cover

ཏཱ་ར་ནཱ་ཐའི་གསུང་འབུམ།

པོད། ཆ༽

ཏཱ་ར་ནཱ་ཐ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྒྱུད་རྒྱལ་གཤིན་རྗེ་གཤེད་སྐོར་གྱི་ཆོས་འབྱུང་རྒྱས་པ་ཡིད་ཆེས་ངོ་མཚར།


TNT06_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་རྒྱལ་གཤིན་རྗེ་གཤེད་སྐོར་གྱི་ཆོས་འབྱུང་རྒྱས་པ་ཡིད་ཆེས་ངོ་མཚར་བཞུགས།


TNT06_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ་མཎྜལ་དེ་བ་ཏཱ་བྷྱཿ སེང་གེ་འཕྲོག་བྱེད་སེར་སྐྱ་སོགས། །ཀུན་གྱིས་བཟློག་པར་མི་ནུས་པའི། །གཤིན་རྗེའི་དམག་དཔུང་འཇོམས་པ་པོ། །སངས་རྒྱས་འགྲོ་བའི་བླ་མར་འདུད། །དེ་ཉིད་གདུལ་དཀའ་འདུལ་བའི་ཕྱིར། ཁྲོ་བོའི་རྒྱལ་པོར་སྐུ་བཞེངས་པ། །ཡ་མཱན་ཏ་ཀ་ལ་བཏུད་ནས། །གླེང་བསླང་འཇུག་སྒོ་ཅུང་ཟད་རྩོམ། །འདིར་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་བདག་ཉིད། དམིགས་པ་མེད་པའི་ཐུགས་རྗེ་མཁའ་ལྟར་ཁྱབ་པའི་འཕྲིན་ལས་ཕྱོགས་མེད་དུ་སྒྲུབ་པའི་ཡེ་ཤེས་


TNT06_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་བོ་ནི། བཅོམ་ལྡན་འདས་ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་ཡིན་ལ། དེ་ནི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པ་གཅིག་དུ་འདུས་པ། རྒྱལ་སྲས་ཐུ་བོའི་ཚུལ་བཟུང་ནས། རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་སྒྲུབ་པ། འཕགས་པ་འཇམ་དཔལ་ཉིད་ཁྲོ་བོའི་སྐུར་བཞེངས་པར་ཀུན་ཏུ་གྲགས་པ་ལྟར་ཡིན་ལ། སྔགས་ཀྱི་ཐེག་པ་འདིར་དེ་ལྟ་བུའི་ཚུལ་སྟོན་དང་མཐུན་པར། བྱང་ཆུབ་སེམས་དཔའ་སློབ་པའི་ཚུལ་དུ་བསྒྲུབ་པ་དང༌། གནས་ཚུལ་ལ་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་སྤྱི་གཟུགས་ཡིན་པ་ལྟར། དཀྱིལ་འཁོར་གྱི་དབང་ཕྱུགརིགས་ཀུན་གྱི་ཁྱབ་བདགརྡོ་རྗེ་འཛིན་ཆེན་པོ་ཉིད་ཀྱི་ཚུལ་དུ་བསྒྲུབ་པ་རྣམ་པ་གཉིས་འབྱུང་བ་ལས། རྒྱུད་སྡེ་འོག་མ་རྣམས་སུ་ནི་སྔ་མ་ཤས་ཆེ་ལ། རྣལ་འབྱོར་བླ་ན་མེད་པ་འདིར་ནི་ཕྱི་མ་གཙོ་བོར་གྱུར་པའོ། །འོན་ཀྱང་རྒྱུད་འདི་དག་ཏུ་བཤད་པའི་ཡང་སྒོ་སྐྱོང་ཐོ་བ་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པ་རྣམས་དང༌། རྒྱུད་གཞན་གྱི་ཕྱོགས་


TNT06_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྐྱོང་བའི་ཁྲོ་བོ་ལ་སོགས་པ་ཞོར་བྱུང་གི་སྒྲུབ་ཐབས་རྣམས་ན། བྱང་ཆུབ་སེམས་དཔའི་ཚུལ་དུ་བསྒྲུབ་པ་ཡང་ཐེག་པ་བླ་ན་མེད་པ་འདིར་མང་པོ་ཞིག་བཤད་དོ། །དེ་དག་ལས། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ནང་ཚན། དམར་ནག་འཇིགས་གསུམ་དུ་གྲགས་པ་འདི་རྣམས་ཀྱི་རྒྱུད་དོན་ལ་འཇུག་པའི་སྔོན་དུ་འགྲོ་བ་འདི་ལྟར་ངེས་པར་བྱ། དེ་ལ་ལྔ་སྟེ། རྒྱུད་རྒྱལ་འདི་རྣམས་མཆོག་སྒྲུབ་མིན་པར་འདོད་པའི་ལོག་རྟོག་དགགའདི་རྣམས་རྒྱུད་ཀྱི་སྡེ་ཚན་གར་གཏོགས་ངོས་བཟུང༌། འདི་རྣམས་ཀྱི་བརྗོད་པར་བྱ་བའི་བསྡུས་དོན་བཤད། སྟོན་པས་རྒྱུད་དེ་དག་ཇི་ལྟར་གསུངས་པའི་ཚུལ། དེ་ཉིད་མི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་ལོ། །དང་པོ་ནི། ཟབ་མོའི་མཐར་རྒྱུད་རྒྱལ་འདི་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་སྙམ་ན། ཐེག་པ་སྤྱིའི་དོན་དང༌། མདོ་སྔགས་ཀྱི་དབྱེ་བ་དང༌། རྒྱུད་སྡེ་བཞི་པོའི་སྤྱིའི་རྣམ་གཞག་རགས་པ་ཙམ་གོ་ཟིན་པའི་དབང་དུ་བྱས་ནས་དེའི་རྗེས་ལ་འདི་ལྟར་གོ་བར་བྱ་སྟེ། འོ་སྐོལ་གྱི་སྟོན་པས་རིག་པ་འཛིན་པའི་སྡེ་སྣོད་མཐའ་ཡས་པ་ཞིག་གསུངས་པ་ལས། རྣལ་འབྱོར་བླ་ན་མེད་པ་ནི་མཐར་ཐུག་པ་སྟེ། ལམ་གྱི་རིམ་པ་གང་ལ་དབང་བཞི་དང༌། རིམ་པ་གཉིས་དང༌། དམ་ཚིག་དང༌། བརྟུལ་ཞུགས་དང༌། ཉེ་རྒྱུས་མཚམས་སྦྱོར་བ་རྣམས་མ་ཚང་བ་མེད་པར་སྟོན་ཅིང་གནས་ལུགས་དེ་ཁོ་ན་ཉིད་ཀྱང་ཕྱིན་ཅི་མ་ལོག་པར་རྫོགས་པར་སྟོན་པའི་རྒྱུད་དོ། །དེ་ནི་རང་ཉིད་གང་ལ་དགོངས་ནས་སྟོན་པའི་ཡུལ། ཆེད་དུ་བྱ་བའི་གདུལ་བྱ་དེ་བར་ཆད་གློ་བུར་བ་མ་བྱུང་ན། ཚེ་གཅིག་ལུས་གཅིག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སྦྱོར་ནུས་པས་ཁྱབ་པ་ཡིན་ནོ། །དེའི་ཕྱིར་འདི་ན་ཁ་ཅིག་སྤྱིར་ཡང་བླ་མེད་ཕ་རྒྱུད་ལ་རྫོགས་རིམ་ངེས་པ་སྟོན་དགོས་པ་མིན་སྙམ་པ་དང༌། དགོས་སུ་འཇམ་དཔལ་ཁྲོ་བོའི་རྒྱུད་རྟོག་པ་བདུན་པ་ནི། བྱང་ཆུབ་སྒྲུབ་པ་ལ་བར་ཆད་སེལ་བྱེད་ཀྱི་ཆོས་ཡིན་གྱི། བྱང་ཆུབ་ཐོབ་བྱེད་


TNT06_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མིན་ཟེར་བ་དང༌། སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་འདི་ཡང༌། ཐ་ན་དབང་བཞི་ཡང་དངོས་བསྟན་ལ་གསལ་པོ་མེད་པས་དཔལ་འཛིན་གྱིས་ཀྱང་ཚིག་ཟུར་ལ་སྙད་བཅོལ་ཏེ། དབང་བཞི་པོ་སྟོན་བྱེད་ཙམ་དཀའ་ཚེགས་ཀྱིས་བཙལ་ནས། རྣལ་འབྱོར་བླ་མེད་དུ་སྒྲུབ་དགོས་བྱུང་བ་ཡིན་པས། ནག་པོ་སྐོར་གསུམ་གྱི་དངོས་བསྟན་ལ་རྫོགས་རིམ་མེད་དོ་ཞེས་སྨྲ་བ་ནི། ཆོས་ཀྱི་གནད་གཏན་ནས་མ་གོ་བས། ཆོས་སྤོང་གི་ལས་གསོག་པ་ཁོ་ནར་སྣང་ཞིང༌། རང་དང་བློ་མ་མཐུན་པའི་གྲུབ་མཐའ་བའི་སྡེ་གཞན་འགའ་ཞིགཆོས་འདི་གཙོ་བོར་བྱེད་པ་ལ་བརྙས་ཐབས་སུ་སྣང་ཡང༌། ཁྱེད་ཀྱི་ཚིག་དེ་བདེན་ན། སངས་རྒྱས་ཐོབ་བྱེད་མ་ཡིན་པའི་ཆོས་ངན་པ་ལ། ཁྱེད་རང་ཡང་དབང་བསྐུར་ཉན་བཤད་རྩལ་འདོན་བྱེད་པ་ལྟར་འདུག་པ་ཤིན་ཏུ་བླུན་ཞིང་བྱེད་རྒྱུ་ཟད་པ་ཡིན་ལ། ཡང་འདི་ལ་ཕུགས་ཀྱི་འབྲས་བུ་མེད་ཀྱང་ཆོས་འདི་གཞན་ཚོ་ལ་འདུག་པས། ངེདཀྱང་གྲ་གཤོག་པའི་ཆེད་དུའོ་ཟེར་ན། ཁྱེད་རྣམས་རང་གིས་རང་གི་འདོད་དོན་གསལ་བར་སྨྲས་ཏེ་དེ་ནི་བདེན་ནོ། །དེ་ལྟ་ན་ཡང་འདིར་དཔྱད་དེ། གལ་ཏེ་རྟོག་པ་བདུན་པའི་ལམ་གྱིས་བྱང་ཆུབ་མི་ཐོབ་ན། རྟོག་བདུན་གྱི་བཤད་པ་སྐྱོ་ལུགས་དང༌། མལ་ལུགས་ནི་མཆོག་ཏུ་གྱུར་པའི་ཆོས་སུ་ཁྱེད་རང་འདོད་པ་ཡང་མི་འཐད་དེ། ལས་ཕྲན་ཚེགས་ཙམ་འགྲུབ་དུ་ཟིན་ཡང་མུ་སྟེགས་ཀྱི་ཆོས་དང་མཚུངས་པར་ཐལ་བའི་ཕྱིར་རོ། །ཡང་བྱང་ཆུབ་སྒྲུབ་པའི་བར་ཆད་སེལ་ཞེས་ཟེར་བ་ལ་ཡང་བརྟགས་ན། འདི་ལྟར་བར་ཆད་ཐམས་ཅད་སེལ་བ་ཡིན་ན་ནི། བྱང་ཆུབ་སྒྲུབ་བྱེད་བླ་ན་མེད་པར་འགྱུར་ཏེ། བར་ཆད་ཐམས་ཅད་སྤངས་ནས་བྱང་ཆུབ་མ་ཐོབ་པ་མི་སྲིད་པའི་ཕྱིར་རོ། །ཚེ་འདིའི་ནད་དང་གནོད་བྱེད་དང༌། འཕོངས་པ་སེལ་བ་ཙམ་ལ་བྱེད་ན་ནི། དེ་ཙམ་གྱིས་བྱང་ཆུབ་ཀྱི་བར་ཆད་སེལ་བྱེད་དུ་འཇོག་མི་ཐུབ་ཅིང༌། དེ་


TNT06_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་ནི་སྨན་དང་རྫས་དང་རིག་པ་དང༌། དགྲ་ཐབས་ལ་སོགས་པའི་བློ་གྲོས་ཀྱིས་ཀྱང་ནུས་པས་ན། གྲོང་པའི་སྐྱེ་བོ་རྣམས་དང་ཐུན་མོང་དུ་འགྱུར་བས། འདིར་ཁྱེད་བར་ཆད་སྲུང་བ་དང་འཇོམས་པའི་ཚད་གང་ལ་འཇོགསྐྱེ་བ་ཕྱི་མ་གཅིག་གམ་གཉིས་སུ་སྡུག་བསྔལ་སེལ་བ་ལ་འཇོག་ན་ཡང༌། མུ་སྟེགས་དང་ཐུན་མོང་དུ་འགྱུར་ལ། བདུད་དང་གཤིན་རྗེ་ཐུབ་པ་ལ་འཇོག་ན་ནི། དེ་ལ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེ་དགོས་པས། དེ་ཀ་ལ་བྱང་ཆུབ་ཐོབ་པའི་ཐབས་ཞེས་ཟེར་བ་གོ་དགོས་སོ། ཁྱེད་ཀྱི་གོ་ཡུལ་ན་རྣམ་བཅད་ཀྱི་ཆ་ནས། བར་ཆད་ལ་སོགས་པའི་སྐྱོན་སྤངས་པ་ཡིན་པ་ལ། ཡོངས་གཅོད་ཀྱི་ཆ་ནས་ཡོན་ཏན་མངོན་པར་མ་བསྒྲུབ་པ་ཅིག་སྲིད། མཚན་གཞི་ཆོས་སྐོར་འདི་རྣམས་ཡིན། དཔེ་ཟངས་གཞོང་གི་དྲི་མ་བཀྲུས་ནས་བཅུད་མ་བླུག་པ་དང་འདྲ་སྙམ་པ་ཅིག་འདུག་སྟེ། རིག་གྲས་ཙམ་མ་གཏོགས་ལམ་གྱི་རིམ་པ་དང༌། སྤང་གཉེན་སོགས་ཀྱི་གོ་བ་ཕྱོགས་རེ་ཙམ་ཡང་ཤར་བ་དེར་འདུགདེས་ན་གཉེན་པོ་མ་སྐྱེས་པར་སྤང་བྱ་སྤོང་མི་ཐུབ། ཚོགས་གཉིས་མ་རྫོགས་ན་སྒྲིབ་གཉིས་མི་དག་སྟེ། དཔེར་ན་སྣང་བ་མ་བྱུང་ན་མིན་པ་མི་སེལ་བ་བཞིན་ནོ། །དེས་ན་ཡོངས་གཅོད་དུ་ཡོན་ཏན་སྐྱེས་པ་དང༌། རྣམ་བཅད་དུ་བར་ཆད་ཉེས་སྐྱོན་སེལ་བ་བང་མཉམ་མཆོང་མཉམ་གྱི་ཚུལ་ཡིན་པས། བར་ཆད་སེལ་བྱེད་མཆོག་ཏུ་གྲུབ་ན་ཡོན་ཏན་སྐྱེད་བྱེད་ཀྱང་མཆོག་ཏུ་འགྲུབ་བོ། །དཔལ་འཛིན་གྱིས་ནག་པོའི་རྒྱུད་བླ་མེད་དུ་བསྒྲུབ་པ་ནི་འགའ་ཞིག་གིས་རྒྱུད་སྡེ་འོག་མར་བཀྲལ་བ་འགོག་པའི་ཕྱིར་ཡིན་གྱི། བླ་མེད་ཀྱི་མཚན་ཉིད་མ་ཚང་ཡང༌། རྒྱུད་ཀྱི་ཚིག་ཟུར་ལ་འབྲུ་ལོག་རྒྱབ་ནས་བླ་མེད་དུ་ཁ་བསྒྱུར་ཞིང་བཅོས་པ་ག་ལ་ཡིན། དེ་ལྟར་ཡིན་ན་རྒྱུད་ཀྱང་བླ་མེད་མ་ཡིན་པ་དང༌། སློབ་དཔོན་ཡང་རྫུན་པོ་ཆེར་ཐལ་བར་འགྱུར་བ་ལས། ཁྱེད་རང་ཡང་དེ་འདྲ་


TNT06_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདོད་ལ་རགནག་པོའི་རྒྱུད་དང་རྟོག་བདུན་འདི་དངོས་གནས་བླ་མེད་ཀྱི་རྒྱུད་ཡིན་ན། བླ་མེད་ཀྱི་རྒྱུད་ཀྱི་མཚན་ཉིད་ཚང་དགོས་པ་གཞིར་བཞགབརླན་གཤེར་མེད་ཀྱང་ཆུ་ཡིན་པ་སྲིད་དམ་ཅི། ནག་པོ་སྐོར་གསུམ་གྱི་རྒྱུད་འདི། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཡིན་ཏེ། བསྐྱེད་རིམ་མཚན་ཉིད་དང་ལྡན་པ་སྟོན་པའི་ཕྱིར། རྟགས་མངོན་སུམ་གྱིས་གྲུབ། ཁས་ཀྱང་བླངས་སོ། །ཡང་འདི་སྐད་ཅེས། གང་བསྐྱེད་རིམ་མཚན་ཉིད་ཚང་བ་སྟོན་ན། དངོས་སྦས་གང་རུང་ལ་རྫོགས་རིམ་སྟོན་པས་ཁྱབ། དཔེར་ན་གསང་བ་འདུས་པ་བཞིན། ནག་པོ་སྐོར་གསུམ་གྱི་རྒྱུད་ཀྱང༌། བསྐྱེད་རིམ་རྫོགས་པར་སྟོན་པའི་རྒྱུད་ཡིན་ནོ། །ཞེས་བྱའོ། །སློབ་དཔོན་དཔལ་འཛིན་གྱིས་བཤད་པ་ནི་འགའ་ཞིག་གིས་དགྲ་ནག་གསང་སྔགས་ཕྱི་བར་བཀྲལ། གཙོ་བོ་ཡུམ་ཅན་མི་རུང་བར་འདོད་པ་ལ། ཞལ་ཕྱག་སྟོན་བྱེད་ཀྱི་སྐབས་སུ་མི་གསལ་ཡང༌། གསང་དབང་དང༌། ཤེར་དབང་གི་སྐབས་སུ་གཉིས་སྦྱོར་ཡོད། དེའི་ཕྱིར་གསང་སྔགས་ཕྱི་རྒྱུད་མིན། གཙོ་བོ་ཡུམ་ཅན་དགོས་ཞུ་བ་གླུས་བསྐུལ་ཡོད་པས་སོ། །ཞེས་སྒྲུབ་བྱེད་བཀོད་ནས་ཕ་རོལ་པའི་འདོད་པ་དེ་ལ་གནོད་བྱེད་ཟུར་ཙམ་ཞིག་བསྟན་པ་ཡིན་གྱི། དབང་གོང་མ་དང་རྫོགས་རིམ་འཆད་རྒྱུ་མེད་ནས། སྒྲུབ་བྱེད་གཞན་གྱིས་འཕོངས་པ་ག་ལ་ཡིན། ལར་རྫོགས་རིམ་ལ་སོགས་པའི་མན་ངག་ཟབ་མོ་རྣམས། སློབ་མ་མཆོག་ལ་དུས་སུ་བབ་པ་ན་སྟོན་པར་བྱེད་ཀྱི། གཞན་དང་ཁ་ཤགས་འགྱེད་པའི་རྩོད་པའི་དུས་སུ་ག་ལ་སྨྲ། ཁྱེད་རྣམས་ཉིད་གང་ཡོད་ཁ་རུ་ཁྱེར་བའི་རིགས་འགྲེ་དེ་དཔལ་འཛིན་སོགས་ཆེས་ཆེ་བ་རྣམས་ལའང་སྦྱོར་བ་འདི་ག་སྐྱོན་ཆེ་བར་གདའོ། །དེས་ན་ཕ་རྒྱུད་ཀྱི་གཤེད་སྐོར། གསང་འདུས་སྒྱུ་འཕྲུལ་དྲྭ་བ་སོགས་དང༌། མ་རྒྱུད་ཀྱི་མཉམ་སྦྱོར་སོགས་ལ། རྒྱུད་ཀྱི་དངོས་བསྟན་རྫོགས་རིམ་གསལ་མི་གསལ་གྱི་ཁྱད་པར་མེད་དོ། །ཡང་མི་མཁས་


TNT06_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་གསང་བའི་དེ་ཁོ་ན་ཉིད་ཀྱི། རྣལ་འབྱོར་བསྐྱེད་པ་བསྟན་པ་སྟེ། །རྫོགས་པ་རྣལ་འབྱོར་མ་རུ་དྲན། །ཞེས་པའི་ཚིག་གིས་ཟབ་དོན་རྒྱ་ཆེན་པོ་གཞན་སྟོན་པར་མ་ཤེས་པར། ཕ་རྒྱུད་མ་རྒྱུད་ཀྱི་ཁྱད་པར་སྟོན་པ་ཡིན་ནོ་ཞེས། ཆེན་པོ་གཞན་སུ་ཡང་མི་སྨྲ་བ་ལ། ཁྱེད་རང་རྣམས་ཁོ་ནས་དྲན་བྱུང་གསར་སྐྱེས་ཀྱི་འབྲུ་ལོག་རྒྱབ་པ་དེ་ཀ་རྒྱུ་མཚན་དུ་ཁྱེར་ནས། བསྐྱེད་རིམ་གཙོ་བོར་སྟོན་པ་ཕ་རྒྱུད་དང༌། རྫོགས་རིམ་གཙོ་བོར་སྟོན་པ་མ་རྒྱུད་ཡིན་པས། ཕ་རྒྱུད་ལ་རྫོགས་རིམ་མེད་ཀྱང་ཆོག་གོ་ཞེས་ཁུངས་མེད་བློ་བཟོ་བྱུང་རྒྱལ་དུ་སྨྲ་བས་རྨོངས་པའི་ཚོགས་རྣམས་མགོ་བསྐོར་བར་བྱེད་དེ། དེ་ལ་འདི་སྐད་བྱ་སྟེ། ཕ་རྒྱུད་བསྐྱེད་རིམ་གཙོ་བོར་སྟོན་པས་རྫོགས་རིམ་མེད་ཀྱང་ཆོག་ན། མ་རྒྱུད་རྫོགས་རིམ་གཙོ་བོར་སྟོན་པས་བསྐྱེད་རིམ་མེད་ཀྱང་ཆོག་པར་ཐལ་ལོ། །ཡང་ཁྱེད་རྣམས་ཕ་རྒྱུད་ལས་རྫོགས་རིམ་རྒྱས་པར་མི་སྟོན་ཅེས་པ་དང༌། གསང་འདུས་ལས་རྫོགས་པར་སྟོན་ཟེར་བ་ཡང་འགལ། ཡང་དེ་སྐད་སྨྲ་བཞིན་དུ་གསང་འདུས་ཀྱི་དེ་མི་ཟབ་པའི་རྫོགས་རིམ་ཡིན། མ་རྒྱུད་དང་ཀྱཻ་རྡོར་གྱི་དེ་ཤིན་ཏུ་ཟབ་པའི་རྫོགས་རིམ་ཡིན་ཟེར་བ་ཡང་དེ་མ་ཐག་ཏུ་ཤིན་ཏུ་ནང་འགལ་ཏེ། མི་ཟབ་པའི་རྫོགས་རིམ་ནི། རྫོགས་རིམ་མ་ཡིན་པའི་ཕྱིར་དང༌། དབྱེ་བ་དེ་ལྟར་འབྱེད་པ་ནི། རྫོགས་རིམ་རང་ཡང་ངོས་མ་ཟིན་པའི་བསླབ་ཅོལ་དུ་འདུག་པའི་ཕྱིར་རོ། །ཡང་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་ཐོབ་ཐང་ལ་རྫོགས་རིམ་མེད་ཚུལ་འབད་ནས་སྨྲས་ཟིན་པའི་རྗེས་སུ། སྐྱོ་བ་རྣམས་ཞུ་བའི་བསམ་གཏན་དང༌། མཚན་མོ་རྒྱུ་བའི་རྫོགས་རིམ་དུམ་ཙམ་འཆད་པ་འདི། རེ་ལེགས་ཞིག་འདུག་གོ་ཟེར་བ་འདི་ནི་བརྟད་མེད་ཀྱི་སྨྱོན་གཏམ་སྟེ། ཐོབ་ཐང་ལ་མེད་པ་ཞིག་སྨྲས་པ་དེ། ལེགས་པོར་འགྲོ་བ་བཞད་གད་ཀྱི་གནས་ཡིན་པའི་ཕྱིར་དང༌། རྫོགས་རིམ་གྱི་བཤད་པ་སྐྱོ་བའི་ལུགས་དེ་ལེགས་ན།


TNT06_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ་གྱི་བཤད་པ་གཞན་བྱས་པ་ལའང་མི་ལེགས་པའི་རྒྱུ་མཚན་ཅི། མན་ངག་གི་སྦས་བཤད་དུ་ནི་དེ་དག་ཀྱང་འདོད་ཅིང༌། རྒྱུད་ཀྱི་དངོས་བསྟན་ནི་ཅིག་ཤོས་ཀྱང་མ་ཡིན་པའི་ཕྱིར་རོ། །སྐྱོ་བས་ཞུ་བའི་བསམ་གཏན་རྫོགས་རིམ་དུ་བཀྲལ་བའི་རྫོགས་རིམ་ནི་གཏུམ་མོ་འཁོར་ལོ་བཞི་པ་ཡིན་ལ། དེ་ནི་ཁྱེད་ཀྱི་ལུགས་ལ་ཟབ་མོའི་རྫོགས་རིམ་དུ་འདོད་ཅིང༌། ཡང་ཁྱེད་ཀྱི་ཕ་རྒྱུད་ལ་སྤྱིར་རྫོགས་རིམ་དགོས་རྒྱུ་ཆུང་ཞིང༌། དགོས་སུ་ཟབ་མོའི་རྫོགས་རིམ་མི་ཡོང་ཞེས་སྨྲས་ཟིན་ལ། འཇིགས་བྱེད་ཀྱི་རྒྱུད་ཕ་རྒྱུད་དུ་ཡང་འདོད་པས། འགལ་འདུའི་ཕུང་པོ་འདི་འདྲ་བ་ཇི་ལྟ་བུ་ཡིན། ཁྱེད་རྣམས་ཉིད་ཀྱིས་སོམས་ཤིགནམ་ཞིག་ན་ཁྱེད་རང་རྣམས་ཀྱི་རང་ཚུལ་གོ་བར་འགྱུར་རམ་སྙམ། གཞན་གྱིས་སྨྲས་ན་ནི་ཁྱེད་ལ་ཞེ་སྡང་མི་བཟད་པ་འབར་བར་འགྱུར་རོ། །གཉིས་པ་ནི། འདི་ལྟར་ངེས་པ་བྱ་སྟེ། བླ་མེད་ཀྱི་རྒྱུད་སྡེ་གང་ལ། ལྷ་ཡབ་ཀྱི་སྔགས་དང༌། དཀྱིལ་འཁོར་དང༌། ལས་ཚོགས་ཁོ་ན་གཙོ་བོར་སྟོན་པ་དེ་ནི་ཕ་རྒྱུད་ཡིན་ལ། དེར་མ་ཟད་ལྷ་ཡུམ་རྣམས་ཀྱི་ཡང་སྔགས་དང་དཀྱིལ་འཁོར་དང་ལས་ཚོགས་རྩལ་དུ་འདོན་པ་ཡང་ཡོད་པ་ནི་མ་རྒྱུད་ཡིན་ནོ། །དེ་ཡང་དོན་ཐབས་ཤེས་གཉིས་ལ། རྒྱུད་སྡེ་དེ་གཉིས་ཀྱིས་བགོ་བཤའ་བྱས་པ་ལྟ་བུ་ནི་མ་ཡིན་ཏེ། རྣལ་འབྱོར་མ་རྒྱུད་ཕལ་ཆེ་བ་ལས་ཀྱང་ཐབས་ཀྱིས་ལྷ་སྔགས་སྦྱོར་གསུམ་ཡང་རྩལ་དུ་འདོན་པའི་ཕྱིར་རོ། །དེས་ན་ཐབས་རྒྱུད་ལ་ཡབ་ཁོ་ན་རྩལ་དུ་འདོན་པས་ཁྱབ། མ་རྒྱུད་ལ་ནི་གདན་བཞིའི་བསྡུས་རྒྱུད་འདི་ལྟ་བུ། ཡུམ་ཁོ་ན་རྩལ་དུ་འདོད་པའང་ཡོད་མོད། ཕལ་ཆེར་ལས་གཉིས་ཀ་རྩལ་དུ་འདོན་ནོ། །དེས་ན་ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་མིང་ཁྱད་པར་ཅན་ལ་ཐོབ་སྟེ། རྣལ་འབྱོར་མ་རྒྱུད་ཅེས་བྱ་བ་ནི། གནས་གཞིའི་མོ་གཡེན་ཟེར་བ་དང་འདྲའོ། །སྟོང་ཉིད་སྙིང་རྗེའམ། བསྐྱེད་


TNT06_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སམ། སྒྱུ་ལུས་འོད་གསལ་ལམ། བསོད་ནམས་ཡེ་ཤེས་སམ། བདེ་སྟོང་གསལ་སྟོང་སོགས་ཀྱི་སྒོ་ནས། ཕ་མའི་རྒྱུད་ཀྱི་དབྱེ་བ་མི་རུང་སྟེ། གཉིས་ཀས་ཀྱང་དེ་ཐམས་ཅད་སྟོན་པར་མཚུངས་པའི་ཕྱིར་རོ། །འོ་ན་ཕ་རྒྱུད་ལ་ནི་རྣལ་འབྱོར་ཆེན་པོ་ཞེས་བྱ་ལ། རྣལ་འབྱོར་བླ་ན་མེད་པ་ནི་མ་རྒྱུད་ཀྱི་མིང་མ་ཡིན་ནམ། ཅིའི་ཕྱིར་ཐབས་རྒྱུད་བླ་མེད་དུ་འཇོག་སྙམ་ན། ཕ་རྒྱུད་མ་རྒྱུད་དོན་གྱི་འགངས་འདྲ་ཡང༌། ཁྱད་པར་ཅན་གྱི་བྱིན་རླབས་འཇུག་ཚུལ་འགའ་ཞིགམ་རྒྱུད་ལ་ལྷག་པོར་ཡོད་པར་བསམས་ནས། རྒྱུད་སྡེ་ལྔ་འདོད་པ་ལ་སོགས་པའི་འདོད་ཚུལ་ལྟར་ན་དེ་བཞིན་ཡིན་མོད་ཀྱི། རྒྱུད་སྡེ་བཞིར་ཕྱེ་བའི་བླ་མེད་ཀྱི་དབང་དུ་བྱས་ན། གསང་སྔགས་ནང་རྒྱུད་ཐམས་ཅད་ལ་རྣལ་འབྱོར་བླ་མེད་ཅེས་བྱའོ། །དེ་ལ་འདི་གོ་དགོས་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དེ་ནས་ཡང་དག་བཤད་བྱ་བ། །འདོད་ཆགས་ཐབས་ཆེན་པོ་ཡི་རྒྱུད། །གང་གིས་ལེགས་པར་ཤེས་ནས་ནི། །ཚེ་འདིར་དངོས་གྲུབ་སྦྱིན་པར་བཤད། །གསང་བ་འདུས་པ་སྟོང་ཕྲག་གཅིག །རྡོ་རྗེ་འཕྲེང་བ་འབུམ་ཕྲག་གསུམ། །དགོངས་པ་ལུང་སྟོན་སྟོང་ཕྲག་བཞི། །ལྷ་མོ་བཞིས་ཞུས་བརྒྱ་བདུན་བཅུ། །ཕྱི་མའི་རྒྱུད་ལ་ཉིས་བརྒྱ་བརྒྱད། །དེ་ཡི་ཉེ་བར་བཤད་པའི་རྒྱུད། །དམ་ཚིག་ཆེན་པོ་ལྔ་བཅུ་ལྔ། །རྡོ་རྗེ་ལྔ་འདུས་སྟོང་ཕྲག་གཅིག །ཀུན་ལས་བཏུས་པ་འབུམ་ཕྲག་གཅིག །མཉམ་ཉིད་རྣམ་རྒྱལ་ཉིས་བརྒྱ་བཅུ། །ཟླ་བཟང་ཐིག་ལེ་སྟོང་བདུན་བརྒྱ། །རྡོ་རྗེ་ས་འོག་བརྒྱ་ཉི་ཤུ། །ཅོད་པན་རྡོ་རྗེ་བདུན་བརྒྱ་ལྔ། ཁྲོ་ཟླ་ཐིག་ལེ་འབུམ་ཕྲག་ལྔ། །རྡོ་རྗེ་རྣམ་རྒྱལ་དགུ་བརྒྱ་བརྒྱད། །མཉམ་ཉིད་གསང་བ་སྟོང་ཕྲག་ལྔ། །རྡོ་རྗེ་གསང་རྒྱན་སྟོང་ཕྲག་ལྔ། །རྡོ་རྗེ་གསང་མཛོད་སྟོང་ཕྲག་བདུན། །ནོར་བུ་གསང་ཐིག་འབུམ་ཕྲག་གཅིག །སྣང་མཛད་སྒྱུ་འཕྲུལ་སྟོང་དང་བརྒྱ། །རྡོ་རྗེ་སྙིང་རྒྱན་སྟོང་ཕྲག་


TNT06_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །རྡོ་རྗེ་ཐོད་པ་ཉིས་བརྒྱ་བརྒྱ། །དེ་ཉིད་བརྒྱ་སྟོང་བརྒྱ་སྟོང་བདུན། །དམ་ཚིག་མངོན་རྒྱན་སྟོང་ཕྲག་གསུམ། །འཇམ་དཔལ་དཔའ་བོ་འབུམ་ཕྲག་གཅིག །གསང་ཆེན་བསྡུས་པ་བརྒྱ་ལྔ་བཅུ། །རིན་ཆེན་སྡོང་པོ་དགུ་བརྒྱ་བདུན། །དུས་ཀྱི་ཐིག་ལེ་བརྒྱ་བརྒྱད་བཅུ། །ལྷ་མོ་བསྟན་བཅོས་ལྔ་བརྒྱ་བདུན། །འདི་རྣམས་དགོས་པའི་བྱེ་བྲག་གིས། །ང་ཡིས་ཡང་དག་བསྟན་པར་བྱས། །འདི་ནི་གཉིས་གཉིས་འཁྱུད་པ་ཡིས། །རྒྱུད་ཀྱི་དབྱེ་བ་བསྟན་པའོ། །དེ་བཞིན་དུ་ནི་ལག་བཅངས་དང༌། །རྒོད་དང་ལྟས་པའང་ཤེས་པར་བྱ། །དེ་བཞིན་ཞེ་སྡང་གཏི་མུག་གི ། རྒྱུད་རྣམས་ཀུན་ཀྱང་ཤེས་པར་བྱ། །མཁའ་འགྲོ་མ་ཡི་རྒྱུད་ཀུན་ཡང༌། །འདི་ཡི་རིམ་པས་ཤེས་པར་བྱ། །ཞེས་གསུངས་ཏེ། ཡང་འདིར་གྲངས་ཚད་བཤད་པ་རྣམས་ནི། རྒྱུད་ཀྱི་རྐང་གྲངས་སྟོན་པ་ཡིན་གྱིས། ཤླཽ་ཀའི་གྲངས་མ་ཡིན་ཏེ། འདིར་གསང་བ་འདུས་པ་སྟོང་ཕྲག་གཅིག་ཏུ་བཤད་ལ་ད་ལྟའི་རྩ་རྒྱུད་བསྡུས་པ་གཅིག་པོ་རང་ལ་ཡང་ཤླཽ་ཀ་སྟོང་དང་བརྒྱད་བརྒྱ་ཡོད་པས་སོ། །ཞེས་མཁས་མཆོག་དག་གསུང་སྟེ། ཤླཽ་ཀའི་གྲངས་མ་ཡིན་པ་ནི་ཅིས་ཀྱང་འཐད་ལ། ཨུད་ཏ་ར་ཏན་ཏྲའམ་ཕྱི་མའི་རྒྱུད་ནི། རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱི་མ་ཞེས་བྱ་བ་ལོགས་པ་ཞིག་ཡིན་ཏེ། འདི་ནས་བཤད་པའི་རྟ་མགྲིན་ལྷ་ལྔའི་སྒྲུབ་ཐབས་ཞིག་སྒྲུབ་ཐབས་རྒྱ་མཚོ་ནའང་ཡོད་ལ། རྒྱུད་འདི་སྔ་མོ་ཞིག་ནས་བོད་དུ་འགྱུར་འདུག་ནའང༌། རྒྱུད་འབུམ་ཕལ་ཆེར་དུ་མ་ཆུག་གོ །ཀུན་ལས་བཏུས་པ་ཞེས་པ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའོ། །མཉམ་ཉིད་རྣམ་རྒྱལ་ནི་གཉིས་མེད་རྣམ་རྒྱལ་ལོ། །རྡོ་རྗེ་ཕྲེང་བ་སོགས་གསང་འདུས་ཀྱི་བཤད་རྒྱུད་ཡིན་ཞེས་གྲགས་ན་ཡང༌། འཕགས་སྐོར་བའི་ལུགས་ལ་དེ་དག་བཤད་རྒྱུད་དུ་སྦྱོར་བ་ཡིན་མོད། གསང་འདུས་ཀྱི་བཤད་རྒྱུད་ཡིན་ན།


TNT06_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་འདུས་པ་སྟོང་ཕྲག་གཅིག་གི་ནང་དུ་འདུ་དགོས་པ་ལས། དེ་དག་རྒྱུད་སྡེའི་རྣམ་གྲངས་སོ་སོར་བགྲངས་པའི་ཕྱིར། གདོད་ནས་བཤད་རྒྱུད་དུ་གྲུབ་པ་ནི་མ་ཡིན་ཏེ། ཆ་མཐུན་གྱི་རྒྱུད་ཙམ་མོ། །འོ་ན་དགོངས་པ་ལུང་སྟོན་ནི། གསང་འདུས་རྩ་རྒྱུད་ཀྱི་ཚིག་འགྲེལ་དུ་མངོན་སུམ་ཉིད་དུ་གྲུབ་པའི་ཕྱིར། ཅིའི་ཕྱིར་གསང་འདུས་ཀྱི་བཤད་རྒྱུད་མ་ཡིན་སྙམ་ན། ད་ལྟར་རྒྱ་བོད་གཉིས་ན་ཡོད་པའི་དགོངས་པ་ལུང་སྟོན། འདི་ཁོ་ནའི་དབང་དུ་བྱས་ན། འདུས་པའི་བཤད་རྒྱུད་དུ་མི་འགལ་ཡང༌། རྒྱུད་དེ་ཡོངས་རྫོགས་ཡོད་པའི་དབང་དུ་བྱས་ན། མཚན་དང་མཐུན་པར་རྒྱུད་གཞན་ཇི་སྙེད་པ་ཞིག་ལའང༌། གསང་འདུས་ལ་ཡོད་པ་བཞིན་དུ་དགོངས་བཤད་མང་པོ་ཡོད་པ་དང༌། གཞན་ལ་མ་ལྟོས་པར་རང་རྐང་ཚུགས་པའི་ལྷ་སྔགས་ཆོ་ག་རྣམས་ཡོད་པར་སྣང་བས། རྒྱུད་དེ་ཡོངས་རྫོགས་ཀྱི་དབང་དུ་བྱས་ན། རང་རྐང་ཚུགས་པ་ཡིན་གྱི། རྒྱུ་གཞན་ཉེ་ཚེ་བ་གཅིག་ཁོ་ནའི་བཤད་རྒྱུད་ཡིན་ཞེས་བརྗོད་དུ་མི་རུང་ངོ༌། །རྡོ་རྗེ་ས་འོག་ཀྱང་ད་ལྟར་འགྱུར་བ་འདི་མ་ཡིན་ཏེ། ད་ལྟའི་འདི་ཀྲི་ཡ་ཡིན་ལ། འདིར་བཤད་པ་ནི་གཉིས་སྦྱོར་གྱི་རྒྱུད་ཅིག་ཡིན་དགོས་པས་སོ། །རྡོ་རྗེ་སྙིང་རྒྱན་དང༌། གསང་རྒྱན་དང༌། ནོར་ཐིག་གསུམ་པོའང་འདིར་གཉིས་སྦྱོར་གྱི་རྒྱུད་དུ་བཤད་པས། རྣལ་འབྱོར་གྱི་རྒྱུད་མིན་ནོ། །འཇམ་དཔལ་དཔའ་བོ་ཞེས་པ་ལ་དཔའ་བོ་ནི་ཁྲོ་བོའི་མིང་སྟེ། གཤིན་རྗེ་གཤེད་ཀྱི་རྒྱུད་དོ། །དེ་ལྟར་ན་འདི་དག་འདོད་ཆགས་ཀྱི་རྒྱུད་ཡིན་ཞིང༌། དེའི་ནང་ནས་ཀྱང་གཉིས་སྦྱོར་ལམ་བྱེད་དེ། རྒྱུད་སྡེ་བཞི་ལས་བླ་མེད་ཡིན་ལ། དེ་བཞིན་དུ་ལག་བཅངས་ཀྱི་རྒྱུད་རྣལ་འབྱོར་གྱི་རྒྱུད་དང༌། རྒོད་པའི་རྒྱུད་སྤྱོད་རྒྱུད་དང༌། ལྟས་པའི་བདེ་བ་ལམ་བྱེད་ཀྱི་རྒྱུད་བྱ་རྒྱུད་ལ་


TNT06_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་འདོད་ཆགས་ཀྱི་རྒྱུད་ཡིན་ལ། དེ་བཞིན་དུ་ཞེ་སྡང་གི་རིགས་ཀྱི་རྒྱུད་དང༌། གཏི་མུག་གི་རིགས་ཀྱི་རྒྱུད་ཀྱང༌། རྒྱུད་སྡེ་བཞི་ཀར་ལ་ཡོད་པ་ཤེས་པར་བྱ་ཞིང༌། མཁའ་འགྲོ་མ་སྟེ་ལྷ་མོའི་རྒྱུད་ཀུན་ཡང་གོང་དུ་བཤད་པ་འདིའི་རིམ་པས་རྒྱུད་སྡེ་བཞི་ཅར་ལའང་ཡོད་ལ། མ་རྒྱུད་དེ་རེ་རེ་ལའང་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཡོད་པར་ཤེས་པར་བྱའོ། །ཆགས་ཆེན་གྱི་རྒྱུད་རྣམས་ཚེ་གཅིག་ལ་དངོས་གྲུབ་སྟེར་བྱེད་ཡིན་གསུངས་པས། གཞན་གཉིས་ལའང་གོ་བར་བྱ་སྟེ། ཚིག་དེ་ཐོག་མའི་གསལ་བྱེད་དུ་འགྱུར་བས་སོ། །དེ་ལྟར་ན་འདིའི་གྲུབ་དོན་ལ། ཚེ་གཅིག་ལུས་གཅིག་ལ་ལམ་བསྒོམས་པས་དངོས་གྲུབ་ཐོབ་པར་ནུས་པ་ནི། སྔགས་ཀྱི་ཐེག་པ་མཐའ་དག་ཡིན་ཅིང༌། དེ་ཐམས་ཅད་ལ་སྤྱིར་འདོད་ཆགས་ལམ་བྱེད་ཡོད་པ་འབའ་ཞིག་ཡིན་ཀྱང་གཙོ་ཆེ་ཆུང་གི་དབང་དུ་བྱས་ནས། ཆགས་སྡང་གཏི་མུག་གི་རིགས་གསུམ་དུ་དབྱེ་ཞིང༌། དེ་གསུམ་དུ་འདུས་ཀྱང་འདུས་པ་ཡིན་ནོ། །རྒྱུད་སྡེ་བཞི་ཀར་ལ་ཕ་རྒྱུད་མ་རྒྱུད་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཡོད། བརྒྱད་པོ་ཐམས་ཅད་ལ་ཆགས་སྡང་གཏི་མུག་གི་རིགས་གསུམ་གྱིས་ཕྱེ་བས། རྒྱུད་སྡེ་ཉི་ཤུ་རྩ་བཞིར་འགྱུར། དེའི་ནང་ནས་བླ་མེད་ཐབས་རྒྱུད་འདོད་ཆགས་ཀྱི་རིགས་ནི་གསང་བ་འདུས་པ་ནས། ལྷ་མོའི་བསྟན་བཅོས་ཀྱི་བར། སྡེ་ཚན་ཉེར་བརྒྱད་པོ་འདི་དག་ཡིན་ཞིང༌། ཉེར་བདུན་པོ་ནི། འདུས་པ་ལ་མངོན་དུ་ཕྱོགས་ཤིང་དེའི་ཆ་མཐུན་པའོ། །ཞེས་པའོ། །དེ་ལྟར་ན་ཁ་ཅིག་ཕ་རྒྱུད་ཀྱི་དབྱེ་བ་ལ་སྡེ་གསུམ་ཁོ་ན་དགོས་པ་དང༌། མ་རྒྱུད་ཀྱི་དབྱེ་བ་སྒོ་དྲུག་ཁོ་ན་དགོས་ཟེར་བ་དང༌། ཕ་རྒྱུད་ལ་རིགས་ལྔའི་རྒྱུད་ཀྱི་དབྱེ་བ་མེད་ཅེས་པ་དང༌། རིན་ཆེན་པདྨ་ལས་རིགས་གསུམ་གྱི་རྒྱུད་མེད་


TNT06_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བ་དང༌། རྣམ་སྣང་སྒྱུ་དྲྭ་གཏི་མུག་གི་རིགས་ཡིན་ཟེར་བ་དང༌། གཤིན་རྗེ་གཤེད་དམར་ནག་ཞེ་སྡང་གི་རིགས་ཡིན་ཟེར་བ་རྣམས་ནི་རྒྱུད་ཚིག་འདིས་ཤིན་དུ་བཀག་པ་ཡིན་ཏེ། མ་རྒྱུད་ལ་ཡང་རིགས་གསུམ་གྱི་དབྱེ་བ་བཤད་པ་དང༌། ཕ་རྒྱུད་ལ་རིན་ཆེན་རིགས་རིན་ཆེན་སྡོང་པོ་དང༌། ལས་ཀྱི་རིགས་དམ་ཚིག་ཆེན་པོ་དང༌། དམ་ཚིག་མངོན་མཁྱེན་གསལ་བར་གསུངས་པའི་ཕྱིར་དང༌། རྡོ་རྗེ་ལྔ་འདུས་ཞེས་གསུངས་པས་འདི་ནི་རིགས་ལྔ་འདུས་པ་ཡིན་ལ། དེའི་ཤུགས་ལ་གཞན་རྣམས་རིགས་ལྔ་སོ་སོ་བ་ཡིན་པར་ངེས་པར་འགྱུར་བའི་ཕྱིར་དང༌། ཟླ་གསང་ཐིག་ལེ་ཡང་རྡོ་རྗེ་སེམས་དཔའི་རིགས་སུ་མངོན་སུམ་གྱིས་གྲུབ་པས། ཕ་རྒྱུད་ལ་ཡང་རིགས་དྲུག་གི་དབྱེ་བ་གསལ་བར་ཐོན་པའི་ཕྱིར་རོ། །གཞན་ཡང་པདྨ་འབར་བའི་རྒྱུད་ཆེན་པོ་ཕ་རྒྱུད་པདྨའི་རིགས་སུ་ཀུན་ཏུ་གྲགས་ལ། དེའི་དུམ་བུ་རིགས་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་པ་ནི་ཕ་རྒྱུད་ཀྱང་ཡིན་ལ་པདྨའི་རིགས་ཡིན་པ་ཡང་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་སྣང་སྒྱུ་དྲྭ་དང༌། གཤིན་རྗེ་གཤེད་དམར་ནག་གི་རྒྱུད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་བྱ་བའི་རྒྱུད་གཉིས་པོ་འདི་དགའདོད་ཆགས་ཀྱི་རིགས་ཀྱི་རྒྱུད་དུ་གསལ་བར་གསུངས་པའི་ཕྱིར་དང༌། སྒྱུ་དྲྭ་དང་དམར་ནག་དེ་གཉིས་ནི། ཚིག་དོན་གཉིས་ཀར་གྱི་ཕྱོགས་ནས་གསང་འདུས་དང་ཤིན་ཏུ་འདྲ་བར་དངོས་སུ་གྲུབ་པའི་ཕྱིར་ཡང༌། གསང་འདུས་ཆགས་རྒྱུད་ཡིན་ན་དེ་དག་ཀྱང་ཡིན་དགོས་པའི་ཕྱིར་རོ། །ཡང་རྣམ་སྣང་གཏི་མུག་དག་པ་དང༌། གཤིན་རྗེ་གཤེད་ཁྲོ་བོ་ཡིན་པས་རིགས་དེ་དང་དེར་འགྱུར་སྙམ་ན། གསང་འདུས་ཀྱང་ཞེ་སྡང་གི་རིགས་སུ་ཐལ་བར་འགྱུར་ཏེ། མི་བསྐྱོད་པ་ཞེ་སྡང་དག་པའི་ལྷ་ཡིན་པའི་


TNT06_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང༌། ཡང་ན་ཆགས་སྡང་གཉིས་ཀའི་རིགས་སུ་ཐལ་བར་འགྱུར་ཏེ། དཀྱིལ་འཁོར་གྱི་ལྷ་ལ་ཞི་ཁྲོ་གཉིས་ཀར་ཡོད་པའི་ཕྱིར་རོ། །དེས་ན་འདོད་ཆགས་ཀྱི་རིགས་གཅིག་པུ་ལའང་རྒྱལ་བ་རིགས་ལྔའམ་དྲུག་གི་དབྱེ་བ་ཡོད་ཅིང༌། དེའི་རིགས་པས་གཞན་གཉིས་ལའང་ཡོད་དུ་རུང་ངོ༌། །དེས་ན་དུག་གསུམ་ལམ་བྱེད་ཀྱི་དབྱེ་བའི་སྐབས་འདིར། ལྷ་སྐུ་ཞི་ཁྲོའི་རྣམ་འགྱུར་དང༌། རིགས་ལྔ་ལས་གང་དུ་གཏོགས་པའི་སྒོ་ནས་མི་འཇོག་གི གདུལ་བྱའི་བསམ་པ་དང་མཐུན་པའི་ལམ་སྟོན་ཚུལ་ཅུང་ཟད་ཙམ་མི་འདྲ་བའི་སྒོ་ནས་འཇོག་སྟེ། དེ་ཡང་ལས་དང་པོ་པ་འཇུག་སྒོའི་ལམ་གྱི་སྐབས་སུ་མི་འདྲ་བ་ཡིན་གྱི། ཡེ་ཤེས་ལ་དབང་བ་ནས་གཟུང་མི་འདྲ་བ་ཡེ་མེད་ཅིང༌། དེའི་སྔོན་ཡེ་ཤེས་ཕེབས་པ་ནས་ཀྱང་ཕལ་ཆེར་མཚུངས་པར་འགྱུར་རོ། །དེ་ལྟར་ན་བྱ་རྒྱུད་དང་རྟོག་པའི་རྒྱུད་སོ་སོར་ཕྱེ་བའི། རྒྱུད་སྡེ་ལྔ་ལྟར་ན་རྣལ་འབྱོར་ཆེན་པོ་དང༌། རྣལ་འབྱོར་ཕ་མ་སོ་སོར་ཕྱེ་བའི་རྒྱུད་སྡེ་ལྔ་ལྟར་ན། རྣལ་འབྱོར་བླ་མའི་རྒྱུད་དང༌། ཀུན་ཁྱབ་ཡོངས་སུ་གྲགས་པའི་རྒྱུད་སྡེ་བཞི་ལྟར་ན། རྣལ་འབྱོར་བླ་མེད་ཀྱི་ནང་ཚན་ཐབས་ཀྱི་རྒྱུད་འདི་ལ། འདོད་ཆགས་ཀྱི་རིགས་ཀྱི་རྒྱུད་དང༌། གཏི་མུག་གི་རིགས་དང༌། ཞེ་སྡང་གི་རིགས་ཏེ་གསུམ་མོ། །དང་པོ་ནི། དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་དང༌། རྡོ་རྗེ་འཕྲེང་བ་དང༌། རྡོ་རྗེ་སྙིང་རྒྱན་དང༌། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང༌། རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱི་མ་དང༌། རིགས་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་པ་རྣམས་རང་དབང་ཅན་གྱི་རྒྱུད་ཡིན་ལ། དགོངས་པ་ལུང་སྟོན་དང༌། ལྷ་མོ་བཞིས་ཞུས་དང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རྣམས་ནི་སྤྱིར་ཡོངས་སུ་ཚང་བ་ཡོད་ན། རང་རྐང་གི་རྒྱུད་ཡན་ལག་ཡོངས་སུ་རྫོགས་པ་ཡིན་མོད་ཀྱང༌།


TNT06_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་རྒྱ་བོད་ན་ཡོད་པ་འདི་རྣམས་ནི། དོགས་གཅོད་དང༌། ཟབ་དོན་གཏན་ལ་འབེབས་བྱེད་དུམ་བུ་རེ་ཙམ་ལོགས་སུ་ཕྱུང་པ་ཡིན་གྱི། སྐལ་ལྡན་གྱི་གང་ཟག་གཅིག་གི་ཆ་རྐྱེན་རྫོགས་པ་མ་ཡིན་ཏེ། ལྷ་དང༌། སྔགས་དང༌། བསྐྱེད་རིམ་དང༌། དབང་བསྐུར་དང༌། ལས་ཚོགས་དང༌། དངོས་གྲུབ་རབ་འབྱམས་སོགས་གང་ཡང་མི་སྟོན་པའི་ཕྱིར་རོ། །ཡང་འདུས་པ་ལ་སོགས་པ་རྒྱུད་འདི་དག་ནི་དབང་གི་གནས་སྐབས་དང༌། བསྐྱེད་པའི་རིམ་པ་དང༌། རྫོགས་རིམ་གྱི་རྒྱུའི་གནས་སྐབས་དང༌། ཐུན་མོང་གི་དངོས་གྲུབ་རྣམས་ལ། དངོས་སམ་ཡིད་ཀྱིས་སྒོམ་པའི་རིག་མ་ལ་བརྟེན་ནས་གཉིས་སྦྱོར་གྱི་བདེ་བ་ལམ་བྱེད་རྩལ་དུ་འདོན་པའི་ཕྱིར་ཆགས་ཅན་རྗེས་སུ་འཛིན་པའི་རྒྱུད་ཅེས་བྱའོ། །གཏི་མུག་གི་རིགས་ཀྱི་རྒྱུད་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་པ་ལྟ་བུ་ཡིན་ཡང༌། ད་ལྟ་བོད་དུ་འགྱུར་བ་ནི། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཉིད་ཡིན་ཏེ། འདི་ལས་གཏི་མུག་གི་གཉེན་པོར་སྟོང་པ་ཉིད་དང༌། རྟེན་འབྲེལ་དང༌། རྣམ་པར་རིག་པའི་དེ་ཉིད་དང༌། དེ་བཞིན་གཤེགས་པའི་སྙིང་པོ་རྣམ་པ་ཐམས་ཅད་པ་དང༌། བདེ་བ་ཆེན་པོ་སོགས་འགལ་འདུས་སྐྱོན་མེད་རྣམས་དང༌། བྱང་ཕྱོགས་ཕར་ཕྱིན་སོགས་གཞི་ལམ་འབྲས་བུའི་རབ་ཏུ་དབྱེ་བ་མཐའ་ཡས་པ་སྟོན་ཅིང༌། ཇི་ལྟ་བ་དང་ཇི་སྙེད་པའི་སྒོ་ནས། བློ་གྲོས་ཀྱི་སྣང་བ་རྒྱས་པར་བྱེད་པའི་ཐབས་ཞུ་བ་གཙོ་བོར་སྟོན་པ་དང༌། ཡང་རྣམ་པ་གཅིག་ཏུ་ན། གཏི་མུག་གི་གཉེན་པོ་རྣམ་པར་མི་རྟོག་པ་རྣམ་པ་ཐམས་ཅད་པའི་ལམ་ཁོ་ན་སྟོན། གཏི་མུག་ཅན་རྗེས་སུ་འཛིན་པའི་རྒྱུད་ཅེས་བྱ་ཡི། ཆགས་ལམ་ཕལ་པ་དང༌། མངོན་སྤྱོད་གཙོ་བོར་མི་སྟོན་པའི་ཕྱིར། འདོད་ཆགས་དང་ཞེ་སྡང་གི་རིགས་ཞེས་མི་བྱའོ། །ཞེ་སྡང་གི་རིགས་ཀྱི་རྒྱུད་ནི། རྣལ་འབྱོར་རྗེས་སུ་རིག་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་པའམ། འཇམ་


TNT06_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་སྟོང་ཕྲག་བཅུ་གཉིས་པ་ལ་སོགས་པ་ཡིན་མོད་ཀྱང༌། བོད་དུ་འགྱུར་བ་ནི་འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པ་ལ་སོགས་པའོ། །འདི་དག་ནི་དབང་བསྐུར་བ་དང༌། རྩ་བའི་སྒྲུབ་ཐབས་ཀྱི་བསྐྱེད་རིམ་བསྒོམ་པའི་སྐབས་ནས་ཀྱང༌། མངོན་སྤྱོད་ཀྱི་ལས་ཀྱི་རྟེན་འབྲེལ་ཁྱད་པར་ཅན་སྒྲིག་ཅིང༌། མངོན་སྤྱོད་ཉིད་ལ་གཞི་ལམ་འབྲས་གསུམ་གྱི་དག་པ་རྫོགས་པ་དང༌། དྲག་ལས་ལ་བརྟེན་ནས་ཕྱི་ནང་གསང་བ་དེ་ཉིད་ཀྱི་རྟེན་འབྲེལ་མཐའ་དང་སྒྲིག་པའི་ཐབས་སྟོན་པ་དང༌། མངོན་སྤྱོད་ཉིད་ཚོགས་གསོག་པའི་ཐབས་མཆོག་ཏུ་སྟོན་པའི་ཕྱིར། ཞེ་སྡང་ཅན་རྗེས་སུ་འཛིན་པའི་རྒྱུད་ཅེས་བྱའོ། །སྤྱིར་གསང་སྔགས་ཡིན་པས་ཆགས་ལམ་སྟོན། བྱེ་བྲག་ཏུ་ནང་པའམ་བླ་མེད་ཡིན་པས། གཉིས་སྤྲོད་ཀྱི་ཆགས་ལམ་ཉིད་དབང་དང༌། རིམ་གཉིས་དང༌། བརྟུལ་ཞུགས་ཀྱི་སྤྱོད་པ་དང༌། ཉེ་རྒྱུའི་སྐབས་ཀུན་ཏུ་ཅི་རིགས་པར་དགོས་པ་ཙམ་གཞིར་བཅས་ཤིང༌། དེར་མ་ཟད་དངོས་གྲུབ་མཆོག་ལ་གཞོལ་བའི་སྐབས་སུ། སྒྲུབ་པ་པོས་ཉམས་སུ་བླང་བྱའི་ལག་ལེན་གྱི་རིམ་པ་ལ། གསང་འདུས་ལ་སོགས་པ་དེ་དག་དང༌། ཕྱི་མ་འདི་གཉིས་ལ་འདོད་ཆགས་ཆེན་པོ་ལམ་བྱེད་ཤས་ཆེ་ཆུང་གི་ཁྱད་པར་ཡང་གཏད་ནས་མེད་མོད་ཀྱི། མཆོད་པ་དང༌། དབང་བསྐུར་དང༌། དཀྱིལ་འཁོར་བསྒྲུབ་པ་ལ་སོགས་པའི་སྐབས་སུ་ཆོ་གའི་ཡན་ལག་ཕྲ་མོ་མང་པོ་ཞིག་དང༌། རིལ་ལུ་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་བསྒྲུབ་ཚུལ་གྱི་སྐབས་མང་པོར། འདོད་ཆགས་ལམ་བྱེད་དངོས་སུ་དགོས་མི་དགོས་ཀྱི་ཁྱད་པར་ཆེན་པོ་ཡོད་ཅིང༌། རྒྱུད་ཀྱི་དངོས་བསྟན་ཚིག་ཟིན་ལའང༌། འདོད་ཆགས་ལམ་བྱེད་རྒྱས་བསྡུས་ཀྱི་ཁྱད་པར་ཆེར་ཡོད་དོ། །དེ་བཞིན་དུ་ཆ་ཤས་ཀྱིས་ན། གཏི་མུག་དང༌། ཞེ་སྡང་


TNT06_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བྱེད་གསང་འདུས་སོགས་ལས་ཀྱང་མང་དུ་གསུངས་མོད་ཀྱི། འཕྲོས་དོན་དང༌། ཡན་ལག་ཙམ་ཡིན་ལ། ཕྱི་མ་འདི་དག་ཏུ་གཏི་མུག་དང༌། ཞེ་སྡང་ལམ་བྱེད་ལམ་གྱི་གཙོ་བོར་བྱེད་ཅིང༌། ལྷག་པར་རྩལ་དུ་འདོན་པའི་ཕྱིར། རྒྱུད་ཀྱི་ཚིག་ཟིན་ལ་ཡང་ཁྱད་ཆེ་ཞིང༌། སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་ཀྱང༌། གཏི་མུག་ལམ་བྱེད་རྒྱས་པ་དང༌། ཞེ་སྡང་ལམ་བྱེད་རྒྱས་པ་བསྒོམ་དགོས་མི་དགོས་ཀྱི་ཁྱད་ཡོད་དོ། །བོད་ཕལ་ཆེར་གྱི་བློ་ལ་ཞེ་སྡང་ལམ་བྱེད་ཀྱི་གོ་བ། ལྷ་ཁྲོ་བོ་དང༌། མངོན་སྤྱོད་ཀྱི་ལས་ཅི་རིགས་སྟོན་པ་ལས། གཞན་གོ་བ་གང་ཡང་མ་ཤར་འདུག་ཅིང༌། འདོད་ཆགས་ལམ་བྱེད་ཀྱང་ལས་རྒྱ་བསྟེན་ཚུལ་ཙམ་ལས་གོ་བ་གཞན་མ་ཤར་བ་དང༌། ཁ་ཅིག་གཏི་མུག་ལམ་བྱེད་མེད་ཟེར་བ་དང༌། ཕལ་ཆེར་ཞིག་ཀྱང་གཉིད་དང་རྨི་ལམ་གྱི་གདམས་ངག་ལྟ་བུ་ཉེ་ཚེ་བའམ། སྟོང་རྐྱང་བསྒོམ་པ་ཙམ་ལས་གཏི་མུག་ལམ་བྱེད་ལ་གཞན་གོ་བ་མི་སྣང་སྟེ། དེ་ཙམ་གྱིས་ནི་དོན་འདི་དག་དཔྱིས་ཕྱིན་གོ་བར་མི་སྣང་ངོ༌། །སྤྱིར་གསང་སྔགས་ཀྱི་རྒྱུད་མཐའ་དག་ཆགས་ལམ་ཡིན་པར་འཇོག་པའི་སྐབས་ཡོད་ལ། དེ་ལས་ཀྱང་འདི་དག་ཐམས་ཅད་སྤྱིར་འདོད་ཆགས་ཆེན་པོའི་ལམ་སྟོན་བྱེད་ཡིན་པས། འདོད་ཆགས་ཀྱི་རིགས་ཀྱི་རྒྱུད་ཡིན་ཀྱང་དེའི་ནང་སེལ་ལ་ལྟོས་ནས་གསུམ་དུ་ཕྱེ་བ་ཡིན་པ་དཔེར་ན་རིགས་ཆེན་རིགས་ཆུང་གི་དབྱེ་བ་དང་འདྲ་བར་ཤེས་པར་བྱའོ། །དེས་རིགས་མཚོན་ནས་ལམ་དངོས་གཞི་བསྒོམ་ཚུལ་འདོད་ཆགས་ཀྱི་རིགས་ཡིན་མཉམ་ལ་ཡང༌། ལྷའི་རིགས་ཀྱི་དབྱེ་བ་སོགས་འབྱེད་ཚུལ་དང༌། དབྱེ་སྒོ་གཞན་གྱི་སྒོ་ནས། དུག་ལྔ་ལམ་བྱེད་སོགས་ཀྱི་དབྱེ་བ་བྱེད་ན་ནི་མི་འགལ་ལོ། །བོད་ཀྱི་


TNT06_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་འདིར་སྔོན་དགྲ་གདོང་འཇིགས་གསུམ་ལ། ནག་འཇིགས་སྐོར་གསུམ་ཞེས་མིང་འདོགས་ཤིང༌། བཤད་བཀའ་སྟབས་གཅིག་ཏུ་བྱེད་པ་མང་དུ་བྱུང༌། བ་རི་ལོ་ཙཱ་བ་ནི་དེའི་སྟེང་དུ་གཤིན་རྗེ་གཤེད་རྣམ་པར་རྒྱལ་བའི་རྒྱུད་བསྣན་ནས། ནག་པོ་སྐོར་བཞི་ཞེས་ཐ་སྙད་མཛད་ཀྱང༌། རྗེས་འཇུག་དར་རྒྱས་ཆུང་བས་ཡིག་སྣར་འཁོད་པ་ཆེར་མེད་པ་འདྲའོ། །ཕྱིས་གཤེད་དམར་གྱི་སྐོར་འགྱུར་བ་ནས་བཟུང་སྟེ། དགྲ་ནག་གདོང་དྲུག་གཉིས་ལ་ནག་པོ་ཞེས་གཅིག་ཏུ་སྡོམ་སྟེ། དམར་ནག་འཇིགས་གསུམ་ཞེས་ཐ་སྙད་འདོགས་ཤིང༌། ཆོས་སྐོར་ཆབ་གཅིག་ཏུ་སྒྲིག་པ་སེམས་པ་དག་བྱུང་ངོ༌། །འོན་ཀྱང་ནག་པོ་སྐོར་གསུམ་དང༌། གཤེད་དམར་ལེའུ་བཅུ་དགུ་པ་ནི་ཕ་རྒྱུད་ཡིན་ལ། གཤེད་དམར་ལེའུ་ཉེར་གཉིས་པ་ནི་མ་རྒྱུད་ཡིན་པས། ཕ་མའི་རྒྱུད་སོ་སོར་གནས་པ་དང༌། གཤིན་རྗེ་གཤེད་རྣམ་རྒྱལ་སྤྱོད་རྒྱུད་ཡིན་ཞིང༌། གཞན་རྣམས་བླ་མེད་ཡིན་པས་རྒྱུད་སྡེའི་དབྱེ་བ་ཁྱད་ཆེ་བ་དང༌། དགྲ་ནག་གདོང་དྲུག་གཤེད་དམར་ལེའུ་བཅུ་དགུ་པ་རྣམས་འདོད་ཆགས་ཀྱི་རིགས་ཀྱི་རྒྱུད་ཡིན་ཞིང༌། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྣམས་ཞེ་སྡང་གི་རིགས་ཀྱི་རྒྱུད་ཡིན་པས། ལས་དང་པོ་པའི་ལམ་རིམ་མི་འདྲ་བའི་ཕྱིར། ཆོས་སྐོར་འདི་དག་རྣམས་ཕྱོགས་གཅིག་ཏུ་བསྒྲིག་དགོས་པ་དང༌། གཅིག་གིས་གཅིག་ལ་ངེས་པར་ཁ་འགེངས་དགོས་པ་དང༌། ངེས་པར་རྒྱས་འགེབས་བྱེད་དགོས་པ་ནི་མ་ཡིན་ནོ། །དེ་ལས་ཀྱང་ཁྱད་པར་དུ་བོད་པ་འགའ་ཞིགནག་པོ་སྐོར་གསུམ་ལས་དགྲ་ནག་རྩ་བའི་རྒྱུད་ཡིན། དེའི་བཤད་རྒྱུད་གཞན་གཉིས་ཡིན་ཏེ། གདོང་དྲུག་ནི་འཁྲུལ་འཁོར་གསལ་བྱེད་ཡིན། འཇིགས་བྱེད་ལས་ཚོགས་གསལ་བྱེད་ཡིན་ཞེས་སམ། དྲག་ལས་བསལ་བྱེད་ཡིན་ཞེས་ཟེར་བ་ནི། ཕོ་ཚོད་ཙམ་མམ། ཐོས་ཐོས་བོན་དུ་ཁྱེར་བར་ཟད་ཀྱི།


TNT06_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་གླེགས་བམ་ཞིབ་མོར་བཀླགས་པ་ཙམ་ཡང་མ་བྱས་པའོ། །དེའི་རྒྱུ་མཚན་རྒྱུད་འདི་དག་རྩ་བཤད་དུ་འགྱུར་བའི་རྒྱུ་མཚན་ཡང་མེད་ལ། རྩ་བཤད་ཡིན་ནོ་ཞེས་ཁུངས་དང་ལྡན་པ་སུས་ཀྱང་མ་བཤད་པའི་ཕྱིར་དང༌། གདོང་དྲུག་ལས་འཁོར་ལོ་སྟོན་བྱེད་ཀྱི་ཚིག་རྒྱས་པོ་མེད་ཅིང༌། དེའི་འཁྲུལ་འཁོར་དང༌། དགྲ་ནག་གི་འཁྲུལ་འཁོར་གཉིས་ཤིན་ཏུ་མི་འདྲ་བའི་ཕྱིར། གདོང་དྲུག་གི་རྒྱུད་དགྲ་ནག་གི་འཁྲུལ་འཁོར་གསལ་བྱེད་དུ་ཇི་ལྟར་རུང༌། རྟོག་བདུན་ལས། ལས་ཚོགས་ཀྱི་རྣམ་གྲངས་མང་པོ་གསུངས་མོད། རྟོག་བདུན་ལས་ཀྱང་དགྲ་ནག་ལས་ཚོགས་མང་ལ། མངོན་སྤྱོད་ཀྱི་ལས་ལ་རྣམ་གྲངས་རྟོག་བདུན་མང་དུ་ཆུག་ཀྱང༌། མངོན་སྤྱོད་ཀྱི་ཆོ་གའི་རིམ་པ་དགྲ་ནག་རྒྱས་པའི་ཕྱིར་དང༌། དགྲ་ནག་དང་འཇིགས་བྱེད་འཁྲུལ་འཁོར་གཅིག་པར་འདོད་པ་དང༌། ཐ་དད་དུ་འདོད་པ་ལུགས་གཉིས་འདུག་ཀྱང༌། ཐ་དད་འདོད་པ་ལྟར་ན་ནི་གཅིག་གི་གསལ་བྱེད་དུ་ཅིག་ཤོས་གང་རུང་ཞིང༌། གཅིག་པར་འདོད་པ་ལྟར་ན་ཡང་འཁྲུལ་འཁོར་དེ་རྟོག་བདུན་དུ་གསལ་པོ་མེད་ལ། དགྲ་ནག་ཏུ་གསལ་བའི་ཕྱིར། རྩ་བཤད་གོ་བཟློག་པར་ཐལ་བར་འགྱུར་རོ། ཁྱེད་དག་སློབ་དཔོན་མི་བསྐྱོད་པའི་འགྲེལ་པ་དང༌། དགྲ་ནག་གི་འགྲེལ་པ་ཤཱན་ཏི་པས་མཛད་ཟེར་བ་ཚད་མར་བྱེད་པར་འདུག་ན། དེ་གཉིས་ཀ་ལས་དགྲ་ནག་དང་འཇིགས་བྱེད་ཆ་མཐུན་གྱི་རྒྱུད་དུ་བཤད་པའི་ཕྱིར། ཁྱེད་དག་ལ་གནོད་བྱེད་ཡིན་ནོ། །དེས་ན་ལྷའི་རྣལ་འབྱོར་དང༌། ལས་ཚོགས་ལ་སོགས་པའི་སྐབས་ཕལ་ཆེར་དུ། གཅིག་གི་དོན་བཤད་བྱར་བཞག་ནས་ཅིག་ཤོས་ཀྱིས་འཆད་པའི་ཚུལ་དུ་མེད་དེ། སོ་སོ་རང་རྐང་བཙུགས་པའི་ཚུལ་དུ་འཆད་པ་ཡིན་པས། རྩ་བཤད་དུ་སྦྱོར་རྒྱུ་ནི་མ་ཡིན་པར་ངེས་ལ། ལྷ་སྔགས་ཆོ་ག་སོགས་ཕན་ཚུན་འདྲ་མིན་མང་པོ་ཡོད་པའི་ཕྱིར། ཆ་མཐུན་དུ་


TNT06_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་དོན་ལ་འགལ་བ་ཆེར་མ་མཐོང་མོད། རིགས་སོ་སོའི་རྒྱུད་ཡིན་པའི་ཕྱིར། ནག་འཇིགས་གཉིས་ཆ་མཐུན་གྱི་ཐ་སྙད་མི་འདོད་ལ། དགྲ་གདོང་གཉིས་པོ་ནི་ཆ་མཐུན་དུ་རུང་ངོ༌། །གཤིན་རྗེ་གཤེད་རྣམ་པར་རྒྱལ་བ་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལ་ཁྱད་པར་གྱི་འདྲ་ཆོས་དུ་མ་འདུག་ཀྱང༌། རྒྱུད་སྡེའི་མཐོ་དམན་ཆེ་མཐའི་ཕྱིར་ཆ་མཐུན་གྱི་རྒྱུད་དུ་མི་འཇོག་མོད། ཕན་ཚུན་ཁ་འགེངས་ནི་རུང་སྟེ། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སེམས་དཔའ་བསྡུས་པ་བཞིན་ནོ། །གཞན་ཡང་གདོང་དྲུག་འཇིགས་བྱེད་གཉིས་ཀྱིས། གང་བཤད་པར་བྱ་བའི་རྩ་རྒྱུད་དེ། ངེས་པར་དགྲ་ནག་ཡིན་ན་གཤེད་དམར་གྱི་རྒྱུད་ལེའུ་བཅུ་དགུ་པ་ཡང༌། གདོང་འཇིགས་གཉིས་ཀྱི་བཤད་བྱའི་རྩ་རྒྱུད་དུ་ཐལ་བར་འགྱུར་ཏེ། དགྲ་ནག་རྩ་རྒྱུད་དུ་འཇོག་པའི་རྒྱུ་མཚན་གང་ཡིན་པ་ཐམས་ཅད། གཤེད་དམར་གྱི་རྒྱུད་དེ་ལའང་ཚང་བའི་ཕྱིར་རོ། །དེ་ཡང་ཁས་ལེན་ན་གདོང་འཇིགས་གཉིས་ལ་རྩ་རྒྱུད་གཉིས་སུ་ཐལ་བར་འགྱུར་རོ། །དེ་ལྟར་ན་ཡང༌། བླ་མའི་མན་ངག་གིས་རྩ་བཤད་ཀྱི་ཚུལ་དུ་སྦྱོར་བ་ནི་མི་འགལ་བ་ཅིག་ཀྱང་སྲིད་མོད་ཀྱི། འདིར་ནི་རྟོག་བདུན་དང་གདོང་དྲུག་ལ་དགྲ་ནག་གི་རྒྱུད་ནས་ཚུར་ཁ་བསྐང་ན་ཉེར་མཁོ་མང་ཞིང༌། འདི་གཉིས་ནས་དགྲ་ནག་ལ་ཕར་ཁ་འགེངས་དགོས་ཤིན་ཏུ་ཉུང་བའི་ཕྱིར་དང༌། གདོང་དྲུག་དང་རྟོག་བདུན་གཉིས་པོའི་དབང་དུ་བྱས་ནའང༌། གདོང་དྲུག་ནས་རྟོག་བདུན་ལ་ཁ་བསྐང་ན་ཉེར་མཁོ་མང་ཞིང༌། རྟོག་བདུན་གྱིས་ཕར་ཁ་འགེངས་དགོས་ཤིན་ཏུ་ཉུང་ངོ༌། །ཅི་སྟེ་རྩ་བཤད་དུ་མི་སྦྱོར་ཁ་མེད་ཀྱི་ཨུ་ཚུགས་རང་བྱེད་ན། དགྲ་ནག་ལ་གཞན་གཉིས་པོ་བཤད་རྒྱུད་འདྲ་མཚུངས་སུ་མི་འབྱོར་གྱི། རྟོག་བདུན་ལ་གཞན་གཉིས་པོ་བཤད་རྒྱུད་འདྲ་མཚུངས་སུ་འབྱོར་བའི་ཕྱིར། མན་ངག་གི་རིམ་པས་རྗེས་


TNT06_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་དབང་དུ་བྱས་ཀྱང༌། ནག་པོ་རྩ་རྒྱུད་ཀྱི་ཚུལ་དང༌། གཞན་གཉིས་བཤད་རྒྱུད་ཀྱི་ཚུལ་དུ་འཇོག་པ་མི་རིགས་སོ། །དེ་ལྟར་ན་གཤིན་རྗེ་གཤེད་རྣམ་རྒྱལ་ཀྱི་རྒྱུད་སྨོས་མ་དགོས། ནག་འཇིགས་སྐོར་གསུམ། དམར་པོའི་རྒྱུད་གཉིས་ཏེ། ལྔ་པོ་འདི་དག་ཀྱང༌། གཅིག་ལ་གཅིག་མ་ལྟོས་པར་རང་རྐང་ཚུགས་པའི་རྒྱུད་རེ་རེ་ཡིན་པར་ཤེས་པར་བྱའོ། །རྒྱུད་གང་ལ་ཡང་རྩ་བཤད་ཀྱི་རྒྱུད་ནི་ལྟོས་པ་ཅན་ཞེས་བྱ་སྟེ། རྩ་རྒྱུད་ནི་ཕར་བཤད་རྒྱུད་ལ་ངེས་པར་ལྟོས་པ་མིན་ཡང༌། བཤད་རྒྱུད་ཡིན་ཕྱིན་ཆད་རང་རང་གི་རྩ་བའི་རྒྱུད་ལ་ངེས་པར་ལྟོས་དགོས་སོ། །ཆ་མཐུན་གྱི་རྒྱུད་ནི་གཉིས་ཀ་ཕན་ཚུན་དུ་ཆ་མཐུན་པ་ཙམ་ཡིན་གྱི། གཅིག་ལ་གཅིག་ལྟོས་དགོས་པ་མ་ཡིན་ནོ། །གསུམ་པ་ནི། དེ་ལ་རྒྱུད་ཀྱི་རྒྱལ་པོ་འདི་དག་གི་བརྗོད་བྱ་སྟོན་ཚུལ་རགས་པ་ནི་འདི་ལྟར་ཡོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ནི། དང་པོར་གླེང་གཞི་ནི་སྤྱི་དང་འདྲ་བ་ལས། གཤིན་རྗེ་གཤེད་ཀྱི་འཁོར་ཚོགས་རྒྱས་པར་བསྟན། གླེང་བསླང་བ་འཁོར་ཚོགས་རྣམས་ཀྱིས་གསོལ་བ་བཏབ་པས་ཕྱག་ན་རྡོ་རྗེ་ལ་བོས་ཏེ་གསུངས། དེ་ནས་རྒྱུ་རྡོ་རྗེ་འཛིན་བསྐྱེད་ཆོག་དང༌། ཡི་གེ་བཅུ་བདུན་ཆུང་བ་དང༌། ལྷ་བཅུ་བདུན་གྱི་མངོན་རྟོགས་དང༌། དཀྱིལ་འཁོར་གྱི་ལྷ་ཚོགས་འབྱིན་པའི་སྔགས་རྣམས་གསུངས་ཏེ། མངོན་རྟོགས་ཀྱི་རིམ་པ་ཕྱེ་བ་སྟེ་དང་པོའོ།། །།དེ་ནས་ལེའུ་གཉིས་པ་ནི། ཚིགས་བཅད་ལྔས་བསྟོད་པ་དང༌། སྐྱེ་མཆེད་བྱིན་རླབས་དང༌། དཀྱིལ་འཁོར་འབྲི་བ་རྣམས་སོ། །ལེའུ་གསུམ་པ་ལས་ས་ཆོག་གི་གསོལ་བཏབ་དང༌། བདུད་རྩི་མྱང་བ་དང༌། ཡེ་ཤེས་དགུག་གཞུག་དང༌། གཙོ་བོ་ལྔའི་གདན་དང༌། ལས་བཞིའི་ལྷ་བསྒོམ་ཚུལ་དང༌། མིག་སྨན་ལ་


TNT06_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དངོས་གྲུབ་འགའ་ཞིག་གསུངས་སོ། །བཞི་པ་ལས་ཞུ་ཚིག་སྔོན་དུ་འགྲོ་བས། ཞི་བ། རྒྱས་པ། དབང་སྡུད། དགུག་པ། རེངས་པ། ངག་གནོན། བསད་པའི་ལས་རྣམས་གསུངས། ལྔ་པ་ལས། དབྱེ་བ་དང༌། བསྐྲད་པ་དང༌། དེ་རྣམས་ཀྱི་འཁྲུལ་འཁོར་གྱི་གོ་རིམ་མོ། །དྲུག་པ་ལས། གསོལ་བ་བཏབ་པ་དང༌། རིག་བདག་དང༌། དམ་ཚིག་དང༌། དབང་གི་གྲངས་དང༌། གཏོར་ཆོག་དང༌། འཁྲུལ་འཁོར་ལ་སྔགས་འགོད་ཚུལ་ལོ། །བདུན་པ་ལས། ཡུམ་བཞིའི་ལས་སྦྱོར་དང༌། དབང་བསྐུར་ཚིག་དང༌། དགུག་པ་ལ་སོགས་པའི་སྦྱོར་བ་ཅི་རིགས་པའོ། །བརྒྱད་པ་ལས། བཀའི་འཁོར་ལོ་བཀའ་བསྒོ་དང༌། ས་ལྷ་སྟ་གོན་དང༌། དཀྱིལ་འཁོར་འཇུག་པའི་ཆོ་ག་དང༌། དབང་བསྐུར་གྱི་གསོལ་བཏབ་དང༌། སྟོང་ཉིད་སོགས་སྔགས་གསུམ་དང༌། ལས་བཞིའི་སྦྱིན་བསྲེག་གི་ཁྱད་པར་བསྟན་ཏོ། །དགུ་པ་ལས། ཆར་འབེབས་དང༌། མཚོ་རླབས་རེངས་པ་དང༌། ལྷ་མཐོང་བ་དང༌། སྦྲུལ་གྱིས་ཟིན་པ་གསོ་བ་དང༌། མགོ་བོར་ཟུག་གཟེར་སེལ་བ་དང༌། རྦོད་སྟོང་གིས་བསད་པ་དང༌། དགྲ་བོ་འཁྱམས་པར་བྱེད་པ་སྟེ། ལས་ཕྲ་མོ་བདུན་གསུངས་སོ། །བཅུ་པ་ལས། རོ་ལངས་བསྒྲུབ་པ། སྒོ་སྐྱོང་བཞིའི་མངོན་རྟོགས། མཁའ་ནང་གི་དཀྱིལ་འཁོར་སྤྲོ་བ། སྒོ་བ་དང་ལྷ་མོའི་གདན། རྗེས་དྲན་སྒོམ་པའོ། །བཅུ་གཅིག་པ་ལས། ལྷ་དགུའི་དག་པ། གསང་བའི་དཀྱིལ་འཁོར་བསྐྱེད་པའི་བྱ་བ། ཕྱག་རྒྱའི་མཚན་ཉིད། རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ། ཕྱག་བ་རྒྱ་པའི་སྒྲུབ་ཐབས། དབྱུག་འཛིན་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས། ཕྱག་བྱེ་བའི་སྒྲུབ་ཐབས། དམ་ཚིག་གི་སྒྲུབ་ཐབས། བདུད་རྩི་བསྟེན་པ་རྣམས་སོ། །བཅུ་གཉིས་པ་


TNT06_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཡུམ་བཞིས་བསྟོད་པའི་གླུ། བཟླས་པ་དང༌། བགྲང་ཕྲེང་དང༌། གདོན་ཚར་བཅད་པ་དང༌། བཟླས་པའི་ཚད་དང༌། གཏོར་མའི་བྱ་བ་དང༌། ཟས་ཕུད་འབུལ་བ། ཡོན་འབུལ་བ་རྣམས་སོ། །བཅུ་གསུམ་པ་ལས། དང་པོར་རྡོ་རྗེ་མཁའ་འགྲོ་མ་ལྷ་བཅུ་གསུམ། འདི་ཡུམ་བཀའི་དཀྱིལ་འཁོར་ལྟ་བུ་ཡིན། དེ་ནས་གནོད་མཛེས་ལྷ་བཅུ་གསུམ་གྱིས་ས་འོག་བསྒྲུབ། རྟ་མཆོག་ལྷ་བཅུ་གསུམ་གྱིས་མཁའ་སྤྱོད་སྒྲུབ་པའོ། །བཅུ་བཞི་པ་ལས། ཐིག་གི་བྱ་བ། སློབ་མ་གཞུག་པ། ཐིག་གི་བྱ་བའི་འཕྲོས། གསོལ་བ་བཏབ་པ། སའི་བྱ་བ། ཐིག་གི་ཆ་དབྱེ་བ། དཀྱིལ་འཁོར་སྒྲུབ་པ། རྡུལ་ཚོན་དགྱེ་བ། དགང་བླུགས་ཀྱི་ཚད། ཡེ་ཤེས་དབབ་པ། སྐུ་གཟུགས་ཀྱི་ཆ་ཚད་ཚོན་དང་བཅས་པ། རལ་གཅིག་མ་བཅུ་གསུམ་མ་དང༌། པུཀྐ་སཱི་རྐྱང་པ་དང༌། མི་སྣང་བ་སྒྲུབ་པ་འཇམ་པའི་རྡོ་རྗེ་བཅུ་གསུམ་མའི་སྒྲུབ་ཐབས་སོ། །བཅོ་ལྔ་པ་ལས། དུག་སེལ་མ་ལྷ་བཅུ་གསུམ། ཀུ་རུ་ཀུལླེ་ཕྱག་བརྒྱད་གཙོ་རྐྱང༌། ལུས་མེད་རྡོ་རྗེ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས་སོ། །བཅུ་དྲུག་པ་ལས། མཆོག་གི་དངོས་གྲུབ་ཀྱི་དོན་དུ་ཧེ་རུ་ཀ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས་སོ། །བཅུ་བདུན་པ་ལས། གཙོ་བོ་བསྐྱེད་པ། ཞུ་བ་གླུས་བསྐུལ། བསྐུལ་ནས་བཞེས་པ། རྣལ་འབྱོར་བཞིའི་ངོས་འཛིན། རྩ་ལྟུང་བཅུ་བཞི་སོགས་དམ་ཚིགརྒྱུད་ཀྱི་ཆེ་བརྗོད། རྫོགས་རིམ་དོན་དམ་བྱང་ཆུབ་ཀྱི་སེམས་རྣམས་གསུངས། ལེའུ་བཅོ་བརྒྱད་པས་རྒྱུད་གསུངས་པས་གཏམ་རྒྱུད་ཀྱི་ཚུལ་གྱིས་ཕྱག་ན་རྡོ་རྗེ་ལ་བཀའ་བསྒོས་པའོ། །འདི་ལ་དངོས་སུ་དཀྱིལ་འཁོར་དགུ་ཡོད་དེ། གཤིན་རྗེ་གཤེད་དང་མཁའ་འགྲོ་མ། །གནོད་


TNT06_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་རྟ་མཆོག་རལ་གཅིག་མ། །འཇམ་རྡོར་དུག་སེལ་ལུས་མེད་དང༌། །ཧེ་རུ་ཀ་ཡི་དཀྱིལ་འཁོར་རོ། །པུཀྐ་སཱི་དང་རིག་བྱེད་མ། །དཔའ་མོ་གཅིག་པའི་སྒྲུབ་ཐབས་གཉིས། །ཞེས་སོ། །རྒྱུད་ཀྱི་རྒྱལ་པོ་འདི་ནི་ཉི་ཟླ་ལྟར་གྲགས་པ་ཡིན་ལ། རྣལ་འབྱོར་བླ་ན་མེད་པའི་གཤིན་རྗེ་གཤེད་སྐོར་ཤེས་པར་འདོད་པ་དག་གིས། རྒྱུད་འདི་ལ་ངེས་པ་འཇུག་པར་བྱ་སྟེ། འདིའི་དོན་ལ་ངེས་པ་ཕྱིན་ཅི་མ་ལོག་པ་རྙེད་ན། གཤེད་སྐོར་གཞན་རྣམས་ཀྱང་འབད་མེད་དུ་རྟོགས་པར་ནུས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ཀྱི་ལེའུ་དང་པོ་ལས། ལྷ་ལྔའི་མངོན་རྟོགས་རྒྱས་པར་གསུངས་ཤིང༌། རྫོགས་རིམ་ཅུང་ཟད་བཤད། ལེའུ་དྲུག་པ། བདུན་པ། བརྒྱད་པ། དགུ་པའི་སྟོད་རྣམས་སུ། བཅུད་ལེན་དང༌། མངག་གཞུག་སྒྲུབ་པ་ལ་སོགས་པ། ལས་ཚོགས་དང་དངོས་གྲུབ་མང་དུ་གསུངས། ལེའུ་བཅུ་གཅིག་པ་ནས་གཏོར་ཆོག་རྒྱས་པར་བསྟན། ལེའུ་ཐ་མར་གཏམ་རྒྱུད་ཀྱི་རྗེས་སུ་འཕོ་བ་དང༌། གྲོང་འཇུག་གསུངས། དེ་རྣམས་ལྷག་པོ་ཡིན། གཞན་ལེའུའི་ཚད་འཇོག་ཚུལ་དང༌། གོ་རིམ་མི་འདྲ་ཞིང༌། འགྱུར་མི་གཅིག་པ་མ་གཏོགས། ནག་པོའི་རྒྱུད་དང་ཚིག་དོན་གཉིས་ཀ་ལ་ཁྱད་པར་མེད་པ་ལས། ཕྲན་ཚེགས་འདོན་པ་བསྒྱུར་བ་ལྟ་བུ་ཡིན། འདི་ལ་ལེའུ་བཅུ་དགུ་ཡོད། དཀྱིལ་འཁོར་གྱི་གྲངས་ཀྱང་གཞན་རྣམས་དགྲ་ནག་དང་འདྲ་བ་ལས། གཤིན་རྗེ་གཤེད་ལ་ལྷ་ལྔ་དང་བཅུ་གསུམ་མ་གཉིས་སུ་དབྱེ་སྟེ་བཅུའོ། །དེ་ཡང་ལེའུ་དང་པོ་ལས་ལྷ་ལྔའི་དཀྱིལ་འཁོར་བཤད་ཅིང༌། དཀྱིལ་འཁོར་འབྲི་བའི་སྐབས་དང༌། སྔ་ཕྱིའི་ཚིག་རིགས་གུང་བསྒྲིགས་པ་ལ་བཅུ་གསུམ་མ་སྟེ། གཉིས་


TNT06_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་གཉིས་ཀར་རྩ་བའི་དཀྱིལ་འཁོར་ཡིན་པར་གྲགས་ཀྱང༌། གཤེད་དམར་གྱི་རྩ་བའི་དཀྱིལ་འཁོར་ནི་ལྷ་ལྔ་ཉིད་དོ། །གཤིན་རྗེ་གཤེད་དམར་པོའི་རྒྱུད་ལེའུ་ཉེར་གཉིས་ཡོད་པ་དེ་ནི། རྣལ་འབྱོར་མ་རྒྱུད་ཡིན་པར་བཤད་པས་སྐབས་འདིར་རྒྱས་པར་མི་འཆད་མོད། འཁྲུལ་འཁོར་ལ་སོགས་པ་ཆོ་གའི་རིམ་པ་རྣམས་ནི། དམར་ནག་སྤྱི་དང་ཕལ་ཆེར་མཐུན་ལ། ལས་ཚོགས་དང༌། ཆགས་ལམ་གྱི་སྐོར་རྣམས་མི་གཡོ་བ་བླ་མེད་དང་ཚིག་རིགས་གཅིག་པ་ཤས་ཆེ། རྫོགས་རིམ་དང༌། དབང་བཞི་པའི་ཡེ་ཤེས་གསལ་རྒྱས་སུ་བསྟན་ཅིང༌། དབུ་མ་རྟེན་འབྲེལ་སྙིང་པོ་ཞེས་བོད་ན་གྲགས་པའི་གཞུང་ཆུང་འདི་ཡང༌། རྒྱུད་འདིའི་ནང་ནས་བཏོན་པ་ལྟ་བུར་སྣང་ངོ༌། །གཤིན་རྗེ་གཤེད་ནག་པོ་གདོང་དྲུག་པའི་རྒྱུད་ནི། ལེའུའི་དབྱེ་བ་མེད། སྡོམ་ཆེ་འབྲིང་ཆུང་གསུམ་གྱི་བརྗོད་བྱའི་དོན་རྣམས་བསྡུས་པས། རྒྱུད་སྡོམ་གསུམ་པར་གྲགས་སོ། །རྒྱུད་རང་གི་དངོས་མིང་ནི། གཤིན་རྗེ་གཤེད་ནག་པོ་འཁོར་ལོའི་ལས་ཐམས་ཅད་གྲུབ་པར་བྱེད་པའི་རྒྱུད་ཅེས་བྱའོ། །དེ་ཡང་གླེང་གཞི་སྔོན་དུ་འགྲོ་བས། གཏི་མུག་རྡོ་རྗེ་ལ་སོགས་པའི་འཁོར་གྱི་དབུས་སུ། རྡོ་རྗེ་རོ་ལངས་མས་བདུད་འདུལ་བའི་ཐབས་ཞུས། བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་སྔོན་དུ་མཛད་ནས་སྙིང་པོ་གསུངས་ཤིང༌། གཤིན་རྗེ་གཤེད་ཞལ་དྲུག་པའི་སྐུར་བསྒྱུར། སྔགས་རྣམས་གསུངས་པས་བདུད་རྣམས་ཐམས་ཅད་སྐྲག་སྟེ། དེ་དག་ནི་གླེང་བསླང་བའོ། །དེ་ནས་དཀྱིལ་འཁོར་གྱི་མངོན་རྟོགས་དང༌། ལྷ་ཉི་ཤུའི་སྔགས་དང༌། ཐིག་གདབ་པ་དང༌། མཚན་མ་འགོད་པ་དང༌། མཆོད་པའི་ཕྱག་རྒྱ་དང༌། སྐུ་གསུང་ཐུགས་བྱིན་རླབས། སྐྱེ་མཆེད་བྱིན་རླབས། བདུད་རྩི་མྱང་བ། ཕྱོགས་མཚོན་དང༌། རྩིག་པའི་རིམ་པ། ཚད་མེད་བཞི། སྟོང་པ་ཉིད་བསྒོམ་ཚུལ། སྲུང་འཁོར། ཆོས་འབྱུང༌། དམ་ཚིག་ལྡན་པའི་སྒྲུབ་པ་པོ་ལ་


TNT06_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པ་རྣམས་གསུངས། དེ་ནས་མཚམས་དེར་ལྷ་མོས་གསོལ་བ་བཏབ་ནས་རེ་མིག་ཞེ་དགུ་པའི་འཁྲུལ་འཁོར་འབྲི་ཚུལ། རྨི་ལམ་གྱི་རྟགས། འབྱུང་བ་རིམ་བརྩེགས། གཞལ་ཡས་ཁང༌། ལྷའི་གདན། ཡེ་ཤེས་སྤྱན་འདྲེན། དགུག་གཞུགདཀྱིལ་འཁོར་མཆོད་པ། དམ་ཚིག་བསྟན་པ། རེ་མིག་ལ་ཡི་གེ་འགོད་ཚུལ། འཁོར་ལོ་འབྲི་དུས་ཀྱི་བྱ་བའི་རིམ་པ་འཁོར་ལོའི་ཕན་ཡོན་རྣམས་གསུངས་སོ། །ཡང་ཞུ་བ་ཞུས་ཏེ། འཁོར་ལོ་འབྲི་བའི་གནས། གཞུག་པའི་གནས། དཀྲི་བའི་སྐུད་པ། ཁ་བལྟ་ཕྱོགས། མཆོད་པ་འབུལ་ཚུལ། ཏིང་ངེ་འཛིན་དང་སྔགས་ཀྱི་བསྐུལ་ཚིག་ཐ་དད་པའི་སྒོ་ནས། ཞི་བ་དང༌། རེངས་པ་དང༌། བསད་པ་དང༌། དབྱེ་བ་དང༌། རིམས་ཀྱིས་ཐེབས་པ་དང༌། རྒྱས་པ་དང༌། དབང་དང༌། དགུག་པ་དང༌། མི་སྣང་བ་དང༌། ཆུ་ལ་མི་བྱིང་བ་དང༌། མཚོན་ཆ་བསྲུང་བ་དང༌། མཁའ་ལ་འགྲོ་བ་རྣམས་གསུངས། ཡང་ཞུས་ནས། སྡོམ་ཚིག་དང་པོ་གསུངས། དེ་རྗེས། ཏིང་ངེ་འཛིན་སྔོན་དུ་འགྲོ་བའི་གཏོར་ཆོག་དང༌། བསྟོད་པ་དང༌། བཟླས་པའི་དམིགས་པ། དབང་གི་དགོས་པ། དབང་བཞིའི་ངོ་བོ། དེ་ཁོ་ན་ཉིད་བསྒོམ་ཚུལ། བླ་མའི་དམ་ཚིགརྗེས་ཐོབ་ཀྱི་བསམ་གཏན། འདོད་ཡོན་གྱི་མཆོད་པ། དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ཚུལ། འཁོར་ལོའི་བསྟོད་པ། འཁོར་ལོ་བསྟེན་ཚུལ། ས་ཆོགསློབ་མ་ལ་དབང་བསྐུར་ཚུལ། སྦྱིན་སྲེགདགང་བླུགས་ཀྱི་ཚད། སྦྱིན་སྲེག་གི་ངེས་དོན། དྲག་པོའི་སྦྱིན་སྲེག་རྣམས་བཤད་ནས། སྡོམ་ཚིག་བར་པ་གསུངས། དེ་རྗེས་རིག་མ་བརྟག་པ། སྐྱེད་རྒྱུའི་བྱེ་བྲགཨཱ་ལི་ཀཱ་ལིའི་ངེས་དོན། སྡོམ་ཚིག་ཐ་མ་རྣམས་གསུངས་སོ། །འདི་ལ་དངོས་བསྟན་དཀྱིལ་འཁོར་གཅིག་ཉིད་གསུངས། རྒྱུད་འདི་


TNT06_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གསལ་ཞིང༌། གསང་སྔགས་སྤྱིའི་གོ་བ་དང༌། གཤེད་སྐོར་ནང་དུའང་ཉེར་མཁོ་མང་བ་ཞིག་སྣང་ངོ༌། །དེ་དག་ནི་གོང་དུ་སྨོས་པ་ལྟར། རྣལ་འབྱོར་བླ་ན་མེད་པའི་གཤེད་སྐོར་གྱི་ནང་ནས། འདོད་ཆགས་ཆེན་པོའི་རིགས་ཀྱི་རྒྱུད་ཡིན་མོད། རྒྱ་བོད་གཉིས་ཀར་དུ་ནག་འཇིགས་ཕན་ཚུན་ཁ་སྐོང་བ་ཤས་ཆེ་ཞིང༌། བོད་ཡུལ་འདིར་སྔོན་དགྲ་གདོང་འཇིགས་གསུམ་དང༌། ཕྱིས་དམར་ནག་འཇིགས་གསུམ་ཞེས་གྲགས་ཤིང༌། ཕལ་ཆེར་ཕན་ཚུན་དུ་ཁ་སྐོང་བར་བྱེད་དོ། དེ་ལྟར་ལེགས་པའང་ཡིན། ལྷ་དང༌། སྔགས་དང༌། ཆོ་གའི་རིམ་པ་རྣམས་ཆ་མཐུན་འདྲ་མཚུངས་ཡོད་པའི་ཕྱིར་དང༌། ཆོས་རྒྱུན་རྣམས་ཀྱང་འབྲེལ་ཆགས་སུ་གནས་པ་མང་དུ་མཐོང་བའི་ཕྱིར་དང༌། རྒྱུད་ནི་རྒྱུད་གཞན་ལས་ཤེས་པར་གསུངས་པའི་ཡང་ཕྱིར་རོ། ཁྱད་པར་ཅན་གྱི་གཤིན་རྗེ་གཤེད། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་ནི་ཞེ་སྡང་ཆེན་པོའི་རྒྱུད་ཅེས་བྱ་སྟེ། བླ་མ་གོང་མ་རྣམས་འདི་ལའང་རྒྱུད་རྒྱས་པ་འབུམ་པར་བཞེད་པ་དང༌། ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོའི་གསུང་ལས། རྣལ་འབྱོར་རྗེས་སུ་རིག་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་པར་གསུངས་པ་དང༌། སློབ་དཔོན་རྡོ་རྗེ་གྲུབ་པ་ནི། རྒྱུད་རྒྱས་པ་སྟོང་ཕྲག་བཅོ་བརྒྱད་པ་ཞིག་ཡོད་ཅེས་གསུངས་པ་ཐམས་ཅད་མི་འགལ་མོད། གཙོ་བོར་སེམས་དཔའ་ཆེན་པོའི་གསུང་ལ་ཡིད་རྟོན་ནོ། །ད་ལྟའི་རྟོག་པ་བདུན་པ་འདི་ནི། ཤླཽ་ཀ་སུམ་བརྒྱའི་ཚད་དུ་གནས་པ་ཡིན་ཞེས་གྲགས་སོ། །དེའི་ཕྱིར་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་སུམ་བརྒྱ་པ་ཞེས་པ་ཡང་འདི་ཁོ་ན་ཡིན་གྱི། ལེའུ་སུམ་བརྒྱ་པ་ཡིན་ནམ་སེམས་པ་དག་ནི་འཁྲུལ་ལོ། །འདི་ལ་གླེང་གཞི་ནི་མེད་དེ། བཤད་པར་ཞལ་གྱིས་བཞེས་ཤིང་དགོས་པ་བསྟན་ནས། གནས་ཀྱི་དབྱེ་བ་དང༌། འབྲས་བུ་ལས་དང་དངོས་གྲུབ་དང༌། བསྙེན་


TNT06_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་འབྲི་བ་དང༌། མཆོད་པ་དང༌། སྒྲུབ་པ་དང༌། སྒྲུབ་ཆེན་རྣམས་བསྟན་ཏེ། རྟོག་པ་དང་པོའོ། །གནས་དང་དཀྱིལ་འཁོར་འབྲི་བ་དང༌། མཆོད་པ་བསྟན་པས་དབང་བསྐུར་གྱི་དཀྱིལ་འཁོར་བྲི་སྒྲུབ་དང༌། ཉེ་བསྙེན་དང༌། སྒྲུབ་པ་སྒྲུབ་ཆེན་གྱི་དཀྱིལ་འཁོར་ཐམས་ཅད་བསྟན་མོད། གཙོ་བོར་ཉེ་བསྙེན་ནོ། །རྒྱུད་འདི་བསྐྱེད་རིམ་དང་ལས་ཚོགས་གཙོ་བོར་སྟོན་ཅིང༌། ཐུན་མོང་གི་དངོས་གྲུབ་རྣམས་ཀྱང་ཆོ་ག་གཅིག་གིས་བསྒྲུབ་པའི་ལུགས་ཡིན་པས། རྟོག་པ་དང་པོ་འདིའི་ལག་ལེན་དང༌། གོ་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་གལ་ཆེ་བ་ཞིག་སྟེ། འོན་ཀྱང་ཕལ་ཆེར་གྱིས་དངོས་བསྟན་ཙམ་འདི་གོ་བླ་བར་བཟུང་ནས། དོན་གྱི་ཁོག་སྒྲིག་ཚུལ་མ་ཤེས་པར་སྣང་སྟེ། རྒྱུད་འདིའི་ལམ་རིམ་གྱི་ཁོག་པ་རྣམས་ལེའུ་དང་པོ་འདི་ལས་རྟོགས་དགོས་པ་གོ་བར་གྱིས་ཤིག རྟོག་པ་གཉིས་པ་ལས་ནི། ལས་ཚོགས་བཤད་པར་ཞལ་གྱིས་བཞེས་པ་དང༌། མངོན་བརྗོད་གཙོ་བོར་བསྟན་པ་དང༌། རྐྱང་པའི་འཁོར་ལོ་གའུ་བསྲོ་བའི་ལས་དང༌། རིམས་ཀྱིས་ཐེབས་པ་དང༌། སྦགས་པའི་འཁོར་ལོ་སྦ་བའི་ལས་དང༌། འཁོར་ལོ་དེ་ཉིད་གཟུགས་བརྙན་གྱི་སྦྱོར་བ་ལ་བརྟེན་པ་སྟེ། འཁྲུལ་འཁོར་གྱི་བསད་ལས་གཙོ་བོ་གསུམ་དང་ཕྱི་མ་གཉིས་ལ་སླར་རྗེས་སུ་འཛིན་པའང་གསུངས། དེ་རྗེས་བྱི་བ་དུག་ཅན་གྱི་སྦྱོར་བས་རེངས་པ་གཅིགདབྱེ་བ་གཅིགབསྐྲད་པ་གསུམ། ཡང་དབྱེ་བའི་རྣམ་གྲངས་གཉིས། སྦྱིན་སྲེག་གིས་བསད་པ་གཅིགཡང་བསྐྲད་པ་དང་རེངས་པ་རེ་རེ། དབང་སྡུད་གཅིག་འགུགས་པ་གཅིགསྨྱོར་གཞུག་པ། འཁོར་ལོ་བསྲེག་པའི་སྒོ་ནས་བསད་པ། ཡང་དབྱེ་བ་གཅིགཡན་ལག་མཚོན་གྱིས་འབུགས་པ་དང༌། བུ་མོ་རེངས་པར་བྱེད་པ་གཅིག་རྣམས་གསུངས་ཏེ། སྤྱིར་ན་བསད་ལས་དྲུག་


TNT06_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲད་པ་ལྔ། དབྱེ་བ་བཞི། རིམས་ཀྱིས་བཟུང་བ། རེངས་པ། མནན་པ། དབང༌། དགུགསྨྱོ་བ། བུ་མོ་རེངས་པ་རྣམས་བསྟན་པར་འདོད་དོ། །དེ་རྗེས་ལས་སྒྲུབ་པ་གསང་དགོས་པ་དང༌། གང་ལ་བྱ་བའི་ཡུལ་དང༌། བསམ་པ་བསྟན་པ་དང༌། མངོན་སྤྱོད་གཟུ་ལུམ་དུ་མི་བྱ་བར་རྒྱུད་གཞན་གྱི་ལུང་དྲངས་པ་རྣམས་ཡོད་དོ། །རྟོག་པ་གསུམ་པ་ལས། མཚམས་སྦྱོར་དང༌། སྔགས་བཏུའི་གནས་དང༌། འཐུ་བ་པོ་དང༌། རྩ་སྔགས་བཏུ་བ་དེའི་ཆེ་བ་དང༌། གྲངས་ཚད། སྙིང་པོ་བཏུ་བ་དང༌། ཆེ་བ་དང་གྲངས་ཚད། ལས་སྔགས་འཐུ་བ་དང་ཆེ་བ་དང་གྲངས་ཚད་སྔགས་བཏུའི་བསམ་པ་དང་ཆོ་ག་མིང་ཙམ་གསུངས་སོ། །རྟོག་པ་བཞི་པ་ལས་ནི། བདག་བསྐྱེད་ཀྱི་སྒྲུབ་ཐབས་བསྙེན་པའི་ཆོ་ག་གཙོ་བོར་གྱུར་པ་གསུངས་ཏེ། ལེའུའི་འཇུག་གི་ཆ་ནས། ཐུན་མཚམས་ཀྱི་སྤྱོད་པ་དང༌། གནས་དང༌། དམ་ཚིག་དང༌། རྩ་སྔགས་ཀྱི་བཟླས་པའི་གྲངས་དང༌། ཕན་ཡོན་རྣམས་གསུངས་སོ། །རྟོག་པ་ལྔ་པ་ལས་ནི། འཚམས་སྦྱོར་སྔོན་དུ་འགྲོ་བས། རས་གཞི་དང༌། རི་མོ་མཁན་གྱི་མཚན་ཉིད་དང༌། ཡོན་སྦྱིན་པ་དང༌། སྐུ་གཟུགས་ཇི་ལྟར་འབྲི་བ་དང༌། བཞུགས་པའི་གནས་དང༌། བྲིས་སྐུ་མཆོད་པ་རྣམས་གསུངས་སོ། །རྟོག་པ་དྲུག་པ་ལས་ནི། མཚམས་སྦྱོར་བ་སྔོན་དུ་འགྲོ་བས། དྲག་པོའི་སྦྱིན་སྲེག་གི་གནས་བསྟན་ཏོ། །དེ་རྗེས་བསད་པ་གཉིས། དབྱེ་བ་གཉིས། བསྐྲད་པ་གཅིག རེངས་པ་གཅིགགྲོང་བསྐྲད་པ། ལས་བསྒྲུབ་པ་ལ་སྒྲིམས་པ་དང༌། གསང་དགོས་པར་བསྟན་པ། བུ་མོ་རེངས་པའི་སྦྱོར་བ། ཞི་བའི་སྦྱིན་སྲེགརྒྱས་པའི་སྦྱིན་སྲེགདགུག་པའི་སྦྱིན་སྲེགསྨྱོ་བ་དང༌། རྫས་ཆུད་གསན་པ་གཉིས་


TNT06_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སླར་གསོ་བ་དང་བཅས་པ། ཡུལ་ཕྱོགས་དབང་དུ་བྱེད་པ། དེ་མི་ཉམས་པར་གནས་པའི་ཐབས། ནོར་དབང་དུ་བྱེད་པ། རྒྱལ་པོ་འཁོར་བཅས་དབང་དུ་བྱེད་པ། སྐྱེས་པ་དབང་དུ་བྱེད་པ། བུད་མེད་དབང་དུ་བྱེད་པ། ཡང་བསྐྲད་ལས་གཉིས། དབང་སྡུད་དང་དགུག་པ་རེ་རེ་རྣམས་གསུངས་ཏེ། ཐམས་ཅད་སྦྱིན་སྲེག་གི་ལས་འབའ་ཞིག་གོ །དེ་རྗེས་བྱེ་བྲག་མི་བྱ་བ་དང༌། གཅིག་པུས་བསྒྲུབ་པར་བཤད་དོ། །རྟོག་པ་ཐ་མ་བདུན་པ་ལས་ནི། བཤད་པར་ཞལ་གྱིས་བཞེས་པ་དང༌། མདོར་བསྟན་པ་དང༌། ཡེ་ཤེས་ཁྲོ་བོའི་བསམ་གཏན་གྱིས་བསད་པ། ཕོ་ཉ་གཏུམ་པོའི་སྦྱོར་བས་བསད་པ། དབྱེ་བའི་བསམ་གཏན་གཅིགབསྐྲད་པའི་བསམ་གཏན་གཉིས། དགུག་པའི་བསམ་གཏན་གཅིགདུག་གསོ་བའི་བསམ་གཏན། ཞུ་བའི་བསམ་གཏན། རྒྱལ་པོ་སོགས་དབང་དུ་བྱེད་པའི་བསམ་གཏན་རྣམས་གསུངས་ནས། ལས་ཐམས་ཅད་མཉམ་པར་བཞག་ཅིང་བརྟུལ་ཞུགས་བརྟན་པས་བསྒྲུབ་དགོས་པ་དང༌། རྒྱུད་སྔགས་ཆོ་ག་བྲིས་སྐུ་རྣམས་ཤིན་ཏུ་གསང་དགོས་པ་དང༌། སློབ་མ་མཆོག་མཚན་ཉིད་དང་ལྡན་པ་ལ་སྟོན་པ་དང༌། གཞན་ལ་བཀའ་རྒྱས་བཏབ་པ་རྣམས་གསུངས་སོ། །འདི་རྒྱུད་རྒྱས་པའི་དུམ་བུ་ལོགས་སུ་ཕྱུང་བ་བཀོལ་བ་དུམ་བུའི་རྒྱུད་དུ་བཞེད་པ་དང༌། སྙིང་པོའི་དོན་ཕྱུང་བའི་བསྡུས་རྒྱུད་དུ་བཞེད་པ་དང༌། རྒྱུད་རྒྱས་པའི་འཇུག་ཐོགས་སུ་གསུངས་པས་ཕྱི་མའི་རྒྱུད་ལྟ་བུར་འདོད་པ་སྟེ། འདོད་ཚུལ་གསུམ་ཡོད་ཀྱང༌། བར་བ་ལྟར་འཐད་དེ། བསྡུས་རྒྱུད་ཉིད་ཡིན་པར་སེམས་སོ། །ཡང་འདིའི་འཇུག་ཏུ་བླ་མ་དམ་པ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན། ལ་ལི་ཏ་བཛྲས་ཕྱུང་ནས་མཛད་པ་རྫོགས་སོ། །ཞེས་འབྱུང་བས། རྒྱུད་རྒྱས་པ་ལས་ལ་ལི་ཏ་བཛྲ་གྱིས་མཐུས་པ་ཡིན་པས་


TNT06_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་འགྲེལ་གྱི་བསྟན་བཅོས་སོ་ཞེས་རྒྱ་བལ་འགའ་ཞིག་འདོད་སྐད་ཀྱང༌། དེ་ནི་མི་འཐད་དེ། རྒྱ་གར་གྱི་རྩོམ་པ་བསྟན་བཅོས་ཚད་ལྡན་ལ་རྒྱུད་ཀྱི་རྣམ་པར་བྱས་པ་མི་འབྱུང་བས་སོ། །ལ་ལི་ཏ་བཛྲ་གྱིས་ཕྱུང་ཞེས་པ་ནི། རྒྱུད་རྒྱས་པ་ལས་འཐུས་རྒྱུད་བྱས་པའི་དོན་མིན། དེས་རྡོ་རྗེའི་གནས་ཨོ་རྒྱན་ནས་སྤྱན་དྲངས་ཞེས་པའི་དོན་ཡིན་ནོ། །རྟོག་པ་བདུན་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བ་ཡིད་བཞིན་ནོར་བུ་ལྟ་བུའི་རྒྱུད་ཡིན་ལ། མཐའ་ན་གླེགས་བམ་བཞུགས་པ་ཙམ་ལའང་བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་མེད་པ་ཞིག་གོ །ཡང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བཞི་པ་བྱ་བ་ཅིག་ཀྱང་ཡོད་དེ། དེ་དང་རྡོ་རྗེ་ལྕགས་སྒྲོག་མའི་རྟོག་པ་དང༌། མི་གཡོ་བ་ཕྱག་བརྒྱ་པའི་རྟོག་པ་རྣམས། མར་པ་ཆོས་ཀྱི་དབང་ཕྱུག་གྲགས་པས་བསྒྱུར་བ་ཡོད། དེ་རྣམས་འགའ་ཞིག་བརྩམ་བརྒྱུད་དུ་འདོད་ལ། ཁ་ཅིག་མར་དོས་བསྒྱུར་ཟེར་ཡང༌། མར་དོའི་མཚན་གྱི་མཐའ་ལ་གྲགས་པའི་མིང་མེད་པས། ལོ་ཙཱ་བ་གཞན་ཞིག་ཡིན་ལ། རྒྱུད་ལེའུ་བཞི་པ་འདི་ལ། དེར་མ་ཟད་ཐར་ལོས་འགྱུར་བཅོས་ཀྱང་མཛད་དོ། ཞེས་གྲག་གོ །རྟོག་པ་གཅིག་པ་གཏམ་རྒྱུད་ཀྱི་རྟོག་པ་ཞེས་བྱ་བ་ནི། སྔོོན་གྱི་སྐྱོ་པ་རྣམས་རྒྱུད་རྣམ་དག་ཏུ་བྱེད་ལ། ཕྱིས་ཀྱི་མཁས་པ་རྣམས་འདི་རྫུན་རྒྱུད་ཡིན་ཏེ། སྲོག་སྙིང་ཕུལ་བའི་སྐབས་ན། བཙན་གྱི་ཅ་ཅོས་སོགས་སྡེ་བརྒྱད་ཀྱང་བོད་མའམ་བོན་ལུགས་སུ་བྱུང་བ་དང༌། ཛ་ལ་ཙ་བཏུས་པ་ཤིན་དུ་མ་དག་པའི་ཕྱིར་རོ་གསུང་ཡང༌། འདིའི་དཔེ་རྙིང་པ་རང་འགའ་རེ་ན། ཚིག་དེ་དག་མི་སྣང་བས། གཤིན་རྗེ་ཡ་ཕུལ་མ་མོས་མ། །ཞེས་སོགས་ཚིགས་བཅད་དེ། རང་བཟོ་མཁན་གྱིས་ལྷད་དུ་བཅུག་པར་མངོན་པས། རྟོག་པ་དངོས་དེ་རང་རྣམ་དག་ཀ་ཡིན་པར་མངོན། སྒྲོལ་བའི་གྱིང་དུ་བྱིན་གྱིས་བརླབས། །ཞེས་


TNT06_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། བསོད་བྱེད་ཕོ་ཉར་བྱིན་གྱིས་བརླབས། །ཞེས་པའི་དོན་ལ་འགྱུར་ཁྱད་ཙམ་ཡིན་པས་གསལ་ལོ། །རྟོག་པ་གསུམ་པའི་རྒྱུད་འདི་ནི། རྭ་བོད་ཀྱི་དཀར་ཆག་ཚིགས་བཅད་མ་ན། དགྲ་ནག་གི་ཆོས་སྐོར་དུ་བགྲངས་ལ། ཁ་ཅིགསྔགས་ཀྱི་རྒྱལ་པོ་བཅུ་པ་ཡང༌། །ཞེས་འབྱུང་བས། རྡོ་རྗེ་འཇིགས་བྱེད་གཉིས་ཀྱི་བཤད་རྒྱུད་ཡིན་ཟེར། འོན་ཀྱང་དེ་ཙམ་ལ་ངེས་པ་མེད་པས། གཤིན་རྗེ་གཤེད་སྤྱི་ལ་འགྲོ་བའི་ཆོས་སྐོར་ཡིན་ཞིང༌། བསྐྱེད་རིམ་སྒྲུབ་ཐབས་སོགས་ལོགས་པ་མེད་པས། གསང་སྔགས་ལ་ཉེར་མཁོ་རབ་གནས་ཀྱི་རྒྱུད་སོགས་དང་འདྲ་བར། གཤིན་རྗེའི་འཁོར་ལོ་བསྐོར་བའི་མན་ངག་གི་རྒྱུད་དམ། རྒྱུད་རྒྱས་པ་ཅིག་ལས་ཕྱུང་བའི་བཀོལ་བ་དུམ་བུའི་རྒྱུན་ཡིན་པ་ཡང་སྲིད་དོ། །འདི་ནི་ལོ་ཙཱ་བ་རོང་ཟོམ་ཆོས་བཟང་གི་འགྱུར་ཡིན་ལ། ལོ་ཙཱ་བ་གཞན་དང་གཞན་གྱི་འགྱུར་ཡིན་ཟེར་བའི། འགྱུར་བྱང་བཏབ་པ་འདྲ་ཡོད་ནའང༌། གཞུང་གི་ངོ་བོ་ལ་འགྱུར་བཅོས་པ་ཅུང་ཟད་ཀྱང་མེད་དོ། །བུ་སྟོན་ཆེན་པོའི་རྒྱུད་སྡེ་སྤྱི་རྣམ་ན། རྟོག་གསུམ་དང་གཏམ་རྒྱུད་ཀྱི་རྟོག་པ་སྐྱོ་བ་རྣམས་རྒྱུད་དུ་འདོད་དོ། །ཞེས་རྒྱུད་མིན་གྱུ་བ་བྱུང་བ་ལ་བརྟེན་ནས། ངོར་པ་རྣམས་བློ་གསར་པ་སྐྱེས་ཏེ། རྟོག་གསུམ་རྒྱུད་མ་ཡིན། རྒྱ་གར་བ་ཅིག་གིས་བརྩམས་སམ། བོད་མཁས་པ་ཅིག་གིས་བྱས་མི་ཤེས་ཏེ། བསྟན་བཅོས་རྣམ་དག་ནི་ཡིན། དེ་ཡང་སྐྱོ་བའི་ལུགས་ལ་ཡོད། རྭ་ལ་མེད་ཅེས་ཟེར་རོ། །རྒྱུད་རྣམ་དག་མ་ཡིན་པའི་རྒྱུ་མཚན་བཤད་རྒྱུ་ནི་གཅིག་ཀྱང་མེད་པས། ཁྱེ་སྤོགས་གང་ཡང་མེད་པའི་ཆོས་སྤོང་གི་ལས་དམ་བཅའ་སྐམ་པོ་ཅིག་ཏུ་ཟད་ལ། ཡང་བསྟན་བཅོས་རྣམ་དག་ཏུ་འདོད་པ་དང༌། ཁུངས་མེད་སུས་བྱས་ཙམ་ཡང་ཆ་མེད་པར་འདོད་པ་འདི་ཡང་འགལ་བ་ལྟག་སྤྲོད་ཡིན་ལ། རེས་འགའ་


TNT06_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐྱོ་བའི་སྔགས་པ་ཅིག་གིས་བརྩམས་པ་ཡིན་ཡང་ཟེར་ཏེ། དེ་ལྟ་ན་བསྟན་བཅོས་རྣམ་དག་ཟེར་བ་ཡང་འཇའ་ཚོན་ལྟར་ཡལ་ལོ། ཁྱེད་དག་གཉོས་རྭ་མར་དོ་སོགས་ལོ་ཙཱ་བ་དངོས་ཀྱིས་བྱས་པའི་བསྟན་བཅོས་རྣམས་ཀྱང་མ་དག་པར་འདོད་བཞིན་དུ་སྐྱོ་བའི་སྔགས་པ་སུ་ཡིན་མེད་པ་ཞིག་གིས་བརྩམས་པའི་བསྟན་བཅོས་ཤིན་ཏུ་རྣམ་པར་དག་པར་འདོད་པ་ཡང༌། ཆེས་བཞད་གད་ཀྱི་གནས་ཡིན་ཞིང༌། ཡང་ཁ་ཅིག་འདི་སྐད་ཅེས། ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང༌། །ཞེས་འབྱུང་བས། རྒྱ་གཞུང་མིན་ཞེས་ཟེར་ཏེ། རྒྱུ་མཚན་ཅན་གྱི་འབྲེལ་ནི་ཅི་ཡང་མེད་དོ། །དེའི་དོན་ཐ་སྙད་ལ་བླུན་ཡང༌། དད་པ་དང་ལྡན་པ་ལ་དངོས་གྲུབ་ཉེ་བ་དང༌། ཐ་སྙད་མཁས་ཀྱང་རྟོག་གེས་དཔྱོད་པ་ལ་དངོས་གྲུབ་རིང་ཞེས་པ་ཡིན་པས། དེ་ནི་གསང་སྔགས་སྤྱིའི་ལུགས་ཡིན་ན་མི་འཐད་པ་ཅི་ཞིག་ཡོད། ཚིག་ཤིན་ཏུ་ཁ་གསལ་བས་བོད་མ་ཡིན་སྙམ་ན། མདོ་སྡེ་རྣམས་དང༌། གྲུབ་ཐོབ་རྣམས་ཀྱི་གཞུང་ཀློགས་ཤིགཞལ་ཤིན་ཏུ་གསལ་བ་མཐའ་ཡས་ཏེ། ཁྱོད་ཀྱི་ལོག་རྟོག་སེལ་བར་འགྱུར་རོ། །ཚིག་ལ་བརྗིད་བག་མེད་པའི་ཕྱིར། བོད་མའོ་སྙམ་ན་རྟོག་གསུམ་ནི་ཚིག་བརྗིད་བག་དང་ལྡན་པ་ཁོ་ན་ཡིན་པས་སྐྱོན་དེ་མེད་ལ། སྤྱིར་ནི་ཚིག་རྔམ་བརྗིད་ཆེ་ཆུང་ལོ་ཙཱ་བའི་འགྱུར་ཁྱད་པ་ཡིན་པས། དེ་ཙམ་གང་གི་ཡང་རྒྱུ་མཚན་དུ་མི་རུང་ཞིང༌། ཁྱེད་ཀྱིས་ནི་ཚིག་བརྗིད་བག་ཆེ་ཆུང་ཡང་ཉམས་ཀྱིས་མི་ཆོད་ཅིང་ངོ་མ་ཤེས་པར་སྣང་ངོ༌། །ཡང་ཁྱེད་ཀྱི་ངོར་ཐལ་བའི་སྐད་འཕང་སྟེ། ལམ་འབྲས་རྡོ་རྗེའི་ཚིག་རྐང་ཡང་བོད་རྩོམ་ཡིན་པར་ཐལ་ཏེ། དགའ་ལ་གཡང་ཟ། ངོ་ཚལ་སྐྲུག་བྲོ་ཞེས་དང༌། འདོད་ཡོན་སྣ་


TNT06_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མཐོང་བས་རྒོད་བྲོ། ཞེས་སོགས་ཚིག་བརྗིད་བག་ཆུང་ཞིང་མི་མཛེས་པ་དུ་མ་འདུག་པའི་ཕྱིར་རོ། །དེས་ན་རྒྱ་གཞུང་བསྟན་བཅོས་རྣམ་དག་དང༌། རྒྱུད་ཚིག་གཉིས་ལ་མི་འདྲ་བའི་ཁྱད་པར་ཇི་ལྟར་ཡོད། དེ་གཉིས་དང༌། བོད་རྩོམ་ལ་མི་འདྲ་བའི་ཁྱད་པར་གང་འདྲ་ཡོད། བོད་རྩོམ་བསྟན་བཅོས་རྣམ་དག་དང༌། རྣམ་དག་མ་ཡིན་པ་གཉིས་ལ། ཚིག་སྦྱོར་གྱི་ཁྱད་པར་ཇི་ལྟ་བུ་ཡོད། ཞེས་དྲིས་ན་གསལ་ཏེ། རྫུན་དང་ཚོད་དཔོགས་འབའ་ཞིག་གིས་ཕྱུགས་ཀྱི་སྐྱེ་བོའི་ཚོགས་པ་རྣམས་དང༌། མཚན་ཉིད་མཁས་པོར་རློམ་པའི་ཉམས་མེད་ཀོ་ལོང་དམ་པོ་རྣམས་མགོ་བསྐོར་བ་ལྷུར་ལེན་པ་ལས། དཀར་པོའི་ཆོས་གཅིག་ཀྱང་མ་འདྲེས་པའི་སྤྱོད་པའོ། །སྤྲོས་པས་ཆོག་གོ །གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་རྟོག་པ་འདི་ནི། རྒྱུད་རྒྱས་པའི་ནང་ནས་ལ་ལི་ཏས་བཀོལ་བ་ཡིན་པས། རྒྱུད་ཀྱི་རྣམ་གྲངས་ཡིན་ཞིང༌། གཤིན་རྗེ་གཤེད་སྤྱི་ཁྱབ་ཀྱི་ཆ་ལག་ཏུ་སྦྱོར། ཚུ་ཚུན་དྷ་རིའི་ཆོ་ག་ཞིབ་མོ་དང༌། ཏེའུ་ལོའི་རྟོག་པ་ཆུང་བ་གཉིས་ནི། རྟོག་བདུན་གྱི་འཕྲོས་དོན་ཡིན་པས། རྡོ་རྗེ་འཇིགས་བྱེད་ཁོ་ནའི་ཆོས་སྐོར་དུ་བསྡུའོ། །དེ་དག་ནི་སྤྱིར་གསང་སྔགས་གསར་མ། དེའི་ནང་གི་རྣལ་འབྱོར་བླ་མེད། དམར་ནག་འཇིགས་གསུམ་དུ་གྲགས་པའི་རྒྱུད་སྐོར་ཡིན་ལ། གཞན་ཡང་དུས་ཀྱི་འཁོར་ལོ་དང༌། མཁའ་འགྲོ་རྒྱ་མཚོ་ལས་གཤིན་རྗེ་གཤེད་སྤྱིའི་འཁོར་ལོ་བསྒྲུབ་ཚུལ་གསལ་བར་གསུངས་ཤིང༌། གཤིན་རྗེ་གཤེད་ཀྱི་ལས་ཚོགས་འཐོར་བུ་ནི། རྒྱུད་གཞན་མང་པོ་ལས་ཀྱང་འབྱུང་ངོ༌། །ཡང་གཤིན་རྗེ་གཤེད་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཅེས་བྱ་བ་འདི་ནི། རྒྱུད་ཀྱི་ངོ་བོ་སྤྱོད་རྒྱུད་ཡིན་ཞིང༌། ཁ་ཅིག་བྱ་རྒྱུད་དུ་འཆད་མོད་ཀྱང༌། འཆད་ཚུལ་དེ་བྱ་སྤྱོད་གཅིག་ཏུ་བསྲེ་བའི་ལུགས་ཡིན་པས་རྒྱུ་མཚན་དུ་མི་རུང་ལ།


TNT06_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བསྟན་པ་སྔ་དར་གྱི་དུས་སུ་འགྱུར། འགྲེལ་པ་གཉིས་ཡོད་ཀྱང༌། གཉིས་ཀར་བོད་མར་སྣང༌། ཕྱི་དར་ལ་བ་རི་ལོ་ཙཱ་བས་རྒྱུད་འདི་ཅུང་ཟད་བཤད་ཅིང༌། དཀྱིལ་ཆོག་སོགས་ཀྱང་བསྒྱུར་རོ། །རྒྱུད་འདིའི་ལེའུ་བརྒྱད་ཡན་ཆད་རྩ་བའི་རྟོག་པ། ལེའུ་དགུ་པ་རྟོག་པ་ཕྱི་མ། བཅུ་པ་ཕྱི་མའི་ཡང་ཕྱི་མ། དེ་ནས་ལེའུ་བརྒྱད་གསང་བའི་རྟོག་པ་དང་པོ་ཞེས་བྱ། དེ་བཞིན་དུ་གསང་བའི་རྟོག་པ་ལྔའི་བར་དུ་ཡོད། དེ་ཡང་ལེའུ་བཅུ་གཅིག་པ་སོགས་བདུན་ཁ་སྐོང་གི་ལེའུ་ཡིན་ལ། བཅོ་བརྒྱད་པ་སོགས་གསང་རྟོག་ལྔ་པོ་ནི། རྣམ་གྲངས་གཞན་གྱི་སྒོ་ནས་བསྟན་པའོ། །རྒྱུད་འདིར་བསྙེན་སྒྲུབ་རིམ་པ་བཞིའི་སྒོ་ནས། དངོས་གྲུབ་བསྒྲུབ་ཚུལ་ཤིན་ཏུ་མང་བར་གསུངས་ཤིང༌། དངོས་བསྟན་དཀྱིལ་འཁོར་དྲུག་ཡོད་དེ། བེ་ཆོན་མང་པོ་དང༌། གསལ་ཤིང་མང་པོ་དང༌། མདུང་ཐུང་མང་པོ་དང༌། མི་རོ་མང་པོ་དང༌། ཐོད་པ་མང་པོ་དང༌། དུར་ཁྲོད་མང་པོའི་དཀྱིལ་འཁོར་རྣམས་སོ། །འདི་ནི་རྟོག་བདུན་དང་མཐུན་ཤས་ཆེ་ཞིང༌། རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཆོས་སྐོར་ལ་ཉེ་བར་མཁོ་བ་ཡང་མང་དུ་ཡོད་མོད་ཀྱི། རྒྱུད་ཀྱི་འཇུག་སྒོ་ཐ་དད་པའི་ཕྱིར། རེ་ཞིག་རྒྱས་པ་མ་སྨོས་སོ། །རྒྱུད་སྡེ་མཐོ་དམན་སྙོམས་པའི་དབང་དུ་བྱས་ནས། དཔལ་གཤིན་རྗེ་གཤེད་པོའི་རྒྱུད་རྣམས་རྒྱུད་གཞན་ལས་ཁྱད་པར་དུ་འཕགས་ཚུལ་ནི། རྣམ་གྲངས་མང་པོ་ཡོད་མོད་ཀྱི། གཙོ་བོར་སྔགས་འགྲུབ་སླ་ཞིང་ལས་མྱུར་བས་ཁྱད་པར་འཕགས་པ་ཡིན། དེའི་ནང་ནས་ཀྱང་འཁྲུལ་འཁོར་གྱི་ལས་སྟོབས་ཆེ་ཞིང་མྱུར་ལ། ཐེ་ཚོམ་མེད་པར་འགྲུབ་པའི་ཕྱིར་ཁྱད་པར་དུ་འཕགས་པ་སྟེ། ཇི་སྐད་དུ། བརྟུལ་ཞུགས་མཐར་ཐུག་ཐོད་པ་ཆེན་པོ་དང༌། །འཁྲུལ་འཁོར་མཐར་


TNT06_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་གཤིན་རྗེ་གཤེད་ཀྱི་རྒྱུད། །རྒྱུད་ཀྱི་མཐར་ཐུག་པ་ནི་འདུས་པ་སྟེ། །བྱུང་བར་མ་གྱུར་འབྱུང་བར་མི་འགྱུར་རོ། །ཞེས་དམར་ནག་གི་རྒྱུད་གཉིས་ཀ་ལས་མགྲིན་གཅིག་ཏུ་གསུངས་སོ། །ཐོད་པ་ཆེན་པོའི་བརྟུལ་ཞུགས་ནི། ནང་གི་རྣལ་འབྱོར་གྱི་སྟོབས་ལས། ཀུནྡ་ལྟ་བུ་འཕོ་མེད་དུ་འཆིང་བའི་མིང་ཡིན་གྱི། ཁ་ཅིག་རིག་པའི་བརྟུལ་ཞུགས་ཙམ་འཆད་པ་ལ་སངས་རྒྱས་ཐོད་པའི་རྒྱུད་མཆོག་ཡིན་ནོ་བའི་དོན་ནོ། །ཞེས་ཟེར་བ་ནི། བསམ་མནོ་མགོ་ཕུར་གྱི་བཤད་པའོ། །དེ་ལ་སྔོན་གྱི་གཤིན་རྗེ་མཁན་པོ་བོད་རྒན་རྣམས་ན་རེ། རྒྱུད་ཐམས་ཅད་ལས་ལས་ཚོགས་མང་དུ་གསུངས་ཀྱང༌། ལས་དང་པོ་པས་འཕྲལ་དུ་འགྲུབ་པ། གཤིན་རྗེ་གཤེད་ཀྱི་ལས་ཚོགས་རྣམས་ཉིད་རང་ཡིན། རྒྱུད་ལ་ནང་གི་ཁམས་ཆེ་བ། གསང་འདུས། དུས་འཁོར། བདེ་མཆོག་རྣམས་ཡིན་ཏེ། གསང་འདུས་ཀྱི་ལས་ཚོགས་འགྲུབ་པ་ལ། བསྐྱེད་རིམ་ལ་བརྟན་པ་ཐོབ་དགོས། དུས་འཁོར་ལ་རླུང་བུམ་པ་ཅན་གྲུབ་དགོས། བདེ་མཆོག་ལ་ཕོ་ཉ་མོ་གྲུབ་དགོས། གཤིན་རྗེ་གཤེད་ལ་གྲངས་བསྙེན་སོང་ན། འཁོར་ལོ་བཅས་ཆོག་ཡིན་ཟེར་ཏེ་རྒྱུད་དེ་རྣམས་ཀྱི་ཆ་རྒྱུས་རགས་པ་ཡོད་པར་འདུགཕྱོགས་འདྲ་རུང་གི་གཏམ་ཡིན། སྤྱིར་རྒྱུད་གཞན་དེ་དག་ནས་གསུངས་པའི་ལས་ཚོགས་རྣམས་ཀྱང༌། ལས་དང་པོ་པས་མི་འགྲུབ་པ་ཏ་མ་ཡིན་མོད། གྲངས་བསྙེན་སོང་ཙམ་གྱིས་ཀ་ལས་ཚོགས་བསྒྲུབ་ན། གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་ཉིད། ལས་ཚོགས་གཞན་ཐམས་ཅད་ལས་མཆོག་ཏུ་གྱུར་པར་ཚད་མས་གྲུབ་བོ། །སྤྱིར་ལྷ་ཞི་བ་ལས་ཁྲོ་བོ་འགྲུབ་ཐག་ཉེ་བ་དང༌། ཁྲོ་རྒྱལ་གཞན་ལས་ཀྱང་གཤིན་རྗེ་གཤེད་ཉེ། ཁྱད་པར་དུ་མངོན་སྤྱོད་དྲག་ཤུལ་གྱི་ལས་ལ། འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ལྷ་སྔགས་ལས་སྦྱོར་རྣམས་དང་མཚུངས་པ་འགའ་ཡང་མེད་དོ། །བཞི་པ་ནི། ད་ནི་རྒྱུད་དེ་རྣམས་ཇི་ལྟར་བྱུང་ཚུལ་བཤད་དེ། དམར་ནག་གཉིས་ལ་སྟོན་པ་རྡོ་རྗེ་གདན་དུ་བཞུགས་ཏེ། བྱང་ཆུབ་བརྙེས་པར་བཞེད་པ་ལ། བདུད་


TNT06_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དམག་བྱེ་བ་སུམ་ཅུ་སོ་དྲུག་ལྷགས་པའི་ཚེ། སྟོན་པ་ཉིད་གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་དུ་བཞེངས་ཏེ། བདུད་ཀྱི་རིགས་ཀྱི་ལྷ་ཚོགས་འབྱུང་པོ་ཐམས་ཅད་ཚར་བཅད་ནས་བྱང་ཆུབ་ཀྱི་ལམ་ལ་བཀོད་དེ་རྒྱུད་གསུངས་ཤིང༌། མཐར་ཕྱག་ན་རྡོ་རྗེ་ལ་རྒྱུད་གཏད་ནས། ཁྱོད་ཀྱིས་ཀྱང་གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་དང་ཆོ་ག་འདིས། བདུད་རྣམས་ཐུལ་ཞིག་ཅེས་གསང་བདག་ལ་གདམས་པའི་ཚུལ་གྱིས། ཕྱི་རབས་རྗེས་འཇུག་གི་གང་ཟག་རྣམས་ལ་དགོངས་པར་མཛད་དོ། །འདི་ནི་དམར་ནག་གི་རྒྱུད་ཀྱི་ལེའུ་ཐ་མ་ལས་འབྱུང་ངོ༌། །གདོང་དྲུག་ལས་ནི། བཅོམ་ལྡན་འདས་ཁྲོ་བོ་ཆེན་པོའི་སྐུར་བཞེངས་ནས། མ་ཧེའི་བདག་པོ་ཆུང་མར་བཅས་པ་ཞབས་ཀྱི་འོག་ཏུ་བརྫིས་ཞེས། གཤིན་རྗེའི་བདག་པོ་ཁྱོ་ཤུག་ཚར་བཅད་པ་ཙམ་ཞིག་གསུངས། དེ་ཡང་གཤིན་རྗེའི་བདག་པོ་དང༌། དྲག་པོ་དབང་ཕྱུག་གཅིག་པར་འདོད་པའང་ཡོད་དོ། །དེ་བཞིན་དུ་གཤིན་རྗེ་གཤེད་རྣམ་པར་རྒྱལ་བ་ལས། དེ་ནས་འཇམ་པའི་དབྱངས་ཀྱིས་ནི། ཁྲོ་བོའི་མིང་ནི་གཤིན་རྗེ་གཤེད། །མཚོན་ཆ་མེ་ལྕེ་འབར་བ་འཁྲིགས། །འདི་མཐོང་ནས་ནི་ཁྲོ་བོ་གཞན། །ཐམས་ཅད་ཀྱི་ནི་ལག་ཆ་ཤོར། །ཞེས་བཅོམ་ལྡན་འདས་འཇམ་དབྱངས་ཀྱིས་གཤིན་རྗེ་གཤེད་སྤྲུལ་བས། ཁྲོ་བོ་གཞན་ཐམས་ཅད་སྐྲག་པའི་ཆེད་དུ་བརྗོད་པ་སོགས་ཡོད་དོ། །འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་ལ་རྟོག་བདུན་ལས། དེ་ཡིས་ལྷ་རྣམས་ཐམས་ཅད་ལ། །དྲག་ཤུགས་ཆེ་ཞིང་འཇིགས་པར་བྱེད། །ཅེས་པའི་ཚིག་ཟུར་གྱིས་ཅུང་ཟད་ཙམ་འཕངས་པ་མ་གཏོགས། རྟོག་བདུན་ལས་ལོ་རྒྱུས་གསལ་བར་གསུངས་པ་མེད། གཏམ་རྒྱུད་ཀྱི་རྟོག་པ་ལས། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་ཆེན་པོའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ། རྡོ་རྗེ་འཇིགས་བྱེད་ཆེན་


TNT06_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རི་རབ་ཀྱི་རྩེ་མོར་སྐུ་སྤྲུལ་ནས། གདུལ་བྱ་གཤིན་རྗེ་རྣམས་འདུལ་བའི་དུས་ལ་བབ་པར་མཁྱེན་ཏེ། ལྷོ་ཕྱོགས་ཀྱི་རྒྱ་མཚོར་ཕར་བརྒལ་ཏེ། གཤིན་རྗེའི་གནས་ལྕགས་མཁར་བཅུ་དྲུག་གིས་བཅོམ། ཡེ་ཤེས་རྡོ་རྗེའི་ལིང་གས་དབུས་ཀྱི་ལྕགས་མཁར་བསྒྱེལ་ཞིང༌། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་གནད་ནས་གཟིར། བདུད་ཚོགས་གཞན་ཐམས་ཅད་བཅོམ་ནས་རྨེག་མེད་པར་མཛད། སྡེ་བརྒྱད་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ། མནའ་དོར། གཤིན་རྗེ་དང་མ་མོ་ཐམས་ཅད་སྒྲོལ་བའི་གྱིང་ཕོ་མོར་བྱིན་གྱིས་བརླབས། བསྟན་པ་བསྲུང་བར་བཀའ་བསྒོས་སོ། །ཞེས་པ་ཙམ་ཞིག་འབྱུང་སྟེ། གདུལ་བྱའི་གཙོ་བོ་གཤིན་རྗེ་ཕོ་མོ་ཁོ་ནར་སྟོན་པའི་ལུགས་གཅིག་གོ །ཡང་གྲུབ་ཐོབ་བརྒྱུད་པའི་བླ་མ་རྣམས་ཀྱི་སྙན་ནས་སྙན་དུ་བརྒྱུད་པའི་གཏམ་རྭ་ལོ་ཆེན་པོའི་གསུང་རྒྱུན་ལས་འབྱུང་བ་ནི། སྔོན་དུ་དཔག་ཏུ་མེད་པ་འདས་པའི་སྔོན་རོལ་ན། ལྷ་དབང་ཕྱུག་ཆེན་པོའི་བུ་ལྷའི་དམག་དཔོན་ཆེན་པོ་གཞོན་ནུ་གདོང་དྲུག་དང༌། ལྷ་མི་གདོལ་པ་དྲག་པོ་གཉིས་འཛམ་བུའི་གླིང་གི་བདག་པོ་སུ་བྱེད་ལ་མ་མཐུན་ནས། ཡུན་རིང་དུ་འཐབས་པ་ལས། གདོང་དྲུག་ནི་ཕམ། གདོལ་པ་དྲག་པོས་འཛམ་གླིང་ལ་དབང་བསྒྱུར་བ་ན། ལྷ་དབང་ཕྱུག་ཆེན་པོ་རི་རབ་ཀྱི་ཁོང་སེང་ན་གནས་པས་དེ་ཤེས་ཏེ། སུམ་ཅུ་རྩ་གསུམ་ལ་སོགས་པ་མཁའ་ལ་སྤྱོད་པའི་ལྷ་རྣམས་དང༌། ནད་བརྒྱད་གདོན་བརྒྱད་སོགས་ས་སྟེང་གི་འབྱུང་པོ་ཐམས་ཅད་དང༌། ལྷ་མིན་ཀླུ་ལ་སོགས་པའི་ས་འོག་ན་སྤྱོད་པ་ཐམས་ཅད་དམག་ཚོགས་སུ་བསྐུལ་ཞིང༌། དྲག་པོ་དབང་ཕྱུག་ཆེན་པོ་ཉིད། དྲག་ཤུལ་དང་བཅས་ཏེ་འོངས་པ་ན། གདོལ་པ་དྲག་པོ་ནི་མགོན་སྐྱབས་གཞན་མེད་པས་ཤིན་ཏུ་འཇིགས་ཤིང་སྐྲག་པ་ལས། བཅོམ་ལྡན་འདས་འཇམ་པའི་དབྱངས་


