཤང་ལམ་གྱི་དབང་པོ་གཤིན་རྗེ་མཐར་བྱེད་དང༌། བྱ་བ་བཤང་བ་འདོར་བ་ཤིན་ཏུ་བརྩོན་འགྲུས་མ་རྣམས་སུ་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་ཁྲོ་བོ་ཡབ་ཡུམ་བཅུའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེ་ལྟར་ན་ཁྲོ་བོ་ཡབ་ཡུམ་གྱི་སྒོ་ནས་མིང་གི་དབང་བསྐུར་བ་ཐོབ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་བཞི་དག ཚངས་པའི་གནས་པ་བཞི་ཐོབ། ལས་དབང་ཡུལ་དང་བཅས་པ་རྣམ་པར་དག་ཅིང་སྒྲིབ་པ་དང་བྲལ་བར་གྱུར། ཁྲོ་བོ་ཡབ་ཡུམ་རྣམས་ཀྱིས་བྱིན་གྱིས་བརླབས་པར་གྱུར། ཚུལ་དེ་ལྟ་བུས་ཤར་སྒོར་ཐུགས་ཀྱི་ཞལ་གྱི་ས་ལ་བརྟུལ་ཞུགས་དང་མིང་གི་དབང་བསྐུར་བ་ཐོབ་པས། ཐུགས་རྡོ་རྗེ་རྣམ་པར་དག་ཅིང་དྲི་མ་དང་བྲལ་བར་གྱུར། སྭ་བྷཱ་ཝ༴ སྟོང་པའི་ངང་ལས། ཧོཿལས་བྱུང་བའི་རང་ཉིད་ཡེ་ཤེས་རྡོ་རྗེ་རྣམ་པར་སྣང་མཛད་དུ་གྱུར། སློབ་དཔོན་གྱི་ཕྱག་གཡས་པའི་རྡོ་རྗེས་ཁྲིད་དེ། དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པས་བསྐོར་བ་བྱས་ཏེ། ནུབ་སྒོའི་ས་ལ་གནས་པར་གྱུར། རྗེས་གནང་གི་དབང་ཞུ་བའི་དོན་དུ་མཎྜལ་འབུལ། ཨོཾ་ཨེ་ཝཾ་[རྡོ་རྗེ་སེམས་དཔའི་ས་བོན།]


TNT02_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་བཛྲ་ཙི་ཧྞཽ་[པདྨ་རྡོ་རྗེ་མཚན་མ་དག་] པྲཛྙཱ་ཨུ་པཱ་ཡཽ་[ཤེས་རབ་ཐབས་དག་] མཎྜལ་[དཀྱིལ་འཁོར་གྱི་] ཨ་དྷི་པ་ཏཱི་[མངའ་བདག་] བཛྲ་སུ་ཁ་ཛྙཱ་ན་ཨཾ་ག་མ་མ་ད་དཱ་ཏཱཾཾཾ་ཧཾ་ཧཿཧཱུཾ་ཕཊ།[རྡོ་རྗེ་བདེ་བ་ཡེ་ཤེས་ཀྱི་ཡན་ལག་སྐུ་བདག་ལ་སྩལ་ཏུ་གསོལ།] ཞེས་ལན་གསུམ། སྭ་བྷཱ་ཝ༴ སྟོང་པའི་ངང་ལས་ཧཾཾ་དང་ཀྵཿལས་བྱུང་བའི་འཁོར་ལོ་ལ་སོགས་པ་ཕྱག་མཚན་རྡོ་རྗེ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངོ་བོར་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་ཕྱག་མཚན་ཡེ་ཤེས་པའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཧཾ་ཀྵཿ དྷརྨ་ཙཀྲ་པྲ་བརྟ་ཀ་སྭཱཧཱ།[ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བྱེད་པ།]དུང་གི་ཆུ་སྔོན་དུ་འགྲོ་བས་འཁོར་ལོ་བཟུང་ལ། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། རྒྱས་པ་ལ་སྤྲོ་ན། ཆོས་ཀྱི་ཞེས་པའི་གནས་སུ། པདྨ། རིན་ཆེན། རལ་གྲི། རྡོ་རྗེ་ཞེས་པ་རྣམས་བཅུག་ནས། སློབ་མ་ལ་ཕྱག་མཚན་རྣམས་ཀྱིས་རིམ་པས་དབང་


TNT02_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་ཡིན་ཀྱང༌། བདག་འཇུག་ལ་འཁོར་ལོ་གཅིག་པུས་ཆོག་ཅིང༌། སློབ་མ་དབང་བསྐུར་བ་ལ་ཡང་ངོ༌། །རྗེས་གནང་གི་དབང་བསྐུར་བས། ཡེ་ཤེས་ཀྱི་ཁམས་དང་ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གྱུར་པ་ནི། གསང་བར་ཡེ་ཤེས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ་དང༌། ཡེ་ཤེས་ཀྱི་ཁམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེ་ལྟར་ན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྒོ་ནས་རྗེས་གནང་གི་དབང་བསྐུར་བ་ཐོབ་པས། ཡེ་ཤེས་ཀྱི་ཕུང་ཁམས་རྣམ་པར་དག་ཅིང་སྒྲིབ་པ་དང་བྲལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་པར་གྱུར། ཨོཾ་བཛྲ་ཧེ་ཏུ་མཾ་བྷྲུཾ་ལས་བྱུང་བའི་འཁོར་ལོ། ཨོཾ་བཛྲ་བྷ་ཥཱ་རཾ་ཨཿལས་བྱུང་བའི་དུང༌། ཨ་ལས་བྱུང་བའི་པོ་ཏི། ཨཿལས་བྱུང་བའི་དྲིལ་བུ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་


TNT02_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ཐམས་ཅད་མཆོག་གི་མཉམ་ཉིད་གསལ། །དེང་ནས་བརྩམས་ཏེ་དམ་བཅས་པའི། །སེམས་ནི་བསྐྱེད་པ་ཙམ་གྱིས་ནི། །དེ་རིང་ཕན་ཆད་འཇིག་རྟེན་ལ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས་ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བགྱི། །ཤེས་རབ་ཐབས་ཀྱི་རང་བཞིན་བདག །ཡིད་བཞིན་ནོར་བུ་ལྟར་མཐོང་བས། །སྐྱོན་མེད་དོགས་དང་བྲལ་བ་ཡི། །དེ་ལྟར་སེམས་ཅན་དོན་གྱིས་ཤིག །ཚུལ་དེ་ལྟ་བུས་ནུབ་སྒོར་ཡེ་ཤེས་ཀྱི་ཞལ་གྱི་ས་ལ་རྗེས་སུ་གནང་བ་ཡན་ལག་དང་བཅས་པའི་དབང་བསྐུར་བ་ཐོབ་པས། ཆོས་ཀྱི་འཁོར་ལོ་བསྐོར་བར་ནུས་ཞིང༌། ཡེ་ཤེས་རྡོ་རྗེ་དྲི་མ་དང་བྲལ་བར་གྱུར། རིམ་པ་དེ་ལྟར་དཀྱིལ་འཁོར་ཆེན་པོར་དབང་བདུན་གྱིས་མངོན་པར་དབང་བསྐུར་བ་ཐོབ་པས། སྔགས་ཀྱི་ཚུལ་ལ་དགེ་བསྙེན་དུ་གྱུར་ཞིང་། ས་བདུན་གྱི་དབང་ཕྱུག་ཏུ་ལུང་བསྟན་པ་ཐོབ་པས་སངས་རྒྱས་ཀྱི་རིགས་སུ་སྐྱེས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་[དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་]སཔྟ་ཨ་བྷི་ཤེ་ཀ་[བདུན་གྱིས་མངོན་པར་དབང་བསྐུར་བ་] སཔྟ་བྷཱུ་མི་པྲ་པྟོཧཾ་[ས་བདུན་ཐོབ་པ་ང༌།] རྡོ་རྗེ་ལག་པ་གཡས་ཀྱིས་


TNT02_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གསོར་ལ་སྙིང་གར་བཟུང་ནས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །དྲིལ་བུ་ལག་པ་གཡོན་པས་འཁྲོལ་ཞིང་དཀུ་གཡོན་པར་བརྟེན། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང༌། །ཨཱཿ སྲིད་པ་ངོ་བོ་ཉིད་ཀྱི་དག །ངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་དམ་པ་བྱེད་པར་འགྱུར། །ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་མཆོག་གི་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་དབྲོག །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བསྟེན་པར་བྱ། །གཡུང་མོ་ལ་སོགས་མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པདྨར་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱིས་སྲུང་མི་བྱ། །


TNT02_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ་ཀྱེ་སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཐའ་ཡས་བསྐལ་པས་མིན་པར་རྒྱལ་བས་གསུངས། །ཞེས་བརྗོད། རྩ་བའི་ལྟུང་བ་སྤང་བར་གདམས་པ་ཡང་བརྗོད་པར་བྱ་སྟེ། གལ་ཏེ་གཡོ་སྒྱུས་དབང་གིས་རྩ་བའི་ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་འདི་དག་སྡུག་བསྔལ་ལོ། །ཞེས་དང༌། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། །དེ་ཡི་བཀའ་ལ་དགོངས་པས་གཞན་དུ་འགྱུར་ཏེ་ངེས་པར་དེ་བཞིན་སྤུན་ལ་ཁྲོས་པས་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ་རི་བོ་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། །ཕུང་པོ་ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང༌། །སྒྱུ་ཡི་བྱམས་པ་དང་ནི་མིང་སོགས་བྲལ་བ་བདེ་བ་སྟེར་ལ་རྟོགས་པ་ཕྱོགས་དང་དྲག་པོའོ། །དག་པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་མ་དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེ་ཐེག་པར་གནས་པ་རྣམས་ལའོ། །


TNT02_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པས་སོ། །འདི་ནི་བདག་འཇུག་སྐབས་བསྡུས་པ་ལ་དགའ་བའི་ཚེ་མ་བརྗོད་ཀྱང་ཆོག་ལ། སློབ་མ་ལ་དབང་བསྐུར་བའི་ཚེ་ནི་ངེས་པར་བརྗོད་དགོས་སོ། །དེ་ལྟར་ན་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བྱིས་པ་འཇུག་པའི་དབང་བདུན་བསྐུར་བས། སྔགས་བཟླས་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་ལ་དབང་བར་འགྱུར་ཏེ། འོག་མིན་གྱི་སྲིད་པའི་མཐར་ཐུག་པར་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་བདེན་པ་ཉིད་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའི་སླད་དུ་བདག་གིས་ལུང་བསྟན་ཞིང་རྗེས་སུ་གནང་ངོ༌། །སྲིད་པའི་ངན་འགྲོ་ལས་བཏོན་ནས། །སྲིད་པ་ཤིན་ཏུ་ཞི་བྱའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་གིས་ཁྱོད་ནི་ལུང་བསྟན་བགྱི། །ཀྱཻ་ཁྱོད་ནི་[དཔལ་མི་བསྐྱོད་]རྡོ་རྗེ་ཆྒཻ་མོ། ཏ་ཐཱ་ག་ཏ་ཤི་ཥྱཱ་ས་མ་ཡ་སྟྭཾ་བྷུར་བྷུ་བཿསྭ། གང་ཡང་འདི་ལྟར་ལུང་བསྟན་པ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །དེ་དག་ནི་བྱིས་པ་འཇུག་པའི་དབང་གི་ཆོ་གའོ། །མདོར་བསྡུས་རྒྱུད་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པ་ལ་ཁ་སྐོང་དང་བྲལ་བའི་ལུགས་བྱེད་ན། དྲི་བ་དྲིས་ལན་ནས། དམ་བཞག་རྫོགས་ཀྱི་བར་དང༌། བདེན་


TNT02_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱིན་རླབས་བརྗོད་པ་དང༌། མིག་དར་དགྲོལ་པའི་ཚིགས་བཅད། ལྟ་བ་བསྐུལ་བ། ཆེད་དུ་བརྗོད་པ། དབང་སྤྱིའི་གསོལ་བཏབ། རྗེས་གནང་གི་ཕྱག་མཚན་ཕྱི་མ་རྣམས་དང༌། ཆོས་བཤད་ཀྱི་རྗེས་གནང་དང་རྡོ་རྗེ་དང་དྲིལ་བུའི་དམ་ཚིག་སྦྱིན་པའི་དམིགས་པ་དང༌། ཚིགས་བཅད་དང༌། ལུང་བསྟན་རྣམས་དཀྱིལ་ཆོག་གཞན་གྱི་ལུགས་ལས་ཁ་བསྐང་བར་སྣང་བས། བསྡུས་པ་ལ་དགའ་བའམ་ཡིད་ཆེས་ན་དེ་རྣམས་བོར་པས་ཆོག་གོ །དེ་ནས་དབང་གོང་མ་རྣམས་ཞུ་བའི་དོན་དུ་རིག་མ་མཆོག་དང་མཎྜལ་ཕུལ་ཏེ། སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་མི་འགྱུར་བདེས་གང་བ། །ཡེ་ཤེས་སྐུ་ཁྱོད་ལ་ཕྱག་འཚལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ནི་འགྱུར་མེད་གང༌། །དབང་བསྐུར་དེ་ཡིས་བདག་ལ་ནི། །མགོན་པོ་ད་ནི་བཀའ་དྲིན་མཛོད། །བུ་དང་ཆུང་མ་སོགས་བཅས་པ། །བདག་ནི་དུས་ཀུན་ཁྱོད་ཀྱི་འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའི་མཐར། །བདག་ལ་སྐྱབས་གཞན་ཡོད་མ་ཡིན། །ཞེས་པས་ཐུན་མོང་དུ་གསོལ་བ་བཏབ་ནས། ཁྱད་པར་བུམ་པའི་དབང་བསྐུར་བར་གསོལབ་འདབ་པར་བྱ་སྟེ། ཨོཾ་ཨོཾ་[སྐུ་རྡོ་རྗེའི་ས་བོན།] པྲཛྙཱ་ཨུ་པཱ་ཡཽ་[ཤེས་རབ་ཐབས་དག་] ཀ་ལ་ཤ་ཨ་བྷི་ཥེ་ཀཾ་[བུམ་པའི་དབང་བསྐུར་བ་] མེ་ད་དཱ་ཏཱཾ་ཧུཾ་ཧཱུཾ་ཕཊ།


TNT02_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

[བདག་ལ་སྩལ་དུ་གསོལ།] ཅེས་པའོ། །དེ་ནས་སྔར་ཕུལ་བའི་ཕྱག་རྒྱ་དེ་ཉིད་སྣ་ཚོགས་ཡུམ་དུ་བྱིན་གྱིས་བརླབས་ནས། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཟུང་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཟུང་ལ་མཆོད་པ་དག་ཏུ་གྱིས། །ཞཻས་རིག་མ་གཏད། དེའི་ནུ་མ་ལ་ལག་པས་རེག་པས། དེ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་དེ་འཇིག་རྟེན་ཀུན་རྫོབ་ཀྱི་དགའ་བའི་དགའ་བ་སྟེ། དེ་ཉིད་བུམ་པའི་དབང་གི་དོན་ནོ། །དེ་ལྟར་ན་ཕྱག་རྒྱའི་ལུས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ་པས། སྔགས་ཀྱི་ཚུལ་ལ་དགེ་ཚུལ་དུ་གྱུར་ཞིང། ས་བརྒྱད་པ་མི་གཡོ་བར་ལུང་བསྟན་པ་ཐོབ་པས་སངས་རྒྱས་ཀྱི་སྲས་སུ་གྱུར། ཨོཾ་ཨོཾ་བཛྲ་སཏྭེ་ན་[རྡོ་རྗེ་སེམས་དཔའ་] བཛྲ་ཀ་ལ་ཤ་ཨ་བྷི་ཥེ་ཀེ་ཎ་[རྡོ་རྗེ་བུམ་པའི་མངོན་པར་དབང་བསྐུར་བས་] ཨ་བྷི་ཥི་ཀྟོ་[མངོན་པར་དབང་བསྐུར་ཏེ་] བཛྲ་སཏྭ་[རྡཽ་རྗེ་སེམས་དཔའི་] པུ་ཏྲོ་ཨ་ཙ་ལཱ་བྷཱུ་མི་ལབྡྷོ་ཧཾ།[སྲས་མི་གཡོ་བའི་ས་ཐོབ་པ་ངའོ། །] ཞེས་ང་རྒྱལ་བཟུང་བར་བྱ་སྟེ་བུམ་པའི་དབང་ངོ༌། །དེ་ནས་གསང་བའི་དབང་གི་དོན་དུ་མཎྜལ་འབུལ། ཨོཾ་ཨཱཿ[གསུང་རྡོ་རྗེའི་ས་བོན།] པྲཛྙཱ་ཨུ་པཱ་ཡཽ་[ཤེས་རབ་ཐབས་དག་] གུ་ཧྱ་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཱཾ་ཧུཾ་ཧཱུཾ་ཕཊ[གསང་བའི་མངོན་པར་དབང་བསྐུར་བ་བདག་ལ་སྩལ་དུ་གསོལ།]ཞེས་པས་གསོལ་བ་བཏབ།


TNT02_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་དྭཱ་ད་ཤ་སོགས་ཀྱིས་གདོང་གཡོགས་བཅིངས་པར་བསམ་ཞིང༌། དེ་ནས། བླ་མ་དུས་ཀྱི་འཁོར་ལོ་ཡབ་ཡུམ་སྙོམས་པར་ཞུགས་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས་ནས་སྐུ་ལ་ཞུགས་པ་ཆགས་པ་ཆེན་པོས་ཞུ་བར་གྱུར་པ། ཨ་བ་དྷཱུ་ཏཱིའི་ལམ་ནས་བརྒྱུད་དེ་ནོར་བུར་བྱོན་པའི་བདུད་རྩི་མཐེ་བོང་དང་མིང་མེད་ཀྱིས་བཟུང་ནས་ལྕེ་ཐོག་ཏུ་བཞག་པར་གྱུར། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་བགྱི། །ཞེས་དང༌། བླ་མེད་དེ་ནི་འདི་ཉིད་དེ། །གཉིས་སུ་མེད་ཅིང་མི་འགྱུར་བ། །ཆོས་ཀྱི་དབྱིངས་ནི་དམ་པ་ཡི། །དམ་པའི་བདེ་བ་མྱང་བར་གྱིས། །ཞེས་བརྗོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་ངོ་བོར་བསམས་ཏེ། ཨ་ཧོ་མཧཱ་སུ་ཁཾ། ཞེས་བརྗོད་ཅིང༌། དངོས་སུ་བདུད་རྩི་རིལ་བུ་སྦྱར་བའི་ནང་མཆོད་ཀྱི་ཐིག་པ་ལན་གཉིས་སུ་ལྕེ་ལ་བཞག་ཅིང་བཏུང་བར་བྱའོ། །དེ་ནས་གོང་གི་སྔགས་ཀྱིས་མིག་དར་བསལ། ཕྱག་རྒྱའི་བྷ་ག་གསལ་བར་བྱས་པ་ཡང་བལྟས་ཏེ། དེ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་འཇིག་རྟེན་ཀུན་རྫོབ་ཀྱི་མཆོག་དགའི་དགའ་


TNT02_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། དེ་ཉིད་གསང་བའི་དབང་གི་དོན་ནོ། །དེ་ལྟར་ན་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ་པས། སྔགས་ཀྱི་ཚུལ་ལ་དགེ་སློང་དུ་གྱུར་ཞིང༌། ས་དགུ་པ་ལེགས་པའི་བློ་གྲོས་སུ་ལུང་བསྟན་པ་ཐོབ་པས་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་གྱུར། ཨོཾ་ཨཱཿབཛྲ་སཏྭེ་ན་[རྡོ་རྗེ་སེམས་དཔའ་] གུ་ཧྱ་ཨ་བྷི་ཥི་ཀེ་ཎ་[གསང་བའི་མངོན་པར་དབང་བསྐུར་བས་]ཨ་བྷི་ཥི་ཀྟོ་[མངོན་པར་དབང་བསྐུར་ཏེ་] བཛྲ་སཏྭ་[རྡོ་རྗེ་སེམས་དཔའི་] ཡུ་བ་རཱ་ཛོ་ན་བ་བྷཱུ་མི་ལབྡྷོ་ཧཾ།[རྒྱལ་ཚབས་དགུ་པ་ཐོབ་པ་ངའོ། །] ཞེས་ང་རྒྱལ་བཟུང་བར་བྱ་སྟེ། གསང་བའི་དབང་ངོ༌། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། ཨོཾ་ཧཱུཾ་[ཐུགས་རྡོ་རྗེའི་ས་བོན།] པྲཛྙཱ་ཨུ་པཱ་ཡཽ་[ཤེས་རབ་ཐབས་དག་] བཛྲ་སཏྭ་[རྡོ་རྗེ་སེམས་དཔའ་དང་] བི་ཤྭ་མཱ་ཏ་རཽ་[སྣ་ཚོགས་ཡུམ་དག་] པྲཛྙཱ་ཛྙཱ་ན་[ཤེས་རབ་ཡེ་ཤེས་ཀྱི་] ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཱཾ་ཧུཾ་ཧཱུཾ་ཕཊ།[མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ།] ཞེས་པས་གསོལ་བ་བཏབ། དེ་ནས་བླ་མས། འདིར་ནི་ཁྱོད་རྣམས་དཔང་པོ་ལགས། །བདག་གིས་འདི་ལ་འདི་གཏད་དོ། །ཞེས་རྡོ་རྗེ་སེམས་དཔའ་དཔང་དུ་བྱས་ནས། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །སྟེན་བྱར་སངས་རྒྱས་རྣམས་ཀྱིས་རྟགས། །འཁོར་ལོའི་རིམ་པའི་སྦྱོར་བ་ཡི། །བདེ་


TNT02_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བ་དམ་པ་མྱང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་གནས་ལྟ་བས། །ཞེས་གོ་བར་བྱས་ཏེ། ཕྱག་རྒྱ་སྣ་ཚོགས་ཡུམ་དུ་བྱས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། ལྟེ་བར་ཧོཿ གསང་བར་སྭཱ། གཙུག་ཏོར་དུ་ཧཱ་རྣམས་འཁོད་པར་གྱུར། ཕྱག་རྒྱ་དེས་ཀྱང་ཆུ་སྐྱེས་གུར་ཀུམ་ལ་སོགས་པའི་དྲི་བཟང་པོར་བྱས་པ་སྟོན་ཅིང༌། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་ཏེ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་གནས། །བྷཉྫ་མོ་ཀྵ་ཧོཿ བདག་ཉིད་དུས་ཀྱི་འཁོར་ལོར་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙྀང་གར་ཧཱུཾ། ལྟེ་བར་ཧོཿ གསང་བར་སྭཱ། གཙུག་ཏོར་དུ་ཧཱ་རྣམས་འཁོད་པར་གྱུར། ཤེས་རབ་ཀྱི་པདྨ་ཨཱཿལས་པདྨ་འདབ་མ་བརྒྱད་པ། ཟེའུ་འབྲུ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེས་མཚན་པ། ཐབས་ཀྱི་རྡོ་རྗེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། དབུས་སུ་ཨཱཿལས་བྱུང་བའི་པདྨ་འདབ་བརྒྱད་ཀྱིས་མཚན་པར་གྱུར། ལག་བཅངས་དང་གཉིས་སྦྱོར་གྱི་སྒོ་ནས་སྙོམས་པར་ཞུགས། ཨོཾ་ཛྙཱ་ན་[ཡེ་ཤེས་ཀྱི་] པཱུ་ཛ་[དགའ་བས་] ཨ་ནུ་རཀྟོ་[རྗེས་སུ་ཆགས་པའི་]


TNT02_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷཱ་བ་[རང་བཞིན་གྱི་] ཨཱཏྨ་ཀོ྅ཧཾ།[བདག་ཉིད་ངའོ། །] ཞེས་བརྗོད། དེ་ལྟ་བུའི་སྦྱོར་བ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བར་གྱུར་པ་ནི། འཇིག་རྟེན་ཀུན་རྫོབ་ཀྱི་དགའ་བྲལ་གྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་ཏོ། །དེ་རྣམས་ནི་དགའ་བ་བཞིའི་དབྱེ་བས་ཀུན་རྫོབ་ཀྱི་དབང་རྣམ་པ་བཞིའོ། །དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས་སྔགས་ཀྱི་ཚུལ་ལ་གནས་བརྟན་ཏུ་གྱུར་ཞིང༌། ས་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པར་ལུང་བསྟན་པ་ཐོབ་པ་རྡོ་རྗེ་འཆང་གཉིས་པར་གྱུར། ཨོཾ་ཧཱུཾ་བཛྲ་སཏྭེ་ན་[རྡོ་རྗེ་སེམས་དཔའ་] པྲཛྙཱ་ཛྙཱ་ནེ་ན་[ཤེས་རབ་ཡེ་ཤེས་ཀྱིས་]ཨ་བྷི་ཥེ་ཀེ་ན་[མངོན་པར་དབང་བསྐུར་བས་] ཨ་བྷི་ཥི་ཀྟོ་[མངོན་པར་དབང་བསྐུར་ཏེ་]དྭི་དཱི་ཡོ་བཛྲ་དྷ་རོ་ཧཾ།[རྡོ་རྗེ་འཆང་གཉིས་པ་ང་] དྷརྨ་མེ་གྷཱ་བྷཱུ་མི་ལབྡྷོ་ཧཾ།[ཆོས་ཀྱི་སྤྲིན་གྱི་ས་ཐོབ་པ་ངའོ། །] ཞེས་ང་རྒྱལ་བཟུང་བར་བྱ་སྟེ། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དེ་ནས་བླ་མས་དམ་ཚིག་གི་ངེས་པ་སྦྱིན་པ་ནི། འཇིག་རྟེན་ཀུན་རྫོབ་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ནི་དོན་དམ་པ་མ་ཡིན་གྱི། དོན་དམ་པར་རྣལ་འབྱོར་པ་རྣམས་ཀྱི་བདེ་བ་ནི་ཐིག་ལེ་འཕོ་བ་མེད་པ་ཡིན་པས། བདེ་བ་ཆེན་པོའི་རྟེན་ཐིག་ལེ་ནི་ཁྱོད་ཀྱིས་བསྲུང་བར་བྱའོ། །


TNT02_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གདམས་པ་ནི། ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་དང༌། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་ལའང༌། །བདེ་བ་ཆེན་པོ་བྱང་ཆུབ་སེམས། །བརྟུལ་ཞུགས་བརྟན་པོས་བསྲུང་བར་བྱ། །བྷ་གར་ལིང་ག་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །སྲུང་བ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཕ་རོལ་ཕྱིན་བཅུ་ཐོབ་པ་ཡི། །རྫོགས་པའི་སངས་རྒྱས་དུས་གསུམ་འཇུག །འདི་ཡིས་རྫོགས་སངས་རྒྱས་ཀུན་གྱིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རང་དང་གཞན་དོན་སྒྲུབ་པའི་སླད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ལས་གཞན་པ་ཡོད་མ་ཡིན། །སྐྱོབ་པ་ཀུན་གྱི་སྡོམ་པ་ནི། །གལ་ཏེ་ཁྱོད་སྲུངས་བདག་གི་བུ། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་རླབས་རྫོགས་བྱང་ཆུབ་ཐོབ་འགྱུར། །ཅི་སྟེ་ཆགས་པས་ཟིལ་མནན་བདག །གཙོ་བོའི་མདུན་དུ་བླང་ནས་ནི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཚེ་ངུ་འབོད་


TNT02_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲོར་འགྱུར། །དམན་པའི་སེམས་ལས་སྐྱེ་གནས་སུ། །གང་ཚེ་བྱང་ཆུབ་སེམས་ལྷུང་གྱུར། །དེ་ཚེ་ཕྱག་རྒྱར་ཤེས་ནས་ནི། །པདྨའི་ཕྱི་རོལ་རང་ལྕེས་བླངས། །ཞེས་བརྗོད་པར་བྱ་སྟེ། སྡོམ་པ་བྱིན་པའི་ངེས་པའོ། །སླར་ཡང་མཎྜལ་ཕུལ་ནས། བཅོམ་ལྡན་འདས་བདག་ལ་དབང་བསྐུར་བའི་རབ་ཏུ་བྱེད་པའྀ་བཀའ་དྲིན་གནང་བར་མཛད་དུ་གསོལ། ཞེས་པས་གསོལ་བ་གདབ་བོ། །དེ་ནས་བླ་མས། བུ་ཁྱོད་ཉོན་ཅིག ཀུན་རྫོབ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་བདེ་བ་དགའ་བ་བཅུ་དྲུག་གི་མཚན་ཉིད་ནི། འདོད་པ་བསྐྱོད་པར་བྱེད་པ་འགྲོ་བ་རང་གི་ཡིད་ལའོ་གང་བ་དག་ནི་གང་བ་ཉིད་དུ་འགྱུར། །གང་བ་ཡན་ལག་མཆོག་ལ་རི་བོང་འཛིན་པ་ཁུ་བར་བྱས་ནས་འབར་བའི་ཐིག་ལེ་བཟང་པོ་འཛག །ཨོཊྚས་བཀུག་པ་མཆོག་གི་བདེ་བ་རང་བཞིན་གྱིས་སྟེར་ཐིག་ལེ་གྲོལ་བ་བདག་ནི་གསུམ་གྱི་མཐར། །ལྟ་དང་རེག་དང་འགྲོགས་ལས་འཛག་པའི་བདེ་བ་འདི་དག་གིས་ནི་དགའ་བ་ལ་སོགས་དབྱེ་བ་སྟེ། །འདོད་པ་དགའ་བར་བྱེད་དེ་དང་པོ་དག་ཀྱང་མི་རྣམས་ཀྱིས་ནི་མིག་གི་ལྟ་བ་རྣམས་ཀྱིས་སོ། །ཕྱི་ནས་གང་བ་རབ་ཏུ་སྦྱར་བ་ཡིས་ཏེ་སླར་ཡང་མཆོག་གི་དགའ་བ་ཉིད་དོ་རང་ལུས་ལ། །འབར་བ་ཉིད་ལ་


TNT02_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་འཛག་པའི་དགའ་བ་ཡིས་ཀྱང་ཁྱད་པར་དགའ་བ་རྡོ་རྗེ་པདྨ་ལ། །ཨོཊྚ་ཐིག་ལེ་གསུམ་གྱི་མཐའ་རུ་འགྱུར་བ་ལ་གནས་ལྷན་ཅིག་སྐྱེས་པའི་དགའ་བ་རྡོ་རྗེ་བྱེད། །ཅེས་པའི་དོན་དགའ་བ་བཞི་དང༌། དེ་དག་རེ་རེ་ལ་ཡང་ལུས་དང་ངག་དང་སེམས་དང་ཡེ་ཤེས་ཀྱི་དབྱེ་བས་ཕྱེ་བ་དགའ་བ་བཅུ་དྲུག་ཏུ་འགྱུར་བ་ཇི་ལྟ་བ་བཞིན་དུ། ཆགས་བྲལ་དང་པོ་ཆགས་པ་ཆེ། ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་རྫོགས་སངས་རྒྱས་པའི་གནས། །སངས་རྒྱས་བརྗོད་པའི་ཆོས་འཛིན་པ། །ཞེས་དང༌། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཆ་མེད་ཆ་ལས་འདས་པ་པོ། །བསམ་གཏན་བཞི་པའི་རྩེ་མོ་འཆང༌། །ཞེས་པའི་དོན་ཐིག་ལེ་འཕོ་བ་མེད་པ་དོན་དམ་པའི་དགའ་བ་བཞི་ཡང་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དབྱེ་བས་ཕྱེ་བ་ནི་དེ་ཁོ་ན་ཉིད་བཅུ་དྲུག་ཡིན་ལ། འཇིག་རྟེན་ཀུན་རྫོབ་པའི་ཤེས་རབ་ཡེ་ཤེས་ནི་མཚོན་བྱེད་དཔེའི་ཡེ་ཤེས་ཙམ་སྟེ། དོན་དམ་པ་མ་ཡིན་གྱི། དེས་ཉེ་བར་མཚོན་པའི་འཇིག་རྟེན་ལས་འདས་པ་དབང་བཞི་པའི་ཤེས་རབ་ཡེ་ཤེས་ནི་དོན་གྱི་ཡེ་ཤེས་ཏེ། དེ་ཁོ་ན་ཉིད་ཀྱི་དོན་ཡིན་ནོ། །ཞེས་འཕོ་བ་མེད་པའི་དོན་དམ་པ་སྤྲོས་པ་དང་བྲལ་ཞིང༌། སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་ཡེ་ཤེས་ལ་འདུན་པར་བྱ་སྟེ།


TNT02_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པའི་དབང་གསུམ་གྱི་ཆོ་གའོ། །འཇིག་རྟེན་ལས་འདས་པའི་དབང་བཞི་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས། ཨོཾ་ཧོཿ[ཡེ་ཤེས་རྡོ་རྗེའི་ས་བོན།]པྲཛྙཱ་ཨུ་པཱ་ཡ་ཨཱདྨ་ཀཾ་[ཤེས་རབ་ཐབས་ཀྱི་བདག་ཉིད་ཅན་]བཛྲ་སཏྭ་མཧཱ་མུ་དྲཱ་[རྡོ་རྗེ་སེམས་དཔའ་དང་ཕྱག་རྒྱ་ཆེན་མོ་]ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་པྲ་ཡཙྪ་ཨོཾ་ཨཱཿཧཱུཾ་ཧོཿཕཊ།[ཡེ་ཤེས་ཀྱི་མངོན་པར་དབང་བསྐུར་བ་བདག་ལ་སྩོལ།] ཅེས་པས་གསོལ་བ་བཏབ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གི་གསང་ཆེན་དབང་གིས་ནི། །ཁྱོད་ཀྱི་སེམས་རྒྱུན་དབང་བསྐུར་རོ། །ཞེས་བརྗོད་ལ། རྐང་པ་སྐྱིལ་ཀྲུང༌། ལུས་དྲང་པོར་སྲངས། ལྟ་སྟངས་གཡོ་བ་མེད་པར་བྱས་ལ། དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པའི། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་པའི་བར་དང༌། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །ཞེས་དང༌། དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། །སྒོམ་པའི་ཐབས་རྣམས་བདག་གིས་མི་མཐོང་སྟེ། །དེ་ཉིད་དུ་ནི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །


TNT02_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང༌། ཡན་ལག་ཕྱག་རྒྱ་ཆེ་སྒོམ་པས། །རྣལ་འབྱོར་ཆེན་པོ་ཀུན་མཁྱེན་ཉིད། །འགྱུར་མེད་བདེ་བའྀ་རང་བཞིན་སྒྲུབ། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །ཅེས་པའི་དོན་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པ་དང་བྲལ་ཞིང༌། བློ་རྣམ་པར་རྟོག་པ་སྣང་བ་དང་བཅས་པ་ཐམས་ཅད་འཁྲུལ་བའི་སྣང་བ་ཡིན་པར་ཤེས་པར་བྱས་ནས། ཅིར་ཡང་རྣམ་པར་མི་རྟོག་པའི་ངང་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱའོ། །དེ་ལས་ཡན་ལག་དྲུག་གི་རིམ་པས་ཐོབ་པ་ཕྱག་རྒྱ་ཆེན་པོ་དང་མི་འགྱུར་བའི་བདེ་བ་ཟུང་ངུ་འཇུག་པའི་ཡེ་ཤེས་སོ་སོར་རང་གིས་རིག་པར་འགྱུར་བ་ནི་གོང་མའི་གོང་མ་ཆེན་པོ་བཞི་པའི་ཡེ་ཤེས་སོ། །དེ་ལྟར་དོན་དམ་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་དབང་བསྐུར་བ་ཐོབ་པས། སྐྱེ་རྒུའི་བདག་པོ་ས་བཅུ་གཉིས་པ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འགྱུར། ཨོཾ་ཧོཿདྷརྨ་དྷཱ་ཏུ་ཨ་ཀྵ་ར་ཙ་ཏུརྠཱ་ཨ་བྷི་ཥེ་ཀེ་ཎ་ཨ་བྷི་ཥི་ཀྟོ་[ཆོས་དབྱིངས་འགྱུར་བ་མེད་པ་བཞི་པའི་མངོན་པར་དབང་བསྐུར་བ་མངོན་པར་དབང་བསྐུར་ཏེ་] བཛྲ་སཏྭེ་ན་[རྡོ་རྗེ་སེམས་དཔའི་]ཨཱཏྨ་ནཱ་ཧཾ་[བདག་ཉིད་ང་]


TNT02_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དྭི་དཱི་ཡོ་[གཉིས་པ་]དྭཱ་ད་ཤ་བྷཱུ་མི་ལབྡྷོ་[ས་བཅུ་གཉིས་ཐོབ་པ་] བཛྲ་སཏྭ་[རྡོ་རྗེ་སེམས་དཔའ་] མཧཱ་ཨརྠཿ[དོན་ཆེན་པོ་] པ་ར་མ་ཨ་ཀྵ་རཿ[མཆོག་ཏུ་མི་འགྱུར་བ་] ཏཱཻ་ལོ་ཀྱ་བི་ཛ་ཡཿ[འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་] ཀཱ་ལ་ཙཀྲོ་བྷ་ག་བཱན་[དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་] ཨེ་བཾ་ཀ་རཿ[ཨ་བཾ་ཡི་གེ] ཞེས་ང་རྒྱལ་བཟུང་བར་བྱའོ། དབང་བཞི་པའོ། །དེ་ནས། དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། སངས་རྒྱས་དང་ནི་བྱང་ཆུབ་སེམས། །དཔལ་ལྡན་བླ་མ་ཁྱེད་སྤངས་ནས། །བླ་མ་གཞན་དག་རྨི་ལམ་དུའང༌། །སྲོག་དོར་ནས་ནི་བསྟེན་མི་བྱ། །གཞན་ཡང་དེ་བཞིན་དུས་ཀུན་དུ། །གཡོ་སྒྱུ་མེད་པར་ནུས་ཚད་ཀྱིས། །ལུས་ངག་སེམས་དང་གསུམ་པོ་ནི། །གཙོ་བོའི་སྤྱན་སྔར་དབུལ་བར་བགྱི། །རལ་གྲི་དང་ནི་སྣག་ཚ་དང༌། །སྐྱེ་བོ་ཀུན་ལ་སྙེམས་པ་དང༌། །ཞིང་དང་ཁྱིམ་གྱི་ལས་དང་ནི། །ཚོང་ལ་སོགས་པ་མི་བྱའོ། །ཞེས་དམ་འཆའ། ཚིགས་བཅད་ཕྱི་མ་འདི་མ་བརྗོད་ཀྱང་ཆོག་གོ །གཏང་རག་གི་མཎྜལ་དབུལ་པར་བྱའོ། །དེ་ནས་སློབ་མ་གཞུག་པའི་ཆེད་དམ། སློབ་མ་ལ་དབང་བསྐུར་བ་མ་ཡིན་ཀྱང༌། དེ་ཁོ་ན་ཉིད་ཀྱི་བསྟོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་དངོས་གྲུབ་མངོན་པར་ཞུ་ཞིང༌། བདེན་


TNT02_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱིན་རླབས་བྱ་སྟེ། རྡོ་རྗེ་དང་དྲིལ་བུ་འཛིན་པས། ནམ་མཁའ་སྐྱེ་བ་མཚན་པའི་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །མི་བསྐྱོད་རྡོ་རྗེ་དེང་བདག་སྒྲུབ། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་མཛོད། ཉེས་པ་མེད་པ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱིས་རྗེས་ཆགས་དང༌། །བཅོམ་ལྡན་ཆགས་ཆེན་དགའ་བ་ཆེ། །དེ་ཉིད་དུ་ནི་བདག་སྒྲུབས་མཛོད། །ཤིན་ཏུ་རྣམ་དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་སྒྲུབས་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཆེན་མཆོག་གི་ཕྱག་རྒྱ་ཡི། །རྡོ་རྗེ་ཆེན་པོ་གསལ་བ་ལས། །རྡོ་རྗེ་སྙེམས་བདག་བདག་སྒྲུབས་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཀྱང་ཡིན། །དམ་ཚིག་མཆོག་གི་འདོད་པ་མཆོག །བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པ་དེ་ཡིས་མགོན་པོ་


TNT02_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད། །འདོད་པ་བདག་ལ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་ཉིད་དེ་བཞིན་ཉིད་ངེས་བྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །འདི་ཡང་རྒྱུད་གཞན་གྱི་ཆོ་ག་ཡིན་པས། འདིར་བསྡུས་པ་ལ་དགའ་ན་མ་བྱས་ཀྱང་རུང་ངོ༌། །དེ་ནས་སྙིང་རྗེའི་དབང་བསྐུར་བར་བྱ་སྟེ། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་དཔག་ཏུ་མེད་པས། འགྲོ་བ་དྲུག་ན་གནས་པའི་ཞེས་པ་ནས། སླར་ཡང་དེ་རྣམས་རང་རང་གི་ཞིང་དུ་གཤེགས་པར་གྱུར། ཞེས་བརྗོད། དྲུག་པ་ནི། གོང་དུ་ཇི་སྐད་བཤད་པའི་བདག་འཇུག་གི་ཆོ་ག་དེ་རྣམས་ཉིད། སློབ་མ་ལ་བསྐུར་བས་ཀྱང་དབང་གི་བྱ་བ་མ་ཚང་པ་མེད་ཅིང་མཆོག་ཏུ་དག་པར་ཡང་འགྱུར་ལ། འོན་ཀྱང་མིག་དར་བཅིངས། གོས་སྐོན་པའི་སྐབས་སུ། ཆས་སུ་འཇུག་པ་གསུམ་སྦྱིན་པ་དང༌། ལྷ་ངོ་བསྟན་པ་ནི་སློབ་མའི་བློ་ཡུལ་དུ་ངེས་པའི་ཕྱིར། གསང་སྔགས་རྣམས་ལ་སྒྲུབ་པར་གྱིས། ཞེས་ལྟ་བར་བསྐུལ་བའི་རྗེས་སུ། རྡོ་རྗེའི་རང་བཞིན་རྩིབས་བཅུ་པ་ཟླུམ་པོའི་དབུས་སུ་ཞེས་པ་ནས། མཆོག་ཏུ་བཀྲ་བ་དུ་མས་


TNT02_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པར་གྱུར། ཞེས་པའི་བར་ལ་འཇིག་རྟེན་གྱི་ཁམས་ཞུ་བ་ལས་སླར་ཡང་འཇིག་རྟེན་གྱི་ཁམས་སུ་གྱུར་པ་དང༌། ས་བོན་རྣམས་དོར། དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ཞེས་པ་ནས། སེམས་ཅན་བསླུ་བར་མི་འདོད་མའི་བར་མངོན་རྟོགས་བཞིན་དུ་ལྷ་ངོ་སྟོན་པ་ལས། ས་བོན་ཕྱག་འཚལ་ལས་བསྐྱེད་པའི་ཚིག་རྣམས་དོར། བྱིས་པ་འཇུག་པའི་དབང་བདུན་སྐབས། དབང་རྫས་རྣམས་ལྷའི་ངོ་བོར་སྒོམ་ཞིང་ཞལ་ཕྱག་མི་བསྐྱེད་པ་དང༌། དབང་རྫས་ཀྱིས་དབང་བསྐུར་ཟིན་པའི་འབྲས་བུ་ལ། ཕུང་ཁམས་སོགས་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྐྱེད་པ་ཉིད་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་རྒྱ་མཚོའི་དགོངས་པ་ཡིན་ཞིང༌། དེ་ཉིད་དྲི་མ་མེད་པའི་འོད་ཀྱི་དགོངས་པ་རྨ་མེད་པར་ཡང་སྣང༌། ལྷག་པར་མོས་པ་བརྟན་པོ་ཅན་ལ་ནི། ཞལ་ཕྱག་གི་རྣམ་པ་མ་བསྐྱེད་ཅིང་དབང་གི་གོ་མི་ཆོད་པ་ནི་མ་ཡིན་ནོ། །དེས་ན་ཁམས་ལྔ་སོགས་ལྷར་བསྐྱེད་པའི་སྐབས། མངོན་རྟོགས་བཞིན་དེ་དང་དེའི་ཞལ་ཕྱག་སོགས་བསྐྱེད་ན་ལེགས་སོ། །དབང་བདུན་རེ་རེ་ལ་མཎྜལ་རེ་འབུལ་བ་ལུགས་སྲོལ་གཞན་ལ་ཡོད་ཀྱང༌། སྤྲོས་པ་ལྷུར་བླངས་པ་ཙམ་དུ་སྣང་ཞིང༌། བསྡུ་ན་དབང་བདུན་ལ་མཎྜལ་གཅིག་གིས་ཀྱང་ཆོག་ལ། སྒོ་བཞི་ནས་མཎྜལ་རེ་རེ་འབུལ་བའི་ལུགས་འདི་ཤིན་ཏུ་ལེགས་ཤིང༌། དབང་བདུན་གྱི་དབང་རེ་རེའི་མཐར་སློབ་མ་ལ་མཆོད་པ་


TNT02_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ཚར་རེ་འབུལ་བ་དང༌། རྡོ་རྗེ་བཞི་དག་པའི་དབྱེ་བས་མཆོད་པ་ལན་བཞི་དང༌། རྗེས་གནང་གི་དངོས་གཞིའི་མཐའ་ཁོ་ནར་འབུལ་བ་གསུམ་ལག་ལེན་རྒྱས་འབྲིང་བསྡུས་གསུམ་ཡིན་ཀྱང༌། རེ་རེའི་མཐར་ལན་རེ་འབུལ་བ་ལེགས་ཏེ། དཔེར་ན་ཅོད་པན་གྱི་དབང་བསྐུར་བའི་ཚེ། ཆུ་དབང་གི་དུས་སུ་བསྐྱེད་པའི་ལྷ་རྣམས་ཡིད་ཡུལ་དུ་འཆར་བར་དཀའ་བས། དབང་རེ་རེའི་མཐར་མཆོད་པ་རེ་རེ་བྱས་ན་ཐམས་ཅད་ལ་མ་ཆད་པར་འགྱུར་བས་སོ། །དེ་ཡང་སློབ་མའི་ལུས་ལ་ལྷ་བཀོད་ནས་གཉིས་སུ་མེད་པར་བསྟིམ། ཞེས་པའི་རྗེས་སུ་མཆོད་པ་འབུལ། གཞན་ཡང་དྲིལ་བུའི་དབང་གི་རྗེས་སུ་ཡང་ཆུ་དབང་བསྐུར་བ་དང༌། བརྟུལ་ཞུགས་ཀྱི་ཐོག་མར་སོར་གདུབ་རྡོ་རྗེ་སྦྱིན་པ་དང༌། དབང་བདུན་གྱི་སྔ་ཕྱི་ཐམས་ཅད་དུ་ཆུ་དབང་བསྐུར་བ་སོགས་ཇི་ལྟར་འོས་པ་སྦྱར་ཞིང་ཆོ་ག་ཁ་བསྐོང་སྤྲོས་པ་ཅན་གཞིར་བཞག་པ་ལས་ཁུངས་ཐུབ་ཀྱི་དབང་ལྟར་བྱས་ན། དེ་ལྟར་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་ཆོས་བཤད་ཀྱི་རྗེས་གནང་གྲུབ་པ་ན། རྗེས་གནང་གི་འདོགས་གཞན་དག་སྦྱིན་པར་བྱ་སྟེ། སྔགས་ཀྱི་དབང་བསྐུར་ཡེ་ཤེས་མཆོག །དངོས་གྲུབ་སྟེར་བ་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་ནས། རྐང་པ་བཅུ་དྲུག་པ་དང༌། བདུན་ཅུ་རྩ་གཉིས་པ་དང༌། སྙིང་པོ་སོགས་བཟླས་ལུང་སྤྱི་དང་མཐུན་པ་དང༌། བྱིན་གྱིས་བརླབས་པའི་ལུང་སྦྱིན་ལ། སློབ་མའི་མིག་དག་ལ་པྲཾ། ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲིཿ ཐུར་ལྡན་སྨན་པའི་རྒྱལ་


TNT02_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིས། །ཇི་ལྟར་འཇིག་རྟེན་རབ་རིབ་བཞིན། །རྒྱལ་བ་རྣམས་ཀྱིས་བུ་ཁྱོད་ཀྱི། །མི་ཤེས་པ་ཡི་རབ་རིབ་བསལ། །ཞེས་མིག་ཐུར་དང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། བུ་ཁྱོད་ཀྱིས་ནི་སྙིང་ལ་བཞུགས། །རང་བཞིན་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །ཞེས་མེ་ལོང་རྡོ་རྗེ་དང་བཅས་པ་དང༌། ཧོཿལས་བྱུང་བའི་མདའ་གཞུ། སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཡ་སྭ། སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཡ་མི། མདའ་གཞུའི་རྗེས་གནང་ངོ༌། །དེ་ལྟར་སྔགས་ཀྱི་རྗེས་གནང་དང༌། །མིག་ཐུར་དང༌། མེ་ལོང་དང༌། མདའ་གཞུ་སྟེ། བཞི་པོ་འདི་ཆོས་བཤད་ཀྱི་རྗེས་གནང་གི་རྗེས་སུ་མཛད་པའི་ཕྱག་ལེན་མགྲིན་གཅིག་ཏུ་སྣང་བ་དང༌། དཀྱིལ་ཆོག་རྒྱ་གཞུང་གི་ལུགས་སུའང་སྣང་ཞིང༌། གོ་རིམ་ཅུང་ཟད་རྗེས་པ་དེ་ཙམ་ལ་སྐྱོན་དུ་འགྱུར་བ་ཡང་མ་མཐོང་ངོ༌། །འོན་ཀྱང་གཞན་དང་བསྟུན་ན་དེའི་སྔོན་དུ་འདི་དག་བྱས་ན་ལེགས་པར་མཐོང་ངོ༌། །དམ་ཚིག་བསྒྲགས་པའི་རྗེས་ལ། དེང་འདིར་ལོ་ཆྒཻ་མོ་དང༌། རིགས་ལྡན་གྱི་རྒྱལ་པོ་


TNT02_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཆྒཻ་མོ་ཆོས་སྟོན་པའི་དུས་དང༌། ཟླ་བ་ཆྒཻ་མོ་དང༌། ཉ་ཆྒཻ་མོ་དང༌། ཚེས་༵ཆྒཻ་མོ་དང༌། གཟའ་དང་སྐར་མ་ཆྒཻ་མོ་དང༌། སྦྱོར་བ་༵ཆྒཻ་མོ་དང༌། བྱེད་པ་ཆྒཻ་མོ་ལ་བདག་རྡོ་རྗེ་སློབ་དཔོན་འདི་ཞེས་བགྱི་བས། སློབ་མ་ཁྱེད་རྣམས་ལ་དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བྱིས་པ་འཇུག་པའི་དབང་བདུན་བསྐུར་བ་སོགས་བརྗོད། ལུང་བསྟན་གྱི་རྗེས་ཀྱི་བྱ་བ་ལ་ཕྱིས་ཀྱི་ཡི་གེ་གཞན་ལུགས་ཕལ་ཆེར་ན། རྡོ་རྗེ་ཕྲེང་བ་ནས་འབྱུང་བའི་དབུགས་དབྱུང་ལ། གཟེངས་བསྟོད་ཅེས་བརྡའ་སྦྱར་ནས་བྱེད་ཅིང༌། སློབ་མ་དཀྱིལ་འཁོར་ལ་འབུལ་བ་དང༌། སློབ་དཔོན་དུ་དབུགས་དབྱུང་བར་གྲགས་པ་དེ་འདིར་མི་བྱེད་པར་སྣང་ངོ༌། །དེའི་རྒྱུ་མཚན་རྒྱུད་དང་འབྲེལ་བ་འདིའི་ལུགས་ཀྱི་རྡོ་རྗེ་སློབ་དཔོན་དུ་མ་གྱུར་བས་སོ་སྙམ་པར་སྣང་སྟེ། ཚིག་འདི་དག་རྒྱུད་སྡེ་གཞན་གྱི་ལུགས་ཡིན་པས། འདིའི་རང་ལུགས་ཀྱི་རྡོ་རྗེ་སློབ་དཔོན་གྱི་དབང་ཡིན་མིན་རྩི་མི་དགོས་ཞིང༌། ཅི་སྟེ་རྩི་བ་ཡིན་ན། དབུགས་དབྱུང་དང༌། ཆོས་བཤད་པའི་རྗེས་གནང་སོགས་ཀྱང་མི་བྱེད་དགོས། འཆི་མེད་ཀྱི་གནས་ཐོབ་ནས་སློབ་དཔོན་གྱི་གནས་མ་ཐོབ་པ་མི་འཐད་ཅིང༌། སློབ་དཔོན་མ་ཡིན་པ་ལ་སློབ་དཔོན་གྱི་བྱ་བ་བྱེད་པར་བཀའི་གནང་བ་སྟེར་བར་ཡང་ག་ལ་རུང༌། དེས་ན་འདིར་ཕྱིས་བྱོན་གཞན་རྣམས་ཀྱི་རྗེས་སུ་འབྲངས་ནས། ཁ་སྐོངས་རྒྱས་པར་བྱེད་པའི་ལུགས་ལྟར་ན། དེ་གཉིས་ཀ་བྱ་ལ། སྤྱིར་ནི་གཉིས་ཀའམ། གང་


TNT02_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

རུང་གཅིག་མ་བྱས་ཀྱང་ཆོ་ག་ཆད་པའི་ཉེས་པར་མི་འགྱུར་ཞིང༌། རྒྱུད་གཞན་ལ་བལྟོས་པའི་སློབ་དཔོན་གྱི་གནས་ཀྱང་ཐོབ་པའི་ཕྱིར། བྱས་ཀྱང་ཉེས་པ་མ་མཐོང་ངོ༌། །དེ་ལ་དབུགས་དབྱུང་བ་ནི། དེ་ནས་སློབ་མའི་སྟེང་དུ་གདུགས་བཟུང་ལ་ཐལ་མོ་སྦྱར་ཏེ། དཀྱིལ་འཁོར་ལ་བསྐོར་བ་བྱས་ནས་ཤར་སྒོར་བཞག་སྟེ། སློབ་དཔོན་གྱིས། སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། །ཞེས་བརྗོད་དེ། དཀྱིལ་འཁོར་གྱི་གཙོ་བོ་ལ་གསོལ་བ་གདབ་བོ། །དེ་ནས་གདུགས་གཞན་དུ་བཞག་ནས་གནས་པ་ལ། ད་ནི་ཁྱོད་ཉིད་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་དག་ཀྱང་དགོངས་པར་འགྱུར། །སེམས་ཅན་རྣམས་ལ་བརྩེ་དོན་དུ། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་པས་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །དེ་ཡི་རྗེས་སུ་གཟེངས་སྟོད་ནི། མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་བཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་


TNT02_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་གྲུབ་ཕྱིར། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱིས། །དེ་རིང་ཚེ་ལྡན་དབང་བསྐུར་ཏེ། ཁམས་གསུམ་རྒྱལ་སྲིད་ཆེན་པོ་ཡི། །བདག་པོ་ཉིད་དུ་ཁྱོད་ངེས་སོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། ཁྱོད་ཀྱིས་ནམ་ཡང་མི་བྱའོ། །འདོད་པ་ཀུན་ལ་ཉེར་སྤྱོད་པས། །གང་ལའང་འཇིགས་མེད་རོལ་བ་ཉིད། །ཤ་ལྔ་བདུད་རྩི་ལྔ་བཟའ་བྱ། །འདི་ལས་གཞན་ཡང་དམ་ཚིག་སྲུངས། །སྲོག་ཆགས་བསད་པར་མི་བྱ་སྟེ། །བུད་མེད་རིན་ཆེན་ཡོངས་མི་སྤང༌། །སློབ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་གསུང་ཇི་བཞིན། །དེ་ལྟར་ཡིན་ནི་རབ་དང་རྡོ་རྗེ་ཉིད་དུ་ཀྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟེན་པར་བགྱིས། །འགྲོ་བ་བདེ་བ་མྱུར་ལ་རྡོ་རྗེ་སེམས་དཔའ་དང༌། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་བརྟེན་པར་འགྱུར། །ཞེས་བརྗོད། དེ་ནས། སངས་རྒྱས་ཆོས་དང་དགེ་འདུན་ཆེས། །ཞེས་སོགས་དཀྱིལ་འཁོར་གྱི་དག་པ་དང༌། ལྷ་མོ་


TNT02_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རིག་མ་ཤིང་དང་བཅས་ཤིང་བུམ་པ་དང་བཅས་རྒྱལ་བ་ཡི་ནི་དག་པའི་སྐུ། །ཞེས་སོགས་དཀྱིལ་འཁོར་གྱི་ལྷའི་དེ་ཁོ་ན་ཉིད་ཀྱང་བརྗཽད་པར་བྱ་སྟེ། སྒྲུབ་ཐབས་བཞིན་དུ་བརྗོད་བར་བྱའོ། །དེ་ཙམ་གྱིས་བྱིས་འཇུག་གི་དབང་ཁ་བསྐོང་དང་བཅས་རྒྱས་པར་འགྱུར་རོ། །དབང་གོང་མ་རྣམས་ནི་བདག་འཇུག་ཇི་ལྟ་བ་བཞིན་དུ་ཕོག་པས་ཆོ་ག་ལ། སྐུ་གསུང་ཐུགས་ཡེ་ཤཻས་རྡོ་རྗེའི་བྱིན་རླབས་འབེབས་པའི་མན་ངག་འཁྲིད་ཀྱི་སྔོན་འགྲོའི་དབང་གི་སྐབས་གོང་མ་རྣམས་མཛད་པ་དེ་ཉིད། ཕྱོགས་ལས་རྣམ་པར་རྒྱལ་བའི་ཞབས་སོགས་ཀྱིས་སྐབས་འདིར་སྦྱོར་བར་མཛད་པ་ལྟར་བྱས་ནའང་ཤིན་ཏུ་ལེགས་སོ། །བྱིས་འཇུག་དང་དབང་གོང་མ་དཀྱུས་གཅིག་ལ་བྱེད་པའི་ཚེ། རྩ་ལྟུང་བཅུ་བཞི་སྒྲོག་པ་ཚར་གཅིག་གིས་ཆོག་ཅིང༌། དུས་སོ་སོར་བྱེད་ན། མཆོག་དབང་གི་སྐབས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཐུན་མོང་མ་ཡིན་པའི་དམ་ཚིག་བསྒྲགས་ཟིན་པའི་རྗེས་སུ་ཡང་ཚར་གཅིག་བསྒྲག་གོ །རྡོ་རྗེ་སློབ་དཔོན་གྱི་དབང་གི་ཆོ་ག་ནི་གཞན་དུ་བཤད་པར་བྱའོ། །བདུན་པ་ནི། བདག་འཇུག་གམ། སློབ་མ་དབང་བསྐུར་བ་གང་ཡིན་ཡང་རུང་སྟེ། སྙིང་རྗེའི་དབང་བསྐུར་བ་ཟིན་པ་ན། གཏོར་ཆོག་བཞིན་གཏོར་མ་རྒྱ་ཆེར་བཏང༌། དེ་ནས་རྗེས་ཆོག་ནི། སྒྲུབ་མཆོད་ཞག་སྦྲེལ་སོགས་ལ་སྔར་གོང་དུ་བཤད་པ་དེ་ཀས་ཆོག་ལ། དཀྱིལ་འཁོར་གཤེགས་གསོལ་གྱི་ཚེ་


TNT02_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་བྱིན་རླབས་ནས། རྗེས་ཆོག་ཡིག་བརྒྱ་བཟླ་བའི་བར་དཀྱུས་དང་འདྲ་བ་ལས། དེ་ནས། བསོད་ནམས་འདི་ཡིས་འགྲོ་རྣམས་སོགས་དང༌། ཀུན་མཁྱེན་ཆེན་པོས་མཛད་པའི་དབང་གི་སྨོན་ལམ་དང༌། གཞན་ཡང་སྨོན་ལམ་རྒྱ་ཆེར་གདབ་བོ། །རོལ་མོའི་སྒྲ་དང་བཅས་ནས་དཀྱིལ་འཁོར་ལ་སྐོར་བ་ལན་གསུམ་བྱས་ཏེ། སློབ་དཔོན་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འདུག་པས། ཡིག་བརྒྱ་ལན་གསུམ་ལས་མི་ཉུང་བ་བརྗོད། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །གཙོ་བོ་ནུས་པ་མ་མཆིས་པས། །མ་རྙེད་ཡོངས་སུ་མ་ཤེས་དང༌། །འདིར་ནི་བྱ་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛོད་རིགས། །ཞེས་བཟོད་པར་གསོལ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་པ་དང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ལན་གསུམ། ཨོཾ་ཨཱཿཧཱུཾ་བཛྲ་མུཿ ཡེ་ཤེས་སེམས་དཔའ་དཀྱིལ་འཁོར་གྱི་འཁོར་ལོ་རང་གི་སྙིང་གའི་པདྨར་བསྡུ་བའམ། བདག་བསྐྱེད་ཀྱི་དཀྱིལ་འཁོར་བསྡུ་བ་བཞིན་དུ་རང་གི་ལུས་ལ་བསྡུས། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས།


TNT02_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཤྭད་ཐའི་འདབ་མའམ། རྡོ་རྗེའམ། རང་གི་ལག་པས་ཚངས་ཐིག་གི་ལམ་ནས་དབྱེ་ཞིང༌། ཨ་ཀཱ་རོའི་མཐར། ཨོཾ་ཨཱཿཧཱུཾ་མུཿ ཞེས་བཏགས་པ་འདོན་བཞིན་དུ། སྐྱེ་བ་མེད་པའི་དོན་བསམས་ཏེ། བདེ་ཆེན་འཁོར་ལོའི་བར་དབྱེ་བར་བྱ་ཞིང༌། དེ་ནས་རང་གི་མགོ་བོར་རྡུལ་ཚོན་ཅུང་ཟད་བཞག་ནས་དབུས་ཀྱི་པདྨ་ལ་སོགས་པ་ཡང་ངོ༌། །རྡུལ་ཚོན་རྣམས་བུམ་པར་བླུགཁྱོགས་ལ་བཏེག་ནས། གདུགས་དང༌། རྒྱལ་མཚན་དང༌། རྔ་ཡབ་དང༌། རོལ་མོ་ལ་སོགས་པ་མཆོད་པ་མང་པོ་དང་བཅས་ཏེ་སྤྱན་དྲངས་ནས་རྒྱ་མཚོར་འབབ་པའི་ཆུ་འགྲམ་དུ། རྡུལ་ཚོན་དཀར་པོས་པདྨ་འདབ་བརྒྱད་བྲི། འོ་མའི་མཆོད་ཡོན་དང༌། དཀར་གསུམ་གྱིས་སྦགས་པའི་གཏོར་མ་དང༌། གཞན་ཡང་མཆོད་པ་སྤྱི་མཐུན་དུ་བཤམས། པདྨའི་ལྟེ་བ་ལ་ཚོམ་བུ་གསུམ་དང༌། འདབ་མ་བརྒྱད་ལ་རེ་རེ་བཀོད། གཏོར་མ་བྱིན་རླབས་འབྲིང་པོ་དང༌། མཆོད་པ་བྱིན་རླབས་བྱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དཔལ་རྡོ་རྗེ་སེམས་དཔའ་ཀླུ་རྒྱལ་བཅུ་སྐོར་བའི་དཀྱིལ་འཁོར་ཀླུའི་ཚོགས་ཐམས་ཅད་ཀྱིས་སྐོར་བ་སྤྱན་དྲངས་ཏེ། གདན་ལ་འཁོད་པ་ནི། དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་སྔོན་པོ་གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ་ཕྱག་གཡས་པ་


TNT02_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་རྡོ་རྗེ་གྲི་གུག་དགྲ་སྟྭ། གཡོན་པ་གསུམ་གྱིས་རྡོ་རྗེ་དྲིལ་བུ་ཐོད་པ་ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ་ལ། རང་དང་འདྲ་བའི་ཤེར་ཕྱིན་མ་ལ་འཁྱུད་པ། འདབ་མ་བརྒྱད་དང་སྟེང་འོག་རྣམས་སུ། སྟོབས་ཀྱི་རྒྱུ་དང་པདྨ་ཆར་སྤྲིན་མདོག །ནོར་རྒྱས་དུང་སྐྱོང་བྱི་རུའི་ཕུང་པོ་འདྲ། །མཐའ་ཡས་རིགས་ལྡན་ཀུན་དའི་མདོག་ལྟར་གསལ། །འཇོག་པོ་པདྨ་ཆེན་པོ་རབ་ཏུ་སེར། །རྒྱལ་དང་རྣམ་རྒྱལ་ལྗང་སྔོན་འབྱུང་བ་ལ། །རྡོ་རྗེ་གདན་བཞུག་རིན་ཆེན་རྒྱན་གྱིས་བརྒྱན། །བུམ་པ་རྡོ་རྗེ་པདྨ་ནོར་བུའི་ཕྱག །འཁོར་ཚོགས་བསམ་མི་ཁྱབ་དང་བཅས་པར་གྱུར། །ཨོཾ་ཨཱཿཧྲཱི་པྲ་བ་ར་སད་ཀཱ་རཾ་ཨརྠཾ་ཨཉྩ་མ་ནཾ་པྲ་ཏཱིཙྪ་ན་མཿ [པཱདྱཾ། པྲོ་ཀྵ་ནཾ། ཨརྒྷཾ།] སོགས་ཆུ་བཞི་ཕུལ། ཨོཾ་ཨ་ཧཱུཾཿཧོཿཛ་ཡ་བི་ཛ་ཡ་སོགས་ཀླུ་བཅུའི་གཏོར་སྔགས་ལན་གསུམ་གྱིས་གཏོར་མ་ཕུལ། བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ སོགས་མཆོད་པ་བཅུ་གཉིས་ཀྱིས་མཆོད། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང༌། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །རྒྱལ་བ་རྣམ་རྒྱལ་སྟོབས་རྒྱུ་པདྨ་དང༌། །ནོར་རྒྱས་དུང་སྐྱོང་མཐའ་


TNT02_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་རིགས་ལྡན་དང༌། །འཇོག་པོ་དང་ནི་པདྨ་ཆེན་པོ་སྟེ། །ཀླུ་རྒྱལ་ཆེན་པོ་བཅུ་ལ་ཕྱག་འཚལ་བསྟོད། །ཀླུ་ཆེན་པོ་ཁྱེད་རྣམས་ལ། དཀྱིལ་འཁོར་ཆེན་པོའི་རྡུལ་ཚོན་འདི་རྣམས་གཏད་ཀྱི། རྒྱ་མཚོ་ཆེན་པོའི་བར་དུ་ཁྱེར་ལ། །སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དུ་གསོལ། བདག་ཅག་ལ་ཡང་དངོས་གྲུབ་སྩོལ་བའི་སྡོང་གྲོགས་དང༌། ཡུལ་ཕྱོགས་ཐམས་ཅད་དུ་བདེ་བ་དམ་པ་འཕེལ་བར་མཛད་དུ་གསོལ། ཨོཾ་བཛྲ་མུཿ ཞེས་རྡུལ་ཚོན་མཆོད་གཏོར་ཀླུའི་དཀྱིལ་འཁོར་དང་བཅས་པ་ཆུ་བོར་དོར། བུམ་པ་ཆུས་བཀང་ནས་སླར་དཀྱིལ་འཁོར་ཁང་པར་འོངས་ཏེ། ཐིག་རྣམས་བཀྲུ་ཞིང་ལས་རྗེས་མི་མངོན་པར་བྱས། སྔར་ཕུར་པ་དངོས་སུ་བཏབ་ཡོན་ན། དཀྱིལ་འཁོར་གཤེགས་གསོལ་གྱི་རྗེས་ཐོགས་སམ། །སྐབས་འདྀར་ཕུར་པ་དབྱུང་དགོས་པས། ཨོཾ་བཛྲ་ཀཱི་ལ་ཨུད་ཀཱི་ལ་ཡ་སརྦ་ཀཱི་ལ་ན་བཛྲ་དྷ་ར་ཨཱཛྙཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོཿ ཞེས་པས་ཕུར་བུ་བཏོན་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་ཕུར་པ་བཀྲུ། ཁུང་བུར་ཡང་གཏོར་ལ་སས་དགང་ངོ༌། །དེ་ནས་ཤིས་བརྗོད་རྒྱས་པར་བྱ་བ་ནི། བཀྲ་ཤིས་འབྱུང་གནས་


TNT02_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་དང༌། །བཀྲ་ཤིས་རང་བཞིན་དུས་ཀྱི་འཁོར་ལོ་ལ། །བཀྲ་ཤིས་འགྲོ་ལ་སྤེལ་ཕྱིར་ཕྱག་འཚལ་ནས། །བཀྲ་ཤིས་རྒྱ་མཚོའི་སྒྲ་དབྱངས་བརྗོད་པར་བྱ། །པདྨའི་ལྟེ་བར་བདུད་དང་དྲག་པོའི་སྟེང༌། །རོལ་པའི་གདན་བཞུགས་བདེ་བ་ཆེན་པོའི་སྐུ། །སྟོང་ཆེན་འོད་གསལ་སྣ་ཚོགས་ཡུམ་དང་སྦྱོར། །བདེ་སྟོང་དུས་ཀྱི་འཁོར་ལོས་བཀྲ་ཤིས་ཤོག །རྣམ་བཅུ་དབང་ལྡན་འོད་གསལ་འདུས་མ་བྱས། །ཕ་རོལ་ཕྱིན་བཅུ་རྣམ་དག་ལྷ་མོ་བཅུ། །རྡོ་རྗེ་བཞི་ཡིས་གྲྭ་ནས་རབ་མཛེས་པ། །བདེ་ཆེན་འཁོར་ལོས་དེང་འདིར་བཀྲ་ཤིས་ཤོག །ཕུང་པོ་རྣམ་དག་དེ་བཞིན་གཤེགས་པའི་ཚོགས། ཁམས་དྲུག་དག་པའི་ཡུམ་དང་མཉམ་པར་སྦྱོར། །འཆི་མེད་གྲུབ་པའི་བུམ་པས་རབ་བརྒྱན་པ། །རྒྱལ་བའི་འཁོར་ལོས་དེང་འདིར་བཀྲ་ཤིས་ཤོག །དབང་པོ་རྣམ་དག་བྱང་ཆུབ་སེམས་དཔའི་ཚོགས། །ཡུལ་དྲུག་དག་པའི་ལྷ་མོས་རབ་ཏུ་འཁྱུད། །གདོད་ནས་ཟག་མེད་བདེ་བའི་དཔལ་འབྱོར་ཅན། །སེམས་དཔའི་འཁོར་ལོས་དེང་འདིར་བཀྲ་ཤིས་ཤོག །ལས་དབང་རྣམ་དག་ཁྲོ་ཆེན་འབར་བའི་ཚོགས། །བྱ་བ་རྣམ་དག་ཁྲོ་མོར་མཉམ་པར་སྦྱོར། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་པའི་དཔལ། ཁྲོ་རྒྱལ་འཁོར་ལོས་དེང་འདིར་བཀྲ་ཤིས་ཤོག །


TNT02_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བའི་རྩ་རྣམས་དག་པ་ལྷ་མོའི་ཚོགས། །ཙརྩི་ཀ་སོགས་གཞན་མཆོད་ཆོས་ཀྱི་དབྱིངས། །ཟུང་འཇུག་རོལ་བའི་ལྷ་མོ་འཁོར་དང་བཅས། །གསུང་གི་འཁོར་ལོས་དེང་འདིར་བཀྲ་ཤིས་ཤོག །ལས་དང་བྱ་བའི་འཁོར་ལོ་རྣམ་དག་པ། །དོན་དམ་ལྷ་ཆེན་བཅུ་གཉིས་འཁོར་དང་བཅས། །མཐིལ་བཞི་གསང་གཙུག་རྣམ་དག་ཤིང་རྟ་དཔུང༌། །སྐུ་ཡི་འཁོར་ལོས་དེང་འདིར་བཀྲ་ཤིས་ཤོག །སོར་མོ་རྣམ་དག་ཀླུ་དང་གཏུམ་མོའི་ཚོགས། །འདོད་ཡོན་དགའ་བདེའི་རང་བཞིན་གཟུགས་ཀྱི་ལྷ། །སྐྲ་དང་བ་སྤུ་རྣམ་དག་གྲུབ་པ་དང༌། །འབྱུང་པོའི་འཁོར་ལོས་དེང་འདིར་བཀྲ་ཤིས་ཤོག །གཟའ་དང་དྲང་སྲོང་རྒྱུ་སྐར་ཁྱིམ་དང་ཆ། །ཕྱོགས་སྐྱོང་ཞིང་སྐྱོང་ཕོ་ཉ་འཕྲོག་མ་དང༌། །གྷནྚ་ཀརྞ་དགའ་བྱེད་ནག་པོ་ཆེ། །བྷྲྀཾ་གི་ནི་སོགས་འཁོར་གྱིའང་བཀྲ་ཤིས་ཤོག །དོན་དམ་སྐྱབས་གསུམ་ཐུགས་གསུང་སྐུ་ཡི་བདག །ལྷུན་གྲུབ་ཡེ་ཤེས་འོད་གསལ་གཞལ་ཡས་ཁང༌། །ཆོས་སྐུའི་ཡོན་ཏན་འོད་ཀྱི་དྲ་བ་ཅན། །དཀྱིལ་འཁོར་ཆོས་དབྱིངས་ཆེན་པོའི་བཀྲ་ཤིས་ཤོག །དཀྱིལ་འཁོར་བཀྲ་ཤིས་དགེ་ལཻགས་རྒྱ་མཚོའི་དབྱངས། །རྡོ་རྗེ་འཛིན་པ་བློ་གྲོས་རྒྱ་མཚོའི་སྒྲས། །རྣམ་པར་བསྒྲགས་ཏེ་སྐྱེ་དགུ་རྒྱ་མཚོའི་ཚོགས། །རྒྱལ་བ་རྒྱ་


TNT02_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་གོ་འཕང་མྱུར་ཐོབ་ཤོག །གཞན་ཡང་བཀྲ་ཤིས་ཀྱིས་ཚིགས་བཅད་ཇི་ལྟར་འོས་པ་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ས་གཞིར། རྒྱས་པའི་སྦྱིན་བསྲེགས་དང་དཔའ་བོའི་སྟོན་མོ་སོགས་དགའ་སྟོན་རྒྱ་ཆེར་བྱའོ། །དེ་ལྟར་ན་ཆོ་གའི་རིམ་པ་དེ་རྣམས་ཀྱི་གོ་དོན་རྒྱས་པ་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་རྒྱ་མཚོ་ཉིད་ལས་ཤེས་དགོས་པས། དཀྱིལ་འཁོར་གྱི་ཆོ་གའི་ཡི་གེ་དེ་ཉིད་ཉན་པ་དང་བལྟ་བ་ཤིན་ཏུ་གལ་ཆེའོ། །དེ་ལྟར་བདག་གིས་དཔལ་ལྡན་ས་བཅུ་པའི། །གསུང་དང་དགོངས་འབྲེལ་རྣམ་དག་བསྟེན་པ་ལས། །དྲང་དོན་ངེས་དོན་ཇི་ལྟའི་ཚུལ་ཤེས་ནས། །རྣམ་དག་དབང་འདི་གཞན་གྱིས་བསྐུལ་ཕྱིར་བཀོད། །དེས་ནི་འགྲོ་ཀུན་དབང་བཞིའི་ལམ་ཞུགས་ཏེ། །རྣམ་ཐར་ཚད་མེད་བསྙེན་སྒྲུབ་རྣམ་པ་བཞིས། །ལུས་ངག་སེམས་དང་ཆགས་པའི་སྒྲིབ་སྦྱངས་ཏེ། །ཟག་མེད་སྐུ་བཞིའི་དཔལ་ལ་སྤྱོད་པར་ཤོག །དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་རྒྱ་མཚོའི་དགོངས་དོན་ཞེས་བྱ་བ་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་བཞེད་པ་ཇི་ལྟ་བ་བཞིན་དུ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྦྱར་བ་སྟེ། རང་ལོ་སུམ་ཅུ་སོ་བརྒྱད་པའི་དང་པོ་ཤར་བ་ལ། ནགས་རྒྱལ་གྱི་དབེན་གནས་དཔལ་ཇོ་མོ་ནང་གི་དམ་ཆོས་གླིང་དུའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །


TNT02_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། གཟུང་འཛིན་སྒྲི་གཉིས་དྲི་མ་ཀུན་བྲལ་བ། །ཆོས་དབྱིང་ཡེ་ཤེས་འཁོར་འཛས་ཀུན་ཁྱབ་བདག །རྟག་བརྟན་ཐར་ཟུག་ཞིང་གཡུང་དྲུང་ཉིད། །སྐུ་བཞི་ཡེ་ཤེས་རྒྱ་མཚོའི་བདག་ཉིད་དཔལ། །དྲུས་ཀྱི་འཁོར་ལོ་སྲིད་གསུམ་རྣམ་ཀུན་བདག །བདེ་ཆེན་དགའ་མའི་མགྲིན་པར་རབ་འཁྱུད་པ། །མི་འགྱུར་བདེ་ཆེན་ཐིག་ལེ་འོད་ཟེར་འབུམ། །ཧེ་རུ་ཀ་དཔལ་དཔའ་བོ་ཁྱོད་ལ་འདུད། །ལུང་རིགས་དྲི་མེད་ཟླ་བྲལ་རྣམ་ཀུན་མཁྱེན། །ཤེས་རབ་རྩལ་གྱིས་ངེས་དོན་རྒྱལ་མཚན་བསྒྲེངས། །རྫོགས་ལྡན་རང་ལུགས་དཔལ་བཟང་ལེགས་འབྱེད་མཁན། རྟོན་བཞི་ལྡན་པ་དོལ་པོ་པ་ལ་གུས། གསང་སྔགས་རྒྱ་མཚོའི་མཛོད་འཛིན་སྒྲོལ་མའི་མགོན། །མདོ་སྔགས་དགོངས་དོན་མ་ལུས་ལེགས་པར་བཀྲལ། །དབང་ལུང་གདམས་ངག་བདུད་རྩིའི་བཅུད་ཀྱིས་བསྐྱངས། །གངས་ལྗོངས་ཁྲོད་འདིར་སྔགས་ཞིང་ལྟ་བུར་བྱས། །དཀྱི་ཆོག་ཡེ་ཤེས་རྒྱ་མཚོའི་དགོངས་དོན་གྱི། །ཡིག་རིས་མཛད་མེད་ཉལ་འགྲོའི་རྒྱུན་ལ་འགྲན། །སྔན་མེད་པའི་ལེགས་བྱས་སྒྱུ་མའི་འཕྲུལ། །དུས་བཞིའི་རྫོགས་ལྡན་འཆར་བའི་དཔལ་ཡོན་རྒྱུ། །རབ་འབྱམས་ཞིང་བཞུགས་སངས་རྒྱས་བྱང་སེམས་ཚོགས། །དགྱིས་བསྐྱེད་ཀུན་བཟང་མཆོད་སྤྲིན་ལེགས་པར་བསྟར། །ཆབས་ཅིག་སྐྱེ་དགུ་ཡོངས་ལ་ཕན་བདེ་རྒྱས། །བསྟན་འགྲོའི་དོན་མཆོག་རབ་རྒྱས་དགེ་ལེགས་འཕེལ། །ལེགས་བཤད་ཡིད་བཞིན་དབང་གི་རྒྱལ་པོ་ལྟར། །གདུལ་བྱར་གང་


TNT02_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ལེགས་ཚོགས་ཀུན་འབྱུང་གཞི། །གཅིག་ལས་དུ་མ་ཡོངས་འཕྲུལ་མི་ཟད་གཏེར། །ཡིག་རིས་མཛོད་གྱིས་མཁའ་མཐར་ཁྱབ་པར་གྱུར། །དུས་མཐར་དམ་པའི་ངང་ཚུལ་ཟླ་བྲལ་བ། །རླབས་ཆེན་ཡོན་ཏན་བསྟན་འགྲོར་ལེགས་སྤེལ་སླད། །མཛད་པ་བཟང་པོས་རྒྱལ་བསྟན་རབ་དར་མཁན། །ཚེ་རབས་ཀུན་ཏུ་འགྲོ་ཕན་སྤྱོད་པར་ཤོག །ཡང་དགོས་ཨེལྒས་བྱས་འདི་ལ་སྒོ་ཀུན་ནས། །འབྲེལ་བ་བྲ་རག་གང་བྱས་ཐམས་ཅད་དང་། །ཕམས་ཐོག་དྲང་མཁའ་མཉམ་འགྲོ་བ་ཀུན། །རིང་མིན་དུས་བཞིའི་དཔལ་ཡོན་སྤྱོད་པར་ཤོག །ཅེས་སྤྱི་ལོ་༡༩༩༥ བོད་རབ་བྱུང་བཅུ་བདུན་པའི་ཉག་མ་དགུ་བ་ཤིང་མོ་ཕག་ན་ཚོད་ལྡན་གྱི་ཟླ་༣ ཚེས་༡༥ ལ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་རྒྱ་མཚོའི་དགོངས་དོན་ཞེས་བྱ་བ་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་བཞེད་པ་ཇི་ལྟ་བ་བཞིན་དུ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྦྱར་བ་འདིའི་སྤར་གཞིའི་སྦྱིང་བདག་དགེ་སྐོར་ཚེ་རིང་སྟོབས། སྙི་ཟ་ནོར་མོ། འདས་མ་ཀླུ་མོ། གཡང་ཐོ་དང་འབྲེལ་ཐོག་རྣམས་ཀྱི་བསྒྲིགས་པ་སྦྱང་ཕྱིར་དུ་དམིགས་ནས་སྤར་བསྐྲུན་སྐབས་བློ་བཟང་ཆོས་འཕེལ་བས་སྨོན་ཚིག་ཏུ་སྦྱར་བ་ལྟར་ངག་དབང་མཁས་གྲུབ་དཔལ་བཟང་པས་སྤར་གཞིའི་


TNT02_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་རིས་བྲིས་པ་འདིའི་དགེ་ཚོགས་བསྟེན་ནས་ཕ་མའི་གཙོའི་མཁའ་ཁྱབ་གྱི་སེམས་ཅན་ཐམས་ཅད་དཔལ་མཆོག་དུས་ཀྱི་འཁོར་ལོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག སྤར་འདི་འཛམ་བུའི་གླིང་གི་བྱེ་བྲག་ཤམྦྷ་ལ་གཉིས་པ་ལྟ་བུའི་གནས་མཆོག་དུས་ཀྱི་འཁོར་ལོའི་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བའི་ཤར་འཛམ་ཐང་བསམ་འགྲུམ་ནོར་བུའི་གླིང་དུ་བཞུགས། སརྦ་མངྒ་ལཾ། །


TNT02_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དཔལ་དུས་ཀྱི་འཁོར་ལོའི་བསྟོད་པའམ་མངོན་རྟོགས་ཉེ་བར་བསྡུས་པ།


TNT02_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་བསྟོད་པའམ་མངོན་རྟོགས་ཉེ་བར་བསྡུས་པ་བཞུགས།


TNT02_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤྲཱི་ཀཱ་ལ་ཙཀྲཱ་ཡ། སྟོང་པ་ཉིད་དང་སྙིང་རྗེའི་བདག །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང༌། །ཟླ་ཉི་དུས་མེའི་སྟེང་དུ་དབང་ཕྱུག་དང་ནི་བདུད་ཀྱི་མགོར། །


TNT02_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་གྱུར་པ། །ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། །ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་མདོག །ཕྲག་པ་དྲུག་དང་ཉི་མའི་དཔུང་པ་རྒྱལ་བའི་ཕྱག་གི་པདྨ་སྟོང་པ་དྲུག་དང་མེ་ཡི་ཚིགས། །ཞབས་དག་གིས་ནི་ཟླ་བ་ཉི་མ་བསྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་དང་དྲག་པོ་སྐྲག་བཞིན་པ། །རོལ་པས་མནན་པའི་སྲིད་མེད་སྲིད་པ་


TNT02_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་དུས་ཀྱི་འཁོར་ལོ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མདའ་དང་ལྕགས་ཀྱུ་ཌཱ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་སྟས་གཡས་ཀྱི་ཕྱག་བརྒྱན་གཡོན་པ་ཡང༌། །དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་དུང་དང་མེ་ལོང་ལྕགས་སྒྲོག་ཚངས་མགོས་བརྒྱན་ལ་ཕྱག་འཚལ་ལོ། །སྟག་ལྤགས་དང་ནི་རྡོ་རྗེའི་རྒྱན་ལྡན་རྡོ་རྗེ་སྐུ་ཅན་བདེ་བ་ཆེ། །འོད་གསལ་སྟོང་ཉིད་སྣ་ཚོགས་ཡུམ་གྱིས་ཀུན་ནས་རབ་འཁྱུད་གསེར་མདོག་མ། །ཞལ་བཞི་ཕྱག་བརྒྱད་གྲི་གུག་ལྕགས་ཀྱུ་ཌཱ་མ་རུ་དང་བགྲང་འཕྲེང་དང༌། །ཐོད་པ་ཞགས་པ་པདྨ་དཀར་དང་རིན་ཆེན་འཛིན་མར་བཅས་ལ་འདུད། །ནག་མོ་འབར་མ་བདུག་སྤོས་ཙན་དན་གུར་གུམ་དང་ནི་ག་པུར་སྣོད། །དྲིལ་བུ་པདྨ་ཡོངས་འདུའི་མེ་ཏོག་སྣ་ཚོགས་མེ་ཏོག་འཕྲེང་ལྡན་མ། །དམར་མོའི་གཡས་ན་མར་མེ་དོ་ཤལ་ཅོད་པན་དང་ནི་གདུབ་བུ་སྟེ། །གཡོན་ན་གོས་དང་སྐ་རགས་དང་ནི་རིན་ཆེན་སྣ་རྒྱན་རྐང་གདུབ་འཛིན། །དཀར་མོའི་གཡས་ན་འོ་མ་ཆུ་དང་སྨན་མཆོག་ཆང་གི་སྣོད་རྣམས་ཏེ། །གཡོན་ན་བདུད་རྩི་གྲུབ་པའི་བཅུད་དང་བདུད་རྩིའི་འབྲས་བུ་འབྲས་ཆན་སྣོད། །སེར་མོ་འབར་མ་དུང་དང་གླིང་བུ་


TNT02_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་དང་ནི་ཌཱ་མ་རུ། །པི་ཝང་རྔ་དང་འཁར་རྔ་ཟངས་དུང་རང་ཕྱོགས་གཙོ་བོའི་ཞལ་ལྡན་མ། །དེ་དག་དང་མཚུངས་དུ་བ་སྨིག་རྒྱུ་མེ་ཁྱེར་དང་ནི་མར་མེ་མ། །རང་མདོག་དང་མཚུངས་རྔ་ཡབ་བརྒྱད་ལྡན་ཕྱག་རྒྱ་ལྔ་ཡིས་རྣམ་བརྒྱན་མ། །རྡོ་རྗེ་སེམས་དཔའི་ཅོད་པན་དང་ལྡན་རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་རྫོགས་སྲོག་གི་དཀྱིལ་འཁོར་འགགས་ལ་འདུད། །ཚད་མེད་རྣམ་ཐར་རྡོ་རྗེའི་རྣལ་འབྱོར་དབང་དང་བསྙེན་སྒྲུབ་དགའ་བ་བཞིས། །ལུས་ངག་སེམས་དང་ཆགས་པའི་ཐིག་ལེ་གནས་སྐབས་རྣམ་བཞི་རྣམ་དག་པ། །སྐད་ཅིག་མཁྱེན་པ་སྐུ་དང་རྡོ་རྗེ་བྱང་ཆུབ་རྣམ་བཞི་སེམས་དཔའ་བཞི། །ཆོས་ཀྱི་དུང་དང་གཎྜི་ནོར་བུ་དཔག་བསམ་ཤིང་ལ་ཕྱག་འཚལ་ལོ། །ཁུ་ཁྲག་རྐང་དང་ཁྲག་གི་ཚོགས་ཆེན་དྲི་ཆུ་དྲི་ཆེན་རབ་འགགས་པས། །འཆི་མེད་རབ་སྟེར་འཆི་མེད་རྒྱུན་གྱིས་མངོན་པར་གང་བའི་ཐོད་པའམ། །ཟླ་བའི་རང་བཞིན་ཟླ་བའི་འོད་ལྟར་རབ་ཏུ་དཀར་བའི་བུམ་པ་ནི། །བདུད་ཀྱི་ཚོགས་འཇོམས་བདུད་རྩིའི་ཚོགས་ཀྱིས་ཤིན་ཏུ་གང་བ་རྣམས་ལ་འདུད། །འདུ་བྱེད་རླུང་དང་ངག་གི་དབང་པོ་སྣ་དང་རེག་གཞན་འདུས་མ་བྱས། །དོན་ཡོད་


TNT02_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་བགེགས་ཀྱི་སྒྲ་དང་ནམ་མཁའི་སྙིང་པོ་རེག་བྱ་མ། །རལ་གྲི་གྲི་གུག་རྩེ་གསུམ་ཕུབ་དང་དཔལ་ལྡན་ཐོད་པ་ཁ་ཊྭཱཾ་ག །ཉི་ཟླའི་གདོང་ལྡན་སྤྲིན་ནག་དང་མཚུངས་ས་ཡི་རིགས་ཀྱིས་འཁྱུད་ལ་འདུད། །ཚོར་བ་མེ་དང་ལག་པའི་དབང་པོ་མིག་དང་རོ་གཞན་བདེ་བ་ཆེ། །རིན་ཆེན་དབང་པོ་གོས་དཀར་མོ་དང་རྨུགས་བྱེད་ས་ཡི་སྙིང་པོ་རོ། །མདའ་དང་ལྕགས་ཀྱུ་ཌཱ་མ་རུ་དང་གཞུ་དང་ཞགས་པ་ནོར་བུའི་ཕྱག །དཀར་ནག་གདོང་ལྡན་ཉིན་མོར་བྱེད་འདྲ་ཆུ་ཡི་རིགས་ཀྱིས་འཁྱུད་ལ་འདུད། །འདུ་ཤེས་ཆུ་དང་རྐང་པའི་དབང་པོ་ལྕེ་དང་གཟུགས་གཞན་ཡེ་ཤེས་སྐུ། །སྣང་བ་མཐའ་ཡས་མཱ་མ་ཀཱི་དང་ཁེངས་བྱེད་འཇིག་རྟེན་དབང་པོའི་གཟུགས། །ཐོ་བ་མདུང་དང་རྩེ་གསུམ་པད་དཀར་མེ་ལོང་དང་ནི་བགྲང་འཕྲེང་དང༌། །ནག་དང་དམར་བའི་གདོང་ལྡན་དཀར་པོ་མེ་ཡི་རིགས་ཀྱིས་འཁྱུད་ལ་འདུད། །གཟུགས་ཀྱི་ཕུང་པོ་ས་དང་བཤང་ལམ་ལུས་དང་དྲི་གཞན་འོད་གསལ་གཟུགས། །རྟག་པ་སྤྱན་མ་རེངས་བྱེད་དང་ནི་རྣམ་སེལ་དྲི་ཡི་རྡོ་རྗེ་མ། །འཁོར་ལོ་དབྱུག་པ་ཁྲོ་བོའི་རྡོ་རྗེ་དུང་དང་ལྕགས་སྒྲོག་དྲིལ་བུའི་ཕྱག །དཀར་ནག་གདོང་ལྡན་གསེར་གྱི་རི་འདྲ་རླུང་གི་རིགས་ཀྱིས་འཁྱུད་ལ་འདུད། །རྣ་བ་ཆོས་ཁམས་ཡིད་


TNT02_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒྲ་གཞན་ཕྱག་ན་རྡོ་རྗེ་ཆོས་ཁམས་མ། །ཀུན་བཟང་སྒྲ་ཡི་རྡོ་རྗེ་མ་སྟེ་ལྗང་སྔོན་ཕན་ཚུན་ཡང་དག་སྦྱོར། །གཡས་གཡོན་ཉི་ཟླའི་ཞལ་གྱིས་རབ་བརྒྱན་རྡོ་རྗེ་གྲི་གུག་དགྲ་སྟ་དང༌། །དྲིལ་བུ་ཐོད་པ་ཚངས་པའི་གདོང་ལྡན་སྟོང་པའི་རིགས་ལ་ཕྱག་འཚལ་ལོ། །རབ་དཀར་ཆུ་སྐྱེས་མདངས་བཀྲའི་ཟེ་འབྲུར་འོད་སྟོང་བདག་པོའི་དཀྱིལ་འཁོར་ལ། །རྡོ་རྗེའི་གདན་དང་གཡས་བརྐྱང་སྟབས་བཞུགས་རྒྱལ་དང་རྒྱས་སྲས་ཁྲོ་རྒྱལ་དང༌། །འདམ་སྐྱེས་དམར་པོའི་གེ་སར་སྙིང་པོར་རི་བོང་འཛིན་པའི་དཀྱིལ་འཁོར་ལ། །པདྨའི་གདན་བཞུགས་རིག་མ་རྣམས་དང་རྡོ་རྗེ་མ་རྣམས་ལ་ཕྱག་འཚལ། །དེ་ལྟར་ལྷ་ཡི་འཁོར་ལོ་ལེགས་མཆོད་དྲི་དང་འཕྲེང་བ་བདུག་སྤོས་མ། །སྣང་གསལ་བདུད་རྩི་འབྲས་བུ་མ་དང་སྒེག་མོ་བཞད་མ་སིལ་སྙན་མ། །གར་དང་གླུ་ཡི་སྦྱོར་བ་ལ་བརྩོན་འདོད་མ་འདོད་ལ་རབ་དགའ་མ། །རྒྱན་དང་ཆ་བྱད་རྣམ་འགྱུར་དུ་མས་ཡིད་རབ་འཛིན་མ་རྣམས་བསྟོད་དོ། །ཕྱོགས་དང་མཚམས་སུ་ཆུ་སྐྱེས་དམར་དང་དཀར་པོ་ལ་གནས་རྣལ་འབྱོར་མ། །ལྟེ་བའི་རྩ་བརྒྱད་དྲུག་ཅུ་རྩ་བཞི་རྣམ་པར་དག་པའི་ཆོས་ཅན་མ། །ཐུན་ཚོད་


TNT02_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་དབྱུག་གུ་རྣམ་དག་ཀུན་ནས་བདེ་ལ་སྙོམས་འཇུག་མ། །སྤྱན་གསུམ་ཕྱག་བཞི་རོལ་པས་ཡོངས་བསྐོར་ས་གའི་སྟབས་ཀྱིས་ལེགས་གནས་མ། །ཡི་དྭགས་ལ་གནས་ཙརྩི་ཀ་ནི་དབང་པོས་འཁྱུད་ཅིང་འཇིགས་མ་དང༌། །རླུང་ཤུགས་མ་དང་དྲག་མོ་དུས་ཀྱི་མཆེ་བ་མ་དང་མེ་འབར་གདོང༌། །རབ་གཏུམ་དྲག་མིག་སྣ་ཆེན་མས་བསྐོར་དུས་མཐའི་སྤྲིན་མཚུངས་ཟླ་ཞལ་མ། །ཐམས་ཅད་གྲི་གུག་རྩེ་གསུམ་ཐོད་པ་ཁ་ཊྭཱཾ་ག་ཡིས་བརྒྱན་ལ་འདུད། །མཁའ་ལྡིང་ལ་གནས་ཁྱབ་འཇུག་མ་ནི་ཚངས་པས་འཁྱུད་ཅིང་དཔལ་མོ་དང༌། །རྣམ་པར་རྒྱལ་མ་སྒྱུ་མ་གྲགས་མ་བཀྲ་ཤིས་མ་དང་དཔལ་རྒྱལ་མ། །དཔལ་རྒྱལ་བྱེད་མ་འཁོར་ལོ་མས་བསྐོར་འཁོར་ལོ་དབྱུག་ཐོ་པདྨ་དང༌། །དུང་གི་ཕྱག་ལྡན་སྤྲིན་ནག་དང་མཚུངས་ཟླ་བའི་ཞལ་ལ་ཕྱག་འཚལ་ལོ། །མ་ཧེར་གནས་པའི་ཕག་མོ་ལ་ནི་དྲག་པོས་འཁྱུད་ཅིང་ཀེང་རུས་མ། །རྩིགས་མ་དུས་མཚན་རབ་ཁྲོས་གདོང་མ་དུས་ཀྱི་ལྕེ་མ་ནག་མོ་དང༌། །དྲག་མོ་དང་ནི་གཟུགས་ངན་མས་བསྐོར་མེ་ཡི་མདོག་ཅན་ཟླ་ཞལ་མ། །དབྱུག་པ་རལ་གྲི་ལྕགས་སྒྲོག་ཕུབ་ཀྱིས་རྣམ་བརྒྱན་རྣམས་ལ་ཕྱག་འཚལ་ལོ། །རྨ་བྱར་གནས་པའི་གཞོན་ནུ་མ་ནི་ཚོགས་བདག་གིས་འཁྱུད་པདྨ་མ། །རིན་ཆེན་ཕྲེང་


TNT02_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་མེད་གཞོན་ནུ་རི་དྭགས་བདག་པོའི་འགྲོས་མ་དང༌། །མིག་མཛེས་རུལ་མ་བཟང་མོས་ཡོངས་བསྐོར་བྱི་རུའི་འོད་འཕྲོ་གདོང་དྲུག་མ། །ཤཀ་ཏི་ལྕགས་ཀྱུ་རིན་ཆེན་ཞགས་པས་ཉེ་བར་མཛེས་ལ་ཕྱག་འཚལ་ལོ། །ཁྱུ་མཆོག་ལ་གནས་དྲག་མོ་ལ་ནི་གཤིན་རྗེས་འཁྱུད་ཅིང་ཕྱོགས་ཀུན་ནས། །གཽ་རི་འདེགས་མ་གཾ་ག་མ་དང་རྟག་མ་མྱུར་མ་མཚོན་བྱེད་མ། །དམར་སེར་མ་དང་ནག་མོས་ཡོངས་བསྐོར་ཟླ་བའི་མདོག་ཅན་ཟླ་བའི་ཞལ། །རྩེ་གསུམ་ཅང་ཏེའུ་ཁ་ཊྭཱཾ་ག་དང་ལྟོས་འགྲོས་མཚན་ལ་ཕྱག་འཚལ་ལོ། །སེང་གེར་གནས་པའི་དཔལ་མོ་ལ་ནི་གཞོན་ནུས་འཁྱུད་ཅིང་དཔལ་དཀར་མོ། །འཛིན་མ་ཟླ་བའི་རི་མོ་ཅན་དང་རི་བོང་འཛིན་ཞལ་ངང་པའི་མདོག །པདྨའི་དབང་མོ་སྐར་མིག་མ་དང་དྲི་མེད་རི་བོང་འཛིན་མས་བསྐོར། །ཟླ་འོད་ཟླ་ཞལ་པདྨ་བགྲང་འཕྲེང་ཆུ་སྐྱེས་རིན་ཆེན་འཛིན་ལ་འདུད། །གླང་པོར་གནས་པའི་དབང་མོ་ལ་ནི་སྲིན་པོས་འཁྱུད་ཅིང་རྡོ་རྗེའི་འོད། །བཀྲ་བའི་རི་མོ་རྡོ་རྗེའི་ལུས་མ་གསེར་ལྡན་མ་དང་ཨུར་བ་སི། །རཾ་བྷ་ཟུག་རྔུ་མེད་མ་དང་ནི་ཤིན་ཏུ་སྒྲོལ་མས་ཡོངས་བསྐོར་མ། །གསེར་མདོག་ཟླ་ཞལ་རྡོ་རྗེ་མདའ་དང་དྲིལ་བུ་གཞུ་ཡིས་མཚན་ལ་འདུད། །ངང་པར་གནས་པའི་


TNT02_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་མ་ལ་ནི་ནོར་ལྷས་འཁྱུད་ཅིང་མཆོད་སྦྱིན་འདོད། །ངག་གི་དབང་ཕྱུག་པདྨའི་སྤྱན་མ་ཆུ་སྐྱེས་ལྡན་མ་བློ་གྲོས་མ། །གླུ་མ་གློག་མ་དྲན་མས་ཡོངས་བསྐོར་རིག་བྱེད་གདོང་མ་གསེར་མདོག་མ། །ཕྱག་གི་པདྨས་པདྨ་ཚངས་དབྱུག་སྤྱི་བླུགས་བར་བུས་མཚན་ལ་འདུད། །ཟླ་བ་ཚིགས་ཆེན་ཉི་མའི་ཚེས་དང་རྩ། །རྣམ་དག་ལྷ་ཆེན་བཅུ་གཉིས་འཁོར་དང་བཅས། །སྤྱན་གསུམ་ཉི་ཟླའི་མདོག་ཅན་པདྨའི་སྟེང༌། །རོལ་པས་ཡོངས་བསྐོར་རྡོ་རྗེའི་གདན་བཞུགས་པ། །སྲིན་མོས་འཁྱུད་ཅིང་ཡི་དྭགས་ལ་གནས་པའི། །བདེན་བྲལ་ལ་སོགས་ནག་པའི་ཚེས་རྣམས་གཞན། །རལ་གྲི་གྲི་གུག་ཕུབ་དང་ཐོད་པ་ཅན། །དུས་མཐའི་སྤྲིན་མཚུངས་ཟླ་བའི་ཞལ་ལ་འདུད། །གཏུམ་མོས་འཁྱུད་ཅིང་རི་དྭགས་ལ་གནས་པའི། །རླུང་སོགས་ས་གའི་ཚེས་གཞན་དཔག་བསམ་ཤིང༌། །ཡོངས་འདུས་མེ་ཏོག་ནོར་བུ་ཨུཏྤལ་འཛིན། །ཟླ་ཞལ་མིག་སྨན་མདོག་ལ་ཕྱག་འཚལ་ལོ། །ལུག་ལ་གནས་ཤིང་ཆུ་བདག་མོས་འཁྱུད་པའི། །མེ་ལྷ་ལ་སོགས་སྣྲོན་གྱི་ཚེས་རྣམས་གཞན། །མདུང་ཐུང་དབྱུག་པ་ཆུ་སྐྱེས་སྤྱི་བླུགས་འཛིན། །ཞལ་གཅིག་པདྨ་རཱ་གའི་མདོག་ལ་


TNT02_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

འདུད། །དཔལ་མོས་འཁྱུད་ཅིང་རྨ་བྱ་ལ་གནས་པའི། །གདོང་དྲུག་ལ་སོགས་ཆུ་སྟོད་ཚེས་རྣམས་གཞན། །ཤཀ་ཏི་མདུང་དང་ནོར་བུ་མེ་ལོང་ཅན། །བྱི་རུའི་འོད་འཕྲོ་གདོང་དྲུག་ལྡན་པས་སྐྱོང༌། །ཕག་མོས་འཁྱུད་ཅིང་ཆུ་སྲིན་ལ་གནས་པའི། །རྒྱ་མཚོ་ལ་སོགས་གྲོ་བཞིན་ཚེས་རྣམས་གཞན། །ཞགས་པ་རིན་ཆེན་སྦྲུལ་ཞགས་ཆུ་ཤེལ་འཛིན། །ཟླ་བའི་འོད་ཅན་ཟླ་བའི་ཞལ་མཆོད་དོ། །བྱི་བར་གནས་ཤིང་གཞོན་ནུ་མས་འཁྱུད་པའི། །ཚོགས་བདག་ལ་སོགས་ཁྲུམས་སྟོད་ཆོས་རྣམས་གཞན། །དགྲ་སྟྭ་རྡོ་རྗེ་ཞགས་པ་ནོར་བུའི་ཕྱག །ཟླ་ཞལ་ཟླ་འོད་ལྟ་བུར་དཀར་ལ་འདུད། །གླང་པོར་གནས་ཤིང་རླུང་ལྷ་མོས་འཁྱུད་པའི། །བརྒྱ་བྱིན་ལ་སོགས་ཐ་སྐར་ཚེས་རྣམས་གཞན། །རྡོ་རྗེ་མདའ་དང་དྲིལ་བུ་གཞུ་ཡིས་མཚན། །གསེར་མདོག་ཟླ་བའི་ཞལ་ལ་ཕྱག་འཚལ་ལོ། །གློག་མས་འཁྱུད་ཅིང་ངང་པ་ལས་གནས་པའི། །ཚངས་པ་ལ་སོགས་སྨིན་དྲུག་ཚེས་རྣམས་གཞན། །ཁབ་དང་བགྲང་འཕྲེང་ཆུ་སྐྱེས་སྤྱི་བླུགས་འཛིན། །ཆུ་ཡི་གསེར་མཚུངས་ཆུ་ཡི་ཞལ་གྱིས་སྐྱོང༌། །ཨུ་མས་འཁྱུད་ཅིང་ཁྱུ་མཆོག་ལ་གནས་པའི། །དྲག་པོ་ལ་སོགས་མགོ་ཡི་ཚེས་རྣམས་


TNT02_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

གཞན། །རྩེ་གསུམ་མདའ་དང་སྦྲུལ་ལྡན་ཁ་ཊཱཾ་གཞུ། །རི་བོང་འཛིན་ཞལ་མཁའ་ལྟར་སྔོ་ལ་འདུད། །གླང་པོར་གནས་ཤིང་ནོར་སྦྱིན་མས་འཁྱུད་པའི། །ནོར་བདག་ལ་སོགས་རྒྱལ་གྱི་ཚེས་རྣམས་གཞན། །ནོར་བུ་བེ་ཅོན་ནེའུ་ལེ་པདྨའི་ཕྱག །སྔོན་པོ་རི་དྭགས་མཚན་པའི་ཞལ་མཆོད་བགྱི། །དཔལ་མོས་འཁྱུད་ཅིང་མཁའ་ལྡིང་ལ་གནས་པའི། །ཁྱབ་འཇུག་ལ་སོགས་མཆུ་ཡི་ཚེས་རྣམས་གཞན། །འཁོར་ལོ་དབྱུག་ཐོ་པདྨ་དུང་གིས་མཚན། །ཞལ་གཅིག་མར་གད་མདོག་ལ་ཕྱག་འཚལ་ལོ། །གཤིན་རྗེ་མས་འཁྱུད་མ་ཧེ་ལ་གནས་པའི། །གཤིན་རྗེ་ལ་སོགས་དབོ་ཡི་ཚེས་རྣམས་གཞན། །དབྱུག་པ་རལ་གྲི་ལྕགས་སྒྲོག་ཞགས་པས་བརྒྱན། །ལྗང་ཁུ་རི་དྭགས་ཅན་ཞལ་ལ་ཕྱག་འཚལ། །འོད་ཟེར་ཅན་འཁྱུད་དབྱུག་སྔོན་ནག་པོ་རལ་གྲི་དང་ནི་རྡོ་རྗེ་ཕུབ་དང་ལྟོས་འགྲོ་འཛིན། །ཙིན་དས་ལེགས་འཁྱུད་ཌཱ་ཀི་དམར་པོ་མེ་མདའ་དང་ནི་ལྕགས་ཀྱུ་གཞུ་དང་ཞགས་པས་མཚན། །ཁྲོ་གཉེར་མས་འཁྱུད་མི་གཡོ་དཀར་པོ་ཐོ་བ་དང་ནི་མདུང་དང་པདྨ་མེ་ལོང་འཛིན། །ལྕགས་སྒྲོག་མས་འཁྱུད་སྟོབས་ཆེན་སེར་པོ་འཁོར་ལོ་དང་ནི་དབྱུག་པ་དུང་དང་ནོར་བུའི་ཕྱག །སྔོན་མོས་འཁྱུད་པའི་གཙུག་


TNT02_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཏོར་ལྗང་ཁུ་དགྲ་སྟྭ་དང་ནི་རྩེ་གསུམ་སྦྲུལ་ཞགས་ཁ་ཊྭཱཾ་ག །དྲག་སྤྱན་མས་འཁྱུད་གནོད་མཛེས་སྔོན་པོ་གྲི་གུག་དང་ནི་རྡོ་རྗེ་ཐོད་པ་དྲིལ་བུ་འཛིན། །ཕག་རྟ་སེང་གེ་གླང་པོ་མཁའ་ལྡིང་རྐང་བརྒྱད་ཀྱི་ནི་ཤིང་རྟ་ལ་གནས་གཡས་བརྐྱང་སྟབས། །མཐིལ་བཞི་བཤང་ལམ་གཙུག་གི་རྩ་དག་ཁྲོ་བོའི་ཚོགས་ནི་ཞལ་གཅིག་ཕྱག་བཞིས་བརྗིད་ལ་འདུད། །སྟོབས་ཀྱི་རྒྱུ་དང་པདྨ་ཆར་སྤྲིན་མདོག །ནོར་རྒྱས་དུང་སྐྱོང་བྱི་རུའི་ཕུང་པོ་འདྲ། །མཐའ་ཡས་རིགས་ལྡན་ཀུན་དའི་མདོག་ལྟར་གསལ། །འཇོག་པོ་པདྨ་ཆེན་པོ་རབ་ཏུ་སེར། །རྒྱལ་དང་རྣམ་རྒྱལ་ལྗང་སྔོན་འབྱུང་བ་ལ། །རྡོ་རྗེ་གདན་བཞུགས་རིན་ཆེན་རྒྱལ་གྱིས་བརྒྱན། །བུམ་པ་རྡོ་རྗེ་པདྨ་ནོར་བུའི་ཕྱག །རྐང་སོར་ཀླུ་ཆེན་གཏུམ་མོས་འཁྱུད་ལ་འདུད། །མདུང་གིས་འབིགས་དང་ལྷག་མ་བརྩེགས་པའི་རོ། །དྲག་པོའི་གཡུལ་དང་རུལ་པ་བྱིས་པ་གསོད། །རྣག་གི་དྲི་དང་སྦྲུལ་གྱིས་ཟོས་པ་ཡིས། །དུར་ཁྲོད་ཆེན་པོར་བསེ་དང་བྷེ་རུན་ཊ། །དོམ་དང་ཁྲུང་ཁྲུང་འབྲི་དང་བྱ་མ་བྱི། །སེང་གེ་མིག་སྔོན་ལ་གནས་འཁོར་ལོའི་སྟེང༌། །ཟླུམ་པོའི་སྟབས་ཅན་མི་མགོའི་འཕྲེང་ལྡན་མ། །གཅེར་བུ་སྤྱན་གསུམ་གྲི་གུག་ཐོད་པ་མ། །ཕྱག་རྒྱ་ལྔ་ལྡན་


TNT02_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་ཡིས་རབ་འཁྱུད་མ། །ལུས་ལ་ལག་པའི་སེར་མོ་རྣམ་དག་མ། །ཁྱི་གདོང་མ་དང་ཁྭ་གདོང་ཕག་གདོང་མ། །བྱ་རྒོད་གདོང་མ་སྟག་གདོང་འུག་གདོང་མ། །ལྕེ་སྤྱང་གདོང་མ་ནམ་མཁའ་ལྡིང་གདོང་མ། །སྟེང་འོག་ཤིང་རྟར་སྔོན་མོ་རྡོ་རྗེའི་མིག །སྐྲ་དང་བ་སྤུ་རྣམ་དག་གྲུབ་པ་དང༌། །འབྱུང་པོའི་ཚོགས་ཀྱིས་བསྐོར་ལ་ཕྱག་འཚལ་ལོ། །ཤིན་ཏུ་སྟོབས་མ་རྨུགས་བྱེད་མ་དང་ང་རྒྱལ་ཅན་མ་རེངས་བྱེད་མ། །ལྕགས་སྒྲོག་མ་དང་ཁྲོ་གཉེར་ཅན་མ་ཙུན་ད་དང་ནི་འོད་ཟེར་ཅན། །དྲག་སྤྱན་མ་དང་ཤིན་ཏུ་སྔོན་མོ་རང་རང་རིགས་ཀྱི་ཁྲོ་བོ་ཡི། །ཞལ་ཕྱག་མཚོན་ཆ་ཁ་དོག་རྒྱན་ལྡན་ཁྲོ་མོ་རྣམས་ལའང་ཕྱག་འཚལ་ལོ། །དེ་བཞིན་སྒྲོལ་མ་རེག་བྱ་མ་དང་ཁྱབ་འཇུག་ལྕགས་སྒྲོག་ཁ་གདོང་མ། །རབ་སྔོན་རབ་བརྩོན་ཙརྩི་ཀ་དང་ཁྱི་གདོང་མས་བསྐྱེད་བརྒྱ་བྱིན་དུ། །དབྱེ་བ་གོས་དང་མཆིལ་འདོར་རེག་བྱ་ལྷག་མ་ཟ་བ་ཀུན་དུ་གདུང༌། །སྐྲོད་དང་ལུས་འཕྲུག་ཡན་ལག་བསྐྱོད་པར་འདོད་དང་ཕྱིར་འདོད་མ་ལ་འདུད། །གོས་དཀར་རོ་མ་གཞོན་ནུ་མ་དང་ཁྲོ་གཉེར་ཅན་མ་བྱ་རྒོད་མ། །དྲག་སྤྱན་རྨུག་མ་ཕག་མོ་དང་ནི་ཕག་གདོང་མས་བསྐྱེད་ལྷོ་ཕྱོགས་སུ། །བསྐྱོད་པ་ཟས་དང་གར་འགུགས་གཡུལ་དང་རྒྱུག་པ་དང་ནི་སྐེམས་པ་དང༌། །ལུས་ཀྱི་དྲི་མ་བཤང་


TNT02_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གཅི་ཟག་པར་འདོད་དང་ཕྱིར་འདོད་མ་རྣམས་མཆོད། །མཱ་མཱ་ཀཱི་དང་གཟུགས་མ་དཔལ་མོ་ཙུན་ད་དང་ནི་འུག་གདོང་མ། །སྒྲ་མ་ཁེངས་མ་དྲག་མོ་དང་ནི་སྟག་གདོང་མས་བསྐྱེད་ནོར་སྦྱིན་དུ། །རྒྱས་པ་རྒྱན་དང་རྒྱལ་སྲིད་འཆིང་བ་བྱིས་པ་སྡིག་དང་རོལ་མོའི་སྒྲ། །འཇམ་པར་སྨྲ་དང་མལ་སྟན་རྩོད་མང་འདོད་དང་ཕྱིར་འདོད་མ་རྣམས་རྒྱལ། །སྤྱན་མ་དྲི་མ་ཚངས་མ་དང་ནི་འོད་ཟེར་ཅན་མ་མཁའ་ལྡིང་མ། །ཆོས་ཀྱི་ཁམས་མ་རེངས་མ་དབང་མོ་ལྕེ་སྤྱང་མས་བསྐྱེད་ཆུ་བདག་ཏུ། །རེངས་པ་དྲི་དང་ཆུ་ལ་རྐྱལ་བ་ཕུར་བུས་འདེབས་དང་སྦྲུལ་འཆིང་འཁྲིག །གཉེན་འདུན་མལ་བརྙེས་སེམས་ཅན་བསླུ་འདོད་ཕྱིར་འདོད་མ་རྣམས་གཞན་ལ་འདུད། །ཁྱོད་ནི་སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་ཅན། །ཕྲ་རབ་རྡུལ་གྱི་ཆོས་དང་བྲལ་ཡང་བརྟན་དང་གཡོ་བ་ཀུན་གྱི་གཟུགས། །ལུས་དང་དབང་པོའི་སྦྱོར་བ་སྤངས་ཀྱང་རྟག་ཏུ་འདོད་ཆགས་ཆེ་ལ་རོལ། །བསམ་གྱིས་མི་ཁྱབ་བརྟག་པར་དཀའ་བ་དུས་ཀྱི་འཁོར་ལོས་བདག་སྐྱོངས་ཤིག །གཟའ་དང་དྲང་སྲོང་རྒྱུ་སྐར་ཁྱིམ་དང་ཆ། །ཕྱོགས་སྐྱོང་ཞིང་སྐྱོང་ཕོ་ཉ་འཕྲོག་མ་དང༌། །གྷཎ་ཊ་ཀརྞ་དགའ་བྱེད་ནག་


TNT02_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ། །བྷྲྀཾ་གི་ནི་སོགས་འཁོར་མང་རྒྱལ་གྱུར་ཅིག །དེ་ལྟར་བསྟོད་པས་ཕུང་པོ་ཁམས་སོགས་གཞན། །བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་ཀྱི་དབྱིངས། །གློ་བུར་དྲི་མའི་སྦུགས་ལས་ངེས་གྲོལ་ཏེ། །སྲིད་གསུམ་དང་བ་མངོན་དུ་བྱཻད་གྱུར་ཅིག །དཔལ་དུས་ཀྱི་འཁོར་ལོའི་བསྟོད་པའམ་མངོན་རྟོགས་ཉེ་བར་བསྡུས་པ་རྫོགས་སོ། །སེམས་ཅན་ཐམས་ཅད་ཀྱིས་རང་རང་ལ་བཞུགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་པ་འདི་ཡང་རྒྱལ་ཁམས་ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་གྱིས་བཀོད་པའོ།། །།ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿསྭཱཧཱ། མངྒ་ལཾ། དགེའོ།། །།

བླ་མ་ཡི་དམ་ཆོས་སྐྱོང་གི་བསྐང་གསོ་བདེ་སྟོང་རོལ་པ།


TNT02_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་ཆོས་སྐྱོང་གི་བསྐང་གསོ་བདེ་སྟོང་རོལ་པ་ཞེས་བྱ་བ་བཞུགས།


TNT02_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། བླ་མ་ཡི་དམ་ཆོས་སྐྱོང་གི་བསྐང་གསོ་བདེ་སྟོང་རོལ་པ་ནི། བསལ་གཏན་ནང་མཚམས་བྱེད་པ་དང༌། །རྒྱུད་སྡེ་འཆད་ཉན་དབང་བསྐུར་རིགས། །ཆོས་ལྡན་རྨི་ལམ་འཁྲུགས་པའམ། །རྣལ་འབྱོར་ཉམས་འཆགས་གསོ་བ་དང༌། སེམས་ཅན་ཚོགས་གཉིས་སྤེལ་བའི་ཕྱིར། །རྣལ་འབྱོར་ལྷ་ཡི་ང་རྒྱལ་གྱིས། །དབྱངས་དང་རྔ་བརྡུང་འདི་སྐད་དོ། །ཧཱུཾ། སྤྲོས་བྲལ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །གཟུགས་སྐུ་མཁའ་ཁྱབ་སེམས་ཅན་འདྲེན་པའི་ཕྱིར། །དུས་གསུམ་བཀའ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་


TNT02_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ། །མདུན་ཕྱོགས་འཇའ་ཚོན་པ་དྲྭ་འཁྱིལ་བའི་དབུས། །སྣ་ཚོགས་པདྨ་འདབ་སྟོང་རྒྱས་པའི་སྟེང༌། །སེངྒེ་བརྒྱད་བཏེགས་རིན་ཆེན་སྣ་ཚོགས་ཁྲི། །ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ། །ཁྱེད་ལ་ཕུན་ཚོགས་མཆོད་པ་འབུལ་བ་ནི། །ལྟ་སྤྱོད་རྣམ་དག་མཆོད་ཡོན་ཀུན་ནས་འཁྱིལ། །ཐོས་བསམ་སྒོམ་གསུམ་དག་པའི་ཞབས་བསིལ་མངར། །སྒོ་གསུམ་དགེ་བཅུའི་མེ་ཏོག་སིལ་མར་བཀྲམ། །སྡོམ་


TNT02_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དག་པའི་སྤོས་མཆོག་སྤྲིན་དུ་འཁྲིགས། །བསླབ་གསུམ་ཡོན་ཏན་ཉྀ་འོད་མར་མེ་འབར། །ཚོགས་གསུམ་རྒྱ་མཚོ་སྤོས་ཆུའི་དྲི་མཆོག་བལྟམས། །འཁོར་གསུམ་དག་པའི་རོ་བརྒྱ་ཞལ་ཟས་སྦྱོར། །ཐེག་གསུམ་རོལ་མོའི་སིལ་སྙན་སྣ་ཚོགས་དཀྲོལ། །བཀའ་འཁོར་གསུམ་གྱི་རྔ་ཆེན་འཁར་རྔ་བརྡུང༌། །སྡེ་སྣོད་གསུམ་གྱི་དུང་སྒྲ་ཁམས་གསུམ་སྒྲོགས། །རྒྱུད་སྡེ་བཞི་ཡི་བ་དན་མཁའ་ལ་ཕྱར། །རྫོགས་ལྡན་ཆོས་ཀྱི་རྒྱལ་མཚན་གྱེན་དུ་བསྒྲེང༌། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་འདིས། །མཐའ་བཞི་ལས་གྲོལ་ངོ་བོ་ཉིད་ཀྱི་སྐུ། །མཁའ་ཁྱབ་དང་པོའི་སངས་རྒྱས་ཐུགས་དམ་བསྐང༌། །འགྱུར་མེད་རང་བཞིན་འོད་གསལ་ཆོས་ཀྱི་སྐུ། །རྒྱལ་བ་རྡོ་རྗེ་འཆང་ཆེན་ཐུགས་དམ་བསྐང༌། །གཞོམ་མེད་སྒྲ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །དཔག་མེད་ཞིང་ནས་མཐའ་ཡས་སྤྲུལ་པའི་སྐུ། །སངས་རྒྱས་ཤཱཀྱ་ཐུབ་པའི་ཐུགས་དམ་བསྐང༌། །རྒྱལ་སྲས་ཁྲོ་རྒྱལ་རྣམས་ཀྱི་ངོ་བོ་ཉིད། །ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་ཐུགས་དམ་བསྐང༌། །སྤྱན་རས་གཟིགས་ལ་རྒྱུད་འགྲེལ་གསན་པའི་མཆོག །


TNT02_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་དུས་ཞབས་ཆེན་པོའི་ཐུགས་དམ་བསྐང༌། །དངོས་གྲུབ་རྣམ་གཉིས་མངོན་དུ་གྱུར་པ་ཡི། །གྲུབ་ཆེན་དུས་ཞབས་ཆུང་བའི་ཐུགས་དམ་བསྐང༌། །རྣམ་སྣང་གངས་ཆེན་མཚོ་ལ་ཆོས་གསན་པའི། །མཁས་མཆོག་ནཱ་ལེནྡྲ་པའི་ཐུགས་དམ་བསྐང༌། །སྒྲོལ་མས་ལུང་བསྟན་བོད་ཁམས་མུན་སེལ་བ། །པཎ་ཆེན་ཟླ་བ་མགོན་པོའི་ཐུགས་དམ་བསྐང༌། །གསང་འདུས་ཞལ་གཟིགས་མངོན་ཤེས་རྫུ་འཕྲུལ་ཅན། །བློ་ལྡན་འབྲོ་སྟོན་ལོཙྪའི་ཐུགས་དམ་བསྐང༌། །ཉིན་ཞག་བཅོ་ལྔར་འོད་གསལ་ངང་ལ་བཞུགས། །མཉམ་མེད་ལྷ་རྗེ་སྒོམ་པའི་ཐུགས་དམ་བསྐང༌། །ཟླ་གཅིག་ཏིང་འཛིན་སྒོམ་པའི་གཙུག་ཏོར་འཕགས། །སྒྲོ་སྟོན་གནམ་ལ་བརྩེགས་ཀྱི་ཐུགས་དམ་བསྐང༌། །ཤཱཀ་ཐུབ་ལ་སོགས་སངས་རྒྱས་དཔག་མེད་གཟིགས། །ཡུ་མོ་ཆོས་ཀྱི་ར་ཆེན་ཐུགས་དམ་བསྐང༌། །བྱིན་རླབས་མཛད་ཙམ་སྐལ་ལྡན་སྨིན་གྲོལ་མཛད། །སྲས་མཆོག་དྷརྨཱ་ཤྭ་རའི་ཐུགས་དམ་བསྐང། །དགྱེས་པ་རྡོ་རྗེའི་ཞལ་གཟིགས་ལུང་བསྟན་ཐོབ། །མཁས་པ་ནམ་མཁའ་འོད་ཟེར་ཐུགས་དམ་བསྐང༌། །རྫུ་འཕྲུལ་སྟོབས་ལྡན་མཁའ་སྤྱོད་གནས་


TNT02_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཤེགས། །མ་ཅིག་སྤྲུལ་སྐུ་ཇོ་འབུམ་ཐུགས་དམ་བསྐང༌། །དུས་གསུམ་མཁྱེན་པའི་མངོན་ཤེས་ཐོགས་མེད་ལྡན། །གྲུབ་ཐོབ་སེ་མོ་ཆེ་བའི་ཐུགས་དམ་བསྐང༌། །འཇམ་པའི་དབྱངས་ཀྱིས་དངོས་སུ་ལུང་བསྟན་ཐོབ། །ཆོས་རྗེ་འཇམ་དབྱངས་གསར་མའི་ཐུགས་དམ་བསྐང༌། །ལྷ་སའི་ཇོ་བོས་བྱང་ཆུབ་ལུང་བསྟན་པ། །ཀུན་མཁྱེན་ཆོས་སྐུ་འོད་ཟེར་ཐུགས་དམ་བསྐང༌། །དུས་འཁོར་ཡེ་ཤེས་དཀྱིལ་འཁོར་མངོན་སུམ་གཟིགས། །ཀུན་སྤང་ཐུགས་རྗེ་བརྩོན་འགྲུས་ཐུགས་དམ་བསྐང༌། །ཆོས་ཉིད་བདེ་གཤེགས་སྙིང་པོ་དངོས་སུ་བརྙེས། །བྱང་སེམས་རྒྱལ་བ་ཡེ་ཤེས་ཐུགས་དམ་བསྐང༌། །རླུང་སེམས་དབང་འདུས་ཡི་དམ་དཔག་མེད་གཟིགས། །མཁས་བཙུན་ཡོན་ཏན་རྒྱ་མཚོའི་ཐུགས་དམ་བསྐང༌། །དུས་གསུམ་རྫོགས་པའི་སངས་རྒྱས་ཀུན་འདུས་དངོས། །ཀུན་མཁྱེན་ཤེས་རབ་རྒྱལ་མཚན་ཐུགས་དམ་བསྐང༌། །འཆད་རྩོད་རྩོམ་པའི་རྒྱལ་བསྟན་འཛིན་སྐྱོང་སྤེལ། །ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་ཐུགས་དམ་བསྐང༌། །མང་ཐོས་རིག་པས་ཕས་རྒོལ་ཚར་གཅོད་མཛད། །མཁས་མཆོག་ཉ་དབོན་ཀུན་དགའི་ཐུགས་དམ་བསྐང༌། །བཤད་


TNT02_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཉི་ཟླའི་ངོ་མཚར་སྣང་བའི་གཉེན། །འཇམ་མགོན་ཀུན་དགའ་བློ་གྲོས་ཐུགས་དམ་བསྐང༌། །རྒྱ་ཆེན་ཤེས་བྱའི་གཏེར་གྱུར་འཇིག་རྟེན་མིག །འཇམ་དབྱངས་དཀོན་མཆོག་བཟང་པོའི་ཐུགས་དམ་བསྐང༌། །རྒྱལ་བའི་དགོངས་སྤྱོད་ཟབ་མོའི་ངེས་གསང་རྟོགས། །མཁས་པ་ནམ་མཁའ་ཆོས་སྐྱོང་ཐུགས་དམ་བསྐང༌། །རྣམ་མང་གཞུང་ལུགས་མཁྱེན་པའི་གངས་རི་སྐྱོངས། །པཎ་ཆེན་ནམ་མཁའ་དཔལ་བཟང་ཐུགས་དམ་བསྐང༌། །མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་འཁོར་ལོས་བསྒྱུར། །ལཱོ་ཆེན་རཏྣ་བྷ་དྲའི་ཐུགས་དམ་བསྐང༌། །གདམས་པའི་ཆུ་ཀླུང་མ་ལུས་སྡུད་པོ་མཆོག །དཔལ་ལྡན་ཀུན་དགའ་གྲོལ་མཆོག་ཐུགས་དམ་བསྐང༌། །བསྙེན་སྒྲུབ་རྣམ་བཞིའི་ཉམས་རྟོགས་མཐར་སོན་པའི། །མཁན་ཆེན་ལུང་རིགས་རྒྱ་མཚོའི་ཐུགས་དམ་བསྐང༌། །༈ ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན་མཆོག །གསང་བདག་སྒྲོལ་བའི་མགོན་པོའི་ཐུགས་དམ་བསྐང༌། །མདོ་རྒྱུད་མན་ངག་མཆོག་ལ་མངའ་དབང་བསྒྱུར། །མཚུངས་མེད་རིན་ཆེན་རྒྱ་མཚོའི་ཐུགས་དམ་བསྐང༌། །མཁྱེན་སྟོབས་དཔུང་གིས་རྒྱལ་


TNT02_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་གདུགས་དཀར་འདེགས། །མཁས་གྲུབ་བློ་གྲོས་རྣམ་རྒྱལ་ཐུགས་དམ་བསྐང༌། །རྫོགས་ལྡན་གྲུབ་པའི་བརྟུལ་ཞུགས་ཉམས་བཞེས་པའི། །གྲུབ་ཆེན་ངག་དབང་འཕྲིན་ལས་ཐུགས་དམ་བསྐང༌། །བརྒྱུད་གསུམ་བྱིན་རླབས་ཆུ་བོ་འདུས་པའི་གཏེར། །ངག་དབང་བསྟན་འཛིན་རྣམ་རྒྱལ་ཐུགས་དམ་བསྐང༌། །ཟབ་ལམ་བསྟན་པའི་གསང་མཛོད་འདོད་འཇོའི་མཁན། །རྣལ་འབྱོར་མཁས་བཙུན་དར་རྒྱས་ཐུགས་དམ་བསྐང༌། །ཟབ་ལམ་གདམས་པའི་འཁོར་ལོ་ཕྱོགས་བཅུར་བསྐོར། །ཀུན་བཟང་འཕྲིན་ལས་རྣམ་རྒྱལ་ཐུགས་དམ་བསྐང༌། །གང་ལ་གང་འདུལ་ཐབས་མཁས་རོལ་རྩེད་འཆང༌། །ནུས་ལྡན་ལྷུན་གྲུབ་རྒྱ་མཚོའི་ཐུགས་དམ་བསྐང༌། །སྨིན་གྲོལ་བདུད་རྩིའི་འགྲོ་ཕན་བླ་མེད་སྤྱོད། །དཀོན་མཆོག་འཇིག་མེད་རྣམ་རྒྱལ་ཐུགས་དམ་བསྐང༌། །རྩ་བརྒྱུད་བླ་མའི་ཐུགས་རྗེས་རང་གཟུགས་གར། །ངག་དབང་ཆོས་འཕེལ་རྒྱ་མཚོའི་ཐུགས་དམ་བསྐང༌། །ཡན་ལག་དྲུག་གི་རྣལ་འབྱོར་མཐར་སོན་པ། །ངག་དབང་ཆོས་ཀྱི་འཕགས་པའི་ཐུགས་དམ་བསྐང༌། །རྣམ་ཀུན་མཆོག་ལྡན་འོད་གསལ་དབྱིངས་སུ་རོལ། །


TNT02_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དབང་ཆོས་འཛིན་རྒྱ་མཚོའི་ཐུགས་དམ་བསྐང༌། ༈ གཟུང་འཛིན་འཁྲུལ་ཟད་རྒྱུད་སྡེ་རབ་འབྱམས་བདག །ཀུན་དགའ་བསོད་ནམས་དཔལ་ལྡན་ཐུགས་དམ་བསྐང༌། །དབང་ལུང་གདམས་ངག་རྒྱ་མཚོའི་མཛོད་འཛིན་པ། །ངག་དབང་ཆོས་ཀྱི་རྣལ་འབྱོར་ཐུགས་དམ་བསྐང༌། །གནས་ལུགས་བདེ་གཤེགས་སྙིང་པོ་མངོན་གསལ་བ། །ངག་དབང་མཁས་གྲུབ་དབང་ཕྱུག་ཐུགས་དམ་བསྐང༌། །ཡི་དམ་རྒྱུད་སྡེ་རྒྱ་མཚོའི་ཞལ་གཟིགས་པ། །ངག་དབང་བསྟན་པ་གསལ་བྱེད་ཐུགས་དམ་བསྐང༌། །ཡི་དམ་རྒྱུད་སྡེ་རབ་འབྱམས་སྤྲོ་བསྡུ་མཛད། །ངག་དབང་རྡོ་རྗེ་བཟང་པོའི་ཐུགས་དམ་བསྐང༌། །དོན་དམ་གནས་ལུགས་བླ་མའི་ཞལ་མཇལ་བ། །ངག་དབང་དཀོན་མཆོག་དར་རྒྱས་ཐུགས་དམ་བསྐང༌། །གཞན་སྟོང་དབུ་མས་འཛམ་གླིང་ཁྱབ་མཛད་པ། །ངག་དབང་བློ་གྲོས་གྲགས་པའི་ཐུགས་དམ་བསྐང༌། །དུས་འཁོར་བསྐང་བའི་ཁ་སྐོང་འཛམ་ཐང་གཙང་བའི་གདན་རབས་རིམ་བྱོན་ལྟར་བློ་བཟང་ཆོས་འཕེལ་བས་བྲིས་པའོ། །༈ དེ་དག་ནི་དབང་བརྒྱུད་དེད་པ་ཡིན་ཏེ། མན་ངག་ཉམས་ཁྲིད་སོགས་ཀྱི་བརྒྱུད་པ་ལ་མོས་ན། མཁས་བཙུན་དར་རྒྱས་ཀྱི་མལ་དུ། ཐབས་ལམ་གཏུམ་མོའི་འབར་སྣང་ལ་སྤྱོད་པའི། །ཡོངས་འཛིན་ཀུན་དགའ་ཆོས་འཕེལ་


TNT02_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐང༌། །ཞེས་པ་དང༌། ལྷུན་གྲུབ་རྒྱ་མཚོ་དང༌། འཇིགས་མེད་རྣམ་རྒྱལ་ཟུང་གི་ཚབ་ཏུ། མངོན་ཤེས་སྤྱན་གྱིས་དུས་གསུམ་སྒྲིབ་མེད་གཟིགས། །རྟོགས་ལྡན་ཀུན་དགའ་ཆོས་འབྱོར་ཐུགས་དམ་བསྐང༌། །གནས་ལུགས་གཉུག་མ་དོན་གྱི་རང་བཞིན་མཇལ། །གུ་རུ་ངག་དབང་རྒྱལ་མཚན་ཐུགས་དམ་བསྐང༌། །དེ་སོགས་དབང་བརྒྱུད་མན་ངག་གཞུང་འགྲེལ་གྱི། །བཀའ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་བའི་བྱིན་རླབས་རྣམ་དག་གིས། །བདག་ཅག་དཔོན་སློབ་སྐྱེ་བ་ཀུན་ཏུ་ཡང༌། །རིགས་ལྡན་བླ་མ་ཆོས་རྗེ་ཡབ་སྲས་ཀྱི། །རྟག་པར་ཞལ་མཐོང་ལུང་རིགས་དབང་འབྱོར་ནས། །འཆད་རྩོད་རྩོམ་པའི་དཔལ་ལ་སྤྱོད་པར་ཤོག །ཧཱུཾ། ཆོས་དབྱིངས་འབྱུང་ལྔ་འོད་འཕྲེང་བསྐོར་བའི་དབུས། །གྲུ་བཞི་ཉི་མའི་སྒོ་ཁང་རྟ་བབས་ལྡན། །མཆོག་གསུམ་ཁང་བརྩེགས་རྒྱ་ཕུབ་འདེགས་པའི་དབུས། །སྣ་ཚོགས་པདྨ་ཟླ་ཉི་སྒྲ་གཅན་སྟེང༌། །བཅོམ་ལྡན་དུས་ཀྱི་འཁོར་ལོ་ནམ་མཁའི་མདོག །སྐུ་བཞིའི་ཞལ་ལྡན་ཉི་མའི་སྤྱན་ཆེན་བགྲད། །རལ་བའི་ཅོད་པན་སྣ་ཚོགས་རྡོ་རྗེ་དང༌། །ཟླ་ཕྱེད་མི་བསྐྱོད་པ་ཡི་དབུ་རྒྱན་ཅན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །རྡུལ་མུན་སྙིང་སྟོབས་རྣམ་དག་མགྲིན་པ་གསུམ། །


TNT02_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་དུས་དྲུག་དག་པའི་ཕྲག་པ་ལ། །དུས་སྦྱོར་བཅུ་གཉིས་རྣམ་དག་དཔུང་པ་སྤྲས། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །ཟླ་ཕྱེད་ཉེར་བཞི་དག་པའི་ཕྱག་ངར་ལྡན། །ཕྱག་སོར་ལྔ་ལྔ་ཟླ་བའི་ཡོན་ཏན་འགགས། །སོར་ཚིག་གསུམ་གསུམ་ཉི་མའི་ཡོན་ཏན་སྤངས། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །སྒྲ་གཅན་རྣམ་དག་ཆོས་སྐུ་ཉག་གཅིག་འབར། །རོ་རྐྱང་དག་པའི་ཞབས་གཉིས་བརྐྱང་བསྐུམ་གྱིས། །བདུད་དང་ཉོན་མོངས་བསྒྱེལ་བའི་སྙིང་གར་མནན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །ཐབས་ཤེས་གཡས་གཡོན་ཕྱག་གི་དང་པོ་གཉིས། །བདེ་སྟོང་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །རྣམ་ཤེས་མ་རིག་གཅོད་པའི་རལ་གྲི་གཡས། །ཡེ་ཤེས་རྡོ་རྗེའི་གོ་ཆ་ཕུབ་དཀར་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །ཟག་བཅས་བདེ་བ་གཅོད་པའི་གྲི་གུག་གཡས། །ཟག་མེད་བདེ་ཆེན་སྐྱོང་མཛད་ཐོད་ཁྲག་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །སྒོ་གསུམ་མི་དགེ་འབུགས་པའི་རྩེ་གསུམ་གཡས། །སྐུ་གསུམ་ཡོན་ཏན་


TNT02_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་ཁ་ཊྭཱཾ་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །ཉོན་མོངས་དུག་ལྔ་འཇོམས་པའི་མེ་མདའ་གཡས། །ཡེ་ཤེས་ལྔ་ལྡན་འབར་བའི་གཞུ་བརྡུང་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །རླུང་སེམས་དབུ་མར་འགུགས་པའི་ལྕགས་ཀྱུ་གཡས། །ཐིག་ལེ་རྩ་རླུང་འཆིང་བའི་ཞགས་པ་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །བདེ་སྟོང་ཟབ་མོའི་སྒྲ་སྒྲོགས་ཌཱ་རུ་གཡས། །ཐེག་གསུམ་དམ་ཆོས་འབྱུང་གནས་རིན་ཆེན་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །གློ་བུར་བུམ་པ་བརྡུང་བའི་ཐོ་བ་གཡས། །ཉོན་མོངས་སྐྱོན་གྱིས་མ་གོས་པད་དཀར་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །དུས་གསུམ་རྒྱལ་བའི་རྣམ་འཕྲུལ་འཁོར་ལོ་གཡས། །ཁམས་གསུམ་ཆོས་སྒྲ་སྒྲོགས་པའི་དུང་དཀར་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །གཟུང་འཛིན་ལོག་འདྲེས་འབུགས་པའི་མདུང་ཐུང་གཡས། །ཆོས་ཉིད་སྟོང་གཟུགས་འཆར་བའི་མེ་ལོང་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །བདུད་བཞི་དཔུང་བཅས་སྒྲོལ་བྱེད་དབྱུག་པ་གཡས། །