TNT06_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་དྲན་ཏེ། གདོང་ནམ་མཁར་ཕྱོགས་ཏེ་སྐད་ཀྱི་གདངས་ཆེན་པོས། མཚན་ནས་བོས་ཤིང་གསོལ་བ་བཏབ་པས། ཕྱོགས་དེར་འཇམ་དཔལ་མངོན་སུམ་དུ་བྱོན་པ། གདུག་པ་ཅན་རྣམས་འདུལ་བའི་ཁྲོ་བོའི་སྐུར་བཞེངས་པ་ལས། ཞལ་གཞན་བརྒྱད་ཀྱིས་ཕྱོགས་མཚམས་ཀྱི་འཇིགས་བྱེད་བརྒྱད་གསོལ་བར་མཛད། རྩ་ཞལ་དང་ལིང་གས་ནི་འཇིགས་བྱེད་དབང་ཕྱུག་ཆེན་པོ་ཁྲོས་པ་ཉིད་བཏུལ། མ་ཧེའི་རྭ་གཉིས་ཀྱིས་ལྷ་མ་ཡིན་གྱི་རྟ་བ་རྣམས་བཅོམ། གླང་ལྤགས་འཛིན་པའི་ཕྱག་གཉིས་ཀྱིས་བརྒྱ་བྱིན་དང༌། ཕྱག་གཞན་སོ་གཉིས་ཀྱིས་ཉེ་དབང་སུམ་ཅུ་སོ་གཉིས་ཚར་བཅད། ཞབས་གཡས་བརྒྱད་ཀྱིས་གདོན་བརྒྱད། གཡོན་བརྒྱད་ཀྱིས་ནད་བརྒྱད་མནན། ཀླུ་རྣམས་རྒྱན་དུ་བཅིངས། གཞན་ཡང་ལྷ་གདོན་མ་རུངས་པ་རྣམས། ལ་ལ་ཞལ་དུ་གསོལ། ལ་ལ་ཞབས་ཀྱིས་མནན། ཞེས་དངོས་སུ་འབྱུང་ལ། དེའི་ཤུགས་ལ། གཞན་ཡང་ཞལ་དགུས་གཟའ་དགུ་དང༌། ཕྱོགས་སྐྱོང་དགུ་དང༌། འཇིགས་བྱེད་བརྒྱད་དམ་དགུ། ཞལ་དགུ་དང༌། སྤྱན་ཉེ་བདུན་གྱིས་རྒྱུ་སྐར་རྣམས་བཏུལ་བའང་དོན་གྱིས་ཐོབ་བོ། །དེ་ལྟར་ན་གདུག་པ་ཅན་གྱི་ལྷ་ཀླུ་ལྷ་མིན། འབྱུང་པོ་མི་དང་མི་མ་ཡིན་ཐམས་ཅད། དུས་དང་པོར་ཚར་བཅད་ཅིང་བསྒྲལ་ནས། སྙིང་ཁྲག་གསོལ་བ་ལ་སོགས་པ་འཇིགས་པ་ཆེན་པོ་བསྟན་ནས། སླར་ཡང་གསོ་ཤིང་རྗེས་སུ་བཟུང་སྟེ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། ཡང་དག་པའི་ལམ་ལ་བཀོད་ནས། གདོད་ནས་གྲུབ་པ་དང༌། གསར་དུ་ཐོབ་པའི་དཔའ་བོ་རྣལ་འབྱོར་མ་དང༌། སངས་རྒྱས་བྱང་སེམས་ནམ་མཁའ་གང་བའི་དབུས་སུ་རྩ་བའི་རྒྱུད་རྒྱས་པ་གསུངས༌། རྒྱུད་རྒྱས་པ་དེས་དུས་ཡུན་རིང་མོར་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད། སྐྱེས་བུ་མཐའ་ཡས་པ་ཞིག་གིས་དངོས་གྲུབ་ཐོབ་བོ། །དེ་ནས་བར་སྐབས་སུ་མི་རྣམས་ཀྱི་དོན་དུ་མི་འགྱུར་བར་མཁྱེན་ནས།


TNT06_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་གྱི་གནས་དྷརྨ་གཉྫ་ཆོས་ཀྱི་མཛོད་དུ་རྒྱས་བཏབ་ནས་བཞུགས་སོ་ཞེས་འབྱུང་ན། རྒྱུད་འདི་གདོད་ནས་གྲུབ་པའི་དབང་དུ་བྱས་ཏེ། སྔོན་བྱུང་རྩ་བའི་གླེང་གཞི་དེ་བཞིན་ཡིན་མོད། སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཀྱང༌། སླར་བཟློས་ཏེ་གསུངས་པ་ཡིན་དགོས་པས། དེ་རྗེས་ཨོ་རྒྱན་དུ་རྒྱས་བཏབ་བོ་ཞེས་བརྗོད་ན་ལེགས་པར་མངོན་ནོ། །འདི་དང་གཏམ་རྒྱུད་ཀྱི་རྟོག་པ་གཉིས་མི་འདྲ་བར་བྱུང་ཡང༌། རྩ་རྒྱུད་བསྡུས་རྒྱུད་མི་འདྲ་བ་སོ་སོ་ལ་དགོངས་པའང༌། རྫོགས་ལྡན་གཉིས་ལྡན་ལ་སོགས་པ་དུས་སྐབས་ཐ་དད་དུ། བསྟན་པ་བྱུང་ཚུལ་སོ་སོ་ལ་དགོངས་པ་ཡང་སྲིད། གནས་དུས་་གཅིག་དང་རྒྱུད་གཞུང་གཅིག་ཡིན་ཡང༌། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པས་འགལ་བ་ནི་མ་ཡིན་ནོ། །གཏམ་རྒྱུད་ཕྱི་མ་འདི་ལྟར་ན། གདུལ་བྱའི་གཙོ་བོ་ལྷ་དབང་ཕྱུག་ཆེན་པོ་ཡིན། གདོལ་པ་དྲག་པོ་ནི་ཧ་ལ་ནག་པོའམ་ལས་ཀྱི་གཤིན་རྗེ་སྟེ། ནང་འཁོར་གྱི་གཙོ་བོའོ་ཞེས་འདོད་དོ། །སྤྱིར་འཇིགས་བྱེད་ཆེན་པོ་ཞེས་པ། དབང་ཕྱུག་ཆེན་པོ་ཁྲོས་པའི་མིང་ཡིན། ཡང་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞེས་རྡོ་རྗེའི་མིང་ཚན་གྱིས་བཏགས་པ་ནི། འཇིགས་བྱེད་སྔ་མ་དེ་འདུལ་བྱེད་ཀྱི་ལྷ་ལ་ཟེར་བ་ཡིན་པས། གདུལ་བྱའི་གཙོ་བོ་དབང་ཕྱུག་ཆེན་པོར་བྱེད་པ་ཡང༌། ལས་ཚོགས་སྒྲུབ་པ་སོགས་གང་ལའང་གནད་ཆེ་བ་ཞིག་ཡོད་དོ། །དེས་ན་གཤིན་རྗེ་དང་མ་མོས་ཁྱད་པར་གྱི་འཕྲིན་ལས་སྒྲུབ་པ་ནི། གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་ཐམས་ཅད་ཀྱི་སྤྱི་ལུགས་ཡིན་ལ། རྡོ་རྗེ་འཇིགས་བྱེད་ལ་ནི་དེའི་སྟེང་དུ། དབང་ཕྱུག་ཆེན་པོ་དང་མགོན་པོ་ནག་པོ་ལ་ཁྱད་པར་གྱི་འཕྲིན་ལས་འཆོལ་བའི་ཚུལ་ཡོད་དེ། མན་ངག་གི་གནས་ཕྱི་མ་འདི། བོད་དུ་སྔོན་ཡང་རྭ་བ་རྣམས་མ་གཏོགས། གཞན་གྱྀས་ཤེས་


TNT06_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེར་མ་བྱུང༌། ཕྱིས་ཀྱི་གཤིན་རྗེ་གཤེད་པར་རློམ་པ་རྣམས་ལ། ཡེ་གསང་ཐབས་ཀྱིས་ཆོད་པར་སྣང་ངོ༌། །ཡང་བ་རི་ལོ་ཙཱ་བའི་གསུང་བགྲོས་ཡིན་ཟེར་བ། རྒྱུད་གསུངས་ཚུལ་གྱི་གཏམ་རྒྱུད་ཅིག་འདུག་ནའང༌། རྙིང་མ་བའི་མ་ཏྲཾ་རུ་ཏྲའི་དཔེ་བླངས་པ་ཙམ་ཞིག་ཀ་འདུག་པས་འདིར་མ་སྨོས་སོ། །ལྔ་པ་ལ་གཉིས། འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་དང༌། ཁ་བ་ཅན་འདིར་ནི་ལྟར་བསྒྱུར་ཞིང་གཏན་ལ་ཕབ་ཚུལ། དགོངས་འགྲེལ་གྱི་བསྟན་བཅོས་ཕྱོགས་འདིར་ཇི་ཙམ་འགྱུར་བའི་ཚུལ་འཕྲོས་དང་བཅས་པའོ། །དང་པོ་ནི། འོ་སྐོལ་གྱི་སྟོན་པ་འདིའི་བསྟན་པ་ལྷོ་འཛམ་བུའི་གླིང་དུ་དར་བ་ཁོ་ནའི་དབང་དུ་བྱས་ནས། ཆོས་འདི་དག་གི་བྱུང་ཚུལ་ཟུར་ཙམ་བརྗོད་པར་བྱ་སྟེ། གླིང་གཞན་དང་འགྲོ་བ་གཞན་དང༌། འཇིག་རྟེན་གྱི་ཁམས་གཞན་ན་སྤྱོད་པ་ནི་འདིར་མི་འཆད་དེ། དེ་འདྲ་བསམ་པར་མི་ནུས་ཤིང་བརྗོད་ཀྱིས་ཡང་མི་ལང་བའི་ཕྱིར་རོ། །གླིང་འདི་ཉིད་ཀྱིའང༌། ཡུལ་ཆེན་པོ་གཞན་དང་གཞན་གྱི་གླེང་བ་མི་བྱེད་ཀྱི། འཕགས་པའི་ཡུལ་དང་གངས་རིའི་ཁྲོད་འདིར་ཇི་ལྟར་བྱུང་ཚུལ་ཕྱོགས་མཚོན་གྱི་དབང་དུ་བྱས་ན། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་རྗེས་སུ། བཀའ་བསྡུ་བ་གསུམ་པའི་བར་ལ། གཙོ་བོར་ཉན་ཐོས་ཀྱི་ཐེག་པ་ཀ་འགྲོ་དོན་བྱུང༌། བསྡུ་བ་གསུམ་པའི་རྗེས་ནས་མི་རིང་བར་ཐེག་ཆེན་གྱི་མདོ་སྡེ་རྣམས་ཅིག་ཅར་མི་ཡུལ་དུ་བྱོན་ཞིང་དར་བའི་ཚེ། བྱ་སྤྱོད་རྣལ་འབྱོར་རྒྱུད་ཕལ་ཆེ་བ་དང༌། གསང་བ་འདུས་པ་དང༌། སངས་རྒྱས་མཉམ་སྦྱོར་ལ་སོགས་པ་བླ་མེད་ཅི་རིགས་པའང་མི་ཡུལ་དུ་བྱོན། དུས་དེའི་ཚེ་ཉིད་ནས་ཁྲོ་རྒྱལ་གཤིན་རྗེ་གཤེད་པོའི་སྔགས་རྒྱུད་ཀྱང་དར་ཏེ། དེ་ཡང་འཕགས་པའི་ཡུལ་ན་འདི་སྐད་ཅེས་གྲག་སྟེ། དུས་ཀྱི་རིམ་པ་ལྔ་


TNT06_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་སྐད། དེ་ཡང༌། འདོད་པའི་དངོས་གྲུབ་སྤྱོད་སྣ་ཚོགས། །གནོད་པ་ཅན་དང་ངེས་སྤྱོད་དང༌། །ཆ་ཤས་ཅན་ཏེ་རྣམ་ལྔའོ། །དེ་ལ་དུས་དང་པོ་འདོད་པའི་དངོས་གྲུབ་ཀྱི་དུས་ནི། དུས་དེའི་ཚེ་རིག་པ་འཛིན་པ་སྟོང་ཕྲག་བརྒྱ་བྱུང་བ་ལས། ལྷོ་ཕྱོགས་ཀྱི་རྒྱུད་གྲོང་ཁྱེར་གསེར་གྱི་ས་ཞེས་བྱ་བ་ན། རྒྱལ་པོ་བི་ཛ་ཡ་སིང་ཧ་འཁོར་སྟོང་དང་བཅས་པ། འདོད་པའི་ཡུལ་ལྔ་ལ་རྟག་ཏུ་སྤྱོད་ཀྱང༌། བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་རིག་སྔགས་གྲུབ་པས། འདོད་པས་མ་བཅིངས་པར་གྲོལ་ཏེ། རྡོ་རྗེའི་སྐུ་བརྙེས། རིའི་རྒྱལ་པོ་མནྡ་ར་ལ་བཞུགས་སོ། །ཞེས་གྲག་གོ །ཡང་ཤར་ཕྱོགས་ཀྱི་གྲོང་ཁྱེར། ཛྭ་ཥ་སྭ་མི་སྟེ་ཉའི་རྗེ་ཞེས་བྱ། སྔོན་དེ་ལྟར་གྲགས། བ་རེན་དྲའི་བྱེ་བྲག་ཅིག་ཡིན་ཟེར། དེར་རྒྱལ་པོ་དྲག་པོའི་འབྱོར་པ་ཞེས་བྱ་བ་གཤིན་རྗེ་གཤེད་པོའི་རིག་སྔགས་གྲུབ་སྟེ། གདུག་པ་ཅན་ཐམས་ཅད་དྲག་ཤུལ་སྤྱོད་པའི་སྔགས་ཀྱིས་བསད་བསྐྲད་དབྱེ་མནན་རེངས་པ་སོགས་ཀྱི་ཚར་བཅད་ཅིང་སླར་གསོས་ཏེ། ཡང་དག་པའི་ཁྲིམས་བསྐྱངས། མཐར་འཁོར་སྟོང་དང་བཅས་པ་རིག་པ་འཛིན་པ་གྲུབ་བོ། །འདི་གཤིན་རྗེའི་རྒྱལ་པོའི་མཆོད་གནས་སུ་བཞུགས་སྐད། ཡང་ནུབ་ཕྱོགས་ཧ་ལའི་ཡུལ་དུ། པ་ར་ཤ་མ་རཱ་ཛ་ཞེས་བྱ་བ། ངག་གི་བརྗོད་པ་ཐམས་ཅད་གྲུབ་པ་ཞིག་བྱུང་སྟེ། འཁོར་སྟོང་དང་བཅས་པ་རིག་པ་འཛིན་པའི་ལས་གྲུབ་ནས། འཕགས་པ་འཇམ་དཔལ་གྱི་ཞིང་ཁམས་ཅིག་ཏུ་བཞུད་སྐད། བྱང་ཕྱོགས་ཡུལ་ཡ་བ་ན་ཞེས་བྱ་བ། ད་ལྟ་ཀླ་ཀློའི་གྲོང་ཀ་བྷེ་ལ་ཞེས་པ་འདི་ཀ་ཡིན་ཟེར། དེར་རྒྱལ་པོ་ནཱ་གེན་དྲ་དེ་བ་ཀླུ་དབང་ལྷ་ཞེས་བྱ་བ་བྱུང༌། དེས་རྒྱལ་སྲིད་ཀྱང་བདེ་བར་བསྐྱངས། ལོ་བརྒྱ་ལོན་ཏེ་རྒས་ཤིང་འཁོགས་པ་ན། འཕགས་པ་འཇམ་དཔལ་གྱི་ཞལ་མཐོང་བའི་དགེ་


TNT06_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

སློང་ཞིག་གིས། གཤིན་རྗེ་གཤེད་ཀྱི་རིག་སྔགས་སྩལ་བས་མྱུར་དུ་འགྲུབ་རྒས་པའི་སྡུག་བསྔལ་ནི་མེད། རྒན་པོའི་དབྱིབས་ཀྱི་རྣམ་པས་སླར་ཡང་ལོ་བརྒྱའི་བར་དུ་གནས་ནས། འཐར་འཁོར་སྟོང་དང་བཅས་པ་རིག་པ་འཛིན་པ་གྲུབ་བོ། །ཡང་བྱང་ཕྱོགས་ཁ་ཆེར་ཧ་རི་ཧ་ར་ཞེས་བྱ་བ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་རིག་སྔགས་གྲུབ་པས། ཉེ་སྐོར་གྱི་ཡུལ་ལྗོངས་ཐམས་ཅད་དབང་དུ་བསྡུས་ཏེ། གྲོང་བྱེ་བ་ལ་དབང་བའི་རྒྱལ་པོར་གྱུར། ལོ་བཅུ་གཉིས་སུ་སྔགས་ཀྱི་སྤྱོད་པ་སྤྱད་ནས། འཁོར་སྟོང་དང་བཅས་པའི་རིག་པ་འཛིན་པར་གྱུར་ཏོ། །དེ་དག་ནི་མཚོན་པ་སྟེ། གཤིན་རྗེ་གཤེད་ཀྱི་སྔགས་རྒྱུད་ལ་བརྟེན་ནས། རྡོ་རྗེའི་སྐུ་ཐོབ་པ་མཐའ་ཡས་པ་ཞིག་བྱུང་ངོ༌། །དེ་ལྟར་དུས་དང་པོ་ལོ་བརྒྱའམ་ཉིས་བརྒྱ་ཙམ་མོ། །དུས་གཉིས་པ་སྤྱོད་པ་བ་སྣ་ཚོགས་པ་གྲུབ་པ་ནི། དེ་རྗེས་ལོ་སུམ་བརྒྱ་ཙམ་གྱི་བར་དུ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་དུ་ཞུགས་པ་རྣམས། དོན་མ་གྲུབ་པ་ནི་གཅིག་ཀྱང་མེད། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ཡང་མང་དུ་བྱུང་མོད། རལ་གྲི་རོ་ལངས་བཅུད་ལེན་སོགས་ལོའི་སྦྱོར་བས་འགྲུབ་པ་དང༌། ཞི་སོགས་ཕྲ་མོ་ཐམས་ཅད་ཟླ་བ་དྲུག་གིས་མི་འགྲུབ་པའི་ཐབས་མེད། ས་འོག་ས་སྟེང་སོགས་ཀྱི་རིག་པ་འཛིན་པའང་མང་དུ་བྱུང༌། གཤིན་རྗེ་གཤེད་ཀྱི་དབང་བསྐུར་བར་མ་ཐོབ་པ་དང་ལྷན་ཅིག་ཁྱིམ་གཅིག་ཏུ་སྔགས་བཟླར་ཡང་མི་བཏུབ་སྟེ། བཟླས་ན་དབང་མ་ཐོབ་པ་དེའི་ལུས་དེ་མ་ཐག་ཏུ་ཚིག་པའམ། སྐམས་པའམ། ཞིག་འགྲོ་བ་བྱུང་བས། སྔགས་བཟློས་པ་པོ་རྣམས་གཅིག་པུ་ཁོ་ནར་བཟླ་སྐད། དེའི་ཚེ་ལྷོ་ཕྱོགས་སུ་ཚོང་དཔོན་གྱི་བུ་ཨ་ར་དང༌། ས་ར་ཞེས་བྱ་བ་གཉིས་ཀྱིས་སློབ་དཔོན་གཅིག་ལ་གཤིན་རྗེ་གཤེད་ཀྱི་དབང་བསྐུར་ནོད་ནས། ཐོ་རངས་ཀྱི་ཚེ་བྲི་སྐུའི་མདུན་དུ་སྔགས་བརྒྱ་རྩ་རེ་བཟླས་སོ། །ཨ་ར་ཞེས་བྱ་བ་དེ་ལོ་


TNT06_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཙམ་སོང་བ་ན། ཚོང་ཁང་དུ་ཚོང་གི་བྱ་བ་བྱེད་འཕྲོ་ལ། ལུས་ཡང་ཞིང་སེམས་དགའ་བ་དེའི་ཏིང་ངེ་འཛིན་ལ་གནས་པ་ཞིག་བྱུང༌། དེར་འཆག་ས་ཐག་རིང་བ་ཞིག་ལ་ཕྱིན་པས། བསླུས་མ་ལེན་པའི་ཕྱིར་དུ། ཆོམ་རྐུན་གཡོ་ཅན་མི་བཞིས་བཟུང༌། ཞགས་པས་བཅིངས་པ་ལ་སྔགས་དྲན་པ་ཙམ་གྱིས་ཆད། ལྕགས་སྒྲོག་བརྟོད་པའང་ཐང་ཆུ་བཞིན་དུ་ནུད་སྐད་དེ། དེར་ཚོང་ཁང་ཡིད་ལ་དྲན་པས་ཚོང་ཁང་དུ་སླེབ། ལམ་ཁར་གཏེར་ཅིག་མཐོང་ནས་སྙིང་རྗེས་ཆོམ་པོ་དེ་རྣམས་བོས་ཏེ། གཏེར་དེ་ལས་ཅི་འདོད་པར་བྱིན་སྐད། བུ་ས་ར་ནི་དགོང་ཀ་ཞིག་དབྱུག་པ་ཐོགས་ཏེ། ཕྱུགས་རྣམས་སྐོར་བ་ལ་སོང་ངོ༌། །དེར་རང་གི་ལུས་ལས་སྔགས་ཀྱི་སྒྲ་དང༌། འོད་ཟེར་བྱུང་ངོ༌། །དབྱུག་པ་གཡབ་པས་མེ་འབར་རོ། །དེ་ཐོགས་ཏེ་ཕྱུགས་བདས་པས་ཕྱུགས་ཀྱི་རྭ་ལས་ཀྱང་མེ་འབར་ཞིང༌། ལོག་འོངས་པས་ཁྱིམ་དུ་སླེབ་ཀར། ནམ་མཁའ་ལས་སྒྲ་བྱུང་སྟེ། ཆོ་གའི་ལྷག་པ་འདི་དང་འདི་ལྟ་བུ་གྱིས་ཞེས་ཟེར་རོ། །དེ་ལྟར་བྱས་པས་ཁོང་རང་དང་ཕྱུགས་རྣམས་རྫུ་འཕྲུལ་དང་ལྡན་པའི་ལུས་སུ་གྱུར། ལོ་བཅུ་གཉིས་སུ་ངོ་མཚར་སྒྱུ་མའི་རིག་པ་མང་པོ་བསྟན་ཏེ། མཐར་རི་རབ་ཀྱི་རྩེ་མོར་འགྲོའོ་ཞེས་ཟེར་གར་སོང་ཆ་མེད་དོ། །གཏམ་རྒྱུད་འདིས་མཚོན་ནོ། །དེ་ཡན་ཆད་དུ་གཤིན་རྗེ་གཤེད་ཀྱི་ཆོས་སྐོར་རྣམས་སྐལ་མེད་ཀྱི་སེམས་ཅན་གཅིག་ལའང་འཆོལ་བར་འཁྱར་བ་མེད་ཅིང༌། སྐལ་ལྡན་ཁོ་ན་ལ་དར་བ་ཡིན་ནོ། །དུས་གསུམ་པ་གནོད་པ་ཅན་གྱི་དུས་ནི་ལོ་ལྔ་བརྒྱ་ཙམ་མོ་ཟེར་ཡང་ངེས་པ་མེད་པ་འདྲའོ། །གནོད་པ་ཅན་གྱི་དོན་ནི། སྐལ་ལྡན་ཆེད་དུ་བྱ་བའི་གདུལ་བྱ་རང་ཡང་མ་ཡིན་མདོ་སྔགས་ཅི་རིགས་པ་འགྲུབ་ནུས་པའི་ལས་ཤུགས་ཆེན་པོ་ཡོད་པ་རྣམས་ལའང་དར་བས་ནུས་པའི་སྒོ་ནས་སེམས་ཅན་ལ་གནོད་པ་དང༌།


TNT06_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དང་དུས་མ་ཡིན་པར་མངོན་སྤྱོད་བྱས་པས། སྒྲུབ་པོ་རང་ལའང་སྡིག་པ་འབྱུང་བའི་དོན་ཡིན། དུས་ཀྱི་སྟོབས་ཀྱིས་དེ་འདྲའང་མང་དུ་བྱུང་ཞེས་པ་ཙམ་ཡིན་གྱི། སྐབས་དེར་ཡང་སྐལ་ལྡན་དངོས་གྲུབ་ཐོབ་པའང་མང་དུ་བྱུང་ཞིང༌། སེམས་ཅན་གྱི་དོན་རྒྱ་ཆེར་མ་བྱས་པ་ནི་མ་ཡིན་ནོ། །དེ་དག་ཀྱང་མཐའ་ཡས་པ་ཞིག་ཡོད་མོད་ཀྱི། གཏམ་རྒྱུད་དཔེ་ཙམ་མཚོན་པ་ནི། རྒྱལ་པོ་ཟླ་བ་སྦས་པའི་དུས་སུ། ཡུལ་ཨོ་ཌི་བི་ཤར་ཚོང་དཔོན་གྱི་བུ་རབ་ཏུ་བྱུང་བ་སྣ་ཚོགས་འབྱུང་གནས་ཞེས་བྱ་བ་ཞིགསྡེ་སྣོད་གསུམ་ལ་བྱང་བར་བསླབས་ནས། ནགས་ཁྲོད་ཀྱི་ཕུག་པ་ཞིག་ན་བསྒོམ་ཞིང་འདུག་གོ །དེས་མཚན་ཅིག་ཕུག་པའི་ཕྱིར་ཕྱིན་པས་རྡོ་ལེབ་ཅིག་གི་སྟེང་ན་འོད་ཆེར་འཕྲོ་བ་ཞིག་འདུག་གོ །དེ་མངོན་རྟགས་སུ་བཟུང་སྟེ་ནངས་པར་བལྟས་པས། ཤིང་བེ་ཀང་ཀང་ཞེས་བྱ་བ་ལས་བྱས་པའི་རལ་གྲི་ཞིག་འདུག་སྟེ། དེ་ལ་མ་རེག་པ་ཞག་རེ་བཞིན་ལྟ་བར་སོང་ན་དབྱར་གྱི་དུས་སུ་དེ་ལས་སྤྲིན་ཆད་དེ། ཨོ་ཌི་བི་ཤིའི་ཡུལ་དུ་ཆར་ཆེན་པོ་འབབ་པ་ཡང་ཡང་མཐོང་ནས་ཤིན་ཏུ་ངོ་མཚར་སྐྱེས་པ་ལ། རྨི་ལམ་དུ་འདི་ནི་རི་བོ་འདི་ལ་གནས་པའི་རིག་སྔགས་འཆང་བ་ཞིག་གི་རྩེད་མོ་ཡིན་ནོ། །ཟེར་བས། རིག་སྔགས་མཁན་དེ་བལྟ་འདོད་པར་གྱུར་ཏེ། རི་ནགས་དེ་ཐམས་ཅད་བསྐོར་ཞིང་ཡུན་རིང་དུ་གསོལ་བ་བཏབ་པས། ལན་ཅིག་བྲག་དེའུ་ཅིག་གི་ངོས་མེ་ལོང་ལྟར་མཉམ་ཞིང་མཁྲེགས་པ་ཅིག་ལས་སྒོ་ཕྱེ་སྟེ། དེར་ཞུགས་པས་རིག་པ་འཛིན་པ་གཅིག་བཞུགས་འདུག་པ་ལ་ཕྱག་བྱས། དེའི་མཚན་ནི། ཨ་ནན་ཏ་བྷཱ་ཏེ་འོད་མཐའ་ཡས་ཟེར་གསུང༌། དཔེ་ལ་ལ་ན་ཨ་ནན་ཏ་བྷཀྟྲ་ཟེར་བའང་ཡོད། དེ་ལ་གསོལ་བ་བཏབ་པས། དེས་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་


TNT06_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ནས་དབང་བསྐུར། ཕྱག་མཚན་རྡོ་རྗེ་ཞིག་གཏད། སྣ་ཚོགས་འབྱུང་གནས་ཀྱིས་ཀྱང་དེ་ཐོགས་ནས་ཟླ་བ་དྲུག་བསྒོམས་པས། རྡོ་རྗེ་ལས་འོད་འབར་བ་ལུས་ལ་ཕོག་པས་འཇའ་ལུས་སུ་གྱུར། ཕྱི་རབས་ཀྱི་སེམས་ཅན་གྱི་དོན་དུ་དེའི་ཞབས་རྗེས་ཡོད། དེ་དག་དང་དུས་མཚུངས་རུང་ལ། འཕྲེང་རྒྱུད་མཁན་གཅིག་གིས་ཀྱང་གཤིན་རྗེ་གཤེད་ཀྱི་རིགས་སྔགས་ལ་བཟླས་བསྒོམ་ལ་བརྩོན་པས། མེ་ཏོག་འཕྲེང་རྒྱུད་འཕྱོ་བཞིན་དུ་འཕྲེང་རྒྱུད་སྤྲུགས་པས། ས་གཡོས་ཤིང་འཕྲེང་རྒྱུད་ཀྱི་རྗེས་རྡོ་ལ་གསལ་བར་བྱུང༌། བླ་དྭགས་ཀྱི་མིང་འཕྲེང་བ་མཆོག་ཅེས་བྱ། ཡུལ་བྷུ་ཤ་ནའི་རི་ལ་སྐུ་ལུས་མ་སྤངས་པ་ད་ལྟ་བཞུགས་ཟེར་བས་མཚོན་ཏེ། དངོས་གྲུབ་ཐོབ་པའང་ཆེས་མང་ངོ༌། །གནོད་པ་ཅན་གྱི་གཏམ་ཡང༌། ཡུལ་གཽ་རིའི་རྒྱལ་པོ་སྙིང་པོ་ཐིག་ལེའི་བློན་པོ་བྲམ་ཟེ་ཙ་ན་ཀ་ལྟ་བུ་ཡིན། དེའི་གཤིན་རྗེ་གཤེད་ཀྱི་ཞལ་མཐོང༌། མངོན་སྤྱོད་ཀྱི་ལས་ཀྱིས་མི་སུམ་སྟོང་ཙམ་ནི་བསད། སྟོང་ཕྲག་བཅུ་ཙམ་སྨྱོ་བར་བྱས། དབྱེ་བ། བསྐྲད་པ། རེངས་པ། དབང་པོ་ཉམས་པ་སོགས་ཀྱི་གནོད་པའང་ཆེས་མང༌། ཕྱོགས་ཀྱི་རྒྱལ་པོའི་སྲིད་བཅུ་དྲུག་ཙམ་སྟོངས་པར་བྱས། དེའི་སྡིག་པས་དམྱལ་བར་སྐྱེས་སོ། །འདི་འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན། མ་འོངས་པ་ན་གཤིན་རྗེ་ཆོས་ཀྱི་རྒྱལ་པོར་འགྱུར་བར་བཤད་དོ། །འདིའི་གཏམ་རྒྱུད་མཐའ་དག་མ་ཐོས་ཀྱང༌། དཔེར་མཚོན་པ་ལ། ཡུལ་ཌི་ལིར་ཀླ་ཀློའི་རིགས་ཀྱི་རྒྱལ་པོ། ཧ་ཚར་ཨ་ལ་ཞེས་བྱ་བ་ཡོད་དོ། །གྲོང་ཁྱེར་བཅོམ་རླག་མན་ཆད་རྒྱལ་པོ་སྙིང་པོ་ཐིག་ལེའི་ཡུལ་ཡིན། རྒྱལ་པོ་དེ་གཉིས་འཐབས་ཏེ་གཡུལ་བཤམས་པའི་སྐབས་སུ། བྲམ་ཟེ་དེའི་སྔགས་ཀྱིས་བཏབ་པའི་བྱ་ཐི་བ་ཞིག་ནམ་མཁའ་ལ་ཕུར་ཏེ་བཏང་བས། ཌི་ལིའི་དམག་མི་རྣམས་ཀྱིས་


TNT06_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ལ་རེག་པ་ཙམ་དུ་འཕུར་ཞིང༌། གཤོག་པའི་རླུང་གི་སྒྲ་འབྲུག་སྒྲ་ཙམ་བྱུང༌། དམག་མི་ཐམས་ཅད་ཀྱིས་ནམ་མཁའ་ལ་བལྟས་སོ། །བྱ་དེ་ཐག་རིང་པོར་མི་སྣང་བར་སོང་བ། དམག་མི་ཕལ་པ་རྣམས་རྣལ་མར་འདུག་ཀྱང༌། རྒྱལ་པོ་དང་དཔའ་བོའི་རིགས་ལྔ་བརྒྱ་ཙམ་མིག་ནམ་མཁའ་ལ་བལྟ་ཚུལ་གྱིས་དྲན་མེད་དུ་བརྒྱལ་ཞིང་མྱོས། དེ་ཀ་ལ་ལུས་པས་སྙིང་པོ་ཐིག་ལེའི་དམག་གིས་ཌི་ལིའི་ཡུལ་མཐའ་དག་བླངས་སོ། །ཡང་ཡུལ་སི་རོ་ཊིའི་རྒྱལ་པོ་ཧ་ཧ་རཱ་ཛ་དང༌། སྙིང་པོ་ཐིག་ལེ་རྩོད་པར་གྱུར་པའི་སྐབས་ཤིག་ཡུལ་དེར་དུས་སྟོན་ཆེན་པོ་ཞིག་བྱུང༌། བྲམ་ཟེ་ཙ་ན་ཀ་སློང་མོ་བར་བརྫུས་ཏེ་བལྟ་བར་སོང་ངོ༌། །ལམ་དུ་བུད་མེད་རྒན་མོ་ཞིག་དང་འཕྲད་པ། དེ་ཡང་སྔགས་འཆང་མ་ཡིན་པར་ཤེས་ནས། བདག་ཅག་ལས་ཚོགས་སྒྲུབ་པའི་གྲོགས་ཀྱིས་ཤིག་བྱས་ནས། དེ་དང་སྡེབས་ཏེ་སོང་སོང་བ་ལས། མཐར་དུས་སྟོན་བྱེད་ས་ན། ཤིང་ཀརྐོ་ཊིའི་འབྲས་བུ་ཕུང་པོ་ཤིན་ཏུ་ཆེ་བར་འདུག་ནས། མི་རྣམས་ཀྱིས་མ་ཚོར་བར། དེ་ལ་བྲམ་ཟེས་སྔགས་ཀྱིས་བཏབ་སྟེ་བཞགམཁའ་འགྲོ་མས་ཀྱང་ལྟ་སྟངས་ཀྱིས་མནན་ནོ། །དེ་ནས་དགའ་སྟོན་གྱི་སྐབས། ཤིང་ཐོག་རྒྱལ་པོ་དང་བློན་པོ་དང་གཙོ་བོ་ཐམས་ཅད་ལ་དྲངས། རང་རང་སོ་སོས་དེ་ནས་ཟོས་སོ། །ཐམས་ཅད་ཀྱི་ཐ་མ་ཕྱག་ཚང་བ་དེས་ཟ་བར་བསམས་ཏེ། ཆུ་གྲིས་ཤིང་ཐོག་ཕྱེད་མར་གཏུབས་པས། རྒྱལ་པོ་འཁོར་བཅས་སུམ་བརྒྱ་ཙམ་གྱི་མགྲིན་པ་དུས་གཅིག་ཏུ་ཆད་དེ་མགོ་ས་ལ་ལྷུང་ངོ༌། །དེ་ནས་ཡུལ་དེ་ཡང་སྙིང་པོ་ཐིག་ལེས་བླངས་སོ། །ཞེས་གྲག་གོ །དེ་དག་ནི་མཚོན་པ་སྟེ། གཞན་རྣམས་ཀྱང་དེ་འདྲའི་རིགས་སོ། །ཡང་དེ་དག་གི་རྗེས་སུ། ཡུལ་མ་ལ་བར་བྲམ་ཟེ་ལེགས་པར་གྲུབ་བྱེད་ཅེས་བྱ་བ་བྱུང༌། དེས་སློབ་དཔོན་


TNT06_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་མཁན་ཞིག་ལ་གཤིན་རྗེ་གཤེད་ཞུས་ཏེ་བསྒོམས་པས། རིག་སྔགས་འགྲུབ་ནས་ལས་ཕྲ་མོ་རྣམས་ཐོགས་པ་མེད་དོ། །འོན་ཀྱང་ལས་སྣ་ཚོགས་ཀྱིས་ཡིད་འབྱུང་སྟེ། ཡུལ་མ་རུའི་སོ་མཚམས་གྲོང་ཁྱེར་ཀཀྵ་ན་ཞེས་བྱ་བ་དང་ཉེ་བའི་བྲག་ཕུག་གཅིག་ཏུ་གནས་བཅས་ནས། སྐྱེ་བོ་མང་པོ་ལ་རིག་སྔགས་ཀྱི་མཐུས་ཕན་འདོགས་ཤིང་བསྡད་པས། གྲོང་ཁྱེར་བ་དེ་དག་སྔར་མུ་སྟེགས་བྱེད་ཁོ་ན་ལ་དད་པ་ལས། སྐབས་དེར་ཕལ་ཆེར་ནང་པ་ལ་དད་པར་གྱུར་ཏོ། །དེའི་རྒྱལ་པོ་རྒྱལ་ཕྲན་ཅིག་ཡོད་པས་ཀྱང༌། ཡང་ཡང་བལྟ་བར་འོངས་པ་ལས། དེ་དང་མི་རིང་བའི་ཕྱོགས་ཤིག་ན། རྡོ་ལེབ་ཆེན་པོ་འདོམ་གང་ཙམ་དུ་འཐུག་པ་དཀྱུས་ཞེང་དུ་འདོམ་བཅོ་ལྔ་ཙམ་པ་ཞིག་ཡོད་པ། གནོད་སྦྱིན་སྟོབས་པོ་ཆེ་ཞིག་ལ་བཀའ་བསྒོས་ཏེ། དེས་བླངས་ནས་རང་ཉིད་སྡོད་སའི་ཕུག་པའི་སྒོ་འགེབས་བྱེད་བྱས་སོ། །རྒྱལ་པོ་དེས་ཉི་མ་སྔ་མ་ཅིག་འོངས་དུས། དེ་མེད་པ་ལས་དེའི་ཕྱི་ཉིན་འོངས་པས། དེ་ལྟར་འདུག་པ་མཐོང་སྟེ་ཡ་མཚན་སྐྱེས་ནས་སློབ་དཔོན་དེ་བླ་མར་བཀུར་རོ། །དེ་ནས་རྒྱལ་པོ་དེ་ཡང་སྟོབས་དང་ལྡན་པར་གྱུར་ནས། སཽ་རཥྟ་སོགས་ཡུལ་མང་པོ་ལ་དབང་བྱེད་པ་ཞིག་བྱུང་ངོ༌། །དེར་མུ་སྟེགས་ཀྱི་སློབ་དཔོན་སཽ་མ་ཨཱ་ཙརྱ་ལ་སོགས་པ་རྣམས་ཕྲག་དོག་ཏུ་གྱུར་ནས་གྲོས་བྱས། ཡུལ་ཕྱོགས་འདི་ཀུན་ཏུ་སངས་རྒྱས་པ་དར་བ་ནི། བྲམ་ཟེ་འདི་ལ་ཐུག་ན་འདི་བསད་པར་ནུས་པ་སུ་ཡོད་བྱས་པ་ལ། ཁས་ལེན་པ་སུ་ཡང་མེད་དེ། དེ་ནི་རིག་སྔགས་གྲུབ་པ་ཡིན་པས། མེ་ཆུ་མཚོན་དུག་སོགས་གང་གིས་ཀྱང་མི་ཚུགས་པས་སོ་ཞེས་ཟློག་གོ །དེ་ནས་ཕྱི་ཞིག་ན་མུ་སྟེགས་པའི་དབུལ་པོ་ལུས་ཆུང་ཞིང་གོས་ཧྲུལ་བ་ཉམས་ཆུང་ཆུང་འདྲ་བ་གཉིས་ཞིག་གིས་ཁས་བླངས་ཏེ། དེ་གཉིས་ལའང་མུ་སྟེགས་དེ་རྣམས་ཀྱིས་གསེར་འབུམ་རྔན་པར་སྟེར་


TNT06_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཁས་བླངས་སོ། །དེ་ནས་དེ་གཉིས་བྲམ་ཟེ་ལེགས་གྲུབ་ཀྱི་སར་སོང་ནས་གཡོག་བྱེད་ཅིང་ཡོད་པ་ལས། ཇི་ཞིག་ན་བྲམ་ཟེས་དེ་གཉིས་ཀྱི་བསམ་པ་ཤེས་ཀྱང་ཅི་ཡང་མི་གནོད་དོ་བསམ་པས་ཅི་དགར་བཞག་གོ །དེ་ཡང་སྔོན་བྲམ་ཟེའི་བླ་མ་སྔགས་མཁན་དེས། ཁྲུས་ལ་འགྲོ་བ་ན་མི་སྐྲའི་ཚངས་སྐུད་སྒོ་གོང་དུ་བཏགས་ཏེ་བཞག་པ། བྲམ་ཟེ་ལེགས་གྲུབ་ཀྱི་མགོ་ལ་ཐོགས་པས་ཁྲོས་ཏེ་བཅད་ནས་བོར། དེ་ལ་བླ་མ་དེ་བག་ཙམ་མ་མཉེས་པའི་དམོད་པ་ཡོད་པས། གཡོག་དེ་གཉིས་ཀྱིས་ཀྱང་འཚང་དེ་རིག་སྟེ་སྐབས་འཚོལ་ཞིང་ཡོད་དོ། །སྐབས་དེར་བྲམ་ཟེ་ལེགས་གྲུབ་ཀྱིས་གཡོག་གཉིས་པོ་ཡུལ་སཽ་རཥྟར་བརྫངས་ཏེ། སཽ་མ་ཨཱ་ཙརྱའི་གནས་སུ་བུར་ཤིང་གི་ལྕུག་མ་ཁུར་པོ་འདི་སྐྱོལ་ཞིག་བྱས། དེས་ཀྱང་དེ་བཞིན་དུ་བྱས་པས། མུ་སྟེགས་ཀྱི་གནས་གཞི་དེ་ཐམས་ཅད་ཞིག་སྟེ། སཽ་མ་ཨཱ་ཙརྱ་འཁོར་བཅས་ཤིའོ། །ཡང་དེ་གཉིས་ལོག་སྟེ་འོངས། ཡང་ལན་ཅིག་བྲམ་ཟེ་ལེགས་གྲུབ་སྔགས་ཀྱི་ཚངས་སྐུད་དེ་བཞག་ནས་བག་མེད་པར་ཁྲུས་བྱེད་པ་ལ། གཡོག་པོ་གཉིས་ཀྱིས་ཚངས་སྐུད་བླངས་ཏེ་རལ་གྲི་ལ་དཀྲིས་ནས་བྲམ་ཟེའི་སྐེ་བཅད་པས་ཆོད་དོ། །ད་ནི་དེ་བསད་ཟིན་སྙམ་ནས་མགོ་ཁྱེར་ཏེ། དེ་གཉིས་བྲོས་ནས་སཽ་རཥྟར་སོང༌། ཤིང་གི་རྩེ་མོ་ལ་མགོ་བཏགས་ཏེ་ཕྱར་ནས། མུ་སྟེགས་བྱེད་ཀྱི་གནས་ལྷག་མ་རྣམས་སུ་ཕྱིན། བྲམ་ཟེ་ལེགས་གྲུབ་བསད་ཟིན་གྱི་ད་གསེར་དང་དབྱིག་རྣམས་ལོངས་ཤིག་ཅེས་སྐད་བཏང་བས། དེར་མུ་སྟེགས་རྣམས་འདུས་ཏེ། དགའ་དགའ་ལྟར་ངོ་མཚར་ཆེ་བར་བྱེད་པ་ལ་བྲམ་ཟེ་ལེགས་གྲུབ་ནི་སྔགས་གྲུབ་པས་མ་ཤི་སྟེ་བསམས་པ། ད་ནི་སློབ་དཔོན་གྱི་དམོད་པ་བྱུང་ཟིན་པས། ལས་དེ་དག་གོ་སྙམ་དགའ་བ་དང་བཅས་ཏེ། མགོ་བོ་མེད་པའི་ལུས་ཀྱིས་མུ་སྟེགས་ཀྱི་ཕོ་ཉ་གཉིས་ཀྱི་རྗེས་ལ་


TNT06_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་སོང་ནས། ཡུལ་སཽ་རཥྟར་ཕྱིན་པས། མུ་སྟེགས་ཅན་རྣམས་དང་སྐྱེ་བོ་མང་པོ་ལྟད་མོ་དགའ་སྟོན་ལ་འཚོགས་པའི་ས་དེར་གར་བྱེད་ཅིང་འོངས། དེ་མཐོང་བ་ཙམ་གྱིས་སྔར་གྱི་གཡོག་པོ་གཉིས་དང༌། མུ་སྟེགས་ཅན་ལྔ་བརྒྱ་ཙམ་ཁྲག་སྐྱུགས་ཏེ་ཤི མུ་སྟེགས་པའི་དགེ་བསྙེན་རྣམས་ཀྱི་གྲོང་ཁྱེར་ཡང་མེས་ཚིག་གོ །དེ་ནས་བྲམ་ཟེ་ལེགས་གྲུབ་ཀྱིས་རང་གི་མགོ་བླངས་ཏེ་སྔར་ཤུལ་དུ་བསླན་པས་འགྲིག་གོ །དེ་ནས་སྔར་གྱི་གནས་སུ་ལོག་འོངས་ཏེ། གཤིན་རྗེ་གཤེད་ཀྱི་ཆོ་ག་སྟོང་བརྒྱད་བརྒྱ་པ་ཡི་གེ་བྲིས་ཤིང༌། སློབ་མ་གསུམ་ལ་ཅུང་ཟད་བཤད་ནས། གླེེགས་བམ་བྲག་ལ་སྦས་ཏེ་བཞགམི་རིང་བར་ཕུག་དེ་ཉིད་དུ་མི་སྣང་པར་གྱུར་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་མ་ཐོབ། ཐུན་མོང་གི་རིག་འཛིན་ཡིན་ཟེར། གནས་དེ་ནི་གྷོ་ར་ཛྭ་ལ་སྟེ། དྲག་པོ་འབར་བ་ཞེས་པ་དུར་ཁྲོད་ཤིན་ཏུ་བཀའ་གཉན་པ་ཞིག་ད་ལྟ་ཡང་ཡོད་དེ། ཀླ་ཀློ་རྣམས་ཀྱིས་འགྲོ་མི་ནུས་གསུང་ངོ༌། །ཡང་དམངས་རིགས་ཀྱི་སློབ་དཔོན་ཀ་མ་ལ་ཀ་ར་ཞེས་བྱ་བ་གཅིག་གིས། སློབ་དཔོན་ཛཱ་ལ་ཧ་རི་ཞེས་བྱ་བ་དགེ་སློང་སྔགས་མཁན་ཞིག་མཉེས་པར་བྱས་ཏེ། གཤིན་རྗེ་གཤེད་ཞུས་ནས་བསྒོམས་པས། ལོ་འགའ་ཞིག་སོང་བ་ན། སྔགས་འགྲུབ་ཅིང་ཞལ་ཡང་མཐོང༌། ནུབ་ཕྱོགས་ཀྱི་ཡུལ་བྷཱ་ར་པཱ་ཊ་ན་ཞེས་པ་གྲོང་སྡེ་བཅུ་གཉིས་ཡོད་པ་ཞིག་ན། བསོད་སྙོམས་རྒྱུ་ཞིང་ནགས་ན་གནས་པར་བྱེད་དོ། །ཡུལ་དེ་དང་པོ་དད་ཅན་མང་པོ་ཡོད་པ་ཡིན་ཡང༌། བར་དེར་བྲམ་ཟེ་དང་ཀླ་ཀློའི་བཙུན་པ་དག་གིས་སུ་ཐོབ་ཀྱི་ཚུལ་གྱིས་འོངས་ནས། ཡུལ་ཐམས་ཅད་ལྟ་བ་ལོག་པར་བསྒྱུར། དེར་ཀ་མ་ལ་ཀ་རས་མི་མ་ཡིན་མཐུ་ཆེན་མོ་མང་པོ་རིག་མར་བསྒྲུབས་ནས་ཡོད་པ། མིའི་བུད་མེད་ཀྱི་གཟུགས་སུ་བསྒྱུར་ཏེ་དེ་དག་དང་ལྷན་ཅིག་གྲོང་ཁྱེར་དུ་ཕྱིན་པའི་


TNT06_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་གྱི་མི་རྣམས་འཚོགས་ཏེ། སངས་རྒྱས་པ་འདི་ཀུན་ལ་བདེན་པ་ཅུང་ཟད་ཀྱང་མེད། འདི་སྔོན་ཚངས་པར་སྤྱོད་པ་ཡིན་པར་བརྫུ་བ། ད་བུད་མེད་དང་ལྷན་ཅིག་གྲོང་དུ་རྒྱུའམ་ཞེས་ཐམས་ཅད་ཀྱིས་ཐལ་བརྡབས་བྱས། ཀ་མ་ལ་ཀ་ར་ཁྲོས་ཏེ། ལྷུང་བཟེད་ས་ལ་བརྡབས་པས་ས་གཡོས་མི་བཟད་པ་བྱུང༌། གྲོང་སྡེ་བཅུ་གཉིས་ཀྱི་མི་ཕྱུགས་ཁང་ཁྱིམ་བྱུང་བའི་ཤུལ་ཙམ་ཡང་མེད་པར་ས་འོག་ཏུ་སོང༌། དེར་གནོད་པ་ཧ་ཅང་ཆེས་པའི་སྡིག་པས། སློབ་དཔོན་དེས་དངོས་གྲུབ་ནི་མ་ཐོབ། ལོ་སུམ་བརྒྱར་འཚོ་ཞིང༌། ཕན་གནོད་ཀྱི་ནུས་པ་གང་ལའང་ཐོགས་རྡུགས་མེད། ཡུལ་ས་ཀར་དང༌། བྷ་ཀར་གཉིས་ཀྱི་རི་ལ་གནས་ཤིང༌། ལོངས་སྤྱོད་ལྷ་དང་མཉམ་པ་བྱུང༌། གཤིན་རྗེ་གཤེད་མཁན་པོ་ཚེ་རིང་བའི་གྲགས་པ་ཡང་དེ་ནས་བྱུང་སྐད། གཏམ་རྒྱུད་མཚོན་པ་ཙམ་མོ། །དེ་དག་ནི་སྤྱིར་གཤིན་རྗེ་གཤེད་ཀྱི་ཆོས་སྐོར་བྱུང་ཚུལ་དང། རིག་སྔགས་འགྲུབ་ཚུལ་ཙམ་ཡིན་གྱི། དམར་ནག་འཇིགས་གསུམ་གྱི་རྒྱུད་རྣམས་དེ་སྐབས་མི་ཡུལ་ན་སྤྱོད་པ་ཆེར་མེད་སྐད་དོ། །རྒྱུད་སྡེའང་གསང་སྔགས་ཕྱི་རྒྱུད་ལ་བརྟེན་པ་ཁོ་ན་ཡིན་ཞེས་གྲགས་མོད། མཐའ་གཅིག་ཏུ་མ་ངེས་ཏེ། བླ་མེད་ཀྱི་ཚུལ་ལ་བརྟེན་པའང་མང་དུ་ཡོད་པར་མངོན་ནོ། །དེ་རྗེས་བར་སྐབས་ཅིག་ལོ་བརྒྱ་ཙམ་ཁྲོ་བོ་གཤིན་རྗེ་གཤེད་པོའི་རིག་སྔགས་གྲུབ་པ་ཉུང་བའི་སྐབས་ཤིག་བྱུང་ངོ༌། །དུས་བཞི་པ་ངེས་པ་ལ་སྤྱོད་པ་ནི། དེ་ནས་སློབ་དཔོན་ཆེན་པོ་དཔལ་ཆོས་ཀྱི་གྲགས་པའི་སྐུ་ཚེའི་སྟོད་ཙམ་གྱི་དུས་ཤིག་ན། སློབ་དཔོན་ལ་ལི་ཏ་བཛྲ་བྱུང་ངོ༌། །སློབ་དཔོན་དེ་འཁྲུངས་པའི་ཡུལ་ནི་ཨོ་ཌི་བི་ཤ་ཡིན། བོད་པ་རྣམས་རིགས་བྲམ་ཟེ་ཡིན་ཞེས་འཆད། དཔལ་


TNT06_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལན་དར་སོང་ནས་རིག་པའི་གནས་ལྔ་ལ་མཁས་པར་བྱས། སྔགས་ཀྱི་ཐེག་པ་ཡང་མང་དུ་ཐོས། སློབ་དཔོན་སྔགས་མཁན་ཞིག་ལ། དཔལ་སྒྱུ་འཕྲུལ་དྲྭ་བའི་དབང་ཞུས། མེ་ཏོག་འཇམ་དཔལ་ལ་ཕོག་པས་འཇམ་དཔལ་ཉིད་ལྷག་པའི་ལྷར་བསྒྲུབས་པ་ཡིན། གསང་མཚན་ལ་ལི་ཏ་བཛྲ་ཡིན་མཚན་དངོས་འཇམ་དཔལ་མཚོན་ཆ་ཞེས་བྱ། དེས་འཕགས་པ་འཇམ་དཔལ་བསྒྲུབས་པས། ལོ་ཉི་ཤུ་ཙམ་ན་ཞལ་གཟིགས་ཤིང༌། ཐུན་མོང་གི་དངོས་གྲུབ་འགའ་རེ་ཐོབ་བོ། །སྐབས་འདིར་བོད་ཀྱི་བླ་མ་རྣམས་གསུངས་པ་ལྟར་ན། སློབ་དཔོན་འདིས་པཎྜི་ཏ་སྔགས་མཁན་རྣམས་ལ། འཇམ་དཔལ་མཚན་བརྗོད་ལས། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཞེས་གསུངས་པ་འདི་རྣམས་ཀྱི་ལྷ་སྔགས་རྒྱུད་དང་དཀྱིལ་འཁོར་ལ་སོགས་པ་གང་ཡིན་ཞེས་དྲིས་ཀྱང༌། འཇམ་དཔལ་གྱི་སྐུའི་རྣམ་འགྱུར་སྣ་ཚོགས་པ་སྟོན་ཏེ་དེའི་ནང་ཚན་རེ་ཡིན་གསུང་པ་ཙམ་ལས། འཛུག་བཙུགས་སུ་སྟོན་རྒྱུ་མ་བྱུང༌། ཁོང་རང་གི་བླ་མའམ། པཎྜི་ཏ་བགྲེས་པོ་ཞིག་ལ་ཞུས་པས། དཔའ་བོ་མཁའ་འགྲོའི་ཕྱག་ན་འདི་དག་ལའང་རྒྱུད་རེ་རེ་ཡོད་པར་འདུག་སྟེ། ད་ལྟ་མི་ཡུལ་ན་མེད་པས། དེའི་དོན་དུ་འཕགས་པ་འཇམ་དཔལ་སྒྲུབས་ཤིག་གསུངས་ནས་བསྒྲུབ་པ་ཡིན་ཟེར་རོ། །དེ་ནས་སློབ་དཔོན་གྱིས་བསྐྱེད་རིམ་བརྟན་ཅིང་ནུས་པ་ཅུང་ཟད་ཐོབ་པ་དང༌། དཔལ་ཨོ་རྒྱན་གྱི་ཡུལ་ནས་དྲེགས་པ་འདུལ་བའི་རྒྱུད་སྤྱན་དྲོངས་ཤིག་པའི་ལུང་བསྟན་ཡང་ཐོབ་ནས། རིམ་གྱིས་བྱང་ཕྱོགས་སུ་བཞུད་ནས། ཨོ་རྒྱན་དང་ཉེ་བའི་གནས་ཀུན་ཏུ་མུ་སྟེགས་རྣམས་དང་ནུས་པ་འགྲན་པ་ལས། གཞན་ཐམས་ཅད་ལས་རྒྱལ་བར་གྱུར་ཀྱང་ལན་ཅིག་མུ་སྟེགས་པའི་རྣལ་འབྱོར་མ་ཞིག་གིས་ལྟ་


TNT06_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྟངས་བྱས་པས། སློབ་དཔོན་ཡུག་ཅིག་དྲན་མེད་དུ་བོགདེ་སངས་ཙ་ན། རྡོ་རྗེ་རྣལ་འབྱོར་མ་རྣམས་ལ་གསོལ་བ་དྲག་ཏུ་བཏབ་པས། བཅོམ་ལྡན་འདས་མ་རྡོ་རྗེ་རོ་ལངས་མ་མིའི་བུད་མེད་ཀྱི་རྣམ་པར་མངོན་སུམ་དུ་བྱོན་ཏེ་གཤིན་རྗེ་གཤེད་ཀྱི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར། སློབ་དཔོན་གྱི་རྒྱུད་ལ་ཕྱིན་ཅི་མ་ལོག་པའི་དབང་གི་ཡེ་ཤེས་སྐྱེས། གནད་དེར་ཟླ་བ་ཕྱེད་དང་གསུམ་བསྒོམས་པས། བསྐྱེད་རྫོགས་ཀྱི་ཡེ་ཤེས་བརྟན་ཅིང་དྲོད་ཐོབ་ནས། ནགས་ཀྱི་མ་ཧེ་གདུག་པ་ཅན་བཀུག་སྟེ། དེ་ལ་ཕྱིབས་ཏེ་ཟླ་བ་དྲུག་ཏུ་སྨྱོན་པའི་སྤྱོད་པ་མཛད། དེ་རྗེས་ཛ་ལ་པ་ཊ་ན་དང༌། ཏ་ལ་པ་ཊ་ན་ལ་སོགས་པའི་གྲོང་ཁྱེར་རྣམས་སུ་རྒྱུ་ཞིང༌། བཞི་མདོར་བཞུགས་ཏེ་ཆང་འཚོང་མ་རྣམས་ཀྱི་ཆང་ཐམས་ཅད་དུས་གཅིག་ཏུ་བཀུག་སྟེ་གསོལ་བ་དང༌། ཡང་དེའི་ཕྱི་ཉིན་ཆང་འཚོང་མ་རྣམས་ཀྱི་ཆང་གི་སྣོད་དག་གསེར་དངུལ་དང༌། རིན་པོ་ཆེ་དང༌། གཞན་ཡང་རྫས་སྣ་ཚོགས་ཀྱིས་གང་བས་ཚིམས་པར་མཛད། ཡང་ལན་ཅིག་གྲོང་ཁྱེར་གྱི་མི་ཕྱུགས་རྣམས་ལ་ཁྲག་འགུག་པའི་ཏིང་ངེ་འཛིན་མཛད་པས། སློབ་དཔོན་གྱི་མདུན་དུ་སྣོད་ཆེན་པོ་ཁྲག་གིས་ཁེངས། རྡོ་རྗེ་ཙར་ཙི་ཀཱས་ཞལ་མངོན་སུམ་དུ་བསྟན། དེ་གསོལ་བས་སྟོབས་དཔག་ཏུ་མེད་པར་གྱུར་ཏེ། གླང་པོ་ཆེ་ནི་སོར་མོ་གཅིག་གིས་མནན། ཤལ་མ་ལིའི་སྡོང་པོ་ཆེན་པོ་ཡང་ཕྱག་གཅིག་གིས་ས་ནས་བཏོན། གྲོང་ཁྱེར་གྱི་མི་ཕྱུགས་ཐམས་ཅད་ཤིན་ཏུ་རིད་པར་གྱུར་ཏོ། །ཐམས་ཅད་འཇིགས་ཤིང་སྐྲག་པ་ན། དེའི་ནངས་པར་སྔར་བཀུག་པ་རྣམས་སླར་ཕར་སྤོས་པས། མི་ཕྱུགས་ཐམས་ཅད་ཉམས་སྟོབས་དང་ལྡན་པར་སོང༌། རྡོ་རྗེ་ཙར་ཙི་ཀཱའི་སྒྲུབ་ཐབས་ཞིག་ཀྱང་མཛད་དོ། །དེ་དག་ལ་སོགས་པ་རིག་པའི་བརྟུལ་ཞུགས་ཀྱི་འགྲོ་དོན་ཅུང་ཟད་མཛད་ནས། དཔལ་


TNT06_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་གྱི་གནས་དྷརྨ་གཉྫ་ཆོས་ཀྱི་མཛོད་དུ་བྱོན། རྡོ་རྗེ་མཁའ་འགྲོ་མ་རྣམས་དང་བཀའ་བགྲོས་ཏེ། དགྲ་གདོང་འཇིགས་གསུམ་གྱི་རྒྱུད་སྤྱན་དྲངས་སོ། །ཡང་རྒྱ་གར་གྱི་ལོ་རྒྱུས་ཅིག་ལ། སྨྱོན་པའི་སྤྱོད་པ་མཛད་པ་ཡན་ཆད་ཡུལ་ཛ་རི་ཁཎྜར་ཡིན་ལ། དེ་ནས་རྒྱུད་སྤྱན་འདྲེན་པའི་ལུང་བསྟན་བྱུང་སྟེ། ཨོ་རྒྱན་དུ་བཞུད་ཅེས་ཀྱང་འཆད་ལ། བོད་ཀྱི་བླ་མ་གོང་མ་རྣམས་ནི། ལ་ལི་ཏས་ཨོ་རྒྱན་གྱི་ས་མཐར་ཕེབས་ཙ་ན། ཞབས་ལ་སིནྡྷུ་རས་བྱུགས་ནས་ཡོད་པ་ལ། འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་ཀྱིས། ངེད་ཀྱི་མགོ་རྒྱན་ཁྱེད་ཀྱི་རྐང་པ་ལ་བྱུག་པ་ཟེར་ནས། སྡིགས་མཛུབ་བྱས་པས། སློབ་དཔོན་དྲན་མེད་དུ་སོང༌། དེ་སངས་ཙ་ན་སྐྱབས་གཞན་མེད་མགོན་གཞན་མེད་དགོངས་ནས་རྡོ་རྗེ་རོ་ལངས་མ་ལ་གསོལ་བ་བཏབ་ཟེར་བ་དང༌། རྒྱུད་སྤྱན་འདྲེན་པ་ན་མཁའ་འགྲོ་མ་རྣམས་ན་རེ། ཞག་བདུན་དུ་བློ་ལ་གང་ཟིན་པ་ཁྱེར་ཟེར་བས། ཞག་བདུན་དུ་བཟུང་བས་མི་ཕན་སྙམ་སྟེ། ལྷ་ལ་གསོལ་བ་བཏབ་པས། ཞག་བདུན་པའི་ཐོ་རངས་ནག་འཇིགས་སྐོར་གསུམ་གྱི་རྒྱུད་ཐུགས་ལ་ལྷངས་ཏེ་ཤར། སྐེ་ཚང་ནས་གླེགས་བམ་བླངས་ཏེ་བལྟས་པས་ཀྱང་མ་ནོར་བར་འདུག་ཅེས་འཆད། དེ་ལྟ་ན་ཡང་གོང་དཀྱུས་སུ་བྲིས་པ་ནི། འཕགས་ཡུལ་རང་དུ་གྲགས་པ་ལྟར་ཡིན་ཞིང༌། ལོ་རྒྱུས་ཀྱི་ཡི་གེར་ཡང་བཀཽད་པ་ཡིན་པས་འཁྲུལ་བ་མེད་དོ། །དེ་ནས་ནུབ་ཕྱོགས་ཀྱི་ཡུལ་མོ་ལ་ཏཱ་ན་ཞེས་པ་ན། རྒྱལ་པོ་ན་ར་པདྨ་ཞེས་བྱ་བ་ཡོད་དེ། གནས་དེ་ན་མུ་སྟེགས་བྱེད་དུག་གི་རྒྱུད་ལ་མཁས་པ་མང་པོ་དག་ཡོད་པ་ལས། རྒྱལ་པོས་བསྐུལ་ཏེ་དེ་དག་དང་ནུས་པ་འགྲན་པ་ལས། མུ་སྟེགས་དེ་རྣམས་ཀྱིས་དུག་བྲེ་བོ་རེ་རེ་དུས་གཅིག་ཏུ་ཟོས། སློབ་


TNT06_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱིས་དུག་མི་ཁུར་བཅུ་བཏགས་ཏེ། དེའི་ཚད་ཉིས་འགྱུར་ཀྱི་མྱོས་བྱེད་ལ་བཏབ་སྟེ་གསོལ་ཡང་གནོད་པ་མེད། གྷེ་ལ་ཞེས་པ་ཆང་སྙོལ་བའི་སྣོད་རྫ་མ་ཤིན་ཏུ་ཆེ་བ་ཅིག་གི་མིང་ཡིན་དེ་འདྲ་གཉིས་དངུལ་ཆུས་གང་བ་གསོལ་ཡང་གནོད་པ་མེད། དེ་ལྟར་དུག་དང༌། དངུལ་ཆུ་དེ་ཞགས་བདུན་གྱི་རིང་ལ་གསོལ་བས། སྐུ་བཀྲག་མདངས་གཟི་བརྗིད་དཔག་ཏུ་མེད་པར་གྱུར་ཏེ། རྒྱལ་པོའི་ཕོ་བྲང་ཡང་ཕྱག་གཅིག་གིས་བསྒུལ་བས། ཐམས་ཅད་སྐྲག་སྟེ་ཡོ་བྱད་དཔག་ཏུ་མེད་པ་ཕུལ། དེ་ཐམས་ཅད་དགེ་སློང་དང་ཕོངས་པ་རྣམས་ཀྱིས་ཅེ་བདེར་ཁྱེར། དེ་ནས་གནྡྷ་རའི་རི་ལ་ལོ་གཅིག་ཏུ་ཏིང་ངེ་འཛིན་ཐུན་གཅིག་ལ་བཞུགས། དེ་ནས་གྲོང་ཁྱེར་ཧསྟི་ན་པུ་རར་བྱོན། དེ་ན་མུ་སྟེགས་བྱེད་ཀྱི་མཁའ་འགྲོ་མ་ཞིག་གིས་བྱིན་གྱིས་བརླབས་ནས། ཕྱི་རོལ་པའི་སྔགས་མཁན་གྱི་སྡེ་ཆེན་པོ་ཆགས་ཏེ། ནུས་པ་ཐོབ་པ་རང་ཡང་ཕོ་མོ་འདྲེས་པ་ལྔ་བརྒྱ་ཙམ་ཡོད་སྐད། དེར་སློབ་དཔོན་བྱོན་ཏེ། དེ་རྣམས་ལ་ཕར་སྐུ་ལུས་སྟོན་ཅིང་ཚིག་ཀྱང་གསུངས་ལ། དེ་དག་གི་ཚུར་སྨྲ་བའམ། ཕྱི་རྗེས་གཅོད་དུ་བྱུང་ན་སྐུ་ལུས་མི་སྣང་བར་བྱེད་པ་སོགས་ཀྱི་ཆོ་འཕྲུལ་བསྟན་ཏེ། མཐར་ཉི་མ་ཕྱེད་ཀྱི་དུས་ཞིག་ན། དེ་ནས་བརྩམས་ནམ་ཕྱེད་ཀྱི་བར་ལ་དུས་བཏབ་སྟེ། ཁྱེད་རང་རྣམས་བསྒྲིམས་ཏེ་བཟློག་པ་གྱིས་ཤིགངས་ཀྱང་སྔགས་གཏོང་ངོ་ཞེས་མཐུ་དུས་བཏབ་པས་ནམ་ཕྱེད་ན་ས་གཡོས། སྐྱེ་བོ་གཞན་ལ་ནི་གནོད་པ་མེད། མུ་སྟེགས་པའི་སྔགས་མཁན་མཐུ་ཆེན་ཐམས་ཅད་ས་འོག་ཏུ་སྡིབ་སྟེ་གར་སོང་མེད་པར་ཤིའོ། །དེ་ནས་མ་ག་དྷར་བྱོན་ཏེ། དཔལ་ན་ལན་དར་སོང་བ་ན། པཎྜི་ཏ་རྣམས་ན་རེ། ཁྱེད་ཀྱིས་རྒྱུད་ཀྱང་སྤྱན་དྲངས། ནུས་པ་ཡང་ཐོབ་ཅེས་ཟེར་ན། ནངས་པར་ནམ་


TNT06_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་པ་ཚུན་ཆོད་ལ། དངོས་སུ་མཐོང་བའི་ནུས་པ་ཞིག་སྟོན་ཅིག་ཟེར་བ་ལ། འོ་ན་རྒྱལ་པོ་སེང་གེ་ལྔ་པའི་འཁོར་ཞིག་འདིར་དགུག་གི་བྱས། དེ་ལ་རྒྱལ་པོ་སེང་གེ་ལྔ་པ་འཁོར་བཅས་ནི། ཡུལ་གཽ་ར་ན་ཡོད་དེ། ན་ལན་ད་ནས་ཤར་ཕྱོགས་སུ་མགྱོགས་པ་སོང་ཡང་ཟླ་ཕྱེད་ཙམ་འགྲོ་དགོས་པ་ལ། སློབ་དཔོན་གྱིས་ཏིང་ངེ་འཛིན་གྱི་ལས་སྦྱོར་མཛད་པས། རྒྱལ་པོ་སེང་གེ་ལྔ་པའི་བློན་པོ་མུ་ཏཱ་རི་པྲ་དཱ་ན་བྱ་བ་མུ་སྟེགས་ལ་དད་པ་ཞིགཡུལ་མ་ག་དྷར་འགྲོ་འདོད་སྐྱེས་ནས་ཉི་མ་ཕྱི་ཕྲེད་ཀྱི་དུས་སུ་ཡོ་བྱད་མང་པོ་དང་བཅས་ཤིང་འཁོར་དང་བཅས་པ་ལམ་དུ་ཞུགས་པས་ཟླ་བ་ཕྱེད་ཀྱི་ལམ་ཆུ་ཚོད་འགའ་ཞིག་ལ་བགྲོད་ནས། ནམ་ཕྱེད་པ་ན་དཔལ་ན་ལན་དའི་ལྕགས་རིའི་ནང་དུ་སླེབ། དགེ་འདུན་གྱི་ཞལ་ཏ་པ་ལ་སྐད་བཏང་སྟེ། ནམ་ལངས་མ་ཐག་དགེ་འདུན་རྣམས་ལ་ཆོས་སྟོན་གསོལ། ནོར་མང་པོ་ཕུལ། ཕྱིན་ཆད་སངས་རྒྱས་པ་བྱེད་པར་ཁས་བླངས་པས། སློབ་དཔོན་ལ་ཐམས་ཅད་ཡིད་ཆེས་ཤིང་ངོ་མཚར་སྐྱེས་སོ། །དེ་ནས་ཤར་ཕྱོགས་བ་རེནྡྲའི་བྱེ་བྲག་བ་ག་ལ་ཞེས་བྱ་བ་ཅིག་ཡོད། དེ་ཡང་བྷཾ་ག་ལ་དང༌། བ་ག་ལ་སོ་སོ་ཡིན་པར་གོ་དགོས། ཡུལ་དེ་ན་མཚོ་གཅིག་ལ་ཀླུ་བི་ཀྲི་ཌ་ཞེས་བྱ་བ། གདུག་རྩུབ་ཆེ་ཞིང༌། ཕྱི་པ་དང་ཀླ་ཀློའི་གྲོགས་བྱེད། ནང་པ་ལ་ཤིན་ཏུ་གནོད་པ་ཞིག་ཡོད་དོ། །མཚོའི་མཐའ་རྣམས་སུ་སྔགས་ཀྱི་སྲད་བུས་བསྐོར་ནས། དེར་སྦྱིན་སྲེག་མཛད་པས་ཀླུ་འཁོར་དང་བཅས་པ་ཚིགམཚོ་ཡང་ཞག་བདུན་ནས་བསྐམས། དེའི་ཤུལ་དུ་རྡོ་རིང་ཆེན་པོ་བཙུགས། རྡོ་རིང་གི་རྩེ་མོ་ལ་འཇམ་དཔལ་གྱི་སྐུ་གཟུགས་ཅིག་བྱས་སོ། །སྐབས་དེར་ཡུལ་བ་རེན་དྲ་ན་ཧེ་ཙི་ལི་ཞེས་པ་ཀླ་ཀློའི་གྲོང་ཞིག་ཡོད།


TNT06_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཀླ་ཀློ་མེད་དོ་དེ་རྣམས་སྟོབས་དང་ལྡན་པར་འགྲོ་བ་དང་རྒྱལ་ཁམས་ཐམས་ཅད་ཕུང་བར་བྱེད་པའི་ལྟས་གཟིགས་ནས། དེ་དང་ཉེ་བར་སྦྱིན་སྲེག་ཀྱང་ཆེར་མཛད། ཉི་མ་གཅིག་འཁྲུལ་འཁོར་བསྐོར་ནས། རོ་ལངས་མེ་ལྡན་ཞེས་བྱ་བ་ཉི་མ་ཁོས་པ་ལ་བཏད་པས། དེ་མ་ཐག་ཧེ་ཙི་ལིའི་ཀླ་ཀློའི་གྲོང་ཐམས་ཅད་ཚིག་སྟེ། ཀླ་ཀློའི་བླ་མ་ཀཱ་ཙི་དང༌། ས་ཡཱི་ཏ་ཐམས་ཅད་ཤི དེ་ནས་བརྩམས་ལོ་ལྔ་བརྒྱའི་བར་དུ་བ་རེནྡྲར་ཀླ་ཀློ་ཡེ་མ་བྱུང་སྐད། དེ་དག་ནི་རྒྱུད་ལས་གསུངས་པའི་བསམ་གཏན་དང༌། སྦྱིན་སྲེག་དང༌། འཁྲུལ་འཁོར་གྱི་ནུས་པ་བསྟན་པ་ཡིན་གྱི། སློབ་དཔོན་ཉིད་དེ་དག་ལ་མ་ལྟོས་ཏེ། གྲུབ་པ་ཆེན་པོ་བརྙེས་པའི་ཕྱིར། བཞེད་པ་ཙམ་གྱིས་ལས་ཐམས་ཅད་མོད་ལ་འགྲུབ་བོ། །དེ་རྗེས་མ་ག་དྷ་དང༌། བྷཾ་ག་ལ་དང༌། ཨོ་ཌི་བི་ཤ་རྣམས་སུ་ལོ་ཡང་མང་དུ་བཞུགས་ཤིང་སེམས་ཅན་གྱི་དོན་མཛད་དོ། །དེ་ནས་ལན་ཅིག་ཨོ་རྒྱན་དུ་རྒྱལ་པོ་ཨིནྡྲ་བོ་དྷི་བར་པ་དེ། ཐུན་མོང་གི་དངོས་གྲུབ་ཐོབ་ཅིང༌། གྲགས་ཆེ་ཡང་ང་རྒྱལ་དང་ལྡན་པས་དེ་འདུལ་བར་དགོངས་ཏེ་བྱོན་པས། ལམ་དུ་སློབ་དཔོན་ལྭ་བ་པ་དང་ཕྲད་པས་དེ་དང་ལྷན་ཅིག་གཤེགས་པ་ན། རི་མུ་རུཎྜ་ཀ་ཞེས་བྱ་བ་ལ་འབྱོན་པའི་སྐབས། རི་དེ་ཤིན་ཏུ་མཐོ་ཞིང་བགྲོད་དཀའ་བ་ཡིན་པ་ལས་སློབ་དཔོན་འདིས་གཤིན་རྗེ་གཤེད་ཀྱི་རལ་གྲིས་རི་དེ་ས་གཞིའི་ཐང་ལ་ཐུག་པར་གཉགས་པའི་ཏིང་ངེ་འཛིན་མཛད་པས། སློབ་དཔོན་ཉིད་དང་ལྷན་ཅིག་ལམ་དུ་འགྲོ་བའི་སྐྱེ་བོ་མང་པོ་དང་བཅས་པ་ཐམས་ཅད། ལ་ཆེན་པོ་ལ་འཛེག་མ་དགོས་པར། གྲོང་ཁྱེར་གྱི་སྲང་ཁ་དོག་པོ་འདྲ་བ་ཅིག་ལ་ཕྱིན་པའི་ངང་ནས་ཡུད་ཙམ་ཅིག་ལ་རའི་ཕ་རོལ་ཏུ་སླེབ་པས་ཐམས་ཅད་ཡ་མཚན་སྐྱེས། དེ་


TNT06_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཨོ་རྒྱན་དུ་བྱོན་པ་ན། གྲུབ་ཐོབ་ཅིག་འོངས་སོ་ཞེས་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་གསན་ནས། འཁོར་ཚོགས་མང་པོ་དང་བཅས་ཏེ་བསུ་བ་ལ་བྱོན། རྒྱལ་པོས་སློབ་དཔོན་གྱི་ཞབས་བཀྲུ་ཞིང་བསྐུ་མཉེ་མཛད་པ་ལ། ཞབས་རེ་ལ་ལག་པ་གཉིས་ཀྱིས་སྐུ་མཉེ་བྱེད་དགོས་པས་ལག་པ་བཞི་སྤྲུལ་ལོ། །དེ་ནས་སློབ་དཔོན་གྱིས་ཞབས་བཞི་སྤྲུལ་བས་རྒྱལ་པོས་ཕྱག་བརྒྱད། སློབ་དཔོན་གྱིས་བརྒྱད་སྤྲུལ་པས། རྒྱལ་པོས་བཅུ་དྲུག་གི་བར་དུ་བྱུང༌། སློབ་དཔོན་གྱིས་ཞབས་བཅུ་དྲུག་སྤྲུལ་པས། རྒྱལ་པོ་ནི་ལྷ་ཕྱག་བཅུ་དྲུག་པའི་བག་ཆགས་བརྟས་པས། བཅུ་དྲུག་ལས་ལྷག་པ་སྤྲུལ་མ་ནུས་ཏེ། དེ་ནས་སློབ་དཔོན་ཀྱི་ཞབས་རེ་ལ་རྒྱལ་པོས་ཕྱག་རེ་རེས་སྐུ་མཉེ་བྱས་སོ། །དེ་ནས་ཞབས་སུམ་ཅུ་སོ་གཉིས་སྤྲུལ་བས། དེ་ཡང་མ་ནུས་ཏེ། རྒྱལ་པོ་ང་རྒྱལ་ཆགསྐྱེ་བོ་རྣམས་དད་པ་སྐྱེས་སོ། །དེ་ནས་ཨོ་རྒྱན་དུ་ཡང་འགྲོ་བའི་དོན་རྒྱ་ཆེར་མཛད། རྒྱལ་པོ་ཨིནྡྲ་བྷཱུ་ཏིས་ཀྱང༌། ཕྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། དུས་དེ་ཙ་ན་རྡོ་རྗེ་སློབ་དཔོན་ཆེན་པོ་འདི་ནི་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད། བསྐྱེད་རིམ་གྱི་གྲུབ་པ་ལ་དབང་འབྱོར་བ་ཡིན། སློབ་དཔོན་ལྭ་བ་པ་ནི་མཆོག་གི་དངོས་གྲུབ་བརྙེས་ཟིན་པ་ཡིད་སྐད། ཨོ་རྒྱན་ནས་ཕྱིར་བྱོན་པའི་དུས་སུ། ལྭ་བ་པས་རི་མུ་རུཎྚ་ག་ཉིད་ནམ་མཁར་བསྒོམས་པས། རི་གཏན་ནས་མེད་པའི་ཐང་ཡངས་གཅིག་ལ་བྱོན་ཆོག་པ་བྱུང་བའི་གཏམ་རྒྱུད་ཡོད། ཕྱིས་སློབ་དཔོན་འདི་ཡང་སློབ་དཔོན་ལྭ་བ་པ་དང་རྟོགས་པ་མཉམ་པར་གྱུར་ཏོ། །དེ་ནས་བྱང་ཕྱོགས་ཁ་ཆེའི་ཡུལ་དུ་བཞུད་དེ། སེམས་ཅན་མང་པོའི་དོན་མཛད། ཡང་


TNT06_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཅིག་ཐོ་གར་གྱི་ཡུལ་དུ་ཀླ་ཀློའི་དམག་བྱུང་བས། དམག་རྣམས་ཆུ་ཀླུང་པཀྵུའི་བྱང་ཕྱོགས་སུ་ཡོད། སློབ་དཔོན་གྱིས་ལྷོ་ཕྱོགས་ནས་འཁུར་བའི་དུམ་བུ་ཅིག་དང༌། ཆུ་སྙིམ་པ་གང་གིས་གཏོར་མ་མཛད་དེ། གཅེར་བུར་བཞེངས་བཞིན་དུ་ཐལ་མོ་བརྡབས་པས། ཀླ་ཀློའི་དམག་ཚོགས་ཐམས་ཅད་སྨྱོ་སྟེ། རི་ཀླུངས་མེད་པར་རྒྱུགས། རྒྱལ་པོ་དང་དམག་དཔོན་དང་དཔའ་བོ་ལྔ་བརྒྱ་ཙམ་ཁྲག་སྐྱུགས་ནས་ཤི་སྟེ། རེ་ཞིག་ཀླ་ཀློ་རྨེག་མེད་པར་བྱས་སོ། །དེ་དག་ལ་སོགས་པ་གཙོ་བོར་མངོན་སྤྱོད་ཀྱི་ལས་ཀྱིས་འགྲོ་དོན་མཛད་ཅིང༌། གཞན་ཡང་ཞི་རྒྱས་དབང་དགུག་བཅུད་ལེན་གཏེར་གྱི་དངོས་གྲུབ་སོགས་ཀྱི་སྒོ་ནས། སེམས་ཅན་མང་པོ་ལ་ཕན་བཏགས་ཏེ། མཛད་པ་ངོ་མཚར་ཅན་ལྔ་བརྒྱའི་བར་དུ་བསྟན་སྐད། སྐུ་ཚེའི་མཐར་ཡུལ་པུས་ཀ་རར་བཞུགས་ནས། འཇའ་ལུས་རྡོ་རྗེའི་སྐུ་བརྙཻས་སོ། །སློབ་དཔོན་འདིས་མཚན་བརྗོད་ལ་སོགས་པ་འཇམ་དཔལ་ཞི་བའི་རྒྱུད་འགའ་རེ་དང༌། རྒྱུད་ཐམས་ཅད་ཀྱི་སྤྱི་བོ་ཡིན་པའི་ཕྱིར་གསང་བ་འདུས་པ་ཅི་རིགས་གསུངས། གཞན་གཤིན་རྗེ་གཤེད་སྐོར་མ་གཏོགས་མ་གསུངས་ཀྱང་སྔགས་ཀྱི་འཕྲིན་ལས་ཀྱི་སྒོ་ནས་ཆེས་ཆེ་བ་བླ་ན་མེད་པའི་ཕྱིར། དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་ཆེན་པོས་ཞེས་མཚན་གསོལ་ལོ། །འདི་དང་པོ་བསྟན་པའི་སྒོར་ཞུགས་པའི་དུས། རྟེན་དགེ་སློང་ཡིན་ཞེས་བོད་རྙིང་རྣམས་འཆད་ཀྱང༌། ལོ་རྒྱུས་ཁུངས་མ་ལ་གསལ་ཀ་མེད་ཅིང་ཡིན་ནི་རུང༌། ཕྱིས་ནི་རྣལ་འབྱོར་པའི་ཚུལ་དུ་བཞུགས་ངེས་པས། སྐུ་བརྙན་བཞེངས་ན་རྣལ་འབྱོར་བའི་ཆ་ལུགས་ཅན་དུ་བྱེད་དགོས། བི་བྷུ་ཏི་ཙནྡྲའི་ཐུགས་དམ་བདེ་མཆོག་དཀྱིལ་ཐང་དྲང་སྲོང་སྲིན་པོ་རི་ན་ཡོད་པ་དེ་ན། མ་ཧེ་ལ་ཕྱིབས་


TNT06_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ལིང་ག་གྱེན་བསྒྲེང་ཅན་བྲིས་འདུགརྒྱ་གར་དུ་བྲིས་པའི་ཐང་ཀ་གཞན་ལ་གཏོར་མས་ཀླ་ཀློའི་སྡེ་བཅོམ་པའི་བཀོད་པའི་ཚུལ་དུ་བྱས་ཞབས་གཉིས་མཉམ་པར་བརྐྱང་ཞིང་བཞེངས་པ། ཕྱག་ཐལ་མོ་བརྡེབ་པ། ལིང་ག་གྱེན་བསྒྲེང༌། སྐུ་མདུན་དུ་གཏོར་མའི་མཎྜལ་ཡོད་པ་རེ་ཡོད་གྱིན་འདུགསྤྱིར་མངོན་སྤྱོད་ཀྱི་ལས་མང་དུ་བསྒྲུབས་པ་རྣམས་ཀྱིས་ཚེ་དེ་ལ་དངོས་གྲུབ་འགྲུབ་པ་དཀོན་ཀྱང༌། སློབ་དཔོན་འདིའི་མངོན་སྤྱོད་ཀྱི་ཕྲིན་ལས་ཐམས་ཅད་ནི་འགྲོ་ཕན་བླ་ན་མེད་པ་ཁོ་ན་ཡིན་པའི་ཕྱིར། མངོན་སྤྱོད་དཔག་ཏུ་མེད་པ་མཛད་ནས། མཐར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་སོ། །སློབ་དཔོན་འདིའི་སློབ་མ་སང་ཀ་ར་དེ་བ་ཞེས་བྱ་བས། རྡོ་རྗེ་མཁའ་འགྲོ་མ་འགྲུབ་སྟེ། སྲིད་པ་གསུམ་པོ་མཐའ་དག་མཐོང་བའི་མངོན་ཤེས་བྱུང༌། བྲམ་ཟེ་གསེར་མཛེས་ཞེས་བྱ་བས་གནོད་མཛེས་གྲུབ་སྟེ་ས་འོག་གི་དངོས་གྲུབ་ཐོབ། ཨ་བྷི་མ་ན་ཞེས་པ་དགེ་སློང་ཞིག་གིས་རྡོ་རྗེ་རྟ་མཆོག་གྲུབ་ནས། རང་སྣང་དུ་ནམ་མཁའ་ལ་སྤྱོད་ཅིང༌། གཞན་སྣང་དུའང་ལམ་གང་ལ་སོང་མི་ཤེས་པར་ཅི་འདོད་དུ་ཡོང་བ་ཅིག་བྱུང༌། པྲ་ཀཱ་ཤ་དུ་ཏ་ཞེས་བྱ་བ་རལ་གཅིག་མ་ལ་བརྟེན་ནས། གནོད་སྦྱིན་མོ་གྲུབ། ནམ་མཁའ་ལས་ནོར་གང་འདོད་བླངས་ཏེ་མི་རྣམས་ལ་སྟེར་རོ། །མི་ཕཾ་བཤེས་གཉེན་ཞེས་བྱ་བ་རྣལ་འབྱོར་པ་ཅིག་གིས། འཇམ་པའི་རྡོ་རྗེ་གྲུབ་ནས་ཕལ་ཆེར་ལུས་མི་སྣང་ཞིང་མཁས་པ་རྣམས་ཀྱི་ཐེ་ཚོམ་གཅོད་པའི་ཕྱིར་དུ་རེས་འགའ་ལུས་སྣང་ཞིང་ཆོས་སྟོན་ཏོ། །བྲམ་ཟེ་ཆོས་འབངས་ཞེས་བྱ་བས། དུག་སེལ་མ་གྲུབ་སྟེ། དུག་ཁུར་དུ་ལོངས་བ་ཟ་ཞིང་ཆུ་ལ་མི་བྱིང་བར་འགྲོ། རིགས་ངན་གྱི་རྣལ་


TNT06_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་ཙ་ཀ་རུ་ཞེས་པ་ཀླུའི་གནས་སུ་ཅི་འདོད་པར་འགྲོ། ཀུ་རུ་ཀུལླེ་གྲུབ། དམངས་རིགས་དུར་ཛ་ཡ་ཞེས་པས་ཡན་ལག་མེད་པའི་རྡོ་རྗེ་འགྲུབ་སྟེ། ཐིག་ལེ་མཆོག་མ་སོགས་ལྷ་མོ་བརྒྱད་ཀྱིས་གཡོག་བྱེད། བྷ་ཏྲ་པཱ་ལི་ཏ་ཞེས་པ་ཅིག་གིས་དཔལ་ཧེ་རུ་ཀ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། རྡོ་རྗེ་མཁའ་འགྲོ་མ་སྣ་ཚོགས་པ་དག་གིས་བསྐོར་ཞིང་གཤེགས་པ་ཞིག་ཡོད་དོ། །དེ་རྣམས་ཐམས་ཅད་རྣམ་སྨིན་གྱི་ལུས་ནི་མ་བཞག་འཇའ་ལུས་སུ་སོང༌། སྔ་མ་རྣམས་ཀྱིས་ཐུན་མོང་གི་དངོས་གྲུབ་ཐོབ། ཕྱི་མས་མཆོག་གྲུབ་པའོ། །དེ་དག་གིས་ཆོས་བཤད་པ་ལས་འཕེལ་བ་ནི་མེད་སྐད། ཡང་སློབ་དཔོན་ཛ་མཱ་ཛི་པར་མཚན་ཐོགས་པ་ཅིག་བྷཾ་ག་ལར་བྱུང༌། གྲོང་ཁྱེར་ས་ཧྱིར་དུ་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་ཅིག་བྱུང༌། གྲོང་ཁྱེར་ཨ་ཛོ་དྷྱ་རུ་བུདྡྷ་གུཔྟ་ཞེས་པ་བྱུང་སྟེ། དེ་རྣམས་རྣམ་སྨིན་གྱི་ལུས་གནས་མ་གྱུར་མོད། ལྷ་མོ་བཞི་གྲུབ་ཅིང་ལས་ཚོགས་ཐོགས་པ་མེད་པ་ཡིན་ཟེར། གསུམ་པོ་དེ་ལ་བརྟེན་ནས་ལ་ལི་ཏ་བཛྲ་ཀྱི་ཆོས་རྣམས་དར་བ་ཡིན་ཞེས་རྒྱ་གར་བ་ལ་གྲགས་སོ། །བོད་ཀྱི་བརྒྱུད་པ་སོ་སོའི་གསུངས་བགྲོས་ཀྱི་དབང་དུ་བྱས་ན། སློབ་དཔོན་ལ་ལི་ཏ་བཛྲ་ལ། སྐྱོ་བ་རྣམས་ཀྱི་ངག་བགྲོས་ལས། མཚན་སློབ་དཔོན་ལི་ལ་བཛྲ་ཞེས་འདོན་ཏེ། རྒྱུད་དུ་མ་མཁྱེན། སློབ་མ་མང་པོའང་ཡོད་པ་ལས། རྣལ་འབྱོར་པ་ཅིག་འོངས་ནས། བསད་བསྐྲད་དབྱེ་རེངས་ཀྱི་ཆོ་འཕྲུལ་དུ་མ་བསྟན་པས་ལི་ལའི་སློབ་མ་རྣམས་དེ་ལ་མོས་པར་བྱུང༌། དེར་སློབ་དཔོན་གྱིས་བསམས་པ། ནུས་མཐུས་སངས་རྒྱས་ཀྱི་བསྟན་པ་བསྲུང་ནུས་པ། ཆོ་འཕྲུལ་ཡ་མ་ཟུང་སྟོན་པ། ཕྱི་མ་མཆོག་ཐོབ་པའི་ཆོས་ཅིག་དགོས་པར་འདུག་སྙམ་ནས་འཚོལ་དུ་བྱོན་པས།


TNT06_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ལེན་གྱི་བུད་མེད་རྐང་པ་ས་ལ་མ་རེག་པར་འགྲོ་བ་གཅིག་དང་ཕྲད། ཁྱོད་གར་འགྲོ་ཟེར། ཆོས་དེ་ལྟ་བུ་འཚོལ་དུ་འགྲོ་བྱས་པས། ཁྱོད་ཀྱིས་ཅང་རྙེད་དམ་ཟེར། དེ་མཁའ་འགྲོ་མ་ཡིན་པར་ཤེས་ནས། ཕྱག་དང་བསྐོར་བ་བྱས་གསོལ་བ་བཏབ་པས། དེས་དུར་ཁྲོད་བསིལ་པའི་ཚལ་དུ་ཁྲིད་ནས། མ་མོའི་རིགས་ཀྱི་མཁའ་འགྲོ་མ་གཞན་གཅིག་ལ་གཏད་དོ། །དེས་ནུབ་ཕྱོགས་ཨོ་རྒྱན་དུ་ཁྲིད་ནས། རྡོ་རྗེ་ཆེན་པོའི་བྲག་ཕུག་ཏུ་བསྐྱལ་བས། བཅོམ་ལྡན་འདས་འཇིགས་མཛད་དམ། གཤིན་རྗེ་གཤེད་ཞལ་བཞད་ཅིང་སྤྱན་གཡོ་བ་མངོན་སུམ་དུ་གཟིགས། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་བཀའ་ལུང་སྦྱིན་ཏེ། རྒྱུད་ཀྱི་གླེགས་བམ་གྱི་ཚོགས་པའི་ནང་ནས། གསེར་གྱི་ཐུར་མ་སོར་བཞི་པ་ཅིག་གིས་ཐོན་ཚད་ཅིག་ལོང་གསུང་བ་ལྟར་བཏོན་པས། ནག་པོ་སྐོར་གསུམ་གྱི་རྒྱུད་བྱུང༌། དེ་ཡང་དགྲ་ནག་ནི་རྡོ་རྗེ་འཆང་ཁྲོས་པ་ལྷའི་བུའི་བདུད་འདུལ་བའི་ཕྱིར་དང༌། གདོང་དྲུག་ནི་ཕྱག་རྡོར་ཁྲོས་པ་གཤིན་རྗེ་འདུལ་བ་ཡིན་ཞེས་དང༌། རྡོ་རྗེ་འཇིགས་བྱེད་ནི་འཇམ་དཔལ་ཁྲོས་པ་དབང་ཕྱུག་འདུལ་ཞེས་དང༌། གསུམ་ཀར་ངོ་བོ་རྣལ་འབྱོར་ཆེན་པོ་ཡིན་པར་འདྲ་ཡང༌། འཇིགས་མཛད་ཀྲི་ཡ་དང་མཐུན་ཏེ། བྲིས་སྐུའི་སྒྲུབ་པ་གཙོ་བོར་སྟོན། གདོང་དྲུག་ཡོ་ག་དང་མཐུན་ཏེ་ཕྱག་རྒྱ་བཞིས་རྒྱས་འདེབས། དགྲ་ནག་རྣལ་འབྱོར་ཆེན་པོ་རང་རྐང་བར་དགོངས་ཟེར་ཏེ། རྒྱུད་ཀྱི་བཞུགས་ཚུལ་ནི་དེ་ལྟ་བུར་མ་ངེས་སོ། །དེར་རྒྱུད་གཞན་གཉིས་བྲིས་བཤུས་མཛད། འཇིགས་མཛད་གླེགས་བམ་རང་དུ་བཏོན་ནས་བསྣམས་པས། མཆོད་རྟེན་གྱི་ཅོང་ཆེན་པོ་རང་སྒྲ་སྒྲག བྱ་དང་ཁྱི་རྣམས་ཤར་དུ་ཟུག་ལྗོན་ཤིང་


TNT06_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཤར་དུ་རྩེ་མོ་དུད་སྐད། མཁའ་འགྲོ་མ་རྣམས་ཀྱང་རྨི་ལྟས་སོགས་ལོག་སྟེ། ཕྱི་བཞིན་བསྙེགས་པས་སློབ་དཔོན་ནི་མ་མཐོང༌། བཅོམ་ལྡན་འདས་འཇིགས་མཛད་ཀྱི་སྐུའི་དྲུང་ན་གླེགས་བམ་འདུག་པར་མཐོང་སྟེ། མཁའ་འགྲོ་མ་རྣམས་ཀྱིས་གླེགས་བམ་བླངས་ཏེ་སོང་ངོ༌། །དེར་གླེགས་བམ་སྤྱན་དྲངས་ཀྱང་དོན་དུ་མི་འགྱུར་བར་འདུག་སྙམ་དུ་དགོངས་ནས། སླར་ཡང་ཨོ་རྒྱན་དུ་ཅུང་ཟད་ཅིག་བཞུགས། རྒྱུད་ཐུགས་སུ་ཆུད་པར་མཛད་ནས་བྱོན་ཏེ། ཕྱིས་ཐུགས་ནས་བཏོན་ཏེ་ཡི་གེར་བྲིས་ཞེས་འཆད་དོ། །བ་རི་ལོ་ཙཱ་བའི་རྗེས་འཇུག་རྣམས་ནི་འདི་སྐད་ཅེས་འཆད་དེ། སློབ་དཔོན་སྒེག་པའི་རྡོ་རྗེ་ཞེས་བྱ་བས། གཤིན་རྗེ་གཤེད་ནག་པོ་བསྒོམས་པས་ནུས་པ་ཅུང་ཟད་གྲུབ་ནས། ལྷོ་ཕྱོགས་ཀྱི་ཡུལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱས། མུ་སྟེགས་གཅིག་དང་འགྲན་པས་ཁོང་རང་ལ་མ་ཚུགས་ཀྱང༌། འཁོར་ཕོ་མོ་རྣམས་ར་ལུག་ཏུ་གྱུར་པ། སྤྱོད་པ་སྔས་སོ་སྙམ་ཁ་སརྤ་ཎིར་གསོལ་བ་བཏབ་པས། རྨི་ལམ་དུ་ལུང་བསྟན་བྱུང་ནས། དཔལ་ཨོ་རྒྱན་དུ་ཕྱིན། ལུང་བསྟན་དང་མཐུན་པའི་རྣལ་འབྱོར་མ་དང་མཇལ་ནས། དེའི་ཁོལ་པོ་ལོ་གསུམ་བྱས་ཏེ་དཀའ་བ་སྤྱད་པ་ལས། ཁྱོད་ཅི་འདོད་གསུང༌། འདོད་བྱ་མེད་དེ། བདག་ཁྱེད་ལ་གུས་པས་བཀུར་བསྟི་བྱེད་པ་ལགས་ཞེས་ཞུས། དེ་བཞིན་དུ་ལོ་དྲུག་དང་དགུའི་མཐར་ཡང་དེ་དང་འདྲ། ལོ་བཅུ་གཉིས་ཀྱི་མཐར། ཁྱོད་དངོས་གྲུབ་ཅི་འདོད་གསུང་བ་ལ། སངས་རྒྱས་ཀྱི་བསྟན་པ་དང་མི་འགལ་ཞིང༌། བདུད་དང་མུ་སྟེགས་མོད་ལ་ཚར་གཅོད་པའི་ཐབས་ཅིག་ཞུ་བྱས་པས། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་བསྐུར་ཞིང་རྒྱུད་རྟོག་པ་བདུན་པ་གནང་ངོ༌། །


TNT06_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ་དེའི་མཚན་ནི་བདེ་བའི་སྤྱན་ལྡན་ཞེས་ཟེར། དེ་ནས་རྟོག་བདུན་དར་དཀར་པོ་ལ་རའི་འོ་མས་བྲིས་ཏེ་བསྣམས། མཁའ་འགྲོ་མ་རྣམས་ཀྱིས་སྙིང་ཁྲག་ཕྱུང་བ་སྙམ་བྱེད་ཀྱང༌། སློབ་དཔོན་རྐང་མགྱོགས་གྲུབ་པས་རྗེས་མ་ཟིན་པར་རང་གནས་སུ་སླེབ། སྔར་གྱི་མུ་སྟེགས་དེ་དག་ཐམས་ཅད་ཚར་བཅད། ཅེས་ཟེར་རོ། །འདིར་སྒེག་པའི་རྡོ་རྗེ་ཟེར། རོལ་པ་དང་སྒེག་པ་དོན་གཅིག་པར་བསམས་ནས། ལ་ལི་ཏ་སྒེག་པར་བསྒྱུར་བར་སྣང་ཡང༌། སློབ་དཔོན་སྒེག་པའི་རྡོ་རྗེ་ཞེས་བྱ་བ་གཞན་དང་འཁྲུལ་གཞི་འབྱུང་བས། སྒེག་པའི་རྡོ་རྗེར་བསྒྱུར་བ་མི་ལེགས་ཤིང༌། དེར་མ་ཟད་ལ་ལི་ཏ་རོལ་པ་ལ་གཙོ་བོར་འཇུག་ཅིང༌། སྒེག་པའི་སྐད་དོད་གཙོ་བོར་ལ་སྱཱའམ། བི་ལ་སྱཱ་ཡིན་པ་དང༌། རོལ་པའི་དོན་རྩེད་མོའམ། གང་འདོད་དང་ཅི་གར་རང་ཉམས་སུ་ཡོད་པའི་དོན་ཡིན། སྒེག་པ་ནི་ཆ་བྱད་སྤྲོས་པ་བསྐྱེད་པའི་དོན་ཡིན་པས་ཚིག་དོན་གཉིས་ཀར་ནས་ཅུང་ཟད་མི་འདྲའོ། །ལཱི་ལ་དང༌། ལ་ལི་ཏ་ཡང་དོན་ཅིག་མོད་ཀྱི། མིང་འདོགས་ཐ་དད་དུ་བྱུང་ཞིང༌། སྐྱོ་བའི་ལུགས་ཀྱི་ལཱི་ལ་པ་དེ་ཡང༌། ནག་པོ་སྐོར་གསུམ་གྱི་རྒྱུད་སྤྱན་འདྲེན་པ་པོ་ཡིན་པར་འདོད་པའི་ཕྱིར་ལ་ལི་ཏ་བཛྲ་ཉིད་ཡིད་དགོས་པས། ལཱི་ལ་བཛྲ་ཞེས་འབོད་པ་ཅུང་ཟད་མི་ལེགས་སོ། །སློབ་དཔོན་འདིའི་རྗེས་སུ་ལོ་བརྒྱ་ལྷག་ཙམ་གཤིན་རྗེ་གཤེད་ཀྱི་ཆོས་སྐོར་ཧ་ཅང་མང་པོར་མཆེད་པ་མེད། དེ་ནས་རྡོ་རྗེ་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཀྱང་ཅི་རིགས་པར་གསུངས་ཤིང༌། ལ་ལི་ཏའི་བརྒྱུད་འཛིན་དང༌། ཡེ་ཤེས་ཞབས་ཀྱི་བརྒྱུད་འཛིན་རྣམས་གཅིག་ཏུ་འདྲེས་ཏེ་ཤིན་དུ་དར་བར་གྱུར་ཏོ། །དེ་དག་ནི་གཙོ་བོར་ནག་པོའི་སྐོར་བྱུང་ཚུལ་ཡིན་ལ། གཤིན་རྗེ་གཤེད་དམར་པོའི་རྒྱུད་ནི། གྲུབ་ཐོབ་བི་རཱུ་པས་སྤྱན་དྲངས་པར་ཀུན་ཏུ་གྲགས་ན།


TNT06_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལའང་རྒྱུད་ལེའུ་ཉེར་གཉིས་པར་གྲགས་པ་འདི་ནི་བི་རཱུ་པ་ཁོ་ནས་སྤྱན་དྲངས་པར་ངེས་ཤིང༌། སྐུ་གསུང་ཐུགས་རྡོ་རྗེ་དམར་པོའི་རྒྱུད་འདི་ནི། སློབ་དཔོན་ལ་ལི་ཏ་བཛྲ་གྱིས་ཀྱང་སྤྱན་དྲངས་པར་མངོན་ཏེ། རྒྱས་བསྡུས་ཅུང་ཟད་མ་གཏོགས་ནག་པོའི་རྒྱུད་ཉིད་འདོན་པ་སྤོས་པ་ཡིན་པའི་ཕྱིར་དང༌། སློབ་དཔོན་དཔལ་འཛིན་གྱིས་ཀྱང་རྒྱུད་འདི་ལ་བརྟེན་ནས་བཅུ་གསུམ་མའི་སྒྲུབ་ཐབས་མཛད། བོད་ཀྱི་བརྒྱུད་པ་འདོད་ལུགས་ལ། བིརྺ་ཌོམྦྷི་དཔལ་འཛིན་ཟེར་བའང་ཡོད་པ་ནི། གཤེད་དམར་ལུགས་ཐམས་ཅད་གཅིག་ཏུ་བསྒྲིལ་བའི་དབང་དུ་བྱས་པར་འདུགཡང་རྡོ་རྗེ་འཆང་ཡེ་ཤེས་མཁའ་འགྲོ་དཔལ་འཛིན་ཟེར་བ་ནི་ཉེ་བརྒྱུད་ཀྱི་དབང་དུ་བྱས་པ་ཡིན། དོན་ལ་བྲམ་ཟེ་དཔལ་འཛིན་དེ་ནི། བིརྺ་ཌོམྦྷིའི་བརྒྱུད་པ་མི་འཛིན། ལ་ལི་ཏ་དང་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བརྒྱུད་འཛིན་ཁོ་ན་ཡིན་པས། གཤེད་དམར་བཅུ་གསུམ་མའི་སྒྲུབ་དཀྱིལ་ཡང་སློབ་དཔོན་དེ་གཉིས་ཀྱི་དགོངས་འདུས་ཡིན་པའི་ཕྱིར། ལ་ལི་ཏས་དེ་སྤྱན་མ་དྲངས་ན། དེ་ལས་བྱུང་བའི་མན་ངག་ཡིན་པ་མི་འཐད་དོ་སྙམ་པ་ནི། ཁོ་བོའི་རྣམ་པར་རྟོག་པའོ། །རྒྱུད་དེའི་ལེའུ་དང་པོ་ལ་བརྟེན་ནས། བིརྺས་སྒྲུབ་ཐབས་མཛད་པའི་ཕྱིར། ཡོངས་སུ་གྲགས་པ་དང་མཐུན་པར་བི་རཱུ་པས་ཀྱང་སྤྱན་དྲངས་པར་ཡང་བྱ་མོད། རྒྱུད་གཅིག་ཉིད་གྲུབ་ཐོབ་དུ་མས་སྤྱན་དྲངས་པ་མི་འགལ་ལོ། །གྲུབ་ཐོབ་བི་རཱུ་པ་ཡང་རགས་རྩིས་སུ་ན་སློབ་དཔོན་ལ་ལི་ཏ་བཛྲ་དང་དུས་མཉམ་ལ། ལོ་གྲངས་ཅུང་ཟད་ཀྱིས་སྔ་བ་ཙམ་ནི་ཡིན་སྲིད་དོ། །འདིར་བིརྺ་ཌོམྦྷིའི་རྣམ་ཐར་ལོ་རྒྱུས་སྦྱར་བར་བྱ་སྟེ། གཞན་དུ་གསལ་ལོ། །དེ་ལྟར་དམར་ནག་འཇིགས་གསུམ་གྱི་རྒྱུད་ཐམས་ཅད། བྲམ་ཟེ་དཔལ་འཛིན་ལ་བཀའ་བབས་ཏེ། སྔོན་གྱི་སློབ་དཔོན་ལ་ལི་ཏ་དང༌། བར་དུ་སངས་རྒྱས་ཡེ་ཤེས་ཞབས་དང༌།


TNT06_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མར་སློབ་དཔོན་དཔལ་འཛིན་ཏེ། འདི་གསུམ་ལ་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་ཞེས་གྲགས་ཤིང༌། ལས་དང་པོ་པ་ལ་བསྐྱེད་རིམ་ཁོ་ན་བསྔགས་པ་སོགས་བསྐྱེད་རིམ་ཕྲིན་ལས་དང་བཅས་པའི་བཀའ་བབས་ཡིན། ཟབ་གསལ་གཉིས་མེད་ལྷུན་གྲུབ་ཀྱི་དགོངས་པ་སོགས་བཀའ་བབས་དང་དགོངས་པ་ཡང་གཅིག་གོ །དེ་ལ་སློབ་དཔོན་དཔལ་འཛིན་ནི་རྒྱལ་པོ་དྷརྨ་པཱ་ལའི་སྐུ་ཚེའི་མཇུག་གི་ཆ་ཙམ་ལ། ཡུལ་མ་ག་དྷར་བྲམ་ཟེའི་རིགས་སུ་འཁྲུངས། ཆུང་ངུ་ནས་སྒྲ་ཚད་སོགས་རིག་པ་དུ་མ་ལ་མཁས་པར་བྱས། དཔལ་ཨོ་ཏན་ཏ་པུ་རིར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་ལའང་མཁས་པར་མཛད་ནས། མར་མེ་མཛད་བཟང་པོ་ལ་ལུང་ཐོབ་ཙམ་བྱས་ཏེ། དཔལ་སྡེ་སོགས་ཡེ་ཤེས་ཞབས་ཀྱི་སློབ་རྒྱུད་སློབ་དཔོན་འགའ་རེ་བསྟེན་ནས། གསང་འདུས་དང་གཤིན་རྗེ་གཤེད་ཀྱི་དགོངས་པ་ཐུགས་སུ་ཆུད་དེ་དཔལ་གཤིན་རྗེ་གཤེད་རྩེ་གཅིག་ཏུ་བསྒོམས་པས་ཡེ་ཤེས་ཆེན་པོ་ལ་དབང༌། སེམས་ཅན་གྱི་དོན་མཛད་པར་བཞེད་དེ། ནུས་པ་ཉམས་སད་པའི་ཕྱིར་ནགས་ཚལ་རྣམས་སུ་རྒྱུ་ཞིང་གཤེགས། བསེ་རུ་དང་མ་ཧེ་དང་སྟག་རྣམས་ལ་སྡིགས་འཛུབ་མཛད་པ་ཙམ་གྱིས་ཤི ལྟ་སྟངས་མཛད་པ་ཙམ་གྱིས་གསོས། ཡང་ཏིང་ངེ་འཛིན་ཙམ་གྱིས་ཤིང་ཐོག་ལ་སོགས་པའི་ཁུ་བཅུད་ལྷུང་བཟེད་དུ་བསྡུས་ཏེ་གསོལ་བས། དེ་དག་རད་རད་པོར་འགྱུར་ཞིང༌། སེ་གོལ་གཏོགས་པ་ན་སྔར་བཞིན་གསོས་པར་གྱུར་ཏོ། །དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་བེ་དརྦར་བྱོན་པ་ན། དགེ་སློང་སྡེ་སྣོད་གསུམ་པ་ཆོས་སྨྲ་བ་རྩོད་པའི་ཁྱུ་མཆོག་གཅིག་ཡོད་པ་དེས་རྩོད་པས། ཡུལ་དེར་མུ་སྟེགས་འགྲིབས་སོ། །དེར་བྲམ་ཟེའི་རིགས་ཀྱི་རྒྱལ་པོ་ཧ་ས་དེ་བ་ཞེས་བྱ་བ་ལོག་པ་ལ་


TNT06_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཞེན་པས། དགེ་སློང་དེའི་མགོ་གཅོད་པའི་གྲབས་བྱེད་པ་ན། སློབ་དཔོན་འདི་དེར་བྱོན་ཏེ། འཇིག་རྟེན་ལ་ཕན་པར་བྱེད་པ་ནི་སངས་རྒྱས་པའི་ཆོས་ཡིན་ན། ཆོས་དེ་འཛིན་པའི་མགོ་གཅོད་དུ་རུང་ངམ་མ་གཅོད་ཅིགངས་འདི་ལ་རིན་སྦྱིན་ནོ་གསུང༌། རྒྱལ་པོ་ན་རེ། འོ་ན་མགོ་བོས་མགོ་བོ་བསླུ་བ་ཡིན་པས། ཁྱོད་ཉིད་ཀྱི་མགོ་བོ་བླང་ངོ་ཟེར། སློབ་དཔོན་ཉིད་ཀྱི་དབུ་བཅད་དེ་རྒྱལ་པོ་ལ་བྱིན། དགེ་སློང་དེ་ཐར་བར་བྱས་སོ། །དེ་ནས་དེ་དང་ཉེ་བ་ན་མཆོད་སྦྱིན་གྱི་ཁང་པ་ཞིག་འདུག་པའི་ཙ་ན། མ་ཧེའི་མགོ་ཞིག་འདུག་པ་བླངས་ཏེ་བསླན་པས། སློབ་དཔོན་མ་ཧེའི་དབུ་ཅན་དུ་གྱུར། ཟླ་བ་གསུམ་དུ་དེ་ལྟར་འདུག་ཅིང་འགྲོ་འོང་མཛད་པ་ལས། དེའི་རྗེས་སུ་རེས་ནི་སྟག་དང༌། རེས་བྱ་ཀང་ཀ་དང༌། རེས་རྟ་ལ་སོགས་པ་ཉིན་རེ་བཞིན་དབུ་མི་འདྲ་བའི་ཆོ་འཕྲུལ་བསྟན། སྐྱེ་བོ་རྣམས་ངོ་མཚར་དུ་གྱུར་ཅིང༌། མུ་སྟེགས་པ་མང་པོའང་སངས་རྒྱས་པ་ལ་བཀོད། དེ་ནས་ལན་ཅིག་རྒྱལ་པོ་དེ་ལམ་དུ་སོང་བས། སློབ་དཔོན་ཁྱིའི་དབུ་ཅན་དུ་འདུག་པ་མཐོང༌། དེར་ཞེ་སྡང་གིས་ཁྱི་ཁྱི་ཞེས་བྱས་སོ། །སློབ་དཔོན་གྱིས་ཁྱོད་ཉིད་ཁྱིའོ་ཞེས་སྡིགས་འཛུབ་བསྟན་པས། རྒྱལ་པོ་ཉིད་ཁྱིར་གྱུར་ཏོ། །དེ་ནས་སློབ་དཔོན་གྱི་དབུ་སྔོན་བཞིན་དུ་རྣལ་མར་གྱུར། ཕྱོགས་དེར་རེ་ཤིག་མུ་སྟེགས་རྨེག་མེད་པར་སོང༌། རྒྱལ་པོ་ན་ར་བ་ཏི་ཙ་ལ་ཞེས་པ་ཅིག་གིས་ཀྱང་གཏམ་དེ་ཐོས་ནས་ཞབས་ལ་བཏུད་དོ། །ཕྱི་ནས་དེ་ལྟ་བུའི་སྙན་པའི་གྲགས་པས་ཁྱབ་པས། ཡུལ་དབུས་ཀྱི་རྒྱལ་པོས་སྤྱན་དྲངས་ཏེ། བི་ཀྲ་མ་ཤཱི་ལའི་སྔགས་པ་སློབ་དཔོན་མཛད། དེ་སྐབས་ཀྱི་རྒྱལ་པོ་མ་ཧེ་པཱ་ལ་ཡིན་པ་འདྲའོ། །དེར་བསྟན་བཅོས་ཀྱང་མང་དུ་མཛད། གདུག་པ་ཅན་མང་པོ་བཏུལ་བ་དང༌། ཆང་འོ་མར་བསྒྱུར་བ་དང༌། དུག་བདུད་རྩིར་


TNT06_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བ་སོགས་ཀྱི་ལོ་རྒྱུས་མང་དུ་ཡོད་པར་གདའ། དེ་ནས་དབེན་ཁང་གཅིག་ཏུ་ཏིང་ངེ་འཛིན་བསྒོམ་ཞིང་བཞུགས། ཐོ་རངས་ཅིག་མཆོག་གཏོར་རྣམས་ཕྱི་རོལ་ཏུ་སྐྱེལ་བར་བྱོན་པས། རྣལ་འབྱོར་པ་གཟི་བརྗིད་ཆེ་བ་ཅིག་སྒོ་དྲུང་ན་འདུགདེ་ནི་སློབ་དཔོན་ནག་པོ་སྤྱོད་པ་བ་ཡིན། དེ་ལ་ཕྱག་མཛད་པས་རྡོ་རྗེ་དབྱངས་ཅན་མའི་རིག་སྔགས་ཀྱི་ལུང་སྩལ་ཏེ་མི་སྣང་བར་གྱུར། ནང་དུ་བསྒོམས་པས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ནུབ་བྱང་ན། རྡོ་རྗེ་དབྱངས་ཅན་མ་དངོས་སུ་བཞུགས་འདུགདེ་ནས་མི་རིང་བར་སློབ་དཔོན་འཇའ་ལུས་སུ་གཤེགས་ཏེ། ཐུན་མོང་ཙམ་མ་ཡིན་མཆོག་རང་བརྙེས་པར་གྲགས་སོ། །ཡང་ཞལ་གཟིགས་ཡིན་ན་མ་གཏོགས། ག་ཡ་དྷ་རའི་བླ་མ་དཔལ་འཛིན་དང་འདི་མི་གཅིག་པར་མངོན་པས་དེ་ནས་སྤྱོད་པ་བ་ལ་བརྒྱུད་པ་འདེད་ན། བར་དེར་བརྒྱུད་པ་གཅིག་གཉིས་དགོས་པ་འདྲའོ། །སློབ་དཔོན་དཔལ་འཛིན་གྱི་རྗེས་དེ་ནས་ཀྱང་མི་རབས་གཅིག་ཙམ་སོང་བ་ན། སློབ་དཔོན་ཀ་མ་ལ་རཀྵི་ཏ་བྱོན། གཙོ་བོར་གཤིན་རྗེ་གཤེད་དགྲ་ནག་ལ་གྲུབ་པ་བརྙེས་པ་ཡིན། དེ་ཡང་མ་ག་དྷར་འཁྲུངས། རིགས་ཚོང་བ། རྟེན་དགེ་སློང༌། གྲུབ་མཐའ་རྣམ་རིག་པ། ཕར་ཕྱིན་དང༌། གསང་འདུས་དང༌། གཤིན་རྗེ་གཤེད་ལ་མཁས། ལྷོ་ཕྱོགས་ཨང་དཱ་གི་རི་ཞེས་བྱ་བའི་རི་ཞིག་ལ་བཞུགས་ནས། ལོ་བཅུ་གཉིས་བསྒོམས། དང་པོར་སྡུག་བསྔལ་དང༌། འཇིགས་པ་ལ་སོགས་པ་བར་ཆད་སྣ་ཚོགས་བྱུང་ཡང༌། སྟོང་ཉིད་དང་ལྷ་བསྒོམས་པས་ཞི། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་ཞལ་གཟིགས། དེ་ཕྱིན་ཆད་ཕྲ་མ་རྣམས་ཐོགས་པ་མེད་པར་གྲུབ། རྒྱུ་རྡོ་རྗེ་འཛིན་པ་ཉིན་རེ་བཞིན་ཞལ་གཟིགས་ཤིང༌། ཆོས་གསན་


TNT06_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་གྲགས། གོང་བུ་དགུག་པ་དང༌། རྐང་པ་དགུག་པ་དང༌། ཁྲག་དགུག་པ་དང༌། ཆང་དགུག་པ་སོགས་ལ་ཐོགས་པ་མེད། གཏམ་རྒྱུད་དམིགས་གསལ་རེ་རེ་ཡང་ཡོད་པར་འདུགབི་ཀྲ་མ་ཤཱི་ལའི་སྔགས་པ་སློབ་དཔོན་ཡང་མཛད། རྒྱལ་པོ་ཤ་མུ་པཱ་ལའི་དུས་ཙམ་ཡིན་པར་མངོན། དེར་བསྟན་བཅོས་ཀྱང་མང་དུ་བརྩམས། དེ་ཡན་ཆད་དགེ་སློང་བསོད་སྙོམས་པའི་སྤྱོད་པ་ཅན་ཡིན། དེ་ནས་དགེ་སློང་གི་རྟགས་དང་ནི་ལྡན་བསོད་སྙོམས་པའི་བརྟུལ་བཞུགས་སྤངས་ཏེ་སྔགས་ཀྱི་སྤྱོད་པ་ཅན་དུ་གྱུར། ལན་ཅིག་མ་ག་དྷའི་ཡུལ་མཐའ་དུར་ཁྲོད་ཅིག་ཏུ་ཚོགས་འཁོར་རྒྱ་ཆེན་པོ་མཛད་པར་བཞེད། དེའི་དུས་ན་ནུབ་ཕྱོགས་ཀརྞའི་ཡུལ་ན་ཀླ་ཀློའི་རྒྱལ་པོ་ཞིག་ཡོད། དེའི་དམག་དཔོན་གཅིག་འཁོར་རྟ་བ་དང༌། གླང་པོ་པ་ལྔ་བརྒྱ་ཙམ་དང་བཅས་དམག་ཇག་ལ་འོངས། ཡུལ་དང་ལྷ་ཁང་འགའ་ཞིག་བཅོམ་སྟེ་ལོག་འོངས་པ་དང༌། སློབ་དཔོན་འཁོར་བཅས་ཚོགས་འཁོར་གྱི་ཡོ་བྱད་དུ་མ་དང་བཅས་ཏེ་བྱོན་པ་ཕྲད། དེ་དག་གིས་རོལ་མོ་བརྡུངས། མཚོན་མ་འཕངས། འཇོམས་པར་བརྩམས་པ་ལ། སློབ་དཔོན་གྱིས་བུམ་པ་ས་ལ་བརྡབས་པས་སྐད་ཅིག་ལ་རླུང་ནག་བྱུང་མི་རྟ་གླང་པོ་རྣམས་བསྒྱེལ། མི་ནག་པོ་རལ་གྲི་ཐོགས་པས་བརྡེག་པའི་སྣང་བ་ཤར། དམག་དཔོན་ནི་དེ་ཉིད་དུ་ཁྲག་སྐྱུགས་ཏེ་ཤི གཞན་རྣམས་ལ་ཡང་རིམས་ནད་ཀྱིས་བཏབ་སྟེ། གཅིག་མ་གཏོགས་ཡུལ་དུ་མ་སླེབ་སྐད། གཞན་ཡང་ཆོས་འཁོར་བི་ཀྲ་མ་ལ་རྩོད་པ་བྱེད་པའི་མུ་སྟེགས་པའི་པཎྜི་ཏ་བརྒྱད་ཀྱི་ངག་མནན། བྱད་མ་བྱེད་པ་བཅུ་དྲུག་ཙམ་སྔགས་དང་སྦྱིན་སྲེག་གིས་བསྒྲལ་བ་སོགས་ཀླ་ཀློ་དང་མུ་སྟེགས་ཅན་ཐམས་ཅད་ཤིན་ཏུ་སྐྲག་པར་མཛད་དོ། །མཐར་ནགས་ཚལ་དབེན་པ་ཞིག་ཏུ་


TNT06_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུར་བཞུགས། དངོས་གྲུབ་ཆེན་པོ་རྣམས་ཀྱང་འགྲུབ་རུང་གི་སྒྲུབ་པ་པོ་ཞིག་ཡིན་ནོ། །དུས་ལྔ་པ་ཆ་ཤས་ལ་སྤྱོད་པའི་དུས་ནི་མཚམས་དེ་དག་ནས་ད་ལྟའི་བར་རོ། །མཁས་པ་སྒོ་དྲུག་གི་དུས་ཙམ་ན་ཡེ་ཤེས་ལྷའི་ལས་ཚོགས་གཞན་རྣམས་དང༌། རྫས་ཀྱི་དངོས་གྲུབ་རྣམས་མི་འགྲུབ་པ་མ་ཡིན་ཡང༌། ཡུན་རིང་པོར་སྒྲུབ་དགོས་པའམ། དཀའ་སྤྱད་ཆེན་པོས་བསྒྲུབ་དགོས་པ་ལས། གཞན་ཐམས་ཅད་པས་གཤིན་རྗེ་གཤེད་མྱུར་ཞིང༌། དམར་ནག་སོགས་ལས་ཀྱང་རྡོ་རྗེ་འཇིགས་མཛད་མྱུར་བར་བྱུང་བས། འཇིགས་མཛད་ལ་བརྟེན་ནས་རོ་ལངས་དང༌། རྫས་ཀྱི་དངོས་གྲུབ་འགྲུབ་པ་དང༌། ལས་བཞི་ཐོགས་མེད་དུ་འགྲུབ་པ་ཤིན་ཏུ་མང་བར་བྱུང་ངོ༌། །གཤེད་སྐོར་བོད་དུ་འགྱུར་བའི་བསྟན་བཅོས་མཛད་པ་པོ་ལ་ལི་ཏ་ཆུང་བ་དང༌། ཨ་མོ་གྷ་བར་པ་དང༌། ལི་ལ་བཛྲ་དང༌། ཞི་བ་ཡེ་ཤེས་དང༌། འཇམ་དཔལ་ཡེ་ཤེས་སོགས་ཀྱང་སྐབས་དེར་བྱུང་ཞིང༌། གཞན་ཡང་ནུས་མཐུ་ཅན་ཆེས་མང་བ་བྱུང་ངོ༌། །རྟོག་པ་བདུན་པ་ཡང་ཆེས་ངོ་མཚར་རྨད་དུ་བྱུང་བའི་རྒྱུད་འགྲན་ཟླ་མེད་པར་མངའ་གསོལ་ཞིང༌། གླེགས་བམ་ཚར་རེ་འབྲི་བ་ལ་ཡང་གསེར་སྲང་བཅུའི་ཡོན་དུ་ཆད་བྱས་སྐད། དེ་ནས་གཟུང་ལོ་བརྒྱ་ཙམ་རྒྱ་གར་དུ་མཆོག་ཏུ་དར་ལ། བལ་བོའི་ཡུལ་དུ་ཡང་དེ་དང་མཐུན་པའི་ཚུལ་གྱིས་བར་སྐབས་དེར་ཤིན་ཏུ་དར་ཞིང་ཕན་སྟོབས་ཆེའོ། །དེ་རྗེས་སློབ་དཔོན་ཨ་བྷ་ཡཱ་ཀ་རའི་དུས་ཙམ་ན། དགྲ་ནག་དར་བ་ཡོད། འཇིགས་མཛད་ཀྱི་ཆོས་སྐོར་རྣམས་བཙལ་རྙེད་ཙམ་ལས་མེད། གདོང་དྲུག་གི་རྒྱུད་ནི་ཞར་བྱུང་ཙམ་མ་གཏོགས་དེའི་སྔ་རོལ་ནས་ཀྱང་ཧ་ཅང་དར་བ་མ་བྱུང་བ་འདྲའོ། །དེ་རྗེས་རྒྱལ་པོ་


TNT06_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྱ་ན་བཞིའི་རིང་ལ། གཤིན་རྗེ་གཤེད་དམར་པོའི་སྐོར་རྣམས་དར་བར་བྱུང༌། རྫོགས་འཕྲེང་གི་ནང་གི་དེ་དང༌། སྒྲུབ་ཐབས་ཕྲ་མོའི་རིགས་མ་གཏོགས། ནག་འཇིགས་སྐོར་རྣམས་ནུབ་པ་བཞིན་དུ་སོང་སྐད། རྡོ་རྗེ་འཇིགས་མཛད་ཀྱི་ཆོས་སྐོར་ནུབ་པ་ནས། ཡུལ་དབུས་སུ་ཀླ་ཀློ་ཞུགས་པ་འདྲ་བ་ཅིག་བྱུང་སྐད་པས། ཀླ་ཀློ་ལྷ་མིན་གྱི་གཉེན་པོ་མཆོག་ནི། སྤྱིར་ཁྲོ་རྒྱལ་ཡ་མཱན་ཏ་ཀ་དང༌། སྒོས་སུ་འཇམ་དཔལ་རྡོ་རྗེ་འཇིགས་མཛད་ཉིད་མཐར་ཐུག་པ་ཡིན། གཉིས་པ་ནི། ཆོས་འདི་རྣམས་བོད་ཀྱི་ཕྱོགས་འདིར་ཇི་ལྟར་དར་བ་ཡིན་སྙམ་ན། སྤྱིར་བོད་དུ་དར་ཚུལ་དང༌། བརྒྱུད་པ་སོ་སོའི་རིམ་པ་བཤད་པའོ། །དང་པོ་ནི། དཔལ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་ཐོར་བུ་པ་ཅུང་ཟད་ནི་ཆོས་འགོ་དར་བ་དང་དུས་མཉམ་དུ་བྱུང༌། སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་སྒྲུབ་ཐབས་མཛད་པར་གྲགས། རབ་ཏུ་བྱུང་པའི་སྡེ་དར་ཙམ་ན་གཤིན་རྗེ་གཤེད་རྣམ་པར་རྒྱལ་བའི་རྒྱུད་འགྱུར་ཞིང༌། དབང་བསྐུར་བཤད་པ་མན་ངག་ལག་ལེན་ཐམས་ཅད་བྱུང༌། གསང་སྔགས་བླ་མེད་ལུགས་ཀྱི་སྒྲུབ་ཐབས་ཕྲ་མོ་ཡང་མང་ཚད་བྱོན། རིགས་སྔགས་གྲུབ་པ་ཡང་མང་དུ་བྱུང༌། དེ་ནས་སྔ་དར་ཕྱི་དར་གྱི་བར་མཚམས་དེར། རིག་སྔགས་འཆང་གི་དབང་ཕྱུག་སྣུབས་བན་སངས་རྒྱས་ཡེ་ཤེས་ལ་སོགས་པས། གཤིན་རྗེ་གཤེད་ཀྱི་ཆོས་སྐོར་མཐའ་ཡས་པར་སྤེལ། དྲག་སྔགས་ཀྱི་མཐུ་ཅན་ཤིན་ཏུ་མང་བར་བྱུང༌། ཆོས་སྐོར་རྣམས་ཀྱང༌། རྒྱ་གར། བལ་བོ། ཁ་ཆེ། ལི་ཡུལ། རྒྱ་ནག་སོགས་ནས་སྤྱན་དྲངས་པ་དང༌། ཁྱད་པར་དུ་ཞལ་མཐོང་དང༌། ཉམས་ཤར་གྱི་ཆོས་སྣ་ཚོགས་པ་མཐའ་ཡས་པ་ཞིག་གོ །དཔལ་གདོང་དྲུག་གི་རྒྱུད་སྡོམ་


TNT06_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་འདི་ཡང༌། སྔ་དར་གྱི་དུས་རྒྱལ་བློན་ལ་གསངས་ཏེ་བསྒྱུར་བའམ། བར་སྐབས་དེར་བསྒྱུར་བ་གང་རུང་ཞིག་ཡིན་པར་མངོན། འདི་ལ་ཕྱིས་འགྱུར་གྱི་ལོ་ཙཱ་བ་སོ་སོའི་འགྱུར་བྱང་མི་འདྲ་བ་བྲིས་པ་འདྲ་འདུག་སྟེ། རང་རང་གི་མོས་ཞེན་གྱིས་བྲིས་པར་ཟད། འགྱུར་ཁྱད་ནི་གཅིག་ཀྱང་མེད། དཔེ་རྙིང་ཕལ་ཆེ་བ་ན་འགྱུར་བྱང་ཡང་མི་གདའ། འདི་དང་སྒྱུ་འཕྲུལ་དྲྭ་བ་དང༌། ཟླ་གསང་པ་ཐིག་ལེ་དང༌། རྡོ་རྗེ་བདུད་རྩིའི་རྒྱུད་རྩ་བ་ད་ལྟ་ཡོངས་ཁྱབ་འདི་རྣམས་ལ་འགྱུར་བྱང་ངེས་ཅན་མེད་དེ། སྔོན་རྒྱལ་བློན་ལ་གསངས་ཏེ་བསྒྱུར་བ་རྣམས། འགྱུར་བྱང་བྱས་ན་བསྒྱུར་མཁན་ངོ་ཤེས་ནས། ཆད་པ་བྱུང་དོགས་མ་བྲིས་པ་ཡིན། ཡང་སྔ་དར་ཕྱི་དར་གྱི་བར་དེར། ཁྲིགས་ཀ་མེད་པས་འགྱུར་ངེས་ཤེས་པ་ལ་ཡང་འགྱུར་བྱང་མེད་པ་དང༌། བོད་རང་ཉིད་ཀྱིས་བརྩམས་པ་ལ་ཡང་རྒྱ་གར་བའི་མཛད་བྱང་དང༌། ལོ་པཎ་གྱི་འགྱུར་བྱང་བྱས་པའི་བརྩམས་རྒྱུད་ཀྱང་མང་དུ་བྱུང་བ་ཡིན་ནོ། །དེ་ལྟ་ན་ཡང་སྡོམ་གསུམ་པ་ལ་ནི་སྔ་འགྱུར་སོགས་ཀྱི་དབང་བཀའ་བཤད་བཀའ་ཆེར་མ་དར་ཞིང༌། དམར་ནག་འཇིགས་གསུམ་གྱི་ཆོས་སྐོར་གཞན་རྣམས་ནི་སྐབས་དེར་མ་འགྱུར་རོ། །དེ་རྗེས་བསྟན་པ་ཕྱི་དར་གྱི་དུས་སུ། བོད་ཡུལ་དབུས་གཙང་དུ་དགེ་འདུན་གྱི་སྡེ་བྱུང་ནས་མི་རབས་གཅིག་ལ་ཉེ་བ་ན། ཞང་ཅོ་གྲུ་ལོ་ཙཱ་བ་ཤེས་རབ་བླ་མ་བྱུང༌། འདི་ལོ་ཙཱ་བ་ལེང་འབྲོག་གཉིས་དང་དུས་མཉམ་ཡིན། འདིའི་གཤིན་རྗེ་གཤེད་ནག་པོའི་རྒྱུད་དང༌། འཇིགས་མཛད་རྟོག་བདུན་ཏེ་རྒྱུད་གཉིས་དང༌། གཤིན་རྗེ་གཤེད་འབྱུང་བ་དང༌། འཇིགས་མཛད་ཞེ་དགུ་མའི་སྒྲུབ་ཐབས་དང༌། གཏོར་ཆོག་དང༌། ལི་ལ་བཛྲ་གྱི་ལྷ་དགུའི་སྒྲུབ་ཐབས་རྣམས་སྔར་མ་འགྱུར་བ་གཞི་འགྱུར་མཛད། དགྲ་གདོང་འཇིགས་


TNT06_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་དབང་བཀའ་བཤད་བཀའ་ཡང་བྱུང་ཞིང༌། ལྷག་པར་དགྲ་ནག་ལ་རྩལ་དུ་ཐོན་པའི་མན་ངག་དང༌། སྒྲུབ་བཀའ་ཤིན་ཏུ་དར་བར་མཛད་དོ། །དེ་ལས་ལོ་གྲངས་བཅོ་ལྔའམ། ཉི་ཤུ་ཙམ་གྱི་རྗེས་སུ་ནག་པོ་ཚུལ་ཁྲིམས་རྒྱལ་བས། ནག་པོའི་རྒྱུད་དང༌། སྒྲུབ་ཐབས་ཕྲན་བཅས་ཇོ་བོ་རྗེ་ལ་ཞུས་ནས་བསྒྱུར། ཕྱིས་ཤཱན་ཏི་བྷ་དྲ་ལ་དཔལ་འཛིན་གྱིས་མཛད་པའི་གཞུང་འགྲེལ་རྣམས་ཞུས་ནས་གཞི་འགྱུར་བྱས་འདུགནག་ཚོ་དང་དུས་མཚུངས་རུང་ལ་ལོ་ཙཱ་བ་རོང་ཟོམ་ཆོས་བཟང་གིས། པཎྜི་ཏ་ཨུ་པ་ཡ་ཤྲཱི་མི་ཏྲ་ལ་ཞུས་ཏེ། ནག་འཇིགས་ཀྱི་རྒྱུད་གཉིས་དང༌། གཞུང་ཕྲན་དུ་མ་དང༌། རྟོག་གསུམ་རྣམས་བསྒྱུར་རོ། །ལོ་ཙཱ་བ་དེ་རྣམས་ཀྱིས་བསྒྱུར་བ་ནི། འགྱུར་སྔ་མ་ལ་འགྱུར་བཅོས་བྱས་པ་མིན། རང་རང་གི་བློའི་རྩལ་གྱིས་གཞི་འགྱུར་མཛད་པའོ། །ནག་ཚོ་དང༌། རོམ་ཟོམ་གྱིས་བསྒྱུར་བའི་རྗེས་དེ་ནས། ལོ་བཅོ་ལྔ་ཉི་ཤུ་སྐོར་གྱིས་འཕྱི་བ་ལ། གཉོས་ལོ་ཙཱ་བས་ནག་པོ་སྐོར་གསུམ་གྱི་ཆོས་བསྒྱུར་བཤད་མཛད་འདུགདཔལ་འཛིན་གྱིས་ནག་པོའི་སྐོར་སོགས་ནག་འཇིགས་ཀྱི་གཞུང་འགའ་ལ། གཉོས་ཀྱིས་འགྱུར་བྱང་མཐོང༌། རྒྱུད་གཉོས་འགྱུར་མ་མཐོང་ཡང་ཡོད་པར་ནི་སྣང་ངོ༌། །དེ་དང་དུས་མཚུངས་རུང་ལ། ཀློག་སྐྱ་ལོ་ཙཱ་བ་ཤེས་རབ་བརྩེགས་ཀྱིས་ཀྱང་ནག་པོའི་རྒྱུད་ནག་ཚོའི་འགྱུར་ལ། འགྱུར་མཆན་མཛད་དོ། །དེས་བསྒྱུར་བ་ནས་ལོ་སུམ་ཅུ་ཙམ་འགྲོ་བ་ན། རྭ་རྡོ་རྗེ་གྲགས་ཀྱིས་ནག་འཇིགས་ཀྱི་རྒྱུད་གཉིས་བསྒྱུར་བར་འདུགདགྲ་ནག་ནག་ཚོ་འགྱུར་ལ་གཉན་ལོས་འགྱུར་མཆན་མཛད། དེ་ལ་རྭ་ལོས་བཅོས་པ་ཡིན། རྟོག་བདུན་ནི་ཞང་འགྱུར་དང་མཐུན་ཤས་ཆེ་བར་འདུག་པས། དེ་ལ་འགྱུར་བཅོས་མཛད་པར་གསལ་ལོ། །དེ་དང་དུས་མཚུངས་པར་ནག་པོའི་རྒྱུད་ལ་ཟངས་ཀར་གྱི་


TNT06_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཆུང་དང༌། རྟོག་བདུན་ལ་བུ་རངས་པ་ཁྱུང་པོ་ཆོས་བརྩོན་གྱི་འགྱུར་བྱུང་ངོ༌། །རྭ་ལོ་ལས་དུས་བག་ཙམ་གྱིས་འཕྱི་བ་ལ། པཎྜི་ཏ་ཨ་མོ་གྷ་བཛྲ་ཆུང་བ་བོད་དུ་ཕེབས། དེ་ལ་སྐྱོ་འོད་འོད་འབྱུང་གིས་ཞུས་ཏེ་སྐྱོ་ལུགས་བྱུང༌། ཨ་མོ་གྷ་དེ་ཉིད་ཀྱིས་མཛད་པའི་གཞུང་ཆུང་སོགས་མན་ངག་གི་གཞུང་ཐོར་བུ་ཙམ་གསར་དུ་བསྒྱུར་ཡོད། རྒྱུད་གཞུང་ཆེ་བའི་རིགས་ལ་གཞི་འགྱུར་དང་འགྱུར་ཆུང་གང་ཡང་མ་མཛད་དོ། །དེ་དང་དུས་མཉམ་པར་བ་རི་ལོ་ཙཱ་བས་པཎྜི་ཏ་དེ་ཉིད་ལ་ཞུས་ཏེ་རྡོ་རྗེ་འཇིགས་མཛད་ཀྱི་རྒྱུད་གཞུང་ཆོས་སྐོར་མང་དུ་བསྒྱུར་བར་གྲགས། འདིས་བྷ་རོ་ཕྱག་སྡུམ་ལ་ཡང་ཞུས་འདུགདེ་ལས་ཅུང་ཟད་འཕྱི་བ་ལ། མལ་གྱོ་ལོ་ཙཱ་བ་བློ་གྲོས་གྲགས་ཀྱིས་བལ་བོ་ཧ་དུ་དཀར་པོ་ལ་ནག་འཇིགས་སྐོར་གསུམ་ཞུས། ནག་པོའི་རྒྱུད་ནི་སྔ་སོར་དུ་ཀློག་སྐྱ་ལའང་ཞུས་པར་སེམས། རྟོག་བདུན་ཁྱུང་པོ་ཆོས་བརྩོན་གྱི་འགྱུར་ལ་མལ་ལོས་འགྱུར་ཆུང་མཛད་དོ། །མལ་ལོའི་དུས་དེ་ཙམ་ན་རྒྱ་གར་ན་དགྲ་ནག་དར་རབ་ཡོད། འཇིགས་མཛད་བཙལ་རྙེད་ལས་མེད། བལ་ཡུལ་ན་ནག་འཇིགས་གཉིས་ཀར་དར་བ་ཡོད་འདུགདེ་ཕྱིན་ཆད་ནག་འཇིགས་ཀྱི་རྒྱུད་ལ་འགྱུར་བཅོས་བྱེད་མཁན་མ་བྱུང་བ་འདྲ་ཞིང༌། ལོ་པཎ་སྡེབས་པའི་ལུགས་སྲོལ་དབང་བཤད་མན་ངག་གསར་པའང་མ་བྱུང་བར་སྣང་ངོ༌། ཁ་བ་ཅན་གྱི་ཕྱོགས་འདིར་འཇིགས་མཛད་ཀྱི་ཆོས་སྐོར་སྔ་ཕྱི་ཐམས་ཅད་དུ་དར་རྒྱས་ཆེ། དགྲ་ནག་ཀྱང་སྔོན་གསང་སྔགས་དར་རྒྱས་ཆེ་བའི་སྐབས། ཅི་རིགས་པར་དར། གདོང་དྲུག་ལ་རྭ་ཆེན་པོས་བཤད་པ་མང་རབ་མཛད་པས། ཡིག་སྣ་བསྡུས་དོན་སོགས་ཡོད། གཞན་དབང་བཀའ་ཙམ་ལས་བཤད་པ་དང༌། ངན་ངག་དར་རྒྱས་ཆེར་མ་བྱུང་ངོ༌། །གདོང་དྲུག་གི་རྒྱུད་ལ་འགྱུར་ཡང་


TNT06_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལས་མེད། དགྲ་ནག་ལ་ཞང་ནག་ཚོ་ཀློག་སྐྱ་གུ་རུ་བ་གཉན་རྭ་འགྱུར་རྣམས་མཐོང་ལ། གཉོས་ཟངས་ཀར་སོགས་གཞན་ཡང་མང་དུ་ཡོད་པར་ནི་སྣང་ངོ༌། །རྟོག་པ་བདུན་པའི་རྒྱུད་ལ་ནི། ཅོ་གྲུ་ཤེས་རབ་བླ་མ། གྱི་ཇོ། རོང་ཟོམ། ཁུ་སྟོན་དངོས་གྲུབ། རྭ་ལོ། བ་རི་ལོ་ཙཱ། མལ་ལོ། པཎྜི་ཏ་ས་མན་ཤྲཱིའི་འགྱུར་ཏེ་འགྱུར་བརྒྱད་ཡོད་ཅེས་སྔོན་དུས་གྲགས་ལ། ཕྱིས་སྐྱི་རོང་ལོ་ཙཱ་བ་ངག་དབང་གིས། ཅོ་གྲུ་རོང་ཟོམ་རྭ་ལོ་བ་རི་བཞི། སྔར་གྱི་བརྒྱད་ལ་མི་ཐེ་བ་བཙད་པོ་མུ་ནེ་རཱ་ཛའི་འགྱུར་དང༌། འགྱུར་བྱང་མ་ཐེབས་པ་ཡང་གཉིས་མཐོང་གསུང་བས་འཇིགས་མཛད་ཀྱི་སྐོར་འདི་ལ་ཐམས་ཅད་ཀྱི་རྩིས་སུ་བྱས་པའི་ཕྱིར་འགྱུར་བྱེད་ལོ་ཙཱ་བ་ཆེས་མང་བ་བྱུང་རིགས་སུ་འདུག །ཞང་འགྱུར་ལ་སྔགས་བཏུ་ཚིག་ལྷུག་པ་དང༌། རྭ་འགྱུར་ལ་ཚིགས་བཅད་མར་ཡོད། འགྱུར་ཅིག་ལ་རྒྱུད་ཡོངས་རྫོགས་ཚིགས་བཅད་དུ་བྱས་པའང་ཡོད། གཞན་དཔེ་རྙིང་ཡིན་ཡང་འགྱུར་ཕན་ཚུན་འདྲེས་པ་ནི་མང་དུ་སྣང་ངོ༌། །དེ་ནས་ཕྱིས་ནི་ཞང་གཉོས་རྭ་སྐྱོ་མལ་ཏེ་ལུགས་ལྔ་པོ་དེ་ལས་རྒྱུད་པ་ལ། ནག་འཇིགས་སྐོར་གསུམ་ཅི་རིགས་པ་ཡོད་པའི་དབང་དུ་བྱས་ནས། སོ་སོའི་ལུགས་མ་འདྲེས་པར་འཛིན་པ་དང༌། དེ་དག་ཕན་ཚུན་ཅི་རིགས་པར་བསྲེས་ཏེ་བྱེད་པ་དང༌། བརྒྱུད་པ་ནི་དེ་དག་གང་རུང་གཅིག་ལ་དེད་ནས། གང་རྙེད་ཐམས་ཅད་ལེགས་བསྡུས་བྱེད་པའམ། རྒྱ་གཞུང་གཅིག་གི་རྗེས་སུ་འབྲངས་ནས་ལག་ལེན་བྱེད་པ་སོགས་ངེས་མེད་སྣ་ཚོགས་བྱུང་བ་ལ། ཡི་གེ་རྩོམ་པ་པོ་དེ་དང་དེའི་ལུགས་སོ་ཞེས་རབ་ཏུ་གྲགས་པར་གྱུར་ལ། དག་མ་དག་ཀྱང་སྣ་ཚོགས་སུ་སྣང་ངོ༌། །དམར་པོའི་ཆོས་སྐོར་ལ། སྒྲུབ་ཐབས་བརྒྱ་རྩའི་ནང་ན་ལྷན་སྐྱེས་ཀྱི་མངོན་རྟོགས་ཅིག་ཡོད། དེ་ཙམ་མ་གཏོགས། གོང་


TNT06_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྨོས་པའི་ལོ་ཙཱ་བ་དེ་རྣམས་ཀྱི་སྐབས་སུ་འགྱུར་བ་མེད་ཅིང༌། མལ་ལོ་འདས་ནས་ལོ་ལྔ་བཅུ་ཙམ་སོང་བ་ཙམ་ན། བླ་མ་དཔྱལ་ལོ་ཙཱ་བ་ཆོས་ཀྱི་དཔལ་བཟང་པོས། རྡོ་རྗེ་གདན་པ་ནི་སྐ་ལང་ཀ་ལ་ཞུས། ལྷ་ལྔའི་དབང་དང་མན་ངག་ལག་ལེན་ཆ་ཚང་བར་ཡོད། བྱིན་རླབས་ཤིན་ཏུ་ཆེ། བིརྺ་པའི་སྒྲུབ་ཐབས་ཆེ་ཆུང༌། གཏོར་ཆོག་ཆེ་ཆུང༌། འཁྲུལ་འཁོར་འཕྲེང་བ། དུས་འཁོར་ལུགས་ཀྱི་འཁྲུལ་འཁོར་སོགས་བསྒྱུར། རྫོགས་རིམ་གྱི་འཁྲིད་ནི་མེད། སྤྲོས་མེད་འགྲེལ་པ་དཔྱལ་ལོས་མཛད་ཟེར་བ་གཅིག་ཡོད་དེ། ཕྱིས་ཀྱི་ཁ་འཕངས་སུ་ཀ་སྣང༌། དེ་དང་དུས་མཉམ་རུང་ལས་ཅུང་ཟད་འཕྱི་བར། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་སློབ་མ། པཎྜི་ཏ་དཱ་ན་ཤཱི་ལས་བི་རཱུ་པ་དང༌། དཔལ་འཛིན་གྱིས་གཞུང་མང་པོ་རང་འགྱུར་མཛད། དབང་བཀའ་ཡང་བཅུ་གསུམ་མ་དང༌། ལྷ་ལྔ་གཉིས་ཀ་བྱུང་མོད། ཕྱིས་འགའ་ཞིག་ལྷ་ལྔ་ཁོ་ནའི་ཟེར་བ་ནི། རང་གིས་མ་མཐོང་བ་རྒྱུ་མཚན་དུ་བཀོད་པའོ། །རྫོགས་རིམ་གྱི་འཁྲིད་ཚུལ་ཅི་རིགས་པར་ཡོད་ཀྱང༌། སྤྲོས་མེད་དང་རྣལ་འབྱོར་བཞི་རིམ་ནི་དེ་དུས་མ་འགྱུར་རོ། །དེའི་རྗེས་སུ་ལོ་ཉི་ཤུ་ཙམ་སོང་བ་ན། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས། བི་རཱུ་པ་དང་དཔལ་འཛིན་དང༌། བློ་གྲོས་བཟང་པོ་སོགས་ཀྱིས་མཛད་པའི་གཞུང་མང་དུ་བསྒྱུར། ལུགས་གཉིས་ཀའི་དབང་བཀའ་དང་ལག་ལེན་དར་རྒྱས་སུ་མཛད། རྫོགས་རིམ་ནི། རིམ་པ་ལྔའི་དག་སྦྱོར་ཙམ་གྱི་རྫོགས་རིམ་མ་གཏོགས། འཁྲིད་ཚུལ་རྒྱས་པའི་ལག་ལེན་ནི་མེད་དོ། །དེ་ལས་ཅུང་ཟད་འཕྱི་བར་གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། ཆག་ལོའི་བླ་མ་ར་བེནྡ་པ་ལ་ཡང་ཐུག ཁྱད་པར་དུ་དརྤན་ཨཱ་ཙརྱ་སྤྱན་དྲངས་ཏེ་བིརྺ་པའི་སྤྲོས་མེད། དཔལ་འཛིན་གྱི་


TNT06_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བཞི་རིམ་སོགས་གཞུང་ཕྲན་གསར་པ་མང་དུ་བསྒྱུར་ཞིང༌། རྫོགས་རིམ་གྱི་མན་ངག་འཁྲིད་ཚུལ་ཁྱད་པར་ཅན་མཐའ་རྒྱས་སུ་བྱུང༌། ཆག་ལུགས་ཀྱི་སྐོར་རྣམས་སྔར་ནས་ཁོང་རང་ལ་བཞུགས། འགྱུར་བཅོས་ནི་མ་མཛད་དོ། །དེ་ལྟར་ན་དཔྱལ་ལོ། དཱ་ན་ཤཱི་ལ། ཆག་ལོ། གློ་བོ་ལོ་ཙཱ་བ་སྟེ་བཞི་པོ་དེས་གཤེད་དམར་གྱི་དབང་མན་ངག་ལག་ལེན་རྣམས་མཐའ་རྒྱས་སུ་མཛད་ཅིང༌། ཐམས་ཅད་བྱིན་རླབས་ཀྱི་བཀའ་དང་ལྡན་པ་ཡིན་མོད་ཀྱི། གཤིན་རྗེ་གཤེད་དམར་པོའི་རྒྱུད་ནི་སྤྱན་མ་དྲངས་པ་ལས། གློོ་བོ་ལོ་ཙཱ་བ་སྐུ་འདས་པ་ཙམ་གྱི་དུས་ན། ཡར་ལུངས་ལོ་ཙཱ་བ་ཤུད་ཀེ་གྲགས་པ་རྒྱལ་མཚན་གྱིས། སྐུ་གསུང་ཐུགས་རྡོ་རྗེ་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལེའུ་བཅུ་དགུ་ཡོད་པ་འདི་བསྒྱུར། ཁོང་པ་ལ་དབང་དང་རྒྱུད་བཤད་གཉིས་ཀར་བཞུགས་པར་འདུགདེ་དང་དུས་མཚུངས་རུང་དུ་ཤོང་བློ་བརྟན་གྱིས་ཀྱང་རྒྱུད་དེ་བསྒྱུར་འདུག་སྟེ་འགྱུར་ཤུད་ཀེ་ཅུང་ཟད་ལེགས་སོ། །འདི་ལ་རྒྱ་གར་གྱི་འགྲེལ་པ་ནི་མ་འགྱུར། བོད་ཀྱི་ཡིག་སྣ་རྙིང་པའང་ཆེར་མེད་པ་འདྲའོ། །གཤིན་རྗེ་གཤེད་དམར་པོའི་རྒྱུད་ལེའུ་ཉེར་གཉིས་ཡོད་པ་འདི་ནི། སློབ་དཔོན་དྷརྨ་ཀིརྟི་བར་གྲགས་པ། ཀུན་སྤངས་ཆོས་གྲགས་དཔལ་བཟང་གི་ཕྱག་ཏུ་རྒྱ་དཔེ་བྱུང་ནས། མཁས་མཆོག་བུ་སྟོན་རིན་པོ་ཆེའི་ཕྱག་ཏུ་ཕུལ་ནས་བསྒྱུར་བར་ཞུས། འགྱུར་ཡང་མཛད། འགྱུར་བཟང་ཞིང་ལེགས་པ་ཡིན་ཡང༌། རྒྱ་དཔེ་དེའི་སྐབས་ཤིག་ན། མ་དཔེ་འཁྲུགས་པ་ལས་བཤུས་པའི་ཚིག་འཁྲུགས་འདུག་པ། བོད་སྐད་ལ་ཡང་འཁྲུགས་པའི་རྒྱུན་དེ་ཀ་འདུགཕྱིས་རྒྱ་གར་པཎྜི་ཏ་ནགས་ཀྱི་རིན་ཆེན་བོད་དུ་བྱོན་དུས། རྒྱུད་ལེའུ་བཅུ་དགུ་པ་ཤུད་ཀེ་འགྱུར་ལ། ཡིད་བཟང་རྩེ་པས་འགྱུར་བཅོས་མཛད་འདུག །ནགས་རིན་


TNT06_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒྱུད་འདིའི་དབང་བཤད་མན་ངག་རྫོགས་པར་བཞུགས་ཀྱིན་ཡོད་གདའ་ནའང༌། ཡིད་བཟང་རྩེ་བ་དང༌། ཁྲིམས་ཁང་ལོ་ཙཱ་བ་སོགས་ནི་བོད་ཀྱི་ཕྱག་ཆེན་པའི་ཞེས་སྐེ་ཆད་ཆད་འཐེན་པ་ལ་ཡེངས་ནས། སངས་རྒྱས་པའི་བསྟན་པ་ལ་ཕན་པའི་ཆོས་དེ་དག་ཞུ་བ་མ་བྱུང་བ་འདུགམི་གཡོ་བ་བླ་མེད་ཀྱི་རྒྱུད་ལའང་དབང་ཙམ་མ་གཏོགས་དེ་དང་འདྲ་བ་ཅིག་ཀ་བྱུང་ངོ༌། །འོན་ཀྱང་རྒྱུད་ལེའུ་བཅུ་དགུ་པ་ནི་གཤིན་རྗེ་གཤེད་ནག་པོའི་རྒྱུད་དང༌། བིརྺ་པའི་གཞུང་རྣམས་ཤེས་ན། རྒྱུད་དོན་ཕལ་ཆེར་གོ་བར་ནུས་ལ། ཉེར་གཉིས་པ་འདི་ནི། ཚིག་དོན་ཙམ་ཞལ་གསལ་བར་འདུག་མོད། འོན་ཀྱང་བླ་མའི་ཞལ་ལུང་མེད་པར། རང་གར་འཆད་པ་ནི་མི་རུང་ངོ༌།། །།ད་ནི་གཤིན་རྗེ་གཤེད་སྐོར་ལ་བརྒྱུད་པ་སོ་སོའི་རིམ་པ་བརྗོད་ན། དགྲ་གདོང་འཇིགས་གསུམ་གྱི་ཆོས་སྐོར་ཐོག་མར་བསྒྱུར་ཞིང༌། སྲོལ་བརྟོད་མཁན་ཞང་ལུགས་པར་གྲགས་པ་རྣམས་ལོ་རྒྱུས་འདི་སྐད་ཅེས་འཆད་དེ། དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་ལྷ་སངས་རྒྱས་ཡེ་ཤེས་ཞབས་དེ། འཇམ་དཔལ་ཞི་ཁྲོ་དང་གཉིས་སུ་མེད་པའི་གོ་འཕང་བརྙེས་པ་ལྟ་བུ་ཡིན། དེས་མར་མེ་མཛད་བཟང་པོ་ལ་གནང༌། འདི་དང་ལ་ལི་ཏ་ཆེན་པོ་གཉིས་ཀྱི་ལོ་རྒྱུས་འཁྲུལ་གཞི་ཅུང་ཟད་བྱུང༌། དེ་ལ་ལི་ཏ་བཛྲ་རམ། མཚན་གཞན་ལི་ལ་བཛྲ་གྱིས་ཞུས། འདིས་རྒྱུད་རྡོ་རྗེ་འཆང་ཞལ་གཟིགས་ནུས་པ་ཐོགས་པ་མེད། དགྲ་ནག་གི་རྒྱུད་ཀྱི་དོན་འགྲེལ་དུ་གཤིན་རྗེ་གཤེད་འབྱུང་པའི་བསྟན་བཅོས་མཛད། འཇིགས་མཛད་ཞེ་དགུ་མའི་སྒྲུབ་ཐབས་ཀྱང་འདིས་མཛད་པ་ཡིན། ཞང་པ་རྣམས་སློབ་དཔོན་འདིས་


TNT06_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ནག་འཇིགས་སྐོར་གསུམ་གྱི་རྒྱུད་རྣམས་སྤྱན་དྲངས་པར་འདོད་མོད། སློབ་དཔོན་འདི་ནི་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཡང་སློབ་ཏུ་ཞང་ལུགས་པར་རང་འདོད་པ་བཞིན་དུ། དོན་ལའང་གནས་པར་མངོན་པས། ལ་ལི་ཏ་ཆུང་བ་རང་ཡིན་ཞིང༌། རྒྱུད་སྤྱན་འདྲེན་པ་པོ་ནི་ལ་ལི་ཏ་ཆེན་པོ་ཡིན་པས། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ལས་ཀྱང༌། མི་རབས་བཞི་ལྔ་ཙམ་གྱིས་སྔ་བར་བྱོན་ནོ། །ཞེས་གོ་བར་བྱའོ། །ལི་ལ་བཛྲ་དེའི་སློབ་མ་ནི། སཽ་སུ་ར་བ་ཡིན་ཏེ། འཁྲུངས་ཡུལ་ཤར་ཕྱོགས་ཀཱ་མ་རུ་པ། རྣལ་འབྱོར་ཆེན་པོའི་རྒྱུད་མཐའ་དག་ལ་མཁས་ཤིང༌། གཤིན་རྗེ་གཤེད་ལ་གྲུབ་པ་བརྙེས་པ་ཡིན་ནོ། །དེའི་སློབ་མ་ནི་གུ་རུ་སེ་ན་པ་ཡིན། མདོ་རྒྱུད་ཀུན་ལ་མཁས་ཤིང་སྒྲུབ་པ་གཙོ་བོར་མཛད། དེའི་སློབ་མ་ཨ་པ་ལི་ན་པ་ཡིན་ཏེ། འཁྲུངས་ས་ཁ་ཆེ་བ་ཡིན། རྐང་མགྱོགས་ཀྱི་དངོས་གྲུབ་བརྙེས། དེའི་སློབ་མ་གུ་ན་ཨཱ་ཀ་ར་བྷ་དྲ་ཡིན། ཡུལ་ཤར་ཕྱོགས་བྷ་ལནྡྲེ་བ། མཁས་པ་ཆེན་པོ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ། དེའི་སློབ་མ་ནི་ངག་དབང་གྲགས་པ་ཡིན་ཏེ། འཁྲུངས་ཡུལ་ཛ་གད་དྷ་ད་ལ་བ། ར་དྷའི་རྒྱལ་པོའི་བླ་མར་གྱུར། སྒྲོལ་མ་དང་སྤྱན་རས་གཟིགས་ཞལ་གཟིགས། ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་མངའ་ཟེར་ཏེ། མཁས་པ་སྒོ་དྲུག་གི་ནང་ཚན་ངག་དབང་གྲགས་པ་ཀ་ཡིན་ནམ་སེམས། ཡེ་ཤེས་ཞབས་ནས་དེའི་བར་ཐམས་ཅད་རབ་བྱུང་གི་ཆ་བྱད་དུ་བཞུགས། དེའི་སློབ་མ་དེ་བ་ཨཱ་ཀ་ར་ཙནྡྲ་ཡིན་ཏེ། པཎྜི་ཏ་དཀར་པོ་ཡིན། ཡུལ་མ་ག་དྷ་རུ་འཁྲུངས། དུས་འཁོར་དང་གསང་འདུས་སོགས་རྒྱུད་ཐམས་ཅད་ལ་མཁས། གཤིན་རྗེ་གཤེད་ལ་ནུས་པ་ཐོབ། ཡུལ་ར་ར་ན་ཀླུ་གདུག་པ་ཅན་


TNT06_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་མཚོ་ཞིག་ཡོད་པ། སྐབས་སྐབས་ལུད་ནས་གྲོང་ཁྱེར་དང་ཞིང་ལ་གནོད་པ་ཆེར་འབྱུང་བ་ཞིག་ཡོད་པ་ལ། ལྟ་སྟངས་མཛད་དེ་གནད་ལ་ཕབ་པས། ཀླུ་དེ་ཐུལ་ནས་ཕྱིན་ཆད་མཚོ་ལུད་པའི་གནོད་པ་མ་བྱུང༌། བསྐམ་ཡང་མ་བསྐམ། ཞིང་ལ་ཕན་པ་ཅིག་ཡོད་ཟེར། ཡང་བརྒྱུད་ཡིག་འགའ་ཞིག་ན། འཇམ་དབྱངས་ཡེ་ཤེས་ཞབས་དང་མར་མེ་མཛད། །རབ་འགྱིང་རྡོ་རྗེ་བདེ་སྦྱིན་སེ་ན་པ། །མཁའ་ལྡིང་ཞབས་དང་ཡོན་ཏན་འབྱུང་གནས་བཟང༌། །ངག་དབང་གྲགས་པ་ལྷ་འབྱུང་ཟླ་བ་དང༌། །ཟེར་བ་ཡོད་དེ། སཽ་སུ་ར་བ་དང་བདེ་སྦྱིན་ཞབས་གཅིགཨ་བ་ལི་དང་མཁའ་ལྡིང་ཞབས་གཅིག་པས། དོན་ལ་ཁྱད་མེད་དོ། །དེ་བ་ཨཱ་ཀ་ར་ལ་ཞང་གིས་གསན་ཏེ། དེ་ཡང་འབྲིང་མཚམས་པ་ཞང་ཅོ་གྲུ་ཤེས་རབ་བླ་མ་བྱ་བ། འཆིམས་ཕུ་བཀའ་ཕྱོགས་པ་བྱ་བའི་སྔགས་རྙིང་མ་པའི་སྡེ་ལ་ཞུགས། མདོ་སྒྱུ་སེམས་གསུམ། མགོན་པོ་བེང་མ་དང༌། མདོར་མགོན་སོགས་ཀྱང་མཁྱེན། བོ་དོང་གི་འབལ་ཤཱཀྱ་རྡོ་རྗེ་ལ་ཡོ་ག་ཡང་བསླབས། མཚན་ཉིད་ཀྱི་གཞུང་ཡང་མང་དུ་མཁྱེན། གསང་འདུས་གསན་པར་བཞེད་ཀྱང༌། དེ་ཙ་ན་གསང་སྔགས་གསར་མ་ཤིན་ཏུ་བཀའ་དོགས་པས། དཔེ་འདྲ་གཡར་བ་ལས་ཆོས་བཀའ་ཐོབ་པ་མ་བྱུང་ནས། བལ་བོར་བྱོན་ནས་ལོ་གཉིས་ཙམ་སྒྲ་ལ་སྦྱངས། དེ་ནས་རྒྱ་གར་མ་ག་དྷར་བྱོན། ཇོ་བོ་དེ་བ་ཨཱ་ཀ་ར་ཙནྡྲ་ལ་གསང་འདུས་རྫོགས་པར་གསན། དུས་འཁོར་ཡང་ཇི་རིགས་པ་གསན། ཁྱད་པར་ནག་འཇིགས་སྐོར་གསུམ་དགྱེས་ཕྱིན་པར་གསན་ཅིང༌། རྟགས་མཚན་དཔག་ཏུ་མེད་པར་བྱུང༌། བྱིན་རླབས་ཀྱི་བཀའ་བབས། དེའི་ནང་ནས་ཀྱང་དགྲ་ནག་ཉིད་ཁྱད་དུ་ཐོན་པར་གྲགས་སོ། །ཕྱིས་བོད་དུ་ཕེབས་པའི་ཨ་


TNT06_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

མོ་གྷ་བཛྲ་ཡ། ཇོ་བོ་དེ་བ་ཨཱ་ཀ་རའི་སློབ་མ་པཎ་ཆུང་ཅིག་ཡོད། ལོ་ཙཱ་བ་དང་དེ་དུས་མཆེད་གྲོགས་ཡིན། དེ་ནས་ཇོ་བོ་དེ་བ་ཨཱ་ཀ་ར་བོད་དུ་སྤྱན་དྲངས། བལ་བོད་མཚམས་སུ་ཇག་པ་བྱུང་བ་ལ། པཎྜི་ཏས་ས་གཏོར་བས་ཇག་པ་ཐམས་ཅད་རེངས། དེ་རྗེས་ལོ་པཎ་ལྷན་ཅིག་ཏུ་དབུས་གཙང་དུ་འགྲོ་དོན་ཆེར་མཛད་ནས། གཞོང་སྟག་རྩེ་ཕུག་མོ་ཆེར་སྤྱན་དྲངས་ཏེ། ཆོས་མང་དུ་བསྒྱུར། པཎྜི་ཏ་བལ་ཡུལ་དུ་བསྐྱལ། དེ་ནས་སྔོན་གྱི་བླ་མ་དང༌། མཆེད་པོ་ཀུན་འདས་ཏེ་མི་བཞུགས་པས་ཐུགས་ཤིན་ཏུ་སྐྱོ་སྟེ། དཔྱལ་བྱང་ཆུབ་འབྱུང་གནས་དེ་གཞོན་ནུའི་དུས་ཀྱི་བླ་མ་ཡིན། དེ་དུས་ཁོང་མི་བཞུགས་ཀྱང༌། དེའི་སྲས་སེ་རྩརྨ་རུ་སྤྲན་དྲངས་ཏེ། འཇམ་དཔལ་ནམ་མཁའ་དྲི་མེད་ལ་སོགས་པའི་ཆོས་མང་དུ་གསན། ཕྱིས་པཎྜི་ཏ་དེ་བ་རཱ་ཛ་ལ། མཚན་བརྗོད་ཀྱི་ཆོས་སྐོར་སྒྲུབ་རྒྱུད་དང་བཅས་པ་དང༌། ཨ་མོ་གྷ་བཛྲ་བོད་དུ་ཕེབས་པ་ལ་ཡང༌། རྒྱུད་ཀྱི་འགྱུར་བཅོས་དང༌། འཁྲུལ་འཁོར་གྱི་སྐོར་སོགས་མན་ངག་འགའ་རེ་དང༌། ཨོ་རྒྱན་གྱི་སློབ་དཔོན་ཤེས་རབ་གསང་བ་ཞེས་བྱ་བ་ཨཱ་ཙརྱ་དམར་པོར་ཡང་གྲགས། ལྭ་བ་དམར་པོ་ཅན་དུ་གྲགས་པ་དེ་ལ། ཕྱག་རྒྱ་ཆེན་པོའི་ཐིག་ལེ་དང༌། བཀའ་སྲུང་རེ་མ་ཏཱི། དམག་ཟོར་གྱི་སྐོར་དང༌། རྫོགས་རིམ་གྱི་མན་ངག་ཟབ་མོ་མང་དུ་གསན། གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་ཡང་ཡང་ཞལ་གཟིགས། དམག་ཟོར་རྒྱལ་མོ་དང༌། ལེགས་ལྡན་ནག་པོ་བྲན་དུ་འཁོལ། མཐུ་སྟོབས་ཐོགས་པ་མེད། འབྲིང་མཚམས་རལ་གསུམ་དུ་གཙུག་ལག་ཁང་དུ་མ་བཞེངས། དབུས་གཙང་ཁམས་གསུམ་གྱི་གྲྭ་བ་སྤྲིན་བཞིན་འདུས། འབྲིང་འཚམས་ཀྱི་ཞང་ཞེས་བོད་ཀྱི་མི་ཆེན་བཞིའི་གྱ་གཅིག་ཏུ་བགྲང་བ་ཡང་འདི་ནས་བྱུང༌། མི་རབས་


TNT06_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱི་བར་དུ་ཐམས་ཅད་ངའི་རྗེས་སུ་བདེ་བར་འགྲོ་ཞེས་ཞལ་གྱིས་བཞེས་པ་བཞིན། ཕྱིས་གདུང་ལས་ཆད་པ་ལ་སྟོད་སྨད་ཚོ་དུ་མར་གྱེས་ཀྱང༌། ཐམས་ཅད་ལ་བདུན་བརྒྱད་ཀྱི་བར་དུ་སྔགས་པ་དང༌། དགེ་བཤེས་ངོ་མཚར་ཅན་ཤ་སྟག་བྱོན། དཔྱལ་ལོ་ཆེན་པོར་གྲགས་པ་བསོད་ནམས་རྒྱལ་མཚན་གྱིས་ཀྱང༌། ལོ་ཙཱ་བ་འདི་ལ་ནག་འཇིགས་སྐོར་གསུམ་རྫོགས་པར་ཞུས། སྐུའི་སྲས་བཞི་སྟེ། སངྒྷ་བྷ་དྲ། དྷརྨ་སིདྡྷི། ཛྙཱ་ན་གརྦྷ། རཏྣ་ཀེ་ཏུ་རྣམས་ཡིན་པ་ལས། ཕྱི་མ་གཉིས་ལ་རྒྱུད་འཛིན་མེད། ཆེ་བ་དགེ་འདུན་བཟང་པོ་ལ་ལྷ་རྗེ་སང་པོར་གྲགས། འདི་ཡབ་ཀྱི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་ཤིང་ཡི་དམ་ཞལ་གཟིགས། ཡུལ་ལྷ་སྡེ་བརྒྱད་ཕལ་ཆེར་དམ་ལ་ཐོགས། ཡབ་ཀྱི་དུས་ཐུགས་དམ་མགྲོན་ལྷའི་གཙུག་ལག་ཁང་གཞི་འདིངས་པ་ཙམ་ལས་མ་གྲུབ་པ་ལ། འདིས་མགྲོན་ལྷ་བྱམས་ཀྱི་གཙུག་ལག་ཁང་བྱ་བ། རྡོར་དབྱིངས་དང༌། འཇམ་དཔལ་གྱི་དཀྱིལ་འཁོར་གྱི་བཀོད་པ་མཐའ་ཡས་བཞུགས་པའི་ངོ་མཚར་རྨད་དུ་བྱུང་པའི་ལྷ་ཁང་བཞེངས། གསང་སྔགས་ཀྱི་སྡེ་ཆེན་པོ་ཚུགས། བླ་མ་གནམ་ཁའུ་པ་སྐུ་མཆེད་ཀྱིས་ཀྱང་འཇམ་དཔལ་ཞི་ཁྲོའི་ཆོས་སྐོར་རྣམས་གསན་ཅིང་ཤིན་ཏུ་གུས་པར་མཛད་དོ། །ལྷ་རྗེ་སང་པོ་ལ་སྲས་ལྔ་བྱོན་པ་ལས་ཆེ་ཤོས་ཙང་ཐང་འོད་པོ་དང༌། ཆུང་ཤོས་རྡོ་རྗེ་རྩེ་མོ་གཉིས་མཁས་གྲུབ་མཆོག་ཏུ་གྱུར་པ་བྱོན། གཅེན་གྱིས་ཁྱུང་པོ་གྲགས་སེང་དང༌། གཅུང་གིས་གསང་ཕུར་ཞང་ཚེས་དང༌། སྟོད་ལུང་དུ་རྒྱ་མར་བ་ལ་གཏུགས་ཏེ། མདོ་ལུགས་ཀྱང་མཁས་པར་མཁྱེན་པ་ཡིན་པ་འདུགདེ་དག་ལས་གྱེས་པའི་དགེ་བཤེས་སྔགས་མཁན་ཤིན་ཏུ་མང་ཡང༌། འདིར་རྒྱས་པར་འབྲི་མི་ལང༌། ཅོག་རབས་རིན་ཆེན་འཕྲེང་བ་སོགས་ན་གསལ་བར་ཡོད། ལྷ་རྗེ་སང་པོའི་སྲས་གཉིས་པ་


TNT06_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱི་ཚ་འོད་ཆེན་གྱི་སྲས་ཞར་ལོ་མྱ་ངན་མེད་པའི་དཔལ་ཡིན། དེའི་དབོན་པོ་ཞང་བྱང་ཆུབ་རིན་ཆེན་ཡིན་ཏེ། རྟེན་ཚངས་སྤྱོད། དགེ་བསྙེན་ཤིན་ཏུ་ཕྲིན་ལས་ཆེ། ཞང་ལོ་ཙཱ་བའི་སྲས་དྷརྨ་སིདྡྷི་ནས་བརྒྱུད་པ་ནི་ཞང་བན་དཔེ་བའི་ཕྱོགས་ཡིན་ལ། ཞང་སྒོམ་རི་བར་གྲགས་པ་དེ་ཡང་འདིའི་རྒྱུད་ལ་བྱུང༌། ཁྱད་པར་ཞང་རྣལ་འབྱོར་གཟུངས་ཞེས་བྱ་བའི་སྲས། ཞང་སྟོན་འབྲུག་སྒྲ་རྒྱལ་མཚན་ཡིན། སློབ་སྟོད་སྒྲུབ་པ་འོད་དང༌། ཡབ་མེས་དངོས་གྲུབ་རྒྱལ་མཚན་དང༌། བྱང་ཆུབ་རིན་ཆེན་སོགས་ལ་གཏུགས། སྤྱན་རས་གཟིགས་ཀྱི་གསུང་དངོས་སུ་བྱོན། སྒོག་ཐང་གི་ཕྲ་མེན་མ་བཏུལ། ནུས་མཐུ་ཤིན་ཏུ་ཆེ། བསྟན་པ་སྲུང་བར་མཛད་ནས། དེ་དུས་རྒྱལ་ཁྲིམས་མེད་པས་བོད་སིལ་བུ་ཡིན་ཡང༌། ཉིན་མོ་ལག་རྟགས་བསྟན་པ་དང༌། མཚན་མོ་སྐད་ཐོས་པས་སུས་ཀྱང་འདའ་མི་ནུས། འབྲིང་འཚམས་ལ་ལམ་རྒྱ་ཡང་མཛད། ལྕེན་ལུང་མཁར་རྔའི་གཙུག་ལག་ཁང་བཞེངས། དགྲ་གདོང་འཇིགས་གསུམ་གྱི་དབང་བཀའ་བཤད་བཀའ་མན་ངག་གི་བཀའ་ཐམས་ཅད་ཤིན་ཏུ་དར་བར་མཛད། ཡང་ཞང་བྱང་ཆུབ་རིན་ཆེན་གྱི་སློབ་མ་ཤེས་རབ་རྡོ་རྗེ་དང༌། ཤེས་རབ་འབྱུང་གནས་སྐུ་མཆེད་ཀྱི་སློབ་མ་ཞང་རིན་ཆེན་འོད་ཟེར་བ་ཡིན། འདིར་མཁར་རྔ་དགོན་གསར་བཏབ། རྟེན་དགེ་སློང་ཡིན། གཞན་ཕན་ཤིན་ཏུ་ཆེ། ཡང་ཞང་འབྲུག་སྒྲ་རྒྱལ་མཚན་གྱི་སྲས་ཞང་རིན་ཆེན་རྒྱལ་མཚན་སོགས་ཀྱང་ཆོས་ཀྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་བྱུང་ངོ༌། །བརྒྱུད་ཡིག་ནི་ལོགས་སུ་ཡོད་དོ། །ད་ནི་རྭ་ལུགས་པ་རྣམས་ཀྱི་བཞེད་པ་བཤད་དེ། སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲ་ལ། ཨ་མོ་གྷ་བཛྲ་ཆེན་པོས་ཐུག་གསུང་སྟེ། དེ་ནི་དཔལ་རྡོ་རྗེ་འཇིགས་བྱེད་


TNT06_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང་མི་ལབ་པ་བཞིན་དུ་བཞུགས་གསུང༌། རྒྱ་གར་དུ་གྲགས་པ་ལ་ལི་ཏའི་དངོས་སློབ་ཀྱི་གསལ་ཁ་རང་མེད། མ་ལ་བའི་ཡུལ་དུ་ཀླ་ཀློའི་གྲོང་ལྔ་སྟོང་ཙམ་ཡོད་པ་ལ། གྲོང་བསྐྲད་པའི་སྦྱོར་བ་མཛད་པས། ཡུལ་དེའི་རྒྱལ་པོ་ཁྲོས་ནས། དེ་ཐམས་ཅད་རྒྱ་མཚོའི་གླིང་ཕྲན་ཞིག་ཏུ་བསྐྲད་པར་གྲགས། ལ་ལི་ཏ་མི་ཡུལ་ན་བཞུགས་པའི་དུས་ཀྱི་དངོས་སློབ་ཡིན་ན། རྒྱལ་པོ་དེ་ཡང་རྒྱལ་པོ་བརྟ་ཧ་རི་ཡིན་པར་བྱེད་དགོས། ཕྱིས་ཞལ་གཟིགས་ཡིན་ན་ངེས་པ་མེད། རྒྱ་གར་གྱི་གཏམ་རྒྱུད་ཅིག་ལ། རྒྱལ་པོ་མཧཱ་པཱ་ལའི་དུས་སུ། ཨ་མོ་གྷ་ཆེན་པོ་བྱུང༌། དེས་སྒྱུ་འཕྲུལ་དྲྭ་བ་ལ་འགྲེལ་ཆེན་བྱས་ཟེར་བ་ཡོད་ཅེས་བླ་མ་གསུང་སྟེ། དེ་ལྟ་ན་ཡུལ་མ་ལ་བའི་རྒྱལ་པོ་དེ་ཡང་རཱ་མ་ཡུདྡྷ་ཡིན་པར་མངོན་ནོ། །གང་ལྟར་ཡང་ཨ་མོ་གྷ་ཆེན་པོ་ལ་ཡེ་ཤེས་འབྱུང་གནས་སྦས་པའི་དཔལ་གྱིས་གསན། དེ་ལ་སློབ་དཔོན་པདྨ་བཛྲ་བྱ་བས་གསན། སློབ་དཔོན་འདི་ནི་ཕ་མས་བཏགས་པའི་མིང་རཱ་མ་པཱ་ལ། སློབ་གཉེར་བྱས་པའི་མིང་ཨ་བྷི་ཛུཀྟ། རབ་ཏུ་བྱུང་བའི་མཚན་ཤྲཱི་རཀྵི་ཏ། གསང་མཚན་པདྨ་བཛྲ་ཡིན་གསུང་བ་འདུགཡི་གེ་རྙིང་པ་རྣམས་ན། ཨོ་རྒྱན་པ་ཡིན་གསུང་བ་འདུག་ནའང༌། ཡིག་ནོར་བརྒྱུད་པ་འདྲ། སློབ་དཔོན་འདི་འཁྲུངས་ས་ཨོ་ཌི་བི་ཤ་བ་ཡིན། ཨོ་ཌི་བ་ཨོ་རྒྱན་པར་འཁྲུལ་བ་ཡིན་ནམ་སྙམ་མོ། །སློབ་དཔོན་དེ་གཉིས་ཀྱིས་ཀྱང༌། རྡོ་རྗེ་འཇིགས་མཛད་ཆེན་པོ་ཞལ་གཟིགས། བླ་མ་དེ་ལ་བླ་མ་བྷ་རོ་ཕྱག་སྡུམ་དང༌། མེ་ཙ་ལིང་པ་གཉིས་ཀྱིས་ཞུས། བྷ་རོ་ཕྱག་སྡུམ་ལ་པཎྜི་ཏ་འཇམ་པའི་དབྱངས་ཟེར། འཁྲུངས་ཡུལ་བལ་བོ། རིགས་བྲམ་ཟེ། དང་པོ་ཕྱི་པ་ཡིན། རྒྱལ་པོའི་ཆད་པ་བྱུང་


TNT06_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བས། ཕྱག་གཡོན་སྡུམ་པོ་ཡིན། རྒྱ་གར་དུ་བྱོན་ནས་མུ་སྟེགས་ཀྱི་ལྷ་དྲག་པོ་མང་པོ་བསྒོམ་བསྒྲུབ་བྱས་ནས་རྒྱལ་པོ་འདུལ་བར་བསམས་ཀྱང༌། ཁོང་རང་སྨྱོ་བས་སྡུག་བསྔལ་བར་ཡོད་པ་ལ། སློབ་དཔོན་པདྨ་བཛྲ་གྱིས་བུམ་ཆུས་བཀྲུས་པས་སྨྱོ་བ་བསངས། ནང་པ་ལ་མོས་ཏེ་ཆོས་ཀྱི་སྒོར་ཞུགས། ནག་པོ་སྐོར་གསུམ་ལ་མཁས། སྒྲུབ་པ་རིང་དུ་མཛད་པས། དཔལ་རྡོ་རྗེ་འཇིགས་མཛད་ཞལ་གཟིགས། ནུས་པ་ཐོགས་མེད་མངའ། རྭ་ལོས་གཟིགས་པ་ལ་ཡང༌། ཁོང་གི་གཡོག་པོ་དང༌། མཐའ་འཁོབ་རྒྱལ་ཕྲན་ཅིག་འཁྲུགས། རྒྱལ་པོ་དེས་དམག་བྱེད་པར་བརྩམས། འཁོར་དང་ཉེ་དུ་ཀུན་གྱིས་བྲོས་པ་དྲག་ཞུས་ཀྱང༌། རྒྱལ་པོ་ཁོ་ང་ལ་གུས་པ་བཏུད་དུ་འོང་གསུང༌། ཞག་ཤས་ཅིག་སུ་ཡང་མ་བྱུང༌། དེ་ནས་ཉིན་ཅིག་རྒྱལ་པོ་དེ་འཁོར་བཅས་འོངས། འབུལ་བ་ཆེན་པོ་བྱས། ཞབས་སྤྱི་བོར་བླངས་ཏེ། སློབ་དཔོན་འདིས་དབང་དང་དགུག་པའི་ལས་འགྲུབ་པའི་རྟགས་སོ། །མེ་ཙ་ལིང་བའང་བལ་བོ་ཀ་ཡིན། དུས་དེ་ཙ་ན་བལ་བོའི་ཡ་རབས་དྲ་མ་རྣམས་ལ་བྷ་རོ་ཟེར་བས། སློབ་དཔོན་འདི་ལའང་བྷ་རོ་ཞེས་འབོད་པའི་སྐབས་ཡོད་པས། བྷ་རོ་ཞེས་པའི་མིང་ཙམ་ལ་འཁྲུལ་ནས། ཕྱག་སྡུམ་དང་འདི་གཉིས་གཅིག་པར་འདོད་པ་ནི་ཤིན་ཏུ་བླུན་ནོ། །རབ་ཏུ་བྱུང་བའི་མཚན་དངོས་དཱི་པཾ་ཀ་ར་རཀྵི་ཏ། ཐུགས་རྒྱུད་འཇམ་ཞིང་འགྲོ་ཕན་ཤིན་ཏུ་ཆེ་བས་བླ་དྭགས་ཀྱི་མཚན་ཐུགས་རྗེ་ཆེན་པོ། བཞུགས་གནས་དགོན་པ་མེ་ཙ་ལིང་ཡིན་པས། མེ་ཙ་ལིང་པར་གྲགས། རྟེན་དགེ་སློང་ཡིན། པྲཛྙཱ་རཀྵི་ཏ་དང༌། ཀ་ན་ཀ་ཤྲཱི་དང༌། དྷརྨ་ཨཱ་ཀ་ར་མ་ཏི་དང༌། པདྨ་བཛྲ་སོགས་བླ་མ་མང་པོ་བསྟེན་ནས། རྣལ་འབྱོར་བླ་མེད་ཀྱི་


TNT06_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་གྲགས་ཆེ་བ་ཕལ་ཆེར་མཁྱེན། ཡོ་ག་ལ་ཡང་མཁས་པ་ཞིག་ཡིན་པར་སྣང་སྟེ། ཟངས་ཀར་ལོ་ཙཱ་བས་པཎྜི་ཏ་འདི་ལ་ཞུས་ནས། ཡོ་ག་སྨད་འགྲེལ་ཆེན་མོ་བསྒྱུར་བ་ཡིན། ཁྱད་པར་དུ་འཁོར་ལོ་སྡོམ་པ་དང༌། གཤིན་རྗེ་གཤེད་ལ་མངའ་བརྙེས་འཇམ་དཔལ་འཇིགས་མཛད་ཆེན་པོ་ཞལ་གཟིགས། ནུས་མཐུ་ཐོགས་པ་མེད་པ་མངའ་འོ། །བླ་མ་དེ་གཉིས་ཀར་ལ་རྭ་ལོ་ཆེན་པོས་གསན། ཡང་བརྒྱུད་པའི་ལུགས་གཅིག་ལ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ནག་པོ་སྤྱོད་པ་བ། བྷ་དྲ་བ། དྷ་མ་པ། དེ་བ་པ། ཛེ་ཏཱ་རི་པ། ཨ་ནཾ་ག་པ། དྷརྨ་ཨཱ་ཀ་ར་མ་ཏི། མེ་ཙི་ལིང་པ་ཞེས་པ་དང༌། ཡང་རྡོ་རྗེ་མཁའ་འགྲོ་མ། ཏིལླི་པ། ནཱ་རོ་བ། པྲཛྙཱ་རཀྵི་ཏ། ཐུགས་རྗེ་ཆེན་པོ་ཞེས་པའམ། ནཱ་རོ་བ། མ་ན་ཀ་ཤྲཱི། ཀ་ན་ཀ་ཤྲཱི། དཱི་པཾ་ཀ་ར་རཀྵི་ཏ་ཞེས་འདེད་པའང་ཡོད་དེ། དེ་དག་ཀྱང༌། དགྲ་གདོང་འཇིགས་གསུམ་དང༌། བདེ་དགྱེས་སོགས་ཀྱི་དབང་དུ་བྱས་པར་འདུགགཞན་ཡང་གྲུབ་ཐོབ་མང་པོའི་བརྒྱུད་པ་མངའ་བ་ཞིག་གོ །བྷ་རོ་ཕྱག་སྡུམ་དང༌། ཐུགས་རྗེ་ཆེན་པོ་འདི་གཉིས་ལ། བ་རི་ལོ་ཙཱ་བས་ཀྱང་གཏུགས། མལ་ལོས་ཀྱང་ཕྱག་སྡུམ་ལ་སྒྲོལ་མའི་ཆོས་སྐོར་སོགས་ཞུས། ལོ་རྒྱུས་དེ་ཙམ་ནི། ཁུངས་དང་ལྡན་ཞིང་ནོར་འཁྲུལ་ཡེ་མེད་པས་བཀོད་པ་ཡིན་ལ། གཤིན་རྗེ་གཤེད་རྭ་ལུགས་ཀྱི་བླ་མ་རྒྱ་བོད་ཀྱི་རྣམ་ཐར། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས་མཛད་ཟེར་བ་དེ་ན། ལ་ལི་ཏ་མན་གྱི་བླ་མ་རྣམས་ལ་ལོ་རྒྱུས་ཉག་ཉོག་མང་པོ་འདུག་ཀྱང༌། ཁུངས་དང་མི་ལྡན་ཞིང་ཡིད་བརྟན་ཐུབ་པར་མི་འདུག་པས་འདིར་མ་བྲིས་ལ། རྒྱ་སྟོན་ཆེན་པོ་ཡང་གསུང་རབ་སྤྱི་ལ་མཁས་ཚུལ་རང་མ་བསྟན་འདུག་ནའང༌། ལམ་འབྲས་དང༌། གཤེད་སྐོར་ལ་མཁས་ཤིང་གནས་ལུགས་གཟིགས་


TNT06_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

པ། ནུས་མཐུ་བརྙེས་པའི་སྐྱེས་བུ་དམ་པར་འདུག་པས། རྫུན་པོ་ཆེ་ག་ལ་མཛད། དེས་ན་ཡི་གེ་དེ་རྒྱ་སྟོན་ཀྱིས་མ་མཛད་པར་ངེས། ཁམས་ཕྱོགས་ཀྱི་སློབ་མ་མི་མཁས་པ་དེ་འདྲས་བརྩམས་པར་མངོན་ནོ། །བླ་མ་བྷ་རོ་ཕྱག་སྡུམ་དང༌། བླ་མ་མེ་ཙ་ལིང་པ་གཉིས་ལ། ལོ་ཙཱ་ཤེས་པའི་སློབ་མ་རང་ཡང་མང་མོད་ཀྱི། སློབ་མའི་ཐུ་བོ་འགྲན་གྱི་དོ་ཟླ་མེད་པ་ནི། ༧ རྗེ་བཙུན་རཱ་ལོ་ཙཱ་བ་ཆེན་པོ་རྡོ་རྗེ་གྲགས་པའོ། །བླ་མ་དེ་ནི་ལ་སྟོད་གཉའ་སྣམ་གྱི་ཡུལ་དེའི་ནང་ཚན་སྣང་ཡུལ་ཞེས་པར་འཁྲུངས། ཡབ་ནི་རྭ་དཀོན་མཆོག་རྡོ་རྗེ་ཞེས་བྱ་བ། སྔགས་རྙིང་མ་བའི་རིགས་ཞིག་ཡིན། བྱིས་པ་ཆུང་ངུའི་སྐབས་ཤིགདཔལ་ལྷ་མོ་རེ་མ་ཏཱི་མངོན་སུམ་དུ་བྱོན་ནས། ན་བཟའ་ཕུ་རུངས་ཀྱི་ནང་དུ་བཅུག་སྟེ། སྤྱིར་རྒྱལ་ཁམས་ཆེས་མང་བ་ཞིག་བསྐོར་ཞིང་ཡུལ་གྱི་བཀོད་པ་གཟིགས། ཁྱད་པར་མདོ་ཁམས་ལྷོ་བྱང་སྟོད་སྨད་ཐམས་ཅད་བསྟན། ཟླ་བ་གསུམ་གྱི་བར་དུ་དེ་ལྟར་བྱུང༌། ནང་མི་རྣམས་ཀྱིས་བུ་སྟོར་བར་ཐག་བཅད། དེ་ནས་དཔལ་ལྷ་མོས་ཡབ་ཡུམ་གཉིས་ཀྱི་ཁྱིམ་དུ་བསྐྱལ་བ་ན། ཟླ་བ་གསུམ་པོ་དེའི་རིང་ལ་ལོ་གསུམ་གྱི་ལུས་སྐྱེད་བྱུང༌། ལོ་རྒྱུས་རྣམས་བཤད་པས་མི་ཐམས་ཅད་ངོ་མཚར་ཆེ་བར་བྱེད། ཕྱིས་འགྲོ་དོན་མཛད་པའི་དུས་ཀྱང༌། ཁམས་པའི་གྲྭ་རིགས་མང་པོ་འདུས་པ་ལ། ཁྱེད་ཀྱི་ཡུལ་དེ་ནི་འདི་དང་འདི་ལྟ་བུའི་ཞེས་རི་ཀླུངས་ཆུ་ཞིང་གྲོང་གི་བཀོད་པ་སོགས་ཕྲ་ཞིང་ཕྲ་བ་ཐམས་ཅད་ཡུལ་སོ་སོ་རང་གི་མི་བས་ཀྱང་ཞིབ་པར་གསུང་བ་ཞིག་ཡོད། དེ་ནས་སྐུ་ཆེར་སྐྱེས་ནས། རེ་ཞིག་ཁྱིམ་གྱི་འཚོ་ཆས་དང༌། འབྲོག་སྐྱོང་བ་སོགས་ལའང་ལོ་མང་རབ་སོང༌། དེ་ནས་བར་སྐབས་སུ་ཐུགས་ལ་དད་པ་འཁྲུངས་ཏེ་ཆོས་གྲྭ་འགར་བྱོན་ནས། ཕར་ཕྱིན་དང༌། གསང་སྔགས་གསར་རྙིང་གི་


TNT06_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐོར་བུ་པ་ཡང་མང་དུ་གསན་ཅིང་མཁྱེན་ལ། དེ་སྐབས་ནས་བླ་མ་དང༌། མཆེད་གྲོགས་གོང་མ་ཐམས་ཅད་ཡོ་བྱད་དང་སྤྱོད་ལམ་དང་གུས་པས་མཉེས་པར་མཛད། བར་སྐབས་སུ་མཉམ་པར་འཇོག་པ་དང༌། འཇམ་དཔལ་དང༌། སྒྲོལ་མ་སོགས་ལྷག་པའི་ལྷའི་བསྙེན་པ་ཡང་མང་དུ་མཛད། དགྱེས་རྡོར་དང་གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱང་རགས་པ་མཁྱེན། དེ་དག་ཏུ་ལོ་མང་པོ་སོང་ཞིང༌། བར་སྐབས་དེར་གྲོགས་དང་ཉེ་དུ་རྣམས་ཀྱིས་བསྐུལ་ནས། འབྲོ་ཇོ་བོ་པདྨ་བྱ་བའི་བུ་མོ་ཞིག་ཀྱང་ཁྱིམ་ཐབ་ཏུ་བཞེས། སྣང་ཡུལ་ལ་སྡུད་སྒོ་རེ་ཡང་ཡོད་པ་ལས། མི་རིང་པ་ཅིག་ན་བུད་མེད་དེས་ཀྱང་མི་དགའ་ལྟས་ཏེ་བོར་ནས། འབྲོ་རྗེ་རྩད་པོའི་བུ་འཛམ་མེ་ཟེར་བ་ཅིག་གི་སར་སོང༌། གཉའ་སྣམ་ཡུལ་པ་དང༌། དེ་དག་གི་ངན་གྲོས་བཤམས། ཡུལ་པ་རྣམས་ལོག་སྟེ་དམག་བྱས་བཀྲོང་བར་བརྩམས་པ་ལས། རེ་ཞིག་མཁར་ལ་འཕྲས་པས་གནོད་མ་ཐུབ། དེ་ནས་ཉན་ཚོ་གནས་རྙིང་གི་འདུལ་བ་འཛིན་པ། རྒྱ་གར་ལ་གཤེགས་པར་བཞེད་པ་ཞིག་ཡུལ་དེར་ཕེབས་པ་དང་མཇལ་ནས། ཁོང་གི་ཕྱག་ཕྱི་ལ་འབྲངས། བལ་ཡུལ་དུ་བྱོན། མཐུ་ཞུ་བར་བཞེད་དེ། མེ་ཙ་ལིང་པ་དང༌། བ་རོ་ཕྱག་སྡུམ་ལ་ཉི་མ་གཅིག་ལ་ཆོས་སྣེ་བཏགས། ཐོག་མ་ཉིད་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་བསྐུར་ཞུས། ལག་ལེན་བསླབས་ཏེ་བསྙེན་པ་དང་སྒྲུབ་པ་མཛད། ལོ་གཅིག་ལྷག་ཙམ་ན་ཞལ་གཟིགས་ཀྱི་མཚན་མ་བྱུང༌། ལས་རྣམས་འགྲུབ་ངེས་པར་འདུག་ནས། བོད་དུ་འགྲོ་བའི་མི་འགལ་ལ་ལོན་བསྐུར་ཏེ། འབྲོ་རྗེ་རྩད་པོ་དང༌། སྣང་ཡུལ་བའི་ཡུལ་པ་རྣམས་ལ་ཟླ་བ་གསུམ་གྱི་མཐུ་དུས་བཏབ། དྲག་པོའི་འཁོར་ལོ་བསྐོར་བས་ཟླ་བ་གསུམ་གྱི་


TNT06_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་སྣང་ཡུལ་དུ་རིམས་ནད་སྣ་ཀ་མི་འདྲ་བ་མང་པོ་དུས་གཅིག་ཏུ་བྱུང༌། གྲོང་བརྒྱ་ཙམ་ཡོད་པ་གཅིག་ཀྱང་མ་ལུས་པ་ཐམས་ཅད་སྟོངས། རྩད་པོའི་བུ་དང༌། བུད་མེད་དེ་གཉིས་ལ་ཚེས་བཅུ་བཞིའི་ནམ་ཕྱེད་ཅིག་འུར་སྒྲ་དང་བཅས་ཏེ་ལྕགས་ཀྱི་ཕུར་པ་དངོས་སུ་བྱུང་སྟེ། དཔྲལ་བ་ཕུག་ནས་ཤི ལོ་དེ་ཁའི་ཁོངས་སུ་རྩད་པོ་རང་དང༌། གཡོག་ཕོ་མོ་དྲུག་ཅུ་ཙམ་ཡང་ཤི རྭ་ནག་པོའི་མཐུ་བ་ལོག་ལྟ་ལོག་ཏུ་གྲགས། དེ་ནས་རྭ་ཆེན་པོས་པུ་རངས་སུ་མངའ་བདག་རྩེ་ལྡེ་ལ། ཆོས་བསྒྱུར་བའི་མཐུན་རྐྱེན་ཞུར་བྱོན། གསེར་སོགས་ཡོ་བྱད་མང་པོ་རང་བྱུང་སྟེ། སླར་ཡང་བལ་ཡུལ་དུ་ཕེབས། རིན་ཆེན་ཚུལ་གྱི་གཙུག་ལག་ཁང་དུ་དགེ་སློང་མཛད། སྔར་གྱི་བླ་མ་རྣམ་གཉིས་དང༌། གཞན་ཡང་རྒྱ་བལ་གྱི་པཎ་གྲུབ་མང་པོ་བསྟེན། སློབ་དཔོན་ཐུགས་རྗེ་ཆེན་པོ་གསང་སྔགས་ཀྱི་བང་མཛོད་ཡིན་པས། རྩ་བའི་བླ་མ་དེ་ལ་མཛད། བདེ་མཆོག་རྩ་རྒྱུད། སམྤུ་ཊི། རྣལ་འབྱོར་མ་ཀུན་སྤྱོད། ཧེ་རུ་ཀ་མངོན་བྱུང༌། ཨ་བྷི་དྷ་ན། རྡོ་རྗེ་མཁའ་འགྲོ་སྟེ་འཁོར་ལོ་སྡོམ་པའི་རྒྱུད་དྲུགགཤིན་རྗེ་གཤེད་དགྲ་གདོང་འཇིགས་གསུམ། འཇམ་དཔལ་མཚན་བརྗོད། ལཱུ་ཡི་སྨད་ལྔ། ནག་པོ་གཞུང་དྲུགདཀྱིལ་ཆོག་བཞི་བརྒྱ་ལྔ་བཅུ་པ་རྩ་འགྲེལ། སྒྲུབ་ཐབས་དོན་གསལ་དང༌། ཕག་མོ་ཞལ་གཉིས་མའི་ཆོས་སྐོར་སོགས་རྩལ་དུ་ཐོན་པར་སྦྱངས་པ་མཛད། མགོན་ནག་དང་པར་བུ་སོགས་གདམས་ངག་ཕྲ་མོ་མང་པོ་ཡང་གསན། གཏུམ་མོ། རླུང་སྦྱོར། སེམས་འཇོག་གི་སྒོམ་སོགས་ཟབ་དོན་མང་པོའང་གསན། གསང་སྔགས་ཀྱི་རྒྱུད་ཞོར་ཉན་དུ་མཛད་པའང་མང་པོ་ཡོད་གསུང༌། སླར་ཡང་འཁོར་ལོ་སྡོམ་པ་དང༌། གཤིན་རྗེ་གཤེད་ཀྱི་


TNT06_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་བསྐྱར་མའང་མང་དུ་མཛད། བལ་བོར་ལོ་བཅོ་ལྔ་ཙམ་བཞུགས། སྐབས་དེར་བོད་ལ་མ་བྱོན་ཀྱང༌། མངའ་རིས་ཀྱི་རྒྱལ་པོ་དབང་ཕྱུག་ལྡེ་ལ་གསེར་སློངས་ཀྱི་ཕོ་ཉ་བཏང་བ་ལ། གསེར་མང་དུ་བྱུང་བས་ཕལ་ཆེར་བླ་མ་རྣམས་ཀྱི་ཞབས་ཏོག་མཛད་ཅིང༌། གདམས་ངག་གི་འཕྲོ་ཞུས། གསེར་ལྷག་མ་མང་དུ་བསྣམས་ནས། རྒྱ་གར་མ་ག་དྷར་བྱོན། ཟླ་བ་དྲུག་ཙམ་བཞུགས། རྡོ་རྗེ་གདན། བི་ཀྲ་མ་ཤི་ལ་ཨོ་ཏན་ཏ་པུ་རི་རྣམས་སུ་མཆོད་པ་རྒྱ་ཆེར་མཛད། སྨོན་ལམ་བཏབ། ན་ལན་དའི་ལྷ་ཁང་ཐམས་ཅད་ལ་ཡང་མཆོད་པ་མཛད། དགེ་འདུན་ནི་མི་བཞུགས། དཀོན་གཉེར་རྣམས་ཚིམ་པར་བྱས། མ་ག་དྷའི་མཁས་པ་རྣམས་ལ་ཆོས་འབྲེལ་རེ་ཙམ་གསན་པ་ནི་མང་དུ་ཡོད་པར་འདུགདོགས་གཅོད་ཀྱང་མང་དུ་མཛད། འོན་ཀྱང་མ་ག་དྷར་མཆོད་པ་མཛད་པ་ཡིན། ཐུགས་གཉེར་རང་མ་མཛད་ཅིས་ཀྱང་གྲགས་ཏེ། ཡུན་རིང་བ་རང་མ་བཞུགས་པ་མིན་པ་སློབ་གཉེར་ནི་མཛད་པར་ཤེས་སོ། །དེ་ནས་དབྱར་ཅིག་པུ་རངས་དང༌། ཡར་རྩེར་བྱོན། རྒྱལ་པོ་གོ་གཉིས་ཀྱང་དགྱེས་པས་ཆོས་འཁོར་རེ་ཡང་མཛད། དེ་ནས་ལས་སྟོད་ལ་མར་བྱོན་དུས། སྔར་གྱི་དགྲ་རྣམས་ལྟ་ཅི་སྨོས། ཕྱོགས་གཏོགས་ཚུན་ཆད་ཀྱང་སྟོངས་ནས་མེད་པས་བག་ཟོན་དགོས་པ་ནི་གཅིག་ཀྱང་མེད། མཐུ་བོ་ཆེ་དེ་བྱུང་ཞེས་ཐམས་ཅད་འཇིགས་འཇིགས་བྱེད། རྙེད་བཀུར་དང་ཆོས་ཞུ་མཁན་ཙམ་མ་བྱུང༌། དེ་ནས་དབུས་གཙང་གི་གཞུང་ཀུན་ལ་ཕེབས། མཐུ་ཆེན་གྱི་གྲགས་པ་ལ་བརྟེན་ནས་སྐུ་བསོད་རྒྱས། ལྷ་ས་བསམ་ཡས་གཉིས་སུ་ཆོས་འཁོར་ཅུང་ཟད་རེ་ཡང་མཛད། ལོ་ཤེས་སོང་ཡོད་པར་འདུགཔཎྜི་ཏ་སྤྱན་དྲངས་ན་འགྲོ་ཕན་ཆེ་བར་དགོངས་ཏེ། མངའ་རིས་ནས་དེ་བར་ལ་ཕྱག་ཏུ་འབྱོར་བའི་རྫས་


TNT06_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་རྒུ་ཕར་བསྣམས་ནས། བླ་མ་རྣམས་ལ་ཚོགས་འཁོར་དང་འབུལ་བ་ཆེར་མཛད། དཱི་པཾ་ཀ་ར་རཀྵི་ཏ་བོད་དུ་སྤྱན་དྲངས། གྲོམ་པ་མན་ཆད་ནས་འགྲོ་དོན་འུར་ལངས། དབུས་ཀྱི་ལྷོ་བྱང་ཐམས་ཅད་དང༌། གཉལ་གྱི་བར་དུ་ཕེབས། ཆོས་ཐམས་ཅད་གསེར་ཆོས་སུ་མཛད་དེ། རྒྱུད་སོ་སོའི་རྒྱུད་མཆོད། དབང་ཡོན། ཚོགས་འཁོར་རྒྱུད་ཡོན་སོགས་ཕར་བཞགཞུ་རྟེན་རང་ལའང༌། རྡོ་རྗེ་འཇིགས་བྱེད་ལ་གསེར་སྲང་གང༌། གཞན་རྣམས་ལ་གསེར་ཞོ་རེ་རེ་བབ་ཀྱང༌། ཞུ་བ་པོ་མི་ཐོབ་པ་ཙམ་བྱུང༌། པཎྜི་ཏས་ཀྱང་བོད་དུ་ལོ་མང་པོ་མ་བཞུགས་འགའ་ཞིག་ལོ་བདུན། ཁ་ཅིག་ལོ་ལྔ་ཟེར། ཕར་ཕེབས་དུས་གསེར་སྲང་སྟོང་ཕྲག་གཅིག་ཕྱག་ཏུ་ཕུལ། གླ་བ་ལ་སོགས་པ་ཡོ་བྱད་གཞན་རྩིས་སུ་མ་བཏབ། ཡར་ལམ་ལ་སྟོད་དུའང་འགྲོ་དོན་ཆེར་བྱུང༌། བལ་བོའི་བར་དུ་སྐྱེལ་མ་མཛད། དེ་རྗེས་རྭ་ལོ་ཆེན་པོ་སྐུ་བསོད་ཤིན་ཏུ་རྒྱས། ཁམས་སྟོང་པུ་བོ་ཡན་ཆད་དབུས་གཙང་ཀོང་པོ། གཉལ་ལོར། ལྷོ་བྲག་ཚུན་ཆོད་དུ་ལན་མང་དུ་ཕེབས། བཞུགས་ཡུལ་མཐིལ་ནི་གཡས་རུ་ནུབ་མདར་མཛད། བླ་མ་དཱི་པཾ་ཀ་ར་བལ་ཡུལ་དུ་ཕེབས་པའི་རྗེས་སུ་སྐུ་མ་འདས་ཀྱི་བར་ལ། སྔ་ཕྱིར་འབུལ་ཆེན་ལན་སུམ་ཅུ་སོ་བདུན་བསྐྱལ། འབུལ་བ་རེ་རེའི་སྟེང་དུ་རེས་ཙ་དུ་ཞེས་བྱ་བ་བཙུན་པ་ཉིས་བརྒྱ་ཙམ་བསགས་པ་ལ། མཆོད་སྟོན་ཡོན་བཅས་རེ་དང༌། རེས་ཧ་དུ་སྟེ་སྔགས་པ་ཉིས་བརྒྱ་ཙམ་བསགས་པ་ལ་ཚོགས་འཁོར་ཡོན་བཅས་རེ་མཛད། བླ་མ་བྷ་རོ་ཕྱག་སྡུམ་ལ་གསེར་སྲངལྔ་བརྒྱ་ཕུལ། གཞན་ཡང་བཀའ་དྲིན་ཆེ་བའི་བླ་མ་ལྔ་ཙམ་ཡོད་པ་ལའང༌། གསེར་སྲང་བརྒྱ་ལྷག་རེ་ཕུལ། རྒྱ་གར་རྡོ་རྗེ་གདན་དུ་མཆོད་པའི་ཐེས་ལ། གསེར་སྲང་བརྒྱ་ཕྲག་རེ་སྔ་ཕྱིར་ལན་མང་པོ་དང༌། བི་ཀྲ་མ་ཤཱི་ལ། ཨོ་ཏནྟ་པུ་རི། ན་ལན་ད་རྣམས་


TNT06_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཉི་ཁྲི་དང༌། བརྒྱད་སྟོང་པ། མངོན་རྟོགས་རྒྱན་དང་བཅས་པའི་འཆད་ཉན་གྱི་ཐེས་དང༌། ཆུང་བ་སྡུད་པ་འཆད་པའི་ཐེས་སོགས་བསྟན་པ་ནམ་གནས་པར་དུ་རྒྱལ་བློན་ལ། ཞིང་ས་དང༌། ལྷ་འབངས་གྲོང་ཞུ་བ་སོགས་ལ། གསེར་སྲང་བརྒྱ་ཙམ་ཉིས་བརྒྱ་ཙམ་འབུལ་བར་བཏང་བ་ཤིན་ཏུ་མང༌། བླ་མ་ལ་གུས་ཤིང་ཞབས་ཏོག་ཆེ་བའི་ཚད་དུ་བཞག་པ་ཡིན། དེ་དག་ནི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་མངའ་བའི་རྒྱུ་རྣམས་གཙོ་བོར་སྨོས་པའི་སྐབས་ཡིན་ནོ། །འབྲས་བུ་གཙོ་བོར་གྱུར་པའི་ཆེ་བ་ལ། ལུང་བསྟན་བརྙེས་པའི་ཆེ་བ། ཆོས་གསུངས་པའི་ཆེ་བ། བྱིན་རླབས་ནུས་མཐུའི་ཆེ་བ། སྐུ་བསོད་ནམས་ཀྱི་ཆེ་བ། མཛད་པ་ཕྱག་རྒྱས་ཀྱི་ཆེ་བའོ། །དང་པོ་ནི། སྤྲུལ་པའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང༌། ཨཱ་ཙརྱ་བོ་དྷི་སཏྭས་ཆོས་འཁོར་ཆེན་པོ་བསམ་ཡས་ལ། མ་འོངས་པ་ན་མེའི་གནོད་པ་བྱུང་བའི་ཚེ། འཇམ་དཔལ་གྱི་སྤྲུལ་པ་དགེ་སློང་ཞིག་གིས་གསོ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེ་ནི། རྗེ་བཙུན་རྭ་ལོ་འདི་ཡིན། ཀླུ་མེས་ཀྱིས་ཞིག་གསོས་ཅུང་ཟད་མཛད་པ་ནས། ཕྱི་མའི་བར་དུ་ཞིག་གསོས་ཐན་ཐུན་བྱེད་པ་མང་དུ་བྱུང་ཡང༌། མེའི་གནོད་པ་གསོས་པ་འདི་ཁོ་ན་ཡིན་ནོ། །གཉིས་པ་ནི། གོང་དུ་སྨོས་པ་དེ་རྣམས་ལས། སྔོན་བོད་དུ་གསན་པ་དང༌། ཕྱིས་རྒྱ་བལ་དུ་ཡང་ཞོར་ཉན་ཙམ་མཛད་པའི་རིགས་རྣམས་ཡེ་མ་གསུངས། རྒྱ་བལ་གྱི་པཎ་གྲུབ་རྣམས་ཀྱི་དྲུང་དུ་ནན་ཏན་ངེས་ཏིག་རྩལ་འདོན་དུ་མཛད་པ་རྣམས་ཁོ་ན་གསུངས། ལྷད་མེད་ཡིད་ཆོས་ཅན་བྱིན་རླབས་དང་ལྡན་པ་ཤ་སྟག་ཡིན། དགེ་བཤེས་འབྲེ་ཆེན་པོ་ཤེས་རབ་འབར་གྱི་གསུངས་ནས། ཆོས་ཅིག་ལ་དགེ་བཤེས་རྭ་བའི་ཆོས་ལས་ཞེ་ཁ་གཤིན་པ་མེད། རྒྱ་


TNT06_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱི་པཎ་གྲུབ་རྣམས་འདི་སྐད་གསུང་བྱ་བ་ལས་རང་བཟོ་དང༌། བོད་ཀྱི་སྲ་བསྲེ་གཏན་ནས་མེད་པས་སོ། །ཞེས་གསུངས། གསུམ་པ་ནི། ཡི་དམ་འཇམ་དཔལ་ཁྲོས་པ་དང་མི་ལབ་པ་བཞིན་བཞུགས། འཁོར་ལོ་བདེ་མཆོག་དང༌། རྡོ་རྗེ་ཕག་མོ་དང༌། འཇམ་དཔལ་ཞི་བའི་ཡང་ཞལ་གཟིགས། བསྐྱེད་རིམ་གྱི་ཏིང་ངེ་འཛིན་གསལ་སྣང་ཅན་མ་དག་པའི་སྣང་བ་འགོག་ནུས་ལ་བརྟན་པ་ཐོབ། སྟོང་པ་ཉིད་ཀྱི་ལྟ་བ་དང༌། རྫོགས་རིམ་གྱི་ཡེ་ཤེས་ལ་མངའ་བརྙེས། ལས་ཀྱི་གཤིན་རྗེ་དང༌། ལང་ཀའི་བདག་པོ་བྲན་དུ་འཁོལ། མགོན་པོ་ནག་པོ་ལྕམ་དྲལ་གྱིས་ཀྱང་གསུང་བཞིན་བསྒྲུབ། དབང་བསྐུར་ཚད་ལ་ཡེ་ཤེས་ཕེབས་ཤིང་སྣང་བ་བསྒྱུར་ནུས། བསམ་གཏན་གྱི་ལས་བཞི་ཡང་གྲུབ། དེ་ལྟ་བུའི་རྟགས་ནི་ལ་སྟོད་ཕྱོགས་སུ་གོང་དུ་སྨོས་པ་ལྟར་རྟགས་བསྟན་པ་དང༌། ཕྱིས་ངན་ལམ་ཡུལ་གྱི་སྲི་མངའ་དང༌། བྱང་ཕྱིར་ཆོས་གསུང་བའི་སྐབས་ཤིགངན་ལམ་ཉུ་གུ་སྣ་པ་རྣམས་ཀྱིས་མཐུ་ཡོད་མེད་བལྟའོ་ཟེར་ནས་མཛོ་རྟ་དེད། འབུལ་སྐྱེལ་བ་བཅོམ་པ་ལ། རྭ་ལོས་གྲོང་བསྐྲད་པའི་སྦྱོར་བ་མཛད་པས། ངན་ལམ་འབར་པོ་ལ་སོགས་པ་འགའ་ཞིག་སྨྱོ་ནས་གར་སོང་ཆ་མེད། ཟླ་བ་གཉིས་གསུམ་ནས་ཉུ་གུ་སྣའི་ཡུལ་པ་དང༌། དགེ་འདུན་རྒྱལ་སར་སྒང་པ་འཁྲུགས། རྒྱལ་སར་སྒང་པའི་རྒྱབ་ཏུ་ཀླུ་མེས་ཚོ་ཐམས་ཅད་འགྲིལ་ནས། ཉུ་གུ་སྣ་པ་གྲོང་ཉིས་བརྒྱ་ཙམ་བྱང་རྒྱབ་ཏུ་ཡུལ་བུད་དོ། །ཡང་སྐྱོགས་འདུལ་འཛིན་གྱི་སློབ་བརྒྱུད། སྐྱོགས་དབང་གྲགས་ཞེས་བྱ་བ་དང་པོ་འདུལ་འཛིན་ཡུད་ཙམ་བྱས། ཕྱིས་དང་ཚུགས་ཅན་གྱི་གསང་སྔགས་པར་རློམ་པ་ཅིག་གིས། རྭ་ལོ་འདྲ་མཆོད་རྟེན་ཆག་རོ་ཡིན་ཟེར་ནས་བླ་མ་ལ་སྐུར་འདེབས་བྱེད་ཅིང༌། ཆོས་འཁོར་འགེགས་


TNT06_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབྱུང༌། དེ་ལ་ཐུགས་ཁྲོས་ཏེ་སྦྱིན་སྲེག་མཛད། ཞག་བདུན་ནས་སྐྱོགས་དབང་གྲགས་གཟེར་ཐུང་བཏབ་ནས་འདས། ལོ་ཙཱ་བ་རྒྱུས་སྨོན་ལམ་གྲགས་དང་ནང་རྒྱས་བྱུང་བ་ཡང༌། ཟླ་བ་དྲུག་ཙམ་ནས་རྒྱུས་ལོ་སྐུ་འདས། ཟངས་ཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་གསང་བའི་བདག་པོ་ཞལ་གཟིགས། རྣམ་སྲས་བྲན་དུ་འཁོལ། ཞེས་གྲགསཤིང་ནུས་མཐུ་དང་ལྡན་པ་ཡིན་ཡང་ཡིན། མེ་ཙ་ལིང་པ་རྗེ་བཙུན་གྱིས་བོད་ལ་སྤྱན་དྲངས་དུས། ཁོང་གི་མེ་ཙ་ལིང་པ་ཆེན་པོ་ཉིང་རོ་དབྱར་ཐང་དུ་སྤྱན་དྲངས། ཆོས་འཁོར་མཛད་པ་སོགས་དེ་དུས་ལེགས་ལམ་དུ་ཡོད་ཀྱང༌། ཕྱིས་རྭ་ལོ་སྐུ་བསོད་རྒྱས་པ་ལ། ཟངས་ཀར་གྱིས་ཕྲག་དོག་གི་ཚུལ་གྱིས་རྭ་ལོས་ཆོས་མཁས་པོ་མི་ཤེས་ཟེར་བརྙས་པ་ཡང་མང་དུ་མཛད། དང་པོ་པཎྜི་ཏ་ཁོ་པས་སྤྱན་དྲངས་ཀྱང༌། ཆོས་ཐམས་ཅད་ངས་བསྒྱུར་བ་ཞེ་ཚེ་ཡིན་ཞེས་འཕྱ་སྨོད་མཛད་ཀྱིན་ལྷ་ས་ར་མོ་ཆེར་རྭ་ལོའི་ཆོས་འཁོར་དགག་པ་སོགས་ནང་རྒྱས་བྱུང༌། དེའི་ལོ་དུས་ལ་ཟངས་མཁར་གློ་བུར་དུ་བསྙུང་ནས་སྐུ་འདས། གཅུང་པོ་དང་ཉེ་གནས་ཀྱང་དེ་ནས་ཅང་མ་ལོན་པ་ཤིའོ། །མར་པ་ལོ་ཙཱའི་ཇོ་སྲས་དར་མ་མདོ་སྡེ་ཡང་ཡིན་ཏེ། རྗེ་བཙུན་འདི་ལྷོ་བྲག་སྟོད་སྨད་དུ་འགྲོ་དོན་མཛད་པའི་སྐབས་ཤིགཡོན་བདག་ཤུད་ཀེ་བྱ་བ་ཅིག་གིས་གསོན་སྟོན་ལ་སྤྱན་དྲངས། ཁོང་རང་ཚེ་དང་སྔར་འདྲིས་ཀྱི་ཡོན་མཆོད་ཡིན་པས་དར་མ་མདོ་སྡེ་ཡང་བྱོན། བླ་མ་ལོ་ཙཱ་བ་ལས་ཀྱང་བཀུར་ཟོར་ཆེ་བ་ཙམ་བྱེད་ཀྱིན་འདུག་སྐད། རྭ་ལོའི་གསུང་གིས། ཆོས་མཁས་ན་ནི་ངས་ཀྱང་ཁྱེད་ལ་དག་པ་བྱིན་པས་ཆོགདེ་མིན་ངེད་ལྷོ་བལ་དུ་ཕྱིན་པའི་ལོ་ཙཱ་བ་ཡིན། ཁྱེད་བོད་སྟོན་ཙམ་དུ་ཀ་གདའ་བས། ས་གཅིག་ཏུ་ཁྱེད་ཀྱི་འགྱིང་ཐབས་འདི་རང་བག་མིན་ནམ། ཆོས་ཀྱི་གླེང་བསླང་བྱེད་དགོས་གསུངས་པས། དར་མ་མདོ་སྡེ་ན་རེ། ང་ཕ་ཚེ་རབས་ནས་སངས་རྒྱ་བའི་


TNT06_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བྱེད་མཁན་ཡིན། ཁྱེད་རྭ་ནག་པོ་བྱ་བ་ངན་སྔགས་ལ་བློ་གཏོད་པ་དང་མི་འདྲ་ཟེར་ནས། དངོས་སུ་གཤེ་ཞིང་ལྟག་ལབ་མཛད་ཐེགས་སོང༌། དེ་ནས་ཟླ་བ་གཅིག་ཏུ་ཉེ་ཙམ་ན་དར་མ་མདོ་སྡེ་རྔ་མོ་ཆུ་ཤོད་ཀྱི་ལྟད་མོའི་སར་རྟས་བརྡབས་ཏེ་སྐད་ཅིག་ལ་གྲོངས། འདི་ལ་དིང་སང་གི་ལོ་རྒྱུས་ཁྱབ་ཆེ་བ་ཚོ་ན། མར་པ་བཞུགས་པའི་དུས་སུ་ཡིན་པ་དང༌། མི་ལ་རས་པ་རྟ་གདོང་པ་ཡིན་གོ་མ་ཆོད་བྱུང་བ་སོགས་འཆད་ཀྱང༌། མར་པའི་སྔོན་ལ་མདོ་སྡེ་འདས་པ་མིན། འདི་སྐབས་མར་པ་སྐུ་འདས་ནས་ལོ་ཤས་སོང༌། མི་ལ་རས་པ་ཐོ་ཕྱི་ན་བཞུགས་པ་མེད་དོ། །དེས་ན་ལོ་རྒྱུས་མང་པོ་དེ་དག་རྫུན་ཕལ་ཀ་སྒྲིགས་སུ་ཤེས་པར་བྱའོ། །ཡང་འབྲོག་མི་ཇོ་སྲས་ཨིན་དྲ་དེ། དབུས་སུ་ནོར་འཚོལ་ལ་བྱོན་པ་གཙང་རོང་གི་རེ་དངུལ་གྱི་ཆོས་སྡེར། རྭ་ལོ་ཆེན་པོ་དང་འཛོམ། ཆོས་ཀྱི་གླེང་བསླང་མཛད་པ་ལ། དེ་ན་རེ། ལོ་ཙཱ་བ་དང༌། ལོ་ཙཱ་བ་མི་འདྲ། བསྒྲོ་གླེང་བྱེད་དགོས་མེད་ཟེར་བས། རྭ་ལོ་ཐུགས་ཁྲོས་ཏེ། ལོ་ཙཱ་བ་དང༌། ལོ་ཙཱ་བ་ཀ་ཅིས་ཀྱང་མི་འདྲ། གཟོད་བལྟའོ་གསུང༌། དེ་ནས་ཟླ་བ་གསུམ་ནས་འབྲོག་མི་ཇོ་སྲས་ཁྲག་ཏུ་འཁྲུ་བའི་རིམས་ནད་བྱུང་ནས་དབུས་སུ་ཀ་འདས། གཅུང་པོ་ཇོ་སྲས་རྡོ་རྗེ་ཡང་ཕྱིས་མི་རིང་བར་འདས་ཟེར། ཡང་བླ་མ་ལོ་ཙཱ་བ་གཙང་རོང་གི་གཡུང་དུ་ཆོས་འཁོར་ཞིག་མཛད་ཀྱིན་ཡོད། དེར་ཁམས་པ་ཇོ་སྲས་རྡོ་རྗེ་སྲ་བརྟན་བྱ་བ་རྙིང་མའི་མ་མོ་དང༌། ཕུར་མ་ལ་མཁས། ནུས་པ་ཡོད་པར་ཡང་འདོད། གསར་མ་སོགས་མདོ་སྔགས་གཞན་ཡང་ཅི་རིགས་ཤེས་པ་ཞིག་ཡོད། དེས་འདྲ་མེན་སྲང་གང་གི་ཚོད་ཙམ་ཕུལ་ནས་རྡོ་རྗེ་འཇིགས་བྱེད་ཞུས་པ་ལ། བླ་མས་ཀྱང་སྣོད་བརྟག་པའི་ཕྱིར། རྡོ་རྗེ་འཇིགས་བྱེད་ཡིན་པ་ལྟར་མཛད་ནས། གདོང་དྲུག་གི་དབུ་ནས་བག་ཙམ་


TNT06_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། ཆོས་ཐུན་འགའ་ཞིག་སོང་བ་ན། རྒྱུད་མཆོད་མཛད་པའི་ཚོགས་གྲལ་དུ། བླ་མས་མགུར་མ་ལ། ཁྱོད་ཀྱིས་གསེར་དང་འདྲ་བའི་འདྲ་མེན་ཕུལ། །ངས་འཇིགས་བྱེད་འདྲ་བའི་གདོང་དྲུག་བཤད། །ཅེས་གསུངས་པས་ཁོ་མ་མགུ། སང་སྔ་མོར་ཁོ་དོས་ཆས་བྱེད་པ་ལ། གྲྭ་བ་རྣམས་ཀྱིས་གྲོས་བཏབ་ཀྱང་མ་ཉན་པར་འགྲོ་ཁར་ཁ་རྡེག་བྱས་ཏེ། རོང་གི་རྭ་རྒན་ལོ་ཙཱ་ལ། །འཇིགས་བྱེད་དུད་འགྲོའི་མགོ་ཅན་ཉན་པ་ལས། །སྨན་ལུང་གི་དཔྱལ་སྟོན་ལོ་ཙཱ་ལ། །རྒྱུད་དགྱེས་པ་རྡོ་རྗེ་ཞུ་བ་དགའ། །ཞེས་ཟེར་གྱིན་སོང༌། དེ་ཉིན་ཆོས་གྲལ་ལ་ཁོ་མ་བྱུང་བས། ཅི་ཡིན་གསུང་བ་ན། གྲྭ་བ་རྣམས་ཀྱིས་ལོ་རྒྱུས་ཞུགས་པས། མི་ལ་བརྙས་བཏུབ་སྟེ། ལྷ་འདི་ལ་བརྙས་སུ་མི་བཏུབ། འདི་ལ་བརྟགས་མ་བསྟན་ན་མི་རུང་གསུང་སྟེ་དེ་མ་ཐག་སྦྱིན་སྲེག་མཛད་པས། ཁམས་པ་དེ་ཡང་དེའི་ནངས་པར་ཙམ་རང་ཡིན་ཡོད་པར་འདུགསྨན་ལུང་དུ་མ་སླེབ་པ་ལ། ལམ་དུ་ཁྲག་སྐྱུགས་ནས་ཤི རྭ་ལོ་ཆེན་པོས་སྨན་ལུང་གི་དཔྱལ་ལོ་ཀུན་དགའ་རྡོ་རྗེ་ལ་ཕྲིན་པ་བརྫངས་ཏེ། ངས་གྲྭ་བ་ཁྱོད་ཀྱིས་བློ་བརྐུས་འདུགཁྱོད་སྦུངས་བསྐྱེད་ལ་སྒུར་ཞིག་གསུངས་པས། དཔྱལ་ལོ་ཐུགས་ཤིན་ཏུ་སྐྲག་ནས། འབུམ་གསེར་མ་གཅིག་གིས་སྣ་དྲངས་པའི་འབུལ་བ་མང་པོ་བསྣམས་ཏེ་དག་འཚངས་ལ་ཕེབས་པས་རྭ་ལོ་ཆེན་པོའང་དགྱེས་པར་བྱུང༌། དཔྱལ་ལོས་རྭ་ཆེན་པོ་ལ་ཆོས་ཀྱང་མང་དུ་གསན། ཐུགས་དམ་ཐང་སྐུ་ཅིག་ཀྱང་དཔྱལ་ལ་གནང་ཡོད་པར་འདུག་གོ །ཡང་བལ་བོར་བླ་མའི་ཕེབས་སྐྱེལ་ལ་བྱོན་པའི་སྐབས་ཤིག་ཀྱང༌། ཀྲྀཥྞ་ཇོ་བོ་དང༌། པུརྞ་ཇོ་བོ་ལ་སོགས་པ་སངས་རྒྱས་ཀྱི་བསྟན་པ་ལ་གནོད་ཅིང༌། བླ་མའི་སྐུ་དགྲར་གྱུར་བ་མུ་སྟེགས་པའི་བླ་ཆེན་བཞི་ཙམ་མངོན་སྤྱོད་དྲག་པོའི་ལས་ཀྱིས་བསྒྲལ་


TNT06_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བར་གདའ། གྲགས་ཚོང་ཁ་སྐད་དུ། དར་མ་མདོ་སྡེ་ལ་སོགས་པ། །རྡོ་རྗེ་འཛིན་པ་བཅུ་གསུམ་བསྒྲལ། །ཞེས་གྲགས། དང་པོ་ནས་གཟུངས་མ་རུངས་པའི་མི་རེ་རེ་གཉིས་གཉིས་ལ་བསད་བསྐྲད་དབྱེ་རེངས་སོགས་ཀྱིས་ཚར་བཅད་པ་ལ་རྩིས་བཏབ་མེད། ལོ་ཙཱ་བ་དང་དགེ་བཤེས་ཆོས་འཁོར་མཛད་པ་ཐམས་ཅད། རྭ་ལོ་ཆེན་པོ་ལ་དགོངས་པ་ཞུ་དགོས་པ་ཡིན་པར་འདུགམི་མ་ཡིན་གདུག་པ་ཅན་ཚར་བཅད་པ་ནི། ངན་ལམ་ཉུ་གུ་སྣའི་བཙན་བྱ་བ་སྔོན་སློབ་དཔོན་པདྨ་བྱོན་དུས་ཡིབ་ཐུབ་པ་ཡིན། དམ་འོག་ཏུ་མ་ཆུད་ཟེར་བའི་བདུད་བཙན་ཤིན་ཏུ་རྫུ་འཕྲུལ་ཆེ་བ་ཆོས་ལ་གནག་པ་ཅིག་ཡོད། ཉེ་སྐོར་དེར་གསང་སྔགས་ཀྱི་སྒྲུབ་པ་དང་ཆོག་གྲྭ་བྱེད་ས་མེད། དགེ་འདུན་མཆོད་ན་ལོ་ཉེས་གཏོང་བ་ཅིག་ཡོད་ཟེར། ཉུ་གུ་སྣའི་ཡུལ་བ་རྣམས་ཀྱིས་རྭ་ལོ་ལ་སྡིག་གསོག་བྱེད་པ་ཡང་དེས་བསྐུལ་བ་ཡིན། རྭ་ལོ་ཆེན་པོ་བྱང་ཕྱིར་བཞུགས་པའི་ཚེ། འཁོར་ལ་བཙན་དེས་ཅུང་ཟད་གནོད་པ་བྱེད་པ་བྱུང་བས། ནུབ་གཅིག་གཏོར་མ་ཆེ་བ་ཅིག་མཛད་ནས་དགོངས་པ་བརྟད། དེའི་རྒྱུན་ལ་ཞག་བདུན་ལ་སྒྲུབ་པ་མཛད་པས། ཞག་ལྔ་པའི་དགོང་ཅིགབཙན་གྱི་གནས་བྲག་དང་ལྷ་རྟེན་ལ་ཐོག་སྨད་དགུ་བབས། བྲག་ཆད་ལྷ་རྟེན་གར་སོང་མེད། ཁོ་ཐུལ་འོག་ཏུ་ཆུད་དེ་དངོས་སུ་གཟུགས་བསྟན། བཤགས་པ་ཕུལ། དམ་ལ་བཞགཁོའི་ཡུལ་དང་འཁོར་ཐམས་ཅད་བརླགཁོ་རང་ཡང་མིག་ཞར་བས་ཉུ་གུ་སྣའི་བཙན་ཞར་དུ་གྲགས། ཕྱིན་ཆད་ཆོས་ལ་གནོད་པ་གཅིག་ཀྱང་བྱེད་མི་ཐུབ་བོ། །ཡང་སྐུ་ཚེའི་སྨད་ཀྱི་དུས་ཤིག་ཡར་ལུངས་སུ་ལྷ་བཙུན་སྔོན་མོས་སྤྱན་དྲངས་ཏེ་ཆོས་འཁོར་མཛད། དེ་ནས་གཉལ་ཕྱོགས་ལ་ཕེབས་པར་བཞེད་དོ། །ཡར་ལ་ཤམས་བུའི་གངས་འགྲམ་དུ་བཞུགས་དུ། ཤམས་པོས་གངས་ཆེན་པོ་ཕབ་སྟེ་ལ་བཀགགྲྭ་བ་


TNT06_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཀྱང་འཁྱགས་ནས་ཤི་བ་ལ། བླ་མའི་གསུངས་གིས། ཤམས་པོ་དྲེགས་པ་ཆེ་མནོའམ། །རྭ་རྒྱན་ལོ་ཙཱ་རྒས་མནོའམ། །འཇིགས་བྱེད་ནུས་པ་ཆུང་མནོའམ། །རྭ་མཚོན་རྩེ་མོ་ཟད་མནོའམ། །ཞེས་གསུངས་ཤིང་གངས་རི་ལ་བརྡུངས་སྟངས་མཛད་དགོངས་པ་ཡུན་རིང་དུ་བརྟད་པས། དམ་ཐག་བརྡུང་སྟངས་མཛད་ས་ནས་གངས་ཆེན་པོ་འུར། ནམ་ཕྱེད་ཀྱི་དུས་ཤིག་ན། ཤམས་པོ་ཁོ་རང་ཁྱེའུ་དཀར་པོ་གཅིག་གི་གཟུགས་སུ་བྱས་ནས། ཕྱག་ཞུང་ཞུང་འཚལ་ཞིང༌། བདག་གི་འཁོར་རྔ་ཤང་ཐོགས་པ་སྟོང་ཕྲག་ལྔ་ནི་དུས་གཅིག་ཏུ་གུམ་སོང༌། ད་བླ་མའི་གྲྭ་བ་གཅིག་ཤི་བ་ལ་གྲྭ་བ་བརྒྱ་དང་བརྒྱད་ཀྱི་ཡུས་བྱེད། གསེར་སྲང་བརྒྱ་དང་བརྒྱད་ཀྱང་འབུལ། བཟོད་པ་མཛད་དེ་རྗེས་སུ་བཟུང་བར་ཞུ་ཟེར། དེ་མ་ཐག་ཡུལ་ཡང་འཇམ་པོར་གྱུར་ཏོ། །དཔོན་སློབ་རྣམས་ཀྱིས་ཀྱང་ཞག་ཤས་དེ་ཀར་བཞུགས། ཞག་བདུན་གྱི་ཁོངས་སུ། ཡར་ལུངས་ཕུ་མདའ་ནས། གྲྭ་བ་བྱེད་པ་བརྒྱ་བརྒྱད་ཀྱང་བྱུང༌། གསེར་སྲང་བརྒྱ་རྩ་བརྒྱད་ཕྱག་ཏུའང་འབྱོར་བས། འདྲེ་འདི་པ་ཆད་ལ་བཙན་པར་འདུག་གསུང༌། དེ་རྗེས་གཉལ་དུ་ཆོས་འཁོར་མཛད། དེ་ནས་ལྷོ་བྲག་བན་པ་དང༌། གྲུ་ཤུལ་དང་ལ་ཡག་ཀུན་ཏུའང་ཕེབས། ཀླུ་བདུད་ཐོག་འབར་བྱ་བ་དང༌། མཛོ་མོ་སྤུན་ལྔ་ཟེར་བའི་ཀླུ་སྲིན་མོ་གདུག་པ་ཅན་ཡོད། ལམ་ལ་འགྲོ་བའི་མི་ཀུན་གྱིས་ཀྱང༌། ཕྱག་ཕུལ་མཆོད་ཡར་བྱེད་དགོས། མ་བྱས་ན་ཆོ་འཕྲུལ་འཕྲལ་དུ་འོང༌། མཚན་མོ་སུ་ཡང་སྒྱུ་འཕྲུལ་བྱེད་མི་ནུས། མངོན་སུམ་དུ་མི་ཁྱེར་བའང་མང་པོ་ཡོང༌། དེ་སྐབས་ཀྱང་བག་མ་འགྲོ་བ་ཅིག་རྟ་ཐོག་ནས་གར་སོང་མེད་པར་སྦས་ཏེ་ལོ་གཅིག་གཉིས་སོང༌། རྭ་ལོ་ཆེན་པོས་ཕེབས་ལམ་དུ་དེ་དང་ཉེ་བར་ཚ་ཕོགས་མཛད། ཁལ་མ་རྣམས་ཁོའི་གནས་


TNT06_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚལ་གླིང་དང་ནེ་ཐང་ལ་བཙོས་པས། ཁོའི་ཆོ་འཕྲུལ་གྱིས་མཛོ་གཅིག་ཤི བླ་མ་ཐུགས་ཁྲོས་ཏེ་མཛོ་སྒ་བཅགསྦྱིན་སྲེག་གི་ཡམས་ཤིང་ལ་ཕུལ། ཀླུ་བདུད་ཕོ་མོ་འཁོར་བཅས་དེ་མ་ཐག་ཚིག་ཡོད་པར་འདུགསྔར་སྦས་པའི་བུད་མེད་དེ་གསོན་པོ་སྐྱོན་མེད་དུ་ཐོན། དེས་ལོ་རྒྱུས་བཤད། ཀླུ་བདུད་ཁོ་ལོ་ཙཱ་བ་དཔོན་སློབ་ཀྱིས། ཚ་ཕོགས་མཛད་པ་ལའང༌། ང་ལ་ཕྱག་མི་འཚལ་བ་ཟེར་ནས་འཁུ། ཕྱུགས་བཙོས་པས་ཤིན་ཏུ་ཁྲོས་ཏེ། མཚོན་ཆ་འཕངས། དེ་དུད་འགྲོ་གཅིག་ལ་ཕོག་པ་ཡིན། སྦྱིན་སྲེག་མཛད་པར་བརྩམས་པ་ན། ཁོ་བཞད་གད་བྱེད་འཕྲོ་ལ་ཕྱོགས་ཐམས་ཅད་ནས་མུན་ནག་ན་བུན་འདྲ་བ་བསྟིབས། གང་ཡང་མ་མཐོང་བ་ཅིག་ལ་ལུང་པ་མེས་ཁེངས་ནས་དེ་ཐམས་ཅད་ཚིགདེ་སྐབས་མོ་རང་ཡང་སྐྲག་དངངས་ཆེན་པོ་བྱུང་སྟེ། དེ་ནས་གཉིད་སད་པ་འདྲ་བ་ཅིག་ལ་གང་ཡང་མི་འདུག་ཟེར། དེ་ནས་མི་རིང་བར་གནས་དེའི་ཆུ་མིག་ཐམས་ཅད་བསྐམས་པར་གདའ། དེ་དག་མཚོན་པ་ཙམ་ཡིན། ཆོས་ལ་བར་དུ་གཅོད་པའི་མི་མ་ཡིན་མང་པོ་ཡང་བཏུལ་ལོ། །བཞི་པ་སྐུ་བསོད་ནམས་ཀྱིས་ཆེ་བ་ལ། ལོངས་སྤྱོད་དང་ཟས་ནོར་ཆར་བཞིན་བབས། མི་ཆེན་སོ་སོས་ཞབས་ཏོག་བྱེད་པ་ལ་གྲངས་མེད། ཆོས་ཡོན་རྣམས་བརྩིས་ན་ཡིག་འབྲུ་རེ་རེ་ལ་གསེར་སྲང་རེ་རེའི་རྩིས་བྱུང༌། ན་བཟའ་གསང་ལམ་མ་གཏོགས་སྐུ་ལ་སྣལ་མ་མི་འཁྲི། དེ་དུས་རྒུན་འབྲུམ་ཤིན་ཏུ་དཀོན་པའི་སྐབས་ཡིན་ཡང༌། རྒུན་འབྲུམ་བྲེ་ལྔ་ལྔའི་རྒུན་སྐྱེམས་ཁ་ཆེའི་ལུགས་ཉིན་རེ་བཞིན་དུ་སྦྱོར། རྒྱ་བལ་གྱི་ཤིང་ཐོག་མང་པོ་མི་རྙིངས་པའི་ཐབས་བྱས་ཏེ། པཎྜི་ཏ་དང༌། རྒྱལ་བློན་ཚོང་དཔོན་སོགས་ཀྱིས་འབུལ་མཁན་ཡང་ཡང་ཡོང་སྟེ། རྒྱ་གར་གྱི་ཤིང་ཐོག་སོ་མ་ལ་རྒྱུན་མི་འཆད་གསོལ་དུ་ཡོད་པ་སོགས། མངའ་བདག་ཁྲི་རལ་


TNT06_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྗེས་སུ་འདི་བས་བཞེས་ཐང་ཆེ་བ་མེད་པར་གྲགས། དུས་རྒྱུན་གྱི་འཁོར་ཚོགས་འདུས་པ་ལ། ཆོས་ཉན་པ་པོ་བརྒྱ་ཕྲག་དུ་མ་རྒྱུན་མི་འཆད་ཅིང༌། སྔགས་པ་དཔེ་འགྲེམས་བརྒྱད་བརྒྱ་དང༌། བཙུན་པ་དཔེ་འགྲེམས་སྟོང་ཉིས་བརྒྱ་རེ་ཡང་ཡང་འདུས། གསང་སྔགས་ཀྱི་ཆོས་གྲྭ་ལ་འདི་ལས་ཆེ་བ་དུས་གསུམ་ཁེགས་པ་ཡིན། སྔོན་ཆོས་དར་བའི་སྐབས་མདོ་པ་དང་སྔགས་པ་མི་འདྲ། སྔགས་ཆོས་ལ་མཆོད་པ་དང་ཡོན་ཆེན་པོ་དགོས་པས། ཕལ་པ་ཅིག་གིས་མི་འགྲུབ། གཞན་སྔོན་དུས་སྔགས་པ་འདུ་འཚོག་ཆེ་ཤོས་རང་མགོས་ཁུག་པ་ལ་ཡང༌། དུས་གཅིག་ལ་དཔེ་འགྲེམས་བདུན་བརྒྱ་ལས་ལྷག་པ་མ་བྱུང་ངོ༌། ཁྱད་པར་གྱི་འཁོར་ཚོགས་ནི། མི་ཆེ་བ་ཇོ་བོ་རྩད་པོའི་རིགས་ཀུན་དང༌། ཞང་སྒྲ་ཆེན་ལ་སོགས་པ་འབྱོར་ལྡན་ཀུན་དང༌། བྲང་ཏི་དབང་ཕྱུག་གྲགས་དང༌། གཡུ་ཐོག་དར་པོ་ལ་སོགས་པ་སྨན་པ་ཆེན་པོ་ཐམས་ཅད་ཀྱིས་ཀྱང་ཞབས་ལ་གཏུགས། ཞང་ཚེས་སྤོང་བ་དང༌། འབྲེ་ཆེན་པོ་དང༌། འབན་དཀོན་མཆོག་རྡོ་རྗེ་དང༌། རྟག་བ་ཁ་ཆེ་ལ་སོགས་པ་མཚན་ཉིད་པ་ཆེན་པོ་ཐམས་ཅད་དང༌། ཞང་སང་གྷ་དང༌། གཙང་ཐང་འོད་པོ་དང༌། སྒང་ཨིནྡྲ་དང༌། སྣུར་ཉི་མ་དང༌། ཀླུན་རྡོར་པོ་དང༌། རྒྱ་ལོང་ཆོས་གྲགས་དང༌། རྩངས་ཡང་དག་འབར་དང༌། རྔོག་མདོ་སྡེ་དང༌། ཤོང་རྡོ་རྗེ་རྒྱལ་མཚན་དང༌། སྐྱུ་ར་ཨ་སྐྱབས་དང༌། ངོ་ཁྲོ་ཡོན་ཚུལ་ལ་སོགས་པ་གསར་མ་པའི་དགེ་བཤེས་ཐམས་ཅད་དང༌། ཟུར་ཧོར་པོ་དང༌། ཡང་ཀེང་བླ་མ་དང༌། བྱང་ཆུབ་འབར་ལ་སོགས་པ་རྙིང་མ་པ་ཆེན་པོ་རྣམས་དང༌། བ་རེག་ལོ་ཙཱ་བ་དང༌། དཔྱལ་ལོ་ལ་སོགས་པ་ལོ་ཙཱ་བ་མང་པོ་སྟེ། དེ་དུས་ཀྱི་དགེ་བཤེས་དང་མི་ཆེན་ཕལ་ཆེར་གྱིས་ཞབས་ལ་གཏུགས་སོ། །མཆོད་གནས་གཞན་ལྟ་ཞོགགསུང་རབ་གཅིག་པོ་ཕྱག་ཏུ་ཕེབས་པ་ལ་ཡང༌། མདོ་སྡེ་ཡོངས་རྫོགས་ཚར་དྲུག་ཅུ་དང༌། འབུམ་ཆ་ཉིས་བརྒྱ་


TNT06_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པ་ཕྱག་ཏུ་བྱོན་པས་མཚོན། ནོར་རྫས་ཐ་མལ་པ་སྨོས་ཀྱིས་ག་ལ་ལང༌། སློབ་མ་མི་ཆེན་རྣམས་ཀྱི་མཚན་དང༌། སོ་སོས་ཞབས་ཏོག་བྱས་ཚུལ་རྣམས་རྒྱས་པར་རྭ་ཡེ་ཤེས་སེང་གེའི་གསུངས་ལས་ཤེས་པར་བྱའོ། །ལྔ་པ་མཛད་པ་ཕྱག་རྗེས་ཀྱི་ཆེ་བ་ནི། རྒྱ་བལ་དུ་ཕྱག་རྗེས་དགེ་རྩ་མཛད་ཚུལ་གོང་དུ་སྨོས་ཟིན། བོད་ཀྱི་དབང་དུ་བྱས་ན། ཆོས་འཁོར་བསམ་ཡས་སུ་རྦ་དང༌། རག་ཤའི་སྡེ་འཁྲུགས་བྱུང་སྟེ། འཁོར་ས་བར་པ་དང༌། གྲང་ཁང་ཐམས་ཅད་མེས་ཚིག་གོ །དེ་རྗེས་ལོ་སུམ་ཅུ་ཙམ་སོང་ཡང༌། དཀོར་བདག་གཉན་ཆེ་བས་ཞིག་གསོས་བྱེད་མཁན་ཡང་མེད། རྦ་རག་གཞུང་མ་འདུམས་པས། དགོན་གནས་འཛིན་མཁན་མེད་པར། དཀོན་གཉེར་རེ་ཙམ་མ་གཏོགས་སྟོངས་པ་བཞིན་དུ་གྱུར། དེ་སྐབས་རྭ་ལོ་ཆེན་པོས་ཞིག་གསོས་མཛད་པར་དགོངས་ཏེ། བ་ལམ་ཀླ་གི་ཕུལ་ཕེབས་པའི་སྐབས། དཀོར་བདག་:དཔེ་[པེ་]ཀར་གྱིས་དཀོན་གཉེར་ལ་གཟུགས་དངོས་སུ་བསྟན་ཏེ། སང་གནངས་འདིར་འཇིགས་སུ་རུང་བ་ཅིག་ཡོང་བ་འདུགའདིར་སྡོད་པའི་དབང་མི་འདུག་ཟེར་ནས་བྲོས་པ་དངོས་སུ་མཐོང༌། སུ་ཡོད་སྙམ་ཙ་ན། ཞག་གསུམ་སོང་ནས་རྭ་ལོ་ཆེན་པོ་ཕེབས། མངོན་ཤེས་ཀྱིས་མཁྱེན་ནས། དཀོན་གཉེར་ལ་ཁྱོད་ཀྱི་དཀོར་བདག་གར་སོང་གསུངས། དེ་ནས་དཀོར་བདག་ཀྱང་བོས། བཀའ་བསྒོ་དམ་བཞག་མཛད། འོལ་ཀའི་ཤུག་ནགས་ཆེན་པོ་ཞིག་བཅད་དེ། ཤིང་རྣམས་གཙང་པོའི་སྟེང་ནས་ཡར་དྲངས། ཐག་པས་ཅུང་ཟད་དེ་འདྲེན་པ་མ་གཏོགས། ཉ་གྱེན་ལ་རྒྱུགས་པ་བཞིན་དཀའ་ཚེགས་ཡེ་མ་བྱུང༌། བསམ་ཡས་ཀྱི་ཞིག་གསོས་ལ་ནས་ཁལ་འབུམ་ཕྲག་ཅིག་གི་རྩིས་སོང༌། དབྱར་ལོ་གསུམ་ལ་གྱང་རིས་ཚུན་ཆོད་མཐར་ཕྱིན། རྦ་རག་སྡེ་པ་གཉིས་ལ་མཐུན་པར་བསྒྲིགས་དམ་བཞག་མང་པོ་


TNT06_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ནས། དགེ་འདུན་གྱི་སྡེ་སྔར་བཞིན་ཚུགས་པར་མཛད་དོ། །གཡས་རུ་གཙང་འགྲམ་ལྷ་ཁང་ཡང་ཤིན་ཏུ་གོགས་ཤིང་ཞིག་རལ་དུ་གྱུར་པ་ལ། དབུ་རྩེ་དང་འཁྱམས་ཐམས་ཅད་ལ་ཞིག་གསོས་མཛད། ནས་ཁལ་ཁྲི་ཚོ་གཅིག་གི་རྩིས་སོང༌། དེའི་དགེ་འདུན་འཐོར་བ་ཡང་བསྡུ་བར་མཛད། སྐུ་ཚེའི་སྨད་ཀྱི་དུས་ཅིག་ན། གཡུ་མེ་ཏོག་སྤུངས་པས་སྣ་དྲངས་པའི་གཡུ་བྱང་ཁོ་ནའི་འཕྲེང་བ་སྤེ་མོ་ཆེ་ཟེར་བ་མཁར་ཐོག་སོ་ལྔ་པ་ཅིག་གི་དར་ཅོག་གི་རྩེ་ནས་བཟུང་ན་ས་ལ་འཁྱིལ་བ་ཙམ་ཞིག་ཡོད་པ་དང༌། གཞན་ཡང་ཟབ་ཡུགདར་ཡུག གོ་ཁྲབ། སྟང་རྩེ། མཛོ་རྟ་སོགས་དཔག་ཏུ་མེད་པ་རྣམས་ནི། ངུར་སྨྲིག བྱེ་མདའ། ཀྱུས་ཐང༌། ཉན་ཚོ། ལྕང་ར། ཤར་སྐྱང༌། རེ་དངུལ་སོགས་གཙང་གི་དགེ་འདུན་གྱི་སྡེ་རྣམས་དང༌། རྒྱལ་ལྷ་ཁང་སོགས་དབུས་ཀྱི་དགེ་འདུན་གྱི་སྡེ་རྣམས་ལ། སོ་སོར་ཐེས་སུ་སྦྱར་ནས་ཆོས་འཆད་པའི་ཐེས་དང༌། དགེ་འདུན་གྱི་ཞབས་ཏོག ལྷ་ཁང་གི་མཆོད་པ། མཐའ་ན་མགྲོན་ཟན་གྱི་བར་དུ་བསྟན་པ་ནམ་གནས་ཀྱི་བར་ཆ་རྐྱེན་དུ་གནང༌། གཞན་ཡང་དགེ་འདུན་གྱི་སྡེ་སོ་སོར་རྟེན་གསུམ་དང༌། སྤྱི་རྫས་དང༌། ཕྱག་འགྱེད་ཀྱི་དངོས་པོ་བཏང་བ་ལ་གྲངས་མེད། དེ་བཞིན་དུ་འབུམ་བཅུ་དྲུག་དུམ་རང་ཡང་བརྒྱ་དང་བཞི་བཅུ་ཙམ་བཞེངས་པའི་བདག་རྐྱེན་མཛད། སྐུ་དྲུང་དུ་རྒྱ་གར་གྱི་ཨ་ཙ་ར་པཎྜི་ཏ་བརྒྱད་སྟོང་པ་འདོན་མཁན་བརྒྱད་རེ་དང༌། ལཱུ་ཡི་པ་བསྒོམ་མཁན་རེ་སྟེ། མཆོད་གནས་རྒྱ་གར་བ་དགུ་རེ་རྟག་ཏུ་འདེགས། བོད་ཀྱི་གསུང་རབ་ལ་ཤེར་ཕྱོགས་སྟོང་ཚར་དང༌། མདོ་སྡེ་བརྒྱ་ཚར་ལན་མང་དུ་སོང༌། མཐའ་ན་ཚ་ཚ་རང་ཡང་འབུམ་ཕྲག་ལོ་སྟར་གྱིས་མཛད། གསོན་དགེ་མཛད་པ་ལ་རྔོག་ལོ་ཙཱ་བའི་ཆོས་འཁོར་ལ་ནས་ཁལ་ཁྲི་ཚོ་གཅིག་དང༌། འབུམ་གྱིས་སྣ་དྲངས་པའི་


TNT06_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བ་ཆེན་པོ་བསྐྱལ། དེ་དང་མཉམ་པ་གླང་རི་ཐང་པ་དང༌། བཙན་ཁ་བོ་ཆེ་དང༌། རྒྱ་འདུལ་འཛིན་རྣམས་ལ་ཡང་མཛད། རོག་མངོན་པ་བ་ལ་སོགས་པ་གཞན་ཡང་དགེ་བཤེས་ཇི་སྙེད་པ་ཞིག་ལ་ཆོས་འཁོར་བཙུགས་ཤིང་འབུལ་བ་མང་དུ་མཛད་དོ། །བླ་མ་ལོ་ཙཱ་བ་འདི་སྐུ་ཚེ་ཡང་རིང་པོར་བཞུགས་པ་ཞིག་སྟེ། དཔལ་མེ་ཙ་ལིང་པ་སྤྱན་དྲངས་པའི་དུས་ན། དགུང་ལོ་དྲུག་ཅུ་ལྷག་ཙམ་དུ་ཕེབས་པར་གདའ། དེ་ནས་ཕྲིན་ལས་མགོ་རྒྱས་པ་ཡིན། དེ་རྗེས་མི་རིང་བ་ན། རྔོག་ལོ་ཆེན་པོའི་འཕྲིན་ལས་ཀྱང་མགོ་ཚུགས། རྔོག་ལོ་སྐུ་འདས་ནས་ཀྱང་རྭ་ལོས་ལོ་ཉི་ཤུ་ལྷག་པར་བཞུགས། སྐུ་ཚེའི་སྨད་ལོ་མང་པོར་གཞན་ལ་གཤེགས་བཞུད་མ་མཛད་དེ། ནེའུ་མེ་ཏོག་ལྡན་དུ་བཞུགས་འདུགདགུང་ལོ་བརྒྱ་དང་བཅུ་བཞུགས་བྱ་བ་དང༌། བརྒྱ་བརྒྱད་བཞུགས་བྱ་བ་སོགས་འཆད་ཚུལ་མི་འདྲ་བ་དུ་མ་འདུག་ཀྱང༌། ལོ་རྩིས་ངེས་གསལ་མི་གསུང་བ་ཅིག་ཡིན་པ་འདུག་པས། སྒྲ་ཇི་བཞིན་བཤད་དཀའ་ནའང༌། དགུང་ལོ་བརྒྱ་སྐོར་ཅིག་བཞུགས་པར་ངེས། བསད་པས་ཚེ་རིང་འགྲུབ་པ་ནི། །རྭ་རྒན་ལོ་ཙཱའི་ཁྱད་ཆོས་ཡིན། །གསུངས་སྐད། མཐར་བསྙུང་བ་མེད་པར་ཡེ་ཤེས་གོང་འཕོ་མཛད་དེ་སྐུ་འདས། དཔོན་པོ་ལོ་ཙཱ་བ་ཆོས་རབ་ཀྱི་དགེ་འདུན་གྱི་སྡེ་ཆེན་པོ་ཉི་ཤུ་ཙམ་སྤྱན་དྲངས་ནས། སྐུ་ལྡད་རྒྱ་ཆེན་པོ་མཛད། ཞག་ཤས་ནས་སྐུ་གདུང་དུ་མངོན་པ་ཆེར་མ་བྱུང༌། ཁྲུ་གང་ཙམ་ཡོད་ཟེར། ཅུང་ཟད་ཅིག་སྟོན་པ་རིན་ཆེན་རྡོ་རྗེས་ཞི་བའི་ཐབ་ཁུང་ཅིག་ཏུ་ཞུགས་ལ་ཕུལ། སྒྲ་དང་འོད་དང༌། མེ་ཏོག་གི་ཆར་ས་གཞི་ཁེངས་པ་བྱུང༌། སྐུ་ལྡད་ཀྱི་སྐལ་བ་སྐྱེལ་བ་ལ། སྟོན་པ་རྒྱལ་བ་ཞེས་བྱ་བས་


TNT06_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བལ་ཡུལ་དུ་ཕྱིན་ཏེ་གསེར་སྲང་བརྒྱ་བཤིག་པའི་མཆོད་པ་དང༌། གསེར་སྲང་བརྒྱའི་འདྲ་མིན་གྱི་རྙེད་པ་ཕུལ་ལོ། །རྒྱ་གར་བི་ཀྲ་མ་དང༌། རྡོ་རྗེ་གདན་དུ་དེ་དང་ཕྱོགས་མཚུངས་པ་བྱས་པར་གྲགས་སོ། །དེ་ལྟར་ན་རྣམ་ཐར་ལོ་རྒྱུས་མདོ་ཙམ་མོ། །འདིར་མ་འདུས་པ་རྣམས་ཡེ་ཤེས་སེང་གེས་མཛད་པའི་རྣམ་ཐར་དང༌། དེའི་ལྷན་ཐབས་གཉིས་ལས་ཤེས་པར་བྱའོ། །རྣམ་ཐར་གྱི་ཡི་གེ་རྒྱས་པ་གཞན་ཞིག་སྔོན་དུས་བྱུང་ཞེས་ཟེར་ནའང༌། དེང་སང་མེད་པར་མངོན། སྤྱིར་ཡང་སྔོན་དུས་ཀྱི་ལོ་ཙཱ་བ་རྣམས་ལ། རྣམ་ཐར་ཁྲིགས་ཆགས་མ་ཆེན་མོའི་རིགས་ཁུངས་དང་ལྡན་པ་ཆེར་མི་སྣང་བས། ལོ་རྒྱུས་ཀྱི་ངོ་བོ་འདི་ཙམ་ཡང་རྒྱས་པ་ཡིན་པར་མངོན་ནོ། །ཕྱིས་ཀྱི་ཁ་སྐད་འཁྱམ་པོ་ལ། རྭ་ལོ་དང་གཉན་ལོ་ནང་རྒྱས་བྱུང་ཞེས་ཀུན་ལ་གྲགས་པ་ནི་མི་བདེན་ཏེ། ནག་པོའི་རྒྱུད་ནག་ཚོས་བསྒྱུར་བ་ལ་གཉན་གྱིས་བཅོས། དེ་ལ་རྭ་ལོས་བཅོས་པས་ཀྱང་མཚོན། གཉན་ལོ་དང་སྔགས་པ་ནང་རྒྱས་བྱུང་བ་དེ་ནི། བླ་མ་རྡོ་ལོ་ཙཱ་བ་ཡིན་ཞེས་སྐྱོ་བའི་ཡིག་རྙིང་ཁུངས་མ་རྣམས་ལས་བཤད། དེ་ཡང་གཉན་ལོ་རྡཽ་ལོ་གཉིས་བསྡུང་ཁོངས་ལ་རྩོད་པ་བྱུང་བས། གཉན་ལོ་ན་རེ། ནངས་པར་ཁྱོད་ཀྱི་མགོ་ལ་ཕུར་བ་རྩངས་སེ་བ་ཅིག་བྱ་ཡི། ཞེས་ལོན་བསྐུར་བས། རྡོ་ལོ་ན་རེ། ཁྱོད་དག་ངན་སྔགས་འདྲས་སྤོས་པ་ཡིན་ཏེ་འོང༌། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་སུ་ཡིས་བདོ། ཁྱོད་རང་ཟོབས་ཤིག་ཟེར། རྡོ་ལོས། བརྡུང་སྟངས་བྱེད་ཀྱིན་ཡི་དམ་ཆོས་སྐྱོང་བསྐུལ་བས། གཉན་ལོའི་ཐུགས་ཀར་ལྷོག་འབུར་ཆེན་པོ་བྱུང་སྟེ། ཅང་མ་ལོན་པར་གྲོངས་ཟེར་བར་འདུགརྡོ་ལོ་ཙཱ་བ་དེ་ཕྱིས་དེང་སང་གྲགས་ཆུང་ཡང་ཁ་ཆེ་ལཀྵྨིཾ་གྱི་སློབ་མ་ཡིན། ཆོས་རྣམ་གྲངས་མང་པོ་མི་མཁྱེན། རྡོ་རྗེ་འཇིགས་བྱེད་ཁོ་ན་ལ་ཆིག་འདྲིལ་མཛད། ཡི་དམ་


TNT06_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཡང་མི་གསང༌། གཞན་ལ་འཆད་ཀྱང་མི་འཆད། མཐུ་སྟོབས་ཐོགས་པ་མེད་པ་ཅིག་ཡོད་ཟེར་བ་འདུགབླུན་པ་ལས་ཀྱང་ཆེས་བླུན་པ་དག་ཞལ་བཞི་པ་དང་ལས་གཤིན་ལ་ལྷ་འདྲས་ཡོད། བྱ་རོག་གདོང་ཅན་དང་པུ་ཊ་ལ་ལྷ་འདྲསཡོད། ཕྱག་དྲུག་པ་དང༌། གུར་ཞལ་ལ་ལྷ་འདྲས་ཡོད་ཟེར་བ་སོགས་ནི་གོ་བ་ཡེ་མ་ཆགས་པའི་གཏམ་སྟེ། ཤེས་ལྡན་ཐམས་ཅད་ཁྲེལ་བའི་གནས་སོ། །སྤྱིར་ཡེ་ཤེས་ཀྱི་ལྷ་འཁྲུག་པ་མི་སྲིད། སྔགས་མཁན་ནང་རྒྱས་བྱུང་ཡང༌། ཡི་དམ་འཁོན་པ་ག་ལ་ཡོད། དཔེར་ན་བོད་མི་ཅིག་གི་ལག་ཏུ་རྒྱ་གར་གྱི་རལ་གྲི་བྱུང༌། ཅིག་ཤོས་ཀྱི་ལག་ཏུ་རྒྱ་ནག་གི་རལ་གྲི་བྱུང་ནས། བོད་མི་དེ་གཉིས་འཐབས་ཀྱང༌། རྒྱ་གར་རྒྱ་ནག་གཉིས་ལ་འཁོན་མི་འོང་བ་བཞིན་ནོ། །ཉི་མ་དབྱིངས་སུ་ཤར་བའི་འོད་ཕྱོགས་ཐམས་ཅད་དུ་ཁྱབ་པ་ལྟར། ཡེ་ཤེས་ལྷའི་རིག་སྔགས་སེམས་ཅན་གྱི་དོན་ལ་ཀུན་ཏུ་ཁྱབ་པ་ན། དེའི་ཆ་ཤས་ཕྲ་མོ་ཙམ་རེ། སྔགས་མཁན་གཉིས་ཀྱིས་བླངས་ཏེ་འཐབས་པ་ལ། ཡེ་ཤེས་དབྱིངས་ཀྱི་ལྷ་ལ་སྐུལ་སྐྱོད་ག་ལ་ཡོད། འདི་ཡང་ནན་ཏན་དུ་གོ་བ་གལ་ཆེ་སྟེ། འདི་མ་གོ་བས་རྣམ་རྟོག་མ་ལངས་དགུ་ལངས་ཤིང༌། འཆལ་གཏམ་གྱིས་རྒྱལ་ཁམས་གངས་འདུག་པའི་ཕྱིར་རོ། །ད་ནི་དཀྱུས་ལ་འཇུག་སྟེ། རྗེ་བཙུན་རྭ་ལོ་ཆེན་པོ་དེ་ཉིད་ཀྱི་ཐུགས་སྲས་ལོ་ཙཱ་བ་ཆོས་རབ་ནི་རོང་གི་ནེའུ་མེ་ཏོག་ལྡན་དུ་སྐུ་འཁྲུངས། ཡབ་ཆོས་ཐམས་ཅད་བུམ་པ་གཅིག་ནས་གཅིག་ཏུ་བྱོ་བ་བཞིན་དུ་ཐུགས་སུ་ཆུད། རྭ་ལོ་ཆེན་པོ་ཉིད་ལས་ལོ་ཙཱ་ཡང་ཤིན་ཏུ་མཁས་པར་བོད་ཡུལ་ཉིད་དུ་སྦྱངས། བླ་མ་ཆེན་པོའི་སྐུ་ལྡད་གྲུབ་ནས་བལ་བོར་བྱོན། པཎྜི་ཏ་ས་མནྟ་ཤྲཱི་ལ་དཔལ་དུས་ཀྱི་འཁོར་ལོ་གསན། ལོ་ཕྱེད་དང་ལྔ་ཙམ་ན་སེམས་འགྲེལ་སྐོར་གསུམ་ཆ་ལག་དང་བཅས་པ་ལ་ཆེས་མཁས་པར་གྱུར་ཅིང༌། དུས་འཁོར་རྒྱུད་འགྲེལ་འགྱུར་དཔེ་སྔ་མ་ལ་མ་གཟིགས་པར་རྩ་འགྱུར་མཛད་པས་


TNT06_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ལེགས་པར་བྱུང༌། སྐབས་དེར་བོད་དུ་ཕེབས། འགྲོ་དོན་ཅུང་ཟད་མཛད་ནས། པཎྜི་ཏ་ས་མནྟ་ཤྲཱི་བོད་དུ་སྤྱན་དྲངས། དབུ་གཙང་ཀུན་ཏུ་ཕེབས། ཕར་ལོག་ཕེབས་དུས་གསེར་སྲང་སུམ་བརྒྱ་དུས་གཅིག་ཏུ་ཕུལ། སྐྱིད་གྲོང་གི་བར་དུ་སྐྱེལ་མར་ཕེབས། བླ་མའང་དགྱེས་ཏེ། བླ་མ་ཉིད་ཀྱིས་དམ་ཚིག་རྡོར་དྲིལ་དུས་འཁོར་ལུགས་དང༌། བསྟན་སྐྱོང་འབུམ་ཕྲག་གསུམ་པའི་པྲོག་ཞུ། བརྒྱད་སྟོང་པའི་པོ་ཏི་དང་བཅས་པ་གནང༌། ཡང་ཕྱིས་རྒྱ་གར་དུ་ཕེབས་ནས། པཎྜི་ཏ་ཝཱ་གཱི་ཤྭ་ར་གུ པྟ་ལ་ཡང་ཐུགཕག་མོ་སོ་བདུན་མ་ལ་སོགས་པའི་ཆོས་སྐོར་རྣམས་བསྒྱུར། ནག་པོ་ཆེན་པོའི་རྒྱུད་མངོན་བྱུང་ཡང་བསྒྱུར་ཞིང་དབང་དང་མན་ངག་བླངས། དེ་སྐབས་ཧེ་རུ་ཀ་མངོན་བྱུང༌། ཕག་མོ་མངོན་བྱུང༌། མགོན་པོ་མངོན་བྱུང་སྟེ། མངོན་བྱུང་སྐོར་གསུམ་གྱི་ཐ་སྙད་ཀྱང་བྱུང༌། གསང་སྔགས་ཀྱི་ལོ་ཙྭ་བ་ཅིག་ལ་བླ་མ་འདི་རང་མཁས་པར་གྲགས། དེ་ལ་སྲས་གཉིས་མངའ་བ་ལས། གཅེན་པོ་ནི་རྭ་ཡེ་ཤེས་སེང་གེ་སྟེ། དེ་ཡང་རྭ་ལོ་ཆོས་རབ་ཀྱི་སྐུའི་ཡོན་ཏན་ཐམས་ཅད་པར་བཏབ་པ་བཞིན་མངའ་བ་ཡིན། རོང་ཁུ་ལུང་གི་སེ་ཁྱིམ་ཞེས་པའི་མཁར་ཅིག་ཏུ་བཞུགས། རྭ་ནུབ་པ་བར་གྲགས། དེའི་སྲས་ནི་རྭ་འབུམ་སེང་ཡིན་ཏེ། དེ་ཡང་བླ་མ་གོང་མ་རྣམས་ལ་མངའ་བའི་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་ཅིག་བྱུང༌། ཡེ་ཤེས་སེང་གེ་དང༌། འབུམ་སེང་གིས་ཀྱང་རྒྱ་བལ་དུ་ཁོར་ཙམ་རེ་གཤེགས་ཤིང༌། སྒྲུབ་ཐབས་ཐོར་བུ་བ་སོགས་ཆོས་སྣ་ཅུང་ཟད་རེ་འགྱུར་མཛད། རྭ་ལོ་ཡེ་ཤེས་སེང་གེ་དང༌། རྭ་ལོ་འབུམ་སེང་དུ་ཡང་གྲགས་སོ། །དེ་ལས་བརྒྱུད་པའི་རིགས་ཀྱི་དབོན་སྲས་བརྒྱུད་པའང་ཅི་རིགས་ཕྱིས་བྱུང་བར་དུ་ཡོད་པར་སྣང་ཡང་སློབ་བརྒྱུད་བཟང༌། རིགས་བརྒྱུད་གྲགས་ཆུང་ངོ༌། །རྭ་ལོ་ཆོས་རབ་ཀྱི་


TNT06_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་ཆུང་བ་ནི། རྭ་དྷརྨ་སེང་གེ་ཡིན་ཏེ། དེས་ནེའུ་མེ་ཏོག་ལྡན་དུ་བཞུགས། དེའི་སྲས་དཀོན་མཆོག་སེང་གེ དེའི་སྲས་ཤེས་རབ་རྒྱལ་མཚན་ཡིན་ཏེ། དེ་རྣམས་ཀྱང་ནུས་མཐུ་དང་ལྡན་ཞིང༌། ནག་པོ་སྐོར་གསུམ་ལ་མཁས་པ། འཁོར་ལོ་སྡོམ་པ། དུས་འཁོར། ཕག་མོའི་ཆོས་སྐོར་སོགས་ཀྱང་ཅི་རིགས་པ་མངའ་བ་བྱུང་དེ་དག་རྣམས་ལ་རྭ་ཤར་བར་གྲགས། རྭ་ཤེས་རབ་རྒྱལ་མཚན་པའི་རྗེས་སུ། རྭ་ལྕགས་མཁར་བ་སོགས་བརྒྱུད་པ་མང་དུ་གྱེས། སློབ་བརྒྱུད་ལ་རུ་མཚམས་ཀྱི་རྒྱ་དབང་ཕྱུག་གྲགས་པ། དེའི་སྲས་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། དེ་ཁམས་སུ་བྱོན། རྒྱལ་ཐང་མེ་ལོང་སྟེང་དུ་བཞུགས། མི་ཉག་དང༌། དམར་ཁམས་ཀྱི་ཡུལ་དུའང་ལན་མང་དུ་ཕེབས། མཐུ་སྟོབས་ཤིན་ཏུ་ཆེའོ། །དེ་ལ་ཁམས་སུ་སློབ་མ་མང༌། ཁམས་པ་ཡོན་ཏན་འབུམ་བྱ་བས་དབུས་གཙང་དུའང་ཁོང་གི་ལུགས་དར་བར་བྱས། མཆོད་རྟེན་དཀར་པོ་བ་སངས་རྒྱས་སྐྱབས་སོགས་སློབ་མ་མང་དུ་བྱུང༌། དེས་ལྷ་བཙུན་བསམ་ཡས་པ་སོགས་ལ་བཤད་ནས་ད་ལྟའི་བར་དུ་དར། རྗེ་བཙུན་འབུམ་སེང་ལ་ཟུར་དུ་བྱོན་པའི་སྲས་བློ་གྲོས་སེང་གེ་ནས་བརྒྱུད། གདུང་རབས་འགའ་རེ་བྱོན་འདུག འགྲོ་དོན་ཆེ་བ་རང་མ་བྱུང་བ་འདྲ། སློབ་བརྒྱུད་བུ་ཆེན་བཟའ་ལ་མང་བ་བྱུང༌། ཐུགས་སྲས་ཀྱི་གཙོ་བོ་རོང་བ་རྒ་ལོ་རྣམ་རྒྱལ་རྡོ་རྗེ་ཡིན། མདོ་སྔགས་ཐམས་ཅད་དང༌། ཁྱད་པར་དུས་འཁོར་ལ་མཁས་ཤིང་གྲུབ་པ་ཐོབ། དེའི་སྲས་རྗེ་ཤེས་རབ་སེང་གེ་དང༌། བླ་མ་ཨ་ཀ་ར་གཉིས་ཀྱང་དུས་འཁོར་དང་གཤིན་རྗེ་གཤེད་པ་ལ་མཁས་ཤིང༌། འཇིགས་མཛད་ལ་བརྟེན་ནས་ནུས་པའང་ཐོབ་བོ། །རྗེ་ཤེར་སེང་ནས་བརྒྱུད་པ་ལ། མང་མཁར་ལོ་ཙཱ་བ་དང༌། བླ་མ་དཔལ་ལྡན་སེང་གེ བླ་མ་སེང་


TNT06_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གེ་རྒྱལ་མཚན། ཡང་རྗེ་ཤེར་སེང་དང༌། བླ་མ་ཨ་ཀ་ར་གཉིས་ཀ་ལ། སྐྱིད་སྟོན་གྲགས་རྒྱལ་གྱིས་ཞུས། དེ་ལ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཀུན་མཁྱེན་ཆེན་པོས་གསན། སེང་རྒྱན་པ་དང༌། ཀུན་མཁྱེན་ཆེན་པོ་ལ་ཞང་སྟོན་རྒྱ་བོར་གྲགས་པ། མཁས་པ་བསོད་ནམས་གྲགས་ཀྱིས་གསན། འདིས་འཇིགས་མཛད་ཀྱི་ཆོས་རྒྱ་ཆེར་སྤེལ། འབྲི་ཁུང་དཔལ་འཛིན་དུ་གྲགས་པའང་འདིའི་སློབ་མའོ། །ཡང་རྗེ་ཤེར་སེང་ལ་ཁོར་རང་གི་དབོན་པོ་རོང་པ་རྡོ་རྗེ་རྒྱལ་མཚན་གྱིས་གསན། དེ་ལ་དབོན་པོ་བསོད་ནམས་ལྷུན་གྲུབ་ཀྱིས་ཞུས། དེ་ལའང་འབྲི་ཁུང་དཔལ་འཛིན་གྱིས་ཞུས་སོ། །ཡང་རྭ་འབུམ་སེང་གི་སློབ་མ་ཀློག་སྐྱ་དབང་ཕྱུག་གྲགས་པ་དེ་གཤིན་རྗེ་གཤེད་དང་དུས་འཁོར་ལ་མཁས་པ་ཅིག་བྱུང༌། དེ་ལ་ལྡོངས་སྟོན་ཤེས་རབ་དཔལ་གྱིས་གཤེར་སྐོར་རྣམས་ཞུས། ལྡོངས་སྟོན་དེས་མདོ་སྔགས་ཀྱི་གཞུང་ཆེན་མང་པོ་མཁྱེན། བརྒྱུད་པ་ཐ་དད་སྣ་ཚོགས་ཀྱི་ཆོས་སྣ་བཞུགས་རྒྱ་ཆེ་ཞིང་ཐམས་ཅད་ལ་མཁས་པ་ཅིག་ཡིན་ཡང༌། ཉམས་ལེན་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཁོ་ན་གཙོ་བོར་གཏོན་པས། ནུས་མཐུ་ཡང་ཆེན་པོ་མངའ། སྐུ་བསོད་ཆེ་བས་བླ་ཆེན་འཕགས་པ་དང༌། རྒྱལ་པོ་གོ་པེ་ལའི་བླ་མར་སོང༌། གཤིན་རྗེའི་འཁོར་ལོའི་སྐབས་སོགས་འགའ་ཞིག་ཏུ། སྔ་མ་རྣམས་དང་མི་འདྲ་བའི་ཁྱད་ཆོས་ཅུང་ཟད་ཡོད། ཁོང་རང་གི་སྒོས་ཀྱི་བརྒྱུད་འཛིན་རྣམས་ལ་ལྡོངས་ལུགས་པ་ཟེར་བ་བྱུང༌། བླ་ཆེན་འཕགས་པས་ཀྱང་རྭ་ལུགས་རྩལ་འདོན་མཛད་དེ་སྤེལ་བས། སྔར་དཀར་པོ་རྣམ་གསུམ་གྱི་དུས་སུ་མཛད་པའི་མལ་ལུགས་དེ་ནི་བག་ལ་ཞ་བ་ལྟར་གྱུར་ཏོ། །བར་སྐབས་སུ་རྭ་ལུགས་འདི་བོ་དོང་འཇམ་རལ་དུ་གྲགས་པ་ནམ་མཁའ་སྨོན་ལམ། འབྲི་ཁུང་ལོ་ཙཱ་བ་མ་ཎྀ་ཀ སྐྱི་རོང་ལོ་ཙཱ་བ་ངག་དབང༌། གཟུངས་ཀྱི་དཔལ་བ། གྲུབ་ཆེན་ཀུན་དགའ་བློ་གྲོས། བླ་མ་ཆོས་དཔལ་བཟང་པོ།


TNT06_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འཆང་ཀུན་དགའ་ཟླ་བ། སློབ་དཔོན་དགེ་བ་རྒྱལ་མཚན་ལ་སོགས་པས་དར་རྒྱས་སུ་བྱས། ད་ལྟའི་བར་དུའང་དར་རོ། ཁ་ཅིག་འདི་ལ་ས་ལུགས་ཀྱི་མིང་འདོགས་པ་ནི་འཕགས་པས་མཛད་པའི་སྒྲུབ་ཐབས་ཉིད་དང་འགལ་ཉེན་གདའོ། །འདིར་བྱུང་ཚུལ་སྤྱི་ཁོག་ཙམ་བཤད་པ་ཡིན་གྱི། བརྒྱུད་རིམ་སོ་སོ་བ་རྣམས་ནི་བརྒྱུད་ཡིག་ལས་ཤེས་པར་བྱའོ། །རྭ་ལུགས་འདི་ལ་དགྲ་གདོང་གཉིས་དཀྱིལ་འཁོར་རེ་དང༌། འཇིགས་མཛད་ལ་བཅུ་གསུམ་མ་དང༌། རོ་ལངས་བརྒྱད་བསྐོར་ཏེ་དཀྱིལ་འཁོར་བཞིའི་དབང་རྒྱུན་ད་ལྟའི་བར་དུ་ཡོད་དོ།། །།སྐྱོ་ལུགས་ཀྱི་བརྒྱུད་པའི་དབང་དུ་བྱས་ན། ལ་ལི་ཏ་བཛྲ་དང༌། གསང་ལྡན་མཛད་མཁན་གྱི་སྒེག་པའི་རྡོ་རྗེ་གཅིག་པ་ལྟར་གྱི་བཤད་པ་བྱེད་དེ། དེ་ནི་མ་ཡིན་མོད། འོན་ཀྱང་སློབ་དཔོན་དེས་ཉན་འདོན་བྱེད་སར་བྱོན་ནས་འཁོར་བ་ནས་འཁོར་བར་བཏོན་པས་ཅི་ཕན་གསུངས། ཉ་རྣམས་ཞལ་དུ་གསོལ་ནས་འཇམ་དཔལ་གྱི་ཞིང་དུ་སྤུར་ནས་བཏང་ཟེར། སློབ་དཔོན་ལ་ལི་ཏ་དེ་ལ་འཇམ་དཔལ་བཤེས་གཉེན་གྱིས་ཐུགདེ་ཡང་གྲུབ་པ་ཐོབ་པར་ཉེ་ནས་སྤྱོད་པ་ལ་བྱོན། མུ་སྟེགས་ཀྱི་རྒྱལ་པོ་ཅིག་གླང་པོ་ཆེ་ལ་ཞོན་ནས་འོངས་པ་དང༌། ཟམ་པ་ཅིག་ཏུ་མཇལ་ནས། ལམ་བཟུང་རེས་མ་བྱུང་བས་སློབ་དཔོན་གྱིས་སྡིགས་འཛུབ་བསྟན་པས། རྒྱལ་པོ་དང༌། གླང་པོ་ཆེ་གཉིས་ཀ་ཕྱེད་མར་གས་ཏེ། ཟམ་པའི་གཡས་གཡོན་དུ་ལྷུངས། དེ་ནས་འཁོར་རྣམས་ཀྱིས་བཟོད་པར་གསོལ་ཞིང་གསོལ་བ་བཏབ་པས། སླར་གསོས་ཏེ་ནང་པའི་བསྟན་པ་ལ་བཀོད། འཇིག་རྟེན་ལྷ་ལ་ཕྱག་མི་འཚལ། །གླང་པོ་བྱུང་ཡང་ལམ་མི་བཟུར། ཁ་ནས་གསང་སྔགས་རྒྱལ་པོ་བཟློས། །རྐང་པ་བྲག་རི་ཐོགས་མེད་འགྲོ། །ཞེས་པ་ཁོང་ལ་ཚང་ངོ༌། །དེའི་སློབ་མ་ནི་ཨ་མོ་གྷ་བཛྲ་ཆེན་པོ་ཡིན། དེ་ནི་བུམ་པ་ནམ་


TNT06_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་འཇོགསྤྲུལ་པའི་སྐུ་ཞལ་གཟིགས། རིག་པ་འཛིན་པའི་དངོས་གྲུབ་བརྙེས་སྐད་དོ། །དེ་ལ་སློབ་མ་བཞི་སྟེ། དེ་བ་ཨཱ་ཀ་ར་ཙནྡྲ་དང༌། ནག་པོ་བ་དང༌། བིརྱ་ཙནྡྲ་དང༌། ཨ་མོ་གྷ་བཛྲ་ཆུང་བའོ། །དང་པོ་ནི། ཞང་ལོ་ཙཱ་བ་ཤེས་རབ་བླ་མའི་རྩ་བའི་བླ་མ་དེ་ཡིན། མགོས་ཁུག་པའི་བླ་མ་བཙུན་མོ་ཅན་དང་གཅིག་པ་འདྲའོ། །འཆི་མེད་ཚེའི་དངོས་གྲུབ་བརྙེས་ནས་དཔལ་གྱི་རི་ལ་བཞུགས་ཟེར། གཉིས་པ་ནི། ཀཱ་མ་རུའི་ཡུལ་དུ་མཆོག་སྦྱིན་བྱེད་མཁན་གྱི་མུ་སྟེགས་རྣམས་ལ་སྡིགས་འཛུབ་བྱས་པས། དྲན་མེད་དུ་བརྒྱལ། རྒྱལ་པོས་ཞུས་ནས་སླར་གསོས། རྒྱལ་པོ་ཞབས་ལ་གཏུགས། དམར་མཆོད་རྣམས་ཕལ་ཆེར་བཀག །ལམ་ལ་སྟག་བརྫུས་མཛད་ཀྱིན་གཉལ་དུ་བྱོན། བོད་དུ་བྱོན་དུས་ལོ་ཙཱ་བ་མེད་པས་ཆོས་ནི་མ་བསྒྱུར། དབང་དང་མན་ངག་ཐན་ཐུན་གསུངས། ཨ་ཙ་ར་ཞབས་དཀར་པོ་ཅན་དུ་གྲགས་སོ། །གསུམ་པ་ནི། ཇོ་བོ་རྗེའི་གཅུང་པོ་ཡིན། གཤིན་རྗེ་གཤེད་ཀྱི་ནུས་པ་གྲུབ་པ། བོད་ཡུལ་ཕལ་ཆེར་དུ་བྱོན། ཡར་ཀླུངས་ཀྱི་ཀླུ་དགོན་པར་ཡུན་རིང་བཞུགས། སླར་རྒྱ་གར་ལ་ཐེགས་པ་དེ་ཀ་ཡིན་ནམ་སེམས། སྐྱོ་བ་རྣམས་འདིས་འཇའ་ལུས་བརྙེས། དཔལ་གྱི་རི་ལ་བཞུད་ཟེར། བཞི་པ་ནི། སློབ་དཔོན་ཨ་ཏུ་ལ་དཱ་སའི་སྲས་ཡིན་པར་ཡང་འཆད། གང་ལྟར་ཡང་ཞང་ཤེས་རབ་བླ་མ་རྒྱ་གར་དུ་བཞུགས་པའི་དུས། སློབ་གཉེར་གྱི་འཕྲོས་སྐྱོང་བའི་གཞོན་ནུ་གཅིག་ཡོད་ཟེར། ཕྱིས་ནུས་པ་དང་ལྡན་པའི་པཎ་ཆེན་དུ་གྱུར། བོད་དུ་ཕེབས་དུས་ཞང་ལོ་ཤིན་ཏུ་བགྲེས་པོར་གྱུར་ཀྱང་ཆོས་གསན། སྤྱིར་བོད་ཡུལ་དུ་འགྲོ་དོན་ཆེ། བ་རི་བའི་བླ་མ་སྐུ་དྲིན་ཆེ་ཤོས་གཅིག་ཡིན། དུས་མཉམ་གྱི་ལོ་


TNT06_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཙཱ་བ་ཕལ་ཆེར་ཀྱིས་གཏུགས། ཕར་ཕྱིན་དང་མདོ་སྡེ་རྒྱན་སོགས་མདོ་ཆོས་ཀྱང་མང་དུ་གསུངས། སྔགས་ཆོས་གསང་འདུས། དགྱེས་རྡོར་སོགས་དང༌། སྒྲུབ་ཐབས་ཕྲ་མོའི་རིགས་མང་དུ་གསུངས་ཤིང༌། ཕྱག་རྒྱ་བཞི་ལ་བརྟེན་པའི་རྫོགས་རིམ་ཀྱང་མང་དུ་གསུངས་འདུགབོད་པའི་དགེ་བཤེས་དང་སྔགས་པ་མང་པོས་ཞབས་འབྲིང་བྱས། སྟོད་ལུང་གི་ཕུའི་ལ་ཞིག་ལ་བཞུད་པའི་ཚེ། ཇག་པ་མང་པོ་བྱུང་བ་ལ་བོད་པ་རྣམས་རི་ལ་བརྫེས་འཐབ་ཆས་བྱེད་པ་ལ། པཎྜི་ཏས་སྡིག་འཛུབ་མཛད་པས་ཇག་པར་རྣམས་རེངས། འཐབ་མ་དགོས་པར་ལ་ཐོན། དེ་ནས་བོད་ཀྱི་ཛོ་གི་རྣམས་ལ་ནུས་པ་མི་འདུག་པ་གསུང༌། འགྲོ་དོན་ཆེར་མཛད་ནས་རྒྱ་གར་དུ་བཞུད། སྐུ་ཚེའང་རིང་དུ་བཞུགས། རས་ཆུང་བས་ཀྱང་བླ་མ་འདི་ལ་ཆོས་མང་དུ་ཞུས་གདའ་སྟེ། རས་ཆུང་བའི་རྣམ་ཐར་ན་འབྲི་དགོས་ངེས་ཤེས་པ་འདི་ཚོ་མ་བྲིས་པར་འདུགདེ་ལྟ་བུའི་བླ་མ་ཨ་མོ་གྷ་བཛྲ་ལ་བླ་མ་སྐྱོས་གསན་པ་ཡིན་ཏེ། ཁོང་གི་ཡུལ། པ་སྣམ་གྱི་ཉ་ཚན་ཕུག་ཡིན། དང་པོ་མངོན་པ་དང༌། ཚད་མ་དམ་དུམ་མཁྱེན། རྙིང་མ་སྒྱུ་འཕྲུལ་སོགས་ལེགས་པོ་ཤེས་པའི་བན་གཞོན་ནོར་ཆེ་བ་ཅིག་ཡོད། མིང་དངོས་ཆ་མི་འཚལ། བླ་དྭགས་ལ་སྐྱོ་ནག་འབྲོམ་སྟོན་ཟེར། ཁོ་ནངས་པར་སྨན་འདྲ་ཉོ་བ་དང༌། གཞན་དོན་སྤྱོད་ཅིག་ཀྱང་ཡོད། གྲབས་རྣམས་གྲུབ་སྟེ་ནུབ་མོ་ཉལ་བའི་རྨི་ལམ་དུ། ལུང་བའི་མདའ་ཆེན་མོ་མ་གི་ནས་ཡར། ཤིན་ཏུ་འཇིགས་སུ་རུང་བའི་ལུས་ཅན། མདོག་ནག་པ། མགོ་དང་རྐང་ལག་མང་པོ་ཡོད་པ། མེ་དང་དུད་པའི་དཀྱིལ་ན་གཟུགས་ཤིན་ཏུ་ཆེ་བ་ཅིགཡར་ཡོང་གིན་འདུགའདིར་མ་བྱུང་ན་རུང་སྟེ་བསམ་ཙ་ན། ཁོང་རང་གི་རྩར་ཚང་གིས་བྱུང༌། སྐྲག་རང་གྲགས་ཏེ་གང་གྲག་ཅི་གྲག་ལ་གཉིད་སད་པས།


TNT06_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ཐམས་ཅད་རྔུལ་ནག་གིས་བངས་འདུག དེར་བསམས་པ། ད་དེ་རིང་གི་དོན་དེ་རང་མི་འགྲུབ་པ་ཡིན། དེ་བས་གོད་གཞན་ཅི་ཡོང་ཡང་མི་ཤེས་ཏེ། དུས་བརྩམས་ཟིན་པས། མ་ཕྱིན་ན་མི་རུང་བསམས། ནམ་ལངས་མ་ཐོག་ཕྱིན། གྲ་མ་སྨུ་གུ་ཟེར་བའི་ཆུ་འགྲམ་དེའི་ཐད་ན། པཎྜི་ཏ་དཔོན་གཡོག་འགའ་ཞིག་འདུགདེ་མཐོང་བ་ཙམ་གྱིས་ཡིད་ལ་དགའ་བདེ་ཁྱད་པར་ཅན་ཡང་སྐྱེས། ཟིལ་ཆེ་བ་ཞིག་ཀྱང་འདུགདེ་ལ་མོས་ནས་ང་ད་ལྟ་འཁོར་ནས་ཡོང་བས་འདིར་བཞུགས་ཞིགབདག་གི་ཁྱིམ་དུ་སྤྱན་འདྲེན་པ་ལགས་བྱས། དེ་ནས་ཚོང་འདུས་འགུར་མོར་ཕྱིན་པས་སྨན་མང་པོའང་རྙེད། དོན་སྤྱོད་དེ་ཡང་ལེགས་པ་རང་ཞིག་བྱུང༌། དེ་ལ་བརྟེན་པའི་ཆང་འདྲེན་པ་མང་སྟེ། ཉི་མ་ཟེར་བ་ཙམ་ཐུབ་ཡོངས། དེ་ནས་སྔར་ལོག་ཡོང་ངོ་བྱས་པ་དྲན་ཏེ། འཕྲོ་བཞག་ནས་འོངས་པས་མུན་ཚབ་ཚུབ་ལ། པཎྜི་ཏ་དཔོན་སློབ་རྣམས་སྔར་ཀྱི་ས་དེ་ན་ཀ་བཞུགས་འདུག་སར་སླེབ། ནུབ་མོ་དེ་ཀ་ཡར་བྱོན་ཏེ་ཁྱིམ་དུ་སྤྱན་དྲངས། ཞབས་ཏོག་སྣ་ལེན་བཟང་པོ་བྱས། པཎྜི་ཏ་དབུས་དུ་ཕེབས་པའི་ཆ་རྐྱེན་ཐམས་ཅད་ཀྱང་དེར་བསགས། སྔར་ལོ་ཙཱ་རབ་རིབ་ཞིག་མཁྱེན་པ་ལ་སླར་རྒྱ་སྐད་ལ་སྦྱངས་པ་ཆེར་མཛད། པཎྜི་ཏ་དབུས་སུ་ཕེབས་པའི་ཕྱག་གཡོག་གི་རྐང་ལེན་མཛད། ཞོར་ཆོས་ཀྱང་མང་དུ་ཐོབ། ཡར་ཕེབས་ནས་བླ་མ་རང་གི་ཐུགས་དམ་གྱི་མཐིལ་གང་ཡིན་པ་དེ་ང་ལ་ཞུ་བྱས། སྙིགས་མའི་དུས་ན་འདི་ཁོ་ན་བྱིན་རླབས་ཆེ། ངའི་ཡི་དམ་གྱི་སྙིང་པོའང་འདི་ཡིན་གསུངས་ནས། དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་ཐང་སྐུ་བསྟན། སྔར་རང་གི་རྨི་ལམ་དུ་བྱུང་བ་དེར་འདུག་ནས། དགའ་གྲགས་ནས་ཏེ་ཏེ་བརྡུངས། དབང་བསྐུར་མཛད་པའི་ཚེ། དཀྱིལ་འཁོར་གྱི་དཀྱིལ་ནས་འོད་དཀར་པོའི་གོང་བུ་སྙིམ་པ་ཙམ་ཅིག་བྱུང༌། ཁྱིམ་ཐམས་ཅད་འོད་ཀྱིས་