TNT02_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་ཉོན་མོངས་འཆིང་བའི་ལྕགས་སྒྲོག་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །མ་རིག་སྡོང་པོ་གཅོད་པའི་དགྲ་སྟྭ་གཡས། །རིག་བྱེད་རྣམ་བཞི་བཅོམ་པའི་ཚངས་མགོ་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །སྟག་ལྤགས་རྡོ་རྗེའི་རྒྱན་དྲུག་སྐུ་ལ་སྤྲས། །སྟོང་ཆེན་སྣ་ཚོགས་ཡུམ་ལ་རྣམ་པར་རོལ། །བདེ་སྟོང་གཉིས་སུ་མེད་པའི་ཐུགས་དམ་བསྐང༌། ཡུམ་ཆེན་ལྷ་མོ་གསེར་མདོག་ཞལ་བཞི་མ། །པྲ་ཕབ་བརྒྱད་ཀྱི་ཕྱག་རྣམས་མཚོན་ཆ་འཛིན། །ཕྱག་རྒྱ་ལྔ་ཡི་རབ་བརྒྱན་ཡབ་ལ་འཁྱུད། །སྟོང་ཆེན་སྣ་ཚོགས་ཡུམ་གྱི་ཐུགས་དམ་བསྐང༌། །ཕ་རོལ་ཕྱིན་བཅུ་རྣམ་དག་ནུས་མ་བཅུ། །བུམ་པ་བཅུ་དང་བཅས་པའི་ཐུགས་དམ་བསྐང༌། །གནས་སྐབས་རིགས་བཞིའི་སྒྲིབ་པ་མཐར་མཛད་པ། །རྡོ་རྗེ་མཚན་མ་རྣམ་བཞིའི་ཐུགས་དམ་བསྐང༌། །ཕུང་པོ་རྣམ་དག་དེ་བཞིན་གཤེགས་པའི་ཚོགས། །ཁམས་དྲུག་དག་པའི་ཡུམ་དང་མཉམ་པར་སྦྱོར། །སངས་རྒྱས་ཡབ་ཡུམ་ཚོགས་ཀྱི་ཐུགས་དམ་བསྐང༌། །དབང་པོ་རྣམ་དག་བྱང་ཆུབ་སེམས་དཔའ་དྲུག །ཡུལ་དྲུག་དག་པའི་ལྷ་མོས་རབ་ཏུ་འཁྱུད། །སེམས་དཔའ་ཡབ་ཡུམ་ཚོགས་ཀྱི་ཐུགས་དམ་བསྐང༌། །ལས་དབང་རྣམ་དག་ཁྲོ་ཆེན་


TNT02_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་ཚོགས། །བྱ་བ་རྣམ་དག་ཁྲོ་མོར་མཉམ་པར་སྦྱོར། །ཁྲོ་རྒྱལ་ཡབ་ཡུམ་ཚོགས་ཀྱི་ཐུགས་དམ་བསྐང༌། །སྐྱེ་མཆེད་བཅུ་གཉིས་རྣམ་དག་མཆོད་སྤྲིན་ཐོགས། །གཟུངས་མ་ལྷ་མོ་བཅུ་གཉིས་ཐུགས་དམ་བསྐང༌། །ལྟེ་བའི་རྩ་འཁོར་དབྱུག་གུ་རྣམ་དག་པ། །ཙརྩི་ཀཱ་སོགས་གཞན་མཆོག་གཙོ་མོ་བརྒྱད། །ཟུང་འཇུག་རོལ་པའི་ལྷ་མོ་འཁོར་དང་བཅས། །གསུང་གི་ལྷ་ཚཽགས་རྣམས་ཀྱི་ཐུགས་དམ་བསྐང༌། །ཀུན་རྫོབ་ཟླ་བ་བཅུ་གཉིས་ཚིགས་དང་རྩ། །རྣམ་དག་ལྷ་ཆེན་བཅུ་གཉིས་བཞོན་པར་བཅས། །ཚེས་ཞག་སུམ་བརྒྱ་དྲུག་ཅུ་རྣམ་དག་པ། །ཆོས་ཉིད་ལྷ་མོ་འཁོར་བཅས་ཐུགས་དམ་བསྐང༌། །མཐིལ་བཞི་གསང་གཙུག་རྣམ་དག་ཤིང་རྟའི་སྟེང༌། །ཁྲོ་རྒྱལ་དབྱུག་སྔོན་ལ་སོགས་ཁྲོ་བོ་དྲུག །འོད་ཟེར་ཅན་སོགས་ཁྲོ་མོར་མཉམ་པར་སྦྱོར། །སྒོ་སྐྱོང་ཁྲོ་རྒྱལ་ཡབ་ཡུམ་ཐུགས་དམ་བསྐང༌། །སོར་མོ་རྣམ་དག་ཀླུ་དང་གཏུམ་མོའི་ཚོགས། །འདོད་ཡོན་དགའ་བདེའི་རང་བཞིན་གཟུངས་ཀྱི་ལྷ། །སྐྲ་དང་བ་སྤུ་རྣམ་དག་གྲུབ་པའི་ཚོགས། །དོན་དམ་འབྱུང་པོའི་ཚོགས་ཀྱི་ཐུགས་དམ་བསྐང༌། །གཟའ་དང་དྲང་སྲོང་རྒྱུ་སྐར་ཁྱིམ་དང་ཆ། །ཕྱོགས་སྐྱོང


TNT02_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

་ཞིང་སྐྱོང་ཕོ་ཉ་འཕྲོག་མ་དང༌། །གྷནྚ་ཀརྞ་དགའ་བྱེད་ནག་པོ་ཆེ། །བྷྲྀཾ་གི་ཎི་སོགས་འཁོར་གྱི་ཐུགས་དམ་བསྐང༌། །དོན་དམ་སྐྱབས་གསུམ་ཐུགས་གསུང་སྐུའི་ལྷ། །ལྷུན་གྲུབ་ཡེ་ཤེས་འོད་གསལ་འདུས་མ་བྱས། །དྲུག་བརྒྱ་སོ་བཞི་ཡབ་ཡུམ་འཁོར་དང་བཅས། །ཆོས་ཉིད་ཡོངས་རྫོགས་ལྷ་ཚོགས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་བའི་བྱིན་རླབས་རྣམ་དག་གིས། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་ཚིག་ཉམས་ཆགས་མ་ལུས་བསྐང་བ་དང༌། །ཕྱི་ནང་ཉོན་མོངས་གློ་བུར་ལས་གྲོལ་ནས། །སྟོབས་སོགས་ཡོན་ཏན་གདོད་ནས་ཀུན་ལྡན་པའི། །རྒྱལ་བའི་སྙིང་པོ་མྱུར་དུ་ཐོབ་པར་ཤོག །ཧཱུཾ། རྡོ་རྗེ་ཁང་བརྩེགས་འབར་བའི་དཀྱིལ་འཁོར་དུ། །ཁྲོ་རྒྱལ་རྡོ་རྗེ་ཤུགས་ཀྱི་ཐུགས་དམ་བསྐང༌། །ཕ་རོལ་ཕྱིན་བཅུ་རྣམ་དག་ཁྲོ་རྒྱལ་བཅུ། །དོན་དམ་ཟད་པར་བཅུ་ཡི་ཐུགས་དམ་བསྐང༌། །སྟོབས་བཅུ་བཞོན་པ་ལྡན་པའི་ཕྱོགས་སྐྱོང་བཅུ། །ཆོས་ཉིད་གཟའ་ཆེན་བཅུ་ཡི་ཐུགས་དམ་བསྐང༌། །ཡེ་ཤེས་དབང་བཅུའི་བདག་ཉིད་ཀླུ་རྒྱལ་བཅུ། །གཞན་མཆོག་འབྱུང་པོ་བཅུ་ཡི་ཐུགས་དམ་བསྐང༌། །སྡེ་དྲུག་སྲུང་


TNT02_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མ་དྲུག་ཅུ་འཁོར་བཅས་དང༌། །དུར་ཁྲོད་འབྱུང་པོ་བྱེ་བ་ཕྲག་ཕྱེད་ལ། །གླིང་བཞི་ལྷུན་པོ་ཉི་ཟླ་དཔག་བསམ་ཤིང༌། །ལྷ་མིའི་ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང༌། །བདག་ཅག་རྣལ་འབྱོར་བསྲུང་སྐྱོབས་ཞི་རྒྱས་སོགས། །རྡོ་རྗེ་འཛིན་པའི་བཀའ་བཞིན་སྒྲུབ་པར་མཛོད། །ཧཱུཾ། རབ་འཇིགས་དུར་ཁྲོད་འབར་བའི་དཀྱིལ་འཁོར་དུ། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་ནག་པོ་ཆེ། །སྲིན་པོའི་གཟུགས་ཅན་སྦོམ་ཐུང་མཆེ་བ་གཙིགས། །ཟླུམ་པོའི་སྟབས་ཅན་རུས་རྒྱན་དར་གྱིས་བརྒྱན། །གྲི་ཐོད་རྣམ་འཕྲུལ་གནྚེ་ཐུགས་ཀར་འཛིན། །སྐྲ་སེར་སྦྲུལ་རྒྱན་ཚངས་རྐུད་ཐོད་རློན་སྤྲས། །དཔལ་ལྡན་མཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །ཨེ་ཀ་ཙ་ཊྀ་འདོད་ཁམས་དབང་ཕྱུག་མ། །གནོད་སྦྱིན་ཡབ་ཡུམ་པུ་ཊ་མིང་སྲིང་དང༌། །རུ་འདྲེན་སྡེ་བཞི་མི་ནག་བྱ་ཁྱི་སོགས། །འཁོར་དང་བཅས་པའི་ཐུགས་དམ་སྐོངས་གྱུར་ཅིག །སེང་གེ་གླང་ཆེན་སྟག་གཟིག་དོམ་དྲེད་སོགས། །ཁྲབ་རྨོག་དར་སྣ་རིན་ཆེན་སྣ་ཚོགས་འདིས། །མཧཱ་ཀཱ་ལ་འཁོར་བཅས་ཐུགས་དམ་བསྐང༌། །བཞེས་ནས་ཐུབ་དབང་བསྟན་པ་རྒྱས་པ་དང༌། །རྡོ་རྗེ་ཐེག་པ་མཆོག་ཏུ་དར་བར་མཛོད། །དེ་ལྟར་ཐུགས་དམ་


TNT02_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་བའི་བྱིན་རླབས་ཀྱིས། །བདག་ཅག་བྱང་ཆུབ་སྙིང་པོ་བསྒྲུབ་པ་ལ། །འདུ་བ་རྣམ་བཞིའི་ནད་རིགས་ཐམས་ཅད་དང༌། །ཉོན་མོངས་རྣམ་རྟོག་དགྲ་བགེགས་ཞི་བར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་དང༌། །ས་ལམ་ཡོན་ཏན་མ་ལུས་རྒྱས་པར་མཛོད། །མི་ཆེན་རྒྱལ་པོ་ལྷ་ཀླུ་མ་ལུས་དང༌། །ལས་རླུང་ཐམས་ཅད་དབང་དུ་བསྡུ་བར་མཛོད། །ལྷ་མིའི་ལོངས་སྤྱོད་འདོད་རྫས་ཐམས་ཅད་དང༌། །རླུང་སེམས་མ་ལུས་དབུ་མར་འགུག་པར་མཛོད། །བསྟན་པའི་དགྲ་བོ་བདུད་རིགས་ཐམས་ཅད་དང༌། །ཉོན་མོངས་རགས་པའི་སེམས་རྣམས་རྨོངས་པར་མཛོད། །ཐར་པའི་ཆོམ་རྐུན་འདུ་འཛི་ལ་སོགས་པའི། །མི་བཟད་གློ་བུར་དགྲ་རྣམས་རེངས་པར་མཛོད། །བསྒྲལ་བའི་ཞིང་གྱུར་དགྲ་བགེགས་ཐམས་ཅད་དང༌། །ལས་རླུང་ཉི་ཁྲི་ཆིག་སྟོང་བསད་པར་མཛོད། །གཟུང་


TNT02_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མ་རིག་ལས་ཀྱི་དགྲ་བགེགས་དང༌། །འཛག་བདེ་འཕོ་བའི་བག་ཆགས་བསྐྲད་པར་མཛོད། །ཚེ་འདིར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཆོག །ཐོབ་ནས་བསྟན་དང་འགྲོ་ལ་ཕན་བྱེད་ཤོག །ཡི་དམ་ཆོས་སྐྱོང་གི་བསྐང་བསྡུས་འདིའང༌། ཀུན་མཁྱེན་རིན་པོ་ཆེ་ཤེས་རབ་རྒྱལ་མཚན་གྱིས་གསུངས། རྒྱུད་སྡེ་བཞིའི་བསྐང་བ་བདེ་སྟོང་རོལ་པ་ནས་ཁོལ་བྱུང་དུ་འབྲི་བ་པོ་ནི། དགེ་སློང་ངག་དབང་ཆོས་འཕེལ་ཏེ་དགེ་བར་གྱུར་ཅིག བཀྲ་ཤིས།

དུས་འཁོར་ཚོགས་མཆོད་བདུད་རྩི་འཁྱིལ་བ།


TNT02_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཁོར་ཚོགས་མཆོད་བདུད་རྩི་འཁྱིལ་བ་ཞེས་བྱ་བ་བཞུགས།


TNT02_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ འདིར་དཔལ་དུས་ཀྱི་འཁོར་ལོའི་ཆོ་ག་དང་འབྲེལ་བའི་ཚོགས་མཆོད་མདོར་བསྡུས་པ་ནི། དཀྱིལ་འཁོར་གྱི་ཆོ་ག་དང་མ་འབྲེལ་བའི་སྐབས་ཡིན་ན། ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། ནང་མཆོད་བྱིན་རླབས་རྒྱས་པ་དང༌། སྔོན་འགྲོ་གཏོར་མ་གནས་ཡོ་བྱིན་རླབས། ཞུ་འབུལ། སྐྱབས་སེམས་ཡིག་བརྒྱ་རྣམས་དཀྱིལ་ཆོག་དང་སྒྲུབ་ཐབས་སུ་བཤད་པ་ལྟར་བྱེད་པ་ལས། སེམས་ཅན་དོན་དུ་སེམས་དགེ་བས། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཚུལ་བཞིན་ཆོ་གར་ལྡན་པ་ཡི། །རྣལ་འབྱོར་ལ་ནི་ཉེར་གནས་མཛོད། །ཅེས་པས་གསོལ་འདེབས་ཞུ་འབུལ་བྱེད་པ་ནི་ཁྱད་པར་རོ། །དེ་ནས་བདག་བསྐྱེད་དཀྱིལ་འཁོར་ཡོངས་རྫོགས་ནས། དཔའ་བོ་གཅིག་པའི་བར་རྒྱས་བསྡུས་ཇི་ལྟར་སྒོམ་ཀྱང་


TNT02_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

རུང་སྟེ། བཟླས་པའི་བར་དུ་བྱ་ཞིང༌། དཀྱིལ་འཁོར་བསྒོམས་ན་རང་ལ་ཉེ་བར་བསྡུའོ། །མདུན་བསྐྱེད་མཎྜལ་དྲི་བཟང་གིས་བྱུགས་པའི་དབུས་སུ། ནང་མཆོད་ཀྱིས་ཆོས་འབྱུང་ཐིག་ལེ་དང་བཅས་པ་འབྲི་བའམ། རས་བྲིས་ཀྱི་དཀྱིལ་འཁོར་དང་བྲིས་སྐུ་སོགས་ཡོད་ན་མཎྜལ་མ་བྱས་ཀྱང་ཆོག གང་ལྟར་ཡང་བསངས་སྦྱངས། སྟོང་པའི་ངང་ལས་ཞེས་པ་རྣམ་བཅུ་དབང་ལྡན་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་འཁོར་ལོ། འབྱུང་བཞི་རི་རབ་ལ་བརྟེན་ཞིང་སྲུང་བའི་འཁོར་ལོའི་ནང་དུ་ཆུད་པ། ཁོར་ཡུག་ཆེན་པོ་ལྔས་ཡོངས་སུ་བསྐོར་བའི་གཞལ་མེད་ཁང་ལྷའི་གདན་དང་བཅས་པ༌། དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པ་དང་བཅས་པ་དེ་ཉིད་དུ་གྲུབ་པར་གྱུར་པ་ནི། སྟོང་པ་ཉིད་དང་སྙིང་རྗེའི་


TNT02_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བདག །ཅེས་པ་ནས་བཟུང༌། བསྟོད་ཆེན་ཡོངས་རྫོགས་འདོན་པའམ། ཐུགས་དཀྱིལ་ཙམ་བྱེད་ན། ཡིད་རབ་འཛིན་པ་རྣམས་ལ་འདུད། །ཅེས་པའི་རྗེས་སུ། ཁྱོད་ཀྱི་སྲིད་པ་གསུམ་ལས་འདས་ཀྱང་སོགས་སྦྱར། དེ་ནས། བདག་ཉིད་ཀྱི་ཐུགས་ཀར་ཧཱུཾ་ཡོངས་སུ་གྱུར་པ་ལས། ཞེས་པ་ནས། ཛཿཧཱུཾ་བཾ་ཧོཿཧི། ཞེས་པའི་བར་ཡེ་ཤེས་དགུག་གཞུག་བྱ། སླར་ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བླ་མ་ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཞེས་མགྲོན་སྤྱན་འདྲེན་པ་ནས། ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། །ཅེས་པའི་དཀྱིལ་འཁོར་ལྷག་གནས་སྐབས་ཀྱི་མཆོད་པ་དང་འདྲ་བ་ལས། ཐུགས་དཀྱིལ་ཙམ་བྱེད་ན། ཨོཾ་ཥ་ཌཾ་ག་ཡ་ན་མཿ ཞེས་པའི་རྗེས་སུ། ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཞེས་བརྗོད། དེ་ནས་གཏོར་ཆོག་ལྟར་གཏོར་མ་འབུལ་བ་ཡན་ཆན་བྱའོ། །དཀྱིལ་འཁོར་གྱི་ཆོ་ག་དང་འབྲེལ་བའི་སྐབས་ཀྱི་ཚོགས་མཆོད་ཡིན་ན། གཏོར་མ་འབུལ་བ་ཡན་ཆད་དཀྱིལ་ཆོག་ལྟར་སོང་བའི་རྗེས་སུ། ཚོགས་རྫས་བྱིན་གྱིས་རླབས་པ་མན་ཆད་ཀྱི་ཆོག་སྟེ། དེ་ཡང་བདག་འཇུག་མི་བྱེད་པའམ་བྱེད་ཀྱང་དེའི་སྔོན་དུ་ཚོགས་འཁོར་བྱེད་ན། གཏོར་ཆོག་སྔོན་དུ་ལེན་དགོས་སོ། །དེ་


TNT02_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཚོགས་རྫས་ལ་ནང་མཆོད་འཐོར་བཞིན་དུ། ཨོཾ་ཕྲེཾ་བཛྲ་ཌཱ་ཀི་ནཱི། བཛྲ་དྷཱ་ཏྭཱི་ཤྭ་རཱི་ག་ག་ན་སྭ་བྷཱ་ཝ་སརྦ་དྲ་བྱེ་བི་ཤྭ་དྷ་ནི། སརྦ་དྲ་བྱ་ཎི་བི་ཤྭ་དྷ་ཡ་ཧཱུཾ་ཕྲེཾ་ཕཊ། ཅེས་ལན་གསུམ་མམ་ལྔའམ་བདུན་བརྗོད། ཚོགས་རྫས་གཏོར་མ་ལྟར་བྱིན་གྱིས་བརླབས། ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ། རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ་མཚན་ཉིད་རྣམ་པར་དག་པ་ཨཱ་ལི་ཀཱ་ལིའྀ། ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད། བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ལ་འབུལ་བར་བགྱིའོ། །ཨོཾ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ། དེ་བཞིན་དུ་སྦྱར་ཏེ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ལ་ཞེས་དང༌། འཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ལ་ཞེས་དང༌། དམ་ཚིག་གི་རྩ་བ་མཆེད་གྲོགས་རྡོ་རྗེ་སྤུན་གྲོགས་རྣམས་ལ་ཞེས་འདོན་པ་སྤོ། ཨོཾ་མི་འབྲལ་སྙིང་གི་གཞལ་མེད་ཁང༌། །མོས་གུས་གཞོམ་མེད་ཕོ་བྲང་ན། །དྲིན་ཅན་རྩ་བའི་བླ་མ་མཆོག །བཀའ་དྲིན་མཉམ་མེད་དམ་པ་རྗེ། །རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་འཐིབ། །


TNT02_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །རྣམ་དག་བདེ་ཆེན་འགྱུར་མེད་དངོས། །བདེ་གཤེགས་རྒྱ་མཚོའི་དཀྱིལ་འཁོར་དུ། །དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས། །མཁའ་ཁྱབ་དང་པོའི་སངས་རྒྱས་ཉིད། །རྣམ་འཕྲུལ་མཁའ་སོགས། སྤྲོས་བྲལ་དག་པ་ཨེ་ཡིག་དབྱིབས། །རྣམ་ཀུན་མཆོག་ལྡན་མཁའ་སྤྱོད་གནས། །འཁོར་ལོའི་བདག་མོ་སྣ་ཚོགས་ཡུམ། །དབྱིངས་ཕྱུག་ཤེས་རབ་ཕ་རོལ་ཕྱིན། །རྣམ་འཕྲུལ་སོགས། རྣམ་གསུམ་སྲིད་པའི་གནས་ཀྱི་མཆོག །ཚངས་པའི་འཇིག་རྟེན་སྤྲུལ་སྐུའི་ཞིང༌། །སངས་རྒྱས་བྱང་སེམས་ཁྲོ་བོའི་གཙོ། །དཀྱིལ་འཁོར་ལྷ་མོའི་ཚོགས་བཅས་ཀྱང༌། །རྣམ་འཕྲུལ་སོགས།


TNT02_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ་དང་མཁའ་འགྲོའི་ཚོགས། །འཆི་མེད་གདེངས་ཅན་ལྷ་མིན་སྐྱེས། །འཁོར་བ་གནས་འགྱུར་ཡེ་ཤེས་ཀྱི། །སྲིད་གསུམ་ལྷ་ཚོགས་ཐམས་ཅད་ཀྱང༌། །རྣམ་འཕྲུལ་སོགས། ས་བཅུའི་དབང་ཕྱུག་རྣམ་འཕྲུལ་མཆོག །ཆོས་རྒྱལ་རིགས་ལྡན་འཁོར་བཅས་དང༌། །རྩོད་ལྡན་དུས་འདིར་རྡོ་རྗེ་འཆང༌། །བརྒྱུད་ལྡན་བླ་མའི་ཚོགས་ཀུན་ཡང༌། །རྣམ་འཕྲུལ་སོགས། ས་ལ་སྤྱོད་པའི་འོག་མིན་མཆོག །བཞི་བཅུ་རྩ་བརྒྱད་གནས་མཆོག་ནས། །སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་བ། །གནས་གསུམ་དཔའ་བོ་མཁའ་འགྲོ་ཡང༌། །རྣམ་འཕྲུལ་སོགས། གང་ལ་གང་འདུལ་སྐུར་སྟོན་པ། །ཕྱོགས་བཅུ་དུས་གསུམ་འཕགས་པའི་ཚོགས། །གདུལ་དཀའ་མ་ལུས་འདུལ་མཛད་པའི། །ཕྱག་བརྙན་ཕོ་ཉ་འབྱུང་པོའི་ཚོགས། །རྣམ་འཕྲུལ་སོགས། བདུད་ཚོགས་ཀུན་འདུལ་འཕྲིན་ལས་ཞིང༌། །དུར་ཁྲོད་ཆེན་པོ་བཅུ་དྲུག་ནས། །བགེགས་འཇོམས་འདོད་དོན་ཀུན་སྒྲུབ་པ། །ཆོས་སྐྱོང་བསྟན་སྲུང་ཚོགས་རྣམས་ཀྱང༌། །རྣམ་འཕྲུལ་སོགས།


TNT02_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་བཞན་འཐིལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་ཕོབས་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རིགས་གྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུར་རུ་རུ། །རྒྱན་ཆ་མང་པོ་ཁྲལ་ལ་ལ། །རོལ་མོ་མང་པོ་དིར་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤར་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་སལ་ལ་ལ། །བརྗོད་མེད་དབྱིངས་དུ་ཐལ་ལ་ལ། །བདེ་བ་ཆེན་པོ་ཁྲིལ་ལི་ལི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དངོས་སྒྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །འཁོར་གསུམ་གཉིས་སུ་མེད་པར་རོལ། །ཚིགས་བཅད་སོ་སོའི་མཐར་རོལ་མོའི་སྒྲ་བྱའོ། །དེ་ནས་ཕུད་དང་པོ་བཅད་ལ། གཏོར་མ་ལ་ཡང་ཅུང་ཟད་སྒྲོན། དངོས་སུ་འབྱོར་དང་ཡིད་ཀྱི་སྤྲུལ་པ་དང། །ཕྱོགས་དུས་ཀུན་གྱི་མཆོད་རྫས་བཟང་


TNT02_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

རྒུ་རྣམས། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །མཁའ་ཁྱབ་འགྲོ་བའི་དོན་དུ་བཞེས་སུ་གསོལ། །དེ་ནས་ལས་ཀྱི་རྡོ་རྗེས་ལག་པ་གཡོན་པས་ཐོད་པ་བདུད་རྩིས་གང་བ་བཟུང༌། གཡས་རྩེ་གསུམ་གྱི་ཕྱག་རྒྱས་ཀ་པ་ལ་ཐོགས་ཏེ། སྟེང་འོག་ཁ་སྦྱོར་གྱི་ཚུལ་གྱིས་བཟུང་ལ། ཀྱཻ། འདིར་ནི་ཆོས་རྣམས་བཟང་པོས་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་པ་ཉིད་དུ་རོལ། །ཞེས་ཚོགས་ཀྱི་གཙོ་བོ་ནས་བརྩམས་ཏེ་རིམ་པས་བསྐོར། སོ་སོས་ཀྱང༌། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཞེས་བླང༌། སླར་དེ་ཚོགས་རྫས་གཞན་རྣམས་ལ་བསྲེ། ཡང་ཕུད་གཅིག་བཅད་དེ། ཕྱེད་སྔར་གྱི་ཕུད་དང་བསྲེ། ཕྱེད་ལྷག་གཏོར་ལ་བསྲེ་བའི་ཕྱིར་ལོགས་སུ་བཞག་གོ །ད་ལྟ་ལག་ལེན་ལ་འདི་ལྟར་བྱེད་པ་ལྟར་བཀོད་པ་ཡིན་ཞིང༌། འགྲུབ་ན་ཚོགས་རྫས་སོ་སོར་དྲངས་ནས། སླར་སོ་སོའི་ཕུད་བསྡུས་ནས་འབུལ་བར་བྱའོ། །སྔ་ཕྱི་ལྷན་ཅིག་ཏུ་བསྔོ་བ་ནི། ཞལ་ཟས་རོ་བརྒྱ་སོགས་དང༌། དུས་ཀྱི་འཁོར་ལོ་སྲུང་མ་དྲུག་བཅུའི་ཚོགས་དང་བཅས་པ་དང༌། ཆོས་སྐྱོང་ཆེན་པོ་རྣམས་དང༌། མཁའ་


TNT02_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མ་རྣམས་དང༌། འབྱུང་པོ་སྤྱི་དང༌། ཡུལ་བདག་གྲོང་བདག་གཞི་བདག་རྣམས་ལ་གཏོར་མཆོད་ནས་འབྱུང་བའི་གཏོར་སྔགས་ཙམ་གྱིས་ཕུལ། མཐར། དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གི་མཆོག་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་སེལ་ཞིང༌། །རྟོག་པ་ཀུན་ལས་ངེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཅེས་བརྗོད། ཅུང་ཟད་སྤྲོས་པ་ལ་དགའ་ན། གཏོར་སྔགས་ཙམ་གྱིས་ཕུལ་བའི་མཐར། དངོས་གྲུབ་རྒྱ་མཚོ་སོགས་དང༌། ན་མཿའི་མཐའ་ཅན་གྱི་མཆོད་སྔགས་ཆེན་མོས་འབུལ། ཡང་ན། ན་མཿའི་མཆོད་སྔགས་གྱི་ཚབ་ཏུ། སྐུ་བཞི་རྡོ་རྗེ་བཞི་ཡི་བདག་ཉིད་དང༌། །ཚད་མེད་རྣམ་ཐར་ཆོས་གྱི་ཕུང་པོ་དང༌། །དམ་ཆོས་སྟོན་པ་འཕགས་པའི་ཚོགས་རྣམས་ཏེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །དུས་འཁོར་རྡོར་སེམས་ཤཱཀྱ་ཐུབ་པ་དང༌། །ནུས་མ་བུམ་པ་བཅུ་དང་རྡོ་རྗེ་བཞི། །སངས་རྒྱས་བྱང་ཆུབ་སེམས་དང་ཁྲོ་བོའི་རྒྱལ། །རང་རང་ལྷ་མོར་བཅས་པ་རྣམས་ལ་མཆོད། །གཟུངས་


TNT02_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣལ་འབྱོར་མ་དང་འདོད་མ་དང༌། །ཆོས་ཀྱི་ལྷ་དང་གདེང་ཅན་ཕྱིར་འདོད་མ། །རབ་གཏུམ་གཟའ་སྐར་ཕྱོགས་སྐྱོང་ཞིང་སྐྱོང་སོགས། །ཕྱེད་བཅས་བྱེ་བ་གསུམ་གྱི་འབྱུང་པོ་མཆོད། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་དང༌། །མཆོད་ཡུལ་རྒྱ་མཚོའི་ཚོགས་ལ་མཆོད་པར་འབུལ། །འགྲོ་ཀུན་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ལ། །མཆོག་ཏུ་རོལ་བས་བདེ་ཆེན་ཐོབ་པར་ཤོག །ཅེས་པ་ཙམ་བརྗོད་ཀྱང་རུང༌། བསྡུས་པའི་སྐབས་གཏོར་སྔགས་ཁོ་ནས་ཆོག་གོ །སོ་སོས་ཕུད་བཅད་ནས། ཨོཾ་ཨཱཿགུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱཿབཛྲ་ནཻ་བི་ཏེ་ཧཱུཾ། ཆང་བུ་གཉིས་བྱས། ཨོཾ་ཧ་རི་ཏྱཻ་པིཎྜ་ཀི་པྲ་ཏིཙྪ་སྭཱཧཱ། ཡང་ཆང་བུ་གསུམ་པ་བྱས་ལ། ཨོཾ་སརྦ་དཱུ་ཏཱི་ཀེ། ཨ་གྲཱ་གྲ་སཾ་པྲ་ཏཱིཙྪ་སྭཱཧཱ། དེ་ནས་ནང་གི་སྦྱིན་སྲེག་གི་དམིགས་པ་གསལ་བཏབ་ལ་སོ་སོར་ལོངས་སྤྱོད། ལྷག་མ་བསྡུས་ལ་བསངས་སྦྱངས། སྟོང་པའི་ངང་ལས་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བ་འདོད་དགུའི་རྒྱ་མཚོ་ཆེན་པོ་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ཨོཾ་ཨ་ཀཱ་རོ་སོགས་དང༌། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙྪིཥྟ་བ་ལིཾ་ཨུ་ཙྪིཥྟ་བྷཀྵ་བྷཀྵ་སྭཱཧཱ། ལན་གསུམ་རོལ་མོའི་སྒྲ་དང་བཅས་ཏེ་ཕྱིར་བཏང༌། དྲག་སྔགས་ཀྱིས་མཚམས་བཅད། འཇིག་རྟེན་པའི་གཏོར་མ་དང་ལྷག་གཏོར་ལྷན་ཅིག་གཏོང་བའི་ལག་


TNT02_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ཡོད་པ་ལྟར་བྱས་ཀྱང་རུང༌། དེ་ནས་རྡོ་རྗེའི་གླུ་བླང་བ་ནི་དྲིལ་བུའི་སྒྲ་དང་བཅས། ཀོལླ་ཨེ་རི་ཊ་ཋི་ཨཱ་བོ་ལཱ། །མུམྨུ་ཎི་རི་ཀཀྐོ་ལ། །གྷ་ཎཻ་ཀྲི་བི་ཏྲ་ཧོ་བཛྫ་ཨི། །ཀ་རུ་ཎི་ཀི་ཨ་ཨི་ཎ་རོ་ལཱ། །ཏཱ་ཧིཾ་བཱ་ལ་ཁཱཛྫ་ཨཱི། །གཱ་ཌེཾ་མ་ཨ་ཎཱ་བིཛྫ་ཨ་ཨི། །ཧ་ལེ་ཀ་ལིཉྩ་ར་པ་ཎི་ཨ་ཨི། །དུ་དྷུ་ར་བཛྫི་ཨ་ཨི། །ཙ་ཨུ་ས་མ་ཀཙྪུ་རི་སིཧླ། །ཀ་པུ་རི་ལ་ཨི་ཨ་ཨི། །མཱ་ལ་ཨིནྡྷ་ན་སཱ་ལིཾ་ཛ། །ཏ་ཧིཾ་བྷ་རུ་ཁ་ཨི་ཨ་ཨི། །ཕྲེཾ་ཁ་ཎ་ཁེ་ཊ་ཀ་རནྟེ། །ཤུདྡྷ་ཨ་ཤུདྡྷ་ཎྞ་མ་ནི་ཨ་ཨི། །ནི་རཾ་སུ་ཨཾ་ག་ཙ་ཌ་བི། །ཏ་ཧིཾ་ཛ་ས་རཱ་བཱ་པ་ཎི་ཨ་ཨི། །མ་ལ་ཨ་ཙི་ཀུནྡུ་རུ་བ་ཌ་ཨི། །ཌིཎ་ཌི་མ་ཏ་ཧིཾ་ན་བཛྫ་ཨ་ཨི། །ཞེས་བརྗོད། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་སྲེགས་ཤིང༌། །སྤྱན་མ་མིག་ལ་སོགས་པ་དག །སྲེགས་པའི་རི་བོང་ཅན་ཧཾ་འཛག །ཅེས་བརྗོད་ཅིང་དོན་སྒོམ། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་སོགས་བཀྲ་ཤིས་དང༌། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་བ། །དེ་ཡི་སངས་རྒྱས་མྱུར་ཐོབ་ཤོག །མ་བསྒྲལ་བ་རྣམས་


TNT02_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བ་དང༌། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །རྣལ་འབྱོར་གཙུག་ལག་བསྟན་བཅོས་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །ཅེས་སྨོན་ལམ་བཏབ། དཀྱིལ་འཁོར་གྱི་ཆོ་ག་དང་འབྲེལ་བ་ཡིན་ན། དེའི་རྗེས་ཆོག་ཁོ་ནས་ཆོག མ་འབྲེལ་ན་ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ། སླར་ཡང་སྨོན་ལམ་བཀྲ་ཤིས་དང་བཅས་པ་གཏོར་ཆོག་བཞིན་དུ་བྱའོ། །དཀྱིལ་འཁོར་དང་མ་འབྲེལ་བར་ཚོགས་མཆོད་ཤིན་ཏུ་བསྡུས་པ་བྱེད་ན། ཞུ་འབུལ་དོར་ཞིང༌། མདུན་བསྐྱེད་རྒྱས་པའང་མི་དགོས་པས། མགྲོན་སྤྱན་འདྲེན་མན་ཆད་བྱེད་པ་ལས། མཆོད་པའི་ཚིགས་བཅད་ཀྱང་དོར། ནང་མཆོད་འབུལ་བ་ཡང་མཆོད་སྔགས་ཙམ་གྱིས་ཆོག་གོ། སྐྱབས་སེམས་ཡིག་བརྒྱ་རྣམས་ཀྱང་བསྡུས་པ་དང༌། བདག་བསྐྱེད་ཀྱང་ལྷན་སྐྱེས་སམ་དཔའ་བོ་གཅིག་པ་ཁོ་ན་ལ་བརྟེན་པར་བྱའོ། །ཚོགས་ཀྱི་འཁོར་ལོའི་རྣམ་གཞག་རྒྱས་པ། རྒྱུད་འགྲེལ་རྣམས་དང་རྡོ་རྗེ་འཛིན་པ་གོང་མ་རྣམས་ཀྱིས་རྒྱས་པར་གསུངས་པ་ལས་རྟོགས་པར་བྱ་ཞིང༌། མདོ་ཙམ་ཞིག་གཞན་དུ་འབྲི་བར་ཡང་འདོད་དོ། །དེ་ལྟར་ན་ཚོགས་མཆོད་ཀྱི་ཆོ་ག་བདུད་རྩི་འཁྱིལ་བ་ཞེས་བྱ་བ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ནགས་རྒྱལ་གྱི་དབེན་གནས་སུ་སྦྱར་བའོ།། །།མངྒ་ལཾ།


TNT02_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དཔལ་དུས་ཀྱི་འཁོར་ལོའི་སྦྱིན་བསྲེག་གི་ཆོ་ག་ནང་གི་མུན་སེལ་གྱི་ལག་ལེན།


TNT02_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་སྦྱིན་བསྲེག་གི་ཆོ་ག་ནང་གི་མུན་སེལ་གྱི་ལག་ལེན་བཞུགས།


TNT02_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ལ་ཕྱག་འཚལ་ལོ། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཡེ་ཤེས་མེ་ལྕེ་འོད་རབ་གསལ་ལ་ཕྱག་འཚལ་ལོ། །ཚངས་ཟུར་ཐིག་ནི་ལེགས་པར་བཏབ། །ཉི་མའི་སོར་གྱིས་ཟླུམ་པོར་བསྐོར། །པདྨ་དང་ནི་ཐབ་ཀྱི་ཚད། །སུམ་ཆ་ལྟེ་བ་འདབ་བརྒྱད་ཐིག །ཕྱི་རོལ་སོར་གཉིས་སོར་བཞིས་བསྐོར། །མཆུ་དང་ཁ་ཁྱེར་ཐིག་ཡིན་ནོ། །ཁ་ཁྱེར་མཐའ་ནས་ཕྱི་རོལ་ཏུ། །ཁྲུ་དོ་སྤངས་པ་རྩིག་པ་ཉིད། །སྒོ་གཅིག་བྱང་དུ་ཕྱོགས་པར་བྱ། །སློབ་དཔོན་ལ་སོགས་གདན་གསུམ་ནི། །ལྷོ་ཡི་ཕྱོགས་སུ་དགོད་པར་བྱ། །ཕྱི་ནི་ཐུགས་དཀྱིལ་ཉིད་དང་མཚུངས། །རྒྱས་པའི་ཐབ་ལ་དེ་ཉིས་འགྱུར། །ཁྲུ་དོ་གྲུ་བཞི་ཐབ་ནང་ཚད། །ཟུར་ཐིག་སྟེང་དུ་ཁྲུ་གང་དང༌། །སོར་མོ་བཅུ་གཅིག་ལྷག་བཅས་ཀྱི། །སྟེང་ནས་


TNT02_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞིར་བཏབ་པས་འགྲུབ། །སློབ་དཔོན་བདེན་བྲལ་དབང་ལྡན་སྒོ། །འདི་གཉིས་ཁ་ཁྱེར་ཕྱིར་རྡོ་རྗེ། །འཕྲིན་ལས་ཐམས་ཅད་པ་ལ་ནི། །གཉིས་ཏེ་ཞི་དང་རྒྱས་པའོ། །དང་པོ་ཐབ་དབྱིབས་ཞི་རྐྱང་འདྲ། །ནང་དུ་ཕྱེད་བསྐོར་བདེ་གཤེགས་གནས། །དེ་ཕྱེད་བསྐོར་བ་གཙོ་བོའི་གནས། །ཚངས་ཟུར་བར་ལ་གསུམ་གསུམ་ཕྱེ། །དེ་དག་རེ་རེའང་གསུམ་དུ་ཕྱེ། །དེ་ལ་ཚངས་ཟུར་གཡས་གཡོན་དུ། །གཉིས་དང་གཅིག་དང་གསུམ་དང་གཅིག །གཉིས་རྣམས་སངས་རྒྱས་ཀ་བ་དང༌། །བུམ་པ་ཀ་བ་ལྷ་མོ་ཡི། །གནས་ཡིན་ཕྱི་ནང་རྡོ་རྗེའི་གདུང༌། །སོར་རེའི་ཚད་དང་ལྡན་པར་བྱ། །ཕྱི་མར་ཚོན་པ་ལྷ་སྣམ་དང༌། །དཔངས་ཆུང་ཞེང་ཡང་དཀྱིལ་འཁོར་བཞིན། །གཉིས་པ་ལ་ཡང་དེས་འདྲེ་སྟེ། །ཉིས་འགྱུར་གྲུ་བཞིའི་དབྱིབས་སུ་བྱ། །འདི་དག་གཉིས་ཀའང་ཐབ་ཀྱི་ཕྱིར། །མཆུ་ལ་ཐབ་ཀྱི་བརྒྱད་ཆ་དང༌། །རེ་ཁའི་དཀྱིལ་འཁོར་བཅུ་དྲུག་ཆ། །ཁ་ཁྱེར་བཞི་ཆ་དེའི་ཕྱི་རུ། །རེ་ཁ་སྔར་དང་མཚུངས་པ་ཉིད།


TNT02_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་དང་རྟ་བབ་ནུབ་ཏུ་ཕྱོགས། །རྭ་བའི་ནང་གི་ཤར་ཕྱོགས་སུ། །སློབ་དཔོན་གདན་ནི་དབུས་སུ་སྟེ། །མཆོད་ཡོན་སྲེག་རྫས་གདན་གཡོན་གཡས། །ཐབ་ཀྱི་དབྱིབས་མཚུངས་པདྨས་བརྒྱན། །ཁ་ཁྱེར་རྡོ་རྗེས་མཚན་གདན་དབུས། །སྣ་ཚོགས་རྡོ་རྗེའམ་ཆོས་འབྱུང་ངོ༌། །འདི་དག་ནི་ཉེར་མཁོ་ཅུང་ཟད་བརྗོད་པ་སྟེ། ཞིབ་པར་ཆོས་རྗེ་ཀུན་མཁྱེན་ཆེན་པོས་མཛད་པའི་ནང་གི་མུན་སེལ་དང༌། པཎ་ཆེན་བློ་གྲོས་རྒྱལ་མཚན་དང༌། མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་སོགས་ཐུགས་སྲས་དམ་པ་རྣམས་ཀྱིས་མཛད་པའི་གསུང་རབ་ལས་ཤེས་པར་བྱའོ། །ཞི་བ་རྐྱང་པ་ལ་ཁ་ཁྱེར་དང་གདན་གསུམ་དང་དབུས་སུ་པདྨ་དང༌། རྒྱས་པ་རྐྱང་པ་ལ་འཁོར་ལོ་བཀོད་ནས་འདབ་མ་ལ་རིགས་བཞི་ཡུམ་བཞིའི་ཕྱག་མཚན་འགོད་ཅིང༌། ཁ་ཁྱེར་གྱི་དཔངས་ལ་པད་འདབ་དཀར་པོ་བྲི། ལས་ཐམས་ཅད་པ་གཉིས་ལ་ཐུགས་དཀྱིལ་གྱི། མཚན་མ་ཇི་ལྟ་བ་སྟེ། དབུས་སུ་རྡོ་རྗེ་དང༌། ཁ་ཁྱེར་གྱི་ཕྱི་ལོགས་པད་འདབ་ལྗང་ཁུའོ། །བསྡུས་པར་ན་ཚོན་སྤུངས་ལ་སོགས་པས་ཀྱང་རུང་ཙམ་ཡིན་པར་མངོན་ཞིང༌། རྩིག་ཐབ་མ་འགྲུབ་ན་བྲིས་ཐབ་བྱ་ཞིང༌། དེ་ཡང་མ་འགྲུབ་ན་ཐིག་ཙམ་འདེབས་པ་དང༌། ཤིན་ཏུ་བསྡུས་ན་ར་བའི་ནང་ཐིག་ཚུན་ཆད་གདབ་ཅིང༌། དེ་ཕན་ཆད་ཡིད་ཀྱི་བསམ་པ་ལས་དངོས་སུ་མ་བྲིས་ཀྱང་རུང་བ་ཙམ་ཡིན་ཏེ། དགོས་པའི་དོན་གྱི་གཙོ་བོ་འགྲུབ་པའི་ཕྱིར་དང༌། ཆོ་ག་གཞན་དང་རིག་པ་མཚུངས་པའི་ཕྱིར་རོ། །གོ་སྐབས་ཡངས་ཤིང་ལོང་ཡོད་ལ་རྒྱུ་ཚོགས་འཛོམ་དུ་རུང་བའི་སྐབས་ནི། རྒྱུད་འགྲེལ་ལས་རྩལ་དུ་སྟོན་ནས་གསུངས་པའི་ཕྱིར། ཐབ་ཀྱི་


TNT02_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རྒྱས་པ་ཉིད་བྲི་དགོས་ལ། ཕྱེ་མས་འབྲི་བའམ། ཆུ་ཚོན་ཉིད་ཀྱིས་འབྲི་བ་ཇི་ལྟར་བྱས་ཀྱང་འདྲ་སྟེ། རྡུལ་ཚོན་ཉིད་ཀྱི་རྣམ་གྲངས་སུ་འགྱུར་རོ། །ལས་ཐམས་ཅད་པ་གཉིས་ལ་ཁ་ཁྱེར་ཚུན་ཆད་ཐམས་ཅད་ལྗང་ཁུ་དང༌། ཞི་རྒྱས་ལ་དཀར་པོའོ། །དེ་ལ་ཐོག་མ་ཞི་བ་རྐྱང་བའི་སྦྱིན་སྲེག་ནི། ཀུ་ཤ་དང་བཅས་པའི་མཆོད་ཡོན། ཙན་དན་དཀར་པོའི་དྲི་ཆབ། མེ་ཏོག་དཀར་པོའི་དྲི་ཞིམ་པ། བསིལ་བའི་བདུག་སྤོས། རྩི་མར་གྱི་སྣང་གསལ། འོ་མ་དང་འབྲས་ཆན་གྱི་ཞལ་ཟས། གཞན་ཡང་གོས་ཟུང་ལ་སོགས་པ་མཆོད་རྫས་དཀར་པོ་དང༌། འོ་མ་ཅན་གྱི་ཡམ་ཤིང་མཐེའུ་ཆུང་ལས་མི་ཕྲ་ཞིང་མཐེ་བོང་ལས་མི་སྦོམ་ལ། དཀྱུས་སུ་མཐོ་གང་པ་ལ་ལྔ་བརྒྱ་བཞི་བཅུ་ལ་བརྒྱ་བརྒྱ་རེ་ཚན་དུ་བཅང་བ་དང༌། དུར་བ་འོ་མས་སྦགས་པའི་སྲེག་རྫས། གཞན་ཡང་སྲེག་རྫས་དཀར་པོ་ཇི་སྙེད་པ་དང༌། མར་ཁུ་བུད་ཤིང་དགང་བླུགས་ལ་སོགས་པ་ཚོགས་པར་བྱས་ཤིང༌། དུས་ཀྱང་ཞི་བ་ལ་ཀརྐ་ཊ་དང་སེང་གེའི་ཁྱིམ་དུ་བཤད་པར་དམིགས་གསལ་ཅན་གྱི་ལས་ངེས་པར་སྒྲུབ་པའི་དབང་དུ་བྱས་པ་ཡིན་ལ། བསྙེན་པའི་ཁ་སྐོང་དང་ལྷ་མཆོད་པ་རྒྱུན་གྱི་ཉམས་ལེན་ལ་ངེས་པ་མེད་དོ། །ཐབ་ཏུ་བུད་ཤིང་ཡང་བཅུག རང་ཉིད་ཆས་གོས་དཀར་པོར་བསྒྱུར་ཏེ། ཐབ་ཁུང་གི་ལྷོར་སྐྱིལ་ཀྲུང་གི་འདུག་ནས། རྡོ་རྗེའི་ཞལ་དག་པ་ནས་བརྩམས། ཡུལ་བདག་གྲོང་བདག་གི་གཏོར་མ་དང་བདུད་སྲེག་པ་ལ་སོགས་པ་བགེགས་ལ་ཕུར་བུས་གདབ་པའི་བར་དུ། སྒྲུབ་ཐབས་ཀྱི་སྔོན་འགྲོ་དང་འདྲ་བ་ལས། བསྲུང་མ་དྲུག་ཅུའི་བསྐྱེད་པ་སོགས་མ་ལྕོགས་ན། ཁྲོ་བཅུ་ཙམ་གྱི་


TNT02_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་པས། ཐུགས་དཀྱིལ་སྒྲུབ་ཐབས་སུ་བཤད་པ་ལྟར་བྱས་ཀྱང་རུང་ལ། ཕུར་བཏབ་ཀྱི་སྐབས་སུ་ཕུར་བུ་བཅུ་དངོས་སུ་འགོད་ཅིང༌། ནྱ་གྲོ་ཏའི་ཕུར་བུར་མོས་པ་ཙམ་བྱ། ཕུར་བུ་སྲུང་བའི་དོན་དུ། ཨོཾ་ཧཾ་ཀྲོ་དྷ་སོགས་བརྗོད། དེ་དག་ཐམས་ཅད་ལ་མཆོད་བསྟོད་ཙམ་བྱས་ལ། རང་གིས་སྒོམས་པའི་སྲུང་འཁོར་བདག་ཉིད་ལ་བསྡུ། བར་འདིར་བདག་བསྐྱེད་དཀྱིལ་འཁོར་རྒྱས་བསྡུས་གང་ཡང་རུང་བ་ཞིག་སྒོམ་པའང་ཡོད་ལ། བསྡུ་ན་བདག་ཉིད་དུས་ཀྱི་འཁོར་ལོ་སྐད་ཅིག་གིས་གསལ་བཏབ་ནས། ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་སོགས་ཤོ་ལོ་ཀ་གསུམ་འདོན། རྣམ་བཅུ་དབང་ལྡན་གྱི་བཟླས་པ་ཅུང་ཟད་བྱ། མཆོད་ཡོན་བསངས་སྦྱངས། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཞེས་པ་བརྒྱ་ཙམ་བཟླ། ཀུ་ཤའི་རྩེ་མོས་མཆོད་ཡོན་ནས་བླངས་ཏེ། རང་དང་ཐབ་དང་ཡོ་བྱད་ཐམས་ཅད་ལ་གཏོར། ཨོཾ་ཨཱཿཧཱུཾ་ཧྲཿཕཊ་ཅེས་མང་དུ་བརྗོད། དཀྱིལ་ཆོག་བཞིན་མཆོད་པ་བྱིན་རླབས་བྱ། ཨོཾ་ཨཱཿཧཱུཾ་ཧོཿ ཞེས་ལན་མང་དུ་བརྗོད་ཅིང་སྲེག་རྫས་རྣམས་བདུད་རྩིར་བྱིན་གྱིས་རླབས། ཨོཾ་ཤཱུ་ནྱ་ཏ་སོགས། སྟོང་པའི་ངང་ལས་ཞི་བའི་མེ་ཐབ་དཀར་པོ་ཟླུམ་པོ་རྒྱར་ཁྲུ་གང་དཔངས་སུ་ཁྲུ་ཕྱེད། དབུས་སུ་པདྨ་དཀར་པོ་འདབ་བརྒྱད་མཚན་མ་དགུ་དང་བཅས་པ། ཁ་ཁྱེར་ལ་པདྨའི་འཕྲེང་བ་དང༌། ཁ་ཁྱེར་གྱི་དཔངས་ལ་པད་འདབ་གྱི་འཕྲེང་བ་རྩེ་མོ་འོག་ཏུ་ཕྱོགས་པ་དང༌། ཕྱི་རོལ་ཀྱི་ས་གཞི་ལ་དུར་བས་ཁྱབ་པ། དེའི་ཕྱི་རོལ་གཞལ་མེད་ཁང་སྒོ་གཅིག་


TNT02_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའོ། །ཐབ་ཀྱི་ནང་དང་རང་གི་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ། མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་པདྨ་དང་ཤེལ་གྱི་བགྲང་འཕྲེང༌། གཡོན་གཉིས་ན་རིལ་པ་སྤྱི་བླུག་དང་དུང་དཀར་འཛིན་པ། རྒྱན་དང་ན་བཟའ་དཀར་པོ་ཅན། རལ་པ་སེར་སྐྱ་དང་མིག་དམར་སེར། པདྨའི་སྐྱིལ་ཀྲུང་གི་བཞུགས་པའོ། །མཆོད་ཡོན་སྒྲུབ་ཟིན་ནས་འདི་ཡན་ཆད་ཅི་བདེ་བར། མེ་སྦར་ཞིང་བྲམ་ཟེའི་ཁྱིམ་ནས་བླངས་ཏེ་འོ་མ་ཅན་གྱི་ཤིང་ལས་མེ་སྦར་བར་བཤད་པས་དེ་ལྟར་མོས་སོ། །ཟླ་བ་རྣམ་པར་དག་པའི་རང་བཞིན་མེ་ལྷ་དེ་གཉིས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་ཛཿཡིག་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ལྕགས་ཀྱུ་འོད་ཟེར་འཕྲོ་བ་རྣམ་པར་འཕྲོས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པར་གྱུར། ཨོཾ་ཨེ་ཧྱ་ཧི་མཧཱ་བྷཱུ་ཏ་དེ་བ་རི་ཥི་དྭེ་ཛ་སཏྟ་མ་གྲྀ་ཧཱི་དྭ་ཡུརྡྷཾ་མཧཱ་ར་སྨིན་སནྣི་ཧི་ཏོ་བྷ་ཝ་བཛྲ་དྷཱ་ར་ཨཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་པ་ལན་གསུམ་དང༌། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷའི་དྲང་སྲོང་གཉིས་སྐྱེས་མཆོག །མཚོན་ཆ་འཛིན་པ་འོད་ཟེར་ཆེ། །འདིར་ནི་ཡང་དག་ཕན་པར་མཛོད། །རྡོ་རྗེ་འཛིན་པའི་བཀའ་བཞིན་དུའོ་སྭཱཧཱ། མཆོག་སྦྱིན་གྱི་ཕྱག་རྒྱས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ཞེས་དགུག་གཞུག་བཅིང་མཉེས་པར་


TNT02_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

མོས། དེ་ནི་སྲེག་བྱ་ཟ་བ་མཆོད་སྦྱིན་གྱི་མེ་ལྷ་ཤ་ཟའི་མེ་ལྷ་སྤྱན་འདྲེན་པའོ། །རྡོ་རྗེ་ཁུ་ཚུར་གྱི་སྟེང་དུ་མཐེ་བོས་མནན་པའི་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཨགྣི་བཛྲ་སཏྭ་སརྦ་པཱ་པཾ་ད་ཧ་ད་ཧ་སྭཱཧཱ། ཞེས་ལན་གསུམ་དང༌། ཨོཾ་སྡིག་པ་ཐམས་ཅད་སྲེག་པ་རྡོ་རྗེའི་མེ། །རྡོ་རྗེ་སེམས་དཔས་སྡིག་ཀུན་སྲེགས་ཤིག་སྲེགས་སྭཱཧཱ། རང་གི་སྙིང་གར་གནས་པའི་ཡེ་ཤེས་གདོད་མའི་མེ་ལྷ་དེ་ཉིད་དབུགས་ཕྱིར་འབྱུང་བ་དང༌། ལྷན་ཅིག་ཕྱི་རོལ་ཏུ་བྱོན་ཏེ། ཐབ་ནང་གི་མེ་ལྷ་དང་རོ་གཅིག་ཏུ་འདྲེས་པར་གྱུར། ཛཿཧཱུཾ་བཾ་ཧོཿ ཞེས་ཏེ་དེ་ནི་འདོད་པའི་མེའམ་མི་བཟད་པའི་མེ་ཞེས་ཀྱང་བྱ་སྟེ། དེ་ཉིད་སྤྱན་དྲངས་པའོ། །ཨོཾ་བཛྲ་ཨ་ན་ལ་སརྦ་བྷཱུ་ཏཱ་ན་ཛྭ་ལ་སརྦན་བྷསྨི་ཀུ་རུ་སརྦ་ཛཱ་ན་དུཥྟན་ཧཱུཾ་ཕཊ་སྭཱཧཱ། ཞེས་དང༌། ཨོཾ་རྡོ་རྗེའི་མེ་ནི་འབྱུང་པོ་ཐམས་ཅད་འབར་བར་འདོད། །ཐལ་བར་མཛོད་ཅིག་སྐྱེ་བོ་གདུག་ཅན་ཐམས་ཅད་དོ། །ཧཱུཾ་ཕཊ་སྭཱཧཱ། ཞེས་པས་གཟའ་བདུན་གྱི་བདག་པོ་རྟ་བདུན་པའི་ཤིང་རྟ་ཅན་གཟའ་བདུན་གྱི་ལྕེ་བདུན་དང་ལྡན་པ་བྱོན་པར་གྱུར། ཛཿཧཱུཾ་བཾ་ཧོཿ(དུས་ཀྱི་འཁོར་ལོ་ལས། ལྷོའི་མེ་གློག་དང་ཁྱིམ་བདག་གི་མེ་ཉི་མ་དང་བསྲེག་ཟའི་མེ་དཀྱུས་མ་འདི་ཡིན། གཟའ་བདུན་གྱི་བདག་པོ་ནི་ཟླ་བའི་ལྕེ་དང་ཉི་མའི་ལྕེ་དང་སྤེན་པའི་ལྕེ་དང་པ་སངས་ཀྱྀ་ལྕེ་དང་ཕུར་བའི་ལྕེ་དང་གཟའ་ལྷག་པའི་ལྕེ་དང་མིག་དམར་གྱི་ལྕེའོ། །དེ་གསུམ་ཀུན་རྫོབ་མེ་དང༌། དོན་དམ་མེ་ནི་


TNT02_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་གདོད་མའི་མེ་རང་གི་སྙིང་ག་ནས་སྤྲོ་བ་དེ་ཡིན།)དེ་ལྟར་ན་ཁྱིམ་བདག་གི་མེ་དང༌། སྲེག་བྱ་ཟ་བའི་མེ་དང༌། བདེན་པ་ཡེ་ཤེས་ཀྱི་མེ་ཀུན་ཏུ་དགའ་བའི་ཆོས་ཅན། སྒྲིབ་པ་མེད་པའི་ཕུང་པོ་ལ་སོགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ངོ་བོའོ། །དེ་ནས་མཆོད་པ་འབུལ་བ་ནི། ཨོཾ་པྲ་བ་ར་སཏ་ཀཱ་རཾ་མཧཱ་རསྨཱིན་ཨརྒྷཾ་པྲ་ཏཱིཙྩ་སྭཱཧཱ། ཞེས་པས་མཆོད་ཡོན་བཟེད་ཞལ་དུ་ལན་བདུན་ལ་སོགས་པར་ཕུལ། ཨོཾ་བཛྲ་གནྡྷཾ་པྲཏཱིཙྪ་སྭཱཧཱ། ཞེས་པ་ནས། ཨོཾ་བཛྲ་ཀ་མཾ་པྲཏཱིཙྪ་སྭཱཧཱ། ཞེས་པའི་བར་མཆོད་པ་བཅུ་གཉིས་ཀྱིས་མཆོད། རྣམ་དག་ཡེ་ཤེས་མེ་དཔུང་འབར་བ་ཡིས། །ཕུང་པོ་ཁམས་སོགས་སྒྲིབ་པའི་བུད་ཤིང་རྣམས། །སྐད་ཅིག་ཉིད་ལ་བསྲེག་ཅིང་གསོལ་མཛད་པ། །བཅོམ་ལྡན་མེ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཞེས་པ་ཙམ་མམ། སྤྲོ་ན་འོག་ནས་འབྱུང་བའི་བསྟོད་པ་རྒྱས་པས་བསྟོད། ཡམ་ཤིང་བསྲེག་རྫས་བསྲེག་བླུག་རྣམས་ཟླ་བའི་ལྕེ་ལ་ཕུལ་བས་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཟག་མེད་ཀྱི་བདེ་བས་ཚིམ་པར་གྱུར། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿསྭཱཧཱ། ཞེས་པས་ཡམ་ཤིང་མར་གྱིས་སྦགས་པ་བརྒྱ་རྩ་བརྒྱད། ཨུ་དུམ་ཝ་ར་ལ་སོགས་པའི་ཤིང་དུ་མོས་ལ་འབུལ། དེ་བཞིན་དུ་དུར་བ་འོ་མས་སྦགས་པ་བརྒྱ་རྩ་བརྒྱད་ཀྱང་སྔགས་དེ་ཉིད་ཀྱི་འབུལ། ཨོཾ་


TNT02_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ། ཞེས་པས་ཀྱང་དགང་བླུགས་བརྒྱ་རྩ་བརྒྱད་འབུལ། ལས་སྔགས་སྦྱོར་ཚུལ་ནི་སྔགས་རེ་རེ་བཞིན་སྦྱོར་བའམ། བདུན་བདུན་ཙམ་རེ་ལ་སྦྱོར་ལ། བརྒྱ་རྩ་བརྒྱད་ཀྱི་ཐ་མ་ཁོ་ན་ལ་སྦྱར་ཀྱང་རུང་སྟེ། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿབདག་ཅག་དཔོན་སློབ་དཔོན་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི། སྡིག་སྒྲིབ་ནད་གདོན་བར་ཆད་ཉེ་བར་འཚེ་བ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཨོཾ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་སྡིག་སྒྲིབ་ནད་གདོན་བར་ཆད་ཉེ་བར་འཚེ་བ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་པ་ལྟ་བུ་སྟེ། དམིགས་བསལ་ཡོད་ན་བདག་གམ། བསྒྲུབ་བྱའི་མིང་དངོས་སུ་འཇུག་ཅིང༌། ནད་དང་བྱུར་ཆགས་འདི་ལྟ་བུ་ཞེས་མིང་གསལ་བར་བརྗོད། འདིས་འོག་མ་ཀུན་ལའང་རིགས་འགྲེས་ཏེ། སྡེ་ཚན་དང་པའོ། །དེ་བཞིན་དུ། ཨོཾ་ཧྲཾ་ཧྲིཾ་ཧྲཿསྭཱཧཱ། ཞེས་པས་ཡམ་ཤིང་བརྒྱ་རྩ་དང་སྲེག་རྫས་བརྒྱ་རྩ་གོང་བཞིན་ཕུལ། ཨོཾ་སྭཱཧཱ། ཞེས་པས་དགང་བླུགས་བརྒྱ་རྩ་སྟེ། སྡེ་ཚན་གཉིས་པའོ། །ཨོཾ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཱཿསྭཱཧཱ། ཞེས་པས་ཡམ་ཤིང་དང་བསྲེག་རྫས་འབུལ། དགང་བླུགས་ཡང་གོང་བཞིན་འབུལ་ཏེ་སྡེ་ཚན་གསུམ་པའོ། །ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿསྭཱཧཱ། ཞེས་པས་ཡམ་ཤིང་དང་བསྲེག་རྫས་འབུལ། བསྲེག་


TNT02_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བླུགས་ཀྱང་གོང་བཞིན་འབུལ་ཏེ་སྡེ་ཚན་བཞི་པའོ། །ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཱ་སྭཱཧཱ། ཞེས་པས་ཡམ་ཤིང་དང་བསྲེག་རྫས་འབུལ། བསྲེག་བླུགས་ཀྱང་སྔར་བཞིན་འབུལ་ཏེ་སྡེ་ཚན་ལྔ་པའོ། །དེ་ལྟར་ན། སྡེ་ཚན་ལྔ་པོ་སོ་སོར། ཡམ་ཤིང་ནི་བརྒྱ་བརྒྱད་ངེས་པར་འབུལ་དགོས་ལ། བསྲེག་རྫས་དང་དགང་བླུགས་ནི་དེ་ཙམ་མ་འབྱོར་ན་ཇི་ལྟར་རིགས་པ་དང༌། བསྲེག་རྫས་ཀྱང་དུར་བ་འོ་མས་སྦགས་པ་ཞི་བ་ལ་གཙོ་བོ་ཡིན་མོད་ཀྱི། དགེ་བའི་ལས་ལ་འོས་པའི་བསྲེག་རྫས་གཞན་ཇི་ལྟར་འོས་པ་ཕུལ་ཡང་མི་འགལ་ཞིང་ལེགས་པ་ཡིན་ནོ་ཞེས་པ་ནི་དམ་པ་རྣམས་ཀྱི་མན་ངག་གོ །དེ་བཞིན་དུ་བསྡུས་པར་ན་ཡམ་ཤིང་ལྔ་བརྒྱ་བཞི་བཅུ་ཕུལ་བའི་རྗེས་སུ། སྔགས་ཚན་ལྔ་པོ་སྡོམ་པ་ལ་བསྲེག་རྫས་བརྒྱ་རྩ་ཙམ་དང༌། རྣམ་བཅུ་དབང་ལྡན་གྱི་སྔགས་ཀྱི་དགང་བླུགས་ཀྱང་དེ་ཙམ་འབུལ་ཞིང༌། སྤྲོས་པ་ལ་དགའ་ན་སྡེ་ཚན་རེ་རེའི་མཐར། གོང་བཞིན་མཆོད་པ་བསྟོད་ཀྱང་བྱའོ། །དེ་བཞིན་དུ་མེ་ལྷ་ལ་གཏོར་མ་འབུལ་བ་ཡང་སྟེ། དེ་དག་ཀྱང་གནས་སྐབས་ཅི་རིགས་པར་ལག་ལེན་ལ་གདབ་པར་བྱ་བ་ཡིན་ཏེ་བླ་མའི་ངག་གོ །སྐབས་འདིར་ནི་ངེས་པར་གོང་བཞིན་མཆོད་པ་བཅུ་གཉིས་ཀྱིས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་


TNT02_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཚངས་དབང་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱབས་པའི་ཕྱིར། །ཐུགས་རྗེའི་དབང་གི་སྐུ་སྤྲུལ་པ། །ཉོན་མོངས་བསྲེགས་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་འཆིབས། །བདུད་རྩིའི་བཅུད་ལྡན་གྷནྡྷེ་བསྣམས། །རིགས་སྔགས་གསུང་གི་བགྲང་འཕྲེང་འཛིན། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོག་སྦྱིན་རྡོ་རྗཻ་མཆོག་ཁྱོད་འདུད། །སོགས་འདུད་ཉི་ཤུ་དང༌། སྤྲོ་ན། གང་ལ་ཐོག་མཐའ་དབུས་མེད་སོགས་ཀྱང་བྱ། གླིང་རྣམས་མུན་པས་ཁེབས་པ་སེལ་མཛད་ཅིང༌། །རྩི་ཤིང་མེ་ཏོག་འབྲས་སོགས་སྨིན་མཛད་ནས། །འགྲོ་མང་ཉེར་འཚོའི་བརྟེན་དུ་གང་གྱུར་པ། །གཟའ་བདུན་བདག་པོ་ཁྱིམ་བདག་མེ་ལ་འདུད། །ཅེས་བསྟོད། གཏོར་མ་བྱིན་རླབས་རྒྱས་བསྡུས་གང་རུང་བྱས་ལ། ཨོཾ་ཨཱཿཧཱུཾ་ཧོཿམཧཱ་རསྨི་ས་པ་རི་ཝ་ར་བྷྱཿ ཨི་དམ་བ་ལིང་གནྡྷཾ་སོགས་སྲུང་མ་དྲུག་ཅུའི་གཏོར་སྔགས་སྦྱར་བའི་ལན་གསུམ་འབུལ་བའམ། ཡང་ན་གོང་གི་སྤྱན་འདྲེན་


TNT02_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྔགས་གསུམ་པོ་རེ་རེའི་མཐར། གཏོར་སྔགས་སྦྱར་ནའང་ལེགས་པར་འགྱུར་རོ། །སྲུང་མ་དྲུག་ཅུ་སོགས་ཡི་དམ་ཆོས་སྐྱོང་གཞན་གྱི་གཏོར་མ་འབུལ་ན་ཡང་སྐབས་འདིར་འབུལ་ལོ། །དེ་ནས་སློབ་མས་མཆོད་ཡོན་གྱི་སྣོད་བཟུང༌། སློབ་དཔོན་གྱིས་ཟན་དང་ཆུ་ཐོགས་ནས་ཕྱི་རོལ་ཏུ་སོང་སྟེ། ཨོཾ་བྷཱུ་ར་བྷུ་བཿསྭཱཧཱ། ན་མོ་དེ་བེ་བྷྱཿ སྭཱ་སྟི་པྲ་ཛ་བྷྱཿ སྭཱཧཱ་རཱ་ཛ་བྷྱཿ སྭཱདྷ་བི་ཏྲི་བྷྱཿ ཨ་ལཾ་བྷཱུ་ཏེ་བྷྱཿ བ་ཥ་ཌ་ཨིནྡྲ་ཡ། ཞེས་པ་དང༌། སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་ཅེས་སོགས་ནས་བཀྲ་ཤིས་ཅི་རིགས་པ་བརྗོད་ནས་ཕྱི་རོལ་ཏུ་གཏོར། རང་ལ་བསངས་གཏོར་དང་ཉེ་རེག་བྱས་ནས། སླར་ཡང་དཀྱིལ་འཁོར་གྱི་ནང་དུ་ཞུགས་ཏེ། ཨོཾ་ཨཱཿཧཱུཾ་ཀཱ་ཡ་ཝཀ་ཙིཏྟ་སྭ་བྷཱ་ཝ་ཤུདྡྷེ་སྭཱཧཱ། ཞེས་པས་མེ་ལ་ཀུ་ཤས་བསངས་གཏོར་བྱ། སླར་ཡང་གོང་བཞིན་མཆོད་བསྟོད་བྱས་ནས། ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་པ་དང་ཉམས་པ་དང༌། །སོགས་བཟོད་པར་གསོལ། སྲིད་ཞི་མཉམ་ཉིད་ཆེན་པོ་ཡི། །མེ་ལྷ་འཁོར་དང་བཅས་རྣམས་ཀྱིས། །བདག་དང་སེམས་ཅན་ཐམས་ཅད་ལ། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །ཅེས་སོགས་ཡིད་ལ་འདོད་པའི་དོན་ཐམས་ཅད་གསོལ་བ་བཏབ་སྟེ། ཨོཾ་ཛཿགཙྪ་གཙྪ་མཧཱ་རསྨི་སྭ་སྠ་ནཾ་སཾ་ཏྲིབ་ཏོ་ཧོ། པུ་ན་ར་ག་མི་ཥྱ་སི། དེ་བཱ་སྱ། ཡ་ད་ཨཱ་ཧཱ་ན་ཡཱ་མི་སྭཱཧཱ། ཨོཾ་ཛཿ གཤེགས་


TNT02_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་གཤེགས་ཤིག་འོད་ཟེར་ཆེ། །ཚིམས་ནས་རང་གི་གནས་སུའོ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ལྷ་འདིར་གང་ཚེ་སྤྱན་དྲངས་ནའོ། །སྭཱཧཱ། ཞེས་པས་དབུགས་ནང་དུ་འཇུག་པ་དང་ལྷན་ཅིག་ཡེ་ཤེས་ཀྱི་མེ་རང་གི་སྙིང་གར་ཐིམ། ཤ་ཟའི་མེ་དང་ཁྱིམ་བདག་གི་མེ་ཡང་རང་རང་གི་གནས་སུ་གཤེགས། སྨོན་ལམ་དང་བཀྲ་ཤིས་སོགས་སྤྱི་དང་འདྲ༌། མེ་རང་བཞིན་ཀྱི་ཞི་བ་ན་ཐལ་བས་ཆུ་དང་སྐམ་ལ་གནས་པའི་སེམས་ཅན་ལ་ཕན་གདགས་པར་བྱའོ། །རྒྱས་པ་ཁོ་ནའི་ལས་ཀྱང་ཕལ་ཆེར་དེ་དང་འདྲ་བ་ལས། རྒྱས་པ་རྐྱང་བའི་སྦྱིན་སྲེག་ལ་ནི། ཞོ་དང་འབྲས་ཆན་གྱི་ཞལ་ཟས་དང༌། འབྲས་སོ་བ་མོན་སྲན། ཙན་དན་དཀར་པོ། སྲན་དཀར་ནར་མོ། ཏིལ་ནག་ལ་སོགས་པ་འབྲུ་ལྔ་ཚན་ཅིག་མར་ལ་སྦགས་པའི་བསྲེག་རྫས་དང༌། ཨ་ཤྭད་ཐའི་ཕུར་བུ་དང༌། འཁྲིག་པ་དང་བུ་མོའི་ཁྱིམ་དུ་དང༌། མེ་ལྷའི་ཕྱག་གཡས་ན་འཁོར་ལོ་དང་མུ་ཏིག་གི་འཕྲེང་བ། གཡོན་ན་པདྨ་དང་སྤྱི་བླུགས་དང་ཉི་མ་རྣམ་པར་དག་པ་དང༌། རྡོ་རྗེའི་སྐྱིལ་ཀྲུང་ཏུ་བཞུགས་པ་དང༌། མེ་ཐབ་གྲུ་བཞི་པ། རྒྱར་ཁྲུ་དོ་དང༌། དཔངས་སུ་ཁྲུ་གང་བ་དང༌། ཉི་མའི་ལྕེ་ལ་ཕུལ་བར་བསམ། ཡམ་ཤིང་དང་བསྲེག་རྫས་དགང་བླུགས་འབུལ་བའི་སྔགས་ལ། ན་མཿའི་མཐའ་ཅན་དང༌། སྤེལ་ཚིག་གི་སྐབས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི།


TNT02_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དང་འབྱོར་པ་དང་ཚེ་དང་བསོད་ནམས་དང་སྟོབས་དང་དབང་ཐང་པུཥྟིཾ་ཀུ་རུ། ཞེས་བརྗོད་པ་ནི་ཁྱད་པར་རོ། །དེ་བཞིན་དུ་ཞི་བ་ལས་ཐམས་ཅད་པ་ནི་ཞི་པ་དང་འདྲ་ལ། རྒྱས་པ་ལས་ཐམས་ཅད་པ་ནི་རྒྱས་པ་དང་འདྲ་བ་ལས། ཐབ་བསྐྱེད་པའི་སྐབས་སུ་མེ་ཐབ་ལྗང་ཁུ་བྱེད་པ་དང༌། རེ་ཁའི་དཀྱིལ་འཁོར་གཉིས་ཀྱི་བར་དུ་ཁ་ཁྱེར་དང་བཅས་པ། ཐབ་ཀྱི་དབུས་སུ་དཀྱིལ་འཁོར་གྱི་མཚན་མ་ལྷའི་གདན་དང་བཅས་པ་ཡོངས་སུ་རྫོགས་པ་དང༌། མེ་ལྷ་ལྗང་ཁུ་བཞད་པའི་ཞལ། གཡས་གཉིས་ན་རྡོ་རྗེ་དང་བགྲང་འཕྲེང༌། གཡོན་གཉིས་ན་དྲིལ་བུ་དང་པདྨ་འཛིན་པ་མི་བསྐྱོད་པའི་དབུ་བརྒྱན་ཅན་ནོ། །བརྒྱན་དང་གོས་དམར་སེར་ཅན། ཞི་བ་ལ་སྒྲ་གཅན་དང༌། རྒྱས་པ་ལ་དུས་མེ་རྣམ་པར་དག་པའོ། །ཞེས་པ་དང་ཐབ་ཀྱི་ཕྱི་རོལ་ཏུ་ཀུ་ཤ་འགྲཻམས་པ་རྣམས་ཁྱད་པར་རོ། །གཞན་ཡང་བསད་པ་ལ་ཐབ་ཁུང་གཞིའི་རྣམ་པ་ཁྲུ་ཕྱེད་པ་དང༌། བསྐྲད་པ་ལ་ཟུར་ལྔ་པ་ཁྲུ་གང་བ་དང༌། དབང་ལ་ཟུར་གསུམ་སོར་ཉི་ཤུ་པ་དང༌། དགུག་པ་ལ་ཟུར་བདུན་སོར་བཞི་བཅུ་པ་དང༌། རྨོངས་པ་ལ་ཟུར་དྲུག་སོར་སུམ་ཅུ་པ་དང༌། རེངས་པ་ལ་ཟུར་བརྒྱད་སོར་དྲུག་ཅུ་པ་དང༌། དེ་དག་སོ་སོ་ལ་ཡང་མཆོད་ཡོན་གྱི་སྣོད་དང༌། མཆོད་ཡོན་དང༌། ཉེར་སྤྱོད་དང༌། ཕུར་བུ་དང༌། ཐབ་ཀྱི་མཚན་མ་དང༌། ཁ་ཁྱེར་གྱི་དཔངས་ཀྱི་མཚན་མ་དང༌། དེའི་ཕྱི་རོལ་ཏུ་འགྲམ་པ་དང༌། ཕྱོགས་དང༌། ཁ་དོག་དང༌། དུས་དང༌། འདུག་སྟངས་དང༌། མེ་ལྷ་དང༌།


TNT02_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ལྕེ་དང༌། སྔགས་ཀྱི་མཐའ་དང་སྤེལ་ཚིགས་ལ་སོགས་པ་རེ་རེ་བཞིན་ཐ་དད་དུ་ཡོད་པ་རྣམས། སོ་སོར་ངེས་པར་བྱ་དགོས་ཏེ། མཐའ་དག་ནང་གི་མུན་སེལ་ལས་རྟོགས་པར་བྱ་ཞིང༌། བློ་གྲོས་ཆེན་པོ་རྣམས་ཀྱིས་རྒྱུད་འགྲེལ་ཆེན་པོ་ལས་ཀྱང་ངོ༌། །འདིར་སྦྱིན་བསྲེག་གཞན་གྱི་ལུགས་ལྟར། མེ་ལྷའི་ཐུགས་ཀ་སོགས་སུ་དཀྱིལ་འཁོར་བསྐྱེད་པ་ནི་མི་དགོས་ཀྱང༌། བསྲེག་རྫས་འབུལ་བའི་སྡེ་ཚན་ལྔ་པོ་ལ། ལྷ་སོ་སོའི་ངོ་བོར་མོས་པ་དགོས་སམ་སྙམ་ན་འདི་ཡང་མཐའ་གཅིག་ཏུ་མི་དགོས་ཏེ། དབྱངས་ལྔ་རིང་ཐུང་དང༌། ཡོན་ཏན་དང༌། འཕེལ་བ་དང༌། ཡ་ཎ་ར་བསྒྱུར་བ་རིང་ཐུང་རྣམས་དག་སྦྱོར་གྱི་ཁྱད་པར་གཞན་མང་པོ་ལ་ལྟོས་པ་དང༌། ལས་དང་དངོས་གྲུབ་ཀྱི་ཁྱད་པར་སྣ་ཚོགས་པ་འགྲུབ་པའི་དགོས་དོན་མང་པོ་དབང་གི་ཡིན་གྱི། ཐུགས་དཀྱིལ་གྱི་ལྷའི་ས་བོན་ཁོ་ནར་དམིགས་པ་མ་ཡིན་པའི་ཕྱིར་རོ། །དེས་ན་ཡེ་ཤེས་ཀྱི་མེ་ལྷ་ཉིད་དཀྱིལ་འཁོར་གྱི་ལྷ་ཀུན་འདུས་ཀྱི་ངོ་བོ་ཡིན་པའི་ཕྱིར། སྤྲོས་པ་གཞན་གྱིས་ཅི་ཞིག་བྱ། འོན་ཏེ་བླ་མའི་མན་ངག་དང༌། རང་གི་མོས་པའི་ཁྱད་པར་གྱིས། རྒྱ་གར་གྱི་སློབ་དཔོན་རྣམས་ཀྱིས་མཛད་པའི་སྦྱིན་


TNT02_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེག་གི་ཆོ་ག་འདིར་སྦྱོར་བ་དང༌། མེ་ལྷའི་ཐུགས་ཀར་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་སོགས་ཀྱང་ནན་གྱི་བྱེད་ན་འདིར་ཅི་ཞིག་འགོག དེས་ན་འོད་ཀྱི་སྙེ་མ་དང༌། རྒྱུད་འདིར་གསུངས་པའི་ཆོ་ག་སྦྲགས་མ་བྱེད་པར་སྤྲོ་ན། ཕྱིས་ཀྱི་དུས་འཁོར་བ་མང་པོས་མཛད་ཅིང༌། ཁྱད་པར་བཀའ་སྲོལ་འདི་ལ་ཡང༌། ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་དང༌། དེ་ཉིད་ཀྱི་ཐུགས་སྲས་རྣམས་ཀྱིས་མཛད་པ་ལྟར་ཤེས་པར་བྱའོ། །ཞེས་པ་དཔལ་དུས་གྱི་འཁོར་ལོའི་སྦྱིན་བསྲེག་གི་ཆོ་ག་ནང་གི་མུན་སེལ་གྱི་ལག་ལེན་ཞེས་བྱ་བ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྒྲུབ་གནས་ཆེན་པོ་ཇོ་ནང་དུ་སྨྲས་པའོ།། །།སརྦ་མངྒ་ལཾ།


TNT02_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དཔལ་དུས་ཀྱི་འཁོར་ལོའི་དབང་ཆོག་ལས་རྡོ་རྗེ་སློབ་དཔོན་གྱི་དབང་གི་ཆོ་ག་ཡེ་ཤེས་རྒྱ་མཚོ་ལ་འཇུག་པ།


TNT02_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་དབང་ཆོག་ལས་རྡོ་རྗེ་སློབ་དཔོན་གྱི་དབང་གི་ཆོ་ག་ཡེ་ཤེས་རྒྱ་མཚོ་ལ་འཇུག་པ་བཞུགས།


TNT02_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་ན་མོ་ན་མཿ བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དུས་སྦྱོར་བཅུ་གཉིས་འགགས་པ་སྟེ། །ཀུན་མཁྱེན་སྐྱེ་དགུའི་བདག་པོ་ལ། །བཏུད་ནས་སློབ་དཔོན་དབང་བསྐུར་བཤད། འདིར་སྡོམ་ནི། གསོལ་དང་གསོལ་གདབ་ཆུ་ཅོད་པན། །དར་དཔྱངས་བརྟུལ་ཞུགས་ཕྱག་རྒྱ་དྲུག །རྗེས་གནང་གཉིས་དང་འདོགས་ལྔ་དང༌། །དབང་བཞི་རྡོ་རྗེ་གསུམ་བྱིན་རླབས། ཆེད་བརྗོད་མཆོད་པ་བརྟན་བཞུགས་དང༌། །དམ་ཚིག་དང་ནི་ཕན་ཡོན་སྒྲགས། །དབུགགས་དབྱུང་གཟེངས་བསྟོད་རྗེས་ཀྱི་ཆོས། །བདག་པོའི་དབང་བསྐུར་ཡིན་པར་བཤད། །རིག་མ་བཤམས་ཤིང་དག་པ་བརྗོད། །བཀའ་ཞུ་བཀས་གནང་གསོལ་བ་གདབ། །རིག་མ་གཏད་ཅིང་འཁོར་ལོ་སྒོམ། །བདེ་བ་སྒོམ་ཞིང་ཆུ་དབང་བསྐུར། །བཀས་གནང་དབང་བཞི་བསྐུར་བ་དང༌། །བཞི་པ་ལ་ནི་ཆེད་བརྗོད་ལྷག །རྗེས་ཀྱི་བྱ་བ་རྣམ་གཉིས་ཏེ། །བདག་པོ་ཆེན་པོའི་དབང་ཡིན་ནོ། །དེ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ནི་རྣམ་པ་གཉིས་ཏེ། བདག་པོའི་དབང་བསྐུར་བ་དང༌། བདག་པོ་ཆེན་པོའི་དབང་བསྐུར་བའོ། །དང་པོ་ནི། ཀྱེ་དཔལ་ལྡན་བླ་མ་ཁྱེད་ཀྱི་བཀའ་དྲིན་ལས། ད་ནི་བདག་གིས་བདེ་བར་གཤེགས་པའི་ལམ་


TNT02_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཤེས་སོ། །དུས་འདི་ནས་བརྩམས་ཏེ་ཁྱེད་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤངས་ནས། བླ་མ་གཞན་བསྟེན་པར་མི་བགྱིའོ། །གང་གི་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་གྱུར་པ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །ཐུགས་རྗེས་གཏེར་གྱིས་བདག་ལ་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ་སྟེ། ཚིག་བཅད་འདི་ཡང་གཞན་དང་གོ་བསྟུན་པའོ། །སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །སོགས་ཀྱིས་ཀྱང་ལན་གསུམ་གསོལ་བ་བཏབ། དཀྱིལ་འཁོར་ཁང་པའི་ཕྱི་རོལ་ལམ་ངོས་ཡངས་པར། དབང་སྟེགས་བཅས་པའི་སྟེང་དུ་དགེ་སློང་རྡོ་རྗེ་འཛིན་པ་བཀོད་ལ། བུ་མོ་བརྒྱད་ཀྱིས་བུམ་པ་བརྒྱད་བཟུང༌། གཞོན་ནུ་མ་གཉིས་ཀྱིས་རྒྱལ་རྣམ་རྒྱལ་གཉིས་བཟུང་སྟེ། བུམ་ཆུ་བསྡུ་བ་ནས་བརྩམས། ཆུ་དབང་དང༌། ཅོད་པན་གྱི་དབང་དང༌། དར་དཔྱངས་ཀྱི་དབང་དང༌། བརྟུལ་ཞུགས་ཀྱི་དབང་རྣམས་བྱིས་འཇུག་གི་དབང་དང་འདྲ་བར་བསྐུར་བ་ལས། ཁྱད་པར་ནི། དབང་གི་དག་པ་རྣམས་བརྗོད་མི་དགོས། བརྟུལ་ཞུགས་ཀྱི་དབང་རྫས་མཐེ་བོང་རྡོ་རྗེ་བྱེད་པ་ཡིན་པས། མེ་ཏོག་སིལ་


TNT02_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནག་པོ་ཞེས་སོགས། མེ་ཏོག་སིལ་མ་ལྗང་ཁུ་ནས། སྔོན་པོ་ཞེས་པའི་བར་ལ། མཐེ་བོའི་རྡོ་རྗེ་སོར་གདུབ་ཞེས་པའམ། མཐེ་བོའི་རྡོ་རྗེ་ཡང་གཅིག་གམ་གཉིས་ལས་མེད་ན། མཐེ་བོའི་རྡོ་རྗེ་སོར་གདུབ་ཀྱི་ཆ་ཤས་གཅིག་ཅེས་འདོན་པ་སྤོ། སློབ་མ་དུས་ཀྱི་འཁོར་ལོ་ཕྱག་གཉིས་པ་ཤེས་རབ་མ་དང་བཅས་པའི་སྐུར་གྱུར། དབང་རྫས། སྭ་བྷཱ་ཝས་སྦྱངས། ཧཾ་ལས་བྱུང་བའི་སྤྱི་བོའི་འཁོར་ལོ་མི་བསྐྱོད་པ་ཞལ་གསུམ་ནས། གདོང་བཞི་པ་འཛིན་པ། དེ་ཞུ་བ་ལས་བྱུང་བའི་སྤྱི་བོའི་འཁོར་ལོ་ནོར་བུ་དང་བཅས་པའི་མགོ་རྒྱན་དུ་གྱུར། ཨོཾ་ཧཾ་པཉྩ་ཨཱ་ཀཱ་ར་མཧཱ་ཤཱུ་ནྱ་ཏ་སྭ་བྷཱ་བ་བཛྲ་ཤི་རོ་མ་ཎི་ཤི་ར་སི་ཧཱུཾ་ཕཊ། མི་བསྐྱོད་འཁོར་ལོའི་གཟུགས་ཀྱིས་ནི། །ལུས་མཆོག་ལ་ནི་རྣམ་བརྒྱན་ཞིང༌། །སྲིད་པ་གསུམ་དུ་འཁོར་ལོ་བསྐོར། །ལུས་མཆོག་ལ་གནས་ཆུ་རྒྱུན་གྱི། །ཅིག་ཅར་ཆོས་ཀྱི་འཁོར་ལོ་བསྐོར། །འགྲོ་བའི་དོན་ཆེན་བྱེད་པར་འགྱུར། །ཞེས་སྦྱིན། རྣ་རྒྱན་གཉིས་ཧཾ་ཧཿལས་བྱུང་པའི་འོད་དཔག་མེད་ཞལ་གསུམ་ནས། བགྲང་འཕྲེང་འཛིན་པ། དེ་ཞུ་བ་ལས་བྱུང་བའི་རྣ་རྒྱན་དུ་གྱུར། ཨོཾ་ཧཾ་ཧཿབཱ་མ་དཀྵི་ཎ་ཀརྞ་ཡོར་བཛྲ་ཀུནྚ་ལི་ཧཱུཾ་ཧཱུཾ་ཕཊ་ཕཊ། དཔག་མེད་རྣ་ཆའི་གཟུགས་ཀྱིས་ནི། །རྣ་བ་དག་ལ་རྣམ་བརྒྱན་ནས། །སྲིད་པ་གསུམ་ལ་ཆགས་པར་བྱ། །དེ་འདིས་འགྲོ་བའི་དོན་བྱེད་གྱུར། །མགུལ་རྒྱན་ཨཾ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་ཞལ་གསུམ་ནས། འོད་འཕྲོ་བ་འཛིན་པ་དེ་ཞུ་བ་ལས་བྱུང་བའི་མགུལ་བརྒྱན་དུ་འགྱུར། ཨོཾ་ཨཾ་ཀནྛེ་བཛྲ་ཀནྛྀ་ཀེ་ཧཱུཾ་ཕཊ། རིན་ཆེན་མགུལ་རྒྱན་གཟུགས་ཀྱིས་ནི། །བདག་གི་མགུལ་བ་རྣམ་བརྒྱན་ཏེ། །


TNT02_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་འདི་རོ་ཡིས་བཏུལ་བྱས་ནས། །འགྲོ་བ་ཆུ་བཞིན་འཇུག་པར་འགྱུར། །ལག་གདུབ་ཨ་ཨཱཿདང༌། རྐང་གདུབ་ཧ་ཧཱཿལས་བྱུང་བའི་རྣམ་པར་སྣང་མཛད་ཞལ་གསུམ་ནས། དྲིལ་བུ་འཛིན་པ་ཞུ་བ་ལས་བྱུང་བའི་ལག་གདུབ་དང་རྐང་གདུབ་ཏུ་གྱུར། ཨོཾ་ཨཱ་ཨཱ་བཱ་མ་དཀྵི་ཎ་ཀ་ར་ཡོར་བཛྲ་རུ་ཙ་ཀཽ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧ་ཧཱཿབཱ་མ་དཀྵི་ཎ་པཱ་ད་ཡོར་བཛྲ་ནཱུ་པུ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ། རྣམ་སྣང་ལག་གདུབ་གཟུགས་ཉིད་ཀྱིས། །ལག་པ་དག་ལ་རྣམ་བརྒྱན་ཏེ། །འགྲོ་བའི་དོན་ལ་འཇུག་བྱས་ན། །སྐྱེ་བ་ས་ལྟར་བརྟན་པར་འགྱུར། །སྐ་རགས་ཨཿལས་བྱུང་བའི་དོན་ཡོད་གྲུབ་པ་ཞལ་གསུམ་ནས། དཀར་པོ་འཛིན་པ། ཞུ་བ་ལས་བྱུང་བའི་སྐ་རགས་སུ་གྱུར། ཨོཾ་ཨཱཿཀཊྱཱཾ་བཛྲ་མེ་ཁ་ལཱ་ཧཱུཾ་ཕཊ། དོན་ཡོད་སྐ་རགས་གཟུགས་ཉིད་ཀྱིས། །སྐེད་པ་ལ་ནི་རྣམ་བརྒྱན་པ། །འགྲོ་འདི་རླུང་གིས་བཏུལ་བྱས་ནས། །ཐོག་མེད་རླུང་གིས་འགྲོ་བ་འདུལ། །ཐལ་ཆེན་ཝཾ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ཞལ་གསུམ་ནས། གདོང་བཞི་པ་འཛིན་པ། དེ་ཞུ་བ་ལས་བྱུང་བའི་ཐལ་ཆེན་དུ་གྱུར། ཨོཾ་ཝཾ་སརྦ་ཨང་གེ་བྟསྨི་ཧཱུཾ་ཕཊ། གནས་གསུམ་སོགས་སུ་བྱུག་ཚུལ་བྱ། བྱང་ཆུབ་སེམས་ཀྱི་རང་བཞིན་གྱི། །ཐལ་བའི་ལུས་ལ་རྣམ་བརྒྱན་ཏེ། མཆོག་གི་སྤྱོད་པ་རབ་སྦྱང་ནས། །བདེ་བའི་ཡིད་ཀྱིས་འགྲོ་བ་འདུལ། །ཞེས་བརྗོད། དེ་ནས་རྗེས་གནང་ནི། འདི་སྐད་ཅེས་བྱ་སྟེ། གདུག་པ་སྡིགས་པར་བྱེད་པའི་མཆོག །གང་གིས་ངུར་སྨྲིག་མཐོང་ཙམ་གྱིས། །ལྷ་མིན་ས་ཡིས་འོག་ཏུ་འཕྲོས། །དགེ་སློང་རྡོ་རྗེ་འཛིན་པ་བྱ། །སྟོང་ཉིད་སྙིང་རྗེར་ཁྱོད་


TNT02_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས། །སྟོང་ཉིད་སྙིང་རྗེ་རྒྱུན་མི་འཆད། །མཚན་མར་རྡོ་རྗེ་དྲིལ་བུ་བཟུང༌། །ཇི་ལྟ་དེ་ལྟར་གཞན་ལ་སྟོན། །ཁྱོད་ནི་ཡོངས་རྫོགས་སློབ་དཔོན་ཏེ། །གནས་བརྟན་རྒན་པོའང་ཁྱོད་ཉིད་ཡིན། ཁྱོད་ནི་བསིལ་གྱུར་རྙོག་པ་མེད། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འཛག་པའི་འདོད་ཆགས་རབ་སྤངས་པས། ཁྱོད་ཀྱི་ཟུག་རྔུ་མ་ལུས་བཏོན། །གཞན་ལ་ཕན་པའི་གང་ཟག་མཆོག །ཁྱོད་ནི་མངོན་སུམ་སངས་རྒྱས་སྲས། །ཞེས་དང༌། དེ་རྗེས་སྤྲོ་ན་ལུགས་གཞན་གྱི་རིག་པ་སྦྱར་ཏེ། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། ཆེ་དང་དྲིལ་བུ་ཆེན་པོ་བཟུང༌། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་བགྱིས། །དེ་བཞིན་དུ། དབང་གི་དོན་དུ་ས་ནི་ཡོང་བརྟག་ནགས་དང་གྲོང་ཁྱེར་གྲོང་རྡལ་གྲོང་གི་ཕྱོགས་ཀྱི་ཆ་དག་དང༌། །ཐབ་ཁུང་རྣམས་ཀྱིས་མཚན་ཉིད་དང་ནི་བུམ་པ་དང་བཅས་རྡུལ་ཚོན་སྦྱིན་སྲེག་ཕུར་བུ་ལ་སོགས་དང༌། །སློབ་མ་རྣམས་ནི་བསྡུ་བ་དག་དང་གང་ཡང་རྒྱལ་བའི་བདག་པོས་མཆོག་གི་དཀྱིལ་འཁོར་བྲི་བ་དང༌། །ཤེས་ནས་སློབ་དཔོན་གྱིས་ནི་དགེ་དང་མི་དགེའི་འབྲས་སླད་ཞི་བ་ལ་སོགས་མཐའ་དག་རབ་ཏུ་བྱ། །ཞེས་བརྗོད། རྗེས་གནང་འདི་ཙམ་གྱིས་ཆོག་ལ། སྤྲོས་པ་ལ་མངོན་པར་དགའ་ན། ཡི་གེ་རྙིང་པ་མང་པོ་ཞིག་ལ་ཡོད་པ་བཞིན་དུ། ལག་ལེན་ལ་ཡང་བྱེད་པ་མང་དུ་ཡོད་པ་ལྟར། དབང་བདུན་ནང་གི་རྗེས་གནང་དག་པ་བརྗོད་པ་བོར་བ་དེ་བྱས་ནས། སྔགས་དང༌། མིག་ཐུར་དང༌། མེ་ལོང་དང༌། མདའ་གཞུ་རྣམས་བྱིས་འཇུག་སློབ་མ་ལ་བསྐུར་བའི་སྐབས་སུ་བཤད་པ་བཞིན་དང༌། ཆོས་བཤད་ཀྱི་རྗེས་གནང་བདག་འཇུག་གི་སྐབས་ལྟར་བྱེད་པའང་ཡོད་མོད་ཀྱི་ངེས་པར་དགོས་པ་ནི་མ་ཡིན་ལ། རྡོ་རྗེ་སློབ་དཔོན་དུ་སྒྲུབ་པ་ལ་མ་འབྲེལ་


TNT02_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

བའང་མེད་དོ། །འདིར་ལུང་བསྟན་བྱེད་པ་ནི་ཤེས་བྱེད་ཡང་དག་པ་ཅི་ཡང་མེད་དོ། །དེ་ནས་རྡོ་རྗེ་སློབ་དཔོན་དུ་སྒྲུབ་པའི་བྱ་བ་མཆོག སླར་ཡང་བུམ་དབང༌། གསང་དབང༌། ཤེས་རབ་ཡེ་ཤེས་ཀྱི་དབང་རྣམས་བདག་འཇུག་གི་སྐབས་སུ་བཤད་པ་བཞིན་དུ་བསྐུར། སླར་ཡང་སྐུ་གསུང་ཐུགས་རྡོ་རྗེ་བྱིན་གྱིས་བརླབ་པའི་དཽན་དུ། མཆོད་ཕྱིར་ཐོགས། ཨ་ཨཿཨཾ་ལས་བྱུང་བའི་སྐུ་རྡོ་རྗེ་ཞལ་གསུམ་ནས། ཡུམ་དང་བཅས་པ། དེ་ཞུ་བ་ལས་བྱུང་བའི་མཆོད་ཕྱིར་ཐོགས་སུ་གྱུར། ཨོཾ་ཨ་ཨཱཿཨཾ་སརྦ་སྭཱ་ར་ཨེ་ཀ་ཏྲི་སྭཱ་ར་སྭ་བྷཱ་བ་བཛྲ་ཡཱ་ཛྙཱོ་པ་བཱི་ཏ། སྐན་དྷེ་ཧཱུཾ་ཧཱུཾ་ཕཊ་ཕཊ། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །སོགས་ཤོ་ལོ་ཀ་གཉིས་བརྗོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། གསུང་གི་དོན་དུ་མེ་ཏོག་གང་ལ་ཕོག་པའི་ལྷའི་ཕྱག་མཚན་གྱིས་དབང་བསྐུར་བར་བཤད་ཀྱང༌། ངོས་ཟིན་པ་དཀའ་ན་རིག་དྲུག་གི་ཕྱག་མཚན། ཨ་ཨི་རྀ་ཨུ་ལྀ་ཨཾ་ཞེས་པ་རྣམས་ལས་བྱུང་བའི་གསུང་རྡོ་རྗེ་ཞལ་གསུམ་ནས། ཡུམ་དང་བཅས་པ། དེ་ཞུ་བ་ལས་རིགས་དྲུག་གི་ཕྱག་མཚན་དུ་གྱུར། ཨོཾ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿསྭཱཧཱ། དཔལ་ལྡན་གསུང་གི་རྡོ་རྗེ་འཛིན། །སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་སོགས་བརྗོད། དར་དཔྱངས་ཨཾ་ཡིག་ལས་དང༌། ཅོད་པན་ཧཾ་ཡིག་ལས་བྱུང་བའི་ཐུགས་རྡོ་རྗེ་ཞལ་གསུམ་ནས། ཡུམ་དང་བཅས་པ། དེ་ཞུ་བ་ལས་བྱུང་བའི་དར་དཔྱངས་དང་ཅོད་པན་དུ་གྱུར། ཨོཾ་ཨཾ་ཨརྟཱ་ནཱ་རཱི་ཤྭ་ར་བཛྲ་ཙནྡྲ་བཛྲ་པཊྚ་ཨུནྡྷེ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧཾ་པཉྩ་ཨཱ་ཀཱ་ར་སོགས་གོང་བཞིན་བརྗོད། དཔལ་ལྡན་ཐུགས་ཀྱི་


TNT02_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཛིན། །སོགས་དང༌། ཙིཏྟ་བཛྲ། དེ་ནས་སློབ་དཔོན་གྱིས། ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །རྒྱལ་པོ་ཐུགས་ཀྱི་རྡོ་རྗེ་འཛིན། །དེ་ཉིད་ཁྱབ་འཇུག་རྫུ་འཕྲུལ་ཆེ། །རྡོ་རྗེ་སློབ་དཔོན་ཁྱོད་ཉིད་དོ། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་པ་མུཉྫ་ཅོད་པན་ཐོགས། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །ཅེས་བརྗོད་ལ་མཆོད་པ་བཅུ་གཉིས་ཀྱིས་མཆོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་མེ་ཏོག་གཏོར་ལ་བརྟན་བཞུགས་བྱ། འདིར་སྟོན་པ་པོའི་དབང་ལ་མངོན་པར་དབང་སྐུར་བའི་དགེ་སློང་ངམ། དགེ་ཚུལ་ལམ། ཁྱིམ་པས་གཡོགས་ལ་སོགས་པའི་ཆོས་དང༌། ཁྱིམ་པའི་ཆོས་མི་བྱའོ། །གལ་ཏེ་རལ་གྲི་དང༌། སྣག་ཚ་དང༌། ཚོང་ལ་སོགས་པ་བྱེད་ན། དེའི་བཀའ་བཅག་པར་འགྱུར་ཞིང༌། བཀའ་བཅག་པ་ལས་མནར་མེད་པ་འགྲོ་བར་འགྱུར་ཏེ། སློབ་དཔོན་གྱི་ཆོས་རྣམ་པར་བཤིག་པའི་ཕྱིར་རོ། །ཕན་ཡོན་ནི། འདིར་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བསྐུར་བས་ནི། དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བ་སྟེ། མུ་སྟེགས་པ་རྣམས་ཀྱི་ལྷ་དང་ལྷ་མོ་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་དང༌། ཙར་ཙི་ཀ་ལ་སོགས་པ་རྣམ་པར་སྦྱངས་པ་རྣམས་ཀྱི་དཀྱིལ་འཁོར་ཡང་སྒྲུབ་པའོ། །རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་དུ་དབང་བསྐུར་བར་འགྱུར་ཞིང༌། རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་དང༌། སྔགས་ཐམས་ཅད་ཀྱི་རྗེས་སུ་གནང་བ་པོ་དང༌། དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་པ་པོ་སྟེ། དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི། བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་དང༌། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་


TNT02_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་དེ་བཞིན་དུ་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་བལྟ་བར་བྱའོ། །དེ་ནས་དབུགས་དབྱུང་བ་ནི། སློབ་མའི་སྟེང་དུ་གདུགས་བཟུང་ལ་ཐལ་མོ་སྦྱར། བསྐོར་བ་བྱས་ཤར་སྒོ་ནས་བླ་མ་དང་ལྷ་ལ་འབུལ་བར་བསམ་ཞིང༌། སྔགས་དང་རྒྱུད་རྣམས་འཛིན་འགྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་རྣམས་ལ་སྙིང་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲི། ཁྱོད་ཀྱིས་ནན་ཏན་སྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །སྔགས་བཤད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་བཏགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། །ཁྱེད་ལ་རྟག་ཏུ་བསྲུང་བར་མཛད། །ཅེས་སོ། །དེ་ནས་སློབ་མ་དབང་བསྐུར་བའི་སྐབས་སུ་བཤད་པ་བཞིན། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞེས་སོགས་གཟེངས་བསྟོད་རྒྱས་པ་བྱ། གཙོ་བོས་ཇི་ལྟར་སོགས། མཎྜལ་ཕུལ། དེང་ནས་བརྩམས་ཏེ་སོགས་བརྗོད་དོ། །དེ་ལ་ཕྱག་རྒྱ་དྲུག་གི་ཚིགས་བཅད་དང༌། དབང་བདུན་གྱི་ནང་གི་རྗེས་གནང་འདོགས་བཅས་རྣམས་དང༌། རྡོ་རྗེ་གསུམ་གྱི་ཚིགས་བཅད་གསོལ་གདབ། ང་རྒྱལ་བཟུང་བ་རྣམས་དང༌། དབུགས་དབྱུང་དང་གཟེངས་བསྟོད་རྣམས་བོར་ཀྱང༌། ཆོ་ག་ཆད་པའི་ཉེས་པར་མི་འགྱུར་ལ། ཕྱག་རྒྱ་དྲུག་བརྟུལ་ཞུགས་ཀྱི་དབང་གི་དོད་ཡིན་པའི། དགེ་སློང་རྡོ་རྗེ་འཛིན་པ་ལ་བརྟུལ་


TNT02_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཀྱི་དབང་ལོགས་སུ་བསྐུར་བ་མི་དགོས་ཀྱང༌། རྡོ་རྗེ་སོར་གདུབ་ཀྱི་དབང་འདི་ཉིད་གཞན་ལ་སྦྱིན་པའི་དོན་དུ་ཐོབ་ན་བཟང་བའི་ཕྱིར། འདི་ཡང་བྱེད་པ་ཉིད་ལེགས་སོ། །རྒྱས་པར་ན་ལྷ་སྐྱེད་པ་ཐམས་ཅད་ལ་གནས་གཞི་བྱིན་གྱིས་རླབས་པ་དང༌། ཡེ་ཤེས་པ་སྤྱན་འདྲེན། དབང་བསྐུར་རྒྱས་གདབ། མཆོད་པ་བྱེད་པ་སོགས་དང༌། སྐུ་གསུང་ཐུགས་རྡོ་རྗེར་བྱེད་པའི་སྐབས། དབང་རྫས་བྱིན་མ་ཐག་ཏུ། ལས་རྒྱལ་མཆོག་གི་སྐབས་བཞིན་རྡོ་རྗེ་གསུམ་བྱིན་རླབས་ཤིང༌། དབང་བསྐུར་བའི་དམིགས་པ་འབོགས་པ་ཡང་ཡོད་དེ། རྒྱས་པའི་ལུགས་ཡིན་པས། སྤྲོ་ན་དེ་ལྟར་བྱ་བ་མི་འགལ་ལ། བསྡུ་ན་དབང་རྫས་རྣམས་ས་བོན་དེ་དང་དེ་ལ་མ་བྱུང་བ། ལྷ་སོ་སོའི་ངོ་བོར་མོས་པ་ཙམ་གྱིས་ཀྱང་གོ་ཆོད་པ་ནི་ཡིན་ནོ། །རྡོ་རྗེ་འཛིན་པ་རིགས་གསུམ་ལས། དགེ་སློང་ལ་དབང་སྟེགས། རྭ་བ་ལྔའི་རེ་ཁཱ་འདོམ་གང་གྲུ་བཞི་པའི་དབུས་སུ་ཤིང་སྟན་རྒྱར་གྲུ་དོ་བ་དབུས་སུ་པདྨ་འདབ་བརྒྱད། ཚོན་སྣ་ལྔས་བྲིས་པ་དང༌། དགེ་ཚུལ་ལ་རེ་ཁཱ་གྲུ་དོ་པ་དང༌། པདྨ་མ་བྲིས་པའི་ཤིང་སྟན་དང༌། ཁྱིམ་པ་ལ་རྭ་བ་གསུམ་གྱི་རེ་ཁཱ་ཁྲུ་གང་བའི་དབུས་སུ། སྟན་ནང་ཚངས་ཅན་ཕལ་པ་ཞིག་འགོད་པར་བཤད། དགེ་ཚུལ་ལ་བུ་མོ་བཞིས་བུམ་པ་བཞི་དང༌། གཞོན་ནུ་མ་གཉིས་གོང་བཞིན་ཏེ། དབང་ཡང་ཆུ་དང་དར་དཔྱངས་ཀྱི་དབང་བསྐུར་ཞིང༌། ཕྱག་རྒྱ་བཅིང་བ་མན་ཆད་སྔར་དང་འདྲའོ། ཁྱིམ་པ་ལ་ནི་བུ་མོ་གཅིག་གིས་བུམ་པ་དང༌། གཞོན་ནུ་མ་གཅིག་གིས་རྣམ་པར་རྒྱལ་བ་བཟུང་ཞིང༌། ཆུ་དབང་དང༌། བརྟུལ་ཞུགས་ཀྱི་དབང་ཙམ་སྦྱིན། རྗེས་གནང་མན་ཆད་འདྲའོ། །དགེ་ཚུལ་དང་ཁྱིམ་པ་གཉིས་ལ། གང་གིས་


TNT02_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ངུར་སྨྲིག་ཞེས་སོགས་ཤོ་ལོ་ཀ་གཅིག་པོ་དེ་མི་བརྗོད་པར་བཤད་ཅིང༌། དེ་རྣམས་ལག་ལེན་ལ་ཡང་ཡོད་མོད། ལྷག་པར་མོས་པའི་དབང་ལས་མཐའ་གཅིག་ཏུ་ངེས་པ་ཡང་མེད་པར་མངོན་ནོ། །གཞན་དང་ཐུན་མོང་མ་ཡིན་པས། བདག་པོའི་དབང་བསྐུར་བཤད་པ་ལས། དགེ་བ་ཅུང་ཟད་གང་ཐོབ་དེས། །འགྲོ་ཀུན་རྒྱལ་བའི་བདག་པོར་ཤོག །ད་ནི་བདག་པོ་ཆེན་པོའི་དབང་བསྐུར་བ་བཤད་པར་བྱ་སྟེ། མནྚལ་ལ་སོགས་པ་སྔོན་དུ་སོང་བས། རིག་མ་བཅུ་དངོས་སུ་སྟར་བའམ། ཡིད་ཀྱི་ཡུལ་དུ་གསལ་བཏབ་ནས། སློབ་མ་ཁྱིམ་པ་ཡིན་ན་རང་རིགས་ཀྱི་རིག་མ་བཅུ་སློབ་དཔོན་ལ་འབུལ། སློབ་མ་རབ་ཏུ་བྱུང་བ་ཡིན་ན། དེ་ལ་སློབ་དཔོན་གྱིས་དབང་གི་དོན་དུ་གཞན་རིགས་ཀྱིས་རིག་མ་བཅུ་སྦྱིན་བར་བྱ་བ་སྟེ། ཚ་མོ་དང་ནི་བུ་མོ་དང༌། །སྲིང་མོ་དེ་བཞིན་སྐྱེད་བྱེད་མ། །དེ་བཞིན་ཆུང་མའི་མ་དང་ནི། །དེ་བཞིན་ཞང་པོའི་བུད་མེད་དང༌། །ཕ་ཡི་སྤུན་ཟླའི་ཆུང་མ་དང༌། དེ་བཞིན་ཕ་ཡི་སྲིང་མོ་དང༌། །རང་གི་མ་ཡི་སྤུན་ཟླ་ཉིད། །རང་གི་ཆུང་མ་མཆོག་གཟུགས་ཅན། །སྒྲོལ་མ་ལ་སོགས་ཆོས་ཁམས་མཐར། །རང་རིགས་ལས་སྐྱེས་རིག་མ་བཅུ། །ཐར་པ་འདོད་པས་ཁྱིམ་པ་ཡིས། །དབང་གི་དུས་སུ་རབ་དབུལ་བྱ། །རིག་མ་འདི་རྣམས་རིགས་སྲུང་ཕྱིར། །གལ་ཏེ་བླ་མར་མི་འབུལ་ན། །དེ་ཚེ་ཁྱིམ་ན་གནས་པ་ལ། །གཞན་གྱི་དབང་བསྐུར་སྦྱིན་མི་བྱ། །དགེ་སློང་དགེ་ཚུལ་རྣམས་ལ་ནི། །དཀྱིལ་འཁོར་དུ་ནི་དབང་བསྐུར་བའི། །དམངས་རིགས་སྐྱེས་སོགས་གཞན་དག་གིས། །བླ་མས་སྦྱིན་བྱ་


TNT02_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཡི་བདག །རླུང་སོགས་རིམ་པས་དམངས་རིགས་མོ། །རྒྱལ་རིགས་དེ་བཞིན་བྲམ་ཟེ་མོ། །རྗེ་མོ་གཡུང་མོ་ཉ་པ་མོ། །གར་མ་དེ་བཞིན་ཚོས་མཁན་མོ། །ཀོ་ལྤགས་བྱེད་མ་གཏུམ་མོ་ནི། །ཆོས་ཁམས་མཐར་སྐྱེས་མ་སྟེ་བཅུ། །རིག་མ་ཆེན་མོར་ཡང་དག་བརྗོད། །ལོངས་སྤྱོད་གྲོལ་འབྲས་རབ་ཏུ་སྟེར། །དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། དབང་བཅུ་དང༌། ས་བཅུ་དང༌། སྟོབས་བཅུ་རྣམས་རྣམ་པར་དག་པར་འགྱུར་རོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཅན་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་བརྗོད། དེ་ནས་སློབ་མས། གསོལ་བ་གདབ་པ་ནི། ཀྱཻ། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཐོབ་པ། ད་ནི་བདག་གིས་ཅི་ཞིག་བགྱི། །ཞེས་སོ། །དེ་ལ་སློབ་དཔོན་གྱིས་འདི་སྐད་ཅེས། བཅུ་ཡིས་ནང་ནས། རང་གི་ཆུང་མ་དེ་བཟུང་ནས། དེ་དང་ལྷན་ཅིག་ཏུ་བདག་ལ་གསོལ་བ་གདབ་པར་བྱོས་ཤིག དེ་ཡང་ཁྱིམ་པས་རང་རིགས་ལོ་ཉི་ཤུ་མ་དང༌། རབ་བྱུང་ལ་ནི་གཏུམ་


TNT02_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

མོ་མཐར་སྐྱེས་ལོ་ཉི་ཤུ་མ་ཆོས་ཁམས་རྡོ་རྗེ་མ་སྔོན་མོར་གྱུར་པ་ཆུང་མར་བསམ་པར་བྱའོ། །དེ་དང་ལྷན་ཅིག་ཏུ་སློབ་དཔོན་ལ་མནྚལ་ཕུལ་ནས། གསོལ་བ་གདབ་པར་བྱ་སྟེ། ཁྱེད་ཀྱི་སྐུ་ལ་ཤ་ཁྲག་དང༌། །བཤང་གཅི་ཤུ་ཀྲ་མ་མཆིས་ཤིང༌། །བཅོ་བརྒྱད་ཁམས་ཀྱང་མི་མངའ་བ། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །སོགས་ལན་གསུམ། ཆུང་མའི་མའམ་གཡུང་མོ་ལོ་བཅོ་ལྔ་མ་སྒྲ་རྡོ་རྗེ་མ་ལྗང་ཁུར་གྱུར་པ། རྒྱན་བཀྲོལ་ཞིང་ཕྱོགས་གྱི་གོས་ཅན་དུ་བྱས་ཏེ། ལྷ་མོ་དགའ་སྟེར་སོགས་ཀྱིས་སློབ་མ་ལ་གཏད། དེས་ཀྱང་སློབ་མ་ལ་འཁྱུད་པར་གྱུར། སློབ་མ་དུས་ཀྱི་འཁོར་ལོར་གྱུར་པ་ལ། སྒྲ་རྡོ་རྗེ་མ་ལྗང་ཁུས་གཡོན་ཕྱོགས་ནས་འཁྱུད་པ་དང༌། དེ་བཞིན་དུ་ཤར་དུ་ལོ་བཅུ་གཅིག་མ་སྒྲོལ་མ་ནག་མོ། ལྷོར་ལོ་བཅུ་གཉིས་མ་གོས་དཀར་མོ་དམར་མོ། བྱང་དུ་ལོ་བཅུ་གསུམ་མ་མཱ་མ་ཀཱི་དཀར་མོ། ནུབ་ཏུ་ལོ་བཅུ་བཞི་མ་སྤྱན་མ་སེར་མོ། ཤར་ལྷོར་ལོ་བཅུ་དྲུག་མ་རེག་བྱ་རྡོ་རྗེ་མ་ནག་མོ། ལྷོ་ནུབ་ཏུ་ལོ་བཅུ་བདུན་མ་རོ་རྡོ་རྗེ་མ་དམར་མོ། བྱང་ཤར་དུ་ལོ་བཅོ་བརྒྱད་མ་གཟུགས་རྡོ་རྗེ་མ་དཀར་མོ། ནུབ་བྱང་དུ་ལོ་བཅུ་དགུ་མ་དྲི་རྡོ་རྗེ་མ་སེར་མོ། རྣལ་འབྱོར་མའི་འཁོར་ལོ་རིག་མ་དགུ་པོ་ཐམས་ཅད་གཅེར་མོ་སྐྲ་གྲོལ་བ། ཕྱག་ན་གྲི་གུག་དང་ཐོད་པ་ཐོགས་པའོ། །དེ་ནས་རིག་མ་དགུ་པོ་རྣམས་རིམ་པ་བཞིན་ཐམས་ཅད་ཀྱིས་འཁྱུད་པ་ལས་བྱུང་བའི་བདེ་བ་ཉམས་སུ་བསྟར་བར་བྱས། སླར་ཡང་གོང་བཞིན་བདག་པོའི་དབང་གི་སྐབས་སུ་བསྟན་པ་ལྟར། རིག་མ་བཅུ་ལ་སོགས་པས་བུམ་པ་བཟུང་སྟེ། ཆུ་དབང་བསྐུར། སྟོང་ཉིད་སྙིང་རྗེ་ཁྱོད་བྱིན་རླབས། །ཞེས་པ་ནས།


TNT02_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་སངས་རྒྱས་སྲས་ཀྱི་བར་རྗེས་གནང་བྱིན། སླར་ཡང་མཎྜལ་བྱས་ཏེ། །ཨོཾ་ཨོཾ་སོགས་བུམ་དབང་གི་གསོལ་གདབ་བྱ། རིག་མ་ཞུན་མའི་གསེར་དང་མཚུངས་ཤིང༌། རྒྱན་ཐམས་ཅད་དང་ལྡན་པའི་བུ་མོ་མཛེས་མ་ལོ་བཅུ་གཉིས་ནས། ཉི་ཤུས་མཐར་ཐུག་པ་རྡུལ་དང་ལྡན་པ་རྣམས་ལ་སློབ་དཔོན་གྱིས་འཁྱུད་པར་བྱས་ཤིང༌། དེའི་འོག་ཏུ་སློབ་མ་ལ་སླར་ཡང་གཏད་དེ། རིམ་གྱི་ནུ་མ་ལ་ལག་པས་རེག་པ་ལས་བྱུང་བ་དང༌། སློབ་དཔོན་གྱིས་ཀྱང་ལོ་ཉི་ཤུ་མ་ཆོས་ཁམས་རྡོ་རྗེ་མ་ནུ་མ་ཉེད་པར་བྱས་པ་ལ། མཐོང་བའི་ཡུལ་དུ་གྱུར་པ་ལས་ཐོབ་པའི་བདེ་བ་ཉམས་སུ་མྱོང་བ་ནི། འཇིག་རྟེན་ཀུན་རྫོབ་ཀྱི་སོགས་ནས། ང་རྒྱལ་བཟུང་བའི་བར་སློབ་མའི་དབང་དུ་བཤད་པའི་སྐབས་དང་འདྲ་ཏེ་བུམ་དབང་ངོ༌། །གསང་དབང་གི་དོན་དུ་མཎྜལ་ཕུལ། ཨོཾ་ཨཱཿསོགས་ཀྱིས་གསོལ་བ་བཏབ། སློབ་དཔོན་དུས་ཀྱི་འཁོར་ལོ་གསལ་བ་དང༌། ཆུང་མའི་མའམ་གཡུང་མོ་སྒྲ་རྡོ་རྗེ་མར་གྱུར་པ། ཡབ་ཡུམ་སྙོམས་པར་ཞུགས་པ་ནས། དྷཱུ་ཏཱིའི་ལམ་ནས་རྒྱུད་དེ་རྡོ་རྗེ་ནོར་བུ་བྱོན་པ་ན། སློབ་མ་དང༌། དེའི་རིག་མ་ཆུང་མའམ། གཏུམ་མོ་ཆོས་ཁམས་རྡོ་རྗེ་མའི་བདག་ཉིད་ཅན། གཉིས་ཀའི་ཁར་རྡོ་རྗེ་ནོར་བུ་བཞག་སྟེ། བྱང་ཆུབ་ཀྱི་སེམས་ཡང་དག་པར་དབབ་ཅིང༌། ཤེས་རབ་ཀྱི་ན་ར་ནཱ་སི་ཀ་ལ་གནས་པའི་རྡུལ་གྱི་དྭངས་མ་ཡང་རྡོ་རྗེ་ནོར་བུས་ཡང་དག་པར་གཞིབས་པ་སློབ་མའི་ཁར་འཕངས་པར་གྱུར། ཇི་ལྟར་སོགས། ལྷག་མ་སློབ་མ་དབང་བསྐུར་སྐབས་ཀྱི་གསང་དབང་དང་འདྲའཽ། །མཎྜལ་དང༌། ཨོཾ་ཧཱུཾ་སོགས་ཀྱིས་གསོལ་བ་བཏབ།


TNT02_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་མའམ་གཏུམ་མོ་ལོ་ཉི་ཤུ་མ་ཆོས་ཁམས་རྡོ་རྗེ་མའི་བདག་ཉིད་ཅན་དང༌། སློབ་དཔོན་དུས་ཀྱི་འཁོར་ལོའི་སྐུར་གྱུར་པ་སྙོམས་པར་ཞུགས་པ་ལས། ལྷན་ཅིག་སྐྱེས་པའི་དགའ་བ་མངོན་དུ་བྱས་ནས། སླར་ཡང་རིག་མ་དེ་ཉིད་གཏད། འདིར་ནི་ཁྱེད་རྣམས་དཔང་པོ་ལགས་ཞེས་པ་ནས། ཨཱཏྨ་ཀོ྅ཧཾ་གི་བར་སློབ་མའི་དབང་གི་ཤེས་རབ་ཡེ་ཤེས་དང་འདྲ། དེའི་འོག་ཏུ་རིག་མ་གཞན་རྣམས་ལ་ཡང༌། ཇི་ལྟར་ནུས་པར་གཉིས་སྦྱོར་གྱི་རྗེས་སུ་ཆགས་པ་བརྩམ་པར་བྱ་སྟེ། མཚན་མོ་ཕྱེད་ནས་ཇི་སྲིད་དུ་ཆུ་ཚོད་གཉིས་ཀྱི་རྗེས་ལ་ཉི་མ་འཆར་བ་དེ་སྲིད་དུའོ། །དེ་ལྟ་བུའི་སྦྱོར་བ་ལས་བྱུང་བའི་ཞེས་པ་ནས། ཕྱི་རོལ་རང་ལྕེས་བླངས། ཞེས་པའི་བར་ཡང་སློབ་མའི་དབང་གི་སྐབས་དང་འདྲ་སྟེ་ཤེས་རབ་ཡེ་ཤེས་སོ། །དབང་གི་རབ་བྱེད་དང་དབང་བཞི་པ་ལ་ནི། ཚིག་ཏུ་བརྗོད་པའི་རིམ་པ། སློབ་མའི་དབང་གི་ཆོ་གར་བཤད་པ་ཁོ་ན་ཡིན་ལ། དབང་བཞི་པ་དངོས་དང༌། ང་རྒྱལ་འཛིན་པའི་སྔགས་ཀྱི་བར་དུ། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །ཞེས་དང༌། ཕྱིར་མི་ཟློག་པ་ཕྱིར་མི་འོང༌། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པུ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །བདེ་བ་བརྙེས་པས་འཇིགས་མེད་ཐོབ། བསིལ་བར་གྱུར་བས་རྙཽག་པ་མེད། །མགོ་ཟླུམ་


TNT02_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་ཆེན་པོ་འཆང༌། །ཚངས་པར་སྤྱོད་པ་བརྡུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གཽ་ཏ་མ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་འདས་པ་ཚངས་པ་ཐོབ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །ཅེས་བརྗོད། འདིའི་ཆོ་ག་ནི་སྔ་མ་དང་འདྲ་བ་ཤས་ཆེ་ཡང༌། དབང་གི་ཡེ་ཤེས་རྟོགས་ཚུལ་གྱི་ཁྱད་པར་ནི་ཆེས་ལྷག་པ་ཡིན་ནོ། །མཇུག་ཏུ། དུས་འདི་ནས་ནི་བཟུང་ནས་སུ། །ཞེས་སོགས་དང༌། རལ་གྲི་དང་ནི་སོགས་ཀྱང་བརྗོད་པའི་ལག་ལེན་ཡོད་པ་ལྟར་བྱ་སྟེ། བདག་པོ་ཆེན་པོའི་དབང་གི་རིམ་པའོ། །བདག་པོ་ཆེན་པོའི་དབང་འདི་སློབ་དཔོན་དང་སློབ་མ་གཉིས་ཀ་གྲུབ་པའམ་རྣལ་འབྱོར་པའི་གནས་ཐོབ་པའམ། མ་ཐོབ་ཀྱང་སྐལ་བ་མཆོག་ལྷག་པར་མོས་པ་བརྟན་པོ་ཁོ་ནས་བྱ་བ་ཡིན་ཀྱང༌། དེང་སང་དུས་ཀྱི་མཐའ་འདི་ལྟ་བུ་ལ། གྲུབ་པ་དང་རྣལ་འབྱོར་མའི་དཔོན་སློབ་དཀོན་ཅིང༌། ཡོད་ཀྱང་མངོན་ཤེས་མེད་པའི་ཕྱིར་ན་ངོ་མི་ཤེས་པ་དང༌། ཟབ་མོའི་དབང་གི་རྣམ་པ་ལམ་དུ་བྱེད་པ་ཡང་རྒྱུན་ཆད་དུ་ཕངས་པ་ཡིན་པས། ཐ་ན་ཡང་ཏིང་ངེ་འཛིན་གྱི་དབང་གི་ཚུལ་དུ་ཞེས་ཀྱང་ཐོབ་པར་བྱའོ། །འདི་ནི་ངེས་པར་ཚོགས་ཀྱི་འཁོར་ལོ་དང་རྗེས་སུ་འབྲེལ་བ་ཡིན་ཏེ། བུམ་དབང་གི་སྔོན་དང༌། ཤེས་རབ་ཡེ་ཤེས་ཀྱི་མཐར་ངེས་པར་སྦྱར་རོ། །སློབ་མའི་དབང་གི་དབང་གོང་མ་དང༌། བདག་པོའི་དབང་དང༌། བདག་པོ་ཆེན་པོའི་དབང་འདི་རྣམས་ནི། སློབ་དཔོན་རྫོགས་པའི་རིམ་པའི་ཡེ་ཤེས་ཅན་ནམ། བསྐྱེད་རིམ་ལ་ཅུང་ཟད་བརྟན་པས་ནི། ཚོགས་ཀྱི་འཁོར་ལོའི་


TNT02_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལས་གཞན་པའི་དཀྱིལ་འཁོར་སྒྲུབ་པ་མི་དགོས་ཤིང༌། ལས་དང་པོ་པའི་སློབ་དཔོན་ལ་ཡང༌། སློབ་མས་དབང་ཐོབ་པར་འགྱུར་བའི་ཡན་ལག་ཏུ། དེ་དགོས་པ་མ་ཡིན་ཀྱང༌། སློབ་དཔོན་ཉིད་ཀྱི་བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་དཀྱིལ་འཁོར་སྒྲུབ་པ་ངེས་པར་བྱ་བ་ཡིན་ལ། དེ་ཡང་དབང་བདུན་སོགས་དང་འབྲེལ་བར་ཕྱི་དཀྱིལ་ཡོད་ནའང་ལེགས་ཤིང༌། གཞན་དུ་ན་ཡང་དཀྱིལ་འཁོར་ཡོངས་རྫོགས་སུ་རྫོགས་པའམ་ཐུགས་དཀྱིལ་ཙམ་གྱི་སྒོམ་བཟླས་དང༌། སྒྲུབ་ཐབས་སུ་བཤད་པའི་མཎྜལ་མཆོད་ཆོག་མཆོད་གཏོར་རྒྱས་པ་དང་བཅས་པ་དང༌། སྤྲོ་ཞིང་ནུས་ན་བླ་མ་དུས་ཀྱི་འཁོར་ལོ་ལས་ཏིང་ངེ་འཛིན་གྱི་སྒོ་ནས་བདག་འཇུག་ཀྱང་བླང་བར་བྱའོ། །འདིར་ཐམས་ཅད་མཁྱེན་པ་ཇོ་ནང་པ་ཆེན་པོའི་བཞེད་པས། ལས་དང་པོ་པའི་སློབ་དཔོན་དང་སློབ་མའི་དབང་གང་ཡིན་ཡང་རུང་སྟེ། དབང་གོང་མ་དང་པོ་གསུམ་ལ་གོང་མ་དང༌། བཞི་པ་ལ་གོང་མའི་གོང་མ་ཞེས། གོང་ཆུང་དང་གོང་ཆེན་གྱི་དབྱེ་བ་དང༌། དབང་བཅུ་གཅིག་པོ་དཀྱུས་མ་འདི་སློབ་མའི་དབང་དང༌། ཆུ་དང་ཕྱག་རྒྱ་སྦྱིན་པ་སོགས་སྔོན་དུ་འགྲོ་བའི་དབང་གོང་མ་བཞི་རྡོ་རྗེ་གསུམ་དུ་སྒྲུབ་པ་དང་བཅས་པ་ནི། བདག་པོའི་དབང་དང༌། རིག་མ་བཅུ་དང་བཅས་པ་ནི་བདག་པོ་ཆེན་པོའི་དབང་ངོ༌། །དེས་ན་ལས་དང་པོ་པའི་གང་ཟག་ལ། ཉན་པའི་དོན་དང་འཆད་པའི་དོན་གྱི་དབང་གོང་མ་རྣམ་པ་གཉིས་དང༌། གང་ཟག་མཆོག་ལ་བསྐུར་བའི་དབང་གོང་མ་གཅིག་སྟེ་གསུམ་མོ། །དང་པོ་གཉིས་ཆར་ལ་ཡང༌། བུམ་དབང་སོགས་དབང་གསུམ་ནི་འཇིག་རྟེན་པའི་དབང་དང༌། བཞི་པ་འཇིག་རྟེན་ལས་འདས་པའི་དབང་ཡིན་པས་


TNT02_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ཆེན་གོང་ཆུང་གཉིས་གཉིས་དང༌། འཇིག་རྟེན་འཇིག་རྟཻན་འདས་པ་གཉིས་གཉིས་སོ། །རྗེས་མཐུན་མོས་པ་ལམ་བྱེད་ཙམ་མ་ཡིན་པར་དངོས་ཀྱི་དབང་དུ་བྱས་ན། ཕྱི་མའི་དབང་བཞི་པོ་ཐམས་ཅད་ཀྱང༌། འགྱུར་མེད་ཀྱི་གནས་ཐོབ་པའི་ངེས་པས། གོང་མ་ཆེན་པོ་དང༌། འཇིག་རྟེན་ལས་འདས་པ་ཁོ་ནའོ། །འདི་ལ་ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་གྱིས་ཀྱང༌། བདག་པོའི་དབང་ལ་དབང་བཞི་མི་བསྐུར་བ་སོགས་འདྲ་མིན་མཛད་ལ། བུ་སྟོན་ཆེན་པོ་སོགས་མཁས་པ་ཕྱིས་བྱོན་གཞན་རྣམས་ཀྱི་བཞེད་ཚུལ་དང་ནི་མི་འདྲ་བ་ཤིན་ཏུ་ཆེ་ཞིང༌། སྔ་རབས་རྣམས་ལ་ནི། ལུགས་འདི་དང་མཐུན་པ་དང༌། ཕལ་ཆེར་མཐུན་པ་དང༌། ཕྱིས་བྱོན་གཞན་རྣམས་དང་ཕལ་ཆེར་མཐུན་པ་དང༌། གཉིས་ཀ་དང་མི་མཐུན་པའི་འདོད་ཚུལ་ཏེ། མི་འདྲ་བ་ཤིན་ཏུ་མང་པོར་མཐོང་ངོ༌། །འོན་ཀྱང་དྲི་མ་མེད་པའི་འོད་ཀྱི་དགོངས་དོན་ནི་སྔར་བཤད་པ་ཁོ་ནར་གསལ་ལ། ཁོ་བོ་རང་ཉིད་ཀྱི་བློ་གྲོས་ཀྱི་ནུས་པའི་སྟོབས་ལས་ཆ་ཤས་ཙམ་ཡང་རྟོགས་པ་མ་ཡིན་མོད་ཀྱི། དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་རྒྱ་མཚོ་མན་ངག་དང་བཅས་པའི་ལྡེ་མིག་གིས། རྒྱུད་འགྲེལ་ཆེན་པོའི་ངེས་གསང་གི་སྒོ་རྣམ་པར་ཕྱེ་པ་ལས། བདག་ལྟ་བུས་ཀྱང་ངེས་པ་ཐོབ་སྟེ། རྒྱུ་མཚན་མང་པོ་བཤད་དུ་ཡོད་པ་ནི། འདིར་བྲིས་ན་ཡིག་གེ་མང་བར་འགྱུར་བའི་གཞན་དུ་བཤད་པར་འདོད་དོ། །ཟབ་མོའི་དབང་བསྐུར་མཐར་ཐུག་པའི། །ཆོ་ག་དག་གསལ་འཁྱེར་བདེ་བ། །ཀུན་མཁྱེན་ཆེན་པོའི་དགོངས་པ་བཞིན། །ཏཱ་ར་ནཱ་ཐས་བཀོད་པ་ཡིན། །འདི་ལས་དགེ་བ་ཅི་ཐོབ་པ། །དེས་ནི་སེམས་ཅན་མ་ལུས་ཀུན། །


TNT02_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་བརྟན་ཞི་བ་གཡུང་དྲུང་སྐུ། །གདོད་ནས་གནས་པ་མངོན་འགྱུར་ཤོག །རྡོ་རྗེ་སློབ་དཔོན་གྱི་དབང་གི་ཆོ་ག་ཡེ་ཤེས་རྒྱ་མཚོའི་དགོངས་དོན་ཞེས་བྱ་བ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སོ་བརྒྱད་པ་ལ། ནགས་རྒྱལ་གྱི་དབེན་གནས་ཇོ་མོ་ནང་གི་དམ་ཆོས་གླིང་དུ་སྦྱར་བའོ།། །།མངྒ་ལཾ། འདིར་འབད་དགེ་བ་རྣམ་པར་དཀར་བའི་མཐུས། །བདག་ལུས་བོར་ཚེ་དཔལ་ལྡན་ཤམྦྷ་ལར། །རིགས་ལྡན་རྒྱལ་པོའི་འཁོར་དུ་ལེགས་སྐྱེས་ནས། །དུས་འཁོར་བསྟན་ལ་བྱ་བ་བྱེད་པར་ཤོག །ཅེས་པ་འདི་ནི་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་སྨོན་ལམ་བཏབ་པའོ། །དགེ་བ་འདི་ཡིས་གློ་བུར་དྲི་མའི་ཚོགས། །སྲོག་དང་ཐུར་སེལ་རྩ་དང་ལྷན་ཅིག་ཏུ། །འཇོམས་པར་ནུས་པའི་ཐབས་ཟབ་ལ་བརྟེན་ནས། །གཞན་མཆོག་བདེ་གཤེགས་སྙྀང་པོ་མྱུར་ཐོབ་ཤོག །ཅེས་པ་འདི་ནི་རྟོན་པ་བཞི་ལྡན་གྱིས་སྨོན་ལམ་མཛད་པའོ།། །།


TNT02_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དཔལ་དུས་ཀྱི་འཁོར་ལོའི་དབང་གོང་མའི་ཆོ་ག


TNT02_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་དབང་གོང་མའི་ཆོ་ག་བཞུགས།


TNT02_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། འདིར་ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་འཁྲིད་ཀྱི་སྔོན་དུ་ངེས་པར་སྒྲུབ་དགོས་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པས། ཏིང་ངེ་འཛིན་ཁྱད་པར་ཅན་བསྐྱེད་པར་བྱེད་པའི་དབང་བསྐུར་བ་མཆོག་དབང་གོང་མ་ཉིད་བསྐུར་བའི་ཚུལ་ནི། བྲིས་སྐུ་ལ་སོགས་པའི་མདུན་དུ་མཆོད་པ་རྒྱ་ཆེར་བཤམས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་སམ། གཙོ་བོའི་ཟླུམ་གཏོར་གཅིག སྡེ་དྲུག་ལ་ཟླུམ་གཏོར་རམ་ཟུར་གསུམ་རེ་རེ། ཆོས་སྐྱོང་དང་མཁའ་འགྲོ་སྤྱི་གཏོར་སོགས་བཤམས། བུམ་པ་དུང་ཆོས་གཟུངས་ཐག་རྡོ་རྗེ་སོགས་ཀྱང་སྤྱི་དང་མཐུན་པར་འཆའ། སློབ་དཔོན་གྱི་དྲུང་དུ་ནང་མཆོད་རྡོར་དྲིལ་ཅང་ཏེའུ་སོགས་ཚོགས་པར་བྱས་ནས། སྔོན་འགྲོ་གཏོར་མ་ལ་ཆབ་བཏང༌། ཐོག་མར་ནང་མཆོག་ལ་དམིགས་ཏེ། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་ཝ་བྷཱ་ཝ་ཤུདྡྷ྄ོ྅ཧཾ། ཨོཾ་ཨཱཿཧཱུཾ་ཧོཿ ཞེས་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཨོཾ་བཛྲ་ཙནྡྲ་སོགས། ཨོཾ་ཨཱཿབཛྲ་སཱུརྻ་སོགས་དང༌། ཨོཾ་ཧཱུཾ་བཛྲ་ཨ་ན་ལ་སོགས་དང༌།


TNT02_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཧོཿསརྦ་དྷརྨ་སོགས་སྔགས་ཚན་བཞིས་བྱིན་གྱིས་རླབས། ཨོཾ་ཕེཾ་བཛྲ་ཨཱའ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས། བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ། ཨུན་མན་ད། ཨ་པ་སྨ་ར། ཌཱ་ཀ་ཌཱ་ཀི། ནྱ་ད་ཡ། ཨི་དཾ་བ་ལིཾ། གྲྀཧྣ་ཏུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐེ་བཾ། ཡ་ཐེཥྟཾ། བྷུ་ཛ་ཐཱ། ཛི་གྷ་ཐ། པི་པ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡ། སད་སུ་ཁཾ་བི་ཤུདྡྷ། སཱ་ཧ་ཡི་ཀ་བྷ་ཝཱནྟུ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྩ་ན་མཿ བཛྲ་པུཥྤཾ། བཛྲ་དྷུ་པཾ། བཛྲ་དཱི་པཾ། བཛྲ་ནཻ་ཝི་ཏྱཾ། བཛྲ་ཨཀྵ་ཏཾ། བཛྲ་ལཱ་སྱཾ། བཛྲ་ཧཱ་སྱཾ། བཛྲ་ཝཱ་ཏྱཾ། བཛྲ་ནྲྀ་ཏྱཾ། བཛྲ་གི་ཏཾ། ཨོཾ་བཛྲ་ཀཱ་མ་པྲ་ཏཱིཙྪ་ན་མཿ མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་


TNT02_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་བསྟོད། །རིམ་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་རྡོ་རྗེ་ནམ་མཁའ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བསྙེས། །པདྨ་མཁའ་འགྲོ༴ དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོ༴ ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ༴ འཇིག་རྟེན་སྐྱོང་བ་བརྒྱད་པོ་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི༴ འབྱུང་པོའི༴ ཡི་དྭགས༴ ཤ་ཟའི༴ སྨྱོ་བྱེད༴ བརྗེད་བྱེད༴ མཁའ་འགྲོའི༴ མ་མོའི་ཚོགས་རྣམས་མ་ལུས་དང༌། །དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་ཇི་སྙེད་མཆིས་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བསྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུན་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་པ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་