TNT06_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གང་ནས། སྐྱོ་སྟོན་གྱི་དབུ་ལ་ཐིམ། བླ་མས་མིང་འོད་ཀྱི་འབྱུང་གནས་སུ་བཏགས། དེར་ཟླ་བ་བཞི་ཙམ་བཞུགས་ནས། རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་དཔྱིས་ཕྱིན་པ་ཟབ་རྒྱས་སུ་གནང༌། སྐྱིད་གྲོང་ཚུན་ཆད་སྐྱེལ་མར་ཕེབས། དེར་རྟ་བཟང་པོ་ཅིག་ཕུལ་ནས་སྨོན་ལམ་བཏབ་སྟེ། ཕྱིར་ལོག་ཡོང་ཁར། དབུ་ཞྭ་དང་ཕྱག་འཁར་གནང་ནས། ད་སྒྲུབ་པ་གྱིས་ཤིག་ལེགས་པ་འོང་ཞེས་ལུང་བསྟན་མཛད། དེ་ནས་ཆོས་རྒྱུད་གཅིག་པར་དགོངས་ཏེ། འབྲི་འཚམས་ཀྱི་ནང་གི་དགེ་འདུན་བཟང་པོའི་དྲུང་དུ་བྱོན། སྔར་གྱི་རྒྱབ་རྟེན་དུ་དགྲ་གདོང་འཇིགས་གསུམ་གྱི་ཆོས་སྐོར་རྫོགས་པར་ཞུས་སོ། །དེ་ནས་ཉ་ཚན་དུ་སྒྲུབ་པ་བྱེད་ཀྱིན་ཡོད་ཙམ་ན། རྨི་ལམ་དུ་བླ་མ་ཕེབས་ཡོད་ཕྱིར་ཤོག་ཟེར་བ་ཅིག་བྱུང༌། ཕྱིར་ཕྱིན་ཙ་ན་ཞིང་ཁ་ཅིག་ན་བླ་མ་ཨ་མོ་གྷ་ཞུགས་འདུགཕྱག་ཕུལ་ཙ་ན། སྤ་མཁར་གྱིས་ས་ལ་རི་མོ་མཛད་ཀྱིན། འདིར་ཁང་པ་གྱིས་གསུང་འོད་དཀར་པོ་ཅིག་ཏུ་གྱུར་ནས་ཡལ་སོང༌། དེ་ནས་མི་རིང་པ་ཅིག་ན། ཕ་སྤུན་ཅིག་ཡོད་པ་དེས་ཞིང་དེ་ཉོའི་ཟེར་བྱུང་བ་ལ། ལུང་བསྟན་དྲན་ནས་ཞིང་ཉོས་དགོན་པ་བྱས། པ་ཚབ་ཉི་མ་སྡེ་ཟེར་བ་དེ་ཡིན། ལན་ཅིག་དེར་སྒྲུབ་པ་བྱས་ཙ་ན། ལྷའི་བུ་གཉིས་ཀྱིས་བུམ་པ་བདུད་རྩིས་གང་བས་ཁྲུས་བྱས། ལག་ཏུ་རྡོ་རྗེ་གཏད་དེ། རི་ནི་མ་ཧེའི་གཟུགས་འདྲ་བ། །དེ་ཡི་རྩ་རུ་སྐྱེས་པ་ནི། །ཤཱཀྱའི་སྲས་པོ་ཞེས་བྱ་བ། །འོད་འབྱུང་ཞེས་ནི་གྲགས་པ་ཡིན། །དེ་ལ་བཀའ་གནང་བྱིན་རླབས་ཀྱིས། །འཇམ་དཔལ་གྱི་ནི་དངོས་གྲུབ་ཐོབ། །ལྷ་ཡི་དབང་པོས་བཏང་བ་ཡིན། །བསམ་པའི་དོན་ལས་མ་འགྱུར་ཅིག །ཟེར་སྨན་ཆུ་ལུང་དུ་ཡང་དབེན་མཛད་ནས། བསྙེན་སྒྲུབ་ལོ་བདུན་བྱས་པས། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞལ་གཟིགས་ཏེ། མ་ཧེའི་ཞལ་བཞད་ཅིང་རྩ་སྔགས་གསུང་བ་དང༌། འཁོར་ལས་ཀྱི་གཤིན་རྗེ་བཟླས་པ་བྱེད་པ་གཟིགས། བར་ཆད་བཟློག


TNT06_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཚེ་རིང༌། ལུང་བསྟན་དང་མཐུན་པའི་བྱིན་རླབས་འབྱུང༌། མཐུ་སྟོབས་ཤིན་ཏུ་ཆེ། སྐྱོ་རོག་ཕུང་བ་དང༌། པ་ཚབ་བདོས་ཕུང་བར་གྲགས། མཐུ་རྟགས་ཀྱི་ལོ་རྒྱུས་མང་པོ་ཡོད་འདུག་ནའང་བྲིས་པ་མི་འདུགལར་གྱི་ཐུགས་ངང་རྒྱུད་འཇམ་ཞིང་བཟང་བ་ཞིག་ཡིན་པར་འདུག་པས་བྲག་ལས་ལ་བརྩོན་པར་མ་མཛད་ཀྱང༌། སྡིག་གསོག་པ་རྣམས་ལ་རང་ཤུགས་ཀྱིས་རྟགས་འབྱུང་བ་ཡིན་པར་འདུག་གོ །དེ་ལ་སྲས་འཇམ་དཔལ་དང་པདྨ་གཉིས་བྱུང༌། ཡབ་ཀྱི་རྗེས་ཟིན། བུ་ཆེན་ལྔ། རྩངས་ཡང་དག་འབར། སྒང་རི་བོ་ཆེ་བ། མ་སྣར་ཁྲོ་མེ་བ། བསགས་གཞོན་ནུ། གླན་གཉའ་ནམ་པ་སྟེ། དེ་ཐམས་ཅད་གཤིན་རྗེ་གཤེད་ཀྱི་ཆོས་ལ་མཁས་པའོ། །གླན་ནི་འོ་ཡུག་ཏུ་རྙིང་མ་བ་ཅིག་ལ་ཆོས་ཉན་ཀྱིན་ཡོད་ཙ་ན། ནུབ་ཅིག་རྨི་ལམ་བཏགས་པས། རྨི་ལམ་དུ་སྐོམས་ནས་ཆུ་བཙལ་བས། བྱེ་མའི་ཆུ་རྙོག་མ་ཅན་འབའ་ཞིག་འདུགདེ་ནས་ལ་ཅིག་བརྒལ་བས་ཕུ་ཤར་བསྟན་ཅིག་ན། ཆུ་ཞིམ་པོ་ཅིག་འདུག་པ་འཐུངས་པས་ཚིམ་པ་ཅིག་རྨི། སང་སློབ་དཔོན་ལ་བཤད་པས། སློབ་དཔོན་ན་རེ། ཁྱོད་ལ་ངའི་ཆོས་ཀྱིས་ཕན་མི་ཐོགས་པར་འདུགབླ་མ་སྐྱོ་འདི་གྲུབ་ཐོབ་ཅིག་ཡོད་པར་འདུག་པས། ཁོང་ཅན་དུ་སོང་གསུངས། དེར་བྱོན་ནས་དབང་གདམས་ངག་ཞུས་བསྒོམས་པས། ཉམས་རྟོགས་བཟང་ཞིང་ནུས་མཐུ་ཆེ་བ་ཅིག་བྱུང་བར་གདའ། སྐྱོ་འཇམ་དཔལ་གྱི་སྲས་ནི་ཇོ་སྲས་ཁམས་པ་ཡིན། དེས་ཡབ་དང༌། ཁུ་བོ་དང༌། གླན་གཉའ་ནམ་པ་གསུམ་ཅར་ལ་གཏུགས། མེས་པོའི་རྗེས་ཟིན་པར་བྱུང༌། དེ་ཡན་ཆད་བཀའ་རྒྱས་བསྡམས་པས། མེས་དབོན་དེ་དག་ལ་རྒྱུད་ཤེས་ཤིང་ནུས་པ་ཐོབ་པའི་སློབ་མ་མང་པོ་བྱུང་ཡང༌། དེ་དག་གིས་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་གཞན་ལ་བཤད་པ་མང་


TNT06_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེད། དེ་ནས་དབུས་སྐྱི་སྨད་གསང་མདའི་གཉན་རིན་ཆེན་བསྟན་པ་ཞེས་བྱ་བ། རྟེན་དཀར་པོ་མཚན་ཉིད་ཀྱང་ཤེས། ཡོ་ག་དང་གསང་འདུས་སོགས་སྔགས་ཆོས་མང་པོ་རང་ཤེས་པ་ཞིགསྐྱོ་ཁམས་པའི་ལོ་རྒྱུས་ཐོས་པས། དད་པ་སྐྱེས་ནས་དང་པོར་མཇལ་དུ་ཕྱིན། གཤེད་སྐོར་གྱི་ཆོས་ཀྱི་སྙན་འབུལ་བྱས་པས། ང་ལོ་སྟེང་གི་སྐེག་ཆེ་ད་རེས་མི་འོང༌། སང་ཕོད་ཙམ་བྱ་གསུངས། དེ་རེས་ལོགཕྱི་ལོ་དེ་ཕྱིན་པས་ལོ་མཚམས་བྱས་ཡོད་གསུང་མ་མཇལ་ཏེ། སྣོད་བརྟགས་པའང་ཡིན་པར་འདུགདེ་ན་ལོ་གཉིས་ལོན་ནས་ཕྱིན་པས་མཇལ། ཟ་འོག་ཡུག་བཟང་པོ་ཅིག་ཕྱག་རྟེན་དུ་ཕུལ། ཁྱོད་སྔར་ཐག་རིངས་ནས་འོངས། ད་ཡང་ཐག་རིང་དུ་འགྲོ་བས་བཤད་ཀྱིས་གསུང༌། སྨན་ཆུ་ལུང་དུ་གཏོར་མ་ཅིག་མཛད། གཏོར་ལྟས་ཤིན་ཏུ་བཟང་སྟེ། སྨན་ཆུ་ལུང་དུ་བཤད་ན་བར་ཆད་ཅིག་ཡོང་བར་འདུགཀུན་ར་གནས་སུ་འགྲོ་གསུང༌། དེར་ཕེབས་ནས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་མན་ངག་རྣམས་རྫོགས་པར་གནང༌། རྟོག་བདུན་གྱི་ཞིབ་བཤད་ཚར་གཉིས་མཛད། ཆ་ལག་ཀུན་ཀྱང་རྫོགས་པར་གནང༌། དེ་ནས་པ་ཚབ་ཉི་མ་ལྡེར་ཕེབས་ནས་རྒྱབ་རྟེན་ཞེ་དགུ་མ་དང༌། དགྲ་ནག་གདོང་དྲུག་སོགས་ཀྱང་གནང༌། ལར་ལོ་གཉིས་བཞུགས། ཡོ་བྱད་ཐམས་ཅད་ཀྱང་སྤྲུགས་ཏེ་ཕུལ། བཤད་པ་གདམས་ངག་ཐམས་ཅད་ཀྱང་རྫོགས་པར་ཤེས་པ་བྱུང་བླ་མའི་གསུང་ནས། རྡོ་རྗེ་འཇིགས་བྱེད་འདི་མི་སྤགས་ཁུད་ཀྱི་གསེར་ཕྱེ་ཡིན། ཆོས་འདི་བསྒྲུབས་ན། བཙལ་ན་ནོར་རྙེད། བཏུལ་ན་དགྲ་ཐུལ། སྡིག་པ་མི་འཇིགས། སངས་རྒྱས་མྱུར་དུ་ཐོབ། ཕའི་ཆོས་བཏུབ་ནས་བུ་དང་ཚ་བོ་ཡང་ཚ་སོགས་མཐའ་མེད་པའི་བར་དུ་ཆོས་ཀྱི་གྲུལ་ཐུབ་པ་ཞིག་ཡིན། ཆོས་ཡིན་ཟེར་བ་ལ་ལ། ཕའི་རིང་ལ་དར་དར་ནས། བུའི་


TNT06_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ལ་ཤོག་རྗེས་ཀྱང་མེད་པར་འགྲོ། །འདི་དེ་དང་མི་འདྲའོ། །བྱི་ཁུང་དུ་མདུང་ལས་སྙུང་བུ་གཟོ་བྱ་བ་ཡིན། ཁྱོད་ཀྱིས་ཀྱང་ཆོས་ཆེན་པོ་མང་པོ་ཤེས་པར་འདུག་སྟེ། ངའི་ཆོས་འདི་ཁོ་ནས་ཕན་ཐོགས་པར་འོང༌། མི་གསུམ་ལས་མང་བ་ལ་དུས་གཅིག་ཏུ་མ་ཤོད་ཅིགཅེས་བཀའ་རྒྱ་བཀྲོལ་ཏེ་གནང༌། བླ་མ་འདིས་ཀྱང་ཡི་དམ་འགྲུབ་སྟེ་མཐུ་སྟོབས་ཐོགས་པ་མེད་པ་མངའ། དགུང་ལོ་བརྒྱ་དང་བཅུ་གཉིས་བཞུགས། བརྒྱ་བརྒྱད་ཀྱི་སྟེང་དུ། ༧ བླ་ཆེན་ཆོས་རྒྱལ་འཕགས་པས་ཀྱང་ཞབས་ལ་བཏུད། དེའི་སྲས་པོ་གཉན་འོད་སྲུངས། དེ་ལའང་བླ་ཆེན་གྱིས་ཆོས་གསན། དེའི་སྲས་པོ་གཉན་ཆོས་རྒྱལ་ཡིན། དེ་ལ་བུ་ཆེན་འཛིམས་པ་རིན་ཤེ་སོགས་བུ་ཆེན་བརྒྱུད་པ་དང༌། རིགས་བརྒྱུད་ཀྱང་གཉན་སྟོན་རྡོ་རྗེ་གྲགས་ཀྱི་བར་དུ་མི་རབས་བཞི་ལྔ་ཙམ་ཆོས་བརྒྱུད་ཟིན་པ་རང་བྱུང་འདུག་གོ །ད་ལྟར་ཡང་ཆོས་བཀའ་མ་ནུམ་ཙམ་ཡོད་ཅིང༌། ཁོ་བོས་ཀྱང་འཁུམས་སོ། །བརྒྱུད་ཡིག་ལོགས་སུ་གསལ། རྭ་ལུགས་ཀྱི་འོག་ནས་ལུགས་སྲོལ་འདི་ཡང་གདམས་ངག་རྒྱས་ལ་བཟང་པ་བྱིན་རླབས་ཆེ་བ་ཞིག་གོ །ལུགས་འདི་ལ་སྐྱོ་ཉིད་ཀྱིས་རང་ལུགས་ཁྲོ་མོ་བརྒྱད་བསྐོར་གྱི་དཀྱིལ་འཁོར་ཁོ་ན་ཡིན། དགྲ་གདོང་འཇིགས་བྱེད་ཞེ་དགུ་མ་གསུམ་ཞང་ལུགས་ལ་བསྐྲུན་མའོ།། །།གཤིན་རྗེ་གཤེད་ནག་པོ་སྐོར་གསུམ་གཉོས་ལུགས་ནི། རྒྱ་གར་གྱི་བརྒྱུད་པ་ཕལ་ཆེར་གཉོས་ལུགས་རང་གི་གསང་འདུས་དང་འདྲ་སྟེ། གཉོས་ཀྱིས་བ་ལིང་ཨཱ་ཙརྱ་ལ་གསན་པ་ཡིན། རྩ་བ་ལ་ལི་ཏ་ལ་ཐུག་དགོས་པ་གཞིར་བཅས་ཀྱང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མན་ངག་ཁོ་ན་ལ་བརྟེན་པའི་ཕྱིར། དངོས་སུ་བརྒྱུད་པའི་འགོ་ཡང་དེ་ནས་འདྲེན། གཉོས་ལོ་ཡོན་


TNT06_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་གྲགས། དེའི་སྲས་རྡོ་རྗེ་བླ་མ། དེའི་སྲས་དཔལ་ལེ། དེའི་སྲས་གྲགས་པ་དཔལ་རྣམས་ཀྱི་བར་དུ་མཐུ་སྟོབས་ཤིན་ཏུ་ཆེ། དེའི་སྲས་རྒྱལ་བ་ལྷ་ནང་པ་འཕྲིན་ལས་ཕྱོགས་ཀུན་ཏུ་ཁྱབ། དེའི་དབོན་རིགས་སོགས་ལའང་དར་ཏེ། གཉོས་ལུགས་རང་དུ་གྲགས་ཤིང་རྒྱལ་བ་ལྷ་ནང་པ་ལ་མཆེད་གྲོགས་འགར་དམ་པ་ཆོས་སྡིངས་པས་ཞུས། ཁོང་གི་འབྲི་ཁུང་གི་སྤྱི་རིམ་པ་ཡུན་རིང་པོ་མཛད། སྐུ་ཚེའི་སྨད་ལ། སྤོ་བོར་ལྷ་དགོན་བཏབ་ནས་གདུལ་བྱ་བསྐྱངས་པས། བར་སྐབས་ཅིག་ཏུ་འཇིགས་མཛད་འགར་ལུགས་སུ་གྲགས་ཤིང༌། མདོ་ཁམས་ལྷོ་སྟོད་དུ་དར་རྒྱས་ཆེ་བ་བྱུང་ཟེར། རྡོ་རྗེ་འཇིགས་བྱེད་ཀྱི་སྲོལ་འཛིན་བར་སྐབས་སུ་བྱུང་བ་ལ། འགར་ལྗོངས་རྒྱ་གསུམ་གྲགས་ཆེ་སྟེ། འགར་ལུགས་གཉོས་ལུགས་ཀྱི་ནང་ཚན་ཡིན། ལྗོངས་དང་རྒྱ་ལུགས་རྭ་ལུགས་གྱི་ནང་ཚན་ནོ། །ཕྱིས་ཀྱི་བཤད་པ་རྡོ་རྗེ་མྱུ་གུ་ཟེར་བ་འདི་ན་འགར་ནི་ལྷོ་པ་འགར་རྡོ་རྗེ་སྙིང་པོ་ཟེར་བ་དང་ཞང་ལུགས་བརྒྱུད་འཛིན་ལ་ཞང་སྟོན་རྒྱ་བོ་ཞེས་སོགས་ཟེར་བ་ནི། ཆོས་རྒྱུས་ཕྱོགས་ཙམ་ཡང་མེད་པའི་བབ་ཅོལ་ལོ། །བ་རི་བའི་རྗེས་འབྲང་རྣམས་ནི། ལ་ལི་ཏ་ལ་འཇམ་དཔལ་གྲགས་པས་ཞུས། དེ་ཡང་རྡོ་རྗེ་མ་མཁའ་འགྲོ་མས་དབང་བསྐུར་ཞིང་མི་བརྗེད་པའི་གཟུངས་ཐོབ་པ་ཡིན། དེ་ལ་འཇམ་དཔལ་གྲགས་པ་ཆུང་བས་ཞུས། དེ་ཡང་ཡོན་ཏན་སྔ་མ་དང་འདྲ། དེ་ལ་འཇམ་དཔལ་བཤེས་གཉེན་གྱིས་ཞུས། དེ་ལ་ཨ་མོ་གྷ་ཆེ་བས་ཞུས། དེ་ལ་ཨ་མོ་གྷ་ཆུང་བས་ཞུས། དེ་ལ་བླ་མ་བ་རི་ལོ་ཙཱ་བས་ཞུས། དེས་གཡོར་དར་གྲགས་ལ་གནང༌། དེ་ནས་ཀྱང་བརྒྱུད་པ་གསུམ་བཞིའི་བར་དུ་བྱུང་བར་འདུག་སྟེ། ཡུན་རིང་དུ་ནི་མ་དར་རོ། །ལུགས་འདི་ལའང་དགྲ་གདོན་གཉིས་ལ་རེ་རེ་དང༌། འཇིགས་མཛད་བཅུ་གསུམ་མ་དང༌། གཏི་མུག་རྡོ་རྗེ་ལ་སོགས་པའི་མཚན་


TNT06_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྣང་ལ་སོགས་པར་བསྒྱུར་བའི་ལྷ་དགུ་མ་དང༌། ཡབ་ཡུམ་ཁ་སྦྱོར་གྱི་སྐུ་ཅན་གྱི་རོ་ལངས་བརྒྱད་བསྐོར་ཏེ་དཀྱིལ་འཁོར་ལྔ་ཡོད་དོ།། །།མལ་ལུགས་སུ་གྲགས་པ་ནི། ནག་པོ་སྐོར་གསུམ་གྱི་ནཱ་རོ་པའི་མན་ངག་རྣམས་ཕཾ་ཐིང་བ་ཆེན་པོ་ལ་བཞུགས། དེ་ལ་ཀློག་སྐྱས་ཞུས། དེ་ལ་མལ་ལོས་ཞུས་པ་དང༌། ཡང་སློབ་དཔོན་ཡེ་ཤེས་ཞབས་ཀྱི་མན་ངགབལ་པོ་ཡེ་རང་གི་པཎྟི་ཏ་ཧ་དུ་དཀར་པོ་ཞེས་བྱ་བ། བ་ར་ཨིནྡྲ་རུ་རྩེའི་དྲུང་དུ་མལ་ལོས་ཞུས་ངེས་སུ་འདུགཕཾ་ཐིང་པ་ཕྱི་མ་ལ་ཡང་ཞུས་ནི་ཟེར། གང་ལྟར་ཡང་མལ་ལོས་འཇིགས་མཛད་ཆེན་པོ་དང༌། ལས་མཁན་སྨྱོན་པ་འཇིགས་བྱེད་ལ་ནུས་པ་ཅུང་ཟད་ཐོན། དེ་ལ་བླ་མ་ས་སྐྱ་བ་ཆེན་པོར་ཞུས། འཇིགས་བྱེད་ས་ལུགས་བྱ་བ་འདི་ལ་ཟེར་བ་ཡིན། པཎྜི་ཏའི་ངག་སྒྲོས་ཁོ་ན་ལས་བསྲེ་བསླད་ནི་ཆུང༌། ནག་འཇིགས་གཉིས་ཀ་ལ་དབང་བཀའ་བཤད་བཀའ་ཡོད། བཤད་རླབས་ཆུང་ཞིང་མན་ངག་ཀྱང་མདོར་བསྡུས་པའོ། །དྲག་པོའི་འཁྲུལ་འཁོར་ལ་སྒྱོགས་ཀྱིས་བཙལ་བ་དང༌། འཁྲུལ་འཁོར་ཨ་ཀ་རུ་ནག་པོའི་ཆུ་ལ་འདྲེན་པ་སོགས་ཡོད་དེ། རྒྱ་བལ་པཎ་ཆུང་འདྲའི་ངག་སྒྲོས་དང་ལག་ལེན་ཡིན་སྲིད་ཀྱང༌། དགོས་ནུས་གང་ཡང་མེད་དོ། །ལུགས་འདིའི་ལུང་བཀའ་ཅི་རིགས་དང༌། དབང་མཆོག་གཞན་ལ་བརྟེན་པའི་དབང་བཀའ་མ་ནུབ་ཙམ་ཡོད་པ་ཡང་བདག་གིས་འཁུམས། འདིའི་ཐུན་མོང་མ་ཡིན་པའི་དབང་ཆོག༧ བླ་ཆེན་ས་སྐྱ་བ་ཀུན་སྙིང་གིས་མཛེས་པ་སྟེ། བར་སྐབས་སུ་ས་སྐྱ་བའི་ཕོ་རུས་ཆེ་བར་བསྒོམ་པ་ས་ཚིག་རྡོ་ཚིག་ལ་སོང་བ་ཚོ་སུས་ཀྱང་མ་རྙེད་པ་དཔེ་རྙིང་རང་ཞིག་ཁོག་བོའི་ལག་ཏུ་འབྱོར་བས་ངོ་མཚར་སྐྱེས་སོ། །ལུགས་འདི་ལ་དགྲ་ནག་གི་དཀྱིལ་འཁོར་དང༌། འཇིགས་མཛད་རོ་ལངས་བརྒྱད་བསྐོར་ཁོ་ན་ཏེ། གཉིས་པོ་དབང་


TNT06_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ངེས་ཅན་ཡིན་ལ། གདོང་དྲུག་ནི་དེ་གཉིས་ཀྱི་འདབས་ཐེབས་པ་ཙམ་མོ། །གསུམ་པ་ནི། བླ་མེད་ཀྱི་ལུགས་དམར་ནག་འཇིགས་གསུམ་དང་འབྲེལ་བའི་དགོངས་འགྲེལ་གྱི་བསྟན་བཅོས་ཇི་ཙམ་བོད་དུ་འགྱུར་སྙམ་ན། ནག་པོའི་རྒྱུད་ཀྱི་འགྲེལ་པ་ལྷན་ཅིག་སྐྱེས་པའི་སྣང་བ། དཔལ་འཛིན་གྱིས་མཛད་པ་ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དཀའ་འགྲེལ་རིན་ཆེན་འཕྲེང་བ་གཞོན་ནུ་ཟླ་བས་མཛད་པ། དཔྱལ་བསོད་ནམས་རྒྱལ་མཚན་གྱི་འགྱུར་ཏེ། རྒྱ་འགྲེལ་རྣམ་དག་གཉིས་ཡོད། འགྲེལ་པ་རིན་ཆེན་སྒྲོན་མ་ཟེར་བ། སློབ་དཔོན་ཤཱན་ཏི་པ་ལ་ཁ་འཕངས་པ་འདི་དང༌། སྒྲུབ་ཐབས་ཀུ་མུད་ཏ་ཁ་ཕྱེ་བ་ཞེས་པ། དགྲ་ནག་བཅུ་གསུམ་མའི་སྒྲུབ་ཐབས་ཤཱན་ཏི་པ་ལ་ཁ་འཕངས་པ་འདི་དང༌། གཤིན་རྗེ་གཤེད་ནག་པོའི་འཁོར་ལོའི་དོན་རྒྱས་པར་བཤད་པ། སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་ཟེར་བ་སྟེ། ནག་པོའི་སྐོར་ལ་གསུམ་པོ་འདི། མ་ནང་ལོ་ཙཱ་བ་གོ་རུབ་ཆོས་ཤེས་བརྩམས་པ་ཡིན་གྱི། རྒྱ་གར་གྱི་གཞུང་འགྲེལ་མ་ཡིན་ལ། ཀུ་མུད་ཁ་ཕྱེ་བ་ནི། རྒྱུད་དང་མི་མཐུན་པས་ལེགས་པོ་ཡང་མ་ཡིན་ཞིང༌། གཞན་གཉིས་ཚིག་དང་དོན་ལེགས་པར་ཡོད་དོ། །རྒྱུད་ཀྱི་འགྲེལ་པ་མཐོང་བ་ལམ་སྒྲོན་ནག་པོ་པས་མཛད་ཟེར་བ་འདི་ནི། {ོར་ནི་རུ་བས་བོད་སྐད་དུ་བརྩམས་པའམ། ཁོང་གི་སློབ་མ་ཞིག་གི་ཟིན་བྲིས་ཡིན་གྱི། རྒྱ་དཔེ་ལས་བསྒྱུར་བར་མི་འདུགདོན་གྱི་ཆ་ནི། དཔལ་འཛིན་གྱི་འགྲེལ་པའི་རྗེས་སུ་ཕལ་ཆེར་འབྲང་པ་བཤད་པ་བཟང་པོ་ཡོད། ཚིག་ཀྱང་རྒྱས་པར་ཡང་སྣང་ངོ༌། །དགྲ་ནག་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་དང་དཀྱིལ་ཆོགསློབ་དཔོན་དཔལ་འཛིན་གྱིས་མཛད་པ་འདི། འགྱུར་གྱི་རྩ་བ་ནག་ཚོའི་འགྱུར་ཡིན། གཉོས་ལོ་དང༌། ཟངས་ཀར་དང༌། ཀློག་སྐྱ་དང༌། རྭ་ལོ་རྣམས་ཀྱིས་ཀྱང་འགྱུར་བཅོས་རེ་མཛད་འདུག ནག་ཚོ་


TNT06_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་དཔལ་འཛིན་གྱི་འགྲེལ་པ་དང་གཞུང་འདི་དག་ལ། ལ་ལར་པཎྜི་ཏ་ཀྲིཥྞ་པ་ཡིན་ཟེར་བ་དང༌། དཱ་ན་ཀིརྟི་ཡིན་ཟེར་བ་སོགས་པཎྜི་ཏའི་མིང་མི་འདྲ་བ་འགའ་རེ་འདུག་ཅིང༌། འགྱུར་བྱང་གཅིག་པ་ལ་ཚིག་རིགས་མི་འདྲ་བ་ཡང་དུམ་རེ་སྣང་ངོ༌། །ཡང་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་དང༌། དཀྱིལ་ཆོག་དང༌། འཁྲུལ་འཁོར་གྱི་ཆོ་ག་རྣམས་གཞུང་གཅིག་ལ་ཚང་བའི་གཤིན་རྗེ་གཤེད་འབྱུང་བ་ཞེས་བྱ་བ་ལ་ལི་ཏ་ཆུང་བའམ། ལ་ལི་ཏ་བཛྲ་གྱིས་མཛད་པ་པཎྜི་ཏ་ཨ་མོ་གྷ་དང༌། ཞང་ལོ་ཤེས་རབ་བླ་མའི་འགྱུར་ཡོད། གཞུང་དེ་རྒྱུད་ཀྱི་དོན་འགྲེལ་དུ་བརྩམས་པ་ཡིན་ཞིང༌། ཤིན་ཏུ་བཟང་བ་ཞིག་ཀྱང་སྣང་ངོ༌། །སློབ་དཔོན་ཀ་མ་ལ་རཀྵི་ཏས་མཛད་པའི་སྒྲུབ་ཐབས་རྒྱས་པ་ཇོ་བོ་རྗེ་དང༌། ནག་ཚོས་བསྒྱུར། སྤྱིར་དགྲ་ནག་བཅུ་གསུམ་མའི་སྒྲུབ་ཐབས་འགྱུར་ཚད། སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་རྗེས་འབྲང་ཡིན་ཡང༌། སྒོས་སུ་ཀ་མ་ལ་རཀྵི་ཏའི་སྒྲུབ་ཐབས་འདི་ཞབས་ལུགས་ཟངས་མ་རང་ཡིན་ནོ། །སློབ་དཔོན་ཉིན་བྱེད་གྲགས་པས་མཛད་པའི་བཅུ་གསུམ་མའི་སྒྲུབ་ཐབས་མགོས་འགྱུར་ཅིག་ཀྱང་ཡོད། བཞི་པོ་དེ་ངེས་ཅན་ཡིན་ལ། པཎྜི་ཏ་རྡོ་རྗེ་བློ་ཡིས་བྱས་ཟེར་བའི་སྒྲུབ་ཐབས་དང༌། པཎྜི་ཏ་ཀུན་ཏུ་བཟང་པོས་བྱས་ཟེར་བའི་སྒྲུབ་ཐབས་ཏེ། དེ་གཉིས་ཡོངས་རྫོགས་ཀྱི་སྒྲུབ་ཐབས་ཡིན། ཡང་དཔལ་འཛིན་གཞུང་ལ་མཛད་བྱང་མི་གཅིག་པ་རེ་བྱས་ལྷད་ཅུང་ཟད་རེ་བཅུགའགྱུར་མི་གཅིག་པའམ། འདོད་ཚུལ་ཐ་དད་བྱས་པ་ཙམ་དུ་ཟད་དོ། །དེ་ལྟར་ན། དཔལ་འཛིན། པདྨ་སྲུང་བ། ལ་ལི་ཏ་ཆུང་བ། ཉིན་བྱེད་གྲགས་པ་སྟེ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒྲུབ་ཐབས་རྐང་ཐུབ་བཞི་ཡོད། དཔལ་འཛིན་དང་ལ་ལི་ཏ་བཛྲ་ཆུང་བས་མཛད་པ་སྟེ། དཀྱིལ་ཆོག་གཉིས་ཡོད་པར་དོན་ལ་འགྲོ་ཡང༌། ལ་ལི་ཏའི་སྒྲུབ་དཀྱིལ་བསྟན་བཅོས་གཅིག་གི་ནང་ནས་ཕྱེ་བ་ཡིན་


TNT06_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པས། གཞུང་སོ་སོར་བགྲོད་དུ་མ་བཏུབ་བོ། །གཞུང་ཕྲ་མོའི་སྐོར་ལ། ལྷ་བཅུ་གསུམ་པོ་རེ་རེའི་སྒྲུབ་ཐབས་བཅུ་གསུམ་དཱི་པཾ་ཀ་རས་མཛད་པ་དང༌། དགྲ་ནག་ལྷ་ལྔའི་མངོན་རྟོགས་ཤྲཱི་པཎྜི་ཏས་མཛད་ཟེར་བ་ཅིག་ཡོད། མཛད་བྱང་ལ་ཡིག་ནོར་ཅིག་བྱུང་བ་འདྲ། དཔལ་འཛིན་གྱིས་མཛད་པའི་དཔའ་གཅིག་སྒྲུབ་ཐབས་ཡང་དཔའ་གཅིག་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་འཇམ་དཔལ་ཡེ་ཤེས་ཀྱིས་མཛད་པ། ཡང་ཀ་མ་ལ་རཀྵི་ཏས་མཛད་པའི་གཙོ་རྐྱང་གི་སྒྲུབ་ཐབས་དང༌། མཎྜལ་གྱི་ཆོ་ག་སྟེ་གཉིས། གཙོ་རྐྱང་གི་སྒྲུབ་ཐབས་ནག་པོ་པས་མཛད་པ། མཎྜལ་གྱི་ཆོ་ག་མཛད་བྱང་མེད་པ་གཅིགཆོས་སྐུའི་སྣང་བའི་ཆོ་ག་ཟེར་བའི་མཆོད་རྟེན་གྱི་ཆོ་ག་གཅིག་དང༌། ཚོགས་འཁོར་གྱི་ཆོ་ག་ཀ་མ་ལ་མ་ཧས་མཛད་ཟེར་བ་གཅིག ཞི་བའི་སྦྱིན་སྲེག་མཛད་བྱང་མེད་པ་གཅིགདེ་རྣམས་པྲཛྙཱ་ཤྲཱི་ཛྙཱ་ནའི་འགྱུར་ཡིན། པྲཛྙཱ་ཤྲཱི་ཛྙཱ་ན་ནི་རྒྱ་གར་ཟངས་གླིང་པར་གྲགས་པ་སྐོར་ནི་རུ་པའི་མཚན་ཡིན་ནོ། །གཞན་ཡང་མཆོད་རྟེན་བསྒྲུབ་པའི་ཆོ་ག་ལི་ལ་བཛྲ་གྱིས་མཛད་པ། བསྲུང་འཁོར་གྱི་སྒྲུབ་ཐབས་མར་མེ་མཛད་བཟང་པོས་མཛད་པ། གཙོ་རྐྱང་གི་སྒྲུབ་ཐབས་གྷོ་ཥ་བཛྲ་ཀྱིས་མཛད་པ། གཙོ་རྐྱང་གི་སྒྲུབ་ཐབས་མཛད་བྱང་མེད་པ་གཅིགརྫོགས་རིམ་གྱི་འོ་མ་སྒྲུབ་པ་ཞེས་བྱ་བ་ལས་རྒྱའི་མན་ངག་སློབ་དཔོན་ཛི་མུ་ཏས་མཛད་པ། གཙོ་རྐྱང་གི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་པཎྜི་ཏ་ཀླུ་བྱང་གིས་མཛད་པ་རྫོགས་རིམ་རྣལ་འབྱོར་བཞི་པ་དེ་བཱ་ཀ་ར་ཙནྡྲས་མཛད་པ་ཁྱད་འཕགས་གཅིག་ཡོད་ཀྱང་བསྟན་འགྱུར་དུ་སྔར་མ་ཆུག་འདུགནག་པོའི་མཆོད་ཆོག་གཅིག་ལ་དཔེ་ཁ་ཅིག་ལ། དཔལ་འཛིན་གྱིས་མཛད། ཁ་ཅིག་ལ་ཀྲིཥྞ་པཎྜི་ཏས་མཛད་ཅེས། མཛད་བྱང་མི་འདྲ་བ་འབྱུང་བ་གཅིག འདིའི་ནང་ནས་ཡན་ལག་བདུན་པ་རྒྱས་པ་ཚིག་དོན་ལེགས་པོ་ཅིག་འབྱུང༌། མཁས་


TNT06_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བུས་གཤེད་དམར་ལ་ཡང་སྦྱོར་བར་མཛད་དོ། །རོ་སྲེག་དང་ཚོགས་འཁོར་གྱི་ཆོ་ག་ནག་པོ་པས་མཛད་པ། ཚོགས་འཁོར་གྱི་ཆོ་ག་སྔ་མ་དང་འདི་གཉིས་འགྱུར་ཁྱད་ཀ་ཡིན། ངོ་བོ་གཅིག་པར་མངོན་ནོ། །འཁོར་ལོ་འབྲི་བའི་ཆོ་ག་མཛད་བྱང་མེད་བ་ཅིགདགྲ་ནག་གཙོ་རྐྱང་གི་སྒྲུབ་ཐབས་ལ་ལི་ཏ་ཆུང་བས་མཛད་པ་དང༌། སྦྱིན་སྲེག་ཀྱང་དེས་མཛད་པ་ཅིག་རྣམས་བྱུང༌། བསྟོད་པ་ཨཱ་ཙརྱ་ཀིརྟིས་མཛད་ཟེར་བ་ཅིག་རྣམས་འགྱུར་རོ། །དེ་དག་ལས་གཞན་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་འགྲོ་བཟང་སྙིང་པོས་མཛད་པ་ཇོ་བོ་རྗེ་དང་ལོ་ཆེན་གྱིས་བསྒྱུར་བ་འདི་བསྟན་འགྱུར་ན་སྐབས་འདིར་ཡོད་ཀྱང༌། འདི་དགྲ་ནག་གི་ཆོས་སྐོར་མ་ཡིན། ནག་པོ་ཞལ་གཅིག་ཕྱག་གཉིས་པ་སྒྲུབ་ཐབས་ཁ་འཐོར་བའི་སྡེབས་ཡིན། བསྐྱེད་ཆོག་སོགས་དཔལ་རྡོ་རྗེ་འཇིགས་བྱེད་དང་མཐུན་ཤས་ཆེ། ཡང་གཤིན་རྗེ་གཤེད་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་ཕྱོགས་གཅིག་པ་ཞེས་པ། ཇོ་བོ་རྗེ་དང་ནག་ཚོས་བསྒྱུར་བ་འདི་ཡང༌། དགྲ་ནག་གི་སྐོར་མ་ཡིན་ཁ་འཐོར་བ་ཡིན། བསྟོད་པའི་རྒྱུད་ལས་ཕྱུང་བ་ཡིན་ཟེར་བའི་བསྟོད་པ་འདི་ཡང་དེ་དང་མཐུན་པའི་བསྟོད་པ་ཡིན་གྱི་དགྲ་ནག་གི་མ་ཡིན་ནོ། །སྡོམ་གསུམ་པ་གདོང་དྲུག་གི་རྒྱུད་དང་འབྲེལ་བ་ལ་ནི། ཀླུའི་བྱང་ཆུབ་ཀྱི་མཚན་ཅན་པཎྜི་ཏ་ཅིག་གིས་མཛད་པའི་སྒྲུབ་ཐབས་དང༌། དེ་བཱ་ཀ་ར་ཙན་དྲའི་སྒྲུབ་ཐབས་ཡོད། དེ་གཉིས་ཀར་ནས་ལས་ཚོགས་ཀྱི་རྣམ་གཞག་མུན་ནེ་བ་རེ་སྟོན། གདོང་དྲུག་ལ་འདི་གཉིས་མ་གཏོགས་དགོངས་འགྲེལ་གྱི་རྒྱ་གཞུང་ཡོངས་སུ་གྲགས་པ་མེད་དོ། །གཤིན་རྗེ་གཤེད་དམར་པོའི་ཕྱོགས་ལ། རྒྱུད་ཀྱི་འགྲེལ་པ་འགྱུར་བ་ནི་མེད། ཐོར་བུའི་སྐོར་ལ་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས། ལྷན་སྐྱེས་ཀྱི་སྒྲུབ་ཐབས། གཏོར་ཆོག་


TNT06_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་བ། བདུད་རྩི་བྱིན་རླབས། འཁྲུལ་འཁོར་གྱི་གཞུང་ཆེ་ཆུང་གཉིས། འོད་གསལ་འཆར་བའི་དབང་ཆོགརྫོགས་རིམ་ཤིན་ཏུ་སྤྲོས་མེད་དེ། བརྒྱད་པོ་དེ་ལ་བི་རཱུ་པའི་གཞུང་བརྒྱད་ཟེར། གློ་བོ་ལོ་ཙཱ་བ་ལ་བཤད་བཀའ་སྟབས་གཅིག་ཏུ་བྱུང༌། དེར་མ་འདུས་པའི་བིརྺའི་གཏོར་ཆོག་ཆེ་བ་ཅིག་ཀྱང་དཔྱལ་ལུགས་དང་དཱ་ན་ཤཱི་ལའི་ལུགས་ལ་འདུགསྒྲུབ་ཐབས་ཆེ་ཆུང་དང༌། འཁྲུལ་འཁོར་ཆེ་ཆུང་འདི་རྣམས་ལ་དཔྱལ་ཆག་དཱ་ན་ཤྲཱི་ལ་གསུམ་གའི་འགྱུར་ཡོད། ལྷ་ལྔའི་སྒྲུབ་ཐབས་རང་བྱིན་རླབས་ཞེས་པ་སློབ་དཔོན་བློ་གྲོས་བཟང་པོས་མཛད་པ། ཆག་ལོ་ཆོས་རྗེ་དཔལ་གྱི་འགྱུར། སྒྲུབ་ཐབས་འདི་རྒྱུད་ལེའུ་ཉེར་གཉིས་པའི་མན་ངག་ཏུ་འདུས་པས་རྣལ་འབྱོར་མ་རྒྱུད་ཀྱི་ཕྱོགས་སུ་གཏོགས་ཀྱང༌། གཞུང་འདི་ལ་གྲ་སྡེབས་གཞན་མེད་ཅིང༌། ལྷ་སྔགས་ཆོ་ག་རྣམས་གཤིན་རྗེ་གཤེད་དམར་ནག་སྤྱི་དང་མཐུན་པས། སྡེབས་གཅིག་ལ་བཞག་པ་གདའ། གཞུང་ནི་ཁྱད་འཕགས་ཞིག་ཡོད་དོ། །དཔལ་འཛིན་གྱིས་མཛད་པའི་ཆོས་སྐོར་ལ། དམར་པོ་ལྷ་བཅུ་གསུམ་མའི་སྒྲུབ་ཐབས། དབང་ཆོག་རྫོགས་རིམ་རྣལ་འབྱོར་བཞི་རིམ། མཎྜལ་གྱི་ཆོ་གམཆོད་ཆོགགཏོར་ཆོགཏིང་ངེ་འཛིན་གྱི་ཆོ་ག ཕྱིར་བཟློག་མན་ངག་དྲུག་གི་གཞུང༌། ལྷ་མོ་འོད་འཆང་མའི་སྒྲུབ་ཐབས། ཙར་ཙི་ཀཱ་སོགས་ཡུམ་བཞིའི་སྒྲུབ་ཐབས་རེ་རེ་སྟེ། གཞུང་བཅུ་གསུམ་བཤད་བཀའ་སྟབས་གཅིག་ཏུ་བྱུང༌། སྦྱིན་སྲེག་གཅིག་འདུག་པ་ནི། དཀྱིལ་ཆོག་གི་ནང་ནས་བཏོན་པར་སྣང་ལ། ལྷན་སྐྱེས་ཀྱི་སྒྲུབ་ཐབས་སོགས་གཞུང་ཐོར་བུ་པ་གཞན་ཡང་སྣང་ངོ༌། །འཁྲུལ་འཁོར་གྱི་ཆོ་ག་གནས་བརྟན་བྱང་ཆུབ་སྙིང་པོས་མཛད་པ་དང༌། མཛད་བྱང་མེད་པ་སྟེ་གཉིས་ཡོད། འདི་གཉིས་ཀ་དུས་འཁོར་ལུགས་ཡིན་ཞིང༌། དཔྱལ་ཆག་གཉིས་ཀའི་འགྱུར་སྣང་


TNT06_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དཱ་ན་ཤཱི་ལའི་འགྱུར་ཡང་ཡོད་པར་སྣང་ངོ༌། །ལྷན་སྐྱེས་གྱི་སྒྲུབ་ཐབས་རྣམ་སྣང་སྲུང་བས་མཛད་པ་དང༌། བློ་བཟང་སྙིང་པོས་མཛད་པ་དང༌། ལྷ་ལྔ་རྫོགས་པའི་རྣལ་འབྱོར་གྱི་སྒྲུབ་ཐབས་སློབ་དཔོན་འཇིགས་མེད་འབྱུང་གནས་ཀྱིས་མཛད་པ་དང༌། འཚོ་བའི་དེ་ཁོ་ན་ཉིད་ཅེས་པ་དརྤན་ཨ་ཙརྱས་མཛད་པ་རྣམས་ཡོད། གཤིན་རྗེ་གཤེད་ཀྱི་ལག་མཆོད་དཱ་ན་ཤཱི་ལས་མཛད་པ་དང༌། ཐར་ལོས་བསྒྱུར་བའི་གཞུང་ཕྲན་གཞན་ཡང་སྣང་ངོ༌། །གཤིན་རྗེ་གཤེད་དམར་པོའི་ལས་ཀྱི་འཕྲེང་བའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཞེས་བྱ་བ། སློབ་དཔོན་ཤེས་རབ་སྐྱོང་གིས་མཛད་པ། དཱ་ན་ཤཱི་ལའི་རང་འགྱུར་འདི་ལ། ཀླུ་དང་གནོད་སྦྱིན་མོ་དང་འབྱུང་པོ་དང་ཤ་ཟའི་སྒྲུབ་ཐབས་སྣ་ཚོགས་འདུས་པ། ད་ལྟ་སུམ་ཅུ་སོ་ལྔ་ཡོད། སོ་བདུན་ཡོད་པར་བཤད་པས་གཉིས་འཐོར་བའོ། །འདི་རྒྱུད་སྣ་ཚོགས་ལས་བསྡུས་པའི་མན་ངག་ཡིན་པས། གཤེད་དམར་ཁོ་ནའི་ཆོས་སྐོར་ཡིན་རྒྱུ་ཙམ་མེད་དོ། །དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཆོས་སྐོར་ལ། གཞོན་ནུ་ཟླ་བས་མཛད་པའི་འགྲེལ་པ་ནི། བཤད་པ་ཤིན་ཏུ་ཆ་ཆུང་བ་མནའ་སེལ་ལྟ་བུར་སྣང༌། རྡོ་རྗེ་གྲུབ་པས་མཛད་པ་དང༌། སོ་ན་ཤྲཱིས་མཛད་ཅེས་པ་གཉིས་ནི་འགྱུར་ཁྱད་ཙམ་མ་གཏོགས་ངོ་བོ་གཅིག་ཡིན་ཞིང༌། རོལ་པའི་རྡོ་རྗེ་ཞེས་བྱ་བ་ཅིག་གིས་མཛད་པའི་འགྲེལ་པའང་ཡོད། སློབ་དཔོན་མི་བསྐྱོད་པས་མཛད་ཟེར་བའི་འགྲེལ་པ་འདི་ནི། ལོ་ཙཱ་བ་གོ་རུ་བ་ཆོས་ཤེས་བྱས་པ་ཡིན། འགྲེལ་པ་ཕྱི་མ་དེ་རྣམས་གཞོན་ནུ་ཟླ་བ་ལས་ནི་ཅུང་ཟད་རྒྱས་ཀྱང༌། རྒྱུད་དོན་གསལ་བར་རྟོགས་ནུས་པའི་བཤད་པ་མི་སྣང་ངོ༌། །གཞུང་ཕྲན་གྱི་སྐོར་ལ། ཨ་མོ་གྷ་བཛྲ་གྱིས་མཛད་པའི་བུམ་དབང་གི་དཀྱིལ་ཆོག་ཡོད། ཞེ་དགུ་མའི་སྒྲུབ་ཐབས་ལ་ལི་ཏ་ཆུང་བས་མཛད་པ། ཞི་བ་ཡེ་ཤེས་ཀྱིས་མཛད་པའི་བསྙེན་སྒྲུབ་ལས་གསུམ་ཀར་སྟོན་པའི་སྒྲུབ་


TNT06_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས། སེམས་དཔའ་བསྡུས་པ་ཞེས་བྱ་བའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་འདི་ལ་བོད་མང་དག་དོན་ཡོད་རྡོ་རྗེས་མཛད་ཟེར་ཀྱང་མ་ཡིན་ནོ། །སྒྲོན་མ་དྲུག་པ་ཞེས་བྱ་བའི་སྒྲུབ་ཐབས་འཇམ་དཔལ་ཡེ་ཤེས་ཀྱིས་མཛད་པ། སྒྲུབ་ཐབས་ཤྲཱི་བྷ་དྲས་མཛད་པ་དང༌། ཛྙཱ་ན་ཀ་ར་བས་མཛད་པའི་སྒྲུབ་ཐབས་ཁྲོ་བཅུའི་སྲུང་འཁོར་སྔོན་དུ་འགྲོ་བའི་སྒྲུབ་ཐབས། ལི་ལ་བཛྲ་གྱིས་མཛད་པར་ཡང་འདོད་པ་སྟེ། གསུམ་པོ་འདི་ཕྱག་མཚན་གྱི་དཀྱིལ་འཁོར་དུ་གྲགས་པ་དེའི་རིགས་ཀྱི་སྒྲུབ་ཐབས་ཡིན། ཕྱི་མ་འདི་ལ་བོད་རྣམས་རོ་ལངས་བརྒྱད་སྐོར་ཡིན་ཟེར་རོ། །དཔལ་འཛིན་གྱིས་མཛད་པའི་སྒྲུབ་ཐབས་དང༌། ཨ་མོ་གྷ་ཆུང་བས་མཛད་པའི་སྒྲུབ་ཐབས་འདི་གཉིས་དང༌། གོང་དུ་སྨོས་པའི་སྒྲོན་མ་དྲུག་པ་དེ་གསུམ་པོ་གཞལ་ཡས་ཁང་མེད་པའི་ལུགས་ཡིན། སྒྲུབ་ཐབས་པདྨ་རྒྱས་པ་ཀ་མ་ལ་རཀྵི་ཏས་མཛད་པ་དང༌། རྡོ་རྗེ་འོད་ཟེར་བཻ་རོ་ཙ་ན་རཀྵི་ཏས་མཛད་པ་སྟེ་དེ་གཉིས་བཅུ་གསུམ་མའི་སྒྲུབ་ཐབས་ཡིན་ཞིང༌། དཀྱིལ་འཁོར་རྒྱས་པ་ཡིན་ཡང་རྟོག་བདུན་གྱི་རྟོག་པ་དང་པོའི་རྗེས་སུ་མི་འབྲང་བར། དགྲ་ནག་གི་རིམ་པ་བཀྲལ་བ་ཡིན་ནོ། །དེ་བཞིན་དུ་ཕྱག་གཉིས་པའི་སྒྲུབ་ཐབས་འཇམ་དཔལ་ཡེ་ཤེས་ཀྱིས་མཛད་པ། བསྡུས་པ་རྣམ་གསུམ་གྱི་སྒྲུབ་ཐབས་པཎྜི་ཏ་འཇམ་པའི་དབྱངས་ཀྱིས་མཛད་པ། གཏོར་ཆོག་བསྡུས་པ་ལ་ལི་ཏས་མཛད་པ། སྦྱིན་སྲེག་གི་ཆོ་ག་ཨ་མོ་གྷས་མཛད་པ། ཚོགས་འཁོར་གྱི་ཆོ་ག་ཤཱན་ཏི་པས་མཛད་པ། དྲག་པོ་ལས་བདུན་དང༌། ཞི་བ་ལས་བདུན་གྱི་ཆོ་ག་སྟེ་གཉིས་པོ་དེ་ཨ་མོ་གྷ་བཛྲ་གྱིས་མཛད་པ་ཡིན། འདིའི་འཕྲུལ་འཁོར་རྣམས་རྟོག་གསུམ་གྱི་ལུགས་ཁོ་ན་རང་མིན་ཡང༌། རྟོག་གསུམ་དང་མཐུན་ཤས་ཆེ། ཨ་མོ་གྷ་ཆུང་བ་བོད་ལ་བྱོན་པ་དེ་ཡིན། ཞེས་བོད་རྣམས་ཟེར་ཡང༌།


TNT06_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་སྨོས་པའི་དཔའ་རྐྱང་གི་སྒྲུབ་ཐབས་མཛད་པ་པོ་དེ་དང་མི་གཅིག་པར་མངོན་ནོ། །ཕྱག་མཚན་གྱི་རྣམ་དག་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་མལ་འགྱུར་གཅིགགཞན་ཡང་བསྟོད་པའི་རྣམ་གྲངས་འགའ་ཟུང་དང་བཅས་པ་འགྱུར་རོ། །རྒྱུད་འདིའི་རྫོགས་རིམ་གྱི་གཞུང་ཡིན་ཟེར་བ། ཕྱིས་བྱུང་བ་གཅིག་གཉིས་ཙམ་གདའ་སྟེ། བོད་དུ་ཕྱིས་བརྩམས་པ་ཁོ་ནར་ཟད་དོ། །དེ་ལྟར་ན་དམར་ནག་འཇིགས་གསུམ་ལ། གཞུང་རྣམ་དག་བོད་དུ་འགྱུར་བ་ད་དུང་གཞན་ཡང་ཡོད་སྲིད་མོད་ཀྱང༌། བསྟན་བཅོས་འགྱུར་རོ་འཚལ་དུ་ཆུག་པ་དང༌། མ་ཆུག་ཀྱང་ཡོངས་སུ་གྲགས་པ་ནི་དེ་ཙམ་མོ། །གཞན་ཡང་སྒྲུབ་ཐབས་རྒྱ་མཚོའི་ནང་ནའང་ཡོད་པ་སོགས། གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་ཁ་འཐོར་བ། གཞུང་རྣམ་དག་ཀྱང་མང་དག་ཡོད་ཅིང༌། གཤིན་རྗེ་གཤེད་རྣམ་པར་རྒྱལ་བའི་རྒྱུད་ལ་འགྲེལ་པ་གཉིས་ཡོད་པ་རྒྱ་འགྲེལ་ཡིན་ཚུལ་དུ་བྱས་འདུག་ཀྱང༌། སྔ་དར་རམ། ཕྱི་དར་སྔ་དུས་ཀྱི་ཟིན་བྲིས་ཞིག་ཡིན་པར་མངོན། དཀྱིལ་ཆོག་གསར་མ་ཞིག་ཡོད། སྒྲུབ་ཐབས་ཀྱི་གཞུང་བཟང་པོ་འགའ་རེ་སྣང་སྟེ། བསྟན་འགྱུར་དུ་ནི་མ་ཆུག་གོ དེ་ལྟར་ན་གཤིན་རྗེ་གཤེད་སྐོར་རྒྱ་གར་ནས་བསྒྱུར་ངེས་པའི་གཞུང་ནི་དེ་ཙམ་ཡིན་ཡང༌། དེ་དག་ལ་བརྟེན་པའི་བཤད་པ་དང༌། མན་ངག་ཟབ་མོ་ནི་མཐའ་ཡས་པ་ཡོད་དོ།། །།ད་ནི་འདི་ཅུང་ཟད་དཔྱད་པར་བྱ་སྟེ། གཤིན་རྗེ་གཤེད་རྭ་ལུགས་ཀྱི་ཆོས་སྐོར་ལ། ཕྱིས་བོད་ཡུལ་འདི་ན་རྭ་བོད་ཅེས་གྲགས་ཆེ་བར་སྣང་ངོ༌། །རེ་ཞིག་འདིའི་དཀར་ཆག་ཚིགས་བཅད་མ་ནི་འདི་ཡིན་ཏེ། ལེའུ་བཅོ་བརྒྱད་ཀུན་གྱི་གཞི། །རྒྱུད་ཀྱི་རྒྱལ་པོ་སྟོན་པས་གསུངས། །དེ་ཡི་གྲོགས་སུ་རྟོག་པ་གསུམ། །སྔགས་པའི་མཚོན་ཆར་གསུངས་པ་ཡིན། །སྒྲུབ་ཐབས་དཀྱིལ་ཆོག་དཔལ་འཛིན་གྱིས། །


TNT06_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་འདི་ལ་གཙོ་བོར་བཟུང༌། །འཕྲུལ་འཁོར་གསལ་བྱེད་བུདྡྷ་ཤྲཱི། །ལུས་དང་སྙིང་འདྲའི་མན་ངག་ཡོད། །ཅེས་ནག་པོའི་རྒྱ་གཞུང་དང༌། རྒྱུད་ཀྱི་སྤྱི་ཆིངས་ཁོག་དོན་ཡིན། །ཡིག་སྣ་ལུས་ཀྱི་རྣམ་བཤད་ཡིན། །བླ་མའི་གསུང་བསྡུར་ཕྲན་ཚེགས་རྣམས། །མ་གོ་གེགས་སེལ་གདམས་ངག་ཡིན། །དཔལ་འཛིན་གྱིས་མཛད་གདམས་ངག་ལ། །གསལ་བྱེད་ཙམ་གྱི་ཡི་གེ་བྱས། །བྷ་རོའི་ཕྱག་ལེན་དཔལ་འཛིན་གསུང༌། །དེ་བརྟེན་དབང་བསྐུར་གོང་མ་ལ། །ཡིག་སྣ་བདུད་རྩིའི་བུམ་པ་བརྩམས། །ཆོས་བཞི་འཆི་མེད་བདུད་རྩི་དང༌། །མིག་སྨན་སྒྲུབ་པའི་གཏམ་རྒྱུད་དང༌། །སྲུང་འཁོར་ཁ་སྦྱོར་དབྱེ་བ་དང༌། །ལས་སྒྲུབ་འཁོར་ལོ་ཕྱི་མ་དང༌། །རྒྱས་གདབ་བླ་མའི་བཞེད་པ་དང༌། །བླ་མའི་ཞལ་བསྡུར་གཏོར་མ་དང༌། །ས་འོག་དགུག་པའི་གཏམ་རྒྱུད་དང༌། །བླ་མ་རྣམས་ཀྱི་ཞལ་བསྡུར་དང༌། །ཧེ་རུ་ཀ་ཡི་རྣམ་བཤད་དང༌། །བར་དོ་བྱང་ཆུབ་སེམས་བཤད་དང༌། །གླུ་ཡི་རྣམ་པར་བཤད་རྣམས་དང༌། །བླ་མ་རྣམས་ཀྱི་གསུང་བཞིན་དུ། །ཟིན་བྲིས་བྱས་ནས་བླ་མ་ལ། །གཟིགས་པར་ཕུལ་ནས་དག་པར་གཏུགས། །མཉེས་ནས་དེ་ཙུག་ཡིན་ཞེས་གསུང༌། །ཆར་འབེབས་ལྷ་དབང་ཀླུ་ནད་གཏོང༌། །སྦྲུལ་བཟུང་གསོ་དང་མགོ་ནད་ཞི། །ཆུ་འགག་འཁྱམས་དང་རོ་ལངས་བསྒྲུབ། །འཕགས་མ་ཛི་གུ་ལི་སྒྲུབ་ཐབས། །ཡུམ་བཞི་ལ་སོགས་བསྒྲུབ་པ་དང༌། །མིག་སྨན་རིལ་བུ་རྐང་མགྱོགས་དང༌། །མཁའ་སྤྱོད་ཐོས་པ་བསྒྲུབ་པ་དང༌། །ས་འོག་མཁའ་སྤྱོད་མི་སྣང་དང༌། །རལ་གཅིག་པུཀྐ་སཱི་བསྒྲུབ་དང༌། །ལྷ་དང་ཀླུ་ཡི་བུ་མོ་དགུག །མན་ངག་གསེར་ཞུན་འདི་དག་རྣམས། །རྒྱུད་ཀྱི་སྙིང་འདྲ་བླ་མའི་གསུང༌། །བོད་ཀྱི་བནྡྷེས་ཡི་གེར་བཀོད། །བླ་མ་ཉིད་ལ་གཟིགས་པ་ཕུལ། །ནོར་འཁྲུལ་


TNT06_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་དངོས་གྲུབ་མེད། །ལྷག་ཆད་ཨེ་འདུག་ལན་གསུམ་ཞུས། །རྐང་ཐག་སྤངས་ནས་ལན་གསུམ་ཞུས། །བླ་མའི་ཞལ་ནས་ལེགས་ཞེས་འབོད། །ནོར་འཁྲུལ་མི་འདུག་ལན་གསུམ་གསུང༌། །ཞེས་ནག་པོའི་སྐོར་གྱི་བོད་ཡིག་རྣམས་དང༌། བཤད་རྒྱུད་སྡོམ་གསུམ་ལྡན་པ་ཡོད། །དཀའ་བའི་གནས་བཀྲོལ་ཡིག་སྣ་བྱས། །དོན་བསྡུས་གསལ་བའི་སྒྲོན་མེ་བྱས། །དབང་ཆོག་བདུད་རྩིའི་བུམ་ཆུང་བྱས། །ཞེས་གདོང་དྲུག་གི་བོད་ཡིག་དང༌། སྙིང་པོ་རྒྱུད་མཆོག་རྟོག་བདུན་ཡོད། །ལས་མཁན་ཏེའུ་ལོའི་རྟོག་པ་ཡོད། །ཤྲཱི་བྷ་དྲ་ཡིས་མཛད་པའི། །སྒྲུབ་ཐབས་ལོ་ཙཱ་བསྒྱུར་བ་ཡོད། །དོན་ཡོད་རྡོ་རྗེས་མཛད་པ་ཡི། །སྒྲུབ་ཐབས་དཀྱིལ་ཆོག་སྦྱིན་སྲེག་ཡོད། །དཱི་པཾ་ཀ་རས་སྦྱིན་སྲེག་ཡོད། །རཏྣ་ཨ་ཀར་ཤཱན་ཏི་ཡིས། །མཛད་པའི་ཚོགས་ཀྱི་འཁོར་ལོ་ཡོད། །བྷ་རོའི་སྒྲུབ་ཐབས་རྣམ་གསུམ་ཡོད། ཁ་ཅིག་གསར་འགྱུར་ཁ་ཅིག་བཅོས། །ཞེས་རྡོ་རྗེ་འཇིགས་བྱེད་སྐོར་གྱི་རྒྱ་གཞུང་དང༌། རྒྱུད་གྱི་རྒྱལ་པོ་རྟོག་བདུན་ལ། །ནག་འགྲེལ་མུན་པའི་མདའ་འཕེན་བརྩམས། །རྐང་འགྲེལ་ཕྱོགས་མཐོང་འབེན་ལ་བཏང༌། །བཅུད་ཀྱི་ཐིགས་པས་ཕོག་པར་བསྣུན། །གསོད་པའི་མཚོན་དེ་སྙིང་ལ་གནས། ཁ་རྒྱུན་ཡི་གེར་མ་བཀོད་དོ། །བསྙེན་སྒྲུབ་དགྲ་སྲོག་དབང་སྡུད་ཡོད། །མངོན་རྟོགས་རིམ་པ་ལྔ་ཡང་ཡོད། །ལས་བཞིའི་སྦྱིན་སྲེག་ཆོ་ག་ཡོད། །དམར་པོ་མདའ་གཞུ་འགེངས་པ་ཡོད། །སྨིན་བྱེད་དཀྱིལ་མཆོག་ཡིག་སྣ་ཡོད། །ཅེས་འཇིགས་མཛད་སྐོར་གྱི་བོད་ཡིད་རྣམས་སོ། །དཔེ་འགའ་ཞིག་ཏུ། བསྙེན་སྒྲུབ་ལས་གཤིན་སྦྲགས་མ་ཡོད། །ཅེས་འབྱུང༌། ཚིག་ལྷུག་པར་ཡང་དེ་བཞིན་འབྱུང་ངོ༌། །འཇུག་ཏུ། འདི་དག་རྣམས་ནི་མི་ལེགས་ནའང༌། །བན་ཆུང་རྭ་ཡི་ལུགས་སུ་སྣང༌། །འདི་


TNT06_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རུ་མ་འདུས་ཡེ་གེའི་ཚོགས། །ལེགས་ནའང་གཞན་གྱིས་སྦྱར་བ་ཡིན། །ཞེས་སོགས་ཡོད་ཅིང༌། ནག་པོའི་སྒྲུབ་ཐབས་དང༌། དཀྱིལ་ཆོག་དཔལ་འཛིན་གྱིས་མཛད་པ་གཉིས། རྒྱུད་ཀྱི་དཀའ་འགྲེལ་དཔལ་འཛིན་གྱིས་མཛད་པ་རྣམས་ལ། རྭ་ལོ་ཆེན་པོས་བསྡུས་དོན་རེ་ཡོད་པ། དཀར་ཆག་ཚིགས་བཅད་མར་མ་ཆུག་པ་ནི། སྐུ་འདའ་ཁར་མཛད་པས་ཡིན། ཆོས་རབ་ཀྱིས་ཡི་གེ་མ་མཛད། ཡེ་ཤེས་སེང་གེས་དགྲ་ནག་ལ་མངོན་རྟོགས་དང༌། དྷརྨ་སེང་གེས་བུམ་དབང་གི་ཆོ་གའི་ཡི་གེ་བྱས། ཞེས་པ་དང༌། པཎྜི་ཏ་ཟླ་བ་ཕྱེད་པའི་ལུགས་ཡོད་ཀྱང་རྩིས་སུ་མི་མཛད་ཅེས་པ་དཀར་ཆག་ཚིགས་བཅད་མའི་འགྲེལ་པ། ག་གོང་དཔལ་གྱི་དགོན་པར། རྭ་ཤེར་རྒྱལ་གྱིས་བྲིས་གསུང་བ་ན་ཡོད་དོ། །འོན་ཀྱང་རྭ་ཆོས་རབ་ཀྱི་ནག་པོའི་བསྙེན་སྒྲུབ་ལས་གསུམ་གྱི་ཡིག་སྣ་དང༌། ཡེ་ཤེས་སེང་གེ་དང༌། འབུམ་སེང་གིས་ཀྱང་དེ་ལས་ཅུང་ཟད་སྤྲོས་པའི་ཡི་གེ་སྣང་བས། ཆོས་རབ་ཀྱི་ཡིག་སྣ་གསར་པ་མ་མཛད་པའང་མིན་ལ། གོང་དུ་འཁོད་པའི་ཡི་གེ་དེ་རྣམས་དཀར་ཆག་དེར། རྭ་ལོ་ཆེན་པོའི་གསུང་ཡིན་ཚུལ་བརྗོད་མཁས་པར་བྱུང་འདུག་པས། བར་སྐབས་ཀྱི་མཁས་པ་རྣམས་དང༌། ཕྱིས་ཀྱི་ས་དགེ་བོ་གསུམ་སོགས་རྡོ་རྗེ་འཇིགས་བྱེད་པ་ཀུན་གྱིས། རྭ་ལོའི་གསུང་ཡིན་ངེས་སུ་བཟུང་ནས། འགའ་ཞིག་ཡིག་ཆ་དེ་དག་ལ་དགག་པ་གཏོང་ཞིང༌། རྭ་ལོ་འགོག་ཐུབ་པར་མངོན་པའི་ང་རྒྱལ་བྱེད། ཁ་ཅིག་དད་པ་ཙམ་གྱིས་རྗེས་སུ་འབྲང་མོད་ཀྱི། བསྟན་བཅོས་དེ་དག་གི་ནང་ན། རྗེ་བཙུན་རྡོ་རྗེ་གྲགས་པའི་གསུངས་རྩོམ་ཡང་ཅི་རིག་པ་ཡོད་པར་སྣང་ཞིང༌། ཕལ་ཆེར་གསུང་ལ་སློབ་མ་རྣམས་ཀྱིས་ཟིན་བྲིས་སུ་བྱས་པ་ཡིན་པས། གསུང་རྒྱུན་ཡིན་པའི་ཕྱིར་གསུང་ཞེས་བྱས་པ་ཡིན།


TNT06_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སུ་དོད་པ་ལ། བསྙེན་སྒྲུབ་ལས་གཤིན་སྦྲགས་མ་ཞེས་པ་ཚིགས་བཅད་མ་དེ་ཡིན་ན། ཚིག་སྦྱོར་ཆེས་མི་མཛེས་པ་ཡོད་པས་ལོ་ཙཱ་བའི་གསུངས་རྩོམ་ག་ལ་ཡིན། ཡང་བསྙེན་སྒྲུབ་དགྲ་སྲོག་དབང་སྡུད་བྱ་བ་ལག་ལེན་ཁྲིགས་བཀོད་ལ་ཟེར་ན། དེ་ནི་རྭ་ལོ་ཆེན་པོའི་གསུང་ལ། ཞང་ཚེ་སྤོང་བས་ཟིན་བྲིས་སྦྱར་བ་ཡིན་པར་གྲགས་པས་མཚོན། བཅུད་ཐིག་ཆེ་བ་ཡང་རྭ་དྷརྨ་སེང་གེས་མཛད་པ་དང༌། ཡང་དགྲ་ནག་གི་ཡི་གེ་ཅིག་ན། པཎྜི་ཏ་ས་མན་ཏ་ཤྲཱིའི་བཞེད་པ་བཀོད་པས་ཀྱང་གསལ། འོན་ཀྱང་དེ་དག་ན་བླ་མའི་གསུང་བགྲོས་འཆུགས་པ་ཡང་ཆེར་མེད་ལ། གསུང་རབ་སྤྱི་དགོས་དང་འགལ་བའི་ནོར་བ་ཡང་ཆེར་མེད་པས། དགག་པ་བྱེད་པ་རྣམས་ནི་མཁས་འདོད་ཁ་ཐལ་བ་ཙམ་མ་གཏོགས། དོན་ཐོག་ཏུ་སོང་བ་ཅང་མི་སྣང་ངོ༌། །མངོན་རྟོགས་རིམ་པ་ལྔ་དང་བཅུ་གསུམ་མའི་དཀྱིལ་ཆོག་ནི། རྭ་ལོ་ཡབ་སྲས་ཀྱི་གསུང་དངོས་རེག་ཟིག་ཅིག་ཡོད་པ་དཔེ་ཧ་ཅང་བཀའ་དམ་པས་མ་འཕེལ་བ་དང༌། ཕྱི་མོ་གཅིག་པོ་དེ་ཡང་བླ་མ་དཀོན་མཆོག་སེང་གེ་པའི་དུས་སུ་མེས་ཚིག་ནས། དེའི་དོད་དུ་ཁོང་ཉིད་ཀྱིས་བརྩམས་པའམ། བླ་མ་ཤེར་རྒྱལ་བས་མཛད་པ་ཡིན། གསེར་པོད་དོད་དུ་གསེར་འདྲ་བརྩམས། །ཞེས་པའི་ཁ་སྐད་ཡོད་ཅེས། རྭ་བའི་བླ་མ་རྣམས་གཅིག་ནས་གཅིག་ཏུ་བརྒྱུད་དེ། སྔགས་འཆང་ཚུལ་ཁྲིམས་རྣམ་རྒྱལ་གྱི་གསུང་ལས་ཐོས་སོ། །དེ་བཞིན་དུ་དམར་པོ་མདའ་གཞུ་འགེངས་པ་ཡང༌། དབང་སྡུད་དང༌། དུག་སྲུང་བསྡུས་པ་དེ་འདིར་བགྲོང་པ་ཡིན་གྱི། དུག་སྲུང་རྒྱས་པ་འདི་ནི་སྟོད་ལུང་བཻ་རོར་གྲགས་པ། རྒྱ་གར་གྱི་གྲུབ་ཐོབ་བཻ་རོ་ཙ་ན་བཛྲ་ཞེས་པ་ལ། རྭ་དྷརྨ་སེང་གེས་གསན་པ་ཡིན། འདིའི་ལྷ་སྐུ་མདོག་སྔོན་པོ་ཡིན་པས། དམར་པོ་


TNT06_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་གཞུ་འགེངས་པའི་ཐ་སྙད་ཀྱང་མི་ཐོབ་བོ། །འཇིགས་མཛད་བཅུ་གསུམ་མའི་དཀྱིལ་ཆོག་ཆེན་མོ་འདི། རྭ་ལོ་ཆེན་པོའི་རྩོམ་པ་དངོས་ཡིན་ན། འབུམ་སེང་གི་དཀྱིལ་ཆོག་ལོགས་པ་འདི་མཛད་མི་དགོས་པ་ལས། དེའི་ཕྱིར་ཡང་དེ་འདྲར་རིག་པར་བྱའོ། དཀར་ཆག་ཚིགས་བཅད་མ་དེའི་དོན་གཞན་རྣམས་གོ་སླ། དེའི་གྲོགས་སུ་རྟོག་པ་གསུམ། ཞེས་པ་ད་ལྟའི་རྟོག་གསུམ་གྱི་གཞུང་རང་ཡིན། དཀར་ཆག་མཛད་པ་པོ་རྒྱུད་དུ་བཞེད་པ་ཡང་དེས་གསལ། དེས་ན་ངོར་པ་རྣམས་རྭ་པོད་རྭ་ལོའི་གསུང་རྩོམ་དུ་འདོད་བཞིན་དུ། རྭ་བ་རྣམས་རྟོག་གསུམ་ཁས་མི་ལེན་ཟེར་པ་ནི། རྡོ་རྗེ་འཇིགས་བྱེད་ཀྱི་ཡིག་སྐོར་དེ་ཁོ་ན་མ་གཏོགས། རྭ་པོད་རྫོགས་པར་ལན་གཅིག་ཙམ་ཡང་མ་བཀླགས་ཤིང༌། དཀར་ཆག་ཚང་བ་ཡང་མ་བལྟས་པའི་སྐྱོན་ནོ། །གལ་ཏེ་མཐོང་ན་ནི། འདིའི་འགྲེལ་པ་ཚིག་ལྷུག་པ་ན་ཡང༌། འཁྲུལ་འཁོར་གྱི་རྟོག་པ། དམ་རྫས་བདུད་རྩི་བཟའ་བའི་རྟོག་པ། ལས་དང་རྒྱུད་ཀྱི་གྲོགས་ཤེས་རྟོག་པ་གསུམ་པོ་དངོས་སུ་བགྲངས་འདུག་ཀྱང༌། རྟོག་གསུམ་ཡིན་པ་མ་ཤེས་པ་འདི་ནི། མ་ཇོས་འདོད་ཡོན་ལྔ་བགྲོང་མ་ཤེས་པའི་དཔེའམ་ལག་ཏུ་སྒྲོན་མེ་ཐོགས་ནས་མེ་སློང་དུ་འགྲོ་བ་དང་འདྲའོ། །ལུས་དང་སྙིང་འདྲའི་མན་ངག་ཡོད། །ཅེས་པ་ནི། བུདྡྷ་ཤྲཱིས་མཛད་པའི་འཁྲུལ་འཁོར་གྱི་གཞུང་དངོས་ལུས་དང་འདྲ། དེའི་གསལ་བྱེད་ཀྱི་གཞུང་ཆུང་སྙིང་དང་འདྲ་ཞེས་པའི་དོན་ཡིན། ཡིག་སྣ་ལུས་ཀྱི་རྣམ་བཤད་ཅེས་པ་རྒྱུད་ལེའུ་བཅོ་བརྒྱད་པའི་ཊཱི་ཀ་ཡིན། གཞན་རྒྱུད་སྡེའི་རྣམ་བཤད་ནས་ཀླུའི་བཤད་པ་ཡན་ཆད། ཡིག་ཆུང་བཅུ་དྲུག་ཡོད་པ་བ་རྣམས་ལ་ཟིན་བྲིས་ཆེན་མོར་མིང་འདོགས། ཊཱི་ཀར་མ་འདུས་པའི་བཤད་པའི་དོགས་གཅོད་ཡིན། ཆར་འབེབས་ནས་ཀླུ་མོ་དགུག་པའི་བར་ལ་


TNT06_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ཆུང་ཉི་ཤུ་རྩ་ལྔ་ཡོད་དེ། ལས་འཕྲོས་ཟབ་མོ་ཞེས་མི་འདོགས། ཊཱི་ཀའི་དཀྱུས་ལ་འབྲིར་མ་ལང་པའི་སྒྲུབ་ཐབས་ཀྱི་མན་ངག་རྣམས་ཡིན། དཔལ་གྱི་ལ་སོགས་པ་རྣམས་རྭ་པའི་ལས་འཕྲེང་ཆེན་མོ་ཞེས་པ་ཡིག་སྣ་ཉི་ཤུ་རྩ་གཉིས་ཙམ་ཡོད་པ་ཡོ་བསྡོམས་པས་དགྲ་ནག་གི་འགྲེལ་པ་གཅིག་ཏུ་འགྲོ་བ་ཡོད་ཟེར་བ་ནི། ཡི་གེ་དངོས་སུ་མ་མཐོང་བར་མ་ཟད། རྣ་ཐོས་ཀྱང་མ་དག་པ། འོན་པས་ཕག་ཉན་བྱས་པར་ལྟ་བུའོ། །གསོད་པའི་མཚོན་ནི་སྙིང་ལ་གནས། །ཞེས་པ་ནི་ཧ་ལ་ནག་པོའི་ཤོག་གྲིལ་གསུམ་སྟེ། ལས་སྦྱོར་དངོས་དང༌། སྤོགས་ཆོག་དང༌། ཤིན་ཏུ་སྤོགས་ཆོག་གོ ཁ་རྒྱུན་ཡི་གེར་མ་བཀོད་ཅེས་པས། ད་དུང་ཞལ་ཤེས་ཡོད་པའི་དོན་ཡིན་ནོ། །མངོན་རྟོགས་རིམ་པ་ལྔ་ནི། དཔལ་གཅིག་ཕྱག་གཉིས་པ། ཕྱག་བཞི་པ། ཞལ་གསུམ་ཕྱག་དྲུག་པ། ཞལ་ཕྱག་རྒྱས་པ་གཙོ་རྐྱང་གི་མངོན་རྟོགས། བཅུ་གསུམ་མའི་སྒྲུབ་ཐབས་རྣམས་ལ་ཟེར་བ་ཡིན། ལས་བཞིའི་སྦྱིན་སྲེག་གི་ཆོ་ག་ནི། དྲག་པོ་ལ་དགྲ་བགེགས་ཀུན་འདུལ་ཟེར་བའི་ཡི་གེ་ཆེ་བ་ཅིག་ཡོད། ཞི་བ་ལ་ཐོ་ཡིག་འབྲིང་བ་ཅིག་ཡོད། དབང་དྲག་ལ་ཐོ་ཡིག་བསྡུས་པའོ། །དེ་དག་ལས་རྐང་འགྲེལ་དང༌། བཅུད་ཐིག་དང༌། ཧ་ལའི་ཤོག་གྲིལ་དང༌། བསྙེན་སྒྲུབ་ལས་གཤིན་སྦྲགས་མ་དང༌། ལག་ལེན་ཁྲིགས་བཀོད་རྣམས་ནི་ནང་སེལ་ན་ཐུན་མོང་མ་ཡིན་པའི་བརྗོད་བྱ་གཅིག་ཏུ་མ་བཤད་པ་ཅིག་ཤོས་སུ་བཤད་པ་མང་པོ་ཡོད་པས། དེ་དག་ངེས་པར་རྟོགས་ན་ཡི་གེ་སྤྱི་ཁོག་ན་ཟློས་པའི་ཚུལ་དུ་ཡོད་པ་རྣམ་མགོ་མི་རྨོངས་པར་འགྱུར་རོ། །དེ་ལྟར་རྭ་པོད་དུ་གྲགས་པ་འདི། རྭ་ཤར་པའི་ལུགས་ལ་དཀར་ཆག་དང་བཅས་པ་ཡོད་པ་ཡིན། ནུབ་པ་རྣམས་ལ་དཀར་ཆག་འདིས་བསྡུས་པའི་པོ་ཏི་ཁྲིགས་ཆགས་མི་མཛད་ཀྱང༌། ཡིག་སྣ་ཕལ་ཆེར་མཐུན་ཅིང༌། ཁྱད་བཅོས་ལྷག་པོ་ཡང་མང་


TNT06_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡོད་དོ། །ཨུཥྞི་ཥའི་མན་ངག་གི་སྐོར་རྣམས་ཀྱང༌། བཟླས་སྔགས་སོགས་ཀྱི་སྒོ་ནས། གསང་འདུས་ལ་བརྟེན་པའང་ཡིན་མོད་དེ། ནག་པོའི་རྒྱུད་ནི་གསང་འདུས་ཀྱི་རྗེས་སུ་འབྲང༌། དེ་དང་ཆ་མཐུན་གདོང་དྲུག་ཡིན། འཇིགས་བྱེད་ཀྱང་ཕྱོགས་འདྲ་ཞིང་འབྲེལ་ཅན་ཡིན་པའི་ཕྱིར། གསང་འདུས་དང་འབྲེལ་བའི་རྒྱུ་མཚན་གྱིས། གཤེད་སྐོར་མ་ཡིན་ཟེར་བ་གད་མོའི་གནས་ཡིན་ནོ། །འོན་ཀྱང་ལྷ་རྣམས་ཞལ་གཅིག་ཕྱག་གཉིས་པར་བྱེད་པས། གསང་འདུས་ཁོ་ནའི་ཡང་མ་ཡིན་ནོ། །འདི་ཉིད་ཀྱི་ཡིག་སྐོར་ལས་ཀྱང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ལ་སོགས་པ། མཁས་གྲུབ་མང་པོའི་དགོངས་འདུས་ཡིན་པར་བཤད། དེས་ན་རྒྱུད་སྡེ་གང་ལ་སྦྱར་ཡང་རུང་མོད་ཀྱི། གཙོ་བོར་གཤིན་རྗེ་གཤེད་ནག་པོ་སྐོར་གསུམ་དང་འབྲེལ་ཆེ་བར་མངོན་ཏེ། ཞི་རྒྱས་དབང་གསུམ་གྱི་ལས་སྒྲུབ་པ་ལ་བར་ཆད་མི་འབྱུང་བའི་ཆེད་དང་མངོན་སྤྱོད་ཀྱི་ལས་རྣམས་རང་ཉིད་ཀྱིས་སྒྲུབ་པ་ལ། ཕ་རོལ་པོའི་ལྷའི་གནོད་པ་དང༌། བཟློག་པ་སོགས་ཀྱི་ལས་ཀྱིས་རང་གི་ལས་སྦྱོར་གནད་དུ་མི་འགྲོ་བའི་བར་ཆད་མང་དུ་འབྱུང་བ་ལ་སྲུང་བཟློག་འདི་ངེས་པ་གལ་ཆེ་ཞིང་ཕ་རོལ་པོའི་གསང་སྡེ་འཇོམས་པ་དང༌། བྱས་པ་གཞིག་པ་དང༌། རང་གི་ལས་གཞན་གྱིས་མནན་པ་འདོན་པ་དང༌། ཡང་བཟློག་ལ་སོགས་པའི་ཆེད་དུ་འདི་དགོས་པ་ཡིན་པས། གཤིན་རྗེ་གཤེད་ཀྱི་ལས་ཚོགས་རྣམས་སྒྲུབ་པའི་རྒྱབ་སྐྱོར་ལ་གལ་ཆེ་ཞིང༌། སྙིགས་མའི་དུས་སུ་སྔགས་པ་ནང་རྒྱས་ཁོ་ན་འབྱུང་བའི་ཕྱིར། སྲུང་བཟློག་བསད་གསུམ་གྱི་མན་ངག་འདི་རྣམས་ཀྱང་ལེགས་པར་རྟོགས་པར་བྱའོ། །འདི་ལ་རྭ་ཤར་ནུབ་ཀྱི་མན་ངག་དཔེ་བུམ་སོ་སོ་བ་གཉིས་ཡོད་དོ། །གཞན་ཡང་སྒྲུབ་ཐབས་ཐོར་བུ་བ་འགའ་རེ་ཡོད། མགོན་ནག་ལ་མཆོག་སྲེད་ཀྱི་གཞུང་ལ་མཆན་བུ་དང༌། མན་ངག་གི་ཡི་གེ་གཅིག་ཡོད། དཔལ་ལྷ་མོ་ལ་སྲོག་གི་གཟེར་བུའི་


TNT06_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་མཆན་བུ་དང་བཅས་པ་དང༌། མན་ངག་གི་ཡི་གེ་གཅིག་གོ །ལྷ་མགོན་གྱི་སྐོར་ལ། ཚུ་ཚུན་དྷ་རའི་ཆོ་ག་སྔར་སོང༌། དེའི་མཆན་བུ་དང༌། ལས་མཁན་ཏེ་ལོའི་རྟོག་པ་དང༌། དེའི་མན་ངག་ཡིག་ཆུང་དང༌། ལྷ་མགོན་གྱི་སྒྲུབ་ཐབས་ཀཱ་ལ་ཀ་ལས་མཛད་པ། སྒྲུབ་ཁོག་གི་ཡིག་ཆུང་རྣམས་ཡོད། ལས་གཤིན་ལ་ཆོས་ཀྱི་རྒྱལ་པོའི་རྟོག་པ་དང༌། དེའི་གསལ་བྱེད་ཀྱི་ཡི་གེ་དང༌། མན་ངག་གཅེས་པ་བརྒྱད་དང༌། དམར་པོའི་མན་ངག་སྤུ་གྲི་རེག་གཅོད་ཆེ་བ་དང༌། རྒྱ་སྟོན་ཕྱོགས་ལ་དམར་པོ་རིགས་གཉིས་ཀྱི་སྒྲུབ་ཐབས་ལས་སྦྱོར་དང་བཅས་པ་རེ་རེ་དང༌། སྤྲུ་གྲི་རེག་གཅོད་ཆུང་བ་དང༌། གཞན་ཡང་ཕྱག་མཚན་གྱི་ལས་ཚོགས་དང༌། འཁོར་ལོ་རྣམ་གསུམ་མ་དང༌། ཡང་བཟློག་གི་མན་ངག་གསུམ་སོགས་མན་ངག་ཐོར་བུ་མང་པོ་ཞིག་ཡོད་དེ། དེ་དག་ནི་རྭ་ལུགས་ཀྱི་སྐོར་རོ། །སྐྱོ་ལུགས་ལ་ནི། བརྟེན་སོ་རྒྱུད་བཞི་ལ་བརྟེན། བསྟན་བཅོས་ལ་སྒྲོན་མ་དྲུག་གཅིག་ཏུ་བསྡོམས་པའི་རྒྱ་གཞུང་བཅུ་ཙམ་རྒྱབ་བརྟེན་དུ་བྱེད། རྟོག་བདུན་ལ་སྐྱོ་ཆེན་པོ་ཉིད་ཀྱི་ཊཱི་ཀ་དང༌། རྟོག་གསུམ་ལ་ངག་སྒྲོས་ཀྱི་ཊཱི་ཀ་དང༌། སྒྲུབ་དཀྱིལ། སྦྱིན་སྲེགརབ་གནས་སོགས་འཕྲལ་གྱི་ཆོ་ག་རྣམས་དང༌། མན་ངག་ལ་ཆོག་སྒྲིགས་ཉམས་ཀྱི་ཞལ་གདམས་ཞེས་པ་གཅིག་གིས་སྣ་དྲངས་པའི། ཡིག་སྣ་ཕྲ་མོ་ལྔ་བཅུ་ལྷག་ཙམ་ཡོད་དོ། །དེ་དག་གི་ཐོ་གཞན་དུ་བྲིས་ཟིན་ཏོ། །ཞང་ལུགས་ལ་ནི། རྟོག་བདུན་ལ་མཆན་བུ་ཐར་ཐོར་མ་གཏོགས་ཡིག་སྣ་མ་མཐོང་མོད། ཡོད་པར་ནི་སྣང༌། སྒྲུབ་ཐབས་ལ་ཞེ་དགུ་མ་དང༌། ཕྱག་མཚན་གྱི་དཀྱིལ་འཁོར་གཉིས་ཀ་སྣང༌། དཀྱིལ་མཆོག་དགྲ་ནག་གི་དེ་ཀ་སྦྱོར། ནག་པོའི་སྐོར་ལ་རྒྱུད་ལ་མཆན་བུ་མི་འདྲ་བ་གཉིས་དང་བསྡུས་དོན་སོགས་མཐོང༌། ཡིག་སྣ་ཡང་མི་འདྲ་བ་གསུམ་ཡོད་པར་ནི་གྲགས། གཤིན་རྗེ་གཤེད་འབྱུང་


TNT06_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་གཅུང་རྡོ་རྗེ་རྩེ་མོས་ཊཱི་ཀ་མཛད། དེས་འཁོར་ལོའི་མན་ངག་སོགས་ཡིག་སྣ་ཐོར་བུ་བ་ཡང་མང་དུ་མཛད། གཙང་ཐང་འོད་པོས་ཀྱང་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ཁྱད་པར་ཅན་མཛད། ཕྱིས་ཞང་རིན་ཆེན་རྒྱལ་མཚན་གྱིས། ཞིང་ཁམས་སྣང་བ་ཞེས་བྱ་བའི་སྤྱི་དོན་ཡང་མཛད། གཞན་གང་ཟག་སོ་སོས་བརྩམས་པའི་སྒྲུབ་དཀྱིལ་སྦྱིན་སྲེག་སོགས་མང་དུ་ཡོད། ཁྱད་པར་དུ་ཡང་དེ་བ་ཨཱ་ཀ་ར་ཙནྡྲས་མཛད་པའི་རྫོགས་རིམ་གྱི་གཞུང་ལ། མཆན་བུ་ཡིག་སྣ་ས་བཅད་གསུམ་ཡོད་དེ་ངོ་མཚར་ཆེ་བ་ཡིན་ནོ། །ལོ་ཙཱ་བ་བ་རིའི་ལུགས་ལ་རྟོག་བདུན་ལ་མཆན་བུ་ཐོར་ཙམ་དང༌། ནག་པོའི་ལོ་རྒྱུས་དང༌། བསྡུས་དོན་སོགས་ཕྲ་མོ་ཙམ་མཐོང་ངོ༌། །ནག་ཚོ་ལུགས་ལ། རྒྱུད་དང་དཔལ་འཛིན་གྱི་འགྲེལ་པ་གཉིས་ཀ་ལ་མཆན་བུ་དང༌། རྒྱུད་འགྲེལ་གྱི་བསྡུས་དོན་ཡང་ཡོད། འགྲེལ་པར་མི་གསལ་བའི་ཁ་སྐོང༌། རྒྱུད་ཀྱི་ཡིག་སྣ་རྒྱས་རབ་དང་བཅས་པ་མཐོང་ངོ༌། །འདིའི་ལུགས་ཀྱི་བརྒྱུད་ཡིག་ན། རྡོ་རྗེ་མཁའ་འགྲོ་མ། ཐ་ག་བ་དགའ་པའི་རྡོ་རྗེ། ནག་པོ་སྤྱོད་པ། ལྭ་བ་པ། རྒྱལ་པོ་ཧརྵ་དེ་བ། གཾ་བི་ར་བཛྲ། སློབ་དཔོན་དཔལ་འཛིན། དྷརྨ་ཤྲཱི། རིན་ཆེན་འབྱུང་གནས། ཤཱནྟི་བྷ་དྲ་རྣམས་ནས་བརྒྱུད་ཟེར་བ་འདུག་གོ །མལ་ལུགས་སུ་གྲགས་པ་ལ་ནི། ནག་པོའི་རྒྱུད་ལ་ནི། གུང་ཐང་ལ་ཙེའི་གནས་སུ། བླ་མ་ལོ་ཙཱ་བ་དང་དཔལ་འཛིན་གྱི་དགོངས་པ་དྲི་གཏུགས་དང་བཅས་པ་མཆན་དུ་བཏབ་པའོ། །ཞེས་ཡོད་པ་ཅིག་དང༌། བླ་མ་ལོ་ཙཱ་བ་ལ་དཔའ་ཕཾ་ཐིངས་པའི་དགོངས་པ་སློབ་དཔོན་དགེ་བའི་བཤེས་གཉེན་གྱི་དྲི་གཏུགས་དང་བཅས་མཚན་དུ་བཏབ་བོ་ཟེར་བ་ཡོད་པའི་ཡིག་ཆུང་མི་འདྲ་བ་གཉིས་ཡོད་ཅིང༌། ས་མ་ཊཱི་ཀ་ལྟ་བུའི་ཡིག་སྣ་བསྡུས་པ་རང་ཅིག་དང༌། བསྡུས་དོན་དང༌། རྗེ་བཙུན་ཆེན་པོའི་སྒྲུབ་ཐབས་རྣམས་ཡོད། རྟོག་བདུན་ལ། བླ་ཆེན་ས་སྐྱ་བའི་བཀའ་འགྲེལ་དང༌།


TNT06_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གསལ་བྱེད་ཀྱི་མཆན་བུ་རྩེ་མོས་མཛད་པར་གྲགས་པ་ཞིག་ཡོད། གཉིས་ཀ་ལ་ཐུན་མོང་དུ་བླ་ཆེན་གྱིས་དབང་ཆོག་ཞིག་མཛད་དོ། །འདི་པའི་ལུགས་ལ་སློབ་དཔོན་ཛ་མཱ་རི་པས་རྒྱུད་འདི་སྤྱན་དྲངས་གསུང་ངོ༌། །དེ་དག་གི་སོ་སོའི་ཡིག་ཆ་རྩ་བ་རྣམས་ཇི་ཙམ་རྙེད་པའི་དབང་དུ་བྱས་ཀྱི། སྔ་ཕྱིར་ལུགས་སོ་སོ་ལ་ཡིག་སྣ་དཔག་ཏུ་མེད་པ་ཡོད་མོད་ཀྱི། ཐམས་ཅད་བྲིར་ག་ལ་ལང་སྟེ་བཞག་གོ །འདི་ལྟར་དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །སྲིད་པ་གསུམ་གྱི་རྒྱལ་ཐབས་བླ་ན་མེད། ཁྲོ་རྒྱལ་གཤིན་རྗེ་གཤེད་པོའི་རྒྱུད་སྡེ་ལ། །འཇུག་པར་འདོད་རྣམས་དེ་ལྟར་ཤེས་པར་གྱིས། །ཞེས་པར་གཤིན་རྗེ་གཤེད་ཀྱི་ཆོས་ཁུངས་གཏན་ལ་ཕབ་པ། ཡིད་ཆེས་ངོ་མཚར་ཅན་ཞེས་པ་འདི་ཡང༌། ཏཱ་ར་ནཱ་ཐས་སྐྱེས་བདག་གི་ལོ་ལ་སྨྲས་པའོ།། །།གཙང་བའི་རྡོར་སློབ་བླ་མ་ཡོན་ཏན་བཟང་པོས་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོར་སྤར་བསྐྲུན་བྱས་སོ། །མངྒ་ལཾ།


TNT06_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

བཅོམ་ལྡན་འདས་རྡོ་རྗེ་འཇིགས་མཛད་ཆེན་པོའི་བརྒྱུད་འདེབས།


TNT06_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྡོ་རྗེ་འཇིགས་མཛད་ཆེན་པོའི་བརྒྱུད་འདེབས་ཞེས་བྱ་བ་བཞུགས།


TNT06_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རང་བཞིན་འོད་གསལ་ཆོས་དབྱིངས་སྤྲོས་བྲལ་ལས། །དཀྱིལ་འཁོར་ལྷན་ཅིག་སྐྱེས་པ་བདེ་ཆེན་སྐུ། །གང་ལ་གང་འདུལ་ཐབས་ཀྱི་འཕྲིན་ལ་ཅན། །བླ་མ་སངས་རྒྱས་སྲས་བཅས་ཀུན་ལ་འདུད། །ལག་བདུན་ལྡན་རྒྱལ་བ་རྡོ་རྗེ་འཆང༌། །བདུད་བཞིའི་སྟོབས་འཕྲོག་ཁྲོ་རྒྱལ་གཤིན་རྗེ་གཤེད། །ཤེས་རབ་རང་བཞིན་རྡོ་རྗེ་མཁའ་འགྲོ་མར། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གྲུབ་པའི་དབང་ཕྱུག་དཔལ་ལྡན་ལ་ལི་ཏ། །འཇའ་ལུས་རྡོ་རྗེའི་སྐུར་གཤེགས་ཨ་མོ་གྷ། །དངོས་གྲུབ་བརྒྱུད་བརྙེས་ཡེ་ཤེས་འབྱུང་གནས་ཞབས། །ཕྱག་འཚལ་སོགས་གོང་བཞིན། འཇིགས་མཛད་ཞལ་གཟིགས་པདྨ་བཛྲ་དང༌། །མཐུ་སྟོབས་ཐོགས་མེད་མེ་ཙ་ལིང་བའི་ཞབས། །འཇམ་དཔལ་ཁྲོ་བོ་དངོས་བྱོན་རྡོ་རྗེ་གྲགས། །ཕྱག་འཚལ༴ སྒྲ་བསྒྱུར་མཁས་པའི་དབང་ཕྱུག་ཆོས་རབ་དང༌། །གསང་སྔགས་རྒྱུད་སྡེའི་བདག་པོ་ཡེ་ཤེས་སེང༌། །འཕྲིན་ལས་གཟི་འོད་རྒྱས་པའི་འབུམ་སེང་ལ། །ཕྱག་འཚལ༴ རྣམ་པར་རྒྱལ་བའི་


TNT06_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གྲུབ་པའི་ཕུལ། །སྔགས་རིག་རིན་ཆེན་རྒྱལ་མཚན་མཁར་སྔོན་པ། །སྤྲོས་བྲལ་དོན་གཟིགས་རྭ་བན་ཆོས་དབྱིངས་ཞབས། །ཕྱག་འཚལ༴ ཟབ་དོན་རྒྱུད་འཛིན་བརྩོན་འགྲུས་སེང་གེའི་མཚན། །ཆོས་ཀྱི་བཀྲ་ཤིས་ནུས་མཐུ་མངོན་གྱུར་ཅན། །སྙན་བརྒྱུད་གདམས་པའི་མངའ་བདག་ཤེར་སེང་བ། །ཕྱག་འཚལ༴ ཀུན་དགའ་སེང་གེ་མཁྱེན་རྟོགས་བྱིན་རླབས་གཏེར། །ཆོས་ཀྱི་སེང་གེ་མངོན་སྤྱོད་ནུས་མཐུའི་བདག །དམ་པའི་རྗེས་བཟུང་འཇམ་དབྱངས་བློ་གྲོས་ཞབས། །ཕྱག་འཚལ༴ བྱིན་རླབས་བརྒྱུད་ལྡན་བློ་གྲོས་རྒྱ་མཚོ་དང༌། །སྦས་པའི་རྣལ་འབྱོར་ཚུལ་ཁྲིམས་རྣམ་རྒྱལ་ཞབས། །གཟུང་འཛིན་འཁྲུལ་བ་ལས་གྲོལ་དོན་གྲུབ་ལེགས། །ཕྱག་འཚལ༴ དུས་གསུམ་སངས་རྒྱས་སློབ་དཔོན་ཚུལ་སྟོན་པ། །སྐྱབས་གནས་མ་ལུས་འདུས་པ་རྡོ་རྗེ་འཆང༌། །འགྲོ་ཀུན་སྨིན་ཅིང་གྲོལ་བར་མཛད་པ་ཡི། །གཤིན་རྗེ་གཤེད་དངོས་རྩ་བའི་བླ་མ་ལ། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འདི་ནི་ཐུན་མོང་མ་ཡིན་པའི་དབང་དང་མན་ངག་གི་བརྒྱུད་པའོ། །ཡང་འབུམ་སེང་གི་རྗེས་ལ། ཀློག་སྐྱའི་རིགས་འཁྲུངས་མཁས་པ་དབང་ཕྱུག་གྲགས། །རྡོ་རྗེ་འཛིན་དབང་ལྡོངས་སྟོན་ཤེས་རབ་དཔལ། །འཕགས་པའི་མཚན་འཆང་ཆོས་ཀྱི་རྒྱལ་པོ་ལ། །ཕྱག་འཚལ༴ མཁས་བཙུན་དམ་པར་གྲགས་པའི་རིན་རྒྱལ་བ། །ལྷག་པའི་ལྷ་ཡིས་རྗེས་བཟུང་དཀོན་རྒྱལ་བ། །མང་


TNT06_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་མཐར་གསོན་བག་སྟོན་གཞོན་ནུ་བ། །ཕྱག་འཚལ༴ སྡོམ་བརྩོན་སྔགས་རིག་ཚུལ་ཁྲིམས་རྒྱལ་མཚན་དང༌། །བློ་གྲོས་མཆོག་གྱུར་འཇམ་དབྱངས་རལ་གྲིའི་མཚན། །འཛམ་གླིང་ཉི་མ་མ་གཤིན་ལས་ལ་འཁོལ། །ཕྱག་འཚལ༴ རིག་གནས་ཀུན་བྱང་བློ་བརྟན་བཞི་པ་དང༌། །མཁྱེན་པའི་དབང་ཕྱུག་ཤཱཀྱ་མཆོག་ལྡན་ཞབས། །བྱམས་གླིང་མཁས་པ་དཔལ་ལྡན་ཚུལ་ཁྲིམས་ལ། །ཕྱག་འཚལ༴ བློ་གསལ་རྒྱ་མཚོའི་གཙུག་རྒྱན་གྲོལ་མཆོག་རྗེ། །རྣམ་དག་ཡེ་ཤེས་ཐུགས་མངའ་རྡོ་རིང་དབོན། །གདམས་པས་རྒྱུད་གྲོལ་ལུང་རིགས་རྒྱ་མཚོའི་ཞབས། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དུས་གསུམ་སངས་རྒྱས་སོགས་གོང་བཞིན་བྱ། ཀུན་རྟོག་གཟུང་འཛིན་བདུད་དཔུང་གཤིན་རྗེའི་ཚོགས། །དོན་དམ་དབྱིངས་སུ་གདོད་ནས་རྟག་བཅོམ་པ། །ཆོས་ཀུན་རང་བཞིན་ལྷན་སྐྱེས་ཡེ་ཤེས་མཆོག །རྒྱུ་རྒྱུད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །དཀྱིལ་འཁོར་མཆོག་ཏུ་ཟབ་མོའི་དབང་བཞི་བསྐུར། །རྡོ་རྗེ་བཞི་བདག་སྐུ་བཞིའི་ས་བོན་ཐེབས། །དྲི་མ་རྣམ་བཞི་སྦྱོང་བའི་ཐབས་མཁས་ཀྱིས། །དབང་དོན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །རྣམ་དག་ཡེ་ཤེས་སེམས་དཔའ་འཇམ་པའི་དབྱངས། །རྣམ་པ་ལམ་བྱེད་ཞི་ཁྲོ་སྦགས་སྒྲུབ་ཚུལ། །རྣམ་གསུམ་ཞིང་སྦྱོང་བསྙེན་སྒྲུབ་རྣམ་བཞི་དང༌། །རྣལ་འབྱོར་བཞི་ལྡན་བསྐྱེད་རིམ་མཐར་ཕྱིན་ཤོག །ནང་གི་རྣལ་འབྱོར་རྫོགས་པའི་རིམ་པ་ལས། །རླུང་སེམས་དྷཱུ་ཏཱིར་


TNT06_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་པའི་མི་འགྱུར་བདེ། །སྤྲོས་བྲལ་རྣལ་འབྱོར་གསུམ་གྱི་རིམ་པ་ལས། །ཟུང་འཇུག་རྡོ་རྗེའི་སྐུ་མཆོག་ཐོབ་པར་ཤོག །དེ་ལྟར་རྩ་བརྒྱུད་བླ་མའི་བྱིན་རླབས་ཀྱིས། །བར་ཆད་མི་མཐུན་ཕྱོགས་རྣམས་ཀུན་ཞི་ཞིང༌། །མཐུན་རྐྱེན་དམ་ཆོས་བསྟན་པ་རྒྱས་པ་དང༌། །ཚེ་འདིར་རྡོ་རྗེ་འཆང་དབང་ཐོབ་པར་ཤོག །ཅེས་གསོལ་བ་འདེབས་ཤིང༌། ནང་མཆོད་འབུལ་བ་སོགས་ལ། ཀུན་ལ་འདུད་ཅེས་པ་ཀུན་ལ་མཆོད་ཅེས་དང༌། གཞ་ན་་རྣམས་ལ། ཕྱག་འཚལ་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུཾ། ཞེས་འདོན་པ་བསྒྱུར་ནས། ཀུན་རྟོག་བཟུང་འཛིན་ཅེས་པ་མན་ཆད་མི་དགོས་སོ། །བརྒྱུད་པའི་གཙོ་བོ་གོང་དུ་སྨོས་པ་གཉིས་པོ་ཡིན་ལ། དབང་བཀའ་ཙམ་གྱི་བརྒྱུད་པ་ལ། འཇམ་རལ་གྱི་རྗེས་ལ། བློ་བརྟན་གྱིས་ཐུག་པར་བྱས་ཀྱང་ཆོག་ཟེར། རོང་པ་རྒ་ལོ། རོང་བ་ཤེར་སེང༌། འཇམ་དབྱངས་ཉག་གཅིག སློབ་དཔོན་དཀོན་བཟང༌། འཇམ་རལ་བར་ཞེས་དེད་ཀྱང་ཆོག་ལ། རྒ་ལོ་ལོ་མཆོག་པ། དཔལ་ལྡན་སེང་གེ སེང་གེ་རྒྱལ་མཚན་པ། ཞང་སྟོན་བསོད་ནམས་གྲགས། འབྲི་ཁུང་དཔལ་འཛིན། གཉའ་སྟོན་རྡོར་གྲགས། བླ་མ་ཀུན་དགའ་སེང་གེ་མན་ཆད་གོང་བཞིན་དེད་ཀྱང་ཆོག ཡང་ཁྲོམ་ཡོན་པ་ནས་བརྒྱུད་པའང་ཡོད། ཡང་རྭ་ལོ་ཡབ་སྲས་ཀྱི་རྗེས་སུ། རྡོ་རྗེ་སྐྱབས། རྡོ་རྗེ་སྲ་བརྟན། མཁན་པོ་ཤེར་གཞོན། དཀོན་མཁར་བ། ཆོས་མགོན་པ་སྟེ་རོང་རི་ལུང་ཕུག་པའི་བླ་མ་ལྔ། གཡག་སྡེ་ཟེ་དམར་སངས་རྒྱས་ཡེ་ཤེས་དང༌། ཡེ་ཤེས་རིན་ཆེན་གཉིས། ཇོ་གདན་མཁན་ཆེན་གྲགས་ཚུལ་བ་དང༌། རྒྱལ་བཟང་བ་གཉིས། བླ་མ་རྒྱལ་བ་


TNT06_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ། ཀུན་དགའ་སེང་གེ་བ་མན་ཆད་སྔར་བཞིན་དེད་ཀྱང་ཆོགགཞན་ཡང་སྔགས་འཆང་གཟུངས་པ་ནས་བརྒྱུད་པ་དང༌། ཞང་པ། བྲག་ཕུག་པ། ཆོས་རྗེ་བླ་མ། བྱང་སེང་བ། ཤར་ཆེན། ངོར་ཆེན། ཁ་ཆར་བ། པཎ་ཆེན་ཆོས་རྗེ་མན་ཆད་སྔར་བཞིན་བྱས་ཀྱང་ཆོག་པ་ཡོད། གཞན་ཡང་བརྒྱུད་པ་མི་འདྲ་བ་འགའ་རེ་ཡོད་དེ། གོང་དཀྱུས་སུ་བསྒྲིགས་པ་གཉིས་པོ་དམ་སེལ་སོགས་སྐྱོན་དང་བྲལ་ཞིང༌། དབང་རྒྱུད་བཤད་མན་ངག་གསུམ་ཀ་འཇོམས་པ། བྱིན་རླབས་ཀྱི་རྒྱུན་དང་བཅས་པ་ཡིན་པ་ལས། སྔ་མ་ནི་ཐུན་མོང་མ་ཡིན་པའི་མན་ངག་གི་བརྒྱུད་པ་ཡིན་ནོ། །འདིའི་ཨ་མོ་གྷ་ནི། ཨ་མོ་གྷ་བཛྲ་ཆེ་བ་ཡིན་ལ། མེ་ཙ་ལིང་པ་ནི་བལ་བོ་ཐུགས་རྗེ་ཆེན་པོ་སྟེ། མཚན་དངོས་དཱི་པཾ་ཀ་ར་རཀྵི་ཏའོ། །རྣམ་པར་རྒྱལ་བའི་རྡོ་རྗེ་ནི། རོང་པ་རྒ་ལོ་ཡིན་ལ། རིན་ཆེན་རྒྱལ་མཚན་སྔ་མ་དེ་ནི། གྲུ་གུ་མཁར་སྔོན་པ་ཟེར་རོ། །ཕྱི་མ་བཞི་ཐོག་པ་ཡིན། དཀོན་རྒྱལ་བ་རྒུ་རུམ་པ་དང༌། བག་སྟོན་གཞོན་ཚུལ་དང༌། ཚུལ་རྒྱལ་བ་གཉིས་སྣང་ཐར་པ་ཡིན། ཆོས་དབྱིངས་པ་ཆོས་བཀྲ་ཤིས་ཀུན་དགའ་སེང་གེ ཆོས་ཀྱི་སེང་གེ འཇམ་དབྱངས་བློ་གྲོས། བློ་རྒྱལ་བ། ཚུལ་ཁྲིམས་རྣམ་རྒྱལ། དོན་གྲུབ་པ་རྣམས་ཀྱང་རྭ་བན་ཁོ་ནའོ། །དེ་ལྟར་ན་འཇམ་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་བརྒྱུད་ཡིག་འདི་ཡང་འགའ་ཞིག་གིས་བསྐུལ་ནས། ཏཱ་ར་ནཱ་ཐས་སྨྲས་པའོ། །བཀྲ་ཤིས། འདིར་འབད་དགེ་བ་རྣམ་པར་དཀར་པའི་མཐུས། །བདག་ལུས་བོར་ཚེ་དཔལ་ལྡན་ཤམྦྷ་ལར། །རིགས་ལྡན་རྒྱལ་པོའི་འཁོར་དུ་ལེགས་སྐྱེས་ནས། །དུས་འཁོར་བསྟན་ལ་བྱ་བ་བྱེད་པར་ཤོག །ཅེས་པ་འདི་ནི་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་སྨོན་ལམ་བཏབ་པའོ། །


TNT06_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གང་འདུལ་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱིས། །མཐའ་ཡས་འགྲོ་ཀུན་ཐར་པའི་ལམ་དུ་འདྲེན། །འཇམ་པའི་རྡོ་རྗེ་གཤིན་རྗེ་ཚུལ་འཛིན་པ། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །རྩོམ་ཆེན་དབུས་སུ་སྣ་ཚོགས་པད་ཉིའི་སྟེང༌། ཁྲོ་བརྗིད་དཔའ་བོའི་གར་གྱིས་དགེ་གུར་རོལ། །སྒྲུབ་ལ་མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །རྩོལ་མཛད་འཁོར་ལོའི་མགོན་པོའི༴ འབར་བའི་སྐུ་ལ་གཟི་བརྗིད་མཐའ་ཡས་འཆང༌། །སྣ་ཚོགས་མཚོན་ཆའི་རླབས་འཕྲེང་འཁྲིགས་པའི་ཕྱག །ནད་གདོན་བགེགས་རྣམས་ཞབས་ཀྱིས་འོག་ཏུ་གནོད། ཁྲོ་རྒྱལ་གཤིན་རྗེ་གཤེད་པོའི༴ ལྷ་དགུའི་རང་བཞིན་རྣམ་པར་འགྱུར་བའི་ཞལ། །འཕོ་མེད་ལྷན་སྐྱེས་བདེ་ཆེན་རྟགས་ཀྱིས་མཚན། །འོད་གསལ་རྣམ་པ་ཀུན་ལྡན་དཀྱིལ་འཁོར་གཙོ། །བཅོམ་ལྡན་འཇིགས་མཛད་ཆེན་པོའི༴ དཀྱིལ་འཁོར་ཆེན་པོའི་ཕྱི་ནང་ཕྱོགས་མཚམས་སུ། །སྲིད་གསུམ་དྲེགས་པ་མ་ལུས་འདུལ་བྱེད་སྐུ། །སྣ་ཚོགས་དབྱིངས་དང་མཚན་མའི་དཀྱིལ་འཁོར་པ། །ལས་ཀུན་ཐོགས་མེད་འགྲུབ་པའི༴


TNT06_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་གཤིན་རྗེ་སྲིན་པོ་འདུལ་བའི་སྐུ། །བདུད་ཀྱི་དཀྱིལ་འཁོར་འཇོམས་མཛད་རོ་ལངས་བརྒྱད། །ཕྱོགས་བཅུའི་ཞིང་དུ་ཐོགས་མེད་རྫུ་འཕྲུལ་འགྱེད། །འཇིགས་བྱེད་ཆེན་པོ་རྣམས་ཀྱི༴ རིན་ཆེན་ལས་གྲུབ་ཡེ་ཤེས་ལྔ་ཡི་དངོས། །གཞལ་མེད་ཁང་བཟང་སྣ་ཚོགས་རྒྱན་གྱིས་སྤྲས། །རྒྱལ་བའི་ཡོན་ཏན་མཐའ་དག་རྒྱས་པའི་ཞིང༌། །ཡེ་ཤེས་དཀྱིལ་འཁོར་ཆེན་པོའི༴ སྡང་དང་གདུག་ཅན་མ་ལུས་འདུལ་བའི་ཞིང༌། །བྲན་དང་ཕོ་ཉ་མཁའ་འགྲོ་ཚོགས་ཀྱི་བསྟེན། །སྲིད་པའི་སྡུག་བསྔལ་རྒྱུ་བཅས་སྤངས་པའི་དངོས། །འཇིགས་རུང་དུར་ཁྲོད་བརྒྱད་ཀྱི༴ ལྟ་ངན་འཇོམ་བྱེད་སྣ་ཚོགས་རྡོ་རྗེ་དང༌། །དོན་དམ་མཁྱེན་པའི་ཉིན་ཕྱེད་འོད་བརྒྱ་འབར། །སྐྱོན་བྲལ་འདབ་མ་འབུམ་ལྡན་པད་མའི་གདན། །དཀྱིལ་འཁོར་བཞི་ཡི་དགེ་ལེགས༴ མི་ཕྱེད་རྡོ་རྗེ་ས་གཞི་རྭ་བ་གུར། །བར་ཆད་བདུད་སྡེ་གཡུལ་ལས་རྣམ་རྒྱལ་བ། རབ་འབར་མེ་དཔུང་འཕྲོ་བའི་གཟི་འོད་ཅན། །སྲུང་བྱེད་བཀའ་ཡི་འཁོར་ལོའི༴ དུས་གསུམ་གཤེགས་པའི་རྒྱལ་བ་སྲས་བཅས་ཀུན། །གཅིག་བསྡུས་འཇམ་དཔལ་འཁྲོས་པའི་དཀྱིལ་འཁོར་དུ། །རྒྱལ་བའི་འཕྲིན་ལས་ཀུན་འདུས་དམ་ཚིག་ཅན། །ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བཀྲ་ཤིས་ཤོག །རྡོ་རྗེ་ཐེག་པའི་ལམ་བཟང་དར་བ་དང༌། །བར་ཆད་བགེགས་ཀྱི་མཚན་མ་ཀུན་ཞི་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་ཞིང༌། །འགྲོ་དོན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །ཏཱ་ར་ནཱ་ཐས་སྨྲས་པའོ།། །།

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སྙིང་པོ།


TNT06_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སྙིང་པོ་བཞུགས།


TNT06_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་བཛྲེ་བྷྱཿ བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབས་ཐབས། བླ་མ་དང་འཇམ་པའི་རྡོ་རྗེ་རབ་ཏུ་ཁྲོས་པ་ལ་ཕྱག་འཚལ་ལོ། །འདིར་འཇམ་པའི་རྡོ་རྗེ་དཔལ་འཇིགས་མཛད་ཆེན་པོ་སྒྲུབ་པར་འདོད་པས། དུར་ཁྲོད་ལ་སོགས་པར་དབུགས་བྲལ་གྱི་གདན་ལ་འདུག་སྟེ། འདི་སྐད་དོ། །བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་


TNT06_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ། །འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅད་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །དེ་ལྟར་སྐྱབས་འགྲོ་སེམས་བསྐྱེད་དེ་དག་ནི་མང་ཉུང་ཇི་ལྟར་རིགས་པར་བྱ་ཞིང༌། དེ་རྗེས་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱིས་རྒྱུད་སྦྱང་བ་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ། ཧཱུཾ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་རང་དང་མཚུངས་པས་འཁྱུད་པ། དམ་ཚིག་སེམས་དཔའ་དང༌། ཡེ་ཤེས་སེམས་དཔའ་གཉིས་སུ་མེད་པའི་ངོ་བོ་མི་བསྐྱོད་པའི་དབུ་རྒྱན་ཅན་དུ་གྱུར། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཟླ་བ་སྔགས་འཕྲེང་དང་བཅས་པའོ། །བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དམ་ཚིག་ཉམས་ཆགས་


TNT06_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་མཛད་དུ་གསོལ། ཨོཾ་བཛྲ་སཏྭ་ས་མཱ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ། ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ། བྷ་ག་ཝན། སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ་བཛྲིར་བྷ་ཝ། མཧཱ་ས་མ་ཡ་སཏྭ་ཨ། ཞེས་པ་ཅི་ནུས་བཟླས་མཐར། ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །ཕྱག་འཚལ་འདུད་ལ་ཕྱག་འཚལ་འདུད། །གུས་པས་ཁྱོད་ལ་ཕྱག་འཚལ་འདུད། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱོབ་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས། སྐད་ཅིག་གིས་རང་རྡོ་རྗེ་འཇིགས་བྱེད་དུ་གྱུར་པའི་སྙིང་ཁར་པད་ཉི་ལ་ཧཱུཾ་ནག་པོ་མཆོག་ཏུ་འབར་བའི་འོད་ཀྱིས། བླ་མ་མི་བསྐྱོད་པས་གཙོ་བོའི་དབུ་རྒྱན་དུ་བྱས་པའི་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ། ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མོ་བཛྲ་བྷཻ་ར་ཝ་མཎྜལ་བྷྱཿ གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །


TNT06_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །འཁོར་བའི་འདམ་རྫབ་ནང་གནས་པ། །ཐུགས་རྗེའི་ཕྱག་གིས་དྲངས་མཛད་ནས། །ཡེཤེས་བདུད་རྩིས་ཚིམ་མཛད་པ། །བླ་མའི་ཞབས་ཀྱི་པདྨོར་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་འདུད། །ཨོཾ་བཛྲ་ལཱ་སྱ་ཧཱུཾ། །ཨོཾ་བཛྲ་མཱ་ལེ་ཏྲཾ། ཨོཾ་བཛྲ་གིརྟི་ཧྲིཿ ཨོཾ་བཛྲ་ནྲྀ་ཏི་ཨཱཿ ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཏྲཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཿ ཞེས་ཕྱག་དང་བཅས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཡན་ལག་བདུན་པ་དང༌། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །ཞེས་སོགས་རིགས་ལྔའི་སྡོམ་བཟུང་དང༌། ཚད་མེད་བཞི་ཡང་སྤྱི་དང་མཐུན་པར་བརྗོད་ཅིང་སྒོམ། དེ་ཉིད་བྱང་ཆུབ་ཀྱི་སེམས་དང་འགྲེལ་བ་ཡང་སྒོམ་པར་བཤད་ལ། བསྡུ་ན་རིགས་ལྔའི་སྡོམ་བཟུང་མ་བྱས་ཀྱང་ཆོག་གོ །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ། གདེངས་ཀ་གྱེན་དུ་ཕྱོགས་པའི་ནང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་མཐིང་ནག་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། རྡོ་རྗེའི་ས་གཞི་རྭ་གུར་བླ་རེ་དང་བཅས་པ། ཕྱི་རོལ་རྡོ་རྗེའི་མེས་གཏམས་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེའི་དབུས་སུ་མི་མགོ་སྐམ་པོའི་རྭ་བ་ཟླུམ་པོ་སྒོ་གཅིག་པ། ཕྱི་ནང་གི་


TNT06_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཞི་ཐམས་ཅད་ཁྲག་ཞག་འཁྲུགས་པ། སྟེང་ཀེང་རུས་ཀྱི་ཀ་གདུང་གིས་ཕུབ་པ། གཡང་གཞིའི་བླ་རེ་དང༌། རྒྱུ་རློན་གྱི་ལྡ་ལྡི་ལ་སོགས་པས་བརྒྱན་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་དང་རིན་པོ་ཆེའི་ཏོག་གིས་བརྒྱན་པ། དེའི་ཕྱི་རོལ་ཏུ་གཏུམ་དྲག་ལ་སོགས་པ་དུར་ཁྲོད་ཆེན་པོ་འཇིགས་སུ་རུང་ཞིང་ཀྱི་གཡའ་བ་བརྒྱད་ཀྱིས་བསྐོར་བ་སྟེ། དེ་དག་ཏུ་ན་ག་གེ་སར་ལ་སོགས་པ་ཤིང་ཆེན་པོ་བརྒྱད་དང༌། བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་བརྒྱད་དང༌། གཞན་ཡང་ཞིང་སྐྱོང་བ་བརྒྱད་དང༌། ཆུ་དང༌། མེ་དང༌། ཀླུ་དང༌། སྤྲིན་དང༌། རི་དང༌། མཆོད་རྟེན་རྣམས་ཀྱང་བརྒྱད་བརྒྱད་དང་བཅས་པ། མ་མོ་དང༌། སྲིན་པོ་དང༌། ཤ་ཟ་དང༌། གཤིན་རྗེ་དང༌། རོ་ལངས་ལ་སོགས་པ་འབྱུང་པོའི་ཚོགས་ལང་ལོང་དུ་རྒྱུ་ཞིང༌། ཧ་ཧའི་སྒྲ་དང༌། ཀུ་ཅོ་བྲག་ཆ་དང་བཅས་ལྷང་ལྷང་བོར་འབོད་པ། མདུང་ལ་བསྐྱོན་པ་དང༌། ཤིང་ལ་དཔྱངས་པ་དང༌། མེས་ཚིག་པ་ལ་སོགས་པའི་རོ་སྣ་ཚོགས་དང༌། ཀེང་རུས་དང༌། རོ་མགོ་མེད་གར་བྱེད་ཅིང༌། རུས་པ་དང༌། ཁྲག་དང༌། ཤ་དང༌། ཀླད་པ་འཐོར་བ་དང༌། དུམ་བུས་ཁེབས་པ་དང༌། བྱ་དང་གཅན་གཟན་སྣ་ཚོགས་འཐབ་པ་དང་འཁྲུག་པ་དང་ང་རོ་འདོན་པ། འབྱུང་པོ་རྣམས་ཀྱི་སྤྱོད་པ་སྣ་ཚོགས་པས་ཡིད་བསྒྱུར་བར་བྱེད་པ་དང༌། དཔའ་བོ་དང་རྣལ་འབྱོར་མ་དང་སྒྲུབ་པ་པོ་དང་གྲུབ་པའི་རིག་འཛིན་རྣམས་དམ་ཚིག་གིས་སྤྱོད་པ་དང༌། འཇིགས་པ་མེད་པར་ཐོད་རྔའི་སྒྲ་དང་བཅས་ཏེ་གར་བྱེད་པ་དང༌། གྲུབ་པའི་རྫས་


TNT06_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡོ་བྱད་དང༌། མཆོད་རྫས་སྣ་ཚོགས་པས་གང་བའོ། །གཞལ་མེད་ཁང་གི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་ཁ་དོག་ཅན་གྱི་སྟེང་དུ། སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལས་ཟླ་བ་ལ་དྷཱིཿལས་རལ་གྲི་དྷཱིཿས་མཚན་པ་ཡོངས་སུ་གྱུར་པ་ལས། འཇམ་དཔལ་གཞོན་ནུར་གུར་གུམ་གཞོན་ནུའི་མེ་ཏོག་རྒྱས་པ་ལྟར་དམར་སེར། ཕྱག་གཡས་རལ་གྲི་འཕྱར་བའི་ཚུལ་གྱིས་འཛིན་ཅིང༌། གཡོན་ཐུགས་ཁར་ཨུཏྤལ་སྔོན་པོ་ཁ་བྱེ་བ་ལ་གནས་པའི་པོ་ཏི་བསྣམས་པ། ཞི་ཞིང་སྒེག་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་མཚན་དཔེ་རྫོགས་པ། བརྒྱད་གཉིས་ལོན་པའི་ན་ཚོད་ཅན། བུང་བ་ལྟར་གནག་པའི་དབུ་སྐྲའི་ཐོར་ཚུགས་ཟུར་ཕུད་ལྔ་དང་བཅས་པས་མཛེས་པ། རྡོ་རྗེའི་གདན་གྱིས་བཞུགས་པའི་ཐུགས་ཀར་ཨ་ལས་བདུན་པའི་བདག་པོ་ལ་གནས་པའི་ཧཱུཾ་ལས་འོད་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་རིག་མ་ཁྲོ་བོ་ལ་སོགས་པ་སྤྱན་དྲངས། འཇམ་དཔལ་ཟླ་བ་དང་བཅས་པ་དེ་ཐམས་ཅད་ཉི་མ་ལ་ཐིམ་པས། ཚ་ཟེར་འབར་བ་དཔག་ཚད་འབུམ་དུ་ཁྱབ་པར་གྱུར། ཡང་དེའི་འོད་ཟེར་གྱིས། ཨཱ་ལི་ཀཱ་ལི་དང༌། སྔགས་འཕྲེང་རྣམས་སྤྱན་དྲངས་ཏེ་བསྟིམས་པས། ཧཱུཾ་ནག་པོ་འོད་ཟེར་ལྔ་ལྡན་དུ་གྱུར། དེའི་འོད་ཀྱིས་དེ་བཞིན་གཤེགས་པ་ལ་སོགས་པའི་ཐུགས་ཡེ་ཤེས་ཆེན་པོ་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་ཐིམ་པས། ཧཱུཾ་དེ་ཉིད་རྡོ་རྗེ་ཆེན་པོ་མཐིང་ནག་རྩེ་


TNT06_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བ་རྭ་གདེངས་པ་འོད་འབར་བར་གྱུར། དེ་ལས་དེ་བཞིན་གཤེགས་པ་ལ་སོགས་པ་དང༌། རྡོ་རྗེ་ཕྲ་མོ་མཐའ་ཡས་པ་སྤྲོས། སྡང་བ་དང་གདུག་པ་རྣམས་ཚར་བཅད། སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད། ཞིང་ཁམས་དག་པར་བྱས། དེ་རྣམས་དང་འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཚད་མེད་པ་སྤྱན་དྲངས་ཏེ། དེ་དག་ཐམས་ཅད་གཅིག་ཏུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་སྐུ་མདོག་དུས་མཐའི་སྤྲིན་དང་མུན་པ་ལྟར་གནག་ཅིང་ངམ་ཟ་བ། ཞལ་དགུའི་རྩ་ཞལ་མཐིང་ནག་མ་ཧེ་ནག་པོ་རབ་ཏུ་ཁྲོས་པའི་གདོང༌། རྭ་སྔོ་སངས་ཤིན་ཏུ་རྣོ་ཞིང༌། རྡོ་རྗེའི་མེ་ལྕེ་ལྷབ་ལྷབ་འབར་བས་ཕྱོགས་ཐམས་ཅད་གནོན་པ། རྭའི་གཡས་ཕྱོགས་ཀྱི་ཞལ་གསུམ་སྔོན་པོ། དམར་པོ། སེར་པོ་སྟེ་ཤིན་ཏུ་ཁྲོས་པ། རྭའི་གཡོན་ཕྱོགས་གྱི་ཞལ་གསུམ་དཀར་པོ། དུད་ཁ། ནག་པོ་སྟེ། མཆེ་བ་གཙིགས་པ། རྭ་གཉིས་ཀྱི་དབུས་སུ་སྟེང་ཞལ་དམར་པོ། ཞལ་ནས་ཁྲག་འཛག་པ། སྲིན་པོ་ལྟར་ཆེས་འཇིགས་ཤིང་ཧ་ཧ་ཕཻཾ་ཞེས་དྲག་ཏུ་བཞད་པ། དེའི་སྟེང་དུ་འཇམ་དཔལ་གཞོན་ནུའི་ཞལ་གསེར་མདོག་ཡིད་ཙམ་ཁྲོ་ཞིང་འཛུམ་པ། ཟུར་ཕུད་ལྔ་ལྡན་བྱིས་པའི་རྒྱན་བཟང་པོས་སྤྲས་པ། ཞི་བའི་སྤྱན་གསུམ་པ། ཁྲོ་ཞལ་ཐམས་ཅད་རྡོ་རྗེ་གད་མོ་དྲག་ཏུ་རྒོད་ཅིང༌། ཧཱུཾ་ཕཊ་གྱི་སྒྲ་གནམ་དུ་འབོད་པ། དགྲ་བགེགས་ཀྱི་ཤ་དང་རྐང་དང་ཚིལ་ཟ་བ། རྣམ་པར་འགྱུར་བའི་ཞལ། ཁྲོ་གཉེར་བསྡུས་པའི་འགྲམ་


TNT06_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབར་བའི་སྨིན་མ་འཁྱོག་པོར་བཅུས་ཤིང༌། དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་སྡང་མིག་ཏུ་བལྟ་ཞིང་བཟློག་པ། སྐྲ་སེར་པོ་གྱེན་དུ་འབར་བ། མེ་སྟག་ལྟ་བུའི་སྨིན་རྫི་དང༌། སྨ་ར་དང༌། བ་སྤུ་ཅན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་སྡིགས་མཛུབ་ཀྱིས་བསྡིགས་པ། མི་བཟད་པའི་ཞལ་རྣམས་མཆེ་བ་རྣོན་པོ་བཞི་བཞི་དང་བཅས་པ། ལྗགས་འགྲིལ་བ། འཇིགས་པ་ཆེན་པོ་དུས་ཀྱི་རླུང་དང་འབྲུག་སྟོང་ལྡིར་བ་ལྟ་བུའི་མཚམ་རྔམ་ཀྱི་སྒྲའི་གད་རྒྱངས་ཀྱིས་བདུད་སྡེའི་སྙིང་འགས་པ། ལང་ཚོ་ལ་བབ་པ། སྐུ་ལུས་ཆེ་ཞིང་རགས་པའི་ཡན་ལག་དང་ཉིང་ལག་སྦོམ་ཐུང་ཧྲགས་ཤིང་འཁྲང་བག་ཅན། སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། རབ་ཏུ་རྒྱས་པའི་ལིངྒ་གྱེན་དུ་སྒྲེང་བ། ཕྱག་སུམ་ཅུ་རྩ་བཞིའི་དང་པོ་གཉིས་ཀྱིས་རྡོ་རྗེས་མཚན་པའི་གྲི་གུག་དང༌། ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། གཡས་ལྷག་མ་རྣམས་ཀྱིས། འཕང་མདུང༌། གཏུན་ཤིང༌། ཆུ་གྲི། རྡོ་རྗེ་རྩེ་གཅིག་པ། སྟ་རེ། མདུང་རིང༌། མདའ། ལྕགས་ཀྱུ། དབྱུག་པ། ཁ་ཊྭཱཾ་ག འཁོར་ལོ། རྡོ་རྗེ་རྩེ་ལྔ་པ། ཐོ་བ། རལ་གྲི། རྔེའུ་ཆུང་རྣམས་འཛིན་པ། གཡོན་ལྷག་མ་རྣམས་ཀྱིས། མགོ ཕུབ། རྐང་པ། ཞགས་པ། གཞུ། རྒྱུ་མ། དྲིལ་བུ། ལག་པ། རོ་རས། སྐྱེས་བུ་གསལ་ཤིང་ལ་བཙུགས་པ། མེ་ཐབ། ཐོད་ཚལ་གྱི་ཁ་ཕོར་བདུད་རྩིས་གང་བ། སྡིགས་མཛུབ། བ་དན་རྩེ་གསུམ་པ། རླུང་གིས་བསྐྱོད་པའི་རས་རྣམས་འཛིན་པ།


TNT06_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་གཉིས་ཀྱིས་གླང་པོ་ཆེའི་པགས་རློན་ཁྲག་འཛག་པ་སྟོད་གཡོགས་སུ་བྱས་པའོ། །ཞབས་བཅུ་དྲུག་གཡས་བསྐུམ་གཡོན་བརྐྱང་བ། གྱད་ཆེན་པོའི་སྟོབས་ཀྱིས་སྲིད་པ་གསུམ་བསྐྱོད་ཅིང་འདར་བར་བྱེད་པས་ལྷག་པར་བརྗིད་པའི་སྟབས་ཀྱིས་བཞུགས་པའི་གཡས་བརྒྱད་ཀྱིས། མི། མ་ཧེ། གླང༌། བོང་བུ། རྔ་མོང༌། ཁྱི། ལུགཝ་རྣམས་དང༌། གཡོན་བརྒྱད་ཀྱིས། བྱ་རྒོད། འུག་པ། བྱ་རོགནེ་ཙོ། བོང་ཁྲ། བྱ་ཆེན་པོ། རི་སྐེག བཞད་རྣམས་གནོན་པ། དེ་རྣམས་ཀྱི་འོག་ཏུ། ཚངས་པ། དབང་པོ། ཁྱབ་འཇུག དྲག་པོ་སྡེ་བདུད་བཞི་དང༌། གཞོན་ནུ་གདོང་དྲུག་ལ་སོགས་པ་རྣམས་ཁ་བུབ་ཏུ་བསྒྱེལ་ནས་མནན་པ། གཅེར་བུ་ཤིན་ཏུ་གཏུམ་པ། འཇིགས་སུ་རུང་བའི་ཐོད་སྐམ་ལྔ་ལྔས་དབུ་བརྒྱན་པ། མི་མགོ་ཁྲག་འཛག་པ་བརྒྱ་ཕྱེད་རྒྱུ་རློན་ལ་བརྒྱུས་པའི་དོ་ཤལ་དང༌། གདུག་པའི་སྦྲུལ་ནག་པོའི་མཆོད་ཕྱིར་ཐོགས་དང༌། རུས་པའི་རྒྱན་དྲུག་དང༌། ཁྲག་དང་ཞག་དང༌། ཐལ་ཆེན་གྱིས་སྤྲས་པ། སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་སྤྲོ་བ། འཇིག་དུས་ཀྱི་མེ་ལྟར་དྲག་ཏུ་འབར་ཞིང་འཁྲུག་པའི་མེ་དཔུང་གི་ཀློང་ན་བཞུགས་པ། འཇིག་རྟེན་གསུམ་པོས་ལྟ་བར་ཡང་མི་བཟོད་པའི་བདག་ཉིད་དུ་གྱུར། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ནག་པོ། མིག་ཏུ་ཀྵིཾདཀར་པོ་སའི་སྙིང་པོ། རྣ་བར་ཛྲིཾ་སྔོན་པོ་ཕྱག་ན་རྡོ་རྗེ། སྣ་ལ་ཁཾ་སེར་པོ་ནམ་མཁའི་སྙིང་པོ། ལྕེ་ལ་གཾ་དམར་པོ་འཇིག་རྟེན་


TNT06_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག དཔྲལ་བར་སྐཾ་ལྗང་ཁུ་སྒྲིབ་པ་རྣམ་སེལ། ལྟེ་བར་སཾ་དཀར་པོ་ཀུན་ཏུ་བཟང་པོ། སྤྱི་བོར་ཨོཾ་དཀར་པོ་སྐུ་རྡོ་རྗེ། མགྲིན་པར་ཨཱཿདམར་པོ་གསུང་རྡོ་རྗེ། ཐུགས་ཀར་ཧཱུཾ་སྔོན་པོ་ཐུགས་རྡོ་རྗེ་རྣམས་སུ་གྱུར། དེ་ལས་འཕྲོས་པའི་འོད་ཟེར་མཁའ་དབྱིངས་ཐམས་ཅད་དུ་སོན་པས། རང་བཞིན་གྱི་གནས་ནས། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཨོཾ་བཛྲ་ས་མ་ཛཿ ཞེས་སྤྱན་དྲངས། ཨོཾབཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏྱེ། ཞེས་སྦྱར་བས་མཆོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། ཁྱེད་ཀྱིས་བདག་ལ་དབང་བསྐུར་ཅིག །ཅེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ། ཞེས་གསུང་ཞིང་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང༌། དྲི་མ་ཐམས་ཅད་སྦྱངས། རྡོ་རྗེ་ཁྲོ་བོའི་མཐུ་སྟོབས་དང་འཕྲིན་ལས་ཐམས་ཅད་ལ་དབང་བར་བྱས། ཆུའི་དྭངས་མ་སྤྱི་བོར་འཁྱིལ་བ་ལས། མི་བསྐྱོད་པས་དབུ་བརྒྱན། ཨོཾ་བཛྲ་ཨངྒུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་གནས་གསུམ་ཏུ་གཏུགས་ལ། ཧྲཱིཿཥྚཱིཿལན་གསུམ་


TNT06_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། ཨོཾ་བཛྲ་བྷཻ་ར་ཝ་རཱུ་པ་བཛྲ་ཨཱཿཧཱུཾ། དེ་བཞིན་དུ། ཤཔྟ། གནྡྷེ། ར་ས། སྤརྴེ། ཨོཾ་བཛྲ་བྷཻ་ར་ཝ་དྷརྨ་དྷ་ཏུ་བཛྲི་ཨཱཿཧཱུཾ། ཨོཾ་བཛྲ་ལཱ་སྱེ་ཧཱུཾ། སོགས་གོང་བཞིན་དང༌། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང༌། །ཤེལ་ལ་ཚོན་ནི་ཇི་བཞིན་དུ། །འདོད་ཡོན་ལྔ་དང་ཆོས་རྣམས་ལ། །རྣལ་འབྱོར་རྟག་ཏུ་སྤྱོད་པར་ཤོག །ཨ་ལ་ལ་ཧོ། རོལ་དུ་གསོལ། བསྣམས་པར་མཛོད། མི་འཛིན་སྒྱུ་མ་ལྟ་བུ་ལ། །དགེས་པའི་གར་གྱིས་རོལ་བར་མཛོད། །རེག་བྱ་འགག་པ་མེད་པ་ལ། །མིག་ཡོར་བཞིན་དུ་རོལ་ཏུ་གསོལ། །ཧོཿཆགས་པ་མེད་ཅིང་ཆགས་པ་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཧཱུཾ། དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །ཞེ་སྡང་གཤིན་རྗེ་གཤེད་པོ་ནི། །སྤྲོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེས་སྤྲུལ་པའི་སྐུར་བསྟན་པའི། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཆེན་ཁྱོད་ལ་འདུད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། འཁྱུད་རྒྱ་དང་བཅས་པས་བདེ་བ་སྒོམ་པར་མོས་ལ། ཨོཾ་ཨཱཿཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །ནང་མཆོད་འདུས་བྱས་ལ། ཨོཾ་ཨཱཿབིགྷྣཱནྟ་ཀྲིཏ་ཧཱུཾ་ཕཊ། ཞེས་པས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་


TNT06_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། དེའི་ནང་དུ་དབུས་སུ་ན་ལས་མིའི་ཤ་ཡ་ཡིག་གིས་མཚན་པ། ཤར་དུ་གོ་ལས་བ་ལང་གི་ཤ་ཀྵེས་མཚན་པ། ལྷོར་ཀུ་ལས་ཁྱིའི་ཤ་མས་མཚན་པ། ནུབ་ཏུ་ད་ལས་རྟའི་ཤ་མེས་མཚན་པ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ་དས་མཚན་པ། དབུས་གྱི་སྟེང་དུ་ཤུ་ལས་བྱང་སེམས་ཧཱུཾ་གིས་མཚན་པ། ཤར་ལྷོར་བི་ལས་དྲི་ཆེན་ཛས་མཚན་པ། ལྷོ་ནུབ་ཏུ་མུ་ལས་དྲི་ཆུ་སས་མཚན་པ། ནུབ་བྱང་དུ་མཾ་ལས་ཀླད་པ་དོས་མཚན་པ། བྱང་ཤར་དུ་ར་ལས་རཀྟ་རུས་མཚན་པ། རང་གི་སྙིང་ག་ནས་འོད་འཕྲོས། རླུང་གཡོས། མེ་སྦར། ཤ་ལྔ་བདུད་རྩི་ལྔ་ཡི་གེ་བཅུ་དང་བཅས་པ་ཞུ། སྤྲིས་མ་སྣ་ཚོགས་རྡོ་རྗེའི་ཚུལ་དུ་ཆགས་པའི་ལྟེ་བར་ཞེ་སྡང་གཤིན་རྗེ་གཤེད། ཤར་དུ་གཏི་མུག་གཤིན་རྗེ་གཤེད། ལྷོར་སེར་སྣ་གཤིན་རྗེ་གཤེད། ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད། བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་རྣམས་རང་རང་གི་ཡུམ་དང་བཅས་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས། ཡབ་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེ་ལམ་ནས་ཡུམ་རྣམས་ཀྱི་པདྨར་བབས་པས། ཡབ་ཡུམ་བཅུ་རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས། རྫས་རྣམས་ལ་ཐིམ་པས། ཁ་དོག་དང༌། དྲི་རོ་ནུས་པ་ཕུན་སུམ་ཚོགས་པ། བདུད་


TNT06_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་བླངས་ཏེ་ལྕེ་ཐོག་ཏུ་བཞག་ལ་འབྲུ་གསུམ་བརྗོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭཱ་ད་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། དེ་ནས་མན་ངག་ལྟར་བཟླས་པའི་དམིགས་པ་གསལ་བཏབ་ལ། སྔགས་བཟླས་པར་བྱ་སྟེ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ། ནི་རཱ་མ་ཡ་ཧཱུཾ་ཕཊ། རྩ་སྔགས་སོ། །ཨོཾ་ཧྲཱིཿཥྚཱིཿབི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། སྙིང་པོའོ། །ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གྱུར། དེ་ཐམས་ཅད་འོད་དུ་ཞུ། བསྲུང་བའི་འཁོར་ལོ་ལ་ཐིམ། དེ་འོད་དུ་ཞུ། གཞལ་ཡས་ཁང་ལ་ཐིམ། དེ་འོད་དུ་ཞུ། རང་ཉིད་ལ་ཐིམ། རང་གི་ཞལ་ཕྱག་རྣམས་རྩ་བའི་ཞལ་ཕྱག་ལ་ཐིམ། དེ་ཡང་འོད་གསལ་དུ་ཞུགས། སླར་ཡང་རང་ཉིད་ཕྱག་གཉིས་པར་འགྱུར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། མིག་ཏུ་ཀྵིཾ། རྣ་བར་ཛྲིཾ། སྣ་ལ་ཁཾ། ལྕེ་ལ་གཾ དཔྲལ་ལ་སྐཾ། ལྟེ་བར་སཾ་རྣམས་ཀྱིས་རྒྱས་བཏབ་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། གཏོར་མ་འབུལ་བར་འདོད་ན། ལག་ལེན་ལྟར་གཏོར་མ་བཤམས་ལ། ནང་མཆོད་བྱིན་བརླབས་ཀྱི་སྐབས་ལྟར་བྱིན་གྱིས་བརླབས། མདོར་བསྡུ་ན། མདུན་དུ་དཀྱིལ་འཁོར་གྱི་འཁོར་ལོ་སྐད་ཅིག་ཙམ་གྱིས་གསལ་བཏབ་ཅིང་གཏོར་མ་ཕུལ་བས་ཆོག་ལ། རྒྱས་པ་ལ་སྤྲོ་ན། སྭ་བྷཱ་


TNT06_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་གྱི་ནམ་མཁར་པཾ་ལས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར། མཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་དུས་མཐའི་སྤྲིན་དང༌། ཞེས་པ་ནས། བདག་ཉིད་དུ་གྱུར། མིག་ཏུ་ཀྵིཾ་དཀར་པོ། ཞེས་པ་ནས། ཆུའི་དྭངས་མ་སྤྱི་བོར་འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན། ཞེས་པའི་བར་གོང་བཞིན། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ལྷ་ཐམས་ཅད་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་འོད་ཟེར་གྱི་སྤུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། སྔགས་གསུམ་ཀའམ་སྙིང་པོའི་མཐར། སརྦ་བིགྷྣཱན་ཤ་ཏྲུན་མཱ་ར་ཡ་ཨི་དམ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ། ལན་བདུན་གྱིས་ཕུལ། ཨོཾ་བཛྲ་ལཱ་སྱ་ཧཱུཾ། སོགས་ཀྱིས་མཆོད་སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་ནང་མཆོད་ཕུལ། གཟུགས་ལ་སྒྲ་སོགས་དྲུག་པོ་ནི། །ཞེས་པ་ནས། དུད་ཁ་མུན་ཆེན་ཁྱོད་ལ་འདུད། །གཤིན་རྗེ་གཤེད་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཞེས་པའི་བར་གྱིས་འདོད་དོན་གསོལ་བ་བཏབ། གཏོར་མ་གཉིས་པ་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་རྣམས་ལ་འབུལ། གསུམ་པ་ཕྱོགས་སྐྱོང་རྣམས་ལ་འབུལ་ཏེ། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱི་རྩེ་མོ་ལས། ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཕྱོགས་སྐྱོང་ཐམས་ཅད་


TNT06_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་པར་གྱུར། ཡི་གེ་བཅུ་པའི་མཐར། ཧཱུཾ་ཨིནྡྲ་ཨ་དཱི་ནཾ་སརྦ་དུཥྟཾ་ཨཱ་ཀརྵ་ཡ་ཛཿ ཕྱོགས་བཅུར་འཁོད་པ་ནི། ཤར་དུ་བརྒྱ་བྱིན། ལྷོར་གཤིན་རྗེ། ནུབ་ཏུ་ཆུ་ལྷ། བྱང་དུ་གནོད་སྦྱིན། བྱང་ཤར་དུ་དབང་ལྡན། ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་སྲིན་པོ། ནུབ་བྱང་དུ་རླུང་ལྷ། དབུས་ཀྱི་གཡས་སུ་ཚངས་པ། གཡོན་དུ་སའི་ལྷ་མོ་རྣམས་རང་རང་གི་འཁོར་གྱི་ཚོགས་དཔག་ཏུ་མེད་པས་བསྐོར་བར་གྱུར། རྒྱས་པ་ལ་སྤྲོ་ན། ཞལ་ཕྱག་སོགས་རྫོགས་པར་བསྐྱེད་དོ། །སླར་ཡང་རང་གི་སྙིང་ག་ནས། ཁྲོ་བོ་ཕུར་བུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། དེ་རྣམས་ཀྱི་སྤྱི་བོར་ཕུར་བུས་བཏབ། ཡི་གེ་བཅུ་པའི་མཐར། ཨོཾ་ཨིནྡྲ་ཨ་དཱི་ནཾ་སརྦ་དུཥྟཾ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། གྲུབ་པའི་དངུལ་ཆུའི་བཅུད་ཀྱིས་རེག་པ་ན། ཁམས་རྣམས་གསེར་དུ་འགྱུར་བ་ཇི་ལྟར་བར། །རྡོ་རྗེ་ཕུར་བུས་རེག་པ་ཙམ་གྱིས་ཀྱང༌། །ཕྱོགས་སྐྱོང་འཁོར་བཅས་གཤིན་རྗེ་གཤེད་དུ་གྱུར། །ཐམས་ཅད་ཀྱང་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་གྲི་གུག་དང་ཐོད་པ་འཛིན་པ། མ་ཧེའི་གདོང་བ་ཅན། གཅེར་བུ་ལིངྒ་གྱེན་དུ་བསྒྲེང་བ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། རང་རང་གི་བཞོན་པའི་སྟེང་དུ་གཡོན་བརྐྱང་གིས་བཞུགས་པའོ། །དེ་ཐམས་ཅད་ཀྱི་མིག་ཏུ་ཀྵིཾ། ནས། རྒྱས་བཏབ་པར་གྱུར། གྱི་བར་གོང་ལྟར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དབང་གི་ལྷ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པ་ནས། ཆུའི་དྭངས་མ་སྤྱི་བོར་འཁྱིལ་བ་ལས་མི་


TNT06_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པས་དབུ་བརྒྱན། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཨིནྡྲ་ཡ་ཧྲཱིཿ ཡ་མ་ཡ་ཥྚཱིཿ ཝ་རུ་ཎ་ཡ་ཝི། ཀུ་བེ་ར་ཡ་ཀྲི། ཨཱི་ཤཱ་ན་ཡ་ཏ། ཨགྣེ་ཡེ་ཨ། ནི་རི་ཏྱེ་ན། ཝ་ཡ་ཝེ་ན། པྲཧྨ་ཡེ་ཧཱུཾ། བ་སུནྡྷ་ར་ཎ་ཡེ་ཕཊ། སརྦ་བྷུ་ཏེ་བྷྱོཿ ཧ་ཧ་ཧི་ཧི་ཧཱུཾ་ཧཱུཾ་ཕཻཾ་ཕཻཾ་ཕཊ་ཕཊ་སྭཱཧཱ། ཞེས་ལན་གསུམ་མམ་བཞི་ལ་སོགས་པ་གང་རིགས་ཀྱིས་ཕུལ་ལ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་བྷྱཿ ཞེས་སྦྱར་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧྲཱིཿཥྚཱིཿའི་མཐར་འབྲུ་གསུམ་བཏགས་ལ་ནང་མཆོད་ཕུལ། བདུད་བཞི་པོ་ནི་རྣམ་པར་འཇོམས། །དཔའ་བོ་གདུལ་དཀའ་འདུལ་མཛད་པ། །གཤིན་རྗེ་མཐར་བྱེད་ཕྱག་འཚལ་ཞིང༌། །ཕྱོགས་སྐྱོང་འཁོར་དང་བཅས་ལ་འདུད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་འཕྲིན་ལས་བཅོལ། གཏོར་མ་བཞི་པ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་འབུལ་ཏེ། གཞན་དུ་ཤེས་པར་བྱའོ། །སླར་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ལ་དམིགས་ལ། མཆོད་པ་བསྡུས་པ་ཞིག་བྱས་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ལྷ་ཚོགས་རྣམས་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དམ་ཅན་བསྲུང་མའི་ཚོགས་རྣམས་ཀྱིས་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བ་དང༌། དེའི་གཏོང་གྲོགས་མཛད་ཅིང༌། བར་ཆད་ཐམས་ཅད་བསྲུང་བ་དང༌། ཡིད་ལ་བསམ་པའི་དོན་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། ཞེས་དངོས་གྲུབ་བླང༌། ཡིག་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། མ་


TNT06_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་དང༌། ཞེས་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་གསོལ་བ་བཏབ། ཨོཾ་བཛྲ་བྷཻ་ར་ཝ་ས་པཱ་རི་ཝཱ་ར་བཛྲ་མུཿ ཨོཾ་ཀཱ་ལ་རཱུ་པ་ས་པཱ་རི་ཝཱ་ར་གཙྪ། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་གྱུར་པ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །བགེགས་དང་ལོག་པར་འདྲེན་པ་རྣམས། །གདུག་པ་འདུལ་ཕྱིར་དཔའ་བོ་ནི། །ཤིན་ཏུ་གཏུམ་པའི་ཁྲོ་གཟུགས་ཀྱིས། །མ་རུངས་པ་རྣམས་ཚར་གཅོད་ཤོག །གཞན་ཡང་སྨོན་ལམ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མང་དུ་བརྗོད་དོ། །ཅེས་པ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སྙིང་པོ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སོ་དགུ་པ་ལ་ཉེ་བར་སྦྱར་བའོ།། །།དགེ་ལེགས་སུ་གྱུར་ཅིག །༄། མཚན་བརྗོད་བསྡུས་པ་ནི། གཤེགས་སྙིང་རིགས་འདུས་སྒྱུ་འཕྲུལ་དྲྭ་བ་ཆེ། །རྡོར་དབྱིངས་གནས་ལུགས་ཡེ་ཤེས་རྣམ་ལྔའི་བདག །དགོངས་ཡིད་རོ་མཉམ་ངང་ནས་སྐྱབས་སུ་བསྟེན། །གློ་བུར་སྒྲིབ་ཀུན་མྱུར་ནས་དག་གྱུར་ཅིག །འདི་འབུམ་ཕྲག་དད་མོས་ཀྱིས་བཏོན་ན་གནས་ལུགས་ལ་རང་འཚམ་གྱི་བག་ཆགས་ཉམས་མྱོང་རེ་ཡོད་སྣང་བས། མ་ཏིས་སོ། །དུས་ཀྱི་འཁོར་ལོ་བླ་མ་དབྱེར་མེད་ལ། །གུས་པས་སྐྱབས་གསོལ་འདིར་བསགས་རབ་དཀར་མཐུས། །ཤམྦྷ་ལ་རུ་རིགས་ལྡན་སྲས་གྱུར་ཏེ། །བསྟན་འགྲོ་ཡོངས་ལ་རླབས་ཆེན་ཕན་ཐོགས་ཤོག །ཅེས་པའང་མ་ཏིས་སོ།། །།

དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་རོ་ལངས་བརྒྱད་སྐོར་གྱི་ཆོ་ག


TNT06_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་རོ་ལངས་བརྒྱད་སྐོར་གྱི་ཆོ་ག་བཞུགས།


TNT06_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག །བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །འཇམ་པའི་རྡོ་རྗེ་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའི་ཚོགས་བཅས་ཀུན། །གཅིག་བསྡུས་བླ་མ་དམ་པ་ལ། །དངོས་པོ་ཀུན་གྱིས་ཕྱག་བགྱིའོ། །གང་ཁྱོད་སྐུ་བཞིའི་རྒྱལ་སྲིད་ལ་གནས་ཏེ། །ཡིད་ཅན་མཐའ་དག་གདོད་མའི་རང་རྩལ་ལས། །དབང་བཞིའི་རྒྱལ་ཐབས་བྱེ་བའི་རང་གནས་སུ། །མངོན་པར་དབང་བསྐུར་བྱེད་པོས་སྐྱོང་གྱུར་ཅིག །ཕྱི་ནང་གསང་བ་དེ་ཉིད་དོན་དམ་པའི། །གཏོར་ཞིང་བླུགས་པའི་ངེས་གསང་རིན་པོ་ཆེ། །ཐབས་མཆོག་བྱིས་པའི་འཇུག་པ་དང་སྦྱར་བས། །སྐལ་བཟང་འདོད་འཇོའི་ངོ་མཚར་རྨད་བྱུང་སྤེལ། །འདི་ལ་སྔོན་དུ་འགྲོ་བ་བསྙེན་པའི་ཆོ་གདངོས་གཞི་དཀྱིལ་འཁོར་གྱི་ལས་རིམ། རྗེས་དམ་ཚིག་གི་ཚོགས་པ་སྟེ་གསུམ་ལས། དང་པོ་ནི་སྒྲུབ་ཐབས་ལས་འབྱུང་བ་བཞིན་ནོ། །གཉིས་པ་ལ། སའི་ཆོ་ག ལྷག་པར་གནས་པ། དཀྱིལ་འཁོར་ཞག་གི་ཆོ་ག དཀྱིལ་འཁོར་སྒྲུབ་པ། བདག་ཉིད་འཇུག་ཅིང་དབང་བླང་བ། སློབ་མ་གཞུག་ཅིང་དབང་བསྐུར་བ། དཀྱིལ་འཁོར་ཉེར་བསྡུའི་བྱ་བ་རྣམས་སོ། །དང་པོ་ལ་ས་བརྟག་པ་སོགས་སྤྱི་དང་མཐུན་ལ། འདིར་ངག་འདོན་དང་འབྲེལ་


TNT06_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཙམ་བརྗོད་ན། གཏོར་མ་སོགས་ཡོ་བྱད་རྣམས་ཚོགས་པར་བྱས་ནས། ཡི་གེ་བཅུ་པ་ཚར་གསུམ་བརྗོད། བདག་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྐུར་གྱུར། གཏོར་མ། ཡ་མཱནྟ་ཀས་བསངས། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། ཨོཾ་ཨིནྡྲ་ཡ་ཧྲཱིཿ ཞེས་པ་ནས་ཕཻཾ་ཕཻཾ་ཕཊ་ཕཊ་སྭཱཧཱའི་བར། ལན་གསུམ་ཀྱིས་ཕྱོགས་སྐྱོང་དང་འབྱུང་པོ་སྤྱི་ལ་ཕུལ། ཨ་ཀཱ་རོ་ལན་གསུམ་མམ་བདུན་གྱིས་གཞི་བདག་སོགས་ལ་ཕུལ་ནས། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱེད་ཀྱིས་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། རོལ་མོའི་སྒྲ་དང་བཅས་ཕྱིར་དོར། ཡང་དཀྱིལ་འཁོར་འདྲི་བར་འགྱུར་བའི་ས་གཞིར་དྲི་བཟང་གི་ཐིག་ལེའམ་ཚོམ་བུ་བཀོད། མདུན་དུ་མཆོད་གཏོར་བཤམས། ལག་པ་གཡས་པའི་སོར་མོ་གསུམ་བརྐྱང་བ་ས་ལ་རེག་སྟེ། ཚོམ་བུ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་སའི་ལྷ་མོ་གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་གཉིས་གཡས་དཔང་


TNT06_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ཁས་ལེན་པའི་ཕྱག་རྒྱ་དང༌། གཡོན་གསེར་གྱི་བུམ་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། ལྟེ་བ་ཡན་ཆད་སའི་དཀྱིལ་འཁོར་ནས་འཐོན་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ས་འོག་ནས་སའི་ལྷ་མོ་འཁོར་་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ སླར་ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿ ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། མཆོད་པ་བྱིན་རླབས་བསྡུས་པ་འོག་ཏུ་འཆད་འགྱུར་ལྟར་དང༌། གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་པྲི་ཐི་ཝཱི་དེ་ཝཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པཱདྱཾ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་ཀྱིས་གཏོར་མ་ཕུལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་འདྲི། །ཞེས་པ་ལན་གསུམ་གྱིས་གནང་བ་ཞུས་པས་གནང་བ་བྱིན་པར་མོས། སླར་ཡང་གོང་བཞིན་མཆོད་ལ། ཨོཾ་པྲི་ཐི་ཝཱི་བཛྲ་མུཿ ཞེས་ཚོམ་བུ་ནས་གཤེགས་སུ་གསོལ་ལ། ནམ་མཁའི་ཁམས་སུ་བཞུགས་པར་མོས། ཨོཾ་བྷུ་ཁཾ། ས་གཞི་ནམ་མཁའི་རང་བཞིན་དུ་གྱུར། ཧཱུཾ་ལཾ་ཧཱུཾ། ས་གཞི་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ།


TNT06_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ལན་མང་དུ་བརྗོད་ཅིང་ཡུངས་ཀར་བརྡེག དེ་ནས་སློབ་དཔོན་གྱིས་ས་གཞིར་འདུག་སྟེ། སྐྱབས་འགྲོ་ནས་བརྩམས་བཟླས་པའི་བར་དུ་སྒྲུབ་ཐབས་བཞིན་སྒོམ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་ནི་རྡོ་རྗེ་ཆེ་གེ་ཡིས། །འདིར་ནི་དཀྱིལ་འཁོར་བྲི་བར་བྱ། །སངས་རྒྱས་ལ་སོགས་ཀུན་འབྱོན་འཚལ། །དངོས་གྲུབ་འདིར་ནི་ཡང་དག་སྩོལ། །ཅེས་ལན་གསུམ་གསོལ་བ་བཏབ། དེ་ནས་མཆོད་པ་བཤམས་ཏེ་བྱིན་གྱིས་བརླབས། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །སོགས་ཀྱིས་བསྟོད། གཤིན་རྗེ་འཇོམས་པའི་དཀྱིལ་འཁོར་འཇིགས། །དཀྱིལ་འཁོར་ཀུན་གྱི་གཙོ་བོ་ནི། །སྡིག་པ་ཐམས་ཅད་ཟད་མཛད་པ། །མགོན་པོས་དཀྱིལ་འཁོར་འདྲི་བར་མཛོད། །ཅེས་བརྗོད། རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་བཟློག་སྟེ། ཧཱུཾ་བཛྲ་ཨུ་ཏིཥྛ། ཞེས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནམ་མཁར་བཏེག རང་གི་མིག་གཡས་གཡོན་མ་དང་ཊ་ལས་ཉི་མ་དང་ཟླ་བ། མིག་འབྲས་ཧཱུཾ་བསྐལ་པའི་མེ་ལྟར་འབར་བ། རྡོ་རྗེའི་ལྟ་བས་གཡས་བསྐོར་དང་གཡོན་བསྐོར་དུ་བལྟས་པས་བགེགས་རྣམས་བསྲེགས་པར་གྱུར། རྐང་མཐིལ་ཧཱུཾ་ལས་རྡོ་རྗེ་རྒྱ་གྲམ་འབར་བ་ཧཱུཾ་གིས་མཚན་པ། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བཞིན་པས། རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་གྱི་ས་ལ་བསྐོར་བ་བྱས་ཤིང་ཧྲཱིཿཥྚཱིཿབཟླས། དབུས་སུ་གཙོ་བོའི་ང་རྒྱལ་གྱིས། ཧཱུཾ། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་


TNT06_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ང་ལ་ཉོན། །ང་ནི་་དཔལ་ལྡན་རྡོ་རྗེ་འཆང༌། །བསྲུང་བའི་འཁོར་ལོ་རབ་སྦྱོར་བྱེད། །རྡོ་རྗེ་རབ་ཏུ་འབར་བ་འདིས། །ལུས་གསུམ་ལས་སྐྱེས་འགེས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །འཇིགས་པར་འགྱུར་གྱི་གཞན་དུ་མིན། །རོལ་མོ་དང་བཅས་པའི་ཧྲཱིཿཥྚཱིཿསོགས་དྲག་ཏུ་བཟླས་ལ་བགེགས་བསྐྲད་དོ། །ཕུར་བུ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཁྲོ་བོ་བགེགས་མཐར་བྱེད་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན་དུ་གྱུར། ཨོཾ་གྷ་གྷ། གྷ་ཏ་ཡ་་གྷ་ཏ་ཡ། སརྦ་དུཥྟཾ་ཕཊ། ཀཱི་ལ་ཡ། ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ། བཛྲ་དྷ་རོ་ཨཛྙཱ་པཱ་ཡ་ཏི། སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་དབུས་སུ་བགེགས་ཀྱི་སྤྱི་བོར་ཕུར་བུས་བཏབ། ཨོཾ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་ཐོ་བས་བརྡུང༌། ཕུར་བུའི་ཁྲོ་བོ་ལས་འོད་ཟེར་འཕྲོས་ཏེ། བགེགས་ཀྱི་ལྷག་མ་ཐམས་ཅད་ཚར་བཅད། རྡོ་རྗེའི་རྭ་བ་དྲྭ་བ་གུར་བླ་རེ། མེ་དཔུང་འབར་བ་དང་བཅས་པ་གྲུབ་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཅེས་སྲུང་སྟེ་ནུབ་དང་པོ་སའི་ཆོ་གའོ། །གཉིས་པ་ལ་ལྷག་གནས་ཀྱི་སྔོོན་འགྲོ་དང༌། ལྷག་གནས་དངོས་སོ། །དང་པོ་ནི་སྔོན་འགྲོ་གཏོར་མ་དང༌། སའི་ལྷ་མོའི་མཆོད་གཏོར་དང༌། གཞན་དཔལ་གཏོར་ལྔ་དང༌། བུམ་པའི་གཏོར་མ་དང༌། མཆོད་པའི་ཡོ་བྱད་རྣམས་དང༌། དྲི་བཟང་དང་ཚོམ་བུའི་རྒྱུ་ལ་སོགས་པ་ཡོ་བྱད་ཐམས་ཅད་ཚང་བར་བྱས། སྔོོན་འགྲོ་གཏོར་མ། ཡ་མཱནྟ་ཀས་བསངས། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ་


TNT06_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། མཁའ་འགྲོ་སྤྱི་གཏོར་གྱི་སྔགས་སམ། ཨོཾ་ཨིནྡྲ་ཡ་སོགས་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་དགོངས་པ་བསྐང་བ་དང༌། དེ་བཞིན་གཤེགས་པ་སྲས་དང་བཅས་པ་མཐའ་དག་མཉེས་པར་བྱ་བ་དང༌། མ་ལུས་པའི་སེམས་ཅན་གྱི་ཁམས་རྣམས་ཐེག་པ་མཆོག་གི་བདེ་བ་ལ་འཇོག་པའི་དོན་དུ། དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་བཅོམ་ལྡན་འདས་གཤིན་རྗེ་གཤེད་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་དཀྱིལ་འཁོར་བཞེངས་སུ་གསོལ་ཏེ། བསྒྲུབ་ཅིང་མཆོད་པ་དང༌། ཇབདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་བཞུག་ཅིང་དབང་བསྐུར་བར་འཚལ་ན། ཕྱོགས་སྐྱོང་བ་བཅུ་ལ་སོགས་པ་དཀར་པོའི་ཕྱོགས་ལ་མངོན་པར་་དགའ་བའི་ཚོགས་རྣམས་ཀྱིས་བར་ཆད་སྲུང་བ་དང༌། འཕྲིན་ལས་རྣམ་པ་བཞི་སྒྲུབ་ཅིང་དངོས་འགྲུབ་ཀྱི་སྟོངས་གྲོགས་དམ་པ་མཛད་དུ་གསོལ། ནག་པོའི་ཕྱོགས་ལ་མངོན་པར་དགའ་བའི་འབྱུང་བོའི་ཚོགས་རྣམས་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག ཅེས་རོལ་མོའི་སྒྲ་དང་བཅས་ཕྱིར་དོར། ཧྲཱིཿཥྚཱི༔དང་བགེགས་མཐར་བྱེད་ཀྱི་གཟུངས་བཟླས་ལ་བགེགས་བསྐྲད། ཡང་གནས་དང་ཡོ་བྱད་བསངས་སྦྱངས། གནས་ཁང་སྟོང་པའི་ངང་ལས་


TNT06_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བྷྲུཾ་ལས་བྱུང་བའི་དུར་ཁྲོད་འབར་བའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྒྱན་ཐམས་ཅད་ཀྱི་རྣམ་པར་བརྒྱན་པ། ཕྱི་རོལ་བསྲུང་བའི་འཁོར་ལོས་ཡོངས་སུ་བསྐོར་བའི་ནང་དུ། ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་མཆོད་པའི་སྤྲིན་གྱི་ཕུང་པོ་རྣམས་ཤིན་ཏུ་རྣམ་པར་དག་པ་དབང་སྒྱུར་བའི་རྣམ་རིག་གི་རང་བཞིན་ཟག་པ་མེད་པའི་ཡེ་ཤེས་དང༌། སྨོན་ལམ་རྒྱ་མཚོའི་མཐུ་ལས་གྲུབ་པ། ཕྱོགས་བཅུ་རབ་འབྱམས་ནམ་མཁའི་གཏོས་ཐམས་ཅད་ཡོངས་སུ་གང་བ། སྲིད་པ་ཇི་སྲིད་ཀྱི་བར་དུ་རྒྱུན་མི་འཆད་པར་འཇུག་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝེ་ཏྱེ། ཤཔྟ་ཨཱཿཧཱུཾ། ཨོཾ་བཛྲ་གྷཎྚེར་ཎི་སོགས་ལན་གསུམ་གྱིས་རོལ་མོ་བྱིན་དབབ། བར་འདིར་ཞུ་འབུལ་སོགས་བྱེད་ན་སྤྱི་དང་འདྲ། སྐྱབས་འགྲོ་ནས་དཀྱིལ་འཁོར་བསྡུ་བའི་བར་བདག་བསྐྱེད་རྫོགས་པར་བསྒོམ་མོ། །གཉིས་པ་ལ། ས་ལྷ་སྟ་གོན་དང༌། དཀྱིལ་འཁོར་སྟ་གོན་དང༌། བུམ་པ་སྟ་གོན་དང༌། སློབ་མ་སྟ་གོན་ཏེ་བཞི་ལས། དང་པོ་ནི། གོང་དུ་བསྟན་པའི་སའི་ལྷ་མོ་ལས་བསླང་བ་དེ་ཉིད་དང་འདྲ་བ་ལས། ས་ལྷ་ཡེ་ཤེས་པ་སྤྱན་འདྲེན་པའི་སྐབས། ནམ་མཁའ་ནས་སའི་ལྷ་མོ་འཁོར་དང་བཅས་


TNT06_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཞེས་འདོན་པ་སྤོ། མཇུག་ཏུ་མཆོད་པའི་མཐར། སའི་ལྷ་མོ་སླར་ཡང་དཀྱིལ་འཁོར་གྱི་ས་གཞི་ལ་ཐིམ། ཞེས་བརྗོད། ཨོཾ་བཛྲི་བྷ་ཝ་ཧཱུཾ། ཨོཾ་བཛྲ་ཌི་ཌྷ་ཏིཥྛ། ཞེས་བརྗོད། གཉིས་པ་ནི། དཀྱིལ་འཁོར་གྱིས་ས་གཞི་དྲི་བཟང་གིས་བྱུགས། གཙོ་བོའི་གནས་སུ་དྲི་བཟང་གི་ཐིག་ལེ་གྲུ་བཞི་དང༌། གཞན་ཕྱག་མཚན་གྱི་གནས་དང༌། གྲྭ་བཞིར་ཟླུམ་པོ་ཆུང་བ་རེ་བྱ། དེ་རྣམས་ཀྱི་སྟེང་དུ་མེ་ཏོག་གི་ཚོམ་བུ་རེ་བཀོད་ལ། མཐར་མཆོད་གཏོར་གྱིས་བསྐོར། དེ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ། ཞེས་པ་ནས། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེའི་དབུས་སུ་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲུཾ྄་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་ཀྱི་རང་བཞིན་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་པ། རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ནང་ནས་རིམ་པ་བཞིན་དུ། ནག་ལྗང་དམར་སེར་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་ཕ་གུ་སེར་པོ་ལ་དྲ་བ་དང༌། དྲ་ཕྱེད་འཕྱང་བ་སྟེང་ལ་མདའ་ཡབ་མཆོད་རྟེན་གྱི་རྣམ་པས་མཛེས་པ། པུ་ཤུའི་ཁོར་ཡུག་ལ་གདུགས་དང༌། རྒྱལ་མཚན་དང་བ་དན་སྒྲེང་བ། ནང་གི་ལྷ་རྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སྔོ་བ། ནང་ཀ་བ་བརྒྱད་དང་ལྡན་པ། སྟེང་རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྲེས་པ། དབུས་སུ་དཀྱིལ་འཁོར་ཟླུམ་པོ། དེའི་ནང་རེའུ་མིག་དགུར་གྱུར་པའི་དབུས་སུ།


TNT06_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མི་མགོ་སྐམ་པོའི་རྭ་བ་ཟླུམ་པོ་སྒོ་གཅིག་པ། ཕྱི་ནང་གི་ས་གཞི་ཐམས་ཅད་ཁྲག་ཞག་འཁྲུག་པ། སྟེང་ཀེང་རུས་ཀྱི་ཀ་གདུང་གིས་ཕུབ་པ། གཡང་གཞིའི་བླ་བྲེ་དང༌། རྒྱུ་རློན་གྱི་ལྡ་ལྡི་ལ་སོགས་པས་བརྒྱན་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་དང་རིན་པོ་ཆེའི་ཏོག་གིས་བརྒྱན་པ། རྩིག་པའི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་ལ་མཆོད་པའི་གཟུངས་མ་རྣམས་དང༌། སྒོ་བཞིའི་ཐད་ཀ་ནས་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་རྣམས་ཀྱི་རྩེ་མོར་པདྨ་ལ་གནས་པའི་འཁོར་ལོ་དང༌། རི་དྭགས་དང༌། གདུགས་ཀྱིས་མཚན་པ། འཁྱམས་ལ་མཆོད་པའི་ཚོགས་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་ཕྱི་རོལ་ཏུ་གཏུམ་དྲག་ལ་སོགས་པ་ནས། སྣ་ཚོགས་པས་གང་བའོ། །གཞལ་མེད་ཁང་གི་དབུས་སུ། མི་རོ་མགོ་དང་རྐང་ལག་བྲལ་བའི་སྟེང་དུ། ཡཾ་ལས་རླུང་གི་ནས། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ནག་པོ་རྩེ་དགུ་པ་ཧཱུཾ་གིས་མཚན་པ་ལས། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་དུས་མཐའི་སྤྲིན། ཞེས་པ་ནས། བལྟ་བར་ཡང་མི་བཟོད་པའི་བདག་ཉིད་དུ་གྱུར། རེའུ་མིག་བརྒྱད་ལ། ཤར་དུ་མགོ་བོ། ལྷོར་རུ་ལག་པ། ནུབ་ཏུ་རྒྱུ་མ། བྱང་དུ་རྐང་བ། ཤར་ལྷོར་ཐོད་པ། ལྷོ་ནུབ་ཏུ་ཐོད་ཚལ། ནུབ་བྱང་དུ་རོ་རས། བྱང་ཤར་དུ་སྐྱེས་བུ་གསལ་ཤིང་གིས་ཕུག་པའོ། །ཤར་གྱི་ལྷ་སྣམ་ལ་གཡས་སུ་གྲི་གུག་དང༌། འཕང་མདུང་དང༌། གཏུན་ཤིང༌། གཡོན་དུ་ཆུ་གྲི་དང༌། རྡོ་རྗེ་རྩེ་གཅིག་པ།


TNT06_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་རྣམས་སོ། །ལྷོའི་ལྷ་སྣམ་ལ་གཡས་སུ་དགྲ་སྟ་དང༌། མདའ་དང༌། ཁ་ཊྭཱཾ་ག །གཡོན་དུ་དབྱུག་ཏོ་དང༌། འཁོར་ལོ་དང༌། ཞགས་པ་རྣམས་སོ། །ནུབ་ཀྱི་ལྷ་སྣམ་ལ་གཡས་སུ་རྡོ་རྗེ་དང༌། རྔེའུ་ཆུང་དང༌། ཕུབ། གཡོན་དུ་གཞུ་དང༌། དྲིལ་བུ་དང༌། རླུང་རས་རྣམས་སོ། །བྱང་གི་ལྷ་སྣམ་ལ་གཡས་སུ་སྡིགས་མཛུབ་དང༌། བ་དན་རྩེ་གསུམ་པ་དང༌། གླང་ལྤགས། གཡོན་དུ་ཐོ་བ་དང༌། མདུང་དང༌། མེ་ཐབས་རྣམས་སོ། །སྒོ་བཞི་དང་གྲྭ་བཞིར་ཉི་མའི་གདན་ལ་བྷཻཾ་ཡིག་ནག་པོ་བརྒྱད་ཡོངས་སུ་གྱུར་པ་ལས། རོ་ལངས་ནག་པོ་གཤིན་རྗེའི་ལུས་ཅན་གྲི་གུག་དང༌། ཐོད་པ་འཛིན་པ། སྤྱན་གསུམ་པ། གཅེར་བུ་རྒྱན་སྤངས་ཤིང་མཆེ་བ་གཙིགས་པ། སྐྲ་སེར་པོ་གྱེན་དུ་བརྗེས་པ། ཀ་ཧ་ཀ་ཧ། ཧ་ལ་ཧ་ལ་ཞེས་ལྗགས་བརྐྱངས་ཤིང་བཞད་པ། མེ་དཔུང་འབར་བའི་དབུས་སུ་བཞུགས་པ་རྣམས་སུ་གྱུར། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་བཛྲ་ས་མཱ་ཛཿ ཧྲཱིཿཥྚཱིཿས་བགེགས་བསྐྲད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། ས་ཆོག་བྱས་ན། ནམ་མཁར་བཞུགས་པའི་ལྷ་ཡང་སྐབས་འདིར་བསྟིམ་པར་བྱའོ། །དེ་ནས་མཆོད་པ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོགབདུག་སྤོས། མར་མེ། དྲི་ཆབ།


TNT06_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤཔྟའི་བར་བྱིན་གྱིས་བརླབས། བསྡུ་ན་སྔགས་ཙམ་གྱི་མཆོད་པས་ཀྱང་ཆོག་ལ། ཅུང་ཟད་སྤྲོས་པ་ལ་དགའ་ན་འདི་སྐད་ཅེས་སྦྱར་ཏེ། འཇམ་དཔལ་ཁྲོས་པའི་དཀྱིལ་འཁོར་དུ། །མི་ཟད་ཨརྒྷའི་རྒྱུན་ཆེན་པོ། །ཕྱི་ནང་གསང་བ་རབ་སྦྱར་བ། །འབུལ་གྱིས་འདོད་པའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་བྷཻ་ར་ཝ་མཎྜལ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། མི་ཟད་ཨརྒྷའི་རྒྱུན་ཆེན་པོ་ཞེས་པའི་དོད་དུ། རྡོ་རྗེ་ཆུ་གཙང་ཁྲུས་ཀྱི་རྒྱུན། །ཞེས་དང༌། ཨརྒྷཾ་གྱི་གནས་སུ། པཱདྱཾ་ཞེས་འདོད་པ་སྤོས། དེ་བཞིན་དུ། རྡོ་རྗེ་མེ་ཏོག་ཁང་པར་བརྩེགས། །ཨོཾ་བཛྲ་བྷཻ་ར་ཝ་མཎྜལ་ས་པཱ་རི་ཝཱ་ར་བཛྲ་པུཥྤེ་ཨཱཿཧཱུཾ། རྡོ་རྗེ་བདུག་སྤོས་སྤྲིན་ཚོགས་འཁྲིགས། །དྷུ་པེ། རྡོ་རྗེ་འབར་བའི་སྣང་གསལ་གཏམས། །ཨཱ་ལོ་ཀེ རྡོ་རྗེ་གདུང་སེལ་དྲི་ཞིམ་ཚོགས། །གནྡྷེ། རྡོ་རྗེ་བཟའ་བཅའ་རྒྱ་མཚོར་འཁྱིལ། །ནཻ་ཝི་ཏྱེ། རྡོ་རྗེ་རོལ་མོའི་སྒྲ་བརྒྱ་པ། །ཤཔྟ། བཛྲ་གྷནྚེ་ར་ཎི་ཏ། ཞེས་རོལ་ཆེན་བྱ། གོས་ཟུང་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ལྷ་རྫས་ཀྱི་ན་བཟའ་ཟག་མེད་བདེ་བའི་རེག་བྱ་དང་ལྡན་པ་མཁའ་དབྱིངས་ཐམས་ཅད་གང་བར་གྱུར། སྣ་ཚོགས་དབང་པོའི་གཞུ་བཞིན་རབ་བཀྲ་ཡང༌། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློས་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་


TNT06_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་བྷཻ་ར་ཝ༴ བཛྲ་ཝསྟྲ་ཡེ་ཨཱཿཧཱུཾ། ཨོཾ་སརྦ་བིད་པུ་ར་པུ་ར། སུ་ར་སུ་ར། ཨ་ཝརྟ་ཡ་ཨ་ཝརྟ་ཡ་སྭཱཧཱ། འཛམ་བུའི་གླིང་དང་གླིང་གཞན་དག །འཁོར་ལོ་རིན་ཆེན་གྱིས་བཀང་སྟེ། །སྟོང་གསུམ་ལ་སོགས་དེ་བཞིན་ཏེ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུཾ། དེ་བཞིན་དུ་སྦྱར་ཏེ། ནོར་བུ་རིན་ཆེན། མ་ཎི་རཏྣ། བཙུན་མོ་རིན་ཆེན། བསྟཱི་རཏྣ། ཁྱིམ་བདག་རིན་ཆེན། མཧཱ་ཏ་རཏྣ། གླང་པོ་རིན་ཆེན། ཧསྟི་རཏྣ། རྟ་མཆོག་རིན་ཆེན། ཨ་ཤྭ་རཏྣ། དམག་དཔོན་རིན་ཆེན། ཁཊྒ་རཏྣ། གཟུགས་མཛེས་ཀྱིས་ནི་རབ་བཀང་སྟེ། །རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུཾ། སྒྲ་སྙན། ཤཔྟ། དྲི་ཞིམ། གནྡྷེ། རོ་མཆོག ར་ས། རེག་བདེ། སྤརྴེ། ཆོས་ཁམས་བདེ་བས། དྷརྨ་དྷཱ་ཏུ་པཱུ་ཛི་ཏེ་ཨཱཿཧཱུཾ། རྒྱལ་བ་ལྔ་དག་ཐོད་པའི་ཅོད་པཎ་དང༌། །རིགས་དྲུག་རང་བཞིན་རུས་པའི་ཕྱག་རྒྱ་དྲུག །བྱང་ཕྱོགས་རྣམ་དག་ཕྱག་མཚན་ཚོགས་རྣམས་ཀྱིས། །ཡེ་ཤེས་ཀུན་ལ་མཆོད་ཅིང་བརྒྱན་པར་བགྱི། །སརྦ་ཨ་ལངྐ་ར། སྦྲུལ་ཆུན་ཚངས་པ་ཆེན་པོའི་མཆོད་ཕྱིར་ཐོགས། །ཨཱ་ལི་ཀཱ་ལི་རྣམ་དག་མགོ་བོའི་འཕྲེང༌། །གཏི་མུག་ཆེན་པོ་གླང་ཆེན་ལྤགས་པའི་གོས། །རྡོ་རྗེ་གསུམ་དངོས་ཕྱག་རྒྱས་མཉེས་གྱུར་ཅིག །ཏྲི་བཛྲ་མུ་དྲ། དངོས་གྲུབ་ཆེན་པོ་བརྒྱད་དང་དབང་ཕྱུག་བརྒྱད། །ཉེར་སྤྱད་གྱུར་ལས་སྲིད་ཞི་གནོན་ཕྱིར་་དང༌། །ཞེ་སྡང་གཤིན་རྗེ་བསྒྲལ་བའི་


TNT06_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཆེ། །བཅུ་དྲུག་ཆ་རྣམས་དག་པས་མཉེས་གྱུར་ཅིག །ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ཏེ། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་མཚན་ནས་སྨོས་ཏེ། འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཡིག་གེ་བཅུ་པའི་མཐར་འབྲུ་གསུམ་སྦྱར་བ་ལན་གསུམ་གྱིས་གཙོ་བོ་དང༌། ལན་གཅིག་གིས་རེའུ་མིག་བརྒྱད་ན་གནས་པའི་མཚན་མའི་ལྷ་དང༌། རྩ་སྔགས་ཚར་གཅིག་གིས་ལྷ་རྣམས་ཀྱི་མཚན་མ་རྣམས་དང༌། ཡ་མཱནྟ་ཀ་ལན་བརྒྱད་ཀྱིས་རོ་ལངས་བརྒྱད་ལ་འབུལ། ཡ་མ་རཱ་ཛ་དང༌། ཡ་མཱནྟ་ཀའི་མཐར་འབྲུ་གསུམ་སྦྱར་བས་མཚན་མའི་ལྷ་རྣམས་ལ་ཡང་འབུལ། ཨོཾ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། དམ་ཅན་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཞལ་དུ། ཨོཾ་ཧྲཱྀཿཙ་མུཎྜི་ཧཱུཾ་ཕཊ། དུས་ཀྱི་མཚན་མོ་ཙ་མུཎྜའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། ཨོཾ་ཨིནྟྲེ་ཡེ་སྭཱཧཱ། ཨོཾ་ཨཱཿཧཱུཾ། དེ་བཞིན་དུ། ཡ་མ་ཡ་ཝཱ་རུ་ཎ་ཡ། ཀུ་བེ་རཱ་ཡ། ཨཱི་ཤ་ནཱ་ཡ། ཨགྣ་ཡེ། ནེ་རི་ཏྱ། ཝ་ཡ་ཝེ། པྲཧྨ་ཎ་ཡ། ཨོཾ་བཱ་སུ་དྷ་རི་ཎེ་སྭཱཧཱ། ཨོཾ་ཨཱཿཧཱུཾ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བདུན། རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གཞན་ཡང༌། གནོད་སྦྱིན་སྲིན་པོ། འབྱུང་པོ། ཡི་དྭགས། ཤ་ཟ། སྨྱོ་བྱེད། རྗོད་བྱེད། མ་མོ། ཞིང་སྐྱོང༌། ཕོ་ཉ། འཕྲོག་མ། གྲུབ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བས་རྒྱུད་ཚིམ་ནས། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག


TNT06_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་བསྟོད་པ་ནི། ཧཱུཾ། མིའུ་ཐུང་སྒེག་པོ་སྤྲིན་གྱི་མདོག །འོད་ཟེར་བྱེ་བ་འཕྲོ་བ་བཞེངས། །མཚན་མ་བསྒྲེང་བ་མ་ཧེའི་ཞལ། །གཉིས་མེད་སྦྱོར་བ་ཁྱོད་ཕྱག་འཚལ། །མི་འགྱུར་རྡོ་རྗེའི་དབྱིངས་ཆེན་པོ། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། ཁྲོས་ཤིང་རབ་ཁྲོས་ཆེར་འཁྲུགས་པ། །འཇིགས་བྱེད་འཇིགས་པར་བྱེད་ལ་འདུད། །ཡན་ལག་དགུ་ཡི་ཆོས་སྟོན་ཞལ། །སྟོང་ཉིད་བཅུ་དྲུག་ཞབས་ཀྱིས་རོལ། །བྱང་ཆུབ་ཕྱོགས་ཆོས་སོ་བཞིའི་ཕྱག །སྒྲིབ་བྲལ་གཅེར་བུ་ཁྱོད་ཕྱག་འཚལ། ཁམས་གསུམ་དབང་ཕྱུག་མ་ཧེའི་ཞལ། །བདེན་གཉིས་རྭ་ཡི་ཕྱོགས་ཀུན་གནོན། ཁྲོ་ཆགས་ཁྲག་འཛག་སྲིན་པོའི་ཞལ། །རབ་ཞི་གཞོན་ནུའི་ཞལ་ལ་འདུད། །འགྱུར་མེད་གཟིགས་ཕྱིར་བྱིས་པའི་བརྒྱན། །མངོན་བྱང་ཟུར་ཕུད་ལྔ་ཡི་ཐོད། །ཀུན་ཏུ་དུས་གསུམ་གཟིགས་པའི་ཞལ། །ལྗགས་བསྐྱོད་རྡོ་རྗེའི་ངག་ལ་འདུད། །སྲིད་པ་གསུམ་འཇོམས་གར་གྱིས་རོལ། །ཞི་བའི་མཐའ་གནོན་དབུས་སྐྱེས་འབར། །ཧཱུཾ་ཕཊ་སྒྲ་ཡིས་མ་རུངས་སྐྲག །གསུས་་འཕྱང་གཏུམ་པོའི་སྐུ་ལ་འདུད། །ཐོད་པའི་ཅོད་པཎ་ཡེ་ཤེས་ལྔ། །མགོ་འཕྲེང་རྡོ་རྗེ་ཡི་གེའི་དངོས། །རྣམ་ལྔའི་རིགས་ཀྱི་ཕྱག་རྒྱ་ཅན། །སྦྲུལ་ཆུན་ཚངས་ཕྱིར་ཐོགས་ལ་འདུད། །མ་རིག་གཅོད་ཕྱིར་གྲི་གུག་སྟེ། །བི་དྷ་པ་ལས་རྣམ་རྟོག་གཅོད། །དྲན་པ་ཉམས་འཇོམས་གཏུན་ཤིང་འཕྱར། །ཆུ་གྲིས་སྲིད་པ་གཅོད་ལ་འདུད། །སྒོ་གསུམ་ཉེས་སེལ་ཀ་ན་ཡ། །


TNT06_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སྟ་རིས་བག་ཆགས་སྲ་བ་གཅོད། །ལྟ་ངན་འབིགས་པའི་མདུང་རང་པོ། །མདའ་ཆེན་རྨོངས་མཐར་བྱེད་ལ་འདུད། །དབང་གི་ལྕགས་ཀྱུ་ཆེར་འབར་ཞིང༌། །དབྱུག་ཏོས་ལས་ཀྱི་སྒྲིབ་པ་འཇོམས། ཁ་ཊྭཱཾ་བྱང་ཆུབ་སེམས་རང་བཞིན། །འཁོར་ལོ་ཤེས་སྒྲིབ་གཅོད་ལ་འདུད། །རོ་མཉམ་ཡེ་ཤེས་རྡོ་རྗེ་གསོར། །ཐོ་བས་སེར་སྣ་ཕྱེ་མར་བརླག །དངོས་གྲུབ་བརྒྱད་སྟེར་རལ་གྲི་ཕྱར། །ཅང་ཏེའུ་མཆོག་སྒྲ་སྒྲོག་ལ་འདུད། ཁྲག་ཆེན་ཐོད་པའི་དམ་ཚིག་སྐྱོང༌། །སྒྲིབ་ཀུན་བཅད་པའི་རབ་བྱུང་མགོ །བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཕུབ། །རྐང་པའི་མཆོག་གནས་སྩཽལ་ལ་འདུད། །དངོས་ཀུན་ཡེ་ཤེས་ཞགས་པས་འཆིང༌། །འཇིག་རྟེན་གསུམ་རྒྱལ་གཞུ་ཐབས་ཅན། །སྟོང་ཉིད་སོར་རྟོག་རྒྱུ་མ་སྟེ། །ཤེས་རབ་དྲིལ་བུ་འཁྲོལ་ལ་འདུད། །འཕྲིན་ལས་ཀུན་འགྲུབ་ལག་པ་གདེངས། །བདག་མེད་དུར་ཁྲོད་བོར་བའི་རས། །སྟོང་ཉིད་རྟོགས་པའི་གསལ་ཤིང་དང༌། །འོད་གསལ་མེ་ཐབ་འབར་ལ་འདུད། །ཐོད་ཚལ་སྙིང་བརྩེ་བདུད་རྩིས་བརླན། །བདུད་ལ་ཆེར་སྡིགས་འཛུབ་མོ་བསྒྲེང༌། །སྐུ་གསུམ་རོ་གཅིག་རྩེ་གསུམ་འཕང༌། །སྒྱུ་འཕྲུལ་རླུང་རས་འཕྱར་ལ་འདུད། །བདེ་ཆེན་ལིང་ག་རྒྱས་པའི་ཚུལ། །གཏི་མུག་གླང་ཆེན་ལྤགས་རློན་གྱོན། །བརྐྱང་བསྐུམ་གར་གྱི་གར་ཆེན་པོས། །ལྷ་ཆེན་བགེགས་བཅས་གནོན་ལ་འདུད། །སྤྱན་ནི་ཉི་ཤུ་རྩ་བདུན་དམར། །ལྗགས་འདྲིལ་ཞལ་ནས་ཧ་ཧ་བཞད། །མཚན་དང་


TNT06_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་བྱད་ཡང་དག་ལྡན། །འཇིགས་མཛད་སྐུ་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་བརྒྱད་པོ་སྩོལ་བ་དང༌། །གདོན་དང་ནད་ཀུན་འཇོམས་མཛད་ཅིང༌། །སྡང་བ་ཐམས་ཅད་འདུལ་པ་པོ། །རོ་ལངས་བརྒྱད་ལ་ཕྱག་འཚལ་བསྟོད། །ཡི་གེ་རྣམས་ལ་ཡང་དག་བྱུང༌། །སྣ་ཚོགས་མཚོན་ཆའི་དྲ་བ་དཀྲིགས། །མཚན་མའི་ལྷ་རྣམས་ཐམས་ཅད་ལ། །བདག་ནི་གུས་པས་ཕྱག་འཚལ་བསྟོད། །འཁོར་བ་རྣམ་ཤེས་བརྒྱད་དག་པ། །དུར་ཁྲོད་གནས་པའི་སྐུར་སྟོན་ཅིང༌། །སྒྲུབ་ལ་དངོས་གྲུབ་ཀུན་སྩོལ་བ། །འཁོར་བཅས་དེ་ལའང་ཕྱག་འཚལ་བསྟོད། །བྱང་ཆུབ་ཕྱོགས་ཆོས་གཞལ་མེད་ཁང༌། །བཀའ་ཡི་འཁོར་ལོས་བདུད་བཞི་འཇོམས། །རྣམ་དག་རྟེན་གྱི་དཀྱིལ་འཁོར་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པའི་དགེ་བ་ཡིས། །ནམ་མཁའ་དང་མཉམ་འགྲོ་བ་རྣམས། །འཇམ་པའི་རྡོ་རྗེ་གོ་འཕང་ལ། །བདེ་བའི་ལམ་གྱིས་འགོད་པར་ཤོག །ཅེས་པའོ། །གཏོར་མ་རྣམས་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས། གཏོར་མ་དང་པོ་དཀྱིལ་འཁོར་ལ་འབུལ་ཏེ། ལྷ་ཐམས་ཅད་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་སྒྲུབ་ཐབས་ལྟར་བྱ། གཏོར་མ་གཉིས་པ་དཔལ་ནག་པོ་ཆེན་པོ་ལྕམ་དྲལ་སོགས་ཡེ་ཤེས་ཀྱིས་སྤྱན་དང་ལྡན་པའི་ཆོས་སྐྱོང་རྣམས་ལ་གཏོར་ཆོག་ལྟར་ཕུལ། གསུམ་པ་ཕྱོགས་སྐྱོང་རྣམས་ལ་འབུལ་བ་དང༌། བཞི་པ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་འབུལ་བ་ནི། སྒྲུབ་ཐབས་སུ་བཤད་པ་བཞིན་ཡིན་པ་ལས་


TNT06_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དམ་ཅན་བསྲུང་མའི་ཚོགས་རྣམས་ཀྱི། ཞེས་པ་ནས། ཨོཾ་ཁྱོད་ཀྱིས་སེམས་ཅན། ཞེས་སོགས་ཀྱི་མཐར། ཨོཾ་ཛ་ཡ་ཛ་ཡ། སོགས་དང༌། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཅེས་སོགས་སྨོན་ལམ་བཏབ། སྤོས་དང་བཅས་པས་རྡོར་དྲིལ་འཛིན་པས། སྙན་གསན་དབབ་པར་བྱ་སྟེ། བཅོམ་ལྡན་འཇམ་པའི་རྡོ་རྗེ་ནི། །རིགས་སྔགས་རྒྱལ་པོར་ཕྱག་འཚལ་བསྟོད། །སྙིང་རྗེའི་ཡིད་ཀྱི་དཀྱིལ་འཁོར་འདྲི། །དེ་ཕྱིར་བྱིན་རླབས་གནང་བར་མཛོད། །དགོངས་ཤིག་སངས་རྒྱས་སྡེ་དང་ཚོགས། །གང་གཞན་སྔགས་ཀྱི་ལྷ་ཚོགས་དང༌། །ལྷ་རྣམས་བསྟན་ལ་མངོན་དགའ་བ། །དཀྱིལ་འཁོར་འདི་ལ་བྱིན་རླབས་དང༌། །དངོས་གྲུབ་དམ་པ་རྩོལ་བར་མཛོད། །ཅེས་དང་ལན་གསུམ། ཨརྒྷཾ། ལ་སོགས་པས་མཆོད། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །ཞེས་སོགས་དང༌། དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །སོགས་ཀྱིས་བསྟོད། ཨོཾ་བཛྲ་ཨུ་ཏིཥྛ། ཞེས་དང༌། རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱས་ནམ་མཁར་བཏེག སླར་ཡང་མཆོད་བསྟོད་སྔ་མ་བཞི་བྱས་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཇི་སྲིད་སྤྱན་མ་དྲངས་ཀྱི་བར་དུ་སྟེང་གི་ནམ་མཁར་བཞུགས་ལ་བསྲུང་བ་ཆེན་པོ་མཛད་པ་དང༌། ནངས་པར་དཀྱིལ་འཁོར་བྱིན་གྱིས་རློབ་པ་དང༌། བདག་དང་སློབ་མར་བཅས་པ་ལ་དངོས་གྲུབ་མ་ལུས་པ་སྩོལ་དུ་གསོལ། ཧྲཱིཿཥྚཱིཿལན་གསུམ་གྱིས་བསྲུང་ལ་བྱས་བཞག་གོ །གསུམ་པ་ནི། བུམ་པ་མཚན་


TNT06_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་ལྡན་པར་མཚན་མ་བཏབ། སྙིང་པོ་ལྔ་སོགས་བུམ་རྫས་རྣམས་བཅུག དེ་ཡང་ལྷ་གྲངས་དང་མཉམ་པའི་བུམ་པ་ཡོད་ན་ལེགས་ཀྱང་བསྡུ་ན་རྣམ་རྒྱལ་དང༌། ལས་བུམ་ཀྱིས་ཆོ་ག བུམ་པ་བཅའ་ལུགས་སྤྱི་དང་འདྲ། བསངས་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་ཞིང་མགྲིན་པ་ཕྲ་བ། ཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་ཆིངས་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བར་གྱུར། ཨོཾ་བཛྲ་ཤི་ཥ་ལེ་རུ་ཊ་མ་ཊ། ཨོཾ་ཏཔྟེ་པཔྟེ་མཧཱ་ཏཔྷེ་སྭཱཧཱ། ཨོཾ་བཛྲ་ས་མཱ་ཡ་ཧཱུཾ། །ཨོཾ་ཀལྤ་པྲཀྵི་ཧཱུཾ། ཞེས་པ་རྣམས་ཚར་གསུམ་གསུམ་བརྗོད་དོ། མགུལ་ཆིངས་དང༌། ཆུ་དང༌། བུམ་རྫས་དང༌། ཁ་བརྒྱན་རྣམས་ཀྱི་སྔགས་སོ། །རྣམ་རྒྱལ་བུམ་པའི་ནང་གི་དབུས་ཀྱི་གདན་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ནག་པོ་རྩེ་དགུ་པ། ཞེས་པ་ནས། བལྟ་བར་ཡང་མི་བཟོད་པའི་བདག་ཉིད་དུ་གྱུར། ཕྱོགས་མཚམས་བརྒྱད་དུ་བྷཻཾ་ཡོངས་སུ་གྱུར་པ་ལས། ནས། བཞུགས་པ་རྣམས་སུ་གྱུར། གྱི་བར་ལྷ་སྟ་གོན་བཞིན་ནོ། །ལས་བུམ་གྱི་ནང་དུ། པདྨ་དང་ཉི་མའི་གདན་ལ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། དཔལ་ལྡན་རྡོ་རྗེ་འཇིགས་བྱེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ་ཧེའི་གདོང་བ་ཅན། ཕྱག་གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ། གཅེར་བུ་ལིང་ག་གྱེན་དུ་སྒྲེང་བ།


TNT06_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའི་སྐུར་གྱུར། དེ་ཐམས་ཅད་ཀྱི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། མིག་ཏུ་ཀྵིཾ། ཞེས་པ་ནས། ལྟེ་བར་སཾ་དཀར་པོ། སྤྱི་བོར་ཨོཾ། ཞེས་པ་ནས། སྤྱི་བོར་འཁྱིལ་བ་ལས། གཙོ་བོ་ལ་མི་བསྐྱོད་པ་དང༌། རོ་ལངས་བརྒྱད་ལ་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པ་རེས་དབུ་བརྒྱན། ཨོཾ་བཛྲ། ནས། གཎྜེ་ཧོ། ཞེས་པའི་བར་བྱ། བར་འདིར་རྩ་སྔགས་དང༌། ཉེ་སྙིང་ཅི་རིགས་དང༌། ཧྲཱིཿཥྚཱིཿ བརྒྱ་རྩ་བརྒྱད་ལས་མི་ཉུང་བ། ལས་བུམ་པ་ལ་དམིགས་ནས་ཉེ་སྙིང་བརྒྱ་རྩ་བརྒྱད་དུ་བཟླའོ། །མཇུག་ཏུ་ཐམས་ཅད་ལ་ཐུན་མོང་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མཱ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་པའང་ཅི་རིགས་པ་བཟླ། སླར་ཡང༌། ཨརྒྷཾ། ནས། ཤཔྟའི་བར་གྱིས་མཆོད། ཧྲཱིཿཥྚཱིཿའི་མཐར་འབྲུ་གསུམ་གྱིས་ནང་མཆོད་འབུལ། གཟུགས་སྒྲ་ལ་སོགས་དང༌། དུར་ཁྲོད་རྒྱན་གྱིས། སོགས་དང༌། ཕུང་པོ་འབྱུང་བ་རྣམ་དག་ཅིང༌། །བསྡུ་བ་ཞི་དང་བདེ་ཆེན་དངོས། །ལས་ཀུན་སྒྲུབ་པའི་ལྷ་རྣམས་ཏེ། །དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་བསྟོད། །ཅེས་པས་བསྟོད། ཡིག་བརྒྱ་ལན་གསུམ། མ་འབྱོར་བ། སོགས་བཟོད་པར་གསོལ། ཨོཾ་ཨཱཿཧཱུཾ། ཞེས་དུང་གི་ཆུ་ཕུལ། རྣམ་རྒྱལ་བུམ་པའི་ཡེ་ཤེས་པ་རྣམས་གཤེགས། དམ་ཚིག་པ་རྣམས་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཆུར་གྱུར། ལས་ཐམས་ཅད་པའི་ལྷ་ལ་བར་ཆད་བསྲུང་བར་གསོལ་བ་བཏབ། ལས་བུམ་གྱི་ཆུས་བུམ་པ་ལ་བསྐོར་བར་བྱ། ལས་བུམ་གྱི་ལྷ་མི་བཞུ་བར་བཞུགས་པ་དོན་ཡོད་རྡོ་རྗེས་བཤད་པ་ལྟར་བྱའོ། །བཞི་པ་ནི།


TNT06_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་རྣམས་ཀྱིས་མཎྜལ་ཕུལ། སྙིམ་པ་མེ་ཏོག་དང་བཅས་པ་ལ་སློབ་དཔོན་གྱིས། རྗེས་སུ་གནང་བའི་འཁོར་བཞི་པོ། །རང་གི་བསླབ་དང་ཤིན་ཏུ་ལྡན། །ཐེག་པ་ཆེན་པོའི་བློ་ཆེན་ལ། །བདེ་གཤེགས་ཡང་དག་ཆོ་ག་གསུངས། །སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་འཇུག་པར་བྱེད། །བསོད་ནམས་འདོད་པ་དེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡི། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་་འདིའི་འབྲས་བུ་འདོད་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འབྱུང༌། །འཇིག་རྟེན་ཕ་རོལ་དོར་གཉེར་ན། །འཇིག་རྟེན་འདི་ཡི་འབྲས་བུ་འབྱུང༌། །དེ་བས་འཇིག་རྟེན་འདས་སྒྲུབ་ཕྱིར། ཁྱོད་ཀྱིས་བརྟན་པའི་ཡིད་བགྱིས་ཤིག །ཅེས་བརྗོད་ལ་དོན་བཤད། འདིར་སྔགས་ཀྱི་ལམ་གྱི་སངས་རྒྱས་སྒྲུབས་པ་ལ། ཆོས་བཞི་ཚང་དགོས་པ་ཡིན་ཏེ། གཽ་ཏྲ་སྟེ་བླ་མ་རྡོ་རྗེ་འཆང་གི་རིགས་བརྒྱུད་མ་ཉམས་པ་དང་ལྡན་པ་དགོས། ཀྵེ་ཊཱ་སྟེ་སློབ་མ་རྡོ་རྗེ་ཐེག་པའི་ཞིང་དུ་བྱས་པ་་དགོས། ཤུདྡྷ་སྟེ་སྔགས་ཀྱི་ཐེག་པ་ལ་དད་པ་ཆེ་བ་དགོས། པྲཛྙཱ་སྟེ་ཟབ་མོ་གོ་བའི་ཤེས་རབ་ཆེ་བ་དགོས་སོ། །ཞེས་གོ་བར་བྱས་ལ། སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་གིས་འོད་ཟེར་གྱིས་སློབ་མ་དྲངས་ནས། ཁར་ཞུགས་ཤིང་གསང་གནས་སུ་གཏི་མུག་གཤིན་རྗེ་གཤེད་ཕྱག་གཉིས་པར་གྱུར་པ་ལ།


TNT06_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་ལྷ་ཚོགས་མང་པོ་སྤྱན་དྲངས་ཏེ། ཁ་ནས་ཞུགས་ཤིང་སློབ་མ་ལ་ཐིམ་པར་བསམ་ལ། ལྟེ་བ་ནས་འཐོན་པ་དེ། མདུན་དུ་འདུག་ནས་གསོལ་བ་གདབ་པར་བྱའོ། །གུས་པས་ཐལ་མོ་སྦྱར་ལ། སྟོན་པ་ཁྱོད་ལ་བདག་དགའོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དེ་ཉིད་དམ་ཚིག་རིམ་པ་དང༌། །བྱང་ཆུབ་སེམས་ཀྱང་བདག་ལ་སྩཽལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་པོ་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་མཛོད། །ལན་གསུམ་རྗེས་ཟློས་བྱའོ། །དེ་ནས་སློབ་མའི་རྒྱུད་བཟང་པོར་བྱ་བའི་ཕྱིར། བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་པའི་ཆོ་ག་ནི། ཁྱོད་ལ་ཡང་དག་བསྟན་པར་བྱ། །དུས་གསུམ་འབྱུང་བའི་རྫོགས་སངས་རྒྱས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་མཐུ་ཡིས་ནི། །ཡེ་ཤེས་མཉམ་པ་མེད་པ་བརྙེས། །ཤཱཀྱ་སེང་གེས་སོགས་མཆོག་གིས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གི་སྟོབས་ཀྱིས་བདུད་ཀྱི་སྡེ། །ཤིན་ཏུ་མི་བཟད་ཆེར་བཅོམ་ནས། །འཇིག་རྟེན་རྗེས་འཇུག་བརྟགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ལ་དོན་བཤད། དེ་ནས་སེམས་བསྐྱེད་དང་སྡོམ་པ་སྦྱིན་པའི་རྗེས་ཟློས་བྱ་ཞིང༌། དཀོན་མཆོག་གསུམ་ལ་


TNT06_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །ཞེས་པ་ནས། སངས་རྒྱས་འགྲུབ་པར་ཤོག །གི་བར་དུ་ལན་གསུམ་བརྗོད། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དཔང་པོར་བྱས་ལ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་པ་ནས། མ་སྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་སྒྲོལ། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་བཟླས་སོ། །སློབ་དཔོན་གྱི་དབང་མི་བསྐུར་ན། རིགས་ལྔའི་སྡོམ་པ་མི་སྦྱིན་ནོ། །རྡོ་རྗེ་དང་བཅས་པའི་དྲིའི་ཆུས་གནས་གསུམ་དུ་རེག་ཅིང༌། ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ་ལས་འཁོར་ལོ་པདྨ་རྡོ་རྗེ་ཡི་གེ་གསུམ་དང་བཅས་དམིགས་ལ། མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་ཀྱིས་མཆོད་པར་བྱའོ། །སོ་ཤིང་སྦྱིན་པ་ནི། བ་བྱུང་དྲི་བཟང་དང་བཅས་པས་གྲུ་བཞིར་བྱུགས་པའི་སྟེང་དུ། སོ་ཤིང་སོར་བཅུ་གཉིས་པ་མ་གས་ཤིང་སྲོག་ཆགས་ཀྱིས་མ་ཟོས་པའི་རྩེ་མོར་མེ་ཏོག་དང་བཅས་པ། ཧཱུཾ་ལས་བྱུང་ཞིང༌། ལན་བདུན་བཟླས་པ། སློབ་མ་ཐལ་མོ་སྦྱར་བའི་ལག་ཏུ་སྦྱིན་ཞིང༌། ཨོཾ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ཨ་མྲྀ་ཏ་ཧཱུཾ་ཕཊ། ཞེས་པ་བགེགས་སྦྱངས་ལ། རྩེ་མོས་སོ་དྲུད་ནས་ཁ་ཤར་དུ་ཕྱོགས་པས། བཛྲ་ཧ་ས་ཧ། ཞེས་བརྗོད་ཅིང་དོར། རྩེ་མོ་ཤར་ལྷོ་ནུབ་བྱང་འོག་ཏུ་བསྟན་ན། ཞི་རྒྱས་དབང་དྲག་མཁའ་སྤྱོད་ས་འོག་གི་དངོས་གྲུབ་ཐོབ་པར་ལུང་བསྟན་ཏོ། །བཾ་ལས་བྱུང་ཞིང༌། ལན་བདུན་བཟླས་པའི་དྲི་ཆུ། ཨོཾ་ཧྲཱིཿབི་ཤུདྷ་དྷརྨ་སརྦ་


TNT06_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་པཾ་ནི་ཤྩ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུཾ། ཞེས་བཟླས་པའི་ཁྱོར་ཆུ་བྱིན་ལ་ལན་གསུམ་མཐུང་དུ་གཞུག་གོ །དེ་ནས། ཧཱུཾ་ལས་ཀུ་ཤ་ཆེ་ཆུང་གཉིས་ཧཱུཾ། ལན་བདུན་བཟླས་ཏེ་སྟན་དང་སྔས་ཀྱི་དོད་དུ། ཨོཾ་བཛྲ་ཏིཀྵ་ཎཾ། ཞེས་བཟླས་ཤིང་སྦྱིན་པར་བྱའོ། །བསྲུང་སྐུད་དམར་པོ་ལུས་ཚད་དང་མཉམ་པ་གསུམ་སྒྲིལ་ལ། ཧཱུཾ་ལས་བྱུང་བའི་མདུད་པ་གསུམ་ལྡན། ཧྲཱིཿཥྚཱིཿལན་བདུན་བཟླས་པ་དཔུང་པར་བཅིང་ལ། ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦན་སྭཱཧཱ། ཞེས་བརྗོད་དོ། །ཆོས་བཤད་པ་ནི། འཇིག་རྟེན་ན་ནི་ཀུན་མཁྱེན་རྣམས། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་ངམ་ཡང་ན་འབྱུང་མི་འགྱུར། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བྱས་པར་གྱུར་པ་གང༌། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལེགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོང་འཕང་བླ་ན་མེད་པར་འགྱུར། །གང་ཞིག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་དུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་


TNT06_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་འགྲོ་བས་ན། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་བརྗོད་ཅིང་དོན་བཤད་དོ། །རྨི་ལམ་བརྟག་ཅིང་ངན་ན་བསྲུང་བ་ནི། བུ་ཀྱེ་སང་ནི་དཀྱིལ་འཁོར་མཆོག །མཐོང་བར་འགྱུར་རོ་ཉོལ་ཞིག་དང༌། །རྨི་ལམ་མཐོང་བ་གང་ཡིན་པ། །དེ་ཀུན་ང་ལ་ལེགས་པར་སྨྲཽས། །ཞེས་གདམས་ལ་རྨི་ལམ་བཟང་ངན་གྱི་ཁྱད་པར་ཅུང་ཟད་བཤད་དོ། །དེ་ནས་སློབ་མ་རྣམས་རང་གནས་སུ་བཏང་ངོ༌། །འདི་ལ་སྙན་གསན་དབབ་པ་ཡན་ཆད་སྔོན་ལ་བྱས་ཏེ། དེ་རྗེས་བུམ་པ་དང་སློབ་མའི་སྟ་གོན་བྱས། མཆོད་བསྟོད་ནམ་མཁར་འདེགས་པ་རྣམས་སྐབས་འདིར་བྱས་ཀྱང་རུང་བས་གང་བདེ་བྱའོ། །གསུམ་པ་དཀྱིལ་འཁོར་ཞག་གི་ཆོ་ག་ནི། ནངས་པར་སྔ་བར་ལངས་ནས། ཚོན་སྣ་ལྔའི་སྟེང་དུ་སྲད་བུ་ཁ་དོག་སྣ་ལྔ་བཞག གཏོར་མ་དང་མཆོད་པ་ཆ་ཚང་བཤམས། ཐིག་ཚོན་སྣ་ལྔ་གྲལ་སྒྲིགས་སུ་བཤམས་ཀྱང་རུང༌། དབུས་དང་ཕྱོགས་བཞིར་བཀོད་ཀྱང་རུང་སྟེ། བསངས་སྦྱངས། སྟོང་པའི་ངང་ལས། ཐིག་ཚོན་སྔོན་པོའི་གནས་སུ། ཡ་ལས་ཞེ་སྡང་གཤིན་རྗེ་གཤེད་སྐུ་མདོག་སྔོན་པོ། དཀར་པོའི་གནས་སུ་ཀྵེ་ལས་གཏི་མུག་གཤིན་རྗེ་གཤེད་སྐུ་མདོག་དཀར་པོ། ཐིག་ཚོན་སེར་པོའི་གནས་སུ་མ་ལས་སེར་སྣ་གཤིན་རྗེ་གཤེད་སྐུ་མདོག་་སེར་པོ། ཐིག་ཚོན་དམར་པོའི་གནས་སུ་མེ་ལས་འདོད་ཆགས་གཤིན་རྗེ་


TNT06_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་སྐུ་མདོག་དམར་པོ། ཐིག་ཚོན་ལྗང་ཁུའི་གནས་སུ་ད་ལས་ཕྲག་དོག་གཤིན་རྗེ་གཤེད་སྐུ་མདོག་ལྗང་ཁུ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་ཧེའི་གདོང་བ་ཅན། གཅེར་བུ་ལིང་ག་གྱེན་དུ་སྒྲེང་བ། ཕྱག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། ཞབས་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་ཤིང༌། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་གར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་ཁྲོ་བོ་རིགས་ལྔ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཡང་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ། སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན། མཆོད་པ་བྱིན་རླབས་བསྡུས་པ་གོང་གཞིན་བྱ། གཏོར་མ་བསངས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུཾ་ཕཊ། ཨོཾ་ཨཱཿཛི་ན་ཛིཀ་ཧཱུཾ་ཕཊ། ཨོཾ་ཨཱཿརཏྣ་དྷྲྀཀ་ཧཱུཾ་ཕཊ། ཨོཾ་ཨཱཿཨ་རོ་ལྀཀ་ཧཱུཾ་ཕཊ། ཨོཾ་ཨཱཿཔྲཛྙཱ་དྷྲྀཀ་ཧཱུཾ་ཕཊ། ཅེས་པའི་སྔགས་ཚན་ལྔ་རེ་རེ་བཞིན། ཨ་ཀཱ་རོ། བཏགས་པས་གཏོར་མ་


TNT06_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། སངས་རྒྱས་ཀུན་གྱི་རང་བཞིན་མཆོག །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་པའི་མཆོག །ཞེ་སྡང་རྡོ་རྗེ་ཁྱོད་ཕྱག་འཚལ། །གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ༴ ཐུགས་ཀྱི་རྡོ་རྗེ་རབ་ཏུ་གསལ། །རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ། །འདོད་ཆགས་རྡོ་རྗེའི༴ ཁྱབ་བདག་ཆགས་པ་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲག་དོག་རྡོ་རྗེའི༴ གཤིན་རྗེ་གཤེད་པོ་ལས་ཀུན་བྱེད། །སྐུ་ཡི་རྡོ་རྗེ་རབ་གསལ་བ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །ཞེས་པས་བསྟོད། སྔགས་ཚན་ལྔ་པོ་དེ་དག་བདུན་ནམ་ཉེར་ཅིག་ཙམ་གང་འོས་བཟླ། ཁྲོ་བོ་རིགས་ལྔ་ཞུ་བ་ལས་བྱུང་བའི་ཐིག་ཚོན་དུ་གྱུར། ཨོཾ་དིཔྟ་དྲྀཥྟ་ཨཾ་ཀུ་ཤ་ཛཿཛཿ ནམ་མཁར་བཞུགས་པའི་དཀྱིལ་འཁོར་གྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་ཐིག་སྐུད་དང་རྡུལ་ཚོན་བྱུང་བ་ཐིག་ཚོན་དང་གཉིས་སུ་མེད་པར་འདྲེས་པར་གྱུར། ཐིག་སྐུད་བརྐྱངས་ཤིང་སྒྲིམ་སྟེ། ཨོཾ་ཨཱཿནྱོ་ནྱ་ཨ་ནུཏྒ་ཏ་སརྦ་དྷརྨ་པ་ར་སྥ་ར་ཨ་ནུ་པྲ་བྀཥྟཿསརྦ་དྷརྨ་ཨ་དྱནྟ་ཨ་ནུ་པྲ་བིཥྟཿསརྦ་དྷརྨ་ཧཱུཾ། ཞེས་བཟླ། ཛྫ་ཞེས་སློབ་མ་ལ་གཏད་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་བརྗོད་བཞིན་དུ་དང་པོར་ནམ་མཁའ་དང༌། དེ་ནས་ས་ལ་ཚངས་ཐིག་དང་པོ་གདབ། དེ་བཞིན་དུ་ཐིག་


TNT06_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བརྒྱད་གདབ་སྟེ། གཡས་བསྐོར་དུ་བྱེད་པ་སོགས་སྤྱི་དང་འདྲའོ། །དེའི་རྗེས་སུ་ལས་ཐིག་ཀྱང་ཞིབ་མོར་གདབ་པར་བྱ་སྟེ། རྩ་ཐིག་ནང་དུ་ལྷ་རྣམས་ཆ་ཆེན་གཅིག་བཞག་ལ། དེ་ནང་ཟླུམ་ཐིག་རིམ་པ་གསུམ། ནང་ལེ་ཚེ་དགུ་དང་བཅས་པ་གདབ། རྟ་བབས་སྒོ་ཚད་གསུམ་པ་དང༌། གཅིག་པ་ཇི་ལྟར་བདེ་བར་བྱ་སྟེ། མེ་རིའི་ཕྱི་རོལ་ཏུ་དུར་ཁྲོད་འདྲི་བའམ་རྡོ་རྗེའི་རྭ་བའི་ནང་དུ་བྲིས་ཀྱང་རུང་བས། དེའི་ཐིག་ཀྱང་གདབ་པར་བྱའོ། །དེ་ནས་རྡུལ་ཚོན་རྣམས་ཧི་ཧི་ཞེས་པ་དང༌། རྡོ་རྗེ་མེའི་ཕྱག་རྒྱས་ཆེར་སྦར་ལ། ཨོཾ་བཛྲ་ཙིཏྟྲ་ས་མ་ཡ་ཧཱུཾ། ཞེས་རྡུལ་ཚོན་མཉེ་བར་བྱའོ། །སློབ་དཔོན་གྱི་རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧོ། ཞེས་རྡོ་རྗེ་ཤུགས་ཀྱི་འཇུག་པས་ཞུགས་པ་ལ། ཧིཿཧིཿཞེས་སྒོའི་རྩ་ཐིག་ཕྱི། ཆོས་དབྱིངས་ཡེ་ཤེས་དག་པའི་གནས། །སེམས་ཅན་ཁམས་རྣམས་རབ་སྒྲོལ་བྱེད། །རྒྱལ་བ་འཇམ་པའི་རྡོ་རྗེ་ཉིད། །དེ་བཞིན་གཤེགས་པ་ཀུན་གནས་པའོ། །ཞེས་བརྗོད་དེ་དབང་ལྡན་གྱི་རྩིག་པ་ན་འདྲི། ཚོན་འགྱེད་པ་རྫོགས་ནས། ཐིག་ཚོན་གྱི་ལྷག་མ་ལ་མཆོད་བསྟོད་བསྡུས་པ་རེ་བྱས་ནས། ཨོཾ་ཨཱཿཧཱུཾ་མུཿ ཞེས་ཡེ་ཤེས་པ་གཤེགས། ཛཿཧཱུཾ་བཾ་ཧོཿ ཡིས་དམ་ཚིག་པ་རང་ལ་ཐིམ། ལྷག་ཆད་ཀྱི་ཉེས་པ་སྤང་བའི་དོན་དུ། དཀྱིལ་འཁོར་གྱི་ཤར་ཕྱོགས་ནས་རྡོ་རྗེ་གསོར་ཞིང་ཡིག་བརྒྱ་མང་དུ་བཟླ། བུམ་པ་འབུལ་ཚུལ་སྤྱི་དང་མཐུན་ནོ། །བཞི་པ་དཀྱིལ་འཁོར་སྒྲུབ་པ་ནི། མཆོད་པ་དང་ས་རྒྱན་གནམ་བརྒྱན་སོགས་ཚང་བར་བཤམས། འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཀྱང་འཛོམ་པར་བྱས་ལ། ཆོག་ལ་འཇུག་སྟེ། སྔོན་འགྲོ་གཏོར་


TNT06_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

མ། གནས་ཡོ་བྱིན་བརླབས། ཞུ་འབུལ། སྐྱབས་འགྲོ་སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས། ནང་མཆོད་བྱིན་རླབས་རྣམས་སྔོན་དུ་འགྲོ་བས། ཚོགས་ཞིང་ནས་བརྩམས་བཟླས་པའི་མཐར། རང་གི་ཐུགས་ཀར་བསྡུ། ཞེས་པའི་བར་བདག་བསྐྱེད་མངོན་རྟོགས་རྫོགས་པར་སྒོམ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་ཆོས་འབྱུང་གྲུ་གསུམ། ཞེས་པ་ནས། མེ་དཔུང་འབར་བའི་དབུས་སུ་བཞུགས་པ་རྣམས་སུ་གྱུར། ཞེས་པའི་བར་དམ་ཚིག་པ་བསྐྱེད་པ་ལྷ་སྟ་གོན་གྱི་སྐབས་དང་འདྲ། གཙོ་འཁོར་ཐམས་ཅད་ཀྱི་མིག་ཏུ་ཀྵིཾ། ཞེས་པ་ནས། ཕྱག་གཉིས་པ་རེས་དབུ་བརྒྱན། གྱི་བར་ཡང་བུམ་བསྐྱེད་ཀྱི་སྐབས་དང་འདྲའོ། །ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། མདུན་གྱི་ནམ་མཁའ་ནས་སྟ་གོན་གྱི་ལྷ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཧྲཱིཿཥྚཱིཿལན་གསུམ་གྱིས་ཕྱི་འབྲང་གི་བགེགས་བསྐྲད། སླར་ཡང་ཧྲཱིཿཥྚཱིཿལན་གསུམ་གྱིས་གུར་གྱི་སྒོ་ཕྱེ་ལ་ནང་དུ་སྤྱན་དྲངས། ཡང་གསུམ་གྱིས་མཚམས་བཅིང་བའོ། །ཨོཾབཛྲ་ལཱ་སྱ་ཧཱུཾ། སོགས་ཀྱིས་མཆོད། ཨོཾ་ཀུ་ཤ་སོགས་ཀྱིས། དཀྱིལ་འཁོར་དང་གཉིས་སུ་མེད་པར་བསྟིམ། དཀྱིལ་འཁོར་བྱིན་གྱིས་བརླབས་པའི་དོན་དུ་སྔགས་གསུམ་ཅི་རིགས་པ་དང༌། ཡིག་བརྒྱ་ལན་དགུ་བཟླའོ། །དེ་ནས་སླར་ཡང་མཆོད་པ་རྒྱ་ཆེར་བཤམས། མཆོད་པ་བྱིན་རླབས་


TNT06_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་བྱེད་པ་ནས་བརྩམས། གཏོར་ཆོག་རྫོགས་ཀྱི་བར་སྟ་གོན་དང་འདྲ། ཕྱི་རོལ་གཏོར་མ་གཏོར་བར་སྤྲོ་ན། ལག་ལེན་ནི་སྤྱི་དང་མཐུན་ལ། སྒྲུབ་ཐབས་བཞིན་གཏོར་མ་བྱིན་རླབས་རྒྱས་པར་བྱ། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱི་རྩེ་མོ་ལས། ཞེས་པ་ནས། བསྐོར་བར་གྱུར། དེ་ཐམས་ཅད་ཀྱི་མིག་ཏུ་ཀྵིཾ། ནས་འཕྲིན་བཅོལ་གྱི་བར་ཕྱོགས་སྐྱོང་གི་གཏོར་ཆོག་སྒྲུབ་ཐབས་སུ་བཤད་པ་དང་འདྲ་བ་ལས། ཕུན་སུམ་ཚོགས་པ་མངའ་བ། སོགས་ཀྱི་བཀྲ་ཤིས་དང༌། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སོགས་སྨོན་ལམ་བཏབ། ཨོཾ་ཧྲཱིཿབི་ཤུདྡྷ། སོགས་ཀྱིས་མཆོད་ཡོན་འགྲོ་ཕྱོགས་སུ་སྒྲེངས། ཡིག་བརྒྱ་དང་བཟོད་གསོལ། གཤེགས་གསོལ་རྣམས་བྱས་ལ་གཏོར་མ་བཞི་མདོ་སོགས་་སུ་བསྐྱལ། རྩ་སྔགས་དང་བདུད་རྩི་འཁྱིལ་བའི་སྣགས་ཀྱིས་མཚམས་བཅད་ནང་དུ་འཇུག་གོ །འདི་ལ་དཀྱིལ་ཆོག་རྙིང་པར་བཤད་ཅིང་དེང་སང་ཕལ་ཆེར་ལག་ལེན་ལ་བྱེད་པ་ལྟར། དྲུག་ཅུ་རྩ་བཞི་ནང་གཏོར་གྱི་ལུགས་བཞིན་དུ་བྱེད་པ་ཡང་སྤྱིར་མི་ལེགས་པ་མ་ཡིན་ཡང་ཕྱི་རོལ་གཏོར་མ་ལ་འདི་ཙམ་གྱིས་ཆོག་ཅིང༌། ནང་གི་གཏོར་མའི་སྐབས། ཕྱོགས་སྐྱོང་གི་གཏོར་ཆོག་ཐུན་མོང་མ་ཡིན་པ་དེ་ཡང་བྱེད་དགོས་པས། ལག་ལེན་ཕྲ་མོ་འདིའི་རིགས་ཀྱང་མ་འཁྲུགས་པར་བྱའོ། །བར་འདིར་འགྲུབ་ན། སྦྱིན་སྲེག་དང་ཚོགས་ཀྱི་འཁོར་ལོས་དཀྱིལ་འཁོར་མཆོད་པ་ཡང་གལ་ཆེའོ། །ལྔ་པ་ནི། ཕྱི་རོལ་གཏོར་མའི་རྗེས་ཐོགས་ཉིད་ལ། སྒོ་དབྱེ་བ་དང་མེ་ཏོག་འབུལ་བ་བྱས་ནས་དབང་ལེན་པའང་ཡོད་ལ་མཐའ་གཅིག་ཏུ་དགོས་པའང་མ་ཡིན་པས་


TNT06_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་བདེར་བྱའོ། །དེ་ཡང་འཇུག་པའི་དོན་དུ་མཎྜལ་ཕུལ་ལ། རོ་ལངས་མ་ཡིས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཞེས་སོགས་ནས། སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །གཤིན་རྗེ་སྒྲོལ་བའི་གྲོང་ཁྱེར་དུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། ཨཱ་ཁཾ་ཝཱི་ར་ཧཱུཾ། གདོང་གཡོགས་བཅིང་ལ། ཨུ་དུམ་ཝ་ར་མནྜ་ར། །ཡོངས་འདུའི་ཤིང་དང་མ་ལི་ཀ ། ཀརྣྀ་ཀ་ཡི་འཕྲེང་བ་འདི། །ལེགས་པར་མནོས་ལ་བུས་བཟུང་ཞིག །ཅེས་མེ་ཏོག་བཟུང༌། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཀྱིས་བུམ་ཆུས་བསངས། ཨོཾ་ཨཱཿཧཱུཾ། གིས་བདུད་རྩི་མྱངས། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །དེས་བུ་ལ་ཅི་ཞིག་བྱ། །སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་དྲི་ལན་བྱ། རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གནས་པར་གྱུར། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པཱ་ད་ཡཱ་མི། སྙིང་གར་རྡོ་རྗེ་བཞག་ལ། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡཱ་ཐ་སུ་ཁཾ། རྡོ་རྗེ་སྤྱི་བོར་གཏུགས་ལ། དུས་འདི་ནས་ནི་ཁྱོད་ཉིད་ནི། །སངས་རྒྱས་རིགས་སུ་ཆུད་པས་ན། །ང་ཡིས་རྡོ་རྗེ་ཡེ་ཤེས་བྱིན། །དེ་ཡིས་སངས་རྒྱས་འགྲུབ་པར་འགྱུར། །གང་ཞིག་འདི་ནི་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག །བག་མེད་སྨྲ་ན་ཉམས་པར་འགྱུར། །


TNT06_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ནན་ཏན་གསང་བར་བྱོས། །ཤར་སྒོ་ནས་ཕྱག་འཚལ་བར་བསམ། ཨོཾ་ན་མཿཏེ་ཧཱུཾ། ན་མོ་མི་ཧཱུཾ། ན་མོ་ན་མ་ཧཱུཾ། ཞེས་གནས་གསུམ་དུ་ཐལ་མོ་སྦྱར་རོ། །ཨོཾ་བཛྲ་ཨུཏ་གྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་པས་སྒོ་ཕྱེ། རྒྱས་པར་སྤྲོ་ན་ཕྱོགས་བཞི་ནས་ཕྱག་ལྔ་འཚལ་བའང་བྱའོ། །དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཡན་ལག་བདུན་པ་དང༌། རིགས་ལྔའི་སྡོམ་བཟུང་སྤྱི་དང་མཐུན་པར་བྱ། རྡོ་རྗེ་སྤྱི་བོར་བཞག་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡི། ཁྱོད་ཀྱིས་ཀྱང་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། །སྙིང་གར་གཏུགས་ཏེ། གཤིན་རྗེ་གཤེད་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུག་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཡང་སྤྱི་བོར་བཞག་ལ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན། འདིས་ཁྱོད་ཀྱི་མགོ་བོ་འགེམས་བར་འགྱུར་རོ། །དུང་གི་ཆུའམ། རྣམ་རྒྱལ་བུམ་པའི་ཆུ་ནས་ཅུང་ཟད་འཐུང་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །འཐུང་ཞིག་རྡོ་རྗེ་བདུད་རྩིའི་ཆུ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུད་ཀ་ཋཿཋཿཋཿ ཡང་སྤྱི་བོར་རྡོ་རྗེ་བཞག་ལ། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱི། །གཤིན་རྗེ་གཤེད་


TNT06_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་བཀའ་སྩལ་པ། ཁྱོད་ཀྱིས་སྐྱོ་བ་མེད་པར་གྱིས། །གང་ཡང་ང་ལ་བརྙས་པར་མིན། །དེ་བཞིན་མོས་པར་མ་བྱས་ན། །བདུད་ཀྱིས་བཅོམ་ནས་དམྱལ་བར་འགྲོ། །དེ་བས་དམ་ཚིག་གནས་པར་གྱིས། །ཡེ་ཤེས་དབབ་པའི་དོན་དུ་མཎྜལ་ཕུལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་གཤིན་རྗེ་གཤེད་བདག་ལ་དབབ་ཏུ་གསོལ། །ཅེས་ལན་གསུམ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་སྣང་ལ་རང་བཞིན་མེད་པའོ། །རང་སྐད་ཅིག་གིས་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པར་གསལ་བའི་རྐང་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོན་པོ་བ་དན་གྱིས་མཚན་པ། རྐང་མཐིལ་གཉིས་སུ་མེ་རླུང་གི་རང་བཞིན་ཡི་གེ་ཛྷཻཿལྗང་ཁུ། སུམ་མདོར་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ། སྙིང་ཁར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེས་མཚན་པ། མགྲིན་པར་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་བུམ་པས་མཚན་པ། མགོ་བོར་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ནག་པཽ་ཧ་ཡིག་གིས་མཚན་པ། སྙིང་གའི་དབུས་སུ་འཇམ་དཔལ་གཞོན་ནུ་སྐུ་མདོག་གསེར་བཙོ་མ་ལྟ་བུར་རལ་གྲི་དང་པོ་ཏི་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཞུགས་པར་གྱུར། རྐང་འོག་གི་རླུང་གིས་བ་དན་བསྐྱོད། ཛྷཻཾཿབསྐུལ་ཏེ་མེ་འོད་འབར་བ། སུམ་མདོའི་མེ་དང་་འདྲེས། སྙིང་གའི་ས་བསྲེགས།


TNT06_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པའི་ཆུ་བསྐོལ་ཞིང་ལུད་པ་སྙིང་གའི་ས་ལ་ཐིམ། འཇམ་དཔལ་གཞོན་ནུའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ལུས་ཐམས་ཅད་གང༌། ལུས་སེམས་ཐམས་ཅད་བདེ་བས་ཁྱབ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། རང་གི་བ་སྤུའི་བུ་ག་ནས་ཞུགས་ཏེ་ཐིམ། ཧྲཱིཿཥྚཱིཿའི་མཐར། ཨ་བྷེ་ཤ་ཡ། སྟཾ་བྷཱ་ཡ། ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཨཱཿཧ་ཛྷཻཾཿ ཞེས་རོལ་མོའི་སྒྲ་དང་བཅས་ཏེ་ཡེ་ཤེས་ཕབ། ཏིཥྛ་བཛྲ། གྱིས་བརྟན་པར་བྱས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །གཤིན་རྗེ་གཤེད་པོའི་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དང༌། །བསོད་ནམས་རིམ་པའང་དེ་བཞིན་ཤོག །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་གསོལ་བ་བཏབ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། ཞེས་མེ་ཏོག་དོར། པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མཧཱ་བ་ལ། མིག་གཉིས་སུ་འབར་བ་དང་བཅས་པའི་ཨོཾ། དཔྲལ་བར་རཾ། སྙིང་ཁར་ཧཱུཾ། གཤིན་རྗེ་གཤེད་པོ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ཙཀྵུ་མཧཱ་མཎྜལ་པྲ་བྷེ་ཤ་ཡ་ཕཊ། ཅེས་གདོང་གཡོགས་བཀྲོལ། ཧེ་བཛྲ་པཱ་ཤྱ།


TNT06_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པས་བལྟ་བར་བསྐུལ། དཀྱིལ་འཁོར་དམ་པ་་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་བཞིན་དུ་གསལ་བར་གྱུར། ཡང་མཎྜལ་ཕུལ། ཇི་ལྟར་རྡོ་རྗེ་ཆོས་ཆེན་པོས། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། །དེ་བཞིན་བདག་ལ་དབང་བསྐུར་ཞིང༌། །བདག་ལ་དོན་མཆོག་སྩལ་དུ་གསོལ། །ཅེས་ལན་གསུམ། དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ། རིན་པོ་ཆེའི་ཁྲི་དང༌། པདྨ་དང་ཉི་མའི་སྟེང་དུ་རང་ཉིད་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པའི་རྣམ་པས་གནས་པར་གྱུར། ཧྲཱིཿཥྚཱིཿ ལན་གསུམ་གྱིས་བགེགས་བསྐྲད། དཀྱིལ་་འཁོར་གྱིས་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དབང་གི་ལྷ་བཅོམ་ལྡན་འདས་གཤིན་རྗེ་གཤེད་རིགས་ལྔ་ཡུམ་བཞི། སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་སློབ་མ་འདི་རྣམས་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དཀྱིལ་འཁོར་ཀྱི་ལྷ་ཚོགས་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། བྱང་ཆུབ་སེམས་དཔའ་སེམས་མ་


TNT06_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཤིས་པ་བརྗོད་ཅིང་མཆོད་པར་བྱས། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། ཙརྩི་ཀ་ལ་སོགས་པ་ཡུམ་བཞི་པོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ཐོགས་ཏེ། ཡལ་འདབ་ཀྱིས་བདུད་རྩིའི་ཆུ་རྒྱུན་བླངས་ཏེ། དབང་བསྐུར་ཚུལ་དུ་མཛད། མཁའ་དབྱིངས་ཐམས་ཅད་ཡོངས་སུ་གང་བའི་སངས་རྒྱས་བྱང་ཆུབ་་སེམས་དཔའ་ཐམས་ཅད་ཀྱིས་རོལ་མོའི་སྒྲ་བསྒྲགས། བཀྲ་ཤིས་ཀྱི་གླུ་དབྱངས་དང་བཅས། མེ་ཏོག་གི་ཆར་འབེབས་བཞིན་དུ་ཤིས་པ་བརྗོད་པར་གྱུར། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨོ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེས་ནས་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱི་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །དེང་བདག་གི་སློབ་མ་འདི་རྣམས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས། ཤིན་ཏུ་བཀྲ་ཤིས་


TNT06_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཅིག །ཡ་མནྟ་ཀ་བཟླ་བཞིན་ལས་བུམ་གྱི་ཆུས་དབང་རྫས་དང༌། སློབ་མ་རྣམས་ལ་བསངས་གཏོར་བྱ། ཆུ་དབང་གི་དོན་དུ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། བདག་དང་དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་གཉིས་ཀ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། མི་བསྐྱོད་པ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཡུམ་མཱ་མ་ཀཱི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་གར་དྷཱིཿལས་འཇམ་དཔལ་གཞོན་ནུ་སྐུ་མདོག་གསེར་བཙོ་མ་ལྟ་བུ་རལ་གྲི་དང་པོ་ཏི་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཞུགས་པར་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མི་བསྐྱོད་པའི་རྣམ་པར་བཛྲ་ས་མཱ་ཛཿ ཨོཾ་མུཏྒ་ར་ཛཿ སོགས། གཉིས་སུ་མེད་པར་ཐིམ། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་རྫས་ལ་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། དབང་རྫས་ཀྱི་མི་བསྐྱོད་པ་ཡབ་


TNT06_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་གྱུར། དབང་གི་ལྷ་རྣམས་ལ་རང་གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་སོ། །དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱི་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ། ཨ་ཧཾ། ཞེས་གསུང་བཞིན་དུ་བདག་ཉིད་ལ་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ཆུའི་དབང་ལ་ཕྱི་ནང་གཉིས་ཡོད་པ་ལས་ཕྱིའི་དབང་ངོ༌། །དཔལ་ལྡན་རྡོ་རྗེའི་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པ། །དེང་བདག་བྱིན་གྱིས་བརླབས་ནས་སུ། །ཐུགས་ཀྱི་རྡོ་རྗེར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་བྱུང༌། བདག་ཉིད་ཞལ་དུ་བཅུག །ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབ་པ་ཡ་ལས་རྡོ་རྗེ་ཡས་མཚན་པ་ལས། ཞེ་སྡང་གཤིན་རྗེ་གཤེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ་ཧེའི་གདོང་པ་ཅན་ཕྱག་གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ། གཅེར་བུ་ལིང་ག་གྱེན་དུ་སྒྲེང་བ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའི་སྐུར་གྱུར།


TNT06_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡང་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྣམས་རྡོ་རྗེའི་ལམ་ནས་བབས་ཏེ། བདག་ཉིད་ལ་དབང་བསྐུར་ཞིང་གཉིས་སུ་མེད་པར་ཐིམ། མཁའ་ནང་ནས་ཕྱིར་སྤྲོས་ཏེ། ཕྱི་རོལ་ཏུ་རང་གི་སྟན་ལ་་འཁོད། དེ་ནི་ནང་དབང་ངོ༌། །པུཥྤེ་ནས། ནཻ་ཝི་ཏྱེའི་བར་གྱིས་མཆོད། དེ་ལྟར་ན་ཆུའི་དབང་བསྐུར་བ་ཐོབ། ཞེ་སྡང་དག རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་བག་ཆགས་དང་ས་བོན་ནུས་པ་མཐུ་ཅན་དུ་གྱུར། ཞེ་སྡང་གཤིན་རྗེ་གཤེད་ཀྱི་སྒོ་ནས་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་ངོ༌། །དེ་ཁོ་ནས་རིག་པའི་དབང་གཞན་རྣམས་ལའང་རིགས་འགྲེ་སྟེ། དེ་ལ་ཅོད་པན་གྱི་དབང་ནི། བདག་དང་དབང་རྫས་རིན་པོ་ཆེའི་དབུ་བརྒྱན་གཉིས་ཀ་ཨཾ་ལས་རིན་པོ་ཆེ་ཨཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་གཡས་རིན་པོ་ཆེ་དང༌། གཡོན་དྲིལ་བུ་འཛིན་པས། ཞེས་དང༌། ཡུམ་རིན་ཆེན་སྒྲོལ་མ་སེར་མོ། ཞེས་དང༌། ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ཞེས་དང༌། ཞུ་བ་ལས་བྱུང་བའི་ཅོད་པན་དུ། ཞེས་དང༌། སངས་རྒྱས་ཀུན་གྱི་ཅོད་པན་དབང༌། །རྫོགས་སངས་རྒྱས་ཉིད་རབ་སྒྲུབ་ཕྱིར། །ཅོད་པན་


TNT06_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་དབང་བསྐུར་བས། །འཁོར་ལོས་བསྒྱུར་རྒྱལ་མགོན་དབང་བསྐུར། །ཨོཾ་ལཾ་མཾ་པཾ་ཏཾ་ཧཱུཾ། རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དང༌། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ཞེས་དང༌། དཔལ་ལྡན་ཡོན་ཏན་རྡོ་རྗེ་འཛིན། །མི་ཕྱེད༴ དེང་བདག༴ ཡོན་ཏན་རྡོ་རྗེར༴ ཞེས་དང༌། ཡུམ་གྱི་མཁར་བབས་པ། མ་ལས་རིན་པོ་ཆེ་མས་མཚན་པ་ཡོངས་སུ་གྱུར་པ་ལས། སེར་སྣ་གཤིན་རྗེ་གཤེད་སྐུ་མདོག་སེར་པོ། ཞེས་དང༌། དེ་ལྟར་ན་ཅོད་པན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུས་བྱས། རིན་ཆེན་འབྱུང་ལྡན་གྱི་བག་ཆགས་དང་ས་བོན་ནུས་པ་མཐུ་ཅན་དུ་གྱུར། སེར་སྣ་གཤིན་རྗེ་གཤེད་ཀྱི་སྒོ་ནས་ལས་དང་དངོས་གྲུབ་ཐམས་ཅད་སྒྲུབ་པ་ལ་དབང་ངོ༌། །རྡོ་རྗེའི་དབང་ལ། དབང་རྫས་རྡོ་རྗེ་གཉིས་ཀ ཛིཾ་ལས་པདྨ་ཛིཾ་གིས༴ འོད་དཔག་མེད་་དམར་པོ་པདྨ་དང༌། ཡུམ་གོས་དཀར་མོ་དམར་མོ༴ འོད་དཔག་མེད་ཀྱིས་དབུ་བརྒྱན། ཞུ་བ་ལས་བྱུང་བའི་རྡོ་རྗེར༴ རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །སངས་རྒྱས་ཀུན་ཏུ་རབ་སྒྲུབ་ཕྱིར། །རྡོ་རྗེ་མཆོག་གི་དབང་བསྐུར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཤཱུ་ནྱཱ་ཏ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། འོད་དཔག་མེད་ཀྱིས་དབུ་བརྒྱན། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །མི་ཕྱེད༴ དེང་བདག༴ གསུང་གི་རྡོ་རྗེར༴ མེ་ལས་པདྨ་མེས་མཚན་པ་ཡོངས་སུ་གྱུར་པ་ལས། འདོད་ཆགས་གཤིན་རྗེ་གཤེད་སྐུ་མདོག་དམར་པོ༴ དེ་


TNT06_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན། རྡོ་རྗེའི་དབང་ཐོབ། འདོད་ཆགས་དག འདུ་ཤེས་ཀྱི་ཕུང་པོ༴ སོ་སོར་རྟོག་པའི་ཡེ་ཤེས༴ འོད་དཔག་མེད་ཀྱི༴ འདོད་ཆགས་གཤིན་རྗེ་གཤེད་ཀྱི། ཞེས་འདོན་པ་སྤོ། དྲིལ་བུའི་དབང་ནི། བདག་དང་དབང་རྫས་དྲིལ་བུ། ཁཾ་ལས་རལ་གྲི་ཁཾ་གིས༴ དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ། རལ་གྲི་དང༌། ཡུམ་དམ་ཚིག་སྒྲོལ་མ་ལྗང་ཁུ༴ དོན་ཡོད་གྲུབ་པས་དབུ་བརྒྱན། ཞུ་བ་ལས་བྱུང་བའི་དྲིལ་བུ། ཆོས་ཀྱི་དྲིལ་བུ་བླ་མེད་དོན། །སྟོང་ཉིད་ཡེ་ཤེས་སྒྲ་སྒྲོག་པ། །ཐམས་ཅད་སྟོང་ཉིད་དོན་སྟོན་པའི། །དྲིལ་བུའི་དབང་ནི་བླ་ན་མེད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཔྟ་པ་ད་ལྱཱ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུཾ། དཔལ་ལྡན་འཕྲིན་ལས་རྡོ་རྗེ་འཛིན། །མི་ཕྱེད༴ དེང་བདག༴ འཕྲིན་ལས་རྡོ་རྗེར༴ མཁར་བབས་པ། ད་ལས་རལ་གྲི་དས་མཚན་པ་ཡོངས༴ ཕྲག་དོག་གཤིན་རྗེ་གཤེད་སྐུ་མདོག་ལྗང་ཁུ༴ དེ་ལྟར་ན་དྲིལ་བུའི་དབང༌། ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ༴ བྱ་བ་སྒྲུབ་པའི་ཡེ་ཤེས༴ དོན་ཡོད་གྲུབ་པའི༴ ཕྲག་དོག་གཤིན་རྗེ་གཤེད་ཀྱི་སྒོ་ནས༴ ཞེས་འདོན་པ་སྤཽ། མིང་གི་དབང་ནི། བདག་དང་དབང་རྫས་རྡོ་རྗེ་དང་བཅས་པའི་དྲིལ་བུ། བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ཡོངས་སུ༴ རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་འཁོར་ལོ་དང་༴ ཡུམ་སངས་རྒྱས་སྤྱན་མ་དཀར་མོ༴ རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། ཞུ་བ་ལས་རྡོ་རྗེ་དང་དྲིལ་བུར་གྱུར། རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་མི་ཤིགས་མི་གཡོ་བ། །རྡོ་རྗེའི་མིང་དུ་


TNT06_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བསྒྲགས། །ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་ཧཱུཾ། བཛྲ་ན་མ་ཨ་བྷི་ཥེ་ཀ་ཏ་ཀྱཻ་དཔལ་འདི་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། དཔལ་ལྡན་རྡོ་རྗེའི་སྐུ་འཆང་བ། །མི་ཕྱེད༴ དེང་བདག༴ སྐུ་ཡི་རྡོ་རྗེར༴ ཡུམ་གྱི་མཁར་བབས་པ་ལས། གཏི་མུག་གཤིན་རྗེ་གཤེད་སྐུ་མདོག་དཀར་པོ། དེ་ལྟར་ན་མིང་གི་དབང་ཐོབ། གཏི་མུག་དག གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་ཀྱི་བག་ཆགས་དང་ས་བོན་ནུས་པ་མཐུ་ཅན་དུ་གྱུར། གཏི་མུག་གཤིན་རྗེ་གཤེད་ཀྱི་སྒོ་ནས་ལས་དང་དངོས་གྲུབ་ཐམས་ཅད་སྒྲུབ་པ་ལ་དབང་ངོ༌། །རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་ནི། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། བདག་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ༴ ཡུམ་རྡོ་རྗེ་སྙེམས་མ་དཀར་མོ༴ ཐམས་ཅད་ཀྱི་བརྒྱན་པ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྡོ་རྗེ་སེམས་དཔའི་ངོ་བོ། ལག་པ་དང་སྙིང་གར་གཏད་པས། རང་གི་སྙིང་གར་ཡང་རང་དང་འདྲ་བའི་རྡོ་རྗེ་སེམས་དཔའ་ཞུགས་པར་གྱུར། འདི་སྟེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ཕྱག་ན་འདུགཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ། དེ་ལྟར་ན་བརྟུལ་བཞུགས་ཀྱི་དབང་བསྐུར་བ་ཐོས་པས། ཉོན་མོངས་པ་ལྔའི་རང་


TNT06_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དང༌། ཕུང་པོ་ལྔའི་ཆོས་ཉིད་དང༌། རིགས་ལྔ་དང་ཡེ་ཤེས་ལྔ་མཐའ་དག་དོན་དམ་མཉམ་ཉིད་ཆེན་པོ་གཅིག་གི་ངོ་བོར་མངོན་དུ་བྱས་སོ། །རྡོ་རྗེ་སློབ་མའི་དབང་གི་ཆོ་གའོ། །རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ། ཀྱེ་ཧོ་ཁྱོད་ཀྱི་འཕྲིན་ལས་ནི། །བདག་ལ་རང་དང་གཞན་གྱི་དོན། །རྫོགས་ཕྱིར་རྡོ་རྗེ་སློབ་དཔོན་དབང༌། །སྙིང་རྗེའི་གཏེར་གྱིས་སྩལ་དུ་གསོལ། །ལན་གསུམ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཁྲུས་ཀྱི་ཁང་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་དབུས་སུ་ཁྲུས་སྟེགས་རིན་པོ་ཆེའི་ཁྲིའི་སྟེང་དུ། རང་ཉིད་ཕྱག་གཉིས་པའི་ང་རྒྱལ་གྱིས་གནས་པར་གྱུར། སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། གཡས་སུ་རྒྱལ་མཚན། གཡོན་དུ་བ་དན། མཐའ་{ོར་དུ་མཆོད་པའི་སྤྲིན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྐོར་བར་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་ཉིད་ཞལ་དུ་བཅུག ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་དང༌། གཡོན་དྲིལ་བུ་ཐུགས་ཀར་བསྣོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡང་གཙོ་བོའི་ཐུགས་་ཀ་ནས་འོད་ཟེར་འཕྲོས།


TNT06_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྣམས་རྡོ་རྗེའི་ལམ་ནས་བབས་ཏེ། བདག་ཉིད་ལ་དབང་བསྐུར་ཞིང་གཉིས་སུ་མེད་པར་ཐིམ། མཁའ་ནང་ནས་ཕྱིར་སྤྲོས་ཏེ། ཕྱི་རོལ་ཏུ་རང་གི་སྟན་ལ་འཁོད། ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྡོ་རྗེ་སེམས་དཔའི་ངོ་བོ། འདི་སྟེ་སངས་རྒྱས་ཐམས་ཅན་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་འདུག ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཅེས་ལག་ཏུ་གཏད་པར་བསམ། དེ་ཉིད་ལན་གསུམ་དུ་གསོལ་ཞིང་སྙིང་གར་གཏད། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙིང་པོ་གཙོ་བོའི་གཙོ། །ཨོཾ་མཧཱ་བཛྲ་ཧཱུཾ། ཨ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ལན་གསུམ་གྱིས་དཀྲོལ་ཏེ། ཁ་ནང་དུ་ཕྱོགས་པས་དཀུ་གཡོན་པ་བསྟེན། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲེད་འགལ་བྱས། །རང་བཞིན་དག་པའི་་སེམས་དཔའ་མཆོག །སྲིད་པ་དམ་པ་བྱེད་པར་འགྱུར། །ཨོཾ་བཛྲ་གྷནྚེ་ཨཱཿ ཤེས་རབ་ཐབས་ཀྱི་རང་བཞིན་བདག །རྡོ་རྗེ་དྲིལ་བུ་རབ་སྒྲུབ་ཕྱིར། །བུ་ཡི་ཡང་དག་གུས་པར་བཟུང༌། །དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང༌། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་


TNT06_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གི་ནི་ཕྱག་རྒྱ་ཆེ། །བྱིན་གྱིས་བརླབས་ལ་སྙིང་པོ་བཟླ། །རང་ཉིད་རྡོ་རྗེ་འཆང་ཆེར་པོར་གསལ་བའི་པང་དུ། ཡུམ་རྡོ་རྗེ་བསྙེམས་མ་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ། ལོ་བཅུ་དྲུག་ལོན་པ་ལྟ་བུས་ཡང་དག་པར་འཁྱུད་པ། ཐུགས་རྒྱུད་བདེ་བས་ཡོངས་སུ་ཁྱབ་པར་གྱུར། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཅིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་་དམ་པའི་ཐབས། །དམ་ཚིག་འདི་ནི་ཁྱོད་ཀྱི་ལོངས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷག་པའི་ལྷར་སྦྱོར་བས། །བདག་དང་གཞན་ལ་མཆོད་པ་གྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པའི། །ཕྱག་རྒྱའི་དམ་ཚིག་ཅེས་སུ་བརྗོད། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཞེས་དམ་ཚིག་གསུམ་བཟུང༌། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾབཛྲ་ཨུ་ད་ཀ སོགས་ཀྱིས་ཆུ་དབང་བསྐུར། དེ་ལྟར་ན། ཡེ་ཤེས་ཀྱི་བདུད་རྩིའི་བུམ་པའི་ཆུའི་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང༌། སྒྲིབ་གཉིས་བག་ཆགས་དང་བཅས་པ་དགཆུའི་ལྷག་མ་ཡར་ལུད་པ་ལས། རྡོ་རྗེ་འཆང་ཆེན་པོས་དབུ་བརྒྱན་པར་གྱུར། ནམ་མཁའ་བཞུགས་པའི་དབང་གི་ལྷ་ཐམས་ཅད་ཀྱང་བདག་ཉིད་ལ་ཐིམ། པུཥྤེ་སོགས་ཀྱིས་མཆོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ།


TNT06_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས། དེ་ཉིད་གསུམ་བརྗོད་པ་ནི། སངས་རྒྱས་དང་སངས་རྒྱས་མ་ཡིན་པ་གཉིས་དེ་ཁོ་ན་ཉིད་དུ་མི་མཉམ་པ་མེད་པས་གྲུ་བཞི་པའོ། །དྲན་པ་ཉེ་བར་བཞག་པ་བཞི་དག་པ་ནི། ཤར་གྱི་སྒོ་དང༌། ཡང་་དག་སྤོང་བ་བཞི་དག་པ་ནི་ལྷོའི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དག་པ་ནི་ནུབ་ཀྱི་དང༌། དད་པ་ལ་སོགས་པར་དབང་པོ་ལྔ་དག་པ་ནི་བྱང་གི་སྒོའོ། །རྡོ་རྗེ་ལྟ་བུའི་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བའི་ཕྱིར་རྡོ་རྗེའི་འཕྲེང་བའོ། །འཇིགས་ཚོགས་ལ་ལྟ་བའི་རི་རྩེ་མོ་མཐོན་པོ་ཉི་ཤུ་འཇོམས་པ་ནི། སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུའོ། །རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་ནི། ཟུར་བཞི་དང་ལོགས་བཞིའོ། །ལྷ་རྣམས་ནི་ཕུང་པོ་ལྔ་དང༌། འབྱུང་བ་བཞི་རྣམ་པར་དག་པའི་བདག་ཉིད་དང༌། དངོས་གྲུབ་བརྒྱད་དང༌། ཡོན་ཏན་བརྒྱད་དང༌། དབང་ཕྱུག་བརྒྱད་དང༌། ལམ་ཡན་ལག་བརྒྱད་རྣམ་པར་དག་པའི་བདག་ཉིད་རྣམས་དང༌། བསྡུ་བའི་དངོས་པོ་བཞི་དང༌། ཚད་མེད་པ་བཞིའི་བདག་ཉིད་དོ། །བསྲུང་བའི་དམ་ཚིག་དང༌། བཟའ་བའི་དམ་ཚིག་དང༌། གཏོར་མའི་ཆོ་ག་དང༌། བསྲུང་བ་དང༌། ཕྱིར་བཟློག་དང༌། དཀྱིལ་འཁོར་སྒྲུབ་པ་དང༌། སློབ་མ་གཞུག་པ་དང༌། རབ་ཏུ་གནས་པ་ལ་སོགས་པའི་མཚན་ཉིད་ནི་སློབ་དཔོན་གྱི་ལས་བྱ་བའི་རིམ་པ་ཡིན་ནོ། །གཞན་ཡང་གཙོ་བོ་བཅོམ་ལྡན་འདས་ཀྱི་སྐུ་ལ་གསུང་རབ་ཡན་ལག་དགུ་རྣམ་པར་དག་པའི་ཞལ། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་རྣམ་པར་དག་པའི་


TNT06_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག །སྟོང་པ་ཉིད་བཅུ་དྲུག་དག་པའི་ཞབས། ཞེ་སྡང་རྣམ་པར་དག་པ་ཁྲོ་བོའི་སྐུ། གཏི་མུག་རྣམ་པར་དག་པ་མ་ཧེའི་ཞལ། འདོད་ཆགས་རྣམ་པར་དག་པ་ལིངྒ་རྒྱས། ང་རྒྱལ་རྣམ་པར་དག་པ་ལྷ་རྣམས་ཞབས་ཀྱིས་མནན་པ། ཕྲག་དོག་རྣམ་པར་དག་པ་མཚོན་ཆ་སྣ་ཚོགས་པ་འཛིན་པའོ། །ཞེས་སློབ་དཔོན་གྱི་དབང་ངོ༌། །མཐའ་རྟེན་རྣམས་ལས་དང་པོར་རྗེས་གནང་གི་རིམ་པ་རྣམས་ནི་ལུགས་མའམ། ཙ་ཀ་ལི་ལ་སོགས་པའི་སྐུ་གཟུགས་སམ་མེ་ཏོག་སྤྱི་བོར་བཞག་ལ། ཉིན་རེ་བཞིན་ཡང་ཐུན་བཞི་རུ། །འདོད་པའི་ལྷའི་རྣལ་འབྱོར་དང༌། །ལྡན་པས་མཆོག་དང་ཐུན་མོང་གི ། དངོས་གྲུབ་འདོད་ཕྱིར་ཡིད་མ་སྒྲུབས། །སྐུའི་རྗེས་གནང་ངོ༌། །དཀྱིལ་འཁོར་གྱི་གཙོ་བོར་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་བྱུང༌། ཞལ་ནས་འཐོན། རང་གི་ཁ་སྒོ་ནས་ཞུགས། སྙིང་གར་ཧཱུཾ་གི་མཐར་འཁོད་པར་གྱུར། སྔགས་གསུམ་པོ་ལན་གསུམ་གསུམ་བཟླ། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ། འཕྲེང་བའམ། མེ་ཏོག་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །གསུང་གི་རྗེས་གནང་ངོ༌། །སངས་རྒྱས་ཀུན་གྱི་གྲི་གུག་ཆེ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །ལས་ཀྱི་གྲི་གུག་དམ་པ་ནི། །རྨོངས་པའི་མགོ་བོ་བཅད་ཕྱིར་བཟུང༌། །ཞེས་གྲི་གུག་བཟུང༌། དངོས་དང་དངོས་མེད་རྣམས་རྟོག་གི ། མགོ་བོའི་པདྨའི་སྣོད་དུ་ནི། །བདུད་རྣམས་རྣམ་པ་བཞི་ཡི་ཁྲག །


TNT06_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཕྱིར་ནི་བཏུང་བར་བྱ། །ཐོད་པ་བཟུང་སྟེ་ཐུགས་ཀྱིས་རྗེས་གནང་ངོ༌། །རྡོ་རྗེ་ཐོད་དབྱུག་དབྱུག་པའི་སྒྲས། །བདུད་རྣམས་གཤིན་རྗེ་འདར་ཞིང་བསྒྱེལ། ཁམས་གསུམ་མ་ལུས་འཇོམས་བྱེད་པ། །དཔའ་བོའི་མཚན་མ་འདི་བཟུང་ཞིག །དབྱུག་པ་བཟུང་སྟེ། གཤིན་རྗེ་དམ་ལ་འདོགས་པའི་རྗེས་གནང་ངོ༌། །སྡུག་པའི་གདོང་དུ་བལྟས་ན་ནི། །བལྟས་པར་འགྱུར་བའི་བདེ་བ་དེ། །སངས་རྒྱས་ཀུན་ལ་ཕུལ་ན་ནི། །སྐད་ཅིག་གིས་ནི་གཟི་བྱིན་འགྱུར། །བུད་མེད་ཀུན་གྱིས་ཡོངས་བསྐོར་ཏེ། །ཀུན་ནས་བརྩེ་བའི་བདེ་བ་དེ། །སངས་རྒྱས་ཀུན༴ སྐད་ཅིག༴ དགེ་བའམ་ཡང་ན་མི་དགེ་བའི། །ལས་རྣམས་བྱེད་པ་གང་ཡིན་དེ། །སངས་རྒྱས༴ སྐད་ཅིག༴ ལྷ་མཆོད་པའི་རྗེས་གནང་ངོ༌། །མཆོག་གི་དངོས་གྲུབ་ཐམས་ཅད་ནི། །བརྟུལ་ཞུགས་མཆོག་གིས་བསྒྲུབ་པར་བྱ། །དེ་ཕྱིར་གཤིན་རྫེ་འཇོམས་པ་ཡི། །བརྟུལ་ཞུགས་རྣམ་པ་ཀུན་ཏུ་སྤྱོད། །ཕལ་ཆེར་དངོས་གྲུབ་མཆོག་རྣམས་ནི། །བརྟུལ་ཞུགས་མེད་ན་མི་འགྲུབ་པས། །གཤིན་རྗེ་འཛོམས་པའི་བརྟུལ་ཞུགས་ནི། །ལེགས་སྤྱོད་མཆོག་གི་དངོས་གྲུབ་སྒྲུབས། །བརྟུལ་ཞུགས་ཀྱི་རྗེས་གནང་ངོ༌། །པྲཾ་ལས་བྱུང་བའི་མིག་ཐུར་གྱིས་མ་རིག་པའི་ལིང་ཐོག་བསལ་བར་གྱུར། ཇི་ལྟར་མིག་མཁན་རྒྱལ་བོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཏྲཾ། མིག་ཐུར་གྱི་རྗེས་གནང་ངོ༌། །


TNT06_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །འདིར་ནི་གསལ་དག་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའི་རང་བཞིན་གཙོ། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེས། །མེ་ལོང་གི་རྗེས་གནང་ངོ༌། །ཨོཾ་བཛྲ་ཧེ་ཏུ་མུཾ། ཨོཾ་བཛྲ་བྷ་ཥ་རཾ། ཨོཾ་བཛྲ་གྷནྚེ་ཨཱཿ ཨོཾ་བཛྲ་དྷརྨཱ་ཧྲཱིཿ རྣམས་ཀྱིས། འཁོར་ལོ། དུང༌། དྲིལ་བུ། པོ་ཏི་རྣམས་གཏད་པར་མོས། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས་ཡོངས་སུ་གང་བར་གྱིས། །ཆོས་བཤད་པའི་རྗེས་གནང་ངོ༌། །འཇིག་རྟེན་ཁམས་ནི་མ་ལུས་པར། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ། རྡོ་རྗེ། རིན་ཆེན། པདྨ། སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར། །སྤྲུལ་བཤད་གྱི་རྗེས་གནང་ངོ༌། །རལ་གྲི་མིག་སྨན་ས་འོག་དང༌། །མཆིལ་ལྷམ་དེ་བཞིན་རིལ་བུ་སྟེ། །རྣལ་འབྱོར་མ་ཡི་དངོས་གྲུབ་ནི། །དེ་ནི་ཅི་དགར་སྒྲུབ་པར་བགྱི། །དངོས་གྲུབ་ཀྱི་རྗེས་གནང་ངོ༌། །སྣ་ཚོགས་རྡོ་རྗེ་སྦྱིན་པར་མོས་ལ། ཞི་བའི་སེམས་ཀྱིས་ཞི་བ་སྟེ། །ནད་ལ་


TNT06_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཞི་བར་བྱེད། །རྒྱས་པའི་སེམས་ཀྱིས་རྒྱས་པ་སྟེ། །རིན་ཆེན་ཆར་སྤྲིན་རབ་བསྐོར་བྱ། །རྗེས་སུ་ཆགས་པའི་སེམས་ཀྱིས་ནི། །དབང་གི་ལས་ནི་ཡང་དག་བརྩམས། །བསད་པའི་སེམས་ཀྱིས་དྲག་པོ་སྟེ། །མེ་ཡི་ཆར་སྤྲིན་དབབ་པར་བྱ། །ལས་བཞིའི་རྗེས་གནང་ངོ༌། ཁཾ་ལས་སྐྱེས་པའི་ཡེ་ཤེས་ཀྱི་རལ་གྲི་ཁྲོ་བོ་བགེགས་མཐར་བྱེད་ཀྱི་རང་བཞིན་དུ་གྱུར། སངས་རྒྱས་ཀུན་གྱི་རལ་གྲི་ཆེ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །ལས་ཀྱི་རལ་གྲི་གཅིག་པུ་མཆོག །བདུད་ལས་རྒྱལ་བར་བྱ་ཕྱིར་བཟུང༌། །ཨོཾ་བཛྲ་ཁཊྒ་ཧཱུཾ། རལ་གྲིའི་རྗེས་གནང་ངོ༌། །ཧོཿལས་བྱུང་བའི་མདའ་གཞུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མི། མདའ་གཞུའི་རྗེས་གནང་ངོ༌། །བསྒྲལ་བར་བྱ་བའི་ཡུལ་ལྔ་ནི། །འཁྲུལ་འཁོར་དང་ནི་ཏིང་ངེ་འཛིན། །སྨན་གྱིས་ཀྱང་ནི་བྱ་བ་སྟེ། །དེ་ལྟར་ཐབས་རྣམས་སྣ་ཚོགས་ཀྱིས། །བསད་བསྐྲད་དབྱེ་མནན་རེངས་རྨུགས་དང༌། །ཚར་གཅོད་རྗེས་གཟུང་ལས་མཛོད་ཅིག །དྲག་པོའི་རྗེས་གནང་ངོ༌། །དེ་ནས་ལུང་བསྟན་ནི། འདིར་ནི་ཁྱོད་ལ་ངས་ལུང་བསྟན། །གཤིན་རྗེ་གཤེད་པོ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱཻ་དཔལ་ཆྒཻེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ས་འོག་ས་སྟེང་ས་བླ་རྣམས་སུ་བྷུར་བྷུཿཝ་སྭ། གང་ལ་ངས་ལུང་བསྟན་པ་འདི་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་


TNT06_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཆེན་པོར་མགྲིན་གཅིག་ཏུ་ལུང་་སྟོན་པར་མཛད་དེ། སྔགས་འདི་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །དབུགས་དབྱུང་བ་ནི། འདོད་ཆགས་བྲལ་བ་ལྟ་བུ་ཡི། ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། ཁྱོད་ཀྱིས་ནམ་ཡང་མི་བྱའོ། །ཨོཾ་མཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་བསྔགས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་ནི། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །སྔགས་བཤད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ནས་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་་དེ་ཀུན་ཀྱང༌། ཁྱེད་ལ་རྟག་ཏུ་བསྲུང་བར་མཛད། །གཟེངས་བསྟོད་པ་ནི། དེ་རིང་ཁྱོད་བདག་ལེགས་པར་བརྙེད། །མི་ཡི་སྲིད་པ་དོན་དང་བཅས། །སངས་རྒྱས་ཀུན་གྱི་རིགས་སུ་སྐྱེས། གསང་སྔགས་མཉམ་མེད་སེམས་ལས་བྱུང༌། །སེམས་ཉིད་རིན་ཆེན་འབྱུང་བའི་གཏེར། །ཕུན་སུམ་ཚོགས་པ་ཉེ་བར་གནས། །ཟག་མེད་བདེ་བའི་དཀྱིལ་འཁོར་ཆེ། །མཐོང་བ་ཡི་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །བྱང་ཆུབ་སེམས་མཆོག་རྨད་བྱུང་བརྙེད། །འགྲོ་བ་ཀུན་གྱི་སྐྱབས་གནས་མཆོག །བདུད་བཞི་འཇོམས་ཤིང་སྡུག་བསྔལ་གྱི། །སྐྱེ་རྒ་ན་འཆི་འཇིག་པར་བྱེད། །སྲིད་པ་ངོ་བོ་ཉིད་དག་


TNT06_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ཕྱག་ན་རྡོ་རྗེར་ད་གྱུར་ཏོ། །དེ་ལྟར་ན་ཕྱི་དབྱིབས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང༌། སྤྲུལ་པའི་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་མངོན་དུ་བྱས། གསང་དབང་གི་དོན་་དུ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། །འབྲུ་གསུམ་གྱིས་གདོང་གཡོགས་བཅིང༌། ཡང་འབྲུ་གསུམ་གྱིས་ནང་མཆོད་གཏོར་ལ་བསྲུང༌། དཀྱིལ་འཁོར་གྱི་གཙོ་བོ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་ཡུམ་རྡོ་རྗེ་རོ་ལངས་མས་འཁྱུད་པ། ཡབ་ཡུམ་སྙོམས་པར་ཞུགས་པའི། དགའ་བའི་སྒྲས། སངས་རྒྱས་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་འོད་དུ་ཞུ། རྡོ་རྗེའི་ལམ་ནས་བྱུང་པའི་བྱང་ཆུབ་ཀྱི་སེམས་ལྕེ་ཐོག་ཏུ་བཞག བཏུང་བ་རིན་ཆེན་དམ་པ་འདི། །རྡོ་རྗེའི་ལུས་ནི་རབ་སྒྲུབ་ཕྱིར། །བུ་ཁྱོད་དེ་ལྟར་ཤེས་ཀྱིས་ཀྱེ། །ཡིད་ལ་བྱུང་བའི་ཆུ་འཐུང་ཞིགཧྲཱིཿཥྚཱིཿའི་མཐར་་འབྲུ་གསུམ་བཏགས་ལ་ནང་མཆོད་མྱང༌། ཨཱ་ཧོ་མཧཱ་སུ་ཁཾ། བྱང་ཆུབ་ཀྱི་སེམས་ཀྱིས་ལུས་གང༌། རང་བཞིན་བརྒྱད་བཅུའི་རྣམ་པར་རྟོག་པ་ནུབ་སྟེ། ཡང་དག་པའི་ཡེ་ཤེས་མངོན་དུ་བྱས། འབྲུ་གསུམ་གྱིས་གདོང་གཡོག་ཕྱེ། དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ་གསང་དབང་ཐོབ། ངག་གི་དྲི་མ་དག །སྔགས་བཟླས་པ་དང་རླུང་སྒོམ་པ་ལ་


TNT06_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དབང༌། ལོངས་སྤྱོད་རྫོགས་སྐུ་མངོན་དུ་འགྱུར་བའིརྟེན་འབྲེལ་བསྒྲིགས་སོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ་ལ། གོང་བཞིན་གསོལ་བ་བཏབ། གདོང་གཡོགས་བཅིང༌། འབྲུ་གསུམ་གྱིས་བསྲུང༌། བདག་ཉིད་རྡོ་རྗེ་འཇིགས་བྱེད་ཆེན་པོར་གྱུར་པ་ལ། རིག་མ་རྡོ་རྗེ་རོ་ལངས་མར་བྱིན་གྱིས་བརླབས་ཏེ་གཏད། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །རྡོ་རྗེ་རྗེས་ཆགས་སྦྱོར་བ་ཡིས། །བདེ་བ་དམ་པ་མྱོང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་ཕྱིར་ཁྱོད་ཀྱིས་རྟག་ཏུ་ནི། །འཁོར་བར་སྦྱོར་བྲལ་མི་བྱའོ། །འདི་སྟེ་སངས་རྒྱས་ཐམས་ཅད་གྱི། །རིགས་པའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །དེས་ཀྱང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་གསལ་བར་བྱས་ཏེ། རང་བྱུང་ང་ཡི་པདྨ་ནི། །བདེ་བ་ཀུན་དང་ཡང་དག་ལྡན། །གལ་ཏེ་ཆོ་ག་བསྟན་ན་ནི། །དེ་ཡི་མདུན་ན་ང་འདུག་སྟེ། །སངས་རྒྱས་བསྟན་པ་ལ་སོགས་པ། །བྱ་བ་པད་མར་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷཉྫ་མོཀྵ་ཧོ། ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ། ཡུམ་གྱི་མཁར་ཨཱཿལས་པདྨ་དམར་པོ་ཟེའུ་འབྲུ་ལ་ཨཾ་གིས་མཚན་པ། གཉིས་


TNT06_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་བུ་ག་ཕཊ་ཀྱིས་བཀག་པའོ། །ཡབ་ཡུམ་སྙོམས་པར་ཞུགས། ལུགས་འབྱུང་དང་ལུགས་བཟློག་གི་དགའ་བ་བཞི་མངོན་དུ་གྱུར། འབྲུ་གསུམ་གྱིས་གདོང་གཡོགས་ཕྱེ། རྣལ་འབྱོར་པ་ཡིས་བྱང་ཆུབ་སེམས། །ཇི་སྲིད་འབྱིན་པར་མི་བྱེད་པར། །དེ་སྲིད་ཐོབ་འགྱུར་རྒྱུན་མི་འཆད། །དགའ་བ་ལས་སྐྱེས་བདེ་གཞན་ཅི། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །བྱང་ཆུབ་སེམས་ནི་ལྟུང་གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་འགྱུར་བས། །མ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་ཁམས་རྡོ་རྗེའི་ཀུན་སྤྱོད་དང༌། །རེག་བཅས་ཀྱི་ནི་རྨད་བྱུང་ཆེ། །དགའ་བ་སྐྱེད་པར་བྱེད་པ་གང༌། །དེ་ནི་མཆོག་དགའ་བྱེད་པའོ། །དགའ་བྲལ་དག་གི་དབུས་སུ་ནི། །མཚོན་པ་ལྟོས་ལ་བརྟན་པར་གྱིས། །པད་མའི་ནམ་མཁར་རྡོ་རྗེ་ཡི། །ལྟེ་བས་མནན་པའི་གནས་དག་ཏུ། །རྡོ་རྗེ་སྐྱིལ་ཀྲུང་་དག་གིས་སེམས། །ནོར་བུའི་ནང་དུ་གནས་ལྟ་བས། །ཡེ་ཤེས་སྐྱེ་བ་གང་་ཡིན་ཏེ། །ཡེ་ཤེས་ངོ་བོ་ཞེས་བྱ་སྟེ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །གང་ཚེ་རྣལ་འབྱོར་ཡེ་ཤེས་མཐོང༌། །དེ་ལ་གནས་བྱ་འགྱུར་མི་བྱ། །ཐུན་ནམ་ཡང་ན་ཉིན་གཅིག་གམ། །ཟླ་གཅིག་ཟླ་བ་ལོ་དང་ནི། །བསྐལ་པའམ་བསྐལ་པ་སྟོང་དུ་ཡང༌། །ཡེ་ཤེས་མངོན་སྦྱོར་གྱིས་གནས་བྱ། །ཞེས་བརྗོད་ཅིང་དོན་བསམ། དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས། ཡིད་ཀྱི་དྲི་མ་དག །


TNT06_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉའི་ལམ་སྒོམ་པ་ལ་དབང༌། ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་ལེགས་པར་བསྒྲིགས་པ་ཡིན་ནོ། །དབང་བཞི་པའི་དོན་ཏུ་མཎྜལ་ཕུལ། གོང་བཞིན་གསོལ་བ་བཏབ། དེ་ལྟར་ཡང༌། བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། ཁམས་མེད་རྣམ་པར་ཤེས་པ་མེད། །དངོས་པོ་མེད་ཅིང་སྒོམ་པ་མེད། །ནམ་མཁའ་དང་ནི་མཉམ་ཉིད་གནས། །ནམ་མཁའ་ལྟ་བུར་བདག་མེད་པས། །ཆོས་འདི་བདེ་བ་ཆེན་པོའོ། །ཞེས་གསུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་འགྱུར་བ་མེད་པ། གདོད་ནས་གྲུབ་པའི་ཟུང་འཇུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས། སོ་སོར་རང་གིས་རིག་པར་བྱས་པ་ནི། བཞི་པ་དོན་དམ་པའི་དབང་ངོ༌། །བརྟན་གཡོའི་དངོས་པོ་མ་ལུས་པ། །བསྒོམ་པར་བྱ་བའི་དུས་ཉིད་ན། །བློས་ནི་ཡོངས་སུ་མི་སྒོམ་སྟེ། །ཀུན་གྱི་མཚན་ཉིད་མི་ཤེས་ན། །དེ་ཁོ་ན་ཉིད་སྒོམ་པ་མིན། །དངོས་པོ་ཐམས་ཅད་ཡོངས་ཤེས་ན། །དེ་ནི་སྒོམ་པར་རབ་ཏུ་བསྒྲགས། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་ཕྱག་རྒྱ་ཆེན་པོ་བསམ་མི་ཁྱབ་སྒོམ་པ་ལ་དབང༌། ངོ་བོ་ཉིད་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ། གཏང་རང་གི་མཎྜལ་ཕུལ། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ན།


TNT06_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ལན་གསུམ། དེ་ནས་སློབ་མ་གཞུག་པའི་དོན་ནམ་མ་ཡིན་ཡང་རུང་སྟེ། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །མི་བསྐྱོད་རྡོ་རྗེ་དེང་བདག་སྒྲུབས། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱིས་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱིས་རྗེས་སུ་ཆགས། །བཅོམ་ལྡན་ཆགས་ཆེན་དགའ་བ་ཆེ། །དེ་ཉིད་ཀྱིས་ནི་བདག་སྒྲུབ་མཛོད། །ཤིནཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་སྒྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་རྒྱལ་མཆོག་གི ། གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་བདག་བདག་མཛོད་ཅིག །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང༌། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་་ཡབ་གྱུར་ཉིད། །འདོད་ཆགས་དམ་ཚིག་མཆོག་གྱུར་པ། །བདེན་པ་གང་གི་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡི་མགོན་བདག་ལ། ཁྱོད་ཀྱི་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་


TNT06_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་བཞིན་དེ་ཉིད་ངེས་པར་བྱུང༌། །བདེན་པ་དེ་ཡི་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །ཅེས་དམ་ཚིག་གསུམ་གྱི་གླུ་བླངས། བདེན་སྟོབས་བརྗོད་དོ། །དྲུག་པ་སློབ་མ་གཞུག་ཅིང་དབང་བསྐུར་བ་ནི། ཆོ་ག་ཕལ་ཆེར་བདག་འཇུག་གི་སྐབས་དང་འདོན་པ་སྤོས་པས་ཆོག་ལ། ལག་ལེན་ཕལ་ཆེར་ནི་མཐོང་བས་ཤེས་པར་འགྱུར་ཞིང༌། སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཞེས་པའི་རྗེས་སུ། མངོན་རྟོགས་བཞིན་ལྷ་ངོ་སྟོན་དགོས་པ་ལས། གཞལ་ཡས་ཁང་དང་ལྷ་རྣམས་ཀྱི་བསྐྱེད་ཆོག་རྣམས་དོར་ལ། རྣམ་པར་རྒྱས་པར་བཤད་དོ། །དེ་བཞིན་དུ། སློབ་མའི་དབང་གི་གསོལ་བཏབ་སོང་མ་ཐག་གི་བགེགས་བསྐྲད་ལ་ཅུང་ཟད་སྤྲོས་པ་ལ་དགའ་ན། ཞི་བ་དང༌། ཞི་དྲག་ཕྱེད་མ་དང༌། དྲག་པོས་སྦྱང་བ་རྣམས་སྤྱི་དང་མཐུན་པར་བྱེད། དེ་རྗེས་ཏིལ་གྱིས་སྦྱང་བ་དང༌། ལས་བུམ་གྱི་ཆུས་དྲི་མ་སྦྱང་བ་སོགས་ཀྱང་བྱེད། ལག་ལེན་བསྡུས་པ་ལ། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་གཤིན་རྗེ་གཤེད། །བསྲུང་བའི་འཁོར་ལོ་སྦྱོར་བ་སྟེ། །ང་ཡི་བཀའ་ལས་འདའ་མ་བྱེད། །ཅི་སྟེ་བཀའ་ལས་འདས་གྱུར་ན། །མཚོན་ཆ་སྣ་ཚོགས་འབར་བ་ཡིས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཞེས་པའི་མཐར་དྲག་རོལ་བྱ་ཞིང་ཡུངས་དཀར་གཏོར་བས་བགེགས་བསྐྲད་


TNT06_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས། ཞེས་པ་ཕལ་ཆེར། སློབ་དཔོན་རྡོ་རྗེ་འཇིགས་བྱེད་དུ་གསལ་བའི་ཐུགས་ཀ ཞེས་འདོན་པ་སྤོ། དབང་བཞི་པ་ལ་མིག་དར་བཅིང་བཀྲོལ་བྱེད་པ་ཕྱིས་ཀྱི་ལག་ལེན་ཙམ་ཡིན་མོད་ཀྱང་ཇི་ལྟར་བདེ་བར་བྱའོ། །བདུན་པ་དཀྱིལ་འཁོར་ཉེར་བསྡུའི་བྱ་བ་ལ། སྒྲུབ་མཆོད་ཞག་སྦྲེལ་མ་བྱེད་པ་སོགས་ཀྱིས་ཉི་མ་སྔ་མ་རྣམས་ལ་མཆོད་བསྟོད་གསོལ་གདབ། བཟོད་གསོལ། མཆོད་མགྲོན་འགའ་ཞིག་གཤེགས་སུ་གསོལ་བ་དང༌། དཀྱིལ་འཁོར་དང་རྟེན་ལ་བརྟན་བཞུགས་བྱ་བ་དང༌། སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །དཀྱིལ་འཁོར་གཤེགས་གསོལ་དང་འབྲེལ་བའི་ཉེར་བསྡུ་ལ་ནི། དཀྱིལ་འཁོར་ལ་བརྟན་བཞུགས་བོར་ཏེ། རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པའི་ཆོ་ག་རྣམས་བསྣན་དགོས་སོ། །དེ་ཡང་མཆོད་པ་བཤམས་ཤིང༌། རྙིང་པ་རྣམས་ཁ་གསོ། བྱིན་རླབས་བསྡུས་པ་གོང་བཞིན་བྱ། ཨརྒྷཾ་ནས། ཤཔྟའི་བར་གྱིས་ཕྱི་མཆོད། ནང་མཆོད། བསྟོད་པ་མདོར་བསྡུས་རྣམས་བྱས་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་མཛད་ཀྱི་་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་རྣམས་ཀྱི་སྔོན་གྱི་ལས་ལས་གྱུར་པ་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་དང་གདོན་དང་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་དང༌། དཔལ་དང་འབྱོར་བ་ཐམས་ཅད་གོང་ནས་གོང་དུ་་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ།


TNT06_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་དམ་པ་ཕུན་སུམ་ཚོགས་པས་འགྲོ་བ་ཐམས་ཅད་བྱང་ཆུབ་ལ་ཡང་དག་པར་གཞུག་པ་དང༌། སྡང་བ་དང་གདུག་པའི་སེམས་ཅན་ཞི་བས་མི་འདུལ་བ་རྣམས། དྲག་པོའི་འཕྲིན་ལས་ཀྱིས་འདུལ་བར་མཛད་དུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་དམ་པ་མ་ལུས་པ་སྩལ་དུ་གསོལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་རྣམ་པར་དཀར་བའི་ལམ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། སེམས་ཅན་ཐམས་ཅད་ཀྱི་བདུད་དང་ཉོན་མོངས་རྩ་བ་དང་དྲི་མར་བཅས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གཞོམ་པར་མཛད་དུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐེག་པ་བདེ་བ་དང༌། ལམ་བདེ་བ་དང༌། འཇུག་པ་བདེ་བས་ཐོབ་པ་མཛད་དུ་གསོལ། ཇི་སྲིད་གོ་འཕང་མཆོག་དེ་ཉིད་མ་ཐོབ་པའི་བར་དུ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་མཛད་དུ་གསོལ། ཅེས་པ་ལ་སོགས་པས་གསོལ་བ་ཡང་ནས་ཡང་དུ་གདབ་པར་བྱའོ། །ཡི་གེ་བརྒྱ་པ་ཅི་ནུས་བཟླས་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཡང་མགོན་པོས་བཟོད་པར་མཛོད། །གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་


TNT06_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པ་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛོད་རིགས། །ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས། མཛད་་དུ་གསོལ། །ཅེས་པའམ། བདག་ལ་དངོས་གྲུབ་མཆོག་སྩལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པའང་སྩོལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ ། ཞེས་གཏོར་མགྲོན་ནམ་ཡེ་ཤེས་པ་གཤེགས། ཨ་ཀཱ་རོའི་སྔགས་བཟླ་ཞིང༌། ཆོས་ཉིད་ཀྱི་དོན་བསམ་ཞིང༌། རྡུལ་ཚོན་གྱི་དཀྱིལ་འཁོར་གཤེགས། སྨོན་ལམ་དང༌། བཀྲ་ཤིས་ཀྱི་མཐའ་རྟེན་ནོ། །རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པ་དང༌། ཕུར་བུ་དབྱུང་བ་དང༌། ཁུང་བུ་འགེངས་པ་སོགས་སྤྱི་དང་མཐུན་ནོ། །འདིར་སྨྲས་པ། ཟབ་ཡངས་ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །ཐ་སྙད་སྤྲོས་པའི་ཡུལ་ལས་འདས་མོད་ཀྱང༌། །ཆོ་གའི་སྦྱོར་བ་བརྡའ་ཐབས་སྣ་ཚོགས་ཀྱིས། །རང་བཞིན་ལྷན་སྐྱེས་མཚོན་འདི་ངོ་མཚར་རྨད། །རྡོ་རྗེ་རྣམ་བཞིའི་རང་བཞིན་འགྱུར་མེད་ལ། །མཐའ་ཡས་འགྲོ་འདི་རྟག་ཏུ་གནས་མོད་ཀྱང༌། །ཇི་སྲིད་ཚོགས་གཉིས་སྦྱོར་བས་མ་སྦྱངས་པ། །དེ་སྲིད་མངོན་དུ་འགྱུར་བ་མེད་འདི་ཅི། །དེ་ལྟ་མོད་ཀྱི་སངས་རྒྱས་ཡེ་ཤེས་ནི། །གདོད་ནས་རྣམ་དག་ཡོན་ཏན་ཀུན་ལྡན་པ། །དབང་བཞིའི་རྒྱུད་ཀྱིས་དྲི་མ་རབ་སྦྱངས་ཏེ། །འཕྲིན་ལས་འོད་བརྒྱ་ཕྱོགས་མཐར་འཕྲོ་གྱུར་ཅིག །དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་


TNT06_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ལངས་བརྒྱད་སྐོར་གྱི་དཀྱིལ་འཁོར་གྱི་ཆོ་ག་རྭ་བའི་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་བཞེད་པ་དང་མཐུན་པ་ནི། དོན་གཉེར་དུ་མས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སོ་དགུ་ཉེ་བ་ལ། ནགས་རྒྱལ་གྱི་དབེན་ནས་དཔལ་ཇོ་མོ་ནང་དུ་སྦྱར་བའོ། །དགེ་ལེགས་འཕེལ། འདི་བཞེངས་དགེ་བས་རྒྱལ་བསྟན་ཕྱོགས་མཐར་རྒྱས། །བསྟན་འཛིན་ཞབས་བརྟན་སྦྱིན་བདག་ཉེར་འཚེ་ཞི། །བདག་གཞན་འགྲོ་ཀུན་ངན་འགྲོའི་འཇིགས་དང་བྲལ། །འཇིགས་བྱེད་ཆེན་པོའི་གོ་འཕང་མྱུར་ཐོབ་ཤོག །དུས་ཀྱི་འཁོར་ལོ་བླ་མ་དབྱེར་མེད་ལ། །གུས་པས་སྐྱབས་གསོལ་འདིར་བསགས་རབ་དཀར་མཐུས། །ཤམྦྷ་ལ་རུ་རིགས་ལྡན་སྲས་གྱུར་ཏེ། །བསྟན་འགྲོ་ཡོངས་ལ་རླབས་ཆེན་ཕན་ཐོགས་ཤོག །ཅེས་པའང་མ་ཏིས་སོ། །བསོད་ནམས་བསགས་དགེས་བདག་སོགས་འགྲོ། །འདི་ཕྱི་ཀུན་ཏུ་ཡང་དག་གི ། ཆོས་མཐུན་ཁོ་ནས་ལེགས་འཚོ་ཞིང༌། །རྐྱེན་ངན་གང་གིས་བསྒྱུར་མེད་ཤོག །ཅེས་པའང་མ་ཏིས་སོ། །བཀྲ་ཤིས།


TNT06_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དཔལ་རྡོ་རྗེ་འཇིགས་མཛད་ལྷ་བཅུ་གསུམ་མའི་ཆོ་ག་འདོན་པ་བསྒྱུར་ལུགས་ཡང་དག་པ།


TNT06_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་མཛད་ལྷ་བཅུ་གསུམ་མའི་ཆོ་ག་འདོན་པ་བསྒྱུར་ལུགས་ཡང་དག་པའོ། །