TNT02_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །དགེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གང་དག་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་རྣམས་མཆོད་པ་དང་གཏོར་མ་འདི་བཞེས་ལ། དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པའི་བྱ་བ་ལ་བར་ཆད་ཐམས་ཅད་མི་འབྱུང་བའི་འཕྲིན་ལས་མཛོད་ཅིག ནག་པོའི་ཕྱོགས་ལ་དགའ་བ་དང༌། གསང་སྤྱོད་བལྟ་བར་མི་དབང་བ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག ཅེས་པའི་མཐར་བདུད་བསྲེགས་པའི་སྔགས་ཀྱིས་བགེགས་བསྐྲད་ལ། མཚམས་རྔམས་དང་རོལ་མོའི་སྒྲ་དྲག་པོ་བྱ། རྡོ་རྗེའི་རྭ་གུར་ས་གཞི་ལ་སོགས་པ་དང༌། མེའི་གུར་སོགས་ཡིད་ཀྱི་བསམས་ཏེ་མཚམས་བཅད་པའོ། །དེ་ནས་གནས་དང་ཡོ་བྱད་ལ། རྡོ་རྗེ་རྩེ་མོས་ནང་མཆོད་གཏོར། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཤེལ་གྱི་སྣོད་སོར་བཅུ་གཉིས་པ་རྣམས་ཀྱི་ནང་དུ། ཨོཾ་ཨཿཧུཾ་ཧོཿརྣམས་ལས་བྱུང་བའི་ཆུ་དང༌། མཆོད་མཆོད་ཡོན་དང་དྲི་དང༌། མེ་ཏོག་དང༌། བདུག་པ་དང༌། སྣང་གསལ་དང༌། ཞལ་ཟས་དམ་པ་དག་དང༌། རྣམ་པ་མང་པོའི་འབྲས་བུ་མ་ཉམས་པ་དང༌། གོས་དང༌། རྒྱན་དང་


TNT02_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བ་དན་དང༌། བླ་བྲེ་ལ་སོགས་པ་དང༌། གླུ་དང་གར་དང༌། མེ་ལོང་དང༌། དྲིལ་བུ་ལ་སོགས་པ་སིལ་སྙན་གྱི་ཚོགས་དུ་མ་དག་དང༌། ཨིནྡྲ་ནཱི་ལ་ལ་སོགས་པ་རྣམ་པ་མང་པོའི་རིན་པོ་ཆེ་དང༌། ནང་གི་དམ་ཚིག་རྣམས་དང༌། དམ་ཚིག་རྣམ་པ་བཞིའི་རྗེས་ལ་སོགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་དཔག་ཏུ་མེད་ཅིང་དྲི་མ་དང་བྲལ་བར་གྱུར། ཨོཾ་བཛྲ་གནྡྷཾ་སྭཱཧཱ། བཛྲ་པུཥྤཾཾཾཾ། བཛྲ་དྷུ་པཾ། བཛྲ་དཱི་པཾ། བཛྲ་ནཻ་བི་ཏྱཾ། བཛྲ་ཨ་ཀྵ་ཏཾ། བཛྲ་ལཱ་སྱཾ། བཛྲ་ཧཱ་སྱཾ། བཛྲ་ཝཱ་ཏྱཾ། བཛྲ་ནྲཱྀ་ཏྱཾ། བཛྲ་གཱི་ཏཾ། བཛྲ་ཀ་མཾ་སྭཱཧཱ། རོལ་ཆེན་དང་བཅས་ཏེ། ཨོཾ་ཧོཿབཛྲ་གནྚེ་སརྦ་དྷརྨཱ་ཨེ་ཀ་པྲཛྙཱ་དྷ་ནི། སྭ་བྷཱ་ཝེ། སརྦ་ཨཱ་ཀ་རེ། སརྦ་དྷརྨ་པྲ་བོ་དྷ་ནི། སརྦ་དྷརྨ་ཎྀ་སྭ་བྷཱ་ཝཱན་པྲ་བོ་དྷ་ཡ་པྲ་བོ་དྷ་ཡ་སྭཱཧཱ། །ཞེས་ལན་གསུམ་བརྗོད། དེ་དག་ནི་སྔོན་དུ་བྱ་བའི་རིམ་པ་ཡིན་ནོ། །ད་ནི་བདག་བསྐྱེད་ཀྱི་དཀྱིལ་འཁོར་བསྒྲུབ་པར་བྱ་སྟེ། སྤྲོ་ཞིང་ནུས་ལ་ཤིན་ཏུ་རྒྱས་པ་སྤྲོས་པ་ལ་དགའ་བའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྒོམ་པར་བྱ་བ་ལ་འབྲིང་དུ་ན། ཐུགས་དཀྱིལ་རྒྱས་བསྡུས་གང་རུང་བསྒོམ་ཀྱང་ཤིན་ཏུ་ལེགས་པར་འགྱུར་ཞིང༌། བསྡུས་པ་ལ་དགའ་བས་ལྷ་བཅུ་གསུམ་དང་ལྷ་དགུ་སོགས་ཅི་རིགས་པ་དང་ཤིན་ཏུ་བསྡུས་པ་ལ་དགའ་བས། ལྷན་སྐྱེས་རྒྱས་བསྡུས་གང་རུང་ལ་བརྟེན་ནས་ཀྱང༌། མཆོག་དབང་གོང་མ་བསྐུར་དུ་རུང་ལ། སྤྱིར་དབང་གོང་མ་ནི་བསྐྱེད་པའི་རིམ་པ་ལ་མི་ལྟོས་ཞིང༌། རྫས་སྔགས་ཏིང་ངེ་འཛིན་གྱི་ཆོ་གའི་སྤྲོས་པ་གཙོ་བོར་


TNT02_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་མ་ཡིན་པའི་ཕྱིར། སློབ་དཔོན་དེ་ཡན་ལག་དང་པོའི་རྣལ་འབྱོར་ལ་བརྟན་པ་ཐོབ་ཅིང༌། བར་པ་བཞིའི་རྣལ་འབྱོར་རྗེས་མཐུན་པ་རྣམས་སུ་མྱོང་བ་ཡན་ཆད་ཀྱིས། བདག་མདུན་གྱི་ཆོ་ག་མེད་པར་ཡང་བསྐུར་བས་ཆོག་པ་ཁོ་ན་སྟེ། རྒྱུ་མཚན་དབང་གོང་མ་རྣམས་ཀྱི་དཀྱིལ་འཁོར་གདོད་མ་ནས་གྲུབ་པ་རྣལ་འབྱོར་པའི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བ་ཉིད་འདིའི་དཀྱིལ་འཁོར་སྒྲུབ་པའི་ཆོ་ག་ཡིན་གྱི་རྟོག་པས་སྒོམ་པའི་དཀྱིལ་འཁོར་དང་རྡུལ་ཚོན་དང་རས་བྲིས་ལ་སོགས་པ་དབྱིབས་སུ་བཀོད་པའྀ་དཀྱིལ་འཁོར་ནི། དབང་གོང་མ་རྣམས་ཀྱི་དཀྱིལ་འཁོར་མ་ཡིན་པའི་ཕྱིར་དང༌། སློབ་མ་ལ་བྱིན་རླབས་འཇུག་པ་ཡང་དེ་འདྲ་ལ་མ་ལྟོས་པའི་ཕྱིར་རོ། །འོན་ཀྱང་དེ་འདྲ་དེས་བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་དེ་ལྟར་བྱེད་པ་ཡང་མི་འགལ་ལོ། །ད་ལྟའི་དུས་ཀྱི་རྡོ་རྗེའི་སློབ་དཔོན་དུ་གྲགས་པ། གྲངས་ཀྱི་བསྙེན་པ་ཙམ་ལ་བརྟེན་པ་དང་བསྐྱེད་རིམ་ཁོ་ན་ལ་གནས་པ་དང༌། རྫོགས་རིམ་གྱི་ཉམས་མྱོང་ཅུང་ཟད་སྐྱེས་སུ་ཆུག་ཀྱང༌། ཡན་ལག་དང་པོ་ལ་བརྟན་པ་མ་ཐོབ་པ་དང༌། དེ་ཙམ་ཐོབ་ཀྱང་ཡན་ལག་ཕྱི་མ་རྣམས་རྗེས་མཐུན་པ་རྒྱུད་ལ་མ་སྐྱེས་པ་དག་གིས་ནི། བདག་བསྐྱེད་དང་ཕྱི་རོལ་ཀྱི་མཆོད་གཏོར་ངེས་པར་བྱ་སྟེ། དབང་གོང་མའི་ཡན་ལག་ཏུ་དགོས་པ་མ་ཡིན་ཀྱང༌། བདག་ཉིད་བསོད་ནམས་སྤེལ་ཞིང༌། ལྷའི་བྱིན་རླབས་སློབ་མ་ལ་འཇུག་པའི་དགོས་པ་ཆེན་པོ་ཡོད་པས་སོ། །ཅི་སྟེ་རྗེས་དྲན་གྱི་ཡན་ལག་དངོས་ཐོབ་པ་ཡན་ཆད་ཀྱི་རྣལ་འབྱོར་པས་ནི་བདག་ཉིད་ཡེ་ཤེས་ཀྱི་རྣམ་རོལ་ལ་དབང་འབྱོར་བ་ཡིན་པའི་ཕྱིར། རྫས་སྔགས་ཏིང་ངེ་འཛིན་གྱི་ཆོ་གའི་ཡན་ལག་ཕྲ་མོ་ལ་མ་ལྟོས་ཏེ། བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ལོ་ཞེས་རྟོགས་པར་བྱའོ། །


TNT02_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་སྐབས་འདིར་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་རྒྱས་པ་ལོགས་སུ་བསྟན་པ་ལྟར། སྐྱབས་འགྲོ་སེམས་བསྐྱེད་ནས་བརྩམས་ནས། དཀྱིལ་འཁོར་གྱི་འཁོར་ལོ་རང་གི་ཐུགས་ཀར་ཐིམ། གྱི་བར་རྫོགས་པར་བསྒོམས་ཏེ་བདག་བསྐྱེད་དོ། །དེ་ནས་བུམ་པ་སྒྲུབ་པ་ནི། ཨོཾ་ཨཱཿཧཱུཾ་ཧྲཿཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཧཾ་ཧཱཾ་ཧིཾ་ཧཱིཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་ཁུ་བ་དང་རྡུལ་འགགས་པའི་བུམ་པ་གཉིས་དང༌། ཤར་དང་མེར་རྐང་འགགས་པའི་བུམ་པ་གཉིས་དང༌། ལྷོ་དང་བདེན་བྲལ་དུ་ཁྲག་འགགས་པའི་བུམ་པ་གཉིས་དང༌། བྱང་དང་དབང་ལྡན་དུ་གཅི་བ་འགགས་པའི་བུམ་པ་གཉིས་དང༌། ནུབ་དང་རླུང་དུ་བཤང་བ་འགགས་པའི་བུམ་པ་གཉིས་ཏེ། བདུད་རྩིའི་བུམ་པ་དཀར་པོ་པདྨ་ལ་གནས་ཤིང་པདྨས་ཁ་བརྒྱན་པ་རྣམས་སུ་གྱུར། རང་གི་སྙིང་གར་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས། དུས་ཀྱི་འཁོར་ལོ་སྣ་ཚོགས་ཡུམ་དང་བཅས་པར་གསལ་བའི། ཡབ་ཀྱི་ཐུགས་ཀར་ཟླ་བ་དང༌། ཡུམ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ཏེ། དེ་དག་ཁ་སྦྱར་བ་ལས་རྡོ་རྗེ་ལྕགས་ཀྱུ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་སྤྲོས་ནས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ རྡོ་རྗེ་བདུད་རྩིའི་བུམ་པ་རྣམས་དང་རོ་གཅིག་ཏུ་གྱུར། ཨོཾ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧཱུཾ་ཧཱུཾ་


TNT02_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཧླྀཾ་ཧླཱྀཾ་བཛྲ་པདྨ་ཨ་མྲྀ་ཏ་གྷ་ཊ་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་སརྦ་དྡྷརྨཱན་སུ་བི་ཤུདྡྷ་དྷཱརྨཱ་དྷ་ཏུ་སྭ་བྷཱ་ཝཱན་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་མང་དུ་བཟླས། ཨོཾ་བཛྲ་གྷནྡྷཾ་པྲ་ཏཱིཙྪ་ན་མཿནས། ཀཱ་མཾ་པྲ་ཏིཙྪ་ན་མཿ ཞེས་པའི་བར་མཆོད་པ་བཅུ་གཉིས་ཕུལ། དེ་དག་ནི་བུམ་པ་སྒྲུབ་པའི་ཆོ་གའོ། །འདི་ལ་འོག་ཏུ་སློབ་མ་ལ་ཁྱོར་ཆུ་སྦྱིན་པ་ཙམ་ལས། དགོས་དོན་གཞན་མེད་པའི་ཕྱིར། བུམ་པ་སྒྲུབ་པ་འདི་མཐའ་ཅིག་ཏུ་དགོས་པ་མིན་པ་ལྟར་སྣང་ཡང་རྡོ་རྗེ་འཆང་དང་གཉིས་སུ་མ་མཆིས་པའི་བླ་མ་དམ་པ་རྣམས་ཀྱིས་ཕྱག་ལེན་ཡིན་པས་ཕྱིར། ནན་ཏན་དུ་བྱ་བ་ཁོ་ནའོ། །དེ་ནས་མཆོད་གཏོར་འབུལ་བ་ནི། བསངས་སྦྱངས། སྟོང་པའི་ངང་ལས་ཞེས་པ་ཡོངས་སུ་གྱུར་པ་ལས། མདུན་གྱི་ནམ་མཁའི་གནས་སུ་རང་གི་རྩ་བའི་བླ་མ་དང་གཉིས་སུ་མེད་པ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བཞུགས་པར་གྱུར། ཨོཾ་ཨཱཿཧུཾ་ཧོཿཧཾ་ཀྵཿ ཞེས་ལན་མང་དུ་བརྗོད་ཅིང༌། དཀྱིལ་འཁོར་རྒྱས་བསྡུས་གང་ཡང་རུང་བ་རང་གི་བློ་དང་མཚམས་པར་ཡིད་ཀྱིས་གསལ་བཏབ་བོ། །སྤྲོ་ན་བསྟོད་ཆེན་གྱི་ཚིག་ཇི་ལྟར་འོས་པ། འདོན་པ་སོགས་མངོན་རྟོགས་རྒྱས་བསྡུས་གང་རུང་དང་མཐུན་པར་ངག་ནས་བརྗོད་ཀྱང་ལེགས། འོན་ཀྱང་ཡིད་ཀྱི་བསམས་པ་ཙམ་གྱིས་ཆོག་ཅིང་གཙོ་བོ་ཡབ་ཡུམ་ཁོ་ན་སྒོམས་པས་ཀྱང་རུང་ངོ༌། །དེ་ནས་མགྲོན་སྤྱན་དྲངས་ཤིང་མཆོད་པ་འབུལ་བ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བླ་མ་ཡི་དམ་སངས་རྒྱས་


TNT02_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་མཆོད་པའི་ཡུལ་དུ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ སངས་རྒྱས་སྲས་དང་བཙུན་མོར་བཅས་པ། ནམ་མཁའ་གང་བར་བཞུགས། ཨོཾ་ཨཱཿཧཱུཾ་ཧོཿ ཏྲཻ་དྷཱ་ཏུ་ཀེ་ཤྭ་ར་ཀཱ་ལ་ཙཀྲ་ཨརྒྷཾ་པྲ་ཏཱིཙྪ་ས་པ་རི་ཝཱ་རཱཿཏྭཾ་བྷ་ག་ཝཱན་མེ་ཝ་ར་དོ་བྷ་ཝ་ཤི་ཥྱ་ནཱཉྩ། ཞེས་པ་ལན་གསུམ། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་རེ་བྷྱཿ པདྱཾ་པྲ་ཏཱིཙྪ་ན་མཿ དེ་བཞིན་དུ་སྦྱར་ཏེ། ཨཉྩ་མ་ནཾ་པྲ་ཏཱིཙྪ་ན་མཿ པྲོ་ཀྵ་ནཾ་པྲ་ཏཱིཙྪ་ན་མཿ ཁམས་གསུམ་དབང་ཕྱུག་བཅོམ་ལྡན་འདས། །དུས་ཀྱི་འཁོར་ལོ་འཁོར་བཅས་རྣམས། །རྣམ་དག་རྡོ་རྗེའི་དྲི་མཆོག་འདི། །བཞེས་ནས་བདག་ལ་མཆོག་སྩོལ་མཛོད། །ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པཱ་རི་ཝཱ་རེ་བྷྱཿ ཞེས་ཀུན་ལ་སྦྱར་ཏེ། བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ རྐང་པ་གསུམ་སྔ་མ་བཞིན་ཀུན་ལ་སྦྱར་ཏེ། རྡོ་རྗེ་མེ་ཏོག་རྣམ་བཀྲའི་ཚོགས། །བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་བདུག་སྤོས་བླ་ན་མེད། །བཛྲ་དྷུ་པཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་སྒྲོན་མེ་འོད་རབ་འབར། །བཛྲ་དཱི་པཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་ཞལ་ཟས་རོ་མཆོག་ལྡན། །བཛྲ་ནེ་ཝི་ཏྱེ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་མ་ཉམས་འབྲས་བུའི་མཆོག །བཛྲ་ཨཀྵ་ཏཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་སྒེགས་མོའི་མཆོད་པ་ནི། །བཛྲ་ལཱ་སྱཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་བཞད་མའི་མཆོད་པ་ནི། །བཛྲ་ཧཱ་སྱཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་སིལ་སྙན་རྣམ་མང་པོ། །བཛྲ་བཱ་ཏྱཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་གར་གྱི་མཆོད་སྤྲིན་འདི། །བཛྲ་ནྲྀ་ཏྱཾ་པྲ་ཏཱིཙྪ་


TNT02_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿ རྡོ་རྗེ་གླུ་དབྱངས་ཡིད་འཕྲོག་ལྡན། །བཛྲ་གཱི་ཏཾ་ཏཱིཙྪ་ན་མཿ རྡོ་རྗེ་འདོད་མའི་མཆོད་པ་མཆོག །བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ ནང་མཆོད་ནི་གོང་ལྟར་བྱིན་གྱིས་བརླབས། སངས་རྒྱས་དང་ཆོས་དང་དགེ་འདུན་ཐམས་ཅད་ཀྱི་ངོ་བོ། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ། ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་སྐྱོབ་པ་དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་འདི་ཞེས་བྱ་བའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། དངོས་གྲུབ་རྒྱ་མཚོ་ཡོན་ཏན་རིན་ཆེན་གཏེར། །སྲིད་དང་ཞི་བའི་གདུང་བ་སེལ་བའི་སྨན། །ལྷ་དང་བཅས་པའི་འགྲོ་བ་ཀུན་གྱི་སྐྱབས། །དཔལ་ལྡན་རྡོ་རྗེ་འཆང་ལ་མཆོད་པར་འབུལ། །ཨོཾ་ཨཱཿཧཱུཾ། ཉི་མའི་འོད་དང་ཟླ་བཟང་ལྷ་དབང་དང༌། །གཟི་བརྗིད་ཟླས་སྦྱིན་ལྷའི་དབང་ཕྱུག་དང༌། །སྣ་ཚོགས་གཟུགས་དང་ལྷ་ཡི་དབང་ལྡན་ཏེ། །ཆོས་རྒྱལ་ཆེན་པོ་བརྒྱད་ལ་མཆོད་པར་འབུལ༴ འཇམ་དབྱངས་གྲགས་པ་པདྨ་དཀར་པོ་དང༌། །བཟང་པོ་རྣམ་རྒྱལ་བཤེས་གཉེན་བཟང་པོ་དང༌། །ཕྱག་ན་རིན་ཆེན་ཁྱབ་འཇུག་སྦས་པ་དང༌། །ཉི་མ་གྲགས་དང་ཤིན་ཏུ་བཟང་པོ་མཆོད༴ རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་ཉི་མ་དང༌། །སྣ་ཚོགས་གཟུགས་དང་ཟླ་འོད་མཐའ་ཡས་དང༌། །ས་སྐྱོང་དཔལ་སྐྱོང་སེང་གེ་རྣམ་གནོན་དང༌། །སྟོབས་ཆེན་མ་འགགས་མི་ཡི་སེང་གེ་མཆོད༴ དབང་ཕྱུག་ཆེན་པོ་མཐའ་ཡས་རྣམ་རྒྱལ་དང༌། །དྲག་པོ་ཞེས་བྱ་ཉི་ཤུ་རྩ་ལྔ་པོ། །སའི་འཁོར་ལོ་རྫོགས་པར་


TNT02_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བ་སྟེ། །ཚངས་པ་ལྷ་དབང་ཕྱེད་ཕྱེད་སྐྱོད་རྣམས་མཆོད༴ འོད་སྲུང་ལ་སོགས་དུམ་བུ་སྐྱོང་བ་བརྒྱད། །དེ་ལྟར་ས་སྐྱོང་སུམ་ཅུ་རྩ་ལྔ་ནི། །རིགས་ཀུན་གཅིག་ཏུ་མཛད་པ་གསང་སྔགས་ཀྱི། །རིགས་ལྡན་བརྒྱུད་པ་རྣམས་ལ་མཆོད་པར་འབུལ༴ དུས་ཞབས་གཉིས་དང་ནཱ་ལེནྡྲ་པ་དང༌། །ཟླ་བ་མགོན་པོ་འབྲོ་སྟོན་ལོ་ཙཱ་དང༌། །ལྷ་རྗེ་སྒོམ་པ་སྒྲོ་སྟོན་གནམ་བརྩེགས་དང༌། །གྲུབ་ཆེན་ཡུ་མོ་རྣམས་ལ་མཆོད་པ་འབུལ༴ ཆོས་ཀྱི་དབང་ཕྱུག་ནམ་མཁའ་འོད་ཟེར་དང༌། །སྤྲུལ་སྐུ་ཇོ་འབུམ་གྲུབ་ཐོབ་སེ་ཆེན་དང༌། །ཆོས་རྗེ་འཇམ་གསར་ཆོས་སྐུ་འོད་ཟེར་དང༌། །ཀུན་སྤངས་ཆོས་རྗེ་རྣམས་ལ་མཆོད་པར་འབུལ༴ བྱང་སེམས་ཆེན་པོ་ཡོན་ཏན་རྒྱ་མཚོ་དང༌། །ཀུན་མཁྱེན་ཆོས་རྗེ་སྒྲ་བསྒྱུར་སྐུ་མཆེད་དང༌། །ཕྱོགས་ལས་རྣམ་རྒྱལ་ཉ་དཔོན་ཆོས་རྗེ་དང༌། །གྲུབ་ཆེན་ཀུན་བློ་རྣམས་ལ་མཆོད་པར་འབུལ༴ འཇམ་དབྱངས་དཀོན་བཟང་ནམ་མཁའི་མཚན་ཅན་གཉིས། །ནམ་མཁའ་དཔལ་བཟང་རཏྣ་བྷ་དྲ་དང༌། །གྲོལ་མཆོག་ཞབས་དང་ལུང་རིགས་རྒྱ་མཚོ་དང༌། །རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་ཏེ། །རྡོ་རྗེའི་རྣལ་འབྱོར་མངོན་སུམ་སྟོན་མཛད་པའི། །རྩ་བརྒྱུད་བླ་མ་རྣམས་ལ་མཆོག་པར་འབུལ། །ཨོཾ་ཨཱཿཧཱུཾཾ། ཕྱིས་ཀྱང་མཇུག་གི་ཚིག་རྣམས་རིམ་པས་འདོན་པ་བསྒྱུར་བར་བྱའོ། །ཨོཾ་ཀཱ་ལ་ཙཀྲ་ཡ་ཧཱུཾ་སྭཱཧཱ། ཨོཾ་ཨཱཿཧཱུཾ། ཨོཾ་བི་ཤྭ་མཱ་ཏ་ཧོ་ཕྲཻཾ་སྭཱཧཱ། ཨོཾ་ཨ་ཨཱ་ཨཾ་ཨཿ ཧ་ཧཱཾ་ཧཾ་ཧཿསྭཱཧཱ། ཨོཾ་ཨཱཿཧཱུཾ་ཧོཿ ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧླྀ་ཧླཱྀ་ཧཾ་ཧཿ


TNT02_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ། ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ། ཨོཾ་ཨཱཿཧཱུཾ། ཞེས་པས་དཀྱིལ་འཁོར་ལ་འབུལ། བར་འདིར་སྒོས་ཀྱི་ཆོས་སྐྱོང་ལའང་ཕུལ། ཐམས་ཅད་ཀྱི་མཐར། ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་བྷྱོ་ན་མོ་ན་མཿ གཞན་ཡང་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། བཀའ་སྡོད་ཆོས་སྐྱོང་བསྲུང་མ་ཐམས་ཅད་ལ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། ཡུལ་བདག་གྲོང་བདག་གཉུག་མར་གནས་པ་ཐམས་ཅད་ལ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། ཟག་པ་མེད་པའི་བདེ་བའི་རྒྱུད་ཚིམས་ནས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་གྱུར་ཅིག དེ་ནས་བསྟོད་པ་ནི། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་


TNT02_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་འདུད་ཉི་ཤུས་བསྟོད། སྤྲོ་ཞིང་ནུས་ན། གང་ལ་ཐོག་མཐའ་དབུས་མེད་གནས་དང་འཆི་དང་སྲིད་པ་དང་ནི་སྒྲ་དང་དྲི་དང་རོ་དག་དང༌། །རེག་བྱ་གཟུགས་དང་སེམས་མེད་རང་བཞིན་དང་ནི་སྐྱེས་བུ་མེད་ཅིང་འཆིང་དང་གྲོལ་དང་བྱེད་པོ་མེད། །ས་བོན་དང་ནི་གསལ་བར་དུས་མེད་མཐའ་དག་སྲིད་པར་སྡུག་བསྔལ་བདེ་བ་ཉིད་ཀྱི་རང་བཞིན་མེད། །མྱ་ངན་འདས་པ་མཚན་མ་མེད་ཅིང་བྱེད་པ་རྣམས་བྲལ་ཡོན་ཏན་མེད་པ་དེ་ལ་ཕྱག་འཚལ་ལོ། །དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་དང་ནི་སྐྱེས་བུ་དཔེ་མེད་ཀུན་འགྲོ་སྤྲོས་པ་མེད་པ་སྟེ། །ཐེར་ཟུག་ཏུ་གནས་སྙན་དང་ཤངས་དང་ཞལ་དང་སྤྱན་དང་དབུ་དང་ཕྱག་དང་ཞབས་ནི་ཐམས་ཅད་པ། །འབྱུང་པོའི་མཐའ་ཏེ་འབྱུང་པོའི་མགོན་པོ་མཆོག་གི་སྲིད་པ་གསུམ་འཛིན་རྒྱུ་རྣམས་དག་གི་རྒྱུར་གྱུར་པ། །རིག་པ་ལ་སོགས་རྣལ་འབྱོར་དག་གིས་རྟོག་བྱ་མཆོག་བདེའི་གོ་འཕང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །སྤྲོ་བྱེད་ནུས་མའི་གཟུགས་གཞན་གློག་གི་མེ་དང་མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ཅན། །ཡེ་ཤེས་རྡོ་རྗེའི་སྣང་བ་མཆོག་གི་གོ་འཕང་བགྲོད་བྱེད་རྣམ་པར་བཅད་པ་དེ་ལ་ཕྱག་འཚལ་ལོ། །དཀར་པོ་འཇིག་རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་ལས་འཛག་འཇིག་རྟེན་སྤྱི་བོར་ཡང་དག་གནས། །བདུད་རྩི་འཆི་བ་སེལ་ཞིང་སྲིད་པའི་འཇིགས་པ་འཇོམས་པར་བྱེད་པ་ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ། །སེམས་ཙམ་སྔགས་


TNT02_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་བོ་ལྷ་ཡིས་ཡོངས་སུ་བསྐོར་བ་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། །དམ་པ་རྣམས་ལ་ཞི་བའི་གཟུགས་ནི་རང་གིས་བྱས་པའི་ཉམས་མྱོང་མི་བཟད་རྣམས་ལ་མི་བཟད་པ། །གང་གིས་ལས་གང་རབ་བྱས་རང་གི་སེམས་ལ་ཆོ་ག་བཞིན་དུ་དེ་ཡི་འབྲས་བུས་དེ་བསྐྱེད་པ། །འཇིག་རྟེན་དབང་པོ་སྣ་ཚོགས་གཟུགས་ཅན་སྲིད་གསུམ་བསྐྱེད་མཛད་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །གཅིག་དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་དང་མི་མཉམ་པ་དང་མཉམ་པ་གཡས་གཡོན་མདུན་རྒྱབ་དང༌། །སྟེང་འོག་ཀུན་ནས་དཀར་ལྗང་སྣ་ཚོགས་ཁ་དོག་ཆེན་པོ་གཅིག་གི་གཟུགས་ཏེ་ཐུང་ངུ་རིང་པོ་དང༌། །ཤིན་ཏུ་རིང་པོ་ཡོན་ཏན་མེད་ཅེས་ཡོན་ཏན་དང་བཅས་བུད་མེད་སྐྱེས་པའམ་སྐྱེས་པ་བུད་མེད་མིན། །གང་ཞིག་ཀུན་གྱི་བརྟེན་གཅིག་བྷ་ག་བཟང་མོ་མཆོག་གི་བྷ་ག་ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། །ཅེས་པས་ཀྱང་བསྟོད་དོ། །ཨོཾ་ཛྙཱ་ན་པཱུ་ཛ་ཨ་ནུ་རཀྟོ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་རྗེས་ཆགས་ཀྱིས་མཆོད་ཅིང་ང་རྒྱལ་བཟུང་དེ་ནས་ལྷ་དགུའི་སྒྲུབ་ཐབས་སུ་བཤད་པ་ལྟར། གཏོར་མ་བསངས་སྦྱངས་ནས་བརྩམས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གི་བར་གྱི་འཕྲིན་ལས་བཅོལ་བ་ཡན་ཆད་གཏོར་ཆོག་ལྟར་གཏོར་མ་འབུལ། འབྱུང་པོ་སྤྱི་གཏོར་དང་གཞི་བདག་གཏོར་མ་སོགས་ཀྱང་བཏང༌། སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་ཅེས་སོགས་ཤིས་བརྗོད་བྱ། མཆོད་གཏོར་གྱི་རིམ་པའོ། །དེ་ནས་སྤྲོ་ཞིང་ལྕོགས་ན་བླ་མ་རྣམས་ཀྱི་ཕྱག་ལེན་ལ་མཛད་པ་ལྟར། ཚོགས་རྫོགས་པའི་དོན་དུ་སྔོན་འགྲོའི་མཎྜལ་ནས་བརྩམས་ཏེ། མཆོག་དབང་མཐའ་དག་བདག་འཇུག་གི་ཚུལ་དུ་རྫོགས་པར་བླངས་ན་ཤིན་ཏུ་ལེགས་ཤིང༌།


TNT02_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་སློབ་དཔོན་གྱིས་བདག་འཇུག་མ་བླངས་ཀྱང༌། སློབ་མ་དབང་བསྐུར་བའི་ཆོ་གའི་ཡན་ལག་ཉམས་པར་འགྱུར་བ་ནི་མ་ཡིན་ནོ། །དེ་དག་གི་སྐབས་འདི་ལ་ལྟོས་པའི་སློབ་དཔོན་གྱི་བྱ་བ་རྒྱས་པའི་དབང་དུ་བྱས་པའོ། །དེ་ནས་སློབ་མ་རྣམས་དཀྱིལ་འཁོར་ཁང་པའི་ཕྱི་རོལ་ལམ། ཡོལ་ཁང་གི་ཕྱི་རོལ་ཏུ་མངོན་དུ་ཕྱོགས་པ་ལ་སྦྱང་བ་ནི། བགེགས་གཏོར་རྣམས་བཤམས། བསངས་སྦྱངས་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། གཏོར་མའམ་མཐེབ་སྐྱུ་གསུམ་པོ་རིམ་གྱིས་བསྐོར་ལ། ཨོཾ་སརྦ་བིགྷྣཱཾ་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ན་ཎ་ཨི་མཾ་ག་ག་ཎ་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏེ་སྭཱཧཱ། ཞེས་ལན་གསུམ། འདིར་སློབ་མ་རྣམས་ལ་དབང་གི་ཡེ་ཤེས་སྐྱེ་བ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་ནས། ཕན་པ་དང་བདེ་བའི་སེམས་དང་ལྡན་པས་གཞན་དུ་དེངས་ཤིག ཞི་བས་སྦྱང་བའོ། །ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིརྱ་རཱ་ཛ་ཧུཾ་ཧཱུཾ་ཕཊ། ལན་གསུམ་བཟླས་ཤིང་རྡོ་རྗེ་གསོར་ལ། ཏིང་ལོའམ་ཆང་བུ་བསྐོར། འདིར་སློབ་མ་འདི་རྣམས་ལ་དབང་གི་ཡེ་ཤེས་བསྐྱེད་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་གང་ཡིན་པ་དེ་ཐམས་ཅད། གཏོར་མ་ལམ་བརྔན། ཏིང་ལོ་ལམ་སྒྲོན། ཆང་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་


TNT02_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ཞིག ཅེས་པ་ནི་ཞི་དྲག་ཕྱེད་མས་སྦྱང་བའོ། །ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས་ནས་བདེན་སྟོབས་བརྗོད་ལ། མཐར་དྲག་པོའི་མཚམས་རྔམས་རོལ་ཆེན་དང་བཅས་པས་བསྐྲད་པ་ནི། འདི་ལྟར། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་བདེན་པ་དང༌། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་འདིར་སློབ་མ་འདི་རྣམས་ལ་དབང་གི་ཡེ་ཤེས་བསྐྱེད་པ་ལ་བར་དུ་གཅོད་པར་བྱེད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་གང་ཡིན་པ་དེ་དག དེང་དཔལ་རྡོ་རྗེ་ཤུགས་ཀྱི་བཀའ་ཐོས་པས། སའི་ཕྱོགས་འདིར་མ་གནས་པར་མྱུར་བ་ཉིད་དུ་སོང་ཤིག གང་དག་མི་འགྲོ་བ་དེ་དག་ཐམས་ཅད་དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་རྡོ་རྗེ་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་བྱའོ། །བསྡུ་ན་དེ་ཙམ་མམ་ཤིན་ཏུ་སྤྲོས་པ་ལ་དགའ་ན་


TNT02_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་དང་མཚོན་ཆ་དགོད་པ་སོགས་བྱས་ནས། བསྟོད་དབྱངས་རྒྱས་པ་སྔོན་དུ་འགྲོ་བས་བྱས་ཀྱང་རུང་ལ་སྤྲོས་པ་འབྲིང་ཙམ་དབང་དུ་བྱས་ན། རྡོ་རྗེ་འཇིགས་བྱེད་སོགས་དང༌། རྗེ་བོ་སྣ་ཚོགས་སོགས་དང༌། ང་ནི་སངས་རྒྱས་ཀུན་གྱི་དངོས། །ང་ནི་ཁྲོ་རྒྱལ་ཧེ་རུ་ཀ །ང་ནི་དཔལ་ལྡན་དུས་འཁོར་ལོ། །ང་ཡི་བཀའ་ལས་མ་འདའ་ཞིག །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་ཤུགས། །བཀའ་ཡི་འཁོལ་ལོ་རབ་སྦྱོར་བར། །རྡོ་རྗེ་རབ་ཏུ་འབར་བ་འདིས། །ལུས་གསུམ་ལས་སྐྱེས་དགས་པར་བྱ། །གལ་སྟཻ་ཁ་ཅིག་བདག་ཚིག་འདའ། །འདིར་ནི་འཇིག་འགྱུར་གཞན་དུ་མིན། །རྡོ་རྗེའི་རྭ་གུར་རབ་ཏུ་བརྟན། །རྡོ་རྗེ་ཁྲོ་བོའི་སྤྲིན་སྤྲོས་ནས། །མཚོན་ཆ་ཡིག་འབྲུ་མེ་དཔུང་འབར། །བར་མཚམས་མེད་པར་མཚམས་བཅད་དོ། །ཞེས་ཉུངས་དཀར་གཏོར་གུ་གུལ་ལ་སོགས་ཀྱི་དུད་པས་བདུག་རོལ་མོའི་སྒྲ་སྒྲོགས་ཏེ། བགེགས་བསྐྲད་ཅིང་གཏོར་མ་ཕྱི་རོལ་ཏུ་དོར་ཏེ། དྲག་པོས་སྦྱང་བའོ། །བསྡུས་པ་ལ་མོས་ན། བཀའ་བསྒོ་བ་ཡིད་ཀྱིས་བྱས་ནས་སྔགས་ཙམ་བརྗོད་དོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་བཾ་གྱི་རྣམ་པར་གནས་པ་ལྟེ་བའི་གཏུམ་མོ་འབར་བའི་འོད་ཟེར་གྱིས་དེད་དེ། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་པ་མདུན་གྱི་ཏིལ་ལམ་ཡུངས་དཀར་ལ་ཐིམ། བསངས་སྦྱངས། འབར་བའི་མེ་ནང་དུ་ཁྲོ་


TNT02_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རྡོ་རྗེ་མཁའ་འགྲོ་རྡོ་རྗེ་དྲིལ་བུ་འཛིན་པ་ཞལ་གདངས་པའོ། །ཨོཾ་བཛྲ་ཌཱ་གི་ཁ་ཁ་ཁྷཱི་ཁྷཱི། སརྦ་པཱ་པཾ་ད་ཧ་ན་བྷསྨི་ཀུ་རུ་སྭཱཧཱ། ལན་གསུམ་བརྗོད། ལས་ཀྱི་རྡོ་རྗེས་ཏིལ་ལམ་ཡུངས་དཀར་གཡས་གཡོན་དུ་བསྐོར་ནས། གཡས་སུ་མེ་དག་གཡོན་ཏུ་ཆུར་དོར་བས། རྡོ་རྗེ་མཁའ་འགྲོའི་ཞལ་དུ་གསོལ་བ་དང༌། རྒྱ་མཚོ་ཆེན་པོར་བསྒྱུར་བར་བསམ། མཐར་མེ་ཡང་ཆུ་ནང་དུ་ལྡུག་གོ །སྡིག་པ་སྦྱང་བའོ། །སྐབས་འདིར་སྤྲོས་པ་ལ་དགའ་ན་དྲུག་བཞི་ལྡན་གྱི་སྒོ་ནས་ཕྱུར་བསལ་བར་མཛད་པའི་ཕྱག་ལེན་ཡང་གདའ་སྟེ་མི་འགལ་ལོ། །དེ་ནས་འདི་སྐད་ཅེས། ཁྱེད་རང་རྣམས་ཀྱི་མགོ་བོར་ཨཱུ་ཡིག་དང༌། སྙིང་གར་ཨཱི་ཡིག་དང༌། གཙུག་ཏོར་ཏུ་ཨཱ་ཡིག་སྟེ། ཐབས་ཀྱི་རིགས་གསུམ་དང༌། ལྟེ་བ་ལཱ་ཡིག་དང༌། མགྲིན་པར་རཱ་ཡིག་དང༌། གསང་བར་ཨཱཿཡིག་སྟེ་ཤེས་རབ་ཀྱི་རང་བཞིན་ཡི་གེ་གསུམ་གྱིས་བསྲུངས་ཤིང་རྒྱས་བཏབ་པར་མོས་ཤིག དེ་ནས་སེམས་བསྐྱེད་གསལ་འདེབས་པ་དང་ཆོས་སྤྱི་འགྲོའི་བཤད་པ་ཅུང་ཟད་བྱས་ནས། འདིར་རྫོགས་རིམ་ཐམས་ཅད་ཀྱི་མཐར་ཐུག་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྒོམ་པ་ལ་སྔར་མ་སྨིན་ན་སྨིན་བྱེད་ཀྱི་དབང་དགོས་ལ། སྔར་སྨིན་ཡང་ཡེ་ཤེས་མ་སྐྱེད་པ་བསྐྱེད་པའི་ཕྱིར་དུ། སྐབས་འདིར་ངེས་པར་དབང་གོང་མ་རྣམས་བསྐུར་དགོས་ཤིང༌། གང་ཟག་དབང་པོ་དམན་པ་ལ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་གསུངས་པའི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་ཡང་རུང་བར། ཐུན་མོང་


TNT02_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྨིན་བྱེད་བྱིས་པ་འཇུག་པའི་དབང་བདུན་ཐོབ་ན་ལེགས་མོད། ཡང་གསང་འདུས་བདེ་མཆོག་དགྱེས་རྡོར་སོགས་ཀྱི་དཀྱིལ་འཁོར་དུ། བསྡུས་རྒྱུད་ཕལ་ཅིག་གི་རྗེས་སུ་འབྲངས་ཏེ། འཕགས་ཡུལ་གྱི་པཎ་གྲུབ་ཕལ་ཆེར་ལ་གྲགས་པའི། ཆོ་ག་རྣམ་དག་གཅིག་གི་སྟེང་ནས་བུམ་དབང་དུ་གྲགས་པ་དེ་ཐོབ་ན་ཡང༌། བྱིས་འཇུག་དང་དོན་གྱི་གནད་གཅིག་པའི་ལེགས་ཏེ། གོ་རིམ་མ་འཆོལ་ཞིང༌། སྤྱིར་བཏང་གི་བཤད་པའི་རིམ་པ་དང་མཐུན། དབང་པོ་དམན་པ་རྣམས་ལ་དེ་ལྟར་འཐད་ཆ་ཤས་ཆེ། འོན་ཀྱང་དབང་པོ་རྣོན་པོ་རྣམས་དང༌། དབང་བརྟུལ་ལ་ཡང་བསམ་པ་དང་དགོས་པའི་ཁྱད་པར་གྱི་དམིགས་བསལ་ལ་བྱིས་འཇུག་གི་དབང་ངམ། དེའི་དོད་སྔོན་དུ་མ་སོང་བར་ཡང༌། མཆོག་དབང་བསྐུར་དུ་མི་རུང་བ་མ་ཡིན་ཏེ། དབང་བསྐུར་བ་ནི་སྡོམ་པ་འབོག་པའི་ཆོ་ག་ཡིན་ལ། སྡོམ་པ་འབོགས་ཡུལ་ལ་འབོགས་ཆོག་བྱེད་པ། གསང་སྒྲོགས་སུ་འགྱུར་བའི་གོ་སྐབས་ནམ་ཡང་ཡོད་པ་མ་ཡིན་ཞིང༌། འོན་ཀྱང་གོ་རིམ་བརྒལ་བའི་སྐྱོན་ཡོད་སྙམ་ན་དེ་ཡང་སྤྱིར་བཏང་དམིགས་གསལ་གྱི་ཁྱད་ཡིན་ཏེ། དགེ་བསྙེན་ལ་སོགས་པའི་སྡོམ་པ་སྔོན་དུ་མ་སོང་བར་སྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་བཞིན་ཡིན་པའི་ཕྱྀར་རོ། །འདིར་སྐབས་སློབ་མ་རྣམས་སྔར་དབང་ཇི་ལྟར་རིགས་པ་ཐོབ་མ་ཐོབ་དང་བརྟུན་ནས། དེ་དང་མཐུན་པའི་བརྡའ་སྤྲོད་བྱ། སྔོན་འགྲོའི་དོན་དུ་མཎྜལ་འབུལ་བར་ཞུ། ཞེས་བརྗོད་ལ། སློབ་མའི་མཎྜལ་འབུལ། མི་ཟད་འཁོར་བའི་འཇིགས་པ་བདག་ནི་དེ་


TNT02_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ཉིད་ནས་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི། ཁྱེད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ཞེས་ལན་གསུམ་གསོལ་བ་བཏབ། སྡོམ་པ་བཟུང་བ་འདིའི་རྗེས་ཟློས་བྱར་གཞུག་ཏེ། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་བཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་རྣམས་ནི་བསྐྱོད་པ་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱང་བར་བགྱི། །ཞེས་ལན་གསུམ་མོ། །བསྡུས་པ་ལ་མོས་ན་སྔོན་འགྲོ་དེ་ཙམ་གྱིས་ཆོག་ལ། འབྲིང་པོ་ལ་མོས་ན། དེ་རྗེས་སློབ་མའི་གནས་དྲུག་ཏུ་དྲི་བཟང་གི་ཐིག་ལེ་དངོས་སུ་བྱེད་པའམ་བྱས་པར་མོས་ལ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ གཙུག་ཏོར་ཏུ་ཧཾ། གསང་བར་ཀྵཿརྣམས་སུ་གྱུར། ཅེས་བརྗོད། ཨོཾ་ཨཱཿཧཱུཾ། ཞེས་ནང་མཆོད་ནས་སློབ་མའི་ལུས་ལ་བདུད་རྩི་གཏོར་ལ་སྲུང་བར་བྱས་པར་མོས། དེ་ནས་ཅུང་ཟད་སྤྲོ་ན་བུམ་ཆུ་ནས་བསྲེས་པའི་དྲི་བཟང་གི་ཆུ་བླུད་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། དམ་ཚིག་བསྲུང་བ་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ཏ་ཀ་ཋ་ཋ་ཧཱུཾ། ཞེས་བརྗོད། བླ་མ་དང་དུས་ཀྱི་འཁོར་


TNT02_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གཉིས་སུ་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་མདུན་གྱི་ནམ་མཁར་སྤྱན་དྲངས། དེའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཁྱོད་རང་རྣམས་ཀྱི་ལུས་ལ་ཐིམ་པས། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པར་མོས་པ་གྱིས་ཤིག རོལ་མོའི་སྒྲ་དང་བཅས་ཏེ། ཨོཾ་ཨ་ཨཱ་ཨཾ་ཨཿབཛྲ་སཏྭ་མཧཱ་སུ་ཁ་བཛྲ་ཀཱ་ལ་ཙཀྲ་ཤི་ཥུ་སྱ་ཨ་བྷི་མུ་ཁོཏྦྷ་ཝ་སནྟུཥྟོ་བྷ་ཝ་བ་ར་དོ་བྷ་བ། ཀཱ་ཡ་བཱཀ་ཙིཏྟ་ཨ་དྷིཥྛ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་མང་དུ་བཟླས་ཏེ་རྡོ་རྗེ་སེམས་དཔའ་བསྐུལ་བའོ། །ཅུང་ཟད་སྤྲོས་པ་ལ་དགའ་ན་རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་ཉེར་ལྔ་སྦྱིན་པར་ཡང་བཞེད་དེ་མི་འགལ་ལོ། །དེ་ནས་བུམ་ཆུ་དུང་ཆོས་ཀྱིས་བླངས་ནས། ཨོཾ་ཧཾ་ཧ་སོགས་བུམ་པའི་ས་བོན་རྣམས་ལན་མང་དུ་བརྗོད་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་ཨ་ཨི་རྀ་ཨུ་ལྀ་པཉྩ་དྷ་དུ་བི་ཤྭ་དྷ་ནི་སྭཱཧཱ། ཞེས་པས་ཁྲུས་གསོལ་ཞིང་འཐུང་དུ་གཞུག་གོ །འདི་སྐབས་ཕྱག་ལེན་ལུགས་གཅིག་ལ་སློབ་མ་སྟ་གོན་གྱི་ཁྱོར་ཆུའི་སྔགས་ཀྱིས་སྦྱིན་པར་མཛད་པའང་ཡོད་མོད་ཀྱི། བུམ་སྒྲུབ་དང་འབྲེལ་བའི་ཕྱིར་འདི་ཉིད་ལེགས་སོ། །སྔོན་འགྲོ་ཤིན་ཏུ་སྤྲོས་པ་ལ་མོས་ན། ལོ་ཙཱ་བ་བློ་གྲོས་དཔལ་གྱིས་མཛད་པའི་གོང་མའི་དབང་མཆོག་བདུད་རྩིའི་འབྱུང་གནས་སུ་བཤད་པ་ལྟར། སློབ་མ་སྟ་གོན་


TNT02_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆོས་ཐུན་མོང་མ་ཡིན་པ་རྣམས་དང༌། ཕྱི་དཀྱིལ་གྱི་འཇུག་པའི་ཆོ་ག་རགས་པ་རྣམས་སྦྱོར་བའི་ལུགས་ཀྱང་ཡོད་པ། དབང་གོང་མའི་ཡན་ལག་ཏུ་ནི་མི་དགོས་མོད། སློབ་མའི་མོས་པ་དང་བསྟུན་ནས་བྱེད་པ་ཡང་མི་འགལ་ལོ། །དངོས་གཞིའི་ཐོག་མར་འདི་སྐད་ཅེས་བྱ་སྟེ། དེ་ཡང་རྩ་བའི་རྒྱུད་ལས། རྡོ་རྗེའི་ཐིག་ནི་གདབ་པ་དང༌། །ཚོན་རྩི་དག་ནི་དགྱེ་བ་དག །སྔགས་ཀྱི་དེ་ཉིད་ཀྱིས་མི་བྱ། །བྱས་ན་བྱང་ཆུབ་རྙེད་པར་དཀའ། །ཞེས་གསུངས་པས། དབང་གོང་མ་རྣམས་ནི་རྡུལ་ཚོན་ལ་སོགས་པ་ཕྱི་དབྱིབས་བཀོད་པའི་དཀྱིལ་འཁོར་དུ་བསྐུར་བ་མ་ཡིན་ལ། ཆུ་དབང་ལ་སོགས་པ་བུམ་དབང་དུ་བཤད་པ་ཡང༌། དེ་ལྟར་མིང་བཏགས་པ་ཙམ་སྟེ་དབང་བཞིའི་ནང་ཚན་གྱི་བུམ་དབང་མ་ཡིན་པ་དང༌། དབང་བཞི་ནི་གོང་མ་ཁོ་ན་ལས་ཕྱེ་བ་ཡིན་པར་མཐར་ཐུག་གི་རྒྱུད་སྡེ་རྣམས་ལས་གསུངས་པ་ཡིན་ཞིང༌། དེས་ན་ཕྱག་རྒྱའི་ལུས་ཀྱི་དཀྱིལ་འཁོར་དུ་བུམ་དབང༌། བྷ་གའི་དཀྱིལ་འཁོར་དུ་གསང་དབང༌། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་འཇིག་རྟེན་པའི་དབང༌། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བཞི་པ་འཇིག་རྟེན་ལས་འདས་པའི་དབང་རྣམས་བསྐུར་བ་ཡིན་པས། དེ་ལྟར་གོ་དགོས་ཤིང་དབང་བསྐུར་བ་པོ་ནི་ཐམས་ཅད་ལ་རྡོ་རྗེ་སློབ་དཔོན་ཏེ། དེ་ཡང་བླ་མ་དུས་ཀྱི་འཁོར་ལོའི་གཡས་ཞལ་སྐུ་རྡོ་རྗེ་ལ་བུམ་དབང༌། གཡོན་ཞལ་གསུང་རྡོ་རྗེ་ལ་གསང་དབང༌། མདུན་ཞལ་ཐུགས་རྡོ་རྗེ་ལ་ཤེར་དབང༌། རྒྱབ་ཞལ་


TNT02_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རྡོ་རྗེ་ལ་བཞི་པ་རྣམས་ཞུ་བའི་བསམ་པ་བསྐྱེད་དགོས། དེ་ལ་ཐོག་མར་མཆོག་དབང་བཞི་པོ་སྤྱི་ཁྱབ་ཀྱི་དོན་དུ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རིགས་ཀྱི་ཕྱག་རྒྱ་དང༌། ཞིང་ཁམས་རྣམ་པར་དག་པ་རིན་པོ་ཆེས་ཕྱུར་བུར་བཀང་བར་མོས་ལ། མཎྜལ་འབུལ་བར་ཞུ། ཞེས་བརྗོད་ཅིང་སློབ་མས་ཀྱང༌། མཎྜལ་ཕུལ་ཏེ། སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་མི་འགྱུར་བདེས་གང་བ། །ཡེ་ཤེས་སྐུ་ཁྱོད་ལ་ཕྱག་འཚལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ནི་འགྱུར་མེད་བདེ། །དབང་བསྐུར་དེ་ཡིས་བདག་ལ་ནི། །མགོན་པོས་ད་ནི་བཀའ་དྲིན་མཛོད། །བུ་དང་ཆུང་མ་སོགས་བྱས་པ། །བདག་ནི་དུས་ཀུན་ཁྱོད་ཀྱི་འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའི་མཐར། །བདག་ལ་སྐྱབས་གཞན་ཡོད་མ་ཡིན། །ཞེས་པས་ཐུན་མོང་དུ་གསོལ་བ་བཏབ། དེ་ནས་བུམ་དབང་ཉིད་ཀྱི་དོན་དུ་མཎྜལ་ཕུལ་ལ། ལུས་ལ་སྐུ་རྡོ་རྗེ་བྱིན་རླབས་འཇུག་པའི་དོན་དུ་གསོལ་བ་གདབ་པ་ནི། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་སྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཅེས་ལན་གསུམ་གསོལ་བ་བཏབ། སླར་ཡང་བུམ་དབང་


TNT02_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞིའི་དོན་དུ་གསོལ་བ་ལན་གསུམ་འདེབས་པ་ནི། ཨོཾ་ཨོཾ་པྲཛྙཱ་ཨུ་པ་ཨཽ་ཀ་ལ་ཤ་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཱཾ་ཧུ་ཧཱུཾ་ཕཊ། ཅེས་པའོ། །བླ་མའི་ཐུགས་ཀའི་འོད་ཟེར་གྱིས་སྤྱན་དྲངས་པའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ནམ་མཁའ་གང་བར་བཞུགས་པ་ཐམས་ཅད་ཀྱི་དཔྲལ་བའི་ཨོཾ་ཡིག་དཀར་པོ་ལས། ཨོཾ་ཡིག་འོད་ཟེར་དཀར་པོ་འཕྲོ་བ་དཔག་ཏུ་མེད་པ་བྱོན་ནས། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས། ལུས་ཐམས་ཅད་གང་བས། ལུས་ཀྱི་དྲི་མ་དག་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེས་བྱིན་གྱིས་བརླབས་པར་མོས་པ་མཛོད། བྱས་ལ། རོལ་ཆེན་བྱ་ཞིང༌། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་འདིའི་ལུས་ཀྱི་ཐིག་ལེ་དང༌། སད་པའི་གནས་སྐབས་འགགས་ཤིང༌། དགའ་བའི་དགའ་བ་རྫོགས་ནས། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྒྱུ་འཕྲུལ་དྲྭ་བས་མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་སློབ་མའི་ཆེད་དུ་སངས་རྒྱས་རྣམས་ལ་བླ་མས་གསོལ་བ་གདབ་བོ། །དེ་ནི་བུམ་དབང་གི་བྱིན་རླབས་དབབ་པའོ། །དེ་ནས་བུམ་དབང་དངོས་ནི། སྔར་ཕུལ་བའི་ཕྱག་རྒྱ་དེ་ཉིད་སྣ་ཚོགས་ཡུམ་དུ་བྱིན་གྱིས་བརླབས་ནས། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཟུང་ཞིག་ཁྱེར་ཅིག་སེམས་དཔའ་ཆེ། །ཟུང་ལ་མཆོད་པ་དག་ཏུ་གྱིས། །ཞེས་རིག་མ་གཏད། དེའི་ནུབ་མ་ལ་ལག་པས་རེག་པས་


TNT02_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་དེ་འཇིག་རྟེན་ཀུན་རྫོབ་ཀྱི་དགའ་བའི་དགའ་བ་སྟེ། དེ་ཉིད་བུམ་པའི་དབང་གི་དོན་ནོ། །དེ་ལྟར་ན་ཕྱག་རྒྱའི་ལུས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ་པས། སྔགས་ཀྱི་ཚུལ་ལ་དགེ་ཚུལ་དུ་གྱུར་ཞིང༌། ས་བརྒྱད་པ་མི་གཡོ་བར་ལུང་བསྟན་པ་ཐོབ་པ་སངས་རྒྱས་ཀྱི་སྲས་སུ་གྱུར་པ་ཡིན་ནོ། །ཞེས་བརྡ་སྤྲད། ཨོཾ་ཨོཾ་བཛྲ་སཏྭ་ན་བཛྲ་ཀ་ལ་ཤ་ཨ་བྷི་ཥེ་ཀེ་ཎ་ཨ་བྷི་ཥེ་ཀྟོ་བཛྲ་སཏྭ་པུ་ཏྲོ་ཨ་ཙ་ལཱ་བྷཱུ་མི་ལབྡྷོ་ཧཾ། ཞེས་རྗེས་ཟློས་བྱེད་དུ་བཅུག་པས་ང་རྒྱལ་བཟུང་བར་བྱ་སྟེ་བུམ་པའི་དབང་ངོ༌། །དེ་ནས་གསང་དབང་གི་དོན་དུ་མཎྚལ་འབུལ། ངག་ལ་གསུང་རྡོ་རྗེའི་བྱིན་བརླབས་གཞུགས་པའི་དོན་དུ། གོང་གི་ཚིགས་བཅད་ལ། དཔལ་ལྡན་གསུང་གི་རྡོ་རྗེ་འཛིན། །ཞེས་འདོན་པ་སྤོས་ཏེ་ལན་གསུམ་གསོལ་བ་གདབ། གསང་དབང་དངོས་གཞིའི་དོན་དུ། ཨོཾ་ཨཱཿཔྲཛྙཱ་ཨུ་པ་ཡོ་གུ་ཧྱ་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཱཾ་ཧུཾ་ཧཱུཾ་ཕཊ། ཅེས་པས་གསོལ་པ་གདབ། བླ་མའི་ཐུགས་ཀའི་འོད་ཟེར་གྱིས་སྤྱན་དྲངས་པའི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ནམ་མཁའ་གང་བར་བཞུགས་པ་ཐམས་ཅད་ཀྱི། མགྲིན་པའི་ཨཱཿཡིག་དམར་པོ་ལས། ཨཱཿཡིག་འོད་ཟེར་དམར་པོ་འཕྲོ་བ་དཔག་ཏུ་མེད་པ་བྱོན་ཏེ། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། ལུས་ཐམས་ཅད་གང་བས་ངག་གི་དྲི་མ་དག སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེས་བྱིན་གྱིས་བརླབས་པར་མོས་པ་མཛོད། རོལ་ཆེན་བྱ།


TNT02_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་འདིའི་ངག་གི་ཐིག་ལེ་དང༌། རྨི་ལམ་གྱི་གནས་སྐབས་འགགས་ཤིང༌། མཆོག་དགའི་དགའ་བ་རྫོགས་ནས། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་ཉི་ཤུས་མངོན་པར་རྫོགས་པ་བྱང་ཆུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་བླ་མས་བརྗོད་དེ་གསང་དབང་གི་བྱིན་རླབས་འབེབས་པའོ། །དེ་ནས་གསང་དབང་དངོས་ནི། ཨོཾ་དྭཱ་ད་ཤ་ཨཾ་ག་ནི་རོ་དྷ་ཀ་རི་ཎེ་ཧཱུཾ་ཕཊ། གདོང་གཡོག་བཅིངས་པར་བསམ་པའམ་དངོས་སུ་བཅིངས། དེ་ནས། བླ་མ་དུས་ཀྱི་འཁོར་ལོ་ཡབ་ཡུམ་སྙོམས་པར་ཞུགས་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་སྤྱན་དྲངས་ནས་སྐུ་ལ་ཞུགས་པ། ཆགས་པ་ཆེན་པོས་ཞུ་བར་གྱུར། ཨ་ཝ་དྷཱུ་ཏཱིའི་ལམ་ནས་བརྒྱུད་དེ་ནོར་བུར་བྱོན་པའི་བདུད་རྩི་མཐེ་བོང་དང་མིང་མེད་ཀྱིས་བཟུང་ནས་ལྕེ་ཐོག་ཏུ་བཞག་པར་གྱུར། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར༌། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་བགྱི། །ཞེས་དང༌། བླ་མེད་དེ་ནི་འདི་ཉིད་དེ། །གཉིས་སུ་མེད་ཅིང་མི་འགྱུར་བ། །ཆོས་ཀྱི་དབྱིངས་ནི་དམ་པ་ཡི། །ཡང་དག་བདེ་བ་མྱང་བར་གྱིས། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་ངོ་བོར་བསམ་ཏེ། ཨ་ཧོ་མཧཱ་སུ་ཁཾ། ཞེས་བརྗོད༌། དངོས་སུ་བདུད་རྩི་རིལ་བུ་སྦྱར་བའི་ནང་མཆོད་ཀྱི་ཐིགས་པ་ལན་གཉིས་སུ་ལྕེ་ལ་བཞག་ཅིང་བཏུང་བར་བྱའོ། །མི་དར་བསལ།


TNT02_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་དེ་བྱེན་དྲ་ཡ་ཎྱུ་ཌ་གྷཱ་ཊ་ཡ་སྭཱཧཱ། ཕྱག་རྒྱའི་བྷ་ག་གསལ་བར་བྱས་པ་ཡང་བལྟས་ཏེ། དེ་ལས་བྱུང་བས་བདེ་བ་ཉམས་སུ་མྱོང་བ་འཇིག་རྟེན་ཀུན་རྫོབ་ཀྱི་མཆོག་དགའི་དགའ་བ་སྟེ། དེ་ཉིད་གསང་བའི་དབང་དོན་ནོ། །དེ་ལྟར་ན་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ་པས། སྔགས་ཀྱི་ཚུལ་ལ་དགེ་སློང་དུ་གྱུར་ཞིང༌། ས་དགུ་པ་ལེགས་པའི་བློ་གྲོས་སུ་ལུང་བསྟན་པ་ཐོབ་པ་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་གྱུར་པ་ཡིན་ནོ། །ཞེས་བརྡའ་སྤྲད་ལ། ཨོཾ་ཨཱཿབཛྲ་སཏྭེ་ན་གུ་ཧྱ་ཨ་བྷི་ཥེ་ཀེ་ཎ་ཨ་བྷི་ཥི་ཀྟོ་བཛྲ་སཏྭ། ཡུ་བ་རཱ་ཛོ་ན་ཝ་བྷུ་མི་ལབྡྷོ་ཧཾ། ཞེས་རྗེས་ཟློས་བྱེད་དུ་བཅུག་པས་ང་རྒྱལ་བཟུང་བར་བྱ་སྟེ། གསང་བའི་དབང་ངོ༌། །དེ་ནས། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། ཡིད་ལ་ཐུགས་རྡོ་རྗེའི་བྱིན་བརླབས་འཇུག་པའི་དོན་དུ། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན། །ཞེས་གོང་གི་ཚིགས་བཅད་ལ་འདོན་པ་སྤོས་ཏེ་གསོལ་བ་གདབ། ཤེས་རབ་ཡེ་ཤེས་དངོས་གཞིའི་དོན་དུ། ཨོཾ་ཧཱུཾ་པྲཛྙཱ་ཨུ་པ་ཡཽ་བཛྲ་སཏྭ་བི་ཤྭ་མཱ་ཏ་རོ། པྲཛྙཱ་ཛྙཱ་ནེ་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཱཾ་ཧུཾ་ཧཱུཾ་ཕཊ། ཅེས་པས་གསོལ་བ་བཏབ། དེ་ནས་བླ་མའི་ཐུགས་ཀའི་འོད་ཟེར་ཞེས་སོགས། བྱིན་རླབས་དབབ་པ་སྔ་མ་རྣམས་ཀྱིས་རིགས་འགྲེ་བ་ལས། ཐུགས་ཀའི་ཧཱུཾ་ཡིག་སྔོན་པོ་ལས། ཧཱུཾ་ཡིག་འོད་ཟེར་སྔོན་པོ་འཕྲོ་བ། སྙིང་ག་ནས་ཞུགས་ཡིད་ཀྱི་དྲི་མ་དག ཐུགས་རྡོ་རྗེས་བྱིན་གྱིས་བརླབས། ཞེས་དང༌། ཡིད་ཀྱི་ཐིག་ལེ་དང༌། གཉིད་འཐུག་གི་གནས་སྐབས་འགགས། ཁྱད་དགའི་


TNT02_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་རྫོགས། ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ། ཞེས་ཀྱང་འདོན་པ་སྤོའོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་དངོས་ནི། བླ་མས་སྔར་ཕུལ་བའི་རིག་མ་དེ་སློབ་མ་ལ་གཏད་པར་མོས་ལ། འདིར་ནི་ཁྱེད་རྣམས་དཔང་པོ་ལགས། །བདག་གིས་འདི་ལ་འདི་གཏད་དོ། །ཞེས་རྡོ་རྗེ་སེམས་དཔའ་དཔང་པོར་བྱས་ནས། གཟུང་མ་ཡིད་འོང་འདི་ཁྱོད་ཀྱི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོའི་རིམ་པའི་སྦྱོར་བ་ཡི། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་གནས་བལྟ་བས། །ཞེས་གོ་བར་བྱས། ཕྱག་རྒྱ་སྣ་ཚོགས་ཡུམ་དུ་བྱས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། ལྟེ་བར་ཧོཿ གསང་བར་སྭཱ། གཙུག་ཏོར་དུ་ཧཱ་རྣམས་འཁོད་པར་གྱུར། ཕྱག་རྒྱ་དེས་ཀྱང་ཆུ་སྐྱེས་གུར་གུམ་ལ་སོགས་པའི་དྲི་བཟང་པོར་བྱས་པ་སྟོན་ཅིང༌། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་ཏེ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་གནས། །བྷཉྫ་མོ་ཀྵ་ཧོཿ བདག་ཉིད་དུས་ཀྱི་འཁོར་ལོ་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། ལྟེ་བར་ཧོཿ གསང་བར་སྭཱ། གཙུག་ཏོར་ཏུ་ཧཱ་རྣམས་འཁོད་པར་གྱུར། ཤེས་རབ་ཀྱི་པདྨ་ཨཱཿལས་པདྨ་འདབ་མ་


TNT02_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་ཟེའུ་འབྲུ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེས་མཚན་པ། ཐབས་ཀྱི་རྡོ་རྗེ་ཧུཾ་ལས་རྡོ་རྗེ་རྩེ་ལྔ་པ། དབུས་སུ་ཨཱཿལས་བྱུང་བའི་པདྨ་འདབ་མ་བརྒྱད་པས་མཚན་པར་གྱུར། ལག་བཅངས་དང་གཉིས་སྦྱོར་གྱི་སྒོ་ནས་སྙོམས་པར་ཞུགས། ཨོཾ་ཛྙཱ་ན་པཱུ་ཛ་ཨ་ནུ་རཀྟོ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད། དེ་ལྟ་བུའི་སྦྱོར་བ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བར་གྱུར་པ་ནི། འཇིག་རྟེན་ཀུན་རྫོབ་ཀྱི་དགའ་བྲལ་གྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་ནོ། །དེ་རྣམས་ནི་དགའ་བ་བཞིའི་དབྱེ་བས། ཀུན་རྫོབ་ཀྱི་དབང་རྣམ་པ་བཞིའོ། །དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས། སྔགས་ཀྱི་ཚུལ་ལ་གནས་བརྟན་ཏུ་གྱུར་ཞིང༌། ས་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པར་ལུང་བསྟན་པ་ཐོབ་པ་རྡོ་རྗེ་འཆང་གཉིས་པར་གྱུར་པ་ཡིན་ནོ། །ཞེས་བརྡ་སྤྲད་ལ། ཨོཾ་ཧཱུཾ་བཛྲ་སཏྭ་ན། པྲཛྙཱ་ཛྙཱ་ནེ་ན་ཨ་བྷི་ཥེ་ཀེ་ན་ཨ་བྷི་ཥི་ཀྟོ་དྭཱི་དཱི་ཡོ། བཛྲ་དྷ་རོ྅ཧཾ་དྷརྨ་མེ་གྷ་མི་ལབྡྷོ྅ཧཾ། ཞེས་རྗེས་ཟློས་བྱེད་དུ་བཅུག་པའི་ང་རྒྱལ་བཟུང་བར་བྱ་སྟེ། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དངོས་སོ། དེ་ནས་བླ་མས། དམ་ཚིག་གི་ངེས་པ་སྦྱིན་པ་ནི། འཇིག་རྟེན་ཀུན་རྫོབ་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ནི་དོན་དམ་པ་མ་ཡིན་གྱི། དོན་དམ་པར་རྣལ་འབྱོར་པ་རྣམས་ཀྱི་བདེ་བ་ནི་ཐིག་ལེ་འཕོ་བ་མེད་པ་ཡིན་པས་བདེ་བ་ཆེན་པོའི་རྟེན་ཐིག་


TNT02_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ནི་ཁྱོད་ཀྱིས་བསྲུང་བར་བྱའོ། །ཞེས་བྱ་བ་ནི། ལས་ཀྱིས་ཕྱག་རྒྱའི་རབ་སྦྱོར་དང༌། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་ལའང༌། །བདེ་བ་ཆེན་པོ་བྱང་ཆུབ་སེམས། །བརྟུལ་ཞུགས་བརྟན་པོས་བསྲུང་བར་བྱ། །བྷ་གར་ལིང་ག་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །སྲུང་བ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཕ་རོལ་ཕྱིན་བཅུ་ཐོབ་པ་ཡི། །རྫོགས་པའི་སངས་རྒྱས་དུས་གསུམ་འཇུག །འདི་ཡིས་རྫོགས་སངས་རྒྱས་ཀུན་གྱི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རང་དང་གཞན་དོན་སྒྲུབ་པའི་སླད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ལས་གཞན་པ་ཡོད་མ་ཡིན། །སྐྱོབ་པ་ཀུན་གྱི་སྡོམ་པ་ནི། །གལ་ཏེ་ཁྱོད་སྲུང་བདག་གི་བུ། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་རླབས་རྫོགས་བྱང་ཆུབ་ཐོབ་འགྱུར། །ཅི་སྟེ་ཆགས་པས་ཟིན་མནན་བདག །གཙོ་བོའི་མདུན་དུ་བླངས་ནས་ནི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཚེ་ངུ་འབོད་དུ་འགྲོར་འགྱུར། །དམན་པའི་སེམས་ལས་སྐྱེ་གནས་སུ། །གང་ཚེ་བྱང་ཆུབ་སེམས་ལྟུང་འགྱུར། །དེ་ཚེ་ཕྱག་རྒྱར་ཤེས་ནས་ནི། །པདྨའི་ཕྱི་རོལ་རང་ལྕེས་བླངས། །ཞེས་བརྗོད་པར་བྱ་སྟེ། སྡོམ་པ་སྦྱིན་པའི་ངེས་པའོ། །སྤྲོས་པ་ལ་དགའ་ན་སྐབས་འདིར།


TNT02_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་གཡོ་སྒྱུའི་དབང་གིས་ཞེས་སོགས་རྩ་ལྟུང་བཅུ་བཞི་སྟོན་པའི་རྒྱུད་ཚིག་རྣམས་བརྗོད་ནས་དོན་ཡང་བཤད་དོ། །སླར་ཡང་མཎྜལ་ཕུལ་ནས། བཅོམ་ལྡན་འདས་བདག་ལ་དབང་བསྐུར་བའི་རབ་ཏུ་བྱེད་པའི་བཀའ་དྲིན་གནང་བར་མཛད་དུ་གསོལ། ཞེས་པས་གསོལ་བ་གདབ་བོ། །དེ་ནས་བླ་མའི་བུ་ཁྱོད་ཉོན་ཅིག་ཀུན་རྫོབ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་བདེ་བ། དགའ་བ་བཅུ་དྲུག་གི་མཚན་ཉིད་ནི། འདོད་པ་སྤྱོད་པར་བྱེད་པས་འགྲོ་བ་རང་གི་ཡིད་ལའོ་གང་བ་དག་ནི་གང་བ་ཉིད་དུ་འགྱུར། །གང་བ་ཡན་ལག་མཆོག་ལ་རི་བོང་འཛིན་པ་ཁུ་བར་བྱས་ནས་འབར་བའི་ཐིག་ལེ་བཟང་པོ་འཛག །ཨོཊྚས་བཀུག་པ་མཆོག་གི་བདེ་བ་རང་བཞིན་གྱིས་སྟེར་ཐིག་ལེ་གྲོལ་བ་དག་ནི་གསུམ་གྱི་མཐར། །བལྟ་དང་རེག་དང་འགྲོགས་ལས་འཛག་པའི་བདེ་བ་འདི་དག་གིས་ནི་དགའ་བ་ལ་སོགས་དབྱེ་བས་ཏེ། །འདོད་པ་དགའ་བ་བྱེད་དེ་དང་པོ་དག་ཀྱང་མི་རྣམས་ཀྱིས་ནི་མིག་གིས་བལྟ་བ་རྣམས་ཀྱིས་སོ། །ཕྱི་ནས་གང་བས་རབ་ཏུ་སྦྱར་བ་ཡིས་ཏེ་སླར་ཡང་མཆོག་གི་དགའ་བ་ཉིད་དེ་རང་ལུས་ལ། །འབར་བ་ཉིད་ལ་ཐིག་ལེ་འཛག་པའི་དགའ་བ་ཡིས་ཀྱང་ཁྱད་པར་དགའ་བ་རྡོ་རྗེ་པདྨ་ལ། །ཨོཊྚ་ཐིག་ལེ་གསུམ་གྱི་མཐའ་རུ་འགྱུར་པ་ལ་གནས་ལྷན་ཅིག་སྐྱེས་པའི་དགའ་བ་རྡོ་རྗེ་བྱེད། །ཅེས་དགའ་བ་བཞི་དང་དེ་དག་རེ་རེ་ལ་ཡང༌། ལུས་དང་ངག་དང་སེམས་དང༌། ཡེ་ཤེས་ཀྱི་དབྱེ་བས་ཕྱེ་བ་དགའ་བ་བཅུ་དྲུག་ཏུ་འགྱུར་བ་


TNT02_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བ་བཞིན་དུ། ཆགས་བྲལ་དང་པོ་ཆགས་པ་ཆེ། ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་རྫོགས་སངས་རྒྱས་པའི་གནས། །སངས་རྒྱས་བརྗོད་པའི་ཆོས་འཛིན་པ། །ཞེས་དང༌། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཆ་མེད་ཆ་ལས་འདས་པ་པོ། །བསམ་གཏན་བཞི་པའི་རྩེ་མོ་འཆང༌། །ཞེས་ཐིག་ལེ་འཕོ་བ་མེད་པ་དོན་དམ་པའི་དགའ་བ་བཞི་ཡང་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དབྱེ་བས་ཕྱེ་བ་ནི་དེ་ཁོ་ན་ཉིད་བཅུ་དྲུག་ཡིན་ལ། འཇིག་རྟེན་ཀུན་རྫོབ་པའི་ཤེས་རབ་ཡེ་ཤེས་ནི་མཚོན་བྱེད་དཔེའི་ཡེ་ཤེས་ཙམ་སྟེ། དོན་དམ་པ་མ་ཡིན་གྱི་དེས་ཉེ་བར་མཚོན་པ་འཇིག་རྟེན་ལས་འདས་པ་དབང་བཞི་པའི་ཡེ་ཤེས་ནི་དོན་གྱི་ཡེ་ཤེས་ཏེ། དེ་ཁོ་ན་ཉིད་ཀྱི་དོན་ཡིན་ནོ། །ཞེས་འཕོ་བ་མེད་པའི་དོན་དམ་པ་སྤྲོས་པ་དང་བྲལ་ཞིང་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་ཡེ་ཤེས་ལ་འདུན་པར་བྱ་སྟེ། དེ་ཡན་ཆད་དབང་གོང་མ་ཆུང་ངུ་ཞེས་བྱ་སྟེ་འཇིག་རྟེན་པའི་དབང་གསུམ་པའི་ཆོ་ག་ཡན་ལག་དང་བཅས་པའོ། །དེ་ནས་འཇིག་རྟེན་ལས་འདས་པའི་དབང་བཞི་པ་ཞི་བའི་ཡོན་དུ་མཎྜལ་ཕུལ་ནས། ཡེ་ཤེས་ལ་ཡེ་ཤེས་རྡོ་རྗེའི་བྱིན་རླབས་གཞུག་པའི་དོན་དུ། དཔལ་ལྡན་ཡེ་ཤེས་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་བཞི་བསྒོམས་པས། །ཞེས་པ་དང༌། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་བཞི་བསྒོམས་པས། །ཞེས་གོང་གི་ཚིགས་བཅད་ལ་འདོན་པ་སྤོས་ཏེ་གསོལ་བ་བཏབ། དབང་བཞི་པ་དངོས་གཞིའི་དོན་དུ། ཨོཾ་ཧོཿཔྲཛྙཱ་ཨ་པཱ་ཡཽ། ཨཱཏྨ་ཀཾ་བཛྲ་སཏྭ་མཧཱ་མུ་དྲ་ཛྙཱ་ན་ཨ་བྷཱི་ཥེ་ཀཾ་མེ་པྲ་ཡཙྪ། ཨོཾ་ཨཱཿཧཱུཾ་ཧོཿཕཊ། ཅེས་པས་གསོལ་བ་བཏབ།


TNT02_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་ཐུགས་ཀའི་སོགས། བྱིན་རླབས་དབབ་པ་སྔ་མ་རྣམས་ཀྱིས་རིགས་འགྲེ་བ་ལས། ལྟེ་བའི་ཧོཿཡིག་འོད་ཟེར་སེར་པོ་འཕྲོ་བ། ལྟེ་བ་ནས་ཞུགས། ཆགས་རྟོགས་གི་དྲི་མ་ཞེས་དང༌། ཡེ་ཤེས་ཀྱི་ཐིག་ལེ་དང་བཞི་པའི་གནས་སྐབས་ལྷན་སྐྱེས་ཀྱི་དགའ་བ། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་སྒྱུ་འཕྲུལ་དྲྭ་བས་མངོན་པར་ཞེས་ཀྱང་འདོན་པ་སྤོའོ། །དེ་ནས་དབང་བཞི་པ་དངོས་ནི། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གིས་གསང་ཆེན་དབང་གིས་ནི། ཁྱོད་ཀྱི་སེམས་རྒྱུད་དབང་བསྐུར་རོ། །ཞེས་བརྗོད་ལ་རྐང་པ་སྐྱིལ་ཀྲུང༌། ལུས་དྲང་པོར་སྲོང༌། ལྟ་སྟངས་གཡོ་བ་མེད་པར་བྱེད་དུ་བཅུག་ལ། འདི་སྐད་ཅེས། དེ་ལྟར་ཡང་རྩ་བའི་རྒྱུད་ལས། དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་ཤིང་རྒྱུད་ཀྱི་རྒྱལ་པོ་ལས་གསུངས་པ། ཤེས་རབ་ཡེ་ཤེས་དག་ནི་སེམས་དང་དེའི་སྣང་བ་དག་ཀྱང་རྣམ་པ་བཅུ་པོ་ཉིད་དུ་འགྱུར། །དབང་ནི་དྲི་མེད་རི་བོང་ཅན་མཚུངས་མེ་ལོང་གཟུགས་བརྙན་ལྟ་བུ་འདི་ལ་ཞུགས་པ་གང་ཡིན་པ། །དེ་ལས་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་ཉིད་ནི་བཞི་པ་སྟེ། །སངས་རྒྱས་ཞལ་ནི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། །ཞེས་པའི་དོན་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པ་དང་བྲལ་ཞིང༌།


TNT02_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

བློ་རྣམ་པར་རྟོག་པ་སྣང་བ་དང་བཅས་པ་ཐམས་ཅད་འཁྲུལ་བའི་སྣང་བ་ཡིན་པར་ཤེས་པར་བྱས་ནས། ཅི་ཡང་རྣམ་པར་མི་རྟོག་པའི་ངང་ནས་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་མཉམ་པར་བཞག་པར་བྱའོ། །དེ་ལས་ཡན་ལག་དྲུག་གི་རིམ་པས་ཐོབ་པ། ཕྱག་རྒྱ་ཆེན་པོ་དང་མི་འགྱུར་བའི་བདེ་བ་ཟུང་དུ་འཇུག་པའི་ཡེ་ཤེས་སོ་སོར་རང་གིས་རིག་པར་འགྱུར་བ་ནི། གོང་མའི་གོང་མ་ཆེན་པོ་བཞི་པའི་ཡེ་ཤེས་སོ། །དེ་ལྟར་དོན་དམ་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་དབང་བསྐུར་བ་ཐོབ་པས། སྐྱེ་རྒུའི་བདག་པོ་ས་བཅུ་གཉིས་པ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གྱུར་པ་ཡིན་ནོ། །ཞེས་བརྡ་སྤྲད་ལ། ཨོཾ་ཧོཿདྷརྨཱ་དྷཱ་ཏུ་ཨཀྵ་ར་ཙ་ཏུརྠ་ཨ་བྷི་ཥེ་ཀེ་ཎ་ཨ་བྷི་ཥིཀྟོ། བཛྲ་ས་ཏྭ་ན། ཨཱཏྨ་ནཱ་ཧཾ། དྭཱི་ཏཱི་ཡོ། དྭ་ད་ཤ་བྷུ་མི་ལབྡྷོ། བཛྲ་སཏྭ། མཧཱ་ཨརྠ་པ་ར་མ་ཨ་ཀྵ་རཿ ཏྲཻ་ལོ་ཀྱ་བི་ཛ་ཡཿཀཱ་ལ་ཙཀྲོ་བྷ་ག་བཱན། ཨེ་བཾ་ཀ་རཿ ཞེས་རྗེས་ཟློས་བྱེད་དུ་བཅུག་པས་ང་རྒྱལ་བཟུང་བར་བྱ་སྟེ། དོན་དམ་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡེ་ཤེས་དབང་གོང་མ་ཆེན་པོ་ཞེས་བྱ་བ་དབང་བཞི་པའོ། །དེ་ནས། དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་དང་ནི་བྱང་ཆུབ་སེམས། །དཔལ་ལྡན་བླ་མ་ཁྱེད་སྤངས་ནས། །བླ་མ་གཞན་དག་རྨི་ལམ་དུའང༌། །སྲོག་དོར་ནས་ནི་བསྟེན་མི་བྱ། །གཞན་ཡང་དེ་


TNT02_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུས་ཀུན་ཏུ། །གཡོ་སྒྱུ་མེད་པར་ནུས་ཚད་ཀྱིས། །ལུས་ངག་སེམས་དང་གསུམ་པོ་ནི། །གཙོ་བོའི་སྤྱན་སྔར་དབུལ་བར་བགྱི། །ཞེས་རྗེས་ཟློས་ཀྱིས་དམ་འཆའ་རུ་བཅུག གཙོ་བོས་ཇི་ལྟར་སོགས་དང༌། བཏང་རག་གི་མཎྜལ་དབུལ་བར་བྱའོ། །དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ཀྱི། ཁྱེད་ཀྱི་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ཞེས་རྗེས་ཟློས་ལན་གསུམ་དང་དགེ་བ་བསྔོ། བར་འདིར་ཚོགས་ཀྱི་འཁོར་ལོའམ་དཔའ་བོའི་སྟོན་མོ་བྱ། གཏོར་མ་གསར་དུ་བཤམ་པའམ་སྔ་མ་རྣམས་ཁ་གསོས་ལ། ལྷ་དགུའི་སྒྲུབ་ཐབ་ཀྱི་གཏོར་ཆོག་སྐབས་ནས་འབྱུང་བ་ལྟར། གཏོར་མ་བྱིན་རླབས་ནས་གཞི་བདག་གཏོར་མའི་བར་རྣམས་བཏང་ལ། སྤྱི་དང་མཐུན་པར་རྡོ་རྗེའི་གླུ་བླངས་པའམ། མ་བླངས་ཀྱང་རུང་སྟེ། སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་སོགས་ཤིས་པ་བརྗོད་དོ། །རྗེས་ཆོག་གི་མཆོད་པ་རྣམས་ཁ་གསོས། ཨོཾ་ཨཱཿཧཱུཾ་ཧྲཿཕཊ་ནས། དྲི་མ་དང་བྲལ་བར་གྱུར། ཞེས་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུཾ་ཧོཿཏྲཻ་དྷཱ་ཏུ་ནས། ཤིཥྱ་ནཉྩ། ཞེས་པས་མཆོད་ཡོན་ཕུལ། གནྡྷཾ་སོགས་མཆོད་པ་བཅུ་གཉིས་སྔགས་ཙམ་གྱིས་ཕུལ་ནས། ཨོཾ་ཀཱ་ལ་ཙཀྲ་སོགས་ཀྱིས་གོང་བཞིན་ནང་མཆོད་ཕུལ། མཆོག་སྦྱིན་རྡོ་རྗེ་སོགས་རོལ་མོའི་སྒྲ་དང་བཅས་ཏེ་བསྟོད། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ཅག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ་ནུས་མཐུས་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་


TNT02_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བ་ལགས་པས། སྤྱིར་གྱི་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང༌། བླ་མ་གོང་མ་རྣམས་ཀྱི་ཐུགས་དགོངས་རྫོགས་ཤིང༌། ཞལ་བཞུགས་པ་རྣམས་སྐུ་ཁམས་བཟང་བ་དང༌། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་རྫོགས་སྒྲིབ་པ་དག་ནས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཡིག་བརྒྱ་ཚར་གསུམ། མ་འབྱོར་པ་དང་ཉམས་པ་སོགས། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས། བཛྲ་མུཿ མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས། རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་ཡེ་ཤེས་ཀྱི་འཁོར་ལོ་རང་ཉིད་ལ་ཐིམ། ཞེས་བརྗོད། གསང་བར་ཧཾ་ཡིག་ཞེས་པ་ནས། འབྱུང་པོའི་འཁོར་ལོ་རྣམས་གཤེགས་སུ་གསོལ། བསོད་ནམས་འདི་ཡིས་འགྲོ་རྣམས་སོགས་དང༌། བཀྲ་ཤིས་ཀྱི་ཚིག་གང་འོས་བྱའོ། །ཞེས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་འཁྲིད་ཀྱི་སྔོན་དུ་འགྲོ་བའི་དབང་གོང་མ་བསྐུར་ཚུལ། རིགས་ལྡན་སྤྲུལ་པའི་སྐུ་ཀུན་མཁྱེན་ཇོ་ནང་པ་ཆེན་པོ་ཡབ་སྲས་ཀྱི་ཕྱག་བཞེས་ཕྱིན་ཅི་མ་ལོགས་པ་དེ་བསྟན་ཟིན་ཏོ། །ཞེས་པ་འདི་ཡང་དོན་གཉེར་དུ་མས་བསྐུལ་བའི་ངོར། ཏཱ་ར་ནཱ་ཐས་སྨྲས་པ་སྟེ། ནགས་རྒྱལ་གྱི་དབེན་གནས་དཔལ་ཇོ་མོ་ནང་དུའོ།། །།བཀྲ་ཤིས།


TNT02_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དཔལ་དུས་ཀྱི་འཁོར་ལོ་སྙིང་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཡེ་ཤེས་འོད་འཕྲོ།


TNT02_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོ་སྙིང་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཡེ་ཤེས་འོད་འཕྲོ་ཞེས་བྱ་བ་བཞུགས།


TNT02_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱཿ དཔལ་དུས་ཀྱི་འཁོར་ལོ་སྙིང་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཡེ་ཤེས་འོད་འཕྲོ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དཔལ་ལྡན་འགྱུར་མེད་ཡེ་ཤེས་དངོས། །རྣམ་པར་རྟོག་པ་ཀུན་སྤངས་ཤིང༌། །མིང་དང་ཚིག་ལས་རབ་འདས་པ། །ཆོས་དབྱིངས་དེ་ལ་ཕྱག་འཚལ་འདུད། །སྤྲོས་མེད་བརྗོད་པ་དང་བྲལ་བ། །ཆགས་ཐོགས་མེད་པའི་གནས་ལུགས་ནི། །རྣམ་པ་ཀུན་ཏུ་འཆར་བ་ཡི། །ཡེ་ཤེས་དེ་ལ་ཕྱག་འཚལ་ལོ། །བརྟགས་པའི་དྲི་མ་ཀུན་བྲལ་ཡང༌། །དབྱིབས་ཀྱི་རྣལ་འབྱོར་ཐམས་ཅད་པ། །བརྡའ་ལས་དོན་དམ་མཚོན་པའི་ཚུལ། །ཡང་ཡང་སྤེལ་བ་འདི་རེ་མཚར། །དེ་ལྟར་བླ་མ་ལྷ་བཅས་ལ་བཏུད་ནས། །རྡོ་རྗེའི་རྣལ་འབྱོར་མངོན་དུ་འགྱུར་བའི་ཕྱིར། །ཀུན་ལ་ཉེར་འཁོར་དཀྱིལ་འཁོར་འཁོར་ལོ་ཡི། །སྒྲུབ་ཐབས་འབྲི་བར་འགྱུར་བ་སུ་ཡིས་འགོག །འདི་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་ལ། རྒྱུད་སྦྱང་བ་ཐུན་མོང་གི་སྔོན་འགྲོ་དང༌། ངེས་པར་བྱ་བ་ཐུན་མོང་མ་


TNT02_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་སྔོན་འགྲོའོ། །དང་པོ་ནི། བདག་ཉིད་སྒྲུབ་ཐབས་ཉམས་ལེན་གྱི་སྐབས་སུ་ངེས་པར་དགོས་པ་ལ། སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་གསུམ་མོ། །དེ་ཡང༌། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་གཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་


TNT02_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷཱརྨ་སྭ་བྷ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རང་གི་སྤྱི་བོར་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུཾ་ལ་ཐིམ། དེ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས། བཅོལ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་རྣམ་པར་བརྒྱན་པ། རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཨོཾ་ཤྲཱི་བཛྲ་ཧེ་


TNT02_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷཱ་ཝ། སུ་པོ་ཥྱོ་མེ་བྷཱ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་བཛྲ་ཧེ་རུ་ཀ་མ་མེ་མུཉྩ་ཧེ་རུ་ཀོ་བྷ་ཝ། མཧཱ་ས་མ་ཡ་སཏྭ་ཨ་ཧཱུཾ་ཕཊ། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱོབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཟླ་བ་ཞུ་བ་ལྟར་གྱུར་པ། བདག་གི་སྤྱི་གཙུག་ནས་ཐིམ་པས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང༌། རང་གི་ལུས་ངག་ཡིད་གསུམ་ཡེ་ཤེས་རྡོ་རྗེ་རྣམས་དབྱེར་མེད་དུ་གྱུར། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམ་པ་བཅུ་ནི། རྡོ་རྗེའི་ཞལ་དག་རིགས་དྲུག་དགོད་པ་དང༌། །རྡོ་རྗེ་བཞི་དང་ཡན་ལག་དྲུག་རྣམས་འགོད། །བདུད་ཚོགས་གཞོམ་ཞིང་བསྲུང་བའི་འཁོར་ལོ་བསྒོམ། །མཁའ་ལ་རྒྱལ་བའི་ཚོགས་རྣམས་རྟོགས་བྱས་སྟེ། །བླ་མེད་མཆོད་པ་རྣམ་པ་བདུན་གྱིས་མཆོད། །ལམ་བསྟེན་སྟོང་པ་ཉིད་ལ་དམིགས་པའོ། །དང་པོ་ནི། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ


TNT02_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

པྲཛྙཱ་ཨུ་པ་ཡ། ཨཱཏྨ་ཀ ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏེ། མ་མ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲཾ། བཛྲ་ཨ་མྲྀ་ཏ་སྭ་བྷ་ཝཾ། ཀུ་རུ་ཀུ་རུ་སྐནྡྷ་དྷཱ་ཏུ་ཨཱ་ཡ་ཏ་ནཾ་ནིཿསྭ་བྷཱ་ཝཾ་སྭཱཧཱ། ལན་གསུམ་བརྗོད། དེ་ནས་གཙུག་ཏོར་གྱི་སྟེང་དུ་ཝཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་ཆ་བཅུ་དྲུག་པ་ཡོངས་སུ་རྫོགས་པར་གྱུར། དེ་ཞུ་བ་ལུས་ལ་ཞུགས་པས་གཙུག་ཏོར་ནས་རྐང་སེན་གྱི་མཐར་ཐུག་པའི་མ་དག་པའི་ལུས་སྦྲུལ་གྱི་ཤུན་པ་ལྟར་ལན་གསུམ་དོར་ཏེ། ལུས་དང་ངག་དང་སེམས་དང་ཡེ་ཤེས་རྣམ་པར་དག་པ་རྡོ་རྗེ་བདུད་རྩིའི་རང་བཞིན་ཟླ་བ་དྲི་མ་མེད་པ་ལྟར་གྱུར། གཉིས་པ་རིགས་དྲུག་འགོད་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། དཔྲལ་བར་ཨོཾ་དཀར་པོ་ལས་སྣང་བ་མཐའ་ཡས་རྩ་བའི་ཞལ་དང་སྐུ་མདོག་དཀར་པོ། གཡས་ཞལ་ནག་ཅིང་གཡོན་ཞལ་དམར་བ། ཕྱག་གཡས་པ་གསུམ་གྱིས་ཐོ་བ། མདུང་རྩེ་གསུམ། གཡོན་པ་གསུམ་གྱིས་འདབ་མ་བརྒྱད་པའི་པདྨ་དཀར་པོ་མེ་ལོང་བགྲང་ཕྲེང་འཛིན་པ། མགྲིན་པར་ཨཱཿདམར་པོ་ལས་རིན་ཆེན་འབྱུང་ལྡན་རྩ་བའི་ཞལ་དང་སྐུ་མདོག་དམར་པོ་གཡས་ཞལ་དཀར་ཞིང་གཡོན་ཞལ་ནག་པ། ཕྱག་གཡས་པ་གསུམ་གྱིས་མེའི་མདའ། རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌ་མ་རུ། གཡོན་པ་གསུམ་གྱིས་གཞུ། ཞགས་པ་རིན་པོ་ཆེ་རྩེ་མོ་དགུ་པ་འོད་འཕྲོ་བ་འཛིན་པ། སྙིང་གར་ཧཱུཾ་ནག་པོ་ལས་དོན་ཡོད་གྲུབ་པ་རྩ་བའི་ཞལ་དང་སྐུ་མདོག་ནག་པོ།


TNT02_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རལ་གྲི། གྲི་གུག རྩེ་གསུམ། གཡོན་པ་གསུམ་གྱིས་ཕུབ། ཐོད་པ ཁ་ཊྭཱཾ་ག་དཀར་པོ་འཛིན་པ། ལྟེ་བར་ཧོཿསེར་པོ་ལས་རྣམ་པར་སྣང་མཛད་རྩ་བའི་ཞལ་དང་སྐུ་མདོག་སེར་པོ། གཡས་ཞལ་དཀར་ཞིང་གཡོན་ཞལ་ནག་པ། ཕྱག་གཡས་པ་གསུམ་གྱིས་འཁོར་ལོ་དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་པ་གསུམ་གྱིས་དུང༌། རྡོ་རྗེ་ལྕགས་སྒྲོག སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ། གཙུག་ཏོར་དུ་ཧཾ་ལྗང་ཁུ་ལས་མི་བསྐྱོད་པ། རྩ་བའི་ཞལ་དང་སྐུ་མདོག་ལྗང་ཁུ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ། གྲི་གུགདགྲ་སྟ། གཡོན་པ་གསུམ་གྱིས་རྡོ་རྗེ་དྲིལ་བུ་ཐོད་པ་ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ། གསང་བར་ཀྵཿསྔོན་པོ་ལས་རྡོ་རྗེ་སེམས་དཔའ་རྩ་བའི་ཞལ་དང་སྐུ་མདོག་སྔོན་པོ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ་གྲི་གུག དགྲ་སྟ། གཡོན་པ་གསུམ་གྱིས་རྡོ་རྗེ་དྲིལ་བུ་ཐོད་པ་ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ། ཐམས་ཅད་ཀྱང་སོ་སོར་དཔའ་བོ་གཅིག་པའི་རྣམ་པ་རྣམས་འཁོད་པར་གྱུར། གསུམ་པ་རྡོ་རྗེ་བཞི་དག་པ་ནི། ལག་པ་ཕན་ཚུན་མཉེ་ཞིང་དཀྲུག་པའི་ཕྱག་རྒྱ་བྱས་ནས། ཨོཾ་ཧྲཿསརྦ་ཨསྟྲཱ་རཱ་ཛ། མཱ་ར་ཀླེ་ཤ་ཨནྟ་ཀ་ར། བཛྲ་ཏཱིཀྵྞ་དུཿཁ་ཙྪེ་ད་མ་མ་ཀ་རཾ་བི་ཤོ་དྷ་ཡ་སྭཱཧཱ། ལག་པ་གཡོན་པའི་


TNT02_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

མཐེའུ་ཆུང་ལ་སོགས་པ་རྩ་བའི་ཚིགས་རྣམས་སུ། ཨ་ཨི་རྀ་ཨུ་ལྀ། དབུས་ཀྱི་ཚིགས་རྣམས་སུ། ཨ་ཨེ་ཨར་ཨོ་ཨལ། སྟེང་གི་ཚིགས་རྣམས་སུ། ཧ་ཡ་ར་ཝ་ལ། ལག་པ་གཡས་པའི་མཐེ་བོང་ལ་སོགས་པའི་སྟེང་གི་ཚིགས་རྣམས་སུ། ལཱ་ཝཱ་རཱ་ཡཱ་ཧཱ། དབུས་ཀྱི་ཚིགས་རྣམས་སུ་ཨཱལ་ཨཽ་ཨཱར་ཨཻ་ཨཱ། རྩ་བའི་ཚིགས་རྣམས་སུ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ། ལག་པ་གཉིས་ཀ་སྦྱར་བའི་དབུས་སུ་ཧཱུཾ་གི་ཡི་གེ་མཐོན་མཐིང༌། ཟླ་བ་ཉི་མ་སྒྲ་གཅན་གྱི་ས་བོན་དེ་དག་ལས་གྲུབ་པའི་ལག་པ་རྡོ་རྗེ་རྩེ་ལྔ་པར་གྱུར། ཐལ་མོ་སྦྱར་བའི་མཐེ་བོང་གཙུག་ཏོར་ནས་བརྩམས་ཏེ་ལུས་ཐམས་ཅད་ལ་རེག་ཅིང༌། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏེ་བཛྲ་ཀཱ་ཡ། མ་མ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲཾ་བཛྲ་ཀཱ་ཡ་སྭ་བྷཱ་ཝཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། བཞི་པ་ཡན་ལག་དྲུག་དགོད་པ་ནི། ཐལ་མོ་སྦྱར་བའི་མཐེ་བོང་གཉིས་སྙིང་གར་རེག་ལ། ཨོཾ་ཧླཱྀ་ཧྲི་ད་ཡཱ་ཡ་ན་མ། དཔྲལ་བར་རེག་ནས། ཨོཾ་ཧྲཱུཾ་སི་ར་སི་སྭཱཧཱ། གཙུག་ཏོར་དུ་རེག་ནས། ཨོཾ་ཧྲིཾ་ཤི་ཁཱ་ཡཻ་བཽ་ཥཊ། ཡན་ལག་རྣམས་ལ་རེག་སྟེ། ཨོཾ་ཧྲཱིཾ་ཀ་བ་ཙཱ་ཡ་ཧཱུཾ། མིག་གཉིས་ལ་རེག་སྟེ། ཨོཾ་ཧྲཱཾ་ནཻ་ཏྲ་ཡ་ཝ་ཥཊ། གཡོན་པའི་མཐེབ་མཛུབ་ཕྱོགས་བཅུར་བརྡབས་ལ། ཨོཾ་ཧྲཿཨསྟྲ་ཡ་ཕཊ། ང་རྒྱལ་བཟུང་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཡ་ཧྲི་ད་ཡ་སི་རཿཤི་ཀ་ཝ་ཙ་ནཻ་ཏྲ། ཨ་ཏྲ་བཛྲ། ཥཊ་ཨཾ་ག་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ལྔ་པ་བདུད་ཚོགས་གཞོམ་པ་ལ། སྔོན་དུ་འགྲོ་བ་གཏོར་མ་ནི། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཨོཾ་ཨོཾ་བཛྲ་ཙནྡྲ་སརྦ་


TNT02_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

དྷརྨ་སུ་བི་ཤུདྡྷ་སྭ་བྷཱ་ཝ་སརྦ་དྷརྨཱན་བི་ཤོ་དྷ་ཡ་སྭཱཧཱ། ཨོཾ་ཨཱཿབཛྲ་སཱུརྱ་སརྦ་དྷརྨ་པ་བོ་དྷ་ཀ་སརྦ་དྷརྨཱན་པྲ་བོ་དྷཱ་ཡ་སྭཱཧཱ། ཨོཾ་ཧཱུཾ་བཛྲ་ཨ་ན་ལ་སརྦ་དྷརྨ་པྲ་དཱི་པ་ཀ་སརྦ་དྷརྨཱན་པྲ་དཱི་པ་ཡ་སྭཱཧཱ། ཨོཾ་ཧོཿསརྦ་དྷརྨ་བཛྲ་ཨ་མྲྀ་ཏ་ཀ་ར་སརྦ་དྷརྨཱན་བཛྲ་ཨ་མྲྀ་ཏཾ་ཀུ་རུ་ཀུ་རུ་སྭཱཧཱ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅས་ཏེ། ཨོཾ་ཨཱཿཧུཾཾ། ཡུལ་གྱི་བདག་པོ་ས་པ་རི་ཝཱ་ར་ཡ། ཨེ་དཾ་བཱ་ལིང༌། གནྡྷཾ། པུཥྤཾ། དྷུ་པཾ། པྲ་དཱི་པཾ། ཨཀྵ་ཏཾ། ད་ད་མ་ཧེ། ས་པ་རི་ཝཱ་ར། ཤཱི་གྷྲཾ། ཨཱ་གཙྪ་ཏུ། ཛཿཧཱུཾ་བཾ་ཧོཿ ཨི་དཾ་བ་ལིང་གྲྀཧྞནྟུ། ཁཱ་ད་ཏུ། བི་ཝ་ཏུ། ས་པ་རི་ཝཱ་ར་ཀ སརྦ་སཏྭ་ནཾ། ཤཱནྟཾ། པུཥྟིཾ། རཀྵ་ཨ་ཝ་ར་ཎ། གུབྟིཾ། ཀ་རོ་ཏུ། ཨི་དཾ་སཏྭཱ་ནཾ། ཏྱཀྟྭ་བ་ཧྱེ་མནྜལ་བྷུ་མྱཱཾ་ཏིཥྛ་ཏུ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི་སྭཱཧཱ། ཁྱིའི་ཕྱག་རྒྱ་བཅས་ལ། ཨོཾ་ཨཱཿཧཱུཾ་གྲོང་གི་བདག་པོ་ཨཱ་གཙྪ་ཨཱ་གཙྪ། ཤཱི་གྷྲཱཾ། ཨི་དཾ་བཱ་ལིང༌། གྲྀཧྞ་གྲྀཧྞ། བྷུཀྟྭ་བི་ཏྭཱ་ཏྲིབྟིཾ། ཀྲི་ཏྭཱ་སརྦ་སཏྭཱ་ནཾ། ཤཱནྟིཾ། ཙིཏྟཾ། ཀྲི་ཏྭ། ཨ་པ་ར་སྠཱ་ནཾ། གཙྪ་གཙྪ་སྭཱཧཱ། འདི་ནི་སྒྲུབ་མཆོད་ཀྱི་བདག་བསྐྱེད་སོགས་ལ་དགོས་ཀྱི། རྒྱུན་གྱི་ཉམས་ལེན་ལ་ནི། སྔོན་འགྲོ་རྒྱས་པའི་སྐབས་ཀྱང་འདི་བོར་བས་རུང་ལ་བྱེད་པའི་ལུགས་ལའང་གང་རུང་རེ་བྱས་ན་ཡང་ལེགས་སོ། །གཉིས་པ་དངོས་ནི། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དཀར་པོ་ལས་རྡོ་རྗེ་རྩེ་མོ་བཅུ་བདུན་པ་དང༌། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿདམར་པོ་ལས་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པ་དང༌། སྙིང་གར་སྒྲ་གཅན་ཀྱི་དཀྱིལ་འཁོར་ལ་ཧཱུཾ་ནག་པོ་


TNT02_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྡོ་རྗེ་རྩེ་མོ་དགུ་པ་དང༌། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོཿསེར་པོ་ལས་རྡོ་རྗེ་རྩེ་མོ་དྲུག་ཅུ་རྩ་ལྔ་པ་དང༌། གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཧཾ་ལྗང་ཁུ་ལས་རྡོ་རྗེ་རྩེ་མོ་ལྔ་པ་དང༌། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵཿསྔོན་པོ་ལས་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པ་རྣམས་སུ་གྱུར། དེ་བཞིན་དུ། ལས་ཀྱི་འཁོར་ལོ་རྣམས་དང༌། བྱ་བའི་འཁོར་ལོ་རྣམས་དང༌། དབང་པོ་རྣམས་དང༌། ལས་ཀྱི་དབང་པོ་རྣམས་ལ་རྡོ་རྗེས་མཚན་པར་གྱུར། དེ་ལྟར་བདག་ཉིད་རྡོ་རྗེའི་སྐུར་གྱུར་ནས། དེ་ཉིད་ལས་འཕྲོས་པའི་རྡོ་རྗེའི་མེ་དཔུང་སྟེང་དང་འོག་ཏུ་ལྗང་ཁུ་དང་སྔོན་པོ། ཤར་དང་མེར་ནག་པོ། ལྷོ་དང་བདེན་བྲལ་དུ་དམར་པོ། བྱང་དང་དབང་ལྡན་དུ་དཀར་པོ། ནུབ་དང་རླུང་དུ་སེར་པོ་འབར་ཞིང་རབ་ཏུ་འབར་བའི་རྡོ་རྗེ་རྣམས་ཀྱིས་སེམས་ཅན་རྣམས་ལ་རྣམ་པར་འཚེ་བར་བྱེད་པའི་བདུད་ཀྱི་ཚོགས་ཕྱོགས་བཅུ་ན་གནས་པ་མཐའ་དག་ངེས་པར་བསྲེགས་ནས་བདེ་བ་ཆེན་པོ་ལ་བཀོད་པར་གྱུར། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཧྲཱཿཧྲཱཿཧྲཱཿཧྲཱཿ ར་ར་ར་ར་བཛྲ་ཨ་ན་ལ། སརྦ་ཨ་པ་ར་ཎ་དྷརྨ་པྲ་ལ་ཡ་སྭ་བྷཱ་ཝ། སརྦ་མཱ་ར་ཀཱ་ཡི་ཀ བིགྷྣན་བི་ནཱ་ཡ་ཀ་ཨཱ་དཱི་ནཱཾ། ད་ཤ་དིཀ་ག་ཏཱ་ནཱཾ། ཀཱ་ཡ་ཝཱཀྩིཏྟཱ་ནི། ད་ཧ་ད་ཧ། པ་ཙ་པ་ཙ། བྷསྨིན་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་ལན་གསུམ་སོགས་དྲག་ཏུ་འདོན་ནོ། །དྲུག་པ་སྲུང་པའི་འཁོར་ལོ་བསྒོམ་པ་ནི། རྡོ་རྗེའི་ས་གཞི་དང་རྭ་གུར་རབ་ཏུ་ཡངས་པའི་དབུས་སུ་འཁོར་ལོ་རྩིབས་བཅུ་པ། ཨོཾ་པཾ་བི་ཤྭ་བཛྲ་པདྨཾ་ཀུ་རུ་ཀུ་རུ་སྭཱཧཱ། དབུས་ཀྱི་ལྟེ་བའི་ནང་དུ་ཁྲུ་བཅུ་


TNT02_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ཨོཾ་རཿབཛྲ་སཱུརྱ་བཛྲ་སཱུརྱ་ཨཱ་ས་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། པདྨའི་ལྟེ་བ་ཁྲུ་བཞི་པའི་སྟེང་དུ། དེ་དང་མཉམ་པའི་ཉི་མའི་གདན་དང༌། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བདག་ཉིད་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དང་མཚུངས་པ་ལས། སྐུ་མདོག་ནག་པོ་དུས་མཐའི་སྤྲིན་དང་མཚུངས་ཤིང༌། ལྷག་པའི་ཕྱག་གཉིས་ཏེ། ཕྱག་ཉི་ཤུ་རྩ་དྲུག་དང་ལྡན་པ། ཡི་དྭགས་ཀྱི་གདན་ལ་གནས་པ། ཞལ་ཐམས་ཅད་མཆེ་བ་གཙིགས་པ། རབ་ཏུ་ཁྲོས་ཤིང་འཇིགས་སུ་རུང་བ་ཅན། སྤྱན་དམར་པོ་གསུམ་གསུམ་དང་ལྡན་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་བསྐྱོད་པས་དབུ་བརྒྱན་པ། སྐུ་ལ་རུས་པའི་ཕྱག་རྒྱ་ལྔ་དང་ལྡན་པ། ཕྲག་པར་བདུད་རིགས་བརྒྱའི་མགོ་བོའི་འཕྲེང་བ་འཕྱང་བ། སྤྱི་བོར་ཐོད་པ་ལྔའི་འཕྲེང་བས་བརྒྱན་པའོ། །ལྷག་པའི་ཕྱག་གཉིས་ཀྱི་གཡས་པ་ནག་པོ་དང་གཡོན་པ་སེར་པོས་སྡིགས་མཛུབ་དང་བཅས་ཏེ། གླང་པོ་ཆེའི་པགས་པ་རློན་པ་ཁྲག་དང་བཅས་པ་མགོ་བོ་གཡས་སུ་བསྟན་པའི་རྐང་ལག་གཉིས་ནས་བཟུང་སྟེ་གྱོན་ཞིང༌། བདུད་ཀྱི་མགོ་བོ་དང་ཁྲག་གིས་གང་བའི་ཐོད་པ་བསྣམས་པའོ། །ཀླུའི་དབང་པོ་རྒྱལ་བ་ཅོད་པན་ལ་བཅིངས་ཤིང༌། རྣམ་པར་རྒྱལ་བ་དར་དཔྱངས་ལ་བཅིངས་པས་གནས་པ། སྟོབས་ཀྱི་རྒྱུད་དང་པདྨ་རྣ་རྒྱན་ལ་གནས་པ། ནོར་རྒྱས་དང་དུང་སྐྱོང་ཕྱག་གདུབ་ལ་གནས་པ། མཐའ་ཡས་དང་རིགས་ལྡན་འོག་པག་དང་མགུལ་རྒྱན་ལ་གནས་པ་


TNT02_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་པོ་དང་པདྨ་ཆེན་པོ་ཞབས་གདུབ་ལ་གནས་པ། དེ་ལྟར་བདག་ཉིད་ཁྲོ་བོའི་དབང་པོ་དུས་མཐའི་སྤྲིན་དང་མཚུངས་ཤིང༌། རབ་ཏུ་འཇིགས་པའི་སྐུར་གྱུར། ཨོཾ་ཧཱུཾ་ཀྲོ་དྷ་ཨིནྡྲོ྅ཧཾ་ཀྲོ་དྷཱ་ནཱཾ་ཨཱཛྙཱ་དཱ་ཡ་ཀ་སྭཱཧཱ། འཁོར་ལོའི་རྩིབས་རྣམས་ཀྱི་ནང་དུ། རཿཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རྣམས་སུ་གྱུར། བདག་ཉིད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧ་ཡ་ར་ཝ་ལ་བརྩེགས་པའི་རང་བཞིན་ཡི་གེའི་གོང་བུ་རྣམས་སུ་གྱུར། ཧ་ཧཱ་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་དང་སྔོན་པོ་དག་ཡོངས་སུ་གྱུར་པ་ལས་གཙུག་ཏོར་འཁོར་ལོས་བསྒྱུར་བ་མི་བསྐྱོད་པ་ལྟ་བུ་དང༌། གནོད་མཛེས་རྒྱལ་པོ་རྡོ་རྗེ་སེམས་དཔའ་ལྟ་བུ་དག་ཞལ་གྱི་གཙོ་བོའི་གཡོན་དང་གཡས་ཀྱི་རྣ་བ་དག་ནས་སྤྲོས་ཏེ། སྟེང་དང་འོག་ཏུ་རྩིབས་ཀྱི་ནང་དུ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་གནས་པའོ། །ཡི་ཡཱི་ལས་བྱུང་བའི་རལ་གྲི་ནག་པོ་དག་ཡོངས་སུ་གྱུར་པ་ལས། བགེགས་མཐར་བྱེད་དང་དབྱུག་སྔོན་ཅན་དོན་ཡོད་གྲུབ་པ་ལྟ་བུ་དག གཡོན་དང་གཡས་ཀྱི་སྣ་བུག་དག་ནས་སྤྲོས་ཏེ། ཤར་དང་མེའི་རྩིབས་སུ་གནས་པ་དང༌། ལས་བྱུང་བའི་རིན་པོ་ཆེ་དམར་པོ་དག་ཡོངས་སུ་གྱུར་པ་ལས། ཤེས་རབ་མཐར་བྱེད་དང་ཊཀྐི་རིན་ཆེན་འབྱུང་ལྡན་ལྟ་བུ་དག གཡོན་དང་གཡས་ཀྱི་མིག་དག་ནས་སྤྲོས་ཏེ། ལྷོ་དང་བདེན་བྲལ་གྱི་རྩིབས་སུ་གནས་པ་དང༌། ཝུ་ཝཱུ་ལས་བྱུང་བའི་པདྨ་དཀར་པོ་དག་ཡོངས་སུ་གྱུར་པ་ལས། པདྨ་མཐར་བྱེད་དང་མི་གཡོ་བ་སྣང་བ་མཐའ་ཡས་ལྟ་བུ་དག ལྕེ་དང་ཆུ་ལམ་ནས་སྤྲཽས་ཏེ།


TNT02_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དང་དབང་ལྡན་གྱི་རྩིབས་སུ་གནས་པ་དང༌། ལླྀ་ལླཱྀ་ལས་བྱུང་བའི་འཁོར་ལོ་སེར་པོ་དག་ཡོངས་སུ་གྱུར་པ་ལས་གཤིན་རྗེ་མཐར་བྱེད་དང་སྟོབས་པོ་ཆེ་རྣམ་པར་སྣང་མཛད་ལྟ་བུ་དག བཤང་ལམ་དང་གཙུག་ཏོར་ནས་སྤྲོས་ཏེ། ནུབ་དང་རླུང་གི་རྩིབས་སུ་གནས་པ་སྟེ། ཐམས་ཅད་ཀྱང་ཉི་མའི་དཀྱིལ་འཁོར་ལ་གཡས་བརྐྱང་གི་སྟབས་ཀྱིས་གནས་ཤིང༌། ཁྲོ་བོའི་དབང་པོ་ལྟ་བུའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཀྵ་ཙཀྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་ཧཾ་བཛྲ་ཀྲོ་དྷ་རཱ་ཛ་མཧཱ་ཨུཥྞི་ཥ་ཨུརྡྷི་དཱི་ཤི་རཀྵ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཡཾ་བཛྲ་ཀྲོ་དྷ་རཱ་ཛ་ཨ་ཏི་བཱ་ལ་སརྦ་བིགྷྣན་ཨནྟ་ཀ་པཱུརྦ་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་རཾ་བཛྲ་ཀྲོ་དྷ་རཱ་ཛ་ཛཾ་བྷ་ཀ་དུཥྟཾ་པྲཛྙཱ་ཨནྟ་ཀ་དཀྵི་ཎ་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཝཾ་བཛྲ་ཀྲོ་དྷ་རཱ་ཛ་མཱ་ན་ཀ་བི་རཱ་ག་པདྨ་ཨནྟ་ཀ་ཨུཏྟ་ར་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ལཾ་བཛྲ་ཀྲོ་དྷ་རཱ་ཛ་སྟྭཾ་བྷ་ཀ་ཡ་མ་ཨནྟ་ཀ་པཤྩི་མ་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ལཱཿབཛྲ་ཀྲོ་དྷ་རཱ་ཛ་མཧཱ་བཱ་ལ་བཱ་ཡ་བྱཱཾ་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཝཱཿབཛྲ་ཀྲོ་དྷ་རཱ་ཛ་ཨ་ཙ་ལ་ཨི་ཤཱ་ན་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་རཱཿབཛྲ་ཀྲོ་དྷ་རཱ་ཛ་ཊཀྐི་ནཻ་རི་ཏྱཱཾ་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཡཱཿབཛྲ་ཀྲོ་དྷ་རཱ་ཛ་ནཱི་ལ་དནྚ་ཨགྣ་ཡཾ་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཧཱཿབཛྲ་ཀྲོ་དྷ་རཱ་ཛ་སུམྦྷ་ཨ་དྷོ་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། དེ་དག་གིས་ཀྱང་བགེགས་དང་ལོག་པར་འདྲེན་པ་རྣམས་རྡོ་རྗེ་ལྕགས་ཀྱུས་བཏབ་ཅིང་རྡོ་རྗེ་ཞགས་པས་བཅིངས་པ་རྣམས་ཀྱི་སྟེང་དུ། རྡོ་རྗེ་ཕུར་བུ་རྣོ་ཞིང་རབ་ཏུ་འབར་བ། སྟོད་ཁྲོ་བོའི་གཟུགས་


TNT02_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ཀྱིས་བཏབ་པར་གྱུར། ཕུར་བུ་བསྒྲིལ་པའི་སྔགས་ནི། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། བཛྲ་ཀཱི་ལ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏེ་ཥཊ་མུ་ཁ། ཥཊ་བྷུ་ཛ། ཥཊ་ཙ་ར་ཎ། སརྦ་བིགྷྣན་བི་ནཱ་ཡ་ཀ ཨཱ་དི་དུཥྟཱཾ་ནཾ། ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ནཱ་ནི། ཀཱི་ལ་ཡ་ཀཱི་ལ་ཡ་ཧུཾ་ཧཱུཾ་ཕཊ། ཕུར་བུ་འདེབས་པའི་སྔགས་ནི། ཨོཾ་ལླཱྀ་བཛྲ་མུད་ག་ར་མཱ་ར་ཨཱ་དཱི་ནཱཾ། ས་ར་སི་ཀནྛེ་ཧྲི་ད་ཡེ་ནཱ་བྷཽ་གུ་ཧྱེ། ཨནྟེ་བཛྲ་ཀཱི་ལ་ཀཱ་ན། ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ། ཀྵཾ་ཀྵཱཾ་ཀྵིཾ་ཀྵཱིཾ་ཀྵུཾ་ཀྵཱུཾ་ཀྵླྀཾ་ཀྵླཱྀཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། རྡོ་རྗེའི་ཐོ་བས་བརྡུངས་ཏེ་བགེགས་ཀྱི་ཚོགས་རྣམས་བདེ་བ་ཆེན་པོར་རོ་གཅིག་པའི་དེ་བཞིན་ཉིད་རྣམ་པར་དག་པར་གྱུར་ཞིང༌། ལྷག་མ་རྣམས་ཀྱང་རིང་དུ་བྲོས་པར་གྱུར། བཛྲ་བྷཻ་ར་ཝ་བྷིསྐཱ་རཱ་ཡ་ས་པ་རི་ཝ་རེ་བྷྱཿ བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ བཛྲ་དྷུ་པཾ་པྲ་ཏཱིཙྪ་ན་མཿ བཛྲ་དཱི་པཾ་པྲ་ཏཱིཙྪ་ན་མཿ བཛྲ་ནཻ་ཝི་ཏྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ཨཀྵ་ཏཾ་པྲ་ཏཱིཙྪ་ན་མཿ བཛྲ་ལཱ་སྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ཧ་སྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ཝཱ་ཏྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ནྲྀ་ཏྱཾ་པྲ་ཏཱིཙྪ་ན་མཿ བཛྲ་གཱི་ཏཾ་པྲ་ཏཱིཙྪ་ན་མཿ བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ གསང་བར་ཧཾ་ཡིག་ལ་ཁྲོ་བོའི་འཁོར་ལོ་རྣམས་གཤེགས་སུ་གསོལ། དེ་ཡན་ཆད་ལ། རྒྱུན་གྱི་ཉམས་ལེན་ལ་བསྡུས་པ་ཁོ་ན་ལ་དགའ་བས་ལྷ་དགུའི་སྐབས་སུ་བཤད་པ་ལྟར་བྱས་ཀྱང་རུང་ངོ༌། །བདུན་པ་ཚོགས་ཀྱི་ཞིང་སྤྱན་འདྲེན་པ་ནི། བདག་ཉིད་སྐད་ཅིག་གིས་དུས་ཀྱི་འཁོར་ལོའི་སྐུར་གསལ་བའི་སྙིང་གར་པཾ་ལས་བྱུང་བའི་པདྨ་དམར་པོའི་འདབ་མ་བརྒྱད་པའི་ལྟེ་བར་ཨཾ་ཡིག་ཡོངས་སུ་


TNT02_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང༌། དེ་ལས་རྡོ་རྗེ་ཉི་མ་བཞིན་དུ་འོད་ཟེར་ཁ་དོག་ལྔ་རྣམས་འཕྲོས་པས། བླ་མ་དང་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་རྣམ་པས། ནམ་མཁའི་མཐིལ་དུ་བཛྲ་ས་མཱ་ཛཿ འོད་ཟེར་གྱི་ཚོགས་རྣམས་རང་གི་སྙིང་གའི་རྡོ་རྗེ་ལ་ཞུགས་པར་གྱུར། བརྒྱད་པ་མཆོད་པ་རྣམ་པ་བདུན་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཨོཾ་བཛྲ་གནྡྷེ་གནྡྷ་ཨརྩྪ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་མཱ་ལེ་མཱུ་ལ་ཨརྩྪ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་དྷཱུ་པེ་དྷུ་པ་ཨརྩྪ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་པྲ་དཱི་པེ་པྲ་དཱི་པ་ཨརྩྪ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཨ་མྲྀ་ཏེ་ནཻ་ཝེ་ཏྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཨཀྵ་ཏེ་ཨཀྵ་ཏ་ཕ་ལ་ཨརྩྪ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ལཱ་སྱེ་ཝསྟྲ་ཨ་བྷ་ར་ཎ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཧ་སྱ་གྷཎྜ་ཨཱ་དརྴ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཝ་ཏྱེ་ཝ་ཏྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ནྲྀ་ཏྱེ་


TNT02_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ནྲྀ་ཏྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་གཱི་ཏེ་གཱི་ཏ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཀཱ་མེ་སརྦ་བུདྡྷ་བོ་དྷི་སཏྭ་ནཾ་ཀྲོ་དྷ་ཨ་དཱི་ནཱཾ། བཛྲ་སུ་ར་ཏ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། སྲིད་འགྲོ་ཉམས་དར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་རྣམ་མང་དགེ་བ་གང་མཛད་པ། །དེ་དག་མཐའ་དག་ལ་ནི་སྡིག་པ་རྣམས་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པས་རྗེས་ཡི་རང༌། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་ལུས་འབུལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་མྱ་ངན་མི་འདའ་ཡུན་རིང་བཞུགས་པར་གསོལ་བ་འདེབས། །རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་འདིར་ནི་སྨོན་ལམ་སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ། །དགུ་པ་ལམ་བསྟེན་པ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །བསམ་པ་རྣམ་པར་དག་པ་དང༌། །བདག་དང་བདག་གིར་འཛིན་སྤོང་བའི། །རྩ་བ་གསུམ་དང་ཕར་ཕྱིན་བཅུ། །ཚད་མེད་བསྡུ་དངོས་བཞི་བསྟེན་བགྱི། །མི་དགེ་བཅུ་དང་སྒྲིབ་པ་ལྔ། །ཉོན་མོངས་བཞི་དང་ཟག་པ་བཞི། །དེང་ནས་བརྩམས་ཏེ་སྤངས་པར་བགྱི། །བཅུ་པ་སྟོང་པ་ཉིད་ལ་དམིགས་པ་ནི། དངོས་པོ་མེད་ལ་བསྒོམ་པ་མེད། །སྒོམ་པ་བསྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པ། །སྒོམ་པ་དམིགས་


TNT02_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པའོ། ཁམས་གསུམ་པོ་རྣམ་པར་དཔྱད་ན་ཅིར་ཡང་མི་དམིགས་པ་དང༌། བདག་ཉིད་ཀྱི་ལུས་ཀྱི་ཆུའི་ཁམས་ཀྱིས་མེ་རྣམ་པར་ཉམས་ཤིང༌། མེ་མེད་པས་ས་ཡང་སྲ་བ་ཉིད་དོར་ནས་ལན་ཚྭ་བཞིན་དུ་ཞུ་བར་གྱུར་ཏེ། །ཆུ་ལ་ཐིམ་ཞིང༌། ཆུ་ཡང་རླུང་གིས་བསྐམས་པར་བྱས་ནས་རླུང་གི་ཚོགས་རྣམས་ནམ་མཁའ་ལ་མི་སྣང་བར་གྱུར་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨ་ནི་མིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨ་ན་བྷིསྐཾ་ར་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གཉིས་པ་དངོས་གཞིའི་རྣལ་འབྱོར་ལ། སྐུ་རྫོགས་པ་བསྙེན་པའི་ཡན་ལག་དཀྱིལ་འཁོར་རྒྱལ་མཆོག གསུང་རྫོགས་པ་ཉེ་བར་སྒྲུབ་པའི་ཡན་ལག་ལས་རྒྱལ་མཆོག ཐིག་ལེ་རྫོགས་པ་སྒྲུབ་པའི་ཡན་ལག་ཐིག་ལེའི་རྣལ་འབྱོར། བདེ་བ་རྫོགས་པ་སྒྲུབ་པ་ཆེན་པོའི་ཡན་ལག་ཕྲ་མོའི་རྣལ་འབྱོར་རོ། །དང་པོ་ལ། རྟེན་གཞལ་ཡས་ཁང་བསྒོམ་པ་དང༌། བརྟེན་པ་ལྷ་བསྒོམ་པ་གཉིས་ལས། དང་པོ་གཞལ་ཡས་ཁང་གསལ་གདབ་པ་ནི། རྡོ་རྗེའི་རང་བཞིན་རྩིབས་བཅུ་པ། ཟླུམ་པོའི་དབུས་སུ་ཆོས་འབྱུང་ནམ་མཁའི་ཁམས་ལ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ། དབུས་སུ་གཞུའི་རྣམ་པ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་དབུས་སུ་གྲུ་གསུམ་གྱི་རྣམ་པ་བཀྲ་ཤིས་ཀྱིས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་དབུས་སུ་ཟླུམ་པོའི་རྣམ་པ་པདྨའི་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་


TNT02_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སེར་པོ་དབུས་སུ་གྲུ་བཞིའི་རྣམ་པ་རྡོ་རྗེས་མཚན་པ། དེ་ཐམས་ཅད་ཀྱང་སྟེང་དང་འོག་ཏུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གཉིས་གཉིས་དང་ལྡན་པར་གྱུར། སའི་སྟེང་དུ་མཾ་ལས་རི་རབ་ལྷུན་པོ་དེའི་སྟེང་དུ་ཀྵཾ་ལས་སྣ་ཚོགས་ཆུ་སྐྱེས་ལྟེ་བར་པདྨའི་སུམ་ཆའི་ཚད་དང་ལྡན་པ། དེའི་སྟེང་དུ་ཧཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་པདྨའི་ལྟེ་བ་དང་མཉམ་པ། དེའི་སྟེང་དུ་རྣམ་པར་བཅད་པ་ལས་ཉི་མའི་དཀྱིལ་འཁོར་ཟླ་བ་དང་མཉམ་པ། དེའི་སྟེང་དུ་ཐིག་ལེ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་མཐོན་མཐིང་ཉི་མ་དང་མཉམ་པ། དེ་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་ལས་ཞེས་པའི་ས་བོན་གྱི་ཡེ་གེ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་གྱི་ཁམས་སྔ་མ་བཞིན་དུ་གྲུབ་པར་གྱུར། ལྷུན་པོའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་གུར་རབ་ཏུ་ཡངས་པའི་དབུས་སུ་རྡོ་རྗེའི་ས་གཞི་ཕྱོགས་ཀྱི་མདོག་ཅན་གྱི་གཞི་ལ་བྷྲུཾ་ཡོངས་སུ་གྱུར་པ་ལས། ཡེ་ཤེས་རིན་པོ་ཆེ་ལྔའི་རང་བཞིན་གྱི་དཀྱིལ་འཁོར་གྲུ་བཞི་པ། སྒོ་བཞི་དང་ལྡན་པ། ནང་ནས་རིམ་པ་བཞིན་དུ་རིན་པོ་ཆེ་ནག་པོ་དང༌། དམར་པོ་དང༌། དཀར་པོའི་ར་བ་རིམ་པ་གསུམ་དང་ལྡན་པ་སྟེ། སྒོ་དང་མཉམ་པའི་སྒོ་ཁྱུད་དང༌། སྒོ་འགྲམ་དང༌། སྒོ་ལོགས་ཏེ་གློ་འབུར་གྱི་རྣམ་པར་གྲུབ་པའི་སྒོ་ཁང་ཉིད་དོ། །ར་བའི་ཕྱི་རོལ་དུ་སྟེགས་བུ་དཀར་པོ་འགྲམ་སྟེགས་ཀྱི་རྣམ་པ་ཅན་ཁོར་ཡུག་ཏུ་ཡོངས་སུ་བསྐོར་བ་དང༌། ར་བའི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དམར་པོ་ཁ་བད་ཀྱི་རྣམ་པ་ཅན་ལ་རིན་པོ་ཆེ་དུ་མས་མཛེས་པར་སྤྲས་པ་དང༌། དེའི་


TNT02_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཐོག་ཕུབས་ཀྱི་གདུང་འདེགས་པའི་ཀ་ཐུང་རྣམས་ཀྱི་བར་བར་དུ་ཆུ་སྲིན་མ་ཀ་རའི་ཁ་ནས་འཕྱང་བའི་དོ་ཤལ་དང་དོ་ཤལ་ཕྱེད་པ་དཀར་པོ་མེ་ལོང་དང་རྔ་ཡབ་དང་བཅས་པ། སྟེང་དུ་བྱ་འདབས་ལས་ཐུར་དུ་འཕྱང་བའི་བཱ་ཀུ་ལི་དང༌། སྟེང་དུ་མཛེས་པར་མཚར་དུ་དངར་བའི་ཀྲ་མ་ཤིརྵ་དཀར་པོའོ། །སྒོ་ཁང་རྣམས་ཀྱི་སྟེང་དུ་སྒོ་ལས་སུམ་འགྱུར་གྱི་རྟ་བབས་ནོར་བུ་གསེར་གྱི་རང་བཞིན་བརྩེགས་མ་གསུམ་དང༌། སྒོ་ལོགས་ཀྱི་གཡས་དང་གཡོན་གྱི་སྟེགས་བུའི་སྟེང་དུ་བཙུགས་པའི་ཀ་བ་སེར་པོ་བཞི་བཞིསབཏེགས་པ་རྣམས་ཏེ། བརྩེགས་མ་རེ་རེ་ལའང་གདུང་དང་མྱོས་པ་སྲུང་བ་དང༌། ཀ་ཐུང་རྣམས་ཀྱི་བར་བར་དུ་མཆོད་པའི་ལྷ་མོའི་གནས་གསུམ་གསུམ་དང་ལྡན་པ། འོག་གཞི་ཁ་དོག་སྣ་ཚོགས་པ་ཤིན་ཏུ་མཛེས་པའོ། །དེ་ལ་བརྩེགས་མ་དང་པོའི་ལོགས་གཉིས་ནས་གླང་པོ་ཆེ་མནན་པའི་སེང་གེ་དག་དང༌། བརྩེགས་མ་གཉིས་པ་དང་གསུམ་པའི་ལོགས་གཉིས་ནས་མཆོད་པའི་ལྷ་མོ་དག་གིས་གདུང་འདེགས་བཞིན་པ་དང༌། སྟེང་དུ་ཧར་མི་མཛེས་པ་བུམ་པའི་ཏོག་དང་བཅས་པ། བུམ་པའི་གཡས་དང་གཡོན་དུ་རྒྱལ་མཚན་དང༌། རྣམ་བུ་རྣམས་ལས་དྲིལ་བུ་དང༌། མེ་ལོང་དང༌། བ་དན་དང༌། རྔ་ཡབ་ལ་སོགས་པའི་མཆོད་རྫས་དུ་མ་ཉེ་བར་དཔྱངས་པ་སྟེ། གཞལ་ཡས་ཁང་གི་ཟུར་རྣམས་ལ་སྣ་ཚོགས་རྡོ་རྗེ་དང༌། སྒཽ་དང་སྒོ་ཁྱུད་ཀྱི་མཚམས་ཀྱི་ཟུར་ལ་རིན་པོ་ཆེ་དུས་མས་མཛེས་པར་སྤྲས་པའོ། །ཕྱིའི་དཀྱིལ་འཁོར་གྱི་ནང་གི་ཕྱེད་དུ་བདེ་བ་ཆེན་པོའི་འཁོར་


TNT02_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ལོའོ། །དེའི་ཡང་ནང་གི་ཕྱེད་དུ་ཨོཾ་ཡིག་ལས་བྱུང་བའི་གཙོ་བོའི་པདྨ་དང༌། དེའི་ལྟེ་བ་ལ་མ་ཡིག་ལས་བྱུང་བའི་ཟླ་བ་དང༌། ར་ཡིག་ལས་བྱུང་བའི་ཉི་མ་དང༌། ཧཱུཾ་ཡིག་ལས་བྱུང་བའི་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་སྟེང་ནས་སྟེང་དུ་བརྩེགས་པ་སྟེ། གནམ་སྟོང་གི་མཐར་ཉི་ཟླ་གཉིས་ཀ་གཟས་འཛིན་པ་དང༌། རྩ་གསུམ་གཅིག་ཏུ་གྱུར་པའི་དག་པའོ། །བདེ་བ་ཆེན་པོའི་འཁོར་ལོ་ལ་བུང་བའི་མདོག་ཅན་གྱི་ཀ་བ་བཅུ་དྲུག་སྟེ། ཤར་དུ་རལ་གྲིའི་འཕྲེང་བའི་མཚན་པ་བཞི་དང༌། ལྷོར་རིན་པོ་ཆེའི་འཕྲེང་བས་མཚན་པ་བཞི་དང༌། བྱང་དུ་པདྨའི་འཕྲེང་བས་མཚན་པ་བཞི་དང༌། ནུབ་ཏུ་འཁོར་ལོའི་འཕྲེང་བས་མཚན་པ་བཞིའོ། །ཀ་བ་དེ་རྣམས་ཀྱི་ནང་གི་ཐད་སོར་ཡང་གཙོ་བོའི་པདྨ་ལ་གྲུ་བཞིར་བསྐོར་བའི་ཀ་བ་བཅུ་གཉིས་ཏེ། ཕྱི་ནང་གིས་ཀ་བ་དེ་དག་གིས་བཏེགས་པའི་རྡོ་རྗེའི་གདུང་རིམ་པ་གཉིས་ཀྱི་ནང་མ་ནག་པོ་དང་ཕྱི་མ་ལྗང་ཁུའོ། །ནང་གི་ཀ་བ་རྡོ་རྗེའི་གདུང་དང་བཅས་པའི་སྟེང་དུ་ཡང་ཀ་བ་རྣམས་ཀྱིས་བཏེགས་པའི་གཙོ་བོའི་གནས་ཀྱི་ཐོག་ཕུབ་ཕྱུར་བུའི་རྣམ་པ་མཛེས་པ། རྡོ་རྗེ་རིན་པོ་ཆེའི་ཏོག་གིས་ཉེ་བར་མཛེས་པའོ། །ར་བའི་ནང་དུ་སྙིང་པོའི་སྒོའི་དྲུག་ཆ་སྤང་པར་ལྷ་རྣམ་དཀར་པོའོ། །གཙོ་བོའི་པདྨ་འོག་གཞི་སྔོན་པོ་དང༌། དེ་ནས་མཆོད་པའི་སའི་མཐར་ཐུག་པའི་འོག་གཞི་རྡོ་རྗེའི་ས་དང༌། སྟེང་གི་ཐོག་རྣམས་ཀྱི་མདོག་ནི། གཙོ་བོའི་ཞལ་གྱི་དབྱེ་བས། ཤར་ནག་པོ། ལྷོ་དམར་པོ། བྱང་དཀར་པོ། ནུབ་སེར་པོའོ། །ཕྱི་རོལ་མཆོད་པའི་ས་གཞི་ལ་པདྨ་དང་བུམ་པ་བཟང་པོ་ལ་སོགས་པ་མཆོད་པའི་སྤྲིན་ཕུང་དུ་མ་ཉེ་བར་


TNT02_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིགས་པ་དང༌། དེའི་ཕྱི་རོལ་ཏུ་སའི་འཁོར་ཡུག་གི་སྟེང་གི་ནམ་མཁའ་ལ་དབང་ལྡན་ནས་ཟླ་བ་ཉ་གང་བ་འཆར་བཞིན་པ་དང༌། བདེན་བྲལ་དུ་ཉི་མའི་དཀྱིལ་འཁོར་ནུབ་བཞིན་པའོ། །དེའི་ཡང་ཕྱི་རོལ་ཏུ་ཆུ་དང་མེ་དང་རླུང་གི་འཁོར་ཡུག་རྣམས་དང༌། དེའི་ཕྱི་རོལ་ཏུ་ནམ་མཁའི་ཁོར་ཡུག་ལ་དབུས་སུ་རྡོ་རྗེའི་འཕྲེང་བ་དང་བཅས་པའི་ཡོངས་སུ་བསྐོར་བ་སྟེ། དེ་ལྟར་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ཕྱོགས་ཀུན་ནས་རྡོ་རྗེ་མེ་ལྕེ་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་ཀུན་ཏུ་འཕྲོ་བའོ། །བདེ་གཤེགས་འཕར་མའི་ཀ་བ་རྣམས་ཀྱི་བར་བར་དུ་ཨོཾ་ཡིག་ལས་སྐྱེས་པའི་པདྨ་འདབ་མ་བརྒྱད་པ་ལྷའི་གདན་དུ་གྱུར་པ་རྣམ་པ་བརྒྱད་དེ། ཕྱོགས་བཞི་དཀར་པོ་དང༌། མཚམས་བཞི་དམར་པོའོ། །དེ་དག་གི་བར་བར་དུ་ཡང་བདུད་རྩིའི་བུམ་པ་བརྒྱད་ཀྱི་གནས་སོ། །ལྷ་རྣམ་ལ་ཤར་དང་ལྷོའི་གཡས་དང་གཡོན་དང༌། བྱང་དུ་ནུབ་ཀྱི་གཡས་རྣམས་སུ་ཨོཾ་ཡིག་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པ་དང༌། མཚམས་རྣམས་དང༌། བྱང་དང་ནུབ་ཀྱི་གཡོན་དག་ཏུ། ཨོཾ་ཡིག་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་དང༌། ཤར་དང་བྱང་གི་སྒོར་པདྨ་དཀར་པོ་དང༌། ལྷོ་དང་ནུབ་ཀྱི་སྒོར་པདྨ་དམར་པོའོ། །པདྨ་དམར་པོ་བཅུ་གཉིས་ཀྱི་ལྟེ་བར་ལོའི་ཕྱོགས་ཉི་ཤུ་རྩ་བཞིའི་ཉ་བཅུ་གཉིས་རྣམ་པར་དག་པ་མ་ཡིག་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་བཅུ་གཉིས་དང༌། དཀར་པོ་བཅུ་གཉིས་ཀྱི་ལྟེ་བར་གནམ་སྟོང་བཅུ་གཉིས་རྣམ་པར་དག་པ་ར་ཡིག་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བཅུ་གཉིས་སོ། །མེ་དང་རླུང་གི་


TNT02_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཡུག་གི་མཚམས་སུ་དུར་ཁྲོད་ཆེན་པོ་མཚན་ཉིད་ཡོངས་སུ་རྫོགས་པ་བརྒྱད་དོ། །དེ་ལྟར་དཀྱིལ་འཁོར་ཆེན་པོ་ཀུན་ནས་དྭངས་ཞིང་སྒྲིབ་པ་མེད་ལ། ཕྱི་ནང་ཀུན་ཏུ་འོད་གསལ་ཞིང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྒྱན་གྱི་རྣམ་པ་མཆོག་ཏུ་བཀྲ་བ་དུས་མས་མཛེས་པར་གྱུར། གཉིས་པ་བརྟེན་པ་ལྷ་སྒོམ་པ་ལ་གཉིས་ལས། དང་པོ་ལྷ་བསྐྱེད་པ་ནི། དབུས་སུ་སྣ་ཚོགས་པདྨའི་ལྟེ་བ་ལ་གནས་པའི་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ། མཚན་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ་ཨཾ་ཞེས་པ་རྣམས་གཡོན་སྐོར་དང༌། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ་ཨཿ ཞེས་པ་རྣམས་གཡས་སྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་དབྱངས་དང་ལྡན་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་འོག་ཏུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ། ལླ་ཡྻ་ཌྜ་ཌྷཌྷ། ལླ་ཡྻ་སྶ་ཥྵ་ཞེས་པ་རྣམས་གཡས་སྐོར་དང༌། ང་གྷ་ག་ཁ་ཀ ཉ་ཛྙ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། ྈྐ་ཤ་ཥ་ྉྤ་ས། ཧ་ཡ་ར་བ་ལ། ཌྷ་ཌ་ཡ་ཝ་ལ། ཞེས་པ་རྣམས་གཡོན་སྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་གསལ་བྱེད་དང་ལྡན་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཟླ་བའི་དབུས་སུ་ཧཱུཾ་ཡིག་ཟླ་བའི་མཚན་མ་ལྟ་བུ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །དེ་རྣམས་གཅིག་ཏུ་གྱུར་པ་ཧི་ཡིག་


TNT02_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །དེ་ལས་ལྷའི་སྐུ་ཡོངས་སུ་རྫོགས་པ་ཧཾ་ཡིག་དང་བཅས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་རྣམས་འགྱེད་ཅིང༌། བདུད་དང་ཉོན་མོངས་པའི་སྙིང་གར་མནན་པའི་ཞབས་གཉིས་པ། མགྲིན་པ་གསུམ་པ། ཞལ་བཞི་པ། ཕྲག་པ་དྲུག་པ། དཔུང་པ་བཅུ་གཉིས་པ། ཕྱག་གི་པདྨ་ཉི་ཤུ་རྩ་བཞི་པ། མཚོན་ཆ་རྣམས་དང་རྡོ་རྗེའི་རྒྱན་གྱིས་རྣམ་པ་བརྒྱན་པ། ཞབས་གཡས་པ་དམར་པོ་བརྐྱང་པས་འདོད་ལྷ་དམར་པོ་གདོང་གཅིག་པ། ལག་པ་བཞིའི་གཡས་གཉིས་ཀྱིས་མེ་ཏོག་གི་མདའ་ལྔ་ལྕགས་ཀྱུ། གཡོན་གཉིས་ཀྱིས་གཞུ་དང་ཞགས་པ་འཛིན་པའི་སྙིང་ཁར་མནན་པ། གཡོན་པ་དཀར་པོ་བསྐུམ་པས་དྲག་པོ་དཀར་པོ་གདོང་གཅིག་པ། མིག་གསུམ་པ། ལག་པ་བཞིའི་གཡས་གཉིས་ཀྱིས་རྩེ་གསུམ་དང་ཌ་མ་རུ། གཡོན་གཉིས་ཀྱིས་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པའི་སྙིང་ཁར་མནན་པ། བདུད་གྱི་དགའ་མ་དང༌། དྲག་པོའི་ཨུ་མ་དག་ནི་དམན་པའི་གདོང་གིས། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་ལ་འཛིན་པར་བྱེད་ཀྱང་གཡོ་བ་མེད་པར་གནས་པ། སྐུ་མདོག་སྔོན་པོ་གཡས་དང་གཡོན་དང་དབུས་ཀྱི་མགྲིན་པ་ཉི་མ་དང་ཟླ་བ་དང་བུང་བའི་མདོག་ཅན། མདུན་ཞལ་ནག་པོ་མཆེ་བ་ཕྱེད་གཙིགས་པ། གཡས་ཞལ་དམར་པོ་ཆགས་པ་དང་བཅས་པ། གཡོན་ཞལ་དཀར་པོ་རབ་ཏུ་ཞི་བ། རྒྱབ་ཞལ་སེར་པོ་ཏིང་ངེ་འཛིན་ལ་གནས་པ་སྟེ། ཞལ་


TNT02_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པའོ། །རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། སྤྱི་གཙུག་ཏུ་རྡོ་རྗེ་ནོར་བུ་དང༌། རྡོ་རྗེ་རྣ་རྒྱན་དང༌། རྡོ་རྗེ་མགུལ་རྒྱན་དང༌། རྡོ་རྗེ་གདུབ་བུ་དང༌། རྡོ་རྗེ་སྐ་རགས་དང༌། རྡོ་རྗེ་རྐང་གདུབ་དང༌། རྡོ་རྗེ་དར་དཔྱངས་དང༌། རྡོ་རྗེ་འཕྲེང་བ་དང༌། སྟག་གི་པགས་པའི་ན་བཟའ་དང་ལྡན་པ། གཡས་དང་གཡོན་གྱི་ཕྲག་པ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ། དེ་བཞིན་དུ་དཔུང་པ་གཉིས་ནག་པོ། གཉིས་པ་དམར་པོ། གཉིས་དཀར་པོ། ཕྱག་ངར་བཞི་ནག་པོ། བཞི་དམར་པོ། བཞི་དཀར་པོ། དེ་དག་རེ་རེ་ལ་ཡང་སོར་གདུབ་རྣམས་ཀྱིས་སྤྲས་པའི་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེའུ་ཆུང་ལྗང་ཁུའོ། །དེ་རྣམས་རེ་རེ་ལ་ཡང་ཕྱག་མཐིལ་ནས་བརྩམས་ཏེ་ཚིགས་ཀྱི་འཕྲེང་བ་དང་པོ་རྣམས་ནག་པོ། གཉིས་པ་རྣམས་དམར་པོ། གསུམ་པ་རྣམས་དཀར་པོའོ། །དེ་ལྟ་བུའི་ཕྱག་གཡས་པ་རྣམས་ཀྱི་ནག་པོ་བཞིས་རྡོ་རྗེ། རལ་གྲི། རྩེ་གསུམ། གྲི་གུགདམར་པོ་བཞིས། མདའ། རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌ་མ་རུ། ཐོ་བ། དཀར་པོ་བཞིས་འཁོར་ལོ་མདུང་དབྱུག་པ་དགྲ་སྟ་རྣམས་འཛིན་ཞིང༌། གཡོན་པ་རྣམས་ཀྱི་ནག་པོ་བཞིས། རྡོ་རྗེ་དྲིལ་བུ། ཕུབ་ཁ་ཊྭཱཾ་ག་ཁ་བྱེ་བ། ཁྲག་གིས་གང་བའི་ཐོད་པ། དམར་པོ་བཞིས་གཞུ་ཞགས་པ་རིན་པོ་ཆེ་པདྨ་དཀར་


TNT02_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཞིས་དུང་མེ་ལོང་རྡོ་རྗེ་ལྕགས་སྒྲོག ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་ཅིང༌། ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ་སྟེ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དོན་དམ་པའི་བདེན་པའོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སེར་མོ་ཞལ་བཞི། ཕྱག་བརྒྱད། སྤྱན་བཅུ་གཉིས་མ་སྟེ། བཅོམ་ལྡན་འདས་ཀྱི་ནུབ་ཞལ་གཙོ་བོར་བཞག་པ་ལྟ་བུ། མདུན་ཞལ་སེར་མོ། གཡས་ཞལ་དཀར་པོ། རྒྱབ་ཞལ་ནག་པོ། གཡོན་ཞལ་དམར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པའོ། །ཕྱག་གཡས་པ་རྣམས་ཀྱིས་གྲི་གུག ལྕགས་ཀྱུ་སྒྲ་དང་བཅས་པའི་ཌ་མ་རུ། བགྲང་འཕྲེང་རྣམས་འཛིན་ཅིང༌། གཡོན་པ་རྣམས་ཀྱིས་ཐོད་པ། ཞགས་པ་འདབ་མ་བརྒྱད་པའི་པདྨ་དཀར་པོ། རིན་པོ་ཆེ་རྣམས་འཛིན་པ། རྡོ་རྗེ་སེམས་དཔའི་ཅོད་པན་ཅན། རུས་པའི་ཕྱག་རྒྱ་ལྔ་དང་ལྡན་པ། གཡོན་བརྐྱང་གིས་བཅོམ་ལྡན་འདས་ལ་འཁྲིལ་ཞིང༌། དེས་ཀྱང་སྙོམས་པརཞུགས་པ་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་མ། རང་བཞིན་གྱིས་འོད་གསལ་བ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གཞན་བརྒྱད་ནི་འདབ་མ་བརྒྱད་ལ་གནས་པ་སྟེ། ཤར་དང་ནུབ་ཏུ་ཨ་ཨཱ། བྱང་དང་ལྷོར་ཨཾ་ཨཱཿརྣམས་ཡོངས་སུ་གྱུར་པ་ལས་རིམ་པ་བཞིན་དུ་བདུག་སྤོས་ཀྱི་སྣོད་དང༌། དྲིའི་དུང་དང་ལྷ་


TNT02_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

བཤོས་དང༌། མར་མེ་ཕྱོགས་ཀྱི་མདོག་ཅན་རྣམས་དང༌། མེ་དང་རླུང་དུ་ཧ་ཧཱ། དབང་ལྡན་དང་བདེན་བྲལ་དུ་ཧཾ་ཧཱ་རྣམས་ཡོངས་སུ་གྱུར་པ་ལས་རྔ་ཡབ་ཕྱོགས་ཀྱི་མདོག་ཅན་རྣམས་སོ། །དེ་རྣམས་ཡོངས་སུ་གྱུར་པ་ལས་ཤར་དུ་ནག་མོ་འབར་མ། ནག་དམར་སེར་དཀར་བའི་ཞལ་བཞི། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་བདུག་སྤོས་དང༌། ཙན་དན་དང༌། གུར་གུམ་དང༌། གླ་རྩིར་བཅས་པའི་ག་བུར་གྱི་སྣོད་དང༌། གཡོན་པ་རྣམས་ཀྱིས་དྲིལ་བུ་དང༌། པདྨ་དང༌། ཡོངས་འདུས་མེ་ཏོག་དང༌། མེ་ཏོག་སྣ་ཚོགས་ཀྱི་འཕྲེང་བ་འཛིན་པ། ལྷོར་དམར་མོ་འབར་མ། དམར་སེར་དཀར་ནག་པའི་ཞལ་བཞི། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་མར་མེ་དང༌། དོ་ཤལ་དང༌། ཅོད་པན་དང་གདུབ་བུ་དང༌། གཡོན་པ་རྣམས་ཀྱིས་གོས་དང༌། སྐ་རགས་དང༌། རིན་པོ་ཆེའི་རྣ་རྒྱན་དང༌། །རྐང་གདུབ་འཛིན་པ། བྱང་དུ་དཀར་མོ་འབར་མ། དཀར་ནག་དམར་སེར་བའི་ཞལ་བཞི། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་འོ་མ་དང༌། ཆུ་དང་སྨན་བཟང་པོ་དང༌། ཆང་རྣམས་ཀྱི་སྣོད་དང༌། གཡོན་པ་རྣམས་ཀྱིས་བདུད་རྩི་དང༌། གྲུབ་པའི་བཅུད་ལེན་དང༌། བདུད་རྩིའི་འབྲས་བུ་དང༌། འབྲས་ཆན་རྣམས་ཀྱི་སྣོད་འཛིན་པ། ནུབ་ཏུ་སེར་མོ་འབར་མ། སེར་དཀར་ནག་དམར་བའི་ཞལ་བཞི། ཕྱག་བརྒྱད་ཀྱིས་གཡས་པ་རྣམས་ཀྱིས་དུང་དང༌། གླིང་བུ་དང༌། ནོར་བུ་དང༌། ཌ་མ་རུ། གཡོན་པ་རྣམས་ཀྱིས་པི་ཝཾ་དང༌། རྔ་དང༌། འཁར་རྔ་དང༌། ཟངས་དུང་རྣམས་


TNT02_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། མེར་དུ་བ་མ་ནག་མོ་འབར་མ་དང་འདྲ་བ་ལས། ཕྱག་བརྒྱད་ན་རྔ་ཡབ་ནག་པོ་བརྒྱད་བསྣམས་པ། བདེན་བྲལ་དུ་སྨིག་སྒྱུ་མ་དམར་མོ་འབར་མ་དང་འདྲ་བ་ལས། ཕྱག་བརྒྱད་ན་རྔ་ཡབ་དམར་པོ་བརྒྱད་བསྣམས་པ། དབང་ལྡན་དུ་མེ་ཁྱེར་མ་དཀར་མོ་འབར་མ་དང་འདྲ་བ་ལས། ཕྱག་བརྒྱད་ན་རྔ་ཡབ་དཀར་པོ་བརྒྱད་བསྣམས་པ། རླུང་དུ་མར་མེ་མ་སེར་མོ་འབར་མ་དང་འདྲ་བ་ལས། ཕྱག་བརྒྱད་ན་རྔ་ཡབ་སེར་པོ་བརྒྱད་བསྣམས་པ། ཐམས་ཅད་ཀྱང་ཞལ་གྱི་མདོག་ནི་གཡས་སྐོར་གྱི་རིམ་པ་སྟེ། མཉམ་པའི་སྟབས་ཀྱིས་བཞེངས་པ། ཞལ་བཞི། ཕྱག་བརྒྱད། སྤྱན་བཅུ་གཉིས་པ། ཕྱག་རྒྱ་ལྔ་དང་རྡོ་རྗེ་སེམས་དཔའི་ཅོད་པན་ཅན་ནོ། །འདི་དག་གི་རྒྱབ་ཏུ་ཡང༌། དབང་ལྡན་དུ་ཨོཾ་ལས་བྱུང་བའི་ཆོས་ཀྱི་དུང་དཀར་པོ་དང༌། བདེན་བྲལ་དུ་ཨཱཿལས་བྱུང་བའི་ཆོས་ཀྱི་གཎྜི་དམར་པོ། མེར་ཧཱུཾ་ལས་བྱུང་བའི་ཡིད་བཞིན་གྱི་ནོར་བུ་ནག་པོ། རླུང་དུ་ཧོཿལས་བྱུང་བའི་དཔག་བསམ་གྱི་ཤིང་སེར་པོ་རྣམས་སུ་གྱུར། དེ་ནས་དཀྱིལ་འཁོར་པ་རྣམས་སྤྲོ་བ་ནི། འདོད་ཆགས་ཆེན་པོ་གདུལ་བར་བྱ་བའི་སེམས་ཅན་རྣམས་དང་པོའི་སངས་རྒྱས་བསྟན་པའི་སྣོད་དུ་མངོན་པར་གཟིགས་ནས། ཡུམ་ལ་སྙོམས་པར་ཞུགས་པ་ལས་བྱུང་བའི་ཤིན་ཏུ་དགའ་བའི་སྒྲས། ནམ་མཁའ་གང་བར་བཞུགས་པའི་རྣམ་པར་དག་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལས་དབང་ཡུལ་དང་བཅས་པའི་རང་བཞིན་དེ་བཞིན་གཤེགས་པ་ཡབ་ཡུམ། བྱང་ཆུབ་སེམས་དཔའ་ཡབ་ཡུམ། ཁྲོ་བོ་ཡབ་ཡུམ་ཐམས་


TNT02_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་རང་གི་ལུས་ལ་ཞུགས་པར་གྱུར། སླར་ཡང་རང་ཉིད་ལས་འཕྲོས་ཏེ་སྣ་ཚོགས་ཡུམ་ལ་ཞུགས་པར་གྱུར། དེ་ལས་ཀྱང་ལྡོག་ནས་སླར་ཡང་རང་ཉིད་ལ་ཞུགས་ཏེ། ཟླ་བ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཞུ་བ་རྣམས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་ལྷ་དང་ལྷ་མོའི་ཚོགས་སུ་གྱུར་པ་ནི། ཨ་ཡིག་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་ལྗང་ཁུ་ནས། གདོང་བཞི་པ་འཛིན་པ་ལ། རང་དང་འདྲ་བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ་ནམ་མཁར་སྤྲོས་ནས་སེམས་ཅན་གྱི་དོན་བྱས་ཏེ། སླར་ཡང་རང་ཉིད་ལ་བདག་པོར་ཞུགས་པར་གྱུར། ཨི་ཡིག་ལས་བྱུང་བའི་རལ་གྲི་ནག་པོ་ཡོངས་སུ་གྱུར་པ་ལས། དོན་ཡོད་གྲུབ་པ་ནག་པོ་ལ་སྤྱན་མ་སེར་མོས་འཁྱུད་པ། ཤར་དུ་པད་ཉིའི་སྟེང་དུ་འཁོད་པར་གྱུར། རྀ་ཡིག་ལས་བྱུང་བའི་རིན་པོ་ཆེ་དམར་པོ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེན་འབྱུང་ལྡན་དམར་པོ་ལ། མཱ་མ་ཀཱི་དཀར་མོས་འཁྱུད་པ། ལྷོར་པད་ཉིའི་སྟེང་དུ་འཁོད་པར་གྱུར། ཨུ་ཡིག་ལས་བྱུང་བའི་པདྨ་དཀར་པོ་ཡོངས་སུ་གྱུར་པ་ལས། སྣང་བ་མཐའ་ཡས་དཀར་པོ་ལ་གོས་དཀར་མོ་དམར་མོས་འཁྱུད་པ། བྱང་དུ་པད་ཉིའི་སྟེང་དུ་འཁོད་པར་གྱུར། ལྀ་ཡིག་ལས་བྱུང་བའི་འཁོར་ལོ་སེར་པོ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་སེར་པོ་ལ། སྒྲོལ་མ་ནག་མོས་འཁྱུད་པ། ནུབ་ཏུ་པད་ཉིའི་སྟེང་དུ་འཁོད་པར་གྱུར།


TNT02_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཆར་ཡང་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། པདྨ་དཀར་པོ་དང་ཉི་མའི་དཀྱིལ་འཁོར་ལ་རྡོ་རྗེ་གདན་གྱིས་གནས་ཤིང༌། ཐབས་གཙོ་བོར་གྱུར་པའོ། །ཨཱི་ཡིག་ལས་བྱུང་བའི་རལ་གྲི་ནག་པོ་ཡོངས་སུ་གྱུར་པ་ལས་སྒྲོལ་མ་ནག་མོ་ལ་རྣམ་པར་སྣང་མཛད་སེར་པོས་འཁྱུད་པ། མེ་མཚམས་སུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། རཱྀ་ཡིག་ལས་བྱུང་བའི་རིན་པོ་ཆེ་དམར་པོ་ཡོངས་སུ་གྱུར་པ་ལས་གོས་དཀར་མོ་དམར་མོ་ལ་སྣང་བ་མཐའ་ཡས་དཀར་པོས་འཁྱུད་པ། བདེན་བྲལ་དུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཨཱུ་ཡིག་ལས་བྱུང་བའི་པདྨ་དཀར་པོ་ཡོངས་སུ་གྱུར་པ་ལས་མཱ་མ་ཀཱི་དཀར་མོ་ལ་རིན་ཆེན་འབྱུང་ལྡན་དམར་པོས་འཁྱུད་པ། དབང་ལྡན་དུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། ལཱྀ་ཡིག་ལས་བྱུང་བའི་འཁོར་ལོ་སེར་པོ་ཡོངས་སུ་གྱུར་པ་ལས་སངས་རྒྱས་སྤྱན་མ་སེར་མོ་ལ་དོན་ཡོད་གྲུབ་པ་ནག་པོས་འཁྱུད་པ། རླུང་མཚམས་སུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཐམས་ཅད་ཀྱང་པདྨ་དམར་པོ་དང་ཟླ་བའི་དཀྱིལ་འཁོར་ལ་པདྨའི་གདན་གྱིས་གནས་ཤིང་ཤེས་རབ་གཙོ་བོར་གྱུར་པའོ། །དེ་དག་གི་གཡོན་དང་གཡས་སུ་ཡང་ཧི་ཧཱི་ཧུ་ཧཱུ་ཧླྀ་ཧླཱྀ་རྣམས་ཡོངས་སུ་གྱུར་པ་ལས་བདུད་རྩིའི་བུམ་པ་དཀར་པོ་པདྨ་ལ་གནས་ཤིང༌། པདྨའི་ཁ་བརྒྱན་པ་བརྒྱད་དེ་ཤར་དུ་རྐང་འགགས་པའི་བུམ་པ་གཉིས་དང༌། ལྷོར་ཁྲག་འགགས་པའི་བུམ་པ་གཉིས་དང༌། བྱང་དུ་གཅི་བ་འགགས་པའི་བུམ་པ་གཉིས་དང༌། ནུབ་ཏུ་བཤང་བ་འགགས་པའི་བུམ་པ་གཉིས་དང༌། ཧཾ་ཧཿལས་བྱུང་བའི་


TNT02_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཁུ་བ་འགགས་པའི་བུམ་པ་དང༌། འོག་ཏུ་རྡུལ་འགགས་པའི་བུམ་པ་རྣམས་སུ་གྱུར། ཧཾ་ཡིག་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་ཡོངས་སུ་གྱུར་པ་ལས་གཙུག་ཏོར་འཁོར་ལོས་བསྒྱུར་བ་ལྗང་ཁུ་ལ། ཧཿཡིག་ལས་བྱུང་བའི་ཤིན་ཏུ་སྔོན་པོས་འཁྱུད་པ། སྟེང་ཕྱོགས་སུ་པད་ཉིའི་སྟེང་དུ་འཁོད་པར་གྱུར། ཡཾ་ཡིག་ལས་བྱུང་བའི་རལ་གྲི་ནག་པོ་ཡོངས་སུ་གྱུར་པ་ལས་བགེགས་མཐར་བྱེད་ནག་པོ་ལ། ལཿཡིག་ལས་བྱུང་བའི་རེངས་བྱེད་མ་སེར་མོས་འཁྱུད་པ། ཤར་སྒོར་པད་ཟླའི་སྟེང་དུ་འཁོད་པ་གྱུར། རཾ་ཡིག་ལས་བྱུང་བའི་དབྱུག་པ་དམར་པོ་ཡོངས་སུ་གྱུར་པ་ལས་ཤེས་རབ་མཐར་བྱེད་དམར་པོ་ལ། ཝཿཡིག་ལས་བྱུང་བའི་ཁེངས་བྱེད་མ་དཀར་མོ་འཁྱུད་པ། ལྷོ་སྒོར་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཝཾ་ཡིག་ལ་བྱུང་བའི་པདྨ་དཀར་པོ་ཡོངས་སུ་གྱུར་པ་ལ་པདྨ་མཐར་བྱེད་དཀར་པོ་ལ། རཿཡིག་ལས་བྱུང་བའི་རྨུགས་བྱེད་མ་དམར་མོས་འཁྱུད་པ། བྱང་སྒཽར་པད་ཉིའི་སྟེང་དུ་འཁོད་པར་གྱུར། ལཾ་ཡིག་ལས་བྱུང་བའི་ཐོ་བ་སེར་པོ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་མཐར་བྱེད་སེར་པོ་ལ། ཡཿཡིག་ལས་བྱུང་བའི་ཤིན་ཏུ་བརྩོན་འགྲུས་མ་ནག་མོས་འཁྱུད་པ། ནུབ་སྒོར་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཁྲོ་བོ་ཁྲོ་མོ་བརྒྱད་པོ་དེ་རྣམས་ཞལ་རེ་རེ་ལ་སྤྱན་དམར་པོ་གསུམ་གསུམ་དང་ལྡན་ཞིང༌། དབུ་སྐྲ་དམར་སེར་གྱེན་ཏུ་བརྫེས་པ། རབ་ཏུ་ཁྲོས་ཤིང་འཇིགས་སུ་རུང་བ། ཀླུའི་དབང་པོ་དང་ཕྱག་རྒྱ་ལྔས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཤར་དང་བྱང་གི་སྒོར་པདྨ་དཀར་པོ་དང་ཉི་མའི་དཀྱིལ་འཁོར་


TNT02_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ལྷོ་དང་ནུབ་ཀྱི་སྒོར་པདྨ་དམར་པོ་དང་ཟླ་བའི་དཀྱིལ་འཁོར་ལ་ཁྲོ་བོ་རྣམས་གཡས་བརྐྱང་དང༌། ཁྲོ་བོའི་ལྷ་མོ་རྣམས་གཡོན་བརྐྱང་གིས་གནས་ཤིང་ཐབས་གཙོ་བོར་གྱུར་པའོ། །སྟེང་གི་ཁྲོ་བོ་མ་བསྐྱེད་ཀྱང་མི་འགལ་ལོ། །ཨ་ཡིག་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་ཡོངས་སུ་གྱུར་པ་ལས་ཕྱག་ན་རྡོ་རྗེ་ལྗང་ཁུ་ལ་སྒྲ་རྡོ་རྗེ་མ་སྔོན་མོས་འཁྱུད་པ། ལྷོ་སྒོའི་གཡོན་དུ་པད་ཉིའི་སྟེང་དུ་འཁོད་པར་གྱུར། ཨེ་ཡིག་ལས་བྱུང་བའི་རལ་གྲི་ནག་པོ་ཡོངས་སུ་གྱུར་པ་ལས་ནམ་མཁའི་སྙིང་པོ་ནག་པོ་ལ་དྲི་རྡོ་རྗེ་མ་སེར་མོའི་འཁྱུད་པ། ཤར་སྒོའི་གཡས་སུ་པད་ཉིའི་སྟེང་དུ་འཁོད་པར་གྱུར། ཨར་ཡིག་ལས་བྱུང་བའི་རིན་པོ་ཆེ་དམར་པོ་ཡོངས་སུ་གྱུར་པ་ལས། སའི་སྙིང་པོ་དམར་པོ་ལ། གཟུགས་རྡོ་རྗེ་མ་དཀར་མོས་འཁྱུད་པ། ལྷོ་སྒོའི་གཡས་སུ་པད་ཉིའི་སྟེང་དུ་འཁོད་པར་གྱུར། ཨོཾ་ཡིག་ལས་བྱུང་བའི་པདྨ་དཀར་པོ་ཡོངས་སུ་གྱུར་པ་ལས། འཇིག་རྟེན་དབང་ཕྱུག་དཀར་པོ་ལ། རོ་རྡོ་རྗེ་མ་དམར་མོས་འཁྱུད་པ། བྱང་གི་གཡས་སུ་པད་ཉིའི་སྟེང་དུ་འཁོད་པར་གྱུར། ཨལ་ཡིག་ལས་བྱུང་བའི་འཁོར་ལོ་སེར་པོ་ཡོངས་སུ་གྱུར་པ་ལས། སྒྲིབ་པ་རྣམ་སེལ་སེར་པོ་ལ། རེག་བྱ་རྡོ་རྗེ་མ་ནག་མོས་འཁྱུད་པ། ནུབ་ཀྱི་གཡས་སུ་པད་ཉིའི་སྟེང་དུ་འཁོད་པར་གྱུར། ཨཾ་ཡིག་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ཡོངས་སུ་གྱུར་པ་ལས་ཀུན་ཏུ་བཟང་པོ་སྔོན་པོ་ལ། ཆོས་ཁམས་རྡོ་རྗེ་མ་ལྗང་ཁུས་འཁྱུད་པ། ཤར་གྱི་གཡོན་དུ་པད་ཉིའི་སྟེང་དུ་འཁོད་པར་གྱུར། ཐམས་ཅད་ཀྱང་པདྨ་


TNT02_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་དང་ཉི་མའི་དཀྱིལ་འཁོར་ལ་རྡོ་རྗེ་གདན་གྱིས་གནས་ཤིང་ཐབས་གཙོ་བོར་གྱུར་པའོ། །ཨཱ་ཡིག་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་ཡོངས་སུ་གྱུར་པ་ལས་ཆོས་ཁམས་རྡོ་རྗེ་མ་ལྗང་ཁུ་ལ། ཀུན་ཏུ་བཟང་པོ་སྔོན་པོས་འཁྱུད་པ། ནུབ་ཀྱི་གཡོན་དུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཨཻ་ཡིག་ལས་བྱུང་བའི་རལ་གྲི་ནག་པོ་ཡོངས་སུ་གྱུར་པ་ལས་རེག་བྱ་རྡོ་རྗེ་མ་ནག་མོ་ལ། སྒྲིབ་པ་རྣམ་སེལ་སེར་པོས་འཁྱུད་པ། མེ་མཚམས་སུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཨཱར་ཡིག་ལས་བྱུང་བའི་རིན་པོ་ཆེ་དམར་པོ་ཡོངས་སུ་གྱུར་པ་ལས་རོ་རྡོ་རྗེ་མ་དམར་མོ་ལ། འཇིག་རྟེན་དབང་ཕྱུག་དཀར་པོས་འཁྱུད་པ། བདེན་བྲལ་དུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཨཽ་ཡིག་ལས་བྱུང་བའི་པདྨ་དཀར་པོ་ཡོངས་སུ་གྱུར་པ་ལས་གཟུགས་རྡོ་རྗེ་མ་དཀར་མོ་ལ། སའི་སྙིང་པོ་དམར་པོས་འཁྱུད་པ། དབང་ལྡན་དུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཨཱལ་ཡིག་ལས་བྱུང་བའི་འཁོར་ལོ་སེར་པོ་ཡོངས་སུ་གྱུར་པ་ལས། དྲི་རྡོ་རྗེ་མ་སེར་མོ་ལ། ནམ་མཁའི་སྙིང་པོ་ནག་པས་འཁྱུད་པ། རླུང་མཚམས་སུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཨཱཿཡིག་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ཡོངས་སུ་གྱུར་པ་ལས། སྒྲ་རྡོ་རྗེ་མ་སྔོན་མོ་ལ། ཕྱག་ན་རྡོ་རྗེ་ལྗང་ཁུས་འཁྱུད་པ། བྱང་གི་གཡོན་དུ་པད་ཟླའི་སྟེང་དུ་འཁོད་པར་གྱུར། ཐམས་ཅད་ཀྱང་པདྨ་དམར་པོ་དང་ཟླ་བའི་དཀྱིལ་འཁོར་ལ་པདྨའི་གདན་གྱིས་གནས་ཤིང༌། ཤེས་རབ་གཙོ་བོར་གྱུར་པའོ། །དེ་ལྟར་ན་དེ་རྣམས་ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པ་སྟེ།


TNT02_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་གྲུབ་པ། སྒྲོལ་མ། བགེགས་མཐར་བྱེད། ཤིན་ཏུ་བརྩོན་འགྲུས་མ། ནམ་མཁའི་སྙིང་པོ། རེག་བྱ་རྡོ་རྗེ་མ་རྣམས་རྩ་བའི་ཞལ་དང་སྐུ་མདོག་ནག་པོ་ནས། ཁ་ཊྭཱཾ་ག་དཀར་པོ་འཛིན་པ། རིན་ཆེན་འབྱུང་ལྡན། གོས་དཀར་མོ། ཤེས་རབ་མཐར་བྱེད། རྨུགས་བྱེད་མ། སའི་སྙིང་པོ། རོ་རྡོ་རྗེ་མ་རྣམས་རྩ་བའི་ཞལ་དང་སྐུ་མདོག་དམར་པོ་ནས། འོད་འཕྲོ་བ་འཛིན་པ། འོད་དཔག་མེད། མཱ་མ་ཀཱི་པདྨ་མཐར་བྱེད། ཁེངས་བྱེད་མ། འཇིག་རྟེན་དབང་ཕྱུགགཟུགས་རྡོ་རྗེ་མ་རྣམས་རྩ་བའི་ཞལ་དང༌། སྐུ་མདོག་དཀར་པོ་ནས། བགྲེང་འཕྲེང་འཛིན་པ། རྣམ་པར་སྣང་མཛད། སངས་རྒྱས་སྤྱན་མ། གཤིན་རྗེ་མཐར་བྱེད། རེངས་བྱེད་མ། སྒྲིབ་པ་རྣམས་སེལ། དྲི་རྡོ་རྗེ་མ་རྣམས་རྩ་བའི་ཞལ་དང་སྐུ་མདོག་སེར་པོ་ནས། དྲིལ་བུ་འཛིན་པ། ཕྱག་ན་རྡོ་རྗེ་དང་ཆོས་ཁམས་རྡོ་རྗེ་མ་རྩ་བའི་ཞལ་དང་སྐུ་མདོག་ལྗང་ཁུ་ནས། གདོང་བཞི་པ་འཛིན་པ། ཀུན་ཏུ་བཟང་པོ་དང༌། སྒྲ་རྡོ་རྗེ་མ་ནི་རྩ་བའི་ཞལ་དང་སྐུ་མདོག་སྔོན་པོ་ནས། གདོང་བཞི་པ་འཛིན་པའོ། རྣམས་ཡོངས་སུ་གྱུར་པ་ལས། སྒོའི་གཡོན་དང་གཡས་ཀྱི་སྟེགས་བུ་ལ། ཤར་དུ་དྲི་མ་དང་འཕྲེང་བ་མ་ནག་མོ། ལྷོར་བདུག་སྤོས་མ་དང་སྣང་གསལ་མ་དམར་མོ། བྱང་དུ་བདུད་རྩི་མ་དང་འབྲས་བུ་མ་དཀར་མོ། ནུབ་ཏུ་སྒེག་མོ་དང་


TNT02_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་མ་སེར་མོ། སྟེང་དུ་སྒྲ་མ་དང་གར་མ་ལྗང་གུ། འོག་ཏུ་འདོད་མ་དང་གླུ་མ་སྔོན་མོ་སྟེ། ཐམས་ཅད་ཀྱང་རང་གི་མིང་དང་མཐུན་པའི་མཆོད་རྫས་ཐོགས་ཤིང༌། གཟུངས་མ་གྲངས་མེད་པ་དང་བཅས་པའོ། །དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འཁོར་དང་བཅས་པར་གྱུར། ཨོཾ་སུ་བི་ཤུདྡྷ་དྷརྨ་དྷ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །གཉིས་པ་སྙིང་རྗེའི་དབང་བསྐུར་བ་ནི། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་དཔག་ཏུ་མེད་པ་དག་གིས། འགྲོ་བ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་བཀུག་ནས་དཀྱིལ་འཁོར་ཆེན་པོར་བཅུག་པར་གྱུར། དེ་ནས་ཕྱོགས་བཅུ་དེ་བཞིན་གཤེགས་པ་ཡུམ་དང་བཅས་པ་ཐམས་ཅད་བཀུག་ནས་རང་གི་སྙིང་གར་རབ་ཏུ་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཞུ་བར་གྱུར་པ་རྣམས་གསང་བའི་རྡོ་རྗེ་ལས་སྤྲོས་ནས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བར་གྱུར། དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་རྣམས་ཀྱིས་རེག་པའི་སེམས་ཅན་དེ་རྣམས་མཆོག་གི་དགའ་བ་དང་བདེ་བས་གང་བའི་ལྷའི་སྐུ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཞལ་དང་སྐུ་མདོག་ལ་སོགས་པ་སྣ་ཚོགས་པ་དང་ལྡན་པ་དང༌། དེ་དག་རེ་རེ་ཞིང་ཡང་སྐད་ཅིག་གིས་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་དུ་གྱུར། ཀྵ་ཀྵི་ཀྵུ་ཀྵླྀ་ལས་ཕུང་པོ་ལྔ་རྣམ་པར་དག་པ་སངས་རྒྱས་ལྔ་དང༌། ཀྵཱ་ཀྵཱི་ཀྵཱུ་ཀྵླཱྀ་ལས་ཁམས་ལྔ་རྣམ་པར་དག་པ་ཡུམ་ལྔ་དང༌། ཀྵ་ཀྵེ་ཀྵར་ཀྵོ་ཀྵལ་ཀྵཾ་ལས་དབང་པོ་དྲུག་རྣམ་པར་དག་པ་སེམས་དཔའ་དྲུག་དང༌། ཀྵཱ་ཀྵཻ་ཀྵཱར་ཀྵཽ་ཀྴཱལ་ཀྵཿལས་ཡུལ་དྲུག་རྣམ་པར་དག་


TNT02_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

པ་སེམས་མ་དྲུག་དང༌། ཀྵླ་ལས་ལས་ཀྱི་དབང་པོ་ལྔ་རྣམ་པར་དག་པ་ཁྲོ་བོ་ལྔ་དང༌། ཀྵླཱ་ལས་ལས་ཀྱི་དབང་པོའི་ཡུལ་ལྔ་རྣམ་པར་དག་པ་ཁྲོ་མོ་ལྔ་སྟེ། མཚན་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་གྱུར་ཏེ་སླར་ཡང་དེ་རྣམས་རང་རང་གི་ཞིང་དུ་གཤེགས་སུ་གསོལ། གཉིས་པ་གསུང་རྫོགས་པ་ཉེ་བར་སྒྲུབ་པའི་ཡན་ལག་ལས་རྒྱལ་མཆོག་ནི། ལྟེ་བ་དང་གཙུག་ཏོར་གྱི་ཨ་ཝ་དྷཱུ་ཏཱིའི་ལམ་དུ་ཧོཿཡིག་དག་དང༌། དཔྲལ་བ་དང་མགྲིན་པ་དང་སྙིང་ག་རྣམས་སུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཨོཾ་ཨཱཿཧཱུཾ་རྣམས་ལས་བྱུང་བའི་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་འཁོད་པར་གྱུར། ཧོཿཡིག་དུས་ཀྱི་མེའི་འོད་ཟེར་གྱིས་སྟེང་དང་འོག་ནས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་བཞུས་ཏེ། གཏུམ་མོ་ཤེས་རབ་ཀྱི་ཆགས་པས་ཡབ་ཡུམ་གཉིས་ཟླ་བ་ཞུ་བ་ལྟར་གྱུར། སྤྱན་མ་བདག་ནི་འགྲོ་བའི་ཡུམ། །རྣལ་འབྱོར་པ་ཡི་རྒྱུ་མཐུན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །མཱ་མ་ཀཱི་བདག་སྲིང་མོ་སྟེ། །རྣལ་འབྱོར་པ་ཡི་རྣམ་སྨིན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་


TNT02_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །གོས་དཀར་མོ་བདག་བུ་མོ་སྟེ། །རྣལ་འབྱོར་པ་ཡི་སྐྱེས་བུའི་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྒྲོལ་མ་བདག་ནི་ཚ་མོ་སྟེ། །རྣལ་འབྱོར་པ་ཡི་དྲི་བྲལ་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྟོང་པའི་དཀྱིལ་འཁོར་ཉམས་མྱོང་ནས། །འགྲོ་བ་བསྒྲལ་བའི་བསམ་པ་ཡི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །འགྲོ་བའི་མགོན་པོས་སྤྲོ་བར་མཛོད། །ཅེས་པ་གླུ་རྣམས་ཀྱིས་བཅོམ་ལྡན་འདས་སྟོང་པ་ཉིད་ལ་རབ་ཏུ་ཞུགས་པ་འགྲོ་བའི་དོན་མཛད་པའི་སླད་དུ་བསྐུལ་བ་ལས། བཅོམ་ལྡན་འདས་རབ་ཏུ་སད་དེ་འགྲོ་བ་མཐའ་དག་སྒྱུ་མ་ལྟ་བུར་གཟིགས་ནས་གཞན་གྱི་དོན་དུ་སླར་ཡང་བསྐྱེད་པར་མཛད་པ་ནི། ཧུཾ་ལས་རྡོ་རྗེ་རྩེ་ལྔ་པ་དང༌། དེ་ལས་བྱུང་བའི་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། རྡོ་རྗེའི་རྒྱན་གྱིས་རྣམ་པར་བརྒྱན་ཞིང་མི་བསྐྱོད་པའི་ཅོད་པན་ཅན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ་སྣ་ཚོགས་ཡུམ་གྱིས་འཁྱུད་པའི་སྐུར་གྱུར་པ་དང༌། འདམ་མ་བརྒྱད་ལ་ནུས་མ་བརྒྱད། ཕྱི་རོལ་ཀྱི་གྲྭ་བཞི་ལ་རྡོ་རྗེ་བཞི་དང་བཅས་པ་རྣམས་སྐད་ཅིག་གིས་བཞེངས་པར་གྱུར་པ་ནི། ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་མདོག །ཕྲག་པ་དྲུག་དང་ཉི་མའི་དཔུང་པ་རྒྱལ་བའི་ཕྱག་གིས་པདྨ་སྟོང་པ་དྲུག་དང་མེ་ཡི་ཚིགས། །ཞབས་དག་གིས་ནི་ཟླ་བ་ཉི་མ་སྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་དང་དྲག་པོ་སྐྲག་བཞིན་པ། །རོལ་པས་མནན་པའི་སྲིད་པ་མཉམ་པ་དུས་ཀྱི་འཁོར་ལོ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རལ་གྲི་


TNT02_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གསུམ་གྲི་གུག་མདའ་དང་ལྕགས་ཀྱུ་ཌ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་སྟས་གཡས་ཀྱི་ཕྱག་བརྒྱན་གཡོན་པ་ཡང༌། །དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་དུང་དང་མེ་ལོང་ལྕགས་སྒྲོག་ཚངས་མགོས་བརྒྱན་ལ་ཕྱག་འཚལ་ལོ། །སྟག་ལྤགས་དང་ནི་རྡོ་རྗེའི་རྒྱན་ལྡན་རྡོ་རྗེའི་སྐུ་ཅན་བདེ་བ་ཆེ། །འོད་གསལ་སྟོང་ཉིད་སྣ་ཚོགས་ཡུམ་གྱིས་ཀུན་ནས་རབ་འཁྱུད་གསེར་མདོག་མ། །ཞལ་བཞི་ཕྱག་བརྒྱད་གྲི་གུག་ལྕགས་ཀྱུ་ཌ་མ་རུ་དང་བགྲང་འཕྲེང་དང༌། །ཐོད་པ་ཞགས་པ་པདྨ་དཀར་དང་རིན་ཆེན་འཛིན་མར་བཅས་ལ་འདུད། །ནག་མོ་འབར་མ་བདུག་སྤོས་ཙན་དན་གུར་གུམ་དང་ནི་ག་བུར་སྣོད། །དྲིལ་བུ་པདྨ་ཡོངས་འདུའི་མེ་ཏོག་སྣ་ཚོགས་མེ་ཏོག་འཕྲེང་ལྡན་མ། །དམར་མོའི་གཡས་ན་མར་མེ་དོ་ཤལ་ཅོད་པན་དང་ནི་གདུ་བུ་སྟེ། །གཡོན་ན་གོས་དང་སྐ་རགས་དང་ནི་རིན་ཆེན་རྣ་རྒྱན་རྐང་གདུབ་འཛིན། །དཀར་མོའི་གཡས་ན་འོ་མ་ཆུ་དང་སྨན་མཆོག་ཆང་གི་སྣོད་རྣམས་ཏེ། །གཡོན་ན་བདུད་རྩིའི་གྲུབ་པའི་བཅུད་དང་བདུད་རྩིའི་འབྲས་བུ་འབྲས་ཆན་སྣོད། །སེར་མོ་འབར་མ་དུང་དང་གླིང་བུ་ནོར་བུ་དང་ནི་ཌ་མ་རུ། །པི་ཝང་རྔ་དང་མཁར་རྔ་ཟངས་དུང་རང་ཕྱོགས་གཙོ་བོའི་ཞལ་ལྡན་མ། །དེ་དག་དང་མཚུངས་དུ་བ་སྨིག་སྒྱུ་མེ་ཁྱེར་དང་ནི་མར་མེ་མ། །རང་མདོག་དང་མཚུངས་རྔ་ཡབ་བརྒྱད་ལྡན་ཕྱག་རྒྱ་ལྔ་ཡིས་རྣམ་བརྒྱན་མ། །རྡོ་རྗེ་སེམས་དཔའི་ཅོད་པན་དང་ལྡན་རྡོ་རྗེ་སེམས་དཔའ་རབ་


TNT02_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་མ། །མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་རྫོགས་སྲོག་གི་དཀྱིལ་འཁོར་འགག་པ་འདུད། །ཚད་མེད་རྣམ་ཐར་རྡོ་རྗེའི་རྣལ་འབྱོར་དབང་དང་བསྙེན་སྒྲུབ་དགའ་བ་བཞི། །ལུས་ངག་སེམས་དང་ཆགས་པའི་ཐིག་ལེ་གནས་སྐབས་རྣམ་བཞི་རྣམ་དག་པ། །སྐད་ཅིག་མཁྱེན་པ་སྐུ་དང་རྡོ་རྗེ་བྱང་ཆུབ་རྣམ་བཞི་སེམས་དཔའ་བཞི། །ཆོས་ཀྱི་དུང་དང་གཎྜི་ནོར་བུ་དཔག་བསམ་ཤིང་ལ་ཕྱག་འཚལ་ལོ། །ཡང་ན་དེ་རྣམས་སྔོན་བཞིན་བསྐྱེད་ཀྱང་ཆོག་གོ །ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། ནམ་མཁར་བཞུགས་པའི་སངས་རྒྱས་སྲས་དང་བཙུན་མོར་བཅས་པ་རྣམས་དང༌། དཀྱིལ་འཁོར་པ་རྣམས་དམ་ཚིག་གི་དཀྱིལ་འཁོར་གྱི་དོན་དུ་རང་གི་ལུས་ལ་རབ་ཏུ་བཅུག་ནས། བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཞུ་བར་གྱུར་པ་རྣམས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་ལྷ་དང་ལྷ་མོའི་ཚོགས་སུ་གྱུར་པ་ནི། ཨཾ་ཡིག་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་སྔོན་པོ་ནས། གདོང་བཞི་པ་འཛིན་པ་ལ། རང་དང་འདྲ་བའི་ཤེར་ཕྱིན་མས་འཁྱུད་པ་ནམ་མཁར་སྤྲོས་ནས་སེམས་ཅན་གྱི་དོན་བྱས་ཏེ། སླར་ཡང་རང་ཉིད་ལ་བདག་པོར་བཞུགས་པར་གྱུར། ཨི་ཨཱི་ལས་བྱུང་བའི་རལ་གྲི་ནག་པོ་དག་དང༌། རྀ་རཱྀ་ལས་བྱུང་བའི་རིན་པོ་ཆེ་དམར་པོ་དག་དང༌། ཨུ་ཨཱུ་ལས་བྱུང་བའི་པདྨ་དཀར་པོ་དག་དང༌། ལྀ་ལཱྀ་ལས་བྱུང་བའི་འཁོར་ལོ་སེར་པོ་དག་དང༌། ཧི་ཧཱི་ཧུ་ཧཱུ་ཧླྀ་ཧླཱྀ་ཧཾ་ཧཿརྣམས་སོ། །ཧཾ་ཧཿལས་བྱུང་བའི་རྡོ་རྗེ་ལྗང་ཁུ་དང་


TNT02_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་དག་དང༌། ཡཾ་ཡིག་ལས་བྱུང་བའི་རལ་གྲི་ནག་པོ་དག་དང༌། རཾ་ཡིག་ལས་བྱུང་བའི་དབྱུག་པ་དམར་པོ་དག་དང༌། ཝཾ་ཡིག་ལས་བྱུང་བའི་པདྨ་དཀར་པོ་དག་དང༌། ལཾ་ཡིག་ལས་བྱུང་བའི་ཐོ་བ་སེར་པོ་དག་དང༌། ཨ་ཨཾ་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་དང་སྔོན་པོ་དག་དང༌། ཨེ་ཨཻ་ལས་བྱུང་བའི་རལ་གྲི་ནག་པོ་དག་དང༌། ཨ་ཨཱར་ལས་བྱུང་བའི་རིན་པོ་ཆེ་དམར་པོ་དག་དང༌། ཨོ་ཨཽ་ལས་བྱུང་བའི་པདྨ་དཀར་པོ་དག་དང༌། ཨལ་ཨཱལ་ལས་བྱུང་བའི་འཁོར་ལོ་སེར་པོ་དག་དང༌། ཨཾ་ཨཱ་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་དང་སྔོན་པོ་དག་དང༌། རྣམས་ཏེ། དེ་རྣམས་སོ་སོར་ཡོངས་སུ་གྱུར་པ་ལས། ཁུ་ཁྲག་རྐང་དང་ཁྲག་གི་ཚོགས་ཅན་དྲི་ཆུ་དྲི་ཆེན་རབ་འགགས་པས། །འཆི་མེད་རབ་སྟེར་འཆི་མེད་རྒྱུན་གྱིས་མངོན་པར་གང་བའི་ཐོད་པའམ། །ཟླ་བའི་རང་བཞིན་ཟླ་བའི་འོད་ལྟར་རབ་ཏུ་དཀར་བའི་བུམ་པ་ནི། །བདུད་ཀྱི་ཚོགས་འཇོམས་བདུད་རྩིའི་ཚོགས་ཀྱིས་ཤིན་ཏུ་གང་བ་རྣམས་ལ་འདུད། །འདུ་བྱེད་རླུང་དང་ངག་གི་དབང་པོ་སྣ་དང་རེག་གཞན་འདུས་མ་བྱས། །དོན་ཡོད་སྒྲོལ་མ་བགེགས་ཀྱི་དགྲ་དང་ནམ་མཁའི་སྙིང་པོ་རེག་བྱ་མ། །རལ་གྲི་གྲི་གུག་རྩེ་གསུམ་ཕུབ་དང་དཔལ་ལྡན་ཐོད་པ་ཁ་ཊྭཱཾ་ག །ཉི་ཟླའི་གདོང་ལྡན་སྤྲིན་ནག་དང་མཚུངས་ས་ཡི་རིགས་ཀྱིས་འཁྱུད་ལ་འདུད། །ཚོང་བ་མེ་དང་ལག་པའི་དབང་པོ་མིག་དང་རོ་གཞན་བདེ་བ་ཆེ། །རིན་ཆེན་དབང་པོ་གོས་


TNT02_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་དང་རྨུགས་བྱེད་ས་ཡི་སྙིང་པོ་རོ། །མདའ་དང་ལྕགས་ཀྱུ་ཌ་མ་རུ་དང་གཞུ་དང་ཞགས་པ་ནོར་བུའི་ཕྱག །དཀར་ནག་གདོང་ལྡན་ཉིན་མོར་བྱེད་འདྲ་ཆུ་ཡི་རིགས་ཀྱིས་འཁྱུད་ལ་འདུད། །འདུ་ཤེས་ཆུ་དང་རྐང་པའི་དབང་པོ་ལྕེ་དང་གཟུགས་གཞན་ཡེ་ཤེས་སྐུ། །སྣང་བ་མཐའ་ཡས་མཱ་མ་ཀཱི་དང་ཁེངས་བྱེད་འཇིག་རྟེན་དབང་པོ་གཟུགས། །ཐོ་བ་མདུང་དང་རྩེ་གསུམ་པད་དཀར་མེ་ལོང་དང་ནི་བགྲང་འཕྲེང་ཅན། །ནག་དང་དམར་བའི་གདོང་ལྡན་དཀར་པོ་མེ་ཡི་རིགས་ཀྱིས་འཁྱུད་ལ་འདུད། །གཟུགས་ཀྱི་ཕུང་པོ་ས་དང་བཤང་ལམ་ལུས་དང་དྲི་གཞན་འོད་གསལ་གཟུགས། །རྟག་པ་སྤྱན་མ་རེངས་བྱེད་དང་ནི་རྣམ་སེལ་དྲི་ཡི་རྡོ་རྗེ་མ། །འཁོར་ལོ་དབྱུག་པ་ཁྲོ་བོའི་རྡོ་རྗེ་དུང་དང་ལྕགས་སྒྲོག་དྲིལ་བུའི་ཕྱག །དཀར་ནག་གདོང་ལྡན་གསེར་གྱི་རི་འདྲ་རླུང་གི་རིགས་ཀྱིས་འཁྱུད་ལ་འདུད། །རྣ་བ་ཆོས་ཁམས་ཡིད་དང་སྒྲ་གཞན་གསང་བའི་དབང་པོ་དྲི་ཆུ་གཞན། །ཕྱག་རྡོར་ཆོས་ཁམས་ཀུན་བཟང་སྒྲ་མ་གཙུག་ཏོར་ཤིན་ཏུ་སྔོན་མོ་སྦྱོར། །ཉི་ཟླའི་ཞལ་ལྡན་ལྗང་དང་སྔོ་བ་རྡོ་རྗེ་གྲི་གུག་དགྲ་སྟ་དང༌། །དྲིལ་བུ་ཐོད་པ་ཚངས་པའི་གདོང་ལྡན་སྟོང་པའི་རིགས་ལ་ཕྱག་འཚལ་ལོ། །རབ་དཀར་ཆུ་སྐྱེས་མདངས་བཀྲའི་ཟེའུ་འབྲུར་འོད་སྟོང་བདག་པོའི་དཀྱིལ་འཁོར་ལ། །རྡོ་རྗེའི་གདན་དང་གཡས་བརྐྱང་སྟབས་བཞུགས་རྒྱལ་དང་རྒྱལ་སྲས་ཁྲོ་རྒྱལ་དང༌། །འདམ་སྐྱེས་དམར་པོའི་གེ་སར་སྙིང་པོར་རི་བོར་འཛིན་པའི་དཀྱིལ་འཁོར་ལ། །པདྨའི་གདན་བཞུགས་རིགས་མ་རྣམས་དང་རྡོ་རྗེ་མ་རྣམས་ལ་


TNT02_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ། །དེ་ལྟར་ལྷ་ཡི་འཁོར་ལོ་ལེགས་མཆོད་དྲི་དང་འཕྲེང་བ་བདུག་སྤོས་མ། །སྣང་གསལ་བདུད་རྩི་འབྲས་བུ་མ་དང་སྒེག་མོ་བཞད་མ་སིལ་སྙན་མ། །གར་དང་གླུ་ཡི་སྦྱོར་བ་ལ་བརྩོན་འདོད་མ་འདོད་ལ་རབ་དགའ་མ། །རྒྱན་དང་ཆ་བྱད་རྣམ་འགྱུར་དུ་མས་ཡིད་རབ་འཛིན་མ་རྣམས་བསྟོད་དོ། །དེ་ལྟར་བསྒོམ་པའི་ཕུང་པོ་ཁམས་སོགས་གཞན། །བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་ཀྱི་དབྱིངས། །གློ་བུར་དྲི་མའི་སྦུབ་ལས་ངེས་གྲོལ་ཏེ། །སྲིད་གསུམ་དང་བ་མངོན་དུ་བྱེད་གྱུར་ཅིག །འདིར་ཡང་སྟེང་གི་ཁྲོ་བོ་མི་བསྐྱེད་ན། རྣ་བ་ཆོས་ཁམས་སོགས་བསྟོད་ཆེན་གྱི་དཀྱུས་ལྟར་བྱའོ། །དེ་ནས་བདག་ཉིད་ཀྱི་ཐུགས་ཀར་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང༌། དེ་ལས་བྱུང་བའི་རྡོ་རྗེ་ཤུགས་ཞལ་བཞི་པ་འཇིགས་པའི་སྐུ་ཅན་རབ་ཏུ་བཞད་ཅིང་མཆེ་བ་གཙིགས་པ། སྒྲ་དྲག་པོ་སྒྲོག་པ། སྤྱན་བཅུ་གཉིས་པ། ཕྱག་ཉི་ཤུ་རྩ་དྲུག་པ། ཤེས་རབ་དང་ཐབས་ལས་བྱུང་བ། གཙོ་བོ་བཞིན་དུ་མཚོན་ཆ་རྣམས་དང་བཅས་པ། གླང་པོ་ཆེའི་པགས་པའི་གོས་ཅན། ཕྱག་རྒྱ་ལྔ་དང་ལྡན་ཞིང་མི་བསྐྱོད་པའི་དབུ་རྒྱན་ཅན། ཐོད་པ་ལྔ་དང༌། མགོ་བོའི་འཕྲེང་བ་འཕྱང་བ། སྤྲུལ་གྱིས་བརྒྱན་པ། རྐང་པ་བརྒྱད་པའི་ཤིང་རྟ་ལ་གནས་པ་ནམ་མཁའི་ཁམས་སུ་སྤྲོས་ཏེ། འཁོར་ལོའི་དབང་ཕྱུག་གི་ལྟེ་བར་རྡོ་རྗེ་ལྕགས་ཀྱུས་བཏབ་ཅིང༌། ཕྱག་ཉི་ཤུ་རྩ་བཞི་པོ་རྣམས་རྡོ་རྗེ་ཞགས་པས་བཅིངས་ནས། མཚོན་ཆ་ལྷག་མ་རྣམས་ཀྱིས་སྡིགས་པར་གྱུར། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་


TNT02_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཝཱ་ར་ཛཿ ཁྲོ་བོའི་དབང་པོ་སླར་ཡང་རང་ཉིད་ལ་ཞུགས་པར་གྱུར། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་རེ་བྷྱཿ བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ བཛྲ་པུཥྤཾ། བཛྲ་དྷུ་པཾ། བཛྲ་དཱི་པཾ། བཛྲ་ནཻ་ཝེ་ཏྱཾ། བཛྲ་ཨཀྵ་ཏཾ། བཛྲ་ལཱ་སྱཾ། བཛྲ་ཧ་སྱཾ། བཛྲ་ཝ་ཏྱཾ། བཛྲ་ནྲཱྀ་ཏྱཾ། བཛྲ་གཱི་ཏཱཾ། བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ ཧཱུཾ་བཾ་ཧོཿཧཱི། ལྷ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། ལྟེ་བར་ཧོཿ གསང་བར་སྭཱ། གཙུག་ཏོར་དུ་ཧཱ་རྣམས་འཁོད་པར་གྱུར། དཔྲལ་བར་ཨཱཿལས་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ལས་བྱུང་བའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་དཀར་པོ། གཡས་ཞལ་ནག་ཅིང་གཡོན་ཞལ་དམར་བ། ཕྱག་གཡས་པ་གསུམ་གྱིས་འཁོར་ལོ། རྡོ་རྗེ། པདྨ། གཡོན་པ་གསུམ་གྱིས་རལ་གྲི། དྲིལ་བུ། ནོར་བུ་འཛིན་ཅིང༌། རང་དང་འདྲ་བའི་ཡུམ་དང་བཅས་པ་དང༌། མགྲིན་པར་ར་ལས་ཉི་མའི་དཀྱིལ་འཁོར་ལ་ཨཱཿལས་བྱུང་བའི་པདྨ་དམར་པོ་འདམ་མ་བརྒྱད་པ་ཡོངས་སུ་གྱུར་པ་ལས། གསུང་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་དམར་པོ་གཡས་ཞལ་དཀར་ཞིང༌། གཡོན་ཞལ་ནག་པ། ཕྱག་གཡས་པ་གསུམ་གྱིས་པདྨ། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་གྱིས་ནོར་བུ། དྲིལ་བུ། རལ་གྲི་འཛིན་ཅིང༌། རང་དང་འདྲ་བའི་ཡུམ་དང་བཅས་པ་དང༌། སྙིང་གར་ཨཾ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནག་པོ་ཡོངས་སུ་གྱུར་པ་ལས་ཐུགས་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་ནག་


TNT02_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ། འཁོར་ལོ། པདྨ། གཡོན་པ་གསུམ་གྱིས་དྲིལ་བུ། རལ་གྲི། ནོར་བུ་འཛིན་པ། རང་དང་འདྲ་བའི་ཡུམ་དང་བཅས་པ་རྣམས་འཁོད་པ་ལས་རབ་ཏུ་སྤྲོས་ཏེ། ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། སྐུ་དང་གསུང་དང་ཐུགས་རྡོ་རྗེས་འདུལ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་ནས་སླར་ཡང་མདུན་གྱི་ནམ་མཁར་བཞུགས་པ་ལ། སྐུའི་རྡོ་རྗེ་འཛིན་པ་དང༌། གསུང་གི་རྡོ་རྗེ་འཛིན་པ་དང༌། ཐུགས་ཀྱི་རྡོ་རྗེ་འཛིན་པ་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སྐུ་རྡོ་རྗེ་དང༌། གསུང་རྡོ་རྗེ་དང༌། ཐུགས་རྡོ་རྗེའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩྀའི་བུམ་པའི་བདག་ཉིད་ལ་དབང་བསྐུར་བར་གྱུར། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་སྐུ་རྡོ་རྗེ་དང༌། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་གསུང་རྡོ་རྗེ་དང༌། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཐུགས་རྡོ་རྗེ་རྣམས་འཁོད་པར་གྱུར། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ༴ སྐུ་ཡི་རྡོ་རྗེ༴ བྱིན་རླབས་གནས༴ དཔལ་ལྡན་གསུང་གི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ༴ གསུང་རྡོ་རྗེ༴ བྱིན་རླབས་གནས༴


TNT02_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ༴ གསུང་གི་རྡོ་རྗེ༴ བྱིན་རླབས་གནས༴ དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ༴ ཐུགས་ཀྱྀ་རྡོ་རྗེ༴ བྱིན་རླབས་གནས་སུ༴ ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ༴ ཐུགས་ཀྱི་རྡོ་རྗེ༴ བྱིན་རླབས་གནས་སུ་དེང་བདག་མཛོད། །ཅེས་གསོལ་བ་བཏབ་པས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མ་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབས་ཤྀང༌། རྡོ་རྗེ་གསུམ་གཅིག་ཏུ་འདུས་པའི་ངོ་བོར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཤེས་རབ་ཀྱི་ལྟེ་བར་ཧོཿལས་སྐུ་རྡོ་རྗེ། གསང་བར་སྭཱ་ལས་གསུང་རྡོ་རྗེ། གཙུག་ཏོར་དུ་ཧཱ་ལས་ཐུགས་རྡོ་རྗེ་རྣམས་འཁོད་པར་གྱུར། དེ་ལྟར་དབང་བསྐུར་བས་དྲི་མ་མཐའ་དག་སྦྱངས་ཏེ་རྒྱས་བཏབ་པར་གྱུར་པ་ནི། རྣམ་པར་སྣང་མཛད་ལ་མི་བསྐྱོད་པ་དང༌། སྣང་བ་མཐའ་ཡས་ལ་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་ལ་འོད་དཔག་མེད་དང༌། དོན་ཡོད་གྲུབ་པ་ལ་རིན་ཆེན་དབང་པོས་རྒྱས་བཏབ་པར་གྱུར་པའི་དག་པའི་ཕུང་པོ་ཆོས་གོས་དང་གཙུག་ཏོར་འཛིན་པའོ། །དེ་བཞིན་དུ་ལྗང་ཁུ་རྣམས་ལ་མི་བསྐྱོད་པ་དང༌། ནག་པོ་རྣམས་ལ་དོན་ཡོད་གྲུབ་པ་དང༌། དམར་པོ་རྣམས་ལ་རིན་ཆེན་འབྱུང་ལྡན་དང༌། དཀར་པོ་རྣམས་ལ་སྣང་བ་མཐའ་ཡས་དང༌། སེར་པོ་རྣམས་ལ་རྣམ་པར་སྣང་མཛད་དང༌། སྔོན་པོ་རྣམས་


TNT02_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྡོ་རྗེ་སེམས་དཔས་རྒྱས་བཏབ། ལྷ་ཐམས་ཅད་ཀྱི་གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཨ་ཡིག་མི་བསྐྱོད་པ་དང༌། སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཨི་ཡིག་དོན་ཡོད་གྲུབ་པ་དང༌། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་རྀ་ཡིག་རིན་ཆེན་འབྱུང་ལྡན་དང༌། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨུ་ཡིག་སྣང་བ་མཐའ་ཡས་དང༌། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ལྀ་ཡིག་རྣམ་པར་སྣང་མཛད་དང༌། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཨཾ་ཡིག་རྡོ་རྗེ་སེམས་དཔས་རྒྱས་བཏབ། ལྷ་རྣམས་ཀྱི་ལྟེ་བ་སྙིང་ག མགྲིན་པ་དཔྲལ་བ་གཙུག་ཏོར་རྣམས་སུ་ས་ཆུ་མེ་རླུང་ནམ་མཁའི་དཀྱིལ་འཁོར་རྣམས་ལ་ལྀ་ཨུ་རྀ་ཨི་ཨའོ། །ལྷ་རྣམས་ཀྱི་དཔྲལ་བ་མགྲིན་པ་སྙིང་ག་ལྟེ་བ་རྣམས་སུ། ཟླ་བའི་ཉི་མ་སྒྲ་གཅན་དུས་མེའི་དཀྱིལ་འཁོར་རྣམས་ལ་ཨོཾ་ཨཱཿཧུཾཾ་ཧོཿའོ། རྡོ་རྗེ་ནོར་བུར་གཞོམ་དུ་མེད་པའི་ཨ་ཡིག་གོ །གསུམ་པ་སྒྲུབ་པའི་ཡན་ལག་ཐིག་ལེའི་རྣལ་འབྱོར་ནི། ཡབ་ཡུམ་སྙོམས་པར་ཞུགས་པ་ལས་ལྟེ་བའི་ཧོཿཡིག་གློག་དང་མཚུངས་པའི་གཏུམ་མོ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བར་གྱུར་པས། དེ་བཞིན་གཤེགས་པ་ལྔའི་རང་བཞིན་གཡོན་གྱི་དཀྱིལ་འཁོར་ཕུང་པོ་ལྔའི་རླུང་དང༌། སྤྱན་མ་ལ་སོགས་པའི་རང་བཞིན་གཡས་ཀྱི་དཀྱིལ་འཁོར་ཁམས་ལྔའི་རླུང་རྣམས་བསྲེགས་ཤིང༌། མིག་ལ་སོགས་པའི་དབང་པོ་རྣམས་ཀྱང་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་འཇུག་པ་


TNT02_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་ནས། སྤྱི་བོའི་ཧཾ་ཡིག་ཞུ་བ་ལས་གློ་བུར་དུ་ཐིག་ལེའི་རྒྱུན་བབས་པ་མགྲིན་པར་སླེབ་པས་དགའ་བ། སྙིང་གར་སླེབ་པས་མཆོག་དགའ། ལྟེ་བར་ཁྱད་པར་གྱི་དགའ་བ། གསང་བར་ལྷན་ཅིག་སྐྱེས་པའི་དགའ་བ་མངོན་དུ་བྱས། ཨོཾ་ཛྙཱ་ན་པཱུ་ཛ་ཨ་ནུ་རཀྟོ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། བཞི་པ་སྒྲུབ་པ་ཆེན་པོའི་ཡན་ལག་ཕྲ་མོའི་རྣལ་འབྱོར་ནི། སླར་ཡང་ཇི་ལྟར་བྱོན་པ་བཞིན་དུ་སྟེང་དུ་གཤེགས་པས། ལྟེ་བར་རྒྱུ་མཐུན་པའི་འབྲས་བུའི་ལྷན་ཅིག་སྐྱེས་པའི་སྐུ་དང༌། སྙིང་གར་རྣམ་པར་སྨིན་པའི་འབྲས་བུ་ཆོས་ཀྱི་སྐུ་དང༌། མགྲིན་པར་སྐྱེས་བུ་བྱེད་པའི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དཔྲལ་བར་དྲི་མ་དང་བྲལ་བའི་འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་བཛྲ་སཏྭཱ་ཧཾ་དུརྡནྟ་ད་མ་ཀ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ནས་ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ སོགས་ཀྱིས་མཆོད། སྟོང་ཉིད་སྙིང་རྗེ་སོགས་ཤླཽ་ཀ་གཉིས་ཀྱིས་གོང་བཞིན་བསྟོད། དེ་ནས་ལྷ་སྐུ་ལ་སེམས་འཛིན་པའམ་བཟླས་པ་བྱའོ། །དེ་ཡང་ད་ལྟར་ལག་ལེན་ལ་སྙིང་པོ་གཙོ་བོར་བཟླ་བར་སྣང་ཞིང༌། རྩ་སྔགས་ཀྱང་ཅི་རིགས་པར་བཟླའོ། །དུས་ཀྱི་འཁོར་ལོ་ཤེས་རབ་མ་དར་བཅས་པའི་སྔགས་ཨོཾ་སྭཱཧཱ། ཞེས་པ་བྱེ་བ་བཟླས་པས་བསྙཻན་པ་ཡོངས་སུ་རྫོགས་པའོ། །ཡང་ན་ཨོཾ་ཨཿཧཱུཾ་ཧོཿཧཾ་ཀྵཿ ཞེས་པའམ། ཨོཾ་ཨཱཿཧཱུཾ་ཧོཿ སྭཱཧཱ། ཞེས་པའམ། ཨོཾ་ཧྲཱཾ་ཧྲཱིཾ་ཧྲཱཿསྭཱཧཱ། ཞེས་པ་རྣམས་གང་ཡང་རུང་བ་ཞིག་བྱེ་བར་བཟླས་པས་ཀྱང་བསྙེན་པའོ། །རྗེས་ཀྱི་བྱ་བ་ལ་མཆོད་པ་དང་བསྟོད་པ་དང༌། ཉེར་


TNT02_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་གསུམ་ལས། དང་པོ་ནི། རྒྱུན་གྱི་རྣལ་འབྱོར་ལ་མཆོད་པ་རྒྱས་པ་མ་ལྕོགས་ན། བཟླས་པའི་མཐར་ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ སོགས་མཆོད་པ་བཅུ་གཉིས་ཀྱིས་བཞིན་མཆོད་པར་བྱའོ། །གཉིས་པ་ནི། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །སོགས་འདུད་ཉེར་གཅིག་གིས་བསྟོད། སྤྲོ་ན་གང་ལ་ཐོག་མཐའ་དབུས་མེད་སོགས་ཀྱིས་ཀྱང་བསྟོད། གསུམ་པ་ནི། གཙུག་ཏོར་དུ་རྡོ་རྗེ་རྩེ་མོ་ལྔ་པའི་ལྟེ་བར་བདེ་བ་ཆེན་པོའི་འཁོར་ལོ་དང༌། སྙིང་གར་རྡོ་རྗེ་རྩེ་མོ་དགུ་པའི་ལྟེ་བར་ནུས་མ་རྣམས་དང༌། དཔྲལ་བར་རྡོ་རྗེ་རྩེ་མོ་བཅུ་བདུན་པའི་ལྟེ་བར་ཕུང་པོ་དང་ཁམས་བཞིའི་ལྷ་དང༌། མགྲིན་པར་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པའི་ལྟེ་བར་སྐྱེ་མཆེད་བཅུ་གཉིས་ཁྲོ་བོ་བཞི་དང་བཅས་པ་ལུས་དང་བསམ་པས་རབ་ཏུ་དབྱེ་བ་རྣམས་གཤེགས་སུ་གསོལ། དེ་ནས་སྤྱོད་ལམ་གྱི་རྣལ་འབྱོར་ལ་འཇུག་ན། སྨོན་ལམ་གདབ་ཅིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཡང་བརྗོད་ནས། ཐུན་མཚམས་ལ་འཇུག་གོ། གཏོར་མ་འབུལ་བར་འདོད་ན་ཡང༌། གཏོར་མ་བཤམས། ཨོཾ་ཕྲེཾ་བཛྲ་ཌཱ་ཀི་ནཱི། བཛྲ་དྷ་ཏཱི་ཤྭ་རཱི། ག་ག་ན་སྭ་བྷཱ་ཝ་སརྦ་དྲ་བྱ་བི་ཤྭ་དྷ་ནི། སརྦ་དྲ་བྱ་ཎི་བི་ཤྭ་དྷ་ཡ་ཧཱུཾ་ཕྲེཾ་ཕཊ། ཅེས་པ་དང༌། ཨོཾ་ཨཱཿཧཱུཾ་ཧྲཿཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་


TNT02_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་མཚན་པ། དེའི་སྟེང་དུ་ཨ་ལས་མི་མགོའི་སྒྱེད་པུ་གསུམ་ལ་གནས་པའི་ཨོཾ་ཡོངས་སུ་གྱུར་པ་ལས་ཐོད་པ་དུམ་བུ་གཅིག་པ། དེའི་ནང་གི་དབུས་སུ་ཨ་ལས་བྱང་སེམས། ཤར་དུ་ཨི་ལས་རྐང་མར། ལྷོར་རྀ་ལས་རཀྟ། བྱང་དུ་ཨཱུ་ལས་དྲི་ཆུ། ནུབ་ཏུ་ལི་ལས་དྲི་ཆེན། རླུང་མཚམས་སུ་ལཱྀ་ལས་གླང་པོ་ཆེའི་ཤ དབང་ལྡན་དུ་ཨཱུ་ལས་བ་གླང་གི་ཤ བདེན་བྲལ་དུ་རཱྀ་ལས་རྟའི་ཤ མེ་མཚམས་སུ་ཨཱི་ལས་ཁྱིའི་ཤ དབུས་ཀྱི་སྟེང་དུ་ཨཱ་ལས་མིའི་ཤ རླུང་གཡོས་མེ་སྦར་རྫས་རྣམས་ཞུ། ལག་པ་གཡོན་པའི་མཐིལ་དུ་ཟླ་བ་ལ་གནས་པའི་ཨོཾ་སྐུ་རྡོ་རྗེའི་ངོ་བོ། དེའི་འོད་ཟེར་གྱིས་མ་དག་པའི་རྫས་རྣམས་སྦྱངས་པར་གྱུར། ཨོཾ་ཨོཾ་བཛྲ་ཙནྡྲ་སོགས་གོང་བཞིན། ལག་པ་གཡས་པའི་མཐིལ་དུ་ཉི་མ་ལ་གནས་པའི་ཨཱཿགསུང་རྡོ་རྗེའི་ངོ་བོ། དེའི་འོད་ཟེར་གྱིས་དག་པའི་རྫས་རྣམས་སྤེལ་བར་གྱུར། ཨོཾ་ཨཱཿབཛྲ་སཱུརྻ་སོགས། ལག་པ་གཉིས་ཀ་སྦྱར་བའི་དབུས་སུ་སྒྲ་གཅན་གྱི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཐུགས་རྡོ་རྗེའི་ངོ་བོ། དེའི་འོད་ཀྱིས་རྫས་རྣམས་ཁ་དོག་དྲི་རོ་ནུས་མཐུ་གཟི་བརྗིད་ཕུན་སུམ་ཚོགས་པ་འབར་བར་གྱུར། ཨོཾ་ཧཱུཾ་བཛྲ་ཨ་ན་ལ་སོགས། མཁའ་ལྡིང་གི་ཕྱག་རྒྱའི་དབུས་སུ་དུས་མེ་ལ་གནས་པའི་ཧོཿཡིག་ཡེ་ཤེས་རྡོ་རྗེའི་ངོ་བོ། དེའི་འོད་ཟེར་གྱིས་ཟག་མེད་ཡེ་ཤེས་མཆོག་གི་བདུད་རྩིར་བྱས་པར་གྱུར། ཨོཾ་ཧོཿསརྦ་དྷརྨ་བཛྲ་ཨ་མྲྀ་ཏ་སོགས་གོང་བཞིན་བརྗོད་པ་ནི་གཏོར་མ་


TNT02_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབ་པའོ། །དེ་ནས་མགྲོན་སྤྱན་དྲང་བ་ནི། སངས་རྒྱས་ཡབ་ཡུམ་བཅས་པ་སྲས་བཅས་གཡོག་འཁོར་དང༌། །གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་པ་ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང༌། །མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཨོཾ་ཧ་ཧཱ་ཧི་ཧཱི་བཛྲ་བྷཻ་ར་ཝ། ཨཱ་ཀཱརྵ་ཡ་ཨཱ་ཀརྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ཧྲི་ད་ཡཾ་ཧཱུཾ་ཧཱུཾ་ཕྲེཾ་ཕྲེཾ་ཕཊ། ཅེས་པས་མཁའ་འགྲོ་མ་རྣམས་ཀྱང་སྤྱན་དྲངས། ཨོཾ་བཛྲ་གནྡྷཾ་ནས། ཀཱ་མཾ་གྱི་བར་བརྗོད། ཨོཾ་ཨཱཿཧཱུཾ་ཧོཿ ཤྲཱི་ཀཱ་ལ་ཙཀྲ་བཛྲ་བྷཻ་ར་ཝ་བྷིསྐ་རཱ་ཡ། ས་པཱ་རི་ཝ་རེ་བྷྱཿ ཨི་དཾ། བ་ལཱིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙ་ཨཱ་ག་ཏྱ། ས་པ་རི་ཝ་ར། ཤཱི་གྷྲཾ། ཨི་དཾ་བ་ལིཾ། གྲྀཧྞནྟུ། ཁཱ་དན་ཏུ། པི་བནྟུ། ཛཿཧཱུཾ་བཾ་ཧོཿ སཾ་ཏྲྀཔྟཱཿ སརྦ་སཏྭཱ་ནཱཾ། ཤཱནྟཾ། པུཥྟིཾ། རཀྵ། ཨ་བ་ར་ཎ། གུཔྟིཾ། ཀུརྦནྟུ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱཧཱ། རྡོ་རྗེའི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུཾ་ཧོཿ ཨུཥྞི་ཥ། སུམྦྷ་ནི་སུམྦྷ། བིགྷྣན་ཨནྟ་ཀ ནཱི་ལ་དཱཎྜ། པྲཛྙཱ་ཨནྟ་ཀ ཊཱཀྐི་རཱ་ཛ། པདྨ་ཨནྟ་ཀ ཨ་ཙ་ལ། ཡ་མ་ཨནྟ་ཀ། མཧཱ་བ་ལེ་བྷྱཿ གྲི་གུག་གི་ཕྱག་རྒྱ་དང༌། ཨོཾ་ཨཱཿ


TNT02_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཧོཿ ཨཱ་ཀཱ་ཤ བ་ཡུ། ཏེ་ཛ། ཨུ་ད་ཀ པྲི་ཐི་ཝཱི། སཱ་དྷི་བྷྱཿ རལ་གྲིའི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུཾ་ཧོཿ པྲཧྨ། བིཥྞུ། ནཻ་རི་ཏྱ། བ་ཡུ། ཡ་མ། ཨགྣི། ས་མུ་དྲ། ཨཱི་ཤྭ་ར། ཨིནྡྲ། ཡཀྵེ་བྷྱཿ རིན་པོ་ཆེའི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུཾ་ཧོཿ ར་ཧུ་ཀཱ་ལ་ཨགྣི། ཙནྡྲ། སཱུརྱ། བུ་དྷ། མཾ་ག་ལ། ཤུ་ཀྲ པྲི་ཧསྤ་ཏི། ཀེ་ཏུ། ཤ་ནི་བྷྱཿ པདྨའི་ཕྱག་རྒྱ་བཅས་ལ། ཨོཾ་ཨཱཿཧཱུཾ་ཧོཿ ཛ་ཡ། བི་ཛ་ཡ། པདྨ་ཀརྐོ་ཊ་ཀ ཝཱ་སུ་ཀི ཤཾ་ཁ་པཱ་ལ། ཀུ་ལི་ཀ ཨ་ནནྟ། ཏཀྵ་ཀ མཧཱ་པདྨེ་བྷྱཿ འཁོར་ལོའི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུཾ་ཧོཿ བེ་ཏ་ཌ། བི་ཀྲི་ཏ་མུ་ཁ། ཤྭཱ། ཀཱ་ཀ སཱུ་ཀ་ར། གྲྀདྷྲ། བྱཱ་གྷྲ། ཨཱུ་ལུ་ཀ ཛཾ་བུ་ཀ ག་རུ་ཌ། མུ་ཁེ་བྷྱཿ ཞེས་པ་རྣམས་ཀྱི་མཐར། ས་པ་རི་ཝཱ་རེ་བྷྱཿ ཨི་དཾ་བཱ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཛ་ཨཱ་ག་ཏྱ། ས་པ་རི་ཝཱ་རཿ ཤཱི་གྷྲཾ། ཨི་དཾ་བཱ་ལིཾ། གྲྀཧྞནྟུ། ཁཱ་དནྟུ། བི་ཝནྟུ། ཛཿཧཱུཾ་བཾ་ཧོཿ སཾ་ཏྲིཔྟཱཿ སརྦ་སཏྭཱ་ནཱཾ། ཤཱིནྟཾ། པུཥྟིཾ། རཀྵ། ཨཱ་བ་ར་ཎ་གུབྟིཾ། ཀུརྦནྟུ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏཱི་སྭཱཧཱ། ཕྱི་མཆོད་ནི། བཛྲ་བྷཻ་ར་ཝ་བྷཱིསྐཱ་རཱ་ཡ། ས་པ་རི་ཝཱ་རེ་བྷྱཿ བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ བཛྲ་དྷུ་པཾ་པྲ་ཏཱིཙྪ་ན་མཿ བཛྲ་དཱི་པཾ་པྲ་ཏཱིཙྪ་ན་མཿ བཛྲ་ནཻ་བི་ཏྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ཨཀྵ་ཏཾ་པྲ་ཏཱིཙྪ་ན་མཿ བཛྲ་ལཱ་སྱཾ་པྲ་ཏཱིཙྪ་ན་མཿ


TNT02_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཧཱ་སྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ཝཱ་ཏྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ནྲྀ་ཏྱཾ་པྲ་ཏཱིཙྪ་ན་མཿ བཛྲ་གཱི་ཏཾ་པྲ་ཏཱིཙྪ་ན་མཿ བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ ནང་མཆོད་ནི། ཨོཾ་བཛྲ་བྷཻ་ར་ཝ། ཧ་ཡ་ར་ཝ་ལ། ང་ཉ་ཎ་མ་ན། གྷ་ཛྷ་ཌྷ་བྷ་དྷ། ག་ཛ་ཌ་བ་ད། ཁ་ཚ་ཋ་ཕ་ཐ། ཀ་ཙ་ཊ་པ་ཏ། ཨོཾ་ཨཱཿཧུཾ། བསྟོད་པ་ནི། རྡོ་རྗེ་འཇིགས་བྱེད་འཇིགས་པར་མཛད། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། །ཁམས་གསུམ་རྣམ་རྒྱལ་ལ་ཕྱག་འཚལ། །རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། །ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཙོ། །དུས་མཐའི་སྤྲིན་མཚུངས་ཧེ་རུ་ཀ །རྡོ་རྗེ་ཤུགས་ལ་ཕྱག་འཚལ་ལོ། །སྡེ་དྲུག་སྲུང་མ་དྲུག་ཅུ་འཁོར་བཅས་ལ། །མཆོད་གཏོར་འདི་དང་དྲི་དང་མེ་ཏོག་དང༌། །བདུག་སྤོས་སྣང་གསལ་མ་ཉམས་བདག་འབུལ་གྱི། །དེ་རྣམས་འཁོར་དང་བཅས་པ་ཚུར་བྱོན་ལ། །གཏོར་མ་འདི་དག་ལེན་ཞིང་གསོལ་བ་དང༌། །བཏུང་བར་མཛད་དེ་ཤིན་ཏུ་མཉེས་པ་ཡིས། །འགྲོ་ལ་ཞི་རྒྱས་བསྲུང་སྐྱོབ་སྦ་བ་རྣམས། །རྡོ་རྗེ་འཛིན་པའི་བཀའ་བཞིན་མཛད་དུ་གསོལ། །བར་འདིར་ཆོས་སྐྱོང་ཡེ་ཤེས་པ་རྣམས་ལ་སོ་སོའི་གཏོར་ཆོག་ལྟར་གཏོར་མ་འབུལ། ཨོཾ་ཨཱཿཧུཾ། བཛྲ་ཌཱ་ཀི་ནཱི་བྷྱཿ ས་པ་རི་ཝཱ་རེ་བྷྱཿ ཨི་དཾ་བཱ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། པྲ་དཱི་པཾ་སོགས། ཡུལ་བདག་གི་གཏོར་སྔགས་དང་འདྲ་བ་ལ་འདོན་པ་སྤོས་པས། རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་གཏོར་མ་འབུལ། ཡུལ་བདག་གྲོང་བདག་ལ་ཡང་གོང་བཞིན་གཏོར་མ་འབུལ་བ་ལས། ཨ་པ་


TNT02_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

རསྠཱ་ནཾ་གཙྪ་ཞེས་པའི་དོད་དུ། སྭསྠཱ་གཙྪ་གཙྪ་སྭཱཧཱ། ཞེས་བསྒྱུར་བ་ནི་ཁྱད་པར་རོ། །ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ སོགས་མཆོད་པ་བཅུ་གཉིས་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་དེ་ཉིད་ལྔ་པས་བསྟོད། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །སོགས་ཀྱིས་འཕྲིན་ལས་གཞོལ། སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་དང༌། །མི་ཡི་འཇིག་རྟེན་དག་ན་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོའི་རྒྱལ་པོ་བཙུན་མོར་བཅས་རྣམས་དང༌། །ས་འོག་དག་ན་གདེངས་ཅན་དབང་པོ་གང་དག་གདོན་ཚོགས་མི་དགེ་དུས་ཀུན་དུ་ནི་འཆིང་བྱེད་པ། །དེ་རྣམས་ཐམས་ཅད་ཉིན་ཞག་སོ་སོའི་དུས་སུ་མི་ཤེས་འཇིག་རྟེན་ཀུན་ནས་སྐྱོང་བར་བྱེད་གྱུར་ཅིག །ཅེས་ཤིས་པ་བརྗོད། ཡིག་བརྒྱའི་མཐར་བཟོད་གསོལ་གཤེགས་གསོལ་རྣམས་སྤྱི་དང་འདྲ་བ་ལས། ཡེ་ཤེས་ཀྱི་འཁོར་ལོ་རང་ཉིད་ལ་ཐིམ། གསང་བར་ཧཾ་ཡིག་ལ་ཁྲོ་བོའི་འཁོར་ལོ་རྣམས་གཤེགས་སུ་གསོལ། གཙུག་ཏོར་དུ་ཨཾ་ཡིག་ལ་ཟད་པར་གྱི་འཁོར་ལོ་དང༌། དཔྲལ་བར་རྀ་ཡིག་ལ་ཕྱོགས་སྐྱོང་གི་འཁོར་ལོ་དང༌། མགྲིན་པར་རྀ་ཡིག་ལ་གཟའི་འཁོར་ལོ་དང༌། །སྙིང་གར་ཨུ་ཡིག་ལ་ཀླུའི་འཁོར་ལོ་དང༌། ལྟེ་བར་ལྀ་ཡིག་ལ་འབྱུང་པོའི་འཁོར་ལོ་རྣམས་གཤེགས་སུ་གསོལ། བསོད་ནམས་འདི་ཡིས་འགྲོ་རྣམས་དུ་བ་ལ་སོགས་ལམ་གྱིས་ལྷན་སྐྱེས་བདེ་བ་མཆོག་བསྒོམས་ཏེ། །འགྲོ་བའི་བླ་མ་སུམ་ཅུ་རྩ་གཉིས་མཚན་ལྡན་སྐུ་ནི་ཆོས་ཀྱི་འཁོར་ལོར་ཡང་དག་གནས། །ལྷ་རྣམས་མགོ་ཡི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱིས་ཞབས་ཀྱི་པདྨ་ལ་གཏུགས་ཤིང༌། །དམ་པའི་ལམ་


TNT02_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཉིན་བྱེད་བཞིན་དུ་མུན་པ་ཀུན་འཇོམས་དུས་ཀྱི་འཁོར་ལོ་ཉིད་གྱུར་ཅིག །ཉི་མ་དང་བཅས་ཐུབ་པའི་རིགས་རྣམས་ཀྱིས་ནི་ཤེས་རབ་ཡེ་ཤེས་ཐོབ་པར་གྱུར་འདི་ཇི་ལྟ་བར། །རྣམ་གསུམ་སྲིད་པར་གནས་པའི་སེམས་ཅན་རྣམས་ནི་དུས་ཀྱི་འཁོར་ལོའི་དྲིན་ལས་ཨེ་ཝཾ་ཉིད་གྱུར་ཅིག །སྐྱེས་བུ་གང་དག་བདུད་ཀྱི་གྲོགས་ཀྱིས་རྟག་ཏུ་མི་བདེན་མུན་པར་སོང་ཞིང་ལམ་ཉམས་པ། །དེ་རྣམས་ལམ་འདི་ཐོབ་ནས་རྡོ་རྗེ་ནོར་བུའི་ཁྱིམ་དང་རིང་བ་མིན་པར་འོང་གྱུར་ཅིག །དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོས་འགྲོའི་བདག་དང་ཆོམ་རྐུན་ཞགས་པས་འཆིང༌། །ཆུ་གཏེར་འཁྲུགས་དང་ཤ་ཟ་འཆི་བའི་འཇིགས་བྱེད་ནད་དང་དབང་པོའི་ཉེ་བར་འཚེ་བ་དང༌། །དབུལ་དང་བུད་མེད་དང་བྲལ་མི་བདག་འཁྲུགས་པའི་འཇིགས་དང་རྡོ་རྗེ་ལྟུང་དང་དོན་ཉམས་རྣམས། །བདག་གིས་རྣལ་འབྱོར་མ་རྣམས་ཞབས་ནི་གསལ་བར་དྲན་པའི་མཐུ་ལས་རབ་ཏུ་ཉམས་གྱུར་ཅིག །དེ་ནས། དགེ་བ་འདི་ཡིས་མྱུར་དུ་བདག །སོགས་དང༌། རིགས་སུ་སྐྱེ་དང་དམ་ཚིག་ཅན། །སོགས་དང༌། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །སོགས་དང༌། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཅེས་སོགས་སྨོན་ལམ་ཇི་ལྟར་རིགས་པ་གདབ་པར་བྱའོ། །ཁ་ཟས་ཀྱི་རྣལ་འབྱོར་ལ་སོགས་པ་རྣལ་འབྱོར་གཞན་རྣམས་ཀྱང་ཉམས་ལེན་གྱི་སྐབས་སུ་མ་ཆད་པ་གལ་ཆེའོ། །འདིར་སྨྲས་པ། རྡོ་རྗེ་རྣམ་བཞིའི་ཡིད་བཞིན་ནོར། །རྣལ་འབྱོར་བཞི་ཡི་ཐབས་མཁས་ཀྱིས། །དྲི་མ་རྣམས་བཞི་སྦྱངས་པ་ལས། །སྐུ་བཞིའི་འོད་ཟེར་སྤྲོ་བའི་ཐབས། །མངོན་སུམ་ཡེ་ཤེས་ལམ་བྱེད་དང༌། །རྗེས་དཔག་མོས་པའི་ལམ་བྱེད་གཉིས། །རྒྱལ་བས་རྒྱུད་སྡེ་མཐའ་དག་ལས། །གསལ་བ་གསུངས་ལ་ངེས་བརྙེས་ནས། །སྙིང་པོར་གྱུར་པའི་སྒྲུབ་ཐབས་བསྡུས་མིན་འདི། །གསལ་བར་བྲིས་ལས་དགེ་བ་གང་ཐོབ་པ། །དེས་ནི་མཐའ་ཡས་འགྲོ་བ་འདི་ཀུན་ཡང༌། །ཁྱབ་བདག་རྡོ་རྗེ་སེམས་དཔའི་གནས་ཐོབ་ཤོག །དཔལ་དུས་ཀྱི་འཁོར་ལོ་སྙིང་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཡེ་ཤེས་འོད་འཕྲོ་ཞེས་བྱ་བ་འདི་ཡང༌། རྒྱུད་སྡེའི་མཐར་ཐུག་འདི་ལ་མོས་ཤིང༌། བསྐྱེད་རིམ་གཙོ་བོར་བྱེད་པ་རྣམས་ལ་ཤིན་ཏུ་མཁོ་བར་མཐོང་ཞིང༌། དོན་གཉེར་དུ་མས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས། ནགས་རྒྱལ་གྱི་དབེན་གནས་སུ་སྦྱར་བའོ།། །།ཞུས་དགབཀྲ་ཤིས།


TNT02_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་། དུས་འཁོར་ཚོགས་མཆོད་བདུད་རྩི་འཁྱིལ་བ།


TNT02_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཁོར་ཚོགས་མཆོད་བདུད་རྩི་འཁྱིལ་བ་བཞུགས་སོ།


TNT02_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ་ཧོཿཧཾཀྴཿ འདི་དཔལ་དུས་ཀྱི་འཁོར་ལོའི་ཚོགས་དང་འབྲེལ་བའི་ཚོགས་མཆོད་མདོར་བསྡུས་པ་ནི་དཀྱིལ་འཁོར་གྱི་ཆོ་ག་དང་མ་འབྲེལ་བའི་སྐབས་ཡིན་ན། ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། ནང་མཆོད་བྱིན་རླབས་རྒྱས་པ་དང་། ལྡོན་འགྲོ་གཏོར་མ་མ་གནས་ཡོ་བྱིན་རླབས། ཞུ་འབུལ་སྐྱབས་སེམས་ཡིག་བརྒྱ་རྣམས་དཀྱིལ་ཆོག་དང་སྒྲུབ་ཐམས་སུ་བཤད་པ་ལྟར་བྱེད་པ་ལས། སེམས་ཅན་དོན་དུ་སེམས་དགེ་བས། དཔལ་བོ་རྣལ་འབྱོར་མ་རྣམས་ཀུན། ཚུལ་བཞིན་ཚེ་གར་ལྡན་པ་ཡི། རྣལ་འབྱོར་ལ་ནི་ཉེར་གནས་མཛོད། ཅེས་པས་གསོལ་འདེབས་ཞུ་འབུལ་ཁྱེད་པ་ནི་ཁྱད་པ་རོ། དེ་ནས་བདག་བསྐྱེད་དཀྱིལ་འཁོར་ཡོང་རྫོགས་སམ། དཔའ་བོ་གཅིག་པའི་བར་རྒྱས་བསྡུས་ཇི་ལྟར་སྒོམ་གྱང་རུང་སྟེ། བཟླས་པའི་བར་དུ་བྱ་ཞིང་། དཀྱིལ་འཁོར་སྒོམ་ན་རང་ལ་ཉེ་བར་བསྡུའོ། མདུན་བསྐྱེད་མཎྜལ་དྲི་བཟང་གིས་བྱུངས་པའི་དབུས་སུ། ནང་མཆོད་ཀྱི་ཆོས་


TNT02_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ཐིག་ལེ་དང་བཅས་པའི་བྲ་བའམ། རས་བྲིས་ཀྱི་དཀྱིལ་འཁོར་དང་བྲིས་སྐུ་སོགས་ཡོད་ན་མཎྜལ་མ་བྱས་ཀྱང་ཆོག གང་ལར་ཡང་བསངས་སྦྱངས། སྟོང་བའི་དང་ལས་ཧཱུཾ་ཞེས་པ་རྣམ་བཅུ་དབང་ལྡན་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་འཁོར་ལོ། བྱུང་བཞི་རི་རབ་ལ་བརྟེན་ཅིང་སྲུང་བའི་འཁོར་ལོའི་ནང་དུ་ཆུད་པ། འཁོར་ཡུག་གཞི་རི་རབ་ལ་བརྟེན་ཅིང་སྲུང་བའི་འཁོར་ལོའི་ནང་དུ་ཆུད་པ། འཁོར་ཡུག་ཆེན་པོ་ལྔ་སླ་ཡོངས་སུ་བསྐོར་བའི་གཞལ་མེད་ཁང་ལྷའི་གདན་དང་བཅས་པ་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པ་དང་བཅས་པ་དེ་ཉིད་དུ་གྲུབ་པར་གྱུར་པ་ནི། སྟོང་བ་ཉིད་དང་སྙིང་རྗེ་བདག །ཅེས་པ་ནས་བཟུང་། བསྟོད་རླ་ཆེན་ཡོངས་རྫོགས་འདོན་པའམ། ཐུགས་དཀྱིལ་ཙམ་བྱེད་ན་ཡིད་རབ་འཛིན་པ་རྣམས་ལ་འདུད། ཅེས་པའི་རྗེས་སུ་ཁྱོད་ནི་སྲིད་པ་གསུམ་ལས་འདས་ཀྱང་སོགས་སྦྱར། དེ་ནས་བདག་ཉིད་ཐུགས་ཁང་ཧཱུཾ་ཡོངས་སུ་གྱུར་པ་ལས། ཞེས་པ་ནས་ཛཿཧཱུཾ་བཾ་ཧོཿཧི། ཞེས་པའི་བར་ཡེ་ཤེས་དགུག་བཞུག་བྱ། སླར་ཡང་རང་གི་སྙིང་གནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བླ་མ་ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཞེས་འགྲོན་སྤྱན་འདྲེན་པ་ནས། ཁྱོད་ལ་འདུད་སྟེ་ཁྱིད་ལ་འདུད། ཅེས་པའི་བར་དཀྱིལ་འཁོར་ལྷག་གནས་སྐབས་ཀྱི་མཆོད་པ་དང་འདྲ་བ་ལས། ཐུགས་དཀྱིལ་ཙམ་བྱེད་ན། ཨོཾ་ཥ་ཊཾགཡ་ནམ་ཞེས་པ་རྗེས་སུ། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭེ་བྷྱོན་མོ་ནམཿ དེ་ནས་གཏོར་ཆོག་ལར་གཏོར་མ་འབུལ་བ་ཡན་ཆད་བྱའོ། དཀྱིལ་འཁོར་གྱི་ཆོ་ག་དང་འབྲེལ་བའི་སྐབས་ཀྱི་ཚོགས་མཆོད་ཡིན་ན། གཏོར་མ་འབུལ་


TNT02_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡང་ཆད་དཀྱིལ་ཆོག་ལྟར་སོང་བའི་རྗེས་སུ། ཚགོས་རྫས་བྱིན་གྱིས་བརླབ་པ་མན་ཆད་ཀྱི་ཆོག་སྟེ། དེ་ཡང་བདག་འཇིག་མི་བྱེད་པའམ། བྱེད་ཀྱང་དེའི་སྔོན་དུ་ཚོགས་འཁོར་བྱེད་ན། གཏོར་ཆོག་སྔོན་དུ་ལེན་དགོས་སོ། དེ་ནས་ཚོགས་རྫས་ལ་ནང་མཆོད་མཐོང་བཞིན་དུ། ཨོཾ་ཕྲེཾ་བཛྲ་ཌཱ་ཀི་ནི། བཛྲ་དྷཱ་ཏཱི་ཤྭ་རཱི་གག་ན་སྭ་བྷ་ཝས་རྦ་དྲ་བྱ་བི་སྭ་དྷ་ནི། སརྦ་དེ་བྱ་ཎི་བི་སྭ་དྷ་ཡ་ཧཱུཾ་ཕྲེཾ་ཕཊ་ཅེས་ལན་གསུམ་མན་ལྔའམ་བདུན་བརྗོད། ཚོགས་རྫས་གཏོར་མ་ལྟར་བྱིན་གྱིས་བརླབ། ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ། རང་བཞིན་རྣམ་པར་དག་བསྐྱེ་བ་མེད་པ་མཚན་ཉིད་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད། བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ལ་འབུལ་བར་བགྱིའོ། ཨོཾ་ག་ཎ་ཙཀྲ་བུ་ཛ་མེ་བྷས་མུ་དྲས་སྥར་ཎ་ས་མ་ཡ་ཧཱུཾ། དེ་བཞིན་དུ་སྦྱར་ཏེ། དངོས་གྲུབ་གྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ལ་ཞེས་དང་། འཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམ་ལ་ཞེས་དག །དམ་ཚིག་གི་རྩ་བ་མཆེད་གྲོགས་རྡོ་རྗེ་སྤུན་གྲོགས་རྣམས་ཞེས་གདོན་པ་སྤོ། །ཨོཾ་མི་འབྲལ་སྙིང་གི་གཟལ་མེད་ཁང་། །མོས་གུས་གཞོམ་མེད་ཕོ་བྲང་ན། །དྲིན་ཅན་གཞོམ་མེད་ཕོ་བྲང་ན། །དྲིན་ཅན་རྩ་བའི་བླ་མ་མཆོག །བཀའ་དྲིན་མཉམ་མེད་དམ་པ་རྗེ། །རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་བཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདིལ་བྱིན་ཕོབ་ལ། །ཚོགས་རྫས་ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །རྣམ་དག་བདེ་ཆེན་འགྱུར་མེད་དངོས། །དགེ་གཤེགས་རྒྱ་མཚོའི་དཀྱིལ་འཁོར་དུ། །


TNT02_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་འཁོར་ལ་རྡོ་རྗེ་སེམས། །མཁའ་འཁྱབ་དང་པོའི་སངས་རྒྱས་ཉིད། །རྣམ་འཕྲུལ༴ སྤྲོས་བྲལ་དག་པ་ཨེ་ཡིག་དབྱིབས། །རྣམ་ཀུན་མཆོག་ལྡན་མཁའ་སྤྱོད་གནས། །འཁོར་ལོའི་བདག་མོ་སྣ་ཚོགས་ཡུམ། །དབྱིངས་ཕྱུག་ཤེས་རབ་ཕ་རོལ་ཕྱིན། རྣམ་འཕྲུལ༴ རྣམ་གསུམ་སྲིད་པའི་གནས་ཀྱི་མཆོག །ཚངས་པའི་འཇིགས་རྟེན་སྤྲུལ་སྐུ་ཞིང་། སངས་རྒྱས་བྱང་སེམས་ཁྲོ་བའི་གཙོ། །དཀྱིལ་འཁོར་ལྷ་མོ་ཚོགས་བཅས་ཀྱང་། །རྣམ་འཕྲུལ༴ རྣལ་འབྱོར་མ་དང་མཁའ་འགྲོའི་ཚོགས། །འཆི་མེད་གདེངས་ཅན་ལྷ་མི་སྐྱེས། །འཁོར་བ་གནས་འགྱུར་ཡེ་ཤེས་ཀྱི། །སྲིད་གསུམ་ལྷ་ཚོགས་ཐམས་ཅད་ཀྱང་། །རྣམ་འཕྲུལ༴ ས་བཅུའི་དབང་ཕྱུག་རྣམ་འཕྲུལ་མཆོག །ཆོས་རྒྱལ་རིགས་ལྡན་འཁོར་བཅས་དང་། །རྩོད་ལྡན་དུས་འདིར་རྡོ་རྗེ་འཆང་། །བརྒྱུད་ལྡན་བླ་མ་ཚོགས་ཀུན་ཡང་། །རྣམ་འཕྲུལ༴ ས་ལ་སྤྱོད་པའི་འོག་མིན་མཆོག །བཞི་བཅུ་རྩ་བརྒྱད་གནས་མཆོག་ནས། །སྒྲུབ་པ་དངོས་གྲུབ་མཆོག་སྩོལ་བ། །གནས་གསུམ་དབའ་བོ་མཁའ་འགྲོ་ཡང་། །རྣམ་འཕྲུལ༴ གང་ལ་གང་འདུལ་སྐྱར་སྟོན་པ། །ཕྱོགས་བཅུ་དུས་གསུམ་འཕགས་པའི་ཚོགས། །གདུལ་དཀའ་མ་ལུས་འདུལ་མཛད་པའི། །ཕྱག་བརྙན་ཕོ་ཉ་འབྱུང་བོའི་ཚོགས། །རྣམ་འཕྲུལ༴ བདུད་ཚོགས་ཀུན་འདུལ་འཕྲིན་ལས་ཞིང། །དུར་ཁྲོད་ཆེན་པོ་བཅུ་དྲུག་གནས། །བགེགས་འཇོམས་འདོད་དོན་ཀུན་སྒྲུབ་པ། །ཆོས་སྐྱོང་བསྟན་སྲུངས་ཚོགས་རྣམས་ཀྱང་། །རྣམ་འཕྲུལ༴ བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རིགས་གྱི་ཅོད་པན་ལྡེམ་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རྒྱན་ཆ་མང་པོ་ཁ་ལ་ལ། །རོལ་མོ་མང་


TNT02_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དི་རི་རི། །ཀླུ་ལེན་གར་བྱེད་ཁྱུག་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤ་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་སལ་ལ་ལ། །བརྗོད་མེད་དབྱིངས་སུ་ཐལ་ལ་ལ། །བདེ་བ་ཆེན་པོ་ཁྲིལ་ལི་ལི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །བགེགས་དང་ལོང་འདྲེན་བར་ཆད་སོལ། །འཁོར་གསུམ་གཉིས་སུ་མེད་པར་རོལ། །ཚིག་བཅད་སོ་སོའི་མཐར་རོ་མོའི་སྒྲ་བྱའོ། །དེ་ནས་ཕུད་དང་པོ་བཅད་ལ། །གཏོར་མ་ལ་ཡང་ཅུད་ཟད་སྒྲོན། །དངོས་སུ་འབྱོར་དང་ཡིད་གྱི་སྤྲུལ་བ་དང་། ཕྱོགས་དུས་ཀུན་གྱི་མཆོད་རྫས་བཟང་རྒུ་རྣམས། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །མཁའ་ཁབ་འགྲོ་བའི་དོན་དུ་བཞེས་སུ་གསོལ། །དེ་ནས་ལས་ཀྱི་རྡོ་རྗེ་ལག་པ་གྱོན་པས་ཐོད་པ་བདུད་རྩིས་གང་བ་བཟུང་། གཡས་རྩེ་གསུམ་གྱི་ཕྱག་རྒྱས་ཤ་དང་བ་ལཾ་ཐོགས་ཏེ། སྟེང་འོག་ཁ་སྦྱོར་གྱི་ཚུལ་གྱིས་བཟུང་ལ། །ཀྱེ་འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་བ་རྣམས། །རང་བཞིན་གཅིག་པ་ཉིད་དུ་རོལ། །ཅེས་ཚོགས་ཀྱི་གཙོ་བོ་ནས་རྩམས་ཏེ་རིམ་པས་བསྐོར། སོ་སོ་ཀྱང་། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །བཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཅེས་བླང་། སླར་དེ་ཚོགས་རྫས་གཞན་རྣམས་ལ་བསྲེས། །ཡང་ཕུང་གཅིག་བཅད་དེ། ཕྱེད་སྡར་གི་ཕུད་དང་བསྲེ། ཕྱེད་ལྷག་གཏོར་ལ་བསྲེ་བའི་ཕྱིར་ལོགས་སུ་བཞག་གོ །དེ་ལྟ་ལག་ལེན་ལ་འདི་ལྟར་བྱེད་པ་ལྟར་བཀོད་པ་ཡིན་ཅིང་། འགྲུབ་ན་ཚོགས་


TNT02_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་སོ་སོར་དྲངས་ནས། སླར་སོ་སོའི་ཕུད་བསྡུས་ནས་འབུལ་བར་བྱའོ། སྔ་ཕྱི་ལྷན་ཅིག་དུ་བསྔོ་བ་ནི། ཞལ་ཟས་རོབ་རྒྱ་སོགས་དང་། དུས་ཀྱི་འཁོར་ལོ་སྲུང་མ་དྲུག་བཅུའི་ཚོགས་དང་བཅས་པ་དང་། ཆོས་སྐྱོང་ཆེན་པོ་རྣམས་དང་། མཁའ་འགྲོ་མ་རྣམས་དང་། འབྱུང་པོ་སྤྱི་དང་། ཡུལ་བདག་གྲོལ་བདག་གཞི་བདག་རྣམས་ལ་གཏོར་ཆོག་ནས་འབྱུང་བའི་གཏོར་སྔགས་ཙམ་གྱིས་ཕུལ་མཐར། དམན་པའི་ཡུལ་ལས་རབ་འདས་ཤིང་། རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞི་གྱུར་པ། བདུད་རྩི་མཆོག་གི་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་སེལ་ཤིང་། རྟོག་པ་ཀུན་ལས་དེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཅེས་བརྗོད། ཅུང་ཟད་སྤྲོས་པ་ལ་དགའ་ན། །གཏོར་སྔགས་ཙམས་གྱིས་ཕུལ་བའི་མཐར། །དངོས་གྲུབ་རྒྱ་མཚོ་སོགས་དང་། །ནམཿམཐའ་ཅན་གྱི་མཆོད་སྔགས་ཆེན་མོས་འབུལ། ཡང་ན། ནམའི་མཆོད་སྔགས་ཀྱི་ཚབ་ཏུ། །སྐུ་བཞི་རྡོ་རྗེ་བཞིའི་བདག་ཉིད་དང་། །ཚད་མེད་རྣམ་ཐར་ཆོས་གྱི་ཕུང་པོ་དང་། །དམ་ཆོས་སྟོན་པ་འཕགས་པའི་ཚོགས་རྣམས་ཏེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །དུས་འཁོར་རྡོར་སེམས་ཤཱཀྱ་ཐུབ་པ་དང་། །ནུས་མ་བུམ་པ་བཅུ་དང་རྡོ་རྗེ་བཞི། །སངས་རྒྱས་བྱང་ཆུབ་སེམས་དང་ཁྲོ་བོའི་རྒྱལ། །རང་རང་ལྷ་མོར་བཅས་པ་རྣམས་ལ་མཆོད། །གཟུངས་མ་རྣལ་འབྱོར་མ་དང་འདོད་མ་དང་། །ཆོས་ཀྱི་ལྷ་དང་གདིངས་ཅན་ཕྱིར་འདོ་དམ། །རབ་གཏུམ་གཟའ་སྐར་ཕྱོགས་སྐྱོང་ཞིང་སྐྱོང་སོགས། །བྱེད་བཅས་བྱེ་བ་གསུམ་གྱི་འབྱུང་པོ་མཆོད་


TNT02_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་དང་། མཆོད་ཡུལ་རྒྱ་མཚོའི་ཚོགས་ལ་མཆོད་པ་འབུལ། །འགྲོ་ཀུན་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ལ། མཆོད་ཏུ་རོལ་བས་བདེ་ཆེན་ཐོག་པར་ཤོག །ཅེས་བརྗོད་ཀྱང་རུང་། བསྡུས་པའི་སྐབས་གཏོར་སྔགས་ཁ་ནས་ཆོག་གོ །སོ་སོས་ཕུད་བཅད་ནས། ཨོཾ་ཨཱཿགུ་རུ་བུདྡྷ་བོདྷིས་ཏྭེ་བྷྱཿབཛྲ་ནཻ་བི་ཏེ་ཧཱུཾ། ཆར་བུ་གཉིས་བྱས། ཨོཾ་ཏ་རི་ཏྱེ་པིཎྜ་ཀེ་པྲ་ཏི་ཙྪ་སྭཱ་ཧཱ། ཡང་ཆད་བུ་གསུམ་པ་བྱས་ལ། ཨོཾ་སརྦ་དཱུ་ཏི་ཀེ །ཨ་གྲཱ་གྲ་སཾ་པྲ་དཱི་ཙྪ་སྭཱ་ཧཱ། དེ་ནས་ནང་གི་སྦྱིན་སྲེག་གི་དམིགས་པ་གསལ་བཏབ་ལ་སོ་སོར་ལོངས་སྤྱོད། ལྷག་མ་བསྡུས་ལ་བསངས་སྦྱངས། སྟོང་བའི་དང་ལས་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བ་འདོད་དགུའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཨོཾ་ཨ་ཀཱ་རོ་སོགས་དང་། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪི་ཥྚ་བ་ལིཾ་ཨུཙྪ་ཥྚ་བྷ་ཥྚ་བྷ་ཀྵ་སྭཱ་ཧཱ། ལན་གསུམ་རོལ་མོའི་སྒྲ་དང་བཅས་ཏེ་ཕྱིར་བཏང་། དྲག་སྔགས་ཀྱིས་མཚམས་བཅད། འཇིག་རྟེན་པའི་གཏོར་མ་དང་ལྷག་གཏོར་ལྷན་ཅིག་གཏོར་བའི་ལག་ལེན་ཡོད་པ་ལྟར་བྱས་ཀྱང་རུང་། དེ་ནས་རྡོ་རྗེའི་གླུ་བླང་བ་ནི་དྲིལ་བུའི་སྒྲ་དང་བཅས། ཀོལླ་ཨེ་རི་ཌྠི་ས་བོ་ལླ། མུ་མྨུ་ཎི་རེཀ་ཀྐོལ། གྷ་ཎཻ་ཀྲི་བི་ཏྲ་ཏོ་བཛྫ་མི། ཀ་ཏུ་ཎི་ཀི་ཨ་ཨི་ཎ་རོ་ལཱ། ཏཱ་ཧཾ་བཱ་ལ་ཁཱཛྫ་ཨི། གཱ་ཌེཾ་མ་ཨ་ཎཱ་བི་ཛྫ་ཨ་ཨི། ཧ་ལེ་ཀ་ལིཉྩ་བ་ཎི་ཨ་ཨི་དུ་དྷར་བཛྫི་ཨ་མི། ཙ་ཨུ་ས་མ་ཀཙྪུ་རི་སི་ཧླ། ཀ་པུ་རི་ལ་ཨི་ཨ་ཨི། མཱ་ལ་ཨིནྡྷ་ན་སཱ་ལིཾ་ཛ། ཏ་ཏིཾ་བྷ་རུ་ཁ་ཨི་ཨ་ཨི། ཕྲེང་ཁ་ཎ་ཁེ་ཊ་ཀ་ར་ནྟེ། ཤུདྡྷ་ཨ་ཤུདྡྷ་ཎྞ་མ་ནི་ཨ་ཨི། ནི་རཾ་སུ་ཨཾ་ག་ཙ་ཊ་བཾ། ཏ་ཧིཾ་ཛ་ས་རཱ་པཱ་པ་ཎི་ཨ་ཨི།


TNT02_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་ཨ་ཙ་ཀུནྟུ་རུ་པ་ཊ་ཡེ། ཊ་ཎ་ཊི་མ་ཏ་ཧ་ན་བཛྫ་ཨ་ཨི། ཞེས་བརྗོད། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལང་སྲེགས་ཤིང་། །སྤྱན་མ་མིག་ལ་སོགས་པ་དག །སྲེགས་པའི་རི་བོང་ཅན་ཧཾ་འཛག །ཅེས་བརྗོད་ཅིང་དོན་སྒོམ། ཨོཾ་ཕུན་སུམ་ཚོགས་པ་མངའ་པ་སོགས་བཀྲ་ཤིས་དང་། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅད་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་བ་འགྱུར་བ། །དེ་ཡི་སངས་རྒྱས་མྱུར་ཐོབ་ཤོག །མ་སྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་གྲོལ་བ་བགྱི། །རྣལ་འབྱོར་གཙུག་ལག་བསྟན་བཅོས་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །ཅེས་སྨོན་ལམ་བཏབ། དཀྱིལ་འཁོར་གྱི་ཚོགས་དང་འབྲེལ་བ་ཡིན་ན། དེའི་རྗེས་ཆོག་ཁོ་ནས་ཆོག །མ་འབྲེལ་ན་ཡིག་བརྒྱབ་བཟོད་གསོལ། གཤེགས་གསོལ། སླར་ཡང་སྨོན་ལམ་བཀྲ་ཤིས་དང་བཅས་པ་གཏོར་ཆོག་བཞིན་དུ་བྱའོ། དཀྱིལ་འཁོར་དང་མ་འབྲེལ་བར་ཆོགས་མཆོད་ཤིན་ཏུ་བསྡུས་པ་བྱེད་ན། ཞུ་འབུལ་དོར་ཤིང་། མདུན་བསྐྱེད་རྒྱས་པའང་མི་དགོས་པས། །མགྲོན་སྤྱན་འདྲེན་མན་ཆད་བྱེད་པ་ལས། །མཆོད་པའི་ཚིག་བཅད་ཀྱང་དོར། །ནང་མཆོད་འབུལ་བ་ཡང་། མཆོད་སྔགས་ཙམ་གྱིས་ཆོག་གོ །སྐྱབས་སེམས་ཡིག་བརྒྱ་རྣམས་ཀྱང་བསྡུས་པ་དང་། །བདག་བསྐྱེད་ཀྱང་ལྷན་སྐྱེས་སམ་དཔའ་བོ་ཅིག་པ་ཁོན་ལ་བརྟེན་པར་བྱའོ། ཚོགས་ཀྱི་འཁོར་ལོའི་ནམ་གཞག་རྒྱས་པ། རྒྱུད་འགྲེལ་རྣམས་དང་རྡོ་རྗེ་འཛིན་པ་གོད་མ་རྣམས་ཀྱིས་རྒྱས་པར་གསུངས་བ་ལས་རྟོགས་པར་བྱ་ཞིང་། མདོ་ཙམ་ཞིག་གཞན་དུ་འབྲི་བར་ཡང་འདོད་དོ། དེ་ལྟར་ན་ཚོགས་མཆོད་ཀྱི་ཆོ་ག་བདུད་རྩི་འཀྱིལ་བ་ཞེས་བྱ་བ་འདི་ཡང་། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ནགས་རྒྱལ་གྱི་དབེན་གནས་སུ་སྦྱར་བའོ། མངྒལཾ། །


TNT02_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དཔལ་སྡོམ་པ་ཆེན་པོའི་སྒྲུབ་དཀྱིལ་གྱི་རིམ་པའི་ཁྱད་པར་གསལ་བྱེད།


TNT02_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སྡོམ་པ་ཆེན་པོའི་སྒྲུབ་དཀྱིལ་གྱི་རིམ་པའི་ཁྱད་པར་གསལ་བྱེད་བཞུགས།


TNT02_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཐིག་ལེ་ཆེན་པོ་ཡིག་དྲུག་དང༌། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཟུང་འཇུག་དེ་ལ་ཕྱག་འཚལ་ནས། །ཤེས་རབ་རྒྱུད་ཀྱི་སྒྲུབ་ཐབས་བཤད། །འདི་དཔལ་དུས་ཀྱི་འཁོར་ལོ་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་སྒྲུབ་པའི་ཐབས་དང༌། དཔལ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་གཉིས་སྤྱི་ཁྱབ་མཚུངས་པ་ལས། སྡོམ་ཆེན་ལ་མི་འདྲ་བའི་ཁྱད་པར་རྣམས་བཤད་པར་བྱའོ། །དེ་ལ་བསྲུང་འཁོར་རྒྱས་པར་ན། སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་སྒྲུབ་ཐབས་སུ་བཤད་པ་བཞིན་བྱ་བ་དང༌། །རྒྱུན་གྱི་ཉམས་ལེན་ལ་བསྲུང་འཁོར་བསྡུས་པ་སོགས་


TNT02_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་གང་བབ་བྱེད་པ་ཡིན་མོད་ཀྱང་ཆོག་སྒྲིགས་སོགས་ཀྱི་སྐབས་སུ། ཐུགས་དཀྱིལ་གྱི་སྒྲུབ་ཐབས་སུ་བཤད་པ་ལྟར་ཁྲོ་རྒྱལ་རྡོ་རྗེ་ཤུགས་ཁྲོ་བོ་བཅུ་དང་བཅས་པ་ཙམ་བསྒོམ་པ་སྐབས་སུ་བབ་པར་ཤེས་པར་བྱའོ། །དེ་ལྟར་བློ་ལ་བཞག་སྟེ། སྐྱབས་འགྲོ་ནས་བརྩམས། སྔོན་འགྲོ་རྣམ་པ་བཅུ་དང༌། འཇིག་རྟེན་གྱི་ཁམས་བསྐྱེད་པ་ཡན་ཆད་ཐུགས་དཀྱིལ་གྱི་སྒྲུབ་ཐབས་སུ་བཤད་པ་བཞིན་དུ་བྱ་ལ། ཞེས་གསུངས་ཏེ། འདི་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་ལ། རྒྱུད་སྦྱོང་བ་ཐུན་མོང་གི་སྔོན་འགྲོ་དང༌། ངེས་པར་བྱ་བ་ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ནི། བདག་ཉིད་སྒྲུབ་ཐབས་ཉམས་ལེན་གྱི་སྐབས་སུ་ངེས་པར་དགོས་པ་ལ། སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་གསུམ་མོ། །དེ་ཡང༌། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ།


TNT02_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། རྫོགས་པའི་སངས་རྒྱས་བཅོམ་ལྡན་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་སངས་རྒྱས་འགྲུབ་པར་ཤོག །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རང་གི་སྤྱི་བོར་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུཾ་ལ་ཐིམ། དེ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་


TNT02_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་བརྒྱན་གྱིས་རྣམ་པར་བརྒྱན་པ། རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མཱ་ཡ་མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་བཛྲ་ཧེ་རུ་ཀ་མཱ་མེ་མུཙྪ་ཧེ་རུ་ཀོ་བྷ་ཝ། མཧཱ་ས་མ་ཡ་སཏྭ་ཨ་ཧཱུཾ་ཕཊ། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱོབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཟླ་བ་


TNT02_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བ་ལྟར་གྱུར་པ། བདག་གི་སྤྱི་གཙུག་ནས་ཐིམ་པས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང༌། རང་གི་ལུས་ངག་ཡིད་གསུམ་ཡེ་ཤེས་རྡོ་རྗེ་རྣམས་དབྱེར་མེད་དུ་གྱུར། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམ་པ་བཅུ་ནི། རྡོ་རྗེ་ཞལ་དག་རིགས་དྲུག་དགོད་པ་དང༌། རྡོ་རྗེ་བཞི་དང་ཡན་ལག་དྲུག་རྣམས་འགོད། །བདུད་ཚོགས་གཞོམ་ཞིང་བསྲུང་བའི་འཁོར་ལོ་བསྒོམ། །མཁའ་ལ་རྒྱལ་བའི་ཚོགས་རྣམས་རྟོགས་བྱས་ཏེ། །བླ་མེད་མཆོད་པ་རྣམ་པ་བདུན་གྱིས་མཆོད། །ལམ་བསྟེན་སྟོང་པ་ཉིད་ལ་དམིགས་པའོ། །དང་པོ་ནི། ཨོཾ་ཨཱཿཧུཾ་ཧོ་ཧཾ་ཀྵཿ པྲཛྙཱ་ཨུ་པ་ཡ། ཨཱཏྨ་ཀ ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏི། མ་མ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲཾ། བཛྲ་ཨམྲྀ་ཏ་སྭ་བྷཱ་ཝཾ། ཀུ་རུ་ཀུ་རུ་སྐནྡྷ་དྷཱ་ཏུ་ཨཱ་ཡ་ཏ་ནཾ་ནིཿསྭ་བྷཱ་ཝཾ་སྭཱཧཱ། ལན་གསུམ་བརྗོད། དེ་ནས་གཙུག་ཏོར་གྱི་སྟེང་དུ་ཝཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་ཆ་བཅུ་དྲུག་པ་ཡོངས་སུ་རྫོགས་པར་གྱུར། དེ་ཞུ་བ་ལུས་ལ་ཞུགས་པས་གཙུག་ཏོར་ནས་རྐང་སེན་གྱི་མཐར་ཐུག་པའི་མ་དག་པའི་ལུས་སྦྲུལ་གྱི་ཤུན་པ་ལྟར་ལན་གསུམ་དུ་དོར་ཏེ། ལུས་དང་ངག་དང་སེམས་དང་ཡེ་ཤེས་རྣམ་པར་དག་པ་རྡོ་རྗེ་བདུད་རྩིའི་རང་བཞིན་ཟླ་བ་དྲི་མ་མེད་པ་ལྟར་གྱུར། གཉིས་པ་རིགས་དྲུག་འགོད་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། དཔྲལ་བར་ཨོཾ་དཀར་པོ་ལས་སྣང་བ་མཐའ་ཡས་རྩ་བའི་ཞལ་དང་སྐུ་མདོག་དཀར་པོ། གཡས་ཞལ་ནག་ཅིང་གཡོན་ཞལ་དམར་བ། ཕྱག་གཡས་པ་གསུམ་གྱིས་ཐོ་བ། མདུང་རྩེ་གསུམ། གཡོན་པ་གསུམ་གྱིས་འདབ་མ་བརྒྱད་པའི་པདྨ་དཀར་པོ་མེ་ལོང་བགྲང་ཕྲེང་འཛིན་པ། མགྲིན་པར་ཨཱཿདམར་པོ་ལས་རིན་ཆེན་འབྱུང་ལྡན་རྩ་བའི་ཞལ་དང་སྐུ་མདོག་དམར་པོ་གཡས་ཞལ་དཀར་ཞིང་གཡོན་ཞལ་ནག་པ། ཕྱག་


TNT02_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པ་གསུམ་གྱིས་མེའི་མདའ། རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌ་མ་རུ། གཡོན་པ་གསུམ་གྱིས་གཞུ་ཞགས་པ་རིན་པོ་ཆེ་རྩེ་མོ་དགུ་པ་འོད་འཕྲོ་བ་འཛིན་པ། སྙིང་གར་ཧཱུཾ་ནག་པོ་ལས་དོན་ཡོད་གྲུབ་པ་རྩ་བའི་ཞལ་དང་སྐུ་མདོག་ནག་པོ། གཡས་ཞལ་དམར་ཞིང་གཡོན་ཞལ་དམར་བ། ཕྱག་གཡས་པ་གསུམ་གྱིས་རལ་གྲི གྲི་གུག རྩེ་གསུམ། གཡོན་པ་གསུམ་གྱིས་ཕུབ་ཐོད་པ་ཁ་ཊྭཱཾ་ག་དཀར་པོ་འཛིན་པ། ལྟེ་བར་ཧོཿསེར་པོ་ལས་རྣམ་པར་སྣང་མཛད་རྩ་བའི་ཞལ་དང་སྐུ་མདོག་སེར་པོ། གཡས་ཞལ་དཀར་ཞིང་གཡོན་ཞལ་ནག་པ། ཕྱག་གཡས་པ་གསུམ་གྱིས་འཁོར་ལོ་དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་པ་གསུམ་གྱིས་དུང་རྡོ་རྗེ་ལྕགས་སྒྲོག སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ། གཙུག་ཏོར་དུ་ཧཾ་ལྗང་ཁུ་ལས་མི་བསྐྱོད་པ། རྩ་བའི་ཞལ་དང་སྐུ་མདོག་ལྗང་ཁུ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ་གྲི་གུགདགྲ་སྟ། གཡོན་པ་གསུམ་གྱིས་རྡོ་རྗེ་དྲིལ་བུ་ཐོད་པ་ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ། གསང་བར་ཀྵ་སྔོན་པོ་ལས་རྡོ་རྗེ་སེམས་དཔའ་རྩ་བའི་ཞལ་དང་སྐུ་མདོག་སྔོན་པོ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ་གྲི་གུག་དགྲ་སྟ། གཡོན་པ་གསུམ་གྱིས་རྡོ་རྗེ་དྲིལ་བུ་ཐོད་པ་ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ། ཐམས་ཅད་ཀྱང་སོ་སོར་དཔའ་བོ་གཅིག་པའི་རྣམ་པ་རྣམས་འཁོད་པར་གྱུར།


TNT02_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རྡོ་རྗེ་བཞི་དག་པ་ནི། ལག་པ་ཕན་ཚུན་མཉེ་ཞིང་དཀྲུག་པའི་ཕྱག་རྒྱ་བྱས་ནས། ཨོཾ་ཧྲཿསརྦ་ཨསྟྲཱ་རཱ་ཛ། མཱ་ར་ཀླེ་ཤ་ཨནྟ་ཀ་ར། བཛྲ་ཏཱིཀྵྞ་དུཿཁཙྪེ་ད་མ་མ་ཀ་རཾ་བི་ཤོ་དྷ་ཡ་སྭཱཧཱ། ལག་པ་གཡོན་པའི་མཐེའུ་ཆུང་ལ་སོགས་པ་རྩ་བའི་ཚིགས་རྣམས་སུ་ཨ་ཨི་རྀ་ཨུ་ལྀ། དབུས་ཀྱི་ཚིགས་རྣམས་སུ། ཨ་ཨེ་ཨར་ཨོ་ཨལ། སྟེང་གི་ཚིགས་རྣམས་སུ་ཧ་ཡ་ར་ཝ་ལ། ལག་པ་གཡས་པའི་མཐེ་བོང་ལ་སོགས་པའི་སྟེང་གི་ཚིགས་རྣམས་སུ་ལཱ་ཝཱ་རཱ་ཡཱ་ཧཱ། དབུས་ཀྱི་ཚིགས་རྣམས་སུ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། རྩ་བའི་ཚིགས་རྣམས་སུ། ལཱྀ་ཨཱུ་རཱི་ཨཱི་ཨཱ། ལག་པ་གཉིས་ཀ་སྦྱར་བའི་དབུས་སུ་ཧཱུཾ་གི་ཡི་གེ་མཐོན་མཐིང༌། ཟླ་བ་ཉྀ་མ་སྒྲ་གཅན་གྱི་ས་བོན་དེ་དག་ལས་གྲུབ་པའི་ལག་པ་རྡོ་རྗེ་རྩེ་ལྔ་པར་གྱུར། ཐལ་མོ་སྦྱར་བའི་མཐེ་བོང་གཙུག་ཏོར་ནས་བརྩམས་ཏེ་ལུས་ཐམས་ཅད་ལ་རེག་ཅིང༌། ཨོཾ་ཨཱ་ཧཱུཾ་ཧོཿཧཾ་ཀྵཿ ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨཱ་དྷི་པ་ཏི་བཛྲ་ཀཱ་ཡ། མ་མ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲཾ། བཛྲ་ཀཱ་ཡ་སྭ་བྷཱ་ཝཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀཱ་ཡ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། བཞི་པ་ཡན་ལག་དྲུག་དགོད་པ་ནི། ཐལ་མོ་སྦྱར་བའི་མཐེ་བོང་གཉིས་སྙིང་གར་རེག་ལ། ཨོཾ་ཧླྀ་ཧྲི་ད་ཡཱ་ཡ་ན་མ། དཔྲལ་བར་རེག་ནས། ཨོཾ་ཧྲཱུཾ་སི་ར་སི་སྭཱཧཱ། གཙུག་ཏོར་དུ་རེག་ནས། ཨོཾ་ཧྲིཾ་ཤི་ཁཱ་ཡཻ་བཽ་ཥཊ། ཡན་ལག་རྣམས་ལ་རེག་སྟེ། ཨོཾ་ཧྲཱིཾ་ཀ་བ་ཙཱ་ཡ་ཧཱུཾ། མིག་གཉིས་ལ་རེག་སྟེ། ཨོཾ་ཧྲཱཾ་ནཻ་ཏྲ་ཡ་ཝ་ཥཊ། གཡོན་པའི་མཐེབ་མཛུབ་ཕྱོགས་བཅུར་བརྡབས་ལ། ཨོཾ་ཧྲཿཨསྟྲ་


TNT02_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཕཊ། ང་རྒྱལ་བཟུང་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་སི་རཿཤི་ཀ་ཝ་ཙ་ནཻ་ཏྲེ། ཨ་ཏྲ་བཛྲ། ཥཊ་ཨཾ་ག་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ལྔ་པ་བདུད་ཚོགས་གཞོམ་པ་ལ། སྔོན་དུ་འགྲོ་བ་གཏོར་མ་ནི། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཨོཾ་ཨོཾ་བཛྲ་ཙནྡྲ་སརྦ་དྷརྨ་སུ་བི་ཤུདྡྷ་སྭ་བྷཱ་ཝ་སརྦ་དྷརྨཱན་བི་ཤོ་དྷ་ཡ་སྭཱཧཱ། ཨོཾ་ཨཱཿབཛྲ་སཱུརྱ་སརྦ་དྷརྨ་པྲ་བོདྷ་ཀ་སརྦ་དྷརྨཱན་པྲ་བོ་དྷཱ་ཡ་སྭཱཧཱ། ཨོཾ་ཧཱུཾ་བཛྲ་ཨ་ན་ལ་སརྦ་དྷརྨ་པྲ་དཱི་པ་ཀ་སརྦ་དྷརྨཱན་པྲ་དཱི་པ་ཡ་སྭཱཧཱ། ཨོཾ་ཧོཿསརྦ་དྷརྨ་བཛྲ་ཨ་མྲྀ་ཏ་ཀ་ར་སརྦ་དྷརྨཱན་བཛྲ་ཨ་མྲྀ་ཏཾ་ཀུ་རུ་ཀུ་རུ་སྭཱཧཱ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅས་ཏེ། ཨོཾ་ཨཱཿཧཱུཾ། ཡུལ་གྱི་བདག་པོ་ས་པ་རི་ཝ་རཱ་ཡ། ཨི་དཾ་བཱ་ལིང༌། གནྡྷཾ། པུཥྤཾ། དྷུ་པཾ། པྲ་དཱི་པཾ། ཨཀྵ་ཏཾ། ད་ད་མ་ཧེ་ས་པ་རི་ཝཱ་ར། ཤཱི་གྷྲཾ། ཨཱ་གཙྪ་ཏུ། ཛཿཧཱུཾ་བཾ་ཧོཿ ཨི་དཾ་བ་ལིང་གྲྀཧྞནྟུ། ཁཱ་ད་ཏུ། པི་ཝ་ཏུ། ས་པ་རི་ཝཱ་ར་ཀཿ སརྦ་སཏྭཱ་ནཾ། ཤཱནྟིཾ། པཥྟིཾ། རཀྵ། ཨ་ཝ་ར་ཎ། གུབྟིཾ། ཀ་རོ་ཏུ། ཨི་དཾ་སཏྭཱ་ནཾ། ཏྱཀྟྭ་བ་ཧྱེ་མཎྜལ་བྷུ་མྱཱཾ་ཏིཥྛ་ཏུ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི་སྭཱཧཱ། ཁྱིའི་ཕྱག་རྒྱ་བཅས་ལ། ཨོཾ་ཨཱཿཧཱུཾ་གྲོང་གི་བདག་པོ་ཨཱ་གཙྪ། ཨཱ་གཙྪ། ཤཱི་གྷྲཾ། ཨི་དཾ་བཱ་ལིང༌། གྲྀཧྞ་གྲྀཧྞ། བྷུཀྟྭ་བིཏྭ་ཏྲིབྟིཾ། ཀྲི་ཏྭ་སརྦ་སཏྭཱ་ནཾ། ཤཱནྷིཾ། ཙིཏྟཾ། ཀྲི་ཏྭ། ཨ་པ་ར་སྠཱ་ནཾ། གཙྪ་གཙྪ་སྭཱཧཱ། འདི་ནི་སྒྲུབ་མཆོད་ཀྱི་བདག་བསྐྱེད་སོགས་ལ་དགོས་ཀྱི། རྒྱུན་གྱི་ཉམས་ལེན་ལ་ནི། སྔོན་འགྲོ་རྒྱས་པའི་སྐབས་ཀྱང་འདི་བོར་བས་རུང་ལ་བྱེད་པའི་ལུགས་ལའང་གང་རུང་རེ་བྱས་ན་ཡང་ལེགས་སོ། །གཉིས་པ་དངོས་ནི། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དཀར་པོ་ལས་རྡོ་རྗེ་རྩེ་མོ་བཅུ་བདུན་


TNT02_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿདམར་པོ་ལས་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པ་དང༌། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་ནག་པོ་ལས་རྡོ་རྗེ་རྩེ་མོ་དགུ་པ་དང༌། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོཿསེར་པོ་ལས་རྡོ་རྗེ་རྩེ་མོ་དྲུག་ཅུ་རྩ་ལྔ་པ་དང༌། གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཧཾ་ལྗང་ཁུ་ལས་རྡོ་རྗེ་རྩེ་མོ་ལྔ་པ་དང༌། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵཿསྔོན་པོ་ལས་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པ་རྣམས་སུ་གྱུར། དེ་བཞིན་དུ། ལས་ཀྱི་འཁོར་ལོ་རྣམས་དང༌། བྱ་བའི་འཁོར་ལོ་རྣམས་དང༌། དབང་པོ་རྣམས་དང༌། ལས་ཀྱི་དབང་པོ་རྣམས་ལ་རྡོ་རྗེས་མཚན་པར་གྱུར། དེ་ལྟར་བདག་ཉིད་རྡོ་རྗེའི་སྐུར་གྱུར་ནས། དེ་ཉིད་ལས་འཕྲོས་པའི་རྡོ་རྗེའི་མེ་དཔུང་སྟེང་དང་འོག་ཏུ་ལྗང་ཁུ་དང་སྔོན་པོ། ཤར་དང་མེར་ནག་པོ། ལྷོ་དང་བདེན་བྲལ་དུ་དམར་པོ། བྱང་དང་དབང་ལྡན་དུ་དཀར་པོ། ནུབ་དང་རླུང་དུ་སེར་པོ་འབར་ཞིང་རབ་ཏུ་འབར་བའི་རྡོ་རྗེ་རྣམས་ཀྱིས་སེམས་ཅན་རྣམས་ལ་རྣམ་པར་འཚེ་བར་བྱེད་པའི་བདུད་ཀྱི་ཚོགས་ཕྱོགས་བཅུ་ན་གནས་པ་མཐའ་དག་ངེས་པར་བསྲེགས་ནས་བདེ་བ་ཆེན་པོ་ལ་བཀོད་པར་གྱུར། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཧྲཱཿཧྲཱཿཧྲཱཿཧྲཱཿ ར་ར་ར་ར་བཛྲ་ཨ་ན་ལ། སརྦ་ཨ་བ་ར་ཎ་དྷརྨ་པྲ་ལ་ཡ་སྭ་བྷཱ་ཝ། སརྦ་མཱ་ར་ཀཱ་ཡི་ཀ བིགྷྣན་བི་ནཱ་ཡ་ཀ་ཨཱ་དཱི་ནཱཾ། ད་ཤ་དིཀ་ག་ཏཱ་ནཱཾ། ཀཱ་ཡ་ཝཀྩིཏྟཱ་ནི། ད་ཧ་ད་ཧ། པ་ཙ་པ་ཙ། བྷསྨིན་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་ལན་གསུམ་སོགས་དྲག་ཏུ་འདོན་ནོ། །དྲུག་པ་སྲུང་