TNT06_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ན་མོ་གུ་ར་ཝེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོ་ལྷ་དགུའི་དཀྱིལ་འཁོར་གྱི་དབང་དུ་བྱས་ཏེ། དཀྱིལ་འཁོར་གྱི་ཆོ་ག་སྔར་བཤད་ཟིན་པ་ལས། ལྷ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ལ་འདོན་པ་སྤོ་བའི་ཚུལ་ནི། ས་ཆོག་གི་སྐབས། སྐྱབས་འགྲོ་ནས་བཟླས་པའི་བར་སྒྲུབ་ཐབས་བཞིན་བསྒོམ་ཞེས་པ་ལ། བཅུ་གསུམ་མ་ཉིད་ཀྱི་སྒྲུབ་ཐབས་ཀྱི་གཞུང་སྲོང་བ་ཡིན། སློབ་མས་གསོལ་བཏབ་ཀྱི་སྐབས། དུར་ཁྲོད་རྒྱན་གྱིས་སོགས་བསྟོད་པའི་རྗེས་ལ། དབང་ཆོག་རྒན་པོ་དྲི་མེད་ཆུ་རྒྱུན་ན། གསང་འདུས་ནས་བཤད་པའི་ཕྱོགས་བཞི་གསོལ་འདེབས་གོ་རིམ་དཀྲུགས་པའི་ཚུལ་གྱིས་ཡོད་ཀྱང༌། ལག་ལེན་དུ་ཤར་ལ་སོགས་པ་ཕྱོགས་བཞི་ནས་རིམ་པས། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཕྱག་འཚལ་བསྟོད། །ཅེས་དང༌། སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །ཐུགས་ཀྱི་རྡོ་རྗེ་རབ་གསལ་བ། །རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ། །ཞེས་དང༌། འདོད་ཆགས་རྡོ་རྗེའི་རང་བཞིན་


TNT06_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད། ཁྱབ་བདག་ཆགས་པ་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཞེས་དང༌། ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་བྱེད། །སྐུ་ཡི་རྡོ་རྗེ་རབ་མཚུངས་པ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །ཞེས་བརྗོད། ཐམས་ཅད་ཀྱི་ཐུན་མོང་དུ། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་འཇོམས་པའི་དཀྱིལ་འཁོར་འཇིགས། །ཞེས་སོགས་སྦྲེལ་ལོ། །ལུས་ངག་སེམས་ལ་སོགས་ཀྱི་སྐབས། དཀྱུས་བཞིན་སོང་བའི་རྗེས་ལ། ང་ནི་དཔལ་ལྡན་འཁོར་ལོ་འཛིན། །རིན་ཆེན་འཛིན། པདྨ་འཛིན། རལ་གྲི་འཛིན། སོགས་འདོན་པ་སྤོ། ཕུར་གདབ་སྐབས་ནི། དཀྱིལ་ཆོག་རྒན་པོ་ན་རལ་གྲི་གཤིན་རྗེ་གཤེད་བསྐྱེད་ཀྱང༌། དཀྱུས་ཉིད་ལེགས་པས་ཐེ་ཚོམ་མི་བྱའོ། །སྟ་གོན་གྱི་སྐབས་ས་ལྷ་ཡན་ཆད་འདྲ། ལྷ་སྟ་གོན་གྱི་སྐབས། ཐིག་ཆེན་


TNT06_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་སྐམ་ཐིག་ཏུ་བཏབ་ནའང་རུང༌། གཙོ་བོའི་གནས་སུ་དྲི་བཟང་གི་ཐིག་ལེ་གྲུ་བཞི་ཆེ་བ་ཅིག་བྱ། ལྷ་བཅུ་གཉིས་གཞན་རྣམས་ཀྱི་གནས་སུ་དེ་ལས་ཉིས་འགྱུར་གྱི་ཆུང་བའི་ཟླུམ་པོ་རེ་བྱེད། ལྷ་སྣམ་གྱི་ཕྱག་མཚན་ཉི་ཤུ་རྩ་བཞི་དང༌། རོ་ལངས་བཞི་དང༌། ཐོད་པ་བཞིའི་གནས་སུ་དྲི་བཟང་གི་ཐིག་ལེ་ཆུང་ངུ་རེ་བཀོད་ནས། དེ་རྣམས་ཀྱི་སྟེང་དུ་ཚོམ་བུ་ཡང་ཆེ་ཆུང་དེ་ཀའི་རིམ་པ་བྱ། གཞན་ཤོམས་འདྲ། བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པ་ཞེས་པ་ནས། སྣ་ཚོགས་པས་གང་བའོ། །དབུས་ཀྱི་རེ་མིག་ཏུ་རླུང་གི་དཀྱིལ་འཁོར་ཞེས་པ་ནས། རྐང་པ་གསུམ་གར་བྱེད་པའོ། །དབུས་ཀྱི་གདན་གྱི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་རྩེ་དགུ་པ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། སླར་འདུས་ཤིང་ཐིམ་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་དུས་མཐའི་སྤྲིན་ཞེས་པ་ནས། རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ལ་ཧཱུཾ་ནག་པོ་འོད་ཟེར་འབར་བའོ། །བཅོམ་ལྡན་འདས་དེའི་སྐུ་ལ་འཁྱུད་པའི་ནས། མཉམ་པར་སྦྱོར་བའོ། །རེ་མིག་བརྒྱད་ལ། ཤར་དུ་ཀྵེ་ལས་འཁོར་ལོ་ཀྵེས་མཚན་པ་ནས། བྱང་ཤར་དུ་གཽ་རི་བསྐྱེད་པའི་སྐབས་ཀྱི་པདྨ་འཛིན་པ་ཞེས་པའི་རྗེས་ལ། སྒོ་བཞིར་སྒོ་སྐྱོང་བཞི་རྣམས་འཁོད་པ་ནི། ཤར་ཕྱོགས་སུ་ཡ་ལས་ཐོ་པ་ནས། བཞི་པོ་རྣམས་ཀྱང་འཁོད་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་དཔལ་རྡོ་རྗེ་འཇིགས་བྱེད་ཅེས་སོགས་ནས། བདེ་བའི་ལམ་གྱི་འགོད་པར་ཤོག །ཅེས་པའི་བར་དུ་འདྲ་བ་ལས། ནང་མཆོད་ཀྱི་སྐབས།


TNT06_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོའི་རྗེས་སུ། ཨོཾ་བཛྲ་བཻ་ཏ་ལི་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ཨོཾ་ཛི་ནི་ཛིཀ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། དེ་བཞིན་དུ། རཏྣ་དྷྲྀཀ ཨ་རོ་ལིཀ པྲཛྙཱ་དྷྲྀཀ མོ་ཧ་ར་ཏཱི། དྭེ་ཥ་ར་ཏཱི། རཱ་ག་ར་ཏཱི། བཛྲ་ར་ཏཱི། མུད་ག་ར་དྷྲྀཀ དཎྜ་དྷྲྀཀ པདྨ་དྷྲྀཀ ཁདྒ་དྷྲྀཀ ཅེས་པ་རྣམས་ལའང་སྦྱར། རེ་མིག་གི་མཚན་མ་ལྷག་མ་ལ་འབུལ་བ་མན་ཆད་འདྲ། གཏོར་མ་དང་པོ་དཀྱིལ་འཁོར་པ། གཉིས་པ་ཆོས་སྐྱོང་ཡེ་ཤེས་པ་ཇི་ལྟར་འོས་པ། གསུམ་པ་ཕྱོགས་སྐྱོང༌། བཞི་པ་ཕྱོགས་སྐྱོང་ཆོས་ཀྱི་རྒྱལ་པོ་རྣམས་ལ་འབུལ་བ་ཡིན། དེ་དག་ལས་སྨོན་ལམ་གདབ་པའི་བར་སྒྲུབ་ཐབས་སྙིང་པོ་དང༌། དཀྱིལ་ཆོག་ཏུ་བཤད་པ་བཞིན་ནོ། །དེ་ནས་ཧྲིཿཥྚཱིཿལན་གསུམ་གྱིས་སྲུང་བའི་བར། སྙན་གསན་ཕབ་ཅིང༌། དཀྱིལ་འཁོར་ནམ་མཁར་འདེགས་པའི་བར་ཡང་འདྲའོ། །བུམ་པ་སྟ་གོན་གྱི་སྐབས། སྤྱིར་བཅུ་གསུམ་མ་ནི། རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཆོ་གའི་རིམ་པ་རྒྱས་ཤོས་ཡིན་པས། བུམ་པ་ཡང་ཅུང་ཟད་རྒྱས་པ་ཙམ་འགྲུབ་ན་ལེགས་མོད་ཀྱི། ལག་ཏུ་ལོངས་པ་དཀའ་བས། བུམ་པ་གཉིས་ལ་བསྡུ་ན། ལྟ་བར་ཡང་མི་བཟོད་པའི་བདག་ཉིད་དུ་གྱུར། ཤར་དུ་ཀྵེཿལས་འཁོར་ལོ་ནས། ཁྲག་གིས་གང་བ་བཞི་པོ་རྣམས་ཀྱང་འཁོད་པར་གྱུར། གྱི་བར་མངལ་དཀྱིལ་གྱི་སྐབས་བཞིན། ལས་བུམ་ལ་བགེགས་མཐར་བྱེད་ཀྱིས་ཀྱང་ལེགས་ལ། ལྷ་དང་གྲངས་མཉམ་གྱི་བུམ་པ་ཡོད་ན། བྱང་སྒོའི་བུམ་པས་ལས་བུམ་གྱི་གོ་ཆོད་པར་འདོད་ཀྱང་ལག་ལེན་དཀྱིལ་ཆོག་བཞིན་བྱེད་པ་ལས། གཙོ་བོ་ཕྱག་གཉིས་པའི་རྣམ་པ་ཅན་བགེགས་མཐར་བྱེད་ཀྱི་ངོ་བོ་ཡིན་པས། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཕཊ་སྭཱཧཱ། གཙོ་བོར་བཟླ་བཞིན་ཉེ་སྙིང་ཡང་བཟླ་ནི་བཟླའོ། །འཁོར་གྱི་བསྟོད་ཐུང་ལ། ཡན་ལག་བཅུ་གཉིས་རབ་འགགས་ཤིང༌། །ས་ནི་བཅུ་གཉིས་དག་པའི་དངོས། །བདེ་གཤེགས་


TNT06_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་འཁོར་བཅས་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་བསྟོད། །ཅེས་སྤོས་པ་ཙམ་ཡིན། གཞན་ཁྱད་པར་མེད་དོ། །ཐིག་ཚོད་བྱིན་རླབས་ཀྱི་སྐབས་སུ། ཡ་ལས་ཞེ་སྡང་གཤིན་རྗེ་གཤེད་ནག་པོ། ནག་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་གྲི་གུག་དང་ཐོད་པ་འཛིན་པས། རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ཀྱིས་འཁོར་ལོ་དང་པདྨ་འཛིན་པ། དཀར་པོའི་གནས་སུ། ཀྵེ་ལས་གཏི་མུག་གཤིན་རྗེ་གཤེད། དཀར་པོ་དཀར་ནག་དམར་བ་སོགས། མ་ལས་སེར་སྣ་གཤིན་རྗེ་གཤེད། སེར་པོ་སེར་ནག་དཀར་བའི་ཞལ་སོགས། མེ་ལས་འདོད་ཆགས་གཤིན་རྗེ་གཤེད་དམར་པོ། དམར་ནག་དཀར་བའི་སོགས། ད་ལས་ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ། ལྗང་ནག་དཀར་བའི་སོགས། ཐམས་ཅད་ཀྱང་ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པ། སྤྱན་གསུམ་མཆེ་གཙིགས། དབུ་སྐྲ་གྱེན་དུ་བརྗེས་པ། སྟག་སྤགས་དང༌། མགོ་ཕྲེང་དང༌། རུས་པ་དང༌། སྦྲུལ་གྱིས་བརྒྱན་པ། ཞབས་གཡོན་བརྐྱང་པའི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཐམས་ཅད་ཀྱི་དཔྲལ་བར་ཨོཾ་སོགས་སྤེལ། མི་འདྲ་བའི་ཁྱད་པར་དེ་ཙམ་ཡིན། དཀྱིལ་འཁོར་འབྲི་བའི་སྐབས། གཙོ་བོའི་གནས་སུ། མི་རོའི་སྟེང་དུ་པད་ཉི་ལ་རལ་གྲི་འབྲི། འདི་ངེས་ཅན་ཡིན། ཅལ་ཅོལ་གྱི་ཁ་ལ་མ་རྒྱུག་ཅིག རེ་མིག་བརྒྱད་ལ་མི་མགོ་སོགས་ཀྱི་སྟེང་དུ། ཤར་དུ་ཟླ་བ་ལ་འཁོར་ལོ། ལྷོར་ཉི་མ་ལ་ནོར་བུ། ནུབ་ཏུ་ཉི་མ་འོད་བྲལ་ཏེ་དམར་པོ་ལ་པད་དམར། བྱང་དུ་རླུང་དཀྱིལ་ཏེ་ནག་པོ་ཟླ་གམ་ལ་རྒྱ་གྲམ་འབྲི། མཚམས་བཞིར་ཟླ་གདན་རིམ་པས་འཁོར་ལོ། རྡོ་རྗེ་པདྨ་ཨུཏྤལ་བྲིས་ཀྱང་ལེགས། ཡང་གྲི་གུག་ཁོ་ན་བྲིས་ཀྱང་


TNT06_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ངོ༌། །སྒོ་བཞིར་ཉི་གདན་ལ་ཐོ་བ་དང༌། བེ་ཅོན་དང༌། པད་དམར་དང༌། རལ་གྲིའོ། །ཕྱིའི་གྲྭ་བཞིར་རོ་ལངས་ཀྱི་གཟུགས་བཞིའམ། ཚོན་སྤུངས་ནག་པོ་རེ་བྱས་ཀྱང་རུང་ཙམ་ཡིན། དེ་རྣམས་ཀྱི་མདུན་ནམ་རིམ་པ་གཉིས་པའི་གྲྭ་བཞིར་ཟླ་གདན་ལ་ཐོད་པ་འབྲི། གཞན་ལྷ་སྣམ་གྱི་ཕྱག་མཚན་སོགས་ལ་ཁྱད་པར་མེད་དོ། །དབུས་ཀྱི་གཞི་གྲུ་ཆོད་ཁྲག་མཚོ་འདི་ལ་ཟླུམ་སྐོར་རིམ་པ་གཉིས་ཡོད་པས། ཟླུམ་སྐོར་ཕྱི་མ་ལ་ཐོད་སྐམ་གྱི་འཕྲེང་བ། ནང་མ་ལ་གདུང་ཟླུམ་བྱ། རེ་མིག་གི་ནང་ལ་ཁྲག་མཚོའི་རི་མོ་བྱེད་མཁན་ཡོད་ཀྱང་མི་ལེགས། དེས་ན་གཞི་ནག་པོར་བྱེད་ན་གདུང་སྔོན་པོ་དང༌། གཞི་སྔོན་པོར་བྱེད་ན་གདུང་ནག་པོར་བྱའོ། །དཀྱིལ་ཆོག་རྒན་པོ་ནས་དངོས་གཞིའི་ཐོག་མར་སླར་ཡང་བུམ་པ་སྒྲུབ་པར་འདོད། དཀྱིལ་འཁོར་སྒྲུབ་ཚུལ་ལ་བདག་མདུན་ཐ་དད་དང༌། མདུན་བསྐྱེད་སྒྲུབ་ཚུལ་དཀྱུས་མ་ཞིག་བྱེད་པར་འདུག ཕྱིས་འགའ་ཞིག་དགྲ་ནག་གི་དཀྱིལ་མཆོག་དཔལ་འཛིན་གྱིས་མཛད་པའི་དགོངས་པར་བྱས་ཏེ། བདག་མདུན་ཐ་མི་དད་ཁོ་ནར་མཛད་དོ། །འོན་ཀྱང་འདི་ལྟར་བྱ་སྟེ། སྔོོན་འགྲོ་གཏོར་མ་ནས་བརྩམས། འཁོར་བཅུ་གཉིས་པོ་དང་ཡུམ་ཡང་རང་ཉིད་ལ་ཐིམ། ཞེས་པའི་བར་དུ་བཅུ་གསུམ་མའི་སྒྲུབ་ཐབས་ཀྱི་གཞུང་བསྲངས་ཏེ་བསྒོམ། སྐབས་འདིར་བདག་བསྐྱེད་ཁོ་ན་ཡིན། དེ་ནས་སྤྲོ་ན་བགེགས་སྦྱང་བ་དང༌། སྡིག་པ་སྦྱོང་བ་དང༌། ཁྲུས་གསོལ་རྣམས་བྱ། བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པ། ཞེས་པ་ནས། རྐང་པ་གསུམ་གར་བྱེད་པའོ། །དབུས་ཀྱི་གདན་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ལས་བྱུང་བའི་རལ་གྲི་ཧཱུཾ་གིས་མཚན་པ་འོད་ཟེར་མཐའ་ཡས་པ་འབར་བའོ། །ཉེ་སྙིང་དང༌། སྙིང་པོ་དང༌། རྩ་སྔགས་ལན་བདུན་བདུན་བརྗོད། ཤར་དུ་ཀྵེ་ལས་འཁོར་ལོ་ཀྵེས་མཚན་པ། ཨོཾ་ཛི་ན་


TNT06_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཛིཀ་ཧཱུཾ་ཕཊ། ལྷོར་མ་ལས་རིན་པོ་ཆེ་མས་མཚན་པ། ཨོཾ་རཏྣ་དྷྲྀཀ་ཧཱུཾ་ཕཊ། ནུབ་ཏུ་མེ་ལས་པདྨ་མེས་མཚན་པ། ཨོཾ་ཨ་རོ་ལིཀ་ཧཱུཾ་ཕཊ། བྱང་དུུ་ད་ལས་རྒྱ་གྲམ་ད་ཡིག་གིས་མཚན་པ། ཨོཾ་པྲཛྙཱ་དྷྲྀཀ་ཧཱུཾ་ཕཊ། ཤར་ལྷོར་ཛ་ལས་འཁོར་ལོ་ཛས་མཚན་པ། ཨོཾ་མོ་ཧ་ར་ཏི་ཧཱུཾ། ལྷོ་ནུབ་ཏུ་ས་ལས་རྡོ་རྗེ་ས་ཡིས་མཚན་པ། དྭེ་ཥ་ར་ཏི། ནུབ་བྱང་དུ་དོ་ལས་པདྨ་དོས་མཚན་པ། རཱ་ག་ར་ཏི། བྱང་ཤར་དུ་རུ་ལས་ཨུཏྤལ་རུས་མཚན་པ། བཛྲ་ར་ཏི། ཡང་ན་བྱང་དུ་རལ་གྲི། མཚམས་བཞིར་གྲི་གུག་གོ །ཤར་སྒོར་ཡ་ལས་ཐོ་བ་ཡས་མཚན་པ། མུདྒ་ར་དྷྀཀ ལྷོ་སྒོར་ཙ་ལས་དབྱུག་པ་ཙས་མཚན་པ། དཎྜ་དྷྲྀཀ ནུབ་སྒོར་མེ་ལས་པདྨ་མེས་མཚན་པ། པདྨ་དྷྲྀཀ བྱང་སྒོར་ར་ལས་རལ་གྲི་རས་མཚན་པ། ཨོཾ་ཁདྷ་དྷྲྀཀ་ཧཱུཾ་ཕཊ། ལན་གསུམ། གྲྭ་བཞིར་ཎ་ཡོ་ནི་ར་ལས་བྱུང་བའི་ཐོད་ཁྲག་བཞི། ཎ་ཡོ་ནི་རས་མཚན་པ། ཨོཾ་ཨཱཿཧཱུཾ། ལན་བཅུ་གཉིས། དེ་ནས་ཉེ་སྙིང་ལན་གསུམ་དང༌། ཧྲཱིཿཥྚཱིཿལན་གསུམ་དང༌། རྩ་སྔགས་ལན་གསུམ་གྱིས་མཚན་མ་གཞན་རྣམས་བྱིན་གྱིས་བརླབས། དེ་ཉིད་ལ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སོགས་ཀྱིས་བསྟོད་དོ། །མཚན་མ་སྤྱི་ལ་དམིགས་ནས། སྙིང་པོ་དང༌། རྡོར་སེམས་ཀྱི་ཡིག་བརྒྱ་ཡང་ཅི་རིགས་པར་བཟླའོ། །དེ་དག་ནི་དཀྱིལ་འཁོར་མདུན་བསྐྱེད་འབའ་ཞིག་གི་ཚུལ་དུ་སྒྲུབ་པའོ། །དེ་ནས་སྔགས་གསུམ་ཚར་གཅིག་བརྗོད། བདག་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞལ་དགུ། ཕྱག་སུམ་ཅུ་རྩ་བཞི། ཞབས་བཅུ་དྲུག རྒྱན་དང་མཚོན་ཆ་ཐམས་ཅད་ཡོངས་སུ་རྫོགས་པ། ཁམས་གསུམ་


TNT06_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམ་པར་རྒྱལ་བའི་གཟི་འོད་འབར་བ་ཅན། སྐུ་དང་གསུང་དང་ཐུགས་དང༌། ཡོན་ཏན་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ཉིད་མདུན་གྱི་དཀྱིལ་འཁོར་ཆེན་པོའི་དབུས་ཀྱི་གདན་ལ་བཞུགས། དབུས་ཀྱི་ལྷའི་མཚན་མ་དང་གཉིས་སུ་མེད་པར་འདྲེས། ཨོཾ་ཨ་ས་མེ། ཏྲི་ས་མེ། མཧཱ་ས་མ་ཡེ་སྭཱཧཱ། ལན་གསུམ། རང་གི་པང་དུ་རང་རིགས་ཀྱི་ཕྱག་རྒྱ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གནས་པ་ལས། དེ་ཉིད་མི་དམིགས་ཏེ་སྟོང་པར་སྦྱངས། ཨོཾ་ཤཱུ་ནྱ་ཏཱ་སོགས། སྟོང་པའི་ངང་ལས་བཾ་ལས་གྲི་གུག་བཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། ཁྲོ་མོའི་དབང་ཕྱུག་རྡོ་རྗེ་རོ་ལངས་མའི་སྐུར་གྱུར། ཡབ་ཀྱི་གསང་གནས་མི་དམིགས་ཏེ། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ནས། སྲོག་དག་པའི་ལམ་ནས་ཡུམ་གྱི་མཁར་བབས་པ། གཞལ་མེད་ཁང་བསྲུང་བའི་འཁོར་ལོ་དུར་ཁྲོད་དང་བཅས་པའི་ནང་དུ། ལྷ་སོ་སོའི་གདན་གྱི་གནས་ལ་ཐིག་ལེ་བཅུ་བདུན་དུ་གྱུར། དེ་རྣམས་ལྷ་སོ་སོའི་ས་བོན་དུ་གྱུར། ཅེས་པ་ནས། བཞི་པོ་རྣམས་ཀྱང་འཁོད་པར་གྱུར། གྱི་བར་སྒྲུབ་ཐབས་བཞིན། ཨོཾ་ཧྲཱིཿཥྚཱིཿནས། དཀྱིལ་འཁོར་གྱི་གཙོ་བོ་རང་ཉིད་ཀྱི་སྐུའི་ཆ་ཐམས་ཅད་ནས་ཞུགས་ཏེ་གཉིས་སུ་མེད་པར་ཐིམ། བདེ་སྟོང་གཉིས་སུ་མེད་པ་སྐུ་གསུམ་ནས། ཤར་གྱི་རེ་མིག་ཏུ་པད་ཟླའི་གདན་ལ་མཚན་མའི་ཕྱག་རྒྱ་དང་གཉིས་སུ་མེད་པར་འདྲེས་སྟེ་འཁོད་པར་གྱུར། དེ་བཞིན་དུ་ཐམས་ཅད་ལ་སྦྱར་ཏེ། ལྷོའི་རེ་མིག་ཏུ་པད་ཉིའི་གདན་ལ། མཚན་མའི་ཕྱག་རྒྱ་དང་གཉིས་སུ་མེད་པར་འདྲེས་ཏེ་འཁོད་པར་


TNT06_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས། བྱང་སྒོར་པད་ཉི་ལ། མཚན་མའི་ཕྱག་རྒྱ་དང་གཉིས་སུ་མེད་པར་འདྲེས་ཏེ་འཁོད་པར་གྱུར་གྱིས་བར་བརྗོད། ཨོཾ་ཨཱཿཧཱུཾ། ལན་བཞི་ནས། གདན་རེ་རེ་ལ་ཐོད་པ་བཞིའི་ཕྱག་རྒྱ་དང་དབྱེར་མེད་དུ་འདྲེས་ཏེ་འཁོད་པར་གྱུར། མཁའ་ནང་གི་གཞལ་མེད་ཁང་དུར་ཁྲོད་སྲུང་བའི་འཁོར་ལོ་དང་བཅས་པ་དཔག་ཏུ་མེད་པ་སྤྲོས། བཅོམ་ལྡན་འདས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་མཛད། སྣོད་ཀྱི་འཇིག་རྟེན་གྱི་དྲི་མ་མ་ལུས་པ་སྦྱངས། རྣམ་ཤེས་ཚོགས་བརྒྱད་དང༌། བདུད་བཞི་དབྱིངས་སུ་དག་པར་བྱས། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཡེ་ཤེས་ཀྱི་རང་སྣང་ལ་བཀོད། ཚུར་འདུས་གཅིག་ཏུ་འདྲེས། གཞལ་ཡས་ཁང་གདན་དང་བཅས་པ་དང༌། དུར་ཁྲོད་སྲུང་བའི་འཁོར་ལོ་དང་བཅས་པ་ལ་གཉིས་སུ་མེད་པར་ཐིམ་པའི་ཚུལ་གྱིས་བཞུགས་པར་གྱུར། འདིར་གཞལ་ཡས་ཁང་དང༌། དུར་ཁྲོད་དང༌། སྲུང་འཁོར་ལ་དག་སྦྱོར་གྱི་སྤྲས་སྤྲོས་མང་པོ་མི་དགོས་སོ། །ལྷ་ཐམས་ཅད་ཀྱི་མིག་ཏུ་ཀྵིཾ་ལས་ནས། དོན་ཡོད་གྲུབ་པས་དབུ་བརྒྱན་གྱི་བར་ཡང་སྒྲུབ་ཐབས་བཞིན་ནོ། །ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་སོགས། སྟ་གོན་གྱི་ལྷ་སྤྱན་འདྲེན་པ་མན་ཆད། མཆོད་བསྟོད་གཏོར་འབུལ་ཕྱི་རོལ་གཏོར་མ་རྣམས་ལའང་མི་འདྲ་བ་མེད་མོད། སྒྲུབ་ཐབས་ཡིད་བཞིན་གཏེར་མཛོད་ན། བདག་བསྐྱེད་ཀྱི་ཡེ་ཤེས་སྤྱན་འདྲེན་སྐབས། ཚིགས་བཅད་ལ། དྲག་པོའི་ལས་ལ་སྤྱན་འདྲེན་ན། །དགྲ་བགེགས་རྣམས་ནི་བསྒྲལ་བའི་ཕྱིར། །ཞེས་འདོན་ཏེ། ཤིན་ཏུ་སྐབས་སུ་མ་བབ་བོ། ཞི་བ་ཡེ་ཤེས་ཀྱི་སྒྲུབ་ཐབས་ན། ཡེ་ཤེས་པ་ལ་སྤྱན་འདྲེན་ཚིགས་བཅད་དང༌། མཆོད་འཕྲེང་སོགས་ཡོད་ཀྱང༌། དེ་ནི་རང་དང་མདུན་ཏེ་སྐུའི་རྣམ་པ་གཉིས་བསྒོམས་པས། མི་ལེགས་པ་མིན་ལ། རྒྱུན་གྱི་ཉམས་ལེན་དང་མཆོག་སྒྲུབ་སོགས་གང་བྱུང་


TNT06_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་དྲག་པོའི་ལས་ཞེས་པ་ཁོ་ན་འདོན་པ་ཡང་འབྲེལ་མེད་དོ། །དེས་ན་འདི་པའི་ལུགས་ཀྱི་བདག་བསྐྱེད་ལ། ཚིགས་བཅད་དེ་འདྲ་ཡེ་མི་དགོས། མདུན་བསྐྱེད་ཀྱི་སྐབས་དང༌། ཁྱད་པར་སྟ་གོན་སྤྱན་འདྲེན་ལ། དེ་ལྟར་བྱེད་ནའང་མི་འགལ་ལོ། །འདི་ལྟར་འདོན་པར་བྱ་སྟེ། ཧཱུཾ། འཇམ་དཔལ་ཁྲོས་པའི་དཀྱིལ་འཁོར་ནས། །སྲིན་པོའི་གཟུགས་སུ་སྐུ་སྤྲུལ་པ། །གདུག་པ་ཅན་རྣམས་འདུལ་བའི་ཕྱིར། །འཇིགས་པའི་ཁྲོ་རྒྱལ་གཤེགས་སུ་གསོལ། །ཚུར་བྱོན་ཚུར་བྱོན་འཇམ་པའི་དབྱངས། ཁྲོ་བོ་གཤིན་རྗེ་གཤེད་པོའི་ཚོགས། །འཇམ་དཔལ་ཁྲོ་བོ་མི་བཟད་པ། །མཐུ་རྩལ་དྲག་པོ་གཤེགས་སུ་གསོལ། །རྣམ་པ་ཀུན་ལྡན་ཁྲོ་བོའི་སྐུ། །བསྐལ་པ་སྲེག་པའི་འཁོར་ལོ་ཆེ། །བདུད་སྡེའི་དཀྱིལ་འཁོར་ཀུན་འཇོམས་པ། །འགྲོ་བ་སྐྱོབ་མཛད་གཤེགས་སུ་གསོལ། །རི་བོ་རལ་ཞིང་ཆུ་གཏེར་འཁྲུག །རྡོ་རྗེ་མཚོན་ཆའི་བུ་ཡུག་འཁྲུག །ཕོ་ཉ་དྲག་གཏུམ་གློག་ལྟར་འཁྱུག །དྲག་ཤུལ་མི་བཟད་གཤེགས་སུ་གསོལ། །སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང༌། །མཁའ་དབྱིངས་གང་བའི་ལྷ་མོས་མཆོད། །རྒྱལ་སྲས་ཀུན་གྱི་ཞབས་འབྲིང་བཅས། །དཀྱིལ་འཁོར་དབང་ཕྱུག་འདིར་གཤེགས་གསོལ། །ཅེས་རོལ་མོའི་སྒྲ་དང་བཅས་ཏེ་གྱེར་ན་རུང༌། བཞུགས་གསོལ་གྱི་སྐབས་ཀྱང༌། ཤོ་ལོ་ཀ་དང་པོ་གཉིས་དང་ཐ་མ་ལ་བཞུགས་སུ་གསོལ། །ཞེས་འདོན་པ་བསྒྱུར་ན་ལེགས་པར་འོང༌། དཀྱིལ་ཆོག་རྙིང་པ་འགའ་རེ་ན་འདི་འདྲའི་རིགས་བྲིས་ཤིང༌། ལ་ལར་ད་ལྟ་ལག་ལེན་ཡང་བྱེད་ཀྱིན་འདུག་པས། སྐབས་རེ་བྱས་ཀྱང་མི་འགལ་བར་སེམས། ངེས་པ་དགོས་པ་ནི་མ་ཡིན་ནོ། །བསྟོད་པའི་སྐབས།


TNT06_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་བསྟོད་པ་བསྡུ་ན་སྒྲུབ་ཐབས་བཞིན་བྱས་ཀྱང་ཆོག་ལ། ཅུང་ཟད་རྒྱས་པར་ན། འཁོར་ལོའི་དབང་ཕྱུག་རྣལ་འབྱོར་མ། །རྒྱལ་བ་ཐམས་ཅད་སྐྱེད་མཛད་ཡུམ། །གདུལ་དཀའ་མ་ལུས་འདུལ་མཛད་མ། །རྡོ་རྗེ་རོ་ལངས་ཕྱག་འཚལ་བསྟོད། །ཟླ་བ་ཉ་འདྲའི་གཟི་བརྗིད་ཅན། །སྟོང་པའི་ཆོས་ལས་འཁྲུངས་པའི་སྐུ། །གཏི་མུག་རྒྱ་མཚོ་{ེམས་མཛད་པ། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །འབར་བ་གསེར་གྱི་ལྷུན་པོ་འདྲ། །ཡིད་བཞིན་ནོར་བུ་སྦྱིན་པའི་དངོས། །རྡོ་རྗེ་དབང་བསྐུར་འཕོངས་པ་སེལ། །ཕྲ་མ་རྡོ་རྗེ་ལ་ཕྱག་འཚལ། །གཙོ་བོ་རྡོ་རྗེ་ཆོས་ཀྱི་སྐུ། །ཉི་མ་སྟོང་དང་མཉམ་པའི་འོད། །སེམས་ཅན་འདོད་ཆགས་གནས་ལ་འཇོག །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །བརྩོན་འགྲུས་ཆེན་པོ་ཕ་རོལ་གནོན། །ལྗང་སྔོན་འོད་ཟེར་བྱེ་བ་འགྱེད། །སྣ་ཚོགས་ལས་ཀྱི་རྣམ་པར་འཕྲུལ། །ཕྲག་དོག་རྡོ་རྗེ་ཕྱག་འཚལ་བསྟོད། །མཁའ་ལྟར་ཁྱབ་པའི་བྱམས་པ་ཡང༌། །གདུག་པ་འདུལ་ཕྱིར་ཙ་མུཎྜི། ཁྲག་ཆེན་བཏུང་བས་ཀུན་ཏུ་དགྱེས། །གཏི་མུག་དགའ་མ་ལ་ཕྱག་འཚལ། །འཁོར་ལོའི་དབང་ཕྱུག་དགྱེས་བྱེད་ཡུམ། །གཤིན་རྗེ་འཇོམས་མ་དྲག་མོའི་སྐུ། །སྙིང་རྗེའི་རང་བཞིན་རྡོ་རྗེའི་རིགས། །ཞེ་སྡང་དགའ་མ་ལ་ཕྱག་འཚལ། །སྲིད་གསུམ་གནས་ཀྱི་ངག་ཚིག་རྣམས། །ལྷ་མོ་ཁྱོད་ཀྱི་མཐུ་ལས་བྱུང༌། །དགའ་ཞིང་རྗེས་སུ་ཡི་རང་ཚུལ། །འདོད་ཆགས་དགའ་མ་ལ་ཕྱག་འཚལ། །བཏང་སྙོམས་ཉོན་མོངས་མེད་རང་བཞིན། །ཞུ་བ་དགུག་པ་ཡེ་ཤེས་ཆེ། །གཽ་རཱི་བསམ་མི་ཁྱབ་པའི་མཐུ། །རྡོ་རྗེ་དགའ་མ་ལ་ཕྱག་འཚལ། །གཤེད་བྱེད་བྱད་མ་ཀུན་འཇོམས་


TNT06_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པ། །མཐའ་དག་འགུགས་པའི་ལས་ལ་བརྩོན། །ཡོན་ཏན་རྣམ་པར་རྒྱས་པ་ཡི། །རྡོ་རྗེ་ཐོ་བ་ཕྱག་འཚལ་བསྟོད། །གཞན་གྱིས་མི་ཐུབ་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་སྐྲག་པར་མཛད། །ལྟ་བ་ངན་པའི་མུ་སྟེགས་འཇོམས། །རྡོ་རྗེ་དབྱུག་པ་ཕྱག་འཚལ་བསྟོད། །ཇི་སྲིད་འཁོར་བར་རྟག་གནས་ཀྱང༌། །ཉོན་མོངས་དྲི་མས་མ་གོས་པར། །ཐབས་ཀྱིས་འགྲོ་ཀུན་འདུལ་པ་པོ། །རྡོ་རྗེ་ཆུ་སྐྱེས་ཕྱག་འཚལ་བསྟོད། །བྱེ་བ་སྟོང་གི་བགེགས་རྣམས་ཀྱང༌། །གང་གི་མཚན་ཙམ་ཐོས་པས་བྱེར། །བདེ་ཆེན་བདུད་རྩི་སྩོལ་བ་པོ། །རྡོ་རྗེ་རལ་གྲི་ཁྱོད་ཕྱག་འཚལ། །སྣ་ཚོགས་མཆོད་པའི་ཁྱད་པར་ལས། །རྒྱལ་བ་ཐམས་ཅད་རབ་མཉེས་བྱེད། །བདུད་ཀྱི་དཀྱིལ་འཁོར་མ་ལུས་འཇོམས། །ཐོད་པ་བཞི་ལ་ཕྱག་འཚལ་བསྟོད། །མཚན་མ་རྣམ་པ་སྣ་ཚོགས་ནི། །གང་ལ་གང་འདུལ་ཐབས་ཀྱི་གཙོ། །སྣ་ཚོགས་འཕྲིན་ལས་སྒྲུབ་མཛད་པ། །ཕྱག་རྒྱའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་གཞལ་མེད་ཁང་པ་ནི། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཤིན་ཏུ་རྣམ་དག་དབང་བསྒྱུར་བའི། །དེ་ཉིད་རང་བཞིན་ཕྱག་འཚལ་བསྟོད། །མི་ཤེས་མུན་འཇོམས་ཉི་མའི་གདན། །ཉེས་པས་མ་གོས་པདྨ་རྒྱས། །བདུད་བཞི་འཇོམས་བྱེད་སྲུང་བ་ཡི། །འཁོར་ལོར་བཅས་ལ་ཕྱག་འཚལ་བསྟོད། །སྲིད་པ་ཇི་སྲིད་གནས་ཀྱི་བར། །འཁོར་བར་འགྲོ་བའི་དོན་མཛད་པ། །དུར་ཁྲོད་གནས་པ་ཐམས་ཅད་ལའང༌། །གུས་པའི་ཡིད་ཀྱི་ཕྱག་འཚལ་བསྟོད། །དེ་ལྟར་བསྟོད་པའི་དགེ་བ་ཡིས། །མཁའ་དང་མཉམ་པའི་འགྲོ་བ་རྣམས། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ད་ལྟ་ཉིད་


TNT06_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཐོབ་པར་ཤོག །ཅེས་པས་བསྟོད་པར་བྱའོ། །བདག་འཇུག་གི་ཐོག་མའི་གསོལ་འདེབས་ལ། ཨེ་མ་ཧོ་སངས་རྒྱས་སློབ་དཔོན་ཆེ། །ཨེ་མ་ཧོ་ཆོས་དང་ཚོགས་ཀྱི་མཆོག །ཨེ་མ་ཧོ་ཁྲོ་བོ་འཇིགས་མཛད་པ། །རོ་ལངས་མ་ཡིས་མགྲིན་འཁྱུད་པའི། །ཞེས་ལྷག་པོར་སྣོན། དཀྱིལ་ཆོག་རྒན་པོ་ན། ཕྱི་འཇུག་གི་སྐབས་འདིར་གོ་རིམ་མི་གཅིག་པ་འགའ་རེ་ཡོད་ནའང༌། ལེགས་པ་ཁོ་ནར་ཡང་མི་སྣང་བས། ལྷ་དགུའི་དཀྱིལ་མཆོག་སྐར་སྦྱར་བ་བཞིན་དུ་བྱའོ། །མི་ལེགས་པ་ཇི་ལྟ་བུ་སྙམ་ན། དྲི་བ་དྲི་ལན་གྱིས་སྣོད་བརྟགས་ནས་སེམས་བསྐྱེད་དེ། དེའི་རྗེས་སུ་དེ་ཉིད་གསང་བ་གདམས་དགོས་པ་ལས། གསང་གདམས་སེམས་བསྐྱེད་དྲི་ལན་ཞེས་རིམ་པ་གོ་ཟློག་པ་ནི། ཤིན་ཏུ་མི་ལེགས་པའི་ཕྱིར་རོ། །ཡེ་ཤེས་དབབ་པའི་སྐབས། རང་སྐད་ཅིག་གིས་འདོད་ཆགས་གཤིན་རྗེ་གཤེད་སྐུ་མདོག་དམར་པོ། ཞལ་གསུམ་ཕྱག་དྲུག་པར་གསལ་བའི་རྐང་འོག་ཏུ་ཞེས་འདོན་པ་སྤོ། རིག་པའི་དབང་ལྔ་ལས་ཆུ་དབང་གི་ནང་དབང་སྐབས། ཡ་ལས་རྡོ་རྗེ་ཡས་མཚན་པ་ལས། ཞེ་སྡང་གཤིན་རྗེ་གཤེད། སྐུ་མདོག་མཐིང་ནག ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་གྲི་གུག་དང་ཐོད་པ་འཛིན་པས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ཀྱིས་འཁོར་ལོ་དང་པདྨ་འཛིན་པ། ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པ། སྤྱན་གསུམ་མཆེ་གཙིགས་སྐྲ་སེར་གྱེན་དུ་བརྗེས་པ། སྟག་ལྤགས་དང༌། རུས་པ་དང༌། མགོ་འཕྲེང་དང༌། སྦྲུལ་གྱིས་བརྒྱན་པ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དཔྲལ་བར་ཨོཾ་སོགས་དང་སྦྲེལ། དེ་


TNT06_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཅོད་པན་ལ། མ་ལས་རིན་པོ་ཆེ་མས་མཚན་པ་ཡོངས་སུ་གྱུར་པ་ལས། སེར་སྣ་གཤིན་རྗེ་གཤེད་སེར་པོ། སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་གྲི་གུག་དང་ཐོད་པ་འཛིན་པས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་རིན་པོ་ཆེ་དང་རལ་གྲི། གཡོན་གཉིས་ཀྱིས་འཁོར་ལོ་དང་པདྨ་འཛིན་པ། ཁྲོ་བོའི་ནས། བཞུགས་པའོའི་བར་སྔ་མ་བཞིན། རྡོ་རྗེའི་དབང་གི་སྐབས། མེ་ལས་པདྨ་མེས་མཚན་པ་ཡོངས་སུ་གྱུར་པ་ལས། འདོད་ཆགས་གཤིན་རྗེ་གཤེད་དམར་པོ་དམར་ནག་དཀར་བའི་ཞལ་གསུམ། ཕྱག་དང་པོ་གཉིས་འདྲ། གཡས་གཉིས་ཀྱིས་པདྨ་དང་རལ་གྲི། གཡོན་གཉིས་ཀྱིས་འཁོར་ལོ་དང་ནོར་བུ་འཛིན་པ། ཁྲོ་བོའི་ནས། བཞུགས་པའོ། །དྲིལ་བུའི་དབང་གི་སྐབས། ད་ལས་རལ་གྲི་དས་མཚན་པ་ཡོངས་སུ་གྱུར་པ་ལས། ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ། ལྗང་ནག་དཀར་བའི༴ ལྷག་མ་གཡས་གཉིས་ཀྱི་རལ་གྲི་དང་འཁོར་ལོ། གཡོན་གཉིས་ཀྱིས་རིན་པོ་ཆེ་དང་པདྨ་འཛིན་པ། གཞན་འདྲ། མིང་དབང་གི་སྐབས་སུ། ཀྵེ་ལས་འཁོར་ལོ་ཀྵེས་མཚན་པ་ཡོངས་སུ་གྱུར་པ་ལས། གཏི་མུག་གཤིན་རྗེ་གཤེད་དཀར་པོ། དཀར་ནག་དམར་བའི༴ གཡས་གཉིས་ཀྱིས་འཁོར་ལོ་དང་རལ་གྲི། གཡོན་གཉིས་ཀྱིས་ནོར་བུ་དང་པད་མ་འཛིན་པ། ཁྲོ་བོའི་ནས། བཞུགས་པའོ། །ལྷའི་དེ་ཉིད་བརྗོད་པའི་སྐབས། ལྷ་རྣམས་ནི། ཕུང་པོ་ལྔ་དང༌། འབྱུང་བ་བཞི་དང༌། ཉོན་མོངས་པ་བཞི་རྣམ་པར་དག་པ་ཡེ་ཤེས་ལྔ་དང༌། ཚད་མེད་པ་


TNT06_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང༌། དབང་པོ་ལྔ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རང་བཞིན་ནོ། །བསྲུང་བའི་དམ་ཚིག་དང་སོགས་སྦྲེལ། དེ་ཙམ་མ་གཏོགས་ཆོ་ག་ལྷག་མ་རྣམས་ལ་ཁྱད་པར་མེད་དོ། །དེ་བཞིན་དུ་སློབ་མ་ལ་དབང་བསྐུར་བ་ལ་ཡང་ཁྱད་པར་མེད་དེ། དཀྱིལ་ཆོག་རྒན་པོ་ནས་བཤད་པའི་སྤྲོས་པ་ཟར་ཟུར་མང་པོ་དེ་རྣམས་ངེས་པར་དགོས་པ་མ་ཡིན་ལ། ཅི་སྟེ་སྤྲོས་པ་ལ་དགའ་བས་བྱེད་ན། སོ་སོའི་ཐད་དུ་ཇི་ལྟར་འོས་པ་སྦྱར་བས་འགྲུབ་མོད་ཀྱི། སྤྲོས་པ་ལ་ལས་ནི། ཆུ་གཙང་ལ་རྙོག་མ་བླང་བའི་དཔེ་དང་མཚུངས་པའང་འབྱུང་ཉེན་ཡོད་དོ། །དེ་བས་ན་དབང་ཆོག་རྒན་པོ་དྲི་མེད་སྣང་བར་གྲགས་པ་དང༌། སྒྲུབ་ཐབས་ཡིད་བཞིན་གཏེར་མཛོད་འདི་དག་རྩ་བ་རྭ་དཀོན་མཆོག་སེང་གེས་མཛད་རིགས་སུ་གདའ་ནའང༌། དེ་ལའང་ཕྱིས་སྤྲོས་པའི་ལྷད་མང་པོ་དང་བཅོས་བྱེད་མཁན་བྱུང་བར་མངོན་ཏེ། དཔེ་དུ་མ་བསགས་ན་ཚིག་སྣ་རིང་ཐུང་ཡང་སྣ་ཚོགས་སྣང་ངོ༌། །སྒྲུབ་དཀྱིལ་དེ་གཉིས་རྗེ་བཙུན་རྡོ་རྗེ་གྲགས་པའི་གསུང་མ་ཡིན་པ་ལ་ཡིན་པར་འཁྲུལ་བས། ཡི་གེ་དེ་གཉིས་རང་ཆེས་ཉོག་པའི་སྟེང་དུ།


TNT06_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཐབས་འཛག་འཛོག་དུ་མ་བསྣན་པའི་རང་བཟོ་ལ་གཞན་ལ་མེད་པའི་ཁྱད་བཅོས་དང༌། ཟབ་ཁྱད་ཡིན་ནོ་སྙམ་མ་གོ་བོ་སྦོས་པ་ཡང་བག་རེ་སྣང་བ་སྙིང་རེ་རྗེ། འདིར་ནི་རྭ་འབུམ་སེང་གིས་མཛད་པའི་དཀྱིལ་ཆོག་གི་རྗེས་སུ་འབྲངས་པའོ། །རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་རྭ་ལུགས་ལ་མངོན་པར་དགའ་བ་རྣམས་ཀྱིས་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་དང་དབང་བསྐུར་ཆོ་ག་རྣམས་ལ་ཡང་མཁས་པར་བྱ་དགོས་སོ། །ཞེས་པ་དཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་ཆོ་གའི་ཁྱད་པར་ཕྱེ་བ་འདི་ཡང༌། དོན་གཉེར་འགའ་ཞིག་གིས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ངེས་པར་བརྗོད་པའོ།། །།བཀྲ་ཤིས། ཞུས་དག །


TNT06_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོ་ལྷ་བཅུ་གསུམ་གྱི་སྒྲུབཐབས་རྡོ་རྗེ་འོད་ཟེར།


TNT06_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོ་ལྷ་བཅུ་གསུམ་གྱི་སྒྲུབཐབས་རྡོ་རྗེ་འོད་ཟེར་ཞེས་བྱ་བ་བཞུགས།


TNT06_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ན་མོ་བཛྲ་ཨཱ་ཙརྱཱ་ཡ། གང་ཞིག་མཐའ་གཉིས་ལ་གནས་གཤིན་རྗེའི་ཚོགས། །གཉིས་མེད་ཡེ་ཤེས་སྟོབས་ཀྱིས་རབ་བརྫེས་པས། །ལྷན་སྐྱེས་ཡེ་ཤེས་མཆོག་གི་རྒྱལ་ཐབས་མཁན། །བླ་མ་གཤིན་རྗེ་གཤེད་པོའི་ཞབས་ལ་འདུད། །གདོད་མའི་རང་བཞིན་བཅུ་གསུམ་འཁོར་ལོའི་བདག །རིམ་གཉིས་ལམ་གྱིས་དྲི་མ་སྦྱངས་པ་ལས། །ཟུང་འཇུག་རྡོ་རྗེའི་གནས་མཆོག་ཐོབ་པའི་ཐབས། །མདོར་བསྡུས་ཙམ་ཞིག་བདག་གིས་བཤད་པར་འདོད། །གྲུབ་པ་རིག་པ་འཛིན་རྣམས་ཀྱིས། །བཤད་གང་ཚིག་དོན་རྟོགས་དཀའ་བས། །འདིར་འབད་གོ་བླའི་ཕྱིར་འབབ་ཞིག །གཞན་དུ་རྙེད་སོགས་འདོད་པས་མིན། །འདིར་བྲིས་སྐུ་བཀྲམ་ཞིང༌། མཆོད་གཏོར་ལག་ལེན་བཞིན་བཤམས་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རོལ་མོའི་སྒྲ་དང་བཅས་ཏེ། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ལ། རང་སྐད་ཅིག་གིས་སེམས་དཔའ་གསུམ་བརྩེགས་སུ་གྱུར། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པཱ་ཡ། གྲྀྀཧྞ་པཱ་ཡ་ཧཱུཾ། ཨ་ན་ཡ་


TNT06_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ། བྷ་ག་ཝན། བིདྱཱ་རཱ་ཛ་ཧཱུཾ་ཕཊ། ཧྲཱིཿཥྚཱིཿ ཡི་གེ་བཅུ་བཞི་པ་ལན་གསུམ་གྱི་མཐར། གནོད་བྱེད་མཱ་ར་ཡ་ཕཊ། ཅེས་བཏགས། རང་གི་སྙིང་ག་ནས་སྤྲོས་པའི་ཁྲོས་བོས་བགེགས་ཐམས་ཅད་བསྐྲད་པར་གྱུར། ཕོ་ཉ་རྣམས་རང་ལ་ཐིམ། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ས་མཱ་ཛཿ ཞེས་བརྗོད་དོ། །རང་གི་སྙིང་གའི་ཡ་ཡིག་ལས། ལྷ་མོ་བཞི་སྤྲོས། བླ་མ་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པའི་གཤིན་རྗེ་གཤེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས། ལྷ་མོ་བཞི་རང་ལ་ཐིམ། མཆོད་པ་མཆོད་བྱེད་མཆོད་ཡུལ་རྣམས་རང་བཞིན་གྱི་རྣམ་པར་དབེན་པའོ། །སྙིང་གའི་ས་བོན་ལས་རང་འདྲ་དཔག་ཏུ་མེད་པ་སྤྲུལ། ཕྱག་དང་བསྐོར་བ་བྱས་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནྡྷ་ནཾ་ཀ་རོ་མི། ཧྲཱིཿཥྚཱིཿ ལན་གཅིག་བརྗོད། སྙིང་ག་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲུལ། མཆོད་རྫས་རྣམས། ཧྲཱིཿཥྚཱིཿས་བསངས། ཨོཾ་བཛྲ་པུཥྤེ་ཧཱུཾ་


TNT06_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཤཔྟའི་བར་གྱི་སྔགས་དང༌། ཕྱག་རྒྱས་བྱིན་གྱིས་བརླབས། ཨོཾ་ཨ་ཀ་རོ་མུ་ཁཾ། སརྦ་དྷརྨཱ་ནན། ཨཱ་དྱ་ནུཏྤནྣ་ཏྭཏ། སྟོང་ཉིད་ཀྱི་དོན་བསྒོམ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་ཞབས་བསིལ་འདི། །བླ་མ་རྫོགས་སངས་རྒྱས་ལ་འབུལ། །ཞབས་རྣམས་ཉེ་བར་བསིལ་བར་མཛོད། །ཧྲཱིཿཥྚཱིཿའི་མཐར། ཨོཾ་བཛྲ་པྲ་ཝ་ར་སཏྐ་ར་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། ཞབས་བསིལ་གནས་སུ། འཐོར་ཐུང་འདི། སྐུ་དང་ཕྱག་ནི་བསིལ་བར་མཛོད། །ཧྲཱིཿཥྚཱིཿའི་མཐར། ཨོཾ་བཛྲ་ནི་རི་ཏེ་ཧཱུཾ་ཁཾ། དེ་བཞིན་དུ། ཞལ་བསིལ་འདི། ཞལ་རྣམས་ཉེ་བར་བསིལ་བར་མཛོད། །ཧྲཱིཿཥྚཱིཿའི་མཐར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཆུ་དང་ཐང་ལས་སྐྱེས་པ་ཡི། །ལྷ་རྫས་དམ་པའི་པདྨ་འདི། །བླ་མ་རྫོགས་སངས་རྒྱས་ལ་འབུལ། །པདྨའི་གདན་ལ་བཞུགས་སུ་གསོལ། །ཨོཾ་བཛྲ་པདྨ་ཀཱ་མ་ཡེ་སྟྭཾ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །ལྷ་རྫས་དམར་པའི་བདུག་སྤོས་འདི། །བླ་མ་རྫོགས༴ འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཆུ་དང་ཐང་ལས་སྐྱེས་པ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །བླ་མ་རྫོགས༴ འགྲོ་བའི་དོན་དུ༴ བཛྲ་པུཥྤེ་ཏྲཾ། འབྱུང་བ་ཆེ་རྣམས་རྒྱུར་བྱས་པའི། །སྣང་གསལ་འདི། བླ་མ་རྫོགས༴ འགྲོ་བའི་དོན༴ བཛྲ་ཨཱ་ལོ་ཀེ་ཧྲཱིཿ ལྷན་ཅིག་སྐྱེས་དང་སྦྱར་བྱུང་བའི། །དྲི་མཆོག་འདི། བཛྲ་གནྡྷེ་ཨ། འབྱུང་བ་ཆེ་ལས་རྒྱུར་བྱས་པའི། །ཞལ་ཟས་འདི། བཛྲ་ནེ་ཝེ་ཏེ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་སྒྲ། །བླ་མ་སོགས། བཛྲ་ཤཔྟ་ཨཱཿཧཱུཾ། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་དག་ནི་འདོད་ཡོན་ལྔ། །གཞན་ཡང་མཆོད་པའི་རྣམ་པ་ནི། །


TNT06_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་རི་དང་དཔག་བསམ་ཤིང༌། །བླ་བྲེ་རྒྱལ་མཚན་འཕན་གདུགས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཀང་ནས། །བླམ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ལྷ་མོ་རྣམས་སྙིང་གའི་ཡ་ཡིག་ལ་ཐིམ། བསྡུས་པ་ལ་མོས་པས་མཆོད་པའི་ཚིགས་བཅད་རྣམས་མ་བརྗོད་ཀྱང་རུང་ངོ༌། །དེ་ནས་སྡིག་སྒྲིབ་སྦྱངས་ཤིང་ཉམས་ཆགས་བསྐང་བའི་དོན་དུ་རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་ཅི་འགྲུབ་ཏུ་བཟླས། ཐལ་མོ་སྦྱར་ཞིང་དོན་དྲན་བཞིན་པས། ལུས་ངག་ཡིད་ཀྱིས་སྡིག་བགྱིས་དང༌། །བགྱིད་དུ་བརྩལ་དང་ཡི་རང་དང༌། །སྒྱུ་མ་སྒྱུ་མ་ལ་སོགས་བཞིན། །ཐུགས་རྗེ་ཅན་རྣམས་མདུན་དུ་བཤགས། །སྔོན་བྱས་མ་ལུས་བཤགས་ནས་ནི། །ཕྱིན་ཆད་དེ་ལ་མི་འཇུག་ཅིང༌། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །མི་དགེ་ཀུན་ལས་ལྡོག་པར་བགྱི། །སངས་རྒྱས་དེ་སྲས་འཕགས་རྣམས་དང༌། །སྲིད་པ་མཐར་ཕྱིན་དམ་པའི་ཆོས། །སྐྱབས་ཀྱི་དམ་པ་དེ་གསུམ་ལ། །དེ་ཉིད་གུས་པས་སྐྱབས་སུ་མཆི། །རྣམ་རྟོག་རྒྱ་ཡིས་རབ་བཅིངས་ཤིང༌། །འཁོར་བའི་རྒྱ་མཚོར་ནུབ་པ་ཀུན། །བསྒྲལ་ཕྱིར་བདེ་གཤེགས་ཉིད་ཐོབ་པ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །བདེ་གཤེགས་སྲས་བཅས་འཕགས་སྐྱེ་བོ། །ཀུན་གྱི་དགེ་བ་ཀུན་བསྡུས་ལ། །སེལ་མེད་རབ་ཏུ་ཡི་རང་ཞིང༌། །ལེགས་སོ་ཞེས་ཀྱང་བསྔགས་པར་བགྱི། །དུས་སུམ་བདེ་གཤེགས་སྲས་བཅས་ཀུན། །གཤེགས་ཤིང་གཤེགས་དང་གཤེགས་འགྱུར་བའི། །སྦྱིན་སོགས་ལམ་གྱི་རང་བཞིན་གང༌། །ཅི་ཡོད་སྟོབས་ཀྱིས་ཡང་དག་རྟེན། །ཡོན་ཏན་རྒྱ་མཚོ་ལྡན་རྣམས་ལ། །བདག་ཉིད་བདག་གིས་འབུལ་ལགས་ཀྱི། །


TNT06_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །སོ་སོར་ནང་འཁོར་སྤྱོད་དུ་བཞེས། །གང་ཞིག་མྱ་ངན་འདའ་བཞེད་ལ། །ཇི་སྲིད་འཁོར་བ་གནས་བར་དུ། །དེ་སྲིད་མྱ་ངན་མི་འདའ་བར། །ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །བྱང་ཆུབ་ཤིང་ལ་གཟིགས་རྣམས་ལ། །ཐེག་ཆེན་བདུད་རྩི་རབ་བཤད་པར། །འགྲོ་བའི་ཡབ་ཏུ་གྱུར་རྣམས་ལ། །འཁོར་ལོ་བསྐོར་བར་གསོལ་བར་འཚལ། །ལུས་ངག་ཡིད་ཀྱི་དགེ་བ་གང༌། །བགྱིས་པ་མ་ལུས་ཀུན་བསྡུས་ནས། །འགྲོ་བ་ཀུན་གྱི་བདེ་ཆེན་ཉིད། །ཐོབ་པའི་རྗེས་སུ་མཐུན་གྱུར་ཅིག །བཛྲ་མུཾ། ཡིད་ཀྱིས་དྲན་པས་གཤེགས་སུ་གསོལ། བདག་ཏུ་འཛིན་པས་འཁོར་བར་ལྷུང་བའི་སེམས་ཅན་རྣམས་སྙིང་རེ་རྗེ། འདི་རྣམས་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པ་དང༌། ཆོས་རྣམས་སྟོང་པ་ཉིད་ཡིན་པ་ལ། དེ་ལྟར་མ་རྟོགས་པ་སྙིང་རེ་རྗེ། རྣམ་ཐར་སྒོ་གསུམ་གྱི་དོན་རྟོགས་པར་གྱུར་ཅིག སྙམ་དུ་བསམ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་དོན་བསྒོམ་སྟེ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རང་གི་བར་དོའི་རྣམ་ཤེས་ཀྱི་རང་བཞིན། གཞི་དང་འབྲས་བུའི་སྒོ་གསུམ་གྱི་ངོ་བོ། ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ་རྣམས། ཧོཿདམར་སྐྱ་གཉིས་ཀྱི་ནང་དུ་ཆུད་པ་ནམ་མཁར་གནས། དེ་ལས་ཨ་ཆད་པ་ལས་ཉི་མའི་དཀྱིལ་འཁོར། ཧཱུཾ་ཆད་པ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང༌། ལྟེ་བ་མཐིང་ག་ལ་ཧཱུཾ་གིས་མཚན་པ། ཧཱུཾ་ལས་རྡོ་རྗེ་དང་འོད་ཟེར་ཕྱོགས་བཅུར་སྤྲོས་པས། །རྭ་བ་གུར་མེ་རི་འབར་བ་དང་བཅས་པར་གྱུར། ཅེས་སོ། །སྐབས་འདིར་དུར་ཁྲོད་བསྐྱེད་ནའང་རུང་ངོ༌། །དེ་ནས་གུར་གྱི་དབུས་སུ་པད་


TNT06_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཟླའི་གདན། སཾ་ལས་རྡོ་རྗེ་སཾ་དང་བཅས་པར་གྱུར། དེ་ལས་ཀུན་ཏུ་བཟང་པོ་རྒྱུའི་རྡོ་རྗེ་འཆང་དང་མཚུངས་པར་གྱུར། འབྲུ་ལྔ་གཉིས་པ་ཞིག་ཆད་དེ། ཀུན་བཟང་གི་ཞལ་དུ་ཞུགས། སྙོམས་འཇུག་རྗེས་ཆགས་ཀྱིས་འོད་ཏུ་ཞུ་བ་ལས། ཆོས་འབྱུང་དཀར་པོ་ཟུར་གསུམ་རྩེ་མོ་འཐུར་དུ་ཕྱོགས་པ། འཕེལ་ཁ་གྱེན་དུ་ཕྱོགས་པའོ། །དེའི་དབུས་སུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་བསྐོར་བའི་ནང་དུ། པཾ་ཆད་པ་ལས་སྣ་ཚོགས་པདྨ། གེ་སར་གྱི་ཁཾ་ལྗང་ཁུ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་བྷྲུཾ་ལས་འཁོར་ལོ་སེར་པོ་བྷྲུཾ་གྱིས་མཚན་པ་ལས། གཏི་མུག་གཤིན་རྗེ་གཤེད་ཡབ་ཡུམ་དུ་གྱུར། འབྲུ་ལྔ་ལས་རང་འདྲ་བའི་ཡི་གེ་ཆད། ཞལ་དུ་ཞུགས། རྗེས་ཆགས་ཀྱིས་འོད་དུ་ཞུ་བ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། ནང་ནས་རིམ་པ་བཞིན་དུ། ནག་ལྗང་དམར་སེར་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། འདོད་ཡོན་གྱི་སྣམ་བུའི་སྟེང་དུ་མཆོད་པའི་ལྷ་མོ་དང་བཅས་པ། རྩིག་པའི་སྟེང་དུ་གསེར་གྱི་སྐེ་རགས་ལ་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། དེའི་སྟེང་དུ་བཱ་ཀུ་ལིའི་འཕྲེང་བ་དང༌། སྟེང་དུ་ཀྲ་མ་ཤིརྵའི་པུ་ཤུས་བསྐོར་པ། སྒོ་ཁང་བཞིའི་མདུན་དུ་ཀ་རྒྱན་དང་བཅས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རྟ་བབས་བཞི་དང༌། པདྨ་ལ་གནས་པའི་ཆོས་འཁོར་དང༌། རི་དྭགས་དང་གདུགས་ལ་སོགས་པས་མཛེས་པ། འདོད་སྣམ་གྱི་ཕྱི་རོལ་ཕ་གུ་སེར་པོ་རྩིག་པའི་ལྕགས་ཆུང་གིས་བསྐོར་བ། ནང་གི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སྔོ་བས་གཞི་ལ་ལྷའི་གདན་སྣ་ཚོགས་རྡོ་རྗེ་


TNT06_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གྲམ། ཤར་དུ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲིས་མཚན་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རྡོ་རྗེའི་གདུང་ཟླུམ་པོ། ཕྱི་ནང་གཉིས་རྡོ་རྗེའི་ཐོག་ཕུབ་དང་བཅས་པ་སྟེ་པདྨའི་དབྱིབས་ཅན་གྱི་རེ་མིག་དགུ་པའོ། །ཕྱི་ནང་ཐམས་ཅད་དྭངས་ཤིང་འོད་གསལ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར། དབུས་ཀྱི་སྣ་ཚོགས་རྡོ་རྗེའི་ལྟེ་བ་དང༌། ནང་གི་ཤར་ལས་གཞན་པའི་ཕྱོགས་གསུམ་དང༌། སྒོ་བཞིར་ཉི་མའི་གདན། ཤར་གྱི་རྭ་དབུས་མའི་སྟེང་དུ། ཕྱི་ནང་གྲྭ་བཞིར་ཟླ་བའི་གདན་དང་བཅས་པའོ། །འདིར་ཁ་ཅིག་ཐོད་པ་བཞི་ལ་པདྨའི་གདན་དང༌། དབུས་སུ་མ་ཧེ་དང་གཤིན་རྗེའི་གདན་ཡང་བཞེད་དོ། །འོན་ཀྱང་དབུས་སུ་སྐབས་འདིར་ཉི་གདན་བསྐྱེད་པ་དེ་མངོན་བྱང་ལྔ་པའི་ཚེ་ཟླ་གདན་དུ་བསྒྱུར། འབྲས་བུའི་སྐབས་ཉི་མ་གཤིན་རྗེ་མ་ཧེ་དང་བཅས་པར་བསྒྱུར་པ་ཞང་ལུགས་ཀྱི་བླ་མ་གོང་མ་རྣམས་ཀྱི་བཞེད་པ་ཐུན་མོང་མ་ཡིན་པའོ། །དེ་དག་ནི་རྟེན་བསྐྱེད་པའི་རིམ་པའོ། །ནམ་མཁར་གནས་པའི་ཡིག་འབྲུ་ལྔ་ལས་འོད་འཕྲོས། རྒྱལ་བ་འོད་དཔག་མེད་ཀྱི་ཐུགས་ཀར་ཞུགས། མཚན་བཟང་པོ་རྣམས་ཀྱི་ནུས་པ་སྤྱན་དྲངས་ཏེ། གཙོ་བོའི་གདན་ལ་འཁོད། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཕྲག་གཉིས་ལས་ཟླ་བའི་དཀྱིལ་འཁོར་ཨཱ་ལི་ཕྲག་གཉིས་ཀྱིས་མཚན་པ། སླར་ཡང་འབྲུ་ལྔ་ལས་འོད་འཕྲོས། རྒྱལ་བ་རྔ་སྒྲའི་རྒྱལ་པོའི་ཐུགས་ཀ་ནས། དཔེ་བྱད་བཟང་པོའི་ནུས་པ་རྣམས་སྤྱན་དྲངས། སྔར་གྱི་ཟླ་བའི་སྟེང་དུ་འཁོད། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ་ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཟླ་བ་ཀཱ་ལི་ཕྲག་གཉིས་ཀྱིས་མཚན་པར་གྱུར། དེ་གཉིས་


TNT06_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབུས་སུ། རཾ་དམར་པོ་དང་བཅས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་ནི། རཾ་ལས་འོད་འཕྲོས། ཟླ་བ་ཡིག་འབྲུ་དང་བཅས་པ་ཞུ་ཞིང་འདྲེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཨོཾ་བོ་དྷི་ཙིཏྟ་ཨུ་པ་དཱ་ཡ་མི། དེ་ལྟ་བུའི་ཉི་ཟླ་འདྲེས་པ་ལ་ཧཱུཾ་དཀར་ལ་དམར་བའི་མདངས་ཆགས་པ། སོ་སོར་རྟོག་པའི་ཡེ་ཤེས། ཨོཾ་ཏིཥྛ་བཛྲ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ། བྱ་བ་གྲུབ་པའི་ཡེ་ཤེས། ཨོཾ་བཛྲ་ཨཏྨ་ཀོ྅ཧཾ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་རྒྱུ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་གཉིས་ན་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ན་འཁོར་ལོ་དང་པདྨ། ཕྱག་ཐ་མ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་འཛིན་པས་རང་སྣང་གི་རིག་མ་ལ་འཁྱུད་པ། རོལ་བའི་ཁྲོ་བོ་ཆེན་པོ་རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ། ལྷན་སྐྱེས་བདེ་བས་རྒྱུད་གང་བ། ཟླ་བའི་གདན་ལ་བཞུགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཏ་ཐ་ཨ་ཧཾ། དེ་དག་ནི་དང་པོའི་རྣལ་འབྱོར་རོ། །ཐུགས་ཀའི་ཧཱུཾ་གི་འོད་ཀྱིས། སངས་རྒྱས་ཐམས་ཅད་གཤིན་རྗེ་གཤེད་ཀྱི་རྣམ་པར་སྤྱན་དྲངས་ཏེ། ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་གྱུར་པ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ། ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར། ཐུགས་ཀའི་འོད་ཀྱིས་རིགས་དྲུག་གི་སེམས་ཅན་ཐམས་ཅད་བཀུག་སྟེ་མཁའ་ནང་གི་དཀྱིལ་འཁོར་དུ་བཅུག དབང་ཐམས་ཅད་བསྐུར་བར་གྱུར།


TNT06_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་དྲུག་གི་སྒྲིབ་པ་དག་སྟེ། སྐྱེ་མཆེད་དྲུག་བྱང་ཆུབ་སེམས་དཔའ་དྲུག་ཏུ་གྱུར་པ་རྣམས། ཀྵིཾ་ཛིཾ་ཁཾ་གཾ་ཀཾ་སཾ། མཁའ་ནང་ནས་ཕྱིར་སྤྲོས་ཏེ་རང་རང་གི་ཞིང་དུ་གཤེགས་པར་གྱུར། ནམ་མཁར་གནས་པའི་ཡིག་འབྲུ་ལྔ་རྣམས་སྐར་མདའ་འཕོ་བའི་ཚུལ་གྱིས་རྡོ་རྗེ་འཆང་གི་ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་གྱུར་སྙོམས་འཇུག་གི་བདེ་བ་ཆེན་པོས། ཡབ་ཡུམ་ལྷན་ཅིག་སྐྱེས་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་ཞུ། འོད་ཟེར་གྱི་ཐིག་ལེ་མཚམས་བཞིར་སྤྲོས་ཏེ། ཛ་ས་དོ་རུ་རྣམས་སུ་གྱུར། དེ་རྣམས་ལས་གྲི་གུག་བཞི། ཛ་ས་དོ་རུས་མཚན་པ། དེ་རྣམས་ཙརྩི་ཀ་ལ་སོགས་པའི་ལྷ་མོ་བཞིར་གྱུར་ཏེ། ཀྱཻ། རྗེ་བཙུན་ཐུགས་རྗེས་ཁྲོས་བཞེངས་ལ། །གནས་གསུམ་ཀུན་གྱི་གཏི་མུག་སྤོངས། །གཙོ་བོ་བདུད་རྣམས་ཀུན་ལས་རྒྱལ། །རྗེ་བཙུན་ཁྲོས་པའི་ཐུགས་ཀྱིས་བཞེངས། །འཇིག་རྟེན་མགྲོན་གཉེར་སྟོང་གནས་ཅི། །རྗེ་བཙུན་འཇིག་རྟེན་བསོད་ནམས་བཞེངས། །ཀྱཻ། ཁྱོད་ནི་སྟོང་དམིགས་ཅི་སྟེ་བཞུགས། །འཇིག་རྟེན་བྱང་ཆུབ་རང་བཞིན་མགྲོན། །ཅེས་བསྐུལ་ཏེ་ལྷ་མོ་བཞི་ཡང་ཐིག་ལེ་ལ་ཐིམ། ཐིག་ལེ་དེ་ཉིད་ཡ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་ཡས་མཚན་པར་གྱུར། དེ་ལས་འབྲས་བུ་རྡོ་རྗེ་འཛིན་པ་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་གཤིན་རྗེ་གཤེད་སྐུ་མདོག་དུས་མཐའི་སྤྲིན་ལྟར་གནག་པ། རྩ་བའི་ཞལ་ནག་པོ། གཡས་དཀར་བ། གཡོན་དམར་བ། དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། རྣམ་པར་འགྱུར་བའི་ཞལ་མཆེ་བ་རབ་ཏུ་གཙིགས་པ། སྨ་ར་དང༌། སྨིན་མ་དང༌། དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ་བ། ཕྱག་དྲུག་གི་གཡས་ཀྱི་དང་པོ་


TNT06_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྡོ་རྗེ་ནག་པོ་རྩེ་ལྔ་པ། གཉིས་པ་ན་རལ་གྲི། གཡོན་གྱི་དང་པོ་ན་འཁོར་ལོ། གཉིས་པ་ན་པདྨ་དམར་པོ། ཕྱག་མདུན་མ་གཉིས་ཀྱི་གྲི་གུག་དང༌། ཐོད་པ་ཁྲག་གིས་གང་བ་འཛིན་པས། ཡུམ་རྡོ་རྗེ་ཕག་མོ་རང་དང་འདྲ་བ་ལ་འཁྱུད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པས་ཉི་མའི་གདན་ལ། མ་ཧེ་ནག་པོ་དྲེགས་ཤིང་འཁྲོས་པ་མགོ་བོ་གཡས་སུ་བསྟན་པའི་སྟེང་དུ། གཤིན་རྗེ་ཕོ་མོ་ཕན་ཚུན་མགོ་བོ་དང་རྐང་པ་བསྣོལ་ཐབས་སུ་མནན་ཞིང་བརྫིས་པ། སྟག་ལྤགས་ཀྱི་ཤམ་ཐབས། གླང་ལྤགས་ཀྱི་སྟོད་གཡོགས། ཐོད་སྐམ་ལྔའི་དབུ་རྒྱན། རློན་པ་ཁྲག་འཛག་ལྔ་བཅུ་རྩ་གཅིག་གི་དོ་ཤལ་རྣམས་དང་བཅས་པ། རུས་རྒྱན་དྲུག་གིས་བརྒྱན་པ། ཀླུ་མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་པ། འཇོག་པོ་དམར་པོས་རྣ་རྒྱན། རིགས་ལྡན་ཁྲ་བོས་དཔུང་རྒྱན། དུང་སྐྱོང་སེར་པོ་ཕྱག་གདུབ། པདྨ་དཀར་པོས་མགུལ་རྒྱན། སྟོབས་ཀྱི་རྒྱུ་ལྗང་ཁུས་དོ་ཤལ། ནོར་རྒྱས་བུ་དཀར་དམར་གྱི་སྐེ་རགས། པདྨ་ཆེན་པོ་དཀར་པོས་ཞབས་གདུབ་བྱས་པ། བསྐལ་པའི་མེ་ལྟ་བུའི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ནག་པོ་ཆོས་དབྱིངས་མི་འགྱུར་བ། །ཞལ་གསུམ་ཉི་ཟླ་སྒྲ་གཅན་དག །དུས་གསུམ་ཁམས་གསུམ་གཟིགས་པའི་སྤྱན། །སྐྱེ་ཤི་གཅོད་མཛད་མཆེ་བ་གཙིགས། །ཐུགས་རྗེ་འདྲེན་མཛད་སྐྲ་སེར་འཁྱིལ། །ཐོད་སྐམ་རིགས་ལྔ་རྣམ་དག་པ། །ཕྱིན་དྲུག་ཕྱག་དྲུག་རིམ་པ་བཞིན། །མི་ཕྱེད་པ་དང་ཉོན་མོངས་གཅོད། །ཆོས་འཁོར་སྐྱོན་གྱི་མ་གོས་དང༌། །སྡིག་པ་གཅོད་དང་བདེ་བ་སྐྱོང༌། །གཏི་མུག་གླང་ལྤགས་སེམས་བྱུང་གི །


TNT06_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་འཕྲེང་ཁམས་དྲུག་དག་པའི་རྒྱན། །མ་རིག་མ་ཧེ་གཟུང་འཛིན་གྱི། །གཤིན་རྗེ་ཁྱོ་ཤུག་ཞབས་ཀྱིས་མནན། །ཐབས་ཤེས་ཟུང་འཇུག་ཡུམ་དང་སྦྱོར། །ཚོགས་བརྒྱད་དག་པའི་སྦྲུལ་རྒྱན་དང༌། །བསམ་པ་རྫོགས་བྱེད་རིན་ཆེན་རྒྱན། །མེ་དཔུང་ཡེ་ཤེས་ལྔ་ཡི་དངོས། །སྐབས་འདིར་ཞང་ལུགས་ཀྱི་བླ་མ་འགའ་ཞིག་སེང་གེའི་པགས་པས་སྟོད་གཡོག་དང༌། དགའ་བོ་སྔོན་པོས་སྐྲ་བཅིངས། པུ་ཙུ་ཤ་དང༌། ནོར་རྒྱས་ཀྱི་སྐེ་རགས་ཞེས་བཞེད་ཅིང༌། སྦྲུལ་གྱི་མགུལ་རྒྱན་མི་མཛད་དོ། །དེ་བཞིན་དུ་ཡུམ་རང་སྣང་ཙམ་དང༌། རྡོ་རྗེ་རོ་ལངས་མ་རྣམ་པ་ཡབ་དང་འདྲ་བར་མཛད་པ་ཡང་ཡོད་དོ། །འདི་དག་ཀྱང་ལུགས་ཐ་དད་ཅིང་མན་ངག་དང་ལྡན་པའི་ཕྱིར་མི་རུང་བ་མ་ཡིན་ནོ། །དེ་ནས། ཨོཾ་དྷརྨ་དྷ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱའོ། །དེ་དག་ནི་རྗེས་སུ་རྣལ་འབྱོར་རོ། །ཡབ་ཀྱི་གསང་བ་མི་དམིགས་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཨོཾ་ལས་བྱུང་བའི་ནོར་བུས་མཚན་པ། བུ་གར་ཕཊ་ཀྱིས་བཀག་པ། ཡུམ་གྱི་མཁའ་མི་དམིགས་པ་ལས། པཾ་ལས་བྱུང་བའི་པདྨ་ཨཱ་ལས་བྱུང་བའི་ཟེའུ་འབྲུས་མཚན་པ། རྩ་སྦུབས་བྷྲཱུཾ་གྱིས་བཀག་པ། ཐུགས་ཀའི་འོད་ཀྱིས་སངས་རྒྱས་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་གྱུར། ཡབ་ཡུམ་སྙོམས་པར་ཞུགས། བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁར་བབས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཐིག་ལེ་དེ་ཉིད་ཆ་བཅུ་བདུན་དུ་གྱུར། དེ་རྣམས་ཡ་ཀྵེ་མ་མེ་ད་ཡ་ཙ་ནཱི་ར་ཛ་ས་དོ་རུ་ཎ་ཡོ་ནི་ར་རྣམས་སུ་གྱུར། དེ་དག་ཀྱང་ཕྱག་མཚན་བཅུ་གསུམ་ཐོད་པ་བཞི་དང་


TNT06_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པར་གྱུར། ཕྱག་མཚན་རྣམས་ཡོངས་སུ་གྱུར་པ་ལས། ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་གྱུར་ཏེ། ཧྲཱིཿཥྚཱིཿ སོགས། མཁའ་ནང་གི་ཞེ་སྡང་གཤིན་རྗེ་གཤེད་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་སྦྱངས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། ཚུར་འདུས། བདག་ཉིད་ལ་ཐིམ་པས་མཐུ་སྟོབས་དཔག་ཏུ་མེད་པར་གྱུར། ཨོཾ་ཛི་ན་ཛིཀ་སྭཱཧཱ། གཏི་མུག་རྡོ་རྗེ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་སྦྱངས། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཀོད། ཚུར་འདུས། ཤར་གྱི་རྭ་ལ་འཁོད་པ་ནི། སྐུ་མདོག་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་གཉིས་ན་འཁོར་ལོ་དང་རལ་གྲི། གཡོན་གཉིས་ན་རིན་པོ་ཆེ་དང་པདྨ་འཛིན་པ། ཨོཾ་རཏྣ་དྷྲྀཀ་སྭཱཧཱ། སེར་སྣ་རྡོ་རྗེ། ང་རྒྱལ་དང་སེར་སྣ་སྦྱངས། མཉམ་ཉིད་ཡེ་ཤེས་ལ་བཀོད། ལྷོའི་རྭ་ལ་འཁོད་པ་ནི། སྐུ་མདོག་སེར་པོ། སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་གཉིས་ན་རིན་པོ་ཆེ་དང་རལ་གྲི། གཡོན་གཉིས་ན་འཁོར་ལོ་དང་པདྨ་འཛིན་པ། ཨོཾ་ཨ་རོ་ལིཀ་སྭཱཧཱ། འདོད་ཆགས་རྡོ་རྗེ། ཞེ་སྡང༌། སོར་རྟོག་ཡེ་ཤེས་ལ་བཀོད། ནུབ་ཀྱི་རྭ་ལ་འཁོད་པ་ནི། དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་གཉིས་ན་པདྨ་དང་རལ་གྲི། གཡོན་གཉིས་ན་འཁོར་ལོ་དང་རིན་པོ་ཆེ་འཛིན་པ། ཨོཾ་པྲཛྙཱ་དྷྲྀཀ་སྭཱཧཱ། ཕྲག་དོག་རྡོ་རྗེ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་ཕྲག་དོག་སྦྱངས། བྱ་སྒྲུབ་ཡེ་ཤེས་ལ་བཀོད། བྱང་གི་རྭ་ལ་འཁོད་པ་ནི། སྐུ་མདོག་ལྗང་ཁུ། ལྗང་ནག་


TNT06_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་གཉིས་ན་རལ་གྲི་དང་རྡོ་རྗེ། གཡོན་གཉིས་ན་འཁོར་ལོ་དང་པདྨ་འཛིན་པ། ཨོཾ་མུཏྒ་ར་དྷྲྀྀྀཀ་སྭཱཧཱ། རྡོ་རྗེ་ཐོ་བ། མ་དད་པ། དད་པའི་སྟོབས། ཤར་སྒོར། སྔོན་པོ་སྔོ་དཀར་དམར་བའི། ཐོ་བ་དང་རལ་གྲི། རིན་པོ་ཆེ་དང་པདྨ། ཨོཾ་དཎྜ་དྷྲྀཀ་སྭཱཧཱ། རྡོ་རྗེ་བེ་ཅོན། ལེ་ལོ། བརྩོན་འགྲུས་ཀྱི་སྟོབས། ལྷོ་སྒོར། དཀར་པོ་དཀར་ནག་དམར་བའི། བེ་ཅོན་དང་རལ་གྲི། འཁོར་ལོ་པདྨ། ཨོཾ་པདྨ་དྷྲྀཀ་སྭཱཧཱ། པདྨ་གཤིན་རྗེའི་དགྲ། བརྗེད་ངས། དྲན་པའི། ནུབ་སྒོར། དམར་པོ་སོགས་གོང་འདོད་ཆགས་རྡོ་རྗེ་དང་འདྲ། ཨོཾ་ཁཏྒ་དྷྲྀཀ་སྭཱཧཱ། རལ་གྲི་གཤིན་རྗེའི་དགྲ། རྡོ་རྗེ་རལ་གྲི། རྣམ་གཡེངས་དང་ཤེས་འཆལ། ཏིང་ངེ་འཛིན་དང་ཤེས་རབ་གྱི། བྱང་སྒོར། ལྗང་ཁུ་ཕྲག་དོག་རྡོ་རྗེ་དང་འདྲ། ཨོཾ་མོ་ཧཱ་རཱ་ཏཱི་སྭཱཧཱ། ཙརྩི་ཀ བརྣབས་སེམས། བྱམས་པ་ཚད་མེད། མེ་མཚམས་ཀྱི་གྲྭར། དཀར་མོ་སོགས། གཏི་མུག་རྡོ་རྗེ་དང་འདྲ། ཨོཾ་དྭེ་ཥ་རཱ་ཏཱི་སྭཱཧཱ། ཕག་མོ། རྣམ་པར་འཚེ་བ་སྦྱངས་སྙིང་རྗེ་ལ། བདེན་བྲལ་དུ། སྔོན་མོ་སྔོ་དཀར་དམར་བའི་རྡོ་རྗེ་དང་རལ་གྲི། འཁོར་ལོ་དང་པདྨ། ཨོཾ་ར་ག་རཱ་ཏཱི་སྭཱཧཱ། དབྱངས་ཅན་མ། མི་དགའ་བ། དགའ་བ་ཚད་མེད། རླུང་མཚམས་སུ། དམར་མོ་སོགས། འདོད་ཆགས་རྡོ་རྗེ་དང་འདྲ། ཨོཾ་བཛྲ་རཱ་ཏཱི་སྭཱཧཱ། མཛོད་ལྡན་མ། གནོད་སེམས་ལ་སོགས་པ། བཏང་སྙོམས། དབང་ལྡན་གྱི་གྲྭར། ལྗང་ཁུ་སོགས། ཕྲག་དོག་རྡོ་རྗེ་དང་འདྲ། ཐམས་ཅད་ཀྱང་རྩ་བའི་ཕྱག་འོག་མ་གཉིས་ཀྱིས་གྲི་གུག་དང་ཐོད་པ་ཁྲག་གིས་གང་བ་འཛིན་པ་སྟེ། ཁྲོ་བོ་བརྒྱད་རང་སྣང་གི་ཤེས་རབ་མ་ལ་འཁྱུད་ཅིང༌། ལྷ་མོ་བཞི་རང་སྣང་གི་ཐབས་


TNT06_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྦྱོར་བའོ། །ཐམས་ཅད་ཀྱང་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང༌། སྟག་ལྤགས་ཀྱི་ཤམ་ཐབས་དང༌། སྐྲ་སེར་གྱེན་དུ་འཁྱིལ་ཞིང་གཡོན་བརྐྱང་བ། ལྷ་མོ་རྣམས་བུད་མེད་སྒྱུ་མའི་ང་རྒྱལ་གྱི་འགྱིང་ཞིང༌། ནུ་འབུར་རྒྱས་པ། ཟླ་བའི་འོད་ཟེར་འཕྲོ་བ། ཁྲོ་བོ་རྣམས་སྨ་ར་དང་སྨིན་མ་འབར་ཞིང༌། ཉི་མའི་འོད་ཟེར་ཅན། ཀུན་ཀྱང་མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང༌། གནོད་བྱེད་ཐམས་ཅད་ཚར་གཅོད་པའོ། །གྲུབ་ཆེན་དཔལ་འཛིན་གྱི་སྒྲུབ་ཐབས་སུ། ཙརྩི་ཀ་སྐེམས་ཤིང་ཁྲོས་པ། ཟླ་གདན་ཟླ་འོད། ཕག་མོ་དང་གཽ་རི་སྦོམ་ཐུང༌། ཕག་མོ་ཕག་ཞལ་ཅན། དབྱངས་ཅན་མ་ཆགས་པའི་ཉམས་ཅན་དུ་བཤད་ཅིང༌། བླ་མ་གོང་མ་འགའ་ཞིག་ནི། གཙོ་འཁོར་ཐམས་ཅད་རོལ་པའི་ཁྲོ་བོ་ཁྲོ་མོར་བཞེད། སྤྱིར་གཙོ་འཁོར་ཐམས་ཅད་ཆེར་ཁྲོས་པ་ཡིན་ལ། ནང་ཚན་དུ་ལྟོས་པའི་རིགས་དང་མཐུན་པའི་ཉམས་འགྱུར་བྱར་རུང་ཞིང༌། བསྙེན་པའི་སྐབས་སུ། རོལ་བའི་ཁྲོ་བོར་བྱས་ན། བར་ཆད་མི་ལྡང་ཞིང༌། བཀྲ་ཤིས་པའི་དོན་ཡིན་ཞེས་གསུང་ངོ༌། །ཡང་གོང་བཞིན་སྦྱར་ཏེ། ཨོཾ་ཨཱཿཧཱུཾ། ལན་བཞི། ཐོད་པ་བཞི། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཁམས་རྣམས་ཀྱི་དྲི་མ་སྦྱངས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད། རིམ་པ་གཉིས་པའི་གྲྭ་བཞིའི་གདན་གྱི་སྟེང་དུ་འཁོད་པར་གྱུར། དེ་དག་ནི་རྫོགས་པའི་རྣལ་འབྱོར་རམ་ཤིན་ཏུ་རྣལ་འབྱོར་རོ། །དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་མིག་ཏུ་ཀྵིཾ་དང་འཁོར་ལོ་ལས། སའི་སྙིང་པོ་གཏི་མུག་རྡོ་རྗེ་དང་འདྲ་བ་ལ། རྣ་བར་ཛིཾ་དང་རྡོ་རྗེ་ལས། ཕྱག་ན་རྡོ་རྗེ་ཞེ་སྡང་རྡོ་རྗེ་དང་འདྲ་བ། སྣར་ཁཾ་དང་རིན་པོ་ཆེ་ལས། ནམ་མཁའི་སྙིང་པོ་སེར་སྣ་རྡོ་རྗེ་དང་འདྲ་བ། ལྕེར་གཾ་དང་པདྨ་ལས། འཇིག་རྟེན་དབང་ཕྱུག་འདོད་


TNT06_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་རྡོ་རྗེ་དང་འདྲ་བ། སྐྲ་མཚམས་སུ་སྐཾ་དང་རལ་གྲི་ལས། སྒྲིབ་པ་རྣམ་སེལ་ཕྲག་དོག་རྡོ་རྗེ་དང་འདྲ་བ། བྲང་ཟེར་སཾ་དང་རྡོ་རྗེ་ལས། ཀུན་ཏུ་བཟང་པོ་རྒྱུ་རྡོ་རྗེ་འཆང་དང་འདྲ་བ། འོན་ཀྱང་ཐམས་ཅད་ཟླ་བའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་ཞི་དྲག་ཕྱེད་མའི་ཉམས་དང༌། རིན་པོ་ཆེས་བརྒྱན་པའོ། །འདིའི་ཀུན་ཏུ་བཟང་པོ་དཔལ་འཛིན་གྱིས་ལྟེ་བ་བཀོད་པར་བཤད་པ་སྤྱི་དང་མཐུན་ནོ། །ཐུགས་ཀར་ཧཱུཾ་ལས་ཐུགས་རྡོ་རྗེ། ཞེ་སྡང་རྡོ་རྗེ་དང་འདྲ་བའི་ཐུགས་ཀར་རྡོ་རྗེ་ལ་ཧཱུཾ་ནག་པོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་འདོད་ཆགས་རྡོ་རྗེ་དང་འདྲ་བའི་ཐུགས་ཀར་པདྨ་ལ་ཨཱཿདམར་པོ། དཔྲལ་པར་ཨོཾ་ལས་སྐུ་རྡོ་རྗེ་གཏི་མུག་རྡོ་རྗེ་དང་འདྲ་བའི་ཐུགས་ཀར་འཁོར་ལོ་ལ་ཨོཾ་དཀར་པོ། དེ་རྣམས་ལས། དེ་བཞིན་གཤེགས་པ་རྣམས་སུ་མཉེས་ཤིང་འགུགས་པར་བྱེད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས། སངས་རྒྱས་ཐམས་ཅད་ཐུགས་གསུང་སྐུ་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། ལྷ་རྣམས་ཀྱི་གནས་གསུམ་གྱི་རྡོ་རྗེ་གསུམ་ལ་ཐིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། གཙོ་བོའི་ཐུགས་ཀར་རྡོ་རྗེ་ནག་པོ་རྩེ་ལྔ་པའི་ལྟེ་བར་ཡ། དེ་ལས་ལྷ་མོ་བཞི་དང་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲུལ། དེ་བཞིན་གཤེགས་པ་རྣམས་མཆོད་ཅིང༌། བདག་ལ་དབང་བསྐུར་བར་གསོལ་བ་བཏབ་པས། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱི་གཙོ་མོ་ཙརྩི་ཀ་ལ་


TNT06_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བཞིས། བཀྲ་ཤིས་གླུ་དབྱངས་དང་རོལ་མོར་བཅས་བཞིན་པས། ཨོཾ་བཛྲིར་བྷ་ཝ་ཨཱ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་བཞིན་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་རྒྱུ་རྡོ་རྗེ་འཆང་དང་འདྲ་བའི་རྡོ་རྗེ་སེམས་དཔའ་དང༌། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུ་བརྒྱན་པའི་རིག་བདག་རྣམས་ཅུང་ཟད་ཞི་བ། ཟླ་བ་ལ་སྐྱིལ་ཀྲུང་གིས་བཞུགས་པའོ། །སླར་ཡང་སྙིང་ག་ནས་འོད་འཕྲོས། མཚམས་ཀྱི་ལྷ་མོ་བཞིའི་ཐུགས་ཀར་ཐིམ། དེ་རྣམས་ཀྱི་ཐུགས་ཀ་ནས་རང་འདྲ་དཔག་ཏུ་མེད་པ་སྤྲུལ་ཏེ། རང་བཞིན་གྱི་གནས་ནས། སངས་རྒྱས་ཐམས་ཅད་ཡེ་ཤེས་སེམས་དཔའ་ལྷ་བཅུ་གསུམ་གྱི་འཁོར་ལོའི་རྣམ་པར་བཛྲ་ས་མཱ་ཛཿ ཡེ་ཤེས་པ་རྣམས་རྡོ་རྗེའི་གུར་གྱི་སྟེང་དུ་བཞུགས་ཤིང༌། ལྷ་མོ་རྣམས་རང་གི་སྙིང་གར་ཐིམ་པར་བསམ། ཡང་ཐུགས་ཀའི་འོད་ཀྱིས་སྒོ་བ་བཞི་བསྐུལ། རང་འདྲ་དཔག་ཏུ་མེད་པ་སྤྲོས། རྡོ་རྗེ་གུར་གྱི་སྒོ་ཕྱེ། ཡེ་ཤེས་པ་རྣམས་ཁྱམས་ཀྱི་སྟེང་དུ་སྤྱན་དྲངས། ཕྱི་འབྲང་གི་བགེགས་རྣམས་བསྐྲད་དེ། གུར་གྱི་སྒོ་བཅིངས་པར་གྱུར། སྤྲུལ་པ་རྣམས་སྙིང་གར་ཐིམ། ཧྲཱིཿཥྚཱིཿ ལན་གཅིག་བརྗོད། ཐུགས་ཀ་ནས་མཆོད་རྫས་ཐོག་པའི་ལྷ་མོ་རྣམས་སྤྲུལ། ཧྲཱིཿཥྚཱིཿ ལན་གསུམ་བརྗོད་པས། མཆོད་པ་རྣམས་བསངས་ཤིང་བྱིན་གྱིས་བརླབས་པར་བསམ། ཡན་ལག་བརྒྱད་དང་ལྡན་པ་ཡི། །ལྷ་རྫས་དམ་པའི་ཞབས་བསིལ་འདི། །ཡེ་ཤེས་འཁོར་ལོའི་ཚོགས་ལ་འབུལ། །ཞབས་རྣམས་ཉེ་བར་བསིལ་བར་མཛོད། །ཧྲཱིཿཥྚཱིཿའི་མཐར། ཨོཾ་བཛྲ་པྲ་ཝ་ར་སཏྐ་ར་པྲ་


TNT06_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱིཙྪ་སྭཱཧཱ། དྲི་ཞིམ་རྣམས་དང་ལྡན་པ་ཡི། །ལྷ་རྫས་དམ་པའི་འཐོར་འཐུང་འདི། །ཡེ་ཤེས༴ ཕྱག་རྣམས༴ ཧྲཱིཿཥྚཱིཿའི་མཐར། ཨོཾ་བཛྲ་ནི་རི་ཏེ་ཧཱུཾ་ཁཾ། བདུད་རྩི་ལྔ་དང་སྦྱར་བ་ཡི། །ལྷ་རྫས་དམ་པའི་ཞལ་བསིལ་བདེ། །ཡེ་ཤེས༴ ཞལ་རྣམས༴ ཨརྒྷཾ། ཆུ་དང་ཐང་ལས་སྐྱེས་པ་ཡི། ཁ་དོག་དབྱིབས་ལེགས་པདྨ་འདི། །ཡེ་ཤེས༴ པདྨའི་གདན་ལ་བཞུགས་སུ་གསོལ། །པདྨ་ཀཱ་མ་ཡེ་སྟྭཾ། ཚིགས་བཅད་འདི་རྣམས་མ་བརྗོད་ཀྱང་རུང་ངོ༌། །ལྷ་མོ་རྣམས་ཐུགས་ཀར་ཐིམ། ཡང་རང་གི་སྙིང་ག་ནས་འོད་འཕྲོས། སྒོ་བ་བཞིའི་ཐུགས་ཀར་ཕོག ཐུགས་རྒྱུད་བསྐུལ་ཏེ། དགུག་གཞུག་བཅིང་མཉེས་ཀྱི་ལས་མཛད་པར་བསམ། ཨོཾ་མུཏྒ་ར་ཛཿ ཨོཾ་དཎྜ་ཧཱུཾ། ཨོཾ་པདྨ་ཧཱུཾ། ཨོཾ་ཁཏྒ་ཧོ། ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་མཆོད་པའི་ལྷ་མོར་གྱུར་པ་རྣམས་ཡུམ་གྱི་བ་སྤུའི་བུ་ག་ནས་སྤྲོས། མཆོད་པ་རྣམས་གོང་ཚོགས་ཞིང་གི་སྐབས་དང་འདྲ་བ་ལས། ཚིགས་བཅད་རྣམས་བོར་བས་འགྲུབ་བོ། །ཀྱེ་ཀྱེ་གཤིན་རྗེ་གཤེད་ནག་པོ། །བླ་མ་སྲིན་པོའི་གཟུགས་རང་བཞིན། །བདག་གིས་ཁྱོད་མཐོང་རྣམ་པར་འཇིགས། །བླ་མ་ཁྲོ་བོའི་རང་བཞིན་སྤོངས། །བདག་པོ་ཡིས་ནི་གར་མཛད་པས། །མཐོ་རིས་མི་ཡུལ་ས་འོག་གཡོ། །ནག་པོ་ཁྲོ་བོ་ཉིད་ཀྱིས་འཇིགས། །གར་མཛད་ཁྱོད་ནི་འཇིགས་པ་ཆེ། །ནག་པོ་མི་ཐུང་གཤིན་རྗེའི་དགྲ། །རྣམ་པ་སྣ་ཚོགས་སྐུ་སྤྲུལ་པ། །རྡོ་རྗེ་དབྱངས་ཅན་མས་ཞུས་པ། །གར་མཛད་ཁྱོད་ནི་བདེ་བ་ཆེ། །ཧྲཱིཿཥྚཱིཿའི་གསང་སྔགས་གར་བྱེད་ཁྱོད། །ས་གསུམ་པོ་ཡི་འཁྲུལ་བ་སྤོངས། །རྗེ་བཙུན་སྙིང་རྗེའི་ཁྲོ་བོ་ཁྱོད། །གར་མཛད་འགྲོ་བ་ཡོངས་


TNT06_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཟིགས། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་གྱི་བདག །མི་འཇིགས་སངས་རྒྱས་ཁྱོད་ལ་འདུད། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ༴ ཐུགས་ཀྱི་རྡོ་རྗེ་རབ་གསལ་བ། །རིན་ཆེན་རྡོ་རྗེ་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །གཙོ་བོའི་འདོད་ཆགས་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །གསུང་གི་རྡོ་རྗེ༴ ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་བྱེད། །ལས་ཀྱི་རྡོ་རྗེ་རབ་གསལ་བ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་བདག་ལ་ཕྱག་འཚལ་བསྟོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་ར་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ལྷ་མོ་རྣམས་སྙིང་གར་ཐིམ། ནང་མཆོད་ཧྲཱིཿཥྚཱིཿའི་བསངས། ཨཱ་ཀ་རོས་སྦྱངས། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་བདུངས་བ་ལྟ་བུ། མཆོག་མ་ལ་བ་དན་དང༌། ཆང་ཟུང་ལ་ཡཾ་གྱིས་མཚན་པ། དེའི་སྟེང་དུ། མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རཾ་གྱིས་མཚན་པ། དེའི་སྟེང་དུ། མི་མགོའི་སྐྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། དུམ་བུ་གཅིག་པ། དེའི་ནང་དུ། དབུས་སུ་ཡ་ལས་བྱང་སེམས། ཤར་དུ་ཀྵེ་ལས་དྲི་ཆེན། ལྷོ་རུ་མ་ལས་དྲི་ཆུ། ནུབ་ཏུ་མེ་ལས་རཀྟ། བྱང་དུ་ད་ལས་ཀླད་པ། དེའི་སྟེང་དུ། དབུས་སུ་ན་ལས་མིའི་ཤ ཤར་དུ་གོ་ལས་བ་ལང་གི་ཤ ལྷོ་རུ་ཀུ་ལས་ཁྱིའི་ཤ ནུབ་ཏུ་ད་ལས་


TNT06_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གླང་པོ་ཆེའི་ཤ བྱང་དུ་ཧ་ལས་རྟའི་ཤ དེ་རྣམས་ཀྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་ཧཱུཾ་གིས་མཚན་པ། དེ་ལས་མཐོ་གང་ཙམ་གྱིས་དཔག་པར་ཟླ་བ་ལ་ཨོཾ། རྡོ་རྗེའི་ལྟེ་བའི་ཧཱུཾ་ལས་འོད་ཟེར་འོག་ཏུ་འཕྲོས། རླུང་གཡོས། མེ་སྦར། རྫས་རྣམས་ཞུ་ཞིང་ཁོལ། ཧཱུཾ། སྐྱོན་དང་དྲི་མ་སྦྱངས། ཨཱཿ ཁ་དོག་དམར་པོ་ཞུ་ཞིང་རོ་ཕུན་སུམ་ཚོགས་པར་གྱུར། ཨོཾ། ཁ་དོག་དང༌། དྲི་དང༌། ནུས་པ་ཕུན་སུམ་ཚོགས་པར་གྱུར། དེའི་རླངས་པ་གྱེན་དུ་འཕྱུར་བ་ཨོཾ་དང་ཟླ་བ་ལ་ཕོག་པས། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་པ། ཟླ་བ་ཨོཾ་ཡིག་དང་བཅས་པ་ལ་ཐིམ། ཟླ་བ་ཨོཾ་ཡིག་རྡོ་རྗེ་བཅས་པ་ཡང་ཡེ་ཤེས་ཀྱི་བདུད་རྩིར་ཞུ་སྟེ། དམ་ཚིག་གི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པས་ཐམས་ཅད་གང་བར་གྱུར། ཧཱུཾ་ཨཱཿཨོཾ། ཞེས་བརྒྱ་རྩའམ། ཉེར་གཅིག་ལ་སོགས་པས་བྱིན་གྱིས་བརླབས། རྩ་བརྒྱུད་ཀྱི་བླ་མ་རྣམས་རིགས་ཀྱི་བདག་པོའི་ངོ་བོར་བཞུགས་པར་གྱུར། ལྷ་ཐམས་ཅད་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་སྦུ་གུས་བདུད་རྩི་གསོལ་བར་གྱུར། འཇམ་པའི་དབྱངས་དང་སངས་རྒྱས་ཡེ་ཤེས་ཞབས། །དཱི་པཾ་ཀ་ར་རོལ་པའི་རྡོ་རྗེ་དང༌། །སཱུ་ར་བཛྲ་ཤ་ན་བཛྲ་དང༌། །ཨ་ཝ་ལི་ན་གུ་ཎ་བྷ་དྲ་དང༌། །ངག་དབང་གྲགས་པ་ལྷ་འབྱུང་སྦས་པ་དང༌། །དོན་ཡོན་རྡོ་རྗེ་ཤེས་རབ་བླ་མ་དང༌། །དགེ་འདུན་བཟང་པོ་གཙང་འོད་རྡོ་རྗེ་རྩེ། །གཏི་མུག་རྡོ་རྗེ་རྡོ་རྗེ་གསང་བ་དང༌། །རྡོ་རྗེ་འོད་ཟེར་འཛིམ་ཆེན་རྒྱལ་མཚན་དཔལ། །གངས་ཁྲོད་པ་དང་མ་ཏི་པཎ་ཆེན་དང༌། །ལོ་ཙཱ་ཤཱཀ་བཟང་ཆེན་པོ་ཀ་དྲུག་པ། །ངག་དབང་གྲགས་


TNT06_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚུལ་མཆོག་རྣམ་རྒྱལ་མཚན། །རྩ་བའི་བླ་མ་རྡོ་རྗེ་འཆང་གི་དངོས། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །ཨོཾ་ཨཱཿཧཱུཾ། ཞེས་བརྗོད། དབང་མཆོག་དབང་གོང་མ་བརྒྱུད་པ་འགའ་ཞིག་ལྟར་ན། ཞང་ལོ་ཤེས་རབ་བླ་མའི་རྗེས་སུ། ཛྙཱ་ན་གརྦྷ་བསོད་ནམས་ཤེས་རབ་དང༌། །བསོད་ནམས་བཀྲ་ཤིས་མ་ཟོ་ཇོ་ཐུབ་དང༌། །གཅེན་པོ་གཙང་འོད་གཅུང་པོ་རྡོ་རྗེ་རྩེ། །དེ་མན་ཆད་གོང་བཞིན། ཡང་ན། ཨོཾ་ཨཱཿཧཱུཾ། སངས་རྒྱས་རྡོ་རྗེ་འཆང་གི་ཞལ་དུ། ཨི་དཾ་ཨ་མྲྀ་ཏ་མཧཱ་སྭཱ་ད་ཧཱུཾ། དེ་བཞིན་དུ་སྦྱར་ཏེ། འཇམ་པའི་དབྱངས། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད། ལ་ལི་ཏ་བཛྲ། བདེ་སྦྱིན་གང་བ། སེ་ན་པ་བདེ་ལྡན། མཁའ་ལྡིང་ཞབས་ཅན། ཡོན་ཏན་འབྱུང་གནས། ངག་དབང་གྲགས་པ། དེ་བ་ཨ་ཀ་ར་ཙནྡྲ། ཨ་མོ་གྷ་བཛྲ། ཅོ་གྲུ་ཤེས་རབ་བླ་མ། སྲས་དགེ་འདུན་བཟང་པོ། གཙང་དང་འོད་པོ། རྡོ་རྗེ་རྩེ་མོ། འཁྲུལ་ཞིག་རྡོ་རྗེ་ཡང་རྩེ། སྔགས་འཆང་རྒྱལ་པོ། བྱང་ཆུབ་རིན་ཆེན། གླལ་སྟོན་མཆེད་གཉིས། འབྲུག་སྒྲ་རྒྱལ་མཚན། ཞང་སྒོམ་ཞིག་པོ། མཁས་གྲུབ་རིན་རྒྱལ། རིན་ཆེན་འོད་ཟེར། བློ་གྲོས་མཚུངས་མེད། བྱང་ཆུབ་སེང་གེ ཚུལ་ཁྲིམས་རྒྱལ་མཆོག གྲགས་པ་མཐའ་ཡས། ངག་དབང་གྲགས་པ། ཚུལ་ཁྲིམས་མཆོག་གྲུབ། རྣམ་རྒྱལ་བཀྲ་ཤིས། རྩ་བའི་བླ་མ་རྗེ་བཙུན་ཀུན་དགའ་བཀྲ་ཤིས་ཀྱི་ཞལ་དུ་ཨི་དཾ་ཨ་མྲྀ་ཏ་མཧཱ་སྭཱ་ད་ཧཱུཾ། འོག་ནས་འབྱུང་བ་ལྟར་འཕྲེང་སྔགས་སོ་སོའི་འགོར་ཨོཾ་དང༌། མཇུག་ཏུ་ཨི་དཾ་སོགས་སྦྱར་བས་འབུལ། སྤྲོ་ན་ཆོས་སྐྱོང་དང༌། ཕྱོགས་སྐྱོང་སོགས་ལའང་འབུལ། རང་གིས་མྱངས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭཱ་ད་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། དེ་དག་ནི་རྣལ་འབྱོར་ཆེན་


TNT06_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པོའོ། །དེ་ནས་ཕྲ་ཐིག་གི་རྣལ་འབྱོར་བསྒོམ་པར་བྱ་སྟེ། འདི་དག་ཡིད་ཀྱིས་བསམ་པ་ལས་ངག་ཏུ་བརྗོད་མི་དགོས་སོ། །དེ་ཡང༌། སྙིང་གའི་འོད་ཀྱིས་ཕྱོགས་བཅུར་ཁྱབ། སྣོད་ལ་རེག་གཞལ་ཡས། བཅུད་ལ་རེག་ལྟར་བྱས་ཏེ། དེ་རྣམས་བསྡུས་ཏེ་གུར་ལ་ཐིམ། དེ་ཆོས་འབྱུང༌། གཞལ་ཡས། འཁོར། གཙོ་བོའི་སྐུ་གསུང་ཐུགས། ཡེ་ཤེས་སེམས་དཔའ། རྡོ་རྗེ། ཡ་རྣམས་ལ་རིམ་བཞིན་བསྡུ། དེ་ཞུ་ཐིག་ལེ་སྔོན་པོ་རྒྱ་སྲན་གྱི་ཚད་ཙམ་གྱི་ནང་དུ། གུར། ཆོས་འབྱུང༌། རྟེན་དང་བརྟེན་པ། སྐྱེ་མཆེད། སྐུ་གསུང་ཐུགས། དབུ་རྒྱན་ལ་སོགས་པ་སྐད་ཅིག་ལ་རྫོགས་པར་བསྐྱེད། དེའི་གཙོ་བོའི་ཐུགས་ཀའི་ཡའི་འོད་ཀྱིས། ཐིག་ལེ་ནང་གི་ལྷ་རྣམས་གསལ་བཏབ། ཐིག་ལེའི་ཕྱིར་འཕྲོས། རྡོ་རྗེ་དང༌། ཡེ་ཤེས་སེམས་དཔའ་དང༌། གཙོ་བོ། འཁོར། རྟེན། གུར་ལ་སོགས་པ་གསལ་བཏབ་ལ་བལྟའོ། །དེ་ནི་ཆུང་ངུས་ཆེན་པོ་ལ་བརྟགས་པའོ། །ཕྱི་ནས་ཐིག་ལེའི་ནང་གི་གཙོ་བོའི་ཐུགས་ཀའི་སེམས་དཔའ་གསུམ་བརྩེགས་ཀྱི་ཡ་ཤིན་ཏུ་ཕྲ་བ་ལ་བལྟ་སྟེ། ཆེན་པོ་ལ་གནས་ནས་ཆུང་ངུར་བརྟགས་པའོ། །དེ་གཉིས་རེས་འཇོག་ལ་བརྟན་པ་ཐོབ་ནས། དུ་བ་ལ་སོགས་པའི་རྟགས་འབྱུང་བས། ཐིག་ལེ་ནང་གི་ལྷ་རྣམས་ཀྱི་སྤྲོ་བསྡུས་སེམས་ཅན་གྱི་དོན་ལ་བློ་སྦྱང་ངོ༌། །དེའི་ཚེ་རྒོད་ན་ཕྱི་ནས་རིམ་གྱིས་བསྡུ་ཞིང༌། བྱིངས་ན་ནང་ནས་རིམ་གྱིས་སྤྲོའོ། །ཡང་རྒོད་ན་རང་ཆེན་པོ་ལ་གནས་པས། ཆུང་ངུའི་དཀྱིལ་འཁོར་ལ་སེམས་འཛིན། བྱིངས་ན་རང་ཆུང་ངུ་ལ་གནས་པས། ཆེན་པོའི་དཀྱིལ་འཁོར་ལ་སེམས་འཛིན་ཏོ། །དེ་ནས་བཟླས་པ་ནི། དུང་འཕྲེང་ལ་སོགས་པའི་བགྲང་འཕྲེང་བསངས་སྦྱངས། ལག་པ་གཡོན་པ་ཟླ་བར་གྱུར་པའི་སྟེང་དུ། བགྲང་འཕྲེང་རིལ་བུ་རེ་རེ་


TNT06_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མེ་ལས་འདོད་ཆགས་གཤིན་རྗེ་གཤེད་དུ་གྱུར། ཧྲཱིཿཥྚཱིཿ བརྗོད་ཅིང་བདུད་རྩི་ལྔ་བྱུགས་ལ། སླར་ཡང་ཧྲཱིཿཥྚཱིཿབརྒྱ་རྩ་ཙམ་བཟླས་ལ། དེ་དག་ཞུ་བ་ལས། ཁྲག་འཛག་མགོ་བོའི་འཕྲེང་བར་གྱུར། བགྲང་འཕྲེང་དེ་ཉིད་རང་གི་གནས་བཞིར་གཏུགས་ཏེ། སྔར་གྱི་རྡོ་རྗེ་གསུམ་དང༌། སྟེང་སྣའི་ཐད་ཀྱི་ལུས་ཀྱི་དབུས་སུ། རང་འདྲའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཉི་མ་ལ་ཡ་ཡིགམཐའ་སྐོར་དུ་ཡི་གེ་བཅུ་བཞིས་བསྐོར་བ། དེ་ཡང༌། ཡ་དམ་རྒྱ། ཧཱུཾ་ལས་རྒྱ། ཨཱཿཆོས་རྒྱ། ཨོཾ་ཕྱག་ཆེན་གྱི་ངོ་བོར་མོས་ལ། ཧྲཱིཿཥྚཱིཿསོགས་བཟླས་པས། སྔགས་འབྲུ་ལས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་བྱུང༌། དབུགས་ཕྱིར་འགྲོ་བའི་ཚེ་སྣོད་བཅུད་ཐམས་ཅད་ཁྱབ། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། དགྲ་བགེགས་རྣམས་ཚར་བཅད། སངས་རྒྱས་བྱང་སེམས་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་བསྡུས་ཏེ་དབུགས་ནང་དུ་ཡོང་བ་དང་ལྷན་ཅིག་སྙིང་གའི་ས་བོན་སྔགས་བཅས་ལ་ཐིམ། བགྲང་འཕྲེང་འབྲུ་རེ་རེ་བཞིན་ནས་བགྲང་བའི་ཚེ། འདོད་ཆགས་རྡོ་རྗེའི་སྐུ་གཉིས་པ་རེ་རེ་བཞིན་ཆད་ནས། སྙིང་གར་ཐིམ་པར་བསམ་ལ། སྔགས་བཟླའོ། །ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཨོཾ་ཨཱཿཡ་བཛྲ་དྷྲྀཀ་ཧཱུཾ་ཕཊ། ཨོཾ་ཨཱཿཀྵེ་ཛི་ན་ཛིཀ་ཧཱུཾ་ཕཊ། ཨོཾ་ཨཱཿམ་རཏྣ་དྷྲྀཀ་ཧཱུཾ་ཕཊ། ཨོཾ་ཨཱཿམེ་ཨ་རོ་ལྀཀ་ཧཱུཾ་ཕཊ། ཨོཾ་ཨཱཿད་པྲཛྙཱ་དྷྲྀཀ་ཧཱུཾ་ཕཊ། ཡ་མུཏྒ་ར་དྷྲྀཀ ཙྪ་དཎྜི་དྷྲྀཀ ནི་པདྨ་དྷྲྀཀ རཱ་ཁཏྒ་དྷྲྀཀ ཛ་མོ་ཧ་རཱ་ཏཱི། ས་དྭེ་ཥ་རཱ་ཏཱི། དོ་ར་ག་རཱ་ཏཱི། དུ་བཛྲ་རཱ་ཏཱི། ཨོཾ་ཨཱཿཎ་ཧཱུཾ་ཕཊ། ཨོཾ་ཨཱཿ


TNT06_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་ཧཱུཾ་ཕཊ། ཨོཾ་ཨཱཿནི་ཧཱུཾ་ཕཊ། ཨོཾ་ཨཱཿར་ཧཱུཾ་ཕཊ། འཕྲེང་བའི་སྔགས་སོ། །ཡང་ཡི་གེ་བཅུ་བདུན་པ་བཟླ་བར་འདོད་ན། སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་རིན་པོ་ཆེ་ཟུར་བརྒྱད་པ། རྩེ་མོ་དབུས་མ་ལ་ཡ། རྩེ་མོ་བརྒྱད་ཀྱི་ནང་གི་ཕྱོགས་ལ། ཤར་ནས་གཡས་སྐོར་གྱི་རིམ་པ་བཞིན་དུ། ཀྵེ་ཛ་མ་ས་མེ་དོ་ད་རུ་རྣམས་དང༌། ཕྱི་ངོས་བརྒྱད་ལ། ཡ་ཎ་ཙྩ་ཡོ་ནི་ནི་ར་ར་རྣམས་ལྷ་སོ་སོའི་ཁ་དོག་དང་མཐུན་པར་བཀོད་ལ། ཨོཾ་ཡ་ཀྵེ་མ་མེ་ད་ཡཙྪ་ནི་ར་ཛ་ས་དོ་རུ་ཎ་ཡོ་ནཱི་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་བཟླ་བའམ་ཡང་ན། སྙིང་གར་རིན་པོ་ཆེ་རྩེ་དགུ་པ། ཟུར་བཞི་ཕྱི་དང་ཟུར་བཞི་ནང་དུ་བསྟན་པར་བསམ། རྩེ་མོ་དབུས་མ་ལ་ཡ། ནང་མ་རྣམས་ལ་གཡས་སྐོར་ཀྱི་ཀྵེ་མ་མེ་ད། ཕྱིའི་ཟུར་རྣམས་ཀྱི་གཡས་གཡོན་དང་རྩེ་མོ་སྟེ་བཅུ་གཉིས་རྣམས་ཀྱི་ལྷོའི་དབུས་ནས་བརྩམས་ཏེ། རཱ་ཛ་ས་དོ་རུ་ཎ་རོ་ནཱི་ར་ཡཙྩ་ནི། ཞེས་པ་རྣམས་བཀོད་དེ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྩ། ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ཀློག་པའི་ཚུལ་གྱིས་བཟླ་བ་དང༌། ཡི་གེ་བཅུ་བདུན་གྱི་དོད་དུ། ལྷ་བཅུ་བདུན་འགོད་པ་དང༌། འགོག་པའི་བཟླས་པའི་ཚེ། རླུང་ཕྱིར་འགྲོ་བ་ན། ཡི་གེ་དེ་རྣམས་དབུ་མའི་ལམ་བརྒྱུད། ཐོད་པའི་ནང་དུ་གནས་པས། འོད་འཕྲོས། གཏི་མུག་དག་པར་བསམ། རླུང་ནང་དུ་འོང་བའི་ཚེ། སྙིང་གའི་རིན་པོ་ཆེ་ལ་འཁོད། གནས་པའི་ཚེ། དེ་ལས་དེ་འདྲ་བ་གཉིས་པ་ཞིག་ཆད་ནས། གསང་གནས་སུ་སླེབ་པར་བསམ། དེ་གཉིས་ལས་ཀྱང་འོད་ཟེར་སྤྲོས་ཏེ། སྡིག་སྒྲིབ་སྦྱང་བ་སོགས་བྱའོ། །དེ་དག་ནི། ནང་གི་བཟླས་པ་སྟེ། ལུགས་འདིའི་ཐུན་མོང་མ་ཡིན་པ་ཡིན་ཞིང༌། བཟླས་པའི་མན་ངག་ཅེས་མངོན་རྟོགས་ཀྱི་དཀྱུས་སུ་མ་


TNT06_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་པར། ལོགས་སུ་མཛད་པ་དེའོ། །བསྡུ་བར་འདོད་ན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྣོད་བཅུད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གྱུར་པ་བདག་ཉིད་ལ་ཐིམ། ཐུན་ཐ་མ་ལ། དཀྱིལ་འཁོར་གྱི་འཁོར་ལོ་ཡང་བདག་ཉིད་ལ་སྐད་ཅིག་གིས་ཐིམ། ཞེས་བརྗོད། ཐུན་སྔ་མ་རྣམས་ལ་ནི། དཀྱིལ་འཁོར་གཙོ་བོ་ལས་ཕྱེ་བའི། རང་ཉིད་ཕྱག་གཉིས་པའི་ང་རྒྱལ་གྱིས་ཐུན་མཚམས་ཀྱི་བྱ་བ་བྱེད་པར་མོས། བཟླས་པའི་ཚེ། ལུས་དུབ་ན་གསང་འདུས་ལས་འབྱུང་བའི་ཏིང་ངེ་འཛིན་གྱི་བཅུད་ལེན་བྱ། སྒོམ་པས་ཡིད་སྐྱོ་ན། སྙིང་ག་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་བསྟོད་བྱས་པར་བསམ་ཞིང༌། དབྱངས་བླངས་ལ་རེ་ཞིག་ཅི་བདེར་གནས་སོ། །གལ་ཏེ་གཏོར་མ་འབུལ་བར་འདོད་ན། དཀྱིལ་འཁོར་གྱི་འཁོར་ལོ་མ་བསྡུས་པར། ཡེ་ཤེས་པ་དཀྱིལ་འཁོར་གྱི་གཙོ་བོར་བཞགརང་ཉིད་དམ་ཚིག་པའི་ང་རྒྱལ་གྱིས་ཤར་སྒོར་ཕྱིན་པར་མོས་ཏེ། གཏོར་མ་བསངས་སྦྱངས། ནང་མཆོད་ལྟར་བྱིན་གྱིས་བརླབས། མཁའ་གསང་བྱིན་རླབས་ནས། རྗེས་ཆགས་ཀྱི་སྔགས་གྱི་བར་མངོན་རྟོགས་བཞིན་བྱས་ལ། མཁའ་ནང་དུ་བྱང་ཆུབ་ཀྱི་སེམས་ཆ་བཅུ་བཞིར་གྱུར་པ། ཡེ་ཤེས་པའི་ཕྱོགས་སྐྱོང་བཅུ་བཞིར་གྱུར། རང་གི་སྙིང་ག་ནས་བྷྲུཾ་སྤྲོས་པས། གཞལ་ཡས་ཁང་ཁོང་དུ་ཆུད་པའི་འཁོར་ལོ་རྩིབས་བཅུ་པར་གྱུར། ཧྲཱིཿཥྚཱིཿ ལན་གཅིག་བརྗོད་པས། ཕྱོགས་སྐྱོང་རྣམས་མཁའ་ནང་ནས་ཕྱིར་སྤྲོས་ནས། རྩིབས་རྣམས་ལ་འཁོད། སྙིང་ག་ནས་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། འཇིག་རྟེན་པའི་ཕྱོགས་སྐྱོང་རྣམས་བཀུག ཧྲཱིཿཥྚཱིཿའི་མཐར། འབྱུང་པོ་འཁོར་དང་བཅས་པ་


TNT06_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཨཾ་ཀུ་ཤ་ཛཿ ཕྱོགས་མཚམས་རྣམས་སུ་འཁོད། ཡང་ཧྲཱིཿཥྚཱིཿའི་མཐར་འབྱུང་པོ་འཁོར་དང་བཅས་པ་ཐམས་ཅད་ལ། ཀཱི་ལ་ཡ། ཀཱི་ལ་ཡ་ཧཱུཾ་ཕཊ། དེ་རྣམས་ཀྱི་སྤྱི་བོར་ཕུར་བུས་བཏབ་པས། སྡིག་སྒྲིབ་ཐམས་ཅད་བྱང༌། ཡེ་ཤེས་ཀྱི་ཕྱོགས་སྐྱོང་རྣམས་ཀྱང་ཐིམ་པས་རོ་གཅིག་ཏུ་གྱུར་པས། འོད་དུ་ཞུ། སླར་ཡང་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་སུ་བཞེངས་པ་ནི། ཤར་དུ་ཧྲཱིཿདང་རྡོ་རྗེ་ལས། བརྒྱ་བྱིན་དཀར་པོ་མིག་སྟོང་དང་ལྡན་པ་ལ། ཤ་ཙི་མས་འཁྱུད་པ། གླང་པོ་ཆེ་ལ་གནས་པ། ལྷོ་རུ་ཥྚཱིཿདང་བེ་ཅོན་ལས། གཤིན་རྗེ་ནག་པོ་ལ། འཆི་བདག་མས་འཁྱུད་པ། མ་ཧེ་ལ་གནས་པ། ནུབ་ཏུ་བི་དང་སྦྲུལ་ཞགས་ལས། ཆུ་ལྷ་དཀར་པོ་ལ། ཆུ་བདག་མས་འཁྱུད་པ། ཆུ་སྲིན་ལ་གནས་པ། བྱང་དུ་ཀྲི་དང་རིན་ཆེན་དབྱུག་པ་ལས། གནོད་སྦྱིན་སེར་པོ་ལ། ནོར་འཛིན་མས་འཁྱུད་པ། རྟ་དཀར་པོ་ལ་གནས་པ། བྱང་ཤར་དུ་ཏ་དང་རྩེ་གསུམ་ལས། དབང་ལྡན་ཐལ་དཀར་ལ། ཨུ་མས་འཁྱུད་པ། ཁྱུ་མཆོག་ལ་གནས་པ། ཤར་ལྷོར་ཨ་དང་བགྲང་འཕྲེང་ལས། མེ་ལྷ་དམར་པོ་ལ། བསྲེག་བྱེད་མས་འཁྱུད་པ། ར་ལ་གནས་པ། ལྷོ་ནུབ་ཏུ་ན་དང་རལ་གྲི་ལས། སྲིན་པོ་ཁམ་པ་ལ། སྲིན་མོས་འཁྱུད་པ། རོ་ལངས་ལ་གནས་པ། ནུབ་བྱང་དུ་ན་དང་བ་དན་ལས། རླུང་ལྷ་དུང་ལྗང་ལ། གཡོ་བྱེད་མས་འཁྱུད་པ། ཤ་བ་ལ་གནས་པ། སྟེང་གི་རྩིབས་ཀྱི་རྩ་བར། ཧཱུཾ་དང་ཨུཏྤལ་ལས། ཟླ་བ་དཀར་པོ་ལ། བསིལ་བྱེད་མས་འཁྱུད་པ། ངང་སྐྱ་བདུན་གྱིས་དྲངས་པའི་ཤིང་རྟ་ལ་གནས་པ། རྩིབས་ཀྱི་དབུས་སུ། ཧཱུཾ་དང་པདྨ་ལས།


TNT06_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་དམར་པོ་ལ། འོད་ལྡན་མས་འཁྱུད་པ། རྟ་བདུན་གྱིས་དྲངས་པའི་ཤིང་རྟ་ལ་གནས་པ། རྩེ་མོར་ཕཊ་དང་སྣ་ཚོགས་པདྨ་ལས། ཚངས་པ་སེར་པོ་ལ། ཚངས་མས་འཁྱུད་པ། ངུར་པ་བདུན་གྱིས་དྲངས་པའི་ཤིང་རྟ་ལ་གནས་པ། འོག་རྩིབས་ཀྱི་རྩ་བར། ཕཊ་དང་བུམ་པ་ལས། ས་བདག་ནག་པོ་ལ། སའི་ལྷ་མོ་སེར་མོས་འཁྱུད་པ། ཕག་པ་ལ་གནས་པ། རྩིབས་ཀྱི་དབུས་སུ། སྭཱ་དང་རལ་གྲི་ལས། ཐགས་བཟང་རིས་དམར་པོ་ལ། ལྷ་མིན་མོས་འཁྱུད་པ། དར་གྱི་འབོལ་སྟན་ལ་གནས་པ། རྩེ་མོར་ཧཱ་དང་མཚོན་ཆ་ལས། ཁྱབ་འཇུག་ལ་སོགས་པའི་འབྱུང་པོ་སྣ་ཚོགས་པ་དཔལ་མོ་ལ་སོགས་པ། རང་རང་གི་ལྷ་མོས་འཁྱུད་པ་དཔག་ཏུ་མེད་པ་དང་བཅས་པར་གྱུར། དཀར་པོ་རྣམས་གཏི་མུག་རྡོ་རྗེ་ལྟ་བུ། སེར་པོ་རྣམས་སེར་སྣ་རྡོ་རྗེ་ལྟ་བུ། དམར་པོ་རྣམས་འདོད་ཆགས་རྡོ་རྗེ་ལྟ་བུ། རླུང་ལྷ་ཕྲག་དོག་རྡོ་རྗེ་ལྟ་བུ། སྔོན་པོ་རྣམས་ཞེ་སྡང་རྡོ་རྗེ་ལྟ་བུ། ཐམས་ཅད་ཀྱང་གཡས་བསྐུམ་གཡོན་བརྐྱང༌། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། འཁོར་དཔག་ཏུ་མེད་པ་དང་བཅས་པའོ། །འདི་ནི་བསྐྱེད་ཆོག་འབྲིང་བོའི་དབང་དུ་བྱས་པ་སྟེ། རྒྱས་པར་ན། ཐོར་མར་མཁའ་ནང་དུ། ཡེ་ཤེས་པའི་ཕྱོགས་སྐྱོང་བསྐྱེད། འཇིག་རྟེན་པའི་ཕྱོགས་སྐྱོང་རྣམས་བཀུག་སྟེ། ཞལ་ཕྱག་རྣམས་སྤྱི་དང་མཐུན་པར་བསྐྱེད། ཕུར་གདབ་ཀྱི་རྗེས་སུ་ཆོ་ག་གསུམ་བསྐྱེད་ཀྱི་སྔར་བཞིན་བསྐྱེད་དེ། འོན་ཀྱང་ཕྱག་མཚན་གྱི་ཁྱད་པར་ནི། གཡས་དང་པོ་རང་རང་གི་བསྐྱེད་གཞིའི་ཕྱག་མཚན་འཛིན་པར་བྱའོ། །དེ་ལ་ཡེ་ཤེས་ཀྱི་ཕྱོགས་སྐྱོང་གཤིན་རྗེ་གཤེད་རིགས་ལྔ་དང་འདྲ། འཇིག་རྟེན་རང་བརྒྱུད་པའི་ཕྱོགས་སྐྱོང་ཡང་སྤྱི་དང་མཐུན། ཕྱི་མ་འདི་དེ་གཉིས་འདྲེས་པ་སྟེ་ངོ་བོ་ཡེ་ཤེས་


TNT06_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཕྱག་གཡས་དང་པོའི་མཚན་མ་འཇིག་རྟེན་པ་དང་མཐུན་པའོ། །གང་ལྟར་ཡང་སྐྱེ་མཆེད་དང༌། གནས་གསུམ་བྱིན་རླབས་གོང་བཞིན་བྱ། སྙིང་གའི་ས་བོན་གྱིས་སྤྱན་དྲངས་པའི་ལྷ་རྣམས་ཀྱིས། ཨོཾ་བཛྲིར་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། ཞེ་སྡང་རྡོ་རྗེས་དབུ་རྒྱན། གོང་ཚོགས་ཞིང་སྐབས་ལྟར་མཆོད་པ་བྱིན་གྱིས་རླབས་པ་ནས་བཟུང་སྟེ། རོལ་མོ་འབུལ་བའི་བར་དུ་བྱ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་དྲངས་ཏེ། གཏོར་མ་གསོལ་བར་གྱུར། བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ལ། བླ་མ་ལ་ཡང་གཏོར་མ་འབུལ་བར་མཛད་པས་དེ་ལྟར་ན། ཨོཾ་ཨཱཿཧཱུཾ། རྡོ་རྗེ་འཆང་གི་སོགས་གོང་ནང་མཆོད་ཀྱི་སྐབས་བཞིན། བླ་མ་ཡི་དམ་དབྱེར་མེད་དུ་འཆད་པའི་ཕྱིར། འདི་སྒོས་སུ་མ་བྱས་ཀྱང་ཆོག་གོ །ཨོཾ་ཨཱཿཧཱུཾ། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨི་དཾ་ཡ་མི་ཏ་མཧཱ་སྭཱ་ད་ཧཱུཾ། བ་ལིཾ་ཏ་ཁཱ་ཁཱ། ཁཱ་ཧི་ཁཱ་ཧི། དེ་བཞིན་དུ་ལྷ་ཚོགས་ཀྱི་སྔགས་ཐམས་ཅད་ལ་སྦྱར་ལ། གཙོ་བོ་ལ་ལན་བདུན་དང༌། འཁོར་རྣམས་ལ་ལན་རེའམ་ལན་གསུམ་གྱིས་འབུལ། འཇིག་རྟེན་འདས་པའི་གཏོར་མ་འདི་ཕྱོགས་སྐྱོང་མ་བསྐྱེད་གོང་དུ་ཕུལ་ན་ལེགས་པར་མཐོང་ངོ༌། །ཕྱོགས་སྐྱོང་འཁོར་བཅས་ཀྱི་ལྗགས་རྡོ་རྗེ་སྦུ་གུས་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨིནྡྲ་ཡ་ཧྲཱིཿ ཡ་མ་ཡ་ཥྚཱིཿ བ་རུ་ན་ཡ་བི། ཀུ་བེ་ར་ཡ་ཀྲི། ཨཱི་ཤ་ན་ཡ་ཏ། ཨགྣ་ཡེ་ཨ། ནིརྟེ་ཡེ་ན། ཝ་ཡ་བེ་ན། ཙནྡྲ་ཡ་ཧཱུཾ། ཨརྐ་ཡ་ཧཱུཾ། བྲཧྨ་ཎེ་ཕཊ། བཱ་སུནྡྷ་ར་ཡ་ཕཊ། བེ་མ་ཙི་ཏྲ་ཡེ་སྭཱ། སརྦ་བྷུ་ཏེ་བྷྱོ་ཧཱ། ཧ་ཧ་ཧ། ཧི་ཧི་ཧི། ཧཱུཾ་ཧཱུཾ་ཧཱུཾ། ཕེཾ་ཕེཾ་ཕེཾ་ཕཊ་སྭཱཧཱ། ལན་གསུམ་སོགས་ཅི་རིགས་པས་འབུལ། བར་འདིར་འགྲུབ་ན། འདི་ཉིད་ཀྱི་སྒོས་ཀྱི་ཆོས་སྐྱོང་ཡང་ཡིན་ཞིང༌། མ་གཤིན་ཤིན་ཏུ་


TNT06_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཆེ་བའི་ཕྱིར། དཔལ་ལྡན་ལྷ་མོ་དམག་ཟོར་རྒྱལ་མོ་ལ་ཡང་གཏོར་ཆོག་ནས་འབྱུང་བ་ལྟར་གཏོར་མ་འབུལ་ལོ། །དེ་དག་གི་རྗེས་སུ། གཟུགས་སྒྲ་ལ་སོགས་དྲུག་པ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང༌། །ཤེལ་ལ་ཚོན་ནི་ཇི་བཞིན་དུ། །འདོད་ཡོན་ལྔ་དང་ཆོས་རྣམས་ལ། །རྣལ་འབྱོར་རྟག་ཏུ་སྤྱོད་པར་ཤོག །ཨ་ལ་ལ་ཧོ། རོལ་ཏུ་གསོལ། བསྣམས་པར་མཛོད། མི་འཛིན་སྒྱུ་མ་ལྟ་བུ་ལ། །དགྱེས་པའི་གར་གྱིས་རོལ་པར་མཛོད། །རེག་བྱ་འགག་པ་མེད་པ་ལ། །མིག་ཡོར་བཞིན་དུ་རོལ་ཏུ་གསོལ། །ཧོ་ཆགས་པ་མེད་ཅིང་ཆགས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཧཱུཾ། དུར་ཁྲོད་ཀྱི་ནི་ལེགས་བརྒྱན་པའི། །ཞེ་སྡང་གཤིན་རྗེ་གཤེད་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུར་ལ། །ཐུགས་རྗེས་སྤྲུལ་པའི་སྐུར་སྟོན་པའི། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཅན་ཁྱོད་ལ་འདུད། །བདུད་བཞི་པོ་ནི་རྣམ་པར་འཇོམས། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །གཤིན་རྗེ་མཐར་བྱེད་ཕྱག་འཚལ་ཞིང༌། །ཕྱོགས་སྐྱོང་བཅོ་ལྔའི་ཚོགས་ལ་འདུད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱི་བདག་ལ་བསྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་


TNT06_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །བདེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཡི་གེ་བརྒྱ་པ་བརྗོད་ཅིང༌། གཏོར་མགྲོན་རྣམས་མི་དམིགས་པར་མོས། བསང་ཆུའི་ཉེ་རེག་བྱས་ལ། ཨོཾ་ནི་རི་ཏེ་ཧཱུཾ་ཁཾ། ཞེས་བརྗོད། འདི་ཡང་ཕྱི་རོལ་གཏོར་མའི་ཚུལ་དུ་ཕྱོགས་སྐྱོང་ལ་སྒོ་ཕྱིའམ། ཁང་སྟེང་སོགས་སུ་འབུལ་བའི་དབང་དུ་བྱས་པ་སྟེ། ནང་གཏོར་ཁོ་ནའི་དབང་དུ་བྱས་ན་ཉེ་རེག་འདི་མི་དགོས་སོ། །སླར་ཡང་རང་ཉིད་དཀྱིལ་འཁོར་ཀྱི་དབུས་སུ་སོང་སྟེ། ཡེ་ཤེས་ཀྱི་འཁོར་ལོ་ལ་དམིགས་ཏེ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནེ་ཝེ་ཏྱ། ཤཔྟ་ཨཱཿཧཱུཾ། དུར་ཁྲོད་རྒྱན་གྱི་སོགས་ཀྱིས་བསྟོད། གཙོ་བོའི་སྔགས་ཀྱིས་ནང་མཆོད་འབུལ། རང་ཉིད་དམ་ཡེ་དབྱེར་མེད་ཀྱི་ང་རྒྱལ་གྱིས། དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་དུ་བསྡུ་བའམ། ཡིག་རྙིང་ཕལ་ཆེ་བའི་ལུགས་ལྟར་ན། བདུད་རྩི་འབུལ་བའི་རྗེས་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུཾ་མུཾ། ཞེས་པས་ཡེ་ཤེས་པའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་གཤེགས། ཡང་ཨོཾ་ཨཱཿཧཱུཾ་མུཾ། ཞེས་པས་དམ་ཚིག་གི་དཀྱིལ་འཁོར་སྔར་བཞིན་བསྡུས་ལ་འོད་གསལ་གྱི་ངང་ལ་མཉམ་པར་བཞགསྐད་ཅིག་གིས་ཕྱག་གཉིས་པའི་ང་རྒྱལ་གྱིས་ལངས་ཏེ། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང༌། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་དག་ཐམས་ཅད་བཟོད་པར་


TNT06_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །མགོན་དང་བྱང་ཆུབ་སེམས་དཔའ་དང༌། །ཐུགས་རྗེ་ཅན་དུ་བདག་བྱིན་གྱིས་རློབས། །ཐེག་པ་ཆེ་ལས་མི་ཉམས་ཤིང༌། །སླར་ཡང་བདག་ལ་ཕན་མཛད་པར། །ངེས་པར་ཡང་དག་གྱུར་ནས་ཀྱང༌། །མགོན་པོ་རིགས་དང་སྲས་བཅས་རྣམས། །ཅི་བདེ་བར་ནི་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུཾ། ཞེས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། དཔལ་ལྡན་གཤིན་རྗེ་གཤེད་པོ་ཡི། །སྒོམ་ཐབས་ཐོབ་པའི་དགེ་བ་ཡིས། །ཡེ་ཤེས་བདེ་ལྡན་རང་གྱུར་ནས། །འགྲོ་རྣམས་ཀུན་རིག་ས་ཐོབ་ཤོག །ཅེས་དགེ་བ་བསྔོས། ཐུན་མཚམས་ཀྱི་བྱ་བ་ལ་ཅི་བདེ་བར་འཇུག་པར་བྱའོ། །ཡང་གཏོར་མའི་ཆོ་ག་རྒྱས་འབྲིང་གཉིས་མི་ལྕོགས་ན། སྔར་བཞིན་གཏོར་མ་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། གཤིན་རྗེ་གཤེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། འཇིག་རྟེན་ལས་འདས་པའི་ལྷ་ཚོགས་རྣམས་ལ། གོང་བཞིན་སྔགས་ཀྱིས་ཕུལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཕྱོགས་སྐྱོང་འཁོར་བཅས་བཛྲ་ས་མཱ་ཛཿ ཐམས་ཅད་ཀྱི་སྐད་ཅིག་གིས་འོད་གསལ་དུ་བཅུག་ནས། གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་སུ་གྱུར། ཞེས་པའམ། ཡང་ན་སྐུ་མདོག་གཞོན་པ་སོགས་གོང་དང་འདྲ་བ་ལ། ཕྱག་མཚན་སྤྱི་དང་མཐུན་པར་བསྐྱེད། ཨོཾ་ཨིནྡྲ་ཡ། སོགས་ཀྱིས་འབུལ་བ་མན་ཆད་གོང་བཞིན་བྱ། ལུགས་འདི་ལྟར་ན། དམ་ཡེ་སོ་སོར་ཕྱེ་ནས་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་འགྲོ་བ་དང༌། ཉེ་རེག་བྱས་ནས། ནང་དུ་འོང་བ་སོགས་མི་དགོས་སོ། །ཚོགས་ཀྱི་འཁོར་ལོ་བྱ་བར་འདོད་ན། ལྷ་བཅུ་གསུམ་གྱི་མཎྜལ་བསྐྱེད་ལ། མཆོད་གཏོར་


TNT06_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྫས་རྣམས་བཤམས་ཏེ། སྙིང་ག་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲུལ། ཞེས་པ་ནས། ཕྱོགས་བཅུའི་འཇིག་རྟེན་ཁམས་བཀང་ནས། །ཞེས་པའི་བར་གོང་བཞིན་ཕུལ། འཛམ་བུའི་གླིང་དང་གླིང་གཞན་དག །འཁོར་ལོ་རིན་ཆེན་གྱིས་བཀང་ནས། །སྟོང་གསུམ་ལ་སོགས་དེ་བཞིན་ཏེ། །ཞུམ་པ་མེད་པ་བྱས་ཏེ་འབུལ། །ཨོཾ་ཨཱཿཙཀྲ་རཏྣ་པཱུ་ཛི་ཏེ་ཧཱུཾ། འདི་ཉིད་འདོན་པ་སྤོས་ཏེ། རྒྱལ་སྲིད་སྣ་བདུན་དང༌། འདོད་ཡོན་སྣ་ལྔ་ཡང་འབུལ། ནག་པོ་ར་རི་མེད་པ་ཡི། །བུམ་པ་ལྟོ་ཆེ་བྲེ་ཚད་པ། །མཆུ་འཕྱང་མགྲིན་རིང་གདན་དང་ལྡན། །སྙིང་པོར་ལྡན་པའི་སྨན་སོགས་གཞུག །མགྲིན་པ་གོས་བཟང་དག་གིས་བརྒྱན། །འདབ་མར་ལྡན་པའི་ལྕུག་མ་དང༌། །དྲི་ངད་ལྡན་པའི་ཁ་རྒྱན་ཅན། །བདུད་རྩིར་ལྡན་པ་ཡིས་ཀྱང་མཆོད། །གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །སོགས་དང༌། དཀྱིལ་འཁོར་རྒྱལ་མཆོག་ནས་འབྱུང་བ་ལྟར། བསྟོད་པས་བསྟོད། ཚོགས་ཕུད་གཏོར་མ་ལ་སྦྲན་ཏེ། གོང་བཞིན་གཏོར་ཆོག་གིས་ཕུལ། དེ་ནས་ཚོགས་ཀྱི་འཁོར་ལོ་འདྲེན་ཅིང་ལེན་པ་དང༌། ལོངས་སྤྱོད་པ་དང༌། ལྷག་མའི་གཏོར་མའི་བར་སྤྱི་དང་འདྲའོ། །གཞན་ཡང་ཐུན་མཚམས་སྤྱོད་ལམ་གྱི་རྣལ་འབྱོར་དང༌། ཁ་ཟས་ཀྱི་རྣལ་འབྱོར་དང༌། རྗེས་ཆགས་ཀྱི་རྣལ་འབྱོར་དང༌། ཉལ་བའི་རྣལ་འབྱོར་དང༌། ལྡང་བའི་རྣལ་འབྱོར་དང༌། ཁྲུས་ཀྱི་རྣལ་འབྱོར་རྣམས་གོ་བླ་ཞིང་སྤྱི་དང་མཐུན་པ་དང༌། བླ་མ་གོང་མ་རྣམས་ཀྱིས་གསལ་བར་བཤད་པའི་ཕྱིར་འདིར་མ་སྤྲོས་སོ། །གཤིན་རྗེ་གཤེད་ནག་པོ་རྩ་བའི་རྒྱུད་འདི་ཉིད་ལ་འཆད་ཚུལ་ལུགས་ཇི་སྙེད་ཅིག་སྣང་ན་ཡང༌། ཞང་ལུགས་ཉིད་མན་ངག་ཆེ་ཞིང༌། བྱིན་རླབས་ཆེ་བར་མངོན་ནོ། ཁ་བ་


TNT06_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་འདིར་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཤས་ཆེ་བས་ཀྱང༌། རྡོ་རྗེ་འཇིགས་མཛད་དང༌། གཤིན་རྗེ་གཤེད་དམར་པོ་སོགས་ལ་ཐུགས་དམ་གྱི་མཐིལ་དུ་མཛད་པ་མང་ཞིང༌། ཞང་ཅོ་གྲུ་ལོཙྪ་བ་དེ་ཉིད་རྗེས་འབྲངས་དང་བཅས་པ་རྣམས་ནི། རྩ་བའི་རྒྱུད་འདི་ཉིད་ལ་རྩལ་ཏུ་བཏོན་ཏེ། མཁས་པར་སྦྱོངས་པ་དང༌། ཉམས་བཞེས་སུ་མཛད་པ་ཤ་སྟག་གོ །འདིར་སྨྲས་པ། སྲིད་གསུམ་ཉོན་མོངས་གཤིན་རྗེ་ཀུན་འཇོམས་པ། །བླ་མེད་བླ་མ་ཁམས་གསུམ་དབང་ཕྱུག་མཆོག །རིམ་གཉིས་ལམ་གྱི་སྒྲུབ་པར་བྱེད་པའི་ཐབས། །དགེ་ལེགས་ཀུན་གྱི་འབྱུང་གནས་འདིར་གསལ་བྱས། །འདི་ལས་དགེ་བ་གང་ཐོབ་པས། །མཐའ་དག་སྲིད་གསུམ་འགྲོ་བ་རྣམས། །རྡོ་རྗེ་སློབ་དཔོན་དུས་ཀྱི་དགྲའི། །གོ་འཕང་མྱུར་དུ་ཐོབ་པར་ཤོག །བཅོམ་ལྡན་འདས་གཤིན་རྗེ་གཤེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་ཐབས་རྡོ་རྗེ་འོད་ཟེར་ཞེས་བྱ་བ་འདི་ནི། དོན་གཉེར་འགས་བསྐུལ་བ་དང༌། བདག་ཉིད་ཀྱང་ལམ་འདི་ལ་ལྷག་པར་མོས་པས་ཉེ་བར་སྦྱར་བ་སྟེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་དགུ་པ་ལ། དཔལ་ཇོ་མོ་ནང་གི་རི་ཁྲོད་དུ་སྒྲུབ་པའོ།། །།དགེ་ལེགས་འཕེལ།