TNT02_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཁོར་ལོ་བསྒོམ་པ་ནི། རྡོ་རྗེའི་ས་གཞི་དང་རྭ་གུར་རབ་ཏུ་ཡངས་བའི་དབུས་སུ་འཁོར་ལོ་རྩིབས་བཅུ་པ། ཨོཾ་པཾ་བི་ཤྭ་བཛྲ་པདྨཾ་ཀུ་རུ་ཀུ་རུ་སྭཱཧཱ། དབུས་ཀྱི་ལྟེ་བའི་ནང་དུ་ཁྲུ་བཅུ་གཉིས་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ཨོཾ་རཿབཛྲ་སཱུརྱ་བཛྲ་སཱུརྱ་ཨཱ་ས་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། པདྨའི་ལྟེ་བ་ཁྲུ་བཞི་པའི་སྟེང་དུ། དེ་དང་མཉམ་པའི་ཉི་མའི་གདན་དང༌། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བདག་ཉིད་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དང་མཚུངས་པ་ལས། སྐུ་མདོག་ནག་པོ་དུས་མཐའི་སྤྲིན་དང་མཚུངས་ཤིང༌། ལྷག་པའི་ཕྱག་གཉིས་ཏེ། ཕྱག་ཉི་ཤུ་རྩ་དྲུག་དང་ལྡན་པ། ཡི་དྭགས་ཀྱི་གདན་ལ་གནས་པ། ཞལ་ཐམས་ཅད་མཆེ་བ་གཙིགས་པ། རབ་ཏུ་ཁྲོས་ཤིང་འཇིགས་སུ་རུང་བ་ཅན། སྤྱན་དམར་པོ་གསུམ་གསུམ་དང་ལྡན་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་བསྐྱོད་པས་དབུ་བརྒྱན་པ། སྐུ་ལ་རུས་པའི་ཕྱག་རྒྱ་ལྔ་དང་ལྡན་པ། ཕྲག་པར་བདུད་རིགས་བརྒྱའི་མགོ་བོའི་འཕྲེང་བ་འཕྱང་བ། སྤྱི་བོར་ཐོད་པ་ལྔའི་འཕྲེང་བས་བརྒྱན་པའོ། །ལྷག་པའི་ཕྱག་གཉིས་ཀྱི་གཡས་པ་ནག་པོ་དང་གཡོན་པ་སེར་པོས་སྡིགས་མཛུབ་དང་བཅས་ཏེ། གླང་པོ་ཆེའི་པགས་པ་རློན་པ་ཁྲག་དང་བཅས་པ་མགོ་བོ་གཡས་སུ་བསྟན་པའི་རྐང་ལག་གཉིས་ནས་བཟུང་སྟེ་གྱོན་ཞིང༌། བདུད་ཀྱི་མགོ་བོ་དང་ཁྲག་གིས་གང་བའི་ཐོད་པ་བསྣམས་པའོ། །ཀླུའི་དབང་པོ་རྒྱལ་བ་ཅོད་པན་ལ་བཅིངས་ཤིང༌། རྣམ་པར་རྒྱལ་བ་དར་དབྱངས་


TNT02_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཅིངས་བས་གནས་པ། སྟོབས་ཀྱི་རྒྱུ་དང་པདྨ་རྣ་རྒྱན་ལ་གནས་པ། ནོར་རྒྱས་དང་དུང་སྐྱོང་ཕྱག་གདུབ་ལ་གནས་པ། མཐའ་ཡས་དང་རིགས་ལྡན་འོག་པག་དང་མགུལ་རྒྱན་ལ་གནས་པ། འཇོག་པོ་དང་པདྨ་ཆེན་པོ་ཞབས་གདུབ་ལ་གནས་པ། དེ་ལྟར་བདག་ཉིད་ཁྲོ་བོའི་དབང་པོ་དུས་མཐའི་སྤྲིན་དང་མཚུངས་ཤིང༌། རབ་ཏུ་འཇིགས་པའི་སྐུ་གྱུར། ཨོཾ་ཧཱུཾ་ཀྲོ་དྷ་ཨིནྡྲོ྅ཧཾ་ཀྲོ་དྷཱ་ནཱཾ་ཨཱཛྙཱ་དཱ་ཡ་ཀ་སྭཱཧཱ། འཁོར་ལོའི་རྩིབས་རྣམས་ཀྱི་ནང་དུ། རཿཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རྣམས་སུ་གྱུར། བདག་ཉིད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧ་ཡ་ར་ཝ་ལ་བརྩེགས་པའི་རང་བཞིན་ཡི་གེའི་གོང་བུ་རྣམས་སུ་གྱུར། ཧ་ཧཱ་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་དང་སྔོན་པོ་དག་ཡོངས་སུ་གྱུར་པ་ལས་གཙུག་ཏོར་འཁོར་ལོས་བསྒྱུར་བ་མི་བསྐྱོད་པ་ལྟ་བུ་དང་གནོད་མཛེས་རྒྱལ་པོ་རྡོ་རྗེ་སེམས་དཔའ་ལྟ་བུ་དག་ཞལ་གྱི་གཙོ་བོའི་གཡོན་དང་གཡས་ཀྱི་རྣ་བ་དག་ནས་སྤྲོས་ཏེ། སྟེང་དང་འོག་ཏུ་རྩིབས་ཀྱི་ནང་དུ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་གནས་པའོ། །ཡི་ཡཱི་ལས་བྱུང་བའི་རལ་གྲི་ནག་པོ་དག་ཡོངས་སུ་གྱུར་པ་ལས། བགེགས་མཐར་བྱེད་དང་དབྱུག་སྔོན་ཅན་དོན་ཡོད་གྲུབ་པ་ལྟ་བུ་དག གཡོན་དང་གཡས་ཀྱི་སྣ་བུག་དག་ནས་སྤྲོས་ཏེ། ཤར་དང་མེའི་རྩིབས་སུ་གནས་པ་དང༌། ལས་བྱུང་བའི་རིན་པོ་ཆེ་དམར་པོ་དག་ཡོངས་སུ་གྱུར་པ་ལས། ཤེས་རབ་མཐར་བྱེད་དང་ཊཀྐི་རིན་ཆེན་འབྱུང་ལྡན་ལྟ་བུ་དག གཡོན་དང་གཡས་ཀྱི་མིག་དག་ནས་སྤྲོས་ཏེ། ལྷོ་དང་བདེན་


TNT02_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་གྱི་རྩིབས་སུ་གནས་པ་དང༌། ཝུ་ཝཱུ་ལས་བྱུང་བའི་པདྨ་དཀར་པོ་དག་ཡོངས་སུ་གྱུར་པ་ལས། པདྨ་མཐར་བྱེད་དང་མི་གཡོ་བ་སྣང་བ་མཐའ་ཡས་ལྟ་བུ་དག ལྕེ་དང་ཆུ་ལམ་ནས་སྤྲོས་ཧེ། བྱང་དང་དབང་ལྡན་གྱི་རྩིབས་སུ་གནས་པ་དང༌། ལླྀ་ལླཱྀ་ལས་བྱུང་བའི་འཁོར་ལོ་སེར་པོ་དག་ཡོངས་སུ་གྱུར་པ་ལས་གཤིན་རྗེ་མཐར་བྱེད་དང་སྟོབས་པོ་ཆེ་རྣམ་པར་སྣང་མཛད་ལྟ་བུ་དག བཤང་ལམ་དང་གཙུག་ཏོར་ནས་སྤྲོས་ཏེ། ནུབ་དང་རླུང་གི་རྩིབས་སུ་གནས་པ་སྟེ། ཐབས་ཅད་ཀྱང་ཉི་མའི་དཀྱིལ་འཁོར་ལ་གཡས་བརྐྱང་གི་སྟབས་ཀྱིས་གནས་ཤིང༌། ཁྲོ་བོའི་དབང་པོ་ལྟ་བུའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཀྵ་ཙཀྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་ཧཾ་བཛྲ་ཀྲོ་དྷ་རཱ་ཛ་མཧཱ་ཨུཥྞི་ཥ་ཨུརྡྷི་དཱི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཡཾ་བཛྲ་ཀྲོ་དྷ་རཱ་ཛ་ཨ་ཏི་བཱ་ལ་སརྦ་བིགྷྣན་ཨནྟ་ཀ་པཱུརྦ་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་རཾ་བཛྲ་ཀྲཽ་དྷ་རཱ་ཛ་ཛཾ་བྷ་ཀ་དུཥྟཾ་པྲཛྙཱ་ཨནྟ་ཀ་དཀྵི་ཎ་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཝཾ་བཛྲ་ཀྲོ་དྷ་རཱ་ཛ་མཱ་ན་ཀ་བི་རཱ་ག་པདྨ་ཨནྟ་ཀ་ཨུཏྟ་ར་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ལཾ་བཛྲ་ཀྲོ་དྷ་རཱ་ཛ་སྟཾ་བྷ་ཡ་མ་ཨནྟ་ཀ་པནྩི་མ་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ལཱ་བཛྲ་ཀྲོ་དྷ་རཱ་ཛ་མཧཱ་བཱ་ལ་བཱ་ཡཾ་བྱཱཾ་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཝཱཿབཛྲ་ཀྲོ་དྷ་རཱ་ཛ་ཨ་ཙ་ལ་ཨི་ཤཱ་ན་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་རཱཿབཛྲ་ཀྲོ་དྷ་རཱ་ཛ་ཊཀྐི་ནཻ་རི་ཏྱཱཾ་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཡཱཿ


TNT02_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཀྲོ་དྷ་རཱ་ཛ་ནཱི་ལ་དཎྜ་ཨགྞེ་ཡཾ་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཧཱཿབཛྲ་ཀྲོ་དྷ་རཱ་ཛ་སུམྦྷ་ཨ་དྷོ་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། དེ་དག་གིས་ཀྱང་བགེགས་དང་ལོག་པར་འདྲེན་པ་རྣམས་རྡོ་རྗེ་ལྕགས་ཀྱུས་བཏབ་ཅིང་རྡོ་རྗེ་ཞགས་པས་བཅིངས་པ་རྣམས་ཀྱི་སྟེང་དུ། རྡོ་རྗེ་ཕུར་བུ་རྣོ་ཞིང་རབ་ཏུ་འབར་བ། སྟོད་ཁྲོ་བོའི་གཟུགས་ཅན་རྣམས་ཀྱིས་བཏབ་པར་གྱུར། ཕུར་བུ་བསྒྲིལ་བའི་སྔགས་ནི། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། བཛྲ་ཀཱི་ལ་ཀ ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏི་ཥཊ་མུ་ཁ། ཥཊ་བྷུ་ཛ། ཥཊ་ཙ་ར་ཎ། སརྦ་བིགྷྣན་བི་ནཱ་ཡ་ཀ ཨཱ་དི་དུཥྟཱཾ་ནཾ། ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ནཱ་ནི། ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཕུར་བུ་འདེབས་པའི་སྔགས་ནི། ཨོཾ་ལླཱྀ་བཛྲ་མུད་ག་ར་མཱ་ར་ཨཱ་དཱི་ནཱཾ། སི་ར་སི་ཀནྛེ་ཧྲི་ད་ཡེ་ནཱ་བྷཽ་གུ་ཧྱ། ཨནྟེ་བཛྲ་ཀཱི་ལ་ཀཱ་ན། ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ། ཀྵཾ་ཀྵཱཾ་ཀྵིཾ་ཀྵཱིཾ་ཀྵུ་ཀྵཱུ་ཀྵླྀཾ་ཀྵླཱྀཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། རྡོ་རྗེའི་ཐོ་བས་བརྡུངས་ཏེ་བགེགས་ཀྱི་ཚོགས་རྣམས་བདེ་བ་ཆེན་པོར་རོ་གཅིག་པའི་དེ་བཞིན་ཉིད་རྣམ་པར་དག་པར་གྱུར་ཞིང༌། ལྷག་མ་རྣམས་ཀྱང་རིང་དུ་བྲོས་པར་གྱུར། བཛྲ་བྷཻ་ར་ཝ་བྷིསྐཱ་རཱ་ཡ་ས་པཱ་རི་ཝ་རེ་བྷྱཿ བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ བཛྲ་དྷུ་པཾ་པྲ་ཏཱིཙྪ་ན་མཿ བཛྲ་དཱི་པཾ་པྲ་ཏཱིཙྪ་ན་མཿ བཛྲ་ནཻ་ཝི་ཏྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ཨཀྵ་ཏཾ་པྲ་ཏཱིཙྪ་ན་མཿ བཛྲ་ལཱ་སྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ཧ་སྱཾ་ཏཱིཙྪ་ན་མཿ བཛྲ་ཝ་ཏྱཾ་ཏཱིཙྪ་ན་མཿ བཛྲ་ནྲྀ་ཏྱཾ་པྲ་ཏཱིཙྪ་ན་མཿ བཛྲ་གཱི་ཏཾ་པྲ་ཏཱིཙྪ་


TNT02_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿ བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ གསང་བར་ཧཾ་ཡིག་ལ་ཁྲོ་བོའི་འཁོར་ལོ་རྣམས་གཤེགས་སུ་གསོལ། དེ་ཡན་ཆན་ལ། རྒྱུན་གྱི་ཉམས་ལེན་ལ་བསྡུས་པ་ཁོ་ན་དགའ་བས་ལྷ་དགུའི་སྐབས་སུ་བཤད་པ་ལྟར་བྱས་ཀྱང་རུང་ངོ༌། །བདུན་པ་ཚོགས་ཀྱི་ཞིང་སྤྱན་འདྲེན་པ་ནི། བདག་ཉིད་སྐད་ཅིག་གིས་དུས་ཀྱི་འཁོར་ལོའི་སྐུར་གསལ་བའི་སྙིང་གར་པཾ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཾ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང༌། དེ་ལས་རྡོ་རྗེ་ཉི་མ་བཞིན་དུ་འོད་ཟེར་ཁ་དོག་ལྔ་རྣམས་འཕྲོས་པས། བླ་མ་དང་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་དུས་ཀྱི་འཁོར་ལོ་དཀྱིལ་འཁོར་གྱི་རྣམ་པས། ནམ་མཁའི་མཐིལ་དུ་བཛྲ་ས་མཱ་ཛཿ འོད་ཟེར་གྱི་ཚོགས་རྣམས་རང་གི་སྙིང་གའི་རྡོ་རྗེ་ལ་ཞུགས་པར་གྱུར། བརྒྱད་པ་མཆོད་པ་རྣམ་པ་བདུན་ནི། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཨོཾ་ཙ་ཚ་ཛ་ཛྙ་ཉ་བཛྲ་གནྡྷེ་གནྡྷ་ཨརྩྪ་ནཾ་ཀུ་རུ་ཀུ་རུ་སྭཧཱ།


TNT02_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་མཱ་ལེ་མཱ་ལ་ཨརྩྪ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་དྷཱུ་པེ་དྷཱུ་པ་ཨརྩྪ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་པྲ་དཱི་པེ་པྲ་དཱི་པ་ཨརྩྪ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཨ་མྲྀ་ཏེ་ནཻ་ཝི་ཏྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཨཀྵ་ཏེ་ཨཀྵ་ཏ་ཕ་ལ་ཨརྩྪ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ལཱ་སྱ་ཝསྟྲ་ཨ་བྷ་ར་ཎ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཧ་སྱ་གྷཎྜ་ཨཱ་དརྴ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཝ་དྱེ་ཝ་དྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། བཛྲ་ནྲྀ་ཏྱེ་ནྲྀ་ཏྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་གཱི་ཏེ་གཱི་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཀཱ་མེ་སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ་ཀྲོ་དྷ་ཨ་དཱི་ནཱཾ། བཛྲ་སུ་ར་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། སྲིད་འགྲོ་ཉམས་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་རྣམ་མང་དགེ་བ་གང་མཛད་པ། །དེ་དག་མཐའ་དག་ལ་ནི་སྡིག་པ་རྣམས་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པས་རྗེས་ཡི་རང། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་ལུས་འབུལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་མྱ་ངན་མི་འདའ་ཡུན་རིང་བཞུགས་པར་གསོལ་བ་འདེབས། །རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་


TNT02_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ནི་སྨོན་ལམ་སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ། །དགུ་པ་ལམ་བསྟེན་པ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །བསམ་པ་རྣམ་པར་དག་པ་དང༌། །བདག་དང་བདག་གིར་འཛིན་སྤོང་བའི། །རྩ་བ་གསུམ་དང་ཕར་ཕྱིན་བཅུ། །ཚད་མེད་བསྡུ་དངོས་བཞི་བསྟེན་བགྱི། །མི་དགེ་བཅུ་དང་སྒྲིབ་པ་ལྔ། །ཉོན་མོངས་བཞི་དང་ཟག་པ་བཞི། །དེང་ནས་བརྩམས་ཏེ་སྤང་བར་བགྱི། །བཅུ་པ་སྟོང་པ་ཉིད་ལ་དམིགས་པ་ནི། དངོས་པོ་མེད་ལ་བསྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཁམས་གསུམ་པོ་རྣམ་པར་དཔྱད་ན་ཅིར་ཡང་མི་དམིགས་པ་དང༌། བདག་ཉིད་ཀྱི་ལུས་ཀྱི་ཆུའི་ཁམས་ཀྱིས་མེ་རྣམ་པར་ཉམས་ཤིང༌། མེ་མེད་པས་ས་ཡང་སྲ་བ་ཉིད་དོར་ནས་ལན་ཚྭ་བཞིན་དུ་ཞུ་བར་གྱུར་ཏེ། ཆུ་ལ་ཐིམ་ཞིང༌། ཆུ་ཡང་རླུང་གིས་བསྐམས་པར་བྱས་ནས་རླུང་གི་ཚོགས་རྣམས་ནམ་མཁའ་ལ་མི་སྣང་བར་གྱུར་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨ་ནི་མིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨ་ན་བྷིསྐཾ་ར་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གཉིས་པ་དངོས་གཞིའི་རྣལ་འབྱོར་ལ། སྐུ་རྫོགས་པ་བསྙེན་པའི་ཡན་ལག་དཀྱིལ་འཁོར་རྒྱལ་མཆོག གསུང་རྫོགས་པ་ཉེ་བར་སྒྲུབ་


TNT02_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡན་ལག་ལས་རྒྱལ་མཆོག ཐིག་ལེ་རྫོགས་པ་སྒྲུབ་པའི་ཡན་ལག་ཐིག་ལེའི་རྣལ་འབྱོར། བདེ་བ་རྫོགས་པ་སྒྲུབ་པ་ཆེན་པོའི་ཡན་ལག་ཕྲ་མོའི་རྣལ་འབྱོར་རོ། །དང་པོ་ལ། རྟེན་གཞལ་ཡས་ཁང་སྒོམ་པ་དང༌། བརྟེན་པ་ལྷ་བསྒོམ་པ་གཉིས་ལས། དང་པོ་གཞལ་ཡས་ཁང་གསལ་གདབ་པ་ནི། རྡོ་རྗེའི་རང་བཞིན་རྩིབས་བཅུ་པ་ཟླུམ་པོའི་དབུས་སུ་ཆོས་འབྱུང་ནམ་མཁའི་ཁམས་ལ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ། དབུས་སུ་གཞུའི་རྣམ་པ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་དབུས་སུ་གྲུ་གསུམ་གྱི་རྣམ་པ་བཀྲ་ཤིས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་དབུས་སུ་ཟླུམ་པོའི་རྣམ་པ་པདྨས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་དབུས་སུ་གྲུ་གཞིའི་རྣམ་པ་རྡོ་རྗེས་མཚན་པ། དེ་ཐམས་ཅད་ཀྱང་སྟེང་དང་འོག་ཏུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གཉིས་གཉིས་དང་ལྡན་པར་གྱུར། སའི་སྟེང་དུ་མཾ་ལས་རི་རབ་ལྷུན་པོའོ། །དེའི་སྟེང་དུ་ཀྵཾ་ལས་སྣ་ཚོགས་ཆུ་སྐྱེས་ལྟེ་བར་པདྨའི་སུམ་ཆའི་ཚད་དང་ལྡན་པ། དེའི་སྟེང་དུ་ཧཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་པདྨའི་ལྟེ་བ་དང་མཉམ་པ། དེའི་སྟེང་དུ་རྣམ་པར་བཅད་པ་ལས་ཉི་མའི་དཀྱིལ་འཁོར་ཟླ་བ་དང་མཉམ་པ། དེའི་སྟེང་དུ་ཐིག་ལེ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་མཐོན་མཐིང་ཉི་མ་དང་མཉམ་པ། དེ་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་ལས་ཞེས་པའི་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་གྱི་


TNT02_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སྔ་མ་བཞིན་དུ་གྲུབ་པར་གྱུར། ལྷུན་པོའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་གུར་རབ་ཏུ་ཡངས་པའི་དབུས་སུ་རྡོ་རྗེའི་ས་གཞི་ཕྱོགས་ཀྱི་མདོག་ཅན་གྱི་གཞི་ལ་དེ་ནས་འདི་ལྟར། བྷྲུཾ་ཡིག་ཡོངས་སུ་གྱུར་པ་ལས། ཡེ་ཤེས་རིན་པོ་ཆེ་ལྔའི་རང་བཞིན་གྱི་དཀྱིལ་འཁོར་ཆེན་པོ་ཟླུམ་པོ་སྒོ་བརྒྱད་པ། ནང་ནས་རིམ་པ་བཞིན་དུ། ལྗང་ཁུ་དང༌། ནག་པོ་དང༌། དམར་པོ་དང༌། དཀར་པོ་དང༌། སེར་པོའི་ར་བ་རིམ་པ་ལྔ་ལྔ་དང་ལྡན་པ་སྟེ། སྒོ་དང་མཉམ་པའི་སྒོ་ཁྱུད་དང༌། སྒོ་འགྲམ་དང༌། སྒོ་ལོགས་ཏེ་གློ་འབུར་གྱི་རྣམ་པར་གྲུབ་པའི་སྒོ་ཁང་ཉིད་དོ། །ར་བའི་ཕྱི་རོལ་ཏུ་སྟེགས་བུ་དཀར་པོ་འགྲམ་སྟེགས་ཀྱི་རྣམ་པ་ཅན་ཁོར་ཡུག་ཏུ་ཡོངས་སུ་བསྐོར་བ་དང༌། ར་བའི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དམར་པོ་ཁ་བད་ཀྱི་རྣམ་པ་ཅན་ལ་རིན་པོ་ཆེ་དུ་མས་མཛེས་པར་སྤྲས་པ་དང༌། དེའི་སྟེང་དུ་ཐོག་ཕུབས་ཀྱི་གདུང་འདེགས་པའི་ཀ་ཐུང་རྣམས་ཀྱི་བར་དུ་ཆུ་སྲིན་མ་ཀ་རའི་ཁ་ནས་འཕྱང་བའི་དོ་ཤལ་དང་དོ་ཤལ་ཕྱེད་པ་དཀར་པོ་མེ་ལོང་དང་རྔ་ཡབ་དང་བཅས་པ། སྟེང་དུ་བྱ་འདབས་ལས་ཐུར་དུ་འཕྱང་བའི་བཱ་ཀུ་ལི་དང༌། སྟེང་དུ་མཛེས་པར་ཚར་དུ་དངར་བའི་ཀྲ་མ་ཤིརྵ་དཀར་པོའོ། །སྒོ་ཁང་རྣམས་ཀྱི་སྟེང་དུ་སྒོ་ལས་སུམ་འགྱུར་གྱི་རྟ་བབས་ནོར་བུ་གསེར་གྱི་རང་བཞིན་བརྩེགས་མ་གསུམ་དང༌། སྒོ་ལོགས་ཀྱི་གཡས་དང་གཡོན་གྱི་སྟེགས་བུའི་སྟེང་དུ་བཙུགས་པའི་ཀ་བ་སེར་པོ་བཞི་བཞིས་བཏེགས་པ་རྣམས་ཏེ། བརྩེགས་མ་རེ་རེ་ལའང་


TNT02_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་དང་མྱོས་པ་སྲུང་བ་དང༌། ཀ་ཐུང་རྣམས་ཀྱི་བར་བར་དུ་མཆོད་པའི་ལྷ་མོའི་གནས་གསུམ་གསུམ་དང་ལྡན་པ། འོག་གཞི་ཁ་དོག་སྣ་ཚོགས་པ་ཤིན་ཏུ་མཛེས་པའོ། །དེ་ལ་བརྩེགས་མ་དང་པོའི་ལོགས་གཉིས་ནས་གླང་པོ་ཆེ་མནན་པའི་སེང་གེ་དག་དང༌། བརྩེགས་མ་གཉིས་པ་དང་གསུམ་པའི་ལོགས་གཉིས་ནས་མཆོད་པའི་ལྷ་མོ་དག་གིས་གདུང་འདེགས་བཞིན་པ་དང༌། སྟེང་དུ་ཧར་མ་མཛེས་པ་བུམ་པའི་ཏོག་དང་བཅས་པ། བུམ་པའི་གཡས་དང་གཡོན་དུ་རྒྱལ་མཚན་དང༌། སྣམ་བུ་རྣམས་ལས་དྲིལ་བུ་དང༌། མེ་ལོང་དང༌། བ་དན་དང༌། རྔ་ཡབ་ལ་སོགས་པའི་མཆོད་རྫས་དུ་མ་ཉེ་བར་དཔྱངས་པ་སྟེ། གཞལ་ཡས་ཁང་གི་ཕྱི་རོལ་སྒོའི་བར་མཚམས་ཀྱི་རྩིག་པའི་ངོས་རྣམས་ལ་སྣ་ཚོགས་རྡོ་རྗེ་དང༌། སྒོ་དང་སྒོ་ཁྱུད་ཀྱི་ཕྱིའི་ཕུགས་ཀྱི་ཟུར་རྣམས་ལ། རིན་པོ་ཆེ་དུ་མས་མཛེས་པར་སྤྲས་པ། གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བཅུ་དྲུག་པའི་ལྟེ་བ་ལ། ཟླ་བ་ཉི་མ་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་སྟེང་ནས་སྟེང་དུ་བརྩེགས་པའོ། །དེའི་ཕྱི་རོལ་ཏུ་འོག་གཞི་ལྗང་ཁུའི་སྟེང་དུ་ཡེ་ཤེས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ། ལྟེ་བའི་མུ་ཁྱུད་ཀྱྀ་ནང་མཐའ་ལ་གྲི་གུག་གི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་ཏུ་འོག་གཞི་ནག་པོའི་སྟེང་དུ་སའི་འཁོར་ལོ་སེར་པོ་འཁོར་ལོའི་འཕྲེང་བས་མཚན་པ་དང༌། དེའི་ཕྱི་རོལ་ཏུ་འོག་གཞི་དམར་པོའི་སྟེང་དུ་ཆུའི་འཁོར་ལོ་དཀར་པོ་པདྨའི་འཕྲེང་བས་མཚན་པ་དང༌། དེའི་ཕྱི་


TNT02_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་འོག་གཞི་དཀར་པོའི་སྟེང་དུ། མེའི་འཁོར་ལོ་དམར་པོ། རིན་པོ་ཆེའི་འཕྲེང་བས་མཚན་པ་དང༌། དེའི་ཕྱི་རོལ་འོག་གཞི་སེར་པོའི་སྟེང་དུ། རླུང་གི་འཁོར་ལོ་ནག་པོ་རལ་གྲིའི་འཕྲེང་བས་མཚན་པ་དང༌། དེའི་ཕྱི་རོལ་འོག་གཞི་སྔོན་པོའི་སྟེང་དུ་ནམ་མཁའི་འཁོར་ལོ་ལྗང་ཁུ་ལྟེ་བའི་མུ་ཁྱུད་ཀྱི་ནང་མཐའ་ལ་རྡོ་རྗེའི་འཕྲེང་བས་མཚན་པ་སྟེ། འཁོར་ལོ་ཐམས་ཅད་ཀྱང་རྩིབས་བརྒྱད་བརྒྱད་དང་ལྡན་པའོ། །དེའི་ཕྱི་རོལ་རྭ་བའི་ནང་ཚོན་སའི་ཁོར་ཡུག་སྟེ། དེ་ཡང་ཤར་དང་མེར་ནག་པོ། ལྷོ་དང་བདེན་བྲལ་དམར་པོ། བྱང་དང་དབང་ལྡན་དཀར་པོ། །ནུབ་དང་རླུང་སེར་པོའོ། །གཙོ་བོའི་པདྨའི་འོག་གཞི་སྔོན་པོ་དང༌། དེ་ནས་སའི་ཁོར་ཡུག་གི་ནང་མཐའི་བར་གྱི་འོག་གཞིའི་ཁ་དོག་ཀྱང་ཚོན་ས་དང་མཚུངས་པ། གཞལ་ཡས་ཁང་གི་ཕྱི་རོལ་མཆོད་པའི་ས་གཞི་ལ། པདྨ་དང༌། བུམ་པ་བཟང་པོ་ལ་སོགས་པ་མཆོད་པའི་སྤྲིན་ཕུང་དུ་མ་ཉེ་བར་འཁྲིགས་པ་དང༌། དེའི་ཕྱི་རོལ་ཏུ་སའི་ཁོར་ཡུག་གི་སྟེང་གི་ནམ་མཁའ་ལ་དབང་ལྡན་ནས་ཟླ་བ་ཉ་གང་བ་འཆར་བཞིན་པ་དང༌། བདེན་བྲལ་དུ་ཉི་མའི་དཀྱིལ་འཁོར་ནུབ་བཞིན་པའོ། །དེའི་ཡང་ཕྱི་རོལ་ཏུ་ཆུ་དང་མེ་དང་རླུང་གི་ཁོར་ཡུག་རྣམས་དང༌། དེའི་ཕྱི་རོལ་ཏུ་ནམ་མཁའི་ཁོར་ཡུག་ལ་དབུས་སུ་རྡོ་རྗེའི་འཕྲེང་བ་དང་བཅས་པས་ཡོངས་སུ་བསྐོར་བ་སྟེ། དེ་ལྟར་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ཕྱོགས་ཀུན་ནས་རྡོ་རྗེ་མེ་ལྕེ་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་ཀུན་ཏུ་འཕྲོ་བའོ། །གཙོ་བོའི་གདན་སྒྲ་


TNT02_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་གྱི་དཀྱིལ་འཁོར་གྱི་སྟེང་དུ། བདུད་དང་ཉོན་མོངས་པའི་ལྷ་གཉིས་བསྐྱཻལ་བ་དང༌། སྙིང་པོའི་པདྨའི་ཕྱོགས་མཚམས་བརྒྱད་ཀྱི་འདབ་མ་དང༌། འཁོར་ལོ་དྲུག་པོའི་རྩིབས་བཞི་བཅུ་རྩ་བརྒྱད་དང་སྒོ་བརྒྱད་དང༌། མཚམས་བརྒྱད་དེ། ལྷའི་གནས་བདུན་ཅུ་རྩ་གཉིས་པོ་རྣམས་སུ། དབུགས་བྲལ་གྱི་གདན་རེ་རེའོ། །མེ་དང་རླུང་གི་ཁོར་ཡུག་གི་མཚམས་ལ། ཤར་དུ་མདུང་གིས་འབིགས་པ། མེར་ལྷག་མ་ཅན། ལྷོར་རོ་བསྲེགས་པ། བདེན་བྲལ་དུ་དྲག་པོའི་གཡུལ། བྱང་དུ་རུལ་པར་གྱུར་པ། དབང་ལྡན་དུ་བྱིས་པ་ཤི་བ། ནུབ་ཏུ་རྣག་གི་དྲི་ཅན། ནུབ་བྱང་དུ་སྦྲུལ་གྱིས་ཟོས་པ་སྟེ་བརྒྱད་ཚན་དང་པོ་དང༌། དེ་དག་གི་བར་བར་དུ་དུར་ཁྲོད་གཞན་བརྒྱད་དེ། རླུང་གི་གཡས་སུ་ཀང་ཀ་ལེ་དང༌། གཡོན་དུ་ཀོ་ལ་ཧ་ལ། དབང་ལྡན་གྱི་གཡོན་དུ་ཧ་ཧ་སྒྲོག་པ་དང༌། གཡས་སུ་དྲག་ཏུ་རྒོད་པ། བདེན་བྲལ་གྱི་གཡོན་དུ་དྲག་པོའི་སྒྲ་ཅན་དང༌། གཡས་སུ་ཕེཊ་ཀ་ར། མེའི་གཡས་སུ་འཇིགས་རུང་དང༌། གཡོན་དུ་འཇིགས་པར་བྱེད་པ་ནི་བརྒྱད་ཚན་གཉིས་པ་སྟེ། དུར་ཁྲོད་ཆེན་པོ་བཅུ་དྲུག་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའོ། །དེ་ལྟར་དཀྱིལ་འཁོར་ཆེན་པོ་ཀུན་ནས་དྭངས་ཤིང་སྒྲིབ་པ་མེད་ལ། ཕྱི་ནང་ཀུན་ཏུ་འོད་གསལ་ཞིང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྒྱན་གྱི་རྣམ་པར་མཆོག་ཏུ་བཀྲ་བ་དུ་མས་མཛེས་པར་གྱུར། ས་འཁོར་གསང་བའི་བྱེད་དག་པ། །རྒ་ཤི་གཞུ་ཁྱིམ་འགགས་པ་ལས། །


TNT02_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་རིམ་རབ་ཏུ་དགའ་བའི་ས། འདོད་གཟུགས་ཛཱ་ལནྡྷ་ར་དང༌། །གང་བའི་རི་དང་ཨོ་རྒྱན་རྣམས། །ཤར་ལ་སོགས་པའི་རྩིབས་བཞིའོ། །ས་དཀྱིལ་གསང་གནས་ཕྱེད་གཞན་ལ། །སྐྱེ་བ་སྡིག་ཁྱིམ་འགགས་པ་ལས། །དྲི་མེད་ས་ལ་སྡུད་པའི་རིམ། །གོ་ད་ཝ་རི་དགའ་དབང་ཕྱུག །ལྷ་མོའི་མཁར་དང་མ་ལ་བ། །རླུང་སོགས་རྩིབས་ལ་རིམ་པས་ཏེ། །དེ་ལྟར་ཡེ་ཤེས་འཁོར་ལོའོ། །ཆུ་དཀྱིལ་ལྟེ་བའི་ཕྱེད་དང་པོ། །སྲིད་པ་སྲང་གི་དུས་སྦྱོར་དག །སྐྱེ་བའི་རིམ་པ་འོད་བྱེད་ས། །ཨརྦུ་ཏ་དང་མུམྨུ་ནི། ཨཽ་ཏྲེ་བྱེད་པའི་པཱ་ཊ་ཀཾ །ཤར་ལ་སོགས་པའི་རྩིབས་བཞི་སྟེ། །ཆུ་འཁོར་ལྟེ་བའི་ཕྱེད་ཕྱི་མ། །ལེན་པ་བུ་མོ་རྣམ་དག་པ། །འོད་འཕྲོའི་ས་ལ་སྡུད་རིམ་སྟེ། །ཕུར་གསུམ་ལས་ཀྱི་པཱ་ཊ་ཀཾ །ཀོ་ས་ལཱ་དང་ལཱ་ཌ་ནི། །རླུང་ཕྱོགས་ལ་སོགས་རྩིབས་བཞི་སྟེ། །དེ་ལྟར་ས་ཡི་འཁོར་ལོའོ། །ཆུ་འཁོར་སྙིང་གའི་ཕྱེད་ཕྱེ་མ། །སྲེད་པ་སེང་གེའི་ཁྱིམ་འགགས་པ། །སྐྱེ་བའི་རིམ་པ་སྦྱང་དཀའི་ས། །ཀ་ལིང་ཧ་རི་ཀེ་ལ་དང༌། །ཟླ་བའི་གླིང་དང་ལམྦ་ཀ །ཤར་ལ་སོགས་པའི་རྩིབས་བཞིའོ། །ཆུ་དཀྱིལ་སྙིང་གའི་ཕྱེད་དག་པ། །ཚོར་བ་ཀརྐའི་ཁྱིམ་གཞན་ནི། །མངོན་གྱུར་ས་ལ་སྡུད་པའི་རིམ། །ཀཉྩིའི་ཡུལ་དང་ཀོད་ཀ་ན། །ཧི་མ་ལ་ཡ་བལ་པོའི་ཡུལ། །རླུང་ལ་སོགས་པའི་རྩིབས་བཞི་སྟེ། །ཆུ་ཡི་འཁོར་ལོ་ཞེས་བྱའོ། །མེ་དཀྱིལ་མགྲིན་པའི་


TNT02_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཕྱེད། །རེག་པ་འཁྲིག་ཁྱིམ་འགགས་པ་ལས། །སྐྱེ་རིམ་རིང་དུ་སོང་བའི་ས། །མཱ་ཏྲཾ་གྲི་ཧ་པྲ་ཡཱ་ཀ །ཀོ་ལ་ཀི་རི་ཁྱིམ་གྱི་ལྷ། །དབང་པོ་ལ་སོགས་རྩིབས་བཞི་སྟེ། །མེ་དཀྱིལ་མགྲིན་པའི་ཕྱེད་གཞན་ལ། །སྐྱེ་མཆེད་དྲུག་དང་གླང་ཁྱིམ་འགགས། །མི་གཡོའི་ས་ལ་སྡུད་རིམ་སྟེ། །སཽ་རཥྟ་དང་ཁ་ཆེའི་ཡུལ། །གསེར་གླིང་སིང་ག་ལ་རྣམས་ནི། །གཡོ་བ་ལ་སོགས་རྩིབས་བཞི་སྟེ། །མེ་ཡི་འཁོར་ལོ་ཞེས་བྱའོ། །མེ་དཀྱིལ་དཔྲལ་བའི་ཕྱེད་དག་པ། །མིང་གཟུགས་ལུག་ཁྱིམ་འགགས་པ་སྟེ། །སྐྱེ་རིམ་ལེགས་པའི་བློ་གྲོས་ས། །ན་ག་ར་དང་དབང་ཆེན་དྲག །སིན་དྷུ་ཀི་རཱན་ཏ་ཡི་ཡུལ། །ཤར་ཕྱོགས་ལ་སོགས་རྩིབས་བཞི་སྟེ། །རླུང་དཀྱིལ་དཔྲལ་བའི་ཕྱེད་ཕྱི་མ། །རྟེན་འབྲེལ་རྣམ་ཤེས་ཉ་ཁྱིམ་འགགས། །ཆོས་ཀྱི་སྤྲིན་ཆེན་སྡུད་པའི་རིམ། །མ་རུའི་ཡུལ་དང་ཀ་ཧ་ར། །ཀུ་ལུ་ཏ་དང་མཧཱ་མལ། །རླུང་སོགས་རྩིབས་ལ་རིམ་པ་བཞིན། །རླུང་གི་འཁོར་ལོ་ཞེས་བྱའོ། །རླུང་དཀྱིལ་གཙུག་ཏོར་འཁོར་ལོའི་ཕྱེད། །འདུ་བྱེད་བུམ་པའི་ཁྱིམ་འགགས་པ། །སྐྱེ་བའི་རིམ་པ་ཀུན་ཏུ་འོད། །ཙཱ་རི་དྲ་དང་ཀེ་ར་ལ། །བྷིན་ད་གཞོན་ནུ་མ་གྲོང་རྣམས། །ཤར་ལ་སོགས་པའི་རྩིབས་བཞིའོ། །རླུང་དཀྱིལ་གཙུག་ཏོར་ཕྱེད་ཕྱི་མ། །མ་རིག་ཆུ་སྲིན་འགགས་པ་ནི། །བཅུ་གཉིས་ས་སྟེ་བསྡུད་པའི་རིམ། །རྡུལ་བྲལ་དང་ནི་ཀེང་ཀ་ན། །གྲོང་གསུམ་ཤྲི་ཧ་ཊྚ་ཀ །ནུབ་བྱང་ལ་སོགས་


TNT02_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་བཞི་སྟེ། །ནམ་མཁའི་འཁོར་ལོ་ཞེས་བྱའོ། །འདི་རྣམས་དག་སྦྱོར་གྱི་དོན་གལ་ཆེན་ཡིན་པས། གོ་ཞིང་ཤེས་ནས་བསྒོམ་པ་གལ་ཆེའོ། །དབུས་སུ་སྣ་ཚོགས་པདྨའི་ལྟེ་བ་ལ་གནས་པའི་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ། མཚན་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་བ་ལ་ཨཾ་ཞེས་པ་རྣམས་གཡོན་སྐོར་དང༌། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱྀ་ཨ་ཨཿཞེས་པ་རྣམས་གཡས་སྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་དབྱངས་དང་ལྡན་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་འོག་ཏུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་ལླ་ཡྻ་ཌྜ་ཀྐ་ཁྑ་གྒ་གྷ་གྷ་ཞེས་པ་རྣམས་གཡས་སྐོར་དང༌། ང་གྷ་ག་ཁ་ཀ ཉ་ཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། ྈྐ་ཤ་ཥ་ྉྤ་ས། ཧ་ཡ་ར་བ་ལ། ཌྷ་ཌ་ཡ་ཝ་ལ། ཞེས་པ་རྣམས་གཡོན་སྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་གསལ་བྱེད་དང་ལྡན་པ་མཉམ་པ་ཉིད་ཀྱྀ་ཡེ་ཤེས་སོ། །ཟླ་བའི་དབུས་སུ་ཧཱུཾ་ཡིག་ཟླ་བའི་མཚན་མ་ལྟ་བུ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །དེ་རྣམས་གཅིག་ཏུ་གྱུར་པ་ཧི་ཡིག་དང་བཅས་པ་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །དེ་ལས་ལྷའི་སྐུ་ཡོངས་སུ་རྫོགས་པ་ཧཾ་ཡིག་དང་བཅས་པ་ནི་ཤིན་ཏུ་རྣམ་པར་དག་


TNT02_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། བདག་ཉིད་དཔལ་དུས་ཀྱི་འཁོར་ལོ། མཁའ་འགྲོ་མའི་དྲྭ་བ་སྡོམ་པ་ཆེན་པོ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་པ། དྲི་མ་མེད་པའི་འོད་ཟེར་ལྔ་རྣམས་འགྱེད་ཅིང༌། བདུད་དང་ཉོན་མོངས་པའི་སྙིང་གར་མནན་པའི་ཞབས་གཉིས་པ། མགྲིན་པ་གསུམ་པ། ཞལ་བཞི་པ། ཕྲག་པ་དྲུག་པ། དཔུང་པ་བཅུ་གཉིས་པ། ཕྱག་གི་པདྨ་ཉི་ཤུ་རྩ་བཞི་པ་ལྷག་པའི་ཕྱག་གཉིས་ཏེ། ཉི་ཤུ་རྩ་དྲུག་དང་ལྡན་པ། མཚོན་ཆ་རྣམས་དང་རྡོ་རྗེའི་རྒྱན་གྱིས་རྣམ་པར་བརྒྱན་པ། ཞབས་གཡས་པ་དམར་པོ་བརྐྱང་པས་འདོད་ལྷ་དམར་པོ་གདོང་གཅིག་པ། ལག་པ་བཞིའི་གཡས་གཉིས་ཀྱིས་མེ་ཏོག་གི་མདའ་ལྔ་དང༌། ལྕགས་ཀྱུ། གཡོན་གཉིས་ཀྱིས་གཞུ་དང་ཞགས་པ་འཛིན་པའི་སྙིང་གར་མནན་པ། གཡོན་པ་དཀར་པོ་བསྐུམ་པས་དྲག་པོ་དཀར་པོ་གདོང་གཅིག་པ། མིག་གསུམ་པ། ལག་པ་བཞིའི་གཡས་གཉིས་ཀྱིས་རྩེ་གསུམ་དང་ཌ་མ་རུ། གཡོན་གཉིས་ཀྱིས་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པའི་སྙིང་གར་མནན་པ། བདུད་ཀྱི་དགའ་མ་དང༌། དྲག་པོའི་ཨུ་མ་དག་ནི་དམན་པའི་གདོང་གིས། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་ལ་འཛིན་པར་བྱེད་ཀྱང་གཡོ་བ་མེད་པར་གནས་པ། སྐུ་མདོག་སྔོན་པོ་གཡས་དང་གཡོན་དང་དབུས་ཀྱི་མགྲིན་པ་ཉི་མ་དང་ཟླ་བ་དང་བུང་བའི་མདོག་ཅན་མདུན་ཞལ་ནག་པོ། གཡས་ཞལ་དམར་པོ། གཡོན་ཞལ་དཀར་པོ།


TNT02_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཞལ་སེར་པོ། ཞལ་བཞི་ཆར་ཡང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། མཆེ་བ་གཙིགས་ཤིང་རབ་ཏུ་ཁྲོས་པ། ཨག་ཚོམ་དང་སྨིན་མ་རབ་ཏུ་འབར་བ། སྐྲ་ཚོགས་དམར་སེར་གྱི་རལ་བའི་ཅོད་པན་ལ། སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། སྤྱི་གཙུག་ཏུ་རྡོ་རྗེ་ནོར་བུ་དང༌། དཔྲལ་བར་ཐོད་པ་ལྔའི་འཕྲེང་བས་བརྒྱན་པ། ཕྱག་རྒྱ་དྲུག་དང༌། སྟག་གི་པགས་པའི་ན་བཟའ་དང་ལྡན་པ། བདུད་རིགས་བརྒྱའི་མགོ་བོའི་འཕྲེང་བ་ཕྲག་པ་ལ་འཕྱང་བ། དབུ་ལ་རྡོ་རྗེ་དར་དཔྱངས་ཀྱི་སྟེང་དུ་རྡོ་རྗེ་ཟླ་བ་ཕྱེད་པ་དང་བཅས་པའོ། །གཡས་དང་གཡོན་གྱི་ཕྲག་པ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ། དེ་བཞིན་དུ་དཔུང་པ་གཉིས་ནག་པོ། གཉིས་དམར་པོ། གཉིས་དཀར་པོ། ཕྱག་ངར་བཞི་ནག་པོ། བཞི་དམར་པོ། བཞི་དཀར་པོ། དེ་དག་རེ་རེ་ལ་ཡང་སོར་གདུབ་རྣམས་ཀྱིས་སྤྲས་པའི་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེའུ་ཆུང་ལྗང་ཁུའོ། །དེ་རྣམས་རེ་རེ་ལ་ཡང་ཕྱག་གི་མཐིལ་ནས་བརྩམས་ཏེ་ཚིགས་ཀྱི་འཕྲེང་བ་དང་པོ་རྣམས་ནག་པོ། གཉིས་པ་རྣམས་དམར་པོ། གསུམ་པ་རྣམས་དཀར་པོའོ། །དེ་ལྟ་བུའི་ཕྱག་གཡས་པ་རྣམས་ཀྱི་ནག་པོ་བཞིས། རྡོ་རྗེ་རལ་གྲི་རྩེ་གསུམ། གྲི་གུག དམར་པོ་བཞིས། མདའ་རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌ་མ་རུ། ཐོ་བ། དཀར་པོ་


TNT02_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་འཁོར་ལོ་མདུང་དབྱུག་པ་དགྲ་སྟ་རྣམས་འཛིན་ཞིང༌། གཡོན་པ་རྣམས་ཀྱི་ནག་པོ་བཞིས། རྡོ་རྗེ་དྲིལ་བུ་ཕུབ་ཁ་ཊྭཱཾ་ག་ཁ་ཕྱེ་བ། ཁྲག་གིས་གང་བའི་ཐོད་པ། དམར་པོ་བཞིས་གཞུ་ཞགས་པ་རིན་པོ་ཆེ། པདྨ། དཀར་པོ་བཞིས། དུང་མེ་ལོང་རྡོ་རྗེ་ལྕགས་སྒྲོག ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ། ལྷག་པའི་ཕྱག་གཉིས་ཀྱི་གཡས་པ་ནག་པོ་དང་གཡོན་པ་སེར་པོའི་སྡིགས་མཛུབ་དང་བཅས་ཏེ། གླང་པོ་ཆེའི་པགས་པ་རློན་པ་ཁྲག་དང་བཅས་པ་མགོ་བོ་གཡས་སུ་བསྟན་པའི་རྐང་ལག་གཉིས་ནས་བཟུང་སྟེ་གྱོན་ཞིང༌། འཆི་བདག་བདུད་ཀྱི་མགོ་བོ་དང་ཁྲག་གིས་གང་བའི་ཐོད་པ་བསྣམས་པའོ། །ཀླུའི་དབང་པོ་རྒྱལ་བ་རལ་པའི་ཅོད་པན་ལ་བཅིངས་ཤིང༌། རྣམ་པར་རྒྱལ་བ་དར་དཔྱངས་ལ་བཅིངས་པ། སྟོབས་ཀྱི་རྒྱུ་དང་པདྨ་རྣ་རྒྱན་ལ་གནས་པ། ནོར་རྒྱས་དང་དུང་སྐྱོང་ཕྱག་གདུབ་ལ་གནས་པ། མཐའ་ཡས་དང་རིགས་ལྡན་འོག་པག་དང་མགུལ་རྒྱན་ལ་གནས་པ། འཇོག་པོ་དང་པདྨ་ཆེན་པོ་ཞབས་གདུབ་ལ་གནས་པའོ། །ཕྱག་དང་པོ་གཉིས་ཡུམ་ལ་འཁྱུད་པའོ། །དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ། ལྷན་ཅིག་སྐྱེས་པའི་དགའ་བ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དོན་དམ་པའི་བདེན་པའོ། །ཨོཾ་ཧཾ་ཧཿབཱ་མ་དཀྵི་ཎ་ཀརྞ་ཡོར་བཛྲ་ཀུཎྜ་ལེ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཨཾ་ཨཿཀཊྱེཾ་ཀནྛེ་བཛྲ་མེ་ཁ་ལ་བཛྲ་ཀནྛི་ཀེ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཨ་ཨཱ་བཱ་མ་དཀྵི་ཎ་ཀ་ར་ཡོར་བཛྲ་རུ་ཙ་ཀཽ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧ་ཧཱ་བཱ་མ་དཀྵི་ཎ་པཱ་ད་ཡོར་བཛྲ་


TNT02_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ནཱུ་པུ་རེ་ཧཱུཾཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧཾ་བཾ་པཉྩ་ཨ་ཀ་ར་མཧཱ་ཤཱུ་ཎྱ་སྭ་བྷཱ་ཝ་བཛྲ་ཤི་རོ་མ་ཎི་ཤི་ར་སི་སརྦ་ཨཾ་གེ་བྷསྨི་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཨཾ་ཨརྡྷ་ན་རཱི་ཤྭ་རཱ་བཛྲ་ཨརྡྷ་ཙནྡྲ་བཛྲ་པཊྚ་ཨཱུརྡྷེ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཨ་ཨཱཿཨཾ་སརྦ་སྭ་ར་ཨེ་ཀ་ཏྲི་སྭ་ར་སྭ་བྷཱ་ཝ་བཛྲ་ཡཛྙོ་པ་བཱི་ཏ་སྐནྡྷེ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཀྵཿདུར་དཱནྟ་ཨ་བྷི་མ་ན་ཀྵ་ཡཾ་ཀ་རི་བྱཱ་གྲ་ཙརྨ་ཀ་ཊཽ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧཾ་ཀྵ་ཏྲིཾ་ཤད་སྭ་ར་སཔྟ་ཏི་ཧྲ་སྭ་དཱིརྒྷ་བྱཉྫ་ན་སྭ་བྷཱ་བ་དཻ་ཏྱ་ཀུ་ལ་ཤ་ཏ་སི་རོ་བྷི་ར་མུཎཌ་མཱ་ལེ་སྐནྡྷ་ཨ་བ་ལཾ་བྷི་ནི་སྐནྡྷེ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧ་ཧི་ཧུ་ཧླྀ་པཉྩ་སྐནྡྷ་བི་ཤུདྡྷི་སྭ་བྷཱ་བ་ཤི་ར་སི་ཀ་པཱ་ལ་མཱ་ལེ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཀྲོ་དྷ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཁཊྒ་ཧཱུཾ་ཕཊ། ཨོཾ་བཛྲ་ཏྲི་ཤུ་ལ་ཧཱུཾ་ཕཊ། ཨོཾ་བཛྲ་ཀརྟ་རི་ཧཱུཾ་ཕཊ། ཨོཾ་བཛྲ་བཱའ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཨང་གུ་ཤ་ཧཱུཾ་ཕཊ། ཨོཾ་བཛྲ་ཌ་མ་རུ་ཀ་ཧཱུཾ་ཕཊ། ཨོཾ་བཛྲ་མུད་གར་ཧཱུཾ་ཕཊ། ཨོཾ་བཛྲ་ཙཀྲ་ཧཱུཾ་ཕཊ། ཨོཾ་ཀུན་ད་ཧཱུཾ་ཕཊ། ཨོཾ་བཛྲ་དཎྜ་ཧཱུཾ་ཕཊ། ཨོཾ་བཛྲ་པརྴུ་ཧཱུཾ་ཕཊ། ཨོཾ་ཧྭཱཾ་བཛྲ་གཎྜེ་ཧོཿཕྲཻཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཁེ་ཊ་ཀ་ཧོཿཕྲཻཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཁ་ཊྭཱཾ་ག་ཧོཿཕྲཻཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཀ་པཱ་ལ་ཧོཿཕྲཻཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཙ་པ་ཧོཿཕྲཻཾ་ཕཊ། ཨོཾ་ཧྭཱཾ་བཛྲ་པཱ་ཤ་ཧོཿཕྲཻཾ་ཕཊ། ཨོཾ་ཧྭཱཾ་བཛྲ་རད་ན་ཧོཿཕྲཻཾ་ཕཊ། ཨོཾ་ཧྭཱཾ་བཛྲ་པདྨ་ཧོཿཕྲཻཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཤཾ་ཁ་ཧོཿཕྲཻཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཨཱ་དརྴ་ཧོཿཕྲཻཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཤྲིཾ་ཁ་ལེ་ཧོཿཕྲཻཾ་ཕཊ། ཨོཾ་ཧྭཱཾ་ཙ་ཏུར་བེ་ད་མུ་ཁ་སྭ་བྷཱ་བ་


TNT02_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

པྲཧྨ་ཤཱི་རཾ་ཧོཿཕྲཻཾ་ཕཊ། ཨོཾ་ཀྵ་ཀྵཱ་ཀྵི་ཀྵཱི་ཀྵུ་ཀྵཱུ་ཀྵླྀ་ཀྵླཱྀ་ཀྵཾ་ཀྵཿ ཧ་ཧཱ་ཧི་ཧཱི་ཧྲྀ་ཧྲཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ཧཾ་ཧཿ སརྦ་བིགྷྣ་བི་དཱ་རི་ཏ་ག་ཛ་ཙརྨ་པ་ཊ་ཨར་ཏྲ་རཀྟ་ཤྲ་བ་ཏ་ཧཱུཾ་ཕྲཻཾ། ཨོཾ་ཧཱུཾ་བཛྲ་ཛ་ཡ་ནཱ་ག་ཨིནྡྲ་བཛྲ་ཛ་ཊ་མུ་ཀུ་ཊ་བནྡྷེ་ཏིཥྛ་ཏིཥྛ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཀྵུཾ་བཛྲ་བི་ཛ་ཡ་ནཱ་ག་ཨིནྡྲ་བཛྲ་པ་ཊ་བནྡྷེ་ཏིཥྛ་ཏིཥྛ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧྻཾ་ཧྻཱཾ་བཛྲ་ཀརྐོ་ཊ་ཀ་བཛྲ་པདྨོ་བཱ་མ་དཀྵི་ཎ་ཀུཎྜ་ལ་ཡཽ་ཏིཥྛ་ཏིཥྛ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧྲཾ་ཧྲཱཾ་བཛྲ་བ་སུ་ཀི་ཤཾ་ཁ་པཱ་ལཽ་བཱ་མ་དཀྵི་ཎ་རུ་ཙ་ཀ་ཡཽ་ཏིཥྛ་ཏིཥྛ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧྭཾ་ཧྭཱཾ་བཛྲ་ཨ་ནན་ཏ་ཀུ་ལི་ཀོ་མེ་ཁཱ་ལཱ་ཀནྛི་ཀ་ལཽ་ཏིཥྛ་ཏིཥྛ་ཧཱུཾཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧླཾ་ཧླཱཾ་བཛྲ་ཏཀྵ་ཀ་མཧཱ་པདྨོ་བཱ་མ་དཀྵི་ཎ་པཱ་ད་ནུ་པུ་ར་ཡཽཿཏིཥྛ་ཏིཥྛ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ལྟར་ན་ཕྱག་རྒྱ་ཕྱག་མཚན་འགོད་པར་གྲགས་པ་འདི་དག འདི་ལ་ངེས་པར་འོས་བབ་ཡིན་པས་གལ་ཆེ་མོད། རྒྱུན་གྱི་ཉམས་ལེན་ལ་མ་ལྕོགས་ན་ཡང་མི་འགལ་ཙམ་མོ། །དེ་ལ་འཁྱུད་པའི་བཅོམ་ལྡན་འདས་མ་རྡོ་རྗེ་མཁའ་འགྲོ་མ་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ་གཡས་གྲི་གུག་དང་བཅས་པའི་སྡིགས་མཛུབ་དང༌། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། དཔྲལ་བ་དང༌། མགྲིན་པ་དང། སྙན་དང༌། སྐེ་རྒྱན་དང༌། ཞབས་གདུབ་ལ་དྲིལ་བུ་གཡེར་ཁའི་འཕྲེང་བ་དང༌། ཐོད་པའི་དུམ་བུའི་འོག་པག་དང༌། ཐོད་པ་སྐམ་པོའི་དབུ་རྒྱན་དང༌། དོ་ཤལ་གྱིས་མཛེས་པ། རྡོ་རྗེ་སེམས་དཔའི་ཅོད་པན་ཅན། གཡོན་བརྐྱང་གིས་


TNT02_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལ་འཁྱུད་ཅིང༌། དེས་ཀྱང་སྙོམས་པར་ཞུགས་པ་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་མ། རང་བཞིན་ཕྱིས་འོད་གསལ་བ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གཞན་བརྒྱད་ནི་པདྨ་འདབ་མ་བཅུ་དྲུག་པའི་ཕྱོགས་མཚམས་ཀྱི་འདབ་མ་བརྒྱད་ལ་གནས་པ་སྟེ། ཤར་དང་ནུབ་ཏུ་ཨ་ཨཱ། བྱང་དང་ལྷོར་ཨཾ་ཨཱཿ མེ་དང་རླུང་དུ་ཧ་ཧཱ། དབང་ལྡན་དང་བདེན་བྲལ་དུ་ཧཾ་ཧཿརྣམས་ལས་བྱུང་བའི་ཅང་ཏེའུ་རྣམས་ཡོངས་སུ་གྱུར་པ་ལས། ཤར་དུ་ནག་མོ་འབར་མ། ལྷོར་དམར་མོ་འབར་མ། བྱང་དུ་དཀར་མོ་འབར་མ། ནུབ་ཏུ་སེར་མོ་འབར་མ། མེར་དུ་བ་མ། བདེན་བྲལ་དུ་རྨིག་སྒྱུ་མ། དབང་ལྡན་དུ་མེ་ཁྱེར་མ། རླུང་དུ་མར་མེ་མ་སྟེ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། གཅེར་བུ་དབུ་སྐྲ་གྲོལ་བ། ཕྱག་གཡས་ཅུང་ཟད་སྟེང་ཕྱོགས་སུ་བསྐྱོད་པའི་ཌ་མ་རུ་འཕྲོལ་ཞིང༌། གཡོན་ཁ་ཊྭཱཾ་ག་ཐུགས་ཀར་འཛིན་པ། ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། ཕྱག་རྒྱ་ལྔ་དང༌། དུམ་བུའི་སྐེ་རགས་དང༌། དྲིལ་བུ་གཡེར་ཁའི་ཚོགས་དང༌། མགོ་བོའི་འཕྲེང་བས་བརྒྱན་པ་བཅོམ་ལྡན་འདས་མ་དང་མཚུངས་པའོ། །དེ་དག་གི་བར་བར་གྱི་འདབ་མ་རྣམས་ལ། ཧི་ཧཱི་ཧྲྀ་ཧྲཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་རྣམས་ཡོངས་སུ་གྱུར་པ་ལས། ཐོད་པ་བདུད་རྩིས་གང་བ་


TNT02_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དེ། ཤར་དུ་རྐང་འགགས་པའི་ཐོད་པ་གཉིས་དང༌། ལྷོར་ཁྲག་འགགས་པའི་ཐོད་པ་གཉིས་དང༌། བྱང་དུ་གཅི་བ་འགགས་པའི་ཐོད་པ་གཉིས་དང༌། ནུབ་ཏུ་བཤང་བ་འགགས་པའི་ཐོད་པ་གཉིས་ཏེ། བདུད་རྩིས་གང་བའི་ཐོད་པ་བརྒྱད་ཡང་དག་པར་གནས་པར་གྱུར་པ་སྟེ་དེ་དག་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །འདོད་ཆགས་ཆེན་པོས་འདུལ་བར་བྱ་བའི་སེམས་ཅན་རྣམས་དང་པོའི་སངས་རྒྱས་བསྟན་པའི་སྣོད་དུ་མངོན་པར་གཟིགས་ནས། ཡུམ་ལ་སྙོམས་པར་ཞུགས་པ་ལས་བྱུང་བའི་ཤིན་ཏུ་དགའ་བའི་སྒྲས། ནམ་མཁའ་གང་བར་བཞུགས་པའི་རྣམ་པར་དག་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལས་དབང་ཡུལ་དང་བཅས་པའི་རང་བཞིན་དེ་བཞིན་གཤེགས་པ་ཡབ་ཡུམ། བྱང་ཆུབ་སེམས་དཔའ་ཡབ་ཡུམ། ཁྲོ་བོ་ཡབ་ཡུམ་ཐམས་ཅད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་རང་གི་ལུས་ལ་ཞུགས་པར་གྱུར། ལྷར་ཡང་རང་ཉིད་ལས་འཕྲོས་ཏེ་སྣ་ཚོགས་ཡུམ་ལ་ཞུགས་པར་གྱུར། དེ་ལས་ཀྱང་ལྡོག་ནས་སླར་རང་ཉིད་ལ་ཞུགས་ཏེ། ཟླ་བ་བྱང་ཆུབ་སེམས་ཀྱི་རྣམ་པར་ཞུ་བ་རྣམས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་ལྷ་དང་ལྷ་མོའི་ཚོགས་སུ་གྱུར་པ་ནི། ཨ་ཡིག་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་ལྗང་ཁུ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ། གྲི་གུག དགྲ་སྟ།


TNT02_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པ་གསུམ་གྱིས་རྡོ་རྗེ་དྲིལ་བུ། ཐོད་པ་ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ་ལ། རང་དང་འདྲ་བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ་ནམ་མཁར་སྤྲོས་ནས་སེམས་ཅན་གྱི་དོན་བྱས་ཏེ། །སླར་ཡང་རང་ཉིད་ལ་བདག་པོར་ཞུགས་པར་གྱུར། །བྷི་པླཱྀ་བྲྀ་ཕཱུ་ཕུ་བྲི་པླྀ་བྷཱྀ། །པླཱྀ་བྷི་ཕཱུ་བྲྀ་བྲཱྀ་ཕུ་བྷཱི་པླྀ། ༣ །ཌྷི་།འཁོར་ལོ་དྲུག་གི་ལྷའི་ས་བོན་ནི། ཉ་ཉཱ་ཎ་ཎཱ་མ་མཱ་ན་ནཱ། ྈྐ་ང་ངཱ་ཧ་ཧཱ་ཀྵ་ཀྵཱ། རྣམས་དང་ཕྱག་མཚན་གྲི་གུག་དང་རྡོ་རྗེ་རྣམས་སོ། །དེ་རྣམས་ཡོངས་སུ་གྱུར་པ་ལས། འཁོར་གྱི་རྡོ་རྗེ་མཁའ་འགྲོ་མ་དང་རྡོ་རྗེ་མཁའ་འགྲོའི་ཚོགས་རྣམས་སུ་གྱུར་པ། གསང་བའི་པདྨ་ལས་ཕྱིར་སྤྲོས་ཏེ་སོ་སོའི་གནས་སུ་འཁོད་པ་གྱུར་པ་ནི། ཡེ་ཤེས་ཀྱི་འཁོར་ལོའི་ཤར་དུ་ཤི་རྡོ་རྗེ་མ་སླཱྀ་རྡོ་རྗེས་འཁྱུད་པ་དང༌། ལྷོར་རྡོ་རྗེ་མ་ལ་རྡོ་རྗེས་འཁྱུད་པ་དང༌། བྱང་དུ་རྡོ་རྗེ་མ་ལ་རྡོ་རྗེས་འཁྱུད་པ་དང༌། ནུབ་ཏུ་སླྀ་རྡོ་རྗེ་མ་ལ་ཤཱི་རྡོ་རྗེས་འཁྱུད་པ་དང༌། རླུང་དུ་སླཱྀ་རྡོ་རྗེ་མ་ལ་ཤི་རྡོ་རྗེས་འཁྱུད་པ་དང༌། དབང་ལྡན་དུ་རྡོ་རྗེ་མ་ལ་རྡོ་རྗེས་འཁྱུད་པ་དང༌། བདེན་བྲལ་དུ་རྡོ་རྗེ་མ་ལ་༵ རྡོ་རྗེ་འཁྱུད་པ་དང༌། མེར་ཤཱི་རྡོ་རྗེ་མ་ལ་སླྀ་རྡོ་རྗེས་འཁྱུད་པའོ། །ས་ཁམས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་ལ། དྷི་རྡོ་རྗེ་མ་ལ་རྡོ་རྗེས་འཁྱུད་པ་དང༌། ལྷོར་དྲྀ་རྡོ་རྗེ་མ་ལ་ཐཱུ་རྡོ་རྗེས་འཁྱུད་པ་དང༌། བྱང་དུ་ཐུ་རྡོ་རྗེ་མ་ལ་དྲཱྀ་རྡོ་རྗེས་འཁྱུད་པ་དང༌། །ནུབ་ཏུ་རྡོ་རྗེ་མ་ལ་དྷཱི་རྡོ་རྗེས་འཁྱུད་པ་དང༌། རླུང་དུ་རྡོ་རྗེ་མ་ལ་དྷི་རྡོ་རྗེས་འཁྱུད་པ་དང༌། དབང་ལྡན་དུ་ཐཱུ་རྡོ་རྗེ་མ་ལ་དྲྀ་རྡོ་རྗེས་འཁྱུད་པ་དང༌། བདེན་བྲལ་དུ་དྲཱྀ་རྡོ་རྗེས་མ་ལ་ཐུ་རྡོ་རྗེས་འཁྱུད་པ་དང༌། མེར་དྷཱི་རྡོ་རྗེ་མ་ལ་ཏྀལ་རྡོ་རྗེས་


TNT02_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་པའོ། །ཆུ་ཁམས་ཀྱི་འཁོར་ལོའི་ཤར་རྩིབས་སུ། བྷི་རྡོ་རྗེ་མ་ལ་པླཱྀ་རྡོ་རྗེས་འཁྱུད་པ་དང༌། ལྷོར་བྲྀ་རྡོ་རྗེ་མ་ལ་ཕཱུ་རྡོ་རྗེས་འཁྱུད་པ་དང༌། བྱང་དུ་ཕུ་རྡོ་རྗེ་མ་ལ་བྲཱྀ་རྡོ་རྗེས་འཁྱུད་པ་དང༌། ནུབ་ཏུ་པླྀ་རྡོ་རྗེ་མ་ལ་བྷཱི་རྡོ་རྗེས་འཁྱུད་པ་དང༌། རླུང་དུ་པླཱྀ་རྡོ་རྗེ་མ་ལ་བྷི་རྡོ་རྗེས་འཁྱུད་པ་དང༌། དབང་ལྡན་དུ་ཕཱུ་རྡོ་རྗེ་མ་ལ་བྲྀ་རྡོ་རྗེས་འཁྱུད་པ་དང༌། བདེན་བྲལ་དུ་བྲཱྀ་རྡོ་རྗེ་མ་ལ་ཕུ་རྡོ་རྗེས་འཁྱུད་པ་དང༌། མེ་མཚམས་སུ་བྷཱི་རྡོ་རྗེ་མ་ལ་པླྀ་རྡོ་རྗེས་འཁྱུད་པའོ། །མེ་ཁམས་ཀྱི་འཁོར་ལོའི་ཤར་དུ་ཌྷི་རྡོ་རྗེ་མ་ལ་རྡོ་རྗེས་འཁྱུད་པ་དང༌། ལྷོར་རྡོ་རྗེ་མ་ལ་ཋཱུ་རྡོ་རྗེས་འཁྱུད་པ་དང༌། བྱང་དུ་ཋུ་རྡོ་རྗེ་མ་ལ་རྡོ་རྗེས་འཁྱུད་པ་དང༌། ནུབ་ཏུ་ཏྀལ་རྡོ་རྗེ་མ་ལ་ཌྷཱྀ་རྡོ་རྗེ་འཁྱུད་པ་དང༌། རླུང་དུ་རྡོ་རྗེ་མ་ལ་རྡོ་རྗེས་འཁྱུད་པ་དང༌། དབང་ལྡན་དུ་ཋཱུ་རྡོ་རྗེ་མ་ལ་ཌྀར་རྡོ་རྗེས་འཁྱུད་པ་དང༌། བདེན་བྲལ་དུ་རྡོ་རྗེ་མ་ལ་ཋུ་རྡོ་རྗེས་འཁྱུད་པ་དང༌། མེར་ཌྷཱི་རྡོ་རྗེ་མ་ལ་རྡོ་རྗེས་འཁྱུད་པའོ། །རླུང་ཁམས་ཀྱི་འཁོར་ལོའི་ཤར་དུ་ཛྷི་རྡོ་རྗེ་མ་ལ་རྡོ་རྗེས་འཁྱུད་པ་དང༌། ལྷོར་ཛྲྀ་རྡོ་རྗེ་མ་ལ་ཚཱུ་རྡོ་རྗེས་འཁྱུད་པ་དང༌། བྱང་དུ་ཚུ་རྡོ་རྗེ་མ་ལ་ཛྲཱྀ་རྡོ་རྗེས་འཁྱུད་པ་དང༌། ནུབ་ཏུ་རྡོ་རྗེ་མ་ལ་ཛྷཱྀ་རྡོ་རྗེས་འཁྱུད་པ་དང༌། རླུང་མཚམས་སུ་རྡོ་རྗེ་མ་ལ་ཛྷི་རྡོ་རྗེས་འཁྱུད་པ་དང༌། དབང་ལྡན་དུ་ཚཱུ་རྡོ་རྗེ་མ་ལ་ཛྲྀ་རྡོ་རྗེས་འཁྱུད་པ་དང༌། བདེན་བྲལ་དུ་ཛྲཱྀ་རྡོ་རྗེ་མ་ལ་ཚུ་རྡོ་རྗེས་འཁྱུད་པ་དང༌། མེ་མཚམས་སུ་ཛྷི་རྡོ་རྗེ་མ་ལ་རྡོ་རྗེས་འཁྱུད་པའོ། །ནམ་མཁའི་ཁམས་ཀྱི་འཁོར་ལོའི་རྩིབས་རྣམས་ལ་ཤར་དུ་གྷི་རྡོ་རྗེས་མ་ལ་ཀླཱྀ་རྡོ་རྗེས་འཁྱུད་པ་དང༌། ལྷོར་གྲྀ་རྡོ་རྗེ་མ་ལ་ཁཱུ་རྡོ་རྗེས་འཁྱུད་


TNT02_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། བྱང་དུ་ཁུ་རྡོ་རྗེ་མ་ལ་གྲཱྀ་རྡོ་རྗེས་འཁྱུད་པ་དང༌། ནུབ་ཏུ་ཀླྀ་རྡོ་རྗེ་མ་ལ་གྷཱི་རྡོ་རྗེས་འཁྱུད་པ་དང༌། རླུང་དུ་ཀླཱྀ་རྡོ་རྗེ་མ་ལ་གྷི་རྡོ་རྗེས་འཁྱུད་པ་དང༌། དབང་ལྡན་དུ་ཁཱུ་རྡོ་རྗེ་མ་ལ་གྲྀ་རྡོ་རྗེས་འཁྱུད་པ་དང༌། བདེན་བྲལ་དུ་གྲཱྀ་རྡོ་རྗེ་མ་ལ་ཁུ་རྡོ་རྗེས་འཁྱུད་པ་དང༌། མེ་མཚམས་སུ་གྷཱི་རྡོ་རྗེ་མ་ལ་ཀླྀ་རྡོ་རྗེས་འཁྱུད་པ་སྟེ། དེ་ལྟར་ན་དཔའ་བོ་དང་མཁའ་འགྲོ་མ་བདུན་བཅུ་རྩ་གཉིས་ལས། ཤར་དང་ཤར་ལྷོའི་མཁའ་འགྲོ་མ་རྣམས་སྐུ་མདོག་ནག་མོ་ཐབས་དཔའ་བོ་རྣམས་སེར་པོ། ལྷོ་དང་ལྷོ་ནུབ་ཀྱི་མཁའ་འགྲོ་རྣམས་སྐུ་མདོག་དམར་མོ། ཐབས་དཔའ་བོ་རྣམས་དཀར་པོ། བྱང་དང་བྱང་ཤར་གྱི་མཁའ་འགྲོ་མ་རྣམས་སྐུ་མདོག་དཀར་མོ། ཐབས་དཔའ་བོ་རྣམས་དམར་པོ། ནུབ་དང་ནུབ་བྱང་གི་མཁའ་འགྲོ་མ་རྣམས་སྐུ་མདོག་སེར་མོ། ཐབས་དཔའ་བོ་རྣམས་ནག་པོའོ། །རྣལ་འབྱོར་མ་བཞི་བཅུ་རྩ་བརྒྱད་པོ་ཐམས་ཅད་ཀྱང༌། གཙོ་བོ་ལ་མངོན་དུ་ཕྱོགས་པ་ཞལ་གཅིག་ཕྱག་གཉིས་ཅུང་ཟད་ཐུང་བའི་ལུས་ཅན་གཡས་གྲི་གུག་འཕྱར་བ་དང་གཡོན་ཐོད་


TNT02_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཛིན་པས་ཡབ་ལ་འཁྱུད་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། རྒྱན་དང་ཆ་ལུགས་བཅོམ་ལྡན་འདས་མ་དང་མཚུངས་པ། དཔའ་བོ་བཞི་བཅུ་རྩ་བརྒྱད་པོ་ཐམས་ཅད་ཞལ་གཉིས་ཕྱག་བཞི་པ་དང་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་རང་གི་ཤེས་རབ་མའི་མགུལ་ནས་འཁྱུད་པ། འོག་མ་གཉིས་ཀྱིས་ཌ་མ་རུ་དང་ཁ་ཊྭཱཾ་ག་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཐབས་ཤེས་མཉམ་པར་སྦྱོར་བ་གླང་ལྤགས་སྤངས་ཤིང་མི་མགོ་ལྔ་བཅུའི་དོ་ཤལ་ཅན། ལྷག་མ་བརྒྱན་དང་ཆ་བྱད་བཅོམ་ལྡན་འདས་དང་མཚུངས་པ་སྟེ། འཁོར་ལོ་དྲུག་གི་ལྷ་ཚོགས་རྣམས། ཤེས་རབ་མ་གཙོ་བོར་གྱུར་པའོ། །གཞལ་ཡས་ཁང་ཆེན་པོའི་ཤར་སྒོར་ཉ་རྡོ་རྗེ་མ། ཤར་ལྷོའི་སྒོར་ཉཱ་རྡོ་རྗེ་མའོ། །ལྷོ་སྒོར་ཎ་རྡོ་རྗེ་མ། བདེན་བྲལ་གྱི་སྒོར་ཎཱ་རྡོ་རྗེ་མའོ། །བྱང་སྒོར་མ་རྡོ་རྗེ་མ། དབང་ལྡན་གྱི་སྒོར་མཱ་རྡོ་རྗེ་མ། ནུབ་སྒོར་ན་རྡོ་རྗེ་མ། རླུང་མཚམས་ཀྱི་སྒོར་ནཱ་རྡོ་རྗེ་མ། དེ་ལྟར་ན་ཕྱོགས་ཀྱི་ལྷ་མོ་བཞི་ལྗང་ཁུ། མཚམས་ཀྱི་ལྷ་མོ་བཞི་སྔོན་མོ། ཐམས་ཅད་ཀྱང་སྒོ་ཁྱུད་ཀྱི་ནང་མཚམས་ན་གནས་པའོ། །རླུང་དང་བྱང་གི་མཚམས་སུ་ྈྐ་རྡོ་རྗེ་མ་སྔོན་མོ། རླུང་དང་ནུབ་ཀྱི་མཚམས་སུ་རྡོ་རྗེ་མ་ལྗང་ཁུ། མེ་དང་ཤར་གྱི་བར་དུ་ང་རྡོ་རྗེ་མ་ལྗང་ཁུ། མེ་དང་ལྷོའི་བར་དུ་ངཱ་རྡོ་རྗེ་མ་སྔོན་མོ། བྱང་དང་དབང་ལྡན་གྱི་བར་དུ་ཧ་རྡོ་རྗེ་མ་ལྗང་ཁུ། དབང་ལྡན་དང་ཤར་གྱི་བར་ཧཱ་རྡོ་རྗེ་མ་སྔོན་མོ། བདེན་


TNT02_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་དང་ལྷོའི་བར་དུ་ཀྵ་རྡོ་རྗེ་མ་ལྗང་ཁུ། བདེན་བྲལ་དང་ནུབ་ཀྱི་བར་དུ་ཀྵཱ་རྡོ་རྗེ་མ་སྔོན་མོ་སྟེ། དེ་ལྟར་བརྒྱད་པོ་རྣམས་ནི་རྩིག་པའི་ཕྱི་རོལ་སྒོ་ཁྱུད་རྣམས་ཀྱི་བར་གྱི་སྟེགས་བུ་ལ་ཡང་དག་པར་གནས་པའོ། །དེ་ལྟར་ན་སྒོམ་མཚམས་མ་བཅུ་དྲུག་ནི། དུར་ཁྲོད་ཆེན་པོ་བཅུ་དྲུག་ལ་ཡང་དག་པར་སྤྱོད་པ་སྟེ་ཐམས་ཅད་ཀྱང་ཆེར་ཁྲོས་ཤིང་དྲག་མོའི་ཚུལ་ཅན་འཁོར་ལོ་དང་མི་རོའི་གདན་ལ་གནས་པ་སྐྲ་གྱེན་ལ་བརྫེས་པ་སྟེ། རྒྱན་དང་ཕྱག་མཚན་རྣམ་འགྱུར་ལྷག་མ་རྣམས་ནི། ནུས་མ་རྣམས་དང་མཚུངས་པའོ། །ད་ནི་རྗེས་འབྲང་གི་ལྷ་རྣམས་བསྐྱེད་པར་བྱ་སྟེ། ཕྱོགས་བཞིའི་སྒོ་རྣམས་ཀྱི་གཡས་དང་གཡོན་གྱི་སྟེགས་བུ་ལ་ཀླུ་རྣམས་གནས་པ་སྟེ། སྟོབས་ཀྱི་རྒྱུ་དང་པདྨ་ནག་པོ་ལ། མཁའ་ལྡིང་གདོང་མ་དང་ལྕེ་སྤྱང་གདོང་མ་སེར་མོས་འཁྱུད་པ། ཤར་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུའི་སྟེང་དུ། རླུང་གི་དཀྱིལ་འཁོར་ལ་གནས་པ་དང༌། ནོར་རྒྱས་དང་དུང་སྐྱོང་དམར་པོ་ལ། འུག་གདོང་མ་དང་སྟག་གདོང་མ་དཀར་མོས་འཁྱུད་པ། ལྷོ་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུའི་སྟེང་དུ། མེའི་དཀྱིལ་འཁོར་ལ་གནས་པ་དང༌། མཐའ་ཡས་དང་རིགས་ལྡན་དཀར་པོ་ལ། བྱ་རྒོད་གདོང་མ་དང་ཕག་གདོང་མ་དམར་མོས་འཁྱུད་པ། བྱང་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུའི་སྟེང་དུ་ཆུའི་དཀྱིལ་འཁོར་ལ་གནས་པ་དང༌། འཇོག་པོ་དང་པདྨ་ཆེན་པོ་སེར་པོ་ལ། ཁྭ་གདོང་མ་དང་ཁྱི་གདོང་མ་ནག་མོས་འཁྱུད་པ། ནུབ་སྒོའི་གཡོན་དང་


TNT02_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཀྱི་སྟེགས་བུའི་སྟེང་དུ། སའི་དཀྱིལ་འཁོར་ལ་གནས་པ་སྟེ། ཀླུ་རྣམས་ཞལ་གཅིག་ཕྱག་བཞི་བུམ་པ་རྡོ་རྗེ་པདྨ་ནོར་བུ་འཛིན་པ་དང༌། རབ་གཏུམ་མ་རྣམས་ཁྲོ་མོ་གྲི་གུག་དང་ཐོད་པ་འཛིན་པ། ཐམས་ཅད་ཀྱང་རྡོ་རྗེ་སྐྱིལ་ཀྲུང་གིས་ཕན་ཚུན་དུ་བཞུགས་པའོ། །དེ་བཞིན་དུ་སྒོའི་གཡས་དང་གཡོན་གྱི་སྟེགས་བུ་ལ། ཤར་དུ་དྲི་མ་དང་འཕྲེང་བ་མ་ནག་མོ། ལྷོར་བདུག་སྤོས་མ་དང་སྣང་གསལ་མ་དམར་མོ། བྱང་དུ་བདུད་རྩི་མ་དང་འབྲས་བུ་མ་དཀར་མོ། ནུབ་ཏུ་སྒེག་མོ་དང་བཞད་མ་སེར་མོ། སྟེང་དུ་སྒྲ་མ་དང་གར་མ་ལྗང་གུ། འོག་ཏུ་འདོད་མ་དང་གླུ་མ་སྔོན་མོ་སྟེ། ཐམས་ཅད་ཀྱང་རང་གི་མིང་དང་མཐུན་པའི་མཆོད་རྫས་ཐོགས་ཤིང་གཟུངས་མ་གྲངས་མེད་པ་དང་བཅས་པའོ། །ཀླུ་དང་གཟུངས་མ་འདི་རྣམས་སྡོམ་ཆེན་གྱི་སྐབས་འདིར། དུས་འཁོར་ཆོས་དབྱིངས་གསུང་དབང་དང་མི་འདྲ་སྟེ། འཁོར་ལོ་སྡོམ་པ་ཉིས་འགྱུར་བརྒྱ་རྩ་ཉི་ཤུའི་ལྷ་ལ་མི་ཐི་བས། རྩ་བའི་ལྷ་མ་ཡིན་རྗེས་འབྲང་གི་ལྷ་ཙམ་ཡིན་ནོ། །དེའི་ཕྱིར་སྐབས་འདིར་ས་བོན་ནམ། སྐད་ཅིག་ཙམ་ལས་བསྐྱེད་ན་ལེགས་ཏེ་ཐོབ་ཚོད་ཡིན་ནོ། །འོན་ཀྱང་ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའི་སྒྲུབ་ཐབས་ཆེ་བ་ན་འདི་རྣམས་ཀྱང་མཁའ་སྤྲོ་མཛད་དེ་དེ་ཡང་མི་འགལ་ལོ། །རླུང་གི་དཀྱིལ་འཁོར་ལ་ས་བོན་དང་མཚན་མ་སྣ་ཚོགས་པ་ལས་བྱུང་བའི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དབང་བཞི་དང༌། གཟའ་བཅུ་དང༌། དྷུ་ཝ་


TNT02_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཨ་གསྟྱ་ལ་སོགས་པའི་དྲང་སྲོང་རྣམས་དང༌། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་སྐར་མ་ཐམས་ཅད་དང༌། ཁྱིམ་བཅུ་གཉིས་དང༌། ཆ་བཅུ་དྲུག་དང་ཕྱོགས་བཅུ་སྐྱོང་བ་དང༌། དགའ་བྱེད་དབང་ཕྱུག་དང༌། ནག་པོ་ཆེན་པོ་དང༌། དྲིལ་བུའི་རྣ་བ་ཅན་དང༌། བྷྲིང་གི་ནི་དང༌། ཞིང་སྐྱོང་དང༌། ཕོ་ཉ་ཐམས་ཅད་དང༌། འཕྲོག་མ་བུ་དང་བཅས་པ་དང༌། སྐྲའི་གྲངས་གྱི་གྲུབ་པ་རྣམས། དབྱིབས་དང༌། ཁ་དོག་དང༌། མཚན་མ་སྣ་ཚོགས་པ་འཛིན་པ་རྣམས་ཀྱང་འཁོད་པར་གྱུར། དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་མཁའ་འགྲོ་མའི་དྲ་བ་སྡོམ་པ་ཆེན་པོ། རྡོ་རྗེ་འཇིགས་བྱེད་འཇིགས་པར་མཛད་པ། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འཁོར་དང་བཅས་པར་གྱུར། ཨོཾ་སུ་བི་ཤུད་དྷ་དྷརྨཱ་དྷ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་དཔག་ཏུ་མེད་པ་དག་གིས། འགྲོ་བ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་བཀུག་ནས་དཀྱིལ་འཁོར་ཆེན་པོར་བཅུག་པར་གྱུར། དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཡུམ་དང་བཅས་པ་ཐམས་ཅད་བཀུག་ནས་རང་གི་སྙིང་གར་རབ་ཏུ་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ་རྣམས་གསང་བའི་རྡོ་རྗེ་ལས་སྤྲོས་ནས་སེམས་


TNT02_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ལ་དབང་བསྐུར་བར་གྱུར། དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་རྣམས་ཀྱིས་རེག་པའི་སེམས་ཅན་དེ་རྣམས་མཆོག་གི་དགའ་བ་དང་བདེ་བས་གང་བའི་ལྷའི་སྐུ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཞལ་དང་སྐུ་མདོག་ལ་སོགས་པ་སྣ་ཚོགས་པ་དང་ལྡན་པ་དང༌། དེ་དག་རེ་རེ་ཞིང་ཡང་སྐད་ཅིག་གིས་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་དུ་གྱུར། ཀྵ་ཀྵི་ཀྵུ་ཀྵླི་ལས་ཕུང་པོ་ལྔ་རྣམ་པར་དག་པ་སངས་རྒྱས་ལྔ་དང༌། ཀྵཱ་ཀྵཱི་ལས་ཁམས་ལྔ་རྣམ་པར་དག་པ་ཡུམ་ལྔ་དང༌། ཀྵ་ཀྵེ་ཀྵར་ཀྵོ་ཀྵལ་ཀྵཾ་ལས་དབང་པོ་དྲུག་རྣམ་པར་དག་པ་སེམས་དཔའ་དྲུག་དང༌། ཀྵཱ་ཀྵཱཻ་ཀྵཱར་ཀྵཱཽ་ཀྵཱལ་ཀྵཿལས་ཡུལ་དྲུག་རྣམ་པར་དག་པ་སེམས་མ་དྲུག་དང༌། ཀྵླ་ལས་ལས་ཀྱི་དབང་པོ་ལྔ་རྣམ་པར་དག་པ་ཁྲོ་བོ་ལྔ་དང༌། ཀྵླཱ་ལས་ལས་ཀྱི་དབང་པོའི་ཡུལ་ལྔ་རྣམ་པར་དག་པ་ཁྲོ་མོ་ལྔ་སྟེ། མཚན་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་གྱུར་ཏེ། སླར་ཡང་དེ་རྣམས་རང་རང་གི་ཞིང་དུ་གཤེགས་སུ་གསོལ། གཉིས་པ་གསུང་རྫོགས་པ་ཉེ་བར་སྒྲུབ་པས་ཡན་ལག་ལས་རྒྱལ་མཆོག་ནི། ལྟེ་བ་དང་གཙུག་ཏོར་གྱི་ཨ་ཝ་དྷཱུ་ཏཱིའི་ལམ་དུ་ཧོཿཡིག་དག་དང༌། དཔྲལ་བ་དང་མགྲིན་པ་དང་སྙིང་ག་རྣམས་སུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཨོཾ་ཨཱཿཧཱུཾ་རྣམས་ལས། བྱུང་བའི་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་འཁོད་པར་གྱུར། ཧོཿཡིག་དུས་ཀྱི་མེའི་འོད་ཟེར་གྱིས་སྟེང་དང་འོག་ནས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་བཞུས་ཏེ། གཏུམ་མོ་ཤེས་


TNT02_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གྱི་ཆགས་པས་ཡབ་ཡུམ་གཉིས་ཟླ་བ་ཞུ་བ་ལྟར་གྱུར། སྤྱན་མ་བདག་ནི་འགྲོ་བའི་ཡུམ། །རྣལ་འབྱོར་པ་ཡི་རྒྱུ་མཐུན་གནས། །བདག་ནི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །མཱ་མ་ཀཱི་བདག་སྲིང་མོ་སྟེ། །རྣལ་འབྱོར་པ་ཡི་རྣམ་སྨིན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །གོས་དཀར་མོ་བདག་བུ་མོ་སྟེ། །རྣལ་འབྱོར་པ་ཡི་སྐྱེས་བུའི་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྒྲོལ་མ་བདག་ནི་ཚ་མོ་སྟེ། །རྣལ་འབྱོར་པ་ཡི་དྲི་བྲལ་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྟོང་པའི་དཀྱིལ་འཁོར་ཉམས་མྱོང་ནས། །འགྲོ་བ་བསྒྲལ་བའི་བསམ་པ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །འགྲོ་བའི་མགོན་པོས་སྤྲོ་བར་མཛོད། །ཅེས་པའི་གླུ་རྣམས་ཀྱིས་བཅོམ་ལྡན་འདས་སྟོང་པ་ཉིད་ལ་རབ་ཏུ་ཞུགས་པ་འགྲོ་བའི་དོན་མཛད་པའི་སླད་དུ་བསྐུལ་བ་ལས། བཅོམ་ལྡན་འདས་རབ་ཏུ་སད་དེ་འགྲོ་བ་མཐའ་དག་སྒྱུ་མ་ལྟ་བུར་གཟིགས་ནས་གཞན་གྱི་དོན་དུ་སླར་ཡང་བསྐྱེད་པར་མཛད་པ་ནི། ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་དང༌། དེ་ལས་བྱུང་བའི་དཔལ་དུས་ཀྱི་འཁོར་ལོ། མཁའ་འགྲོ་མའི་དྲ་བ་སྡོམ་པ་ཆེན་པོ། རྡོ་རྗེ་འཇིགས་བྱེད་འཇིགས་པར་མཛད་པ། དྲི་


TNT02_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

མ་མེད་པའི་འོད་ཟེར་ཞེས་པ་ནས། བདེ་བ་ཆེན་པོའི་འཁོར་ལོའོ་ཞེས་པའི་བར་གོང་བཞིན་ལས། གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པའི་ཅོད་པན་ཅན་ཞེས་འདོན་པ་སྤོའོ། །ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། ནམ་མཁར་བཞུགས་པའི་སངས་རྒྱས་སྲས་དང་བཙུན་མོར་བཅས་པ་རྣམས་དང༌། དཀྱིལ་འཁོར་པ་རྣམས་དམ་ཚིག་གི་དཀྱིལ་འཁོར་གྱི་དོན་དུ་རང་གི་ལུས་ལ་རབ་ཏུ་བཅུག་ནས། བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཞུ་བར་གྱུར་པ་རྣམས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་ལྷ་དང་ལྷ་མོའི་ཚོགས་སུ་གྱུར་པ་ནི། ཨཾ་ཡིག་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་སྔོན་པོ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ། གྲི་གུག དགྲ་སྟ། གཡོན་པ་གསུམ་གྱིས་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ་ལ། རང་དང་འདྲ་བའི་ཤེར་ཕྱིན་མས་འཁྱུད་པ་ནམ་མཁའ་སྤྲོས་ནས་སེམས་ཅན་གྱི་དོན་བྱས་ཏེ། སླར་ཡང་རང་ཉིད་ལ་བདག་པོར་བཞུགས་པར་གྱུར་གྱི་བར་ཐུགས་དཀྱིལ་གྱི་ལས་རྒྱལ་མཆོག་བཞིན་ནོ། །ཤི་སླཱྀ་ཞེས་པ་ནས། སྣ་ཚོགས་འཛིན་པ་རྣམས་ཀྱང་འཁོད་པར་གྱུར་གྱི་བར་གོང་བཞིན་དུ་བརྗོད་པར་བྱའོ། །ལོ་དང་ཟླ་བ་ལ་སོགས་དབྱེ་བའི་དུས་ཀྱི་དག་པས་དཔལ་ལྡན་རྡོ་རྗེ་ཅན་འགྱུར་མི་ཡི་བདག །ལོ་གཅིག་


TNT02_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

གི་ནི་སྣ་ཚོགས་ཡུམ་སྟེ་ཞལ་ལ་སོགས་པ་རྣམ་ཐར་བཞི་ནི་རྣམ་པར་དག་པའོ། །སྦྱིན་པ་སོགས་དང་ཕུང་པོ་འབྱུང་བ་ཡུལ་དང་ཡུལ་ཅན་གཞན་ཡང་དབང་པོ་ལྔ་ལ་སོགས་པ་དང༌། །ཕྱོགས་ས་ཕྱོགས་ཀྱི་སྟོབས་དང་དཔལ་ལྡན་རྒྱལ་སྲས་དབང་རྣམས་ཀྱིས་ཀྱང་མིག་རི་ལྷ་མོ་རྣམ་པར་དག །དཔལ་ལྡན་རྡོ་རྗེ་ཅན་ནི་ཐུགས་ཀྱི་རྡོ་རྗེར་འགྱུར་ཏེ་མི་བདག་དཀྱིལ་འཁོར་སྐུ་ཡི་རྡོ་རྗེའོ། །ལྷ་རྣམས་འཁོར་ལོ་ཨཱ་ལི་ཀཱ་ལིའི་རིགས་སྐྱེས་གསུང་གི་རྡོ་རྗེ་ཟླ་བ་ཉི་མའི་སྟེང་དུའོ། །དེ་བཞིན་དུ་ནི་ཡེ་ཤེས་རྡོ་རྗེ་ངེས་པར་སྲིད་པའི་འཇིགས་འཇོམས་སྣ་ཚོགས་ཡུམ་གྱི་རང་བཞིན་ནོ། །རྒྱལ་བའི་སྐུ་ཡི་རྡོ་རྗེ་ཡུལ་དང་ཡུལ་ཅན་རྣམས་ཀྱི་བགྲོད་བྱ་མིན་པ་རྣམ་པ་ཐམས་ཅད་པ། །གསུང་གི་རྡོ་རྗེ་སེམས་ཅན་ཐམས་ཅད་རང་སྙིང་སྐད་རྣམས་དག་གིས་ཆོས་ནི་གོ་བར་བྱེད་པའོ། །རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་མཐའ་དག་ས་ལ་གནས། །དྲི་མེད་ནོར་བུ་ལྟ་བུ་དངོས་པོ་རྣམས་ཀྱི་འཛིན་བྱེད་གང་ཡིན་དེ་ཉིད་ཡེ་ཤེས་རྡོ་རྗེའོ། །དེ་ནས་[དུས་འཁོར་གསུང་དབང་གི་སྒྲུབ་ཐབས་སུ་བཤད་པ་བཞིན།]བདག་ཉིད་ཀྱི་ཐུགས་ཀར་ཧཱུཾ་ཡོངས་སུ་གྱུར་པ་ལས། ཞེས་པ་ནས། གཙུག་ཏོར་དུ་ཧཱ་ལས་ཐུགས་རྡོ་རྗེ་རྣམས་འཁོད་པར་གྱུར། ཞེས་པའི་བར་ཡང་འདྲ་བ་ལས། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ཞེས་པ་རྣམས་ལ། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་བཛྲ་བྷཻ་ར་ཝ་བྷཱིསྐ་ར་ཡ་ས་པ་རི་ཝཱ་ར་ཞེས་འདོགས་སྦྱོར་བ་ནི་ཁྱད་པར་རོ། །སྔགས་དབང་བླང་བར་འདོད་ན།


TNT02_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཧཾ་ཧཾ་སོགས་ཀྱིས་ཆུ་དབང་གི་དོན་དུ་གསོལ་བ་བཏབ། ཨོཾཨ་ཨི་རྀ་ཨཱུ་ལྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱཧཱ། ཞེས་ཆུ་དབང་བསྐུར། དེས་མཚོན་ཏེ་ཅོད་པན་དང༌། དར་དཔྱངས་དང༌། རྡོ་རྗེ་དྲིལ་བུ་དང༌། བརྟུལ་ཞུགས་དང༌། མིང་དབང་དང༌། ཨོཾ་ཨེ་ཝཾ་པདྨ་བཛྲ་སོགས་ཀྱིས་རྗེས་གནང་གི་དོན་དུ་གསོལ་བ་བཏབ། ཨོཾ་ཧཾ་ཀྵ་དྷརྨ་ཙཀྲ་པྲ་བརྟ་ཀ་སྭཱཧཱ། ཞེས་པས་རྗེས་གནང་གི་དབང་བསྐུར། ཨོཾ་སརྦ་ཏ་ཐཱ་ག་ཏ་སབྟ་ཨ་བྷི་ཥེ་ཀ་ཏ་སཔྟ་བྷཱུ་མི་པྲབྟཱོ྅ཧཾ། ཞེས་པའོ། །འདི་ལ་འོག་ཏུ་ཕྲ་ཐིག་གི་རྣལ་འབྱོར་བསྒོམ་དགོས་པའི་ཕྱིར་གོང་མ་བཞི་པོའི་སྔགས་དབང་མི་དགོས་ལ། ཅི་སྟེ་ན་ཕྲ་ཐིག་མི་བསྒོམ་པའི་རིགས་ལ་ནི་དེ་ཡང་བླང་དགོས་སོ། །དེ་ལྟར་དབང་བསྐུར་བས་དྲི་མ་མཐའ་དག་སྦྱངས་ཏེ། རྒྱས་བཏབ་པར་གྱུར་པ་ནི། རྣམ་པར་ཤེས་པའི་རིགས་ལས་བྱུང་བའི་ལྗང་ཁུ་རྣམས་ལ་མི་བསྐྱོད་པ་དང་ཞེས་པ་ནས། དེ་ལ་འདུད་ཀྱི་བར་དུ་རྒྱས་བཏབ་རྣམ་པ་བཞི་དང༌། ཕྲ་ཐིག་གི་རྣལ་འབྱོར་ང་རྒྱལ་བཟུང༌། མཆོད་བསྟོད་རྣམས་དུས་འཁོར་གསུང་དབང་གི་སྒྲུབ་ཐབས་སུ་བཤད་པ་བཞིན་ནོ། །དེ་ནས་བཟླས་པ་ནི། ཨོཾ་ཧུཾ་ཕྲཻཾ་ཧུཾ་ཧཱུཾ་ཕཊ། ཅེས་པ་དང༌། ཨོཾ་ཨཱཿཧཱུཾ་ཧོཿ ཧུཾ་ཕྲཻཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་ནི་སྙིང་པོའོ། །ཨོཾ་ཧྲཱཾ་ཧྲཱིཾ་ཧྲཱ་ཧཱུཾ་ཕཊ་སྭཱཧཱ། ཉེ་བའི་སྙིང་པོའོ། །གཞན་ཡང་འཕྲེང་བའི་སྔགས་ཀྱི་བསྟོད་པ་རྐང་པ་བཅུ་དྲུག་པ་དང༌། གདུག་པ་ཅན་


TNT02_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་གཅོད་པའི་ཡན་ལག་གི་སྔགས་རྐང་པ་བདུན་ཅུ་རྩ་གཉིས་པ་ཡང་ངེས་པར་བཟླ་བར་བྱ་ཞིང༌། འཁོར་རྣམས་ལ། ཨོཾ་ཨ་ཨཱཿཨཾ་ཨཱཿཧ་ཧཱ་ཧཾ་ཧཱ་ཕྲཻཾ་ཧོཿཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ཧཱ་ཧི་ཧཱི་ཧྲྀ་ཧྲཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་སླྀ་སླཱྀ་ཥྀརཱ་ཤི་ཤཱི་ཧཾ་ཧཱཿཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཐུ་ཐཱུ་དྲྀ་དྲཱྀ་དྷི་དྷཱི་ལ་ལཱ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་པླྀ་པླཱྀ་ཕུ་ཕཱུ་བྲྀ་བྲཱྀ་བྷི་བྷཱི་ཝ་ཝཱ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཋུ་ཋཱུ་ཌྷྀ་ཌྷྀ་ར་རཱ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཚུ་ཚཱུ་ཛྷི་ཛྷཱི་ཡ་ཡཱ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཀླྀ་ཀླཱྀ་ཁུ་ཁཱུ་གྲྀ་གྲཱྀ་གྷི་གྷཱི་ཧ་ཧཱ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧ་ཧཱ་ཀྵ་ཀྵཱཿང་ངཱ་ྈྐ་ན་ནཱ་མ་མཱ་ཎ་ཎཱ་ཉ་ཉཱ་ཧུཾ་ཧཱུཾ་ཕྲཻཾ་ཕྲཻཾ་ཕཊ་ཕཊ། ཅེས་པ་སྟེ། སྔགས་ཚན་དགུ་ཡོད་པ་རྣམས་བསྙེན་པའི་སྐབས་སུ་ཅི་རིགས་པ་བཟླ་བའི་དབང་དུ་བྱས་པ་ཡིན་ལ། དྲག་པོའི་ལས་དང་བགེགས་ཚར་གཅོད་པའི་སྐབས་སུ་ནི། རྐང་པ་བཅུ་དྲུག་པའི་གཞུགས་ལ། སྡེ་ཚན་དགུ་པོ་དེ་དག་བཏགས་ཏེ་བཟླ་བ་ཡིན་པ་ལས། ཐོག་མའི་ཨོཾ་དགུ་པོ་སྤངས། སྡེ་ཚན་རྣམས་ཀྱང་གོང་དུ་བཤད་པ་ལས་གོ་རིམ་ཟློག་སྟེ། ཧ་ཧཱ་ཀྵ་ཀྵཱ་སོགས་ཀྱི་སྡེ་ཚན་ཐོག་མར་བྱེད་ཅིང༌། ཨ་ཨཱ་ཨཾ་ཨཱཿསོགས་ཀྱི་སྡེ་ཚན་གཉིས་ཐ་མར་སྦྱར་ཏེ་བཟླ་དགོས་པ་ཡིན་ནོ། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཀ་ལཱ་ཙཀྲ་ཧཱ་བཛྲེ་ཧུཾ་ཧཱུཾ་ཕཊ། ༡ ཨོཾ་དུར་དཱན་ཏ་ད་མ་ཀཿཛཱ་ཏི་ཛ་རཱ་མ་ར་ཎཱན་ཏ་ཀ་ཧ་བཛྲེ༴ ༢ ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཨཱ་བཛྲེ༴ ༣ ཨོཾ་མཧཱ་བཱི་རེ་ཤྭ་ར་ཨ་བཛྲེ༴ ༤ ཨོཾ་བཛྲ་བྷཻ་ར་ཝ་ཧཿབཛྲེ༴ ༥ ཨོཾ་བཛྲ་ཀཱ་ཡ་ཨཿབཛྲི༴ ༦ ཨོཾ་བཛྲ་གཱ་ཏྲ་ཧཾ་བཛྲི༴ ༧ ཨོཾ་བཛྲ་ནཻ་ཏྲ་


TNT02_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཨཾ་བཛྲི༴ ༨ ཨོཾ་བཛྲ་ཤོ་ཏྲ་ཧཱ་བཛྲི༴ ༩ ཨོཾ་བཛྲ་གྷྲཱ་ཎ་ཧ་བཛྲི༴ ༡༠ ཨོཾ་བཛྲ་ཛི་ཧྭ་ཀྵཱ་བཛྲི༴ ༡༡ ཨོཾ་བཛྲ་དཱནྟ་ཀྵ་བཛྲི༴ ༡༢ ཨོཾ་བཛྲ་ན་ཁ་ཀླཱྀ་བཛྲ་གྷི་བཛྲེ༴ ༡༣ བཛྲ་ཀེ་ཤ་ཁཱུ་བཛྲྀ་གྲྀ་བཛྲ༴ ༢༤ ཨོཾ་བཛྲ་ལོ་མ་གྲྀ་བཛྲ་ཁུ་བཛྲ༴ ༡༥ ཨོཾ་བཛྲ་བྷཱ་ར་ཎ་གྷཱྀ་བཛྲི་ཀླྀ་བཛྲ༴ ༡༦ ཨོཾ་བཛྲ་ཧཱ་ས་དཱ་བཛྲི༴ ༡༧ ཨོཾ་བཛྲ་གཱི་ཏ་ད་བཛྲི༴ ༡༨ ཨོཾ་བཛྲ་ནྲྀ་ཏྱ་གྷི་བཛྲི་ཀླཱྀ་བཛྲ༴ ༡༩ ཨོཾ་བཛྲ་ཡུ་ཏ་ཀ་ར་གྲྀ་བཛྲི་ཁཱུ་བཛྲ༴ ༢༠ ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་ཨ་དྷི་པ་ཏི་ཁུ་བཛྲི་གྲཱྀ་བཛྲ༴ ༢༡ ཨོཾ་བཛྲ་ཌཱ་ཀ་ཀླྀ་བཛྲི་གྷཱི་བཛྲ༴ ༢༢ ཨོཾ་བཛྲ་ཌཱ་ཀི་ནཱི་ཛྭ་ལ་པ་རི་པྲི་ཏ་བཛྲི་ཛྷི་བཛྲ༴ ༢༣ ཨོཾ་བཛྲ་ཤཱི་གྷྲཾ་ཨཱ་གཙྪ་ཨཱ་གཙྪ་ཚཱུ་བཛྲི་ཛྲྀ་བཛྲ༴ ༢༤ ཨོཾ་སཏྭཱ་ཛྙཱ་ཡ་སརྦ་མཱ་ར་བིགྷྣན་བི་ནཱ་ཡ་ཀ་ཀིན་ན་ར་ཀིཾ་པུ་རུ་ཁ་ག་རུ་ཌ་གནྡྟརྦྷ་ཡཀྵ་རཀྵ་ས་བྷཱུ་ཏ་མཧཱ་པྲེ་ཏ་ཀུམྦྷཎྜཱ་པ་སྨ་ར་ཀྵཻ་ཏྲ་པཱ་ལ་བེ་ཏཱ་ཌ་པཱུ་ཏ་ན་དུཥྟ་ནཱ་ག་གྲ་ཧཱ་ད་ཡོ་ཡེ་སརྦ་ཛྭ་ར་སརྦ་བྱ་དྷི་ཀྵུ་དྲོ་པ་དྲ་བཱ་ཀཱ་རི་ཎཿསརྦ་སཏྭ་ནཱན་སརྦ་ཨ་པ་ཀ་ར་ར་ཏཱཿཏཱཾ་སརྦཱཉྫཿ ཤཱི་གྷྲཾ་བཛྲཱ་ཨངྐུ་ཤེ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཛྲྀ་བཛྲེ་ཚུ་བཛྲ༴ ༢༥ ཨོཾ་ཨུརྡྡ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཛྷཱི་བཛྲི་བཛྲ༴ ༢༦ ཨོཾ་པུརྦ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཉཱ་བཛྲ༴ ༢༧ ཨོཾ་དཀྵི་ཎ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཉ་བཛྲི༴ ༢༨ ཨོཾ་ཨུཏྟ་ར་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཛྷི་བཛྲེ་བཛྲ༴ ༢༩ ཨོཾ་པཥྩི་མ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཛྲྀ་བཛྲེ་ཚུ་བཛྲ༴ ༣༠ ཨོཾ་བ་ཡ་བྱ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཚཱུ་བཛྲི་ཛྲྀ་བཛྲ༴ ༣༡ ཨོཾ་ཨི་ཤཱ་ན་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་བཛྲི་ཛྷཱི་བཛྲ༴ ༣༢ ཨོཾ་ནཻ་ཏྱ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་བཛྲི་ཌི་བཛྲ༴ ༣༣ ཨོཾ་ཨགྣེ་ཡ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་


TNT02_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཥྱ་ཋཱུ་བཛྲི་བཛྲ༴ ༣༤ ཨོཾ་ཨ་དྷོ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་བཛྲི་ཋུ་བཛྲ༴ ༣༥ ཨོཾ་ཨཱ་ཀཱ་ཤ་མཎྜ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཌྷཱི་བཛྲི་བཛྲ༴ ༣༦ ཨོཾ་བཱ་ཡུ་མཎྜ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཎཱ་བཛྲི༴ ༣༧ ཨོཾ་ཏེ་ཛོ་མཎྜ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་ཎ་བཛྲི༴ ༣༨ ཨོཾ་ཏོ་ཡ་མཎྜ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཌྷི་བཛྲི་བཛྲ༴ ༣༩ ཨོཾ་པྲི་ཐི་བི་མཎྜ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀཥྱ་བཛྲི་ཋཱུ་བཛྲ༴ ༤༠ ཨོཾ་ཀཱ་མ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཋུ་བཛྲི་བཛྲ༴ ༤༡ ཨོཾ་རཱུ་པ་དྷ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་བཛྲ་ཌྷཱྀ་བཛྲ་༴ ༤༢ ཨོཾ་ཨ་རཱུ་པ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་པླཱི་བཛྲི་བྷི་བཛྲ༴ ༤༣ ཨོཾ་ཀཱ་ཡ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཕཱུ་བཛྲི་བྲྀ་བཛྲ༴ ༤༤ ཨོཾ་ཝཱཀ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་བྲཱྀ་བཛྲི་ཕུ་བཛྲ༴ ༤༥ ཨོཾ་ཙིཏྟ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་བྷཱི་བཛྲི་པླྀ་བཛྲ༴ ༤༦ ཨོཾ་པཉྩ་སྐནྡྷ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་མཱ་བཛྲ༴ ༤༧ ཨོཾ་པཉྩ་དྷཱ་ཏུ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲྀ་ཥྱ་མ་བཛྲ༴ ༤༨ ཨོཾ་པཉྩཱེནྡྲི་ཡ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་བྷི་བཛྲི་པླཱྀ་བཛྲ༴ ༤༩ ཨོཾ་པཉྩ་བི་ཥ་ཡ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་བྲྀ་བཛྲི་ཕཱུ་བཛྲ༴ ༥༠ ཨོཾ་པཉྩ་ཀརྨཱེནྡྲི་ཡ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱཱ་ཕུ་བཛྲི་བྲྀ་བཛྲ༴ ༥༡ ཨོཾ་པཉྩ་ཀརྨ་ཨེནྡྲ་ཡ་བི་ཥ་ཡ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་པླྀ་བཛྲི་བྷཱི་བཛྲ༴ ༥༢ ཨོཾ་སརྦ་ཏོ་ཡ་ཏྲ་ཀུ་ཏྲ་ཙིཏྟ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་བཛྲི་དྷི་བཛྲ༴ ༥༣ ཨོཾ་མཧཱ་ཥྨ་ཤཱ་ནི་བཛྲ་ཨགྣི་ཛྭ་ལི་ཏ་བྷཱུ་མྱཾ་ནི་པཱ་ཏ་ཡ་ནི་པཱ་ཏ་ཡ་ཐཱུ་བཛྲི་བཛྲ༴ ༥༤ ཨོཾ་བཛྲ་པ་ཤེ་ན་སརྦ་བྷུ་ཛེ་ཥུ་བནྡྷ་ཡ་བནྡྷ་ཡ་བཛྲི་ཐུ་བཛྲ་༴ ༥༥ ཨོཾ་བཛྲ་ཤྲིཾ་ཁ་ལ་ཡཱ་སརྦ་པཱ་དེ་ཥུ་ནི་རོ་དྷ་ཡ་ནི་རོ་དྷ་ཡ་དྷཱི་བཛྲི་བཛྲ༴ ༥༦ ཨོཾ་སརྦ་སཏྭེ་ཥུ་ཀཱ་ཡ་ཝཱཀ་ཙིཏྟ་ཀྵུ་དྲོ་པ་དྲ་བ་ཀ་ར་ར་ཏཾ་མཧཱ་ཀྲོ་དྷ་བཛྲེ་ཎ་ཙུརྞྞ་ཡ་ཙུཎྞ་ཡ་ནཱ་བཛྲི༴ ༥༧ ཨོཾ་བཛྲ་ཁཌྒེ་ན་ནི་ཀྲྀནྟ་ཡ་


TNT02_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཀྲྀནྟ་ཡ་ན་བཛྲི༴ ༥༨ ཨོཾ་བཛྲ་ཏྲི་ཤཱུ་ལེ་ན་བྷེ་ད་ཡ་བྷེ་ད་ཡ་དྷཱི་བཛྲི་བཛྲ༴ ༥༩ ཨོཾ་བཛྲ་ཀརྟི་ཀ་ཡ་ཧ་ན་ཧ་ན་དྲྀ་བཛྲི་ཐཱུ་བཛྲ༴ ༦༠ ཨོཾ་བཛྲ་བཱ་ཎེ་ན་བིནྡྷ་བིནྡྷ་ཐུ་བཛྲི་བཛྲ༴ ༦༡ ཨོཾ་བཛྲ་ཀཱི་ལ་ཀེཿཀཱི་ལ་ཡ་ཀཱི་ལ་ཡ་བཛྲི་དྷཱི་བཛྲ༴ ༦༢ ཨོཾ་བཛྲ་མུད་ག་རེ་ནཱ་ཀོ་ཊ་ཡཱ་ཀོ་ཊ་ཡ་སླཱྀ་བཛྲི་ཤི་བཛྲ༴ ༦༣ ཨོཾ་བཛྲ་ཙཀྲེ་ཎ་ཙྪེ་ད་ཡ་ཙྪེ་ད་ཡ་བཛྲི་བཛྲ༴ ༦༤ ཨོཾ་བཛྲ་ཀུནྟེ་ན་བིནྡྷ་བིནྡྷ་བཛྲ་བཛྲ༴ ༦༥ ཨོཾ་བཛྲ་དཎྜེ་ན་ཏཱ་ཊ་ཡ་ཏཱ་ཊ་ཡ་ཤཱི་བཛྲི་སླྀ་བཛྲ༴ ༦༦ ཨོཾ་བཛྲ་པརྴུ་ནཱ་ཚིནྡྷ་ཚིནྡྷ་བཛྲ༴ ༦༧ ཨོཾ་སཱརྔྷ་ཏྲི་ཀོ་ཊི་ཁཎྜཾ་ཀྲྀ་ཏྭཱ་ཤྨ་ཤཱ་ན་བྷཱུ་མྱཱཾ་སརྦ་བྷཱུ་ཏེ་བྷྱོ་བ་ལིཾ་ཀུ་རུ་ཀུ་རུ་ྈྐ་བཛྲི༴ ༦༨ ཨོཾ་བཛྲ་ཌཱ་མ་རུ་ཀེ་ཎ་བཛྲ་ཌཱ་ཀི་ནཱི་རཱ་བཱ་ཧ་ཡ་བཱ་ཧ་ཡཱ་ཤཱི་བཛྲི་སླཱྀ་བཛྲ༴ ༦༩ ཨོཾ་བཛྲ་ཌཱ་ཀི་ནཱི་བྷྱོ་མ་ར་ཀཱ་ཡི་ཀ་ནཱཾ་རུ་དྷི་རཾ་ནི་བེ་ད་ཡ་བི་བེ་ད་ཡ་བཛྲ་བཛྲ༴ ༧༠ ཨོཾ་པཉྩ་ཨ་མྲྀཏ་ཧཱ་རི་ཎི་བྷྱཿབཛྲ་ཨ་མྲྀ་ཏཾ་ནི་བེ་ཏ་ཡ་ནི་བེ་ཏ་ཡ་བཛྲི་ཥྀར་བཛྲ༴ ༧༡ ཨོཾ་སརྦ་བཛྲ་ཌཱི་ཀི་ནཱི་ས་ཧི་ཏཿསརྦ་སཏྭཱ་ནཱཾ་ཤཱནྟི་ཀཾ་པུཥྟིཾ་ཀཾ་རཱཀྵ་ཨ་ཝ་ར་ཎ་གུབྷིཾ་ཀུ་རུ་ཀུ་རུ་སླྀ་བཛྲི་ཤཱི་བཛྲ་ཧུཾ་ཧཱུཾ་ཕཊ། ༧༢ དེ་ལྟར་ཐམས་ཅད་ཀྱི་མཐར་ཧུཾ་ཧཱུཾ་ཕཊ་ཅེས་སྦྱར་རོ། །འདི་རྣམས་འཁོར་ཁོ་ནའི་སྔགས་སུ་འདོད་པ་ནི་མི་འཐད་དེ། རྐང་པ་རེ་རེ་བཞིན་གཙོ་བོའི་སྔགས་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཡང་ནུས་མ་བརྒྱད་དང་དུར་ཁྲོད་ཀྱི་ལྷ་མོ་བཅུ་དྲུག་སྟེ་ཉེར་བཞི་ལ་གཙོ་བོའི་ཡུམ་དུ་སྦྱར་བས་ཡབ་ཡུམ་གཉིས་མེད་ཀྱི་བཟླས་པར་འགྱུར་ལ། ལྷག་མ་རྣམས་གཙོ་བོའི་སྔགས་རྐང་པ་རེ་རེ་ལ། དཔའ་བོ་རེ་ཕོ་ཉའི་ཚུལ་དང༌། མཁའ་འགྲོ་མ་རེ་ཕོ་ཉ་མོའི་ཚུལ་དུ་སྦྱར་བ་ཡིན་པས་


TNT02_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་འཁོར་དབྱེར་མེད་ཀྱི་བཟླས་པ་ཞེས་བྱ་སྟེ། དོན་ལ་འཁོར་རྣམས་གཤམ་བུར་བཏགས་པའི་གཙོ་བོའི་བཟླས་པ་ཉིད་ཡིན་པར་ཤེས་པར་བྱའོ། །སྔགས་འདི་དག་ཀྱང་གལ་པོ་ཆེའི་ཡིན་པས་ངེས་པར་བློ་ལ་བཟུང་ཞིང་ཅི་རིགས་པ་འདོན་ནོ། །བཟླས་པའི་མཐར། མཎྜལ་མཆོད་པ་དང་གཏོར་ཆོག་སོགས་བྱེད་ན། དུས་འཁོར་གསུང་དབང་གི་སྒྲུབ་ཐབས་གོང་མ་རྣམས་ཀྱིས་མཛད་པས་རིགས་འགྲེ་སྒྲུབ་མཆོད་སོགས་དང་རྒྱུན་གྱི་རྣལ་འབྱོར་ལ་རྒྱས་པ་མ་ལྕོགས་ན། ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ སོགས་མཆོད་པ་བཅུ་གཉིས་ཀྱིས་མཆོད། འདུད་ཉི་ཤུས་བསྟོད། རང་གི་སྙིང་གའི་འཁོར་ལོ་ལ་ནུས་མ་ཐོད་པ་དང་བཅས་པ་རྣམས་ཐིམ། གསང་བའི་རྩའི་འཁོར་ལ་ཡེ་ཤེས་ཀྱི་འཁོར་ལོའི་ལྷ་ཚོགས་རྣམས་དང༌། ལྟེ་བའི་རྩ་འཁོར་ལ་སའི་འཁོར་ལོའི་ལྷ་ཚོགས་རྣམས་དང༌། སྙིང་གའི་རྩ་འཁོར་ལ་ཆུའི་འཁོར་ལོའི་ལྷ་ཚོགས་རྣམས་དང༌། མགྲིན་པའི་རྩ་འཁོར་ལ་མེའི་འཁོར་ལོའི་ལྷ་ཚོགས་རྣམས་དང༌། དཔྲལ་བའི་རྩ་འཁོར་ལ་རླུང་གི་འཁོར་ལོའི་ལྷ་ཚོགས་རྣམས་དང༌། གཙུག་ཏོར་གྱི་རྩ་འཁོར་ལ་ནམ་མཁའི་འཁོར་ལོའི་ལྷ་ཚོགས་རྣམས་དང༌། གསང་གནས་དང་གཙུག་ཏོར་དུ་དུར་ཁྲོད་ཀྱི་དབང་ཕྱུག་མ་བཅུ་དྲུག་གཟུངས་མ་དང་བཅས་པ་རྣམས་དང༌། ཕྱག་ཞབས་ཀྱི་སོར་མོའི་ཚིགས་རྣམས་ལ་ཀླུ་དང་རབ་གཏུམ་མ་རྣམས་ཐིམ། འཁོར་ལོའི་དབང་ཕྱུག་ཉིད་ཀྱང་ཅིག་ཅར་རམ། རིམ་པས་འོད་གསལ་གྱི་ངང་དུ་ཞུགས། སྟོང་པའི་ངང་ལས་རང་ཉིད་སྡོམ་པ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ


TNT02_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་བྱང་ཆུབ་ཏུ་བསྔོ། དེ་ལྟར་ན་བཤད་ཟིན་པ་འདི་ནི་སྒྲུབ་ཐབས་རྒྱས་པའི་རིམ་པ་ཡིན་ལ། རྒྱུན་གྱི་ཉམས་ལེན་བསྡུས་པ་ལ་མོས་ན། རྒྱལ་མཆོག་གཉིས་ལས་གང་རུང་གཅིག་གི་ལྷ་ཚོགས་སྤྲོ་བ་བོར་བས་ཀྱང་རུང་ལ། ཡང་ལྷ་དགུའི་སྒྲུབ་ཐབས་སུ་བཤད་པ་ལྟར་གྱི་སྔོན་འགྲོ་བསྡུས་པ་དེ་བྱས་ནས། གཞལ་ཡས་ཁང་དང་གཙོ་བོའི་སྐྱེད་ཆོག་སྔར་བཞིན་དང༌། འཁོར་གྱི་ལྷ་ཚོགས་རྣམས་མངལ་འབྱིན་མི་བྱེད་པར། ས་བོན་ཙམ་ལས་བསྐྱེད། ཐུགས་ཀ་ནས་རྡོ་རྗེ་ཤུགས་སྤྲོས་ཏེ། ཡེ་ཤེས་སྤྱན་འདྲེན་མན་ཆད་གོང་བཞིན་བྱས་པས་ཆོག་ལ། དེ་ལས་ཀྱང་བསྡུ་ན་གཙོ་བོ་ཡང་ས་བོན་ཕྱག་མཚན་ཙམ་ལས་བསྐྱེད་པ་རུང་མོད། འོན་ཀྱང་མངོན་བྱང་ལྔ་བསྐྱེད་ཉིད་བཟང་ངོ༌། །བསྐྱེད་ཆོག་འདིའི་རིགས་ལ་གཙོ་བོ་ནུས་མ་དང་བཅས་པ་ཡན་ཆད་དཀྱིལ་འཁོར་རྒྱལ་མཆོག་ཡིན། འཁོར་གྱི་ལྷ་ཚོགས་བསྐྱེད་པ་ནས་བརྩམས་ཏེ་ལས་རྒྱལ་མཆོག་ཏུ་བྱེད། ལྷ་དགུའམ་གཙོ་རྐྱང་ལྟ་བུ་བསྒོམ་ན། ཡེ་ཤེས་སྤྱན་འདྲེན་མན་ཆད་ལས་རྒྱལ་དུ་བྱེད་པས། སྒྲུབ་ཐབས་ཡན་ལག་བཞི་པའི་དག་བྱ་དག་བྱེད་རགས་པ་རྣམས། རྒྱས་བསྡུས་དེ་དག་ཚུན་ཆད་ལ་ཚང་བར་ཤེས་པར་བྱའོ། །དེ་ལས་ཀྱང་བསྡུས་པ་རྣམས་ལ་ནི་ཡན་ལག་བཞི་པའི་དོན་མི་ཚང་ཡང༌། སྤྱིར་བསྐྱེད་ཆོག་བསྡུས་པ་དང་དབུ་མའི་དོན་ཚང་ན་གཙོ་བོའི་དོན་སྒྲུབ་པ་ལ་མི་བསླུ་བས། བསྐྱེད་རིམ་གྱིས་དགོས་པ་གྲུབ་པར་ཤེས་པར་བྱའོ། །དེ་དག་གིས་ནི་སྒྲུབ་ཐབས་ཀྱི་ཕྱོགས་ལ་ཐུན་མོང་མིན་པའི་ཁྱད་པར་རྣམས་བསྟན་ཟིན་ཏོ། །ད་ནི་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་སྤྱི་


TNT02_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོ་བ་ཆགས་པ་སྔོན་དུ་སོང་ན། སྐབས་འདིར་འདི་ལ་ཅུང་ཟད་དཔྱད་པར་བྱ་སྟེ། སྡོམ་ཆེན་གྱི་སྒྲུབ་ཐབས་གསལ་བྱེད་གྲགས་ཆེན་པོ། གློ་བོ་འབྲིས་ལོ་ཙཱ་བ་དཔལ་ལྡན་བྱང་ཆུབ་ཀྱི་ཡི་གེ་དེ། པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་མན་ངག་ཡིན་ཡང་ཟེར་ཏེ། རྩ་འཁོར་ལོ་དྲུག་གི་ལྟེ་བར་རྒྱལ་བ་རིགས་དྲུག་དང༌། རྩ་འཁོར་དྲུག་ལ་འཁོར་ལོ་དྲུག་གི་དཔའ་བོ་དཔའ་མོ་རྣམས་དང༌། བུ་ག་རེ་ལ་དུར་ཁྲོད་ཀྱི་ལྷ་མོ་གཉིས་གཉིས་ཏེ་བཅུ་དྲུག་བཀོད། ནུས་མ་དང་ཐོད་པ་ཡང་གསང་བའི་འཁོར་ལོར་བཀོད་པའི་ལུས་དཀྱིལ་ཞིག་བྱས་དེ་ལ་གཞན་གྱིས་རྒོལ་དུ་དོགས་ནས་རིག་བཟོ་མེད་རྒྱ་དཔེ་བཞིན་ཡིན་ཟེར་རོ། །སྤྱིར་སྡོམ་ཆེན་འདི་བདེ་མཆོག་མངོན་བརྗོད་འབུམ་པ་ནས་གསུངས་པ་ཡིན་པས། ལུས་དཀྱིལ་འབྱུང་དུ་རུང་བའི་རིགས་སུ་འདུག་ཀྱང་ད་ལྟ་ཡོད་པའི་རྒྱུད་དང་སེམས་འགྲེལ་ལས་ལུས་དཀྱིལ་གསལ་བར་མ་གསུངས་ཤིང༌། མན་ངག་གི་རྒྱ་གཞུང་ཚད་ལྡན་ཡང་མི་འདུག་པ་དང༌། གལ་ཏེ་ལུས་དཀྱིལ་ཞིག་འབྱུང་ན་རྩ་འཁོར་ལོ་དྲུག་ལ་དཀྱིལ་འཁོར་གྱི་འཁོར་ལོ་དྲུག་བཀོད་པའི་སྦོམ་ཡོར་དེ་ཙམ་མ་ཡིན་པར་ཡུལ་ཆེན་ཞེ་བརྒྱད་དག་པའི་སྐུའི་ཆ་སོ་སོར་ལྷ་ཞེ་བརྒྱད་བཀོད་པ་ཅིག་ཡོང་ཐང་བ་ལ། དེ་ལྟར་མི་སྣང་བ་དང༌། རང་ལུགས་ཀྱི་བླ་མ་གོང་མ་ཚད་ལྡན་རྣམས་ཀྱང༌། ལུས་དཀྱིལ་གྱི་སྤྲོས་པ་མི་མཛད་པས། རེ་ཞིག་དེ་ནི་བཏང་སྙོམས་སུ་བཞག་གོ །འབྲིས་ལོ་ནས་བརྒྱུད་པ་དེ་ཀའི་དབང་དུ་བྱས་ནས། གུ་གེ་གྲགས་རྒྱལ་གྱིས་སྡོམ་ཆེན་གྱི་སྒྲུབ་ཐབས་བརྩམས་པ་ན། དཔའ་བོ་བཞི་བཅུ་ཞེ་བརྒྱད་ཆད། འཁོར་ལོ་དྲུག་གི་རྣལ་འབྱོར་མ་ཞེ་


TNT02_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ལ། ཞལ་གཉིས་ཕྱག་བཞི་བྱས་པ་སོགས་ཤིན་ཏུ་ནོར་བ་ཆེ། དེ་ནི་འབྲིས་ལོས་མཁའ་འགྲོ་བཞི་བཅུ་རྩ་བརྒྱད་ཅེས་བཤད་པ་དེ་མཁའ་འགྲོ་མ་ཁོ་ནར་འཁྲུལ། ཡབ་ཀྱི་ཞལ་ཕྱག་སྟོན་བྱེད་རྣམས་ལྷ་མོའི་ཡིན་པར་ནོར་བའི་རྩིང་ཆོས་སོ། །འཁོར་ལོ་རེ་ལ་ས་བོན་བརྒྱད་བརྒྱད་ལས་མེད་པས། ལྷ་བཅུ་དྲུག་མི་དགོས་སོ་སྙམ་པ་ཅིག་གོ་བ་འདྲ་སྟེ། ས་བོན་རེ་རེ་ལས་ཡབ་ཡུམ་ཁ་སྦྱོར་རེ་སྐྱེད་དགོས་པ་མ་ཤེས་པར་ཟད་དོ། །ལར་འབྲིས་ལོའི་ཡི་གེ་ན། ཕྱི་དཀྱིལ་རང་ལའང་མ་དག་པ་ཅུང་ཟད་ཡོད་དོ། །ལུགས་དེ་ལ་བརྒྱུད་པ་ནི། དཔེ་མེད་མཚོ། གཉིས་མེད་དཔལ་འཛིན། ཆོས་ཀྱི་འབྱུང་གནས། བི་ཀྵྱཱ་ཏ། ཁ་ཆེ་པཎ་ཆེན། བྷཱུ་མི་ཤྲཱི། ཤ་ཤྭ་ཏ་པ། ཨ་པ་ར་ཀརྨི་ཏ། འབྲིས་ལོ་ཟེར་བ་ཡོད་ཅིང༌། དེ་རྗེས་ཆོས་འཛིན་པ། ངག་དབང་པ། བྱང་སེང་པ། ས་བཟང་འཕགས་པ། ངོར་ཆེན་སོགས་ནས་བརྒྱུད་པ་ཡོད་ཟེར། རྗེ་གྲོལ་མཆོག་གིས་ཀྱང་གསན་འདུག ཨ་བརྐ་རྨི་ཞེས་པ་ཨ་བྷ་ཡ་ཀ་རར་བྱས་ནི་ཤིན་ཏུ་འཁྲུལ་ལོ། །དེ་བས་ཁུངས་ཆེ་བ། ཡར་ཀླུངས་ལོ་ཙཱ་བ་ནས་བརྒྱུད་པའང་ཡོད་དེ། དུས་ཞབས་ཆེ་ཆུང༌། ནཱ་ལེན་དྲ་པ། སཽ་རི་པ། འཇིགས་མེད་འབྱུང་གནས། བྱཱ་ཡ་ཀ་པ། ད་ཤ་བ་ལ་བི་ཁྱཱ་ཏ་དེ་བ། ཤཱཀྱ་ཤྲཱི། བིམ་ལ་ཤྲཱི། ཤུང་ཀེ་ལོ་ཙཱ་བ། ཞེས་པ་ཡོད་ཅིང༌། དེ་ནས་ཅི་རིགས་པར་གྱེས་མོད་ཀྱི། ལོ་མཆོག་པ། བག་སྟོན་པ། ཐོག་སྟོན་ཤེས་རབ་རྡོ་རྗེ། འུ་ཡུག་པ་སངས་རྒྱས་བཟང་པོ། གཉལ་པ་བདེ་ལེགས་དཔལ། ཀྱེགས་གནས་རྙིང་བ་རིན་ཆེན་རྒྱལ་མཚན། བླ་ཆེན་གྲགས་རིན་པ། ནམ་


TNT02_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ཚུལ་ཁྲིམས་པ། སྨྲར་སྟོན་རྒྱལ་འོད། གོང་མ་ཚེས་ལྔ་པའི་བར་དུ་བརྒྱུད་ཅིང༌། དེ་ལས་བརྒྱུད་པའང་རུང་བའི་སྐབས་ཡོད་པར་སྣང་མོད། རང་ལུགས་ནི་ཡན་ལག་བརྒྱད་ལྡན་གྱི་མཚོ་འགྲམ་དུ་བ་ཚྭའི་ཁྲོན་པ་གང་ལ་རྐོ་སྟེ། བྱིན་རླབས་ཟླ་བྲལ་ཚིག་དོན་གཉིས་ཀའི་བརྒྱུད་པ་མ་ཉམས་པ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་ཉིད་དང་འདྲ་བ་ལས། འཇམ་དབྱངས་ཆོས་དབང་ལས་བརྒྱུད་པ་ཉིད་ཡིན་ནོ། །ཡང་སྡོམ་ཆེན་ལ་ཤིན་ཏུ་རྩལ་འདོན་མཛད་པ། ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་གིས་རྗེ་ཕྱོགས་པའི་དངོས་སློབ་རྒྱལ་བ་ཇོ་བཟང་པ་ལ་གསན་པ་ཉིད་གཙོ་བོར་མཛད་ལ། ཡང་བྱང་སེམས་རྒྱལ་ཡེས། རྗེ་འཕགས་འོད། རྗེ་བུ་སྟོན། མཁན་ཆེན་དྷརྨ་ཤྲཱི་ནས་བརྒྱུད་ནས། ཆོས་རྗེ་ཡོན་ཏན་འབྱུང་གནས་པ་ལའང་གསན་ནས་ཆེར་སྤེལ། དེ་ནས་ཤངས་སྟོན་ཀུན་དཔལ་བ་ནམ་མཁའ་དཔལ་བཟང་བ་བརྒྱུད། ཤེས་རབ་བཀྲ་ཤིས་པ་ལ་རྗེ་གྲོལ་མཆོག་གིས་གསན། དེ་ལྟར་བརྒྱུད་པ་སྣ་ཚོགས་འདུག་མོད་ཀྱང༌། འབྲིས་བློ་ནས་བརྒྱུད་ཟེར་བ་དེ། དབང་གི་རྒྱུན་རང་ནི་ཡོད་པའི་རིགས་སུ་འདུག་ནའང༌། ལག་ལེན་དབང་བསྐུར་ཡང༌། དུས་འཁོར་རང་ལུགས་ཀྱང་མ་ཡིན། འཕྲེང་བའི་ལུགས་ལྟ་བུ་ཟངས་མར་སྦྱར་བ་ཡང་མ་ཡིན་པའི་འདྲ་མིན་ཅིག་ལས་མེད། བརྒྱུད་པ་གཞན་རྣམས་དུས་འཁོར་རང་ལུགས་ཀྱི་དབང་གི་བརྒྱུད་པ་ཡིན། ལར་དུས་འཁོར་འགྱུར་བྱེད་ལོ་ཙཱ་བ་སོ་སོ་རྣམས་ལས། འབྲོ་ལོ་དང༌། ཡར་ཀླུང་ལོ་ཙཱ་བ་གཉིས་ལ་དཀྱིལ་འཁོར་འདིའི་དབང་རྒྱུན་བྱུང༌།


TNT02_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སྔ་རབས་པ་མང་པོ་ཞིག་ལ། དུས་དེར་ཡོད་པའང་སྲིད་མོད། རྒྱུན་དང་ཡིག་རིགས་མེད་ལ། རྭ་ལུགས། རྩ་མི་ལུགས། ཆག་ལུགས་སོགས་ལ་ནི། སྤྱིར་དུས་འཁོར་གྱི་དབང་རྒྱུན་མན་ངག་འཕྲིན་ལས་ཆེར་བྱུང་ཡང༌། དཀྱིལ་འཁོར་འདིའི་སྒོས་ཀྱི་དབང་རྒྱུན་མེད་དོ། དཔྱད་པ་གཅིག་གོ །སྡོམ་ཆེན་གྱི་གཙོ་བོ་འདི། དུས་འཁོར་རྡོ་རྗེ་འཇིགས་བྱེད་ཅེས་བྱ་བ་དེ་ཁོ་ན་ཡིན་ལ། ཧེ་རུ་ཀའི་ནང་ནས་རྡོར་སེམས་ཧེ་རུ་ཀ་ཡིན། དཔལ་རྡོ་རྗེ་ཤུགས་ནི་མི་བསྐྱོད་པ་ཧེ་རུ་ཀ་སྟེ། སྤྱིར་ཧེ་རུ་ཀ་ལ་ནང་སེལ་རིགས་དྲུག་ཡོད་ཀྱང༌། ཧེ་རུ་ཀར་འཇོག་བྱེད་ཀྱི་སྒོ་ནས། མི་བསྐྱོད་པའི་ཧེ་རུ་ཀ་ཉིད་ཧེ་རུ་ཀ་དངོས་གཞིར་བྱེད་པས། དུས་མཐའི་སྤྲིན་མཚུངས་ཧེ་རུ་ཀ །ཞེས་རྡོ་རྗེ་ཤུགས་རང་ལ་ཧེ་རུ་ཀར་གསུངས་པ་ཡིན་ནོ། །དཔྱད་པ་གཉིས་སོ། །སྡོམ་ཆེན་གྱི་སྐུའི་རྣམ་པ་ལ། འགའ་ཞིག་དབུ་སྐྲ་དམར་སེར་གྱེན་བརྫེས་སུ་བཞེད་དེ། རྡོ་རྗེ་ཤུགས་དང་མཚུངས་པའི་ལེགས་ཆ་ཙམ་ཡོད་ཀྱང༌། འདི་གཤེགས་ཁྲོ་སེམས་དཔའ་གསུམ་གྱི་ནང་ནས། དེ་བཞིན་གཤེགས་པ་ཁོ་ན་ཡིན་པས། རྒྱུད་འདིའི་དཀྱིལ་འཁོར་གྱི་གཤེགས་པ་ལ། རལ་པའི་ཐོར་ཚུགས་ཉིད་དགོས་པར་མངོན། རང་ལུགས་ཀྱི་བླ་མ་གོང་མ་རྣམས་ཀྱང་ཐོར་ཚུགས་ཉིད་བཞེད་ཅིང༌། ཀུན་མཁྱེན་ཆེན་པོའི་ཐུགས་དམ་བྲིས་སྐུ་ལ། དབུ་སྐྲ་ཐོར་ཚུགས་ཀྱི་ཁ་དོག་དམར་སེར་དུ་ཡོད་དོ། །སྤྱིར་ཁྲོ་བོ་རྣམས་ཀྱི་དབུ་སྐྲའི་ཁ་དོག་གི་སྐབས། སེར་སྐྱ་སེར་པོ་དམར་སེར་ཁམས་སེར་རྣམས་དགོས་དོན་གཅིག་གོ །དེའི་ཕྱིར་སྨིན་མ་དང་ཨག་ཚོམ་


TNT02_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སེར་ཅུང་ཟད་བྱེད་པ་སོགས་ཀྱང་དགོས་ལ། སྐུ་སྦོམ་ཐུང་སོགས་ནི་མི་བྱ་སྟེ། དུས་འཁོར་སྣ་ཚོགས་གཙོ་བོ་དང་འདྲའོ། །དཔྱད་པ་གསུམ་པའོ། །ཞལ་སོ་སོ་ལ་ཉམས་ཐ་དད་བྱེད་པའང་མི་འཐད་དེ། དཔྱད་པ་བཞི་པའོ། །ཡུམ་གྱི་སྐུ་མདོག་སྐབས། འཇིགས་དུས་རྩེ་མོ་ཅན་མཚུངས་མཁའ་འགྲོ་མ་ལའོ་དག་བྱེད། །ཅེས་གསུངས་པའི་དོན་ལ་ཁ་ཅིག བསྐལ་མེའི་ཐ་མ་དེ་ནམ་མཁའི་ཁམས་ཡིན་པས་ལྗང་ཁུར་ཡོད་དགོས། དེས་ན་ཡུམ་ལྗང་ཁུའོ་ཞེས་འཆད་པ་ནི། སྡོམ་པ་ཆུང་ངུའི་ཡུམ་ལྗང་ཁུར་བཤད་པ་དང་མཚུངས་པས་ལེགས་པ་ལྟར་སྣང་བ་ཞིག་བྱུང་ཡང༌། འཇིགས་དུས་ཀྱི་མེ་མཁའ་ཁམས་ཁོ་ན་ཡིན་པའི་རྒྱུ་མཚན་མེད་ཅིང༌། མཁའ་ཁམས་ཀྱི་མེ་ལྗང་ཁུའི་རྒྱུ་མཚན་མེད་ལ་ཡུམ་ལྗང་ཁུར་འབྱུང་བའི་རྒྱུ་མཚན་གཞན་ཡང་མེད་དོ། །གལ་ཏེ་སྔ་མ་འཐད་ན་འཇིགས་དུས་ཀྱི་སྤྲིན་ཡང་ལྗང་ཁུར་འགྱུར་བས། དུས་མཐའི་སྤྲིན་དང་མཚུངས་པར་གསུངས་པ་ཐམས་ཅད་ལྗང་ཁུར་ཐལ་ལོ། །ཡང་ཁ་ཅིག་ལུང་དེ་ལ་བརྟེན་ནས་སྐུ་མདོག་དམར་མོར་མཛད་དེ། འདི་དག་འཇིག་རྟེན་གྲགས་པའི་ཚད་མས་སྒྲུབ་སྟེ། ཚིག་དེའི་དོན་ཡུམ་ཀྱི་སྐུ་མདོག་ལ་སྦྱོར་ན་ལུང་དོན་དེ་འགྲིག་ལ། བདེ་མཆོག་བསྡུས་པའི་སྒྲུབ་ཐབས་ས་བཅུའི་བྱང་ཆུབ་སེམས་དཔས་མཛད་པ་ལས་ཀྱང༌། ཡུམ་དམར་མོ་འདམ་ཁ་ལ་རུང་བར་གསུངས་པ་དང་མཐུན་ཞིང༌། ནག་པོ་ཐབས་ཀྱི་གསུང་ལ། དམར་མོ་ཤེས་རབ་ཀྱི་གསུང་གིས་རྒྱས་འདེབས་པའི་དག་སྦྱོར་ཡང་ཡོད་མོད་ཀྱི། འདིར་ཡུམ་ལ་འཆད་སྲིད་ན་


TNT02_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སྐུ་མདོག་ལ་མི་སྦྱོར་ཏེ། དཔེར་ན་རྡོ་རྗེ་ཕག་མོ་སྐུ་མདོག་ནག་སེར་དཀར་མོ་སོགས་ལའང༌། བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ་ཞེས་འབྱུང་བ་དང་འདྲ་སྟེ། གཟི་བརྗིད་དྲག་ཤུལ་ཆེ་བའི་དཔེའོ། །དེ་ལྟར་ན་ཡང་འགྱུར་རྙིང་འགའ་ཞིག་ལས་དུས་མཐའི་སྤྲིན་མཚུངས་ཞེས་པ་ཡོད་པ་དང༌། ཕྱིས་ཀྱི་རྒྱ་དཔེ་མ་དག་ཅེས་གྲགས་པས་འདི་གཙོ་བོའི་སྐུ་མདོག་སྟོན་བྱེད་དུ་འཆད་པ་ངོས་བདེའོ། །འཁོར་ལོའི་དབང་ཕྱུག་ཁྱབ་བྱེད་ཀྱི་ལྷ་ལ། ཁྱབ་བྱ་ཁམས་དྲུག་ཕན་ཚུན་གྱི་ལྷ་སྦྱོར་ཚུལ་དེ་རྩི་མི་དགོས་པས། འདིར་ཡང་སྣ་ཚོགས་གཙོ་བོ་བཞིན་དུ། ཡབ་སྐུ་མདོག་སྔོན་པོ་དང༌། ཡུམ་སེར་མོ་སྟེ། འདི་དང་དུས་འཁོར་ཕྱག་ཉེར་དྲུག་པ་ལ་དབྱེ་བ་མེད་པའི་ཕྱིར་རོ། །དཔྱད་པ་ལྔ་པའོ། །འཁོར་ལོ་དྲུག་པོ་ལ། འགའ་ཞིག་ཕྱི་རོལ་ཀྱི་མུ་ཁྱུད་བྱེད་པ་ན་མི་འཐད་དེ། རྒྱུད་འགྲེལ་ལས་མ་གསུངས་ཤིང༌། ཐིག་གི་སྐབས་སུ་འཁོར་ལོ་རེ་རེ་ཆ་ཆུང་དྲུག་པར་ཡིན་པ་ལས། གཉིས་རེ་ལྟེ་བ་དང་བཞི་རེ་རྩིབས་སུ་གསུངས་པ་དང་འགལ་བའི་ཕྱིར་རོ། །ལྟེ་བ་ལ་ཕྱག་མཚན་གྱི་འཕྲེང་བ་ཡོད་པས་ན། མུ་ཁྱུད་ཡོད་ན་དེ་ལ་ཡང་དགོས་པ་ལས། དེ་འདྲ་མ་བཤད་པས་སོ། །དཔྱད་པ་དྲུག་པའོ། །ཡང་ཁ་ཅིག་དུར་ཁྲོད་བཅུ་དྲུག་ཅེས་པ། སྒོ་བརྒྱད་དང་སྟེགས་བུ་བརྒྱད་པོ་རྣམས་ཉིད་ཡིན་པར་འདོད་པ་ནི་མེ་རླུང་གི་ཁོར་ཡུག་ལ་དུར་ཁྲོད་ཡོད་པར་དུས་འཁོར་ཆེན་པོའི་དཀྱིལ་འཁོར་ལས་གསུང་པ་དང་འགལ་ཞིང༌། སྒོ་ཁང་དང་སྟེགས་བུ་དེ་དག་ལ་དུར་ཁྲོད་ཀྱི་རྟགས་མཚན། མི་རོ་དང༌། ཀེང་རུས་ལ་སོགས་པ་འགོད་ན་ནི། སྔོན་མེད་པའི་གཏམ་ཡིན་ཞིང༌། འགོད་དུ་མི་


TNT02_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ན་ནི་དུར་ཁྲོད་ཟེར་བའང་བཞད་གད་ཀྱི་གནས་སོ། །དེས་ན་ཤར་སྒོའི་དུར་ཁྲོད་ཅེས་སོགས་གསུངས་པ་ནི། ཤར་སྒོའི་ཐད་ཀྱི་ཁོར་ཡུག་ཡིན་པ་སོགས་ལ་དགོངས་པ་ཡིན་ལ། རྩ་ཐིག་གི་ཕྱི་རོལ་ཕན་ཆད་དུར་ཁྲོད་ཀྱི་བདག་མོ་མཁའ་འགྲོ་རྣམས་རྒྱུ་ཞིང་སྤྱོད་པའི་གནས་ཡིན་ཞིང༌། དེ་རྣམས་ཀྱི་བཞུགས་གནས་སྒོ་མཚམས་སུ་བྱེད་པ་ཡིན་ཏེ། དེ་རང་ལ་ལྟོས་པའི་ཡང་གཙོ་བོ་དང་ཉེ་བའི་ཕྱིར། གནས་ཀྱི་མཆོག་ཡིན་པ་དང༌། སྒོ་མཚམས་རྣམས་སྟོང་པར་མི་འགྱུར་བའི་ཕྱིར་རོ། །ཡང་གཞལ་མེད་ཁང་རྩེག་པ་སྒོ་དང་བཅས་པ་མི་སྒོམ་ན་ནི། འཁྱམས་དང་འབྱུང་བཞིའི་ཁོར་ཡུག་ཀྱང་མེད་པས། ནམ་མཁའི་འཁོར་ལོའི་ཕྱི་རོལ་ཏུ་རྡོ་རྗེའི་ས་གཞི་ལ་དུར་ཁྲོད་རྣམས་འབྱུང་སྟེ། དེའི་ཚེ་མཁའ་འགྲོ་བཅུ་དྲུག་རྣམས་ཀྱང་དུར་ཁྲོད་ཉིད་ན་གནས་སོ། །གཞལ་ཡས་ཁང་སྒོ་ཅན་ཡོད་མེད་ལ་དུར་ཁྲོད་དང་དུར་ཁྲོད་ཀྱི་བདག་མོ་འགོད་ཚུལ་མི་འདྲ་བ་འདི་ནི། དུས་འཁོར་གྱི་སྡོམ་པ་ཆེ་ཆུང་དང༌། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཁྱབས་འཇུག་སྦས་པས་མཛད་པ་དང༌། ཕྱག་རྡོར་སྟོད་འགྲེལ་གྱི་དཀྱིལ་འཁོར་ཏེ་གསུམ་ཀ་ལའང་འདྲའོ། །བདེ་མཆོག་བསྡུས་པའི་སྐབས་སེམས་འགྲེལ་ལས། ཁྭ་གདོང་མ་ཤར་ཕྱོགས་ཀྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད། ཅེས་སོགས་གསུངས་པ་ལ། དུས་ཁྲོད་ཀྱི་ས་མཚམས་ཅི་ལྟར་ཡིན། ཕྱིས་ཀྱི་དུས་འཁོར་བ་ཁ་བོ་ཅན་རྣམས་ལ་དྲིས་ན། ཨོཾ་ཏིག་པ་ཡོད་ཡོད་མི་འདྲའོ། །དཔྱད་པ་བདུན་པའོ། །ཡང་འཁོར་ལོ་དྲུག་པོ་རེ་རེ་བཞིན། རང་རང་གི་སུམ་ཆ་ལྟེ་བར་འདོད་པ་ནི། འཁོར་ལོ་


TNT02_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ནང་མ་ཁོ་ན་དང༌། འཁོར་ལོ་རིམ་པ་གཅིག་པ་འགའ་རེ་ལ། དེ་ལྟར་གསུངས་པའི་རིགས་འགྲེ་ཁ་ཐལ་བ་སྟེ། འཁོར་ལོ་རིམ་པ་མང་པོའྀ་རྣམ་གཞག་ལ་བློ་ཁ་ཡེ་མ་ཕྱོགས་པའོ། །གལ་ཏེ་དེ་ལྟར་བྱེད་ན། འཁོར་ལོ་ཕྱི་མ་རྣམས་ལ་དེ་དང་དེར་བཞུགས་པའི་ལྷ་རྣམས་རང་གི་གནས་དང་མཚམས་པར་བསྒོམ་ན་ནི། གཙོ་བོ་སྐུ་ཚད་ཤིན་ཏུ་ཆུང་ཞིང༌། འཁོར་ལོ་ཕྱི་མ་རྣམས་ཀྱི་ལྷ་རིམ་པས་ཇེ་ཆེ་ཇེ་ཆེར་སོང་བས་ཤིན་ཏུ་མི་རིགས་ཤིང་བཀྲ་མི་ཤེས་པར་འགྱུར་ལ། ཡང་གཙོ་བོ་ལས་དཔགས་ཏེ་འཁོར་རྣམས་ཆུང་བར་བྱེད་ན་ནི། འཁོར་ལོ་ཕྱི་མ་རྣམས་ཀྱི་རྩིབས་ལ་ལྷ་རྣམས་བཀོད་པ་ན་ཡང༌། འཁྱམས་སྟོང་པ་ཆེན་པོ་རེར་མི་རེ་བསྡད་པ་ལྟར་ཤིན་ཏུ་མི་མཛེས་པར་འགྱུར་རོ། །དེས་ན་གཙོ་བོའི་གནས་དང༌། པདྨའི་འདབ་མ་དང༌། འཁོར་ལོ་སོ་སོའི་རྩིབས་ཀྱི་རྒྱ་རྣམས་མཉམ་པར་བྱེད་པ་ཉིད་གཙོ་ཆེའོ། །དཔྱད་པ་བརྒྱད་པའོ། །ཡང་འདི་ཡོད་དེ་འདིའི་སྒྲུབ་ཐབས་ཆོ་ག་རྒྱས་པ་ལ། རྒྱལ་མཆོག་གཉིས་ཀར་དུ། ཕྱག་རྒྱ་རྒྱན་བཀོད་བྱེད། དེའི་ནང་གི་ཡང༌། ལས་རྒྱལ་ལ་དམ་ཚིག་པ་བསྐྱེད་པའི་སྐབས་སམ། རྒྱས་བཏབ་ཀྱི་རྗེས་སུ་བྱས་ཀྱང་རུང་བ་མན་ངག་ཡིན་ཞིང༌། འབྲིང་པོ་ལ་ལས་རྒྱལ་གྱི་སྐབས་སུ་མི་དགོས་པ་དང༌། བསྡུས་པ་ལ་ནི་ཕྱག་རྒྱ་རྒྱན་བཀོད་མེད་ཀྱང་ཆོག་གོ །ཞེས་པ་རང་ལུགས་བློ་ལ་བཞག་དགོས་ཤིང༌། རྡོ་རྗེ་ཤུགས་ལ་ཕྱག་རྒྱ་རྒྱན་བཀོད་མི་རུང་བའི་སྒྲུབ་བྱེད་དུ། རྡོར་ཤུགས་འཇིགས་བྱེད་ཐ་དད་ཡིན་ཞིང༌། རྒྱན་བཀོད་འཇིགས་བྱེད་ཁོ་ན་ལ་ཡིན། དེར་མ་ཟད་མཚན་མ་ངན་པ་བཟློག་པ་སོགས་


TNT02_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་ཅན་ཚར་གཅོད་པའི་སྐབས་སུ་བཤད་ཀྱི། སྲུང་འཁོར་གྱི་སྐབས་སུ་མ་ཡིན་ཞེས་གྲུབ་མཐའ་འཆའ་བ་རྣམས་ཀྱིས་སྡོམ་ཆེན་ལ་རྒྱལ་མཆོག་གཉིས་གྱིས་སྐབས་སུ། རྒྱན་བཀོད་བྱས་ན་དགག་པ་དེ་རང་ལ་བཟློག་པར་འགྱུར་ཏེ། དེ་ནི་མཚན་མ་ངན་པ་བཟློག་དགོས་པའི་དོན་གྱིས་རྡོ་རྗེ་འཇིགས་བྱེད་ལ་ཡིན་གྱི། སྡོམ་ཆེན་གྱི་བསྐྱེད་རིམ་ལ་མ་བཤད་པའི་ཕྱིར་རོ། །ཞེས་སོ། །དེའི་ཕྱིར་ཕྱོགས་པའི་སྒྲུབ་ཐབས་ན་ཡང་མེད་དོ། །བདག་པོ་རྣམ་གྲགས་ནི་ཁས་བླངས་སྔ་མ་དེ་བཞེད་བཞིན་དུ། སྡོམ་ཆེན་གྱི་དཀྱིལ་འཁོར་རྒྱལ་མཆོག་གི་གཙོ་བོ་ལ་རྒྱན་བཀོད་མཛད་པས་ནང་འགལ་གྱི་སྐྱོན་དེ་ཡང་འཇུག་ལ། ཀུན་མཁྱེན་ཆེན་པོའི་སྣ་ཚོགས་གཙོ་བོའི་དཀྱིལ་འཁོར་རྒྱལ་མཆོག་ལ། ཕྱག་རྒྱ་རྒྱན་བཀོད་བྱར་རུང་པར་གསུངས་པ་ལ་མི་འཐད་དེ། དུས་འཁོར་ནི་ཕྱག་མཚན་དང་དུས་གཅིག་བསྒོམ་དགོས་པས་ཕྱིས་དེ་དག་འགོད་པ་མི་འཐད་ཅིང༌། སྒྲུབ་ཐབས་དངོས་གཞིའི་སྐབས་འདི་དག་ཏུ་བཤད་པ་མེད་པའི་ཕྱིར། ཞེས་འགོག་བཞིན་དུ། སྡོམ་ཆེན་གྱི་རྒྱལ་མཆོག་དང་པོ་ལ་དེ་ལྟར་མཛད་པ་ནི། རྒྱན་དགོད་ཀྱི་དོན་མ་དགོངས་ཤིང༌། ཧ་ཅང་བརྗེད་ངས་ཆེས་པ་དང༌། རྣལ་དུ་མི་གནས་པའི་གཏམ་སྟེ། སྡོམ་ཆེན་ལ་ཡང་རྒྱུ་མཚན་དེའི་ཕྱིར་ཕྱག་རྒྱ་རྒྱན་བཀོད་མི་འཐད་པར་ཐལ་བས་སོ། །སྤྱིར་རྒྱན་བཀོད་ཀྱི་དོན་སྔར་གང་ཡང་མེད་པ་ལ། རྒྱན་དང་ཕྱག་མཚན་གསར་པ་གཡོག་པའི་དོན་མ་ཡིན་གྱི། སྔར་བསྐྱེད་ཟིན་པ་རྣམས་སྔགས་ཀྱིས་བྱིན་གྱིས་བརླབས་པའི་དོན་ནོ། །དེས་ན་གནོད་བྱེད་དེ་མི་འཇུག་ཅིང༌། བདུད་བགེགས་ཚར་གཅོད་པའི་


TNT02_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡིན་པས། སྤྱིར་སྣ་ཚོགས་གཙོ་བོ་དང་རྡོ་རྗེ་འཇིགས་བྱེད་གཉིས་ཀར་ལ་རུང་ཞིང༌། ཕྱག་ཉེར་དྲུག་པ་ལ་ལྷག་པར་ཡང་གལ་ཆེ་བ་ཡིན་ནོ། །དེའི་ཕྱིར་རྡོ་རྗེ་ཤུགས་ལ་ཡང་རྒྱན་བཀོད་ངེས་པར་འཐད་དེ། བདུད་ཚར་གཅོད་པའི་དགོས་པའི་དོན་ལ་མཚུངས་པའི་ཕྱིར་རོ། །དཔེར་ན་གོ་བགོས་ཤིང་མཚོན་ཆ་བསྟར་བའི་ལས་དེ། གཡུལ་དུ་འཇུག་པ་ཐམས་ཅད་ལ་དགོས་ཀྱི། དུམ་བུ་གཡུལ་དུ་འཇུག་པ་ལ་ནི་དགོས། སྐྱོང་བ་ལ་མི་དགོས་པའི་ཁྱད་པར་མེད་པ་བཞིན་དུ། ཕྱག་རྒྱ་རྒྱན་བཀོད་དེ་ཡང་རྡོ་རྗེ་འཇིགས་བྱེད་ཀྱིས་བདུད་འཇོམ་པ་ལ་དགོས། རྡཽར་ཤུགས་ཀྱིས་བདུད་འཇོམ་པ་ལ་མི་དགོས་པའི་ཁྱད་པར་མི་འཐད་དོ། །དེས་ན་རྣམ་རྟོག་ཅིག་གིས་ཅིག་ཤོས་བཅོམ་པའི་ཐོ་ཆོའི་རྗེས་སུ་མི་འཇུག་པར་ཤིང་རྟ་ཆེན་པོའི་གཞུང་སྲོང་པ་ཉིད་ལེགས་སོ། །དཔྱད་པ་དགུ་པའོ། །སྒྲུབ་ཐབས་འདིའི་དག་བྱ་དག་བྱེད་མདོ་ཙམ་ནི། མངོན་རྟོགས་ཀྱི་དཀྱུས་ལ་འདོན་པ་དེ་དག་ཡིན་ལ། རྣམ་པའི་དག་སྦྱོར་རྒྱས་པ་ནི་རྒྱུད་འགྲེལ་ཉིད་ལས་ཤེས་པར་བྱའོ། །དག་བྱ་དག་བྱེད་ཀྱི་གཙོ་བོ་དག་རྫོགས་སྨིན་གསུམ་སྦྱོར་ཚུལ་ནི། ཕལ་ཆེར་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས་དང་གཅིག་པ་ཉིད་དེ། ཕལ་ཆེར་ནི་ཆོ་ག་ལྔ་གཅིག་པ་ཁོ་ན་ཡིན་ལ། དཀྱིལ་འཁོར་སྤྲོ་བའི་སྐབས་སུ། མངལ་གྱི་ཟླ་བ་བཅུ་མ་རིག་པ་ལ་སོགས་པ་སྔ་ཕྱིའི་རིམ་པ་མ་འཁྲུགས་པར་འདི་ལ་སྦྱོར་དུ་མི་རུང་བས། སྤྱིར་འཁོར་ལོ་དྲུག་གི་ཁྱིམ་བཅུ་གཉིས་དང་དུས་སྦྱོར་བཅུ་གཉིས་སྦྱོར་བ་ཙམ་ཡིན་གྱི་ཟླ་བའམ་གོ་རིམ་སྒྲིག་མི་དགོས་ལ། དུས་འཁོར་


TNT02_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དཀྱིལ་འཁོར་ཆེན་པོ་ལ། ལས་རྒྱལ་གྱི་སྐབས་སུ་ལྷ་ཚོགས་སྤྲོ་བའི་རིམ་པ་སྔ་ཕྱི་ཐམས་ཅད་བསྡོམས་ནས་ཁམས་ལྔའི་ལྷ་ཚོགས་སྤྲོ་བའི་རྣམ་གཞག་བྱེད་པ་བཞིན་དུ། འདིར་རྒྱལ་མཆོག་གཉིས་ཀར་དུ་བྱེད་དེ། མངལ་དུ་ཁམས་ལྔས་བསྡུས་པའི་ལུས་ངག་སེམས་གསུམ་འཕེལ་བ་རྣམས་སྦྱོང་བྱེད་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་ཚོགས་སྤྲོ་བ་དང༌། མངལ་ནས་བཙས་མ་ཐག་པའི་དཀྱིལ་འཁོར་ལྔའི་རླུང་རྒྱུ་བ་རྣམས་སྦྱོང་བྱེད་ལས་རྒྱལ་མཆོག་གི་སྤྲོ་བ་རྣམ་པ་ལྔའོ། །དུས་འཁོར་རྩ་བའི་དཀྱིལ་འཁོར་ལ་ཡང༌། ཁམས་ལྔའི་ལྷ་ཚོགས་སྤྲོ་ཚུལ་འདྲེས་མར་ཡོད་ཀྱི། ཁམས་སོ་སོའི་སྡེ་ཚན་མེད་པ་བཞིན་དུ། འདིར་ཡང་ཡིན་མོད། དེ་ལ་ཡེ་ཤེས་ནམ་མཁའི་ཁམས་གཅིག་ཏུ་བརྩི་བའམ། ཡེ་ཤེས་ཀུན་ཁྱབ་ཏུ་བྱེད་པ་གཉིས་ཀ་མི་འགལ་ཡང༌། རྣམ་གཞག་སྔ་མ་ལྟར་གཙོ་ཆེ་བས་ནུས་མ་དང༌། དུར་ཁྲོད་ཀྱི་ལྷ་མོ་རྣམས་ནམ་མཁའི་སྡེ་ཚན་ཡིན། ལྷག་མ་འཁོར་ལོ་བཞི་པོ་ལ་འབྱུང་ཆེན་གྱི་དབང་དུ་བྱས་ན། འཁོར་ལོ་བཞི་འབྱུང་བ་བཞི་དང་སྦྱོར། འབྱུང་ཕྲན་གྱི་དབང་དུ་བྱས་ན། ཤར་དང་མེའི་ལྷ་རྣམས་རླུང་སོགས་ཕྱོགས་ཀྱི་རིམ་པ་འབྱུང་བ་བཞི་དང་སྦྱོར་བ་ཡིན། མཁའ་ཡེའི་འཁོར་ལོ་གཉིས་ནི་བཞུགས་གནས་ཀྱི་དབྱེ་བས། མཁའ་ཡེའི་སྡེ་ཚན་དུའང་བསྡུ། སྐུ་མདོག་གི་དབྱེ་བས་འབྱུང་བཞིའི་སྡེ་ཚན་དུའང་བསྡུ་བས་ཕྱོགས་གཉིས་ཀར་བསྟན་པའོ། །ནུས་མ་རྣམས་ནི་སྐུ་མདོག་སོ་སོར་ཡོད་ཀྱང༌། རྡོ་རྗེ་སེམས་དཔའི་རིགས་ཡིན་པས་ཡེ་ཤེས་སུའང་འགྱུར་མོད། སྐབས་འགར་ནམ་མཁར་ཡང་བྱེད་པས་དེར་ཡང་


TNT02_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མོད། གཙོ་བོ་དང་ལྷན་ཅིག་སྐྱེད་པའི་ཕྱིར། སྤྲོ་བ་རྣམ་པ་ལྔའི་ལྷ་ལ་མི་ཐེའོ། །དཔྱད་པ་བཅུ་པའོ། །འདིར་ཆོ་ག་རྒྱས་པའི་སྐབས། ཞུ་བ་གླུས་བསྐུལ་ལ། སྤྱན་མ་དག་ནི་འགྲོ་བའི་ཡུམ་སོགས་བྱེད་པ་ཉིད་བཟང༌། བསྡུས་རྒྱུད་ཀྱི་ཚིག་ཁོ་ནས་ཀྱང༌། ཆོ་ག་འབྲིང་པོ་མན་ཆད་ལ་ལེགས་མོད་ཀྱི། ཁ་ཅིག་མནོའ་ན། སྡོམ་ཆེན་གྱི་དཀྱིལ་འཁོར་གྱི་ལྷ་ལ་སྤྱན་མ་སོགས་ཡུམ་ལྔ་དངོས་སུ་མེད་པས། སྤྱན་མ་བདག་ནི་འགྲོ་བའི་ཡུམ། །ཞེས་སོགས་ཟེར་དུ་མི་རུང་སྙམ་པ་ཡིན་ན་ནི། རྨུ་མགོ་བ་སྟེ་ཞུ་བ་གླུས་བསྐུལ་གྱི་ལྷ་མོ་བཞི་ནི། སྐད་ཅིག་གིས་སམ་ཐིག་ལེ་ལས་སྤྲུལ་པ་ཡིན་གྱི་དཀྱིལ་འཁོར་ལ་བཀོད་པ་དེ་ཡེ་མ་ཡིན་པའི་ཕྱིར་རོ། །དཔྱད་པ་བཅུ་གཅིག་པའོ། །འདིར་མཁས་པ་འགའ་ཞིག་དུས་ཀྱི་འཁོར་ལོ་ཞེས་རྒྱུད་དང་སེམས་འགྲེལ་གྱི་ཚིག་ལས་འབྱུང་བ་རྣམས། སྡོམ་པ་ཆེན་པོ་ཞེས་སམ། རྡོ་རྗེ་འཇིགས་བྱེད་ཅེས་པར་འདོན་པ་བསྒྱུར་བ་ནི་མི་དགོས་ཏེ། སྤྱིར་ཡང་རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང༌། །ཧེ་རུ་ཀ་དང་དུས་འཁོར་ལོ། །ཞེས་དོན་གཅིག་པར་གསུངས་པས་སོ། །ཞེས་ཟེར་བ་ལྟར་ཡང་འཐད་ལ། དེར་མ་ཟད་ཀུན་རྫོབ་ལྷ་སོ་སོའི་དབྱེ་བ་བྱེད་ན། སྡོམ་ཆེན་གྱི་དཀྱིལ་འཁོར་གྱི་གཙོ་བོ་ནི། དུས་འཁོར་ཁོ་ན་ཡིན་གྱི། འཁོར་ལོ་བདེ་མཆོག་མ་ཡིན་པས། དུས་ཀྱི་འཁོར་ལོ་ཞེས་བྱས་ན། སྡོམ་ཆེན་མ་ཡིན་པ་སོང་དོགས་པ་ག་ལ་དགོས། དེ་བས་ན་འདི་ནི། ལྷ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར། རྒྱུད་འཁོར་ལོ་སྡོམ་པ་ཆེན་པོ་


TNT02_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུངས་པ་ཞིག་ཡིན་པས། སྡོམ་ཆེན་ཞེས་བྱ་ཡི། དུས་འཁོར་མ་ཡིན་པར་བདེ་མཆོག་གམ་སྡོམ་ཆེན་ཟེར་བའི་ལྷ་ལོགས་པ་ཅིག་ཏུ་གོ་བར་མི་བྱའོ། །དེར་གོ་ན་ཇོ་བོ་ཛ་མ་ལི་དང༌། སྒམ་པོ་གནས་ནང་བའི་མགོན་པོའི་རྟེན་བཤད་བཞིན་དུ་བཞད་གད་ཀྱི་གནས་སུ་འགྱུར་བའི་ཕྱིར་རོ། །དཔྱད་པ་བཅུ་གཉིས་པའོ། །དེ་ལྟར་ན་སྒྲུབ་ཐབས་དང་རྗེས་སུ་འབྲེལ་བར་དོགས་གཅོད་ཉེར་མཁོ་ཐན་ཐུན་བཤད་ཟིན་ཏོ།། །།ད་ནི་དུས་ཀྱི་འཁོར་ལོ་རྩ་བའི་དཀྱིལ་འཁོར་གྱི་དཀྱིལ་ཆོག་ལ་འདོན་པ་སྤོ་བའི་ཚུལ་ཅུང་ཟད་བརྗོད་ན། ཉི་མ་དང་པོ་ལ་ཡོ་བྱད་ཚོགས་པར་བྱས་ནས། སྔོན་འགྲོ་གཏོར་མ། གནས་དང་མཆོད་པ་བྱིན་རླབས་ཞུ་འབུལ་རྣམས་བྱས་ནས། སྐྱབས་འགྲོ་ནས་བརྩམས་ཏེ། དཀྱིལ་འཁོར་བསྡུ་བའི་བར་གོང་དུ་བཤད་པའི་སྡོམ་ཆེན་གྱི་མངོན་རྟོགས་བཞིན་བྱ། དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་ཞེས་སོགས་ང་རྒྱལ་བཟུང་བ་དང༌། ཡུལ་བདག་གྲོང་བདག་གི་གཏོར་མ་བཏང་སྟེ་ས་བསླང་བ། བདུད་ཚོགས་བསྲེག་པ་དང༌། སའི་ལྷ་མོ་ལ་གནང་བ་ཞུ་བ་དང༌། ས་གཞི་བྱ་བས་སྦྱང་བ། རཀྵ་རཀྵ་ཧུཾ་ཧཱུཾ་ཕཊ་ཡན་ཆད། དཀྱིལ་ཆོག་ཡེ་ཤེས་རྒྱ་མཚོ་ལ་འཇུག་པ་བཞིན་དུ་བྱའོ། །དེ་ནས་སྲུང་འཁོར་བསྒོམ་པ་ནི། རྒྱས་པ་སྲུང་མ་དྲུག་ཅུ་བསྒོམ་པ་བྱས་ཀྱང་ལེགས་མོད་ཀྱི། དཀྱིལ་འཁོར་དངོས་གཞིའི་ཆོ་ག་དང་རྒྱས་བསྡུས་འགྲིག་པའི་ཕྱིར། ཐུགས་དཀྱིལ་སྒྲུབ་ཐབས་སུ་བཤད་པ་ལྟར། རྡོར་ཤུགས་ཁྲོ་བཅུ་དང་བཅས་པ་ཙམ་བསྒོམས་ན་ལེགས་པས།


TNT02_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཧཾ་ལས་བྱུང་བའི་ནམ་མཁའི་རང་བཞིན་ནས། ཙཀྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་ཕུར་གདབ་ནི། མཆོད་པ་བྱིན་རླབས་ནས།གཞོམ་པའི་འཕྲིན་ལས་མཛད་དུ་གསོལ་གྱི་བར། དཀྱིལ་ཆོག་མ་མོ་དང་འདྲ་དེ་ནས་ཨོཾ་ཨཱཿཧཱུཾ་ལན་བཅུ་གཉིས་ཀྱིས་མཆོད་པ་བྱིན་རླབས་པ་ནས་བཟུང༌། སའི་ལྷ་མོ་ས་ལ་བསྟིམ་པ་དང༌། གཏོར་འབུལ་དང༌། སྨོན་ལམ་བཀྲ་ཤིས་སོགས་ཀྱང་དཀྱིལ་ཆོག་བཞིན་བྱ་སྟེ། ཉི་མ་དང་པོའི་བྱ་བའོ། །དེ་ནས་ནངས་པར་སྔོན་འགྲོ་གཏོར་མ། གནས་ཡོ་བྱིན་རླབས། སྡོམ་ཆེན་ཉིད་ཀྱི་སྒྲུབ་ཐབས་ལྟར་བདག་བསྐྱེད་རྣམས་བྱས་ནས། མདུན་བསྐྱེད་ཨོཾ་ཨཱཿཧཱུཾ་ཧྲཿཕཊ་ཀྱིས་བསངས། ཚོམ་བུ་དང་བཅས་པའི་སྟེང་དུ་ནས། དཔལ་དུས་ཀྱི་འཁོར་ལོ་ཧེ་རུ་ཀ་འཁོར་ལོ་དྲུག་གི་སྡོམ་པའི་དཀྱིལ་འཁོར་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱོགས་ཀུན་ཏུ་ནས། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ཡབ་ཡུམ་ནུས་མ་བཅུ། རྡོ་རྗེ་མཁའ་འགྲོ་དང༌། རྡོ་རྗེ་མཁའ་འགྲོ་མ་མཉམ་པར་སྦྱོར་བ་བཞི་བཅུ་རྩ་བརྒྱད། དུར་ཁྲོད་སྐྱོང་བའི་རྣལ་འབྱོར་མ་བཅུ་དྲུགགཟུངས་མ་བཅུ་གཉིས། གཏུམ་མོས་འཁྱུད་པའི་ཀླུ་བརྒྱད། རླུང་གི་དཀྱིལ་འཁོར་ལ་གནས་པའི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞི་དང་བཅས་པ་རྣམས་སྐད་ཅིག་གིས་གྲུབ་པར་གྱུར་པ་ནི། སྟོང་པ་ཉིད་དང་སྙིང་རྗེའི་བདག །ཅེས་པ་ནས། སྲིད་གསུམ་དང་བ་མངོན་དུ་བྱཻད་གྱུར་ཅིག །ཅེས་པའི་བར། དཔལ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གྱི་བསྟོད་པ་རྫོགས་པར་འདོན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བླ་མ་ཡི་དམ་ཞེས་པ་


TNT02_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ནས། སློབ་དཔོན་ཆོས་སེང་མཁས་གྲུབ་སངས་ཡེ་དང༌། །བྱམས་པའི་མཚན་དང་རྩ་བའི་བླ་མ་སྟེ། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །ཨོཾ་ཨཱཿཧཱུཾ། ཨོཾ་བུདྡྷཱ་ཡ་ནས། ཨོཾ་ཛྙཱ་ན་པ་ར་མི་ཏཱ་ཡ་ན་མཿ ཨོཾ་ཚུ་ཚཱུ་ཛྲྀ་ཛྲཱྀ་ཛྷི་ཛྷཱི་ཡ་ཡཱ་ན་མཿ ཨོཾ་ཋུ་ཋཱུ་ཌྷི་ཌྷཱི་ར་རཱ་ན་མཿ ཨོཾ་པླྀ་པླཱྀ་ཕུ་ཕཱུ་བྲྀ་བྲཱྀ་བྷི་བྷཱི་བ་བཱ་ན་མཿ ཨོཾ་ཐུ་ཐཱུ་དྲྀ་དྲཱྀ་དྷི་དྷཱི་ལ་ལཱ་ན་མཿ ཨོཾ་ཀླྀ་ཀླཱྀ་ཁུ་ཁཱུ་གྲྀ་གྲཱྀ་གྷི་གྷཱི་ཧ་ཧཱ་ན་མཿ ཨོཾ་སླྀ་སླཱྀ་ཤི་ཤཱི་ཧཾ་ཧ་ན་མཿ ཨོཾ་ཧ་ཧཱ་ཀྵ་ཀྵཱ་ང་ངཱ་ྈྐ་ན་ནཱ་མ་མཱ་ཎ་ཎཱ་ཉ་ཉཱ་ཧུཾ་ཧཱུཾ་ཕྲེཾ་ཕྲེཾ་ཕཊ་ཕཊ་ན་མཿ ཧི་ཧཱི་ཧྲྀ་ཧྲཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ཧཾ་ཧ་ན་མཿ ཧྻ་ཧྻཱ་ཧྲ་ཧྲཱ་ཧླ་ཧླཱ་ན་མཿ ན་མཿ ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཞེས་པ་ནས། བསྟོད་པ་དང་སྙན་མནན་པ་དང༌། རྗེས་ཆོག་ཀྱང་དཀྱིལ་ཆོག་བཞིན་ནོ། །དེ་ནས་བུམ་པ་ལྷག་གནས་སོགས་རྫས་ལྔ་སྟ་གོན་དང༌། སློབ་མ་ལྷག་གནས་དང༌། མལ་སྟན་ལྷག་གནས་ཀྱི་བར་དུ་ཡང་ཁྱད་པར་མེད་དེ། ནུབ་གཉིས་པའི་བྱ་བའོ། །ཉི་མ་གསུམ་པ་དང་བཞི་པ་ལྔ་པའི་བྱ་བ་ཡང་ཕལ་ཆེར་འདྲའོ། །འོན་ཀྱང་ཐིག་གདབ་པ་དང་ཚོན་གྱི་དབྱེ་བ་ནི་གཞན་དུ་ཤེས་པར་བྱའོ། །འདི་དཀྱིལ་འཁོར་ཅུང་ཟད་རྒྱ་ཆུང་བས། བཅུ་གཉིས་པ་ལ་ཐིག་གདབ་འདོད་པ་མ་ནུའི་ཉིན་ཞག་དག་ལ་དཔལ་ལྡན་རྡུལ་ཚོན་དབྱེ་བ་ཉིད། །ཅེས་པ་དེ་དགོས་སམ་མི་དགོས་སྙམ་ན། ཐོབ་ཐང་ལ་བཤད་ཚོད་བཞིན་དགོས་ཏེ།


TNT02_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དེ་དག་ལ་བྱ་བ་དེ་རྣམས་འོས་ཤིང་ཤིས་པའི་དབང་དུ་མཛད་པ་ཡིན་གྱི། ལས་ཚར་མི་ཚར་ཁོ་ནའི་དབང་དུ་མཛད་པ་མ་ཡིན་པའི་ཕྱིར་རོ། །དེ་དག་གི་བར་དུ་གཞན་བཟླས་བརྗོད་དང་མཆོད་པ་ལ་སོགས་པའི་དུས་འདའ་བ་ཡིན་ནོ། །དེང་སང་དེ་ལྟ་བུ་མི་བྱེད་པ་ནི། ཆོག་གྲ་བ་རྣམས་ཀྱི་བྲེལ་བ་གཙོ་བོར་བྱེད་པའི་སྐབས་ཡིན་པས། འདི་ལ་ནི་ཆོས་ཀྱི་གླེང་བརྗོད་བྱེད་ས་མེད་དོ། །དེའི་ཕྱིར་ཆོ་ག་ཡང་གཟུགས་བརྙན་ཙམ་མོ། །དེ་ནས་དངོས་གཞིའི་ཉི་མ་ལ། སྔོན་འགྲོ་གཏོར་མ་ནས་བརྩམས་ཏེ། དཀྱིལ་འཁོར་ལུས་ལ་བསྡུ་བའི་བར་སྔར་དང་འདྲ་བ་ལས། བདག་བསྐྱེད་ཀྱི་མངོན་རྟོགས་བརྗེས་པ་ཙམ་མོ། །མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཨོཾ་ཨཱཿཧཱུཾ་ཧྲཿཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རྡོ་རྗེའི་རང་བཞིན་རྩིབས་བཅུ་པ་ཟླུམ་པོའི་དབུས་སུ་ཞེས་པ་ནས། ནམ་མཁའི་འཁོར་ལོ་ཞེས་བྱའོ། །ཞེས་པའི་བར་ཐུགས་དཀྱིལ་དང༌། སྡོམ་ཆེན་གྱི་སྒྲུབ་ཐབས་སྦྱར་ཏེ་ཤེས་པར་བྱའོ། །དབུས་ཀྱི་གདན་གྱི་སྟེང་དུ། གཙོ་བོའི་མཚན་མ་ཧཱུཾ་དང་ཕྲཻཾ་ལས་ལྷར་གྱུར་པ་ནི། ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང༌། དེ་ལས་བྱུང་བའི་དཔལ་དུས་ཀྱི་འཁོར་ལོ་མཁའ་འགྲོ་མའི་དྲ་བ་སྡོམ་པ་ཆེན་པོ། ཞེས་པ་ནས། དེ་དག་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །ཞེས་པའི་བར་བདག་བསྐྱེད་བཞིན་ནོ། །ལྷའི་གནས་གཞན་རྣམས་སུ། ཤི་སླི། ཞེས་པ་ནས། ཀྵ་ཀྵ་རྣམས་དང༌། ཕྱག་མཚན་རྡོ་རྗེ་དང་གྲི་གུག་རྣམས་སུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་མཁའ་འགྲོ་མ་དང༌། མཁའ་འགྲོའི་ཚོགས་སུ་གྱུར་པ་ནི། ཡེ་ཤེས་


TNT02_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་ལོའི་ཤར་དུ། ཤི་རྡོ་རྗེ་མ་ལ། ཞེས་པ་ནས། གཟུངས་མ་གྲངས་མེད་པ་དང་བཅས་པའོ། །རླུང་གི་དཀྱིལ་འཁོར་ལ་ནས། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་རབ་འབྱམས་རྒྱ་མཚོས་བསྐོར་ཏེ་བཞུགས་པར་གྱུར། དེ་ནས་བདག་ཉིད་ཀྱི་ཐུགས་ཀར་ཧཱུཾ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང༌། དེ་ལས་བྱུང་བའི་རྡོ་རྗེ་ཤུགས་ཞེས་པ་ནས། གཙུག་ཏོར་དུ་ཧ་ལས་ཐུགས་རྡོ་རྗེ་རྣམས་འཁོད་པར་གྱུར། དེ་ལྟར་དབང་བསྐུར་བས་དྲི་མ་མཐའ་དག་སྦྱངས་ཏེ་རྒྱས་བཏབ་པར་གྱུར་པ་ནི། རྣམ་པར་ཤེས་པའི་རིགས་ལས་བྱུང་བའི་ལྗང་ཁུ་རྣམས་ལ་མི་བསྐྱོད་པ་ནས། གཞོམ་དུ་མེད་པའི་ཨ་ཡིག་གོ །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བླ་མ་ཡི་དམ་ཞེས་པ་ནས། མཆོག་གི་བྷ་ག་ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། །ཅེས་པའི་བར་དུ་དཀྱིལ་ཆོག་ཏུ་བཤད་པ་དང་འདྲ་བ་ལས། ན་མཿཆེན་མོ་སྟ་གོན་གྱི་སྐབས་བཞིན་འདོན་པ་སྤོ། དེ་ནས་སྡོམ་ཆེན་ཉིད་ཀྱི་དཀྱིལ་འཁོར་གྱི་བསྟོད་པ། ཡང་འདོན་པར་བྱ། དེ་མན་ཆད་གཏོར་མ་གཏོང་བ་དང༌། བདག་འཇུག་དང༌། རྗེས་ཆོག་དཀྱིལ་འཁོར་ཉེར་བསྡུའི་བར་དུ། རྒྱས་བསྡུས་ཀྱི་ཁྱད་པར་འོག་ཏུ་འཆད་འགྱུར་ཅི་རིགས་ཙམ་མ་གཏོགས། དཔལ་དུས་ཀྱི་འཁོར་ལོ་ཆོས་དབྱིངས་གསུང་དབང་གི་དཀྱིལ་ཆོག་དང་ཁྱད་པར་མེད་དོ། །ཅི་སྟེ་སློབ་མ་དབང་བསྐུར་བའི་སྐབས་སུ། ལྷ་ངོ་སྟོན་པ་ན་འདོན་པ་སྤོས་ལ་གཞན་གསུང་དབང་ཁོ་ན་བཞིན་དུ་


TNT02_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་ན་ཡང་མི་ལེགས་པ་མ་ཡིན་མོད། སྟོད་འགྲེལ་ལུགས་ཀྱི་བདེ་མཆོག་དང༌། རིགས་ལྡན་ཁྱབ་འཇུག་སྦས་པས་མཛད་པའི། སྒྲུབ་ཐབས་ཀྱི་རྗེས་འབྲང་རྡོ་རྗེ་ཕག་མོའི་དཀྱིལ་ཆོག་ན་ཡང༌། དཀྱིལ་འཁོར་གྱི་འཁོར་རྣམས་ཕྱག་གཉིས་པ་བྱེད་པ་དང་མཐུན་པར་དབང་བསྐུར་བའི་ལྷ་ཡང་ཕྱག་གཉིས་པར་མཛད་དེ། དེ་དང་འདི་ཡང་རིགས་མཚུངས་པས་ན་འདིར་ཡང་ཕྱག་གཉིས་པ་བྱས་ན་ལེགས་ཏེ། འདི་སྐད་ཅེས། ཡུམ་ལྔར་གྱུར་པ་ནི། གཙུག་ཏོར་དུ་མཁའ་ཁམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལྗང་ཁུ། རྡོ་རྗེ་དང་དྲིལ་བུ་འཛིན་པ། དཔྲལ་བར་རླུང་ཁམས་སྒྲོལ་མ་ནག་མོ་རལ་གྲི་དང་ཕུབ་འཛིན་པ། མགྲིན་པར་མེ་ཁམས་གོས་དཀར་མོ་དམར་མོ་ཌ་མ་རུ་དང་ནོར་བུ་འཛིན་པ། སྙིང་གར་ཆུ་ཁམས་མཱ་མ་ཀཱི་དཀར་མོ། ཐོ་བ་དང་པདྨ་འཛིན་པ། ལྟེ་བ་ས་ཁམས་སངས་རྒྱས་སྤྱན་མ་སེར་མོ། འཁོར་ལོ་དང་དུང་འཛིན་པ། ཐམས་ཅད་ཀྱང་ཐུགས་ཀར་འཁྱུད་རྒྱ་མཛད་ཅིང་པད་མའི་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་པ། ཞེས་བྱ་ཞིང༌། ཅོད་པན་གྱི་སྐབས་སངས་རྒྱས་ལྔ་ཡང་དེས་རིགས་འགྲེ་བ་ལ། རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཉི་ལ་བཞུགས་པ་ཞེས་བྱ། དར་དཔྱངས་ཀྱི་སྐབས། ཤར་ལྷོར་རུས་སྦལ་གྱི་རླུང་དུ་བ་མ་ནག་མོ། ལྷོ་ནུབ་ཏུ་རྩངས་པའི་རླུང་སྨིག་སྒྱུ་མ་དམར་མོ། བྱང་ཤར་དུ་ལྷ་སྦྱིན་གྱི་རླུང་མཁའ་སྣང་མ་དཀར་མོ། ནུབ་བྱང་དུ་ནོར་ལྷས་རྒྱལ་གྱི་རླུང་མར་མེ་མ་སེར་མོ། སྟེང་དུ་སྲོག་འཛིན་གྱི་རླུང་མཆོག་གི་ཆ་མ་ལྗང་ཁུ། འོག་


TNT02_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཐུར་སེལ་གྱི་རླུང་ཐིག་ལེ་མ་སྔོན་མོ་རྣམས་ཅང་ཏེའུ་ཐོད་པ་ཁ་ཊྭཱཾ་ག་རྣམས་འཛིན་ཅིང༌། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང་སྐྲ་གྲོལ་བའོ། །རྡོར་དྲིལ་གྱི་སྐབས་སུ། ཡབ་ཕྱག་ཉེར་དྲུག་པ་དང༌། ཡུམ་ཕྱག་གཉིས་མ་བསྐྱེད། བརྟུལ་ཞུགས་ཀྱྀ་སྐབས། རྣ་བའི་གནས་སུ་རྣ་བའི་དབང་པོ་ཕྱག་ན་རྡོ་རྗེ་ལྗང་ཁུ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུལ་སྒྲ་སྒྲ་རྡོ་རྗེ་མ་སྔོན་མོ། ཀུན་ཏུ་བཟང་པོ་འདྲ་བ་ཞེས་དང༌། སྙིང་གར་ཡིད་ཀྱི་དབང་པོ་ཀུན་ཏུ་བཟང་པོ་སྔོན་པོ་གྲི་གུག་དང་ཐོད་པ་འཛིན་པ། ཡུལ་ཆོས་ཆོས་ཁམས་རྡོ་རྗེ་མ་ལྗང་ཁུ་ཕྱག་ན་རྡོ་རྗེ་དང་འདྲ་བ། ཞེས་ལྷག་པོར་བརྗོད་ཅིང་གཞན་རིགས་ལྔ་ཡབ་ཡུམ་དང་འདྲ། ཡབ་རྣམས་རྡོ་རྗེ་སྐྱིལ་ཀྲུང་གིས་པད་ཉི་དང་ཡུམ་རྣམས་པད་མའི་སྐྱིལ་ཀྲུང་པད་ཟླ་ལ་བཞུགས་པའོ། །ཞེས་བརྗོད་ཅིང༌། རྣམ་གྲངས་མི་འདྲ་བ་ལ། མིག་གཉིས་སུ་མིག་གི་དབང་པོ་སའི་སྙིང་པོ་དམར་པོ། མེའི་མདའ་དང་གཞུ་འཛིན་པ། ཞེས་བྱས་ཀྱང་རུང༌། དེས་གཞན་ལའང་རིགས་འགྲེ་སྟེ་འདིར་མ་སྨོས། མིང་དབང་གི་སྐབས། ཁྲོ་བོ་གཙུག་ཏོར་ཅན་དང་ཁྲོ་མོ་དྲག་ཅན་མ་གཉིས་ཀ་ལྗང་ཁུ་ཡིན། དེས་མཚོན་པའི་ལག་པ་དང༌། རྐང་པའི་ལྷ་ལའང་ཁྲོ་བོ་ཡབ་ཡུམ་སྐུ་མདོག་མཚུངས། རྨུགས་བྱེད་མ་དམར་མོ་ལྕགས་ཀྱུ་དང་ཞགས་པ་འཛིན་པ་བྱས་ཀྱང་ཆོག སྨྲ་བ་ཤིན་ཏུ་བརྩོན་འགྲུས་མ་དང༌། བཤང་བ་འདོར་བ་རེངས་བྱེད་མར་བྱས་ན་ཡང་ལེགས་སོ། །ཐམས་ཅད་ཀྱང་སྤྱན་གསུམ་པ། དབུ་སྐྲ་སེར་པོ་གྱེན་བརྫེས། ཕྱག་གཡས་


TNT02_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཚན་འཕྱར་ཞིང༌། གཡོན་ཐུགས་ཀར་གཏོད་པ། སྟག་ལྤགས་དང་སྦྲུལ་གྱིས་བརྒྱན་ཅིང༌། གཡས་བརྐྱང་དང་གཡོན་བརྐྱང་གི་སྟབས་ཀྱིས་པད་ཉི་ལ་གནས་པའོ། །ཞེས་བརྗོད། རྗེས་གནང་གི་སྐབས་ཀྱང༌། གསང་བར་ཡེ་ཤེས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ་དང་ཡེ་ཤེས་ཀྱི་ཁམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་པ་ནི། སྐུ་མདོག་སྔོ་སངས་གྲི་གུག་དང་ཐོད་པ་འཛིན་པ། ལྷག་མ་རིགས་ལྔ་དང་འདྲ། སྤྱིར་འདི་དཀྱིལ་ཆེན་རང་ཡིན་མོད། དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དང་བསྟུན་ན། དཀྱིལ་འཁོར་འདི་དག་ཅུང་ཟད་བསྡུས་པའི་དཀྱིལ་འཁོར་ཡིན་པའི་ཕྱིར། ཆོ་གའང་ཅུང་ཟད་བསྡུས་པ་ལེགས་པར་འགྱུར་ན། སློབ་མ་བདག་ཉིད་གཙོ་བོ་ཕྱག་གཉིས་པ་ཁོ་ནར་བསྐྱེད། རྡོ་རྗེ་བཞིར་བསྐྱེད་པ་བོར། རྗེས་གནང་གི་སྐབས་སུ་ཕྱག་མཚན་འཁོར་ལོ་གཅིག་པུས་ཆོག འདོགས་ལ་ཆོས་བཤད་ཀྱི་རྗེས་གནང་དང་སྔགས་དབང་ཙམ་བྱེད། དག་པའི་ཆོས་བཤད་ལ་རྡོར་དྲིལ་སྦྱིན་པའི་སྐབས། རྡོར་སེམས་ཡབ་ཡུམ་དུ་མི་བསྐྱེད་པར། ཨོཾ་མཧཱ་བཛྲ་ཧཱུཾ། ཨོཾ་བཛྲ་གྷཎྜེ་ཨཿཞེས་སྦྱིན། དབུགས་དབྱུང་རིང་པོ་ཡང་མི་དགོས་སོ། ཁ་སྐོངས་ཀྱི་ཆོ་ག་གཞན་ཡང་བཞག་ཏུ་ཡོད་མོད་ཀྱི། ཧ་ཅང་བསྡུས་པ་ཡང་མི་ལེགས་པས་འཚམ་པར་བྱའོ། །འདིར་སྨྲས་པ། རྒྱལ་བ་བསྐྱེད་མཛད་རྣམས་ཀྱི་ངེས་གསང་འདི། །བྱིས་པའི་བློ་ཅན་རྣམས་ཀྱི་ཡུལ་མིན་མོད། །འདི་ཙམ་རྒྱུད་འགྲེལ་དོན་དུ་འགྱུར་སྙམ་ནས།


TNT02_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་ཕན་ཕྱིར་ཅུང་ཟད་བཤད་པ་ཡིན། །དཔལ་སྡོམ་པ་ཆེན་པོའི་སྒྲུབ་ཐབས་དཀྱིལ་འཁོར་གྱི་ཆོ་ག་དང་བཅས་པ་ལ། མི་འདྲ་བའི་ཁྱད་པར་བཤད་པ་འདི་ནི། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ངེས་པར་བརྗོད་པའོ། །བདག་གིས་ནི་འདིའི་སྒོས་ཀྱི་དཀྱིལ་ཆོག་མ་མཐོང་སྟེ། གསུང་དབང་གི་དཀྱིལ་ཆོག་ཉྀད་འདི་ལ་སྦྱོར་བ་ཡིན། སྒྲུབ་ཐབས་ལ་རྒྱ་གར་བ་ནཱ་ཡ་ཀ་ཤྲཱིས་མཛད་པ་དང༌། བལ་པོ་རཱ་མ་ཨ་ཙར་ཡར་གྲགས་པ། ཤྲཱི་ཏ་ནུ་བྷ་དྲས་སྦྱར་བ། ཡོད་འདུག་སྟེ། བོད་དུ་མ་འགྱུར་བ་འདྲ། མཐོང་ནི་མ་མཐོང༌། ཡར་ཀླུངས་ལོ་ཙཱ་བ་དཔོན་སློབ་ཀྱི་ཐོ་ཆུང་འདྲ་ཡོད་ཟེར། ཕྱིས་གསང་བུ་བྲག་ནག་པ་ངག་དབང་གྲགས་པས་ཀྱང་སྒྲུབ་དཀྱིལ་གཉིས་ཀ་ཡོད་ཟེར། ཀུན་མཁྱེན་ཆེན་པོ་ལས་བརྒྱུད་པ་རྗེ་ཕྱོགས་པས་སྒྲུབ་ཐབས་ཆེ་ཆུང་གཉིས་མཛད། བུ་སྟོན་ཆེན་པོའི་དངོས་སློབ་སྟག་ཚང་བ་རིན་ཆེན་དབང་ཕྱུག་གིས་སྒྲུབ་ཐབས་དང་བསྟོད་པ་མཛད། ཞེ་སློབ་ཡོན་ཏན་འབྱུང་གནས་པའི་སྒྲུབ་ཐབས་ཀྱང་ཡོད། གཞན་ཡང་རྗེ་ཤེས་རིན་པས་བྱས་པ་དང༌། མཁས་པ་དབང་ཕྱུག་གྲགས་དང་གློ་སྟོན་ལོ་ཙཱའི་རྗེས་སུ་འབྲང་ཟེར་བ། མཁན་ཆེན་ཀུན་རྒྱལ་བའི་བྱས་པ་དང༌། བདག་ཆེན་རྣམ་རྒྱལ་གྲགས་བཟང་རྣམས་ཀྱི་སྒྲུབ་ཐབས་དང༌། གློ་བོ་འབྲིས་ལོ་ཙཱ་བ་དཔལ་ལྡན་བྱང་ཆུབ་ཀྱི་སྒྲུབ་ཐབས་ཀྱི་ཐོ་དང༌། ལུས་དཀྱིལ་གྱི་ཐོ་སོགས་ཡིག་སྣ་ཐོར་བུ་འགའ་དང༌། དེའི་རྗེས་འབྲང་དུ་རློམ་པ་གུ་གེ་གྲགས་རྒྱལ་བའི་སྒྲུབ་ཐབས་དང་འཕྲེང་བ་དང་འདྲ་མིན་གྱི་དབང་གི་ཐོ་ཡིག་སོགས་ཀྱང་མཐོང་མོད། གཙོ་བོ་དཀྱིལ་འཁོར་འདི་སྟོན་བྱེད་ཀྱི་རྒྱུད་འགྲེལ་ཉིད་དང༌། མཁས་པ་རྣམས་ཀྱིས་བྱས་པའི་འགྲཻལ་བཤད་དུ་མ་བཀླགས་ཅུང་ཟད་ངེས་པ་རྙེད་དེ་བཀོད་པ་ཡིན་ནོ།། །།བཀྲ་ཤིས།


TNT02_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་ལ་བསྟོད་པ།


TNT02_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་ལ་བསྟོད་པ་བཞུགས།


TNT02_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། སྟོང་པ་ཉིད་དང་སྙིང་རྗེའི་བདག །སྲིད་གསུམ་སྐྱེ་འཇིགས་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང༌། །ཟླ་ཉི་དུས་མེའི་སྟེང་དུ་དབང་ཕྱུག་དང་ནི་བདུད་ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་གྱུར་པ། །ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོའི་ཕྱག་འཚལ་ལོ། །ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་མདོག །ཕྲག་པ་དྲུག་དང་ཉི་མའི་དཔུང་པ་གཉིས་ལྷག་རྒྱལ་བའི་ཕྱག་དང་སྟོང་པ་དགུ་དང་མེ་ཡི་ཚིགས། །ཞབས་དག་གིས་ནི་ཟླ་བ་ཉི་མ་སྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་དང་དྲག་པོ་སྐྲག་བཞིན་པ། །རོལ་པའི་མནན་པའི་སྲིད་མེད་སྲིད་པ་མཉམ་པ་དུས་ཀྱི་འཁོར་ལོ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །སྐུ་མདོག་མཁའ་འདྲ་ཞབས་གཡས་དམར་པོས་འདོད་ལྷ་དམར་པོ་གདོང་


TNT02_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ། །ལག་པ་བཞི་ཡིས་མདའ་ལྔ་གཞུ་དང་ལྕགས་ཀྱུ་ཞགས་པ་འཛིན་པ་མནན། །གཡོན་པ་དཀར་པོས་དྲག་པོ་དཀར་པོ་གདོང་གཅིག་མིག་གསུམ་རིག་བྱེད་ལག །རྩེ་གསུམ་ཐོད་པ་ཌ་མ་རུ་དང་ཁ་ཊྭཱཾ་འཛིན་པ་བརྫིས་ལ་འདུད། །གཡས་བརྐྱང་སྟབས་གཞུགས་བདུད་དང་ཉོན་མོངས་ཆུང་མ་གཉིས་ཀྱང་མ་བཟོད་པར། །དམན་པའི་གདོང་གིས་འཛིན་པར་བྱེད་ཀྱང་གཡོ་མེད་གནས་པ་རྡོ་རྗེའི་སྐུ། །གཙུག་གི་ནོར་བུ་སྣ་ཚོགས་རྡོ་རྗེ་ཟླ་བ་ཕྱེད་པས་དབུ་ལ་བརྒྱན། །ཐོད་སྐམ་འཕྲེང་དང་ཐལ་བ་ཕྱག་རྒྱ་ཀླུ་རྒྱལ་བཅུ་ཡིས་བརྒྱན་ལ་འདུད། །དབུས་དང་གཡས་གཡོན་མགྲིན་པའི་མདོག་ནི་མུ་མེན་བྱུ་རུ་ཀུནྡ་མཚུངས། །མདུན་ཞལ་དབང་སྔོན་འབར་བའི་འོད་དང་གཡས་ནི་ཉི་མ་འཆར་ཀ་མཚུངས། །གཡོན་ཞལ་ཟླ་འོད་རྒྱབ་ནི་གསེར་མཚུངས་སྤྱན་གསུམ་མཆེ་བ་གཙིགས་ལ་འདུད། །གཡས་གཡོན་ཕྲག་པ་དང་པོ་མཐོན་མཐིང་གཉིས་པ་གསུམ་པ་དམར་དང་དཀར། །ཕྲག་པ་རེ་ལ་དཔུང་པ་གཉིས་གཉིས་དེ་དག་སོ་སོར་ཕྱག་གཉིས་ལྡན། །དཔུང་པ་ཕྱག་དང་བཅས་པ་རྣམས་ཀྱང་གང་ལས་བྱུང་བ་ཕྲག་པའི་མདོག །ཕྱག་རྣམས་རེ་རེ་སོ་མོ་ལྔ་ལྔ་སོར་གདུབ་ལྡན་ལ་ཕྱག་འཚལ་ལོ། །མཐེ་བོའི་མདོག་ནི་མཆོག་གི་གསེར་མཚུངས་མཛུབ་མོ་དུང་དང་ཀུནྡའི་མདོག །གུང་མོ་པདྨ་རཱ་ག་ལྟར་དམར་མིང་མེད་གནག་ཅིང་མཐེ་ཆུང་ལྗང༌། །སོར་མོ་རེ་རེའང་ཚིགས་གསུམ་དང་ལྡན་རྩ་བའི་ཕྱོགས་ནས་གོ་རིམ་བཞིན། །དུས་མཐུའི་སྤྲིན་དང་ཉིན་མོར་བྱེད་འདྲ་ཟླ་བའི་མདོག་དང་ལྡན་ལ་འདུད། །རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མདའ་དང་ལྕགས་ཀྱུ་ཌ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་སྟས་གཡས་ཀྱི་ཕྱག་བརྒྱན་གཡོན་


TNT02_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང༌། དྲིལ་བུ་ཕུབ་དང་ཁ་ཊྭཱཾཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་དུང་དང་མེ་ལོང་ལྕགས་སྒྲོག་ཚངས་མགོས་བརྒྱན་ལ་ཕྱག་འཚལ་ལོ། །ལྷག་མའི་ཕྱག་གཉིས་སྡིགས་མཛུབ་ཚུལ་གྱིས་གཏི་མུག་གླང་ཆེན་པགས་རློན་བརྒྱངས། །གཡས་ནག་གཡོན་སེར་འཆི་བདག་མགོ་དང་ལྷ་མིན་ཁྲག་གང་ཐོད་པ་འཛིན། །སྟག་ལྤགས་དང་ནི་རྡོ་རྗེ་རྒྱན་ལྡན་བདུད་རིགས་བརྒྱ་ཡི་མགོ་འཕྲེང་འཆང༌། །སྨ་ར་སྨིན་མ་དབུ་སྐྲ་སེར་ཞིང་རལ་པའི་ཅོད་པན་ལྡན་ལ་འདུད། །འོད་གསལ་སྟོང་ཉིད་སྣ་ཚོགས་ཡུམ་ཉིད་རྡོ་རྗེ་མཁའ་འགྲོ་མ་དཔལ་སྐུ། །ཞལ་གཅིག་ཕྱག་གཉིས་གསེར་གྱི་རི་མཚུངས་བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །གྲི་གུག་དང་བཅས་ཕྱག་གཡས་སྡིགས་མཛུབ་གཡོན་པ་ཐོད་ཁྲག་འཛིན་ཞིང་འཁྱུད། །སྐྲ་གྲོལ་སྐམ་རློན་མགོ་བོའི་འཕྲེང་ལྡན་ཕྱག་རྒྱ་ལྔ་ཡིས་བརྒྱན་ལ་འདུད། །སྐུ་མདོག་མཐིང་ག་མི་འགྱུར་བདེ་བ་ཆེ། །དུས་སྦྱོར་བཞི་ཚན་གསུམ་དང་གཉིས་ཚན་དྲུག །བཅུ་གཉིས་ཟླ་བ་དག་པའི་མགྲིན་པ་དཔུང༌། །ཞལ་བཞི་འགྱུར་མེད་ཐིག་ལེ་བཞི་ལ་འདུད། །ཉེར་དྲུག་ཕྱག་ནི་བཤོལ་བཅས་ཟླ་བའི་ཕྱོགས། །དེ་ཉིད་བྱེད་པོར་བཅས་པའི་ཕྱག་མཚན་ཏེ། །ཕ་རོལ་ཕྱིན་བཅུ་དག་པའི་ཕྱག་རྒྱ་བཅུ། །ཉོན་མོངས་བདུད་སྤངས་ཕྱོགས་གཉིས་ཞབས་ལ་འདུད། །ཉི་མའི་ཁྱིམ་གཅིག་སྐུ་དང་ཟླ་ཁྱིམ་གཅིག །ཞལ་རས་སྟོང་ཉིད་རྣམ་ཐར་སྤྱན་གསུམ་ལྡན། །མཚན་བྲལ་སྨོན་མེད་ཕྱག་དང་འདུ་མི་བྱེད། །རྣམ་པར་ཐར་པའི་ཕྱག་མཚན་འཛིན་ལ་འདུད། །བཅུ་དྲུག་དགའ་བ་སྒྲིབ་བྲལ་ཆུ་སྐྱེས་འདབ། །ཕྱོགས་མཚམས་བརྒྱད་ཀྱི་འདབ་མར་ནུས་མ་བརྒྱད། །ཐབས་དང་ཤེས་རབ་


TNT02_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

ཅང་ཏེའུ་ཁ་ཊྭཱཾ་འཛིན། །བཅོམ་ལྡན་འདས་མ་དང་མཚུངས་གཡས་བརྐྱང་སྟབས། །ཕ་རོལ་ཕྱིན་བཅུའི་རང་བཞིན་རྣམས་ལ་འདུད། །བར་གྱི་འདབ་མ་བརྒྱད་ལ་ཐབས་ཀྱི་དངོས། །ཀུན་ད་ལྟར་དཀར་ཐོས་པ་བདུད་རྩིས་གང༌། །དངོས་གྲུབ་བཞིར་འགྱུར་ལྷ་ཚོགས་མཉེས་བྱེད་རྫས། །དགའ་ཆེན་མཆོད་པའི་གཙོ་ལ་ཕྱག་འཚལ་བསྟོད། །དེ་ལྟར་འཁོར་ལོའི་དབུས་ཀྱི་ཆུ་སྐྱེས་ལ། །བཅོམ་ལྡན་དཔའ་བོའི་དབང་ཕྱུག་ཡབ་ཡུམ་ནི། །ནུས་མའི་ཚོགས་དང་མཆོད་ཡོན་སྣོད་བཅས་པའི། །དཀྱིལ་འཁོར་བདེ་ཆེན་འཁོར་ལོ་ལ་ཕྱག་འཚལ། །ལྟེ་བར་གྲི་གུག་འཕྲེང་བས་མཛེས་པ་ཡི། །ནམ་མཁའི་གཞི་ལ་ཡེ་ཤེས་འཁོར་ལོ་སྔོ། །ཕྱོགས་རྣམས་དུས་སྦྱོར་གཞུ་དབང་རྒ་ཤི་དག །མཚམས་རྣམས་སྡིག་ཁྱིམ་སྐྱེ་བ་འགགས་ལ་འདུད། །ཡེ་ཤེས་ཁམས་ལ་དབང་བསྒྱུར་རྣལ་འབྱོར་མ། །དཔའ་བོར་བཅས་པས་སྡེའི་མཚན་གྱིས་བཏགས། །ཕྱོགས་བྲལ་འོག་རྣམས་ཉི་མའི་ཆོས་ཀྱིས་སྦྱངས། །སྟེང་དང་ཕྱོགས་རྣམས་ཟླ་བས་དག་ལ་འདུད། །ཤར་སོགས་ཕྱོགས་དང་རླུང་སོགས་ཕྱོགས་བྲལ་ལ། །ཡེ་ཤེས་ནང་ཚན་རླུང་མེ་ཆུ་ས་ཡི། །མཁའ་འགྲོ་མ་རྣམས་ས་ཆུ་མེ་རླུང་གི །རིགས་ཀྱི་ཡབ་གྱུར་མཁའ་འགྲོས་འཁྱུད་ལ་འདུད། །རླུང་གི་གཞི་ལ་ས་ཡི་འཁོར་ལོ་སེར། །ལྟེ་བར་འཁོར་ལོའི་འཕྲེང་བས་མཛེས་པ་ཡི། །ཕྱོགས་རྣམས་དུས་སྦྱོར་སྲང་དང་སྲིད་པ་འགགས། །མཚམས་རྣམས་ལེན་པ་བུ་མོ་དག་ལ་འདུད། །ས་ཡི་ཁམས་ལ་དབང་བསྒྱུར་རྣལ་འབྱོར་མ། །དཔའ་བོར་བཅས་པ་ཏ་སྡེའི་དག་པ་ཅན། །ཕྱོགས་བྲལ་འོག་རྣམས་ཉི་མའི་ཆོས་ཀྱིས་སྦྱངས། །སྟེང་དང་ཕྱོགས་རྣམས་ཟླ་བས་དག་ལ་འདུད། །ཤར་སོགས་ཕྱོགས་དང་རླུང་སོགས་ཕྱོགས་བྲལ་ལ། །དབང་ཆེན་ནང་ཚན་རླུང་མེ་ཆུ་ས་


TNT02_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །མཁའ་འགྲོ་མ་རྣམས་ས་ཆུ་མེ་རླུང་གི །རིགས་ཀྱི་ཡབ་གྱུར་མཁའ་འགྲོའི་འཁྱུད་ལ་འདུད། །མེ་དཀྱིལ་གཞི་ལ་ཆུ་ཡི་འཁོར་ལོ་དཀར། །ལྟེ་བར་པདྨའི་འཕྲེང་བས་མཛེས་པ་ཡི། །ཕྱོགས་རྣམས་དུས་སྦྱོར་སེང་གེ་སྲེད་པ་དག །མཚམས་རྣམས་ཀརྐ་ཚོར་བ་འགགས་ལ་འདུད། །ཆུ་ཡི་ཁམས་ལ་དབང་བསྒྱུར་རྣལ་འབྱོར་མ། །དཔའ་བོར་བཅས་པ་པ་སྡེའི་ས་བོན་སྐྱེས། །ཕྱོགས་བྲལ་འོག་རྣམས་ཉི་མའི་ཆོས་ཀྱིས་སྦྱངས། །སྟེང་དང་ཕྱོགས་རྣམས་ཟླ་བའི་དག་ལ་འདུད། །ཤར་སོགས་ཕྱོགས་དང་རླུང་སོགས་ཕྱོགས་བྲལ་ལ། །གཤེར་བྱེད་ནང་ཚན་རླུང་མེ་ཆུ་ས་ཡི། །མཁའ་འགྲོ་མ་རྣམས་ས་ཆུ་མེ་རླུང་གི །རིགས་ཀྱི་ཡབ་གྱུར་མཁའ་འགྲོས་འཁྱུད་ལ་འདུད། །ཆུ་དཀྱིལ་གཞི་ལ་མེ་ཡི་འཁོར་ལོ་དམར། །ལྟེ་བར་ནོར་བུའི་འཕྲེང་པས་མཛེས་པ་ཡི། །ཕྱོགས་རྣམས་དུས་སྦྱོར་འཁྲིག་དང་རེག་པ་འགགས། །མཚམས་རྣམས་སྐྱེ་མཆེད་གླང་ཁྱིམ་དག་ལ་འདུད། །མེ་ཡི་ཁམས་ལ་དབང་བསྒྱུར་རྣལ་འབྱོར་མ། །དཔའ་བོར་བཅས་པ་ཊ་སྡེའི་རྡོ་རྗེས་མཚན། །ཕྱོགས་བྲལ་འོག་རྣམས་ཉི་མའི་ཆོས་ཀྱིས་སྦྱངས། །སྟེང་དང་ཕྱོགས་རྣམས་ཟླ་བས་དག་ལ་འདུད། །ཤར་སོགས་ཕྱོགས་དང་རླུང་སོགས་ཕྱོགས་བྲལ་ལ། །འབར་བྱེད་ནང་ཚན་རླུང་མེ་ཆུ་ས་ཡི། །མཁའ་འགྲོ་མ་རྣམས་ས་ཆུ་མེ་རླུང་གི །རིགས་ཀྱི་ཡབ་གྱུར་མཁའ་འགྲོས་འཁྱུད་ལ་འདུད། །ས་ཡི་གཞི་ལ་རླུང་གི་འཁོར་ལོ་ནག །ལྟེ་བར་རལ་གྲིའི་འཕྲེང་བས་མཚན་པ་ཡི། །ཕྱོགས་རྣམས་དུས་སྦྱོར་ལུག་དང་མིང་གཟུགས་དག །མཚམས་རྣམས་ཉ་ཁྱིམ་རྣམ་ཤེས་འགགས་ལ་འདུད། །རླུང་གི་ཁམས་ལ་དབང་བསྒྱུར་རྣལ་


TNT02_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ། །དཔའ་བོར་བཅས་པ་ཙ་སྡེའི་ཡི་གེ་གཞན། །ཕྱོགས་བྲལ་འོག་རྣམས་ཉི་མའི་ཆོས་ཀྱིས་སྦྱངས། །སྟེང་དང་ཕྱོགས་རྣམས་ཟླ་བས་དག་ལ་འདུད། །ཤར་སོགས་ཕྱོགས་དང་རླུང་སོགས་ཕྱོགས་བྲལ་ལ། །གཡོ་བའི་ནང་ཚན་རླུང་མེ་ཆུ་ས་ཡི། །མཁའ་འགྲོ་མ་རྣམས་ས་ཆུ་མེ་རླུང་གི །རིགས་ཀྱི་ཡབ་གྱུར་མཁའ་འགྲོས་འཁྱུད་ལ་འདུད། །ཡེ་ཤེས་གཞི་ལ་ནམ་མཁའི་འཁོར་ལོ་ལྗང༌། །ལྟེ་བར་རྡོ་རྗེའི་འཕྲེང་བའི་མཛེས་པ་ཡི། ཕྱོགས་རྣམས་དུས་སྦྱོར་བུམ་པ་འདུ་བྱེད་འགགས། །མཚམས་རྣམས་ཆུ་སྲིན་མ་རིག་དག་ལ་འདུད། །ནམ་མཁའི་ཁམས་ལ་དབང་བསྒྱུར་རྣལ་འབྱོར་མ། །དཔའ་བོར་བཅས་པ་ཀ་སྡེའི་ཡེ་ཤེས་སྐྱེས། །ཕྱོགས་བྲལ་འོག་རྣམས་ཉི་མའི་ཆོས་ཀྱིས་སྦྱངས། །སྟེང་དང་ཕྱོགས་རྣམས་ཟླ་བས་དག་ལ་འདུད། །ཤར་སོགས་ཕྱོགས་དང་རླུང་སོགས་ཕྱོགས་བྲལ་ལ། །སྟོང་པའི་ནང་ཚན་རླུང་མེ་ཆུ་ས་ཡི། །མཁའ་འགྲོ་མ་རྣམས་ས་ཆུ་མེ་རླུང་གི །རིགས་ཀྱི་ཡབ་གྱུར་མཁའ་འགྲོས་འཁྱུད་ལ་འདུད། །དུས་སྦྱོར་བཅུ་གཉིས་ཐུན་བཞི་རྣམ་དག་པ། །མི་བདག་དུར་ཁྲོད་རྣམས་ལ་དབང་བསྒྱུར་མཁན། །རང་མདོག་དང་མཚུངས་འཁོར་ལོའི་གདན་སྟེང་དུ། །རྣམ་པར་རོལ་མཛད་གཏུམ་མོའི་ཚོགས་ལ་འདུད། །རླུང་མེ་ཆུ་སའི་དཀྱིལ་འཁོར་མཁའ་ཡེ་བརྒྱད། །ཕྱོགས་དང་ཕྱོགས་བྲལ་སྒོ་བརྒྱད་རྣམས་སུ་བཞུགས། །འཁོར་ལོ་བཞི་ཡི་སྟེང་འོག་དང་འབྲེལ་བའི། །ཕྱོགས་མཚམས་དུར་ཁྲོད་བརྒྱད་པོར་སྤྱོད་ལ་འདུད། །སྤྱི་དང་ཁྱད་པར་གཉིས་ཀ་ནམ་མཁའ་དང༌། །ཡེ་ཤེས་ཁམས་ཀྱི་རང་བཞིན་ལྷ་མོ་རྣམས། །སྒོ་ཁྱུད་བར་གྱི་ཕྱི་རོལ་སྟེགས་བུར་བཞུགས། །བར་བར་


TNT02_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་བརྒྱད་པོ་སྐྱོང་ལ་འདུད། །ཡེ་ཤེས་སྟོང་པའི་འཁོར་ལོའི་སྟེང་འོག་དང༌། །ཧ་ཀྵ་ཐུང་རིང་སྡེ་པ་རྣམས་དག་པ། ཁྱབ་བྱེད་ཁམས་གཉིས་དག་པ་བ་ཡི་དངོས། །དུས་སྦྱོར་བཞི་དང་ཐུན་བཞི་འགགས་ལ་འདུད། །འཁོར་ལོ་དྲུག་དང་སྒོ་མཚམས་གནས་པ་ཡི། །རྣལ་འབྱོར་མ་ཀུན་གཙོ་མོ་དང་མཚུངས་ཤིང༌། །མི་རོའི་གདན་ལ་གཡས་བརྐྱང་སྟབས་ཀྱིས་གནས། ཁྲོ་ཞིང་ཐུང་བའི་སྐུ་ཅན་རྣམས་ལ་འདུད། །འཁོར་ལོ་དྲུག་གི་དཔའ་བོ་བཞི་བཅུ་བརྒྱད། །ཞལ་གཉིས་ཕྱག་བཞི་རྡོ་རྗེ་དྲིལ་བུ་དང༌། ཁ་ཊྭཱཾ་ག་འཛིན་གཡོན་བརྐྱངས་སྟབས་ཀྱིས་སྦྱོར། །ཧེ་རུ་ཀ་དཔལ་རིགས་ལས་བྱུང་ལ་འདུད། །སྟོབས་ཀྱི་རྒྱུ་དང་པདྨ་ཆར་སྤྲིན་མདོག །ནོར་རྒྱས་དུང་སྐྱོང་བྱུ་རུའི་ཕུང་པོ་འདྲ། །མཐའ་ཡས་རིགས་ལྡན་ཀུན་དའི་མདོག་ལྟར་གསལ། །འཇོག་པོ་པད་ཆེན་རབ་ཏུ་སེར་ལ་འདུད། །ཕྱོགས་བཞི་སྒོ་ཡི་སྟེགས་བུར་འབྱུང་བ་ལ། །རྡོ་རྗེའི་གདན་བཞུགས་རིན་ཆེན་རྒྱན་གྱིས་སྤྲས། །བུམ་པ་རྡོ་རྗེ་པདྨ་ནོར་བུའི་ཕྱག །ཀླུ་ཆེན་བརྒྱད་ནི་གཏུམ་མོས་འཁྱུད་ལ་འདུད། །དེ་ལྟར་ལྷ་ཡི་འཁོར་ལོ་ལེགས་མཆོད་དྲི་དང་འཕྲེང་བ་བདུག་སྤོས་མ། །སྣང་གསལ་བདུད་རྩིའི་འབྲས་བུ་མ་དང་སྒེགས་མོ་བཞད་མོ་སིལ་སྙན་མ། །གར་དང་གླུ་ཡི་སྦྱོར་བ་ལ་བརྩོན་འདོད་མ་འདོད་ལ་རབ་དགའ་མ། །རྒྱན་དང་ཆ་བྱད་རྣམ་འགྱུར་དུས་མས་ཡིད་རབ་འཛིན་མ་རྣམས་བསྟོད་དོ། །མདུང་གི་འབིགས་དང་ལྷག་མ་བསྲེགས་པའི་རོ། །དྲག་པོའི་གཡུལ་དང་རུལ་བ་བྱིས་པ་གསོད། །རྣག་གི་དྲི་དང་སྦྲུལ་གྱིས་བཟུང་བ་དང༌། །ཀང་ཀེ་ལ་དང་ཀོ་ལ་ཧ་ལ་དང༌། །ཧ་ཧ་སྒྲོག་དང་དྲག་ཏུ་རྒོད་པ་དང༌། །དྲག་པོའི་སྒྲ་ཅན་དང་ནི་ཕེཊ་ཀ་ར། །འཇིགས་སུ་རུང་


TNT02_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཇིགས་པར་བྱེད་པ་སྟེ། །དུར་ཁྲོད་ཆེན་པོ་མཚན་མ་སྣ་ཚོགས་ཅན། །ཤིང་མེ་ཆུ་དང་སྤྲིན་དང་གྲུབ་པའི་རྫས། །རོ་དང་རོ་ལངས་བྱ་གཅན་སོགས་ཀྱིས་གང༌། །གྲུབ་པ་མཆོད་པའི་ཚོགས་ཀྱིས་རབ་ཏུ་ཁྱབ། །དཔའ་བོའི་གནས་སུ་གནས་པ་རྣམས་ལ་འདུད། ཁྱོད་ནི་སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་ཅན། །ཕྲ་རབ་རྡུལ་གྱི་ཆོས་ལས་འདས་ཀྱང་བརྟན་དང་གཡོ་བ་ཀུན་གྱི་གཟུགས། །ལུས་དང་དབང་པོའི་སྦྱོར་བ་སྤངས་ཀྱང་རྟག་ཏུ་འདོད་ཆགས་ཆེ་ལ་རོལ། །བསམ་གྱིས་མི་ཁྱབ་རྟག་པར་དཀའ་བ་དུས་ཀྱི་འཁོར་ལོས་བདག་སྐྱོངས་ཤིག །གཟའ་དང་དྲང་སྲོང་རྒྱུ་སྐར་ཁྱིམ་དང་ཆ། །ཕྱོགས་སྐྱོངས་ཞིང་སྐྱོང་ཕོ་ཉ་འཕྲོག་མ་དང༌། གྷནྚ་ཀརྞ་དགའ་བྱེད་ནག་པོ་ཆེ། །བྷྲྀང་གི་ཎི་སོགས་འཁོར་མང་རྒྱལ་གྱུར་ཅིག །དེ་ལྟར་བསྟོད་པས་ཕུང་པོ་ཁམས་སོགས་གཞན། །བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་ཀྱི་དབྱིངས། །གློ་བུར་དྲི་མའི་སྦུབས་ལས་ངེས་གྲོལ་ཏེ། །སྲིད་གསུམ་དང་བ་མངོན་དུ་བྱེད་གྱུར་ཅིག །ཅེས་པ་དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་ལ་བསྟོད་པ། འདོན་པ་བསྒྱུར་བའི་ཚུལ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཅུང་ཟད་བརྗོད་པའོ།། །།ཞུས་དག སརྦ་མངྒ་ལམ།


TNT02_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དུས་འཁོར་སྡོམ་ཆེན་གྱི་ཐིག་ཚོན་གསལ་བྱེད།


TNT02_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཁོར་སྡོམ་ཆེན་གྱི་ཐིག་ཚོན་གསལ་བྱེད་བཞུགས།


TNT02_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཀཱ་ལ་ཙཀྲཱ་ཡ། དཀྱིལ་འཁོར་འབྲི་བའི་ས་གཞི་ལ། །ཉ་སྟེང་ཚངས་ཐིག་འདེབས་པ་སོགས། །འདེབས་ཚུལ་སྤྱི་དང་མཐུན་མོད་ཀྱི། །གཞན་དུ་ཚངས་ཟུར་ཞེས་གྲགས་ཀྱང། །འདི་ལ་བཞི་ཆར་ཚངས་ཐིག་ཡིན། །དེ་ལ་རྩེ་མོ་བརྒྱད་ཡོད་དོ། །ཐིག་བཞི་ཉ་དང་འཕྲད་མཚམས་ནི། །བརྒྱད་ནས་བྱ་རྗེས་བཙལ་བ་དང༌། ཐིག་བཞི་རྩེ་མོ་བརྒྱད་བཏབ་པ། །འདི་ལ་མཚམས་ཐིག་ཅེས་བྱའོ། དཀྱིལ་འཁོར་འདི་ལ་ཟུར་མེད་པས། །ཟུར་ཐིག་ཐ་སྙད་འདིར་མི་བཞེད། །ཐིག་གི་རྩེ་མོ་བཅུ་དྲུག་ནི། །སྒོ་བརྒྱད་མཚམས་བརྒྱད་རྣམས་ཀྱི་ཡིན། །སྒོ་མཚམས་བཅུ་དྲུག་ཞེས་སུ་བརྗོད། ཀུན་གྱི་དཀྱུས་ལ་ཁྲུ་བརྒྱད་དོ། །ཆ་ཆེན་གཅིག་ལ་ཆ་ཆུང་དྲུག་ལ་སོགས། །དུས་འཁོར་ལུགས་ཀྱི་བརྡའ་ཆད་ཤེས་པར་བྱ། །རྩ་ཐིག་གྲུ་བཞི་ཆ་ཆེན་མཐོ་གང་སྟེ། །དེ་ཚེ་ཆ་ཆུང་རེ་ལ་སོར་གཉིས་འབྱུང༌། །ཆ་ཆུང་ཕྱེད་པ་སོར་གང་ཡིན་པར་འདོད། །དེ་ཡི་རིགས་པ་ཆེ་ཆུང་གཞན་ལའང་སྦྱོར། །ཤར་ནུབ་ཚངས་ཐིག་སྟེང་དུ་མཐོ་གང་བའི། །ཤིང་བུས་བཞལ་ནས་དཀར་རྟགས་བརྒྱད་བརྒྱད་བཏབ། །དེ་སྟེང་དབུས་ནས་བརྩམས་


TNT02_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བསྐོར་ཐིག་བརྒྱད། །བཞི་པ་རྩ་ཐིག་དྲུག་པ་མདའ་ཡབ་ཐིག །དང་པོ་གཉིས་པ་གསུམ་པ་བཞི་པ་རྣམས། །ཕྱེད་ཕྱེད་བགོས་པས་ཆ་ཆེན་ཕྱེད་པ་བརྒྱད། །བརྒྱད་པོ་རེ་རེའི་ནང་དུའང་སུམ་ཆ་དབྱེ། །ཕྱེ་བའི་སུམ་ཆ་ཀུན་ཡང་ཕྱེད་གཤེགས་བགོས། །དེ་ལྟར་རྩ་ཐིག་ནང་གི་ཕྱོགས་རེ་རེར། །ཆ་ཆུང་ཕྱེད་པ་བཞི་བཅུ་ཞེ་བརྒྱད་ཡོད། །ཕྱོགས་གཉིས་སྡོམས་པས་དགུ་བཅུ་དྲུག་ཅེས་གསུངས། །དངོས་སུ་སྐོར་ཐིག་བདུན་གསུམ་ཉི་ཤུ་གཅིག །མདའ་ཐིག་ཚུན་གྱི་སྐོར་ཐིག་རློན་པས་མནོན། །མཚམས་ཐིག་བརྒྱད་དང་ཆ་ཆེན་བཞི་ལྔ་དྲུག །ནོར་སོ་སྤོང་ཕྱིར་ཁ་དོག་མེ་འདྲས་གནོན། །མཚོན་སའི་ཐིག་གི་ནང་དུ་ཚངས་ཐིག་ནི། །གཡས་གཡོན་ཆ་ཆུང་རེ་རེ་བཅལ་བ་ན། །དཀར་རྟགས་བཏབ་སྟེ་སྐམ་ཐིག་དྲང་བར་བྱ། །དེ་དང་ཚངས་ཟུར་བར་ཀྱི་སུམ་གཉིས་ནང༌། །སུམ་ཆ་ཕྱི་རུ་ལས་པའི་མཚམས་ནས་ནི། །ནང་ནས་ཕྱི་རུ་སུམ་ཆའི་ཚད་གཞལ་བར། །སྐམ་ཐིག་ལ་རེག་འཁོར་ལོའི་བྲང་ངོས་བྲི། །དེ་ནས་སྐོར་ཐིག་བར་གྱི་ཚངས་ཐིག་ལ། །རེག་པའི་རྩིབས་ཀྱི་རྩེ་མོ་རྣོན་པོར་བྱ། །སྡོམ་པ་ཆུང་བ་སོགས་དང་འདི་མི་འདྲ། །འདི་ནི་བགེགས་འཇོམས་མཚོན་ཆའི་འཁོར་ལོར་འདོད། །དབུས་ཀྱི་པད་འདབ་གནས་ཀྱི་བཅུ་དྲུག་ཐིག །རེ་རེའི་བར་ཡང་ཁ་དོག་གཞན་གྱིས་བཅད། །ཆུང་ན་དེ་ཙམ་གྱིས་ཆོག་རྒྱ་ཆེ་ན། །འདབ་ཐིག་པད་ཤུན་སྤྱི་དང་མཐུན་པར་བྱ། །རྩིག་པའི་ནང་ལ་ཁྲུ་བཞི་ཡོད་གྱུར་ན། །དབུས་ཀྱི་པདྨ་མཐོ་གང་ཚད་དུ་འགྱུར། །རྩ་ཐིག་ཚངས་ཐིག་འཕྲད་མཚམས་ནས། །གཡས་གཡོན་ཆ་ཆེན་ལྔ་པ་ཡི། །དབུས་སུ་དྲང་པོར་རི་མོ་བྱ། །


TNT02_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ཚད་གཉིས་སུ་རྟགས་འདེབས་ཏེ། །དེ་ནས་སྟེང་དུ་སྒོ་ཚད་ལྔ། །སྟེང་གི་ལོགས་སུ་སྒོ་ཚད་གཉིས། །བྱ་རྗེས་བཙལ་ནས་ཐིག་གདབ་བོ། །ཚངས་ཐིག་རྩེ་མོ་བརྒྱད་ཀྱང་རིང་དུ་འདྲེན། །ཚངས་ཐིག་གཡས་གཡོན་སྡོམས་པའི་ཆ་ཆེན་བཞི། །ལོགས་སུ་དྲུག་དྲུག་བགོས་པས་ཉེར་བཞི་འབྱུང༌། །དབུས་ནས་ཕྱི་ངོས་ཆ་ཆེན་ལྔ་ཡོད་པའི། །དང་པོའི་ཕྱི་ནང་གཉིས་ནི་བཞི་ཆ་གདབ། །གསུམ་པའི་ནང་དུ་གསུམ་ཆ་གདབ་པར་བྱ། །དེ་ཡང་གཉིས་སུ་བགོ་ཞིང་བཞི་པ་ཡི། །ཕྱི་ནང་གཉིས་སུ་བཞི་ཆ་རེ་རེ་གདབ། །གཉིས་པོ་དེ་ཡང་ཕྱེད་ཕྱེད་བགོ་བར་བྱ། །ལྔ་པ་གསུམ་དུ་བགོས་ཤིང་བར་མ་ལ། །ནང་གི་ངོས་སུ་རང་གི་བཞི་ཆ་གདབ། །འདིའི་འཕྲེང་ཐིག་དང་པོ་རྩ་ཐིག་དོད། །དེ་ནས་ཕྱི་རུ་ཐིག་ནི་བཅུ་དྲུག་ཡོད། །དེ་ལྟར་སྒོ་དང་རྟ་བབས་གྲུབ་པ་ཡིན། །ཚངས་པའི་ཐིག་ལས་ལོགས་སུ་གསུམ་པའི་ཐིག །རྩ་ཐིག་ཕྱི་ངོས་བཞི་པའི་བར་དུ་དྲངས། །དེ་ནས་ལོགས་སུ་དགུ་པའི་བར་དུ་སྟེ། །དགུ་པ་དེ་ཡང་སྟེང་དུ་ལྔ་པའི་བར། །བཞི་ལྔ་བར་དུ་སྟེང་དུ་གསུམ་པ་ལ། །རེག་པའི་ཐིག་གི་ནང་མཐའ་གཉིས་པར་རེག །ཕྱི་མ་རྩེ་ནས་ལོགས་སུ་བཅུ་གཉིས་པ། །ངོས་སུ་ཕྱོགས་དང་དྲག་པོ་ཉི་མ་རྣམས། །སྟེང་དུ་ལྔ་པའི་ཐིག་ལ་རེག་པའོ། །ལྔ་པ་གཡས་གཡོན་བཅུ་གཉིས་བར་དུ་སྟེ། །ལྔ་པའི་ཕྱི་རུ་རྟ་བབས་རྣམས་ཀྱི་ཐིག །ཚངས་པའི་ཐིག་གི་གཡས་དང་གཡོན་ངོས་སུ། །བཅུ་གཉིས་བརྒྱད་དགུ་སླར་ཡང་དགུ་དང་དྲུག །ཕྱེད་བཅས་བདུན་པ་ཟུང་དང་བུ་ཀ་མཚམས། །རོ་དང་རིག་བྱེད་བསེ་རུ་དཀྱུས་སུའོ། །གདུང་བཞི་མྱོས་སྲུང་གསུམ་དང་བུམ་པའི་སྣེ། །རང་རང་ཐིག་གི་སྣེ་ནས་འོག་ཏུ་བཅད། །གཉིས་གསུམ་བར་དུ་ཚངས་ལས་གཉིས་པ་དང༌། །མེ་རི་ཀླུའི་སྟེང་དུ་བཅས་པར་བྱ། །


TNT02_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དྲུག་བར་དུ་གཟུགས་མིག་མཚམས་དང་མིག །མདའ་རོའི་བར་དུ་ཆ་ཆུང་བཞི་ཆ་གཅོད། །དེ་བཞིན་ངོས་ཀྱི་དྲུག་པའི་སྟེང་ནས་དྲངས། །བརྒྱད་དགུའི་བར་དུ་གཅིག་དང་གཟུགས་མིག་བར། །གསུམ་བཞིའི་བར་དང་བཞི་པར་རློན་ཐིག་གདབ། །བཅུ་གཅིག་ཐིག་ནི་ལྔ་སྟེང་བཅུ་པར་སྦྲེལ། །སྒོ་ཁང་བརྒྱད་པོའི་ཕན་ཚུན་བར་བར་དུ། །ཆ་ཆེན་བཞི་པར་ཕྱི་ནང་བཞི་ཆ་རེ། །ལྔ་པ་ཕྱེད་གཤགས་དེ་ཡི་ཕྱི་མའང་དབྱེ། །ཚངས་ཐིག་མཐའ་ནི་མྱོས་སྲུང་སྟེང་མའི་ཐིག །དེ་སྟེང་ཁོར་ཡུག་དང་པོའི་ནང་ཐིག་བསྐོར། །དེ་ནས་སྒོ་ཚད་ཕྱེད་གཅིག་གཟུགས་ཟླ་ཕྱེད། །རི་བོང་ཅན་གྱི་ཁོར་ཡུག་རིམ་བཞིན་བསྐོར། །མེ་ཡི་ཕྱེད་ཕྱི་རླུང་གི་ཕྱེད་ནང་མཚམས། །དུར་ཁྲོད་ཁོར་ཡུག་ཚད་ཡིན་ཚངས་ཐིག་དང༌། །མཚམས་ཐིག་རྣམས་ཀྱི་དབུས་ནས་ཚོན་གྱིས་བཅད། དུར་ཁྲོད་བཅུ་དྲུག་རྣམས་ཀྱི་གནས་སུ་འདོད། །ནམ་མཁའི་ཁོར་ཡུག་དབུས་སུ་སུམ་ཆ་ནི། །རྡོ་རྗེའི་འཕྲེང་བའི་གནས་ཏེ་ཡེ་ཤེས་ཀྱི། ཁོར་ཡུག་ཡིན་ཏེ་ཐབས་ཤེས་རྒྱས་བཏབ་གནས། །ད་ནི་ཚོན་གྱི་རིམ་པ་ནི། པདྨའི་ལྟེ་བ་ནག་པོ། དེ་ལ་བཅད་འདྲ་བ་དམར་པོ་དང་དཀར་པོ་འཐེན། སྟེང་དུ་རྡོ་རྗེ་སྔོན་པོ་བྲི། འདབ་མ་རྣམས་ལྗང་ཁུ། ཕྱོགས་མཚམས་སུ་ཁ་ཊྭཱཾ་ག་ཕྱོགས་མདོག བར་བར་དུ་ཐོད་པ། དེའི་ཕྱི་རོལ་འཁོར་ལོ་སྔོན་པོ། རྩིབས་བར་ལྗང་ཁུ། དེའི་ཕྱི་རོལ་སའི་འཁོར་ལོ་སེར་པོ། རྩིབས་བར་ནག་པོ། ཆུའི་འཁོར་ལོ་དཀར་པོ། རྩིབས་བར་དམར་པོ། དེའི་ཕྱི་རུ་མེ་འཁོར་ལོ་དམར་པོ། རྩིབས་བར་དཀར་པོ། དེའི་ཕྱི་རུ་རླུང་གི་འཁོར་ལོ་ནག་པོ། རྩིབས་བར་སེར་པོ། དེའི་ཕྱི་རུ་ནམ་མཁའི་འཁོར་ལོ་ལྗང་ཁུ། རྩིབས་བར་སྔོན་པོ། འཁོར་ལོ་དྲུག་པོ་ཐབས་ཅད་ཀྱི་ལྟེ་བ་ལ་


TNT02_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་གཉིས་ཡོད་པའི་ཕྱི་མ་རྩིབས་སྐྱ་མཚམས་དེ་ལ། ཕྱག་མཚན་གྱི་ཕྲེང་བ་རྣམས་འབྲི་སྟེ། ཡེ་ཤེས་ལ་གྲི་གུག སེར་པོ་ལ་འཁོར་ལོ་དཀར་པོ་ལ་པདྨ། དམར་པོ་ལ་རིན་པོ་ཆེ། ནག་པོ་ལ་རལ་གྲི་འཕྲེད་རྒྱུགས། ལྗང་ཁུ་ལ་རྡོ་རྗེ་འཕྲེད་རྒྱུགས་སོ། །མཚོན་ས་སྒོ་དང་བཅས་པའི་མདོག་ནི། ཤར་སྒོ་དང་བྱང་ཤར་གྱི་སྒོའི་བར་མཚམས། མཚམས་ཐིག་ནས་ཤར་ལྷོའི་སྒོ་དང༌། ལྷོ་སྒོའི་བར་གྱི་མཚམས་ཐིག་ལ་ཐུག་གི་བར་ནག་པོ། དེ་ནས་ནུབ་དང་བདེན་བྲལ་གྱི་མཚམས་ཐིག་ལ་ཐུག་གི་བར་དམར་པོ། དེ་ནས་རླུང་དང་བྱང་གི་བར་གྱི་མཚམས་ཐིག་ལ་ཐུག་གི་བར་དཀར་པོ། དེ་ནས་ཤར་དང་དབང་ལྡན་གྱི་མཚམས་ཐིག་ལ་ཐུག་གི་བར་དམར་པོའོ། །ཕྱོགས་བཞིའི་སྒོའི་རྟ་བབས་ཀྱི་སྟེང་དུ་ཀླུ་བརྒྱད་ཀྱི་གདན། སྒོ་ཁྱུད་ཀྱི་ནང་བརྒྱད་དང་སྟེགས་བུ་བརྒྱད་ཀྱི་སྟེང་དུ། སྒོ་མཚམས་བཅུ་དྲུག་གི་མི་རོའི་གདན་ལ་གྲི་གུག་རེའོ། །ཚངས་ཐིག་མཚམས་ཐིག་གི་བར་གྱི་དབུས་ན་དུར་ཁྲོད་ཀྱི་མཚམས་ཡོད་སར་ཆུ་རིས་ཕྲ་མོ་གཅོད། འདིར་རི་དྭགས་འཁོར་ལོ་སོགས་དང༌། དུར་ཁྲོད་འཁོར་ལོ་དང་འཁོར་ཡུག་གི་མཚན་མ་འབྲི་མི་དགོས། ལྷག་མ་ཕལ་ཆེར་དུས་འཁོར་དང་མཚུངས་ཤིང༌། འདི་ཉིད་ཀྱི་མངོན་རྟོགས་ལས་ཀྱང་གསལ་ལོ། །ཞེས་དུས་འཁོར་སྡོམ་ཆེན་གྱི་ཐིག་ཚོན་གསལ་བྱེད་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །།ཞུས་དགདགེའོ། །

དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དང་འགྲེལ་པའི་ཕྱག་རྒྱའི་རྣམ་གྲངས་རབ་གསལ་སྣང་བ།


TNT02_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དང་འགྲེལ་པའི་ཕྱག་རྒྱའི་རྣམ་གྲངས་རབ་གསལ་སྣང་བ་བཞུགས།


TNT02_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ན་མཿཤྲཱི་ཀཱ་ཡ་ཙཀྲཱ་ཡ། ཕྱག་རྒྱ་ཆེན་མོས་རབ་འཁྱུད་པའི། །དུས་ཀྱི་འཁོར་ལོ་ལ་བཏུད་ནས། །དེའི་སྒྲུབ་ཐབས་དང་འབྲེལ་བའི། །ཕྱག་རྒྱའི་རྣམ་གྲངས་འདིར་བཤད་བྱ། །དེ་ཡང་ལག་པ་བསྒྱུར་བ་ཕྱག་རྒྱ་ཡིན། །སོར་མོ་མཉེད་པའང་དེ་བཞིན་ནོ། །ཞེས་པ་ལྟར་གཡོན་པ་དང་གཡས་པའི་ལག་པ་དག་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་ཞིང༌། དེ་དག་གི་སོར་མོ་རྣམས་ཀྱང་མཐེ་བོ་དང་མཛུབ་མོ་དང་གུང་མོ་དང༌། མིང་མེད་དང་མཐེ་ཆུང་རྣམས་རིམ་པ་ལྟར་རིགས་ལྔའི་རང་བཞིན་ཅན། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་ཀྱི་བསྡུས་པ་སྟེ། དྲི་དང་གཟུགས་དང་རོ་དང་རེག་བྱ་དང་སྒྲའི་ཡོན་ཏན་གྱི་དབང་གིས་སོ། །དེ་ལ་དང་པོར་ཐམས་ཅད་ལ་ཁྱབ་པར་ཀུན་ཏུ་འགྲོ་བ་རྒྱལ་བ་རིག་དྲུག་གི་ཕྱག་རྒྱ་ནི། ལག་པ་གཉིས་ཀའི་རྡོ་རྗེའི་


TNT02_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་ཚུར་བཅིངས་པས་མཐེ་བོ་བསྡམས་པ་དག་བརླ་གཡས་གཡོན་གྱི་སྟེང་དུ་རྡོ་རྗེའི་འདུག་སྟངས་ལ་གནས་པ་ནི་རྒྱལ་བའི་བདག་པོ་རྡོ་རྗེ་སེམས་དཔའི་ཕྱག་རྒྱའོ། །སྐྱིལ་ཀྲུང་གི་སྟེང་དུ་ལག་པ་གཡོན་པ་གན་རྐྱལ་དང༌། གཡས་པུས་མོའི་སྟེང་ནས་ཁ་ཕུབ་ཏུ་ས་ལ་རེག་པར་གནས་པ་ནི་མི་བསྐྱོད་པའི་ཕྱག་རྒྱའོ། །གཞན་གོང་དང་འདྲ་བ་ལ་ལག་པ་གཡས་པ་གན་རྐྱལ་དུ་བྱས་པ་ནི་རིན་ཆེན་འབྱུང་ལྡན་གྱི་མཆོག་སྦྱིན་གྱི་ཕྱག་རྒྱའོ། །སྐྱིལ་ཀྲུང་ལག་པ་གཡོན་པའི་སྟེང་དུ་གཡས་པ་གན་རྐྱལ་དུ་མཉམ་པར་བྱས་པ་ནི་སྣང་བ་མཐའ་ཡས་ཀྱི་ཏིང་ངེ་འཛིན་གྱི་ཕྱག་རྒྱའོ། །གཡོན་པ་སྔར་བཞིན་ལ་ལག་པ་གཡས་པུས་མོ་གཡས་པའི་སྟེང་དུ་འཇིགས་པ་མེད་པ་སྦྱིན་པའི་རྣམ་པ་ནི་དོན་ཡོད་གྲུབ་པའི་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱའོ། །གཡོན་པ་ཁུ་ཚུར་གྱི་འཛུབ་མོ་སྟེང་དུ་གཡས་པའི་ཁུ་ཚུར་ལ་ཞུགས་པ་སྙིང་གར་གནས་པ་ནི་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་མཆོག་གི་ཕྱག་རྒྱའོ། །དེ་བཞིན་ཏུ་གཞན་པ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ནི་ལག་པ་གཉིས་ཀའི་མཛུབ་མོ་དང་མཐེ་བོ་སྦྱར་བ་གདུབ་བུ་བཞིན་དུ་བྱས། གཡོན་པའི་སེར་མོ་འདུས་པ་ལ་གཡས་པའི་སེན་མོ་འདུས་པ་སྟོན་པའི་སྦྱོར་བས་གུང་མོ་ལ་སོགས་པ་བརྐྱང་ཞིང་མིང་མེད་མཐེ་ཆུང་ཅུང་ཟད་


TNT02_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཕྱོགས་པ་སྙིང་གར་གནས་པའོ། །དེ་ནས་གང་ལ་རིགས་ཐམས་ཅད་བསྲུང་ཞིང་སྡིག་པའི་དྲི་མ་འཕྲོག་ལ། རྣམ་པར་དག་པ་མཆོག་ཏུ་འགྱུར་བ་མཆོག་གི་ཕྱག་རྒྱ་རྡོ་རྗེ་རྩེ་མོ་ལྔ་པའི་ཕྱག་རྒྱ་ནི། ལག་པ་གཡོན་པ་དབྱངས་ཐུང་ངུ་བསྐྱེད་རིམ་ལས་ཟླ་བ་དང༌། གཡས་པ་རིང་པོ་བསྡུད་རིམ་ལས་ཉི་མ་དང༌། གཉིས་ཀ་སྦྱར་བ་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་རྩེ་མོ་ལྔ་པར་བསྒོམ་ཞིང་ལག་པ་གཉིས་ཀ་སྤྲད་པའི་མཐེ་བོ་དག་སྦྱར་ཞིང༌། མཐེ་ཆུང་དག་ཀྱང་སྦྱར་ལ། གུང་མོ་གཉིས་དབུས་སུ་བརྐྱང་སྟེ་སྦྱར་ནས། དེ་དག་གི་རྒྱབ་ཏུ་མཛུབ་མོ་གཉིས་ཕྱེད་འཁྱོག་པ་ཟླ་བ་ཕྱེད་པའི་རྣམ་པ་དང༌། མིང་མེད་དག་བསྐུམ་ནས་ལག་པའི་ནང་དུ་གནས་པར་གྱུར་པ་སྟེ། གང་གང་བྱ་བ་ཉེ་བར་སྦྱོར་བར་འགྱུར་བར་ཡོན་ཏན་དབང་གིས་དེ་ལ་དེ་ནི་སྦྱར་བར་བྱ། །ཞེས་པ་ལྟར་ཡོ་བྱད་བྱིན་གྱིས་རློབས་པ་དང་གོ་ཆ་ཆེན་པོར་གྱུར་པ་ལ་སོགས་པ་ཕན་ཡོན་དཔག་ཏུ་མེད་པ་དང་ལྡན་པའོ། །དེ་བཞིན་དུ་ལག་པ་གཉིས་ཀའི་སོར་མོ་ལྔ་པོ་སོ་སོར་གུང་མོ་དབུས་སུ་བསྒྲེང་ནས་གཞན་བཞིས་མཐའ་ནས་སྐྱོར་བ་ནི་རྡོ་རྗེའི་ཕྱག་རྒྱས་གཞན་ཏེ་ཤེས་རབ་ལ་འཁྱུད་པའི་དོན་ཏུའོ། །ལག་པ་དག་རྡོ་རྗེའི་ཁུ་ཚུར་བཅིངས་ཏེ་གཡས་པ་དང་གཡོན་པའི་འཁྲིག་མ་སྟེང་འོག་ཏུ་ཞུགས་ཤིང་དཔུང་པ་དང་ཉེ་བས་དཔུང་པའི་


TNT02_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་ཀྱི་སྟེང་དུ་གནས་པ་དང༌། དེ་བཞིན་དུ་ལག་པ་གཡོན་པ་ཡང་རྡོ་རྗེ་ཁུ་ཚུར་བཅིངས་ཏེ་གནས་པ་ནི་ཁྲོ་བོའི་མགོན་པོ་རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་གཡས་པ་དང་གཡོན་པའི་ཁུ་ཚུར་གཉིས་སྟེང་འོག་ཏུ་རྒྱབ་སྦྱར་ཏེ་མཐེ་ཆུང་དག་དང་མཛུབ་མོ་དག་སོ་སོར་ལྕགས་ཀྱུའི་རྣམ་པར་བཅིངས་པ་སྙིང་གར་གནས་པ་ནི་གཙོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །དེ་ལ་ཕྱག་རྒྱ་དྲུག་ལ་སོགས་པ་དགོད་པའི་དོན་དུ། ལག་པ་གཡས་གཡོན་སྟེང་འོག་ཏུ་རྒྱབ་སྦྱར་ཏེ་སེར་མོ་རྣམས་བཀྲམ་པ་རྣ་བ་གཡོན་པའི་ཐད་དུ་འཁྱེར་བ་དང༌། དེ་ལས་བཟློག་སྟེ་རྣ་བ་གཡོན་པའི་ཐད་དུ་འཁྱེར་བ་ནི་རྣ་རྒྱན་གྱི་ཕྱག་རྒྱའོ། །ལག་པ་དག་གིས་སོར་མོ་དབུས་མ་གསུམ་སྦྱར་བའི་རྩེ་མོ་ཕན་ཚུན་སྤྲད་དེ། མཐེ་ཆུང་དང་མཐེ་བོ་ཁུ་ཚུར་བཅིངས་པ་རྐེད་པའི་ཐད་དུ་འཛིན་པ་སྐེ་རགས་ཀྱི་ཕྱག་རྒྱ་དང༌། ལག་པ་གཡས་གཡོན་སྟེང་འོག་ཏུ་རྒྱབ་སྦྱར་བའི་སོར་མོ་ཕན་ཚུན་བཅིངས་པ་མགུལ་པའི་ཐད་དུ་འཕྱང་བའི་ཚུལ་གྱིས་འཛིན་པ་ནི་མགུལ་རྒྱན་གྱི་ཕྱག་རྒྱའོ། །ལག་པ་དག་གིས་མཐེ་བོ་དག་ཕན་ཚུན་སྦྱར་ཞིང་མཛུབ་མོ་དག་ཀྱང་སྦྱར་ནས་ཟླུམ་བསྐོར་ལྟར་བྱས་ཏེ་སོར་མོ་ལྷག་མ་རྣམས་ཁུ་ཚུར་བཅིངས་པ་གཡོན་དང་གཡས་སུ་འཁྱཻར་པ་ནི་ལག་གདུབ་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཀའི་མཐེ་བོ་


TNT02_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་གུང་པོ་གཉིས་སྦྱར་ཏེ་ཟླུམ་བསྐོར་ལྟར་བྱས་ནས་རྐང་པ་གཡོན་དང་གཡས་ཀྱི་ཐད་དུ་འཁྱེར་བ་ནི་རྐང་གདུབ་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་ཁུ་ཚུར་བྱས་ཏེ་མཐེ་བོ་དང་མཛུབ་མོ་དག་སོ་སོར་སྦྱར་བ་བརྐྱང་ནས་ཁ་སྤྲད་པ་སྤྱིར་བོར་འཛིན་པ་ནི་ཅོད་པན་ནམ་ནོར་བུའི་ཕྱག་རྒྱའོ། །དེ་བཞིན་དུ་དེ་དང་དེའི་སྦྱོར་བས་དེ་དང་དེའི་ཕྱག་རྒྱར་འགྱུར་ཞེས་པ་ལྟར་ཐལ་ཆེན་གྱིས་བྱུག་པའི་རྣམ་པ་དང་ཟླ་ཕྱེད་དར་དཔྱངས་བཅིངས་པའི་རྣམ་པ་དང༌། མཆོད་ཕྱིར་ཐོགས་འཆིང་པའི་རྣམ་པ་དང༌། སྟག་གི་པགས་པ་གོན་པའི་རྣམ་པ་དང༌། མགོ་བོའི་ཕྲེང་བ་འདོགས་པའི་རྣམ་པ་དང༌། ཐོད་པའི་ཕྲེང་བ་བཅིང་པའི་རྣམ་པས་ཀྱང་དེ་རྣམས་ཀྱི་ཕྱག་རྒྱར་འགྱུར་རོ། །དེ་ནས་མཚོན་ཆ་རྣམས་དགོད་པའི་དོན་དུ། རྡོ་རྗེའི་ཕྱག་རྒྱ་ནི་སྔར་བསྟན་པ་ཉིད་དེ། ལག་པ་གཡས་པས་གཡས་ཀྱི་ཕྱག་མཚན་རྣམས་གཡས་སུ་འགྱེད་པའི་རྣམ་པས་མིང་མེད་དང་མཐེ་ཆུང་གི་ཁུ་ཚུར་གྱི་ནང་དུ་མཐེ་བོ་བཅིངས་ཏེ་མཛུབ་མོ་དང་གུང་མོ་སྦྱར་ནས་བརྐྱང་པ་ནི་རལ་གྲིའི་ཕྱག་རྒྱའོ། །མཐེ་ཆུང་གིས་མཐེ་བོ་མནན་ཏེ་སོར་མོ་དབུས་མ་གསུམ་ཕྲལ་ཞིང་བརྐྱང་པ་ནི་རྩེ་གསུམ་གྱི་ཕྱག་རྒྱའོ། ཁུ་ཚུར་བཅིངས་ཏེ་མཐེ་ཆུང་ཟླ་བ་ཕྱེད་པའི་རྣམ་པར་བཀུག་པ་ནི་གྲི་གུག་གི་ཕྱག་རྒྱའོ། །རྣ་བའི་སྟེང་དུ་ཁུ་ཚུར་བཅིངས་ཏེ་གུང་མོའི་སྟེང་དུ་མཐེ་བོ་དང་འོག་ཏུ་མཛུབ་མོ་


TNT02_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ནས་བརྐྱང་པ་ནི་མདའི་ཕྱག་རྒྱའོ། ཁུ་ཚུར་གྱི་སྟེང་དུ་མཛུམ་མོ་ལྕགས་ཀྱུའི་རྣམ་པར་འཁྱོག་པ་ནི་ལྕགས་ཀྱུའི་ཕྱག་རྒྱའོ། །གུང་མོ་དང་མིང་མེད་དག་གིས་ཁུ་ཚུར་བཅིངས་ཤིང་མཛུབ་མོ་ལྕགས་ཀྱུའི་རྣམ་པ་དང༌། མཐེ་བོའི་སོར་མོའི་སྟེང་དུ་མཐེ་ཆུང་ཕྱེད་འཁྱོགས་པ་ནི་ཌ་མ་རུའི་ཕྱག་རྒྱའོ། ཁུ་ཚུར་བཅིངས་པ་ནི་ཐོ་བའི་ཕྱག་རྒྱའོ། །གཡས་པའི་སོར་མོ་ཐམས་ཅད་རྩིབས་ཀྱི་རྣམ་པར་བརྐྱང་པ་ནི་འཁོར་ལོའི་ཕྱག་རྒྱ་སྟེ། ཡང་ན་ལག་པ་གཉིས་ཀའི་མཐིལ་སྦྱར་ནས། སོར་མོ་རྣམས་རྩིབས་ཀྱི་རྣམ་པར་བྱས་པའོ། །མཐེ་ཆུང་དང་མིང་མེད་དང་མཛུབ་མོ་རྣམས་རྩ་བར་བཀུག་པ་མཐེ་བོས་མནན་ཏེ་གུང་མོའི་སྟེང་དུ་བརྐྱང་པ་ནི་མདུང་གི་ཕྱག་རྒྱའོ། ཁུ་ཚུར་བཅས་ཏེ་དཔུང་པ་བརྐྱང་པ་ནི་དབྱུག་པའི་ཕྱག་རྒྱའོ། །སོར་མོ་གཞིབས་ཏེ་བརྐྱང་ནས་མཐེ་བོ་གྱེན་དུ་བསླང་པ་ནི་དགྲ་སྟའི་ཕྱག་རྒྱའོ། །དེ་བཞིན་ཏུ་ལག་པ་གཡོན་པས་གཡོན་གྱི་ཕྱག་མཚན་རྣམས་གཡོན་དུ་འགྱེད་པའི་རྣམ་པས་ཁུ་ཚུར་གཡོན་པ་ཅུང་ཟད་ཕྱེ་སྟེ་ཁ་ཕུབ་པའི་སྟེང་དུ་ཁུ་ཚུར་གཡས་པ་བཞག་པ་ནི་དྲིལ་བུའི་ཕྱག་རྒྱའོ། །དཔུང་པ་གཡོན་པ་བརྐྱང་སྟེ་ལག་མཐིལ་སྟེང་དུ་སོན་པ་མི་འཇིགས་པའི་ཕྱག་རྒྱ་ལྟར་གྱུར་པ་ནི་ཕུབ་ཀྱི་ཕྱག་རྒྱའོ། །མཛུབ་མོ་དང་གུང་མོ་དང་མིང་མེད་རྣམས་གཞིབས་པ་དང༌། མཐེ་བོ་སྦྱར་


TNT02_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཁུ་ཚུར་བུག་པ་ཅན་དུ་བྱས་ཏེ། མཐེ་ཆུང་སྟེང་དུ་བརྐྱང་ནས་ཕྲག་པའི་གནས་སུ་འཕྱར་བ་ནི་ཁ་ཊྭཱཾ་གའི་ཕྱག་རྒྱའོ། །སོར་མོ་རྣམས་བུག་པ་མེད་པའི་ལག་པ་པདྨ་ལྟ་བུ་གན་རྐྱལ་ནི་ཐོད་པའི་ཕྱག་རྒྱའོ། ཁུ་ཚུར་བཅས་ཏེ་ལག་པ་གན་རྐྱལ་དུ་བརྐྱངས་པ་ནི་གཞུའི་ཕྱག་རྒྱའོ། །གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གུང་མོ་ལ་མཛུབ་མོ་འཁྱོག་པོ་བརྟེན་པའི་བར་དུ་བུག་པ་དང་བཅས་པ་ནི་ཞགས་པའི་ཕྱག་རྒྱའོ། །སོར་མོ་ལྔ་པོར་དབུས་ནས་གུང་མོ་སྟེང་དུ་བརྐྱང་སྟེ་བཞི་ཡིས་མཐའ་ནས་སྐྱོར་པ་ནི་རིན་པོ་ཆེའི་ཕྱག་རྒྱའོ། །གཡོན་པའི་མཐེ་བོ་དང་མཐེ་ཆུང་སྦྱར་བ་འདབ་མ་གཅིག་དང༌། སོར་མོ་གཞན་གསུམ་འདབ་མ་རེ་རེ་བྱས་ཏེ་འདབ་མ་བཞི་གྱེན་དུ་བསྟན་པ་ནི་པདྨའི་ཕྱག་རྒྱ་སྟེ། ཡང་ན་ལག་པ་གཉིས་ཀའི་མཐེ་བོ་གཉིས་དང་མཐེ་ཆུང་གཉིས་སྦྱར་བ་འདབ་མ་རེ་རེར་བྱས་ཏེ་ཁ་ཕྱེ་བ་འདབ་མ་བརྒྱད་པའོ། །ཁུ་ཚུར་བཅས་ཏེ་མཐེ་བོ་དང་མཛུབ་མོ་སྦྱར་ནས་བརྐྱང་པ་ནི་དུང་གི་ཕྱག་རྒྱའོ། །གཡོན་པའི་སོར་མོ་རྣམས་བུག་པ་མེད་པར་སྦྱར་ནས་ལག་མཐིལ་མཉམ་པ་མངོན་དུ་ཕྱོགས་པ་ནི་མེ་ལོང་གི་ཕྱག་རྒྱའོ། །མཐེ་བོའི་སྟེང་དུ་མཛུབ་མོ་འཁྱག་པོ་ཟླུམ་པོའི་རྣམ་པ་དང༌། དེའི་སྟེང་དུ་གུང་མོ་དག་དེའི་སྟེང་དུ་མིང་མེད་དང་དེའི་སྟེང་དུ་མཐེ་ཆུང་རྣམས་བཀལ་ཞིང་སྦྱར་བ་ནི་ལྕགས་སྒྲོག་གི་ཕྱག་རྒྱའོ། །མཐེ་བོ་ལ་སོགས་


TNT02_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞི་ཕན་ཚུན་སྦྱར་ཏེ་འོག་ཏུ་ཕྱོགས་པ་གདོང་གི་རྣམ་པ་དང༌། མཐེ་ཆུང་བསྐུམ་ནས་ནང་དུ་བཙུགས་པ་ནི་ཚངས་པའི་མགོ་བོའི་ཕྱག་རྒྱའོ། །ལག་པ་གཉིས་ཀའི་སྡིགས་མཛུབ་དང་བཅས་པའི་ཁུ་ཚུར་སྟེང་དུ་འཕྱར་བ་ནི་གླང་པོ་ཆེའི་པགས་པའི་ཕྱག་རྒྱའོ། །དེ་ནས་ཀླུའི་རྣམ་རྒྱན་རྣམས་དགོད་པའི་དོན་དུ། ལག་པ་གཡོན་པའི་གྲུ་མོའི་ཚིགས་ཀྱི་སྟེང་དུ་གཡས་པའི་གྲུ་མོ་བཞག་སྟེ་སོར་མོ་རྣམས་གདེངས་ཀའི་རྣམ་པར་གཡོ་བ་དང་བཅས་པ་དང༌། ཡང་དེ་ལས་བཟློག་སྟེ་གཡས་པའི་གྲུ་མོ་ལ་གཡོན་པའི་གྲུ་མོ་བཞག་སྟེ་སོར་མོ་སྔར་བཞིན་བྱས་པ་རེ་མོས་ཀྱིས་ཅོད་པན་དང་དར་དཔྱངས་ལ་སོགས་པའི་གནས་རྣམས་སུ་རིམ་པ་བཞིན་སྟོན་པ་ནི་ཀླུའི་རྒྱལ་པོ་རྣམས་ཀྱི་ཕྱག་རྒྱའོ། །ལག་པ་གཅིག་གམ་གཉིས་ཀའི་མཐིལ་དུ་སོར་མོ་ལྔ་པོ་རྣམས་ཕྱེད་འཁྱོག་པ་སེང་གེའི་སྡེར་མོའི་རྣམ་པ་ནི་སྡེར་མོ་ཅན་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱ་སྟེ། ཁྱིའི་ཕྱག་རྒྱའང་དེ་ཉིད་དོ། །ལག་པ་དག་གི་རྒྱབ་སྦྱར་ནས་མཐེ་ཆུང་གཉིས་ཕན་ཚུན་བཅིངས་ཤིང་མཛུབ་མོ་དང་གུང་མོ་དང་སྲིན་ལག་རྣམས་གཞིབས་ཏེ་བརྐྱང་ནས། མཐེ་བོ་དག་གིས་གདོང་སྦྱར་བ་ནི་བྱ་ཁྱུང་གི་ཕྱག་རྒྱའོ། །དེ་བཞིན་དུ་སོར་མོ་ལྔ་མོའི་རྩེ་མོའི་ཚིགས་འཁྱོག་པ་སྟོན་པ་ནི་གདེངས་ཅན་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་ཀའི་གུང་མོ་དང་མིང་མེད་མཐེ་ཆུང་རྣམས་ཀྱང་


TNT02_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་སྟེ། མཛུབ་མོ་གཉིས་འདུད་ཅིང་མཐེ་བོ་དག་སྦྱར་བ། མགོ་བོའི་སྟེང་དུ་ཁ་འོག་ཏུ་བསྟན་པ་ནི་འབར་བའི་ཕྱག་རྒྱའོ། །གཞན་སྔར་དང་འདྲ་བ་ལ་མཛུབ་མོ་དག་ཀྱང་བརྐྱང་པ་ནི་འབར་བའི་ཕྱག་རྒྱ་གཉིས་པའོ། །དེ་ནས་མཆོད་པ་འབུལ་བའི་དོན་དུ། སྒེག་པའི་སྦྱོར་བ་ཡིས་ནི་སྒེག་པར་འགྱུར་ཏེ་མི་ཡི་བདག་པོ་བཤད་པའི་སྦྱོར་བས་བཞད་པའོ། །གར་གྱི་སྦྱོར་བ་ཡིས་ནི་གར་དུ་འགྱུར་ཏེ་རྣམ་པ་མང་མོའི་རོལ་མོའི་སྦྱོར་བས་རོལ་མོའོ། །གླུའི་སྦྱོར་བ་ཡིས་ནི་གླུ་སྟེ་མཆོག་གི་ཡོན་ཏན་རྣམ་མང་དྲིའི་སྦྱོར་བ་དག་གིས་དྲི། །ཕྲེང་བའི་སྦྱོར་བ་ཡིས་ནི་ཕྲེང་བར་འགྱུར་ཏེ་ཡོན་ཏན་དབང་གིས་སྤོས་ཀྱི་སྦྱོར་བ་དག་གིས་སྤོས། །མར་མེའི་རྣམ་པས་མར་མེ་ངེས་པར་མུན་པ་བཅོམ་པ་དང་ནི་སྣོད་ཀྱི་ཕྱག་རྒྱ་བདུད་རྩིར་འགྱུར། །ཞེས་པ་ལ་སོགས་པ་གསུངས་པ་ལྟར། ཐམས་ཅད་ལ་ཡང་ཐོག་མར་ཐལ་མོ་སྙིང་གར་སྦྱར་ནས་དེ་ནས་པད་བསྐོར་སྔོན་དུ་འགྲོ་བས། སོ་སོའི་ཕྱག་རྒྱ་བྱས་པའི་མཐར་ཡང༌། རྡོ་རྗེ་བསྡུ་བས་སེ་གོལ་བྱའོ། །དེ་ལ་མཆོད་པ་བཅུ་གཉིས་ཀྱི་ཕྱག་རྒྱ་ནི། ལག་པ་གཉིས་ཀའི་ཐལ་མོ་མདུན་དུ་བརྐྱང་ནས་དྲི་འཇུག་པའི་ཚུལ་བྱེད་པ་ནི་དྲིའི་ཕྱག་རྒྱའོ། ཁུ་ཚུར་གཉིས་ཀྱིས་མེ་ཏོག་ཕྲེང་བ་འཛིན་པའི་ཚུལ་བྱེད་པ་ནི་མེ་ཏོག་གི་ཕྱག་རྒྱ་སྟེ། མེ་ཏོག་སིལ་མ་འབུལ་བ་ནི་འཐོར་བའི་རྣམ་པར་ཡང་བྱའོ། ཁུ་ཚུར་གཉིས་ཐུར་ལ་


TNT02_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཕུབ་ནས་སྤོས་འཐུལ་བའི་རྣམ་པ་ནི་བདུག་སྤོས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེ་བོ་བསྒྲེང་པ་ནི་མར་མེའི་ཕྱག་རྒྱའོ། །ལག་པ་གཡོན་པ་སྣོད་ཀྱི་ཚུལ་དང༌། གཡས་པས་འབུལ་བའི་ཚུལ་གྱིས་མཐར་གཉིས་ཀའི་མཐིལ་གྱེན་ལ་བསྟན་པ་ཞལ་ཟས་ཀྱི་ཕྱག་རྒྱའོ། །དང་པོར་སོར་མོ་ཕན་ཚུན་རྩེ་སྤྲད་པའི་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ། དེ་ནས་ཁུ་ཚུར་གཉིས་གྱེན་དུ་ཕྱོགས་པས་བདུད་རྩིའི་འབྲས་བུ་འཛིན་པའི་ཚུལ་ནི་འབྲས་བུ་མ་ཉམས་པའི་ཕྱག་རྒྱའོ། ཁུ་ཚུར་གཉིས་དཀུ་གཡས་གཡོན་དུ་བཙུགས་ཏེ་གྲུབ་མོ་གདེངས་ནས་མགོ་གཡོན་དུ་དུད་པའི་རྗེས་ལ་ཁུ་ཚུར་གཉིས་ཀྱིས་གོས་དང་རྒྱན་འབུལ་བ་ལྟར་བྱེད་པ་ནི་སྒེག་མོའི་ཕྱག་རྒྱའོ། ཁུ་ཚུར་གཉིས་ཁ་ཕྱིར་བསྟན་པ་ལ་ཁའི་འགྲམ་དུ་བཞག་པའི་རྗེས་སུ་གཡོན་པའི་ཁུ་ཚུར་དྲིལ་བུ་འཛིན་པ་ལྟར་ཐུར་དུ་ཕུབ་ནས་གཡས་པའི་མཐིལ་མེ་ལོང་ལྟར་ཕྱིར་ལ་བསྟན་པ་ནི་བཞད་མའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་རྔ་ཟླུམ་བརྡུང་བའི་ཚུལ་ནི་རོལ་མོའི་ཕྱག་རྒྱའོ། ལག་པ་གཡས་གཡོན་རེ་མོས་སུ་བསྐོར་ཞིང༌། གཅིག་སྤྱི་བོར་གན་རྐྱལ་དང་གཅིག་སྟ་ཟུར་དུ་ཁས་ཕུབ་ཏུ་འཛིན་པ་ནི་གར་མའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་གན་རྐྱལ་དུ་འོངས་ཏེ་ཁ་ནས་ཚིག་འབྱིན་པའི་ཚུལ་བྱས་པའི་རྗེས་ལ་མདུན་ཏུ་ཏིང་ཤགས་འཁྲོལ་བའི་རྣམ་པ་ནི་གླུ་མའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་འཁྱུད་པའི་ཚུལ་ལམ་ཡང་ན་སྔར་བཤད་པའི་ཤེས་རབ་ལ་འཁྱུད་པའི་


TNT02_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཕྱག་རྒྱས་འཁྱུད་པའི་ཚུལ་བྱེད་པ་ནི་འདོད་མའི་ཕྱག་རྒྱའོ། །སྐབས་ཇི་ལྟ་བར་ཆུ་བཞི་དབུལ་བའི་དོན་དུ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བས་མཆོད་ཡོན་གྱི་སྣོད་བཟུང་སྟེ་བཟེད་ཞལ་དུ་འབུལ་བའི་རྣམ་པ་བྱེད་པ་ནི་མཆོད་ཡོན་གྱི་ཕྱག་རྒྱའོ། ཁུ་ཚུར་གཡས་པ་འོག་ཏུ་བསྟན་པའི་མཐེ་བོ་དང་མཛུབ་མོའི་སྐམ་པས་ཞབས་བསིལ་གྱི་ཆུ་དང་མེ་ཏོག་བླངས་ཏེ་འགྱིང་བའི་ཚུལ་གྱིས་བསྐོར་ཞིང་སྟེང་དུ་ཕྱོགས་པས་མཛུབ་མོ་དང་གུང་མོ་དང་སྲིན་ལག་དང་མཐེ་ཆུང་རྣམས་རིམ་པས་བཀྲོལ་ནས་བཟེད་ཞལ་དུ་འབུལ་བའམ། འབུལ་བའི་ཚུལ་བྱེད་པ་ནི་ཞབས་བསིལ་གྱི་ཕྱག་རྒྱའོ། །ལག་པ་གཡས་པས་ཀུ་ཤའི་ཆུན་པོས་དྲི་བཟང་པོའི་ཆུ་བླངས་ཏེ་འཐོར་བའམ་འཐོར་པའི་ཚུལ་བྱེད་པ་ནི་བསང་གཏོར་གྱི་ཕྱག་རྒྱའོ། །གཡས་པའི་ཁུ་ཚུར་གན་རྐྱལ་དུ་བྱས་པའི་མཐེ་བོང་མཛུབ་མོའི་སྐམ་པས་ཆུ་དང་མེ་ཏོག་བཟུང་སྟེ་འགྱིང་བའི་ཚུལ་གྱིས་བསྐོར་ཞིང་འོག་ཏུ་ཕྱོགས་པས་མཐེ་ཆུང་དང་སྲིན་ལག་དང་གུང་མོ་དང་མཛུབ་མོ་རྣམས་རིམ་པས་བཀྲོལ་ནས་བཟེད་ཞལ་དུ་འབུལ་བའམ་འབུལ་བའི་ཚུལ་བྱེད་པ་ནི་ཞལ་བསིལ་གྱི་ཕྱག་རྒྱའོ། །རིན་ཆེན་ཨིནྡྲ་གསེར་གྱི་མེ་ཏོག་དང་ནི་རྣམ་མང་གོས་དང་དྲི་དང་སྤོས་དང་མར་མེ་དང༌། །དྲིལ་བུ་མེ་ལོང་བླ་རེ་དག་དང་རྣམ་མང་འབྲས་བུ་བ་དན་སོགས་དང་གར་དང་རོལ་མོ་ཡིས། །རྣམ་བཀྲ་མཆོད་པ་བྱས་ཏེ་ཞེས་བཅུ་གསུམ་གསུངས་པའི་གཞན་རྣམས་ཀྱི་ཕྱག་རྒྱ་ནི་སྔར་བསྟན་


TNT02_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་ཡིན་ལ། རྡོ་རྗེའི་ཐལ་མོ་གཉིས་བརྐྱང་ནས་ན་བཟའ་འབུལ་བ་དང་ཁུ་ཚུར་གཉིས་ཀྱིས་བསྐོན་པའི་ཚུལ་བྱེད་པ་ནི་གོས་ཀྱི་ཕྱག་རྒྱའོ། །ལག་པ་གཡོན་པ་པང་བར་མཉམ་བཞག་བྱས་ནས་གཡས་པ་ཁ་ཕུབ་སྟེ་ནམ་མཁའ་ལ་ཡོངས་སུ་བསྐོར་བ་ནི་བླ་རེའི་ཕྱག་རྒྱའོ། །ལག་པ་གཉིས་ཀའི་སོར་མོ་རྣམས་མཉམ་པར་གཞིབས་ཏེ། གཡས་པའི་མཐིལ་ཏུ་གཡོན་པ་གྱེན་ལ་བསླང་ནས་བཞག་ནི་བ་དན་གྱི་ཕྱག་[འཇམ་དཔལ་རྩ་རྒྱུད་ལས་]རྒྱའོ། །རིན་ཆེན་བདུན་དང་འདོད་ཡོན་ལྔའི་ཕྱག་རྒྱ་ནི་ཡོངས་སུ་གྲགས་པ་དང་མཐུན་པ་ཉིད་དོ། །ནང་མཆོད་འབུལ་བའི་ཕྱག་རྒྱ་ནི་སོར་མོ་ལྔ་ཁམས་ལྔར་གནས་པའི་སྲིན་ལག་རླུང་མཐེ་བོའི་སའི་ཁམས་ཐབས་དང་ཤེས་རབ་ཀྱི་མཛུབ་མོ་སྦྱར་བ་ཁ་འོག་ཏུ་ཕྱོགས་པས་བླངས་ནས་སྟེང་དུ་ཕྱོགས་པ་མཆོག་སྦྱིན་གྱི་ཚུལ་གྱི་འབུལ་བའོ། །[གདན་བཞིར་]འཐེབ་སྲིན་སྦྱར་བས་བླངས་པས་བདུད་རྩི་ལྕེ་རྩེ་དང་སྨིན་མའི་དབུས་དང་སྤྱི་གཙུག་རྣམས་སུ་འཐོར་བ་ནི་རང་གི་ལུས་ཀྱི་ལྷ་མཆོད་པའི་ཕྱག་རྒྱའོ། །གཏོར་མ་འབུལ་བའི་ཕྱག་རྒྱ་ནི་ཕྱག་མཚན་དགོད་པའི་སྐབས་སུ་བཤད་ཟིན་པ་ལྟར་ཤེས་པར་བྱའོ། །ཕྱག་རྒྱའི་རྣམ་གྲངས་རབ་གསལ་བ། །རྒྱུད་འགྲེལ་གཞུང་ལ་གཞི་བྱས་ཏེ། །བླ་མའི་མན་ངག་གིས་བརྒྱན་ནས། །བློ་གྲོས་རྒྱལ་མཚན་དཔལ་གྱིས་བྲིས། །སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན། །རྣམ་པར་དག་པ་ལ་བརྟེན་


TNT02_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སྐལ་ལྡན་འགྲོ་བ་མ་ལུས་པས། །ཕྱག་རྒྱ་ཆེན་པོ་ཐོབ་གྱུར་ཅིག །བཀྲ་ཤིས། སརྦ་མངྒ་ལམ། དེ་ལ་དགུག་པའི་སྔགས་ཛཿགི་དུས་སུ་ལྕགས་ཀྱུའི་ཕྱག་རྒྱ་དང༌། ཧཱུཾ་ཤེས་རབ་མཐར་བྱེད། [ལྷོ་སྒོར་]ཅེས་པ་ལ་རྡོ་རྗེའི་ཕྱག་རྒྱ་དང༌། བཾ་གཤིན་རྗེ་མཐར་བྱེད།[ནུབ་སྒོར་]ཅེས་པས་ཞགས་པ་དང༌། ཧོཿཔདྨ་མཐར་བྱེད།[བྱང་སྒོར་]ཅེས་པ་ལ་དྲིལ་བུ་དང༌། ཧི་བགེགས་མཐར་བྱེད།[ཤར་སྒོར་]ཅེས་པ་ལ་དབྱུག་པའི་ཕྱག་རྒྱ་རྣམས་དགོས་སོ། །)


TNT02_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིས་འདྲ་མིན་ཡོད།


TNT02_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དུས་ཀྱི་འཁོར་ལོའི་བརྒྱུད་འདེབས།


TNT02_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་འཁོར་ལོའི་བརྒྱུད་འདེབས་ཞེས་བྱ་བ་བཞུགས།


TNT02_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ མཆོག་གི་དང་པོའི་མགོན་པོ་རྟག་པའི་དཔལ། །སེམས་ཉིད་རིན་ཆེན་རྡོ་རྗེ་རྣམ་བཞི་ཡི། །ལམ་གྱིས་རབ་སྦྱངས་སྐུ་བཞི་མངོན་གྱུར་པ། །ཆོས་ཀུན་མཉམ་ཉིད་ངོ་བོར་གསོལ་བ་འདེབས། །སྐུ་བཞི་དབྱེར་མེད་ཡན་ལག་བདུན་ལྡན་སྐུ། །ས་བཅུའི་དབང་ཕྱུག་མི་བདག་སྤྲུལ་པའི་སྐུ། །ཆོས་རྒྱལ་རིགས་ལྡན་འཁོར་དང་བཅས་རྣམས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇིག་རྟེན་མགོན་པོས་རྗེས་བཟུང་དུས་ཞབས་པ། །དེ་ཡི་ཞབས་བརྟེན་དུས་ཞབས་


TNT02_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དང༌། །རྒྱལ་སྲས་ཆེན་པོ་ནཱ་ལེནྡྲ་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རིག་པའི་གནས་ལྔ་ཕུལ་བྱིན་ཟླ་མགོན་ཞབས། །འཇིག་རྟེན་མིག་འབྱེད་འབྲོ་སྟོན་ཤེས་རབ་གྲགས། །རྡོ་རྗེ་ཐེག་པའི་སྲོག་ཤིང་དཀོན་མཆོག་སྲུངས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁས་གྲུབ་སྔགས་འཆང་སྒྲོ་སྟོན་གནམ་ལ་བརྩེགས། །གྲུབ་པའི་ཁྱུ་མཆོག་མི་བསྐྱོད་རྡོ་རྗེའི་ཞབས། །ཆོས་ཀྱི་དབང་ཕྱུག་མ་ལུས་ཆོས་ཀྱི་བདག །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ངོ་མཚར་བགྲངས་བཅས་མ་ཅིག་སྤྲུལ་སྐུ་དང༌། །ནམ་མཁའ་འོད་ཟེར་མཚན་འཆང་མཁས་པའི་ཕུལ། །སྔོན་གནས་རྗེས་དྲན་གྲུབ་ཐོབ་སེ་མོ་ཆེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇམ་དབྱངས་སྤྲུལ་པའི་ཤེས་རབ་འོད་ཟེར་དང༌། །རབ་གསལ་རྒྱལ་པོའི་རྣམ་འཕྲུལ་དགེ་སྟེང་པ། །སྲོག་འཛིན་རྒྱ་མཚོའི་མཐར་སོན་ཀུན་སྤངས་རྗེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྔོན་མཁྱེན་ཐོགས་མེད་རྒྱལ་བ་ཡེ་ཤེས་དང༌། །མཁས་བཙུན་གྲུབ་བརྙེས་ཡོན་