TNT06_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དཔལ་ལྡན་གཤིན་རྗེ་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འོད་འབར།


TNT06_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་གཤིན་རྗེ་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འོད་འབར་ཞེས་བྱ་བ་བཞུགས།


TNT06_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གང་ཞིག་ལྷན་ཅིག་སྐྱེས་དགའ་འཁོར་ལོའི་མགོན། །ཡེ་ཤེས་རང་སྣང་བཅུ་གསུམ་དཀྱིལ་འཁོར་ཚུལ། །དེ་ལ་དངོས་ཀུན་གཉིས་མེད་ཚུལ་བཏུད་ནས། །དབང་བཞིའི་ཆོ་ག་མདོ་ཙམ་གསལ་བར་བྱ། །འདི་ལ་སློབ་དཔོན་གྱི་ལས། སློབ་མ་གཞུག་པ། རྗེས་ཀྱི་བྱ་བ་སྟེ་གསུམ་ལས། དང་པོ་ལ་སའི་ཆོ་ག ལྷག་པར་གནས་པ། དཀྱིལ་འཁོར་དངོས་ཀྱི་བྱ་བ་སྟེ་གསུམ་མོ། །དང་པོ་ལ། བརྟག་དང་བླང་དང་སྦྱང་བ་དང༌། །བྱིན་རླབས་དང་ནི་བཟུང་དང་བསྲུང༌། །དེ་ལ་ལྷ་འགྲོས་བཀའ་བསྒོ་དང༌། །སྟང་སྟབས་ཕུར་བུ་ཡང་དག་བསྲུང༌། །ཞེས་པ་ནི་སྡོམ་མོ། །དང་པོ་བརྟག་པ་ནི་གཞན་དུ་ཤེས་སོ། །གཉིས་པ་བསླང་པ་ནི་མཆོད་གཏོར་བཤམས་ཏེ། སྐྱབས་སེམས་སྔོན་དུ་འགྲོ་བས། རོལ་མོའི་བརྡའ་སྦྱར་ཏེ། རང་སྐད་ཅིག་གིས་གཤིན་རྗེ་གཤེད་དུ་གྱུར། ཧཱུཾ་བཞི་པ་དང་ཧྲཱིཿཥྚཱིཿབརྗོད་པས་བགེགས་རྣམས་བསྐྲད། ཨོཾ་གྷ་གྷ་སོགས་འོག་ནས་འབྱུང་བའི་སྔགས་ཀྱིས་ཕུར་བུ་གཅིག་བཏབ་ལ། གཏོར་མ་དང་པོ་སྒྲུབ་


TNT06_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ནས་འབྱུང་བ་ལྟར་ཕྱོགས་སྐྱོང་ལ་གཏོར་མ་ཕུལ། གཉིས་པ་དཔུང་བཟང་ནས་འབྱུང་བའི་ཕྱོགས་སྐྱོང་ལ་གཏོར་མ་ཕུལ། གསུམ་པ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ཨ་ཀཱ་རོས་གཞི་བདག་ལ་ཕུལ། ས་ཕྱོགས་འདི་རྣམས་བདག་ལ་ཅི་བདེ་བར་གནང་བར་མཛོད་ཅིག ཅེས་བརྗོད། དཀྱིལ་འཁོར་གྱི་གནས་སུ། མཎྜལ་ཚོམ་བུ་མཆོད་པ་དང་བཅས་པ་བཤམས་ལ། ཧྲཱིཿཥྚཱིཿས་བསངས། ཨ་ཀཱ་རོས་སྦྱངས། པད་ཟླའི་གདན་ལ། རང་གི་སྙིང་ག་ནས་སྤྲོས་པའི་བཾ་ཡིག་དང་བུམ་པ་ལས། སའི་ལྷ་མོ་སྐུ་མདོག་སེར་མོ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་ལྟེ་བའི་ཐད་ཀར་འཛིན་པ། སའི་ལྷ་མོ་དཔག་ཏུ་མེད་པས་བསྐོར་བ། ཧྲཱིཿཥྚཱིཿའི་མཐར། བྷུ་མི་དེ་བི་ཊཱ་ཀི་ཧཱུཾ་ཛཿ ཞེས་འདོད་རྒྱལ་གྱི་ཕྱག་རྒྱས་ཡེ་ཤེས་ཀྱི་ས་ལྷ་བཀུག་སྟེ་གཉིས་སུ་མེད་པར་ཐིམ་པར་བསམ། ཧྲཱིཿཥྟིཿའི་མཐར། བྷུ་མི་དེ་བི་པྲ་ཝ་ར་སཏྐ་ར་སྭཱཧཱ། དེ་བཞིན་དུ།


TNT06_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ། པཱདྱཾ། པདྨ་ཀ་མ་ལ་ཡེ་སྟྭཾ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིག་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་བཛྲིར་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། དཀྱིལ་འཁོར་གྱི་གཙོ་བོས་དབུ་བརྒྱན། མཆོད་ཡོན་གཉིས་དང་འབྲེལ་བའི་ཉེར་སྤྱོད་ལྔ་རོལ་མོ་རྣམས་སྔར་གྱི་རིགས་བསྒྲེས་ཏེ་དབུལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་དང༌། ས་ནི་འགྲོ་བ་ཀུན་གྱི་རྟེན་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །དེ་བས་བདག་ལ་བརྫུན་ནི་ཡོང་མིན་པས། །བརྟན་མ་འདིར་ནི་བདག་གིས་དཔང་མཛོད་ཅིག །ཨོཾ་ཨེ་ཝཾ་བྷུ་མི་དེ་བི་ཨི་དམ་ཨ་མྲྀ་ཏ་མཧཱ་སྭཱ་དཱ་ཧཱུཾ། ཞེས་ནང་མཆོད་ཕུལ། རིག་པ་འཛིན་པ་ཅི་བདེ་བར་སྤྱོད་ཅིག་ཅེས་གསུང་བར་བསམ། པྲ་ཏིཾ་བྷྱ་ཞེས་མཆོག་སྦྱིན་གཡས་པ་ས་ལ་རེག་པས། ཡེ་ཤེས་པ་གཤེགས། སྙིང་གར་རེག་སྟེ། དམ་ཚིག་པ་རང་ལ་ཐིམ། གཉིས་པ་སྦྱང་བ་ནི། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནེ་སརྦ་ཨརྠ་ས་དྷ་ནེ་སྭཱཧཱ། ཞེས་བརྗོད་ཅིང༌། དྲི་བཟང་གི་ཆུས་བྱུགས། སྦྱང་བའི་བྱུགས་པ་གཞན་དང་གཞན་དག་ནི་འདིར་ཉེ་བར་མི་མཁོ་བས་མ་སྤྲོས་སོ། །བཞི་པ་བྱིན་གྱིས་བརླབ་པ་ནི། རྡོ་རྗེ་དྲིལ་བུ་སྙིང་གར་འཁྱུད་རྒྱས་བཟུང་ལ། བདག་ཉིད་འོག་མིན་དུ་གནས་པར་གྱུར། ཨ་ཀ་རོས་སྣོད་བཅུད་སྟོང་པར་སྦྱངས། ཡཾ་རཾ་བཾ་


TNT06_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ལཾ་ལས་འབྱུང་བ་བཞིའི་དཀྱིལ་འཁོར་སྟེང་ནས་སྟེང་དུ་བརྩེགས་པ། ཨོཾ་སུ་ཁཾ། རི་རབ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ། དེའི་སྟེང་གི་ནམ་མཁའ་ལ་རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཨོཾ་བཛྲ་དྷཱ་ཏུ། དེའི་ཕྱག་ཞབས་རྣམས་དང༌། བ་སྤུའི་བུ་ག་ནས་བདུད་རྩིའི་ཆུ་རྒྱུན་བབས། དེས་རི་རབ་ཀྱི་ཕྱེད་ནུབ་པར་གྱུར་ཅིང༌། རྣམ་སྣང་ཡང་རི་རབ་ལ་ཐིམ། རི་རབ་ཀྱི་སྟེང་དུ། ཧཱུཾ་ལཾ་ཧཱུཾ་ལས་འོད་འཕྲོས། ས་ཕྱོགས་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་མེ་དི་ནི་བཛྲིར་བྷ་ཝ་བཛྲ་བནྡྷ་ཧཱུཾ། ཞེས་བརྗོད་ཅིང་རྡོ་རྗེ་དང་བཅས་པའི་ལག་པ་ས་ལ་རེག་པར་བྱའོ། །སྔར་དཀྱིལ་འཁོར་རྒྱས་པར་བསྒོམས་ན་རང་གི་སྙིང་གར་བསྡུ། སྤྱོད་ལམ་ཅུང་ཟད་བྱ་ཞིང་ངལ་བསོའོ་ཞེས་གསུང་ངོ༌། །ལྔ་པ་བཟུང་བ་ནི། རང་གི་སྙིང་གའི་ཡ་ཡིག་ལས་ལྷ་མོ་བཞི་སྤྲོས་ཞེས་པ་ནས། བཟླས་པའི་བར་མངོན་རྟོགས་ཡོངས་རྫོགས་སྒྲུབ་ཐབས་བཞིན་སྒོམ་མོ། །དྲུག་པ་བསྲུང་བ་ལ་སྔོན་འགྲོ་ནི། རྡོ་རྗེ་སློབ་དཔོན་གྱི་ཕྱོགས་བཞིར་གནས་པའི་གཏི་མུག་རྡོ་རྗེ་ལ་སོགས་པའི་ང་རྒྱལ་འཛིན་པ་བཞིས། རང་རང་དང་སློབ་དཔོན་གྱི་བར་དུ་མཆོད་པ་དང་ནང་མཆོད་བཤམས། ཕྱོགས་བཞིའི་སློབ་དཔོན་རྣམས་ཀྱིས་ལྷན་ཅིག་ཏུ་མཆོད་བསྟོད་བདུད་རྩི་མྱང་བ་རྣམས་བྱ་སྟེ། དེ་ཡང༌། སྙིང་ག་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས། ཞེས་པ་ནས། ཤཔྟ་ཨཱཿཧཱུཾ་གི་བར་ཚོགས་ཞིང་གི་སྐབས་བཞིན་མཆོད། ཀྱེ་ཀྱེ་གཤིན་རྗེ་གཤེད་ནག་པོ་ནས། གར་མཛད་འགྲོ་བ་ཡོངས་ལ་གཟིགས། །ཞེས་པའི་བར་གྱིས་བསྟོད། མངོན་རྟོགས་ལྟར་ནང་མཆོད་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུཾ། དཀྱིལ་འཁོར་གྱི་སློབ་དཔོན་ཆེན་པོ་དང༌། ཞེ་སྡང་རྡོ་རྗེ་དབྱེར་མ་མཆིས་པའི་


TNT06_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དུ་ཨི་དཾ་ཨ་མྲྀ་ཏ་མཧཱ་སྭ་དཱ་ཧཱུཾ། ཞེས་ནང་མཆོད་ཕུལ། དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས་དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། ཤར་མས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ལྷོ་མས། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ནུབ་མས། ཞི་བའི་ཆོས་ནི་ཀུན་དང་ལྡན། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །བྱང་མས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་ལན་གསུམ་གསུམ་གྱིས་གསོལ་བ་བཏབ། དངོས་གཞི་ལ་དྲུག་གི་དང་པོ་རྡོ་རྗེའི་ལྟ་བས་བསྲུང་བ་ནི། རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་དང་བཅས་ཏེ། ཧྲཱིཿཥྟཱིའི་མཐར། ཨུ་ཏིཥྛ་མཧཱ་མཎྜལ་ཨུ་པ་ཏ་ཡཾ། ཞེས་པ་ལན་གསུམ་མོ། །ས་བཟུང་གི་དཀྱིལ་འཁོར་ནམ་མཁར་བཞུགས། རང་ཉིད་གཤིན་རྗེ་གཤེད་ཀྱི་སྐུར་གསལ་བའི་མིག་གཡས་གཡོན་མ་དང་ཊ་ལས་ཉི་མ་དང་ཟླ་བ། མིག་འབྲས་དབུས་སུ་ཧཱུཾ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ། ཨོཾ་བཛྲ་དྲི་ཌི་མ་ཊ། རྡོ་རྗེའི་ལྟ་བས་གཡོན་སྐོར་དུ་བལྟས་ནས་ཧཱུཾ་ཞེས་བརྗོད་པས། བགེགས་རྣམས་བཅོམ་པར་བསམ། གཡས་སུ་སྐོར་བས་མིག་གི་འོད་ཟེར་རྣམས་རྡོ་རྗེའི་རྭ་བར་གྱུར། གཉིས་པ་འགྲོས་ཀྱི་བསྲུང་བ་ནི། རང་ཉིད་རྒྱུ་རྡོ་རྗེ་འཆང་དུ་གྱུར། ཨོཾ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་


TNT06_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མཾ། ཞེས་ལན་བཞི་བརྗོད་ཅིང༌། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་བཞིར་རེག་གོ །རྐང་མཐིལ་དུ་ཨ་ལས་སྣ་ཚོགས་རྡོ་རྗེ། ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་པ་གླུར་བླངས་ཤིང༌། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་འགྱིང་བ་དང་བཅས་པས། རྡོ་རྗེ་རྩེ་ལྔ་པའི་རྐང་སྟབས་ཞིག་བྱའོ། །རྡོ་རྗེའི་རྭ་བ་དང་ས་གཞིར་གྱུར། བདག་ཉིད་ཞེ་སྡང་གཤིན་རྗེ་གཤེད་དུ་གྱུར། ཧྲཱིཿཥྚཱིཿའི་མཐར། བཛྲ་ཨ་དྷི་ཏིཥྛ་སྭ་མཾ། གནས་བཞི་བྱིན་གྱིས་བརླབས། རྐང་མཐིལ་དུ་ཨ་ལས་སྣ་ཚོགས་རྡོ་རྗེ། ཧཱུཾ་གླུར་བླངས་ཤིང༌། ཕྱོགས་བཞིར་ཧཱུཾ་བཞིས་གཞི་བཅའི་རྐང་སྟབས་འཆའ་ཞིང༌། དྲག་པོའི་འགྲོས་གྱིས་བསྐོར་བས། རྡོ་རྗེ་རྭ་བ་མེ་དཔུང་དྲག་ཏུ་འབར་བ་དང་བཅས་པར་གྱུར། གསུམ་པ་བཀའ་བསྒོ་བས་བསྲུང་བ་ནི། རལ་གྲི་བསངས་སྦྱངས། མུཾ་ལས་བྱུང་བའི་འཇམ་དཔལ་གྱི་ངོ་བོ་རལ་གྲིར་གྱུར། དེ་ཉིད་འདེབས་ཚུལ་དུ་བྱ་ཞིང༌། ཧཱུཾ། ལུས་དང་ངག་སེམས་ལ་གནས་པའི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །བདག་ནི་དཔལ་ལྡན་རལ་གྲི་འཛིན། །བསྲུང་བའི་འཁོར་ལོ་རབ་སྦྱོར་བ། །རལ་གྲི་འབར་བའི་གཟུགས་འདི་ཡིས། །ལུས་གསུམ་ལས་བྱུང་བཅད་པར་བྱ། །ཅི་སྟེ་བདག་ཚིག་ལས་འདས་གང༌། །འཇིག་པར་འགྱུར་བ་གདོན་མི་ཟ། །ཞེས་ལན་གསུམ་དྲག་རོལ་དང་བཅས་པའི་བརྗོད་དོ། །བཞི་པ་སྟང་སྟབས་ཀྱིས་བསྲུང་བ་ནི། གཡོན་བརྐྱང་བ་དང་མཐུན་པའི་སྟབས། །ས་གའི་འདུག་སྟངས་གཡས་བརྐྱང་དང༌། །ཟླུམ་པོར་གནས་དང་རྐང་གཅིག་དང༌། །རུས་སྦལ་སྟང་སྟབས་བདུན་པར་བཤད། །ཅེས་པ་ལྟར་འགྲུབ་ན་བྱའོ། །ལྔ་པ་ཕུར་བཏབ་ཀྱིས་བསྲུང་བ་ནི།


TNT06_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་ལྔ་ལ། ཧྲཱིཿཥྚཱིཿའི་མཐར་ཀཱི་ལ་ཡ་ཧཱུཾ་ཕཊ། ལན་གསུམ་གསུམ་བཟླས་ལ། བྱང་དང་བྱང་ཤར་གྱི་བགེགས་ཐམས་ཅད་བཀུག་སྟེ་བརྩེགས་པས་གནས་པར་གྱུར། ཧྲཱིཿཥྚཱིཿའི་མཐར། བགེགས་ཐམས་ཅད་ཨཾ་གུ་ཤ་ཛཿ ཨ་ཀརྵ་ཡ་ཧྲཱི། བགེགས་ཀྱི་སྙིང་གར་བཏབ་པར་བསམ་ལ། ཧྲཱིཿཥྚཱིཿའི་མཐར། ཨོཾ་གྷ་གྷ་གྷ། གྷཱ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཥྟཱ་ཎ་ཕཊ། ཀཱི་ལ་ཡ། ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ། བཛྲ་དྷ་རོ་ཨཛྙཱ་པ་ཡ་ཏི་སརྦ་བིགྷ་ནན། ཀཱ་ཡ་ཝཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་བྱང་ཤར་དུ་ཕུར་བུས་བཏབ། དེ་བཞིན། ཤར་དང་ཤར་ལྷོའི་ཞེས་སོགས་ཀྱི་ཤར་ལྷོར་ཕུར་བུས་བཏབ། ལྷོ་དང་ལྷོ་ནུབ་ཀྱི་ཞེས་སོགས་ལྷོ་ནུབ་ཏུ་ཕུར་བུས་བཏབ། ནུབ་དང་ནུབ་བྱང་གི་ཞེས་སོགས་བརྗོད། ནུབ་བྱང་དུ་ཕུར་བུས་བཏབ། སྟེང་འོག་གི་བགེགས་སོགས་ཀྱི་མཐར་དབུས་སུ་ཕུར་བུ་བཏབ། ཧཱུཾ་ཞེས་གཡོན་དུ་བསྐོར་བས། བགེགས་ཕྲན་རམ་མདའི་ཚུལ་དུ་འོངས་པ་རྣམས། ཕུར་བུའི་སྟོད་སྨད་ནས་སྤྲོས་པའི་ཁྲོ་བོའི་ཚོགས་དང་མཚོན་ཆའི་ཚོགས་ཀྱིས་བཅོམ་པར་གྱུར། ཡང་ཧཱུཾ་ཞེས་གཡས་སུ་བསྐོར་བས། རྡོ་རྗེའི་ས་གཞི་དང་རྭ་གུར་དུ་གྱུར། དྲུག་པ་ཡང་དག་པར་བསྲུང་བ་ནི། རང་གི་སྙིང་ག་ནས་ཨ་ཆད་པ་ལས་ཉི་མའི་དཀྱིལ་འཁོར། ཧཱུཾ་ཆད་པ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ། དེ་ལས་འོད་ཟེར་འཕྲོས་པས། སླར་ཡང་རྡོ་རྗེའི་རྭ་གུར་གྱི་ཕྱི་ནས་བསྐོར་བས་བགེགས་ཐམས་ཅད་ཀྱི་མི་ཚུགས་པར་གྱུར། དེ་དག་ནི་སའི་ཆོ་ག་ཡན་ལག་དང་བཅས་པའོ། །གཉིས་པ་སྟ་གོན་ནམ་ལྷག་པར་གནས་པ་ནི། བདག་བསྐྱེད་སྔོན་དུ་འགྲོ་བ་ཅན་ཏེ། དེ་ཡང་བཟླས་པ་ཡན་


TNT06_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཀྱི་མངོན་རྟོགས་སྒྲུབ་ཐབས་ལྟར་རྒྱས་པར་བསྒོམས་པའམ། མདོར་བསྡུ་ན། གཞལ་ཡས་ཁང་མི་སྒོམ་པར། རྒྱུ་འབྲས་རྡོ་རྗེ་འཛིན་པའི་བསྐྱེད་ཆོག་རྫོགས་པར་བྱས་ལ། སྐྱེད་མཆེད་བྱིན་གྱིས་བརླབས་པ་ནས། བཟླས་པའི་བར་དུ་བྱའོ། །རང་གི་སྙིང་ག་ནས། ཞེས་པ་ནས། སྐད་ཅིག་གིས་བར་གྱི་ཞེས་པས་དཀྱིལ་འཁོར་རྒྱས་པ་སྒོམ་ན་བསྡུ་ལ། བསྡུས་པའི་ཚེ་ན། དཀྱིལ་འཁོར་གྱི་འཁོར་ལོ་བདག་ཉིད་ལ་ཞེས་སོགས་བརྗོད་མི་དགོས་སོ། །ལྷག་གནས་དངོས་ལ། སའི་ལྷ་མོ་ལྷག་གནས། དཀྱིལ་འཁོར་གྱི་ལྷ་ལྷག་གནས། དབང་གི་བུམ་པ་ལྷག་གནས། གུས་ལྡན་གྱི་སློབ་མ་ལྷག་གནས་སོ། །དང་པོ་ནི། ས་བསླང་བའི་སྐབས་དང་ཆོ་ག་འདྲའོ། །འོན་ཀྱང་གཉིས་ཀར་བྱ་དགོས་ཏེ། སྔ་མ་ནི་ས་བསླང་བའི་དོན་ཡིན་ལ། འདིར་ནི་དཀྱིལ་འཁོར་བྲིས་ཏེ་བདུད་གཞོམ་པའི་དོན་ཡིན་པའི་ཕྱིར་རོ། །གཉིས་པ་ནི་ལྷ་རྣམས་དང་ཐོད་པའི་གནས་སུ་དྲི་བཟང་གི་ཐིག་ལེ་བྱ་སྟེ། རང་རང་གི་སྔགས་བཟློས་བཞིན་པས་རིགས་ལྔའི་གནས་སུ་གྲུ་བཞི་པ་དང༌། གཞན་རྣམས་སུ་ཟླུམ་པོར་བྱའོ། །དེ་རྣམས་ཀྱི་སྟེང་དུ་རང་རང་གི་སྔགས་ཀྱིས་མེ་ཏོག་གི་ཚོམ་བུ་བཀོད། ད་ལྟའི་ལག་ལེན་ལྟར་ན། ལས་ཐིག་གི་བྱ་བ་རྫོགས་པར་བྱས་ལ་ཚོམ་བུ་དགོད་དོ། །དེར་མཆོད་པ་བཤམས་ལ། གུ་གུལ་གྱི་དུད་པས་བདུག་ཅིང༌། བསངས་སྦྱངས། པཾ་ལས་པདྨ་དང་རཾ་ལས་ཉི་ཟླའི་སྟེང་དུ། སྐད་ཅིག་གིས་བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་ཅེས་པ་ནས། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཡབ་ཀྱི་གསང་བ་ཞེས་པ་ནས། བདུད་རྩི་མྱང་བ་རྫོགས་ཀྱི་བར་མངོན་རྟོགས་བཞིན་བྱའོ། །ཡེ་ཤེས་པ་དགུག་གཞུག་སོང་བའི་སྐབས་སུ། སྙིང་གའི་ཧཱུཾ་གི་འོད་ཟེར་ལྕགས་ཀྱུ་ལྟ་བུས།


TNT06_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཆོག་གི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ མཆོད་ཡོན་དང་ཉེར་སྤྱོད་ལྔའི་སྔགས་མཆོད་ཙམ་འབུལ། ཨོཾ་བཛྲ་མུདྒ་ར་ཛཿ ཞེས་དགུག་གཞུག་སོགས་བྱ། དེ་ནས་མཆོད་བསྟོད་བྱ་བ་ནི་ཁྱད་པར་རོ། །བསྟོད་པའི་མཐར་ལྷ་སོ་སོ་ལ་དམིགས་ཏེ་བཟླས་པ་ཡང་ཅུང་ཟད་བྱས་ལ། སང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཞུགས་ཤིང་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ཡང་ཡང་བཏབ། གསུམ་པ་ནི། རྣམ་རྒྱལ་བུམ་པ་ལ་རིགས་ལྔའི་ཕྱག་མཚན་བཀོད། ལས་བུམ་ལ་སྣ་ཚོགས་རྡོ་རྗེ་བཀོད། གལ་ཏེ་ལྷ་གྲངས་དང་མཉམ་པའི་བུམ་པ་ཡོད་ན། ལས་བུམ་ལོགས་སུ་བྱ་མི་དགོས་སོ། །དེ་དག་གུ་གུལ་གྱི་དུད་པས་བདུག རིན་པོ་ཆེ་ལྔ། སྨན་ལྔ། དྲི་ལྔ། འབྲུ་ལྔ། སྙིང་པོ་ལྔ། ཤ་ལྔ། བདུད་རྩི་ལྔ། ཆུ་གཙང་མས་ལེགས་པར་བཀང༌། བཅུད་ལྡན་གྱི་ཤིང་གིས་ཁ་བརྒྱན་དང༌། མགུལ་བཅིང་དཀར་པོས་དཀྲིས། དུང་ཆོས་དང་གཟུང་ཐག་རྡོ་རྗེ་འདུས་བྱས་ལ། བསངས་སྦྱངས། པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བྷྲུཾ། བྷྲ྄ུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་ཞིང༌། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱི་མགུལ་བཅིང་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱི་ཡོངས་སུ་གང་བ་ལྷའི་གདན་དང་བཅས་པར་གྱུར། ཡབ་ཀྱི་གསང་གནས་མི་དམིགས་པའི་ངང་ལས་ཞེས་པ་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། ཚུར་འདུས། བུམ་པའི་དབུས་ཀྱི་གདན་ལ་འཁོར། ཨོཾ་ཛི་ན་ཛི་ཀ་སོགས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད། ཕྱིའི་མཚམས་བཞིའི་


TNT06_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གདན་གྱི་སྟེང་དུ་འཁོད། ཅེས་པའི་བར་སྒྲུབ་ཐབས་བཞིན་ལས། ཕྲག་དོག་རྡོ་རྗེའི་སྐབས་བྱང་གི་རྭ་དབུས་མ་དང༌། ལས་བུམ་གྱི་ནང་དུ་པད་ཉི་ལ་འཁོད། ཅེས་དང༌། ཤར་སྒོར་ཞེས་སོགས་ཀྱི་དོད་དུ། ཤར་དུ་ཞེས་སོགས་འདོན་པ་སྤོ། ལྷ་སྟ་གོན་ལ་ཡང་འདི་ལྟར་བསྐྱེད་པའི་ལུགས་ཀྱང་ཡོད་དོ། །སྐྱེ་མཆེད་བྱིན་བརླབས། དབང་བསྐུར། ཡེ་ཤེས་པ་སྤྱན་དྲང་པ་སོགས་སྒྲུབ་ཐབས་ལྟར་བྱ། ཡང་ན། མིག་གཉིས་སུ་ཛཿཛཿགཡོན་དུ་ཉི་མ་དང་གཡས་སུ་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། ལྟེ་བ་ལ་དིབྟ་དྲིཥྟི་ཨཾ་གུ་ཤ་ཛཿ ཞེས་པའི་སྔགས་ཀྱིས་མཚན་པར་གྱུར། ཧྲཱིཿཥྚཱིཿའི་མཐར་དིབྟ་སྦྱར་བའི་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཤིང་རྫི་མ་བསྐྱོད་པས། ཡེ་ཤེས་འཁོར་ལོ་བཀུག་སྟེ། སྐད་ཅིག་གིས་བསྟིམ་པར་བསམས་ཀྱང་རུང་ངོ༌། །མཆོད་བསྟོད་བདུད་རྩི་མྱང་བ་ཡང་མངོན་རྟོགས་བཞིན་བྱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་གཟུངས་ཐག་ལ་འཁྲིལ་ནས་སོང་བས། ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་བྱུང་བས། བུམ་པ་ཁེངས་པར་གྱུར། ཞེས་བརྗོད་ཅིང༌། ཧྲཱིཿཥྚཱིཿཅི་ནུས་བཟླས་ལ། ཕྲེང་བའི་སྔགས་ཡང་ཅི་རིགས་བཟླ། ལས་བུམ་གྱི་ཕྲག་དོག་རྡོ་རྗེ་ལ་དམིགས་ཏེ་ཡང་ཧྲཱིཿཥྚཱིཿབཟླ། དཀྱིལ་འཁོར་གྱི་ལྷ་རྣམས་གཉིས་སུ་མེད་པར་སྦྱོར་བས་འོད་དུ་ཞུ། བུམ་པ་བདུད་རྩིས་གང་བར་གྱུར། དུང་ཆོས་ཀྱི་ཆུ་བུམ་པར་བླུགས་ནས། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ཅིང༌། ནུབ་བྱང་གི་གདན་ལ་བཞག་གོ །ཡང་ན་རྣམ་རྒྱལ་བུམ་པའི་


TNT06_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཀྱི་གཙོ་བོ་བསྐྱེད་པ་དང་ལས་བུམ་གྱི་གཙོ་བོ་ལྷན་ཅིག་ཏུ་བསྐྱེད་ཀྱང་རུང་ངོ༌། །ལྷག་པར་གནས་པའི་རྗེས་ཀྱི་བྱ་བ་ནི། མགྲིན་པར་ཧྲི་ལས་པདྨ་དམར་པོ་མདུན་གྱི་འདབ་མ་ལྕེར་གྱུར་པའི་ཧཱུཾ་ལས་རྡོ་རྗེར་གྱུར། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཤིང༌། སྤོས་སྣོད་ཐོགས་པས། མགོན་པོ་ཞེ་སྡང་གཤིན་རྗེ་གཤེད། །རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་བྲི་བ་བདག་འཚལ་ལོ། །སློབ་མ་རྣམས་ལ་ཕན་ཕྱིར་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །འགྲོ་བ་འཁོར་ལོའི་དོན་བྱེད་པ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །འབྱུང་པོ་བྱང་ཆུབ་བརྟན་གནས་དང༌། །སངས་རྒྱས་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་སྔ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་རྡོ་རྗེ་ཆེ་གེ་ཡིས། །གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་མཆོག །ཇི་ལྟར་ནུས་པར་ཉེར་སྤྱོད་པས། །འགྲོ་བ་སྦྱང་ཕྱིར་བྲི་བར་བྱ། །སློབ་མ་དང་བཅས་བདག་ལ་ནི། །ཐུགས་རྗེས་ཉེར་བར་དགོངས་ནས་ནི། །ཐམས་ཅད་དཀྱིལ་འཁོར་ལ་བཅུག་ནས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མངོན་རྟོགས་ནས་འབྱུང་བ་ལྟར་གཏོར་མ་བཏང་ཞིང༌། དཔའ་བོའི་སྟོན་མོའམ་ཚོགས་ཀྱིས་འཁོར་ལོ་


TNT06_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལོངས་སྤྱད་དོ། །དཀྱིལ་འཁོར་གྱི་ལྷ་ལ་འདོད་དོན་གསོལ་བ་བཏབ་སྟེ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། ཨོཾ་བཛྲ་ཨུ་ཏིཥྛ། ཞེས་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱས། དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་བཏེགཨརྒྷཾ་ལ་སོགས་པས་མཆོད། དུར་ཁྲོད་བརྒྱན་གྱི་སོགས་ཀྱིས་བསྟོད། དཀྱིལ་འཁོར་གྱི་འཁོར་ལོ་རྣམས་སང་སྤྱན་མ་དྲངས་ཀྱི་བར་དུ་མདུན་གྱི་ནམ་མཁར་བཞུགས་ལ། བདག་དང་སློབ་མར་བཅས་པ་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། དཀྱིལ་འཁོར་རིན་པོ་ཆེའི་སྤར་ཁའི་ནང་དུ་བཞུགས། སྙིང་པོས་རྒྱ་གྲམ་དུ་བཅིངས་ཤིང་རྒྱས་བཏབ་པར་གྱུར། ཧྲཱིཿཥྚཱིཿལན་གསུམ་ཙམ་བཟླས་སོ། །སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པ་བརྗོད་དེ། སློབ་དཔོན་བྱ་བ་ལྷག་པར་གནས་པ་གསུམ་རྫོགས་སོ། །བཞི་པ་ནི་མདོར་བསྡུས་ཙམ་ཞིག་བརྗོད་པར་བྱ་སྟེ། སློབ་མ་རྣམས་ཀྱིས་མཎྜལ་ཕུལ་ཏེ། གུས་པས་བཏུད་དེ་གནས་པ་ལ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །སྐྱེས་བུ་འཇིག་རྟེན་ཕ་རོལ་གཉེར། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །ཞེས་བརྗོད་ཅིང་དོན་བཤད་དོ། །དེ་ནས་སློབ་མས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་


TNT06_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་ཏུ་གསོལ། །ཅེས་ལན་གསུམ་གསོལ་བ་བཏབ། དེ་ནས་སློབ་དཔོན་གྱིས། བུ་ཚུར་ཐེག་པ་ཆེན་པོ་ཡི། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་མཆོག ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་གིས་ཀྱང་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ཏེ། །དཔའ་བོས་བྱང་ཆུབ་ཞིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྤྱོར་བ་མཉམ་མེད་དེ། །གང་གི་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟང་ཆེན་པོ་སྟོབས་ཆེན་བཅོམས། །འཇིག་རྟེན་རྗེས་འཇུག་རབ་རྟོགས་ནས། །འཁོར་ལོ་བསྐོར་ནས་མྱ་ངན་འདའ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ལ་དོན་བཤད། སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་མདོ་ལུགས་ནས་འབྱུང་བ་ལྟར་རྒྱས་པར་སྦྱིན་པའམ། བསྡུ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་པ་ལན་གསུམ་གྱིས་སོ། །སློབ་མ་བསངས་སྦྱངས། རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་བསྙེམས་པས་འཛིན་པ། དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུཾ་སྔོན་པོ། སློབ་དཔོན་གྱིས་སློབ་མའི་གནས་གསུམ་དུ་སྲིན་ལག་གིས་ཐིག་ལེ་བྱ་


TNT06_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། འབྲུ་གསུམ་བརྗོད་པ་ལུགས་འབྱུང་ལུགས་བཟློག་བྱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཞེས་མཆོད། རྒྱས་པར་སྤྲོ་ན། བླ་མ་གོང་མ་རྣམས་ཀྱིས་མཛད་པ་བཞིན། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པ། །ཞེས་སོགས་ཚིགས་སུ་བཅད་པ་རེ་རེའི་མཐར་མཆོད་པ་འབུལ་བར་མཛད་པ་བཞིན་སྤྲོ་ན་ཡང་བྱའོ། །དེང་ནས་བརྩམས་ཏེ་བདེ་བ་ལྡན་པར་གྱུར་པས་ཉེ་བར་གནས་པར་བྱོས་ཤིག སོ་ཤིང་སོར་བཅུ་གཉིས་པ་ཧྲཱིཿཥྚཱིཿབརྗོད་ཅིང་བདུད་རྩིས་བསངས་ལ་ཐལ་མོའི་བར་དུ་སྦྱིན། དངོས་གྲུབ་གྱི་ལྟས་ལ་དམོད་བོར་བའི་ཚུལ་གྱིས་ཨོཾ་བཛྲ་ཧ་ས་ཧ། ཞེས་པས་དོར། ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨཱ་སརྦ་པཱ་པཾ་ནི་ཙ་ཨ་སྱ་ཤྭ་དྷ་ཡ། སརྦ་བི་ཀལྤན་ཨ་པ་ན་ཡ་ཧཱུཾ། ཞེས་པས་ཁྱོར་ཆུ་བྱིན། ཀུ་ཤ་ཆེ་ཆུང་གཉིས་ཧྲཱིཿཥྚཱིཿས་བསངས་ལ་སྦྱིན། བསྲུང་སྐུད་དམར་པོ་སློབ་མའི་ལུས་ཚད་དང་མཉམ་པ་གསུམ་སྒྲིལ་དུ་བྱས་པ། བསངས་སྦྱངས། ཧཱུཾ་ལས་བྱུང་བའི་སྲད་བུར་བསྐྱེད། ཧྲཱིཿཥྚཱིཿའི་མཐར་བཛྲ་ཤིཥྱ་རཀྵ་རཀྵ་མི། ཞེས་མདུད་པ་གསུམ་ལྡན་དུ་བྱས་ལ། སྐྱེས་པའི་དཔུང་པ་གཡོན་དང༌། བུད་མེད་ཀྱི་གཡས་དང༌། བྱིས་པའི་མགུལ་དུ་བཏགས་སོ། །དེ་ནས། ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། ཁྱེད་རྣམས་དེ་རིང་དོང་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །རྒྱ་ལམ་ན་ནི་རེས་


TNT06_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་མཉམ་མེད་སེམས་ཅན་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བགྱིས་པ་གང༌། །དེ་ཀུན་ཟད་པར་འགྱུར་བ་ཡང༌། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པ་འགྲུབ། །གང་གི་སྤྱོད་མཆོག་འདི་ལ་ནི། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །བསྟན་པ་འདི་ལ་ཁྱེད་ཅག་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཡོད་དང་མེད་ལས་རྣམ་འདས་ཤིང༌། །ཟབ་མོ་རྟོག་གེ་ཐམས་ཅད་ཀྱིས། །རབ་ཏུ་མི་རྟོག་གནས་མེད་པ། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །སྤྲོས་པ་ཀུན་གྱིས་མ་སྤྲོས་པ། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། །ལས་དང་བྱ་བ་སོགས་ལྡན་བྲལ། །བདེན་པ་གཉིས་ལ་རྣམ་གནས་པའི། །ཐེག་པ་རབ་ཀྱི་མཆོག་འདི་ཡི། །ཚུལ་ལ་གནས་པ་ཐོབ་པར་འགྱུར། །ཞེས་བརྗོད་ཅིང་དོན་བཤད་དོ། །ཀུ་ཤའི་གདན་ལ་སེང་གེའི་ཉལ་སྟབས་ཀྱི་ཉལ་ཞིང་རྨི་ལམ་རྟོགས་ཤིག


TNT06_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་རྨི་ལམ་གྱི་དོན་ཅུང་ཟད་ཅིག་བཤད་དོ། །དེ་ལྟར་ན་སློབ་མ་སྟ་གོན་གྱི་བྱ་བ་རྫོགས་སོ། །སྟ་གོན་གྱི་རྗེས་ཀྱི་བྱ་བ་རྣམས་སྐབས་འདིར་བྱས་ཀྱང་རུང་ངོ༌། །གསུམ་པ་དཀྱིལ་འཁོར་དངོས་ཀྱི་བྱ་བའམ་དཀྱིལ་འཁོར་གྱི་ཞག་གི་ཆོ་ག་ལ། དཀྱིལ་འཁོར་འབྲི་བའི་བྱ་བ་དང༌། དཀྱིལ་འཁོར་སྒྲུབ་པའི་བྱ་བ་དང༌། བདག་ཉིད་འཇུག་ཅིང་དབང་བླང་པའོ། །དང་པོ་ལ་གསུམ་སྟེ། ཐིག་ཚོན་སྒྲུབ་པ། ཐིག་གདབ་པ། ཚོན་དགྱེ་པའོ། །དང་པོ་ནི། སྔར་གྱི་དཀྱུས་དེ་ཉིད་ལ་ཡིན་ན་བདག་བསྐྱེད་བསྒོམ་མི་དགོས་ཤིང་ཕྱི་དེའི་ཉིན་པར་ཡིན་ན། སྟ་གོན་གྱི་སྐབས་སུ་བསྟན་པ་ལྟར་གྱི་མངོན་རྟོགས་བསྡུས་པ་དེ་སྒོམ། ཚོན་སྣ་ལྔ་ལ་རིན་པོ་ཆེ་སྣ་ལྔ་བརྡར་ལ། ཁ་དོག་གི་རིམ་པ་དང་མཐུན་པར་ཡ་ཀྵེ་མ་མེད་རྣམས་བྲིས། རང་མདོག་དང་མཐུན་པའི་ཐིག་སྐུད་གསར་པ་རྣམས་ཀྱང་སྟེང་དུ་བཞག བསངས་སྦྱངས། སྟོང་པའི་ངང་ལས། ཐིག་ཚོན་སྔོན་པོ་ཡ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་མཱ་མ་ཀཱི་སྔོན་མོ་དང་མཉམ་པར་སྦྱོར་བ། ཐིག་ཚོན་དཀར་པོ་ཀྵེ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པས། ཡུམ་སངས་རྒྱས་སྤྱན་མ་དཀར་མོ་དང་མཉམ་པར་སྦྱོར་བ། ཐིག་ཚོན་སེར་པོ་མ་ལས་རིན་ཆེན་འབྱུང་གནས་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པས། ཡུམ་རིན་ཆེན་སྒྲོལ་མ་སེར་མོ་དང་མཉམ་པར་སྦྱོར་བ། ཐིག་ཚོན་དམར་པོ་མེ་ལས་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པས། ཡུམ་གོས་དཀར་མོ་དང་མཉམ་པར་སྦྱོར་བ། ཐིག་ཚོན་ལྗང་ཁུ་ད་ལས་དོན་ཡོད་གྲུབ་པ་ལྗང་ཁུ་རལ་གྲི་དང་དྲིལ་བུ་འཛིན་པས། ཡུམ་དམ་ཚིག་སྒྲོལ་མ་ལྗང་ཁུ་དང་མཉམ་པར་སྦྱོར་བ། ཡུམ་རྣམས་གྲི་གུག་དང་ཐོད་པ་འཛིན་པ། ཐམས་ཅད་ཀྱང་དར་དང་རིན་པོ་


TNT06_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་རྒྱན་གྱིས་བརྒྱན་པའོ། །སྐྱེ་མཆེད་དང༌། སྐུ་གསུང་ཐུགས་བྱིན་རླབས་དང༌། དབང་བསྐུར་རྒྱས་བཏབ་རྣམས་སྒྲུབ་ཐབས་བཞིན་བྱས་ལ། ལྷ་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན། ཞེས་བརྗོད། མིག་བྱིན་གྱིས་རླབས་པ་ནས། དགུག་གཞུག་གི་བར་བུམ་བསྐྱེད་བསྡུས་པ་བཞིན་བྱས་ལ། ཨརྒྷཾ་ལ་སོགས་པས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་གསང་འདུས་ནས་འབྱུང་བའི་དེ་ཉིད་ལྔ་པས་བསྟོད། ཡ་ཀྵེ་མ་མེ་ད་ཨོཾ་ཨཱཿཧཱུཾ། ཞེས་ནང་མཆོད་ཕུལ། ལྷ་སྐུ་རྣམས་ཞུ་བ་ལས་ཕྱག་མཚན་ལྔར་གྱུར། དེ་རྣམས་ཞུ་བ་ལས། ཡ་ཀྵེ་མ་མེ་ད་ཡིག་རྣམས་སུ་གྱུར། དེ་རྣམས་ཞུ་བ་ལས། ཐིག་ཚོན་ལྔ་ལྔར་གྱུར། བདག་ཉིད་གཙོ་བོ་ཞེ་སྡང་རྡོ་རྗེ་དང༌། སྒྲུབ་གྲོགས་གཏི་མུག་རྡོ་རྗེའམ་ཕྲག་དོག་རྡོ་རྗེའི་ང་རྒྱལ་དང་ལྡན་པས། ཐིག་སྣ་བསྒྲིལ་ཞིང་དྲངས་ལ། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ། སརྦ་དྷཱརྨ་པ་ར་སྤ་ར་ན། ཨ་ནུ་པྲ་བྲི་ཊ། སརྦ་དྷརྨ་ཨརྱནྟུ། ཨ་ནུ་པྲ་བྲི་ཊ། སརྦ་དྷརྨ་ཧཱུཾ། ཞེས་བརྗོད། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཨོཾ་ཨཱཿཧཱུཾ། ཞེས་བདུད་རྩི་ཕྱུགས་ལ་སྣོད་གཙང་མར་བཞག་གོ །རྡོ་རྗེ་དྲིལ་བུ་འཛིན་བཞིན་པས། ཨོཾབཛྲ་ཙི་ཏྲ་ས་མ་ཡེ་ཧཱུཾ། ཞེས་ཚོན་རྣམས་མཐེབ་སྲིན་གྱིས་མཉེའོ། །གཉིས་པ་ལ་ཡེ་ཤེས་ཀྱི་ཐིགས་གདབ་པ་དང༌། ལས་ཐིག་གདབ་པ་གཉིས་ལས། དང་པོ་ནི་སློབ་དཔོན་དཀྱིལ་འཁོར་གྱི་ནུབ་ཏུ་གནས་པས། སློབ་མ་བདེན་བྲལ་དུ་གནས་པ་ལ། ཛཿཛཿ ཞེས་ཐིག་སྣ་བླངས་ཏེ་གཏད་ལ། སློབ་མ་སློབ་དཔོན་གྱི་རྒྱབ་ནས་བསྐོར་ཏེ་སོང་ལ། ཤར་དུ་གནས་པས། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ།


TNT06_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་གི་སྒྲས་ནམ་མཁའ་གང་བར་བཞུགས་པའི་སངས་རྒྱས་ཐམས་ཅད་མཉེས་ཤིང་འགྲོ་དོན་ལ་བསྐུལ་བར་གྱུར། ཅེས་བརྗོད་ཅིང་ཐིག་ནམ་མཁར་བཏབ་སྟེ་རིམ་པ་དེ་ཉིད་ཀྱིས་ཡེ་ཤེས་ཀྱི་ཐིག་ཐམས་ཅད་བཏབ་སྟེ། སློབ་དཔོན་ཤར་བལྟས་སློབ་མ་ནུབ། །སློབ་དཔོན་བྱང་བལྟས་སློབ་མ་ལྷོ། །གཉིས་ཀ་ནུབ་ལ་ཤར་ངོས་གདབ། །གཉིས་ཀ་བྱང་བལྟས་སློབ་དཔོན་ལྷོ། །སློབ་མས་བསྐོར་ལ་ནུབ་བལྟས་བྱང༌། །སློབ་དཔོན་ནུབ་བལྟས་སློབ་མ་ཤར། །སློབ་དཔོན་ལྷ་མིན་སློབ་མ་རླུང༌། །སློབ་དཔོན་བདེན་བྲལ་ནས་འབྱུང་ལྟ། །ཞེས་བླ་མ་གོང་མ་རྣམས་གསུང་བ་བཞིན་ནོ། །གཉིས་པ་ལས་ཐིག་གདབ་པ་ནི། ལོགས་སུ་ཤེས་པར་བྱའོ། །གསུམ་པ་ནི། སློབ་དཔོན་གྱིས་དབང་ལྡན་གྱི་རྩིག་པ་སོར་བཞི་ཙམ་བྲིས་ཤིང༌། ཕུར་ཁུང་བགང༌། དེ་ནས་སློབ་མ་རྣམས་ཀྱིས་ཅི་བདེར་བྲི་སྟེ། རྩིག་པ་སྒྲེལ་ལ་ཚོན་བཀྲ་བརྟག །ལེགས་པར་བྲིས་ཟིན་པ་ན། མཚན་མ་རྣམས་དགོད། རྒྱན་རྣམས་དང༌། མཆོད་གཏོར་རྣམས་བཤམས་ཏེ། དེ་དག་རྒྱས་པར་བླ་མ་གོང་མ་རྣམས་ཀྱི་ཡི་གེ་དང་ཕྱག་ལེན་ལས་ཤེས་པར་བྱའོ། །གཉིས་པ་དཀྱིལ་འཁོར་སྒྲུབ་པའི་ཆོ་ག་ལ། སྔོོན་འགྲོ་དང༌། དངོས་གཞི་གཉིས་ལས། དང་པོ་ལ། མཚན་མ་ལྷར་བསྐྱེད་པ། སྒོ་དབྱེ་བ། ཕྱག་འཚལ་བ། མེ་ཏོག་དོར་བ། ལྷག་ཆད་བསྐང་བ་སྟེ་ལྔ་ལས། དང་པོ་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བགེགས་སྦྱངས་པ་དང༌། ཁྲུས་གསོལ་སྤྱི་དང་མཐུན་པར་བྱ། བསངས་སྦྱངས། བྲིས་པའི་དཀྱིལ་འཁོར་ཡོངས་སུ་གྱུར་པ་ལས། བསྲུང་འཁོར་གཞལ་ཡས་ཁང་གདན་དང་བཅས་པར་གྱུར། དབུས་ཀྱི་མཚན་མ་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་ནས། བཞུགས་པའོ། །དེ་བཞིན་དུ་སྦྱར་ཏེ། ཤར་གྱི་རྭའི་དབུས་ཀྱི་མཚན་མ་གཏི་མུག་རྡོ་རྗེ་དཀར་སོགས་དང༌། ཤར་


TNT06_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སྒོའི་མཚན་མ་ཐོ་བ་རྡོ་རྗེ་སོགས། ཤར་ལྷོའི་ཙར་ཙི་ཀ་སོགས། རིམ་པ་གཉིས་པའི་མཚན་མ་ཐོད་པ་བཞིར་གྱུར། ཞེས་སོ། །འདི་ཡིག་རྙིང་ཕལ་ཆེར་ན་མི་སྣང་བས་མ་བྱས་ཀྱང་དགག་བྱ་ཆུང་ཙམ་ཡིན་སྲིད་ནའང་སྒོ་དབྱེའི་སྔོན་དུ་འདི་ངེས་པར་ཐོབ་ཅིང༌། གཅུང་རྡོ་རྗེ་རྩེ་མོས་དཀྱིལ་ཆོག་ཏུ་བཤད་པ་ལྟར་བཀོད་པ་ཡིན་པས་ཡིད་ཆེས་པས་གནས་སོ། །གཉིས་པ་ནི། སྒོ་དབྱེ་བའི་ཕྱག་རྒྱ་དང་བཅས་པ། ཧྲཱིཿཥྚཱིཿའི་མཐར། ཨོཾ་བཛྲ་ཨུདྒྷ་ཊ་ཡ། ས་མ་ཡ། པྲ་བེ་ཤ་ཡ་ཧཱུཾ། དཀྱིལ་འཁོར་གྱི་སྒོ་བཞི་རང་བྱེ་བར་གྱུར། ཅེས་རྡོ་རྗེ་དྲིལ་བུ་འཛིན་པས། དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་རེ་རེའམ་ཤར་ནས་ལན་བཞི་བརྗོད་ཀྱང་རུང་ངོ༌། །གསུམ་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཀྩིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་གཡོན་གྱི་ཐལ་མོ་སྙིང་གར་གཏད་པས་ཕྱག་འཚལ་བའི་ཚུལ་དུ་བྱེད་དོ། །བཞི་པ་ནི། དཀྱིལ་འཁོར་གྱི་ནང་དུ་བཞུགས་པར་མོས་ལ། ཤར་གྱི་ལྷ་སྣམ་ལ་གནས་པར་བསམ་སྟེ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། མེ་ཏོག་གཙོ་བོའི་ཐུགས་ཀར་བབས། ཨོཾ་པྲ་ཏི་གྲྀཧྞཏྭཾ་ཨི་མཾ་སཏྭ་མཧཱ་བ་ལ། ཞེས་མགོ་ལ་བཅིང་ངོ༌། །ལྔ་པ་ནི། མིག་གཉིས་སུ་ཛཿཛཿ ཞེས་པ་ནས། ཧྲཱིཿཥྚཱིཿའི་མཐར། དིཔྟའི་སྔགས་བརྗོད་པའི་བར་གོང་བཞིན། མིག་གི་འོད་ཟེར་གྱིས། དཀྱིལ་འཁོར་གྱི་ལྷག་ཆད་ཐམས་ཅད་ཁ་བསྐང་བར་གྱུར། རྡོ་རྗེ་སྙིང་གར་གཏད་ཅིང་དྲིལ་བུ་དཀྲོལ་ལ། དཀྱིལ་འཁོར་ལ་མིག་གཡོ་བ་མེད་པར་ལྟ་ཞིང་ཡི་གེ་བརྒྱ་པ་ལན་གསུམ་དུ་བརྗོད་དོ། །གཉིས་པ་ལ། སྒྲུབ་པ་དངོས་དང༌། མཆོད་བསྟོད་དང༌། བཟླས་པ་སྟེ་གསུམ་ལས། དང་པོ་ལ། ནམ་མཁའི་ལྷ་དབང་བ་དང༌། དཀྱིལ་འཁོར་བྱིན་གྱིས་བརླབ་ཅིང༌། སྒྲུབ་པ་སྟེ་གསུམ་ལས། དང་པོ་ནི། རང་གི་སྙིང་ག་ནས་ཐོ་བ་གཤིན་རྗེ་


TNT06_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་ལ་སོགས་པ་སྒོ་བ་བཞི་སྤྲོས། ལྷག་གནས་ཀྱི་དཀྱིལ་འཁོར་ནམ་མཁར་བཞུགས་པའི་ཡི་གེ་རྒྱ་བཀྲོལ། རིན་པོ་ཆེའི་ཁ་སྦྱོར་ཁ་ཕྱེ་བར་གྱུར། བདུག་སྤོས་འཐུལ་བཞིན་དུ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམ་མཛད་ལྷ། །སྔོན་གནས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཧྲཱིཿཥྚཱིཿའི་མཐར། ཨོཾ་ཨཱཿཧཱུཾ་ཨ། དཀྱིལ་འཁོར་གྱི་གཙོ་བོ་དབུས་ཀྱི་མཚན་མ་ལ་ཐིམ། དེ་བཞིན་དུ་སྦྱར་ཏེ། ཨོཾ་ཀྵེ་ཛི་ན་ཛིཀ་སྭཱཧཱ། ཨོཾ་ཨཱཿཧཱུཾ་ཨ། ཞེས་པ་ནས། ཨོཾ་ཨཱཿར་ཧཱུཾ་ཨོཾ་ཨཱཿཧཱུཾ་ཨ་ལྷ་བཅུ་གཉིས་ཐོད་པ་བཞི་དང་བཅས་པ་ཡང་རང་རང་གི་མཚན་མ་ལ་ཐིམ། ཨོཾ་ཨཱཿཧཱུཾ་ཨ། གཞལ་མེད་ཁང་བསྲུང་བའི་འཁོར་ལོ་དང་བཅས་པ་ཡང་བྲིས་པའི་རྟེན་གྱི་དཀྱིལ་འཁོར་ལ་ཐིམ་པས། གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། རྡོ་རྗེ་ནག་པོ་རྩེ་ལྔ་པ། ཤར་དུ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲི། མཚམས་བཞིར་གྲི་གུག་བཞིའམ། ཤར་ལྷོར་འཁོར་ལོ། ལྷོ་ནུབ་ཏུ་རྡོ་རྗེ། ནུབ་བྱང་དུ་པདྨ། བྱང་ཤར་དུ་ཨུཏྤལ། ཤར་སྒོར་ཐོ་བ། ལྷོ་སྒོར་བེ་ཅོན། ནུབ་སྒོར་པདྨ་འབར་བ། བྱང་སྒོར་རལ་གྲི་འབར་བ། གྲྭ་བཞིར་ཐོད་པ་བཞི་དང་བཅས་པར་གྱུར། གཉིས་པ་ནི། རང་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་སེམས་དཔའ་གསུམ་བརྩེགས་དཀྱིལ་འཁོར་གྱི་ལྷ་སྣམ་ལ་གནས་པར་གྱུར། སྙིང་གའི་ས་བོན་ལས་རང་འདྲ་བ་དཔག་ཏུ་མེད་པ་སྤྲུལ་ཏེ།


TNT06_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནས། ཐོབ་པའི་རྗེས་སུ་མཐུན་གྱུར་ཅིག ཅེས་པའི་བར་མདུན་བསྐྱེད་ཕྱག་མཚན་གྱི་དཀྱིལ་འཁོར་ལ་དམིགས་ཏེ་ཚོགས་བསགས། བདག་ཏུ་འཛིན་པས། ཞེས་པ་ནས། ཕྱི་ནང་གྲྭ་བཞིར་ཟླ་བའི་གདན་དང་བཅས་པའོ། །ནམ་མཁར་གནས་པའི་ནས། སྤྱན་དྲངས་ཏེ། ཤར་གྱི་ལྷ་སྣམ་ལ་རང་གི་གདན་ལ་འཁོད། ཨ་ཨཱ་ནས། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ་གི་བར་དང༌། མིག་ཏུ་ཀྵིཾ་དང༌། འཁོར་ལོ་ནས། པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ་གི་བར་མངོན་རྟོགས་དང་འདྲ་བ་ལས། ལྷ་རྣམས་ཀྱི་ཞེས་པར། རང་གི་ཞེས་དང༌། ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན། ཞེས་དང༌། སྙིང་ག་ནས་ལྷ་མོ་བཞི་སྤྲོས། རང་བཞིན་གྱི་གནས་ནས། ཞེས་དང༌། ཡང་ཐུགས་ཀའི་འོད་ཀྱི་སྣེ་ལ་སྒོ་བ་བཞི་དཔག་ཏུ་མེད་པ་སྤྲོས། ཞེས་སོགས་འདོན་པ་སྤོ། ནང་མཆོད་བསངས་སྦྱངས་ནས། བཟླས་པའི་བར་མངོན་རྟོགས་བཞིན་ནོ། །ཡབ་ཀྱི་གསང་བ། ཞེས་པ་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། ཚུར་འདུས། བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་ནས། དབུས་ན་བཞུགས་པའོ། །ཨོཾ་ཛི་ན་ནས། ཤར་གྱི་རྭའི་སྟེང་གི་འཁོར་ལོ་ལ་ཐིམ་པ་ནས། སྐུ་མདོག་དཀར་པོ་སོགས། དེ་བཞིན་དུ། ལྷོའི་རྭའི་སྟེང་གི་རིན་པོ་ཆེ་ལ་ཐིམ་པ་ནས། སྐུ་མདོག་སེར་པོ་སོགས། ནུབ་ཀྱི་པདྨ། བྱང་གི་རལ་གྲི། ཤར་སྒོར་ཐོ་བ། ལྷོ་སྒོར་བེ་ཅོན། ནུབ་སྒོར་པདྨ། བྱང་སྒོར་རལ་གྲི། མེ་མཚམས་གྱི་གྲྭར་འཁོར་ལོ། བདེན་བྲལ་དུ་རྡོ་རྗེ། རླུང་མཚམས་སུ་པདྨ། དབང་ལྡན་གྱི་གྲྭར་ཨུཏྤལ་ཐིམ་པ་ནས། ལྗང་ཁུ་སོགས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་


TNT06_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད། རིམ་པ་གཉིས་པའི་གྲྭ་བཞིར་ཟླ་གདན་ལ་གནས་པའི་ཐོད་པ་རྣམས་ལ་ཐིམ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ནས། སྐྱིལ་ཀྲུང་གི་བཞུགས་པའོའི་བར་ཡང་མངོན་རྟོགས་བཞིན་ནོ། །སླར་ཡང་སྙིང་ག་ཞེས་པ་ནས། སྤྲུལ་པ་རྣམས་སྙིང་གར་ཐིམ། ཨོཾ་ཚུར་བྱོན་ཚུར་བྱོན་འཇམ་པའི་དབྱངས། ཁྲོ་བོ་གཤིན་རྗེ་གཤེད་པོའི་ཚོགས། །འཇམ་དཔལ་ཁྲོ་བོ་མི་བཟད་པ། །མཐུ་རྩལ་དྲག་པོ་གཤེགས་སུ་གསོལ། །མ་ལུས་སེམས་ཅན་སོགས་ཀྱང་བྱ། ཧྲཱིཿཥྚཱིཿལན་གཅིག་བརྗོད་པ་ནས། ཁཏྒ་ཧོའི་བར་ཀྱང་མངོན་རྟོགས་བཞིན་ནོ། །སྐབས་འདིར་ཡང་མཆོད་བསྟོད་བདུད་རྩི་མྱང་བ་མངོན་རྟོགས་ལྟར་བྱེད་པ་བཤད་པའང་ཡོད་མོད་ཀྱི་མཆོད་པ་ལན་གཉིས་མི་དགོས་པར། མངོན་རྟོགས་ནས་འབྱུང་བའི་མཆོད་བསྟོད་བདུད་རྩི་མྱང་བའམ། འོག་ནས་འབྱུང་བའི་མཆོད་བསྟོད་བདུད་རྩི་མྱང་བ་གང་རུང་ཅིག་གི་ཆོག་གོ །ལག་ལེན་འགའ་ཞིག་ལ། བདག་བསྐྱེད་དཀྱིལ་འཁོར་རྫོགས་པར་བསྒོམས་ནས། སླར་བསྡུས་ཏེ། མདུན་བསྐྱེད་སྤྲོ་བ་སོགས་བྱེད་མོད་ཀྱི། གཤིན་རྗེ་གཤེད་འབྱུང་བ་དང༌། འདི་ཉིད་ཀྱི་བླ་མ་གོང་མ་སུས་ཀྱང་མ་བཤད་པས། དེ་ནི་ལུགས་གཞན་ཁོ་ན་སྟེ། འདིར་བསྲེ་བར་མི་བྱའོ། །གཉིས་པ་ནི། གོང་དུ་བཤད་པ་ལྟར་མངོན་རྟོགས་ནས་འབྱུང་བའི་མཆོད་བསྟོད་བདུད་རྩི་མྱང་བ་གསུམ་པོས་ཀྱང་རུང་ལ། བླ་མ་སྔ་མ་རྣམས་ཀྱི་ཡི་གེ་ལྟར་ན། མཆོད་པ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས། པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུཾ་ལས་བྱུང་བའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་རྫས་བསམ་མི་ཁྱབ་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་ཨཱཿཧཱུཾ། ལན་མང་དུ་བརྗོད། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །


TNT06_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གིས་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཧྲཱིཿཥྚཱིཿའི་མཐར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། བདག་དང་འགྲོ་ལ་ཐུགས་རྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཧྲཱིཿཥྚཱིཿའི་མཐར། པདྨ་ཀ་མ་ལ་ཡེ་སྟྭཾ། འཇིག་རྟེན་ཁམས་རྣམས་དཔག་མེད་ན། །བདུག་སྤོས་ཇི་སྙེད་མཆིས་པ་དང༌། །བདག་གིས་གུས་པར་བཤམས་པ་རྣམས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །དྷུ་པེ། དེ་བཞིན་དུ་སྦྱར་ཏེ། མེ་ཏོག པུཥྤེ། སྣང་གསལ། ཨཱ་ལོ་ཀེ དྲི་ཆབ། གནྡྷེ། ཞལ་ཟས། ནེ་ཝེ་ཏྱེ། རོལ་མོ། ཤཔྟ། གོས་ཟུང་བསངས་སྦྱངས། སྟོང་པའི་ངང་ལས། ཝཾ་ལས་བྱུང་བའི་ལྷ་རྫས་ཀྱི་ན་བཟའ་ཆོས་ཀྱི་དབྱིངས་ཐམས་ཅད་གང་བར་གྱུར། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཧྲཱིཿཥྚཱིཿའི་མཐར། བཛྲ་ཝསྟྲ་ཡེ་པྲ་ཏཱིཙྪ་སྭཱཧཱ། གཞན་ཡང་མཆོད་པའི་རྣམ་པ་ནི། །རྡུལ་ཡབ་སྦྲང་ཡབ་བསིལ་ཡབ་དང༌། །འཁྱམས་དང་སྐྱེད་མོས་ཚལ་དག་དང༌། །གཟིམ་ཆ་དང་ནི་གདན་ཁྲི་དང༌། །མྱུར་འགྲོ་རྟ་དང་གླང་པོ་དང༌། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །རྟ་བབས་དང་ནི་བླ་རེ་དང༌། །བཟའ་བཏུང་རོ་མཆོག་སྣ་ཚོགས་དང༌། །གླུ་གར་ལ་སོགས་མཐའ་ཡས་པ། །དཀྱིལ་འཁོར་ལྷ་ཚོགས། སོགས་གོང་བཞིན། གཟུགས་ཀྱི་མཆོད་པ་ཁྱད་པར་ཆེ། །


TNT06_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཡི་མཆོད་པ་ཡིད་དུ་འོང༌། །དྲི་ཡི་མཆོད་པ་ཚིམ་པའི་མཆོག །རོ་ཡི་མཆོད་པ་བླ་ན་མེད། །རེག་བྱའི་མཆོད་པ་བདེ་མཆོག་ལྡན། །མཆོད་པ་རྣམ་པ་ལྔ་རྣམས་དང༌། །གཞན་ཡང་མཆོད་པའི་རྣམ་པ་ནི། །རིན་ཆེན་རི་དང་དཔག་བསམ་ཤིང༌། །ལྡ་ལྡི་རྒྱལ་མཚན་འཕན་གདུགས་སོགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཀང་ནས། དཀྱིལ་འཁོར་སོགས། སྒྲུབ་ཐབས་ནས་བཤད་པའི་ཚོགས་འཁོར་གྱི་སྐབས་ལྟར་རྒྱལ་སྲིད་སྣ་བདུན་དང་བུམ་པ་ཡང་ཕུལ་ལ། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །ནས། ཨཏྨ་ཀོ྅ཧཾ་གི་བར་དང༌། ཧཱུཾ། དུར་ཁྲོད་རྒྱན་གྱི་སོགས་དང༌། ཀྱེ་ཀྱེ་གཤིན་རྗེ་གཤེད་ནས། གར་མཛད་འགྲོ་བ་ཡོངས་ལ་གཟིགས་ཀྱི། །བར་དང༌། གཏི་མུག་རྡོ་རྗེ་ནས། ཨཏྨ་ཀོ྅ཧཾ་གི་བར་གྱིས་བསྟོད། ནང་མཆོད་ལྷག་པོ་ཡོད་ན། སྒྲུབ་ཐབས་བཞིན་བྱིན་རླབས་རྒྱས་པར་བྱ། གཞན་དུ་ན། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད་ནས། འཇམ་པའི་དབྱངས་དང་ནས། ཨཏྨ་ཀོ྅ཧཾ་གི་བར་སྒྲུབ་ཐབས་བཞིན་ཕུལ། ཡབ་ཀྱི་གསང་བ་ཞེས་པ་ནས། བྷྲུཾ་གྱིས་བཀག་པ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཡབ་ཡུམ་རྗེས་ཆགས་སྙོམས་པར་ཞུགས་པས། བདེ་བ་ཆེན་པོས་དགྱེས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། གསུམ་པ་ནི། དངོས་གྲུབ་བླང་བའི་དོན་དུ་བཟླས་པའི་དམིགས་པ་གསལ་བཏབ་སྟེ། ཅུང་ཟད་བཟླས་པ་བྱས་ལ། རང་གི་ཕྱག་རྒྱ་བཞི་ནས་འོད་འཕྲོས། མདུན་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་གནས་བཞི་ལ་ཕོག་པས། ཐུགས་རྒྱུད་བསྐུལ་དེ་རྣམས་ཀྱི་གནས་བཞི་ནས་འོད་ཟེར་བྱུང་བ་རང་ལ་ཐིམ་པས། ཇི་ལྟར་འདོད་པའི་དངོས་གྲུབ་


TNT06_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཐོབ་པར་བསམ་ལ། སྙིང་པོ་གཙོ་བོར་གྱུར་པའི་སྔགས་འཕྲེང་ཐམས་ཅད་ཅི་འགྲུབ་བཟླའོ། །དེ་ནས་གཏོར་མ་འབུལ་བར་བྱ་སྟེ། འདི་ལ་སྔར་དཀྱིལ་འཁོར་འབྲི་བའི་ཚེ། ཁྱམས་ཀྱི་པདྨའི་ཐད་ལ་ཕྱོགས་སྐྱོང་རྣམས་ཀྱི་ཚོམ་བུ་བཀོད་ཡོད་ན། སྐབས་འདིར་གཏོར་མ་འབུལ་བ་ནང་གཏོར་གྱི་ཚུལ་དུ་བྱེད་པ་ཡིན་ལ། དེ་ལྟར་ན་མངོན་རྟོགས་ནས་བྱུང་བ་ལྟར་ལས། གཙོ་བོའི་དམ་ཡེ་འབྱེད་པ་དང་སླར་བསྡུ་བ་སོགས་མི་དགོས་ལ། ཉེ་རེག་བྱ་བ་ཡན་ཆད་ཀྱི་གཏོར་མའི་བྱ་བ་རྫོགས་པ་ཡིན་ནོ། །འོན་ཀྱང་འདི་ལྟར་བྱ་སྟེ། དཀྱིལ་འཁོར་གྱི་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨཱཿཧཱུཾ། ཧྲཱིཿཥྚཱིཿསོགས་ཀྱི་མངོན་རྟོགས་ལྟར་ཕུལ་ལ། གཟུགས་སྒྲ་ལ་སོགས་དང༌། དུར་ཁྲོད་རྒྱན་གྱི་སོགས་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་མཆོད་བསྟོད་འདོད་དོན་གསོལ་བ་གདབ་བོ། །བར་འདིར་ནང་གི་ཆོས་སྐྱོང་རྣམས་ལ་གཏོར་མ་འབུལ། དེ་ནས་སྒྲུབ་ཁང་གི་ཕྱི་རོལ་ཏུ་སྒྲུབ་པ་པོའི་སྟན་གྱི་ཕྱོགས་མཚམས་བརྒྱད་དང༌། ཤར་དང་དབང་ལྡན་གྱི་བར་དང༌། ནུབ་དང་རླུང་མཚམས་ཀྱི་བར་དུ་གསུམ་གསུམ་སྟེ། མཎྜལ་བཅུ་བཞི་ཚོམ་བུ་དང་བཅས་པ་བྱ། དེ་ཙམ་མ་གྲུབ་ན། སྟེང་འོག་གི་ཚོམ་བུ་དབུས་སུ་བཀོད་པའི་མཎྜལ་གཅིག་བྱ། དེའི་མདུན་དུ་མཆོད་གཏོར་བཤམས། མཆོད་པ་བསངས་སྦྱངས། འབྲུ་གསུམ་གྱི་བྱིན་གྱིས་བརླབས། གཏོར་མའང་ནང་མཆོད་ལྟར་བྱིན་གྱིས་བརླབས་པའམ་བསྡུ་ན། སྟོང་པའི་ངང་ལས། ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུཾ། ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། མཁའ་གསང་བྱིན་རླབས་ནས། ཞེ་སྡང་རྡོ་


TNT06_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་དབུ་བརྒྱན་གྱི་བར་བྱ། ཕྱོགས་སྐྱོང་འཁོར་བཅས་ཀྱི་ནས། ཕཊ་སྭཱཧཱའི་བར་བྱ། ཨོཾ་དཱ་ཤ་དིཀ་ལོ་ཀ་པ་ལ་ས་པཱ་རི་ཝ་རེ་བྷྱཿ ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། དེ་བཞིན་དུ། པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། ཧྲཱིཿཥྚཱིཿའི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་ཕུལ། བདུད་བཞི་པོ་ནི་རྣམ་པར་འཇོམས། །ནས། ཡིག་བརྒྱའི་བར་ཡང་མངོན་རྟོགས་བཞིན། ཨོཾ་ཧྲི་བི་ཤུདྡྷ། སོགས་ཀྱི་མཆོད་ཡོན་འགྲོ་ཕྱོགས་སུ་བསྒྲེངས། མ་འབྱོར་བ་དང་སོགས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་ནད་མེད་ཅིང༌། །སངས་རྒྱས་ཉིད་དང་འཕྲད་འགྱུར་བའི། །ལམ་དེར་མྱུར་དུ་འགྲོ་བར་ཤོག །ཨོཾ་ཨཱཿཧཱུཾ་མུཾ། ཞེས་པས་གཏོར་མགྲོན་རྣམས་གཤེགས་སུ་གསོལ། གཏོར་མ་བཞི་མདོའམ། དུར་ཁྲོད་དམ་གཙང་སར་བསྐྱལ། སྙིང་པོ་དྲག་ཏུ་བཟླ་ཞིང༌། རོལ་མོའི་སྒྲ་དང་བཅས་པས་མཚམས་བཅད། སློབ་དཔོན་གྱིས་རྟིང་མནན་ཏེ་ནང་དུ་འོངས་ལ། སྒོ་ནང་དུ་ཉེ་རེག་བྱའོ། །སྐབས་འདིར་སྒོ་དབྱེ་བ་དང༌། མེ་ཏོག་འབུལ་བ་སོགས་ནི་ལུགས་འདི་ལ་མི་བཞེད་པ་མངོན་ནོ། །དེ་ནས་ཚོགས་ཀྱི་འཁོར་ལོ་བྱ་སྟེ། མཆོད་བསྟོད་ཡན་ཆད་སྔོན་འགྲོའི་བྱ་བ་རྣམས་སྔར་གྲུབ་ཟིན་པ་ཡིན་པས། སྐབས་འདིར་མི་དགོས་ལ། ཚོགས་རྫས་བྱིན་གྱིས་རླབས་པ་ནས། ལྷག་མའི་གཏོར་མའི་བར་བྱའོ། །དེ་ནས་འགྲུབ་ན། སྐབས་འདིར་སྲེག་བླུགས་ཀྱིས་ཀྱང་མཉེས་པས་བྱའོ། །དཀྱིལ་འཁོར་སྒྲུབ་པ་འབའ་ཞིག་ཡིན་ན་ནི། དེ་དག་གི་མཐར་སྡོམ་བཟུང་ལན་གསུམ་བྱས་ལ། རྗེས་ཀྱི་བྱ་བ་རྣམས་བྱའོ། །འདི་ནི་སྒྲུབ་པ་དང༌། བསྙེན་སྒྲུབ་སྦྲགས་མ་སོགས་རང་དོན་དུ་དཀྱིལ་འཁོར་འབྲི་བ་དང་འབྲེལ་བ་ཡིན་ནོ། །


TNT06_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་བདག་ཉིད་འཇུག་ཅིང་དབང་བླང་བ་ནི། དཀྱིལ་འཁོར་གྱི་གཙོ་བོ་དང་རྩ་བའི་བླ་མ་ཐ་མི་དད་པར་མོས་ལ། སློབ་མ་ལ་ཇི་ལྟར་བསྐུར་བ་ལྟར་རྫོགས་པར་བླང་ངོ༌། །རང་གི་གནས་བཞི་ནས་ཁྲོ་བོ་བཞི་སྤྲོས། དཀྱིལ་འཁོར་བའི་གནས་བཞིར་ཐིམ་པས། སློབ་མ་འཇུག་པར་གསོལ་བ་བཏབ་པར་བསམ། ཚུར་འཕྲོས། རང་ལ་ཐིམ་པས་སྣང་བ་ཐོབ་པར་བསམ། མཆོད་བསྟོད་བདུད་རྩི་མྱང་བ་བསྡུས་པ་ཞིག་བྱས་ལ། དྲིལ་སྟབས་དང་བཅས་པས། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་དེང་བདག་གྲུབ། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །བཅོམ་ལྡན་ཆགས་ཆེན་དགའ་བ་ཆེ། །དེ་ཉིད་ཀྱི་ནི་བདག་གྲུབ་མཛོད། །ཤིན་ཏུ་རྣམ་དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་རྒྱལ་མཆོག་གི ། གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་བདག་བདག་གྲུབ་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང༌། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་དམ་ཚིག་མཆོག་གྱུར་པའི། །བདེན་པ་འདི་ཡིས་མགོན་བདག་ལ། ཁྱོད་ཀྱིས་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དྭངས་ལ་


TNT06_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། །ལས་དང་བྱ་བ་སོགས་དང་བྲལ། །དེ་བཞིན་དེ་ཉིད་ངེས་པར་བྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྡིག་མེད་མཐོང་བ་ཤོག །ཅེས་ལན་གསུམ་བརྗོད། སློབ་མ་ལ་དབང་བསྐུར་བའི་བྱ་བ་མེད་ན། དཀྱིལ་འཁོར་ལ་གནང་བ་ཞུ་བ་ནས་འདིའི་བར་མི་དགོས་པར་བཞེད་དོ། །གཉིས་པ་སློབ་མ་གཞུག་པ་ལ། དཀྱིལ་འཁོར་དུ་འཇུག་པ་དང༌། དབང་བསྐུར་བ་དངོས་གཉིས་ལས། དང་པོ་ལ། ཕྱི་འཇུག་དང་འབྲེལ་བའི་བྱ་བ། ནང་འཇུག་དང་འབྲེལ་བའི་བྱ་བ། གཉིས་ཀ་དང་འབྲེལ་བའི་བྱ་བ་སྟེ་གསུམ་ལས། དང་པོ་ལ། གདོང་གཡོགས་པ་དང་སྡོམ་པ་བཟུང༌། །ཚིག་གིས་སྦྱང་དང་མེ་ཏོག་གཏད། །གསོལ་བཏབ་སེམས་བསྐྱེད་གསང་བ་བསྒྲགས། །ཕྱི་འཇུག་དངོས་ཏེ་རྣམ་པ་བརྒྱད། །དང་པོ་ནི། སློབ་མ་རྣམས་ཁྲུས་བྱས། བླ་མ་ལ་ཕྱག་འཚལ། མཎྜལ་འབུལ་དུ་གཞུག ཧྲཱིཿཥྚཱིཿདང་ལས་བུམ་གྱིས་བསངས་པའི་མིག་དར་གྱིས་གདོང་གཡོགས་ནས། ཨོཾ་མུདྒ་ར་ཛ་ནས། ཧོའི་བར་བརྗོད། གཉིས་པ་ནི། སློབ་མ་བསངས་སྦྱངས། སྟ་གོན་ལྟར་རྡོ་རྗེ་སེམས་དཔར་བསྐྱེད། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་རྣམས་བཀོད། སྐབས་འདིར་ཡང་སློབ་མས་ཕྱག་དང་མཎྜལ་འབུལ་བར་བཞེད་པ་བཞིན་སྤྲོ་ན་བྱ། དེ་ནས་ཐལ་མོ་སྦྱོར་བཞིན་པས། སློབ་དཔོན་གྱི་རྗེས་ཟློས་སུ་བྱ་སྟེ། ཇི་ཙམ་དུས་ནས་གཟུང་ནས་སུ། །ནམ་ཞིག་བྱང་ཆུབ་སྙིང་པོ་ལ། །ཡོངས་སུ་མཆིས་ཀྱི་བར་དག་ཏུ། །བདག་གི་བྱང་ཆུབ་མཆོག་གི་སེམས། །མ་ལུས་པར་ནི་བསྐྱེད་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །


TNT06_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་བདག་ལ་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ཅིང༌། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་བཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་སྡོམ་པ་མ་ལུས་བཟུང༌། །མ་སྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་བྱུང་བ་དབྱུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་ལས་འདས་ལ་འགོད། །ཅེས་ལན་གསུམ་གྱིས་བཟུང་ངོ༌། །གསུམ་པ་ནི། བླ་མས། སྒོ་དྲུང་


TNT06_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཁྱོད་སུ་ཡིན། ཞེས་འདྲི། སློབ་མས། བདག་ནི་སྐལ་པ་བཟང་པོ་ལགས། ཞེས་ལན་བཏབ། ཡང༌། ཁྱོད་ཅི་ལ་དགའ། ཞེས་འདྲི། བདག་སྐལ་བ་བཟང་པོ་ལ་དགའ། ལགས་སོ། །ཞེས་བརྗོད། བཞི་པ་ནི། ཨུ་དུཾ་ཝ་ར་མནྡ་ར། །ཡོངས་འདུའི་ཤིང་དང་མ་ལི་ཀ ། ཀརྞི་ཀའི་འཕྲེང་བ་ནི། །ལེགས་པར་ནོད་ལ་བུས་ཟུངས་ཤིག །ཨོཾ་ཨཱཿཧཱུཾ། ཞེས་མེ་ཏོག་གི་འཕྲེང་བའམ་ཆུན་པོ་སྦྱིན། ལྔ་པ་ནི། ཕྱག་དང་མཎྜལ་ཕུལ་ལ། བླ་མ་སློབ་དཔོན་མགོན་རྗེས་སུ། །འབད་པ་ཆེན་པོས་དབང་གི་དོན། །ཇི་ལྟར་སངས་རྒྱས་ཆོས་ཆེན་པོས། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། །དེ་བཞིན་བདག་ལ་དབང་བསྐུར་ཞིང༌། །མཆོག་ཀྱང་བདག་ལ་སྩལ་དུ་གསོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ། དྲུག་པ་ནི། ལུས་ལོངས་སྤྱོད་དཀོན་མཆོག་དང་སེམས་ཅན་ལ་བློས་བཏང་དུ་གཞུག དེ་ནས། སྙིང་གར་ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ། མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་གཏུགས་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི། ཞེས་བརྗོད་དུ་གཞུག་ཅིང༌། སུ་ར་ཏེ་ས་མཱ་སྟཾ་ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾ་གིས་བརྟན་པར་བྱའོ། །བདུན་པ་ནི། དེང་ཁྱོད་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་རློབ་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་རུང་ངོ༌། །ཞེས་གདམས་སོ། །བརྒྱད་པ་ནི། ལག་ཏུ་རྡོ་རྗེ་གཏད་དེ་འཁྲིད་ཚུལ་བྱ་ཞིང༌། ཨོཾ་མུདྒ་ར་ཛ། ཞེས་ཁྲིད་ནས། ཨོཾ་ཨཱཿཧཱུཾ། ཞེས་པས་ནང་དུ་གཞུག་གོ །དངོས་སུ་དཀྱིལ་འཁོར་ཁང་


TNT06_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནང་དུ་འཁྲིད་པའམ། ཡོལ་བ་བསལ། དེ་བཞིན་སྒོ་བ་གཞན་རྣམས་ཀྱི་སྔགས་ཀྱི་མཐར་ཡང་འབྲུ་གསུམ་བཏགས་པས། སྒོ་བཞི་ནས་བཅུག་པར་མོས་སུ་བཅུགསླར་ཡང་ཕྱག་བྱས་པར་མོས། ཏེ་འབྲུ་གསུམ་བརྗོད་དུ་གཞུག་གོ །གཉིས་པ་ནང་འཇུག་དང་འབྲེལ་བའི་བྱ་བ་ལ། ཡིག་རྙིང་འགའ་ཞིག་ཏུ། སྔར་རྒྱུད་སྡེ་སྤྱིའི་རིགས་ལྔའི་སྡོམ་པ་བཟུང་བ་ཡིན་ལ། འདིར་གཤིན་རྗེ་གཤེད་རིགས་ལྔའི་སྡོམ་པ་བཟུང་བའི་དོན་ཏེ། སྡོམ་བཟུང་ལན་གཉིས་བྱ་བར་བཞེད་པའང་ཡོད་མོད་ཀྱི་ཕལ་ཆེར་ནས་མ་བཤད་ཅིང༌། རིག་པས་ཀྱང་མི་དགོས་ལ། ཕྱི་འཇུག་གི་སྐབས་མ་བྱས་ན། འདིར་བྱེད་པ་དང༌། ཕྱི་འཇུག་གི་སྐབས་སྒྲུབ་ཐབས་ནས་འབྱུང་བ་ལྟར་རྒྱུན་བཤགས་བྱེད་པ་ཐུན་མོང་གི་སྡོམ་བཟུང་དང༌། འདིར་རིགས་ལྔའི་སྡོམ་བཟུང་ཡང་བྱེད་པར་སྣང་བ་འདི་ནི་གཤིན་རྗེ་གཤེད་འབྱུང་བ་དང་ཡང་མཐུན་ཞིང༌། ཤིན་ཏུའང་ལེགས་པས། དེ་ལྟར་ཡང་བྱའོ། །འོན་ཀྱང་དཀྱུས་ཀྱི་ཕྱག་ལེན་ལྟར་ན། གསང་བར་གདམས་ཤིང་དམ་ཚིག་སྦྱིན། །བཀའ་བསྒོ་གསོལ་བཏབ་ཡེ་ཤེས་དབབ། །ཞེས་པ་ལྟར་ལྔ་ལས། དང་པོ་ནི། སློབ་མའི་མགོ་བོར་རྡོ་རྗེ་བཞག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུ་ཞུགས་ཏེ། དེ་བས་ན་བདག་གིས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིེས་ཁྱོད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་བྱས་པ་སྟེ། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བུ་ཁྱོད་དམ་ཚིག་ལས་འདའ་རུ་མི་རུང་ངོ༌། །གཉིས་པ་ནི། རྡོ་རྗེ་སྙིང་གར་གཏུགས་ལ། དེ་རིང་རྡོ་རྗེ་སེམས་དཔའ་ཉིད། །ཁྱོད་ཀྱི་སྙིང་ལ་ཡང་དག་


TNT06_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་ཨཱཿཧཱུཾ། གིས་བསྔགས་པའི་བདུད་རྩི་སྦྱིན་ལ། དམྱལ་བའི་ཆུ་འདིས་ཁྱོད་ལ་ནི། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ཀྱང༌། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཨུ་ད་ཀ་ཋ་ཋ་ཋཿ གསུམ་པ་ནི། དེ་རིང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། ངས་ཅི་སྨྲས་པའི་བྱ་བ་དེ་ཁྱོད་གྱིས་བྱ་དགོས་སོ། ཁྱོད་ཀྱི་ང་ལ་བརྙས་པར་ཡང་མ་བྱེད་ཅིག མི་བདེ་བ་མ་སྤངས་པ་དུས་ཕྱིས་ནས་དམྱལ་བར་ལྟུང་བ་གྱུར་ཏ་རེ། ཞེས་བརྗོད་དོ། །བཞི་པ་ནི། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག ཅེས་ལན་གསུམ་གྱིས་གསོལ་བ་གདབ། ལྔ་པ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་པའི་ངང་ནས། སློབ་དཔོན་ལ་མོས་གུས་དུང་བ་ཞིག་བྱེད་དུ་གཞུག་ཅིང༌། སློབ་མ་རྣམས་སྔར་ལྟ་གོན་བཞིན་རྡོ་རྗེ་སེམས་དཔར་གསལ་གདབ། མ་ཡེངས་པར་དར་ཅིག་དེ་ཉིད་ལ་སེམས་འཇོག་ཏུ་བཅུག རྐང་མཐིལ་ནས་བརླའི་རྩ་བའི་བར། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་བདུངས་པ་ལྟ་བུ་མཆོག་མ་ལ་བ་དན་གྱིས་མཚན་པ། གསང་བ་ནས་ལྟེ་བའི་བར་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་མདུང་གིས་མཚན་པ། དེ་ནས་སྙིང་གའི་བར་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེས་མཚན་པ། སྤྱི་བོར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་རྣམས་གསལ་


TNT06_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ལ། སློབ་དཔོན་རྡོར་དྲིལ་དང་བཅས་པའི་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ལས། མཐེ་བོང་གཉིས་ནང་དུ་བཅུག་པ། སློབ་མའི་སྙིང་གར་རེག་ཅིང་སྤྱི་བོར་ཕུས་བཏབ་བ་ལས། ཧྲཱིཿཥྚཱིཿའི་མཐར། ཨོཾ་བཛྲ་ཨ་བེ་ཤ་ཡ་ཨ་ཨ་ཨ། ཞེས་བརྗོད། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་རླུང་གི་བ་དན་བསྐྱོད། མེའི་དཀྱིལ་འཁོར་དྲག་ཏུ་འབར་བས། སའི་དཀྱིལ་འཁོར་རབ་ཏུ་ཚ་བའི་གདུང་བས་བསྲེགས། སྤྱི་བོའི་ཆུ་སྐོལ་ཞིང་ལུད་པ་སྙིང་གའི་ས་ལ་ཐིམ་པས། བདེ་བས་རྒྱུད་གང༌། རླངས་པ་འོད་ཟེར་གྱི་ཚུལ་དུ་འཕྲོས་པས། དཀྱིལ་འཁོར་བ་རྣམས་དང་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་བདུད་་རྩི་སྤྱན་དྲངས་ཏེ། སློབ་མའི་སྤྱི་བོ་ནས་ཐིམ་པར་གྱུར་པར་བསམ་ལ། རོལ་མོ་སྒྲ་བསྒྲགས་ཤིང༌། རྫས་ཀྱི་བདུག་པས་བདུག ཧྲཱིཿཥྚཱིཿའི་མཐར། ཨ་བེ་ཤ་ཡ། སྟ་བྷ་ཡ། ར་ར་ར། ཙ་ལ་ཡ། ཙ་ལ་ཡ་ཧཱུཾ་ཨ་ཧ་ཛྷཻ། ཞེས་བརྗོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཏིཥྛ་བཛྲ། ཞེས་བརྟན་པར་བྱའོ། །གསུམ་པ་ལ། འདོད་ལྷ་ངོས་བཟུང་ཁ་དོག་འདྲི། །གདོང་གཡོགས་བཀྲོལ་དང་བལྟ་བར་བསྐུལ། །ལྷ་ངོ་སྟོན་པ་ལྔ་པ་ཡིན། །དང་པོ་ནི། རིགས་ཀྱི་ལྷ་ལ་མེ་ཏོག་ཕོག་པར་གྱུར་ཅིག་སྙམ་པས་དམོད་བོར་དུ་གཞུག སློབ་དཔོན་གྱིས། འདི་ལྟར་བདག་གི་སློབ་མ་འདི། །དཀྱིལ་འཁོར་དུ་ནི་ལེགས་བཅུག་པས། །ལྷ་ནི་གང་གི་སྐལ་ལྡན་ཞིང༌། །དངོས་གྲུབ་གང་གི་སྐལ་ཡོད་པ། །དེ་ནི་དེ་ལ་འབབ་པར་ཤོག །ཅེས་དང༌། པྲ་ཏཱིཙྪ་བཛྲ་ཧོ། ཞེས་བརྗོད་དུ་གཞུག་ལ་མེ་ཏོག་གཏོར། པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མཧཱ་བ་ལ། ཞེས་པས་མེ་ཏོག་སློབ་མའི་མགོ་ལ་བཅིང༌། གཉིས་པ་ནི། བར་སྣང་གི་ཁ་དོག་བྲིས་ལ། ལས་


TNT06_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དངོས་གྲུབ་སོ་སོར་ལུང་བསྟན། གསུམ་པ་ནི། མིག་གཉིས་སུ་ཨོཾ་སེར་པོ་འོད་ཟེར་འབར་བ་དང་བཅས་པར་གྱུར། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་ནན་ཏན་མཛད། །ཕྱེ་བས་ཐམས་ཅད་མཐོང་བ་ཡང༌། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པ་ཤྱ། ཞེས་མིག་རས་བསལ། བཞི་པ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །སངས་རྒྱས་ཀུན་གྱི་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀུན། ཁྱོད་ལ་མངོན་སུམ་ཕྱོགས་པར་འགྱུར། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད། ལྔ་པ་ནི། གཙོ་བོ་ནས་ཐོད་པ་བཞིའི་བར་རྒྱས་པར་ལྷ་ངོ་བསྟན། བདག་འཇུག་གི་སྐབས་ནི་དཀྱིལ་འཁོར་མཐོང་བར་མོས་པ་ཙམ་གྱིས་ཆོག་གོ །གཉིས་པ་དབང་བསྐུར་བ་དངོས་ལ་བུམ་དབང་དང༌། མཆོག་དབང་གཉིས་ལས། དང་པོ་ལ། དབང་དངོས་དང༌། མཐའ་རྟེན་གཉིས་སོ། །དང་པོ་ལ་དབང་དངོས་ལ། སློབ་མའི་དབང་དང༌། སློབ་དཔོན་གྱི་དབང་གཉིས་ལས། དང་པོ་ལ། བུམ་ཆུ། དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང༌། རིག་སྦྱོར། བརྟུལ་ཞུགས་སོ། །འདི་རྣམས་ལ་གཞན་གྱི་ལག་ལེན་དང་མཐུན་པར་དབང་རྫས་དང་སློབ་མ་སོགས་རིམ་གྱིས་བསྐྱེད་ཆོག་བྱས་ནའང་རུང་མོད་གྱི། བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ལྟར་ན། དབང་རྫས་བསྐྱེད་པ་དང༌། དབང་ལྷ་དགུག་པ་དང༌། དབང་བསྐུར་བ་གསུམ་མོ། །དང་པོ་ནི། ལྷ་གྲངས་དང་མཉམ་པའི་བུམ་པ་ཡོད་ན། བུམ་པ་གཅིག་ཏུ་བུམ་ཆུ་རྣམས་བསྡུས། བུམ་པ་དང༌། དབུ་རྒྱན་དང༌། རྡོ་རྗེ་དང༌། དྲིལ་བུ་དང༌། ཡང་རྡོར་དྲིལ་རྣམས་གྲལ་


TNT06_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྒྲིགས་ལ། སྒོས་མཆོད་ཅིག་བཤམས། བསངས་སྦྱངས། སྟོང་པའི་ངང་ལས། རྣམ་རྒྱལ་བུམ་པ་ཀྵེ་ལས་རྣམ་པར་སྣང་མཛད་དཀར་པོ་སོགས་དང༌། དབུ་རྒྱན་མ་ལས་རིན་ཆེན་འབྱུང་ལྡན་སོགས། རྡོ་རྗེ་མེ་ལས་འོད་དཔག་མེད་སོགས། དྲིལ་བུ་ད་ལས་དོན་ཡོད་གྲུབ་པ་སོགས། སླར་ཡང་རྡོ་རྗེ་དང་དྲིལ་བུ་ཡ་ལས་མི་བསྐྱོད་པ་སྔོན་པོ་སོགས། རྒྱན་གྱིས་བརྒྱན་པའོ། །ཞེས་པའི་བར་ཐིག་ཚོན་བྱིན་རླབས་ཀྱི་སྐབས་བཞིན་ནོ། །སྐྱེ་མཆེད་དང༌། གནས་གསུམ་བྱིན་རླབས་རྣམས་སྒྲུབ་ཐབས་དང་འདྲ་བ་ལས། རིགས་ལྔ་ཡབ་ཡུམ་རྡོ་རྗེ་སེམས་དཔས་དབུ་རྒྱན། ཞེས་བརྗོད། རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། རྒྱལ་བ་སྲས་བཅས་ཐམས་ཅད་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿ མུདྒ་ར་ཛ། སོགས་ཀྱིས་དགུག་གཞུག་བྱ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། མི་བསྐྱོད་རྡོ་རྗེ་སོགས་ཀྱིས་བསྟོད། ཨོཾ་ཡ་ཀྵེ་མ་མེ་ད་ཨོཾ་ཨཱཿཧཱུཾ། ཞེས་ནང་མཆོད་ཕུལ། རྣམ་པར་སྣང་མཛད་ཡབ་ཡུམ་དགྱེས་པ་ཆེན་པོས་ཞུ་བ་ལས་བྱུང་བའི་རྣམ་རྒྱལ་བུམ་པའི་ཆུར་གྱུར། དེ་བཞིན་དུ་སྦྱར་ཏེ། རིན་ཆེན་འབྱུང་ལྡན་ཡབ་ཡུམ། དབུ་རྒྱན་དུ། འོད་དཔག་མེད་ཡབ་ཡུམ། རྡོ་རྗེར། དོན་ཡོན་གྲུབ་པ་ཡབ་ཡུམ། དྲིལ་བུར། མི་བསྐྱོད་པ་ཡབ་ཡུམ། རྡོ་རྗེ་དང་དྲིལ་བུར་གྱུར། གཉིས་པ་ནི། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་བཞིན་གྱི་གནས་ནས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་


TNT06_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་རྣམས་དང་དབང་གི་ལྷ་རྣམས་ཀྱིས་ཤིས་པ་བརྗོད་པས་མེ་ཏོག་གི་ཆར་བབ་པར་གྱུར། ཨོཾ་ཕུན་སུམ་ཚོགས་པ་སོགས་ཤླཽ་ཀ་གསུམ་བརྗོད་དོ། །གསུམ་པ་ལ། ཅོད་པན་གྱི་དབང་དང༌། རིག་སྦྱོར་བརྟུལ་ཞུགས་སོ། །དང་པོ་ལ། བུམ་པ། དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་སྟེ་ལྔ་ལས། དང་པོ་ནི། སློབ་མ་བསངས་སྦྱངས། སྟོང་པའི་ངང་ལས་མེ་ཏོག་གང་ཕོག་གི་ལྷའམ། ཀྵེ་ལས་འཁོར་ལོ་ཀྵེས་མཚན་པ་ལས་གཏི་མུག་རྡོ་རྗེ་སྐུ་མདོག་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གིས། གཡས་གཉིས་ན་འཁོར་ལོ་དང་རལ་གྲི། གཡོན་གཉིས་ན་རིན་པོ་ཆེ་དང་པདྨ་འཛིན་པ། འོག་མ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་སྣང་གི་ཡུམ་དང་མཉམ་པར་སྦྱོར་བ། གཡོན་བརྐྱང་གི་སྟབས་ཀྱིས་ཟླ་བའི་གདན་ལ་བཞུགས་ཤིང༌། ཁྲོ་བོའི་རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ། རྣམ་སྣང་གི་དབུ་རྒྱན་ཅན་དུ་གྱུར། མིག་ཏུ་ཀྵཾ་དཀར་པོ། རྣ་བར་ཛྲིཾ་སྔོན་པོ། སྣ་ལ་ཁཾ་སེར་པོ། ལྕེ་ལ་གཾ་དམར་པོ། དཔྲལ་བར་སྐཾ་ལྗང་ཁུ། ལྟེ་བར་སཾ་སྔོན་པོ། སྙིང་གར་ཧཱུཾ་སྔོན་པོ། མགྲིན་པར་ཨཱཿདམར་པོ། དཔྲལ་བ་ཨོཾ་དཀར་པོ་རྣམས་ཀྱིས་རྒྱས་བཏབ་པར་གྱུར། སློབ་དཔོན་དང༌། དཀྱིལ་འཁོར་དང༌། དབང་གི་ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པ་རྣམས་ཀྱིས་དབང་བསྐུར་བར་མོས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་


TNT06_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀེ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾཾ། ཨོཾ་བཛྲིར་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བུམ་པའི་ཆུས་དབང་བསྐུར་བས་གཟུགས་ཀྱི་ཕུང་པོ་དང༌། གཏི་མུག་དག སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་སངས་རྒྱས་ཐམས་ཅད་རྣམ་སྣང་གི་རྣམ་པར་སྤྱན་དྲངས། བ་སྤུའི་བུ་ག་ནས་ཞུགས་པས། ལུས་ཐམས་ཅད་རྣམ་སྣང་གི་རྡུལ་ཕྲ་རབ་ཀྱིས་གང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། རྣམ་སྣང་གི་གོ་འཕང་མངོན་དུ་བྱས་པར་གྱུར། དེ་ཉིད་ལ་མཆོད་པར་མོས་ཏེ། པུཥྤེ་ནས། ཤཔྟའི་བར་གྱིས་མཆོད་དེ། ཆུའི་དབང་ངོ༌། །གཉིས་པ་ནི། སློབ་མ་བསངས་སྦྱངས། སྟོང་པའི་ངང་ལས། མ་ལས་རིན་པོ་ཆེ་མས་མཚན་པ་ལས་སེར་སྣ་རྡོ་རྗེ་སྐུ་མདོག་སེར་པོ་ནས། པདྨ་འཛིན་པ། ཕྱག་འོག་མ་གཉིས་ཀྱིས་ནས། ཡོངས་སུ་རྫོགས་པ་རིན་འབྱུང་གི་དབུ་རྒྱན་ཅན་དུ་གྱུར། མིག་ཏུ་ཀྵིཾ་ནས། ཨོཾ་དཀར་པོ། སློབ་དཔོན་ནས། དབང་བསྐུར་བར་གྱུར། སངས་རྒྱས་ཀུན་གྱི་ཅོད་པན་དབང༌། །རྫོགས་སངས་རྒྱས་ཉིད་རབ་བསྒྲུབ་ཕྱིར། །ཅོད་པན་མཆོག་གིས་དབང་བསྐུར་བས། །འཁོར་ལོ་བསྒྱུར་རྒྱལ་མགོན་དབང་བསྐུར། །ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབུ་རྒྱན་སྐོན། དབུ་རྒྱན་གྱིས་དབང་བསྐུར་བས། ཚོར་བའི་ཕུང་པོ་དང༌། ང་རྒྱལ་རྣམ་པར་དག སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱི་སངས་རྒྱས་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་རྣམ་པར་སྤྱན་དྲངས། བ་སྤུའི་བུ་ག་ནས་ཞུགས། ལུས་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་རྡུལ་ཕྲ་རབ་ཀྱིས་གང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌།


TNT06_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་འབྱུང་ལྡན་གྱི་གོ་འཕང་མངོན་དུ་བྱས་པར་གྱུར། སྔར་བཞིན་མཆོད། དེ་ལྟར་དེ་གཉིས་ཀྱི་འོག་མ་གསུམ་ལའང་རིགས་འགྲཻ་སྟེ། གཏི་མུག་རྡོ་རྗེ་མ་གཏོགས་པ་གཞན་འདི་རྣམས་ལ། ཟླ་བའི་གདན་ཞེས་པའི་དོད་དུ། ཉི་མའི་གདན་ཞེས་སོགས་བྱའོ། །གསུམ་པ་ནི། མེ་ལས་པདྨ་མེས་མཚན་པ་ལས་འདོད་ཆགས་རྡོ་རྗེ་སྐུ་མདོག་དམར་པོ་ནས། འཁོར་ལོ་དང་རིན་པོ་ཆེའི་བར་དང༌། ཕྱག་འོག་མ་གཉིས་ཀྱིས་ནས། འོད་དཔག་མེད་ཀྱི་དབུ་རྒྱན་ཅན། དབང་བསྐུར་བར་གྱུར། རྡོ་རྗེ་ལག་ཏུ་གཏད་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་བཟུང༌། །ཨོཾ་མཧཱ་བཛྲ་ཧཱུཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེའི་འདུ་ཤེས་ཀྱི་ཕུང་པོ་དང༌། འདོད་ཆགས། འོད་དཔག་མེད་ཀྱི་རྣམ་པར། འོད་དཔག་མེད་ཀྱི་རྡུལ། སོ་སོར་རྟོག་པའི་ཡེ་ཤེས་དང༌། འོད་དཔག་མེད་ཀྱི། བཞི་པ་ནི། ད་ལས་རལ་གྲི་དས་མཚན་པ་ལས། ཕྲག་དོག་རྡོ་རྗེ་སྐུ་མདོག་ལྗང་ཁུ་ནས། འཁོར་ལོ་དང་པདྨ། ཕྱག་འོག་མ་ནས། དོན་གྲུབ་ཀྱི་དབུ་རྒྱན། དབང་བསྐུར་བར་གྱུར། དྲིལ་བུ་ལག་པར་གཏད་ལ། སངས་རྒྱས་ཀུན་གྱི་དྲིལ་བུའི། སོགས་གོང་གི་ཚིགས་བཅད་འདོན་པ་བསྒྱུར་ལ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། དྲིལ་བུའི། འདུ་བྱེད་ཀྱི་ཕུང་པོ་དང༌། ཕྲག་དོག དོན་ཡོད་གྲུབ་པའི་རྣམ་པར། དོན་ཡོད་གྲུབ་པའི་རྡུལ། བྱ་བ་སྒྲུབ་པའི་ཡེ་ཤེས་དང༌། དོན་ཡོད་གྲུབ་པའི། ལྔ་པ་ནི། ཡ་ལས་རྡོ་རྗེ་ཡས་མཚན་པ་ལས། ཞེ་


TNT06_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་རྡོ་རྗེ་སྐུ་མདོག་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ན་འཁོར་ལོ་དང་པདྨ་འཛིན་པ། ཕྱག་འོག་མ་ནས། མི་བསྐྱོད་པའི་དབུ་རྒྱན། དབང་བསྐུར་བར་གྱུར། རྡོར་དྲིལ་བསྣོལ་ཏེ་འཛིན་པ་སྤྱི་བོའི་སྟེང་དུ་དཀྲོལ་ཞིང༌། རྡོ་རྗེ་མིང་གིས་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་མི་ཤིགས་མི་གཡོ་བར། །རྡོ་རྗེའི་མིང་དུ་རབ་ཏུ་བསྒྲགས། །ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་སཏྭ་སྟྭཾ། བཛྲ་ན་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཞེས་རིགས་དང་མཐུན་པའི་གསང་བའི་མིང་གདགས། མིང་གི རྣམ་ཤེས་ཀྱི་ཕུང་པོ་དང༌། ཞེ་སྡང༌། མི་བསྐྱོད་པའི་རྣམ་པར། མི་བསྐྱོད་པའི་རྡུལ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང༌། མི་བསྐྱོད་པའི། གོང་བཞིན་མཆོད་དེ་རིག་པའི་དབང་ལྔའོ། །འདི་དག་ནི་ཕྱག་ལེན་འབྲིང་པོའི་དབང་དུ་བྱས་པ་སྟེ། རྒྱས་པ་ལ་སྤྲོ་ན། ལྔ་ཆར་ལ་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་རླབས་དང༌། དབང་བསྐུར་བ་དང༌། ཡེ་ཤེས་པ་བསྟིམ་པ་རྣམས་མངོན་རྟོགས་ནས་འབྱུང་བ་ལྟར་བྱ་ཞིང༌། རེ་རེ་བཞིན་དབང་ལྷ་སྤྱན་འདྲེན་པ་དང༌། ཅོད་པན་མན་ཆད་ལ་ཡང་ཆུ་དབང་བསྐུར་ཞིང༌། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་སློབ་མ་ལ་བསྟིམ་པ་རྣམས་མཛད་དོ། །ཕྱག་ལེན་བསྡུས་པ་ལྟར་ན། སློབ་མ་མེ་ཏོག་གང་འཕོག་གི་ལྷའམ་གཙོ་བོར་བསྐྱེད་ལ། ཆུ་དབང་སྔར་བཞིན་བསྐུར་ནས། དབང་ལྷག་མ་རྣམས་ལ། སློབ་མ་ཏིང་ངེ་འཛིན་འཕོ་བ་མི་དགོས་པར་སྔ་མའི་ང་རྒྱལ་ལ་གནས་བཞིན་པ་ལ། དབུ་རྒྱན་ལ་སོགས་པའི་དབང་བསྐུར་བར་བྱའོ། །ཆུ་དང་རྡོ་རྗེ་མ་གཏོགས་པ་ལ་ཚིགས་བཅད་ཀྱང་བོར་བ་སྟེ། འདི་ལ་སློབ་མ་ལས་མཆོད་པའང་མི་མཛད་


TNT06_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དེ། དཀྱུས་ནི་གཅུང་རྡོ་རྗེ་རྩེ་མོའི་གསུང་ལྟར་བཀོད་པ་ཡིན་ལ། ཡིག་རྙིང་ཕལ་མོ་ཆེར་གཤིན་རྗེ་གཤེད་རིགས་ལྔ་རྣམས་སློབ་མའི་བ་སྤུའི་ཁུང་བུར་བསྟིམ་པར་མཛད་པའང་ཡོད་པ། དེ་ལྟར་ཡང་རུང་བས་ཅི་བདེར་བྱའོ། །གཉིས་པ་རིག་སྦྱོར་བརྟུལ་ཞུགས་ཀྱི་དབང་ལ། རྡོ་རྗེ་ཐུགས་ཀྱི་དམ་ཚིགདྲིལ་བུ་གསུང་གི་དམ་ཚིག ཕྱག་རྒྱ་སྐུའི་དམ་ཚིག་སྦྱིན་པ་སྟེ་གསུམ་ལས། དང་པོ་ནི། སློབ་མ་གཙོ་བོའི་ང་རྒྱལ་བྱེད་དུ་གཞུག་ཅིང༌། བསངས་སྦྱངས། སྟོང་པའི་ངང་ལས། ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོར་གྱུར། དེ་ཉིད་སློབ་མའི་ལག་པར་སྦྱིན་ལ། འདི་སྟེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ལག་ན་འདུག ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི། བཛྲ་སཏྭ་ཧི་ཧི་ཧི་ཧཱུཾ། ལག་པ་གཡས་སུ་མ་ལས་ཉི་མ་བསམ་ལ། རྡོ་རྗེ་གསོར་ཞིང༌། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་བདག་བདག་མཛོད་ཅིག །ཅེས་བརྗོད་དུ་གཞུག གཉིས་པ་ནི། བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་དྲིལ་བུ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ངོ་བོར་གྱུར། དེ་སློབ་མ་ལ་གཏད་དེ། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱི་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཨོཾ་ཨ་ཀ་རོ་མུ་ཁཾ། སརྦ་དྷརྨ་ནཾ། ཨ་དྱ་ནུཏྤནྣ་ཏྭ་ཏ། དྲིལ་བུ་དཀྲོལ་ཞིང༌།


TNT06_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དཀུ་གཡོན་པ་རྟེན་དུ་གཞུག སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་དམ་པ་བྱེད་པར་འགྱུར། །ཨོཾ་བཛྲ་གྷནྚེ་ཨ། ཞེས་བརྗོད་དུ་གཞུག་གོ །གསུམ་པ་ནི། སློབ་མ་རྣམས་བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་ནག་པོ་ནག་དཀར་དམར་བའི་ནས། བཞུགས་པའོ། །རང་སྣང་གི་ཡུམ་རོ་ལངས་མ་ལ་འཁྱུད་པ་ལས་བྱུང་བའི་བདེ་བས་རྒྱུད་གང་བར་བསམ་ལ། སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་བསྐྱེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་བརྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །ཇི་སྲིད་འཁོར་བའི་གནས་མཆོག་ཏུ། །མཁས་མཆོག་བཞུགས་པར་གྱུར་གྱི་བར། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཤེས་རབ་ཕ་རོལ་ཕྱིན་པ་ཐོབ། །བསོད་ནམས་བྱིན་རླབས་ཀྱིས་བསྒྲུབ་པ། །དམ་ཚིག་འདི་ནི་རྟག་ཏུ་བསྐྱེད། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །ཞེས་བརྗོད་ཅིང་དོན་བཤད་དོ། །གཉིས་པ་སློབ་དཔོན་གྱི་དབང་བསྐུར་བ་ནི། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །ཞེས་པ་ནས། དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །ཞེས་སློབ་དཔོན་གྱིས་བརྗོད་ཅིང་དམ་ཚིག་བསྒྲགས་པ་ན། སློབ་མས། གཙོ་བོ་ཇི་ལྟར་བཀའ་སྩལ་པ། །དེ་བཞིན་བདག་གིས་བགྱིད་པར་འཚལ། །ཞེས་ལན་གསུམ་


TNT06_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཟུང༌། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ། དབང་སྟེགས་ཀྱི་དཀྱིལ་འཁོར་ལ། སློབ་མ་བཟང་པོའི་འདུག་སྟངས་ཀྱིས་བཞག་ལ། སློབ་དཔོན་གྱིས། ཨོཾ་བཛྲ་ས་མཱ་ཛཿ ཞེས་སྔགས་རྒྱ་ལན་བདུན་བྱ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་མཁའ་དབྱིངས་ཐམས་ཅད་ཏིལ་གྱི་གང་བུ་ལྟར་གང་བར་གྱུར། རོལ་མོའི་སྒྲ་ཆེན་པོ་བསྒྲགས་ཤིང༌། དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། ཕུན་སུམ་ཚོགས་པ་སོགས་ཤླཽ་ཀ་གསུམ་དང༌། རྒྱལ་བ་སྲས་བཅས་བསོད་ནམས་སོགས་ནས། ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག་གི་བར་དུ་བྱ། སློབ་མ་དཀྱིལ་འཁོར་གྱི་གཙོ་བོའི་རྣམ་པ་ཅན་དུ་གྱུར། ཇི་ལྟར་བལྟམས་པ་ནས། ཥིཉྩ་ཧཱུཾ་གི་ཆུ་དབང༌། སངས་རྒྱས་ཀུན་གྱི་ནས། ཧཱུཾ་གི་བར་གྱིས། ཅོད་པན། ཤེས་རབ་ཐབས་ཀྱི་རང་བཞིན་དུ། །རྡོ་རྗེ་དྲིལ་བུ་རབ་བསྒྲུབ་ཕྱིར། །བུ་ཡིས་ཡང་དག་གུས་པར་བཟུང༌། ཁྱོད་ཀྱིས་སློབ་མ་བསྡུ་བར་གྱིས། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་གིས་རྡོ་རྗེ་དང་དྲིལ་བུ། རྡོ་རྗེ་མིང་གི་ནས། ཥེ་ཀ་ཏ་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་མིང་དབང་བསྐུར། རལ་གྲི་བསངས་སྦྱངས། མུཾ་ལས་བྱུང་བའི་ཤེས་རབ་ཀྱི་རལ་གྲིར་གྱུར། སངས་རྒྱས་ཀུན་གྱི་རལ་གྲི་ཆེ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །ལས་ཀྱི་རལ་གྲི་གཅིག་པུ་མཆོག །བདུད་


TNT06_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱལ་བར་བྱ་ཕྱིར་བཟུང༌། །ཨོཾ་བཛྲ་ཁཏྒ་ཨ་བྷི་ཥིཉྩ་ཧཱུཾ། པྲཾ་ལས་བྱུང་བའི་ཤེས་རབ་ཀྱི་རང་བཞིན་མིག་ཐུར་དུ་གྱུར། སློབ་མའི་མིག་ལ་བྱབ་ཚུལ་དུ་བྱ་ཞིང༌། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་བ་ཧ་ར་པ་ཊ་ལ་ཧཱུཾ་ཧྲཱི། ཨ་ལས་བྱུང་བའི་མེ་ལོང༌། གཏད་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་ཀྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེས། །ཞེས་བརྗོད། ཨ་ལས་བྱུང་བའི་དྲིལ་བུ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་བ་ཡིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་དང༌། ཧོ་ལས་བྱུང་བའི་མདའ་གཞུ། ཨོཾ་བཛྲ་ར་ག་ཧོ། དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱོས་ཤིག །མེ་ལོང་ལ། རྡོ་རྗེའི་གཟུགས་བརྙན་འཆར་བར་བྱས་ཏེ་བསྟན་ལ། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་བཞིན་ཏེ། །བུ་ཁྱོད་གྱིས་ནི་སྙིང་ལ་ཞུགས། །གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་ཀྱང་འདི་ཡིན་པར་ཤེས་པར་གྱིས་ཤིག ཅེས་བརྗོད། ཨོཾ་བཛྲ་ཧེ་ཏུ་མཾ། རྐང་པ་གཉིས་ཀྱི་བར་དུ།


TNT06_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མཾ་ལས་བྱུང་བའི་འཁོར་ལོ། ཨོཾ་བཛྲ་བྷ་ག་རཾ། ལག་པ་གཡས་སུ། ཤཾ་ལས་བྱུང་བའི་དུང༌། ཨོཾ་བཛྲ་གྷནྚེ་ཨ། ལག་པ་གཡོན་དུ་དྲིལ་བུ། ཨ་ཞེས་པས་འཕང་དུ་རྒྱུད་ཀྱི་པོ་ཏི་བཞག དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། །དེ་རིང་ཕན་ཆད་འཇིག་རྟེན་དུ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །གསང་སྔགས་སྤྱོད་པ་ཐབས་ཀྱི་ཚུལ། །འཇིག་རྟེན་འདིར་ནི་རབ་ཏུ་སྒྲོགས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། ཁྱེད་ལ་རྟག་ཏུ་བསྲུང་བར་མཛད། །ཅེས་བརྗོད་ཅིང་དོན་བཤད། སློབ་མ་རིགས་ལྔའི་འཁོར་ལོས་བསྒྱུར་བར་མོས་པ་ལ། རིགས་ལྔའི་ཕྱག་མཚན་རིམ་པ་བཞིན་དུ་གཏད་དེ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ། ཆོས་ཀྱི་ཞེས་པའི་གནས་སུ། ཁྲོ་བོའི་འཁོར་ལོ། ནོར་བུའི་འཁོར་ལོ། པདྨའི་འཁོར་ལོ། ལས་ཀྱི་འཁོར་ལོ། ཞེས་འདོན་པ་བསྒྱུར་རོ། །དེ་ནས་དེ་ཁོ་ན་ཉིད་བཤད་པ་ནི། མཉམ་པ་ཉིད་ཕྱིར་གྲུབ་བཞི་སྟེ། །ཉེ་བར་བཞག་དང་ཡང་དག་སྤོང༌། །རྫུ་འཕྲུལ་རྐང་དང་དབང་པོ་ནི། །གོ་རིམ་བཞིན་དུ་སྒོ་བཞིའོ། །བསམ་གཏན་བཞི་ནི་རྟ་བབས་ཏེ། །ཏིང་འཛིན་བཞི་ནི་ཁ་ཁྱེར་ཡིན། །དེ་བརྟེན་བཟུངས་ཀྱི་རང་བཞིན་ནོ། །


TNT06_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་འདུལ་ཕྱིར་ཕྱོགས་སྒོ་ནས། །རླུང་གི་བསྐྱོད་ཕྱིར་དྲིལ་སྒྲ་སྒྲོག །བྱང་ཆུབ་ཡན་ལག་རྣམ་དག་ཕྱིར། །དྲ་བ་དྲ་ཕྱེད་ལ་སོགས་སྤྲས། །རྣམ་ཐར་བརྒྱད་ལྡན་ཀ་བ་སྟེ། །རྒྱན་བཀོད་བཀྲ་བ་མཛེས་པ་ནི། །བསམ་པ་ཐམས་ཅད་ཡོངས་སྐོང་ཕྱིར། །སྣ་ཚོགས་ལས་ཀྱི་མཐར་ཐུག་ཕྱིར། །ཕོ་བྲང་སྣ་ཚོགས་རྡོ་རྗེ་འབར། །ཐེག་ཆེན་འཁོར་ལོ་བསྐོར་བའི་ཕྱིར། །རྡོ་རྗེའི་ཕྲེང་བས་ཡོངས་སུ་བསྐོར། །སེམས་ཅན་སེམས་རྣམས་གྲོལ་བྱའི་ཕྱིར། །མཚོན་རྣམས་ཡེ་ཤེས་ལྔ་ཡིན་ནོ། །དམ་པའི་ཚོགས་གཉིས་རྫོགས་པའི་ཕྱིར། །བྱང་ཆུབ་སེམས་གང་ཀ་པཱ་ལ། །བདུག་པ་མེ་ཏོག་མར་མེ་དང༌། །བཤོས་དང་ཕྱུག་པ་ལ་སོགས་པ། །སྒྲ་བརྙན་བྱང་ཆུབ་ཡན་ལག་དང༌། །དགའ་དང་ཆོས་ཟས་ལུས་བདེ་ཡིན། །ངོ་ཚ་ཁྲེལ་ཡོད་སྡོམ་པ་ཡིས། །བདེ་བསྐྱེད་དབྱངས་དང་གར་སོགས་ཡིན། །སངས་རྒྱས་བཞུགས་ཕྱིར་གཞལ་ཡས་ཁང༌། །སྙིང་པོ་ལེན་ཕྱིར་དཀྱིལ་འཁོར་རོ། །ཞེས་དང༌། དད་དང་བརྩོན་འགྲུས་དྲན་བསམ་གཏན། །སྟོབས་རྣམས་དག་པའི་སྒོ་གནས་བཞི། །བྱམས་སོགས་ཚངས་པའི་གནས་པ་བཞི། །ཙརྩི་ཀ་སོགས་ལྷ་མོ་བཞི། །ཤིན་ཏུ་རྣམ་དག་ལ་སོགས་ལྔ། །ཞེ་སྡང་གཤིན་སྒྲ་ལ་སོགས་པའོ། །འཁོར་བ་མ་ཆགས་པདྨ་སྟེ། །ཉི་ཟླ་བྱང་ཆུབ་སེམས་མྱུ་གུ། །གསོ་དང་སྨིན་པར་བྱེད་པའོ། །ཞེས་བརྗོད་ཅིང་དོན་བཤད་དོ། །དེ་དག་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །གསུམ་པ་ལ། ལུང་བསྟན། དབྱུགས་དབྱུང༌། གཟེངས་བསྟོད། བྱ་བ་བསྒྲུབ་པར་ཁས་བླང་བ་རྣམས་ལས། དང་པོ་ནི། སློབ་དཔོན་སྤྲུལ་སྐུ་ཤཱཀྱ་ཐུབ་པའི་


TNT06_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གྱུར་ཏེ། དེས་ལུང་བསྟན་པར་མོས་ལ། འདི་ལྟར་ངས་ཁྱོད་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱཻ་གཤིན་རྗེ་མཐར་བྱེད་འདི་ཞེས་བྱ་བ་བྷུ་རུ་བྷུར་ཝ་སྭ། གཉིས་པ་ནི། གསང་བའི་དཀྱིལ་འཁོར་དམ་པ་འདིར། །མཐོང་བ་དང་ནི་ཞུགས་གྱུར་བས། །སྡིག་པ་ཀུན་ལས་ངེས་གྲོལ་ནས། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོན་མིན་ཏེ། །མི་ཚུགས་པ་དང་མི་བཟོད་པ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པས་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་རབ་བསྒྲུབ་ཕྱིར། །སྟོན་པ་མཆོག་ཏུ་འགྱུར་བ་ཡིན། །དངོས་གྲུབ་དམ་ཚིག་སྡོམ་པ་འདི། ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་སྤངས་མི་བྱ། །ནམ་ཡང་དོར་བར་མི་བྱའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །ནམ་ཡང་སྤང་བར་མི་བྱ་སྟེ། །ཆོས་རྣམས་ངོ་བོ་སུན་མི་དབྱུང༌། །རང་གི་བདག་ཉིད་ཡོངས་སྤངས་ཏེ། །དཀའ་ཐུབ་ཀྱིས་ནི་མི་གདུང་ཞིང༌། །ཅི་བདེ་བར་ནི་བདེ་བར་བཟུང༌། །འདི་ནི་མ་འོངས་རྫོགས་སངས་རྒྱས། །ཕྱག་ན་རྡོ་རྗེ་གང་ཡིན་པའོ། །ཞེས་བརྗོད། གསུམ་པ་ནི། དམ་ཚིག་གི་ཆོས་སྐོར་ཅི་རིགས་པ་བཤད་ཅིང་བསྲུང་བར་


TNT06_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པའོ། །བཞི་པ་ནི། སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་ལན་གསུམ་བརྗོད་དོ། །དབང་དེ་རྣམས་བསྐུར་བས། རང་དོན་དུ་དཀྱིལ་འཁོར་ཀྱི་འཁོར་ལོ་བསྒོམ་པ་དང་སྔགས་བཟླ་བ་ལ་དབང༌། གཞན་དོན་དུ་དབང་བསྐུར་དང་རབ་གནས་ལ་སོགས་པའི་རྡོ་རྗེ་སློབ་དཔོན་དུ་གྱུར། གཉིས་ཀའི་དོན་དུ་ལས་དང་དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་པ་པོར་གྱུར་པ་ཡིན་ནོ། །གལ་ཏེ་རྫོགས་པའི་རིམ་པ་སྒོམ་པར་འདོད་པས། དབང་གོང་མ་དོན་དུ་གཉེར་བ་རྣམས་ལ་མཆོག་དབང་བསྐུར་དགོས་ཤིང༌། དེ་ཡང་ནུབ་ཅིག་པོ་དེ་ཉིད་ལ་བྱ་བར་འདོད་ན། ལུང་བསྟན་སོགས་མཐའ་རྟེན་རྣམས་ཀྱིས་སྔོན་དུ་བྱའོ། །དེ་ལ་གཉིས་ལས། གསང་དབང་ནི། མཚན་ཉིད་དང་ལྡན་པའི་རིག་མ་སློབ་དཔོན་ལ་ཕུལ་བར་མོས་ཏེ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་མེད་ཀྱང༌། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །སྐུ་ལ་བསྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང༌། ཁྱོད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་བྱ་བ་སྟོན་པ་མཛད། །ཆུ་ཟླ་ལྟ་བུར་བཟུང་དུ་མེད། །ཆོས་རྣམས་ཀུན་ལ་གནས་པ་མེད། །ང་རྒྱལ་མེད་ཅིང་རྨོངས་མི་མངའ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཐམས་ཅད་དུ། ཁྱོད་ནི་རྟག་ཏུ་མཉམ་འཇོག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱི། །རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཞིང༌། །སྣ་ཚོགས་ཉིད་ལ་སྙོམས་འཇུག་པའི། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ། ཀྱཻ།


TNT06_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པའི་སྤྱན་ལྡན་དྲང་ཞིང་ལྕུག་ལ་རོལ་བ་ཚུལ་བཞིན་མཛོད། །རྣམ་དག་ཡེ་ཤེས་ཆུ་དེས་འགྲོ་བ་རྣམས་ཀྱི་སྡིག་པ་ཁྲུས། །བྱམས་པའི་གཟུགས་མངའ་བདག་ཉིད་ཆེ་དང་ལྷན་ཅིག་བརྩེན་མཛོད་ལ། །ཐུགས་རྗེ་ཆེན་པོའི་རང་བཞིན་དག་པའི་ཆུས་དེས་བདག་ལ་དབང་བསྐུར་ཅིག །ཅེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས། སངས་རྒྱས་ཀུན་གྱི་སྤྱོད་པ་ཆེ། །དབང་བསྐུར་རབ་ཏུ་རྨད་བྱུང་བ། །ལྷ་ཡི་བདེ་བ་བཟང་པོ་མྱོང༌། །རྒྱལ་བའི་རོ་ཡིས་བྱང་ཆུབ་ཐོབ། །ཅེས་གནང་བ་བྱིན། གོང་བཞིན་མིག་དར་བཅིངས་ལ། སྟོང་པའི་ངང་ལས། སློབ་དཔོན་བཅོམ་ལྡན་འདས་གཤིན་རྗེ་གཤེད་སྐུ་མདོག་དུས་མཐའི་སྤྲིན་ནས། དབུས་ན་བཞུགས་པའོའི་བར་སྒྲུབ་ཐབས་བཞིན། རིག་མ་དེ་ལ་འཁྱུད་པའི་ཡུམ་རྡོ་རྗེ་ཕག་མོའམ་རོ་ལངས་མ་རྣམ་པ་ཡབ་དང་མཚུངས་པ་ལས། སྒེག་ཅིང་ལང་ཚོ་ལ་བབ་པ་ཆགས་པའི་ཉམས་ཅན་དུ་གྱུར། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་རླབས་པ་སྤྲོ་ན། མངོན་རྟོགས་བཞིན་བྱ། གཉིས་ཀའི་སྤྱི་བོར་ཨོཾ་དཀར་པོ་རྣམ་པར་སྣང་མཛད། སྙིང་གར་ཧཱུཾ་སྔོན་པོ་མི་བསྐྱོད་པ། ལྟེ་བར་སྭ་སེར་པོ་རིན་ཆེན་འབྱུང་ལྡན། གསང་བར་ཨཱཿདམར་པོ་སྣང་བ་མཐའ་ཡས། བརླ་གཉིས་ལ་ཧ་ལྗང་ཁུ་དོན་ཡོད་གྲུབ་པའོ། །ཡབ་ཀྱི་གསང་བ་ནས། བཀག་པའོ། །ཨོཾ་སརྦ་ནས། ཀོ྅ཧཾ། སྦྱོར་མཚམས་ནས་བདེ་བའི་འོད་ཟེར་འཕྲོས་པས། སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། ཡབ་ཡུམ་གྱི་ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་དཀར་དམར་དུ་ཞུ། རྡོ་རྗེ་


TNT06_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དང་པདྨ་ལས་བླངས་ཏེ་སློབ་མའི་ལྕེ་ཐོག་ཏུ་བཞག་པར་མོས། བཏུང་བ་རིན་ཆེན་དམ་པ་འདི། །རྡོ་རྗེའི་ལུས་ནི་རབ་སྒྲུབ་བྱེད། །བུ་ཁྱོད་དེ་ལྟར་ཤེས་ཀྱིས་ཀྱེ། །ཡིད་ལས་བྱུང་བའི་ཆུ་འཐུངས་ཤིག །ཧྲཱིཿཥྚཱིཿའི་མཐར་ཨོཾ་ཨཱཿཧཱུཾ། བཏགས་པས་ནང་མཆོད་སྦྱིན། ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད། བྱང་ཆུབ་ཀྱི་སེམས་འཐུངས་པས་བདེ་བ་ཆེན་པོས་རྒྱུད་གང་བར་བསམ་སྟེ། ཨ་ཧོ་མཧཱ་སུ་ཁཾ། ཞེས་བརྗོད་དུ་གཞུག ཐབས་དང་ཤེས་རབ་ཀྱི་རྫས་དེ་མགྲིན་པ་ནས་བརྒྱུད་དེ། ལུས་ཐམས་ཅད་གང་བས། རྣམ་སྨིན་ཐ་མལ་གྱི་ལུས་ངག་རྣམ་པར་དག་སྟེ། གསུང་རྡོ་རྗེ་འདོད་ཆགས་གཤིན་རྗེ་གཤེད་ཀྱི་ངོ་བོར་མོས་སུ་བཅུག ཧེ་བཛྲ་པ་ཤྱ། ཞེས་པས་མིག་དར་བཀྲོལ། གསང་བའི་དབང་འདི་ཐོབ་པས། ལམ་རྩ་རླུང་སྒོམ་པ་ལ་དབང་བ་ཡིན་ནོ། །ཞེས་བརྗོད། སླར་ཡང་ཤེས་རབ་ཡེ་ཤེས་བཞི་པ་དང་བཅས་པ་ཞུ་བར་འདོད་པས། གསེར་སོགས་རིན་པོ་ཆེ་སྣ་བདུན་དང༌། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱིས་ཞིང་ཁམས་ཐམས་ཅད་བཀང་སྟེ་ཕུལ་བར་མོས་ལ། ཕྱག་སྔོན་དུ་འགྲོ་བའི་མཎྜལ་ཕུལ། སླར་ཡང་བསྟོད་པ་འདིས་བསྟོད་དེ། ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང༌། །ནམ་མཁའ་དང་ནི་མཉམ་གྱུར་པ། །འདོད་པ་རྣམས་ཀྱིས་མ་གོས་པའི། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཕུང་པོ་རྣམས་དང་ཁམས་རྣམས་དང༌། །སྐྱེ་མཆེད་རྣམས་ལ་མི་བརྟེན་ཞིང༌། །ཕྱིན་ཅི་ལོག་ལས་རྣམ་གྲོལ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་རྟོག་མེད་ཅིང་ཀུན་རྟོག་མེད། །ཐུགས་ནི་རབ་ཏུ་མི་གནས་པ། །བསམ་གྱིས་མི་ཁྱབ་པ་ཡི་


TNT06_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཇི་ལྟར་ནམ་མཁའ་གནས་མེད་ཅིང༌། །སྤྲོས་མེད་གོས་པ་མེད་པ་ལྟར། །མཁའ་དང་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པའི་རྗེས་སུ། གཉིས་མེད་བདེ་བ་ཆེན་པོའི་སྐུ། །བློ་ཆེན་སློབ་དཔོན་ཁྱོད་དྲིན་གྱིས། །བདེ་བ་ཆེན་པོ་གཉིས་མེད་ནི། །རང་གི་སེམས་ཀྱིས་མྱང་བར་འཚལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་སྔར་བཞིན་སྒོ་བ་བཞིའི་སྔགས་ཀྱིས་མིག་དར་འཆིང་དུ་གཞུག་གོ །མཚན་ཉིད་དང་ལྡན་པའི་རིག་མ་མིག་ཡངས་ལང་ཚོར་ལྡན་པ། རིག་མར་གཏད་པར་བསམ་ཞིང༌། སློབ་མ་དང༌། རིག་མ་ལག་གཡོན་གྱི་སྲིན་ལག་སྒྲེལ་བར་གནས་པ་ལ། དེ་ཉིད་སློབ་དཔོན་གྱི་ལག་གཡོན་པའི་བཟུང་སྟེ། ལག་པ་གཡས་ཀྱིས་སློབ་མའི་མགོ་བོར་རྡོ་རྗེ་བཀོད་ལ། འདི་སྐད་ཅེས། རིག་མ་མཚན་མཆོག་ཡོན་ཏན་ཀུན་ལྡན་མ། །མཛེས་པའི་རྒྱན་གྱིས་ལེགས་པར་སྤྲས་པ་མོ། །དུས་གསུམ་སངས་རྒྱས་རྣམས་ཀྱི་སྐྱེད་བྱེད་ཡུམ། །བུ་ཁྱོད་ལ་ནི་ང་ཡིས་གཏད་ཀྱིས་ལོངས། །ཆོས་རྣམས་ཐམས་ཅད་གཉིས་མེད་པ། །གཉིས་ཀྱི་དངོས་པོས་མཚོན་པར་བྱ། །དེ་ཕྱིར་ཁྱོད་ཀྱིས་རྟག་ཏུ་ནི། །འཁོར་བར་བྲལ་བར་མི་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་དེ། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །དེ་ནས་རིག་མ་དེས། ནུས་སམ་དཔའ་བོ་རྡོ་རྗེ་ཅན། །བྷ་གའི་པདྨར་ཙུམྦྷ་ནམ། །བཤང་གཅི་ཟས་སུ་བཟའ་ནུས་སམ། །རང་


TNT06_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ང་ཡི་པདྨ་ནི། །བདེ་བ་ཀུན་གྱི་བདག་པོ་སྟེ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །རྡོ་རྗེ་དབྱིངས་ཀྱི་པདྨོ་ལ། །ཡང་དག་ཁྱོད་ཀྱིས་སྤྱོད་ནུས་སམ། །ཞེས་དྲིས་པ་ལ། བྷ་གར་འོ་བྱེད་ལྷ་མོ་ཀྱེ། །ཤུ་ཀྲ་རཀྟ་རྐང་དང་ལྡན། །བཤང་གཅི་ཟས་སུ་བཟའ་ནུས་སོ། །རང་བྱུང་ཁྱེད་ཀྱི་པདྨ་ནི། །བདེ་བ་ཀུན་གྱི་བསྐྱེད་པའི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །གསང་བ་ཆེན་པོའི་ཕོ་བྲང་ནི། །དུས་གསུམ་སངས་རྒྱས་ཀྱིས་རྟག་པར། །བདག་ཀྱང་ལོངས་སྤྱོད་བྱེད་པར་འཚལ། །ཞེས་ལན་གདབ། སྟོང་པའི་ངང་ལས། སློབ་མ་གཙོ་བོ་ཞེ་སྡང་གཤིན་རྗེ་གཤེད་དང༌། རིག་མ་ཕག་མོར་གྱུར། རྒྱས་པར་སྤྲོ་ན། མངོན་རྟོགས་བཞིན་གསལ་བཏབ། གོང་བཞིན་མཁའ་གསང་བྱིན་རླབས་དང་རྗེས་ཆགས་ཀྱི་སྔགས་བརྗོད། ཐབས་ཤེས་རྗེས་སུ་འཇུག་པ་སྙོམས་པར་འཇུག་པའི་དགའ་བ་བརྩམ་པ་ལས། འཁྱུད་པ་དང་ཙུམྦྷ་ལ་སོགས་པས་ཐོབ་པའི་དགའ་བའི་ཡེ་ཤེས། ཞེ་སྡང་གི་རྣམ་རྟོག་སོ་གཉིས་འགགས་པ་སྣང་བ་དང༌། །རྡོ་རྗེ་དང་པདྨ་འདུས་བྱས་པ་ལས། མཆོག་དགའི་ཡེ་ཤེས། འདོད་ཆགས་རྣམ་རྟོག་བཞི་བཅུ་འགགས་པ་མཆེད་པ་དང་བསྲུབ་པའི་སྦྱོར་བ་ལས། ཕྱོགས་བཅུའི་སངས་རྒྱས་རྣམས་རང་གི་ལུས་ལ་ཉེ་བར་བཅུག་སྟེ། གཞིར་གནས་ཀྱི་བྱང་སེམས་དང་འདྲེས་པ། རྗེས་ཆགས་ཀྱི་མེས་ཞུ་ནས། གསང་བའི་འཁོར་ལོར་ཕྱིན་པ་ནི། ཁྱད་དགའི་ཡེ་ཤེས། གཏི་མུག་རྣམ་རྟོག་བདུན་འགགས་པ། སྣང་བ་ཐོབ་པའོ། །བྱང་ཆུབ་ཀྱི་སེམས། རྩ་འཕྲང་


TNT06_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གནས་སུ་སོན་པ། གཉིས་ཤོར་གཉིས་གནས་ཀྱི་སྐད་ཅིག་ནི། ལྷན་ཅིག་སྐྱེ་དགུའི་ཡེ་ཤེས་འོད་གསལ་བའོ། །སླར་ཧཱུཾ་གི་སྦྱོར་བས་མས་བརྟན་གྱི་དགའ་བ་བཞི་ཐོབ་པར་མོས་སུ་བཅུག སྔར་གྱི་སྔགས་ཀྱིས་མིག་དར་བཀྲོལ། ཤེས་རབ་ཡེ་ཤེས་ཀྱི་དབང་འདི་ཐོབ་པས། ལམ་བདེ་སྟོང་སྒོམ་པ་ལ་དབང་བ་ཡིན་ནོ། །དེ་ལྟ་བུའི་བདེ་བ་དེ་ཉིད་རང་བཞིན་སྟོང་གསལ། སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ། སྣང་བ་མ་འགགས་པའི་རང་རྩལ་སྣ་ཚོགས་སུ་འཆར་བ། ཕྱི་སྣང་སྟོང་དབྱེར་མེད། ནང་རིག་སྟོང་དབྱེར་མེད། འབྲས་བུ་བཞི་པའི་ཡེ་ཤེས་ཡན་ལག་བདུན་ལྡན་དང་མཚུངས་པ་འདི་ནི་དབང་བཞི་པའི་ཡེ་ཤེས་ཏེ། ཇི་སྐད་དུ། བརྟན་གཡོའི་དངོས་པོ་མ་ལུས་པ། །བསྒོམ་པར་བྱ་བའི་དུས་ཉིད་ན། །བློས་ནི་ཡོངས་སུ་མི་སྒོམ་སྟེ། །ཀུན་གྱི་མཚན་ཉིད་མི་ཤེས་ན། །དེ་ཁོ་ན་ཉིད་སྒོམ་པ་མིན། །དངོས་པོ་ཐམས་ཅད་ཡོངས་ཤེས་ན། །དེ་ནི་སྒོམ་པར་རབ་ཏུ་སྒྲགས། །ཞེས་གསུངས་པ་ལྟར། ལྷ་སྐུ། བདེ་བ། མི་རྟོག་པ་གསུམ་རྩེ་གཅིག་ཏུ་གྱིས་ལ་མཉམ་པ་ཞོག་ཅིག ཅེས་བརྗོད་ལ་སྒོམ་དུ་གཞུགདེ་ནི་དབང་བཞི་པ་སྟེ་གཉུག་མའི་དོན་སྒོམ་པ་ལ་དབང་བ་ཡིན་ནོ། །མཆོག་དབང་འདི་དག་ལོགས་སུ་བསྐུར་བ་ཡིན་ན་ཡང་སྐབས་འདིར་དབང་གི་མཐའ་རྟེན་རྣམས་གོང་བཞིན་དུ་བྱའོ། །སློབ་མའི་རྗེས་ཀྱི་བྱ་བ་ནི་སྤྱི་དང་མཐུན་པས་ཤེས་སོ། །གསུམ་པ་དྲག་པོ་དབང་བདུན་ལ། བསྡུས་པ་དང༌། རྒྱས་པ་གཉིས་ལས། དང་པོ་ནི། བུམ་དབང་གི་མཐའ་འམ། རྗེས་གནང་དཀྱུས་རྣམས་སོང་མཚམས་སུ། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། ཇི་ལྟར་སངས་རྒྱས་


TNT06_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས། །གཤིན་རྗེ་གཤེད་ནག་དབང་བསྐུར་ལྟར། །བརྟུལ་ཞུགས་མཐར་ཐུག་ཀུན་འཛིན་ཅིང༌། །ལས་རྣམས་བླ་མེད་ཀུན་བྱའི་ཕྱིར། །སངས་རྒྱས་ཀུན་གྱི་དབང་གི་མཆོག །དབང་བསྐུར་རབ་ཏུ་རྨད་བྱུང་བ། །བརྟུལ་ཞུགས་ཆེན་པོ་ཁྱོད་ཀྱིས་ནི། །བདག་ལ་བཀའ་དྲིན་རབ་ཏུ་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ། དེ་ནས་སློབ་མ་གཅེར་བུ་སྐྲ་བཤིག་པའམ། ཡང་ན་ཆས་གོས་ནག་པོར་བསྒྱུར་ལ། རལ་གྲིའི་རྗེས་གནང་སྔར་བཞིན་བྱ་སྟེ་དང་པོའོ། །གྲི་གུག་གཏད་ལ། ཨེ་མ་ཧོ་གསོད་པ་འདི་ནི་བཟང༌། །གསོད་པ་གསོད་པ་མ་ཡིན་ཏེ། །དམ་ཚིག་ལ་སྡང་བསད་པ་ཡིན། །སེམས་ཅན་གནོད་བྱེད་བསད་པར་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །བཟོད་པ་བསྒོམ་པར་མི་བྱ་སྟེ། །དམ་ཚིག་ལ་སྡང་དགྲ་ཆེན་པོ། །དོ་མཐོན་ཁྱོད་ཀྱིས་བསད་པར་བྱོས། །ཞེས་དྲག་པོའི་ལས་ཀྱི་རྗེས་གནང་སྟེ་གཉིས་པའོ། །ཐོད་ཁྲག་ལག་ཏུ་གཏད་ལ། ཁམས་གསུམ་ཀུན་གྱི་ཁྲག་ཆེན་པོ། །མ་རུངས་སྙིང་ནས་དྲངས་བྱོས་ལ། ཁྲག་ཆེན་ཁྱོད་ཀྱིས་བཏུང་བར་གྱིས། །བརྟུལ་ཞུགས་མཐར་ཐུག་བླ་ན་མེད། །ཨོཾ་སཱ་མ་ཡ་པི་ཝ་ཧུཾ། བེ་ཅོན་གཏད་ལ། རྡོ་རྗེ་སློབ་དཔོན་བརྙས་བྱེད་དང༌། །ཐེག་པ་ཆེན་པོ་སུན་འབྱིན་དང༌། མི་གང་སྔགས་དང་རྒྱུད་དག་གི ། སྦྱོར་བ་ལ་ནི་འཕྱ་བྱེད་པ། །ནན་ཏན་བསྐྱེད་དེ་བསད་པའམ། །ཡང་ན་གནས་ནས་སྤོ་བར་བྱ། །ཞེས་པ་སྟེ་གསུམ་པའོ། །ཌཱ་མ་རུ་དང་དྲིལ་བུ་ཚངས་སྐུད་རྣམས་གཏད་ལ། ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་པ། །དྲིལ་བུ་སིལ་སིལ་སྒྲ་སྒྲོག་པས། །


TNT06_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་རྣམས་དབང་དུ་བསྡུད། །པྲཛྙཱ་ཨུ་པ་ཡ་གྲྀཧྞ་ཧཱུཾ་ཨ། བཞི་པའོ། །བདེ་གཤེགས་མྱ་ངན་འདས་ཀུན་ཀྱང༌། །ཞི་བའི་མཐའ་ལས་བླང་པ་དང༌། །སྣ་ཚོགས་དོན་རྣམས་བྱ་བའི་ཕྱིར། །མཁའ་འགྲོ་མ་ལུས་འདུ་བར་འགྱུར། །ཞེས་བརྗོད་དེ་ལྔ་པའོ། །ཞིང་ཆེན་གྱི་གཡང་གཞི་དང་མི་རོའི་གདན་སྦྱིན་ལ། ཞིང་ཆེན་གཡང་གཞི་གོས་སུ་གྱོན། །བཾ་ཆེན་གསར་བའི་གདན་ལ་འདུག །སྤྱོད་པའི་མཆོག་ནི་ཀུན་གྱིས་ཏེ། །སྲིད་པའི་དམ་པ་ཐོབ་པར་བྱོས། །མཧཱ་ས་མཱ་ཡ། ཨ་དྷི་པ་ཏི་སྟྭཾ། ཞེས་བརྗོད་དེ་དྲུག་པའོ། །དྲག་པོའི་དམིགས་པ་བྱེད་དུ་བཅུག་ལ། འདི་ལ་མི་བྱ་ཅི་ཡང་མེད། །དེ་བཞིན་མི་བཟའ་བ་ཡང་མེད། །རྟག་ཏུ་མི་བསམ་པ་ཡང་མེད། །སྨྲ་བར་མི་བྱ་ཅུང་ཟད་མེད། །བརྟུལ་ཞུགས་མཐར་ཐུག་འཛིན་ཕྱིར་དང༌། །ལས་ཀྱི་མཐར་ཐུག་སྤྱད་པའི་ཕྱིར། །དོགས་པ་མེད་པའི་སེམས་ཀྱིས་ནི། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །ཅེས་བརྗོད་དེ་བདུན་པའོ། །གཉིས་པ་རྒྱས་པ་ནི། གཅེན་གཙང་འོད་ཀྱིས་མཛད་པའི་ཡིག་རྙིང་རྣམས་དང༌། ལག་ལེན་མཐོང་བ་བརྒྱུད་པ་ལས་ཤེས་དགོས་ཤིང་འདི་ལ་ཤིན་ཏུ་བཀའ་རྒྱ་དམ་པར་མཛད་དོ། །དེའི་ཕྱིར་རྒྱས་པར་མི་འབྲི་ལ། དོན་གྱི་སྡོམ་ཙམ་བརྗོད་ན། བདག་བསྐྱེད་འགྱེར་ཉག་རྣལ་འབྱོར་བཞི་ལྡན་སྒོམ། །དཀྱིལ་འཁོར་རྡོ་རྭ་ཁྲག་མཚོ་ཆོས་འབྱུང་མཐིང༌། །ནང་དུ་འདས་པའི་ལྷ་དང་ཕྱི་རུ་ནི། །མ་གཤིན་བཅུ་དྲུག་བསྐྱེད་ཅིང་སྤྱན་འདྲེན་བྱ། །ཕྱི་རོལ་ཕྱོགས་སྐྱོང་རྣམས་ཀྱིའང་མཎྜལ་བཤམས། །མཆོད་