TNT02_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་རྒྱ་མཚོ་དང༌། །རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་ཇོ་ནང་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ལེགས་བཤད་རིན་ཆེན་འབྱུང་གནས་ཉ་དབོན་དང༌། །གྲུབ་ཆེན་འགྲན་ཟླ་མེད་པའི་ཀུན་བློ་བ། །ངེས་དོན་བསྟན་པའི་སྲོག་ཤིང་དཀོན་མཆོག་བཟང༌། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མདོ་སྔགས་ཀུན་ཆུབ་ནམ་མཁའ་ཆོས་སྐྱོང་དང༌། །མཁས་དབང་པཎ་ཆེན་ནམ་མཁའ་དཔལ་བཟང་པོ། །ལོ་ཆེན་མཚན་འཆང་རཏྣ་བྷ་དྲ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐོགས་མེད་བརྟུལ་ཞུགས་གྲུབ་པ་ཀུན་དགའི་མཚན། །གཉུག་མ་མངོན་གྱུར་ལུང་རིགས་རྒྱ་མཚོ་དང༌། །སྐྱབས་གནས་ཀུན་འདུས་ཀུན་དགའ་སྙིང་པོའི་ཞབས། །གསོལ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གསོལ་བ་འདེབས་སོ་ཀུན་མཁྱེན་ཇོ་ནང་བ། །གསོལ་བ་འདེབས་སོ་འགྲོ་དྲུག་བྱིན་གྱིས་རློབས། །སྔོན་འགྲོ་དབེན་པ་གསུམ་གྱིས་རྒྱུད་སྦྱངས་ཤིང༌། །དངོས་གཞི་ཡན་ལག་དྲུག་གི་སྦྱོར་བ་ཡིས། །མཐར་ཐུག་སྐུ་བཞི་རྡོ་རྗེ་རྣམ་པ་བཞི། །མྱུར་དུ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་སྦྱོར་དྲུག་


TNT02_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་ནང་ལུགས་ཀྱི་བརྒྱུད་འདེབས་ཏཱ་ར་ནཱ་ཐས་སྨྲས་པའོ། །སྔོན་སྦྱངས་མཁྱེན་པའི་རིན་ཆེན་རྒྱ་མཚོ་དང༌། །ཐར་པའི་ལམ་སྟོན་བློ་གྲོས་རྣམ་པར་རྒྱལ། །གྲུབ་པའི་མཆོག་གྱུར་ངག་དབང་འཕྲིན་ལས་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་རློབས། །མཐའ་འཁོབ་མུན་སེལ་ངག་དབང་རྣམ་རྒྱལ་དང༌། །དམ་ཆོས་དགའ་སྟོན་སྤེལ་མཛད་དར་རྒྱས་མཚན། །རྒྱལ་བ་ཀུན་དངོས་འཕྲིན་ལས་རྣམ་རྒྱལ་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གདམས་པའི་མཛོད་འཛིན་རང་བཞིན་ལྷུན་གྱིས་གྲུབ།། ཟབ་ལམ་མཐར་ཕྱིན་འཇིགས་མེད་རྣམ་རྒྱལ་དང༌། །དུས་འཁོར་བརྒྱུད་འདེབས་ཀྱི་ཁ་སྐོང་འདིའང་སྤྲུལ་སྐུ་འཇིགས་མེད་རྣམ་རྒྱལ་གྱིས་རི་ཁྲོད་དུ་ཐུན་མཚམས་སུ་བྲིས་པའོ། །རིགས་ཀུན་ཁྱབ་བདག་ཆོས་འཕེལ་རྒྱ་མཚོའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རིམ་གཉིས་མཐར་


TNT02_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

སོན་ཆོས་ཀྱི་འཕགས་པའི་ཞབས། །གཟུང་འཛིན་འཁྲུལ་ཟད་ཀུན་དགའ་དཔལ་ལྡན་རྗེ། །དབང་ལུང་གདམས་ངག་མཛོད་འཛིན་ཆོས་འབྱོར་ལ། །གསོལ་བ་འདེབས་སོ་བདག་བདག་རྒྱུད་བྱིན་གྱིས་རློབས། །གནས་ལུགས་གཤེགས་སྙིང་མངོན་གྱུར་མཁས་གྲུབ་དབང༌། །ཡི་དམ་ཞལ་གཟིགས་བསྟན་པ་གསལ་བྱེད་ཞབས། །རྒྱུད་སྡེ་རབ་འབྱམས་སྤྲོ་བསྡུ་རྡོ་རྗེ་བཟང༌། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྤྱོད་འཆང་རྣམ་འཕྲུལ་དཀོན་མཆོག་དར་རྒྱས་རྗེ། །གཞན་སྟོང་འཛམ་གླིང་ཁྱབ་མཛད་བློ་གྲོས་གྲགས། །དྲིན་ཅན་མངོན་གྱུར་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དུས་འཁོར་བརྒྱུད་འདེབས་ཁ་སྐོང་འཛམ་ཐང་གཙང་ཆེན་གཟིམ་ཁང་བདེ་ཆེན་བཤད་སྒྲུབ་དཔལ་གྱི་ཕོ་བྲང་གི་གདན་རབས་རིམ་བྱོན་ལྟར་བློ་བཟང་ཆོས་འཕེལ་བས་བྲིས་པའོ། །

དུས་འཁོར་ལྷ་དགུའི་སྒྲུབ་ཐབས་རྒྱས་པ།


TNT02_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

༄། དུས་འཁོར་ལྷ་དགུའི་སྒྲུབ་ཐབས་རྒྱས་པ་བཞུགས།


TNT02_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱཿ དཔལ་དུས་ཀྱི་འཁོར་ལོ་ལྷ་དགུའི་སྒྲུབ་ཐབས་རྒྱས་པ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་ཧཱུཾ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་


TNT02_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛོད་དུ་གསོལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ། མཧཱ་ས་མ་ཡ། སཏྭ་ཨཱཿཧཱུཾ་ཕཊ། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་


TNT02_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱོབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། དཔྲལ་བར་ཨོཾ་དཀར་པོ་ལས་སྣང་བ་མཐའ་ཡས་དཀར་པོ། མགྲིན་པར་ཨཱཿདམར་པོ་ལས་རིན་ཆེན་འབྱུང་ལྡན་དམར་པོ། སྙིང་གར་ཧཱུཾ་ནག་པོ་ལས་དོན་ཡོད་གྲུབ་པ་ནག་པོ། ལྟེ་བར་ཧོཿསེར་པོ་ལས་རྣམ་པར་སྣང་མཛད་སེར་པོ། གཙུག་ཏོར་དུ་ཧཾ་ལྗང་ཁུ་ལས་མི་བསྐྱོད་པ་ལྗང་ཁུ། གསང་བར་ཀྵཿསྔོན་པོ་ལས་རྡོ་རྗེ་སེམས་དཔའ་སྔོན་པོ་རྣམས་འཁོད་པར་གྱུར། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཾཿཧྲཱཿཧྲཱཿཧྲཱཿཧྲཱ་ར་ར་ར་ར་བཛྲ་ཨ་ན་ལ། སརྦ་ཨཱ་བ་ར་ཎ་དྷརྨཱ་པྲ་ལ་ཡ་སྭ་བྷཱ་ཝ། སརྦ་མཱ་ར་ཀཱ་ཡི་ཀ བིགྷྣཱཾ་བི་ནཱ་ཡ་ཀ་ཨཱ་དཱི་ནཱཾ། ད་ཤ་དིག་ག་ཏཱ་ནཱཾ། ཀཱ་ཡ་ཝཱཀ་ཙིཏྟཱ་ནི།


TNT02_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ད་ཧ་ད་ཧ། པ་ཙ་པ་ཙ། བྷསྨི་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་ལན་གསུམ་སོགས་འདོན་ནོ། །བདག་ཉིད་སྐད་ཅིག་གིས་དུས་ཀྱི་འཁོར་ལོའི་སྐུར་གསལ་བའི་སྙིང་གར་པཾ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཾ་ཡིག་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་མོ་ལྔ་པ་དང༌། དེ་ལས་རྡོ་རྗེ་ཉི་མ་བཞིན་དུ་འོད་ཟེར་ཁ་དོག་ལྔ་རྣམས་འཕྲོས་པས། བླ་མ་དང་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་རྣམ་པས། ནམ་མཁའི་མཐིལ་དུ་བཛྲ་ས་མཱ་ཛཿ འོད་ཟེར་གྱི་ཚོགས་རྣམས་རང་གི་སྙིང་གའི་རྡོ་རྗེ་ལ་ཞུགས་པར་གྱུར། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིགས་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །


TNT02_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཨོཾ་བཛྲ་གནྡྷེ་གནྡྷ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་མཱ་ལེ་མཱ་ལ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་དྷཱུ་པེ་དྷཱུ་པ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་པྲ་དཱི་པེ་པྲ་དཱི་པ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཨ་མྲི་ཏེ་ཎེ་ཝི་ཏྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཨཀྵ་ཏེ་ཨཀྵ་ཏ་ཕ་ལ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ལཱ་སྱ་ཝསྟྲ་ཨ་བྷ་ར་ཎ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཧཱ་སྱ་གྷཎྜ་ཨཱ་དརྴ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཝ་དྱེ་བ་དྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ནྲྀ་ཏྱེ་ནྲྀ་ཏྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་གཱི་ཏེ་གཱི་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཀཱ་མེ་སརྦ་བུདྡྷ་བོ་དྷི་སཏྭ་ནཱཾ་ཀྲོ་དྷ་ཨ་དཱི་ནཾ། བཛྲ་སཱུ་ར་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། སྲིད་འགྲོ་ཉམས་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་


TNT02_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་ནས་ནི། སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་རྣམ་མང་དགེ་བ་གང་མཛད་པ། །དེ་དག་མཐའ་དག་ལ་ནི་སྡིག་པ་རྣམ་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པས་རྗེས་ཡི་རང༌། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཕྲོག་པ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་ལུས་འབུལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་མྱ་ངན་མི་འདའ་ཡུན་རིང་བཞུགས་པར་གསོལ་བ་འདེབས། རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་འདིར་ནི་སྨོན་ལམ་སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ། །དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། ཨོཾ་ཤཱུནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྡོ་རྗེའི་རང་བཞིན་རྩིབས་བཅུ་པ་ཟླུམ་པོའི་དབུས་སུ་ཆོས་འབྱུང་ནམ་མཁའི་ཁམས་ལ། ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་དབུས་སུ་གཞུའི་རྣམ་པ་རྒྱལ་མཚན་གྱིས་


TNT02_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་དབུས་སུ་གྲུ་གསུམ་གྱི་རྣམ་པ་བཀྲ་ཤིས་ཀྱིས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་དབུས་སུ་ཟླུམ་པོའི་རྣམ་པ་པདྨས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་དབུས་སུ་གྲུ་བཞིའི་རྣམ་པ་རྡོ་རྗེས་མཚན་པ། དེ་ཐམས་ཅད་ཀྱི་སྟེང་དང་འོག་ཏུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གཉིས་གཉིས་དང་ལྡན་པར་གྱུར། སའི་སྟེང་དུ་མཾ་ལས་རི་རབ་ལྷུན་པོའོ། །དེའི་སྟེང་དུ་ཀྵཾ་ལས་སྣ་ཚོགས་ཆུ་སྐྱེས་ལྟེ་བ་པདྨའི་སུམ་ཆའི་ཚད་དང་ལྡན་པ། དེའི་སྟེང་དུ་ཧཾཾ་ལས་ཟླ་བའི་དཀྱིལ་འཁོར་པདྨའི་ལྟེ་བ་དང་མཉམ་པ། དེའི་སྟེང་དུ་རྣམ་པར་བཅས་པ་ལས་ཉི་མའི་དཀྱིལ་འཁོར་ཟླ་བ་དང་མཉམ་པ། དེའི་སྟེང་དུ་ཐིག་ལེ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་མཐོན་མཐིང་ཉི་མ་དང་མཉམ་པ། དེ་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་ལས་ཞེས་པའི་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས། འཇིག་རྟེན་གྱི་ཁམས་སྔ་མ་བཞིན་དུ་གྲུབ་པར་གྱུར། ལྷུན་པོའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་གུར་རབ་ཏུ་ཡངས་པའི་དབུས་སུ་


TNT02_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ས་གཞི་ཕྱོགས་ཀྱི་མདོག་ཅན་གྱི་གཞི་ལ་བྷྲུཾ་ཡོངས་སུ་གྱུར་པ་ལས། ཡེ་ཤེས་རིན་པོ་ཆེ་ལྔའི་རང་བཞིན་གྱི་དཀྱིལ་འཁོར་གྲུ་བཞི་པ་སྒོ་བཞི་དང་ལྡན་པ། ཀུན་ནས་དྭངས་ཤིང་སྒྲིབ་པ་མེད་ལ། ཕྱི་ནང་ཀུན་ཏུ་འོད་གསལ་ཞིང༌། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྒྱན་གྱི་རྣམ་པ་མཆོག་ཏུ་བཀྲ་བ་དུ་མས་མཛེས་པར་གྱུར། དབུས་སུ་སྣ་ཚོགས་པདྨའི་ལྟེ་བ་ལ་གནས་པའི། ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ། མཚན་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ། ཨ་ཨི་རྀ་ཨུ་ལྀ། ཨ་ཨེར་ཨོ་ཨལ། ཧ་ཡ་ར་བ་ལ་ཨཾ་ཞེས་པ་རྣམས་གཡོན་སྐོར་དང༌། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ་ཨཿཞེས་པ་རྣམས་གཡས་སྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་དབྱངས་དང་ལྡན་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་འོག་ཏུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ། ལླ་ཡྻ་ཌྜ་ལླ་ཡྻ་སྶ་ཥྵ་ཏྟ་དྡ་ནྣ། པྤ་ཕྥ་མྨ། ཌྜ་ཎྞ། ཙྩ་ཚྪ་ཛྫ་ཀྐ་ཁྑ་གྒ་གྷྒྷ་ཞེས་པ་རྣམས་གཡས་སྐོར་


TNT02_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ང་གྷ་ག་ཁ་ཀ ཉ་ཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། ྈྐ་ཤ་ཥ་ྉྤ་ས། ཧ་ཡ་ར་བ་ལ། ཌྷ་ཌ་ཡ་ཝ་ལ། ཞེས་པ་རྣམས་གཡོན་བསྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་གསལ་བྱེད་དང་ལྡན་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཟླ་བའི་དབུས་སུ་ཧཱུཾ་ཡིག་ཟླ་བའི་མཚན་མ་ལྟ་བུ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། དེ་རྣམས་གཅིག་ཏུ་གྱུར་པ་ཧི་ཡིག་དང་བཅས་པ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ལས་ལྷའི་སྐུའི་ཡོངས་སུ་རྫོགས་པ་ཧཾ་ཡིག་དང་བཅས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་རྣམ་འགྱེད་ཅིང༌། བདུད་དང་ཉོན་མོངས་པའི་སྙིང་གར་མནན་པའི་ཞབས་གཉིས་པ། མགྲིན་པ་གསུམ་པ། ཞལ་བཞི་པ། ཕྲག་པ་དྲུག་པ། དཔུང་པ་བཅུ་གཉིས་པ། ཕྱག་གི་པདྨ་ཉི་མ་ཉི་ཤུ་རྩ་བཞི་པ། མཚོན་ཆ་རྣམས་དང་རྡོ་རྗེའི་རྒྱན་གྱིས་རྣམ་པར་བརྒྱན་པ། ཞབས་གཡས་པ་དམར་པོ་བརྐྱང་པས་འདོད་ལྷ་དམར་པོ་གདོང་གཅིག་པ། ལག་པ་བཞིའི་གཡས་གཉིས་ཀྱིས་


TNT02_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་གི་མདའ་ལྔ་དང༌། ལྕགས་ཀྱུ་གཡོན་གཉིས་ཀྱིས་གཞུ་དང་ཞགས་པ་འཛིན་པའི་སྙིང་གར་མནན་པ། གཡོན་པ་དཀར་པོ་བསྐུམས་པས། དྲག་པོ་དཀར་པོ་གདོང་གཅིག་པ། མིག་གསུམ་པ། ལག་པ་བཞིའི་གཡས་གཉིས་ཀྱིས་རྩེ་གསུམ་དང་ཌཱ་མ་རུ། གཡོན་གཉིས་ཀྱིས་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པའི་སྙིང་གར་མནན་པ། བདུད་ཀྱི་དགའ་མ་དང༌། དྲག་པོའི་ཨུ་མ་དག་ནི་དམན་པའི་གདོང་གིས། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་ལ་འཛིན་པར་བྱེད་ཀྱང་གཡོ་བ་མེད་པར་གནས་པ། སྐུ་མདོག་སྔོན་པོ་གཡས་དང་གཡོན་དང་དབུས་ཀྱི་མགྲིན་པ་ཉི་མ་དང་ཟླ་བ་དང་བུང་བའི་མདོག་ཅན་མདུན་ཞལ་ནག་པོ་མཆེ་བ་ཕྱེད་གཙིགས་པ། གཡས་ཞལ་དམར་པོ་ཆགས་པ་དང་བཅས་པ། གཡོན་ཞལ་དཀར་པོ་རབ་ཏུ་ཞི་བ། རྒྱབ་ཞལ་སེར་པོ་ཏིང་ངེ་འཛིན་ལ་གནས་པ་སྟེ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པའོ། །རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། སྤྱི་གཙུག་ཏུ་རྡོ་རྗེ་ནོར་


TNT02_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དང༌། རྡོ་རྗེ་རྣ་རྒྱན་དང༌། རྡོ་རྗེ་མགུལ་རྒྱན་དང༌། རྡོ་རྗེ་གདུབ་བུ་དང༌། རྡོ་རྗེ་སྐ་རགས་དང༌། རྡོ་རྗེ་རྐང་གདུབ་དང༌། རྡོ་རྗེ་དར་དཔྱངས་དང༌། རྡོ་རྗེ་འཕྲེང་བ་དང༌། སྟག་གི་པགས་པའི་ན་བཟའ་དང་ལྡན་པ། གཡས་དང་གཡོན་གྱི་ཕྲག་པ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ། དེ་བཞིན་དུ་དཔུང་པ་གཉིས་ནག་པོ། གཉིས་དམར་པོ། གཉིས་དཀར་པོ། ཕྱག་ངར་བཞི་ནག་པོ། བཞི་དམར་པོ། བཞི་དཀར་པོ། དེ་དག་རེ་རེ་ལ་ཡང་སོར་གདུབ་རྣམས་ཀྱིས་སྤྲས་པའི་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེའུ་ཆུང་ལྗང་ཁུ། །དེ་རྣམས་རེ་རེ་ལའང་ཕྱག་གི་མཐིལ་ནས་བརྩམས་ཏེ་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོའོ། །དེ་ལྟ་བུའི་ཕྱག་གཡས་པ་རྣམས་ཀྱི་ནག་པོ་བཞིས། རྡོ་རྗེ། རལ་གྲི། རྩེ་གསུམ། གྲི་གུགདམར་པོ་བཞིས། མདའ། རྡོ་རྗེའི་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌ་མ་རུ། ཐོ་བ། དཀར་པོ་བཞིས། འཁོར་ལོ། མདུང༌། དབྱུག་པ། དགྲ་སྟ་རྣམས་


TNT02_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཞིང༌། གཡོན་པ་རྣམས་ཀྱི་ནག་པོ་བཞིས། རྡོ་རྗེ་དྲིལ་བུ། ཕུབ། ཁ་ཊྭཱཾ་ག་ཁ་ཕྱེ་བ། ཁྲག་གིས་གང་པའི་ཐོད་པ། དམར་པོ་བཞིས། གཞུ། ཞགས་པ། རིན་པོ་ཆེ། པདྨ་དཀར་པོ། དཀར་པོ་བཞིས། དུང༌། མེ་ལོང༌། རྡོ་རྗེ་ལྕགས་སྒྲོག ཚངས་པའི་མགོ་བོ་གདོང་བཞི་པ་པད་མས་སྤྲས་པ་འཛིན་ཞིང༌། ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ་སྟེ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དོན་དམ་པའི་བདེ་བའོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སེར་མོ། ཞལ་བཞི། ཕྱག་བརྒྱད་མ། བཅོམ་ལྡན་འདས་ཀྱི་ནུབ་ཞལ་གཙོ་བོར་བཞག་པ་ལྟ་བུར་མདུན་ཞལ་སེར་མོ། གཡས་ཞལ་དཀར་པོ། རྒྱབ་ཞལ་ནག་པོ། གཡོན་ཞལ་དམར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པའོ། །ཕྱག་གཡས་པ་རྣམས་ཀྱིས་གྲི་གུག ལྕགས་ཀྱུ། སྒྲ་དང་བཅས་པའི་ཌ་མ་རུ། བགྲང་ཕྲེང་རྣམས་འཛིན་ཞིང༌། གཡོན་པ་རྣམས་ཀྱིས་ཐོད་པ། ཞགས་པ། འདབ་མ་བརྒྱད་པའི་པདྨ་དཀར་པོ། རིན་པོ་ཆེ་


TNT02_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འཛིན་པ། རྡོ་རྗེ་སེམས་དཔའི་ཅོད་པན་ཅན། རུས་པའི་ཕྱག་རྒྱ་ལྔ་དང་ལྡན་པ། གཡོན་བརྐྱང་གིས་བཅོམ་ལྡན་འདས་ལ་འཁྲིལ་ཞིང༌། དེས་ཀྱང་སྙོམས་པར་ཞུགས་པ་སྟེ། རང་བཞིན་གྱིས་འོད་གསལ་བ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །འདབ་མ་བརྒྱད་ལ། ཤར་དུ་ནག་མོ་འབར་མ། ལྷོར་དམར་མོ་འབར་མ། བྱང་དུ་དཀར་མོ་འབར་མ། ནུབ་ཏུ་སེར་མོ་འབར་མ། མེར་དུ་བ་མ། བདེན་བྲལ་དུ་སྨིག་རྒྱུ་མ། དབང་ལྡན་དུ་མེ་ཁྱེར་མ། རླུང་དུ་མར་མེ་མ། དེ་རྣམས་ཀྱི་ཞལ་གྱི་ཁ་དོག་ནི་གཡས་བསྐོར་གྱིས། བུང་བའི་མདོག་ཅན་ཉིན་བྱེད་ལྟ་བུ་གསེར་དང་རྣམ་པར་དཀར་བའི་མདོག །པདྨ་རཱ་ག་གསེར་གྱི་མདོག་མཚུངས་རབ་དཀར་ཨིནྡྲ་ནཱི་ལའི་མདངས། །ཀུནྡའི་མདོག་ཅན་ཤིན་ཏུ་དཀར་མིན་དམར་པོ་མཆོག་གི་གསེར་དང་མཚུངས། །ཀ་ར་ཀེ་ཏ་འདྲ་ཟླ་བའི་དཔལ་འཛིན་གནག་དང་ཉི་མ་འཆར་ཀའི་འོད། །དེ་བཞིན་དུ་ཕྱག་མཚན་ནི། ནག་མོ་འབར་མ་བདུག་སྤོས་ཙནྡན་གུར་གུམ་དང་ནི་ག་པུར་སྣོད། །དྲིལ་བུ་པདྨ་ཡོངས་འདུའི་མེ་ཏོག་སྣ་ཚོགས་


TNT02_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་འཕྲེང་ལྡན་མ། །དམར་མོའི་གཡས་ན་མར་མེ་དོ་ཤལ་ཅོད་པན་དང་ནི་གདུ་བུ་སྟེ། །གཡོན་ན་གོས་དང་སྐ་རགས་དང་ནི་རིན་ཆེན་རྣ་རྒྱན་རྐང་གདུབ་འཛིན། །དཀར་མོའི་གཡས་མ་འོ་མ་ཆུ་དང་སྨན་མཆོག་ཆང་གི་སྣོད་རྣམས་ཏེ། །གཡོན་ན་བདུད་རྩི་གྲུབ་པའི་བཅུད་དང་བདུད་རྩིའི་འབྲས་བུ་འབྲས་ཆན་སྣོད། །སེར་མོ་འབར་མ་དུང་དང་གླིང་བུ་ནོར་བུ་དང་ནི་ཌ་མ་རུ། །པི་ཝང་རྔ་དང་འཁར་རྔ་ཟངས་དུང་རང་ཕྱོགས་གཙོ་བོའི་ཞལ་ལྡན་མ། །དེ་དག་དང་མཚུངས་དུ་བ་སྨིག་རྒྱུ་མེ་ཁྱེར་དང་ནི་མར་མེ་མ། །རང་མདོག་དང་མཚུངས་རྔ་ཡབ་བརྒྱད་ལྡན་ཕྱག་རྒྱ་ལྔ་ཡིས་རྣམ་བརྒྱན་མ། །རྡོ་རྗེ་སེམས་དཔའི་ཅོད་པན་དང་ལྡན་རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་རྫོགས་སྲོག་གི་དཀྱིལ་འཁོར་འགགས་ལ་འདུད། །འདི་དག་གི་རྒྱབ་ཏུ་ཡང་གྲྭ་བཞིར། ཆོས་ཀྱི་དུང་དཀར་པོ། ཆོས་ཀྱི་གཎྜཱི་དམར་པོ། ཡིད་བཞིན་གྱི་ནོར་བུ་ནག་པོ། དཔག་བསམ་གྱི་ཤིང་སེར་པོ་རྣམས་སུ་གྱུར། འདོད་ཆགས་ཆེན་པོས་གདུལ་བར་བྱ་བའི་


TNT02_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་དང་པོའི་སངས་རྒྱས་བསྟན་པའི་སྣོད་དུ་མངོན་པར་གཟིགས་ནས། ཡུམ་ལ་སྙོམས་པར་ཞུགས་པ་ལས་བྱུང་བའི་ཤིན་ཏུ་དགའ་བའི་སྒྲས། ནམ་མཁའ་གང་བར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་རང་གི་ལུས་ལ་ཞུགས་པར་གྱུར། སླར་ཡང་རང་ཉིད་ལས་འཕྲོས་ཏེ་སྣ་ཚོགས་ཡུམ་ལ་ཞུགས་པར་གྱུར། དེ་ལས་ཀྱང་ལོག་ནས་སླར་རང་ཉིད་ལ་ཞུགས་ཏེ། ཟླ་བ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཞུ་བ་རྣམས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས་ཏེ། ཨ་ཡིག་ལས་བྱུང་བའི་མི་སྐྱོད་པ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་ལྗང་ཁུ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ། གྲི་གུག དགྲ་སྟ། གཡོན་པ་གསུམ་གྱིས་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པའི་བར་འོག་གི་རྡོར་སེམས་དང་འདྲ་བ་ལ་རང་དང་འདྲ་བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ་ནམ་མཁར་སྤྲོས་ནས་སེམས་


TNT02_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་དོན་བྱས་ཏེ་སླར་ཡང་རང་ཉིད་ལ་བདག་པོར་ཞུགས་པར་གྱུར། དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འཁོར་ལོ་དང་བཅས་པ་གྱུར། ཨོཾ་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་དཔག་ཏུ་མེད་པ་དག་གིས། འགྲོ་བ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་བཀུག་ནས་དཀྱིལ་འཁོར་ཆེན་པོ་བཅུག་པར་གྱུར། དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཡུམ་དང་བཅས་པ་ཐམས་ཅད་བཀུག་ནས་རང་གི་སྙིང་གར་རབ་ཏུ་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ་རྣམས་གསང་བའི་རྡོ་རྗེ་ལས་སྤྲོས་ནས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བར་གྱུར། དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་རྣམས་ཀྱི་རེག་པའི་སེམས་ཅན་དེ་རྣམས། མཆོག་གི་དགའ་བ་དང༌། བདེ་བས་གང་བའི་ལྷའི་སྐུ་ཐབས་དང་ཤེས་རབ་ཀྱི་བདག་ཉིད། ཞལ་དང་སྐུ་མདོག་ལ་སོགས་པ་སྣ་ཚོགས་


TNT02_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་དང༌། དེ་དག་རེ་རེ་ཞིང་སྐད་ཅིག་གིས་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་དུ་གྱུར། ཀྵ་ཀྵི་ཀྵུ་ཀྵླྀ་ལས་ཕུང་པོ་ལྔ་རྣམས་རྣམ་པར་དག་པ་སངས་རྒྱས་ལྔ་དང༌། ཀྵཱ་ཀྵཱི་ཀྵཱུ་ཀྵླཱྀ་ལས་ཁམས་ལྔ་རྣམ་པར་དག་པ་ཡུམ་ལྔ་དང༌། ཀྵ་ཀྵེ་ཀྵར་ཀྵོ་ཀྵལ་ཀྵཾ་ལས་དབང་པོ་དྲུག་རྣམ་པར་དག་པ་སེམས་དཔའ་དྲུག་དང༌། ཀྵཱ་ཀྵཱཻ་ཀྵཱར་ཀྵཱཽ་ཀྵཱལ་ཀྵཱཿལས་ཡུལ་དྲུག་རྣམ་པར་དག་པ་སེམས་མ་དྲུག་དང༌། ཀྵླ་ལས། ལས་ཀྱི་དབང་པོ་ལྔ་རྣམ་པར་དག་པ་ཁྲོ་བོ་ལྔ་དང༌། ཀྵླཱ་ལས། ལས་ཀྱི་དབང་པོའི་ཡུལ་ལྔ་རྣམ་པར་དག་པ་ཁྲོ་མོ་ལྔ་སྟེ། མཚན་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་གྱུར་ཏེ། སླར་ཡང་དེ་རྣམས་རང་རང་གི་ཞིང་དུ་གཤེགས་སུ་གསོལ། ལྟེ་བ་དང་གཙུག་ཏོར་གྱི་ཨ་ཝ་དྷཱུ་ཏཱིའི་ལམ་དུ་ཧོཿཡིག་དག་དང༌། དཔྲལ་བ་དང་མགྲིན་པ་དང་སྙིང་ག་རྣམས་སུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཨོཾ་ཨཱཿཧཱུཾ་རྣམས་ལས་བྱུང་བའི་ཟླ་བ་དང༌། ཉི་མ་དང་སྒྲ་གཅན་གྱི་


TNT02_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རྣམས་འཁོད་པར་གྱུར། ཧོཿཡིག་དུས་ཀྱི་མེའི་འོད་ཟེར་གྱིས་སྟེང་དང་འོག་ནས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་བཞུས་ཏེ། གཏུམ་མོ་ཤེས་རབ་ཀྱི་ཆགས་པས་ཡབ་ཡུམ་གཉིས་ནུས་མ་བརྒྱད་དང་བཅས་པ་ཟླ་བ་ཞུ་བ་ལྟར་གྱུར། དེ་ནས་རང་བཞིན་གྱིས་གྲུབ་པའི་ལྷ་མོ་རྣམས་ཀྱིས་འདི་སྐད་དུ། སེམས་ཅན་ཀུན་ལ་ཕན་པར་མཛད་པ་པོ། །བཅོམ་ལྡན་ཁྱོད་ཀྱིས་བདག་ཅག་བསྲུང་དུ་གསོལ། །ལྷ་མིའི་བླ་མ་རྡོ་རྗེ་ལྡན་པ་སྟེ། །འདོད་པ་དོན་གཉེར་རྣམས་ལ་འདོད་པ་མཛོད། །ཅེས་བསྐུལ་བས། བཅོམ་ལྡན་འདས་རབ་ཏུ་སད་དེ་འགྲོ་བ་མཐའ་དག་སྒྱུ་མ་ལྟ་བུར་གཟིགས་ནས་གཞན་གྱི་དོན་དུ་སླར་ཡང་བསྐྱེད་པར་མཛད་པ་ནི། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་དང༌། དེ་ལས་བྱུང་བའི་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། རྡོ་རྗེའི་རྒྱན་གྱིས་རྣམ་པར་བརྒྱན་ཞིང༌། མི་བསྐྱོད་པའི་ཅོད་པན་ཅན། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ། སྣ་ཚོགས་ཡུམ་གྱི་འཁྱུད་པའི་སྐུ་གྱུར་པ་དང༌། འདབ་མ་བརྒྱད་ལ་ནུས་མ་བརྒྱད། ཕྱི་རོལ་གྱི་གྲྭ་བཞི་ལ། རྡོ་རྗེ་


TNT02_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་བཅས་པ་རྣམས་སྐད་ཅིག་གིས་བཞེངས་པ་གྱུར་པ་ནི། ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་མདོག །ཕྲག་པ་དྲུག་དང་ཉི་མའི་དཔུང་པ་རྒྱལ་པའི་ཕྱག་གི་པདྨ་སྟོང་པ་དྲུག་དང་མེ་ཡི་ཚོགས། །ཞབས་དག་གིས་ནི་ཟླ་བ་ཉི་མ་སྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་དང་དྲག་པོ་སྐྲག་བཞིན་པ། །རོལ་པས་མནན་པའི་སྲིད་མེད་སྲིད་པ་མཉམ་པ་དུས་ཀྱི་འཁོར་ལོ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མདའ་དང་ལྕགས་ཀྱུ་ཌཱ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་སྟས་གཡས་ཀྱི་ཕྱག་བརྒྱན་གཡོན་པ་ཡང༌། །དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་དུང་དང་མེ་ལོང་ལྕགས་སྒྲོག་ཚངས་མགོས་རྒྱན་ལ་ཕྱག་འཚལ་ལོ། །སྟག་ལྤགས་དང་ནི་རྡོ་རྗེའི་རྒྱན་ལྡན་རྡོ་རྗེའི་སྐུ་ཅན་བདེ་བ་ཆེ། །འོད་གསལ་སྟོང་ཉིད་སྣ་ཚོགས་ཡུམ་གྱིས་ཀུན་ནས་རབ་འཁྱུད་གསེར་མདོག་མ། །ཞལ་བཞི་ཕྱག་བརྒྱད་གྲི་གུག་ལྕགས་ཀྱུ་ཌ་མ་རུ་དང་བགྲང་འཕྲེང་དང༌། །ཐོད་པ་ཞགས་པ་པདྨ་དཀར་དང་རིན་ཆེན་འཛིན་མར་བཅས་ལ་བདུད། །


TNT02_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མོ་འབར་མ་བདུག་སྤོས་ཙནྡན་གུར་གུམ་དང་ནི་ག་བུར་སྣོད། །ཅེས་པ་ནས། མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་རྫོགས་སྲོག་གི་དཀྱིལ་འཁོར་འགགས་ལ་འདུད། །ཚད་མེད་རྣམ་ཐར་རྡོ་རྗེའི་རྣལ་འབྱོར་དབང་དང་བསྙེན་བསྒྲུབ་དགའ་བ་བཞིས། །ལུས་ངག་སེམས་དང་ཆགས་པའི་ཐིག་ལེ་གནས་སྐབས་རྣམ་བཞི་རྣམ་དག་པ། །སྐད་ཅིག་མཁྱེན་པ་སྐུ་དང་རྡོ་རྗེ་བྱང་ཆུབ་རྣམ་བཞི་སེམས་དཔའ་བཞི། །ཆོས་ཀྱི་དུང་དང་གཎྜཱི་ནོར་བུ་དཔག་བསམ་ཤིང་ལ་ཕྱག་འཚལ་ལོ། །ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། ནམ་མཁར་བཞུགས་པའི་སངས་རྒྱས་སྲས་དང་བཙུན་མོར་བཅས་པ་རྣམས། རང་གི་ལུས་ལ་རབ་ཏུ་བཅུག་ནས། བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཞུ་བར་གྱུར་པ་རྣམས། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས་ཏེ། ཨཾ་ཡིག་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་སྔོན་པོ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ། གྲི་གུག དགྲ་སྟ།


TNT02_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པ་གསུམ་གྱིས་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ་ལ། རང་དང་འདྲ་བའི་ཤེར་ཕྱིན་མས་འཁྱུད་པ། ནམ་མཁར་སྤྲོས་ནས་སེམས་ཅན་གྱི་དོན་བྱས་ཏེ། སླར་རང་ཉིད་ལ་བདག་པོར་བཞུགས་པར་གྱུར། དེ་ནས་བདག་ཉིད་ཀྱི་ཐུགས་ཀར་ཧཱུཾ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང༌། དེ་ལས་བྱུང་བའི་རྡོ་རྗེ་ཤུགས། རྐང་པ་བརྒྱད་པའི་ཤིང་རྟ་ལ་གནས་པ། ནམ་མཁའི་ཁམས་སུ་སྤྲོས་ཏེ། ཡེ་ཤེས་འཁོར་ལོ་སྤྱན་དྲངས་པར་གྱུར། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་ར་ཛཿ ཁྲོ་བོའི་དབང་པོ་སླར་ཡང་རང་ཉིད་ལ་ཞུགས་པར་གྱུར། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་རེ་བྷྱཿ བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ བཛྲ་པུཥྤཾ། བཛྲ་དྷཱུ་པཾ། བཛྲ་དཱི་པཾ། བཛྲ་ནཻ་ཝཾ་ཏྱཾ། བཛྲ་ཨཀྵ་ཏཾ། བཛྲ་ལཱ་སྱཾ། བཛྲ་ཧཱ་སྱཾ། བཛྲ་ཝཱ་ཏྱཾ། བཛྲ་ནྲི་ཏྱཾ། བཛྲ་གཱི་ཏཾ། བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ ཧཱུཾ་བཾ་ཧོཿཧི། ལྷ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། ལྟེ་བར་ཧོཿ གསང་བར་སྭཱ། གཙུག་ཏོར་དུ་ཧཱ་རྣམས་འཁོད་པར་གྱུར། དཔྲལ་བར་ཨཱཿ


TNT02_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཟླ་བའི་དཀྱིལ་འཁོར་ལ། ཨོཾ་ལས་བྱུང་བའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཡོངས་སུ་གྱུར་པ་ལས། སྐུ་རྡོ་རྗེ། མགྲིན་པར་རཿལས་ཉི་མའི་དཀྱིལ་འཁོར་ལ། ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་ཡོངས་སུ་གྱུར་པ་ལ། གསུང་རྡོ་རྗེ། སྙིང་གར་ཨཾ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་ལ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནག་པོ་ཡོངས་སུ་གྱུར་པ་ལས། ཐུགས་རྡོ་རྗེ། དེ་རྣམས་རང་དང་འདྲ་བའི་ཡུམ་དང་བཅས་པ་རྣམས་འཁོད་པ་ལས་རབ་ཏུ་སྤྲོས་ཏེ། ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། སྐུ་དང་གསུང་དང་ཐུགས་རྡོ་རྗེས་འདུལ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་ནས་སླར་ཡང་མདུན་གྱི་ནམ་མཁར་བཞུགས་པ་ལ། སྐུའི་རྡོ་རྗེ་འཛིན་པ་དང༌། གསུང་གི་རྡོ་རྗེ་འཛིན་པ་དང༌། ཐུགས་ཀྱི་རྡོ་རྗེ་འཛིན་པ་རྣམས་ཀྱིས། བདག་ལ་མངོན་པར་དབང་བསྐུར་བ་སྩལ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེའི་རིགས་ཀྱི་ལྷ་མོ་རྣམས་ཀྱི་བདུད་རྩིའི་བུམ་པས་བདག་ཉིད་ལ་དབང་


TNT02_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བར་གྱུར། དཔྲལ་པར་ཟླ་བའི་དཀྱིལ་འཁོར་ལ་སྐུ་རྡོ་རྗེ་དང༌། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་གསུང་རྡོ་རྗེ་དང༌། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཐུགས་རྡོ་རྗེ་རྣམས་འཁོད་པར་གྱུར། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱི་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད༴ སྐུ་ཡི༴ བྱིན་རླབས༴ དེ་ཉིད། གསུང་དང་ཐུགས་ལའང་འདོན་པ་སྤོའོ། །ཞེས་གསོལ་བ་བཏབ་པས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མ་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབས་ཤིང༌། རྡོ་རྗེ་གསུམ་གཅིག་ཏུ་འདུས་པའི་ངོ་བོར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཤེས་རབ་ཀྱི་ལྟེ་བར་ཧོཿལས་སྐུ་རྡོ་རྗེ། གསང་བར་སྭཱ་ལས་གསུང་རྡོ་རྗེ། གཙུག་ཏོར་དུ་ཧཱ་ལས་ཐུགས་རྡོ་རྗེ་རྣམས་འཁོད་པར་གྱུར། དེ་ལྟར་དབང་བསྐུར་བས་དྲི་མ་མཐའ་དག་སྦྱངས་ཏེ། རྒྱས་བཏབ་པར་གྱུར་པ་ནི། ལྷ་ཐམས་ཅད་ཀྱི་གཙུག་ཏོར་དུ་ནམ་མཁའི་


TNT02_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལ་ཨ་ཡིག་མི་བསྐྱོད་པ་དང༌། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཨི་ཡིག་དོན་ཡོད་གྲུབ་པ་དང༌། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་རྀ་ཡིག་རིན་ཆེན་འབྱུང་ལྡན་དང༌། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨུ་ཡིག་སྣང་བ་མཐའ་ཡས་དང༌། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ལྀ་ཡིག་རྣམ་པར་སྣང་མཛད་དང༌། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཨཾ་ཡིག་རྡོ་རྗེ་སེམས་དཔས་རྒྱས་བཏབ། ལྷ་རྣམས་ཀྱི་ལྟེ་བ་སྙིང་ག་མགྲིན་པ་དཔྲལ་བ་གཙུག་ཏོར་རྣམས་སུ་ས་ཆུ་མེ་རླུང་ནམ་མཁའི་དཀྱིལ་འཁོར་རྣམས་ལ། ལྀ་ཨུ་རྀ་ཨི་ཨའོ། །ལྷ་རྣམས་ཀྱི་དཔྲལ་པ་མགྲིན་པ་སྙིང་ག་ལྟེ་བ་རྣམས་སུ། ཟླ་བ་ཉི་མ་སྒྲ་གཅན་དུས་མེའི་དཀྱིལ་འཁོར་རྣམས་ལ་ཨོཾ་ཨཱཿཧཱུཾ་ཧོཿའོ། །རྡོ་རྗེ་ནོར་བུ་གཞོམ་དུ་མེད་པའི་ཨ་ཡིག་གོ །ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་སྲེགས་ཤིང༌། །སྤྱན་མ་མིག་ལ་སོགས་པ་དག །སྲེགས་པས་རི་བོང་ཅན་ཧཾ་འཛག །ཡས་བབས་ཀྱི་དགའ་བ་བཞི་མངོན་དུ་བྱས་སོ། །


TNT02_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཛྙཱ་ན་པཱུ་ཛ་ཨ་ནུ་རཀྟོ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སླར་ཡང་མས་བརྟན་པའི་དགའ་བ་བཞི་སྐུ་བཞི་དང་འབྲས་བུ་བཞི་མངོན་དུ་བྱས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་བཛྲ་སཏྭ་ཧཾ་དུརྡཱནྟ་ད་མ་ཀ་ཧུཾ་ཧཱུཾ་ཕཊ་ཕཊ། དེ་ནས་ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་སོགས་ཀྱིས་མཆོད། སྟོང་ཉིད་སྙིང་རྗེ་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟོད། དུས་ཀྱི་འཁོར་ལོ་ཤེས་རབ་མ་དང་བཅས་པའི་སྔགས། ཨོཾ་སྭཱཧཱ། ཞེས་པ་བྱེ་བ་བཟླས་པས་བསྙེན་པ་ཡོངས་སུ་རྫོགས་པའོ། །ཡང་ན་ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཞེས་པའམ། ཨོཾ་ཧྲཱཾ་ཧྲཱིཾ་ཧྲཱྀཾ་ཧྲཱུཾ་ཧྲཱཿསྭཱཧཱ་ཞེས་པས་ཀྱང་བསྙེན་པའོ། །མཐར་ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ སོགས་བཅུ་གཉིས་ཀྱིས་གོང་བཞིན་མཆོད་པར་བྱའོ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །སོགས་འདུད་ཉི་ཤུས་བསྟོད། དཀྱིལ་འཁོར་གྱི་འཁོར་ལོ་རང་གི་ཐུགས་ཀར་ཐིམ། དེ་ནས་སྤྱོད་ལམ་གྱི་རྣལ་འབྱོར་ལ་འཇུག་ན། སྨོན་ལམ་གདབ་ཅིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པར་གང་ཡང་རུང་བ་བརྗོད་ནས་ཐུན་མཚམས་ལ་འཇུག་གོ། གཏོར་མ་འབུལ་བར་འདོད་ན་ཡང༌། གཏོར་མ་བཤམས། ཨོཾ་ཨཱཿཧཱུཾ་ཧྲཿཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས།


TNT02_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ་དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ་དེའི་སྟེང་དུ་ཨ་ལས་མི་མགོའི་སྒྱེད་པུ་གསུམ་ལ་གནས་པའི། ཨོཾ་ཡོངས་སུ་གྱུར་པ་ལས་ཐོད་པ་དུམ་བུ་གཅིག་པ། དེའི་ནང་གི་དབུས་སུ་ཨ་ལས་བྱང་སེམས། ཤར་དུ་ཨི་ལས་རྐང་དམར། ལྷོར་རྀ་ལས་རཀྟ། བྱང་དུ་ཨུ་ལས་དྲི་ཆུ། ནུབ་ཏུ་ལྀ་ལས་དྲི་ཆེན། རླུང་མཚམས་སུ་ལཱྀ་ལས་གླང་པོ་ཆེའི་ཤ དབང་ལྡན་དུ་ཨཱུ་ལས་བ་གླང་གི་ཤ བདེན་བྲལ་དུ་རཱྀ་ལས་རྟའི་ཤ མེ་མཚམས་སུ་ཨཱྀ་ལས་ཁྱིའི་ཤ དབུས་ཀྱི་སྟེང་དུ་ཨཱ་ལས་མིའི་ཤ རླུང་གཡོས་མེ་སྦར་རྫས་རྣམས་ཞུ། ལག་པ་གཡོན་པའི་མཐིལ་དུ་ཟླ་བ་ལ་གནས་པའི་ཨོཾ་སྐུ་རྡོ་རྗེའི་ངོ་བོ། དེའི་འོད་ཟེར་གྱིས་མ་དག་པའི་རྫས་རྣམས་སྦྱངས་པར་གྱུར། ཨོཾ་ཨོཾ་བཛྲ་ཙནྡྲ་སརྦ་དྷརྨ་སུ་བི་ཤུདྡྷཿསྭ་བྷཱ་ཝ་སརྦ་དྷརྨཱན་སུ་བི་ཤུདྡྷ་སྭ་བྷཱ་ཝན་ཀུ་རུ་སྭཱཧཱ། ལག་པ་གཡས་པའི་མཐིལ་དུ་ཉི་མ་ལ་


TNT02_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ཨཱཿགསུང་རྡོ་རྗེའི་ངོ་བོ། དེའི་འོད་ཟེར་གྱིས་དག་པའི་རྫས་རྣམས་སྤེལ་བར་གྱུར། ཨོཾ་ཨཱཿབཛྲ་སཱུརྱ་སརྦ་དྷརྨྨ་པྲ་བོ་དྷ་ཀཱ་སརྦ་དྷརྨཱན་པྲ་བོ་དྷ་ཡ་སྭཱཧཱ། ལག་པ་གཉིས་ཀ་སྦྱར་བའི་དབུས་སུ། སྒྲ་གཅན་གྱི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཐུགས་རྡོ་རྗེའི་ངོ་བོ། དེའི་འོད་ཟེར་གྱིས་རྫས་རྣམས་ཁ་དོག་དྲི་རོ་ནུས་མཐུའི་གཟི་བརྗིད་ཕུན་སུམ་ཚོགས་པ་འབར་པར་གྱུར། ཨོཾ་ཧཱུཾ་བཛྲ་ཨ་ན་ལ་སརྦ་དྷརྨྨཱ་པྲ་དཱི་པ་ཀ་སརྦ་དྷརྨྨཱན་པྲ་དཱི་པ་ཡ་སྭཱཧཱ། མཁའ་ལྡིང་གི་ཕྱག་རྒྱའི་དབུས་སུ་དུས་མེ་ལ་གནས་པའི་ཧོཿཡིག་ཡེ་ཤེས་རྡོ་རྗེའོ་ངོ་བོ། དེའི་འོད་ཟེར་གྱིས་ཟག་མེད་ཡེ་ཤེས་མཆོག་གི་བདུད་རྩིར་བྱས་པར་གྱུར། ཨོཾ་ཧོཿསརྦ་དྷརྨྨ་བཛྲ་ཨ་མྲྀ་ཏ་ཀ་ར་སརྦ་དྷརྨཱན་བཛྲ་ཨ་མྲྀ་ཏཾ་ཀུ་རུ་ཀུ་རུ་སྭཱཧཱ། བརྗོད་པ་ནི། གཏོར་མ་བྱིན་གྱིས་བརླབ་པའོ། །དེ་ནས་མགྲོན་སྤྱན་དྲངས་པ་ནི། སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་གཡོག་འཁོར་དང༌། །གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་པ་ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང༌། །མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་


TNT02_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཨོཾ་ཧ་ཧཱ་ཧི་ཧཱི་བཛྲ་བྷཻ་ར་ཝ། ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཊོ་ཥ་ཡ། ཊོ་ཥ་ཡ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ཧྲྀ་ད་ཡ་ཧུཾ་ཧཱུཾ་ཕྲེཾ་ཕྲེཾ་ཕཊ། ཅེས་པས་མཁའ་འགྲོ་མ་རྣམས་ཀྱང་སྤྱན་དྲངས། ཨོཾ་བཛྲ་གནྡྷཾ་ནས། ཀཱ་མཾ་གྱི་བར་བརྗོད། ཨོཾ་ཨཱཿཧཱུཾ་ཧོཿཤྲཱི་ཀཱ་ལ་ཙཀྲ་བཛྲ་བྷཻ་ར་ཝ་བྷཱི་ཀ་ར་ཡ། ས་པ་རི་ཝཱ་རེ་བྷྱཿ ཨི་དཾ་བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ་ཏེ་ཙ་ཨ་ག་ཏྱ་ས་པ་རི་ཝཱ་རཱཿ ཤྲཱི་གྷྲཾ། ཨི་དཾ་བ་ལིཾ། གྲྀ་ཧྣཱནྟུ། ཁ་དཱནྟུ། བི་བཱནྟུ། ཛཿཧཱུཾ་བཾ་ཧོཿ སཾ་ཏྲྀཔ་ཏཱཿ སརྦ་སཏྭཱ་ནཱཾ། ཤཱིན་ཏིཾ། པུཥྟིཾ། རཀྵཾ། ཨཱ་ཝ་ར་ཎ། གུབྟིཾ། ཀུརྦཱནྟུ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར། ཨཱཛྙཱ་པ་ཡ་ཏི་སྭཱཧཱ། རྡོ་རྗེའི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུཾ་ཧོཿ ཨུཥྞྀ་ཥ། སུམྦྷ་ནི་སུམྦྷ། བིགྷྣ་ཨནྟ་ཀ ནཱི་ལ་དཱཎྜ། པྲཛྙཱ་ཨནྟ་ཀ ཊཱཀྐི་རཱ་ཛ། པདྨ་ཨནྟ་ཀ ཨ་ཙ་ལ། ཡ་མ་ཨནྟ་ཀ མཧཱ་བཱ་ལེ་བྷྱཿ གྲི་གུག་གི་


TNT02_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུཾ་ཧོཿ ཨཱ་ཀ་ཤཱ། བཱ་ཡུ། ཏེ་ཛ། ཨུ་ཏ་ཀ པྲི་ཐི་བཱི། སཱ་དྷི་བྷྱཿ རལ་གྲིའི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུཾ་ཧོཿ པྲཧྨ། བིཥྞུ། ནཻ་རི་ཏྱ། ཝཱ་ཡུ། ཡ་མ་ཨགྣི། ས་མུ་ཏྲ། ཨི་ཤྭ་ར། ཨིནྡྲ། ཡཀྵེ་བྷྱཿ རིན་པོ་ཆེའི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུཾ་ཧོཿ རཱ་ཧུ། ཀཱ་ལ། ཨགྣི། ཙནྡྲ། སཱུརྱ། བུ་དྷ། མཾ་ག་ལ། ཤུ་ཀྲ། པྲྀ་ཧས་པ་ཏི། ཀེ་ཏུ་ཤ་ནི་བྷྱཿ པདྨའི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུཾ་ཧོཿ ཛ་ཡ། བི་ཛ་ཡ། པདྨ། ཀརྐོ་ཊ་ཀ ཝཱ་སུ་ཀི། ཤཾ་ཁ་པཱ་ལ། ཀུ་ལི་ཀ ཨ་ནནྟ། ཏཀྵ་ཀ མཧཱ་པདྨེ་བྷྱཿ འཁོར་ལོ་ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུཾ་ཧོཿ བེ་ཏཱ་ཌ། བི་ཀྲྀ་ཏ་མུ་ཁ། ཤྭཱ། ཀཱ་ཀ སཱུ་ཀ་ར། གྲྀ་དྷ། བྱཱ་གྷྲ། ཨཱུ་ལུ་ཀ ཛམྦུ་ཀ། ག་རུ་ཌ། མུ་ཁེ་བྷྱཿ ཞེས་པ་རྣམས་ཀྱིས་མཐར། ས་པ་རི་ཝཱ་རེ་བྷྱཿ ཨི་དམ་པ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཛ་ཨཱ་ག་ཏྱ་ས་པ་རི་ཝཱ་རཱཿ ྄ཤཱི་གྷྲཾ། ཨི་དཾ་བ་ལིཾ། གྲྀ་ཧྞཱནྟུ། ཁ་དཱནྟུ། པི་ཝཱནྟུ། ཛཿཧཱུཾ་བཾ་ཧོཿ སཾ་ཏྲྀབྟཱཿ སརྦ་སཏྭཱ་ནཱཾ། ཤཱན་ཏིཾ། པུཥྟིཾ། རཀྵཾ། ཨཱ་ཝ་ར་ཎ། གུབྟིཾ། ཀུརྦཱནྟུ་ཧཱུཾ་ཧཱུཾ་ཕཊ། བཛྲ་དྷ་ར་


TNT02_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཛྙཱ་པ་ཡ་ཏཱི་སྭཱཧཱ། ཕྱི་མཆོད་ནི།བཛྲ་བྷཻ་ར་ཝ་བྷཱི་ཀ་རཱ་ཡ། ས་པ་རི་ཝཱ་རེ་བྷྱཿ བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ བཛྲ་དྷཱུ་པཾ་པྲ་ཏཱིཙྩ་ན་མཿ བཛྲ་དཱི་པཾ་པྲ་ཏཱིཙྪ་ན་མཿ བཛྲ་ནཻ་བེ་དྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ཨཀྵ་ཏཾ་པྲ་ཏཱིཙྪ་ན་མཿ བཛྲ་ལཱ་སྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ཧཱ་སྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ཝཱ་དྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ནྲྀ་ཏྱཾ་པྲ་ཏཱིཙྪ་ན་མཿ བཛྲ་གཱི་ཏཾ་པྲ་ཏཱིཙྪ་ན་མཿ བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ ནང་མཆོད་ནི། ཨོཾ་བཛྲ་བྷཻ་ར་ཝ། ཧ་ཡ་ར་ཝ་ལ། ང་ཉ་ཎ་མ་ན། གྷ་ཛྷ་ཌྷ་བྷ་དྷ། ག་ཛ་ཌ་བ་ད། ཁ་ཚ་ཋ་ཕ་ཐ། ཀ་ཙ་ཊ་པ་ཏ། ཨོཾ་ཨཱཿཧཱུཾ། བསྟོད་པ་ནི། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །དཔའ་བོ་འདུལ་དཀའ་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། ཁམས་གསུམ་རྣམ་རྒྱལ་ལ་ཕྱག་འཚལ། །རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཙོ། །དུས་མཐའི་སྤྲིན་མཚུངས་ཧེ་རུ་ཀ །རྡོ་རྗེ་ཤུགས་ལ་ཕྱག་འཚལ་ལོ། །འདོད་དོན་གསོལ་བ་ནི། སྡེ་དྲུག་བསྲུང་མ་དྲུག་ཅུ་འཁོར་བཅས་ལ། །མཆོད་གཏོར་འདི་དང་དྲི་དང་མེ་


TNT02_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་དང༌། །བདུག་སྤོས་སྣང་གསལ་མ་ཉམས་བདག་འབུལ་གྱི། །དེ་རྣམས་འཁོར་དང་བཅས་པ་ཚུར་བྱོན་ལ། །གཏོར་མ་འདི་དག་ལེན་ཞིང་གསོལ་བ་དང༌། །བཏུང་བར་མཛད་དེ་ཤིན་ཏུ་མཉེས་པ་ཡིས། །འགྲོ་ལ་ཞི་རྒྱས་བསྲུང་སྐྱོབ་སྦ་བ་རྣམས། །རྡོ་རྗེ་འཛིན་པའི་བཀའ་བཞིན་མཛད་དུ་གསོལ། །བར་འདིར་ཆོས་སྐྱོང་ཡེ་ཤེས་པ་རྣམས་ལ་སོ་སོའི་གཏོར་ཆོག་ལྟར་གཏོར་མ་འབུལ། ཨོཾ་ཨཱ་ཧཱུཾ་ཧོཿ བཛྲ་ཌཱ་ཀི་ནཱི་བྷྱཿ ཨི་དཾ་བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ་སོགས་ཀྱིས། རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་གཏོར་མ་འབུལ། སྤྱི་གཏོར་དང་གཞི་བདག་གཏོར་མ་སོགས་ཀྱང་དགོས་ན་སྐབས་འདིར་གཏོང༌། ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ སོགས་མཆོད་པ་བཅུ་གཉིས་ཕུལ། མི་བསྐྱོད་རྡོ་རྗཻ་ཡེ་ཤེས་ཆེ། །སོགས་དེ་ཉིད་ལྔ་པས་བསྟོད། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །སོགས་ཀྱིས་འཕྲིན་ལས་གཞོལ། སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་དང༌། །མིའི་འཇིག་རྟེན་དག་ན་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོའི་རྒྱལ་པོ་བཙུན་མོར་བཅས་རྣམས་


TNT02_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །ས་འོག་དག་ན་གདེངས་ཅན་དབང་པོ་གང་དག་གདོན་ཚོགས་མི་དགེ་དུས་ཀུན་ཏུ་ནི་འཆིང་བྱེད་པ། །དེ་རྣམས་ཐམས་ཅད་ཉིན་ཞག་སོ་སོའི་དུས་སུ་མི་ཤེས་འཇིག་རྟེན་ཀུན་ནས་སྐྱོང་བར་བྱེད་གྱུར་ཅིག །ཅེས་ཤིས་པ་བརྗོད། ཡིག་བརྒྱའི་མཐར་བཟོད་གསོལ་གཤེགས་གསོལ་རྣམས་སྤྱི་དང་འདྲ་བ་ལས། ཡེ་ཤེས་ཀྱི་འཁོར་ལོ་རང་ཉིད་ལ་ཐིམ། གསང་བར་ཧཾ་ཡིག་ལ་ཁྲོ་བོའི་འཁོར་ལོ་རྣམས་གཤེགས་སུ་གསོལ། གཙུག་ཏོར་དུ་ཨཾ་ཡིག་ལ་ཟད་པར་གྱི་འཁོར་ལོ་དང༌། དཔྲལ་བར་ཨི་ཡིག་ལ་ཕྱོགས་སྐྱོང་གི་འཁོར་ལོ་དང༌། མགྲིན་པར་རྀ་ཡིག་ལ་གཟའི་འཁོར་ལོ་དང༌། སྙིང་གར་ཨུ་ཡིག་ལ་ཀླུའི་འཁོར་ལོ་དང༌། ལྟེ་བར་ལྀ་ཡིག་ལ་འབྱུང་པོའི་འཁོར་ལོ་རྣམས་གཤེགས་སུ་གསོལ། བསོད་ནམས་འདི་ཡིས་འགྲོ་རྣམས་དུ་བ་ལ་སོགས་ལམ་གྱིས་ལྷན་སྐྱེས་བདེ་བ་མཆོག་སྒོམས་ཏེ། །འགྲོ་བའི་བླ་མ་སུམ་ཅུ་རྩ་གཉིས་མཚན་ལྡན་སྐུ་ནི་ཆོས་ཀྱི་འཁོར་ལོར་ཡང་དག་གནས། །ལྷ་རྣམས་མགོ་ཡི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱིས་ཞབས་


TNT02_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་པདྨ་ལ་གཏུགས་ཤིང༌། །དམ་པའི་ལམ་སྟོན་ཉིན་བྱེད་བཞིན་དུ་མུན་པ་ཀུན་འཇོམས་དུས་ཀྱི་འཁོར་ལོ་ཉིད་གྱུར་ཅིག །ཉི་མ་དང་བཅས་ཐུབ་པའི་རིགས་རྣམས་ཀྱིས་ནི་ཤེས་རབ་ཡེ་ཤེས་ཐོབ་པར་གྱུར་འདི་ཇི་ལྟ་བར། །རྣམ་གསུམ་སྲིད་པར་གནས་པའི་སེམས་ཅན་རྣམས་ནི་དུས་ཀྱི་འཁོར་ལོའི་དྲིན་ལས་ཨེ་བཾ་ཉིད་གྱུར་ཅིག །སྐྱེས་བུ་གང་དག་བདུད་ཀྱི་གྲོགས་ཀྱིས་རྟག་ཏུ་མི་བདེན་མུན་པར་སོང་ཞིང་ལམ་ཉམས་པ། །དེ་རྣམས་ལམ་འདི་ཐོབ་ནས་རྡོ་རྗེ་ནོར་བུའི་ཁྱིམ་དང་རིང་བ་མིན་པར་འོང་གྱུར་ཅིག །དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོས་འགྲོའི་བདག་དང་ཆོམ་རྐུན་ཞགས་པས་འཆིང༌། །ཆུ་གཏེར་འཁྲུགས་དང་ཤ་ཟ་འཆི་བའི་འཇིགས་བྱེད་ནད་དང་དབང་པོའི་ཉེ་བར་འཚེ་བ་དང༌། །དབུལ་དང་བུད་མེད་དང་བྲལ་མི་བདག་འཁྲུགས་པའི་འཇིགས་དང་རྡོ་རྗེ་ལྟུང་དང་དོན་ཉམས་རྣམས། །བདག་གི་རྣལ་འབྱོར་མ་རྣམས་ཞབས་ནི་གསལ་བར་དྲུག་པའི་མཐུ་ལས་རབ་ཏུ་ཉམས་གྱུར་ཅིག །དགེ་བ་འདི་ཡིས་མྱུར་དུ་བདག་སོགས་དང༌། རིགས་སུ་སྐྱེ་དང་དམ་ཚིག་ཅན་སོགས་དང༌།


TNT02_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་སོགས་དང༌། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཞེས་སོགས་སྨོན་ལམ་ཇི་ལྟར་རིགས་པ་གདབ་པར་བྱའོ། །ཞེས་པ་དུས་ཀྱི་འཁོར་ལོ་ལྷ་དགུའི་སྒྲུབ་ཐབས་ཅུང་ཟད་རྒྱས་པ་སྟེ། ལམ་འདི་དང་ཆོས་འདི་ལ་མོས་པ་རྣམས་ཀྱི་ཉམས་ལེན་ལ་ཤིན་ཏུ་མཁོ་བར་མཐོང་ཞིང་འཁྲིད་ཀྱི་སྔོན་འགྲོའི་དབང་བྱེད་པ་སོགས་ལའང་འདི་ཙམ་སྒོམ་པ་འཁྱེར་བདེ་ཞིང་ལེགས་པར་ཤེས་ནས་ཏཱ་ར་ནཱ་ཐས་ཉེ་བར་སྦྱར་བའོ།། །།བཀྲ་ཤིག །


TNT02_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དཔལ་དུས་ཀྱི་འཁོར་ལོའི་མཆོད་ཆོག་ཉེར་མཁོ།


TNT02_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་མཆོད་ཆོག་ཉེར་མཁོ་བཞུགས།


TNT02_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི་པྲ་ཛཱ་བྷྱཿ དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །སྐབས་འདིར་ལས་དང་པོ་པ་ལ་ཉེ་བར་མཁོ་བའི་ལག་ལེན་འདི་ལྟ་བུ་དག་ཡོད་དེ། དེ་ལ་གསུམ་མཎྜལ་བསྒྲུབ་མཆོད་དམ་ཏིང་ངེ་འཛིན་གྱི་བདག་འཇུག་དང༌། རྣལ་འབྱོར་མ་རིགས་བརྒྱ་མཆོད་པའི་ཆོ་གའོ། །དང་པོ་ནི་བྲིས་སྐུ་ལ་སོགས་པ་རྟེན་བཀྲམ། མཎྜལ་འཆའ་བ་བདག་བསྐྱེད་ཀྱི་རྗེས་སུ་བྱེད་པ་ཐོབ་ཐང་ཡིན་ཡང་ལག་ལེན་སྟབས་བདེ་བའི་ཕྱིར་སྐབས་འདིར་འཆའ་ན།


TNT02_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་གའི་རྡོ་རྗེ་སློབ་དཔོན་ནམ་ལས་ཀྱི་རྡོ་རྗེ་སློབ་དཔོན་དེ་རང་སྐད་ཅིག་གིས་དུས་ཀྱི་འཁོར་ལོའི་སྐུར་གྱུར། འོག་ནས་འབྱུང་བ་ལྟར་ནང་མཆོད་འདུས་བྱས་བྱིན་གྱིས་བརླབས་ནས། མཎྜལ་བསངས་སྦྱངས། ཨོཾ་ཨཱཿཧཱུཾ་ཧོཿཧཾཾ་ཀྵཿ ཞེས་བརྗོད་བཞིན་དུ་མཎྜལ་ལ་ནང་མཆོད་ཀྱིས་བྱུགས། སླར་ཡང་མཐེབ་སྲིན་གཡོན་པས་ནང་མཆོད་ནས་བླངས་ཏེ་མཎྜལ་ལ་ཆོས་འབྱུང་གྲུ་གསུམ་འབྲི། དབུས་སུ་བདུད་རྩིའི་ཐིག་ལེ་ཟླུམ་པོ་ཞིག་བྱ། དེའི་སྟེང་དུ་སྤྲོས་པ་ལ་དགའ་ན་རྡུལ་ཚོན་བཀྲམ་སྟེ། ཆོས་འབྱུང་དམར་པོ་གོང་རས་ལྗང་ཁུ་ཐིག་ལེ་དཀར་པོ་བྱ། མདོར་བསྡུས་སུ་བྱེད་ན་བདུད་རྩིའི་ཐིག་ལེའི་


TNT02_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་འབྲུའི་ཚོམ་བུ་ཙམ་འགོད། དེ་དག་གི་མདུན་དུ་མཆོད་པ་རྒྱ་ཆེར་བཤམས། གཙོ་བོའི་ཟླུམ་གཏོར་གཅིག་སྡེ་དྲུག་ལ་ཟུར་གསུམ་རེ་རེ་གཞན་ཡང་ཆོས་སྐྱོང་དང་གཞི་བདག་གི་གཏོར་མ་སོགས་ཇི་ལྟར་འོས་པ་བཤམས། རྣལ་འབྱོར་མ་རིགས་བརྒྱའི་མཆོད་པ་དང་སྦྲེལ་ནས་བྱེད་ན། དེ་དང་ཉེ་བའི་ཕྱོགས་གང་ཡང་རུང་བར་འཆད་པར་འགྱུར་བའི་མཎྜལ་དང་མཆོད་གཏོར་རྣམས་ཀྱང་འདུས་བྱས་ལ་སྐབས་འདིར་བཤམས་པའམ་འོག་ཏུ་དུས་ལ་བབ་པའི་ཚེ་བཤམས་པ་གང་བདེར་བྱའོ། །སློབ་དཔོན་གྱི་དྲུང་དུ་ནང་མཆོད་རྡོར་དྲིལ་ཅང་ཏེའུ་སོགས་ཚོགས་པར་བྱས་ནས། གཞན་ཡང་རོལ་མོ་ལ་སོགས་པ་ལེགས་པར་བསྟར་ཏེ། སྔོན་འགྲོ་གཏོར་མ་ལ་ཆབ་བཏང༌། ཐོག་མར་ནང་མཆོད་ལ་དམིགས་ཏེ། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཨཱཿཧཱུཾ་ཧོཿ ཞེས་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཨོཾ་བཛྲ་ཙནྡྲ་སོགས། ཨོཾ་ཨཱཿབཛྲ་སཱུརྱ་སོགས། ཨོཾ་ཧཱུཾ་བཛྲ་ཨ་ན་ལ་སོགས་དང༌། ཨོཾ་ཧོཿསརྦ་དྷརྨ་སོགས་སྔགས་ཚན་


TNT02_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་བྱིན་གྱིས་བརླབས། ཨོཾ་ཕཻཾ་བཛྲ་ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས། བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུན་མན་དཱ། ཨ་པ་སྨཱ་ར། ཌཱ་ཀ་ཌཱ་ཀི་ཎྱ་དཱ་ཡ། ཨི་དཾ་བ་ལིཾ། གྲྀཧྞན་ཏུ། ས་མ་ཡ་རཀྵཱན་ཏུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪཱནྟུ་ཡ་ཐེ་བཾ། ཡ་ཐེཥྟཾ། བྷུ་ཛ་ཐཱ། ཛི་གྷྲ་ཐ། པི་པཱ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟཱ་ཡ་སད་སུ་ཁ་བི་ཤུདྡྷ། ས་ཧཱ་ཡི་ཀ་བྷཱ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ བཛྲ་པུཥྤཾ། བཛྲ་དྷཱུ་པཾ། བཛྲ་དཱི་པཾ། བཛྲ་ནཻ་ཝེ་དྱཾཾ། བཛྲ་ཨཀྵ་ཏཾ། བཛྲ་ལཱ་སྱཾ། བཛྲ་ཧཱ་སྱཾ། བཛྲ་བ་དྱཾ། བཛྲ་ནྲྀ་ཏྱཾ། བཛྲ་གཱི་ཏཾ། ཨོཾ་བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱི་ནི་འོད་གསལ་མཆོག །སངས་རྒྱས་


TNT02_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་རྡོ་རྗེ་ནམ་མཁའི་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། །ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས༴ ཤ་ཟའི༴ སྨྱོ་བྱེད༴། བརྗེད་བྱེད༴ མཁའ་འགྲོ༴ མ་མོའི་ཚོགས་རྣམས་མ་ལུས་དང༌། །དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་ཇི་སྙེད་མཆིས་པ་


TNT02_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བསྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །དགེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་མཐར་ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿཧྲཱཿཧྲཱཿ སོགས་སྒྲུབ་ཐབས་འབྱུང་བ་ལྟར་བདུད་སྲེག་པའི་སྔགས་ཀྱིས་བགེགས་བསྐྲད། ཚམ་རྔམ་དང་རོམ་མོའི་སྒྲ་བྱ། དེ་ནས་གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ་


TNT02_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཨོཾ་ཨཱཿཧཱུཾ་ཧྲཿཕཊ་ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པར་གྱུར་སྟོང་པའི་ངང་ལས་གནས་ཁང་བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་པ་གྲུ་བཞི་པ་སྒོ་བཞི་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཤེལ་གྱི་སྣོད་སོར་བཅུ་གཉིས་པ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུཾ་ཧོཿརྣམས་ལས་བྱུང་བའི་ཆུ་དང་མཆོད་ཡོན་དང་དྲི་དང་མེ་ཏོག་དང་བདུག་པ་དང་སྣང་གསལ་དང་ཞལ་ཟས་དམ་པ་དག་དང༌། རྣམ་པ་མང་པོའི་འབྲས་བུ་མ་ཉམས་པ་དང༌། གོས་དང་རྒྱན་དང་བ་དན་དང་བླ་བྲེ་ལ་སོགས་པ་དང༌། ཀླུ་དང་གར་དང་མེ་ལོང་དང་དྲིལ་བུ་ལ་སོགས་པ་སིལ་སྙན་གྱི་ཚོགས་དུ་མ་དང༌། ཨིནྡྲ་ནཱི་ལ་ལ་སོགས་པ་རྣམ་པ་མང་པོའི་རིན་པོ་ཆེ་དང༌། ནང་གི་དམ་ཚིག་རྣམས་དང༌། དམ་ཚིག་རྣམ་པ་བཞིའི་རྫས་ལ་སོགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་དཔག་ཏུ་མེད་ཅིང་དྲི་མ་དང་བྲལ་བར་གྱུར། ཨོཾ་བཛྲ་


TNT02_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

གནྡྷཾ་སྭཱཧཱ། ཨོཾ་བཛྲ་པུཥྤཾ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། བཛྲ་དྷཱུ་པཾ། བཛྲ་དཱི་པཾ། བཛྲ་ནཻ་ཝེ་ཏྱཾ། བཛྲ་ཨཀྵ་ཏཾ། བཛྲ་ལཱ་སྱཾ། བཛྲ་ཧཱ་སྱཾ། བཛྲ་ཝཱ་དྱཾ། བཛྲ་ནྲཱྀ་ཏྱཾ། བཛྲ་གཱི་ཏཾ། ཨོཾ་བཛྲ་ཀཱ་མཾ་སྭཱཧཱ། རོལ་ཆེན་དང་བཅས་ཏེ། ཨོཾ་ཧོཿབཛྲ་གཎྜེ་སརྦ་དྷརྨ་ཨེ་ཀ་པྲཛྙཱ་དྷཱ་ནི། སྭ་བྷཱ་ཝེ། སརྦ་ཨཱ་ཀཱ་རེ། སརྦ་དྷརྨ་པྲ་བོ་དྷ་ནི། སརྦ་དྷརྨ་ཎི་སྭ་བྷཱ་ཝན་པྲ་བོ་དྷ་ཡ་པྲ་བོ་དྷ་ཡ་སྭཱཧཱ། ཞེས་ལན་གསུམ་བརྗོད། དེ་དག་ནི་སྔོན་འགྲོའི་རིམ་པའོ། །དངོས་གཞི་ལ་དང་པོར་བདག་བསྐྱེད་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། ཞེས་པ་ནས་དཀྱིལ་འཁོར་གྱི་འཁོར་ལོ་རང་གི་ཐུགས་ཀར་ཐིམ། ཞེས་པའི་བར་ལྷ་དགུའི་སྒྲུབ་ཐབས་སུ་ཇི་སྐད་བཤད་པ་བཞིན་བསྒོམ་པར་བྱའོ། །དེ་ནས་མདུན་བསྐྱེད་མཆོད་པ་དང་བཅས་པ་ནི་མཎྜལ་བསྒྲུབ་མཆོད་དངོས་ཡིན་པས་དེ་བྱ་སྟེ། དེ་ཡང་བདག་བསྐྱེད་དཀྱིལ་འཁོར་གྱི་འཁོར་ལོ་རྒྱས་བསྡུས་གང་སྒོམ་ཀྱང་རུང༌། མདུན་བསྐྱེད་དཀྱིལ་འཁོར་གྱི་འཁོར་ལོ་རྒྱས་པ་སྒོམ་ཚུལ་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བཤད་པའི་མདུན་བསྐྱེད་བསྒྲུབ་ཚུལ་མཆོད་བསྟོད་གཏོར་མ་དང་


TNT02_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་རྣམས་མཐའ་རྒྱས་སུ་བྱེད་པ་ནི་ཤིན་ཏུ་རྒྱས་པ་ཡིན་ལ། ཡང་ཆོ་ག་དེ་ཉིད་ཐུགས་དཀྱིལ་ཙམ་ལ་སྦྱར་ནའང་ཅུང་ཟད་རྒྱས་པར་འགྱུར་ཞིང༌། དཀྱིལ་འཁོར་ཡོངས་རྫོགས་སམ་ཐུགས་དཀྱིལ་ས་བོན་ཙམ་ལས་བསྐྱེད་ནའང་ཆོ་ག་འབྲིང་པོར་འགྱུར་རོ། །འཆད་པར་འགྱུར་བ་འདི་ནི་བསྡུས་པ་ཡིན་ལ། བདག་བསྐྱེད་ཀྱི་དཀྱིལ་འཁོར་རྒྱས་བསྡུས་གང་ཡིན་ཡང་དེ་མ་བསྡུས་པར་དེའི་གཟུགས་བརྙན་མཎྜལ་ལ་ཤར་བའི་ཚུལ་གྱིས་སྐད་ཅིག་གིས་བསྐྱེད་ནས་མཆོད་པ་བྱེད་པ་ནི་ཤིན་ཏུ་བསྡུས་པ་ཡིན་ནོ། །འོན་ཀྱང་འདི་ལྟར་ལག་ལེན་དུ་བྱ་སྟེ། ནང་མཆོད་ཁ་གསོ་བ་ཙམ་འགྲུབ་ན་ལེགས། ཨོཾ་ཨཱཿཧཱུཾ་ཧྲཿཕཊ་ནས། ཨ་མྲྀ་ཏཾ་ཀུ་རུ་ཀུ་རུ་སྭཱཧཱའི་བར་ནང་མཆོད་བྱིན་རླབས་རྒྱས་པ་གཏོར་མ་བྱིན་རླབས་ལྟར་བྱ། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཞེས་ལན་གསུམ་ལ་སོགས་པ་ཇི་ལྟར་འོས་པ་བརྗོད་མཎྜལ་ཆོས་འབྱུང་ཐིག་ལེ་དང་བཅས་པ་གྲུབ་པར་མོས་པ་ཙམ་བྱས། ཨོཾ་ཨཱཿཧཱུཾ་ཧྲཱཿཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཆོས་འབྱུང་ནམ་མཁའི་ཁམས་ལ་གནས་པའི་བརྩེགས་པའི་ཡི་གེ་ཡོངས་སུ་གྱུར་པ་ལས་འབྱུང་བ་རིམ་བརྩེགས་ལྷུན་པོ་དང་བཅས་


TNT02_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟེང་དུ་ཐུགས་གསུང་སྐུའི་དཀྱིལ་འཁོར་རྣམས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཕྱོགས་ཀུན་ཏུ་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་ཀུན་ཏུ་འཕྲོ་བ་དབང་པོའི་གཞུ་དང་མེ་ལོང་གི་གཟུགས་བརྙན་དང་པྲ་ཕབ་བརྒྱད་དང་མཚུངས་པ་སྣང་ལ་རང་བཞིན་མེད་པ། རང་གི་སེམས་ཉིད་ཀྱི་སོ་སོར་སྣང་བ་གཞོམ་དུ་མེད་ཅིང་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ་དྭངས་ཤིང་སྒྲིབ་པ་མེད་ལ་ཕྱི་ནང་ཀུན་ཏུ་འོད་གསལ་བ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྒྱན་གྱིས་རྣམ་པ་མཆོག་ཏུ་བཀྲ་བ་དུ་མས་མཛེས་པ་དབུས་སུ་སྣ་ཚོགས་པདྨའི་ལྟེ་བ་ལ་ཟླ་བ་ཉི་མ་སྒྲ་གཅན་གྱི་དཀྱིལ་འཁོར་ལ་སོགས་པ་གནས་ཐམས་ཅད་དུ་ལྷའི་གདན་ཐམས་ཅད་ཀྱིས་མཛེས་པའོ། །གདན་རྣམས་ཀྱི་སྟེང་དུ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ཡབ་ཡུམ་ནུས་མ་བཅུ་དེ་བཞིན་གཤེགས་པ་ཡབ་ཡུམ་བཅུ། སེམས་དཔའ་ཡབ་ཡུམ་བཅུ་གཉིས། ཁྲོ་བོ་ཁྲོ་མོ་བརྒྱད། གཟུངས་མ་བཅུ་གཉིས་ཏེ་ཐུགས་ཀྱི་དཀྱིལ་འཁོར་གྱི་


TNT02_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་རྣམས་དང༌། རྣལ་འབྱོར་མ་བརྒྱད་ཐབས་དང་བཅས་པ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞིས་བསྐོར་བ་དང༌། འདོད་མ་སུམ་ཅུ་རྩ་དྲུག་སྟེ་གསུང་གི་ལྷ་ཚོགས་རྣམས་དང༌། ལྷ་ཆེན་པོ་བཅུ་གཉིས་སོ་སོར་ཤེས་རབ་མ་དང་བཅས་ཤིང༌། པད་འདབ་ལ་གནས་པའི་ལྷ་མོ་ཉེར་བརྒྱད་ཉེར་བརྒྱད་ཀྱིས་བསྐོར་བ། ཆོས་ཀྱི་ལྷ་སུམ་བརྒྱ་དྲུག་ཅུའི་ཚོགས་རྣམས་དང༌། སྒོ་སྐྱོང་གི་ཁྲོ་བོའི་རྒྱལ་པོ་དྲུག་པོ་སོ་སོར་ཡུམ་དང་བཅས་པ་དང༌། ཕྱིར་འདོད་མ་སུམ་ཅུ་རྩ་དྲུག་དང༌། ཀླུ་རྒྱལ་ཆེན་པོ་བཅུ་ཤེས་རབ་མ་དང་བཅས་པ་སྟེ། སྐུའི་དཀྱིལ་འཁོར་གྱི་གཞལ་མེད་ཁང་ལ་གནས་པ་རྣམས་དང༌། དུར་ཁྲོད་འཁོར་ལོར་བཞུག་པའི་རབ་གཏུམ་མ་བཅུ་ཐབས་དང་བཅས་པ་དང༌། རླུང་གི་དཀྱིལ་འཁོར་ལ་གནས་པའི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞི་ལ་སོགས་པ་དང་བཅས་པ་རྣམས་སྐད་ཅིག་གིས་གྲུབ་པར་གྱུར་པ་ནི། སྟོང་པ་ཉིད་དང་སྙིང་རྗེའི་བདག །སྲིད་གསུམ་སྐྱེ་འཇིགས་མེད་པའི་དངོས། །ཞེས་པ་ནས། སྲིད་གསུམ་དང་བ་མངོན་དུ་བྱེད་གྱུར་ཅིག །


TNT02_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའི་བར་བསྟོད་ཆེན་འདོན་བཞིན་དུ་ལྷ་རྣམས་གསལ་གདབ་བོ། །དེ་ནས་མཆོད་པ་བྱིན་གྱིས་བརླབ་པར་བྱ་སྟེ། གོང་གི་གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ་དང་འདྲ་བ་ལས། གནས་ཁང་བསྐྱེད་ཆོག་གི་ཚིག་དོར་བ་སྟེ། སྟོང་པའི་ངང་ལས་ཤེལ་གྱི་སྣོད་སོར་བཅུ་གཉིས་པ་ཞེས་སོགས་བརྗོད་པའི་ཁྱད་པར་ཙམ་མོ། །དེ་ནས་མཆོད་པའི་མགྲོན་སྤྱན་དྲངས་ནས་མཆོད་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་མཆོད་པའི་ཡུལ་དུ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ནམ་མཁའ་གང་བར་བཞུགས། ཨོཾ་ཨཱཿཧཱུཾ་ཧོཿཏྲཻ་དྷཱ་ཏུ་ཀེ་ཤྭ་ར་ཀཱ་ལ་ཙཀྲ་ཨརྒྷཾ་པྲ་ཏཱིཙྪ་ས་པ་རི་ཝཱ་རཿཏྭཾ་བྷ་ག་ཝཱན་མེ་ཝ་ར་དོ་བྷ་ཝ་ཤི་ཥྱ་ནཾ་ཙ། ཞེས་པ་ལན་གསུམ། རྣམ་དག་ཡེ་ཤེས་བདུད་རྩིའི་ཆུ་གཏེར་ནི། །རབ་དྭངས་ཁ་དོག་དྲི་རོ་ཕུན་སུམ་ཚོགས། །ཞལ་གྱི་རྙོག་པའི་དྲི་སེལ་ཡོན་ཆབ་འདི། །དུས་ཀྱི་འཁོར་ལོའི་


TNT02_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་མཉེས་ཕྱིར་འབུལ། །ཨོཾ་ཨཱཿཧྲི་པྲ་ཝ་ར་སད་ཀཱ་རཾ་ཨརྠ་ཨཉྩ་མ་ནཾ་པྲ་ཏཱིཙྪ་ན་མཿ ཚིག་རྐང་དང་པོ་གཉིས་འདྲ་བ་ལ། ཞབས་ཀྱི་པདྨའི་དྲི་སེར་སྤོས་ཀྱི་ཆུ། །ཞེས་དང༌། པཱདྱཾ། དེ་བཞིན་དུ། ཀུན་ཏུ་འཕོ་བའི་གདུང་སེལ་འཐོར་འཐུང་འདི། །པྲོཀྵཱ་ནཾ། ཡན་ལག་བརྒྱད་ལྡན་རྡོ་རྗེ་ཨརྒྷའི་རྒྱུན། །ཨརྒྷཾ།ཞེས་པས་ཆུ་བཞི་ཕུལ། ཁམས་གསུམ་དབང་ཕྱུག་བཅོམ་ལྡན་འདས། །དུས་ཀྱི་འཁོར་ལོ་འཁོར་བཅས་རྣམས། །རྣམ་དག་རྡོ་རྗེའི་དྲི་མཆོག་འདི། །བཞེས་ནས་བདག་ལ་མཆོག་སྩོལ་མཛོད། །ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་རེ་བྷྱཿ ཞེས་ཀུན་ལ་སྦྱར་ཏེ། བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ རྐང་པ་གསུམ་ཡང་སྔ་མ་བཞིན་ཀུན་ལ་སྦྱར་ཏེ། རྡོ་རྗེ་མེ་ཏོག་རྣམ་བཀྲའི་ཚོགས། །བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་བདུག་སྤོས་བླ་ན་མེད། །བཛྲ་དྷཱུ་པཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་སྒྲོན་མེ་འོད་རབ་འབར། །བཛྲ་དཱི་པཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་ཞལ་ཟས་རོལ་མཆོག་ལྡན། །བཛྲ་ནཻ་ཝི་ཏྱཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་མ་ཉམས་འབྲས་བུའི་མཆོག །བཛྲ་ཨཀྵ་


TNT02_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

ཏཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་སྒེག་མོའི་མཆོད་པ་ནི། །བཛྲ་ལཱ་སྱཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་བཞད་མའི་མཆོད་པ་འདི། །བཛྲ་ཧཱ་སྱཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་སིལ་སྙན་རྣམ་མང་པོ། །བཛྲ་བཱ་ཏྱཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་གར་གྱི་མཆོད་སྤྲིན་འདི། །བཛྲ་ནྲྀ་ཏྱཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་གླུ་དབྱངས་ཡིད་འཕྲོག་ལྡན། །བཛྲ་གཱི་ཏཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་འདོད་པའི་མཆོད་པ་མཆོག །བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ ཙ་སྡེ་ཐུང་རིང་ལས་སྐྱེས་པའི། །དྲི་ཆབ་མ་དང་ཕྲེང་བ་མ། །ནམ་མཁའ་ཁྱབ་པའི་ཚོགས་སྤྲུལ་ནས། །དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ། །ཨོཾ་བཛྲ་གནྡྷེ་གནྡྷ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་མཱ་ལེ་མཱ་ལ༴ ཊ་སྡེ་ཐུང་རིང་ལས་སྐྱེས་པའི། །བདུག་སྤོས་མ་དང་སྣང་གསལ་མ། །ནམ་མཁའ༴ དཀྱིལ་འཁོར་ལྷ༴ ཨོཾ་བཛྲ་དྷཱུ་པེ་དྷཱུ་པ༴ ཨོཾ་བཛྲ་པྲ་དཱི་པེ༴ པ་སྡེ་ཐུང་རིང་ལས་སྐྱེས་པའི། །ཞལ་ཟས་མ་དང་འབྲས་བུ་མ། །ནམ་མཁའ༴ དཀྱིལ་འཁོར་ལྷ༴ ཨོཾ་བཛྲ་


TNT02_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏེ༴ ཨོཾ་བཛྲ་ཨཀྵ་ཏེ༴ ཏ་སྡེ་ཐུང་རིང་ལས་སྐྱེས་པའི། །སྒེག་མོ་དང་ནི་བཞད་པ་མོ། །ནམ་མཁའ༴ དཀྱིལ་འཁོར་ལྷ༴ ཨོཾ་བཛྲ་ལཱ་སྱེ༴ ཨོཾ་བཛྲ་ཧཱ་སྱ༴ ཀ་སྡེ་ཐུང་རིང་ལས་སྐྱེས་པའི། །སིལ་སྙན་མ་དང་གར་མཁན་མ། །ནམ་མཁའ༴ དཀྱིལ་འཁོར་ལྷ༴ ཨོཾ་བཛྲ་བཱ་དྱེ༴ ཨོཾ་བཛྲ་ནྲྀ་ཏྱེ༴ ས་སྡེ་ཐུང་རིང་ལས་སྐྱེས་པའི། །གླུ་དབྱངས་མ་དང་འདོད་པ་མ། །ནམ་མཁའ༴ དཀྱིལ་འཁོར་ལྷ༴ ཨོཾ་བཛྲ་གཱི་ཏེ༴ ཨོཾ་ཀཱ་མེ་སརྦ་བུདྡྷ་བོ་དྷི་སཏྭ་ནཱཾ་ཀྲོ་དྷ་ཨཱ་དཱི་ནཱཾ་བཛྲ་སུ་ར་ཏ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་རིག་མ་བཅུ་གཉིས་ཀྱིས་མཆོད། སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག རབ་འབར་ནོར་བུ་རིན་ཆེན་ཨིནྡ་སྙིལ། །གསེར་དངུལ་ལ་སོགས་རིན་ཆེན་མེ་ཏོག་དང༌། །རེག་ན་བདེ་བ་རྣམ་མང་གོས་ཀྱི་ཚོགས། །ཙནྡན་ལ་སོགས་དྲི་བཟང་སྦྱར་


TNT02_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆབ། །དྲི་ཞིམ་བདུག་སྤོས་བསྲེགས་པའི་སྤྲིན་ཚོགས་དང༌། །རྩི་བཅུད་འབྲུ་མར་དང་བཅས་སྒྲོན་མེའི་ཚོགས། །གྲགས་སྟོང་གཉིས་སུ་མེད་པ་དྲིལ་བུའི་སྒྲ། །གསལ་སྣང་གཟུགས་བརྙན་འཆར་བའི་མེ་ལོང་དང༌། །ལྷ་རྫས་བླ་བྲེ་ནམ་མཁའི་ཚད་འཇལ་བྱེད། །རྣམ་མང་འབྲས་བུ་སྣ་ཚོགས་བཅུད་སྟེར་ཞིང༌། །ལྷབ་ལྷུབ་གཡོ་བ་བ་དན་རྣམ་ལྔའི་ཚོགས། །འཇོ་སྒེག་རྣམ་འགྱུར་སྤྲོ་བའི་གར་མཁན་དང༌། །སྒྲ་སྙན་སྣ་ཚོགས་རོལ་མོའི་མཆོད་པ་སྟེ། །བཅུ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཡན་ལག་བཅུ་གཉིས་འཕོ་བ་རབ་འགགས་ནས། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །རབ་དྭངས་ཡན་ལག་བརྒྱད་ལྡན་ཆུ་གཙང་དང༌། །འོ་ཆབ་མེ་ཏོག་བཅས་པའི་མཆོད་ཡོན་བཟང༌། །རླུང་གིས་བསྐྱོད་པའི་དྲི་བཟང་མཁའ་ཁྱབ་དང༌། །ལྷན་ཅིག་སྐྱེས་དང་སྦྱར་བའི་བདུག་སྤོས་དང༌། །ཨུཏྤལ་པདྨ་ལ་སོགས་མེ་ཏོག་བཀྲ། །མ་ཉམས་ས་ཧ་ཀ་རའི་འབྲས་བུ་སྨིན། །སྨན་མཆོག་དབང་པོ་ལ་


TNT02_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འབྲུ་སྣ་ཚོགས། །ཉི་ཟླ་ནོར་བུ་ལ་སོགས་སྣང་གསལ་ཚོགས། །བདུད་རྩི་རོ་བརྒྱ་ལྡན་པའི་ལྷ་བཤོས་དང༌། །ཀཉྩ་ལི་ཀ་ལྷ་ཡི་གོས་ཀྱི་མཆོག །མཆོད་པ་རྣམ་བཅུ་ཕུལ་བས་ས་བཅུ་ཐོབ། །དཀྱིལ་འཁོར་རྣམ་བཅུ་སྒྲིབ་བྲལ་ཐོབ་པར་ཤོག །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །བཀྲ་ཤིས་དཔལ་བེའུ་གཡུང་དྲུང་འཁྱིལ། །དགེ་བའི་དོན་དུ་མངའ་བ་ལྟར། །དེ་བཞིན་བདག་ཀྱང་དབུལ་བར་བགྱི། །ཇི་ལྟར་སྔོན་གྱི༴ གསེར་གྱི་འཁོར་ལོ་མུ་ཁྱུད་ཅན། །ཚངས་པ་ཆེན་པོས་ཕུལ་བ་ལྟར། །དེ་བཞིན༴ ཇི་ལྟར་སྔོན༴ འདབ་གྱི་སྐྱོན་གྱིས་མ་གོས་པའི། །པདྨ་དཀར་པོ་ཕུལ་བ་ལྟར། དེ་བཞིན༴ ཇི་ལྟར་སྔོན༴ ཉོན་མོངས་བདུད་ལས་རྒྱལ་བ་ཡི། །ཆོས་ཀྱི་རྒྱལ་མཚན་ཕུལ་བ་ལྟར། །དེ་བཞིན༴ ཇི་ལྟར༴ གདུགས་དཀར་གསེར་གྱི་ཡུ་བ་ཅན། །ཕུལ་བ་དེ་བཞིན་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཇི་ལྟར༴ རེ་བ་ཐམས་ཅད་རྫོགས་མཛད་པའི། །བུམ་པ་བཟང་པོ་ཕུལ་བ་ལྟར། །དེ་བཞིན༴ ཇི་


TNT02_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར༴ སྙན་པ་ཕྱོགས་བཅུར་སྒྲོག་པ་ཡི། །འབུད་དུང་གཡས་འཁྱིལ་ཕུལ་བ་ལྟར། །དེ་བཞིན༴ ཇི་ལྟར༴ ན་བཟའ་གསེར་གྱི་ཉ་རིས་ཅན། །ཕུལ་བ་དེ་བཞིན་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཕྱོགས་ལས་རྣམ་རྒྱལ་གསེར་གྱི་འཁོར་ལོ་དང༌། །དགོས་འདོད་མ་ལུས་སྩོལ་བ་ཡིད་བཞིན་ནོར། །གཟུགས་མཛེས་སྐྱོན་ཀུན་བྲལ་བ་བཙུན་མོའི་མཆོག །བང་མཛོད་མ་ལུས་འགེངས་བྱེད་བློན་པོའི་ཕུལ། །ཡིད་འོང་སྟོབས་ལྡན་གླང་པོའི་བདག་པོ་དང༌། །ཅང་ཤེས་སྤྲིན་གྱི་ཤུགས་ཅན་རྨད་བྱུང་རྟ། །རྒོལ་བ་ཀུན་འཇོམས་ཁྱིམ་བདག་དཔའ་བོ་ཆེ། །དེ་ལྟར་རིན་ཆེན་བདུན་གྱིས་དཀྱིལ་འཁོར་མཆོད། །དྲི་མེད་ཆོས་ཀུན་གསལ་བའི་མེ་ལོང་དང༌། །གཡས་འཁྱིལ་ཆོས་སྒྲ་མི་ཟད་སྒྲོག་པའི་དུང༌། །དུག་གསུམ་ཉོན་མོངས་འཇོམས་པའི་གི་ཧཾ་དང༌། །རྩི་བཅུད་སྙིང་པོ་བདུད་རྩིའི་རང་བཞིན་ཞོ། ཁམས་གསུམ་དབང་དུ་སྡུད་པ་ལི་ཁྲིའི་རྫས། །རྡོ་རྗེ་སེམས་དཔའི་ཚེ་སྒྲུབ་དུར་པའི་རྩྭ། །


TNT02_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཆོག་བླ་མེད་སྒྲུབ་པ་བིལ་བའི་འབྲས། བགེགས་དང་བར་ཆད་ཀུན་འཇོམས་ཡུངས་ཀར་ཏེ། །རྒྱལ་བས་བྱིན་རླབས་བཀྲ་ཤིས་རྫས་བརྒྱད་པོ། །ཕུལ་བས་འགྲོ་ལ་དགེ་ལེགས་འཕེལ་བར་ཤོག །ཉོན་མོངས་མ་ལུས་བཅོམ་པའི་སྟག་ལྤགས་དང༌། །སྒྲིབ་པ་ཀུན་བྲལ་གླང་ཆེན་པགས་པའི་གོས། །འཇིགས་བྱེད་ཧེ་རུ་ཀ་དཔལ་མཉེས་བྱེད་པ། །སྣ་ཚོགས་ན་བཟའི་མཆོད་པ་དབུལ་བར་བགྱི། །དབང་སྔོན་ཀརྐེ་ཏ་ན་ཆུ་ཤེལ་དང༌། །པད་དམར་མ་ར་ཏ་ཀ་མུ་ཏིག་དང༌། །འཛམ་བུ་ཆུ་བོའི་གསེར་དང་དངུལ་ལ་སོགས། །བཟའ་དང་བཅའ་བ་རྣམ་པ་དུ་མ་དང༌། །རྩ་བ་སྡོང་བུ་འདབ་མ་མེ་ཏོག་དང༌། །ལྗོན་ཤིང་ལ་སོགས་རྣམ་པ་སྣ་ཚོགས་པ། །བསོད་ནམས་སྤེལ་ཕྱིར་དཀྱིལ་འཁོར་ལྷ་ལ་འབུལ། །རལ་གྲི་ཁང་པ་པགས་པ་སྐྱེད་མོས་ཚལ། །མལ་ཆ་གོས་དང་མཆིལ་ལྷམ་རིན་པོ་ཆེ། །པདྨ་ཅན་སོགས་བཀྲ་ཤིས་ལྷ་མོ་བརྒྱད། །སྣ་ཚོགས་རིན་ཆེན་ལས་གྲུབ་ཁང་བཟང་དང༌། །དཔག་བསམ་ཤིང་དང་བུམ་པ་བཟང་པོ་དང༌། །འདོད་འཇོའི་བ་དང་


TNT02_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་རི་བོ་སོགས། །མཆོད་སྤྲིན་རྒྱ་མཚོས་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཀུནྡ་རབ་ཏུ་ཁྱབ་བྱེད་དྲི་བཟང་དང༌། །རྣམ་དག་ཉི་མས་དག་བྱེད་མེ་ཏོག་ཕྲེང༌། །དོན་དམ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ལ་འབུལ། །འགྲོ་བས་རྣམ་དག་ཟླ་ཉི་ཐོབ་པར་ཤོག །གཏུམ་མོ་འབར་བས་ཀུན་རྟོག་བསྲེགས་པའི་སྤོས། །སྙིང་ནང་གཞོལ་མེད་འབར་བའི་སྣང་གསལ་ཚོགས། །དོན་དམ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ལ་འབུལ། །སྤྲོས་བྲལ་ཡེ་ཤེས་སྣང་བ་ཐོབ་པར་ཤོག །འདོད་ཡོན་གཞན་མཆོག་བདུད་རྩི་ཞལ་ཟས་ལྔ། །ཐིག་ལེ་ནོར་བུར་བཅིངས་པའི་མ་ཉམས་འབྲུ། །དོམ་དམ་དབྱིངས༴ སྟོང་པའི་གཟུགས་ཀྱི་བྱང་སེམས་འཆིང་བར་ཤོག །མ་དག་གནས་གྱུར་ཡེ་ཤེས་སྒེག་མོའི་ལུས། །ལས་རླུང་དྷཱུ་ཏཱིར་ཐིམ་པ་བཞད་སྒྲའི་དབྱངས། །དོམ་དམ་དབྱིངས༴ རྡོ་རྗེའི་སྐུ་དང་བཅུ་གཉིས་ས་ཐོབ་ཤོག །གཞོམ་མེད་ནཱ་དའི་རོལ་མོ་སིལ་སྙན་མཆོག །རྣམ་གསུམ་ཕྱག་རྒྱའི་རོལ་པ་བདེ་བའི་གར། །དོམ་དམ་དབྱིངས༴། གྲག་སྟོང་སྒྲ་དང་སྒྱུ་རྩལ་མཆོག་ཐོབ་ཤོག །


TNT02_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དབྱངས་རྒྱ་མཚོ་ཆོས་ཉིད་རྡོ་རྗེའི་གླུ། །མི་འགྱུར་བདེ་སྒྲུབ་ཕྱག་ཆེན་འདོད་པ་མོ། །དོམ་དམ་དབྱིངས༴ རྡོ་རྗེའི་གསུང་དང་མི་འགྱུར་བདེ་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ལན་གསུམ་ལ་སོགས་པ་ཅི་རིགས་པར་བརྗོད། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་རླབས། ན་མོ་སངས་རྒྱས་ཆོས་དང་དགེ་འདུན་ཐམས་ཅད་ཀྱི་ངོ་བོ་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་སྐྱོབ་པ་དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་འདི་ཞེས་བྱ་བའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། དངོས་གྲུབ་རྒྱ་མཚོ་ཡོན་ཏན་རིན་ཆེན་གཏེར། །སྲིད་དང་ཞི་བའི་གདུང་བ་སེལ་བའི་སྨན། །ལྷ་དང་བཅས་པའི་འགྲོ་བ་ཀུན་གྱི་སྐྱབས། །དཔལ་ལྡན་རྡོ་རྗེ་འཆང་ལ་མཆོད་པ་འབུལ། །ཨོཾ་ཨཱཿཧཱུཾ། ཉི་མའི་འོད་དང་ཟླ་བཟང་ལྷ་དབང་དང༌། །གཟི་བརྗིད་ཟླས་བྱིན་ལྷ་ཡི་དབང་ཕྱུག་དང༌། །སྣ་ཚོགས་གཟུགས་དང་ལྷ་ཡི་དབང་ལྡན་ཏེ། །ཆོས་རྒྱལ་ཆེན་པོ་བརྒྱད་ལ་མཆོད་པ་འབུལ། །འཇམ་དབྱངས་གྲགས་པ་


TNT02_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དཀར་པོ་དང༌། བཟང་པོ་རྣམ་རྒྱལ་བཤེས་གཉེན་བཟང་པོ་དང༌། །ཕྱག་ན་རིན་ཆེན་ཁྱབ་འཇུག་སྦས་པ་དང༌། །ཉི་མ་གྲགས་དང་ཤིན་ཏུ་བཟང་པོའི་མཆོད། །རྒྱལ་མཚོ་རྣམ་རྒྱལ་རྒྱལ་དཀའ་ཉི་མ་དང༌། །སྣ་ཚོགས་གཟུགས་དང་ཟླ་འོད་མཐའ་ཡས་དང༌། །ས་སྐྱོང་དཔལ་སྐྱོང་སེང་གེ་རྣམ་གནོན་དང༌། །སྟོབས་ཆེན་མ་འགགས་མི་ཡི་སེང་གེ་མཆོད། །དབང་ཕྱུག་ཆེན་པོ་མཐའ་ཡས་རྣམ་རྒྱལ་དང༌། །དྲག་པོ་ཞེས་བྱ་ཉི་ཤུ་རྩ་ལྔ་པོ། །ས་ཡི་འཁོར་ལོ་རྫོགས་པར་སྐྱོང་བ་སྟེ། །ཚངས་པ་ལྷ་དབང་ཕྱེད་ཕྱེད་སྐྱོང་རྣམས་མཆོད། །འོད་སྲུང་ལ་སོགས་དུམ་བུར་སྐྱོང་བ་བརྒྱད། །དེ་ལྟར་ས་སྐྱོང་སུམ་ཅུ་རྩ་ལྔ་ནི། །རིགས་ཀུན་གཅིག་ཏུ་མཛད་པ་གསང་སྔགས་ཀྱི། །རིགས་ལྡན་བརྒྱུད་པ་རྣམས་ལ་མཆོད་པ་འབུལ། །དུས་ཞབས་གཉིས་དང་ནཱ་ལེནྡྲ་པ་དང༌། །ཟླ་བ་མགོན་པོ་འབྲོ་སྟོན་ལོ་ཙཱ་དང༌། །ལྷ་རྗེ་སྒོམ་པ་སྒྲོ་སྟོན་གནམ་བརྩེགས་དང༌། །གྲུབ་ཆེན་ཡུ་མོ་རྣམས་ལ་མཆོད་པ་འབུལ། །ཆོས་ཀྱི་དབང་ཕྱུག་ནམ་མཁའ་འོད་ཟེར་དང༌། །སྤྲུལ་སྐུ་ཇོ་འབུམ་གྲུབ་ཐོབ་


TNT02_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

སེ་ཆེན་དང༌། །ཆོས་རྗེ་འཇམ་གསར་ཆོས་སྐུ་འོད་ཟེར་དང༌། །ཀུན་སྤངས་ཆོས་རྗེ་རྣམས་ལ་མཆོད་པ་འབུལ། །བྱང་སེམས་ཆེན་པོ་ཡོན་ཏན་རྒྱ་མཚོ་དང༌། །ཀུན་མཁྱེན་ཆོས་རྗེ་སྒྲ་བསྒྱུར་སྐུ་མཆེད་དང༌། །ཕྱོགས་ལས་རྣམ་རྒྱལ་ཉ་དབོན་ཆོས་རྗེ་དང༌། །གྲུབ་ཆེན་ཀུན་བློ་རྣམས་ལ་མཆོད་པ་འབུལ། །འཇམ་དབྱངས་དཀོན་བཟང་ནམ་མཁའ་ཆོས་སྐྱོང་དང༌། །ནམ་མཁའ་དཔལ་བཟང་རཏྣ་བྷ་དྲ་དང༌། །གྲོལ་མཆོག་ཞབས་དང་ལུང་རིགས་རྒྱ་མཚོ་དང༌། །རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་ཏེ། །རྡོ་རྗེའི་རྣལ་འབྱོར་མངོན་སུམ་སྟོན་མཛད་པའི། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །ཨོཾ་ཀཱ་ལ་ཙཀྲ་ཡ་ཧཱུཾ་སྭཱཧཱ། ཨོཾ་ཨཱཿཧཱུཾ། ཨོཾ་བི་ཤྭ་མཱ་ཏ་ཧོཿཕྲཻཾ་སྭཱཧཱ། ཨོཾ་ཨ་ཨཱཿཨཾ་ཨཿཧ་ཧཱ་ཧཾ་ཧཿསྭཱཧཱ། ཨོཾ་ཨཱཿཧཱུཾ་ཧོཿ ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧླྀ་ཧླཱྀ་ཧཾ་ཧཿ ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ། ཨོཾ་ཨཱཿཧཱུཾ། ཨོཾ་སྐུ་བཞི་རྡོ་རྗེ་བཞི་ཡི་བདག་ཉིད་དང༌། །ཚད་མེད་རྣམ་ཐར་ཆོས་ཀྱི་ཕུང་པོ་དང༌། །དམ་ཆོས་སྟོན་པ་


TNT02_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་ཚོགས་རྣམས་ཏེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །དུས་འཁོར་རྡོར་སེམས་ཤཱཀྱ་ཐུབ་པ་དང༌། །ནུས་མ་བུམ་པ་བཅུ་དང་རྡོ་རྗེ་བཞི། །སངས་རྒྱས་བྱང་ཆུབ་སེམས་དང་ཁྲོ་བོའི་རྒྱལ། །རང་རང་ལྷ་མོར་བཅས་པ་རྣམས་ལ་མཆོད། །གཟུངས་མ་རྣལ་འབྱོར་མ་དང་འདོད་མ་དང༌། །ཚེས་ཀྱི་ལྷ་དང་གདེངས་ཅན་ཕྱིར་འདོད་མ། །རབ་གཏུམ་གཟའ་སྐར་ཕྱོགས་སྐྱོང་ཞིང་སྐྱོང་སོགས། །ཕྱེད་བཅས་བྱེ་བ་གསུམ་གྱི་འབྱུང་པོ་མཆོད། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་དང༌། །མཆོད་ཡུལ་རྒྱ་མཚོ་ཚོགས་ལ་མཆོད་པ་འབུལ། །འགྲོ་ཀུན་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ལ། །མཆོག་ཏུ་རོལ་པས་བདེ་ཆེན་ཐོབ་པར་ཤོག །ཨོཾ་ཨཱཿཧཱུཾ། ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོཿན་མོ་ན་མཿ གཞན་ཡང་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། བཀའ་སྡོད་ཆོས་སྐྱོང་བསྲུང་མ་ཐམས་ཅད་ལ༴ ཡུལ་བདག་གྲོང་བདག་གཉུག་མར་


TNT02_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཐམས་ཅད་ལ༴ ཟག་པ་མེད་པའི་བདེ་བས་རྒྱུད་ཚིམ་ནས་མྱུར་དུ་མངོན་པ་རྫོགས་པར་སངས་རྒྱ་བར་གྱུར་ཅིག །བསྟོད་པ་ནི། རོལ་ཆེན་དང་བཅས་ཏེ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཀྱི་བར་མཚན་བརྗོད་ཀྱི་འདུད་ཉི་ཤུས་བསྟོད། དེ་ནས་དྲིལ་བསིལ་དང་བཅས་ཏེ། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན་སོགས། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས་སོགས། དུས་ཀྱི་འཁོར་ལོ་བདེ་ཆེན་པོ། །སྐུ་གསུམ་མཆོག་དང་དཀྱིལ་འཁོར་གསུམ། །རྡོ་རྗེ་གསུམ་མཆོག་རྡོ་རྗེ་དབྱིངས། །འགྱུར་བ་མེད་ལ་ཕྱག་འཚལ་ལོ། །རྣམ་རྟོག་སྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་བ་འཛིན་པ་དབྱིབས་དག་དང༌། །རྟོག་དག་དཔྱོད་པ་རྣམ་པར་སྤངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང༌། །པྲ་ཕབ་པ་ཡི་རང་བཞིན་ཅན། །ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། །ཨེ་ཝཾ་ཡི་གེ་དེ་ལ་འདུད། །སངས་རྒྱས་ཀུན་གྱི་བསྐྱེད་མཛད་མ། །སྐྱེ་བ་དང་ནི་འཇིགས་པ་སྤངས། །ཀུན་ཏུ་བཟང་པོའི་སྤྱོད་པ་ཅན། །སྣ་ཚོགས་ཡུམ་དེ་ལ་ཕྱག་འཚལ། །ཨཱ་ལི་ཀཱ་ལི་སྙོམས་


TNT02_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་དང༌། །ཧཱུཾ་ཕཊ་ཡི་གེ་སོགས་སྤངས་ཀྱང༌། །འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ལ་འདུད། །ཀུན་མཁྱེན་ཡེ་ཤེས་སྐུ་ཞེས་པ། ཁྱབ་བདག་ཉི་མ་ལྟ་བུའི་སྐུ། །པདྨའི་འདབ་མ་རྒྱས་པའི་སྤྱན། །དེ་ཉིད་བཅུ་དྲུག་དབྱེ་བ་ལས། །སྐུ་བཞིའི་བདག་ཉིད་སངས་རྒྱས་ནི། །རྡོ་རྗེ་སེང་གེའི་གདན་བཞུགས་པ། །ལྷ་དང་ལྷ་མིན་གྱིས་བསྟོད་སྔོན། །ཟླ་བཟང་གིས་གསོལ་དེ་ལ་འདུད། །རྣམ་པར་བཅས་ཀྱང་རྣམ་མེད་བཅོམ་ལྡན་འདས་མ་ཤེས་རབ་མ་སྟེ་དེ་ཡིས་འཁྱུད། །སྐྱེ་འཇིགས་སྤངས་པའི་འགྱུར་མེད་བདེ་བ་དང་ལྡན་རྒོད་པ་ལ་སོགས་བདེ་བ་སྤངས། །སངས་རྒྱས་རྣམས་ཀྱི་བསྐྱེད་མཛད་སྐུ་གསུམ་རྣམས་དང་ལྡན་ཞིང་དུས་གསུམ་ཡང་དག་རིག །ཀུན་མཁྱེན་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་གཉིས་མེད་དེ་ཉིད་ལ་ཕྱག་འཚལ། །གང་ལ་ཐོག་མཐའ་དབུས་མེད་གནས་དང་འཆི་དང་སྲིད་པ་དང་ནི་སྒྲ་དང་དྲི་དང་རོ་དག་དང༌། །རེག་བྱ་གཟུགས་དང་སེམས་མེད་རང་བཞིན་དང་ནི་སྐྱེས་བུ་མེད་ཅིང་འཆིང་དང་གྲོལ་དང་བྱེད་པོ་མེད། །ས་བོན་དང་ནི་གསལ་བར་


TNT02_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མེད་མཐའ་དག་སྲིད་པའི་སྡུག་བསྔལ་བདེ་བ་ཉིད་ཀྱི་རང་བཞིན་མེད། །མྱ་ངན་འདས་པ་མཚན་མ་མེད་ཅིང་བྱེད་པ་རྣམས་བྲལ་ཡོན་ཏན་མེད་པ་དེ་ལ་ཕྱག་འཚལ་ལོ། །དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་དང་ནི་སྐྱེས་བུ་དཔེ་མེད་ཀུན་འགྲོ་སྤྲོས་པ་མེད་པ་སྟེ། །ཐེར་ཟུག་ཏུ་གནས་སྙན་དང་ཤངས་དང་ཞལ་དང་སྤྱན་དང་དབུ་དང་ཕྱག་དང་ཞབས་ནི་ཐམས་ཅད་པ། །འབྱུང་པོའི་མཐའ་སྟེ་འབྱུང་པོའི་མགོན་པོ་མཆོག་གི་སྲིད་པ་གསུམ་འཛིན་རྒྱུ་རྣམས་དག་གི་རྒྱུར་གྱུར་པ། །རིག་པ་ལ་སོགས་རྣལ་འབྱོར་དག་གིས་རྟོག་བྱ་མཆོག་བདེའི་གོ་འཕང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །སྤྲོ་བྱེད་ནུས་མའི་གཟུགས་གཞན་གློག་གི་མེ་དང་མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ཅན། །ཡེ་ཤེས་རྡོ་རྗེའི་སྣང་བ་མཆོག་གི་གོ་འཕང་བགྲོད་བྱེད་རྣམ་པར་བཅད་པ་དེ་ལ་ཕྱག་འཚལ་ལོ། །དཀར་པོ་འཇིག་རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་ལས་འཛག་འཇིག་རྟེན་སྤྱི་བོར་ཡང་དག་གནས། །བདུད་རྩི་འཆི་བ་སེལ་ཞིང་སྲིད་པའི་འཇིགས་པ་འཇོམས་པར་བྱེད་པ་ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ། །སེམས་


TNT02_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་སྔགས་ཀྱི་ངོ་བོ་ལྷ་ཡིས་ཡོངས་སུ་བསྐོར་བ་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། །དམ་པ་རྣམས་ལ་ཞི་བའི་གཟུགས་ནི་རང་གིས་བྱས་པའི་ཉམས་མྱོང་མི་ཟད་རྣམས་ལ་མི་ཟད་པ། །གང་གིས་ལས་གང་རབ་བྱས་རང་གི་སེམས་ལ་ཆོ་ག་བཞིན་དུ་དེ་ཡི་འབྲས་བུ་དེ་བསྐྱེད་པ། །འཇིག་རྟེན་དབང་པོ་སྣ་ཚོགས་གཟུགས་ཅན་སྲིད་གསུམ་བསྐྱེད་མཛད་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །གཅིག་དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་དང་མི་མཉམ་པ་དང་མཉམ་པ་གཡས་གཡོན་མདུན་རྒྱབ་དང༌། །སྟེང་འོག་ཀུན་ནས་དཀར་ལྗང་སྣ་ཚོགས་ཁ་དོག་ཆེན་པོ་གཅིག་གི་གཟུགས་ཏེ་ཐུང་ངུ་རིང་པོ་དང༌། །ཤིན་ཏུ་རིང་པོ་ཡོན་ཏན་མེད་ཅེས་ཡོན་ཏན་དང་བཅས་བུད་མེད་སྐྱེས་པའམ་སྐྱེས་པ་བུད་མེད་མིན། །གང་ཞིག་ཀུན་གྱི་རྟེན་གཅིག་བྷ་ག་བཟང་མོ་མཆོག་གི་བྷ་ག་ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། །ཅེས་པ་ལ་སོགས་པ་ཇི་ལྟར་འོས་པས་བསྟོད། དེ་ནས་ཏིང་ངེ་འཛིན་གྱི་བདག་འཇུག་མི་བྱེད་ན། སྐབས་འདིར་སྒྲུབ་ཐབས་ནས་འབྱུང་བ་ལྟར་གཏོར་མ་ཕུལ་ལ་རྗེས་ཀྱིས་ཆོ་ག་རྣམས་བྱའོ། །


TNT02_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཇུག་བྱེད་པར་འདོད་ན། ཐོག་མར་བུམ་པ་སྒྲུབ་དགོས་པས་བུམ་པ་སྒྲུབ་ཚུལ་ནི། བུམ་པ་བཅུའམ་ལྔ་ལ་སོགས་པ་ཡོད་ནའང་ལེགས་ལ། བསྡུ་ན་བུམ་པ་གཅིག་ཉིདལ་བུམ་པ་བཅུར་མོས་པས་ཆོག་སྟེ། བུམ་པའི་སྟེང་དུ་རྣམ་རྒྱལ་ཆེན་པོ་ཞེས་བྱ་བ་དུང་ཆོས་བཀོད། གཟུངས་ཐག་སོགས་ཀྱང་སྤྱི་དང་མཐུན་པར་ལག་ལེན་ལ་མཛད་དོ། །ཨོཾ་ཨཱཿཧཱུཾ་ཧྲཿཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧཱཾ་ཧཱུཾ་ཧླྀཾ་ཧླཱྀཾ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་ཁུ་བ་དང་རྡུལ་འགགས་པའི་བུམ་པ་གཉིས་དང༌། ཤར་དང་མེར་རྐང་འགགས་པའི་བུམ་པ་གཉིས་དང༌། ལྷོ་དང་བདེན་བྲལ་དུ་ཁྲག་འགགས་པའི་བུམ་པ་གཉིས་དང༌། བྱང་དང་དབང་ལྡན་དུ་གཅི་བ་འགགས་པའི་བུམ་པ་གཉིས་དང༌། །ནུབ་དང་རླུང་དུ་བཤང་བ་འགགས་པའི་བུམ་པ་གཉིས་ཏེ་བདུད་རྩིའི་བུམ་པ་དཀར་པོ་པདྨ་ལ་གནས་ཤིང་པདྨས་ཁ་བརྒྱན་པ་རྣམས་སུ་གྱུར། རང་གི་སྙིང་གར་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་དུས་ཀྱི་འཁོར་ལོ་སྣ་ཚོགས་ཡུམ་དང་བཅས་པར་གསལ་བའི་ཡབ་ཀྱི་ཐུགས་ཀར་ཟླ་བ་དང༌།


TNT02_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ཏེ། དེ་དག་ཁ་སྦྱར་བ་ལས་རྡོ་རྗེ་ལྕགས་ཀྱུ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་སྤྲོས་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ རྡོ་རྗེ་བདུད་རྩིའི་བུམ་པ་རྣམས་དང་རོ་གཅིག་ཏུ་གྱུར། ཨོཾ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ་བཛྲ་པདྨ་ཨ་མྲྀ་ཏ་གྷ་ཊ་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་སརྦ་དྷརྨཱན། སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝཱན་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་མང་དུ་བཟླས། ཨོཾ་བཛྲ་གནྡྷཾཾ་པྲ་ཏཱིཙྪ་ན་མཿ ནས། ཀཱ་མཾ་པྲ་ཏཱིཙྪ་ན་མཿ ཞེས་པའི་བར་མཆོད་པ་བཅུ་གཉིས་འབུལ། དེ་དག་ནི་བུམ་པ་སྒྲུབ་པའི་ཆོ་གའོ། །དེ་ནས་ལྷག་གནས་ཀྱི་དོན་དུ་མཎྜལ་ཕུལ། སྐྱེ་རྒ་འཆི་བ་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བ། །འཁོར་བའི་མཚོ་ལས་བདག་སྒྲོལ་མཛོད། །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། སྐྱབས་གསུམ་དག་


TNT02_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཅེས་ལན་གསུམ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་པ་ལན་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་བཟུང༌། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །དུས་འདི་ནས་ནི་གཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་


TNT02_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང༌། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་པ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་


TNT02_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

འགོད། །ཅེས་ལན་གསུམ་གྱིས་རིགས་ལྔའི་སྡོམ་པ་བཟུང༌། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿབཛྲ་དན་ཏཱ་ཀཱཥྛ་ཙ་ཏུར་བི་མོཀྵ་མུ་ཁ་བི་ཤུདྡྷེཿསྭ་བྷཱ་ཝཾ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་མུ་ཁ་དན་ཏ་ཨཱ་དྷི་མ་ལཾ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ་སྭཱཧཱ། རང་གི་དཔྲལ་པར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿ སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ། ལྟེ་བར་དུས་མའི་དཀྱིལ་འཁོར་ལ་ཧོཿ གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཧཾ། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵཿརྣམས་སུ་གྱུར། ཨོཾ་ཨ་ཨཱ་ཨཾ་ཨཿབཛྲ་སཏྭ་མཧཱ་སུ་ཁ་ཀཱ་ལ་ཙཀྲ་བཛྲ་ཤི་ཥྱ་སྱ་ཨ་བྷི་མུ་ཁོ་ཏ་བྷ་ཝ་སནྟུ་ཥྟོ་བྷ་ཝ་ཝ་ར་དོ་བྷ་ཝ་ཀཱ་ཡ་ཝཱཀ་ཙིཏྟ་ཨདྷིཥྛ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་ལན་གསུམ་ལ་སོགས་པ་བརྗོད་ཅིང་རོལ་མོའི་སྒྲ་བྱ་སྟེ་རྡོ་རྗེ་སེམས་དཔའ་བསྐུལ་བའོ། །དངོས་གཞི་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་མཎྜལ་ཕུལ། མི་ཟད་འཁོར་བས་འཇིགས་པས་བདག་ནི་དེ་རིང་ཉིད་ནས་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི། ཁྱོད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པར་འཇིགས་འཕྲོག་དག་ལ་ལུས་ངག་སེམས་ནི་དག་


TNT02_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །ལན་གསུམ། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་བཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་དག་ཀྱང་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །དཔྲལ་པར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ། སོགས་གོང་བཞིན་བཀོད། ཨོཾ་ཨཱཿཧཱུཾ་བདུད་རྩི་མྱང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་ཁྲོ་བོའི་དབང་པོ་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་རང་གི་སྙིང་གར་ཐིམ། ཨོཾ་ཨཿར་ར་ར་ར་ལ་ལ་ལ་ལ་བཛྲ་ཨཱ་བེ་ཤ་ཡ་ཧཱུཾ། ཞེས་རོལ་མོའི་སྒྲ་དང་བཅས་ཏེ་ཡེ་ཤེས་དབབ། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་རྣམས་སོ། །གང་ཞིག་གང་གི་དུས་སུ་


TNT02_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་སྦྱིན་བྱ། །སྣ་ཚོགས་གཙོ་བོའི་བཀའ་འདིས་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། །ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ཡང༌། །དབང་པོ་རྣམས་ནི་ཀུན་ནས་ཆགས་པ་དག་སྟེ་དེ་ལྟར་སྲིད་པའི་བདག་པོའི་བརྟུལ་ཞུགས་ཉི་ཤུ་ལྔ། །ཞེས་ཚར་གཅིག་བརྗོད། སྲིད་པའི་འཇིགས་པ་འཇོམས་མཛད་པའི། །བརྟུལ་ཞུགས་ཉི་ཤུ་རྩ་ལྔ་པོ། །སྣ་ཚོགས་གཙོ་བོའི་གསུང་ཇི་བཞིན། །བདག་གིས་བརྟན་པོར་བཟུང་བར་བགྱི། །ལན་གསུམ། ཨོཾ་དྭཱ་ད་ཤ་ཨཾ་ག་ནི་རོ་དྷ་ཀཱ་རི་ཎེ་ཧཱུཾ་ཕཊ། མིག་དར་བཅིངས་ཤིང་གོས་སེར་པོ་བགོས་པར་མོས། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ལན་གཅིག ཨོཾ་ཨཱཿཧཱུཾ་ལན་བདུན། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཀུ་ལ་བི་ཤྭ་དྷ་ནི་སྭཱཧཱ། ཞེས་མེ་ཏོག་ཕུལ་བར་མོས།


TNT02_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་དི་བྱཻནྣ་ཡཱ་ཎྱཱུཊ་གྷ་ཊ་སྭཱཧཱ། ཨོཾ་དི་བྱཡ་ན་མུད་གྷཱ་ཊ་ཡཱ་མི་སྭཱཧཱ། ཞེས་མིག་དར་ཕྱེ་བས་དཀྱིལ་འཁོར་མཐོང་བར་མོས། དེ་ནས་མཎྜལ་ཚོམ་བུ་དགུ་མ་ཕུལ། བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་བླངས་ནས་བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་བརྗོད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དབང་གི་ལྷ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་གནྡྷཾ་ནས། ཀཱ་མཾ་པྲ་ཏཱིཙྪ་ན་མཿ ཨོཾ་བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཨོཾ་ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱང་བརྗོད། སྒྲིབ་པ་ཀུན་སྤངས་དུས་ཀྱི་འཁོར་ལོ་དང༌། །བླ་མ་དབྱེར་མེད་ཡེ་ཤེས་སྐུ་ཁྱོད་ལ། །ཕྱི་ནང་མཆོད་རྫས་བཟང་དགུ་


TNT02_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བར་བགྱི། །འཇིག་རྟེན་འཇིག་རྟེན་འདས་པའི་དབང་རབ་སྩོལ། །ཅེས་ལན་གསུམ་གསོལ་བ་བཏབ། དུང་ཆོས་ཀྱི་ཆུ་གནས་ལྔར་གཏོར། ཨོཾ་ཨཱཿཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱཧཱ། ཁམས་ལྔ་སྦྱོང་བྱེད་ཡེ་ཤེས་བདུད་རྩི་འདིས། །གནས་ལྔར་དབང་སྐུར་རང་བཞིན་གཉུག་མ་ཡི། །གཤེགས་མ་ཡུལ་ལྔའི་དངོས་གྲུབ་མྱུར་རྟོགས་ནས། །འབྲས་བུ་ས་ནི་དང་པོ་ཐོབ་གྱུར་ཅིག །ཨོཾ་ཨ་ཨི་རྀ་ཨུ་ལྀ་པཉྪ་ཏ་ཐཱ་ག་ཏ་པ་རི་ཤུདྡྷ་སྭཱཧཱ། ཕུང་པོ་ལྔ་རྣམས་སྦྱོང་བྱེད་ཅོད་པན་འདིས། །གནས་ལྔར་དབང་བསྐུར་རང་བཞིན་གཉུག་མ་ཡི། །རྒྱལ་བ་རིགས་ལྔའི་དངོས་གྲུབ་མྱུར་རྟོགས་ནས། །འབྲས་བུ་ས་ནི་གཉིས་པ་ཐོབ་གྱུར་ཅིག །ཨོཾ་ཨ་ཨཱ་ཨཾ་ཨཱཿཧ་ཧཱ་ཧཾ་ཧཱ་ཕྲཻཾ་ཧོཿད་ཤ་པ་ར་མི་ཏཱ་པ་རི་པུ་ར་ཎི་སྭཱཧཱ། རླུང་བཅུ་སྦྱོང་བྱེད་དར་དཔྱངས་ཕྲེང་བ་འདིས། །གནས་ལྔར༴ ནུས་མ་བཅུ་ཡི་དངོས་གྲུབ་མྱུར་རྟོགས་ནས། །འབྲས་བུ་ས་ནི་གསུམ་པ༴ ཨོཾ་ཧཱུཾ་ཧོཿསཱུརྱ་ཙནྡྲ་བི་ཤྭ་དྷ་ཀ་སྭཱཧཱ། རོ་རྐྱང་སྦྱོང་བྱེད་རྡོ་རྗེ་དྲིལ་བུ་འདིས། །གནས་ལྔར༴ གཙོ་བོ་ཡབ་ཡུམ་


TNT02_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ༴ འབྲས་བུ་ས་ནི་བཞི་པ༴ ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ། བི་ཥ་ཡ་ཨིནྡྲཱ་ཡ་བི་ཤོ་དྷ་ནི་སྭཱཧཱ། དབང་ཡུལ་སྦྱོང་བྱེད་མེ་ཏོག་སིལ་མ་འདིས། །གནས་ལྔར༴ སེམས་དཔའ་ཡབ་ཡུམ་དངོས་གྲུབ༴ འབྲས་བུ་ས་ནི་ལྔ་པ༴ ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཙ་ཏུརྦྲ་ཧྨ་བི་ཧཱ་ར་བི་ཤུདྡྷེ་སྭཱཧཱ། ཀྱེ་དཔལ་བརྗོད་ཅིང་གསང་བའི་མིང་དྲན་པར་བྱ། ལས་དབང་བྱ་བ་སྦྱོང་བྱེད་གདུ་བུ་འདིས། །གནས་ལྔར༴ ཁྲོ་བོ་ཡབ་ཡུམ་དངོས་གྲུབ༴ འབྲས་བུ་ས་ནི་དྲུག་པ༴ ཨོཾ་ཧཾ་ཀྵཿདྷརྨཱ་ཙཀྲ་པྲ་བརྡྷ་ཀ་སྭཱཧཱ། འགྱུར་བདེ་སྦྱོང་བྱེད་ཆོས་ཀྱི་འཁོར་ལོ་འདིས། །གནས་ལྔར༴ རྡོར་སེམས་ཡབ་ཡུམ་དངོས་གྲུབ༴ འབྲས་བུ་ས་ནི་བདུན་པ༴ སླར་ཡང་རང་གི་ལག་ཏུ་རྡོ་རྗེ་དང་དྲིལ་བུ་སྦྱིན་པར་གྱུར། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་མཆོག་གི་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་དབྲོག །ཆང་དང་སྒྲོན་མ་


TNT02_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བསྐྱང་བར་བྱ། །གཡུང་མོ་ལ་སོགས་མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པདྨར་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱིས་བསྲུང་མི་བྱ། །རིགས་ཀྱི་བུ་ཀྱེ་སངས་རྒྱས་ཉིད་དུ་འགྱུར་བ་བཞན་དུ་མཐའ་ཡས་བསྐལ་པས་མིན་པར་རྒྱལ་བས་གསུངས། །ཞེས་བརྗོད་དེ་ནས་དམ་ཚིག་རྣམས་དྲན་པར་བྱ་སྟེ། གལ་ཏེ་གཡོ་སྒྱུའི་དབང་གིས་རྩ་བའི་ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་འདི་དག་སྡུག་བསྔལ་ལོ། །དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་གྱུར། །དེ་ཡི་བཀའ་ལས་འགོངས་པས་གཞན་དུ་འགྱུར་ཏེ་ངེས་པར་དེ་བཞིན་སྤྱན་ལ་ཁྲོས་པས་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེབྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ་རི་བོ་དག་ཀྱང་མ་སྨིན་མི་


TNT02_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསང་བ་སྦྱིན་ལས་སོ། །ཕུང་པོ་ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དག་གང༌། །རྒྱུ་ཡི་བྱམས་པ་དང་ནི་མིང་སོགས་བྲལ་བ་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོའོ། །དག་པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་མ་དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེའི་ཐེག་པར་གནས་པ་རྣམས་པའོ། །ཞེས་བརྗོད། དབང་གོང་མའི་དོན་དུ་གསོལ་བ་འདེབས་པ་ནི། སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་མི་འགྱུར་བདེས་གང་བ། །ཡེ་ཤེས་སྐུ་ཁྱོད་ལ་ཕྱག་འཚལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ནི་འགྱུར་མེད་གང༌། །དབང་བསྐུར་དེ་ཡིས་བདག་ལ་ནི། །མགོན་པོ་ད་ནི་བཀའ་དྲིན་མཛོད། །བུ་དང་ཆུང་མ་སོགས་བཅས་པ། །བདག་ནི་དུས་ཀུན་ཁྱོད་ཀྱི་འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བདག་ལ་སྐྱབས་གཞན་ཡོད་མ་ཡིན། །ཅེས་


TNT02_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གོང་མ་སྤྱིར་གསོལ་བ་བཏབ། ཨོཾ་ཨོཾ་པྲཛྙཱ་ཨུ་པཱ་ཡཽ་ཀ་ལ་ཤ་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཾ་ཧུཾ་ཧཱུཾ་ཕཊ། སད་པའི་གནས་སྐབས་སྦྱོང་བྱེད་བུམ་དབང་གིས། །དགེ་ཚུལ་རྡོ་རྗེ་འཛིན་པར་དབང་བསྐུར་བས། །སྒྱུ་འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་སྟེ། །འབྲས་བུ་ས་ནི་བརྒྱད་པ་ཐོབ་གྱུར་ཅིག །ཨོཾ་ཨཱཿཔྲཛྙཱ་ཨུ་པཱ་ཡོ་གུ་ཧྱ་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཾ་ཧུཾ་ཧཱུཾ་ཕཊ། བདུད་རྩི་བྱང་ཆུབ་ཀྱི་སེམས་མྱངས་ཤིང་གསང་བའི་དཀྱིལ་འཁོར་མཐོང་བར་གྱུར། རྨི་ལམ་གནས་སྐབས་སྦྱོང་བྱེད་གསང་དབང་གིས། །དགེ་སློང་རྡོ་རྗེ་འཛིན་པར་དབང་བསྐུར་བས། །རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་སྟེ། །འབྲས་བུ་ས་ནི་དགུ་པ་ཐོབ་པར་ཤོག །ཨོཾ་ཧཱུཾ་པྲཛྙཱ་ཨུ་པཱ་ཡོ་བཛྲ་སཏྭ་བི་ཤྭཱ་མཱ་ཏ་རཽ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཾ་ཧུཾ་ཧཱུཾ་ཕཊ། ལག་བཅངས་དང་གཉིས་སྤྱོད་ཀྱི་བདེ་བ་འཕོ་མེད་དུ་མྱོང་བར་གྱུར། ཨོཾ་ཛྙཱ་ན་པཱུ་ཛ་ཨ་ནུ་རཀྟོ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གཉིད་འཐུག་གནས་སྐབས་སྦྱོང་བྱེད་གསུམ་པ་འདིས། །གནས་བརྟན་རྡོ་རྗེ་འཛིན་པར་དབང་བསྐུར་བས། །


TNT02_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ལྔ་ཡིས་མངོན་པར་བྱང་ཆུབ་སྟེ། །འབྲས་བུ་ཕྱོགས་དང་དྲག་པོའི་ས་ཐོབ་ཤོག །བཅོམ་ལྡན་འདས་བདག་ལ་དབང་བསྐུར་བའི་རབ་ཏུ་བྱེད་པའི་བཀའ་དྲིན་གནང་བར་མཛད་དུ་གསོལ། ལན་གསུམ། ཆགས་བྲལ་དང་པོ་ཆགས་པ་ཆེ། ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་རྫོགས་སངས་རྒྱས་པའི་གནས། །སངས་རྒྱས་བརྗོད་པའི་ཆོས་འཛིན་པ། །རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཆ་མེད་ཆ་ལས་འདས་པ་པོ། །བསམ་གཏན་བཞི་པའི་རྩེ་མོ་འཆང༌། །ཨོཾ་ཧོཿཔྲཛྙཱ་ཨུ་པ་ཡ་ཨཱཏྨ་ཀཾ་བཛྲ་སཏྭ་མཧཱ་མུ་དྲ་ཛྙཱ་ན་ཨཱ་བྷི་ཥེ་ཀཾ་མེ་པྲ་ཡཙྪ་ཨོཾ་ཨཱཿཧཱུཾ་ཧོཿཕཊ། དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཆགས་རྟོག་གནས་སྐབས་སྦྱོང་བྱེད་བཞི་པ་འདིས། །སྐྱེ་རྒུའི་བདག་པོ་ཆེན་པོར་དབང་བསྐུར་བས། །སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་སྟེ། །འབྲས་བུ་ས་ནི་བཅུ་


TNT02_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཐོབ་པར་ཤོག །དེ་ནས་དམ་ཚིག་ཁས་བླང་པ་ནི། དུས་འདི་ནས་ནི་གཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །སངས་རྒྱས་དང་ནི་བྱང་ཆུབ་སེམས། །དཔལ་ལྡན་བླ་མ་ཁྱོད་སྤངས་ནས། །བླ་མ་གཞན་དག་རྨི་ལམ་དུའང༌། །སྲོག་དོར་ནས་ནི་བསྟེན་མི་བྱ། །གཞན་ཡང་དེ་བཞིན་དུས་གསུམ་དུ། །གཡོ་སྒྱུ་མེད་པར་ནུས་ཚད་ཀྱིས། །ལུས་ངག་སེམས་དང་གསུམ་པོ་འདི། །གཙོ་བོའི་སྤྱན་སྔར་དབུལ་བར་བགྱི། །དེ་ནས་རྗེས་ནི། གཙོ་བོས་ཇི་ལྟར་བཀའ་སྩལ་བ་སོགས། བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་དང༌། དེང་ནས་བརྩམས་ཏེ་སོགས་བརྗོད་དེ་དབང་བཅུ་གཅིག་གི་བདག་འཇུག་ཏིང་ངེ་འཛིན་ཙམ་གྱི་སྒོ་ནས་བླང་བའོ། །དེ་ནས་རྣལ་འབྱོར་མ་རིགས་བརྒྱའི་མཆོད་པ་མི་བྱེད་ན། ཨོཾ་ཨཱཿཧཱུཾ་ཧྲཿཕཊ་ཀྱིས་གཏོར་མ་བསངས་པ་ནས། འབྱུང་པོའི་འཁོར་ལོ་རྣམས་གཤེགས་སུ་གསོལ་གྱི་བར་སྒྲུབ་ཐབས་ནས་འབྱུང་བ་ལྟར་གཏོར་ཆོག་བྱས་ལ། འཁོར་ལོའི་མཆོད་པ་སོགས་བྱེད་ནའང་སྐབས་འདིར་བྱེད་པ་ཡིན་ཏེ། དེ་དག་གི་མཐར་རྗེས་ཆོག་བྱའོ། །གལ་ཏེ་རྣལ་འབྱོར་མ་རིགས་བརྒྱའི་མཆོད་པ་བྱེད་ན།


TNT02_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་དྲུག་གི་གཏོར་ཆོག་ཀྱང་དེའི་ཞོར་ལ་སྦྱར་ཏེ་ཆབས་ཅིག་ཏུ་གྲུབ་པར་བྱས་ན་ལེགས་སོ། །རྣལ་འབྱོར་མ་སུམ་ཅུ་རྩ་བདུན་མཆོད་པ་དང༌། རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་མཆོད་པ་ཡང་མཆོད་ཆོག་མི་འདྲ་བ་རེ་རེ་ཡིན་པའི་ཕྱིར། སྡེ་དྲུག་དང་སོ་བདུན་དང་དྲུག་ཅུ་རྩ་བཞི་རྣམས་གཅིག་གི་ཡན་ལག་ཏུ་ཅིག་ཤོས་ངེས་པར་སྦྱོར་དགོས་པ་ནི་མ་ཡིན་ནོ། །འོན་ཀྱང་རྣལ་འབྱོར་མ་སོ་བདུན་དང་དྲུག་ཅུ་རྩ་བཞི་གཉིས་ཀ་དུས་མཉམ་དུ་མཆོད་པ་ལ་རྣལ་འབྱོར་མ་རིགས་བརྒྱ་མཆོད་པ་ཞེས་གྲགས་ཤིང༌། མཆོད་ཆོག་ལོགས་པ་གཅིག་ཏུ་འགྱུར་ལ། སྡེ་དྲུག་གི་གཏོར་ཆོག་ནི། རྣལ་འབྱོར་མ་མཆོད་པའི་ཡན་ལག་མིན་ཀྱང་མཎྜལ་སྒྲུབ་མཆོད་ཀྱི་ཆ་ལག་ཏུ་ངེས་པར་དགོས་པའི་ཕྱིར་དང༌། རིགས་བརྒྱ་དང་ལྷན་ཅིག་ཏུ་མཆོད་ན་ཐབས་ཤེས་ཀྱི་ལྷ་ཆ་ཚང་ཞིང་འཕྲིན་ལས་མཐའ་དག་སྒྲུབ་པ་ལ་སྟོབས་ཆེ་བར་འགྱུར་བས་ཀྱང་ཤིན་ཏུ་ལེགས་པ་ཁོ་ནའོ། །དེ་ལ་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་ནམ་རིགས་བརྒྱའི་དཀྱིལ་འཁོར་རས་བྲིས་ལ་སོགས་པ་ཡོད་ན་བཀྲམ། གལ་དེ་མེད་ན་མཎྜལ་ཟླུམ་སྐོར་ལྔ་པ་འདྲི་བའམ། མཎྜལ་གཅིག་ལ་ལྷ་སུམ་ཅུ་རྩ་བདུན་ཐོད་པ་བཞི་དང་བཅས་པའི་ཚོམ་བུ་བཀོད། དེའི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ་ཚོམ་བུ་དགུ་པ་རེ་རེ་འགོད་པའམ། འབྲུ་བརྡལ་བའི་མཎྜལ་ཟླུམ་པོ་རེ་ལ་ཚོམ་བུ་རེ་རེ་འགོད།


TNT02_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སུམ་ཅུ་རྩ་བདུན་ནམ་རིགས་བརྒྱའི་ཙ་ཀ་ལི་ཡོད་ན་ལེགས་པར་བཀྲམ། ཡང་ཕྱི་མ་འདི་མཎྜལ་ལོགས་པ་ལ་བཀོད་དེ་མཎྜལ་གཉིས་བྱས་ཀྱང་རུང༌། དེའི་ཚེ་དེ་ལ་དབུས་སུ་ཆོས་འབྱུང་འབྲི་བའམ། ཚོམ་བུ་ཆེ་བ་རེ་འགོད་དོ། །སྤྱིར་རིགས་བརྒྱའི་འགོད་ཚུལ་ལ་དཀྱིལ་འཁོར་གཉིས་སུ་བྱས་ནས་གཅིག་ལ་སོ་བདུན་དང་ཅིག་ཤོས་ལ་དབུས་སུ་དུས་ཀྱི་འཁོར་ལོའམ་རྡོ་རྗེ་སེམས་དཔའ། ཕྱོགས་མཚམས་བརྒྱད་དུ་གསུང་དཀྱིལ་བཞིན་མ་མོ་བརྒྱད་ཡབ་དང་བཅས་པ་དང༌། རྣམ་འབྱོར་མ་དྲུག་ཅུ་རྩ་བཞི་འགོད་པའི་ལུགས་ཀྱང་ཡོད་ལ། ཡང་ལུགས་གཅིག་ལ་གཞལ་ཡས་ཁང་སྒོ་རྐྱང་གཅིག་གི་སྒོའི་ནང་ཚུན་ཆད་དུ་རྣལ་འབྱོར་མ་སོ་བདུན་དང༌། ཁོར་ཡུག་ལ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་འགོད་པའི་ལུགས་ཀྱང་སྣང་བ་དང༌། ཡང་སོ་བདུན་གྱི་དཀྱིལ་འཁོར་ཉིད་ལ་གསུང་འཁོར་གྱི་མ་མོ་བརྒྱད་ཀྱི་མཐའ་སྐོར་དུ་བརྒྱད་པ་བརྒྱད་ཀྱིས་བསྐོར་བ་བྱེད་པའི་ལུགས་ཀྱང་ཡོད་པ་དེ་རྣམས་ཀྱང་མི་རུང་བ་ནི་མ་ཡིན་ལ། འོན་ཀྱང་འདིར་འོག་ནས་འཆད་པ་ལྟར་གཞལ་ཡས་ཁང་ཕྱི་ནང་རིམ་པ་གཉིས་བྱེད་པ་སྒོམ་པ་དང་ལག་ལེན་ལ་འཁྱེར་བདེ་བས་བྱ་ལ། འདི་ལྟར་གྱི་ཚེ་རྣལ་འབྱོར་མ་བརྒྱད་ཚར་གཉིས་སྒོམ་དགོས་ཀྱང་ངོ་བོ་གཅིག་པས་རིགས་བརྒྱའི་གྲངས་དང་མི་འགལ་ལ། ཐབས་ལྷ་ཆེན་བརྒྱད་ཞོར་བྱུང་ཡིན་ཏེ། དུར་ཁྲོད་གནས་པའི་ལྷ་དང་འདྲའོ། །


TNT02_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་གསུང་འཁོར་གྱི་རྩིབས་རེ་རེ་ལ་ལྷ་དགུ་དགུ་འགོད་པ་དེ་རས་བྲིས་སམ་ཚོམ་བུ་འགོད་པ་ལ་ལག་ལེན་ཅུང་མི་བདེ་བར་འོང་ཡང་མི་རུང་བ་ནི་མ་ཡིན་ནོ། །དེས་ན་ལུགས་དེ་དག་གང་མོས་པ་ཞིག་བྱ་བ་ཡིན་པས་མཎྜལ་གྱི་ཚོམ་བུ་འགོད་ཚུལ་ཡང་དེ་དང་དེ་ལས་དཔགས་ཏེ་ཤེས་པར་བྱའོ། །གཏོར་མ་བསྡུ་ན་སྤུངས་གཏོར་གཅིག་གིས་ཆོག་པ་སོགས་ཡོད་ཀྱང་རིགས་སུམ་ཅུ་རྩ་བདུན་ལ་ཕྱོགས་ཀྱི་དབྱེ་བས་བཅུ་གཅིག་ཟླུམ་གཏོར་མཐེབ་ཀྱུ་ཅན་དུ་བྱེད་ཅིང༌། རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་ལ་སྣོད་བརྒྱད་དུ་ཟན་རིལ་སྤུངས་པ་རྣམས་བཤམས་དམ་རྫས་རྣམས་དངོས་སུ་བསྲེ་རྒྱུ་ཡོད་ན་རབ། མེད་ན་གཟུགས་བརྙན་དང་མིང་ཡིག་ཙམ་གྱིས་ཀྱང་བརྒྱན་པར་བྱ་བ་ཡིན་མོད་ཀྱི། དེ་ཡང་མ་གྲུབ་ན་ཡིད་ཀྱི་མོས་པ་ཙམ་གྱིས་ཀྱང་མི་རུང་བ་མ་ཡིན་ནོ། །དེ་དག་གི་མཐའ་སྐོར་རམ་མདུན་དུ་མཆོད་པ་རྒྱ་ཆེར་བཤམས་ཤིང༌། དབུས་སུ་ཤིང་ཕོར་ཤར་སོགས་ཕྱོགས་བཞིར་ཉ་ཕྱིས་བེ་ཏ་ཐོད་པ་རྫ་ཕོར་རྣམས་མཆོད་ཡོན་གྱི་སྣོད་དང༌། དེའི་རིམ་པས་མི་ལྤགས། ཁྱི་ལྤགས། རྟ་ལྤགས་བ་ལང་གི་པགས་པ་གླང་ཆེན་གྱི་པགས་པ་རྣམས་ཀྱི་སྡེར་བཟའ་བཅའི་སྣོད་དུ་བྱ་བར་གསུངས་པ་ལྟར་དངོས་སམ་གཟུགས་བརྙན་ཇི་ལྟར་འབྱོར་བ་བཤམས། སླར་ཡང་གོང་དུ་བཤད་པ་ལྟར་མཆོད་པ་བྱིན་གྱིས་བརླབས། གཏོར་མ་ལ་ཨོཾ་ཨཱཿ


TNT02_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཧྲཿཕཊ་ཀྱིས་བསངས་བ་ནས། ཨ་མྲྀ་ཏ་ཀུ་རུ་ཀུ་རུ་སྭཱཧཱའི་བར་བྱིན་རླབས་ཐམས་ཅད་ཐུན་མོང་དུ་བྱ། སངས་རྒྱས་ཡབ་ཡུམ་ཞེས་པ་ནས། རྡོ་རྗེ་འཛིན་པའི་བཀའ་བཞིན་མཛད་དུ་གསོལ། ཞེས་པ་ཡན་ཆད་ཀྱིས་གཙོ་བོ་དུས་ཀྱི་འཁོར་ལོ་སྡེ་དྲུག་དང་བཅས་པ་ལ་གཏོར་མ་ཕུལ། དེ་ནས་མཎྜལ་བསངས་སྦྱངས། སྟོང་པའི་ངང་ལས་གི་ཡི་གེ་ཡོངས་སུ་གྱུར་པ་ལས་འབྱུང་བཞི་རི་རབ་བརྩེགས་པའི་སྟེང་དུ་རྡོ་རྗེའི་ས་གཞིའི་སྟེང་རྡོ་རྗེའི་གུར་གྱི་ནང་དུ། གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱི་ནང་རིམ་པ་གཉིས་ལྷ་སྣམ་ཕྱོགས་ཀྱི་མདོག་ཅན་དུ་གནས་པ། ནང་གི་ལྷ་སྣམ་གྱི་དབུས་སུ་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། དེའི་ནང་དུ་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པ། དེའི་ནང་དུ་ཐུགས་ཀྱི་འཁོར་ལོ་ནག་པོ་རྩིབས་བརྒྱད་པ། དེའི་ལྟེ་བར་བདེ་བ་ཆེན་པོའི་འཁོར་ལོ་པདྨ་ལྗང་ཁུ་འདབ་མ་བརྒྱད་པ་སྟེ། དེ་ལྟར་འཁོར་ལོ་ལྔ་ནི་སྣ་ཚོགས་རྡོ་རྗེ་དང་པདྨ་དང་རལ་གྲི་དང་གྲི་གུག་གི་འཕྲེང་བས་རིམ་པ་


TNT02_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་བསྐོར་བའོ། །བདེ་ཆེན་འཁོར་ལོའི་པདྨར་བཞུགས་པ་ནི། །ལྟེ་བར་མི་ལྤགས་གདན་ལ་གཡུང་མོ་སྟེ། །ཤར་དུ་ཁྱི་ཡི་པགས་པར་དམངས་རིགས་མོ། །ལྷོ་ཕྱོགས་རྟ་ཡི་པགས་པར་རྒྱལ་རིགས་མ། །བྱང་དུ་བ་ལང་པགས་པར་བྲམ་ཟེ་མོ། །ནུབ་ཏུ་གླང་ཆེན་པགས་པར་རྗེ་རིགས་མ། །མཚམས་ཀྱི་འདབ་མ་བཞི་ལ་སྣོད་བཞི་སྟེ། །མེ་རུ་རྐང་དང་བདེན་བྲལ་ཁྲག་གི་སྣོད། །དབང་ལྡན་དྲི་ཆུ་རླུང་དུ་བཤང་བ་སྟེ། །ཟླ་བ་ལྟར་དཀར་ཐོད་པ་བདུད་རྩིས་གང༌། །ཐུགས་འཁོར་ཤར་དུ་ལུག་ལྤགས་མཁར་བ་མཁན། །ལྷོ་རུ་སྤྱང་ལྤགས་འོད་མའི་གར་མཁན་མ། །བྱང་དུ་རྔ་མོའི་པགས་པར་ནོར་བུ་མཁན། །ནུབ་ཕྱོགས་འདམ་སེང་པགས་པར་འཕྲེང་མཁན་མོ། །ཤར་ལྷོ་ར་ལྤགས་གདན་ལ་ཐགས་མཁན་མ། །ལྷོ་ནུབ་རི་དྭགས་པགས་པར་ཆང་འཚོང་མ། །བྱང་ཤར་བོང་བུའི་པགས་པར་གསེར་མཁན་མོ། །ནུབ་བྱང་ཕག་གི་པགས་པར་འཕྲེང་རྒྱུད་མཁན། །དེ་ཡི་ཕྱི་རོལ་


TNT02_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་འཁོར་ཤར་ཕྱོགས་སུ། །ཆུ་སྲིན་པིར་གྱི་པགས་པར་ཤ་འཚོང་མ། །ལྷོ་ཡི་རྩིབས་ལ་སྦལ་པ་ཀརྐ་ཊའི། །རུས་པའི་གདན་ལ་མཁུར་བ་མཁན་མོ་དང༌། །བྱང་རྩིབས་རུས་སྦལ་ཁོག་པར་གར་མགར་མ། །ནུབ་རྩིབས་མ་ཀ་ར་ལ་ཚེམ་བུ་མ། །བསྲེག་བཟང་མགྲོན་བུའི་ཕུང་པོར་རྫ་མཁན་མ། །སྲིན་པོར་ཉ་སྐམ་ཕུང་པོར་སྨད་འཚོང་མ། །དབང་ལྡན་དུང་དཀར་སྟེང་དུ་ཚོས་མཁན་མ། །རླུང་ཕྱོགས་སྦལ་བའི་པགས་པར་ཉ་བ་མོ། །ཕྱི་རོལ་སྐུ་འཁོར་དབང་པོའི་ཕྱོགས་རྩིབས་སུ། །བསེ་ཡི་པགས་པའི་གདན་ལ་ལྕགས་མགར་མོ། །ལྷོ་རུ་རྒྱ་སྐྱེགས་མཁན་མོ་སྟག་ལྤགས་ལ། །སྲེ་མོང་པགས་པར་ཏིལ་བརྡུང་བྱང་དུའོ། །སྲིན་བལ་མཁན་མོ་ནུབ་ཏུ་དོམ་ལྤགས་ལ། །ཤར་ལྷོར་འབྲི་ཡི་པགས་པར་སྨིན་མ་མཁན། །ལྷོ་ནུབ་ཅེ་སྤྱང་པགས་པར་ཤིང་བཟོ་མ། །འབྱུང་པོར་བྱི་ལའི་པགས་པར་འདྲེག་མཁན་མོ། །རླུང་མཚམས་སྲམ་གྱི་པགས་པར་ཀོ་ལྤགས་མཁན། །ཕྱི་རོལ་ནམ་མཁའི་འཁོར་


TNT02_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་ཤར་སྒོ་རུ། །གོ་དའི་པགས་པར་ཀླ་ཀློ་ཨོ་ཌི་མ། །ལྷོ་སྒོ་བྱི་བའི་པགས་པར་ཕྱག་དར་མཁན། །བྱང་སྒོ་སྤྲེའུའི་པགས་པར་སྟག་གཟིག་མོ། །ནུབ་སྒོ་ས་ལི་ཛ་ཏ་ཀ་ཞེས་བྱའི། །པགས་པའི་གདན་ལ་གཏུམ་མོ་གདོལ་པ་མོ། །མེ་མཚམས་རི་བོང་པགས་པར་སྨྱོན་ཐབས་མོ། །སྲིན་མཚམས་བྱི་ངུར་པགས་པར་རོ་སྲེག་མ། །དབང་ལྡན་རྩངས་པའི་པགས་པར་རི་ཁྲོད་མ། །ནུབ་བྱང་ཕྱོགས་སུ་ཨི་ཤུ་ཀ་པ་ཤུའི། །པགས་པར་བྷིལ་ལི་མོ་རྣམས་འཁོད་པར་གྱུར། །ཐམས་ཅད་ལང་ཚོ་ལྡན་པའི་བུད་མེད་ཚུལ། །རང་རང་ལས་ཀྱི་མཐའ་ལ་གནས་པར་སྟོན། །སླར་ཡང་བསང་སྦྱངས། རིགས་སུམ་ཅུ་རྩ་དྲུག་གི་ཕོ་ཉ་མོ་དེ་རྣམས་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་དབུས་སུ་ཨ་དང་རྡོ་རྗེ་ལས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། རྩ་བའི་ཞལ་དང་སྐུ་མདོག་ལྗང་ཁུ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ་གྲི་གུག་དགྲ་སྟ། གཡོན་པ་གསུམ་གྱིས་རྡོ་རྗེ་དྲིལ་བུ་


TNT02_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ། ཐབས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རང་བཞིན་མི་བསྐྱོད་པ་སྔོན་པོས་འཁྱུད་པའོ། །བདེ་ཆེན་འཁོར་ལོའི་འདབ་མ་བརྒྱད་པོ་རྣམས་ལ་ནི། །ཨི་དང་རལ་གྲི་ལས་བྱུང་སྒྲོལ་མ་ནག་མོ་ཤར། །རྀ་དང་རིན་ཆེན་ལས་བྱུང་གོས་དཀར་དམར་མོ་ལྷོ། །ཨུ་དང་པདྨ་ལས་སྐྱེས་བདག་མ་དཀར་མོ་བྱང༌། །ལྀ་དང་འཁོར་ལོ་ལས་སྐྱེས་སྤྱན་མ་སེར་མོ་ནུབ། །གོས་དཀར་མོ་མེའི་མདའ་ལས་བསྐྱེད་པར་ཡང་བཤད་པས་ཅི་བདེ་བར་བྱའོ། །མཚམས་བཞིར་ཧཱི་ཧཱུཾ་ཧླཱྀ་རྣམས་ལས་བྱུང་བའི་ཐོད་པ་བཞིའོ། །ཐུགས་ཀྱི་འཁོར་ལོའི་རྩིབས་ལ་གནས་པའི་ལྷ་མོ་ནི། །ཨཱ་ཡིག་རྒྱུད་མང་ཤར་ཕྱོགས་སྒྲ་ཡི་རྡོ་རྗེ་སྔོ། །ཧཱཿཡིག་རྡོ་རྗེ་[འོད་མའི་དབྱུག་]ལས་བྱུང་གཤིན་སྔོན་མཐོན་མཐིང་ལྷོ། །ཨཾ་ཡིག་ཆོས་འབྱུང་ལས་བྱུང་ཆོས་ཁམས་ལྗང་ཁུ་བྱང༌། །ཧཾ་ཡིག་ཏོག་རྩེ་ལས་སྐྱེས་དྲག་སྤྱན་ལྗང་ཁུ་ནུབ། །ཨཾ་ཡིག་དར་གོས་ལས་སྐྱེས་རེག་མ་ནག་མོ་མེ། །ཨཱར་ཡིག་ཆང་སྣོད་ལས་སྐྱེས་རོ་མ་དམར་མོ་སྲིན། །


TNT02_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

ཨཽ་ཡིག་མེ་ལོང་ལས་སྐྱེས་གཟུགས་མ་དཀར་མོ་དབང༌། །ཨལ་ཡིག་འཁོར་[མེ་ཏོག་འཕྲེང་]ལོ་ལས་སྐྱེས་དྲི་མ་སེར་མོ་རླུང༌། །དེ་ལྟར་གཙོ་འཁོར་བཅུ་གསུམ་ནི་པདྨའི་སྐྱིལ་ཀྲུང་གིས་བཞུགས་པའོ། །གསུང་འཁོར་རྩིབས་ལ་གནས་པའི་རྣལ་འབྱོར་མ་རྣམས་ནི། །ཤར་དུ་ཧ་དང་གྲི་གུག་ཙར་ཙི་ཀཱ་ནག་མོ། །ལྷོ་ཕྱོགས་ཧཿདང་བཅུ་གཟར་ཕག་མོ་དམར་མོ་སྟེ། །བྱང་ཕྱོགས་ཧཾ་དང་རྩེ་གསུམ་དྲག་མོ་དཀར་མོའོ། །ནུབ་ཕྱོགས་ཧཱ་དང་ཁབ་ལས་དབང་མོ་སེར་བའི་མདངས། །ཤར་ལྷོར་ཀྵ་དང་བུམ་པ་ཁྱབ་འཇུག་མོ་ནི་གནག །བདེན་བྲལ་ཀྵཿདང་གོས་སེར་དམར་མོ་གཞོན་ནུ་མ། །དབང་ལྡན་ཀྵཾ་དང་རྡོ་ལེབ་དཔལ་མོ་ཟླ་བའི་མདངས། །རླུང་མཚམས་ཀྵ་དང་ཉ་[དོལ་]ལས་ཚངས་མ་གསེར་གྱི་འོད། །མ་མོ་བརྒྱད་པོ་འདི་རྣམས་ནི་ས་གའི་སྟབས་ཀྱིས་བཞུགས་པའོ། །སྐུ་འཁོར་རྩིབས་ལ་བཞུགས་པའི་ཁྲོ་མོ་བརྒྱད་པོ་ནི། །དཀར་མིན་ཡཿལས་ཆུ་གྲི་བརྩོན་འགྲུས་མ་ནི་ཤར། །རབ་དམར་རཿལས་ཚོས་སྣོད་རྨུགས་བྱེད་དམར་མོ་ལྷོ། །


TNT02_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དཀར་ཝཿལས་ཀུ་ཤ་ཁེངས་བྱེད་མ་ནི་བྱང༌། །སེར་འོད་ལཿལས་དར་སྲིན་རེངས་བྱེད་མ་ནི་ནུབ། །ཡཱ་དང་སྨུག་གདུགས་ལས་སྐྱེས་ལྕགས་སྒྲོག་མ་ནི་ནག །རཱ་དང་ཤིང་ལྷམ་ལས་སྐྱེས་ཁྲོ་གཉེར་ཅན་མ་དམར། །ཝཱ་དང་སྤུ་གྲི་ལས་སྐྱེས་སྐུལ་བྱེད་མ་ནི་དཀར། །ལཱ་དང་མཐིལ་ལྷམ་ལས་སྐྱེས་འོད་ཟེར་ཅན་མ་སེར། །དེ་རྣམས་མེ་སྲིན་འབྱུང་པོ་གཡོ་བའི་ཕྱོགས་ལ་གནས། །ཐམས་ཅད་ཀྱང་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །སྒོ་མཚམས་རྣམས་སུ་རྣམས་ཡོངས་སུ་གྱུར་པ་ལས། བ་ལང་ར་ལས་ཤར་སྒོར་ཁྱི་གདོང་མ་ནི་གནག །རྫ་ཕོར་ལས་སྐྱེས་ལྷོ་སྒོར་ཕག་གདོང་མ་ནི་དམར། འཕང་ལས་སྐྱེས་པ་བྱང་སྒོར་སྟག་གདོང་མ་ནི་དཀར། །ནུབ་སྒོར་པི་ཝང་ལས་སྐྱེས་ཅེ་སྤྱང་གདོང་མ་སེར། །གསལ་ཤིང་ལས་སྐྱེས་ཤར་ལྷོར་ཁྭ་གདོང་མིག་སྨན་མདོག །ཀིན་ན་རི་ལས་ལྷོ་ནུབ་བྱ་རྒོད་གདོང་མ་དམར། །རྨ་བྱའི་སྒྲོ་ལས་བྱང་ཤར་


TNT02_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

འུག་གདོང་ཆུ་ཤེལ་མཚུངས། །ཤིང་མདའ་ལས་འཁྲུངས་ནུབ་བྱང་མཁའ་ལྡིང་གདོང་མ་སེར། །དེ་རྣམས་ནྀ་ཟླུམ་པོའི་སྟབས་ཀྱིས་བཞུགས་པའོ། །འཁོར་འདི་རྣམས་ཀྱི་ཕྱག་མཚན་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ལས་བཤད་པ་ལྟར་སྒོམ་པའམ། བསྡུ་ན་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ་ཁོ་ནར་བྱས་ཀྱང་ཆོག་གོ །གཞལ་ཡས་ཁང་ཕྱི་མའི་ནང་གི་ལྷ་སྣམ་ལ་སླར་ཡང་མ་མོ་བརྒྱད་ཐབས་དང་བཅས་པ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞིས་བསྐོར་བ་སྐད་ཅིག་གིས་གྲུབ་པར་གྱུར་པ་ནི། ཕྱོགས་དང་མཚམས་སུ་ཆུ་སྐྱེས་དམར་དང་དཀར་པོ་ལ་གནས་རྣལ་འབྱོར་མ། །ཞེས་པ་ནས། བར་བུས་མཚན་ལ་ཕྱག་འཚལ་ལོ། །ཞེས་པའི་བར་བསྟོད་ཆེན་ལས་འབྱུང་བ་ལྟར་ངག་ཏུ་བརྗོད་ཅིང་ཡིད་ལ་ཡང་བསམ་མོ། །སྤྲོས་པ་ལ་དགའ་ན་འདི་རྣམས་ཀྱང་ས་བོན་ཕྱག་མཚན་ལས་བསྐྱེད་ཅིང༌། རིགས་བརྒྱའི་རྣལ་འབྱོར་མ་ཐམས་ཅད་ལ་ཡེ་ཤེས་སྤྱན་འདྲེན་གནས་གསུམ་བྱིན་རླབས་དབང་བསྐུར་རྒྱས་གདབ་རིགས་བདག་སོ་སོའི་བར་དུ་མཐའ་རྒྱས་སུ་བྱ་ལ། མདོར་བསྡུ་ན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་


TNT02_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་གནས་ནས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་རྣལ་འབྱོར་མ་རིགས་བརྒྱའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་གནྡྷཾ་སོགས་མཆོད་པ་བཅུ་གཉིས་ཀྱིས་མཆོད། ཧཱུཾ་བཾ་ཧོཿཧི་གཉིས་སུ་མེད་པར་ཐིམ། ཁམས་གསུམ་དབང་ཕྱུག་བཅོམ་ལྡན་འདས། །རིགས་བརྒྱ་རྣལ་འབྱོར་མ་ཚོགས་བཅས། །རྣམ་དག་རྡོ་རྗེ་དྲི་མཆོག་འདི། །ཞེས་སོགས་འདོན་པ་སྤོས་ལ་མཆོད་པ་བཅུ་གཉིས་ཀྱིས་མཆོད། ཨོཾ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་སྭཱཧཱ། ཨོཾ་ཨཱཿཧཱུཾ། ཨོཾ་ཨཱཿཧ་ཨཿཧཾ་ཨཻ་ཨར་ཨཽ་ཨལ་སྭཱཧཱ། ཨོཾ་ཧ་ཧཿཧཾ་ཧཱ་ཀྵ་ཀྵཿཀྵཾ་ཀྵཱ་སྭཱཧཱ། ཨོཾ་སྭཱཧཱ། ཨོཾ་ཡཿརཿཝཿལཿཡ་ར་ཝ་ལ་སྭཱཧཱ། ཨོཾ་ཨཱཿཧཱུཾ། ཨོཾ་ཧི་ཧཱི་ཡ་ཡི་ཡུ་ཡཾ་སྭཱཧཱ། ཨོཾ་ཀྵཱི་ཀྵཱི་ཡཱ་ཡཱི་ཡཱུ་ཡྀལཱ་ཡཿསྭཱཧཱ། ཨོཾ་ར་རིརུ་རླྀ་རཾ་སྭཱཧཱ། ཨོཾ་རཱ་རཱི་རཱུ་རླཱྀ་རཿསྭཱཧཱ། ཨོཾ་ཧུ་ཧཱུ་ཝ་ཝི་ཝུ་ཝཾ་སྭཱཧཱ། ཨོཾ་ཀྵུ་ཀྵཱུ་ཝཱ་ཝཱི་ཝཱུ་


TNT02_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

ཝཿསྭཱཧཱ། ཨོཾ་ཧླྀ་ཧླཱྀ་ལ་ལི་ལུ་ལླྀ་ལཾ་སྭཱཧཱ། ཨོཾ་ཀྵླྀ་ཀྵླཱྀ་ལཱ་ལཱི་ལཱུ་ལླཱྀ་ལཿསྭཱཧཱ། ཨོཾ་ཨཱཿཧཱུཾ། དེ་ལྟར་སྔགས་ཚན་བཅུ་གསུམ་པོ་རེ་རེའི་མཐར་འབྲུ་གསུམ་སྦྱར་བ་ལན་གསུམ་གྱིས་ནང་མཆོད་ཕུལ། དེ་ནས། སྟོང་ཉིད་སྙིང་རྗེའི་སོགས་དང༌། ཕྲ་རབ་རྡུལ་གྱི་སོགས་སྔོན་དུ་འགྲོ་བས། གང་གི་ཞབས་ནི་དྲན་པས་ཀྱང༌། །འཇིགས་པ་བཅུ་དྲུག་ལས་ཐར་མཛད། །རྫུ་འཕྲུལ་དངོས་གྲུབ་སྩོལ་མཛད་པ། །རྣལ་འབྱོར་མ་ཚོགས་རྣམས་ལ་འདུད། །དེ་བཞིན་གཤེགས་ཡུམ་རྣམ་པ་ལྔ། །བདུད་རྩིའི་སྣོད་དང་བཅས་རྣམས་དང༌། །རྡོ་རྗེ་མ་དྲུག་ཁྲོ་མོ་གཉིས། །ཐུགས་ཀྱི་འཁོར་ལོ་ལ་གནས་དང༌། །འཆི་མེད་ན་ཆུང་མ་མོ་བརྒྱད། །གསུང་གི་འཁོར་ལོ་མཆོག་ལ་གནས། །སྐུ་ཡི་འཁོར་ལོ་བདེ་བ་ཆེ། ཁྲོ་མོ་བརྒྱད་པོ་ཡང་དག་རོལ། །རབ་གཏུམ་ཆེན་མོ་འཇིགས་རུང་རྣམས། །སྒོ་མཚམས་དུར་ཁྲོད་འཁོར་ལོར་གནས། །བརྒྱད་པ་བརྒྱད་ཀྱི་རིགས་བྱུང་རྣམས། །འཇིག་རྟེན་འཕེལ་ཟད་ལས་ལ་བརྩོན། །དངོས་གྲུབ་སྩོལ་བའི་གདོང་


TNT02_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་མཛད། །རིགས་བརྒྱ་རྣལ་འབྱོར་གཙོ་མོ་རྣམས། །བྱེ་བ་བགྲང་ཡས་ཚད་མེད་པའི། །རྣལ་འབྱོར་མ་ཚོགས་རྣམས་ལ་བསྟོད། །གང་ལ་ཐོག་མཐའ་དབུས་མེད་སོགས་ཡེ་ཤེས་ལྔའི་བསྟོད་པ་གོང་བཞིན་གྱི་མཐར་རོལ་མོའི་སྒྲ་བྱའོ། །དེ་ནས་གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུཾ་ཧོཿཞེས་ལན་མང་དུ་བརྗོད་པས་བྱིན་རླབས་ཁ་གསོས་ནས། ཨོཾ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་སྭཱཧཱ། ཞེས་པའི་མཐར། ཨོཾ་ཨཱཿཧཱུཾ་ཧོཿ ཞེས་སོགས་སྡེ་དྲུག་གི་གཏོར་སྔགས་བཏགས་ཏེ་ཕུལ་ཀྱང་རུང་མོད། འོན་ཀྱང་མཁའ་འགྲོ་མ་སྤྱིའི་གཏོར་སྔགས་ཉིད་སྦྱོར་བ་ལེགས་པས། དེ་ཉིད་བོད་སྐད་དུ་སྦྱར་ན་ནོར་སོ་ཆུང་བས་འདི་སྐད་ཅེས་བྱ་སྟེ། ཨོཾ་ཨཱཿཧཱུཾ། རྡོ་རྗེ་མཁའ་འགྲོ་མ་རྣམས་འཁོར་བཅས་རྣམས། །འདི་སྟེ་གཏོར་མ་དྲི་དང་མེ་ཏོག་དང༌། །བདུག་སྤོས་སྒྲོན་མེ་མ་ཉམས་བདག་འབུལ་གྱི། །འཁོར་དང་བཅས་པ་མྱུར་དུ་ཚུར་བྱོན་ལ། །ཛཿཧཱུཾ་བཾ་ཧོཿའདིར་ནི་གཏོར་མ་ཟུང༌། །བཟའ་བར་མཛོད་ལ་བཏུང་བར་མཛད་དུ་གསོལ། །འཁོར་དང་བཅས་པས་སེམས་ཅན་རྣམས་ལ་ནི། །ཞི་རྒྱས་བསྲུང་སྐྱོབ་


TNT02_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

སྦ་བར་མཛད་དུ་གསོལ། །རང་གནས་བཞུགས་ལ་ཕྱི་རོལ་དཀྱིལ་འཁོར་གྱི། །ས་ལ་གནས་པར་མཛོད་ཅིག་ཧཱུཾ་ཧཱུཾ་ཕཊ། །རྡོ་རྗེ་འཛིན་པའི་བཀའ་བཞིན་མཛོད་སྭཱཧཱ། །ཞེས་བཏགས་པས་གཏོར་མ་འབུལ། དེ་བཞིན་དུ་སྔགས་ཚན་གཞན་རྣམས་རེ་རེའི་མཐར་ཡང་གཏོར་སྔགས་དེ་ཉིད་སྦྱར་བས་འབུལ་ཏེ། ཨོཾ་ཀྵླྀ་ཀྵླཱྀ་ལཱ་ལཱི་ལཱུ་ལླཱྀ་ལཱཿསྭཱཧཱ། ཨོཾ་ཨཿཧཱུཾ། རྡོ་རྗེ་མཁའ་འགྲོ་མ་རྣམས་ཞེས་པ་ནས། བཀའ་བཞིན་མཛོད་སྭཱཧཱའི་བར་སྦྱར་བའོ། །དེ་ནས་སྡེ་དྲུག་ནང་ཚན་ཆོས་སྐྱོང་གི་གཏོར་མ་དང་རྣལ་འབྱོར་མའི་གཏོར་མ་རྣམས་སྔར་ཕྱོགས་ཕྱོགས་སུ་བཤམས་ཡོད་ན་ཕྱོགས་ཀྱི་རིམ་པ་དང་མཐུན་པར་བྱེད་དགོས་པས། ཤར་གྱི་གཏོར་མ་གཉིས་པོ་དེ་གཏོང་དགོས་པ་ཡིན་ལ། གཏོར་མ་གྲལ་སྒྲིགས་སུ་བཤམས་ཡོད་ན་ཟླུམ་གཏོར་བཅུ་གཅིག་གི་གྲལ་འགོ་མ་དེ་བཞག་པའི་དེའི་འོག་ནས་གྲལ་རིམ་དུ་བྱེད་དགོས་པས་གྲལ་འགོ་མའི་འཁྲིས་ཀྱི་ཟླུམ་གཏོར་དེ་དང་སྤུངས་གཏོར་བརྒྱད་ཀྱི་ཐོག་མ་གཅིག་སྟེ། དེ་རྣམས་གཏོར་གྲལ་ནས་བླངས་ཤར་ཕྱོགས་ཀྱི་སྟེགས་བུའི་སྟེང་དུ་བཞག་ལ། སླར་ཡང་ཆབ་ཀྱིས་བྲན་ནས་འདི་སྐད་ཅེས་གྱེར་རོ། །ཤར་ཕྱོགས་ལྷ་མོ་སྒྲོལ་མ་འཁོར་བཅས་ལ། ཁྱི་


TNT02_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཁུག་རྟའི་ཤ་དང་ཤ་ཁམས་ཀྱི། །གཏོར་མ་འདི་འབུལ་རླུང་གི་བར་ཆད་སོལ། །བསད་བསྐྲད་དབྱེ་བའི་ལས་ཀུན་གྲུབ་པར་མཛོད། །ཙ་མུནྚ་ལ་ཀུམྦྷིར་ཁྲུང་ཁྲུང་ཤ །རྣག་དང་བཅས་པའི་གཏོར་མ་འདི་འབུལ་གྱི། །མ་མོའི་གདོན་འཇོམས་རིམས་ནད་ཞི་བར་མཛོད། །ཤར་ཕྱོགས་འགྲོ་རྣམས་ནད་མེད་དགེ་བར་སྩོལ། །ཤིན་ཏུ་སྟོབས་མར་བསེ་དང་ཧོར་པའི་ཤ །རྐང་དང་བཅས་པའི་གཏོར་མ་འདི་འབུལ་གྱི། །ཤར་གྱི་ཕྱོགས་ཀྱི་བགེགས་ཀུན་ཞི་བར་མཛོད། །སྡང་དང་གདུག་ཅན་ཐམས་ཅད་ཚར་ཆོད་ཅིག ཁྱི་གདོང་མ་ལ་གོ་དྷ་མིག་སྔོན་ཤ །སྣ་ཡི་དྲི་མ་བཅས་པའི་གཏོར་མ་འབུལ། །ཤར་གྱི་ཕྱོགས་ནས་འཕྲིན་ལས་ཀུན་སྒྲུབས་ཤིག །ལོངས་སྤྱོད་སྩོལ་ཞིང་དབང་བསྒྱུར་དངོས་གྲུབ་སྩོལ། །ཤར་ཕྱོགས་རྒྱུ་བའི་རྣལ་འབྱོར་མ་བརྒྱད་ལ། །སོ་བཞི་སེན་མོ་གསུམ་དང་ཐོད་དུམ་གཅིག །དམ་རྫས་བཅས་པའི་གཏོར་མ་འདི་འབུལ་བས། །བགེགས་རྣམས་ཉམས་ཤིང་འདོད་དོན་གྲུབ་པར་མཛོད། །ཕྱོགས་སྐྱོང་བཅུ་


TNT02_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འཁོར་དང་བཅས་རྣམས་ལ། །མཆོད་གཏོར་འདི་དང་དྲི་དང་མེ་ཏོག་དང༌། །ཞེས་པ་ནས། རྡོ་རྗེ་འཛིན་པའི་བཀའ་བཞིན་མཛད་དུ་གསོལ། །རོལ་མོའི་སྒྲ་དང་བཅས་ཏེ་གཏོར་མ་དེ་རྣམས་ཕྱི་རོལ་ཏུ་བཏང་ངོ༌། །ཡང་དེའི་རྗེས་ཀྱི་འཕྲོ་ལས་རྣལ་འབྱོར་མའི་ཟླུམ་གཏོར་གཅིག་དང་སྤུངས་གཏོར་གཅིག་ཤར་ལྷོར་སྟེགས་བུའི་སྟེང་དུ་བཤམས་འདི་སྐད་ཅེས་གྱེར་རོ། །ཤར་ལྷོ་རེག་བྱ་རྡོ་རྗེ་འཁོར་བཅས་ལ། །ར་ཤ་ངུར་པའི་ཤ་དང་བཤང་ལམ་བཅས། །གཏོར་མ་འདི་འབུལ་རེག་བྱའི་བར་ཆད་སོལ། །འགྲོ་ལ་རེག་མཆོག་སྟེར་བའི་འཕྲིན་ལས་མཛོད། ཁྱབ་འཇུག་མ་ལ་མགྲོན་བུ་ཁུ་བྱུག་བཅས། །བད་ཀན་བཅས་པའི་གཏོར་མ་འདི་འབུལ་གྱི། །མ་མོའི་གདོན་དང་རིམས་ནད་ཞི་བར་མཛད། །ཤར་ལྷོའི་འགྲོ་རྣམས་ནད་མེད་དགེ་བར་སྩོལ། །ལྕགས་སྒྲོག་མ་ལ་འབྲི་དང་འོལ་བའི་ཤ །མཆིན་པར་བཅས་པ་གཏོར་མ་འདི་འབུལ་གྱི། །ཤར་ལྷོ་ཕྱོགས་ཀྱི་བགེགས་ཀུན་ཞི་བར་མཛོད། །སྡང་དང་གདུག་ཅན་ཐམས་ཅད་ཚར་ཆོད་ཅིག ཁྭ་གདོང་མ་ལ་རི་བོང་ནེ་ཙོའི་


TNT02_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

ཤ ། བཤང་སྒོའི་དྲི་མར་བཅས་པའི་གཏོར་མ་འབུལ། །ཤར་ལྷོའི་ཕྱོགས་ནས་འཕྲིན་ལས་ཀུན་སྒྲུབས་ཤིག །ལོངས་སྤྱོད་འཕེལ་དང་དབང་བསྒྱུར་དངོས་གྲུབ་སྩོལ། །མེ་མཚམས་རྒྱུ་བའི་རྣལ་འབྱོར་མ་བརྒྱད་ལ། །སེན་མོ་གཉིས་དང་སོ་བཞི་ཐོད་དུམ་གཉིས། །དམ་རྫས་བཅས་པའི་གཏོར་མ་འདི་འབུལ་བས། །བགེགས་རྣམས་ཉམས་ཤིང་འདོད་དོན་གྲུབ་པར་མཛོད། །མཚམས་རྣམས་སུ་སྲུང་མ་དྲུག་ཅུའི་གཏོར་མ་གཏོང་བ་མེད་པས་སྐབས་འདིར་རོལ་མོའི་སྒྲ་དང་བཅས་ཏེ་གཏོར་མ་ཕྱི་རོལ་ཏུ་དོར། ཕྱོགས་གཞན་གསུམ་དང་ཕྱོགས་མཚམས་གསུམ་ལའང་རིགས་འགྲེ་སྟེ། རྣལ་འབྱོར་མའི་གཏོར་མ་གཉིས་དང་གཟའི་གཏོར་མ་ལྷོ་ཕྱོགས་སུ་བཏེག ལྷོ་ཕྱོགས་ལྷ་མོ་གོས་དཀར་འཁོར་བཅས་ལ། །རྟ་ཤ་སྔགས་ཅན་ཤ་དང་ཁྲག་ཁམས་ཀྱི། །གཏོར་མ་འདི་འབུལ་མེ་ཡི་བར་ཆད༴ དབང་དགུག་བསྐྱོད་པའི་ལས༴ ཕག་མོར་ཀརྐ་ཊ་དང་སྲིན་བྱའི་ཤ །ལུས་སྐྱེས་ཕྲར་བཅས་གཏོར་མ༴ མ་མོའི༴ ལྷོ་ཕྱོགས་འགྲོ་རྣམས༴ རྨུགས་བྱེད་མ་ལ་སྟག་དང་བྱ་རོག་ཤ །རྒྱུ་མར་བཅས་


TNT02_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཏོར་མ༴ ལྷོ་ཡི་ཕྱོགས་ཀྱི༴ སྡང་དང་༴ ཕག་གདོང་མ་ལ་བྱི་བ་ཙ་ཀོར་ཤ །རྣ་བའི་དྲི་མར་བཅས་པའི༴ ལྷོ་ཡི་ཕྱོགས་ནས༴ ལོངས་སྤྱོད༴ ལྷོ་ཕྱོགས་རྒྱུ་བའི་རྣལ་འབྱོར་མ༴ སོ་བཞི༴ དམ་རྫས༴ བགེགས་རྣམས༴ གཟའ་མཆོག་བཅུ་པོ་འཁོར་དང་བཅས་རྣམས་ལ། །མཆོད་གཏོར་འདི་དང་༴ བཀའ་བཞིན་མཛད་དུ་གསོལ། །གཏོར་མ་གསུམ་པོ་ལྷོ་ཕྱོགས་སུ་དོར། ཡང་རྣལ་འབྱོར་མའི་གཏོར་མ་གཉིས་ལྷོ་ནུབ་ཏུ་བཏེག་ལ། ལྷོ་ནུབ་རོ་ཡི་རྡོ་རྗེ་འཁོར་བཅས་ལ། །རི་དྭགས་ཕུག་རོན་ཤ་དང་ཤ་ཁམས་ཀྱི། །གཏོར་མ་འདི་འབུལ་རོ་ཡི༴ འགྲོ་ལ་རོ་མཆོག༴ གཞོན་ནུ་མ་ལ་ཉ་དང་ཀྱུང་ཀའི་ཤ །སྲིན་བུར་བཅས་པའི༴ མ་མོའི༴ ལྷོ་ནུབ་འགྲོ་རྣམས༴ ཁྲོ་གཉེར་ཅན་ལ་ཅེ་སྤྱང་ཁྱིམ་བྱའི་ཤ །གློ་བར༴ ལྷོ་ནུབ་ཕྱོགས་ཀྱི༴ སྡང་དང་གདུག་ཅན༴ བྱ་རྒོད་གདོང་ལ་གཟུག་མོ་ཅོ་གའི་ཤ །བྷ་གའི་དྲི་མར༴ ལྷོ་ནུབ་ཕྱོགས་ནས༴ ལོངས་སྤྱོད༴ ལྷོ་ནུབ་རྒྱུ་བའི༴ སེན་མོ་གཉིས་དང་༴


TNT02_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས༴ བགེགས་རྣམས༴ གཏོར་མ་གཉིས་པོ་ལྷོ་ནུབ་ཏུ་དོར་རོ། །རྣལ་འབྱོར་མའི་གཏོར་མ་གཉིས་དང་ཀླུའི་གཏོར་མ་བྱང་ཕྱོགས་སུ་བཏེག་ལ། བྱང་ཕྱོགས་ལྷ་མོ་བདག་མ་འཁོར་བཅས་ལ། །བ་ལང་ཁུ་བྱུག་ཤ་དང་དྲི་ཆུ་ཡི། །གཏོར་མ་འདི་འབུལ་ཆུ་ཡི༴ ཞི་རྒྱས་གཞིལ་བའི༴ དྲག་མོ་ལ་ནི་རུས་སྦལ་སོ་བྱའི་ཤ །བ་སྤུར་བཅས་པའི༴ མ་མོ༴ བྱང་ཕྱོགས་འགྲོ་རྣམས༴ ཁེངས་བྱེད་མ་ལ་ནེའུ་ལེ་འུག་པའི་ཤ །རུས་པར༴ བྱང་གི་ཕྱོགས་ཀྱི༴ སྡང་དང་༴ སྟག་གདོང་མ་ལ་སྤྲེའུ་ཕ་ཝང་ཤ །ལྕེའི་དྲི་མར༴ བྱང་གི་ཕྱོགས་ནས༴ ལོངས་སྤྱོད༴ བྱང་ཕྱོགས་རྒྱུ་བའི་སོ་བཞི༴ དམ་རྫས༴ བགེགས་རྣམས༴ ཀླུ་རྒྱལ་བཅུ་པོ་འཁོར་དང་བཅས་རྣམས་ལ། །མཆོད་གཏོར༴ མཛད་དུ་གསོལ། །གཏོར་མ་གསུམ་བྱང་དུ་དོར། རྣལ་འབྱོར་མའི་གཏོར་མ་གཉིས་བྱང་ཤར་དུ་བཏེག བྱང་ཤར་གཟུགས་ཀྱི་རྡོ་རྗེ་འཁོར་བཅས་ལ། །བོང་བུ་བྱ་གར་ཤ་རྣམས་མིག་ཁམས་ཀྱི། །གཏོར་མ་འདི་འབུལ་གཟུགས་ཀྱི༴ འགྲོ་


TNT02_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཟུགས་མཆོག༴ དཔལ་མོ་ལ་ནི་དུང་དང་ཆུ་སྐྱར་ཤ །སྐྲ་དང་བཅས་པའི༴ མ་མོའི༴ བྱང་ཤར་འགྲོ་རྣམས༴ སྐུལ་བྱེད་མ་ལ་བྱི་ལ་ཁྱིམ་བྱའི་ཤ །རྩ་རྒྱས་བཅས་པའི༴ བྱང་ཤར་ཕྱོགས་ཀྱི༴ སྡང་དང་༴ འུག་གདོང་མ་ལ་རྩངས་པ་ཨམྦྷ་རི། །མཆན་ཁུང་དྲི་མར༴ བྱང་ཤར་ཕྱོགས་ནས༴ ལོངས་སྤྱོད༴ བྱང་ཤར་རྒྱུ་བའི༴ སེན་མོ་གཉིས༴ དམ་རྫས༴ བགེགས༴ གཏོར་མ་གཉིས་བྱང་ཤར་དུ་དོར་རོ། །ཡང་རྣལ་འབྱོར་མའི་གཏོར་མ་གཉིས་དང་འབྱུང་པོའི་གཏོར་མ་ནུབ་ཏུ་བཏེག་ལ། ནུབ་ཕྱོགས་ལྷ་མོ་སྤྱན་མ་འཁོར་བཅས་ལ། །གླང་ཆེན་རི་སྐེག་ཤ་དང་བཤང་ཁམས་ཀྱི། །གཏོར་མ་འདི་འབུལ་ས་ཡི༴ རྨོངས་རེངས་གདབ་པའི༴ དབང་མོ་ལ་ནི་མ་གར་སྲེག་པའི་ཤ །ཆུ་སེར་བཅས་པའི༴ མ་མོའི༴ ནུབ་ཕྱོགས་འགྲོ་རྣམས༴ རེངས་བྱེད་མ་ལ་དོམ་དང་བྱ་རྒོད་ཤ། འཁྲིས་པར་བཅས་པའི༴ ནུབ་ཀྱི་ཕྱོགས་ཀྱི༴ སྡང་དང་༴ ཅེ་སྤྱང་གདོང་ལ་ཤ་ལི་ཛ་ཏ་དང༌། །ཨ་ནཱི་ལ་དང་མིག་དྲིའི་གཏོར་མ་འབུལ། །ནུབ་ཀྱི་ཕྱོགས་ནས༴


TNT02_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད༴ ནུབ་ཕྱོགས་རྒྱུ་བའི༴ སོ་བཞི༴ དམ་རྫས༴ བགེགས་རྣམས༴ འབྱུང་པོ་བཅུ་པོ་འཁོར་དང་བཅས་རྣམས་ལ། །མཆོད་གཏོར༴ མཛད་དུ་གསོལ། །གཏོར་མ་གསུམ་པོ་ནུབ་ཕྱོགས་སུ་དོར་རོ། །རྣལ་འབྱོར་མའི་གཏོར་མ་གཉིས་ནུབ་བྱང་དུ་བཏེག་ལ། ནུབ་བྱང་དྲི་ཡི་རྡོ་རྗེ་འཁོར་བཅས་ལ། །ཕག་ཤ་མཆིལ་པའི་ཤ་དང་སྣ་ཁམས་ཀྱི། །གཏོར་མ་འདི་འབུལ་དྲི་ཡི༴ འགྲོ་ལ་དྲི་མཆོག༴ ཚངས་མ་ལ་ནི་སྦལ་པ་བཞད་དཀར་ཤ །ཞག་དང་བཅས༴ མ་མོའི༴ ནུབ་བྱང་འགྲོ་རྣམས༴ འོད་ཟེར་ཅན་ལ་སྲམ་དང་རྨ་བྱའི་ཤ །པགས་པར་བཅས་པའི༴ ནུབ་བྱང་ཕྱོགས་ཀྱི༴ སྡང་དང་༴ མཁའ་ལྡིང་གདོང་ལ་ཨི་ཤུ་བྷེ་རུཎྜ། །རྟགས་ཀྱི་དྲི་མར༴ ནུབ་བྱང་ཕྱོགས་ནས༴ ལོངས་སྤྱོད༴ ནུབ་བྱང་རྒྱུ་བའི༴ སེར་མོ་གཉིས༴ དམ་རྫས༴ བགེགས་རྣམས༴ གཏོར་མ་གཉིས་ནུབ་བྱང་དུ་དོར། སྟེང་དུ་རྣལ་འབྱོར་མའི་ཟླུམ་གཏོར་གཅིག་དང་ཟད་པར་གྱི་གཏོར་མ་གཏོང་དགོས་པས་ཁང་སྟེང་ངམ། ཤར་གྱི་ཤར་དུ་གཏོར་མ་གཉིས་པོ་བཏེག་ལ། སྟེང་ཕྱོགས་ཆོས་ཁམས་རྡོ་རྗེ་འཁོར་བཅས་


TNT02_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རྔ་མོང་ངང་པའི་ཤ་དང་བྷ་གར་བཅས། །གཏོར་མ་འདི་འབུལ་ཆོས་ཁམས༴ འགྲོ་ལ་ཆོས་མཆོག༴ དྲག་ཆེན་མ་ལ་སེང་གེ་བྱ་ཁྲའི་ཤ །སྙིང་དང་བཅས་པའི༴ སྟེང་གི་ཕྱོགས་ཀྱི༴ སྡང་དང་༴ ཟད་པར་བཅུ་པོ་འཁོར་དང་བཅས་རྣམས་ལ། །མཆོད་གཏོར༴ མཛད་དུ་གསོལ། །གཏོར་མ་གཉིས་པོ་སྟེང་དུ་དོར། རྣལ་འབྱོར་མའི་ཟླུམ་གཏོར་གཅིག་དང༌། ཁྲོ་བཅུའི་གཏོར་མ་ནུབ་ཀྱི་ནུབ་ཏུ་བཏེག་ལ། འོག་ཕྱོགས་སྒྲ་ཡི་རྡོ་རྗེ་འཁོར་བཅས་ལ། །ལུག་དང་བ་ལང་ཤ་དང་རྣ་བ་ཡི། །གཏོར་མ་འདི་འབུལ་སྒྲ་ཡི་བར་ཆད་སོལ། །འགྲོ་ལ་སྒྲ་མཆོག་སྟེར་བའི་འཕྲིན་ལས་མཛད། །སྔོན་མོར་འབྲོག་དགོན་ཁྱི་དང་ལྗོན་ཤིང་སྒྲ། །ཚིལ་བུར་བཅས་པའི་གཏོར་མ་འདི་འབུལ་གྱི། །འོག་གི་ཕྱོགས་ཀྱི་བགེགས་ཀུན་ཞི་བར་མཛོད། །སྡང་དང་གདུག་ཅན་ཐམས་ཅད་ཚར་ཆོད་ཅིག ཁྲོ་རྒྱལ་བཅུ་པོ་འཁོར་དང་བཅས་རྣམས་ལ། །མཆོད་གཏོར་འདི་དང་༴ བཀའ་བཞིན་མཛད་དུ་གསོལ། །གཏོར་མ་གཉིས་པོ་ནུབ་ཕྱོགས་ཐག་རིང་སའམ་དོར་


TNT02_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཡོད་ན་འོག་ཕྱོགས་སུ་དོར། རྣམ་འབྱོར་མའི་གཏོར་མ་ཟླུམ་གཏོར་གྲལ་འགོ་མ་ཁ་གསོས་ཆབ་ཀྱིས་བྲན། དཔལ་ལྡན་རྡོར་དབྱིངས་དབང་ཕྱུག་འཁོར་བཅས་ལ། །ཤུ་ཀྲ་མེ་ཏོག་དམ་རྫས་ཐམས་ཅད་ཀྱི། །གཏོར་མ་འདི་འབུལ་བར་ཆད་ཐམས་ཅད་སོལ། །ལས་དང་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །རིགས་བརྒྱ་རྣལ་འབྱོར་མ་རྣམས་ཀུན། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གི་བར་སྤྱི་དང་མཐུན་པར་བརྗོད་ཅིང་རོལ་མོའི་སྒྲ་བྱ། གཏོར་མ་དེ་ཡང་ཁང་སྟེང་དུ་འབུལ་ལོ། །ཡང་ཚོགས་མཆོད་བྱེད་ནའང་སྐབས་འདིར་བྱ་སྟེ། ཚོགས་རྫས་འདུས་བྱས་ལ། ཨོཾ་ཕྲཻཾ་བཛྲ་ཌཱ་ཀི་ནཱི་ཞེས་པ་ནས། ད་ལྟ་ཉིད་དུ་གནས་པར་ཤོག །གི་བར་ཚོགས་མཆོད་ཀྱི་ཆོ་ག་བདུད་རྩི་འཁྱིལ་བར་བཤད་པ་བཞིན་བྱའོ། །དེ་ནས་རྗེས་ཆོག་ནི་མཆོད་པ་རྣམས་ཁ་གསོས། གོང་བཞིན་བྱིན་གྱིས་བརླབས། ཨོཾ་བཛྲ་གནྡྷེ་གནྡྷ་ཨརྩ་ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་ནས། སུ་ར་ཏ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱའི་བར་གྱིས་མཆོད་རོལ་མོའི་སྒྲ་དང་བཅས། མཆོག་སྦྱིན་རྡོ་རྗེ་སོགས་ཀྱིས་གོང་བཞིན་


TNT02_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། སྤྲོ་ན་རྒྱུད་གཞན་ལས་འབྱུང་བའི་རྡོ་རྗེའི་གླུ་ཡང་བླང༌། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ཅག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ། ནུས་མཐུའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང༌། བླ་མ་གོང་མ་རྣམས་ཀྱི་ཐུགས་དགོངས་རྫོགས་ཤིང༌། ཞལ་བཞུགས་པ་རྣམས་སྐུ་ཁམས་བཟང་བ་དང༌། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་རྫོགས་སྒྲིབ་པ་དག་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། གནས་སྐབས་སུ་ཡང་སྔོན་གྱི་ལས་ལས་གྱུར་པ་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང༌། ཚེ་དང་བསོད་ནམས་དང་དབང་ཕྱུག་ཕུན་


TNT02_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་ཐོབ་པར་མཛད་དུ་གསོལ། ཇི་ལྟར་ཡིད་ལ་བསམ་པའི་དོན་ཐམས་ཅད་འབད་པ་མེད་པར་འགྲུབ་པར་མཛད་དུ་གསོལ། ཞེས་བྱ་བ་ལ་སོགས་པ་གསོལ་བ་དྲག་ཏུ་བཏབ། སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་དང༌། །མི་ཡི་འཇིག་རྟེན་དག་ན་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོའི་རྒྱལ་པོ་བཙུན་མོར་བཅས་རྣམས་དང༌། །ས་འོག་དག་ན་གདེངས་ཅན་དབང་པོ་གང་དག་གདོན་ཚོགས་མི་དགེ་དུས་ཀུན་ཏུ་ནི་འཆིང་བྱེད་པ། །དེ་རྣམས་ཐམས་ཅད་ཉིན་ཞག་སོ་སོའི་དུས་སུ་མི་ཤེས་འཇིག་རྟེན་ཀུན་ནས་སྐྱོང་པར་བྱེད་གྱུར་ཅིག །ཨོཾ་ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱིས་ཤིས་པ་བརྗོད། ཡིག་བརྒྱ་མང་དུ་བཟླས། མ་འབྱོར་པ་དང་སོགས། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །གཙོ་བོ་ནུས་པ་མ་མཆིས་པས། །མ་རྙེད་ཡོངས་


TNT02_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མ་ཤེས་དང༌། །འདིར་ནི་བྱ་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས། ཨོཾ་ཨཱཿཧཱུཾ་བཛྲ་མུཿ ཞེས་མགྲོན་རྣམས་གཤེགས་སུ་གསོལ། གསང་བར་ཧཾ་ཡིག་ལ་སོགས་ཀྱིས་སྲུང་མ་དྲུག་ཅུ་ཡང་རང་གི་ལུས་ལ་བསྟིམས། བྲིས་སྐུ་དང་ཙ་ཀ་ལི་སོགས་རྟེན་རྣམས་ལ་བརྟན་བཞུགས་སྤྱི་དང་མཐུན་པར་བྱ། ཡེ་ཤེས་ཀྱི་དཀྱིལ་འཁོར་རང་ཉིད་ལ་ཐིམ། བསོད་ནམས་འདི་ཡིས་འགྲོ་རྣམས་དུ་བ་ལ་སོགས་ལམ་གྱིས་ལྷན་སྐྱེས་བདེ་བ་མཆོག་བསྒོམས་ཏེ། །འགྲོ་བའི་བླ་མ་སུམ་ཅུ་རྩ་གཉིས་མཚན་ལྡན་སྐུ་ནི་ཆོས་ཀྱི་འཁོར་ལོར་ཡང་དག་གནས། །ལྷ་རྣམས་མགོ་ཡི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱིས་ཞབས་ཀྱི་པདྨ་ལ་གཏུགས་ཤིང༌། །དམ་པའི་ལམ་སྟོན་ཉིན་བྱེད་བཞིན་དུ་མུན་པ་ཀུན་འཇོམས་དུས་ཀྱི་འཁོར་ལོ་ཉིད་གྱུར་ཅིག །ཉི་མ་དང་བཅས་ཐུབ་པའི་རིགས་རྣམས་ཀྱིས་ནི་ཤེས་རབ་ཡེ་ཤེས་ཐོབ་པར་གྱུར་འདི་ཇི་ལྟ་བར། །རྣམ་གསུམ་སྲིད་པར་གནས་པའི་སེམས་ཅན་


TNT02_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་དུས་ཀྱི་འཁོར་ལོའི་དྲིན་ལས་ཨེ་ཝཾ་ཉིད་གྱུར་ཅིག །སྐྱེས་བུ་གང་དག་བདུད་ཀྱི་གྲོགས་ཀྱིས་རྟག་ཏུ་མི་བདེན་མུན་པར་སོང་ཞིང་ལམ་ཉམས་པ། དེ་རྣམས་ལམ་འདི་ཐོབ་ནས་རྡོ་རྗེ་ནོར་བུའི་ཁྱིམ་དང་རིང་མ་མིན་པར་འོང་གྱུར་ཅིག །རྣལ་འབྱོར་བདག་ཅག་རྣལ་འབྱོར་མ་ཐོབ་རབ་ཏུ་གཡོ་བའི་ཡིད་ཀྱིས་གལ་ཏེ་ཤི་བར་གྱུར་ན་ཡང༌། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་རྣལ་འབྱོར་ལྡན་པར་སྐྱེ་བ་དང༌། །སྔོན་གྱི་གོམས་པ་དེ་ཡིས་སླར་ཡང་ཡེ་ཤེས་རྣལ་འབྱོར་ཡངས་པ་དག་ནི་ཀུན་ཏུ་འཛིན་པ་དང༌། །ཡེ་ཤེས་ཐོབ་ནས་མི་ཟད་མཆོག་གི་གནས་སུ་རབ་བགྲོད་སླར་ཡང་གང་དུའང་སྐྱེ་ལྡན་མིན་གྱུར་ཅིག །དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོས་འགྲོའི་བདག་དང་ཆོམ་རྐུན་ཞགས་པས་འཆིང༌། །ཆུ་གཏེར་འཁྲུགས་དང་ཤ་ཟ་འཆི་བའི་འཇིགས་བྱེད་ནད་དང་དབང་པོའི་ཉེ་བར་འཚེ་བ་དང༌། །དབུལ་དང་བུད་མེད་དང་བྲལ་མི་བདག་འཁྲུགས་པའི་འཇིགས་དང་རྡོ་རྗེ་ལྟུང་དང་དོན་ཉམས་རྣམས། །


TNT02_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་རྣལ་འབྱོར་མ་རྣམས་ཞབས་ནི་གསལ་བར་དྲན་པའི་མཐུ་ལས་རབ་ཏུ་ཉམས་གྱུར་ཅིག །དགེ་བ་འདི་ཡིས་མྱུར་དུ་བདག །དུས་ཀྱི་འཁོར་ལོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །རིགས་སུ་སྐྱེ་དང་དམ་ཚིག་ཅན། །བསྙོམ་མེད་དུས་ཀྱི་འཁོར་ལོ་སྟོན། །བླ་མ་ལ་གུས་སྙིང་བརྩེ་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཛིན། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་སོགས་སྨོན་ལམ་ཇི་ལྟར་འོས་པ་བཏབ། དེ་ནས་དྲིལ་སིལ་མེ་ཏོག་རོལ་མོ་སོགས་དང་བཅས་པས་འདི་སྐད་ཅེས་བརྗོད་དེ། བཀྲ་ཤིས་འབྱུང་གནས་དཔལ་ལྡན་བླ་མ་དང༌། །བཀྲ་ཤིས་རང་བཞིན་དུས་ཀྱི་འཁོར་ལོ་ལ། །བཀྲ་ཤིས་འགྲོ་


TNT02_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤེལ་ཕྱིར་ཕྱག་འཚལ་ནས། །བཀྲ་ཤིས་རྒྱ་མཚོའི་སྒྲ་དབྱངས་བརྗོད་པར་བྱ། །པདྨའི་ལྟེ་བར་བདུད་དང་དྲག་པོའི་སྟེང༌། །རོལ་པའི་གདན་བཞུགས་བདེ་བ་ཆེན་པོའི་སྐུ། །སྟོང་ཆེན་འོད་གསལ་སྣ་ཚོགས་ཡུམ་དང་སྦྱོར། །བདེ་སྟོང་དུས་ཀྱི་འཁོར་ལོའི་བཀྲ་ཤིས་ཤོག །རྣམ་བཅུ་དབང་ལྡན་འོད་གསལ་འདུས་མ་བྱས། །ཕ་རོལ་ཕྱིན་བཅུ་རྣམ་དག་ལྷ་མོ་བཅུ། །རྡོ་རྗེ་བཞི་ཡི་གྲྭ་ནས་རབ་མཛེས་པ། །བདེ་ཆེན་འཁོར་ལོས་དེང་འདིར་བཀྲ་ཤིས་ཤོག །ཕུང་པོ་རྣམ་དག་དེ་བཞིན་གཤེགས་པའི་ཚོགས། ཁམས་དྲུག་དག་པའི་ཡུམ་དང་མཉམ་པར་སྦྱོར། །འཆི་མེད་གྲུབ་པའི་བུམ་པས་རབ་བརྒྱན་པ། །རྒྱལ་བའི་འཁོར་ལོས་དེང་འདིར་བཀྲ་ཤིས་ཤོག །དབང་པོ་རྣམ་དག་བྱང་ཆུབ་སེམས་དཔའི་ཚོགས། །ཡུལ་དྲུག་དག་པའི་ལྷ་མོས་རབ་ཏུ་འཁྱུད། །གདོད་ནས་ཟག་མེད་བདེ་བའི་དཔལ་འབྱོར་ཅན། །སེམས་དཔའི་འཁོར་ལོས་དེང་འདིར་བཀྲ་ཤིས་ཤོག །ལས་དབང་རྣམ་དག་ཁྲོ་ཆེན་འབར་བའི་ཚོགས། །བྱ་བ་


TNT02_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་ཁྲོ་མོར་མཉམ་པར་སྦྱོར། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་པའི་དཔལ། ཁྲོ་རྒྱལ་འཁོར་ལོས་དེང་འདིར་བཀྲ་ཤིས་ཤོག །ལྟེ་བའི་རྩ་རྣམས་དག་པ་ལྷ་མོའི་ཚོགས། །ཙརྩི་ཀཱ་སོགས་གཞན་མཆོག་ཆོས་ཀྱི་དབྱིངས། །ཟུང་འཇུག་རོལ་པའི་ལྷ་མོ་འཁོར་དང་བཅས། །གསུང་གི་འཁོར་ལོས་དེང་འདིར་བཀྲ་ཤིས་ཤོག །ལས་དང་བྱ་བའི་འཁོར་ལོ་རྣམ་དག་པ། །དོན་དམ་ལྷ་ཆེན་བཅུ་གཉིས་འཁོར་དང་བཅས། །མཐིལ་བཞི་གསང་གཙུག་རྣམ་དག་ཤིང་རྟ་དཔུང༌། །སྐུ་ཡི་འཁོར་ལོས་དེང་འདིར་བཀྲ་ཤིས་ཤོག །སོར་མོ་རྣམ་དག་ཀླུ་དང་གཏུམ་མོའི་ཚོགས། །འདོད་ཡོན་དགའ་བདེའི་རང་བཞིན་གཟུགས་ཀྱི་ལྷ། །སྐྲ་དང་བ་སྤུ་རྣམ་དག་གྲུབ་པ་དང༌། །འབྱུང་པོའི་འཁོར་ལོས་དེང་འདིར་བཀྲ་ཤིས་ཤོག །གཟའ་དང་དྲང་སྲོང་རྒྱུ་སྐར་ཁྱིམ་དང་ཆ། །ཕྱོགས་སྐྱོང་ཞིང་སྐྱོང་ཕོ་ཉ་འཕྲོག་མ་དང༌། །གྷཎྜ་ཀརྞ་དགའ་བྱེད་ནག་པོ་ཆེ། །བྷྲྀཾ་གི་ནི་སོགས་འཁོར་གྱིའང་བཀྲ་ཤིས་


TNT02_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །དོན་དམ་སྐྱབས་གསུམ་ཐུགས་གསུང་སྐུ་ཡི་བདག །ལྷུན་གྲུབ་ཡེ་ཤེས་འོད་གསལ་གཞལ་ཡས་ཁང༌། །ཆོས་སྐུའི་ཡོན་ཏན་འོད་ཀྱི་དྲ་བ་ཅན། །དཀྱིལ་འཁོར་ཆོས་དབྱིངས་ཆེན་པོའི་བཀྲ་ཤིས་ཤོག །དཀྱིལ་འཁོར་བཀྲ་ཤིས་དགེ་ལེགས་རྒྱ་མཚོའི་དབྱངས། །རྡོ་རྗེ་འཛིན་པ་བློ་གྲོས་རྒྱ་མཚོའི་སྒྲས། །རྣམ་པར་བསྒྲགས་ཏེ་སྐྱེ་རྒུ་རྒྱ་མཚོའི་ཚོགས། །རྒྱལ་བ་རྒྱ་མཚོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་ལ་སོགས་པ་བཀྲ་ཤིས་ཀྱི་ཚིགས་བཅད་ཇི་ལྟར་འོས་པ་བརྗོད་དོ། །དེ་ལྟར་ན་དཔལ་དུས་ཀྱི་འཁོར་ལོ་ལྷ་དགུའི་སྒྲུབ་ཐབས་ཉམས་སུ་ལེན་པ་རྣམས་ལ་ཉེ་བར་མཁོ་བ་མཆོད་པའི་ཆོ་ག་ཆ་ཚང་མདོ་ཙམ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་དཔལ་གྱི་ཇོ་ནང་དུ་སྨྲས་པའོ། །མངྒལཾ། ཨོ་སྭ་སྟི། མི་འགྱུར་བདེ་བ་ཆེན་པོའི་ཡེ་ཤེས་དང་། །རྣམ་ཀུན་མཆོག་ལྡན་སྟོང་བ་ཉིད་ཀྱི་དབྱིངས། །དབྱེ་མེད་ཟུང་ཕྱག་རྒྱས་དངོས་ཀུན་སྡོམས། །དཔལ་མཆོག་དུས་ཀྱི་འཁོར་ལོས་དགེ་ལེགས་སྩོལ། །རྣམ་ངག་ལུང་རིགས་སྨྲ་བའི་སེང་གེའི་སྒྲས། །ལྟ་ངན་མུ་སྟེགས་ཝ་སྐྱེའི་སྙིང་བཅིལ་ཞིང་། །ཐེག་མཆོག་གངས་རིའི་སྤོར་དགྱིངས་སྒྲོལ། །


TNT02_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་གྱིས། །ལེགས་བཤད་བསྒྲུབ་ཐབས་ནོར་བུའི་འཕྲེང་བ་འདི། །ལུང་རྟོགས་མཛོད་འཛིན་ཆོས་ཀྱི་འཕགས་པ་ཡི། །ཐུགས་བསྐྱེད་དཔྱིད་རྐྱི་བལ་མོའི་བུ་བྱེད་ཡས། །རྐོས་མཁན་རབ་ཏུ་འཕེལ་བའི་སོར་འཕྲུལ་ཀྱིས། །མི་ཟད་ཆོས་སྦྱིན་སྤེལ་ཕྱིར་བར་དུ་བསྐྲུན། །འདིར་བྱུང་རྣམ་དཀར་དགེ་བའི་ཟླ་ཟེར་གྱིས། །མ་ལུས་འགྲོ་བའི་སྒྲིབ་པའི་མུན་བསལ་ཅིང་། །ས་དང་ལམ་གྱི་བགྲོད་པ་མཐར་ཕྱིར་ཏེ། །སྐུ་གསུམ་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ཡང་ངེས་དོན་བསྟན་པའི་གསལ་བྱེད་དམ་པར་གྱུར་པ་བླ་མ་ངག་དབང་ཆོས་ཀྱི་འཕགས་པས་ཐུགས་བསྐྱེད་རྨད་དུ་བྱུང་བའི་སྒོ་ནས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པའི་ཆོ་ག་འདི་ཉིད། པར་དུ་བསྒྲུན་པའི་སྤར་བྱང་དུ་དགེ་ལེགས་རྒྱ་མཚོས་སྨྲས་པའོ། །དགེའོ།


TNT02_Page_0945
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་། དཔལ་དུས་ཀྱི་འཁོར་ལོའི་བསྟོད་པའམ་མངོན་རྟོགས་ཉེ་བར་བསྡུས་པ།


TNT02_Page_0946
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་བསྟོད་པའམ་མངོན་རྟོགས་ཉེ་བར་བསྡུས་པ་བཞུགས།


TNT02_Page_0947
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤྲཱི་ཀཱ་ལ་ཙཀྲཱ་ཡ། སྟོང་པ་ཉིད་དང་སྙིང་རྗེའི་བདག །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང༌། །ཟླ་ཉི་དུས་མེའི་སྟེང་དུ་དབང་ཕྱུག་དང་ནི་བདུད་ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་གྱུར་པ། །ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། །ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་མདོག །


TNT02_Page_0948
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་པ་དྲུག་དང་ཉི་མའི་དཔུང་པ་རྒྱལ་བའི་ཕྱག་གི་པདྨ་སྟོང་པ་དྲུག་དང་མེ་ཡི་ཚིགས། །ཞབས་དག་གིས་ནི་ཟླ་བ་ཉི་མ་བསྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་དང་དྲག་པོ་སྐྲག་བཞིན་པ། །རོལ་པས་མནན་པའི་སྲིད་མེད་སྲིད་པ་མཉམ་པ་དུས་ཀྱི་འཁོར་ལོ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མདའ་དང་ལྕགས་ཀྱུ་ཌཱ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་སྟས་གཡས་ཀྱི་ཕྱག་བརྒྱན་གཡོན་པ་ཡང༌། །དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་དུང་དང་མེ་ལོང་ལྕགས་སྒྲོག་ཚངས་མགོས་བརྒྱན་ལ་ཕྱག་འཚལ་ལོ། །སྟག་ལྤགས་དང་ནི་རྡོ་རྗེའི་རྒྱན་ལྡན་རྡོ་རྗེ་སྐུ་ཅན་བདེ་བ་ཆེ། །འོད་གསལ་སྟོང་ཉིད་སྣ་ཚོགས་ཡུམ་གྱིས་ཀུན་ནས་རབ་འཁྱུད་གསེར་མདོག་མ། །ཞལ་བཞི་ཕྱག་བརྒྱད་གྲི་གུག་ལྕགས་ཀྱུ་ཌཱ་མ་རུ་དང་བགྲང་འཕྲེང་དང༌། །ཐོད་པ་ཞགས་པ་པདྨ་དཀར་དང་རིན་ཆེན་འཛིན་མར་བཅས་ལ་འདུད། །ནག་མོ་འབར་མ་བདུག་སྤོས་ཙན་དན་གུར་གུམ་དང་ནི་ག་པུར་སྣོད། །དྲིལ་བུ་པདྨ་ཡོངས་འདུའི་མེ་ཏོག་སྣ་ཚོགས་མེ་ཏོག་འཕྲེང་ལྡན་མ། །དམར་མོའི་གཡས་ན་མར་མེ་དོ་


TNT02_Page_0949
[མ་དཔེ་གཟིགས་ན་འདིར་གནོན།]

ཤལ་ཅོད་པན་དང་ནི་གདུབ་བུ་སྟེ། །གཡོན་ན་གོས་དང་སྐ་རགས་དང་ནི་རིན་ཆེན་སྣ་རྒྱན་རྐང་གདུབ་འཛིན། །དཀར་མོའི་གཡས་ན་འོ་མ་ཆུ་དང་སྨན་མཆོག་ཆང་གི་སྣོད་རྣམས་ཏེ། །གཡོན་ན་བདུད་རྩི་གྲུབ་པའི་བཅུད་དང་བདུད་རྩིའི་འབྲས་བུ་འབྲས་ཆན་སྣོད། །སེར་མོ་འབར་མ་དུང་དང་གླིང་བུ་ནོར་བུ་དང་ནི་ཌཱ་མ་རུ། །པི་ཝང་རྔ་དང་འཁར་རྔ་ཟངས་དུང་རང་ཕྱོགས་གཙོ་བོའི་ཞལ་ལྡན་མ། །དེ་དག་དང་མཚུངས་དུ་བ་སྨིག་རྒྱུ་མེ་ཁྱེར་དང་ནི་མར་མེ་མ། །རང་མདོག་དང་མཚུངས་རྔ་ཡབ་བརྒྱད་ལྡན་ཕྱག་རྒྱ་ལྔ་ཡིས་རྣམ་བརྒྱན་མ། །རྡོ་རྗེ་སེམས་དཔའི་ཅོད་པན་དང་ལྡན་རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་རྫོགས་སྲོག་གི་དཀྱིལ་འཁོར་འགགས་ལ་འདུད། །ཚད་མེད་རྣམ་ཐར་རྡོ་རྗེའི་རྣལ་འབྱོར་དབང་དང་བསྙེན་སྒྲུབ་དགའ་བ་བཞིས། །ལུས་ངག་སེམས་དང་ཆགས་པའི་ཐིག་ལེ་གནས་སྐབས་རྣམ་བཞི་རྣམ་དག་པ། །སྐད་ཅིག་མཁྱེན་པ་སྐུ་དང་རྡོ་རྗེ་བྱང་ཆུབ་རྣམ་བཞི་སེམས་དཔའ་བཞི། །ཆོས་ཀྱི་དུང་དང་གཎྜི་ནོར་བུ་དཔག་བསམ་ཤིང་ལ་ཕྱག་འཚལ་ལོ། །ཁུ་ཁྲག་རྐང་དང་ཁྲག་གི་ཚོགས་ཆེན་


TNT02_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཆུ་དྲི་ཆེན་རབ་འགགས་པས། །འཆི་མེད་རབ་སྟེར་འཆི་མེད་རྒྱུན་གྱིས་མངོན་པར་གང་བའི་ཐོད་པའམ། །ཟླ་བའི་རང་བཞིན་ཟླ་བའི་འོད་ལྟར་རབ་ཏུ་དཀར་བའི་བུམ་པ་ནི། །བདུད་ཀྱི་ཚོགས་འཇོམས་བདུད་རྩིའི་ཚོགས་ཀྱིས་ཤིན་ཏུ་གང་བ་རྣམས་ལ་འདུད། །འདུ་བྱེད་རླུང་དང་ངག་གི་དབང་པོ་སྣ་དང་རེག་གཞན་འདུས་མ་བྱས། །དོན་ཡོད་སྒྲོལ་མ་བགེགས་ཀྱི་སྒྲ་དང་ནམ་མཁའི་སྙིང་པོ་རེག་བྱ་མ། །རལ་གྲི་གྲི་གུག་རྩེ་གསུམ་ཕུབ་དང་དཔལ་ལྡན་ཐོད་པ་ཁ་ཊྭཱཾ་ག །ཉི་ཟླའི་གདོང་ལྡན་སྤྲིན་ནག་དང་མཚུངས་ས་ཡི་རིགས་ཀྱིས་འཁྱུད་ལ་འདུད། །ཚོར་བ་མེ་དང་ལག་པའི་དབང་པོ་མིག་དང་རོ་གཞན་བདེ་བ་ཆེ། །རིན་ཆེན་དབང་པོ་གོས་དཀར་མོ་དང་རྨུགས་བྱེད་ས་ཡི་སྙིང་པོ་རོ། །མདའ་དང་ལྕགས་ཀྱུ་ཌཱ་མ་རུ་དང་གཞུ་དང་ཞགས་པ་ནོར་བུའི་ཕྱག །དཀར་ནག་གདོང་ལྡན་ཉིན་མོར་བྱེད་འདྲ་ཆུ་ཡི་རིགས་ཀྱིས་འཁྱུད་ལ་འདུད། །འདུ་ཤེས་ཆུ་དང་རྐང་པའི་དབང་པོ་ལྕེ་དང་གཟུགས་གཞན་ཡེ་ཤེས་སྐུ། །སྣང་བ་མཐའ་


TNT02_Page_0951
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་མཱ་མ་ཀཱི་དང་ཁེངས་བྱེད་འཇིག་རྟེན་དབང་པོའི་གཟུགས། །ཐོ་བ་མདུང་དང་རྩེ་གསུམ་པད་དཀར་མེ་ལོང་དང་ནི་བགྲང་འཕྲེང་དང༌། །ནག་དང་དམར་བའི་གདོང་ལྡན་དཀར་པོ་མེ་ཡི་རིགས་ཀྱིས་འཁྱུད་ལ་འདུད། །གཟུགས་ཀྱི་ཕུང་པོ་ས་དང་བཤང་ལམ་ལུས་དང་དྲི་གཞན་འོད་གསལ་གཟུགས། །རྟག་པ་སྤྱན་མ་རེངས་བྱེད་དང་ནི་རྣམ་སེལ་དྲི་ཡི་རྡོ་རྗེ་མ། །འཁོར་ལོ་དབྱུག་པ་ཁྲོ་བོའི་རྡོ་རྗེ་དུང་དང་ལྕགས་སྒྲོག་དྲིལ་བུའི་ཕྱག །དཀར་ནག་གདོང་ལྡན་གསེར་གྱི་རི་འདྲ་རླུང་གི་རིགས་ཀྱིས་འཁྱུད་ལ་འདུད། །རྣ་བ་ཆོས་ཁམས་ཡིད་དང་སྒྲ་གཞན་ཕྱག་ན་རྡོ་རྗེ་ཆོས་ཁམས་མ། །ཀུན་བཟང་སྒྲ་ཡི་རྡོ་རྗེ་མ་སྟེ་ལྗང་སྔོན་ཕན་ཚུན་ཡང་དག་སྦྱོར། །གཡས་གཡོན་ཉི་ཟླའི་ཞལ་གྱིས་རབ་བརྒྱན་རྡོ་རྗེ་གྲི་གུག་དགྲ་སྟ་དང༌། །དྲིལ་བུ་ཐོད་པ་ཚངས་པའི་གདོང་ལྡན་སྟོང་པའི་རིགས་ལ་ཕྱག་འཚལ་ལོ། །རབ་དཀར་ཆུ་སྐྱེས་མདངས་བཀྲའི་ཟེ་འབྲུར་འོད་སྟོང་བདག་པོའི་དཀྱིལ་འཁོར་ལ། །རྡོ་རྗེའི་གདན་དང་གཡས་བརྐྱང་སྟབས་བཞུགས་རྒྱལ་དང་


TNT02_Page_0952
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སྲས་ཁྲོ་རྒྱལ་དང༌། །འདམ་སྐྱེས་དམར་པོའི་གེ་སར་སྙིང་པོར་རི་བོང་འཛིན་པའི་དཀྱིལ་འཁོར་ལ། །པདྨའི་གདན་བཞུགས་རིག་མ་རྣམས་དང་རྡོ་རྗེ་མ་རྣམས་ལ་ཕྱག་འཚལ། །དེ་ལྟར་ལྷ་ཡི་འཁོར་ལོ་ལེགས་མཆོད་དྲི་དང་འཕྲེང་བ་བདུག་སྤོས་མ། །སྣང་གསལ་བདུད་རྩི་འབྲས་བུ་མ་དང་སྒེག་མོ་བཞད་མ་སིལ་སྙན་མ། །གར་དང་གླུ་ཡི་སྦྱོར་བ་ལ་བརྩོན་འདོད་མ་འདོད་ལ་རབ་དགའ་མ། །རྒྱན་དང་ཆ་བྱད་རྣམ་འགྱུར་དུ་མས་ཡིད་རབ་འཛིན་མ་རྣམས་བསྟོད་དོ། །ཕྱོགས་དང་མཚམས་སུ་ཆུ་སྐྱེས་དམར་དང་དཀར་པོ་ལ་གནས་རྣལ་འབྱོར་མ། །ལྟེ་བའི་རྩ་བརྒྱད་དྲུག་ཅུ་རྩ་བཞི་རྣམ་པར་དག་པའི་ཆོས་ཅན་མ། །ཐུན་ཚོད་དང་ནི་དབྱུག་གུ་རྣམ་དག་ཀུན་ནས་བདེ་ལ་སྙོམས་འཇུག་མ། །སྤྱན་གསུམ་ཕྱག་བཞི་རོལ་པས་ཡོངས་བསྐོར་ས་གའི་སྟབས་ཀྱིས་ལེགས་གནས་མ། །ཡི་དྭགས་ལ་གནས་ཙརྩི་ཀ་ནི་དབང་པོས་འཁྱུད་ཅིང་འཇིགས་མ་དང༌། །རླུང་ཤུགས་མ་དང་དྲག་མོ་དུས་ཀྱི་མཆེ་བ་མ་དང་མེ་འབར་གདོང༌། །རབ་གཏུམ་དྲག་མིག་སྣ་ཆེན་མས་


TNT02_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་དུས་མཐའི་སྤྲིན་མཚུངས་ཟླ་ཞལ་མ། །ཐམས་ཅད་གྲི་གུག་རྩེ་གསུམ་ཐོད་པ་ཁ་ཊྭཱཾ་ག་ཡིས་བརྒྱན་ལ་འདུད། །མཁའ་ལྡིང་ལ་གནས་ཁྱབ་འཇུག་མ་ནི་ཚངས་པས་འཁྱུད་ཅིང་དཔལ་མོ་དང༌། །རྣམ་པར་རྒྱལ་མ་སྒྱུ་མ་གྲགས་མ་བཀྲ་ཤིས་མ་དང་དཔལ་རྒྱལ་མ། །དཔལ་རྒྱལ་བྱེད་མ་འཁོར་ལོ་མས་བསྐོར་འཁོར་ལོ་དབྱུག་ཐོ་པདྨ་དང༌། །དུང་གི་ཕྱག་ལྡན་སྤྲིན་ནག་དང་མཚུངས་ཟླ་བའི་ཞལ་ལ་ཕྱག་འཚལ་ལོ། །མ་ཧེར་གནས་པའི་ཕག་མོ་ལ་ནི་དྲག་པོས་འཁྱུད་ཅིང་ཀེང་རུས་མ།། རྩིགས་མ་དུས་མཚན་རབ་ཁྲོས་གདོང་མ་དུས་ཀྱི་ལྕེ་མ་ནག་མོ་དང༌། །དྲག་མོ་དང་ནི་གཟུགས་ངན་མས་བསྐོར་མེ་ཡི་མདོག་ཅན་ཟླ་ཞལ་མ། །དབྱུག་པ་རལ་གྲི་ལྕགས་སྒྲོག་ཕུབ་ཀྱིས་རྣམ་བརྒྱན་རྣམས་ལ་ཕྱག་འཚལ་ལོ། །རྨ་བྱར་གནས་པའི་གཞོན་ནུ་མ་ནི་ཚོགས་བདག་གིས་འཁྱུད་པདྨ་མ། །རིན་ཆེན་ཕྲེང་མ་ལུས་མེད་གཞོན་ནུ་རི་དྭགས་བདག་པོའི་འགྲོས་མ་དང༌། །མིག་མཛེས་རུལ་མ་བཟང་མོས་ཡོངས་བསྐོར་བྱི་རུའི་འོད་འཕྲོ་གདོང་དྲུག་མ། །ཤཀ་ཏི་ལྕགས་ཀྱུ་རིན་ཆེན་ཞགས་པས་ཉེ་བར་མཛེས་ལ་ཕྱག་འཚལ་ལོ། །


TNT02_Page_0954
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུ་མཆོག་ལ་གནས་དྲག་མོ་ལ་ནི་གཤིན་རྗེས་འཁྱུད་ཅིང་ཕྱོགས་ཀུན་ནས། །གཽ་རི་འདེགས་མ་གཾ་ག་མ་དང་རྟག་མ་མྱུར་མ་མཚོན་བྱེད་མ། །དམར་སེར་མ་དང་ནག་མོས་ཡོངས་བསྐོར་ཟླ་བའི་མདོག་ཅན་ཟླ་བའི་ཞལ། །རྩེ་གསུམ་ཅང་ཏེའུ་ཁ་ཊྭཱཾ་ག་དང་ལྟོས་འགྲོས་མཚན་ལ་ཕྱག་འཚལ་ལོ། །སེང་གེར་གནས་པའི་དཔལ་མོ་ལ་ནི་གཞོན་ནུས་འཁྱུད་ཅིང་དཔལ་དཀར་མོ། །འཛིན་མ་ཟླ་བའི་རི་མོ་ཅན་དང་རི་བོང་འཛིན་ཞལ་ངང་པའི་མདོག །པདྨའི་དབང་མོ་སྐར་མིག་མ་དང་དྲི་མེད་རི་བོང་འཛིན་མས་བསྐོར། །ཟླ་འོད་ཟླ་ཞལ་པདྨ་བགྲང་འཕྲེང་ཆུ་སྐྱེས་རིན་ཆེན་འཛིན་ལ་འདུད། །གླང་པོར་གནས་པའི་དབང་མོ་ལ་ནི་སྲིན་པོས་འཁྱུད་ཅིང་རྡོ་རྗེའི་འོད། །བཀྲ་བའི་རི་མོ་རྡོ་རྗེའི་ལུས་མ་གསེར་ལྡན་མ་དང་ཨུར་བ་སི། །རཾ་བྷ་ཟུག་རྔུ་མེད་མ་དང་ནི་ཤིན་ཏུ་སྒྲོལ་མས་ཡོངས་བསྐོར་མ། །གསེར་མདོག་ཟླ་ཞལ་རྡོ་རྗེ་མདའ་དང་དྲིལ་བུ་གཞུ་ཡིས་མཚན་ལ་འདུད། །ངང་པར་གནས་པའི་ཚངས་མ་ལ་ནི་ནོར་ལྷས་འཁྱུད་ཅིང་མཆོད་སྦྱིན་འདོད། །ངག་གི་དབང་ཕྱུག་པདྨའི་སྤྱན་མ་ཆུ་སྐྱེས་ལྡན་


TNT02_Page_0955
[མ་དཔེ་གཟིགས་ན་འདིར་གནོན།]

མ་བློ་གྲོས་མ། །གླུ་མ་གློག་མ་དྲན་མས་ཡོངས་བསྐོར་རིག་བྱེད་གདོང་མ་གསེར་མདོག་མ། །ཕྱག་གི་པདྨས་པདྨ་ཚངས་དབྱུག་སྤྱི་བླུགས་བར་བུས་མཚན་ལ་འདུད། །ཟླ་བ་ཚིགས་ཆེན་ཉི་མའི་ཚེས་དང་རྩ། །རྣམ་དག་ལྷ་ཆེན་བཅུ་གཉིས་འཁོར་དང་བཅས། །སྤྱན་གསུམ་ཉི་ཟླའི་མདོག་ཅན་པདྨའི་སྟེང༌། །རོལ་པས་ཡོངས་བསྐོར་རྡོ་རྗེའི་གདན་བཞུགས་པ། །སྲིན་མོས་འཁྱུད་ཅིང་ཡི་དྭགས་ལ་གནས་པའི། །བདེན་བྲལ་ལ་སོགས་ནག་པའི་ཚེས་རྣམས་གཞན། །རལ་གྲི་གྲི་གུག་ཕུབ་དང་ཐོད་པ་ཅན། །དུས་མཐའི་སྤྲིན་མཚུངས་ཟླ་བའི་ཞལ་ལ་འདུད། །གཏུམ་མོས་འཁྱུད་ཅིང་རི་དྭགས་ལ་གནས་པའི། །རླུང་སོགས་ས་གའི་ཚེས་གཞན་དཔག་བསམ་ཤིང༌། །ཡོངས་འདུས་མེ་ཏོག་ནོར་བུ་ཨུཏྤལ་འཛིན། །ཟླ་ཞལ་མིག་སྨན་མདོག་ལ་ཕྱག་འཚལ་ལོ། །ལུག་ལ་གནས་ཤིང་ཆུ་བདག་མོས་འཁྱུད་པའི། །མེ་ལྷ་ལ་སོགས་སྣྲོན་གྱི་ཚེས་རྣམས་གཞན། །མདུང་ཐུང་དབྱུག་པ་ཆུ་སྐྱེས་སྤྱི་བླུགས་འཛིན། །ཞལ་གཅིག་པདྨ་རཱ་གའི་མདོག་ལ་འདུད། །དཔལ་མོས་འཁྱུད་ཅིང་རྨ་བྱ་ལ་གནས་པའི། །གདོང་


TNT02_Page_0956
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ལ་སོགས་ཆུ་སྟོད་ཚེས་རྣམས་གཞན། །ཤཀ་ཏི་མདུང་དང་ནོར་བུ་མེ་ལོང་ཅན། །བྱི་རུའི་འོད་འཕྲོ་གདོང་དྲུག་ལྡན་པས་སྐྱོང༌། །ཕག་མོས་འཁྱུད་ཅིང་ཆུ་སྲིན་ལ་གནས་པའི། །རྒྱ་མཚོ་ལ་སོགས་གྲོ་བཞིན་ཚེས་རྣམས་གཞན། །ཞགས་པ་རིན་ཆེན་སྦྲུལ་ཞགས་ཆུ་ཤེལ་འཛིན། །ཟླ་བའི་འོད་ཅན་ཟླ་བའི་ཞལ་མཆོད་དོ། །བྱི་བར་གནས་ཤིང་གཞོན་ནུ་མས་འཁྱུད་པའི། །ཚོགས་བདག་ལ་སོགས་ཁྲུམས་སྟོད་ཆོས་རྣམས་གཞན། །དགྲ་སྟྭ་རྡོ་རྗེ་ཞགས་པ་ནོར་བུའི་ཕྱག །ཟླ་ཞལ་ཟླ་འོད་ལྟ་བུར་དཀར་ལ་འདུད། །གླང་པོར་གནས་ཤིང་རླུང་ལྷ་མོས་འཁྱུད་པའི། །བརྒྱ་བྱིན་ལ་སོགས་ཐ་སྐར་ཚེས་རྣམས་གཞན། །རྡོ་རྗེ་མདའ་དང་དྲིལ་བུ་གཞུ་ཡིས་མཚན། །གསེར་མདོག་ཟླ་བའི་ཞལ་ལ་ཕྱག་འཚལ་ལོ། །གློག་མས་འཁྱུད་ཅིང་ངང་པ་ལས་གནས་པའི། །ཚངས་པ་ལ་སོགས་སྨིན་དྲུག་ཚེས་རྣམས་གཞན། །ཁབ་དང་བགྲང་འཕྲེང་ཆུ་སྐྱེས་སྤྱི་བླུགས་འཛིན། །ཆུ་ཡི་གསེར་མཚུངས་ཆུ་ཡི་ཞལ་གྱིས་སྐྱོང༌། །ཨུ་མས་འཁྱུད་ཅིང་ཁྱུ་མཆོག་ལ་གནས་པའི། །དྲག་པོ་ལ་


TNT02_Page_0957
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མགོ་ཡི་ཚེས་རྣམས་གཞན། །རྩེ་གསུམ་མདའ་དང་སྦྲུལ་ལྡན་ཁ་ཊཱཾ་གཞུ། །རི་བོང་འཛིན་ཞལ་མཁའ་ལྟར་སྔོ་ལ་འདུད། །གླང་པོར་གནས་ཤིང་ནོར་སྦྱིན་མས་འཁྱུད་པའི། །ནོར་བདག་ལ་སོགས་རྒྱལ་གྱི་ཚེས་རྣམས་གཞན། །ནོར་བུ་བེ་ཅོན་ནེའུ་ལེ་པདྨའི་ཕྱག །སྔོན་པོ་རི་དྭགས་མཚན་པའི་ཞལ་མཆོད་བགྱི། །དཔལ་མོས་འཁྱུད་ཅིང་མཁའ་ལྡིང་ལ་གནས་པའི། །ཁྱབ་འཇུག་ལ་སོགས་མཆུ་ཡི་ཚེས་རྣམས་གཞན། །འཁོར་ལོ་དབྱུག་ཐོ་པདྨ་དུང་གིས་མཚན། །ཞལ་གཅིག་མར་གད་མདོག་ལ་ཕྱག་འཚལ་ལོ། །གཤིན་རྗེ་མས་འཁྱུད་མ་ཧེ་ལ་གནས་པའི། །གཤིན་རྗེ་ལ་སོགས་དབོ་ཡི་ཚེས་རྣམས་གཞན། །དབྱུག་པ་རལ་གྲི་ལྕགས་སྒྲོག་ཞགས་པས་བརྒྱན། །ལྗང་ཁུ་རི་དྭགས་ཅན་ཞལ་ལ་ཕྱག་འཚལ། །འོད་ཟེར་ཅན་འཁྱུད་དབྱུག་སྔོན་ནག་པོ་རལ་གྲི་དང་ནི་རྡོ་རྗེ་ཕུབ་དང་ལྟོས་འགྲོ་འཛིན། །ཙིན་དས་ལེགས་འཁྱུད་ཌཱ་ཀི་དམར་པོ་མེ་མདའ་དང་ནི་ལྕགས་ཀྱུ་གཞུ་དང་ཞགས་པས་མཚན། །ཁྲོ་གཉེར་མས་འཁྱུད་མི་གཡོ་དཀར་པོ་ཐོ་བ་དང་ནི་མདུང་དང་པདྨ་མེ་ལོང་འཛིན། །ལྕགས་སྒྲོག་མས་འཁྱུད་སྟོབས་


TNT02_Page_0958
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སེར་པོ་འཁོར་ལོ་དང་ནི་དབྱུག་པ་དུང་དང་ནོར་བུའི་ཕྱག །སྔོན་མོས་འཁྱུད་པའི་གཙུག་ཏོར་ལྗང་ཁུ་དགྲ་སྟྭ་དང་ནི་རྩེ་གསུམ་སྦྲུལ་ཞགས་ཁ་ཊྭཱཾ་ག །དྲག་སྤྱན་མས་འཁྱུད་གནོད་མཛེས་སྔོན་པོ་གྲི་གུག་དང་ནི་རྡོ་རྗེ་ཐོད་པ་དྲིལ་བུ་འཛིན། །ཕག་རྟ་སེང་གེ་གླང་པོ་མཁའ་ལྡིང་རྐང་བརྒྱད་ཀྱི་ནི་ཤིང་རྟ་ལ་གནས་གཡས་བརྐྱང་སྟབས། །མཐིལ་བཞི་བཤང་ལམ་གཙུག་གི་རྩ་དག་ཁྲོ་བོའི་ཚོགས་ནི་ཞལ་གཅིག་ཕྱག་བཞིས་བརྗིད་ལ་འདུད། །སྟོབས་ཀྱི་རྒྱུ་དང་པདྨ་ཆར་སྤྲིན་མདོག །ནོར་རྒྱས་དུང་སྐྱོང་བྱི་རུའི་ཕུང་པོ་འདྲ། །མཐའ་ཡས་རིགས་ལྡན་ཀུན་དའི་མདོག་ལྟར་གསལ། །འཇོག་པོ་པདྨ་ཆེན་པོ་རབ་ཏུ་སེར། །རྒྱལ་དང་རྣམ་རྒྱལ་ལྗང་སྔོན་འབྱུང་བ་ལ། །རྡོ་རྗེ་གདན་བཞུགས་རིན་ཆེན་རྒྱལ་གྱིས་བརྒྱན། །བུམ་པ་རྡོ་རྗེ་པདྨ་ནོར་བུའི་ཕྱག །རྐང་སོར་ཀླུ་ཆེན་གཏུམ་མོས་འཁྱུད་ལ་འདུད། །མདུང་གིས་འབིགས་དང་ལྷག་མ་བརྩེགས་པའི་རོ། །དྲག་པོའི་གཡུལ་དང་རུལ་པ་བྱིས་པ་གསོད། །རྣག་གི་དྲི་དང་སྦྲུལ་གྱིས་ཟོས་པ་ཡིས། །


TNT02_Page_0959
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཆེན་པོར་བསེ་དང་བྷེ་རུན་ཊ། །དོམ་དང་ཁྲུང་ཁྲུང་འབྲི་དང་བྱ་མ་བྱི། །སེང་གེ་མིག་སྔོན་ལ་གནས་འཁོར་ལོའི་སྟེང༌། །ཟླུམ་པོའི་སྟབས་ཅན་མི་མགོའི་འཕྲེང་ལྡན་མ། །གཅེར་བུ་སྤྱན་གསུམ་གྲི་གུག་ཐོད་པ་མ། །ཕྱག་རྒྱ་ལྔ་ལྡན་ཀླུ་ཡིས་རབ་འཁྱུད་མ། །ལུས་ལ་ལག་པའི་སེར་མོ་རྣམ་དག་མ། །ཁྱི་གདོང་མ་དང་ཁྭ་གདོང་ཕག་གདོང་མ། །བྱ་རྒོད་གདོང་མ་སྟག་གདོང་འུག་གདོང་མ། །ལྕེ་སྤྱང་གདོང་མ་ནམ་མཁའ་ལྡིང་གདོང་མ། །སྟེང་འོག་ཤིང་རྟར་སྔོན་མོ་རྡོ་རྗེའི་མིག །སྐྲ་དང་བ་སྤུ་རྣམ་དག་གྲུབ་པ་དང༌། །འབྱུང་པོའི་ཚོགས་ཀྱིས་བསྐོར་ལ་ཕྱག་འཚལ་ལོ། །ཤིན་ཏུ་སྟོབས་མ་རྨུགས་བྱེད་མ་དང་ང་རྒྱལ་ཅན་མ་རེངས་བྱེད་མ། །ལྕགས་སྒྲོག་མ་དང་ཁྲོ་གཉེར་ཅན་མ་ཙུན་ད་དང་ནི་འོད་ཟེར་ཅན། །དྲག་སྤྱན་མ་དང་ཤིན་ཏུ་སྔོན་མོ་རང་རང་རིགས་ཀྱི་ཁྲོ་བོ་ཡི། །ཞལ་ཕྱག་མཚོན་ཆ་ཁ་དོག་རྒྱན་ལྡན་ཁྲོ་མོ་རྣམས་ལའང་ཕྱག་འཚལ་ལོ། །དེ་བཞིན་སྒྲོལ་མ་རེག་བྱ་མ་དང་ཁྱབ་འཇུག་ལྕགས་སྒྲོག་ཁ་གདོང་མ། །རབ་སྔོན་རབ་བརྩོན་ཙརྩི་ཀ་དང་ཁྱི་གདོང་མས་བསྐྱེད་བརྒྱ་བྱིན་དུ།། དབྱེ་བ་གོས་དང་


TNT02_Page_0960
[མ་དཔེ་གཟིགས་ན་འདིར་གནོན།]

མཆིལ་འདོར་རེག་བྱ་ལྷག་མ་ཟ་བ་ཀུན་དུ་གདུང༌། །སྐྲོད་དང་ལུས་འཕྲུག་ཡན་ལག་བསྐྱོད་པར་འདོད་དང་ཕྱིར་འདོད་མ་ལ་འདུད། །གོས་དཀར་རོ་མ་གཞོན་ནུ་མ་དང་ཁྲོ་གཉེར་ཅན་མ་བྱ་རྒོད་མ། །དྲག་སྤྱན་རྨུག་མ་ཕག་མོ་དང་ནི་ཕག་གདོང་མས་བསྐྱེད་ལྷོ་ཕྱོགས་སུ། །བསྐྱོད་པ་ཟས་དང་གར་འགུགས་གཡུལ་དང་རྒྱུག་པ་དང་ནི་སྐེམས་པ་དང༌། །ལུས་ཀྱི་དྲི་མ་བཤང་གཅི་ཟག་པར་འདོད་དང་ཕྱིར་འདོད་མ་རྣམས་མཆོད། །མཱ་མཱ་ཀཱི་དང་གཟུགས་མ་དཔལ་མོ་ཙུན་ད་དང་ནི་འུག་གདོང་མ། །སྒྲ་མ་ཁེངས་མ་དྲག་མོ་དང་ནི་སྟག་གདོང་མས་བསྐྱེད་ནོར་སྦྱིན་དུ། །རྒྱས་པ་རྒྱན་དང་རྒྱལ་སྲིད་འཆིང་བ་བྱིས་པ་སྡིག་དང་རོལ་མོའི་སྒྲ། །འཇམ་པར་སྨྲ་དང་མལ་སྟན་རྩོད་མང་འདོད་དང་ཕྱིར་འདོད་མ་རྣམས་རྒྱལ། །སྤྱན་མ་དྲི་མ་ཚངས་མ་དང་ནི་འོད་ཟེར་ཅན་མ་མཁའ་ལྡིང་མ། །ཆོས་ཀྱི་ཁམས་མ་རེངས་མ་དབང་མོ་ལྕེ་སྤྱང་མས་བསྐྱེད་ཆུ་བདག་ཏུ། །རེངས་པ་དྲི་དང་ཆུ་ལ་རྐྱལ་བ་ཕུར་བུས་འདེབས་དང་སྦྲུལ་འཆིང་འཁྲིག །གཉེན་འདུན་མལ་བརྙེས་སེམས་ཅན་བསླུ་འདོད་ཕྱིར་འདོད་མ་རྣམས་གཞན་ལ་འདུད། །ཁྱོད་


TNT02_Page_0961
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་ཅན། །ཕྲ་རབ་རྡུལ་གྱི་ཆོས་དང་བྲལ་ཡང་བརྟན་དང་གཡོ་བ་ཀུན་གྱི་གཟུགས། །ལུས་དང་དབང་པོའི་སྦྱོར་བ་སྤངས་ཀྱང་རྟག་ཏུ་འདོད་ཆགས་ཆེ་ལ་རོལ། །བསམ་གྱིས་མི་ཁྱབ་བརྟག་པར་དཀའ་བ་དུས་ཀྱི་འཁོར་ལོས་བདག་སྐྱོངས་ཤིག །གཟའ་དང་དྲང་སྲོང་རྒྱུ་སྐར་ཁྱིམ་དང་ཆ། །ཕྱོགས་སྐྱོང་ཞིང་སྐྱོང་ཕོ་ཉ་འཕྲོག་མ་དང༌། །གྷཎ་ཊ་ཀརྞ་དགའ་བྱེད་ནག་པོ་ཆེ། །བྷྲྀཾ་གི་ནི་སོགས་འཁོར་མང་རྒྱལ་གྱུར་ཅིག །དེ་ལྟར་བསྟོད་པས་ཕུང་པོ་ཁམས་སོགས་གཞན། །བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་ཀྱི་དབྱིངས། །གློ་བུར་དྲི་མའི་སྦུགས་ལས་ངེས་གྲོལ་ཏེ། །སྲིད་གསུམ་དང་བ་མངོན་དུ་བྱཻད་གྱུར་ཅིག །དཔལ་དུས་ཀྱི་འཁོར་ལོའི་བསྟོད་པའམ་མངོན་རྟོགས་ཉེ་བར་བསྡུས་པ་རྫོགས་སོ། །སེམས་ཅན་ཐམས་ཅད་ཀྱིས་རང་རང་ལ་བཞུགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་པ་འདི་ཡང་རྒྱལ་ཁམས་ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་གྱིས་བཀོད་པའོ།། །།ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿསྭཱཧཱ། མངྒ་ལཾ། དགེའོ།། །།


TNT02_Page_0962
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཁོར་སྨན་མཆོད་ཀྱི་བླ་བརྒྱུད་ཀྱི་ཁ་བསྐང་ནི། ལུང་རིག་རྒྱ་མཚོ་དང་། འཇམ་མགོན་བླ་མ་ཀུན་དགའ་སྙིང་པོ་མཆོད། རིན་ཆེན་རྒྱ་མཚོ་བློ་གྲོས་རྒྱལ་དང་། །ངག་དབང་འཕྲིན་ལས་ངག་དབང་རྒྱམ་པར་རྒྱལ། ཀུད་དགའ་དར་རྒྱས་འཕྲིན་ལས་རྣམ་རྒྱལ་ཞབས། །ལྷུང་གྲུབ་རྒྱ་མཚོ་རྣམས་ལ་མཆོད་པ་འབུལ། །དཀོན་མཆོག་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་དང་། །རྡོ་རྗེ་འཆང་ཆེན་ངག་དབང་ཆོས་འཕེལ་ཏེ། །རྡོ་རྗེ་རྣལ་འབྱོར་སོགས། ༈ དང་པོ་མི་སྐྱོད་པའི་ངོ་བོ་ཆོས་དབྱངས་ཡེ་ཤེས་ལ་བསྟོད་པ་ནི། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐའ་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །གཉིས་པ་རྣམ་པར་སྣང་མཛད། །ཀྱི་ངོ་བོ་མེ་ལོང་ཡེ་ཤེས་ལ་བསྟོད་པ་ནི། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་


TNT02_Page_0963
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དགེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །གསུམ་པ་སྣང་བ་མཐའ་ཡས་ཀྱི་ངོ་བོ་སོར་རྟོག་ཡེ་ཤེས་ལ་བསྟོད་པ་ནི། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །བཞི་པ་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་མཉམ་ཉིད་ཡེ་ཤེས་ལ་བསྟོད་པ་ནི། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལད་བྱུང་ཁྱོད་ལ་འདུད། །ལྔ་པ་དོན་ཡོད་གྲུབ་པའི་ངོ་བོ་བྱ་གྲུབ་ཡེ་ཤེས་ལ་བསྟོད་པ་ནི། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་སེཧས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའོ།


TNT02_Page_0964
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་མེད་རྣམ་རྒྱལ་ཆོས་འཕེལ་རྒྱ་མཚོ་དང་། །ཆོས་ཀྱི་འཕགས་པ་ཀུན་དགའ་དཔལ་ལྡན་རྗེ། །ངག་དབང་ཆོས་འབྱོར་ཀུན་དགའ་མཁས་གྲུབ་དབང་། །བསྟན་པ་གསལ་བྱེད་རྣམས་ལ་མཆོད་པ་འབུལ། །ཨོཾ་ཨཱ༔ཧཱུཾ། རྡོ་རྗེ་བཟང་པོ་དཀོན་མཆོག་དར་རྒྱས་དང་། །བློ་གྲོས་གྲགས་པས་རྒྱལ་བསྟན་རབ་སྤེལ་བ། །རྡོ་རྗེ་རྣལ་འབྱོར་མངོན་སུན་སྟོན་མཛད་པའི། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །ཨོཾ་ཨཱ༔ཧཱུཾ། འཛམ་ཐང་གཙང་ཆེན་གཟིམ་ཁང་བདེ་ཆེན་བཤད་སྒྲུབ་དཔལ་གྱི་ཕོ་བྲང་གི་གདན་རབས་རིམ་བྱོན་ལྟར་བློ་བཟང་ཆོས་འཕེལ་བས་བྲིས་པའོ། །


TNT02_Page_0965
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་། དཔལ་དུས་ཀྱི་འཁོར་ལོ་ལ་བརྟེན་པའི་ལྷོ་སྒོའི་ཆོ་ག


TNT02_Page_0966
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོ་ལ་བརྟེན་པའི་ལྷོ་སྒོའི་ཆོ་ག་ཞེས་བྱ་བ་བཞུགས།


TNT02_Page_0967
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཧཱ་སརྦ་ཛྙཱ་དརྴ་དྷརྨཱ་ཀ་ར་ཡ། འདིར་དུས་ཀྱི་འཁོར་ལོ་ལ་བརྟེན་པའི་ལྷོ་སྒོའི་ཆོ་ག་ནི། འདུས་པ་དང་གཤེད་སྐོར་སོགས་ཀྱི་དུས་ཐ་མའི་ཆོ་ག་རྣམས་ནི་ངན་སོང་སྦྱོང་རྒྱུད་ཀྱི་ལུགས་ཟངས་མར་སྦྱར་བར་མཛད་འདུག་པ་རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱ་བ་ཡིན་པས། ཤི་ནས་ངན་སོང་སྦྱོང་བའི་ལས་ནི་སྦྱོང་རྒྱུད་ཁོ་ན་བཞིན་བྱ་དགོས་པས་དོན་ནོ། །དེའི་ཕྱིར་ལེགས་པའི་བུས། དུས་འཁོར་གྱི་ལྷོ་སྒོའི་སྔགས་རྣམས་ཀྱང་ངན་སོང་སྦྱོང་རྒྱུད་དུ་བཀོད་པས་འདིར་ཡང་དེ་བཞིན་བྱའོ། །ལྷོ་སྒོའི་ཆོ་ག་ཞེས་པའང་འཕགས་ཡུལ་དུ་གྲོང་ཁྱེར་གྱི་ལྷོ་སྒོ་ནི་གཤིན་རྗེ་གནས་པའི་ཕྱོགས་ཡིན་པས་རོ་


TNT02_Page_0968
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱལ་བའི་སྐབས་མ་གཏོགས་མི་ཕྱེ་ཞིང་དེར་དགོས་པའི་ཆོ་ག་ཡིན་པས་དཀྱིལ་འཁོར་ལྷོ་སྒོར་བྱེད་པ་སོགས་ནི་རྫུན་བཤད་དོ། །དེ་ནས་རྟེན་གང་ཡིན་པ་ལ་བགེགས་སྦྱངས་པ་ནི། རང་ཉིད་སྐད་ཅིག་གིས་དུས་ཀྱི་འཁོར་ལོར་གསལ་བར་གྱུར། བགེགས་གཏོར་ནི། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཨོཾ་ཨོཾ་བཛྲ་ཙནྡྲ༴ ཨོཾ་ཨཱཿབཛྲ་སུརྻ༴ ཨོཾ་ཧཱུཾ་བཛྲ་ཨཱ༴ ཨོཾ་ཧོཿསརྦ༴ འཇིག་རྟེན་གསུམ་རྒྱལ་གྱི་ཕྱག་རྒྱ་བཅས་ཏེ། ཨོཾ་ཨཱཿཧཱུཾ། ཚེ་ལས་འདས་པ་ཨ་མུ་ཀ་ཞེས་བྱ་བ་ལ་ལས་ཀྱི་དབང་གིས་འཆི་ཁ་དང་བར་དོ་དང་ཚེ་རབས་གཞན་ཐམས་ཅད་དུ་གནོད་ཅིང་འཚེ་བར་བྱེད་པ་དང༌། སྡིག་པ་སྦྱོང་ཞིང་དགེ་བའི་ཆོས་བསྐྱེད་པ་ལ་བར་དུ་


TNT02_Page_0969
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པ་དང༌། འབྲེལ་བ་ཅན་ཤུལ་ན་གནས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གནོད་བྱེད་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་ཨཱ་གཙྪ་ཨཱ་གཙྪ། ཤཱི་གྷྲཾ། ཨེ་དཾ་བ་ལིང༌། གྲྀཧྞ། གྲྀཧྞ། བྷུག་ཏྭ། བི་ཏྭ། ཀྲིབ་ཏིཾ། ཀྲི་ཏྭ། སརྦ་སཏྭ་ནཱཾ། ཤཱིནྟཾ། ཙིཏྟིཾ། ཀྲི་ཏྭ། སྭ་ཨ་བ་ར་སྭ་སྠ་ནཾ་གཙྪ་གཙྪ་སྭཱཧཱའི་བར་ལན་གསུམ་བརྗོད། སྤྲོ་ན་ཁྲོ་བོ་སྤྱན་འདྲེན་དང་མཆོད་བསྟོད་བྱ། ཧཱུཾ། དཀྱིལ་འཁོར་ཆེན་པོ་སོགས་བྱ། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ༴ དགེ་འདུན་གྱི༴ གསང་སྔགས་དང་རིགས་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱི༴ བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་འཁོར་བསྲུང་མ་དྲུག་ཅུའི་ལྷ་ཚོགས་རྣམས་ཀྱི༴ དཔལ་མགོན་དམ་པ་ཆོས་སྐྱོང་བའི་བསྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི༴ བདེན་པ་དང་བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་ཆྒཻ་མོ་ཞེས་བྱ་བ། སོགས་ནས།


TNT02_Page_0970
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་གནོད་སེམས་ཞི་ཞིང་དགེ་བའི་སེམས་དང་ལྡན་པས་དམིགས་ཡུལ་བསྒྲུབ་བྱ་འདིའི་ཐན་འཁོར་དུ་མ་གནས་པར་གཞན་དུ་སོངས་ཤིག གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་དགས་པར་བྱའོ། །གཏོར་མ་ཕྱི་རོལ་ཏུ་དོར་རོལ་མོའི་སྒྲ་བསྒྲགས་གུ་གུལ་གྱིས་བདུག་ཡུངས་ཀར་གྱིས་བྲབས། དེ་ཉིད་ལས་འཕྲོས་པའི་རྡོ་རྗེའི་མེ་དཔུང་སྟེང་དུ་འོག་ཏུ་ལྗང་ཁུ་དང་སྔོན་པོ། ཤར་དང་མེར་ནག་པོ། ལྷོ་དང་བདེན་བྲལ་དུ་དམར་པོ། བྱང་དང་དབང་ལྡན་དུ་དཀར་པོ། ནུབ་དང་རླུང་དུ་སེར་པོ་འབར་ཞིང་རབ་ཏུ་འབར་བའི་རྡོ་རྗེ་རྣམས་ཀྱིས་སེམས་ཅན་རྣམས་ལ་རྣམ་པར་འཚེ་བར་བྱེད་པའི་བདུད་ཀྱི་ཚོགས་ཕྱོགས་བཅུ་ན་གནས་པ་མཐའ་དག་ངེས་པར་བསྲེགས་ནས་བདེ་བ་ཆེན་པོ་ལ་འགོད་པར་བྱའོ། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿཧྲཱཿཧྲཱཿཧྲཱཿཧྲཱཿ སོགས་ནས། ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ནས་རྟེན་བསྐྱེད་


TNT02_Page_0971
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་དམིགས་རྟེན་ཚེ་འདས་༵ཆྒཻ་མོ་ཞེས་བྱ་གསོན་པོའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར། འདོད་རྒྱལ་གྱི་ཕྱག་རྒྱ་བཅས་གོང་བཞིན་ལས། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང༌། སོགས་ནས། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་ཚེ་འདས་ཆྒཻ་མོ་ཞེས་བྱ་བ་ཁམས་གསུམ་གང་ན་གནས་ཤིང་རིགས་དྲུག་གང་དུ་སྐྱེས་སམ་སྐྱེ་གནས་བཞི་གང་དུ་འདུག་ཀྱང་སྐད་ཅིག་ཐང་ཅིག་ཡིད་ཙམ་འདི་ཉིད་ལ་འདིར་མཆིས་པར་གྱུར་ཅིགལན་གསུམ་ལྟུང་བ་སློང་བའི་རྒྱས། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་ཨ་པ་ན་ཡེ་ཧཱུཾ། ཞེས་པས་སྡིག་པ་བཀུག་པ་དང་དྲལ་བའི་ཕྱག་རྒྱས། ཨོཾ་བཛྲ་པཱ་ཎི་བཱི་སྥོ་ཊ་ཡ། སརྦ་ཨཱ་པ་ཡ་བྷནྡྷ་ནི་པྲ་མོ་ཀྵ་ཡ། སརྦ་ཨ་པ་ཡ་ག་ཏི་བྷྱཿ སརྦ་སཏྭ་ནཾ་སརྦ་ཏཱ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ། གསུམ། ཨོཾ་སརྦ་བིད་སརྦ་པཱ་པཾ་བི་ཤོ་དྷ་ནི་ཧཱུཾ་ཕཊ། ཅེས་པས་སྡིག་པ་སྦྱངས། ཨོཾ་སརྦ་བིད་དྲད། ཨོཾ་བཛྲ་བནྡྷ་དྲ་ཐ། ཨོཾ་སརྦ་བིད་བཛྲ་ཨདྷི་ཏིཥྛ་ཛྙཱ་ན་ས་མ་ཡ་ཧཱུཾ།


TNT02_Page_0972
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་སྦྱོངས། དཔྲལ་པར་ཨོཾ། སྙིང་ཁར་ཧཱུཾ། གཙུག་ཏོར་དུ་ཧཾ། ལྟེ་བར་ཧོཿ མགྲིན་པར་ཨཱཿ གསང་བར་ཀྵཿཡིག་གིས་མཚན་པ་གྱུར། སྙིང་པོ་དང་ཐམས་ཅད་རིགས་པའི་རྩ་སྔགས་དང༌། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་ཨཱ་པ་ཡ་བི་ཤྭ་དྷ་ནེ་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨ་ཨཱ་བ་ར་ཎ་ནི་བྷསྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བྷྲཱུཾ་བི་ཤྭ་དྷཱ་ཡ་ཨཱ་བ་ར་ཎ་ནི་བཛྲ་ཧཱུཾ་ཕཊ། ཨོཾ་དྲུཾ་བི་ཤྭ་དྷ་ཡ་ཨཱ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་སརྦ་ཨཱ་བ་ར་ཎ་ནི་བཛྲ་ཧཱུཾ་ཕཊ། ཨོཾ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་སརྦ་ཨཱ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧ་ར་ཧ་ར་སརྦ་ཨཱ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཕཊ་སརྦ་ཨཱ་བ་ར་ཎ་ནི་བི་སྥོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་བི་ཏྲ་བ་བི་ཏྲ་བ་སརྦ་ཨ་པ་ཡ་ཏད་ཏོ་ཎ་ནི་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་པ་རྣམས་དང་གཞན་ཡང་བཟླ་ཞིང་རྫས་ཀྱིས་བྲབས། དེ་ནས་ལག་ལེན་སྤྲོས་པ་ལ་དགའ་ན་དཀྱིལ་འཁོར་ལ་


TNT02_Page_0973
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་གསོལ་བྱ་སྟེ། ཇི་ལྟར་བལྟམས་པ༴ འདི་ནི་ཁྲུས༴ དེ་བཞིན་གཤེགས་པ༴ དེ་དག་སྐུ་ལ༴ ཨོཾ་ཧཱུཾ་ཏྲཾ་ཧྲཱིཿཨཱཿ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱཧཱ། དེ་ནས་དེ་ལ་སོགས་ཀྱིས་གོས་ཟུང་ཕུལ། དེ་ལྟ་བུས་ཁྲུས་ཆུ་དེ་ལ་བུམ་ནང་དུ་བླུག་ནས་རྟེན་ལ་ཁྲུས་བྱ། དེ་ཡང༌། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སོགས་དང༌། ཆུ་བོ་དྲུག་གིས་སོགས་དང༌། སངས་རྒྱས་ཀུན་གྱི་གཟི་བརྗིད་དང༌། །རང་རྒྱལ་དག་གིས་གཟི་བརྗིད་དང༌། །དགྲ་བཅོམ་རྣམས་ཀྱི་མཐུ་དག་དང༌། གསང་སྔགས་འཛིན་པ་ཐམས་ཅད་དང༌། །ཤཱ་རིའི་བུའི་ཤེས་རབ་དང༌། །མོའུ་འགལ་བུ་ཡི་རྫུ་འཕྲུལ་དང༌། །མ་འགགས་པ་ཡི་མིག་དང་ནི། །འོད་སྲུང་སྦྱངས་པའི་ཡོན་ཏན་དང༌། །ཀཽ་དི་ནྱའི་སྔར་ཐོབ་དང༌། །ཀུན་དགའ་བོའི་ཐོས་པ་དང༌། །ཚངས་པ་ཡི་ནི་བྱམས་པ་དང༌། །བརྒྱ་བྱིན་གྱི་ནི་དབང་རྣམས་དང༌། །འཇིག་རྟེན་སྐྱོང་བའི་ཡུལ་རྣམས་དང༌། །དབང་ཕྱུག་ཆེན་པོའི་སྟོབས་དག་དང༌། །སྡེ་དཔོན་རྣམས་ཀྱི་མཐུ་དག་དང༌། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང༌། །དེ་དག་རྣམས་ཀྱི་མཐུ་དང་


TNT02_Page_0974
[མ་དཔེ་གཟིགས་ན་འདིར་གནོན།]

གཟིས། །ཆྒཻའི་དུག་ནི་དུག་མེད་ཤོག །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །སོགས་དང༌། ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་སོགས་བརྗོད། ཚིགས་བཅད་དེ་དག་གི་བར་བར་དུ་སྙིང་པོ་དང་རྩ་རིག་བརྗོད་ཅིང་བུམ་ཆུས་བཀྲུའོ། །མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོངས་པ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པའི་བཀྲ་ཤིས་པ། །དགེ་མཉམ་བསམ་མེད་ལྡན་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །ཨོཾ་ཀཾ་ཀཱ་ནི་སོགས་ནས། སརྦ་ཀརྨ་པ་རཾ་པ་ར་ཎི་མེ་སརྦ་སཏྭ་ནཾ་ཙ་སྭཱཧཱ། སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་ཅིང༌། །ཡང་དག་སྦྱིན་མཛད་འགྲོ་བའི་དོན་ལ་མི་བསླུ་བའི། །རིན་ཆེན་འབྱུང་ལྡན་ཞེས་བྱའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ན་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །ཨོཾ་རཏྣེ་རཏྣེ་མཧཱ་རཏྣེ། རཏྣ་སཱམྦྷ་བེ། རཏྣེ་ཀི་རཏྣེ། རཏྣ་མ་ལ་བི་ཤུདྡྷེ་ཤྭ་དྷ་ཡ་སརྦ་པ་པཾ་ཧཱུཾ་ཕཊ། སེམས་ཅན་ཀུན་གྱི་དོན་ལ་ཐུགས་ནི་རབ་ཏུ་དགོད་མཛད་ཅིང༌།


TNT02_Page_0975
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་མཐའ་དག་འཆིང་བའི་བཅིངས་ལས་གྲོལ་མཛད་པ། །ཐུབ་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །ཨོཾ་ཨཱ་མོ་གྷ་ཨ་པྲ་ཏི་ཧ་ཏ། སརྦ་ཨ་པ་ར་ཎ་བི་ཤྭ་དྷ་ནི་ཧ་ར་ཧ་ར་ཧཱུཾ་ཕཊ། བསམ་གཏན་ཏིང་འཛིན་དམ་པ་རིན་ཆེན་འབྱུང་བའི་གནས། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་པ། །ཚེ་གྲངས་མེད་པར་བྱིན་གྱིས་བརླབས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །ཨོཾ་ཨ་མི་ཏེ་ཨ་མི་ཏོད་བྷ་ཝེ་ཨ་མི་ཏ་སཾ་བྷ་ཝེ། ཨ་མི་ཏ་བི་ཀྲཱན་ཏེ། ཨ་མི་ཏ་ག་མི་ནི་ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀརྨ་ཀླེ་ཤཀྵ་ཡཾ་ཀ་རི་སྭཱཧཱ། རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པ་མཐར་ཕྱིན་པ། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ་ཨ་པ་ར་མཱི་ཏ་པུཎྱེ་ཨ་ཡུར་པུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏི་ཨུ་པ་ཀ་རི་ཎི་


TNT02_Page_0976
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ། སྤྲོ་ཞིང་ནུས་ན། གང་ལ་སེར་སྣ་རྣམ་ཆགས་སོགས་ཡང་པའི་གྲོང་ཁྱེར་དུ་འཇུག་པའི་མདོར་བྱུང་བ་དང༌། དཀྱིལ་འཁོར་གྱི་བཀྲ་ཤིས་བརྗོད། དེ་ནས་དཔལ་དུས་འཁོར་ཡབ་ཡུམ་ལ་ཕྱག་འཚལ་བའི་ཚིགས་བཅད་དང༌། གཙོ་བོའི་རྒྱལ་བ་སོགས་ནས། འཇིགས་ལས་མྱུར་དུ་བསྐྱབ་ཏུ་གསོལ། བར་སྤྱོད་འཇུག་ལས་བྱུང་བ་ལྟར་དང༌། དེ་ནས་དབང་བསྐུར་བའི་མཆོད་ཆོག་ཉེར་མཁོའི་མཎྜལ་ཕུལ། སྐྱེ་རྒ་འཆི་བ་ན་ཀྲ་ཡི། །ཞེས་སོགས་ནས། གཙོ་བོའི་སྤྱན་སྔར་འབུལ་བར་བགྱིའི་བར་དང༌། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་ནས། ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །བར་དང་དབང་བསྐུར་བའོ། །ལོང་སྐབས་མེད་ན། ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤུདྡྷ་ནི་སྭཱཧཱ། སོགས་ནས། འབྲས་བུ་ས་ནི་བདུན་པ་ཐོབ་གྱུར་ཅིག །ཞེས་པའི་བར་ཙམ་བསྐྱུར་ཀྱང་རུང་ངོ༌། །རྟེན་བསྒྲུབ་བྱར་གསལ་བ་ལ། དེ་ལྟར་དབང་བསྐུར་བས་དམིགས་ཡུལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར། པ་ལ་མཆོད་པར་བསམ། ཟས་གོས་སོགས་བསངས་


TNT02_Page_0977
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང༌། གཟི་བརྗིད་ཚད་མེད་སྔགས་ལན་བདུན་གྱིས་བསྔོས། ཁ་དོག་དབྱིབས་ལེགས་སོགས་ཀྱི་ཚིགས་བཅད་ལ། དུས་ཀྱི་འཁོར་ལོའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་ཀཱ་ལ་ཙཀྲ་རཱུ་པ་ཀ་མ་གུ་ཎ་སོགས་སྔགས་བསྒྱུར། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང༌། ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་ཡེ་ཤེས་ཆེན་པོའི་དབྱིངས་སུ་སྦྱངས་བར་གྱུར། དུས་འཁོར་སྙིང་པོ་དང༌། རྩ་རིག་ལན་གསུམ་གྱིས་མེ་སྦར་ཞིང༌། སྟོང་ཉིད་ཡེ་ཤེས་འབར་བའི་མེ། །ཚེ་འདས་སྒྲིབ་པའི་བུད་ཤིང་དང༌། །འཁོར་བའི་སྡུག་བསྔལ་མ་ལུས་པ། །ཡེ་ཤེས་སྣང་བར་འབར་གྱུར་ཅིག །ཕུང་པོ་དྲུག་གི་བུད་ཤིང་ལ། །རྒྱལ་བ་རིགས་དྲུག་མེ་སྦར་རོ། །ཁམས་རྣམས་ལྔ་ཡི་བུད་ཤིང་ལ། །རྡོ་རྗེ་མ་ལྔའི་མེ༴ ལས་རླུང་བཅུ་ཡི་བུད་ཤིང་ལ། །ནུས་མ་བཅུ་ཡི་མེ༴ དབང་ཡུལ་དྲུག་གི་བུད་ཤིང་ལ། །སེམས་དཔའ་


TNT02_Page_0978
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མའི་མེ༴ ལས་དབང་ཡུལ་བཅས་བུད་ཤིང་ལ། ཁྲོ་བོ་ཁྲོ་མོའི་མེ༴ ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བ་སྐུ་གསུམ་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་དུ་སྤྱོད་པ་ཤོག །ལམ་སྦྱངས་པ་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་སོགས་ནས། བགྲོད་པར་ཤོག །ཨོཾ་རཏྣེ་རཏྣེ་མཧཱ་རཏྣེ་རཏྣ་སམྦྷ་བེ་རཏྣེ་ཀི་རཏྣེ་རཏྣ་མཱ་ལ་བི་ཤུདྡྷེ་ཤྭདྷ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ། ལམ་བསྟན་པ་ནི། པདྨ་འདམ་ཀྱྀས་མ་གོས་སོགས་ནས། སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ་པདྨ་སཾ་བྷ་བེ་མཧཱ་སུ་ཁ་བ་ཏི་གཙྪན་ཏུ་སྭཱཧཱ། དྲིན་ལན་མཆོད་སྟོད་བྱས་ལ་ཆེད་དུ་བརྗོད་པ་ནི། ཚེ་འདས་དེ་ཉིད་བདེ་བ་ཅན་དུ་སྐྱེས་དེའི་རྒྱུ་རྐྱེན་བརྟགས་པས་སློབ་དཔོན་གྱི་ཆོ་གའི་མཐུ་ཡིན་པར་ཤེས་ནས་འདི་ཉིད་དུ་ལྷག་སྟེ་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ། ཨོཾ་བཛྲ་གནྡྷཾ་སོགས་མཆོད་པ་བཅུ་གཉིས་ཀྱིས་མཆོད། སྟོང་ཉིད་སྙིང་རྗེ་སོགས་ཀྱིས་བསྟོད། ཆེད་དུ་བརྗོད་པ་ནི། ཨེ་མ་སངས་རྒྱས་


TNT02_Page_0979
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ནི། །སྔགས་ཀྱི་བྱིན་བརླབས་ཡ་མཚན་ཆེ། །གང་ཕྱིར་མཚམས་མེད་ལྟུང་བ་ཡི། །སེམས་ཅན་ལྷ་གནས་མྱུར་དུ་སྐྱེས། །ཨེ་མ་ཤཱཀྱ་མགོན་པོ་ཡི། །སངས་རྒྱས་མཛད་པ་ངོ་མཚར་ཆེ། །གང་ཕྱིར་ངན་སོང་ལྟུང་བ་ཡི། །སེམས་ཅན་གློག་བཞིན་མྱུར་དུ་གྲོལ། །སླར་ཡང་བདེ་བ་ཅན་དུ་གཤེགས་པར་གྱུར། །དེ་ནས་རྒྱུད་ལས། སྦྱིན་བསྲེག་གིས་སྦྱངས་བར་གསུང་པ་རྟེན་གང་ཡིན་པ་རྫས་གཅིག་པའི་སྦྱིན་བསྲེག་བྱ་དགོས་པ་དེ་ལྟར་ན། མེ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ངོ་བོར་གྱུར། སྙིང་པོ་དང་རྩ་རིག་མཐར་ཆྒཻ་མོའི། སྡིག་པ་དང་སྒྲིབ་པ་ཐམས་ཅད་ད་ཧ་ན་བྷསྨིན་ཀུ་རུ་སྭཱཧཱ། ཞེས་པ་བདུན་སོགས་བཟླས་ནས་ཏིལ་དང་མིང་བྱང་བསྲེག་གོ །དེ་ནས་དཀྱིལ་འཁོར་གྱི་རྗེས་ཆོག་སོགས་བྱའོ། །དེ་ལྟར་ལྷོ་སྒོའི་ཆོ་ག་རྒྱུད་སྡེ་སྤྱི་ལ་སྦྱར་རུང་བའི་གསང་བ་སྤྱིའི་ཆོ་ག་འདི་ཡང་ཇོ་ནང་སྒྲོལ་མགོན་ཞབས་ཀྱི་གསུངས་རྒྱུན་རིམ་པར་བརྒྱུད་པའི་ངག་རྒྱུན་ལ་གནས་པ་ལྟར་ཀརྨ་ཚེ་དབང་ཀུན་ཁྱབ་ཀྱི་བཀོད་པ་སྟེ། སྙིང་པོ་མཐའ་ཡས་ཀྱིས་ཡི་གེར་ཕབ་པའོ།། །།


TNT02_Page_0980
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བདེ་ཆེན་ཡེ་ཤེས་གཞོན་ནུའི་དཔང་སྡོན་ལ། སྟོང་ཆེན་མཛེས་མའི་གསེར་གྱི་ཆུ་འཛིན་འཁྲིགས། ལྷུན་གྲུབ་བཟུང་འཇུག་ཆོས་སྐུ་ཕྱག་རྒྱ་ཆེར། མཆོག་གི་དང་པོའི་སངས་རྒྱས་དུས་ཀུན་སྐྱོང་། ཤེས་བྱའི་བློ་གྲོས་མཁའ་ལྟར་ཡངས་བ་ལས། །གཞན་ཕན་སྣང་བའི་རྟ་བདུན་འོད་སྟོང་བཞིན། །ཟུཨེ་བ་ན་ཚ་དབང་ཀུན་བྱ་བ་ཞིག་བྱའི། ཐུགས་སྐྱེད་ལས་འཁྲུངས་ལྷོ་སྒོའི་ཆོ་ག་འདི། །པུཥྱེ་ཤྲིས་མི་ཟད་བར་གྱི་གཏེར། བསྐུར་དགེས་མ་གྱུར་འགྲོ་བའི་དོན་བྱེད་ཤོག །འདི་ཡང་པུཎྱེ་ཤྲིས་སྦྱར་བའོ། དགེའོ། །


TNT02_Page_0981
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


TNT02_Page_0982
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཆེན་ཡི་གེ་ལྔ་ལས་དང་པོ་བདག་མེད་གཉིས་ཀྱི་སྒོ་ནས་བསྟོད་པ་ནི། གང་ལ་ཐོག་མཐའ་ཞེས་པ་ཆོས་དབྱིངས་ཡེ་ཤེས་ལ་བསྟོད་པ་ནི་ནམ་མཁའི་ཁམས་ཀྱིས་དངས་མ་རྒྱལ་བ་མི་བསྐྱོད་པའི་རིགས་ལ་བསྟོད་པའོ། སྟོང་ཆེན་ཡི་གེ་གཉིས་སྣང་ཐམས་ཅད་ཡོད་པའི་སྒོ་ནས་བསྟོད་པ་ནི། དུས་དང་སྣ་ཚོགས་ལ་སོགས་པ་ཞེས་པ་བྱ་བ་སྒྲུབ་པའི་ཡེ་ཤེས་ལ་བསྟོད་པ་ནི་ཆུ་ལས་ཀྱི་དངས་མ་རྒྱལ་བ་དོན་ཡོད་གྲུབ་པའི་རིགས་ལ་བསྟོད་པའོ། སྟོང་ཆེན་ཡི་གེ་གསུམ་པ་གསལ་བའི་སྒོ་ནས་བསྟོད་པ་ནི། སྤྲོས་བྱེད་ནུ་མའི་གཟུགས་ཞེས་ཞེན་ཞེས་པ་མཉམ་ཉིད་ཡེ་ཤེས་ཀྱི་བསྟོད་པ་ནི་མེ་ཁམས་ཀྱི་དངས་མ་རྒྱལ་བ་རིན་ཆེན་འབྱུང་ལྡན་གྱི་རིགས་ལ་བསྟོད་པའོ། སྟོང་ཆེན་ཡི་གེ་བཞི་ག་བེད་པའི་སྒོ་ནས་བསྟོད་པ་ནི། དཀར་པོ་འཇིག་རྟེན་གསུམ་གྱི་མགོན་པོ་ཞེས་པ་སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པ་ནི་ཆུ་ཁམས་ཀྱི་དངས་མ་རྒྱལ་བ་སྣང་བ་མཐའ་ཡས་ཀྱི་རིགས་ལ་བསྟོད་པའོ། སྟོང་ཆེན་ཡི་གེ་ལྔ་ལ་ལྷ་སྔགས་ཀྱི་འཕྲིན་ལས་དང་མ་དག་བདེ་སྡུག་གི་རྣམ་པ་ཀུན་ལ་འཇུག་པའི་སྒོ་ནས་བསྟོད་པ་འདི། སེམས་ཙམ་སྔགས་ཀྱི་ངོ་བོ་ཞེས་པ་མེ་ལོང་ལྟ་བུའི་ཡེ་ཤེས་


TNT02_Page_0983
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བསྟོད་པ་ནི་ས་ཁམས་ཀྱི་དངས་མ་རྒྱལ་བ་རྣམ་པར་སྣང་མཛད་ཀྱི་རིགས་ལ་བསྟོད་པའོ། གཉིས་པ་འགྱུར་མེད་དྲུག་ལ་བསྟོད་པ་ནི། ལྔ་པོ་དེ་དང་ངོ་བོ་གཅིག་ཀྱང་རྟེན་གྱི་ལྡོག་ཆ་འཛིན་པའི་སྒོ་ནས་དྲུག་སྟེ། དེ་ཡང་གཅིག་དང་དུ་མ་དག་ཀྱང་ཞེས་པ་ཡེ་ཤེས་ཀྱི་ཁམས་ཏེ་རྒྱལ་བ་རྡོ་རྗེ་སེམས་དཔའི་རིགས་ལ་བསྟོད་པ་སྟེ་ངེས་པའོ།