TNT06_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་བཟླས་པ་ཅུང་ཟད་བྱས་ནས་ནི། །ལིངྒ་འགུག་འདྲེན་བསྒྲལ་ཆོག་མཆོད་གཏོར་འབུལ། །ཏིང་འཛིན་སྒོ་ནས་དྲག་པོའི་དབང་བདུན་བླངས། །སློབ་མས་གསོལ་བཏབ་སྡོམ་པ་བཟུང་བ་ལ། །སྐུ་བསྐྱེད་སྤྱན་དྲངས་སྐུ་གཟུགས་སྤྱི་བོར་བཞག །སྐུ་ལས་སྐུ་སྤྲོས་གདུག་པ་ཚར་བཅད་བསམ། །དྲག་པོའི་ཕྲེང་གཏད་སྔགས་ཀྱི་བཟླས་ལུང་སྦྱིན། །སྔགས་འབྲུ་བསྟིམ་ཞིང་དྲག་པོའི་བཟླས་དམིགས་འབོགས། །རལ་གྲི་གྲི་ཐོད་དབྱུག་ཞགས་རྗེས་གནང་སྦྱིན། །ཕྱག་མཚན་བསྟིམ་ཞིང་མཚོན་བྱའི་སྤྲིན་སྤྲོ་བ། །དེ་དག་སྐུ་གསུང་ཐུགས་ཀྱི་དབང་དུ་བཞེད། །འཇིག་རྟེན་འཇིག་རྟེན་འདས་པའི་གཏོར་མ་དང༌། །ཤ་ལྔ་བདུད་རྩི་ཆང་རྣམས་ཡོན་ཏན་དབང༌། །རྒྱ་གྲམ་རྗེས་གནང་འཕྲིན་ལས་སྤྱི་ཡི་དབང༌། །འཇིག་རྟེན་འཇིག་རྟེན་འདས་པའི་ལྷ་བསྐུལ་ནས། །ལིངྒ་དགུག་གཞུག་འདས་དང་འཇིག་རྟེན་པ། །བསྲུང་བ་བསོད་ནམས་བཞི་ཡི་ཁ་སྦྱོར་དབྱེ། །ཐུན་དང་མཚོན་བྱ་ཕུར་བུས་བཏབ་པས་སྒྲལ། །རྣམ་ཤེས་སྤར་ཞིང་ཤ་ཁྲག་གཏོར་མར་འབུལ། །ལྷ་དང་དམ་ཚིག་བསྲེ་བ་དྲག་པོའི་དབང༌། །རོ་གདན་གླང་ལྤགས་སྟག་ལྤགས་མགོ་འཕྲེང་དང༌། །ཅོད་པན་སྦྲུལ་རྒྱན་ཕུར་བུ་ཕྱག་མཚན་དྲུག །ཆས་བཀོད་ཕྱག་རྒྱ་ཆེན་པོའི་དབང་ཞེས་བཞེད། །དྲག་པོའི་དབང་བདུན་རྒྱས་པའི་རིམ་པའོ། །དེ་ལྟར་དབང་གི་རིམ་པ་དེ་རྣམས་ལ། སློབ་མའི་དབང་ཙམ་ལས་མི་བསྐུར་ན། དེའི་མཐར་སྒོམ་བཟླས་ཀྱི་ལུང་ཙམ་སྦྱིན་པར་བྱའོ། །བུམ་དབང་ཙམ་བསྐུར་ཞིང་དྲག་པོའི་ལས་སྒྲུབ་པར་འདོད་ནས། དེའི་དབང་དོན་དུ་གཉེར་ན། དྲག་པོའི་དབང་བསྡུས་པ་ནི་རྗེས་གནང་གི་མཐར་སྦྱིན་ལ། དབང་རྒྱས་པ་ནི་ཉི་མ་གཞན་ལ་སྦྱིན་ནོ། །


TNT06_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ་སྒོམ་པར་འདོད་པ་རྣམས་ལ་ནི། མཆོག་དབང་ཡང་སྦྱིན་ཏེ། སྒོས་སུ་གསོལ་བ་འདེབས་པ་མེད་ན། བུམ་དབང་ཙམ་བསྐུར་བ་དང༌། བསྙེན་པ་མ་སོང་བ་ལ་དྲག་པོའི་དབང་རྒྱས་པ་མི་བྱེད་པར་བཞེད་དོ། །གང་ལྟར་ན་ཡང་སློབ་མ་ལ་དབང་བསྐུར་བའི་བྱ་བ་རྫོགས་པ་ན། འགྲུབ་ན་ཞི་བའི་སྦྱིན་བསྲེག་བྱ་ཞིང༌། སློབ་མའི་སྲིན་ལག་གཡས་པ། སློབ་དཔོན་གྱི་གཡོན་པས་བཟུང་སྟེ། སློབ་མའི་ལུས་ལ་བསྐོར་ནས་དགང་བླུགས་ལན་གསུམ་ཙམ་འབུལ་བ་དང༌། མེ་ཏོག་ལ་སོགས་པ་བསྲེག་རྫས་རྣམས་ཀྱང་སློབ་མས་སློབ་དཔོན་ལ་བསྟབས་ཤིང་སློབ་མའི་མིང་ནས་སྨོས་ཤིང་འབུལ། མཐར་སྨོན་ལམ་དང་བཀྲ་ཤིས་མང་དུ་བྱེད། དེ་ནས་དཀྱིལ་འཁོར་ལ་མཆོད་པ་གསར་དུ་བཤམས་ཤིང༌། གོང་ལྟར་བྱིན་གྱིས་བརླབས་ནས། སྒྲུབ་ཐབས་ལྟར་མཆོད་བསྟོད་བདུད་རྩི་མྱང་བ་བྱས། ཨོཾ་ཁྱེད་ཀྱི་ནས། ནམ་མཁར་གཤེགས་ཀྱི་བར་མངོན་རྟོགས་བཞིན། ཡང་མཆོད་པ་ཁ་གསོས་ལ། མཆོད་བསྟོད་བདུད་རྩི་མྱང་བ་མངོན་རྟོགས་བཞིན་བྱ། འདོད་པའི་དོན་གསོལ་བ་གདབ། གང་ཡང་བདག་བློ་ནས། ས་ཐོབ་ཤོག་གི་བར་སྒྲུབ་ཐབས་བཞིན། ཡི་གེ་བརྒྱ་བ་མང་དུ་བཟླས་ལ། ཨོཾ་ཨཱཿཧཱུཾ་མུཾ། ཞེས་པས། ཡེ་ཤེས་པའི་དཀྱིལ་འཁོར་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རྣམས་རང་ལ་ཐིམ། ཆོས་ཐམས་ཅད་སྟོང་པར་མོས་བཞིན་དུ། རོལ་མོའི་སྒྲ་དང་བཅས་པས། ཨ་ཀ་རོའི་སྔགས་བཟླ་བཞིན་དུ། ལྷ་མཚན་རྣམས་ཐུར་མས་བླང༌། གཞན་རྣམས་རྡོ་རྗེ་དང་བཅས་པའི་རྔ་ཡབ་ཀྱིས་དབང་ལྡན་ནས་བསྡུས་ལ། སྣ་ཚོགས་པའི་རོལ་མོ་


TNT06_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཕན་གདུགས་སོགས་ཀྱིས་སྤྱན་དྲངས་ཏེ། ཨོཾ་གི་ལི་གི་ལི་ཧཱུཾ་ཛཿ ཞེས་པས་ཆུ་བོ་ཆེན་པོར་དོར་རོ། །དེ་ནས་ནང་དུ་འོངས་ལ་རྡོ་རྗེ་སྐམ་པའི་ཕྱག་རྒྱས་ཕུར་བུ་རྣམས་སྔར་བཏབ་པའི་རིམ་པས་ཕྱུངས་ཤིང༌། ཨོཾ་རུ་རུ་སྤུ་རུ་སོགས་ཀྱིས་ཕུར་བུ་དང་ཕུར་སྟན་འོ་མས་བཀྲུ། མཐར་དགའསྟོན་དང་བཀྲ་ཤིས་རྒྱ་ཆེར་བྱའོ། །གང་ཐུགས་འཇམ་པའི་དཔལ་གྱི་རང་བཞིན་ལས། །བདུད་དང་གཤིན་རྗེའི་ཚོགས་ལ་མཐར་བྱེད་སྐུ། །གསུང་དབྱངས་སྔགས་ཀྱིས་ས་གསུམ་འཁྲུལ་པ་སེལ། །བཅུ་གསུམ་ས་ཡི་རང་བཞིན་འཁོར་ལོའི་མགོན། །དེ་ཉིད་སྒྲུབ་ལ་སྨིན་བྱེད་དབང་གི་ཚུལ། །ཐོག་མ་བར་དང་ཐ་མར་དགེ་བ་འདི། །རིག་འཛིན་གྲུབ་པ་རྣམས་ཀྱིས་བླང་བྱ་སྟེ། །བདེ་ཆེན་ཚུལ་ལ་ངེས་པའི་ཚིག་ཏུ་གསུངས། །དྲི་མ་ཀུན་སྦྱོང་དགའ་བཞིའི་ཚུལ། །སྙིང་པོའི་རང་འགྲོས་དབང་བཞིའི་ལམ། །འདི་ཡིས་འཇིག་རྟེན་མ་ལུས་པར། །རྡོ་རྗེ་འཛིན་ཆེན་རྒྱལ་གྱུར་ཅིག །དཔལ་གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འོད་འབར་ཞེས་བྱ་བ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་


TNT06_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་དགུ་པ་ལ་དཔལ་ཇོ་མོ་ནང་གི་གཙུག་ལག་ཁང་དུ་སྦྱར་བའོ།། །།བཀྲ་ཤིས། དགེ་ལེགས་འཕེལ། ཅོ་གྲུ་རིན་ཆེན་རྒྱལ་མཚན་དང༌། ཞང་རིན་ཆེན་འོད་ཟེར་དང༌། འཛིན་པ་རིན་ཤེ་དང༌། ཀུན་མཁྱེན་སང་གྷ་བྷ་དྲ་སོགས་ཀྱི་ཡིག་ཆ་རྣམས་ལའང་འདྲིས་པར་བྱས། གཙོ་བོར་གཅུང་རྡོ་རྗེ་རྩེ་མོའི་བཤད་འབུམ་ཆེ་ཆུང་དང་དཀྱིལ་ཆོག་རྣམས་དང་སྦྱར་ཏེ་ལ་ལི་ཏའི་གཞུང་དང་ཅི་འབྱོར་བྱས་པའོ།། །།


TNT06_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

གཤིན་རྗེ་གཤེད་ནག་པོའི་ཁྲིད་ཡིག་ཞང་ལུགས།


TNT06_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཤེད་ནག་པོའི་ཁྲིད་ཡིག་ཞང་ལུགས་བཞུགས།


TNT06_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་གཤིན་རྗེ་གཤེད་པོ་དང༌། །བླ་མ་མཆོག་ལ་གུས་བཏུད་ནས། །རྒྱུད་རྒྱལ་ལེའུ་བཅོ་བརྒྱད་པའི། །དགོངས་དོན་རྫོགས་རིམ་བྲི་བར་བྱ། །འདིར་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ལ་གཞོལ་བ། རྫོགས་རིམ་གྱི་སྐལ་བ་ཅན་དག་ཅིག་མཆོག་གི་བསྙེན་པ་ཉམས་སུ་ལེན་པར་འདོད་ན། སློབ་དཔོན་དེ་ཝཱ་ཀ་ར་ཙནྡྲས་མཛད་པའི་རྣལ་འབྱོར་བཞི་པ་བཞིན་ཤེས་དགོས་པ་ལས། འདི་ལ་འཁྲིད་ཚུལ་གྱི་ཡི་གེ་བོད་ཀྱིས་སྦྱར་བ་མེད་པའི་ཕྱིར། གྲགས་ཆུང་བས། བླ་མའི་མན་ངག་དང༌། གོང་མའི་མཆན་བུ་རྣམས་ཀྱི་རྗེས་སུ་འབྲངས་ཏེ། ཅུང་ཟད་ཙམ་ཞིག་བརྗོད་པར་བྱའོ། །འདི་ལ་སྒྲུབ་ཐབས་སུ་བཤད་པ་ལྟར་ཐིག་ལེའི་རྣལ་འབྱོར་རམ། དཀྱིལ་འཁོར་གྱི་ལྷ་རགས་པ་ལའང་རུང་སྟེ། ཆ་ཤས་ལ་སེམས་མ་ཡེངས་པར་འཇོག་པ་ནི། སོ་སོར་སྡུད་པའོ། །ཅུང་ཟད་སེམས་ཟིན་པ་ན། ལྷའི་གསལ་སྣང་རགས་པ་རྫོགས་པ་ལ་སེམས་འཛིན་པ་ནི། བསམ་


TNT06_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཡན་ལག་ལྔའི་དང་པོ་རྟོག་པའོ། །ལྷ་སྐུ་ཕྲ་མོ་ལ་ཞིབ་མོར་སེམས་འཛིན་པ་ནི། དཔྱོད་པའོ། །དེ་ལས་སེམས་དགའ་སྣང་སྐྱེ་བ་ནི། དགའ་བ་དང༌། ལུས་ལ་ཤིན་སྦྱངས་ཀྱི་བདེ་བ་སྐྱེ་བ་ནི། བདེ་བའོ། །ལྷ་སྐུའི་གསལ་སྣང་རང་ཤར་བ་ན། སེམས་རྟོག་མེད་དུ་གནས་པ་ནི། རྩེ་གཅིག་པའི་ཡན་ལག་གོ །དཀྱིལ་འཁོར་རྫོགས་པར་བསྒོམ་པ་མི་ལྕོགས་ན། རྣལ་འབྱོར་བཞི་པ་བསྡུས་པ་ལས་འབྱུང་བའི་རིམ་པ་དེ་ཉིད་ལ་སེམས་བཟུང་བས་ཆོག་གོ །དེ་ནས་མཁའ་གསང་བྱིན་གྱིས་བརླབས་ཏེ། བྱང་ཆུབ་ཀྱི་སེམས་མུ་ཏིག་དམར་པོ་ལྟ་བུ་མཁའ་ནང་དུ་སྤྲོས་པ་ལ་སེམས་བཟུང༌། རླུང་ཡང་དྲག་ཏུ་དགག་གོ །ཡང་ནོར་བུའི་ནང་དུ་བྷྲུཾ་ཡིག་གསལ་བཏབ་ལ། ཐུར་སེལ་གྱེན་དུ་དྲངས་ཏེ། མཁའ་ནང་གི་ཐིག་ལེ་བྷྲུཾ་ཡིག་གི་སྟེང་དུ་ཟིལ་པ་བཞིན་ཆགས་པ་ལ་སེམས་བཟུང་སྲོག་རྩོལ་ལོ། །དེ་ལས་རྟགས་ལྔ་འཆར་བ་ནི་འཛིན་པའོ། །ཡང་བྱང་ཆུབ་ཀྱི་སེམས་ནོར་བུའི་བུ་ག་


TNT06_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱིར་སྤྲོས་ཏེ། རིན་པོ་ཆེ་ཟུར་བརྒྱད་པའི་རྣམ་པ་ཅན་དུ་གྱུར་ཏེ། ཡབ་ཡུམ་གྱི་རྩ་སྒོར་ཕྱེད་ཕྱེད་ཆུད་པ་ལ་སེམས་བཟུང༌། དེ་ལ་ཅུང་ཟད་བརྟན་ན། རིན་པོ་ཆེ་དེ་ཉིད་ཀྱི་ཕྱེད་ཕྱེད་ཀྱི་འོད་ཟེར་གྱིས་ཡབ་ཡུམ་སོ་སོའི་སྐུ་གང༌། བ་སྤུའི་བུ་ག་ནས་ཕྱིར་འཕྲོས་ཏེ། འཁོར་ལོ་པདྨ་རྡོ་རྗེ་སོགས་ཕྱག་མཚན་དཔག་ཏུ་མེད་པ་སྤྲོ་ཞིང་ཡང་བསྡུ་བའོ། །དེ་བཞིན་དུ་རིན་པོ་ཆེའི་གནས་སུ། རིགས་ལྔའི་ཕྱག་མཚན་གཞན་རྣམས་བསྒོམས་པའི་དབྱེ་བས། དམིགས་པ་དེ་ཉིད་རྣམ་པ་མང་པོར་འགྱུར་རོ། །ཡང་སངས་རྒྱས་རྣམས་ཞལ་དུ་བཅུག་སྟེ། སྙིང་གར་བྱང་ཆུབ་ཀྱི་སེམས་སུ་གྱུར། སྦྱོར་མཚམས་ནས་འཁོར་ལོ་ལ་སོགས་པ་ཕྱག་མཚན་གྱི་རྣམ་པར་ཕྱིས་སྤྲོས་པ། ཡང་སླར་བསྡུས་ཏེ་སྦྱོར་མཚམས་སུ་གནས་པ་ལ་སེམས་བཟུང་ལ། འཁོར་ལོའི་སྤྲོ་བསྡུ་སྐུ་སངས་རྒྱས་རྗེས་དྲན་དང༌། པདྨའི་སྤྲོ་བསྡུ་གསུམ་ཆོས་རྗེས་དྲན་དང༌། རྡོ་རྗེའི་སྤྲོ་བསྡུ་ཐུགས་རྡོ་རྗེ་རྗེས་དྲན་དང༌། རལ་གྲི་ལ་སོགས་པའི་སྤྲོ་བསྡུ་རིགས་རྗེས་དྲན་དང༌། ལྷ་བཅུ་གསུམ་གྱི་རྣམ་པ་སྤྲོ་བ་ནི་ཁྲོ་བོ་རྗེས་དྲན་དང༌། བདེ་བ་བསྒོམ་པ་ནི་དམ་ཚིག་རྗེས་དྲན་ཏེ་དྲུག་གོ །རྗེས་དྲན་གྱི་ཡན་ལག་གོ །ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ཞལ་དུ་བཅུག སྙིང་གར་ཟླ་བའི་སྟེང་དུ་ཐིག་ལེར་གྱུར། སྦྱོར་མཚམས་ཀྱི་ཐིག་ལེ་ཡང་ཡར་དྲངས་ཏེ། སྙིང་གའི་ཐིག་ལེ་ལ་ཐིམ། ཐིག་ལེ་དེ་ཉིད་སྤྲོ་བསྡུ་བྱ་སྟེ། ཏིང་ངེ་འཛིན་གྱི་ཡན་ལག་གོ །དེ་དག་ནི། དང་པོའི་རྣལ་འབྱོར་རོ། །དེ་ནས་དཀྱིལ་འཁོར་ཡོངས་རྫོགས་ཡིན་ན་བསྡུ་ཞིང༌། དེ་ལྟར་མིན་ན། གཞལ་ཡས་ཁང་དང༌། གཙོ་བོ་སྐད་ཅིག་གིས་རྫོགས་པར་བསྐྱེད་ལ། ཡན་ལག་ལྷག་མ་རྣམས་རྫོགས་པར་བྱ། སྙིང་གར་ཉི་དཀྱིལ་ལ་ཧཱུཾ་བསྒོམ་སྟེ། སོ་


TNT06_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སོར་རྟོག་པའི་ཡན་ལག་གོ །དེ་ལས་འོད་སྤྲོས་ཏེ། སྣང་བ་ཐོབ་པའི་ཡན་ལག་གོ །དེ་ལས་སྲིད་པ་གསུམ་སྤྲོས་ཏེ་མཆེད་པའོ། །ཚུར་བསྡུས་ཏེ་སེམས་ཙམ་དུ་བསྒོམ་པ་ནི། དོན་གྱི་ཕྱོགས་གཅིག་པའོ། །དེ་བཞི་ནི་སྔགས་ལ་དམིགས་པའོ། །འོད་ཟེར་ཚུར་བསྡུས་པའི་ཧཱུཾ་ལ་གསལ་སྟོང་གཉིས་སུ་མེད་པར་འཇོག་པ་ནི། སེམས་ལ་དམིགས་པའོ། །སླར་ཡང་འོད་འཕྲོས་པ་ཐོབ་པ། དེ་ལས་དོན་བྱས་པ་མཆེད་པ། ཧཱུཾ་ལས་མི་བསྐྱོད་པར་གྱུར་པ་ནི་མཐོང་ལམ་གྱི་དོན་ནོ། །ལུས་རྡོ་རྗེ་སྐྱེ་མཆེད་ལ་དཔྱད་པའོ། །དངོས་པོ་འདི་དག་མ་སྐྱེས་པ། །ཞེས་སོགས་དང༌། ལུས་དང་ངག་དང་སེམས་དམིགས་ན། །སོགས་བརྗོད་ཅིང་སྟོང་ཉིད་བསྒོམ་པ་ནི། ངག་རྡོ་རྗེའི་སྐྱེ་མཆེད་ལ་དཔྱད་པའོ། །ཐུར་སེལ་གྱེན་དུ་བསྐྱོད་པས། སྦྱོར་མཚམས་ཀྱི་བྷྲུཾ་དབུ་མའི་ལམ་བརྒྱུད་སྣ་རྩེར་སླེབ། རྡོ་རྗེ་སྔོོན་པོ་ནས་འབྲུ་ཙམ་གྱི་ལྟེ་བར་ཉི་མ་ལ་ཧཱུཾ་གིས་མཚན་པར་གྱུར་ཏེ། སྣ་བུག་གཡས་ཀྱི་ལམ་ནས་སྤྲོས་ཏེ། གཡོན་ནས་བསྡུས། སྙིང་གའི་ཧཱུཾ་ལ་ཐིམ་པ་ནི། སེམས་རྡོ་རྗེའི་སྐྱེ་མཆེད་ལ་དཔྱད་པའོ། །གནས་གསུམ་དུ་རྡོ་རྗེ་གསུམ་བཀོད་ནས། མངོན་རྟོགས་བཞིན་ང་རྒྱལ་བཟུང༌། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ལྷ་མོ་བཞིའི་རྣམ་པར་བསྡུས་ཏེ། ཐིག་ལེ་དམར་པོའི་རྣམ་པར་གྱུར། སོ་སོར་ཞུ་སྟེ་ཡབ་ཀྱི་ནོར་བུར་དཀར་པོ། ཡུམ་གྱི་སྣ་རྩེར་དམར་པོ། སྦྱོར་མཚམས་སུ་དཀར་ལ་དམར་བའི་མདངས་ཆགས་པ་ལ་སེམས་དྲག་ཏུ་གཏད། སྒོ་གསུམ་ཅར་གྱི་སྐྱེ་མཆེད་ལ་དཔྱད་པའོ། །ཡང་རྗེས་ཆགས་ཀྱི་བདེ་བ་བསྒོམ་སྟེ། མངོན་རྟོགས་བཞིན་ང་རྒྱལ་བཟུང་ནས། མཁའ་ནང་ནས་མཆོད་པའི་ལྷ་མོ་སྤྲོ་བ་སོགས་མངོན་རྟོགས་བཞིན་བྱེད་པ་ནི་


TNT06_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཀྱི་བྱ་བའོ། །དེ་དག་ནི་རྗེས་སུ་རྣལ་འབྱོར་རོ། །དེ་ལྟར་ལམ་རིམ་པ་གཉིས་ལ་བརྟན་པ་ཐོབ་ནས། སྒྲུབ་པའི་དཀྱིལ་འཁོར་བྲིས་ཏེ། རིག་མ་དང་བཅས་པས་སྤྲོས་བཅས་ཀྱི་སྤྱོད་པ་བྱེད་པ་ནི། རིག་མའི་བརྟུལ་ཞུགས་སོ། །འདི་ལ་རྫོགས་པའི་རྣལ་འབྱོར་ཞེས་བྱའོ། །དེ་ལ་ཅུང་ཟད་བརྟན་པ་ཐོབ་ནས། ཕྱི་དཀྱིལ་ལ་སོགས་པ་སྤངས་ཏེ། འོད་གསལ་དུ་ལྡང་འཇུག་ཁོ་ན་སྦྱངས་ཏེ། ཕྱི་རོལ་ཀྱི་རྐྱེན་ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱས་མཚམས་སྦྱར་ཏེ། མཉམ་བཞག་གི་ཚེ་ཆོས་ཐམས་ཅད་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དང༌། རྗེས་ཐོབ་ཀྱི་ཚེ། ཡེ་ཤེས་དེའི་སྣང་བ་མ་འགགས་པ་སྣང་གྲགས་ཐམས་ཅད་ལྷ་སྐུར་འཆར་བ་ལ་ཡང་ཡང་བསླབ། སྤྱོད་ལམ་ཐམས་ཅད་ཀྱང་དེ་ཉིད་ཀྱི་རང་བཞིན་དུ་ཤེས་པར་བྱེད་པ་ནི་མགོན་པོ་ཀུན་ཏུ་དཔྱོད་པའོ། །འདི་ནི་རྣལ་འབྱོར་ཆེན་པོའོ། །འདི་དག་ནི་འདུས་པ་ཡེ་ཤེས་ཞབས་ལུགས་སོགས་དང༌། ལམ་འགྲོས་ཤིན་ཏུ་མཐུན་ཞིང༌། རྒྱུད་གྱི་རྒྱལ་པོ་འདི་ཉིད་ལས། ལེའུ་ལྔ་པར་མཁའ་གསང་བྱིན་རླབས་གསུངས་པ་སོགས་དང༌། ལེའུ་བདུན་པར་ཁྲག་དགུག་པ་དང༌། ཁུ་བ་དགུག་པ་གསུངས་པ་སོགས་ཀྱི་ངེས་དོན་དང༌། གཞན་ཡང་ལེའུ་བདུན་པ་དང༌། བཅོ་ལྔ་པ་དང༌། བཅོ་བརྒྱད་པ་རྣམས་ཀྱི་རྡོ་རྗེའི་ཚིག་མང་པོ་ལ། ངེས་དོན་གྱི་བཤད་པ་སྣ་ཚོགས་པས་གྲུབ་པའི་དོན་དེ་ཝ་ཨཱ་ཀ་ར་ཙནྡྲའི་གཞུང་གིས་གསལ་བར་མཛད་པ་མཁས་གྲུབ་གོང་མ་རྣམས་ཀྱིས་ཐུགས་


TNT06_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་བཞེས་པའོ། །སློབ་དཔོན་ལྷའི་འབྱུང་གནས་ཟླ་བ་དེ་ཉིད་དང༌། ཞང་ལོཙྪ་བ་ཤེས་རབ་བླ་མས་བསྒྱུར་བར་མཛད་པའི་བསྐྱེད་རྫོགས་ཀྱི་གཞུང་བཟང་པོ་འདི་དག་ལ། མཁས་པར་གྲགས་པ་ཁ་ཅིག་ཀྱང་རྒྱུ་མཚན་མེད་པར་མཐིང་སླད་བྱེད་མོད་ཀྱི་བྲག་ཆ་ལྟ་བུར་ཤེས་པར་བྱའོ། །འདིར་སྨྲས་པ། མཆོག་གྱུར་མན་ངག་དམ་པ་རྣལ་འབྱོར་བཞི་པའི་གཞུང་མཆོག་དང༌། །ལ་ལི་ཏས་མཛད་བྱུང་བའི་གཞུང་འདི་སྔོན་བྱོན་མཁས་དང་གྲུབ་ལ་ཚད་མར་གྲགས། །གཟིགས་རྒྱ་ཆེ་བའི་བར་སྐབས་མཁས་འགའ་དཔལ་འཛིན་གཞུང་དང་མི་མཐུན་པས་ན་ཐེ་ཚོམ་གནས་ཞེས་སྨྲ། །ད་ལྟ་ཀུན་གྱིས་ཤེས་པ་ལྟ་ཞོག་མིང་ཡང་མ་ཐོས་ཁོ་བོ་འབའ་ཞིག་ཆོས་འདི་ཐོས་པའི་སྐལ་བ་བཟང་པོར་གྱུར། །ལ་ལི་ཏའི་གཞུང་དང༌། དཔལ་འཛིན་གྱི་གཞུང་ལ། མི་འདྲ་བ་ཐན་ཐུན་ཡོད་དུ་ཆུག་ཀྱང༌། བདེ་མཆོག་ལཱུ་ནག་ལྟར་སྲོལ་ཀ་ཐ་དད་ཡིན་པས། བསྲེ་བ་དང་དགག་པ་གཉིས་ཀ་མི་བྱའོ། །ཞེས་པའང་ཏཱ་ར་ནཱ་ཐས་སྨྲས་པའོ།། །།དགེའོ། །


TNT06_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བདུད་བཞི་ལས་རྣམ་པར་རྒྱལ་བ།


TNT06_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བདུད་བཞི་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་བཞུགས།


TNT06_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱཿ འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བདུད་བཞི་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །དཔའ་བོ་གང་ཞིག་ཉིན་བྱེད་འབུམ་ཕྲག་བརྒྱ་ཡི་གཟི་འོད་འབར་ཞིང་འཁྲུག་ལྡན་པ། །སྲིད་གསུམ་ལས་རྒྱལ་འཆི་བདག་སྡེར་བཅས་ཐལ་བར་བརླག་མཛད་དབྱུག་པ་དང༌། །ཀུན་རྟོག་ཐོད་པ་བདུད་བཞི་སྒྲལ་བའི་ཁྲག་ཅན་ཕྱག་གི་བརྒྱན་དུ་སྟེ། །འཇིགས་མཛད་འཇིགས་པའི་སྐུར་སྟོན་ཁྱོད་ཀྱིས་བདག་ཅག་འཇིགས་པ་མེད་པར་མཛོད། །གྲུབ་པ་ཀུན་གྱི་གཙུག་གི་རྒྱན། །བི་རཱུ་པ་ཞབས་རྗེས་འབྲངས་ཏེ། །གཤིན་རྗེ་གཤེད་དཔལ་སྒྲུབ་པའི་ཐབས། །གཞན་ལ་ཕན་པའི་སེམས་ཀྱིས་བཤད། །བླ་མ་ལྷག་པའི་ལྷར་བཅས་པའང༌། །འདི་ཡི་མཆོག་ཏུ་དགྱེས་གྱུར་ཏེ། །འདོད་པའི་དངོས་གྲུབ་སྩོལ་བ་དང༌། །བགེགས་རྣམས་རབ་ཏུ་ཉམས་པར་མཛོད། །འདིར་སྒྲུབ་པོ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པས། ཡིད་དང་རྗེས་སུ་མཐུན་པའི་གནས་སུ་


TNT06_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གྱི་ཡན་ལག་རྣམས་ཚོགས་པར་བྱས་ནས། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཅི་ནུས་སུ་བསྒོམ་མོ། །དེ་ནས། རང་སྐད་ཅིག་གིས་གཤིན་རྗེ་གཤེད་དམར་པོ་དཔའ་བོ་ཅིག་པར་གྱུར། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་དམར་པོ་ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར་བ། ཨོཾ་ཡ་མཱནྟ་ཀ་ས་མ་ཡ། མ་ནུ་པཱ་ལཱ་ཡ། ཡ་མཱནྟ་ཀ་ཏྭེ་ནོ་པ་ཏིཥྛ་ཞེས་སོགས་དང༌། ཡ་མཱནྟ་ཀ་མཱ་མེ་མུཉྩ་ཡ་མཱནྟ་ཀ་བྷ་ཝ་མཧཱ་ས་མཱ་ཡ་སཏྭ་ཨཱཿ ཞེས་འདོན་པ་སྤོས་ལ་ཡི་གེ་བརྒྱ་པ་ཅི་ནུས་བཟླ། མཇུག་ཏུ། བདག་དང་ལྷ་དང་ཉེས་ལྟུང་ཐམས་ཅད་སྟོང་པ་ཉིད་དུ་གྱུར། ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །ཕྱག་འཚལ་འདུད་ལ་ཕྱག་འཚལ་འདུད། །གུས་པས་ཁྱོད་ལ་ཕྱག་འཚལ་འདུད། །གཤིན་རྗེ་གཤེད་དམར་བདག་གྲུབ་མཛོད། །བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལ་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་


TNT06_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱ་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རང་སྐད་ཅིག་གིས་གཤིན་རྗེ་གཤེད་དམར་དུ་གསལ་བའི་སྙིང་གར་ཨཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པ། དེའི་ནང་དུ་ཉི་མ་ལ་ཧཱུཾ་དམར་པོ། དེ་ལས་འོད་ཟེར་འཕྲོས། གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་རྩ་བརྒྱུད་ཀྱི་བླ་མ་དང་བཅས་པ་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ། གང་གི་དྲིན་གྱི་བདེ་ཆེན་ཉིད། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བླ་མ་ལ་ཕྱག་བྱ། དེ་ནས། ཨོཾ་ན་མོ་རཀྟ་ཡ་མཱ་རི་ས་པ་རི་ཝཱ་ར་མཎྜལ་བྷྱཿ བདུད་བཞི་པོ་ནི་རྣམ་པར་འཇོམས། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །གཤིན་རྗེ་མཐར་བྱེད་ཕྱག་འཚལ་ཞིང༌། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །ཞེས་དཀྱིལ་འཁོར་ལ་ཕྱག་བྱས། ཨོཾ་ཧྲཱིཿཥྚཱིཿཧ། ཞེས་པས་མཆོད་ཡོན། ཨོཾ་ཧཱུཾ་ཧཱུཾ་ཕཊ། ཞེས་པས་ཞབས་བསིལ། ཨོཾ་ཀུ་མ་ར་རུ་པི་ཎེ་ཛཿཛཿ ཞེས་པས་མེ་ཏོག ཨོཾ་ཧྲཱིཿཧ་ཧཻ་ཕཊ། ཞེས་པས་བདུག་སྤོས། ཨོཾ་དཱིཔྟ་ལོ་ཙ་ན་བི་ཀྲི་ཏཱ་ན་ན་མཧཱ་ཨཊྚཊྚ་ཧ་ས་ན་དི་ན་དཱིཔྟ་ཡ་སྭཱཧཱ། ཞེས་པས་མར་མེ། ཨོཾ་བི་ཀྲི་ཏཱ་ན་ན་དུཥྟཾ་སཏྭ་ད་མ་ཀ་གཿགཿགཿ ཞེས་པས་དྲི་མཆོག་དང༌། ཨོཾ་བཛྲ་ནཻ་ཝེ་ཏྱེ་ཨཱཿཧཱུཾ་སྭཱཧཱ། ཞེས་ཞལ་ཟས་ཏེ་ཉེར་སྤྱོད་དང༌། ཨོཾ་རཱུ་པ་བཛྲི་ཎཱི་ཧཱུཾ། གིས་གཟུགས་རྡོ་རྗེ་མ།


TNT06_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཤཔྟ་བཛྲི་ཎཱི་ཧཱུཾ། གིས་སྒྲ། ཨོཾ་གནྡྷེ་བཛྲི་ཎཱི་ཧཱུཾ། གིས་དྲི། ཨོཾ་རཱ་ས་བཛྲི་ཎཱི་ཧཱུཾ། གིས་རོ། །ཨོཾ་སྤརྴ་བཛྲི་ཎཱི་ཧཱུཾ། གིས་རེག་བྱ། ཨོཾ་དྷརྨ་དྷཱ་ཏུ་བཛྲི་ཎཱི་ཧཱུཾ། གིས་ཆོས་ཁམས་རྡོ་རྗེ་མ་རྣམས་ཀྱིས་མཆོད། དེ་ནས་རྒྱུན་བཤགས་ནི། ལུས་དང་ངག་དང་ཡིད་ཀྱི་སྡིག །སོགས་སམ། ཡང་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཡན་ལག་བདུན་པ་གུར་ནས་འབྱུང་བ་བཞིན་དང༌། ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བདག་གི་ལུས་ནི་དབུལ་བར་བགྱི། །དམ་པའི་ཆོས་ནི་ཀུན་སྟོན་པའི། །སྒྲ་དབྱངས་མཛེས་པས་བཞུགས་སུ་གསོལ། །ཞེས་ལན་གསུམ་བྱ། ཨོཾ་བཛྲ་མུཿ ཞེས་གཤེགས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་རང་གི་སེམས་ཙམ་མོ། །སྙིང་གའི་ཧཱུཾ་གི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། ཨོཾ་ཡོ་ག་བི་ཤུདྡྷ་སརྦ་དྷཱརྨཿཡོ་ག་བི་ཤུདྡྷོ྅ཧཾ། རང་སེམས་ལྷའི་སྐུ་སྒྱུ་མ་ལྟ་བུའོ། །ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ལྷའི་རྣམ་པ། ཡང་སྙིང་ཁའི་ཉི་མ་དབྱུག་པ་དང་བཅས་པ་ལ་ཐིམ། དེ་ཡང་ཧཱུཾ་ལ་ཐིམ། ཞབས་ཀྱུ་ཁོག་པ་ལ། དེ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཡང་ནཱ་ད་ལ། ནཱ་ད་ཡང་སྟོང་པ་ཉིད་དུ་ཐིམ། སྟོང་པའི་ངང་ལས་སྨོན་ལམ་གྱི་དབང་གིས། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་


TNT06_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལམ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེས་མཚན་པ། དེའི་སྟེང་དུ་སུཾ་ལས་རི་རབ་གྲུ་བཞི་བང་རིམ་བཞི་པ་ལྕོག་བརྒྱད་ཀྱིས་མཛེས་པའོ། །དེའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའོ། །དེ་ལས་འོད་འཕྲོས་སྐད་ཅིག་ཙམ་གྱིས་རྡོ་རྗེའི་ས་གཞི་རྭ་གུར་མེ་དཔུང་འབར་བ་རྣམས་གྲུབ་པར་གྱུར། སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾ་ལས་གཞལ་ཡས་ཁང་པ་ནི། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་དང་ནི་ཀ་བ་བརྒྱད། །རྩིག་པ་ཕྱི་ནས་རིམ་པ་བཞིན། །དཀར་སེར་དམར་ལྗང་}ོ་བས་མཛེས། །གཞན་ཡང་འདོད་ཡོན་གྱི་སྣམ་བུ། ཕ་གུ། ཤར་བུ། དྲ་ཕྱེད་མདའ་ཡབ་རྣམས་དང་ལྡན་པ། གདུགས་དང་རྒྱལ་མཚན་དང་བ་དན་དང་བུམ་པ་དང་དཔག་བསམ་གྱི་ཤིང་ལ་སོགས་པས་མཛེས་པར་བྱས་པ། ནང་གི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སྔོ་བའི་སྟེང་དུ། པཾ་ལས་སྣ་ཚོགས་པདྨའོ། །ལྟེ་བ་དང་ཕྱོགས་བཞིར་ཉི་མའི་གདན། མཚམས་རྣམས་སུ་ཟླ་བའི་གདན། དབུས་ཀྱི་གདན་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེ་ཞུ་བ་ལས་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པའི་ནང་དུ་ཉི་མ་ལ་གནས་པའི་ཧཱུཾ་དམར་པོ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་གཤིན་རྗེ་མཐར་བྱེད་ཀྱི་གོ་འཕང་ལ་བཀོད། ཧཱུཾ་ལ་ཐིམ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། དཀྱིལ་འཁོར་པ་ཐམས་ཅད་སྐད་ཅིག་གིས་གྲུབ་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་རང་ཉིད་བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་


TNT06_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་དམར་པོ་དཔའ་བོ་ཉི་མ་བྱེ་བའི་འོད་དང་མཚུངས་པའི་གཟི་བརྗིད་ཀྱི་ཕུང་པོ་འབར་བ་ལ། ཡུམ་རྡོ་རྗེ་རོ་ལངས་མ་དམར་མོས་འཁྱུད་པ། འདབ་མ་བཞི་ལ་ཤར་དུ་གཏི་མུག་གཤིན་རྗེ་གཤེད་དཀར་པོ་ལ། ཡུམ་ཙར་ཙི་ཀ་ནག་མོས་འཁྱུད་པ། ལྷོར་སེར་སྣ་གཤིན་རྗེ་གཤེད་སེར་པོ་ལ། ཡུམ་ཕག་མོ་སེར་མོས་འཁྱུད་པ། ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་ལ། ཡུམ་དབྱངས་ཅན་མ་དཀར་མོས་འཁྱུད་པ། བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ་ལ། ཡུམ་གཽ་རི་ལྗང་མོས་འཁྱུད་པ། དཔའ་བོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་ཅུང་ཟད་གདངས་ཤིང་མཆེ་བ་གཙིགས་པས་རྒྱ་ཆེར་བཞད་པ། སྨ་ར་དང་སྨིན་མ་དང༌། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་གཡས་པས་འཇིག་རྟེན་གསུམ་འདུལ་བའི་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པ་འཕྱར་བ། གཡོན་པ་བདུད་མཐའ་དག་གི་ཁྲག་གིས་གང་བའི་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་མ་ཧེའི་སྟེང་དུ་གཤིན་རྗེ་སྔོན་པོ་དབྱུག་པ་དང་ཞགས་པ་ཐོགས་པ་རྣམ་པར་རྫི་བར་མཛད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། འཛག་པའི་མགོ་བོ་བརྒྱ་ཕྱེད་ཀྱི་དོ་ཤལ་དང༌། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་རྣམ་པར་བརྒྱན་པ་བདུད་དང་གཤིན་རྗེ་མ་ལུས་པ་སྐྲག་པར་མཛད་ཅིང༌། གར་གྱི་ཉམས་དགུ་དང་ལྡན་པ། ཡུམ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་རྡོ་རྗེ་གྲི་གུག་དང༌། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། རྒྱན་དང་ཆ་བྱད་ཡབ་


TNT06_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ་བ་ལས། གཅེར་བུ་མི་མགོ་སྐམ་པོའི་དོ་ཤལ་ཅན་དབུ་སྐྲ་གྲོལ་བ། ཞབས་གཡོན་བསྐུམ་གཡས་བརྐྱང་བས་ཡབ་ལ་འཁྱུད་པ། ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཤར་ལྷོར་མུ་མེན་གསེར་ཆབ་ཀྱི་བུམ་པ་བཞི་མཉམ་གྱིས་གང་བ། ལྷོ་ནུབ་ཏུ་གསེར་གྱི་བུམ་པ་གླ་རྩིས་གང་བ། ནུབ་བྱང་དུ་བྱི་རུའི་བུམ་པ་སི་ཧླས་གང་བ། བྱང་ཤར་དུ་དངུལ་གྱི་བུམ་པ་ག་བུར་གྱིས་གང་བ། ཐམས་ཅད་ཀྱང་ཐོད་པ་བདུད་རྩིས་གང་བས་ཁ་བརྒྱན་པའོ། །གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་བོས་མཚན་པ། དེའི་ནང་དུ་ཏིང་ངེ་འཛིན་སེམས་དཔའ་ཉི་མ་ལ་གནས་པའི་ཧཱུཾ་དམར་པོ། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ། ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་སྔོན་པོ་སྙོམས་པ་ཞུགས་པས་བདེ་བས་རྒྱུད་གང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཤེས་རབ་ཀྱི་ལྟེ་བར་པདྨ་དམར་པོ་འདབ་མ་བརྒྱད་པ་རང་ལ་ཁ་ཕྱོགས་པའི་ལྟེ་བར་ཧྲཱིཿདམར་པོ། ལྷ་མོ་དང་བདག་ཉིད་ཀྱི་སྤྱི་བོའི་ཧཾ་ཡིག་ལས་བྱུང་བའི་བདུད་རྩིའི་རེ་ཁ་དཀར་པོ་པདྨའི་སྣལ་མ་ལྟར་ཕྲ་བ་ཧྲཱིཿཡིག་གི་རྩེ་མོར་འབབ་པར་གྱུར། སྙིང་ཁར་ཧཱུཾ་སྔོན་པོ། མགྲིན་པར་ཨཱཿདམར་པོ། སྤྱི་བོར་ཨོཾ་དཀར་པོ། དེ་རྣམས་ཀྱི་འོད་ཟེར་གྱི་སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། གནས་གསུམ་དུ་ཐིམ་པས་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པར་གྱུར། ཧཱུཾ་ལས་འོད་ཟེར་འཕྲོས། རྡོ་རྗེ་འཛིན་པ་རིགས་ལྔ་ཡུམ་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་


TNT06_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ལ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་རྩ་བའི་བླ་མའི་ངོ་བོ་རྡོ་རྗེ་སེམས་དཔའ་དང་འཁོར་རྣམས་ལ་གཙོ་བོ་ཉིད་ཀྱི་དབུ་བརྒྱན། སླར་ཡང་ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་སོགས་ཉེར་སྤྱོད་ལྔས་མཆོད། ཛཿཧཱུཾ་བཾ་ཧོཿ ཞེས་དགུག་གཞུག་བཅིང་མཉེས་བྱས། སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། གཤིན་རྗེ་མཐར་བྱེད་ཀྱི་གོ་འཕང་ལ་བཀོད། ཧཱུཾ་ལ་ཐིམ། འདིར་འཕྲེང་བ་བྱིན་བརླབ་ནི། འཕྲེང་བ་གཤིན་རྗེ་གཤེད་དུ་བསྐྱེད། གནས་གསུམ་བྱིན་རླབས་དང་ཡེ་ཤེས་པ་སྤྱན་འདྲེན་དབང་བསྐུར་རྣམས་བྱས་ལ། ཧྲིཿཥྚཱིཿ འགའ་ཟུང་བཟླས་དེ་ཞུ་བ་ལས་ཁྲག་འཛག་མགོ་བོའི་འཕྲེང་བར་གྱུར་པར་བསམ། བྱིན་རླབས་ཀྱི་དོན་དུ། ཧྲཱིཿཥྚཱིཿ འཕྲེང་བ་བསྐོར་ཅིག་བཟླའོ། །དེ་ནས་ཐུགས་ཀའི་ཉི་མ་ཧཱུཾ་གི་ཐ་མར་སྔགས་ཀྱི་འཕྲེང་བས་བསྐོར་བར་བསམ་ལ་སྔགས་བཟླ་སྟེ། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཅེས་པ་ནི་སྙིང་པོའི་སྔགས་སོ། །ཨོཾ་ཧཽཾ་ཀྵཽཾ་ཀྵ་ཡཾ་ཀ་རཱ་གྲིཧྣ་གྲིཧྣ་ཧཱུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའི་སྔགས་སོ། །ཨོཾ་མཧཱ་ཡཀྵ་སེ་ན་ཨ་དྷི་པ་ཏ་ཡེ། མཧཱ་དུ་ར་དནྟ་ད་མ་ཀ་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། བི་དྲ་པ་ཡ་བི་དྲ་པ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། འཕྲེང་བའི་སྔགས་སོ། །ཨོཾ་


TNT06_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དྭེ་ཥ་ར་ཏཱཾ་ནུ་ད་ནུ་ད་ཏྲུ་ཊ་ཏྲུ་ཊ་ཧཱུཾ་ཛ་སྭཱཧཱ། ཡུམ་གྱི་སྔགས་སོ། །ཨོཾ་མོ་ཧཱནྟ་ཀྲིཏ་ཧཱུཾ་ཕཊ། ཨོཾ་པི་ཤུ་ནཱནྟ་ཀྲིཏ་ཧཱུཾ་ཕཊ། ཨོཾ་ར་གཱ་ན་ཏ་ཀྲི་ཏ་ཧཱུཾ་ཕཊ། ཨོཾ་ཨིར་ཥྱ་ནྟ་ཀྲི་ཏ་ཧཱུཾ་ཕཊ། དཔའ་བོ་བཞིའི་སྔགས་སོ། །ཨོཾ་མོ་ཧཱ་ར་ཏཱི་ཧཱུཾ་ཛཿ ཨོཾ་པི་ཤུ་ན་རཱི་ཏཱི་ཧཱུཾ་ཛཿ ཨོཾ་རཱ་ག་རི་ཏཱ་ཧཱུཾ་ཛཿ ཨོཾ་ཨིར་ཥྱ་ར་ཏཱི་ཧཱུཾ་ཛཿ དཔའ་མོ་བཞིའི་སྔགས་སོ། །དེ་ནས་སྤྲོ་ན་སྐབས་འདིར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་པ་དང༌། ནང་མཆོད་དང༌། ཨ་ཡེ། ཞེས་སོགས་ཀྱི་བསྟོད་པ་རྣམས། འོག་མཎྜལ་མཆོད་པའི་སྐབས་ལྟར་བྱའོ། །སྙིང་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས། སྣོད་ཐམས་ཅད་གཞལ་ཡས་ཁང་བཅུད་ཐམས་ཅད་ལྷ་ཚོགས་སུ་གྱུར། དེ་རྣམས་འོད་དུ་ཞུ་དཀྱིལ་འཁོར་ལ་ཐིམ། རྟེན་གྱི་དཀྱིལ་འཁོར་ཡང་ལྷ་རྣམས་ལ་ཐིམ། འཁོར་རྣམས་གཙོ་བོ་ལ་ཐིམ། དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་དང༌། དེ་ཏིང་ངེ་འཛིན་སེམས་དཔའ་དང༌། དེ་ཡང་ནཱ་དའི་བར་དུ་ཐིམ། སྤྲོས་པ་དང་བྲལ་བའི་དབྱིངས་ལ་མཉམ་པར་གཞག སླར་ཡང་སྟོང་པའི་ངང་ལས་སྐད་ཅིག་གིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསམ་ལ། དག་པ་འདི་རྣམས་ཡིད་ཀྱི་དྲན་པར་བྱའོ། །དེ་ཡང་དམར་བ་ཉིད་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བརླག་པའི་དོན་ནོ། །སྤྱན་གསུམ་ནི་འདས་པ་དང་མ་འོངས་པ་དང༌། ད་ལྟ་བྱུང་བའི་དུས་གསུམ་གྱི་ཕྱིར་རོ། །ཕྱག་གཉིས་ནི་དངོས་པོ་དང་དངོས་པོ་མེད་པའི་རྟོག་པ་འཇོམས་པའོ། །ཤེས་རབ་ལ་འཁྱུད་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པའི་སྦྱོར་བས་སོ། །ཀླུ་བརྒྱད་ནི་རྣམ་པར་ཤེས་པ་བརྒྱད་མཚོན་པའོ། །མགོ་བོ་བརྒྱ་ཕྱེད་ཀྱི་འཕྲེང་བ་ནི། ཡེ་གེ་ལྔ་བཅུའི་སྦྱོར་བས་སོ། །གཡོན་ན་ཐོད་པ་ནི་


TNT06_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔའི་བདུད་རྩིའི་རོས་ཡོངས་སུ་གང་བའི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །གཡས་ན་དབྱུག་པ་ནི། ཕུང་པོ་དང༌། ཉོན་མོངས་པ་དང༌། ལྷའི་བུ་དང༌། འཆི་བདག་གི་བདུད་བཞི་རྣམ་པར་འཇོམས་པའི་རང་བཞིན་ཅན་ནོ། །གཡོན་བརྐྱང་གི་གོམ་སྟབས་ནི་ཁམས་གསུམ་རྣམ་པར་གནོན་པའོ། །ལྷ་མོའི་ཕྱག་གཡོན་པའི་ཐོད་པར་བདུད་བཞིའི་ཁྲག་ནི་རོ་དང་བཅུད་ལེན་དུ་མ་ཀུན་ནས་མྱང་བའི་ཕྱིར་རོ། །གཡས་པ་རྡོ་རྗེའི་གྲི་གུག་ནི་དངོས་པོ་དང་དངོས་མེད་ཀྱི་རྣམ་རྟོག་གཅོད་པའི་ཕྱིར་རོ། །གདུག་པ་འདུལ་ཕྱིར་ཁྲོ་བོའི་གཟུགས་ཉིད་དོ། །གསུས་པ་ཆེ་བ་ནི་མྱ་ངན་ལས་མི་འདའ་བའི་ཕྱིར་རོ། །དབུ་སྐྲ་དམར་སེར་གྱེན་དུ་བརྗེས་པ་ནི། སངས་རྒྱས་ཀྱི་ཡོན་ཏན་གོང་ནས་གོང་དུ་རྒྱས་པའི་ཕྱིར་རོ། །ངོས་བཞི་ནི། སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་གྱི་བདེན་པ་བཞི་རབ་ཏུ་སྟོན་པའི་ཕྱིར་རོ། །སྒོ་བཞི་ནི། བདུད་བཞི་ཀུན་ནས་སྐྲག་པའི་ཕྱིར་རོ། །ཟུར་བཞི་ནི། ཚངས་པའི་གནས་བཞི་རབ་ཏུ་རྫོགས་པའི་ཕྱིར་རོ། །ཀ་བ་བརྒྱད་ནི། རྨི་ལམ་ལྟ་བུ་དང༌། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། སྤྲུལ་པ་ལྟ་བུ་དང༌། བྲག་ཆ་ལྟ་བུ་དང༌། སྒྱུ་མ་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་དང༌། ཆུའི་ཟླ་བ་ལྟ་བུ་སྟེ། བརྒྱད་ཀྱི་རང་བཞིན་ལས། ནམ་མཁའ་ལྟར་དངོས་པོ་དང་དངོས་པོ་མེད་པའི་ཉོན་མོངས་པ་འཇོམས་པའི་ཕྱིར་རོ། །ནང་གི་རྟོག་པ་རབ་ཏུ་འཇོམས་པས་དྲ་བ་ཕྱེད་པའོ། །རྟ་བབས་བཞི་ནི། སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་ཉིད་དང༌། ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པའི་དོན་ནོ། །ཞེས་སོ། །འདི་རྣམས་ཚིག་ཏུ་བརྗོད་དགོས་པའི་ངེས་པ་མི་སྣང་ངོ༌། །དེ་ནས་སྣང་བ་ཐམས་ཅད་ལྷ་སྐུར་བལྟས་ལ་དགེ་བའི་རྩ་བ་བྱང་ཆུབ་ཏུ་


TNT06_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོའོ། །གལ་ཏེ་མཎྜལ་གྱི་མཆོད་པ་བྱ་བར་འདོད་ན། མཎྜལ་ལེགས་པར་འདུས་བྱས་ལ། ཨོཾ་བཛྲ་སཏྭ་སརྦ་བིགྣཱན་ཨུཏ་ས་ད་ཡ་ཧཱུཾ་ཕཊ། ཅེས་ནང་མཆོད་དྲི་བཟང་གིས་གྲུ་བཞིར་བྱུགས། ཨོཾ་ཨཱཿབཛྲ་རེ་ཁཱེ་ཧཱུཾ། ཞེས་ཟླུམ་པོར་བསྐོར། ཨོཾ་སུ་རེ་ཁཱེ་སརྦ་ཏ་ཐཱ་ག་ཏ་ཨ་ཏིཥྛནྟུ་སྭཱཧཱ། དབུས་སུ་མེ་ཏོག་བཞག ཨོཾ་ཧྲཱིཿསྭཱཧཱ། ཞེས་ཁྲུས་བྱ། ཨོཾརཀྟ་ཡ་མཱ་རི་བཛྲ་བཻ་ཏ་ལཱི་ཨ་ལིང་གི་ཏ། ཀནྡྷ་ར་ཡ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་པས་དབུས་དང༌། ཨོཾ་མོ་ཧཱ་ཡ་མཱ་རི་ཡེ་བཛྲ་ཙར་ཙི་ཀཱ་ཨ་ལིང་ག་ཏ་ཀནྡྷ་རཱ་ཡ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཤར་དུ་དང༌། ཨོཾ་པི་ཤུ་ན་ཡ་མཱ་རི་ཡེ་བཛྲ་ཝ་ར་ཧྲཱི་ཨ་ལིཾ་གི་ཏ་ཀནྡྷ་རཱ་ཡ་ཨཱཿཧུཾ་ཕཊ་སྭཱཧཱ། ལྷོ་ཕྱོགས་སུ་དང༌། ཨོཾ་རཱ་ག་ཡ་མཱ་རཱི་ཡེ་བཛྲ་སྭ་ར་སྭ་སྟི་ཨ་ལིཾ་གི་ཏ་ཀནྡྷ་ར་ཡ་ཨཱཿཧཱུཾ་ཕཊ་སྭཱཧཱ། ནུབ་ཏུ་དང༌། ཨོཾ་ཨརྵེ་ཡ་མཱ་རཱི་ཡེ་བཛྲ་གཽ་རཱི་ཨ་ལིཾ་གི་ཏ་ཀནྡྷ་རཱ་ཡ་ཨཱཿཧཱུཾ་ཕཊ་སྭཱཧཱ། བྱང་དུ་དང༌། ཨོཾ་རཱ་ཛ་པ་ཊ་གྷ་ཊ་ཡ་ཙ་ཏུསྶ་མ་པུརྞ་ཡ་ཨཱཿཧཱུཾ་ཕཊ་སྭཱཧཱ། མེ་མཚམས་སུ། ཨོཾ་སཱུ་བརྞ་གྷ་ཊ་ཡ་ཀ་རཱི་ཀ་པུརྞ་ཡ་ཨཱཿཧཱུཾ་ཕཊ་སྭཱཧཱ། བདེན་བྲལ་དུ་དང༌། ཨོཾ་པྲ་བཱ་ལེ་གྷ་ཊ་ཡ་སི་ཧླ་ག་པུརྞ་ཡ་ཨཱཿཧཱུཾ་ཕཊ་སྭཱཧཱ། རླུང་དུ་དང༌། ཨོཾ་རཱ་ཛ་ཏ་གྷ་ཊཱ་ཡ་ཀརྤཱུ་ར་པཱུརྞྞ་ཡ་ཨཱཿཧཱུཾ་ཕཊ་སྭཱཧཱ། དབང་ལྡན་དུ་སྟེ། མེ་ཏོག་གི་ཚོམ་བུ་རྣམས་བཀོད། རང་གི་སྙིང་ཀ་ནས་ལྷ་ལྔའི་དཀྱིལ་འཁོར་རྣམས་ཕྱུང་སྟེ། མཎྜལ་གྱི་སྟེང་དུ་འཁོད་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་ཞེས་པ་ནས། ཁ་བརྒྱན་པའོ། །ཡི་བར་གོང་བཞིན་བསྐྱེད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་རཀྟ་ཡ་མཱ་རི་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་པཱདྱཾ་དང༌། ཡང་ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནེ་བེ་ཏྱེ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཞེས་


TNT06_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། སོ་སོའི་སྔགས་ཀྱི་མཐར་སྦྱར་བའོ། །གོང་ཚོགས་ཞིང་གི་སྐབས་ལྟར་ཕུལ་ཀྱང་རུང་བས་གང་འདོད་པ་བླང་ངོ༌། །སྤྲོ་ན་འཛམ་བུའི་གླིང་དང་གླིང་གཞན་དག །འཁོར་ལོ་རིན་ཆེན་གྱིས་བཀང་སྟེ། །བླ་མ་གཤིན་རྗེ་གཤེད་པོ་ལ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཞེས་སོགས་འདོན་པ་སྤོས་ཏེ། རྒྱལ་སྲིད་སྣ་བདུན་ལ་སོགས་པས་མཆོད། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། སོ་སོའི་སྔགས་ལ་འབྲུ་གསུམ་བཏགས་པས་ཕུལ། ཨ་ཡེ་ཀྱེ་ཀྱེ་གཤིན་རྗེ་གཤེད་དམར་པོ། །བླ་མ་སྲིན་པོའི་གཟུགས་རང་བཞིན། ཁྱོད་མཐོང་ཁོ་བོ་རྣམ་པར་འཇིགས། །བླ་མ་ཁྲོ་བོའི་རང་བཞིན་སྤོངས། ཁྱོད་ཀྱིས་གར་གྱིས་ས་སྟེང་དང༌། །ས་བླ་དང་ནི་ས་འོག་གཡོ། །ཆགས་པས་བརྒྱན་པ་ཁྲོ་བའི་ཡིད། །གར་མཛད་ཁྱོད་ནི་རོ་ལངས་ལགས། །སྐུ་ལུས་སྦོམ་ཐུང་དམར་པོ་སྟེ། །རྣམ་པ་སྣ་ཚོགས་སྐུ་སྤྲུལ་པ། །རྡོ་རྗེ་དབྱངས་ཅན་མ་ཡིས་བཏུད། །གར་མཛད་ཁྱོད་ནི་བདེ་བ་ཆེ། །ཧྲཱིཿཥྚཱིཿའི་གསང་སྔགས་དག་གིས་ཁྱོད། །ས་གསུམ་པོ་ཡི་འཁྲུལ་བ་སེལ། །ཐུགས་རྗེས་ཁྲོས་པའི་རྗེ་བཙུན་ཁྱོད། །གར་མཛད་འགྲོ་བ་ཡོངས་ལ་གཟིགས། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཁྱོད་ཕྱག་འཚལ། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སེམས་ཀྱི་རྡོ་རྗེ་རབ་ཏུ་གསལ། །རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། ཁྱབ་བདག་


TNT06_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་བྱེད། །སྐུ་ཡི་རྡོ་རྗེ་རབ་གསལ་བ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །ཞེས་བསྟོད། སྐབས་འདིར་ཡན་ལག་བདུན་པ་རྒྱས་པ་སོགས་ཀྱང་སྤྲོ་ན་བྱའོ། །གཏོར་མ་འབུལ་བར་སྤྲོ་ན། འོག་ནས་འབྱུང་བ་ལྟར་ཕྱོགས་སྐྱོང་སྤྱན་འདྲེན་པ་ནས། འདོད་དོན་གསོལ་བཏབ་ཀྱི་བར་སྐབས་འདིར་བྱ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བདག་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་དངོས་གྲུབ་བླངས། དེ་ནས་ཡི་གེ་བརྒྱ་པ་མང་དུ་བརྗོད། ཨོཾ་མུ་སྭཱཧཱ། དཀྱིལ་འཁོར་པ་རྣམས་རང་གི་སྙིང་ཁར་ཐིམ། ཞེས་སྨོན་ལམ་དང༌། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའང་བརྗོད་པར་བྱའོ། །འདིའི་མཎྜལ་ཆོ་ག་རང་ལུགས་ནི་འདི་ཡིན་ལ། དམ་ཡེ་རྒྱས་གདབ་སོགས་བསྐྱེད་ཆོག་སྤྲོས་པ་བྱེད་པའང་ཡོད་དོ། །གཏོར་མ་འབུལ་བར་འདོད་ན། ཟས་བཟང་དགུ་ཤ་ཆང་ཉ་ཤ་སོགས་ཀྱིས་སྦགས་པ་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཡཾ་ལས་རླུང༌། རཾ་ལས་མེ། རུ་རུ་རུ་ལས་མི་མགོའི་སྒྱེད་པུ་གསུམ་ལ་གནས་པའི་ཧཱུཾ་ལས་ཐོད་པ་དུམ་བུ་གསུམ་པའི་ནང་དུ་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་ཕྱོགས་བཞིར། ན་གོ་ཀུ་ད་ཧ་ལས།


TNT06_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

མི་དང་བ་གླང་ཁྱི་དང་རྟ་མཆོག་གླང་པོ་ཆེ་རྣམས་ཀྱི་ཤ དབུས་དང་མཚམས་བཞིར། མུ་བི་ར་ཤུ་མ་རྣམས་ལས། དྲི་ཆུ་དྲི་ཆེན་རཀྟ་བྱང་སེམས་རྐང་མར་རྣམས་སུ་གྱུར། དེའི་སྟེང་དུ་ཨོཾ་ལས་ཟླ་བ། དེ་ལ་གནས་པའི་ཧཱུཾ་ལས་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ། རླུང་གཡོས་མེ་སྦར། རྫས་རྣམས་ཞུ་ཞིང་དབྱུག་པས་ལན་གསུམ་དུ་དཀྲུགས་པས། ཟླ་བ་རྡོ་རྗེ་དབྱུག་པ་དང་བཅས་པ་ཡང་འོད་དུ་ཞུ་ནས་དངུལ་ཆུའི་རྣམ་པར་ལྟ་བུར་གྱུར། ཨོཾ་ཞེས་ལག་པ་གཡོན་པ་བསྟན། ཨཱཿཞེས་གཡས་པ་བསྟན། ཧོཿཞེས་བྱ་ཁྱུང་གི་ཕྱག་རྒྱ་བསྟན། ཧཱུཾ་ཞེས་འཆི་མེད་རྣམ་རྒྱལ་གྱི་ཕྱག་རྒྱ་སྟེ་འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་བསྟན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་འདྲེས། ཛཿཧཱུཾ་བཾ་ཧོཿ བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་བྱིན་གྱིས་བརླབས། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ གོང་ལྟར་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད། མདུན་གྱི་ནམ་མཁར་བཞུགས་པར་གྱུར། རང་གི་སྙིང་ཁ་ནས་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་སྤྲོས་སྙིང་པོའི་མཐར། ཧཱུཾ་སརྦ་དུཥྟཾ་ཨིནྟ་ཨ་དཱི་ན་ས་པ་རི་བཱ་ར་ཨཱ་ཀརྵ་ཡ་ཛཿ ཕྱོགས་སྐྱོང་རྣམས་བཀུག་སྟེ་ཕྱོགས་བཅུར་འཁོད་པ་ནི། ཤར་དུ་དབང་པོ་སེར་པོ་གླང་པོ་ཆེ་ལ་ཞོན་པ་རྡོ་རྗེ་འཛིན་པ། ཉེ་དབང་ནག་པོ་མཁའ་ལྡིང་ལ་ཞོན་པ་འཁོར་ལོ། དུང་དབྱུག་པ། པདྨ་རྣམས་འཛིན་པ། ལྷོར་གཤིན་རྗེ་ནག་པོ་མ་ཧེ་ལ་ཞོན་པ་དབྱུག་ཐོ་དང་ཞགས་པ་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་སྦྲུལ་ལ་ཞོན་པ་སྦྲུལ་ཞགས་འཛིན་པ། བྱང་དུ་གནོད་སྦྱིན་སེར་པོ་གཏེར་ལ་གནས་པ་པཱི་ཛ་པཱུ་ར་དང་ནེའི་ལེ་འཛིན་པ། ཚོགས་


TNT06_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དཀར་པོ་བྱི་བ་ལ་ཞོན་པ་གླང་པོའི་གདོང་ཅན་འཕྲེང་བ་དགྲ་སྟ་ལ་དུ་ལ་ཕུག་རྣམས་འཛིན་པ། ཤར་ལྷོར་མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ་བགྲང་འཕྲེང་དང་སྤྱི་བླུགས་འཛིན་པ། ལྷོ་ནུབ་ཏུ་སྲིན་པོ་སྔོན་པོ་རོ་ལངས་ལ་ཞོན་པ་གྲི་གུག་དང་ཐོད་པ་འཛིན་པ། ནུབ་བྱང་དུ་རླུང་ལྷ་ལྗང་ཁུ་རི་དྭགས་ལ་ཞོན་པ་རླུང་རས་འཛིན་པ། དབང་ལྡན་དུ་འབྱུང་པོ་དཀར་པོ་གླང་ལ་ཞོན་པ་རྩེ་གསུམ་དང་ཐོད་པ་འཛིན་པ་གཽ་རི་ལ་འཁྱུད་པ། སྟེང་དུ་ཟླ་བ་དཀར་པོ་རྟ་ལ་གནས་པ་ཀུ་མུ་ད་འཛིན་པ། ཉི་མ་དམར་པོ་རྟ་བདུན་གྱི་དྲངས་པའི་ཤིང་རྟ་ལ་གནས་པ་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་འཛིན་པ། ཚངས་པ་སེར་པོ་ངང་པ་ལ་གནས་པ་ཞལ་བཞི་སྤྱི་བླུགས་མཆོག་སྦྱིན་དབྱུག་པ་བགྲང་འཕྲེང་འཛིན་པ། འོག་ཏུ་སའི་ལྷ་མོ་སེར་མོ་པདྨ་ལ་གནས་ཤིང་བུམ་པ་འཛིན་པ་དང༌། ཐག་བཟང་རིས་སྔོོན་པོ་ཤིང་རྟ་ལ་གནས་པ་རལ་གྲི་དང་སྡིགས་འཛུབ་མཛད་པའོ། །འདིར་བཱི་རཱུ་པའི་གཞུང་ཁོ་ན་ལྟར་ན་ཉེ་དབང་དང་ཚོགས་བདག་མ་བསྐྱེད་ཀྱང་རུང་བར་མངོན་ནོ། །དེ་དག་གི་འཁོར་དུ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་ཐམས་ཅད་ཀྱི་བསྐོར་བར་གྱུར། སླར་ཡང་རང་གི་ཐུགས་ཀ་ནས་ཕུར་བུ་ཐོགས་པའི་ཁྲོ་བོ་རྣམས་སྤྲོས་ཏེ་ཕྱོགས་སྐྱོང་རྣམས་ཕུར་བུས་བཏབ། སྙིང་པོའི་མཐར། ཧཱུཾ་སརྦ་དུཥྟཾ་ཨིནྟ་ཨཱ་དཱི་ན་ས་པ་རི་ཝཱ་ར་ཀཱི་ལ་ཡ་ཧཱུཾ་ཕཊ་སྭཱཧཱ། ཕུར་བུས་བཏབ་པའི་རྐྱེན་གྱིས་ཐམས་ཅད་འོད་གསལ་དུ་བཅུག་ནས། སྟོང་པའི་ངང་ལས་སྐད་ཅིག་གིས་གཤིན་རྗེ་གཤེད་ཀྱི་སྐུར་གྱུར། བསྡུས་པར་ན་ཕུར་བཏབ་མེད་ཀྱང་རུང་ངོ༌། །ཕྱོགས་སྐྱོང་ཁོ་ན་ལ་གཏོར་མ་འབུལ་ན། དབུས་སུ་ཚངས་པ། དེའི་མདུན་དུ་ཟླ་བ། རྒྱབ་


TNT06_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཉི་མ། གཡས་སུ་ནོར་འཛིན་མ། གཡོན་དུ་ཐག་བཟང་རིས་རྣམས་བསྐྱེད་པ་ཁྱད་པར་རོ། །ཞལ་ཕྱག་རྫོགས་པར་བསྐྱེད་པ་མི་ལྕོགས་ན་མིང་ཙམ་བརྗོད་དོ། །གང་ལྟར་ཡང༌། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་ཁར་ཧཱུཾ། ཐམས་ཅད་ཀྱང་བསྒྲུབ་པ་པོའི་བསམ་པ་རྫོགས་པར་མཛད་པར་བསམ། ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ཨོཾ་རཀྟ་མུ་ཀུ་ཊཱ་ཡ། རཀྟ་ཛ་ཊ་ཡ། རཀྟ་མུ་ཁཱ་ཡ། རཀྟ་ཤ་རཱི་རཱ་ཡ། རཀྟ་བྷཱུ་ཛཱ་ཡ། རཀྟ་མུཎྜ་མཱ་ལ་ཨ་བྷ་ར་ནཱ་ཡ། རཀྟ་ར་ཐ་ས་མ་རཱུ་དྷཱ་ཡ། རཀྟ་པདྨ་ཨཱ་ས་ནཱ་ཡ། རཀྟ་ཨ་བྷ་ར་ཎ་བྷཱུ་ཥ་ཎཱ་ཡ། ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ། མ་མ་བིགྷྣཱཾ་ཧ་ར་ཧ་ར་ཙི་ཏུརྨ་རཱ་ན། ནི་བ་ར་ཡ། ནི་བ་ར་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། བྷྲ་མ་ཡ་བྷྲ་མ་ཡ། ཚིནྡ་ཚིནྡ། བྷིནྡྷ་བྷིནྡྷ། ནཱ་ཤ་ཡ་ནཱ་ཤ་ཡ། ཤོ་ཥཱ་ཡ་ཤོ་ཥཱ་ཡ། ཚེ་ད་ཚེ་ད། བྷེ་ད་བྷེ་ད། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པས་གཙོ་བོ་ཡབ་ཡུམ་དང༌། ཨོཾ་མོ་ཧ་ཡ་མཱ་རི་ཡེ་ཧཱུཾ་ཕཊ་སྭཱཧཱ། ཞེས་སོགས། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་དཔའ་བོ་བཞི་ལ་རང་སྐགས་དང༌། ཨོཾ་མརྨྨེ་མརྨྨ་བིགྷ་ཏེ་ཧཱུཾ། བཛྲ་ཙརྩི་ཀ ཧ་ར་ཧ་ར་བྷུ་ཀྐཾ་མཱ་རཱ་ཡ་མཱ་རཱ་ཡ་བིགྷ་ནཱཾ་ཛཿ ཨོཾ་གྷོ་ནེ་སུ་གྷོ་ཎེ་བཛྲ་མཱ་མ་ཀཱི་བྷ་ར་བྷ་ར། སམྦྷ་ར་སམྦྷར། ཧ་ར་ཧ་ར་བིགྷ་ནཱཾ་ཛཿ ཨོཾ་མརྨྨེ་མརྨྨ། ཨ་ཀྵོ་བྷྱ་ཎེ་བཛྲ་ས་ར་སྭ་སྟི། ད་ར་ད་ར། ཐ་ར་ཐ་ར། པ་ར་པ་ར། ཀམྤ་ཀམྤ། དྷུ་ན་དྷུ་ན། ཧཱུཾ་བིགྷ་ནཱཾ་ཛཿ ཨོཾ་གམྦྷཱི་ར་བཛྲ་ཀརྟི་ཀ་གྷ་གྷ་ཧཱུཾ། རཀྟ་ཤོ་ཎི་ཏ་པྲི་ཡེ་གཽ་རཱི་ཡ་བིགྷ་ནཱཾ་ཛཿ ཞེས་པས་ལྷ་མོ་བཞི་ལ་འབུལ། ཨོཾ་ཨིནྟྲཱ་ཡ་ན་མཿཧྲཱིཿ ཡ་མ་ཡ་ན་མཿཥྚཱིཿ པཱ་རུ་ནཱ་ཡ་ན་མཿཝི། ཀུ་བེ་རཱ་ཡ་ན་མཿཀྲྀ། ཨི་ཤཱ་ནཱ་ཡ་ན་མཿ


TNT06_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཏ། ཨགྣ་ཡེ་ན་མཿཨཿ ནི་རྀ་ཏེ་ན་མཿན། བཱ་ཡ་བེ་ན་མཿན། ཙནྟྲ་ཡ་ན་མཿཧཱུཾ། ཨརྐཱ་ཡ་ན་མཿཧཱུཾ། པྲ་ཧྨ་ནེ་ན་མཿཕཊ། བ་སུ་དྷ་རཱི་ནི་ཡཻ་ན་མཿཕཊ། བཻ་མ་ཙི་ཏྲི་ན་མཿསྭཱ། སརྦ་བྷུ་ཏེ་བྷྱོཿན་མཿཧཱ། ཧ་ཧ་ཧ། ཧི་ཧི་ཧི། ཧཱུཾ་ཧཱུཾ་ཧཱུཾ། ཕེཾ་ཕེཾ་ཕེཾ་སྭཱཧཱ། ཞེས་པས་ཕྱོགས་སྐྱོང་བཅུ་ལ་འབུལ། དེ་ནས་ཚོགས་ཞིང་སྐབས་ལྟར། ཆུ་གཉིས་སྔོན་དུ་འགྲོ་བས་ཉེར་སྤྱོད་ཀྱིས་མཆོད། ཧྲཱིཿཥྚཱིཿའི་མཐར། ཨོཾ་ཨཱཿཧཱུཾ། བཏགས་ལ་ནང་མཆོད་འབུལ། གཏི་མུག་རྡོ་རྗེ་སོགས་ཀྱིས་བསྟོད་པས་བསྟོད། བདུད་བཞི་པོ་ནི་རྣམ་པར་འཇོམས། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །གཤིན་རྗེ་མཐར་བྱེད་ཕྱག་འཚལ་ཞིང༌། །ཕྱོགས་སྐྱོང་བཅོ་ལྔའི་ཚོགས་ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་འདོད་དོན་གསོལ་བ་བཏབ། དེ་ནས་ཡིག་བརྒྱ་བཟླས་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིད་པ་དང་ནི་བགྱིད་སྩལ་པ། །དེ་ཡང་མགོན་པོས་བཟོད་པར་མཛོད། །ཧ་ཧ་ཧེ་ཧེ་ཧོ་ཧོ་ཧཱུཾ་ཧཱུཾ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ ཞེས་གཤེགས་སུ་གསོལ། དབྱུག་གུ་དྲུག་ཅུ་རྩ་བཞི་འབུལ་བར་འདོད་ན། འཐེབ་ཀྱུ་དྲུག་ཅུ་རྩ་བཞི་བྱ། སྔགས་སྦྲེལ་བ་ཁ་དྲུག་བཅུ་ཚན་བཞིས་འབུལ། བཅུ་དྲུག་ཚན་རེ་རེའི་མཐར་མཆོད་བསྟོད་འདོད་དོན་གསོལ་བཏབ་རྣམས་བྱའོ། །གཞན་ཡང་ཉལ་བ་དང༌། ལྡང་བ་དང༌། ཁྲུས་ཀྱི་རྣལ་འབྱོར་དང༌། ཇི་ལྟར་ལོངས་སྤྱོད་པ་ཐམས་ཅད་ཐོག་མར་བླ་མ་གཤིན་རྗེ་གཤེད་ལ་འབུལ་བ་ལ་སོགས་པས། ཉིན་མཚན་


TNT06_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཁོར་ཡུག་ཏུ་རྣལ་འབྱོར་ལ་མི་གཡེལ་བར་བརྩོན་པས་གནས་ན་མྱུར་དུ་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པ་དང༌། ལོ་བཅུ་གཉིས་ཙམ་གྱིས་ནི་འབྱུང་པོ་ཐམས་ཅད་ཀྱིས་མངག་གཞུག་བྱེད་ཅིང༌། གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་འགྲུབ་པར་ཐེ་ཚོམ་མེད་དོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ། །འདིར་སྨྲས་པ། ཕྱོགས་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་ཀྱིས། །མི་བསྲུན་བདུད་བཞིའི་དཔུང་རྣམས་འཐག་བྱེད་ཅིང༌། །མ་རིག་འཆི་བདག་དྲུང་ནས་འབྱིན་འདོད་པས། །སྲིད་གསུམ་རྒྱལ་ཐབས་འདི་ལ་ནན་ཏན་བྱོས། །འཇམ་དཔལ་ཁྲོས་པའི་སྒྲུབ་ཐབས་རྨད་བྱུང་འདི། །སྡོམ་བརྩོན་བཤེས་གཉེན་མང་པོས་བསྐུར་བའི་ངོར། །འཁྲུལ་མེད་ལུང་རིགས་མན་ངག་ཇི་བཞིན་དུ། །རྣལ་འབྱོར་སྤྱོད་པས་རྒྱལ་པོའི་ཁབ་དུ་བྲིས། །བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས། བདུད་བཞི་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་འདི་ནི། སྟན་ཅིག་པའི་བརྟུལ་ཞུགས་འཛིན་པ་དགེ་བའི་བཤེས་གཉེན་དུ་མས་མགྲིན་གཅིག་ཏུ་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་དྲུག་པ་ལ་སྨྲས་པའོ། །སླར་རང་ལོ་སོ་གཅིག་པའི་མཐར་ཤིན་ཏུ་དག་པར་བྱས་སོ། །གཤིན་རྗེ་གཤེད་ཀྱི་རྒྱུད་གཞུང་དང༌། །མན་ངག་མ་ནོར་སྨྲ་བ་ཡི། །ཕྱི་རབས་མཁས་པ་ཆེས་ཉུང་ཞིང༌། །དེང་སང་ཡོད་ན་སྣང་བར་གྱིས། །འགའ་ཞིག་རྙིང་མ་མགོན་པོ་སོགས། །གཞན་དང་འདྲེས་ཏེ་རང་ལུགས་དཀོན། ཁ་ཅིག་རྒྱ་གཞུང་ལྟ་བས་ངལ། །ཐམས་ཅད་ཤེས་པ་འགའ་ཙམ་སྲིད། །ཅེས་པའང་སྨྲས་པ་ཡིན་ནོ།། །།དགེ་ལེགས་འཕེལ། བཀྲ་ཤིས།


TNT06_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་བདག་འཇུག་གསལ་བར་བསྟན་པ།


TNT06_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་བདག་འཇུག་གསལ་བར་བསྟན་པ་བཞུགས།


TNT06_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་བདག་འཇུག་གསལ་བར་བསྟན་པ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དང་པོའི་ལས་ཅན་རྣམས་ལ་ཉེར་མཁོའི་ཕྱིར། །དཀྱིལ་འཁོར་ཆོ་ག་འདུས་གསལ་གོ་བདེ་བ། །གཞན་ལ་ཕན་པའི་བསམ་པས་འདིར་འཆད་ཀྱི། །བླ་མ་ལྷག་པའི་ལྷ་ཡིས་དགེ་བར་མཛོད། །དེ་ལ་སའི་ཆོ་གལྷག་པར་གནས་པ། དངོས་གཞིའི་ཆོ་ག རྗེས་ཀྱི་བྱ་བ་སྟེ་བཞི་ལས། དང་པོ་ནི། སྔོན་འགྲོ་གཏོར་མ་ལ་སོགས་པ་འོག་ཏུ་དགོས་པའི་མཆོད་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། ལས་ཀྱི་རྡོ་རྗེས་སྔོན་འགྲོ་གཏོར་མའི་ཞུ་འབུལ་བྱ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། ལག་པ་གཡས་དང་གཡོན་དང་གཉིས་ཀ་རིམ་གྱིས་བསྟན་ལ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད། ཧོཿཞེས་བྱ་ཁྱུང་གི་ཕྱག་རྒྱ་དང༌། ཧཱུཾ་ཞེས་འཆི་མེད་རྣམ་རྒྱལ་གྱི་ཕྱག་རྒྱས་བྱིན་གྱིས་བརླབས། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། ཕྱོགས་སྐྱོང་བ་བཅུ་


TNT06_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པ་དང༌། གནས་བདག གཞི་བདག ཡུལ་བདག གྲོང་བདག གཉུག་མར་གནས་པ་ཐམས་ཅད་བཛྲ་ས་མཱ་ཛཿ ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་བྷྱཿ སརྦ་ཀྵེ་ཏྲ་པཱ་ལེ་བྷྱཿ སརྦ་བྷཱུ་མི་པ་ཏི་ས་པ་རི་ཝཱ་རེ་བྷྱཿ སརྦ་བྷཱུ་ཏེ་བྷྱོཿ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པཱདྱཾ་ཞེས་སྦྱར་ཆུ་གཉིས་འབུལ། ཨོཾ་ད་ཤ་དིཀ་སོགས་ཀྱི་མཐར། ཨ་ཀཱ་རོ་བཏགས་པ་བཅོ་བརྒྱད་ཀྱིས་འབུལ། དེ་ནས་ཨོཾ་ད་ཤ་དིཀ་སོགས་ཀྱི་མཐར། པུཥྤེ་ནས་ཤཔྟའི་བར་སྦྱར་བས་མཆོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཀུན་གྲུབ་ཤོག་གི་བར་བརྗོད། སའི་ཕྱོགས་འདིར་སེམས་ཅན་གྱི་དོན་གྱི་ཕྱིར། དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་ཆེན་པོ་ལེགས་པར་བཞེངས་ཏེ། སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བར་འཚལ་ན། དཀར་ཕྱོགས་ལ་དགའ་བའི་བསྲུང་མ་ཁྱད་པར་ཅན་ཁྱེད་རྣམས་ཀྱིས་བར་ཆད་


TNT06_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཞི་ཞིང་བསྲུང་བའི་འཕྲིན་ལས་མཛད་དུ་གསོལ། གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་བའི་འབྱུང་པོ་གདུག་པ་ཅན་གསང་སྤྱོད་བལྟ་བར་མི་དབང་བ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག ཧྲཱིཿཥྚཱིཿདྲག་ཏུ་བཟླ་ཞིང༌། རྡོ་རྗེ་གསོར། རོལ་ཆེན་དང་བཅས་ཏེ་གཏོར་མ་གཙང་སར་བཏང་ངོ༌། །གནས་ཡོ་བྱིན་རླབས་ཀྱི་དོན་དུ་ཞུ་འབུལ་བྱས་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང༌། གྲུ་བཞི་སྒོ་བཞི་རྟ་བབས་བཞིས་མཛེས་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་རྣམས། རང་བཞིན་བདེ་སྟོང་གི་ཡེ་ཤེས། རྣམ་པ་མཆོད་རྫས་ཀྱི་སྤྲིན་ཕུང༌། བྱེད་ལས་རང་གཞན་གྱི་དབང་པོ་མཐའ་དག་ཟག་མེད་ཀྱི་བདེ་བས་ཚིམ་པར་བྱེད་པ། ངོ་བོ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བཟང་ཞིང་རྒྱ་ཆེ་བ། ནམ་མཁའི་མཐས་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པཱདྱཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝི་ཏེ་ཨཱཿཧཱུཾ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ་བརྗོད། རོལ་ཆེན་དང་


TNT06_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། ཨོཾ་བཛྲ་གྷནྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ཏེ། པྲཛྙཱ་པ་ར་མི་ཏ། ན་ད་སཾ་བྷ་ཝེ་ཏ། བཛྲ་དྷརྨ་ཧྲི་ད་ཡ། སནྟོ་ཥ་ནི། ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། ཨ་ཁཾ་སྭཱཧཱ། ཞེས་ལན་གསུམ་གྱིས་བྱིན་དབབ། ཞུ་འབུལ་ནི། ཕྱག་གསུམ་བཙལ་ལ་མཎྜལ་བཤམས། །ཕྱག་གསུམ་བཙལ་ལ་མེ་ཏོག་བཀྱེ། །ཕྱག་གསུམ་བཙལ་ལ་ཞུ་འབུལ་བྱ། །ཕྱག་གསུམ་བཙལ་ལ་མེ་ཏོག་བསྡུ། །ཕྱག་གསུམ་བཙལ་ལ་མཎྜལ་འབུལ། །ཕྱག་གསུམ་བཙལ་ལ་གྲལ་དུ་འཁོད། །ཅེས་པ་ལྟར་ཡིན་པ་ལས། གཞན་རྣམས་ལག་ལེན་མཐོང་བ་ཉིད་ཀྱིས་ཤེས་ཤིང༌། གསོལ་གདབ་ནི། སེམས་ཅན་དོན་དུ་སེམས་དགེ་བས། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཚུལ་བཞིན་ཆོ་གར་ལྡན་པ་ཡི། །རྣལ་འབྱོར་ལ་ནི་ཉེར་གནས་མཛོད། །ཅེས་ལན་གསུམ་བརྗོད་པའོ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱའི་བསྒོམ་བཟླས་རྣམས་བྱས་ལ། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས། རང་སྐད་ཅིག་གིས་གཤིན་རྗེ་གཤེད། ཞེས་པ་ནས། ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པའི་དོན་ནོ། །ཞེས་པའི་བར་སྒྲུབ་ཐབས་ཡོངས་སུ་རྫོགས་པར་སྒོམ་མོ། །སའི་ལྷ་མོ་སྟ་གོན་ནི། དཀྱིལ་འཁོར་གྱི་ས་གཞིའི་གནས་སུ། དྲི་བཟང་གི་ཐིག་ལེ་ལ་མེ་ཏོག་གི་ཚོམ་བུ་བཀོད། ས་ལྷའི་མཆོད་པ་དང་གཏོར་མ་བཤམས། རྡོ་རྗེའི་ས་གཞི་རྭ་གུར་མེ་རི་དང་བཅས་པའི་བསྲུང་བའི་འཁོར་ལོར་གྱུར། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ལག་པ་གཡས་པ་ས་ལ་རེག རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཚོམ་བུའི་སྟེང་དུ་བཾ་


TNT06_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ཏུ་གྱུར་པ་འཁོད། བཾ་ལས་སའི་ལྷ་མོ་གསེར་གྱི་མདོག་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་དཔང་པོར་ཁས་ལེན་པའི་ཕྱག་རྒྱ་ཅན། གཡོན་གསེར་གྱི་བུམ་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། ལྟོ་བ་ཡན་ཆད་སའི་དཀྱིལ་འཁོར་ནས་ཐོན་པ། བདག་ལ་མངོན་དུ་ཕྱོགས་པས་བཞུགས་པར་གྱུར། ཨོཾ་པྲི་ཐྭཱི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ན་མཿ ཞེས་མཆོད་ཡོན་ཕུལ་ནས། ཨོཾཔྲི་ཐྭཱི་དེ་ཝཱི་ཞེས་པ་ལ། པུཥྤེ་སོགས་བཏགས་ཏེ་ཉེར་སྤྱོད་ལྔས་མཆོད། གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བར། ཧཱུཾ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ཨོཾ་པྲི་ཐྭཱི་དེ་ཝི་ས་པ་རི་ཝཱ་ར་བྷྱཿ ཞེས་པ་ལ། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །བཅོམ་པར་བྱས་ཏེ་དཀྱིལ་འཁོར་འདྲི། །ཞེས་ལན་གསུམ་བརྗོད། དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག ཅེས་བརྗོད་ཅིང་གནང་བ་ཐོབ་པར་བསམ། པྲི་ཐྭཱིའི་མཚན་སྔགས་ལ་ཨརྒྷཾ་ནས་ཤཔྟའི་བར་གྱིས་བཏགས་པས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། སའི་ལྷ་མོ་སླར་ཡང་ས་དེ་ཉིད་ལ་ཐིམ་ཞེས་བརྗོད་ཅིང་བསམ། ལྷ་སྟ་གོན་ནི། ཨོཾ་ཨཱཿཧཱུཾ། ལན་གསུམ་གསུམ་གྱིས། གཙོ་བོའི་གནས་སུ་


TNT06_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བཟང་གི་ཐིག་ལེ་གྲུ་བཞི་དང༌། གཞན་འཁོར་བཞི་དང་བུམ་པའི་གནས་རྣམས་སུ་ཟླུམ་པོ་རེ་བྱའོ། །ལྷ་རྣམས་ལ་སོ་སོའི་རང་སྔགས་ལན་གསུམ་གསུམ་དང༌། བུམ་པ་བཞི་ལ་འབྲུ་གསུམ་ལན་གསུམ་གསུམ་གྱིས་ཚོམ་བུ་བཀོད་ལ། མཐའ་བསྐོར་དུ་ལྷ་གྲངས་ལས་མི་ཉུང་བའི་མཆོད་པ་དང་གཏོར་མ་ལག་ལེན་ལྟར་བཤམས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཞེས་པ་ནས། ཟླ་བའི་གདན། ཨོཾ་ཧྲཱིཿཥྚཱིཿསོགས། ཨོཾ་དྭེ་ཥ་ར་ཏཱི་སོགས། ཨོཾ་མོ་ཧཱནྟ་ཀྲྀཏ་ནས། ཨིར་ཥྱ་ར་ཏཱི་ཧཱུཾ་ཛཿ དབུས་ཀྱི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་ཞེས་པ་ནས། གང་བས་ཁ་བརྒྱན་པའོ། །རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། ཞེས་པ་ནས། ཛཿཧཱུཾ་བཾ་ཧོཿའི་བར་སྒྲུབ་ཐབས་བཞིན། རྡོ་རྗེའི་ས་གཞི་ཞེས་པ་ནས། སྭཱཧཱའི་བར། ས་ལྷའི་སྐབས་ལྟར་མཚམས་བཅིང༌། གོང་བཞིན་མཆོད་པ་བསངས་སྦྱངས། བྱིན་གྱིས་བརླབས། མཆོད་པ་འབུལ་བ་ནི། རྒྱས་པར་ན། དངོས་གཞི་དཀྱིལ་འཁོར་སྒྲུབ་པའི་སྐབས་ལྟར་རམ། བསྡུས་པར་ན། ཕྱི་མཆོད། རྒྱལ་སྲིད་སྣ་བདུན། ནང་མཆོད། བསྟོད་པ་རྣམས་སྒྲུབ་ཐབས་སུ་བཤད་པ་ལྟར་བྱས་ལ། གཏོར་མ་བསངས་སྦྱངས་བྱིན་རླབས་ཀྱང་སྒྲུབ་ཐབས་བཞིན། རང་གི་སྙིང་ག་ནས། ཁྲོ་བོ་ཞེས་པ་ནས། ཕྱོགས་སྐྱོང་རྣམས་གཤེགས་སུ་གསོལ་བའི་བར་ཡང་སྒྲུབ་ཐབས་ལྟར་རོ། །དེ་ནས་སྤོས་སྣོད་དང་བཅས་པའི་རྡོར་དྲིལ་ཐོགས་ཏེ། གཤིན་རྗེ་གཤེད་རྡོར་བཅོམ་ལྡན་འདས། །རིག་སྔགས་རྒྱལ་མཆོག་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་བ་དང༌། ཁྱེད་རྣམས་


TNT06_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་བདག་ནི་བྲི་བར་འཚལ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པའི་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །རྡོ་རྗེ་འཆང་ཆེན་ཆྒཻེ་བདག །གཤིན་རྗེ་གཤེད་དམར་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པ་ཉེར་སྦྱོར་བས། །འགྲོ་བས་སྤྱད་ཕྱིར་བྲི་བར་བགྱིད། །རང་བདག་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བས་ཉེར་བཟུང་ནས། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །ཉེ་བར་གནས་པ་མཛད་པར་རིགས། །ཞེས་ལན་གསུམ་གསོལ་བ་བཏབ་པས་གནང་བ་ཐོབ་པར་ཡང་བསམ། རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་ཨུཏིཥྛ་ཞེས་དཀྱིལ་འཁོར་ནམ་མཁའ་ལ་བཏེག ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །ཞེས་པ་ནས། དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །ཞེས་བསྟོད། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས། ཇི་སྲིད་སྤྱན་མ་དྲངས་ཀྱི་བར་དུ་མདུན་གྱི་ནམ་མཁའི་གནས་འདིར་བཞུགས་ལ། བདག་ཅག་སློབ་མར་བཅས་པའི་བར་ཆད་བསྲུང་ཞིང༌། སླད་ནས་དཀྱིལ་


TNT06_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བྱིན་གྱིས་བརླབ་པ་དང༌། སེམས་ཅན་ཐམས་ཅད་ལ་དངོས་གྲུབ་དམ་པ་སྩལ་དུ་གསོལ། རྡོ་རྗེའི་ས་གཞི་ནས་སྭཱཧཱས་མཚམས་བཅིང་ངོ༌། །བུམ་པ་སྟ་གོན་ནི། དེ་ནས་བུམ་པ་མཚན་ཉིད་དང་ལྡན་པ་དྲུག་གམ་གཉིས། ཁ་དོག་དཀར་པོའི་བསྒྱུར། རས་བཟང་པོའི་མགྲིན་པ་དཀྲི། ཧྲཱི་ཿཥྚཱིཿ བཟླས་པའི་ཡུངས་དཀར་གྱིས་བྲབ་ཅིང་གུ་གུལ་གྱིས་བདུག ཐམས་ཅད་ལ་མཚན་མ་ནི། པད་ཉི་ལ་གནས་པའི་དབྱུག་པ་འོད་ཟེར་འཕྲོ་བ་ཁོ་ན་འགོད་དོ། །དེ་རྣམས་ཆུ་གཙང་མས་བགང༌། བུམ་རྫས་སུམ་ཅུ་རྩ་ལྔ་བླུག ཤིང་བཟང་པོའི་ཡལ་གས་ཁ་བརྒྱན། སྟེགས་བུ་གང་ཡང་རུང་བ་ལ། གཡས་སུ་དབང་གི་བུམ་པ་ལྔ་པོ་ལྔ་ཚོམ་དང༌། གཡོན་དུ་ལས་བུམ་བཀོད། མདུན་དུ་མཆོད་པ་དང༌། གཙོ་བུམ་གྱི་སྟེང་དུ། དུང་ཆོས་སྤོས་ཆུས་གང་བ་དང་གཟུངས་ཐག་རྡོ་རྗེ་དང་བཅས་པ་བཀོད། བསངས་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་པཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་ཞིང་མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་པ་བཅིང་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི། བུམ་པ་རྣམས་ཀྱི་ནང་དུ། པདྨ་དང་ཉི་མའི་གདན་རེ་རེ། དེ་ཡང་དབུས་སུ། ཡ་ལས་ཞེ་སྡང་གཤིན་རྗེ་གཤེད་སྐུ་མདོག་དམར་པོ། དཔའ་བོ་ཉི་མའི་འོད་དང་མཚུངས་པའི་གཟི་བརྗིད་ཀྱི་ཕུང་པོ་འབར་བ་ལ་ཡུམ་རྡོ་རྗེ་རོ་ལངས་མ་དང་དམར་མོས་འཁྱུད་པ། ཤར་དུ་ཀྵེ་ལས་གཏི་མུག་གཤིན་རྗེ་གཤེད་དཀར་པོ་ལ་ཡུམ་ཙརྩི་ཀཱ་ནག་མོས་འཁྱུད་པ། ལྷོ་རུ་མ་ལས་སེར་སྣ་གཤིན་རྗེ་གཤེད་སེར་པོ་ལ་ཡུམ་ཕག་མོ་སེར་མོས་འཁྱུད་པ། ནུབ་


TNT06_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མེ་ལས་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་ལ་ཡུམ་དབྱངས་ཅན་མ་དཀར་མོས་འཁྱུད་པ། བྱང་དུ་ལས་བུམ་གྱི་ནང་དུ་ད་ལས་ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ་ལ་ཡུམ་གཽ་རཱི་ལྗང་མོས་འཁྱུད་པ། དཔའ་བོ་ནས། བཞུགས་པའོ། །གཙོ་བོའི་མཚམས་བཞིར་པད་ཟླ་ལ། ཤར་ལྷོར་མུ་མེན་ནས། ཁ་བརྒྱན་པའོ། །བུམ་པ་གཉིས་ལས་མེད་ན། རྣམ་རྒྱལ་བུམ་པའི་ནང་དུ་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་ཕྱོགས་ཀྱི་འདབ་མ་བཞི་ལ་ཉི་མའི་གདན་རེ་རེ་དབུས་སུ་ཡ་ལ་སོགས་གོང་དང་འདྲ་བ་བཞུགས་པའོ། །མཚམས་ཀྱི་འདབ་མ་བཞི་ལ་ནས། ཁ་བརྒྱན་པའོ། །ཞེས་བརྗོད། ལྷ་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། རྡོ་རྗེ་འཛིན་པ་ནས། ཛཿཧཱུཾ་བཾ་ཧོཿའི་བདག་བསྐྱེད་ཀྱི་སྐབས་བཞིན། གཟུངས་ཐག་ནས་བཟུང༌། རང་གི་སྙིང་ག་ནས། སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ནས་སོང་བས། ལྷ་རྣམས་ཀྱི་ཐུགས་ཀར་ཕོག ཐུགས་རྒྱུད་བསྐུལ་བས་སྐུ་ལས་བདུད་རྩིའི་རྒྱུན་བབས་ཏེ་བུམ་པ་རྣམས་གང་བར་གྱུར། སོ་སོའི་སྔགས་བརྒྱ་རྩ་རེ་དང༌། ཧྲཱིཿཥྚཱིཿ ལྷག་པར་མང་བར་བཟླའོ། །ལས་བུམ་ལ་ཧྲཱིཿཥྚཱིཿ གང་འོས་དང༌། ཧཱུཾ་བདུན་བཟླས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་པའང་ལན་བདུན་ལས་མི་ཉུང་བ་བཟླ། མཆོད་པ་བྱིན་རླབས་གོང་བཞིན། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སོ་སོའི་སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། གཏི་མུག་རྡོ་རྗེ་སོགས་ཀྱིས་བསྟོད། བདག་ཅག་སློབ་མར་བཅས་པ་ལ་དངོས་གྲུབ་མ་


TNT06_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ་སྩལ་དུ་གསོལ། ཅེས་གསོལ་བ་བཏབ། ལས་བུམ་གྱི་ཆུ་ཀུ་ཤས་བླངས་ཏེ། བུམ་པ་རྣམས་ལ་བསྐོར་ཞིང༌། གནས་དང་ཡོ་བྱད་སོགས་ལ་གཏོར། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བར་དུ་གཅོད་པ་ཐམས་ཅད་བསྲུང་བར་མཛོད་ཅིག ཡིག་བརྒྱ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་སོགས། ཨོཾ་ཨཱཿཧཱུཾ་ཞེས་དུང་ཆོས་ཀྱི་ཆུ་བུམ་པ་སོ་སོར་བླུག མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་ནང་གི་ལྷ་རྣམས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངོ་བོར་ཞུ། བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཅེས་པའོ། །སློབ་མ་སྟ་གོན་དབང་ཆོག་ཆེན་མོར་ལྟའོ། །གསུམ་པ་ལ་དཀྱིལ་འཁོར་བྲི་བ་དང༌། སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བ་གསུམ་ལས། དང་པོ་ནི། རས་བལ་གྱི་སྲད་བུ་ཁ་དོག་སྣ་ལྔ་བརྐྱང་ལ། མཆོད་པ་བཤམས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། བསངས་སྦྱང༌། སྟོང་པའི་ངང་ལས། སྲད་བུ་སྔོན་པོ་ཡ་ལས་ཞེ་སྡང་གཤིན་རྗེ་གཤེད་སྔོན་པོ། དཀར་པོ་ཀྵེ་ལས་གཏི་མུག་གཤིན་རྗེ་གཤེད་དཀར་པོ། སེར་པོ་མ་ལས་སེར་སྣ་གཤིན་རྗེ་གཤེད་སེར་པོ། དམར་པོ་མེ་ལས་འདོད་ཆགས་གཤིན་རྗེ་གཤེད་དམར་པོ། ལྗང་ཁུ་ད་ལས་ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ། ཐམས་ཅད་ཀྱང་ཞལ་གཅིག་ནས། ཉམས་དགུ་དང་ལྡན་པ་རང་སྣང་གི་ཡུམ་དང་བཅས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་སྤྲོས་པའི་དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲ་བྷཱ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་དབང་བསྐུར། དབང་གི་ལྷ་རྣམས་དམ་ཚིག་པ་དེ་རྣམས་ལ་ཐིམ། ཛཿཧཱུཾ་བཾ་ཧོཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་


TNT06_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱིངས་ལ་ཕྱག་འཚལ་བསྟོད། །རྣམ་པ་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། གཤིན་རྗེ་གཤེད་རིགས་ལྔ་ཞུ་བ་ལས་བྱུང་བའི་ཐིག་སྐུད་ལྔར་གྱུར། མིག་གཉིས་སུ་ཛཿལས་བྱུང་བའི་ཉི་མ་དང་ཟླ་བ། མིག་འབྲས་ཧཱུཾ་དུ་གྱུར། འབར་བའི་ལྟ་སྟངས་དང་བཅས་པས་བརྫི་མ་བསྡེབ་ཅིང༌། ཨོཾ་དྀཔྟ་དྲྀཥྟ་ཨངྐུ་ཤ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་སྲད་བུའི་ཚོགས་རྣམས་སྤྱན་དྲངས། དམ་ཚིག་གི་སྲད་བུ་ལ་ཐིམ། ཨོཾ་ཨཱཿཔྲ་ཡཙྪ་དྭེ་ཥ་ཀཱ་ལ་ཨ་རི་སྭ་ཙཀྲ་སཱུ་ཏྲ་ན་ཡ་ཧཱུཾ། དེ་བཞིན་དུ་དྭེ་ཥའི་གནས་སུ། མོ་ཧ་དང༌། པུ་ཤུ་ནཱ་དང༌། རཱ་ག་དང༌། ཨིར་ཥྱ་ཞེས་པ་རྣམས་བཅུག་ལ་ལན་གསུམ་གསུམ་བཟླས་པས་གསོལ་བ་བཏབ་སྟེ། ལས་ཀྱི་རྡོ་རྗེ་ཕྲག་དོག་གཤིན་རྗེ་གཤེད་ཀྱི་ང་རྒྱལ་བཟུང་བ་དང་ལྷན་ཅིག་ཐིག་སྐུད་སྒྲིལ་བཞིན་དུ། ཨོཾ་ཨ་ནོ་ནྱ། ཨ་ནུ་ག་ཏ། སརྦ་དྷརྨཱ་པ་ར་སྤ་ར། ཨ་ནུ་པྲ་བྲིཥྟ། སརྦ་དྷརྨཱ་ཨཱརྻནྟ། ཨ་ནུ་པྲ་པྲྀཥྟ་སརྦ་དྷརྨཱ་ཧཱུཾ། ཞེས་ཅི་ནུས་སུ་བརྗོད་དོ། །དེ་ནས་དྲི་བཟང་གིས་


TNT06_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བྱུགས། རིན་པོ་ཆེའི་སྣོད་དུ་བཞག་སྟེ། ཨརྒྷཾ་ལ་སོགས་པས་མཆོད། ཧྲཱིཿཥྚཱིཿབཟླས་ཏེ་བསྲུང་བ་བྱའོ། །དེ་ནས་དཀྱིལ་འཁོར་ས་གཞི་དྲིས་བྱུགས། མེ་ཏོག་སིལ་མ་བཀྲམ། ནམ་མཁའི་དབྱིངས་སུ་དཀྱིལ་འཁོར་ཀྱི་འཁོར་ལོ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བཞུགས་པར་གྱུར། རྡོ་རྗེ་དང་བཅས་པའི་ལག་པས་ཐིག་སྣ་ཕྱོགས་གཅིག་ལྟེ་བའི་ཐད་དུ་བཟུང་ནས། སློབ་དཔོན་བདེན་བྲལ་དུ་གནས་ནས། དབང་ལྡན་དུ་ཕྱོགས་པ་དང༌། སློབ་མ་དབང་ལྡན་ནས་བདེན་བྲལ་དུ་ཕྱོགས་པས་གནས་པ་ལས། ཛྫཿཛྫཿཛྫཿ ཞེས་གཉིས་ཀས་བརྗོད་བཞིན་དུ་ཐིག་སྣ་གཏོད་ཅིང་ལེན། དེ་ནས་སློབ་དཔོན་ནུབ་དང༌། སློབ་མ་ཤར་དུ་གནས་པས། ཨོཾ་ཨཱཿབཛྲ་ས་མཱ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ། སེམས་ཅན་དོན་ལ་ཁྱོད་རྣམས་ཀྱི། །དུས་ཡིན་དེ་ཕྱིར་འདིར་བྱོན་ཅིག །ཅེས་དང་པོར་ནམ་མཁའ་དང༌། དེ་ནས་ས་ལ་གདབ་བོ། །རིམ་པ་དེ་ཉིད་ཀྱིས་ཐིག་ཆེན་བརྒྱད་པོ་གདབ་པ་ཡིན་ཏེ། དེ་ཡང༌། ནུབ་ཤར་ལྷོ་བྱང་མེ་དབང་ལྡན། །རླུང་སྲིན་རླུང་དབང་མེ་སྲིན་པོ། །གཡས་བསྐོར་རྒྱབ་འགྲོས་ཚངས་ལོགས་གདབ། །མེ་རླུང་སྲིན་པོ་དབང་ལྡན་ནས། །རྒྱབ་འགྲོས་སྤངས་ཏེ་ཟུར་ཐིག་གདབ། །གཉིས་སྡེབ་དང་པོ་སློབ་དཔོན་དང༌། །ཕྱི་མ་སློབ་མའི་གནས་སུ་ཤེས། །དེ་དག་ལ། ཐིག་ཆེན་བརྒྱད་ནི། རེ་རེ་བཞིན་ནམ་མཁའ་ལ་ལན་གསུམ་དང༌། ས་ལ་ལན་གསུམ་གདབ། དེ་ནས་ཐིག་སྐུད་དེ་ཉིད་ཀྱིས་ལས་ཐིག་གདབ་པར་བྱ་བ་ཡིན་ལ། དེ་ཡང་འདི་ལྟར། དབུས་སུ་མཚན་མ་ལེགས་བཏབ་ནས། །ཤར་ནུབ་ཚངས་ཐིག་དྲང་པོར་བཏབ། །ཟླུམ་བསྐོར་གསུམ་གྱིས་ཉ་རུ་འགྱུར། །ཉ་སྟེང་ཚངས་ཐིག་གཉིས་པ་བཏབ། །


TNT06_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་དང་བྱང་དུ་ཟླུམ་པོར་བསྐོར། །བྱ་རྗེས་སྟེང་ནས་ཟུར་ཐིག་བཏབ། །ཟུར་ཐིག་སྟེང་ནས་བྱ་རྗེས་བཞི། །དེ་ལ་ཕྱི་ཡི་ཐིག་བཞི་བཏབ། །ལོགས་གཏུབ་གསུམ་གྱི་བྱ་རོག་རྗེས། །མནན་པས་ཆ་ཆེན་བཅུ་དྲུག་འགྱུར། །ཕྱི་རུ་ཆ་ཆེན་རེ་རེ་བསྣན། །དང་པོ་གཉིས་པ་བདུན་པ་དང༌། །དགུ་པ་རྣམས་ནི་བཞི་བཞིར་བགོ །གསུམ་པའི་ནང་དུ་ཆ་ཕྲན་གཅིག །བཞི་པ་རང་སར་བཞག་པར་བྱ། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བརྒྱད་པའི་དབུས་སུ་ཆ་ཕྲན་གཅིག །ཚངས་ཐིག་ཟུར་ཐིག་མ་གཏོགས་པ། །དེ་རྣམས་སྐམ་ཐིག་གདབ་པར་བྱ། །དབུས་སུ་ཕུར་བུ་བཙུགས་ནས་ནི། །བཞི་ལྔ་བཅུ་པའི་ཐིག་སྟེང་དང༌། །བཅུ་ནང་ཆ་ཆུང་ཕྱེད་ཙམ་བསྐོར། །འདབ་ཐིག་ལག་ལེན་བཞིན་དུ་གདབ། །བཅུ་གཅིག་རྩ་བའི་ཐིག་ཡིན་ཏེ། །ཐིག་ཆེན་བརྒྱད་ཀྱི་ལོགས་ཐིག་གོ །བཅུ་བདུན་པ་ནི་མདའ་ཡབ་ཐིག །རྩ་བའི་ཐིག་ལས་ཕྱི་རོལ་ཏུ། །ཟུར་ནས་ངོས་སུ་ཐིག་ལྔ་པས། །དང་པོ་གཉིས་ནི་གསུམ་པར་རེག །དེ་གཉིས་ཆ་ཆུང་གཉིས་ཀྱིས་སྦྲེལ། །གསུམ་པ་བཞི་པ་ལྔ་པ་རྣམས། །བརྒྱད་པའི་ཐིག་ལ་རེག་པ་གདབ། །རྩ་བའི་ཕྱི་ནས་གཉིས་པའི་ཐིག །བཅུ་བཞི་པ་ཡི་བར་དུའོ། །དེ་ནས་ངོས་སུ་བཞི་པའི་བར། །སྟེང་དུ་བཅོ་ལྔ་པ་ལ་རེག །བཅོ་ལྔ་རྩེ་ནས་རྩེ་རུའོ། །ནང་དུ་བཅུ་གསུམ་ལ་རེག་པའི། །ངོས་སུ་རིམ་པས་ཐིག་བཞི་ནི། །དང་པོ་བཅུ་དྲུག་པ་ལ་རེག །རྩེ་ནས་རྩེ་རུ་བཅུ་དྲུག་པ། །གཞན་གསུམ་བཅུ་བདུན་པ་ལ་རེག །ཚངས་དང་ཉེར་གཅིག་འཛོམ་པ་ནས། །ཆ་ཆེན་གཅིག་གིས་བསྐོར་བ་ནི། །གཡས་གཡོན་ལོགས་སུ་བཞི་པར་རེག །བཅུ་དགུ་བཞི་པ་འཛོམ་ས་ནས། །སྔ་མའི་སྣེ་ནས་བཅུ་བདུན་བར། །ཆ་ཆུང་གཉིས་ཀྱིས་བསྐོར་བར་བྱ། །དེ་ནང་ཆ་ཆུང་ཕྱེད་ཀྱིས་བསྐོར། །བཅོ་བརྒྱད་ལ་


TNT06_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཐིག་བཞི་ནི། །དགུ་པ་ནས་བཟུང་གླང་རྒྱབ་པར། །རྩེ་མོ་ཆ་ཆུང་གསུམ་དུ་སྒྲེལ། །དེ་འོག་བརྒྱད་པ་ཆ་ཆུང་གཅིག །ཉེར་གཉིས་པ་དང་ཉེར་གསུམ་པ། །བརྒྱད་པ་ནས་བཟུང་བསྐོར་ཐིག་བར། །ཉེར་བཞི་ལ་སོགས་བཞི་པོ་ནི། །བདུན་པ་ནས་ནི་བདུན་པའི་བར། །ཉེར་བརྒྱད་ལྔ་ནས་ལྔ་པའི་བར། །དེ་འོག་ལྔ་པ་ཆ་ཆུང་གཅིག །ཉེར་བཞི་ལ་སོགས་བཞི་པོ་ནི། །བདུན་པའི་ཐིག་ནས་བཅད་པར་བྱ། །དེ་འོག་དྲུག་པའོ་ཉེར་གཉིས་དང༌། །ཉེར་གསུམ་བརྒྱད་པ་སྦྲེལ་བ་ཡིན། དེའི་འོག་བདུན་པའི་ཐིག་དུ་བཅད། །ཉེར་བརྒྱད་པ་ཡིས་ཕྱི་ངོས་སུ། །གཉིས་པས་ཐིག་ལས་མཐོན་པ་ཡི། །ཆ་ཆུང་བཞི་པ་བྱིན་གྱིས་ཕྲ། །རྩེ་མོ་རལ་གྲིའི་དབྱིབས་སུ་བྱ། །བྲང་ངོས་ཆ་ཆུང་གཉིས་ཀྱི་ཚད། །ཉེར་གཉིས་པ་དང་གཉིས་འཛོམ་པར། །ཆ་ཆུང་བརྒྱད་ཀྱི་ཐིག་སྐུད་ཀྱི། །བཅུ་བདུན་པ་ཡི་ཐིག་ནས་ནི། །དབུས་རྭའི་ཐིག་ལ་རེག་པས་བསྐོར། །དེ་ཡི་ཕྱི་རོལ་ཆ་ཆུང་གཅིག །བསྐོར་ཏེ་རྭའི་ནང་ཐིག་གོ །ཉེར་གཉིས་ཉེར་གསུམ་བར་གྱིས་ནི། །བཞི་པའི་སྟེང་ནས་ཆ་ཆུང་དགུས། །སྔར་བཞིན་བསྐོར་བ་ཕྱི་ཐིག་གོ །ཐིག་སྐུད་ཉིས་སྟབ་བྱས་ནས་ནི། །དབུས་ཀྱི་ཕུར་བུ་ལ་བསྐོན་ཏེ། །རྟ་བབས་མདའ་ཡབ་རྩེ་མོའི་ཚད། །དབང་ལྡན་མཚམས་ནས་གཡས་སུ་བསྐོར། ཁྱམས་སུ་འགྱུར་ཞིང་ཕྱི་ནས་སླར། །ཆ་ཆེན་གཅིག་དང་ཆ་ཆེན་ཕྱེད། །སླར་ཡང་ཆ་ཆེན་གཅིག་གིས་བསྐོར། །ཕྱོགས་ཀུན་མཉམ་པ་ཉིད་དུ་མོས། །དེ་ནས་སྐམ་ཐིག་རྣམས་དབྱེ་བར་བྱའོ། །འདི་ལ་དུར་ཁྲོད་འབྲི་སྲོལ་ནི་མེད་ལ། ཀ་མ་ལ་རཀྵི་ཏས་ནག་པོ་ལ་བཤད་པ་ལྟར་འདིར་ཡང་བྱས་ན་ལེགས་པར་ནི་འགྱུར་རོ། །དེ་ནས་སྐམ་པའི་ཕྱག་རྒྱས་དབུས་ཀྱི་ཕུར་བུ་ཕྱུང༌། ཡེ་ཤེས་པ་ལག་གི་རྡོ་རྗེ་ལ་ཐིམ་པར་ཡིད་ཀྱིས་མོས། ཐིག་སྐུད་ལ་མཆོད་བསྟོད་བྱས་ལ་ཡེ་ཤེས་པ་གཤེགས་སུ་གསོལ་ལ་གཙང་སར་བཞག་གོ །དེ་ནས་


TNT06_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཤུགས་ཀྱི་འཇུག་པས་ནང་དུ་ཞུགས་ལ། མིག་གཉིས་ལ་ཧི་ལས་བྱུང་བའི་ཉི་མ་དང་ཟླ་བ། མིག་འབྲས་ཧཱུཾ་ལས་ཁྲོ་བོའི་རྡོ་རྗེར་གྱུར། ཁྲོ་བོའི་ལྟ་བས་ཐར་པའི་སྒོའི་བར་ཆད་བགེགས་རྣམས་བཅོམ་པར་གྱུར། ཐར་པ་དང་ཐམས་ཅད་མཁྱེན་པའི་སྒོའི་གེགས་ཐམས་ཅད་བསལ་བར་བགྱིའོ། །ཞེས་སྒོའི་རྩ་ཐིག་དབྱིའོ། །རྡུལ་ཚོན་སྣ་ལྔ་ལག་ལེན་བཞིན་བཤམས་ལ། ཡ་ཀྵེ་མ་མེ་ད་རྣམས་བྲིས། གོང་གི་ཐིག་སྐུད་བརྐྱང་ཞིང་སྒྲིལ་བའི་སྔགས་དོར་ལ་ཐིག་སྐུད་ཀྱི་གནས་སུ་རྡུལ་ཚོན་ཞེས་འདོན་པ་སྤོས། རྡུལ་ཚོན་མཐེབ་སྲིན་གྱིས་མཉེ་བཞིན་དུ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུཾ། ཞེས་ལན་བདུན་བདུན་གྱིས་བྱིན་བརླབས། བདེན་པ་གང་གིས་སེམས་ཅན་རྣམས་རྡུལ་མང་ཞིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཆགས་པ་དང་རྗེས་སུ་ཆགས་པའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་བར་གྱུར་ཅིག ཧཱིཿཧཱྀཿཧཱིཿ ཞེས་བཟླས་ཤིང་སྦར་རོ། །དེ་ནས་དཀྱིལ་འཁོར་གྱི་ནུབ་ཕྱོགས་ནས་རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱ་སྤྱི་བོར་བཟློག་སྟེ། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧོཿ ཞེས་རྡོ་རྗེ་ཤུགས་ཀྱི་འཇུག་པས་ནང་དུ་ཞུགས་ལ། སློབ་དཔོན་གྱིས། དང་པོར་ཕུར་ཁུང་བགང་བར་བྱ་སྟེ། དྲིལ་བུ་བཀྲོལ་ཞིང་སྐུར་སྟེན་ལ། དཀར་སེར་དམར་ལྗང་སྔོ་བའི་རིམ་པས་བགང༌། དེ་ནས། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །འཇམ་དབྱངས་རྒྱལ་པོ་རང་ཉིད་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །འཁོར་ལོའི་ནང་དུ་ཡང་དག་གནས། །ཞེས་བརྗོད་ཅིང་དྲིལ་བུ་དཀྲོལ་ལ། མཐར་གཡོན་པའི་མཐེབ་སྲིན་གྱིས། དབང་ལྡན་གྱི་མཚམས་སུ་སྒོ་ཚད་གཅིག་གི་བར་དུ་རྩིག་པར་རིམ་པ་ལྔ་བྲི་བར་བྱའོ། །དེ་ནས་སློབ་མ་རྣམས་ཀྱིས་ཅི་བདེ་བར་ཚོན་དགྱེ་བར་


TNT06_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། པདྨའི་ལྟེ་བ་དང་ཕྱོགས་ཀྱི་འདབ་མ་རྣམས་ལ། ཉི་མའི་གདན་གྱི་སྟེང་དུ། གཙོ་བོའི་ཕྱག་མཚན་ཇི་ལྟ་བུའི་དབྱུག་པ་རེ་བྲིས་ལ། མཐའ་མེ་འོད་འབར་བའི་ནང་རིགས་དང་མཐུན་པའི་ཁ་དོག་ཤས་ཆེ་བ་ལས་སྤྱིར་འོད་ཟེར་སྣ་ལྔ་འཕྲོ་བར་བྲི་བར་བྱའོ། །མུ་ཁྱུད་གཞི་དམར་པོ་ལ་རྡོ་རྗེ་སྔོན་པོའི་འཕྲེང་བ་བྲི། མཐར་དཀྱིལ་འཁོར་བྲིས་ཟིན་པ་ན། ཚོན་གྱི་ལྷག་མ་རྣམས་བསྡུས་ཏེ། མཆོད་བསྟོད་བྱས་ལ། ཡེ་ཤེས་པ་ནམ་མཁའི་ལྷའི་ཐུགས་ཀར་གཤེགས། དམ་ཚིག་པ་རང་ལ་བསྡུས་ཏེ་བཞག་གོ །དཀྱིལ་འཁོར་གྱི་མཐའ་ཀུན་ཏུ་དྲི་བཟང་གིས་བྱུགས། མེ་ཏོག་སིལ་མ་སོགས་མཆོད་རྫས་དང་རྒྱན་ཐམས་ཅད་བཀྲམ། རྣམ་རྒྱལ་བུམ་པ་གཙོ་བོའི་གནས་སུ་བཞག་པར་མོས་ནས་ཤར་སྒོའི་གཡས་སུ་བཞག བུམ་པ་གཞན་བཞི་ཕྱོགས་བཞིར་བཀོད། ལས་བུམ་དབང་ལྡན་མཚམས་སུ་བཞག་གོ །མཆོད་པའི་བུམ་པ་དང༌། གོས་ཟུང་དང༌། ལྷ་རེ་རེ་ལ་མཆོད་རྫས་བཅུ་ལས་མི་ཉུང་བ་རྣམས་སོ་སོར་བཤམས་ལ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་ཡང་ཡང་བརྗོད་དོ། །གཞན་ཡང་ཡོ་བྱད་ཐམས་ཅད་ཚོགས་པར་བྱ་སྟེ། དེ་རྣམས་ལག་ལེན་མཐོང་བ་ཙམ་གྱི་ཤེས་པར་འགྱུར་རོ། །གཉིས་པ་སྒྲུབ་ཅིང་མཆོད་པ་ནི། སྔོན་འགྲོ་གཏོར་མ་ནས། དག་པ་དྲན་པ་ཡན་ཆད་སྟ་གོན་ལྟར་བྱས་ནས། མདུན་བསྐྱེད་སྒྲུབ་པ་ཡིན་ཏེ། རྡོ་རྗེ་ཤུགས་ཀྱི་འཇུག་པས་ཞུགས་པར་མོས་ལ། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ། བདག་ཉིད་དཀྱིལ་འཁོར་གྱི་ནང་ཤར་གྱི་ལྷ་སྣམ་ལ་འདུག་པར་གྱུར། ཧྲཱིཿཥྚཱི༔ས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། སྨོན་ལམ་གྱི་ནས། མཚམས་རྣམས་སུ་ཟླ་བའི་གདན། དེ་རྣམས་ཀྱི་སྟེང་དུ་ལྷའི་མཚན་མ་རྣམས་སོ་སོའི་གནས་སུ་ཡོངས་སུ་གྱུར་པ་ལས། དབུས་


TNT06_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡ་ལས་ཐོད་དབྱུག་ཡས་མཚན་པ་ལས། བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་ནས། དམར་མོས་འཁྱུད་པ། འདབ་མ་བཞི་ལ་ཤར་དུ་ཀྵེ་ལས་ཐོད་དབྱུག་ཀྵེས་མཚན་པ་ལས། གཏི་མུག་ནས། ནག་མོས་འཁྱུད་པ། ལྷོ་རུ་མ་ལས་ཐོད་དབྱུག་མས་མཚན་པ་ལས། སེར་སྣ་ནས། སེར་མོས་འཁྱུད་པ། ནུབ་ཏུ་མེ་ལས་ཐོད་དབྱུག་མེས་མཚན་པ་ལས། འདོད་ཆགས་ནས། དཀར་མོས་འཁྱུད་པ། བྱང་དུ་ད་ལས་ཐོད་དབྱུག་དས་མཚན་པ་ལས། ཕྲག་དོག་ནས། ལྗང་མོས་འཁྱུད་པ། དཔའ་བོ་ཐམས་ཅད་ནས། ཁ་བརྒྱན་པའོ། །དབུས་ཀྱི་གཙོ་བོ་ཡབ་ཡུམ་དང༌། བདག་ཉིད་གཉིས་སུ་མེད་པར་གྱུར། ཡུམ་གྱི་མཁའ་ནས། ཨཱཏྨ་ཀོ྅ཧཾ། སྙོམས་པ་ཞུགས་པའི་དགའ་བའི་སྒྲས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བཀུག ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར། རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། སེམས་ཅན་ཐམས་ཅད་ཀྱི་མ་དག་པའི་ཕུང་པོ་ལྔ་དང༌། ཉོན་མོངས་པ་ལྔ་དང༌། ཁམས་ལྔ་དང༌། དབང་པོ་དྲུག་རྣམ་པར་ཤེས་པའི་ཚོགས་དང་བཅས་པ་དང༌། སྣོད་ཀྱི་འཇིག་རྟེན་མཐའ་དག་ཡོངས་སུ་སྦྱངས་ནས་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་སྒྲིབ་པ་ཐམས་ཅད་དང་རྣམ་པར་བྲལ་བ་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི་ཚོགས་སུ་གྱུར་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་དང་བཅས་པ་སླར་འདུས་ཏེ་གཅིག་ཏུ་གྱུར་པ་མཁའ་ནང་དུ། སྐད་ཅིག་གིས་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལྷ་


TNT06_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་རྫོགས་པ་གྲུབ་པར་གྱུར། ཨོཾ་ཧྲཱིཿཥྚཱི༔ནས། སྭཱཧཱ། མཁའ་ནང་གི་གཙོ་བོ་ཡབ་ཡུམ་གསང་བའི་ལམ་ནས་སྤྲོས། ཕྱིའི་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་ལ་ཐིམ། ཨོཾ་མོ་ཧཱནྟ་ཀྲྀཏ་ཧཱུཾ་ཕཊ། ཨོཾ་མོ་ཧ་ར་ཏཱི་ཧཱུཾ་ཛཿ མཁའ་ནང་གི་གཏི་མུག་གཤིན་རྗེ་གཤེད་ཡབ་ཡུམ་ཕྱིར་ཕྱུང༌། ཤར་གྱི་གཏི་མུག་གཤིན་རྗེ་གཤེད་ཡབ་ཡུམ་ལ་ཐིམ། དེ་བཞིན་དུ་སྦྱར་ཏེ། པི་ཤུ་ནན་པི་ཤུ་ན། མཁའ་ནང་གི་སེར་སྣ། ལྷོའི་སེར་སྣ། རཱ་གན་རཱ་ག མཁའ་ནང་གི་འདོད་ཆགས། ནུབ་ཀྱི་འདོད་ཆགས། ཨིར་ཥྱ་ན་ཨིར་ཥྱ། མཁའ་ནང་གི་ཕྲག་དོག བྱང་གི་ཕྲག་དོག ཨོཾ་ཨཱཿཧཱུཾ། ལན་བཞི། མཁའ་ནང་གི་བུམ་པ་བཞི། མཚམས་བཞིའི་བུམ་པ་བཞི། ཨོཾ་ཨཱཿཧཱུཾ། མཁའ་ནང་གི་གཞལ་ཡས་ཁང་བསྲུང་བའི་འཁོར་ལོ་དང་བཅས་པ་ཕྱིར་ཕྱུང༌། ཕྱིའི་གཞལ་ཡས་ཁང་བསྲུང་བའི་འཁོར་ལོ་དང་བཅས་པ་ལ་ཐིམ། སྙིང་གར་ཧཱུཾ་ནས། བརླབས་པར་གྱུར། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། ནས། ཛཿཧཱུཾ་བཾ་ཧོཿའི་བར་རྣམས་སྒྲུབ་ཐབས་བཞིན། ཡང་རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། སྟ་གོན་གྱི་ཡེ་ཤེས་པ་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ རོལ་མོ་དང་བཅས་པས། ཧྲཱིཿཥྚཱིཿ བཟླ་ཞིང་བགེགས་བསྐྲད། ཧྲཱིཿཥྚཱིཿ གཅིག་གི་བསྲུང་བའི་སྒོ་ཕྱེ། ཨོཾ་ཧྲཱིཿཧ་བྷོ་མཧཱ་ཀྲོ་དྷ་ཨཱ་གཙྪ་ཨཱ་གཙྪ། ཨས་མཏ་པཱུ་ཛ་པྲ་ཏི་གྲྀཧྞཱནྟུ་པྲ་སཱ་དྷ་མེ་དྷཱི་མཱན་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་རྡོ་རྗེའི་གུར་གྱི་ནང་དུ་སྤྱན་དྲངས། ཧྲཱིཿཥྚཱིཿ གཅིག་བཟླས་པས་སྒོ་བཅིངས། ཡབ་ཡུམ་བཅུའི་


TNT06_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རེ་རེའི་མཐར། ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་སྦྱར་ཏེ་མཆོད་ཡོན་ཕུལ། པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སོགས་ཀྱིས་བསྟོད། དཀྱིལ་འཁོར་ཆེན་པོ་བྱིན་གྱིས་བརླབས་ཏེ། དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། ཛཿཧཱུཾ་བཾ་ཧོཿ གཙོ་བོ་ཡབ་ཡུམ་ལ་ལན་གསུམ་གསུམ། ལྷག་མ་ལྷ་བཞི། བུམ་པ་བཞི། རྟེན་གྱི་དཀྱིལ་འཁོར་རྣམས་ལ་དམིགས་ནས་རེ་རེ་བརྗོད་དེ། ཡང་དག་པར་བསྲེ་བར་བྱའོ། །དེ་ནས་མཆོད་པ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས། ཨ་ལས་བྱུང་བའི་ནས། ཤཔྟ་ཨཱཿཧཱུཾ། གི་བར་གྱིས་གོང་བཞིན་བྱིན་གྱིས་བརླབས། དེ་ནས་མཆོད་པ་འབུལ་བ་ནི། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །མཆོག་ཏུ་དད་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ཧྲཱིཿཥྚཱིཿཧཱཿ དེ་བཞིན་དུ། སྔགས་ཀྱི་ཞབས་བསིལ་ཞེས་དང༌། ཨོཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་དམ་པ་འདི་དག་ནི། །མཆོག་ཏུ་གུས་པས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ཀུ་མ་ར་རཱུ་པི་ཎི་ཛཿཛཿ ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང༌། །བདུག་སྤོས་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་འབུལ་ལགས་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ཧྲཱི་ཧ་ཧེ་ཕཊ། ཞུན་མར་འབྲུ་མར་མར་མེ་འདི། །ལྷ་རྫས་འབར་བས་མུན་པ་འཇོམས། །མི་ཤེས་ཐམས་ཅད་འཇོམས་པའི་ཕྱིར། །བདག་ཉིད་དད་པས་འབུལ་བར་བགྱི། །ཨོཾ་དཱིཔྟ་ནས། སྭཱཧཱ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་མཆོག་


TNT06_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་འདི་དག་ནི། །མཆོག་ཏུ་དད་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱོད་ཀྱིས་བཞེས། །ཨོཾ་བི་ནས། གཿ ཁ་དོག་དྲི་དང་རོ་ལྡན་པའི། །བཟའ་དང་བཅའ་བར་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་ཁ་ཟས་འདི། །འབུལ་གྱི་ཡང་དག་བཞེས་སུ་གསོལ། །ཨོཾ་བཛྲ་ནེ་ཝེ་ཏྱ་ཨཱཿཧཱུཾ། སིལ་སྙན་ལ་སོགས་རོལ་མོའི་ཚོགས། །དབྱངས་ཀྱི་ང་རོ་ལྡན་པ་འདི། །མཆོག་ཏུ་དད་པས་བདག་འབུལ་གྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཁ་དོག་བཟང་ཞིང་དྲི་ཞིམ་རེག་ན་བདེ། །སྲབ་འཇམ་ཡང་མཛེས་ལྷ་ལས་བྱུང་བ་ཡི། །ན་བཟའ་མཆོག་འདི་རྡོ་རྗེའི་སྐུ་ལ་འབུལ། །བགྲེས་པ་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྲ་ཝསྟྲཱ་ཡེ་ཨཱཿཧཱུཾ། གཟུང་འཛིན་ང་རྒྱལ་བཅོམ་པའི་སྟག་ལྤགས་དང༌། །ཉོན་མོངས་ཤ་ཁྲག་ཟད་པའི་ཐོད་སྐམ་དང༌། །བདུད་རིགས་གཤིན་རྗེ་བསད་པའི་མགོ་བོའི་འཕྲེང༌། །དུག་ལྔ་འཇོམས་བྱེད་གདུག་པའི་སྦྲུལ་རྒྱན་འབུལ། །ཨོཾ་བྱཱ་གྷྲ་ཙརྨ་ཝཱ་ས་ནི་ཨཱཿཧཱུཾ། ཨོཾ་བཛྲ་ཤུསྐ་ཀ་པཱ་ལ་མུ་ཀུ་ཊ་ཨཱཿཧཱུཾ། ཨོཾ་རཀྟ་མུཎྜ་མཱ་ལ་ཨ་བྷ་ར་ཎ་ཨཱཿཧཱུཾ། ཨོཾ་ཨཥྟ་ནཱ་ག་རཱ་ཛ་ཨ་ལཾ་ཀ་ར་ཨཱཿཧཱུཾ། གཟུགས་ཀྱི་མཆོད་པ་ཁྱད་པར་ཆེ། །སྒྲ་ཡི་མཆོད་པ་ཡིད་འོང་ལྡན། །དྲི་ཡི་མཆོད་པ་ཚིམ་པའི་མཆོག །རོ་ཡི་མཆོད་པ་བླ་ན་མེད། །རེག་བྱའི་མཆོད་པ་བདེ་མཆོག་ལྡན། །མཆོད་པ་རྣམ་པ་ལྔ་རྣམས་ཀྱིས། །རབ་འབྱམས་ཞིང་རྣམས་ཡོངས་བཀང་ནས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད། །ཨོཾ་པཉྩ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུཾ།


TNT06_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་བུ་གླིང་འདིའམ་གླིང་གཞན་དག །འཁོར་ལོ་རིན་ཆེན་གྱིས་བཀང་བ། །སྟོང་གསུམ་ལ་སོགས་དེ་བཞིན་ཏེ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཨོཾ་ཙཀྲ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུཾ། ནོར་བུ། མ་ཎི། བཙུན་མོ། ཝཱསྟི། ཁྱིམ་བདག གྲྀ་ཧ་པ་ཏི། གླང་པོ། ཧཱསྟི། རྟ་མཆོག ཨ་ཤྭ། དམག་དཔོན། པུ་རུ་ཥ། ཞེས་སྦྱར། གཞན་ཡང་མཆོད་པའི་རྣམ་པ་ནི། རྔ་ཡབ་རྡུལ་ཡབ་སྦྲང་ཡབ་དང༌། །ཁྱམས་དང་སྐྱེད་མོས་ཚལ་དག་དང༌། །གཟིམ་མལ་དང་ནི་གདན་ཁྲི་དང༌། །མྱུར་འགྲོ་རྟ་དང་གླང་པོ་དང༌། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །རྟ་བབས་དང་ནི་བླ་རེ་སོགས། །བཟའ་བཏུང་རོ་མཆོག་སྣ་ཚོགས་དང༌། །གླུ་གར་ལ་སོགས་མཐའ་ཡས་མཆོད། །བུམ་པ་བཟང་པོ་འདོད་འཇོའི་བ། །རིན་ཆེན་ལག་པ་ནམ་མཁའི་མཛོད། །བློ་ཡིས་བླངས་ཏེ་འབུལ་བར་བགྱི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ། མཆོད་བུམ་བཏེག་ལ། ནག་པོ་ར་རི་མེད་པ་ཡི། །བུམ་པ་ལྟོ་ཕྱེ་བྲེ་ཚད་པ། །མཆུ་འཕྱང་མགྲིན་རིངས་གདན་དང་ལྡན། །སྙིང་པོར་ལྡན་པའི་སྨན་སོགས་གཞུག །མགྲིན་པ་རས་བཟང་དག་གིས་དཀྲིས། །འདབ་མར་ལྡན་པའི་ལྕུག་མ་ཡང༌། །དྲི་ངད་ལྡན་པའི་ཁ་བརྒྱན་ཅན། །བདུད་རྩི་ལྡན་པ་ཡིས་ཀྱང་མཆོད། །གཞན་ཡང་མཆོད་པའི་རྣམ་པ་ནི། །བླ་རེ་གདུགས་དང་རྒྱལ་མཚན་དང༌། །བ་དན་སིལ་སྙན་རོལ་མོ་ཡིས། །གུས་པས་དཀྱིལ་འཁོར་པ་ལ་མཆོད། །བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་


TNT06_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་རབ་ཏུ་བརྒྱན། །དམ་ཚིག་གསང་བའི་མཆོད་པར་བཞེས་སུ་གསོལ། །ཞེས་བརྗོད་དེ། ཕྱི་མཆོད་རྣམས་སོ། །བསྟོད་པ་ནི། ཨ་ཡེ་ཀྱེ་ཀྱེ་ནས། ཡོངས་ལ་གཟིགས། །ཞེས་པའི་རྗེས་སུ། གཏི་མུག་རྡོ་རྗེ་ནས། དབང་ཕྱུག་ཁྱོད་ཕྱག་འཚལ། །གྱི་བར་དང༌། བརྩེ་དང་ཤེས་རབ་ཕ་རོལ་ཕྱིན། །ནམ་མཁའི་ཁམས་ནི་རྣམ་པར་སྦྱོང༌། །ཉོན་མོངས་ཀུན་དག་ཡེ་ཤེས་དངོས། །རྡོ་རྗེ་རོ་ལངས་མར་ཕྱག་འཚལ། །རྡོ་རྗེ་ཞི་བ་བྱང་ཆུབ་སེམས། །གཏི་མུག་རྡོ་རྗེ་ཉིད་དབྱེར་མེད། །ཆོས་ཀྱི་དབྱིངས་ཀྱི་བདག་མོ་ཆེ། །རྡོ་རྗེ་ཙརྩི་ཀཱར་ཕྱག་འཚལ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ནི། །ཞེ་སྡང་བདག་པོ་ཐུགས་དབྱེར་མེད། །མི་ཕྱེད་རྣམ་རྟོག་རབ་གཅོད་མ། །རྡོ་རྗེ་ཕག་མོར་ཁྱོད་ཕྱག་འཚལ། །རྡོ་རྗེ་གསུང་ནི་ཡེ་ཤེས་ཆེ། །པདྨ་ཤེས་རབ་ཕ་རོལ་ཕྱིན། །འདོད་ཆགས་ཆེན་པོ་ཉིད་སྦྱོར་བ། །རྡོ་རྗེ་མཐར་མཛད་ཁྱོད་ལ་བསྟོད། །རྡོ་རྗེ་ལས་ནི་ཀུན་གྲོལ་བ། །ཕྲག་དོག་རྡོ་རྗེ་དབྱེར་མེད་སྐུ། །ཐམས་ཅད་རྡོ་རྗེ་བཏང་སྙོམས་ནི། །རྡོ་རྗེ་ལས་ལ་ཕྱག་འཚལ་བསྟོད། །སྒེག་སོགས་རྡོ་རྗེ་ལྷ་མོ་བརྒྱད། །སྣོད་དང་གང་བའི་བུམ་པར་སྤྲུལ། །སྣ་ཚོགས་འདོད་ཡོན་བདུད་རྩིའི་གཟུགས། །མཆོད་ལྡན་དེ་དག་རྣམས་ལ་བསྟོད། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །ཡེ་ཤེས་གཞལ་ཡས་ཁང་པར་སྤྲུལ། །འཇིགས་ཚོགས་ལྟ་ཀུན་འཇོམས་བྱེད་པའི། །རྡོ་རྗེའི་བཞི་དང་བཅས་ལ་འདུད། །ཡེ་ཤེས་ཉི་མའི་དཀྱིལ་འཁོར་དང༌། །ཉེས་སྤངས་པདྨའི་འཁོར་ཡུག་སྟེ། །བདུད་འཇོམས་བསྲུང་བའི་འཁོར་ལོ་ནི། །ཡེ་ཤེས་མེ་དཔུང་འབར་ལ་བསྟོད། །དེ་ལྟར་དཀྱིལ་འཁོར་འཁོར་ལོར་བཅས་བསྟོད་པས། བདུད་


TNT06_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་འཇོམས་ཤིང་ལས་ཀུན་འགྲུབ་པ་དང༌། །ལྷ་མོའི་འཁོར་གྱིས་བསྐོར་བའི་དཔའ་བོ་ནི། །བདེ་ཆེན་གཤིན་རྗེ་གཤེད་དཔལ་ཐོབ་པར་ཤོག །ཅེས་བསྟོད། དེ་ནས་ནང་མཆོད་བྱིན་གྱིས་བརླབས་ཏེ། འཇམ་དཔལ་གཤིན་རྗེ་གཤེད་དང་བི་རཱུ་པ། །ཌོམྦྷི་ཧེ་རུ་ཀ་དང་དཔལ་འཛིན་ཞབས། །བློ་གྲོས་བཟང་པོ་དརྤན་ཨཱ་ཙཱརྻ། །གློོ་བོ་ལོཙྪ་ཤེས་རབ་རིན་ཆེན་དང༌། །ཐུགས་སྲས་ས་པ་ལོཙྪ་མཆོག་ལྡན་དང༌། །སངས་རྒྱས་སྲས་དང་གཞོན་ནུ་ཚུལ་ཁྲིམས་ཞབས། །ཚུལ་ཁྲིམས་རྒྱལ་མཚན་མཁན་ཆེན་གྲུབ་ཤེ་དང༌། །ཤེས་རབ་རྒྱ་མཚོ་ཡོན་ཏན་དཔལ་བཟང་དང༌། །བྱང་སེམས་མཆོག་གྲུབ་རྗེ་བཙུན་གྲོལ་མཆོག་ཞབས། །མཁས་བཙུན་བཟང་པོའི་མཐར་ཐུག་ཀུན་དགའི་མཚན། །ཡེ་ཤེས་བདུད་རྩི་རྒྱ་མཚོའི་མཆོད་པ་འབུལ། །ཨོཾ་ཨཱཿཧཱུཾ། གཞན་ཡང་དབང་བསྐུར་རྒྱུད་བཤད་སོགས་དང༌། མཚན་སྔགས་སམ་སྙིང་པོ་རྣམས་ཀྱིས་དཀྱིལ་འཁོར་རྣམས་ལ་འབུལ། གཞན་ཡང་རྒྱུད་སྡེ་བཞི་དང་སོགས་དང༌། སྒོས་ཀྱི་ཆོས་སྐྱོང་ལ་སྙིང་པོས་ཕུལ། གཞན་ཡང་བསྟན་པ་བསྲུང་བར་སོགས་དང༌། གཞན་ཡང་ཕྱོགས་སྐྱོང་བ་བཅོ་ལྔ། ལྷ་ཆེན་པོ་བརྒྱད་སོགས་ཀྱིས་ཕུལ། གཞན་ཡང་བོད་ཁམས་སྐྱོང་བ་སོགས་ཀྱིས་ཕུལ། གཞན་ཡང་འགྲོ་བ་རིགས་དྲུག་སོགས་ཀྱི་མཐར། ཨོཾ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝཱཏྨ་ཀོ྅ཧཾ། ཞེས་བདུད་རྩི་མྱང་བ་རྣམས་སོ། །མངོན་རྟོགས་ལྟར་མཁའ་གསང་བྱིན་གྱིས་བརླབས་ཏེ་བདེ་བ་སྒོམ། དེ་ནས་སྒྲུབ་ཐབས་ཀྱི་གཏོར་ཆོག་ནས་འབྱུང་བ་ལྟར་ནང་གཏོར་རྣམས་ཨ་མྲྀ་ཏས་བསངས་བ་ནས། ཆེན་པོར་གྱུར། ཞེས་པའི་བར་གྱིས་བྱིན་གྱིས་བརླབས། ལྗགས་རྡོ་རྗེའི་སྦུ་གུའི་ནས། ནཾ་ཛཿ ཞེས་པའི་བར་གྱིས་ཕུལ།


TNT06_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང་ནང་མཆོད་དང༌། གཏི་མུག་རྡོ་རྗེ་སོགས་ཀྱིས་བསྟོད། མཆོད་སྦྱིན་སོགས་འདོད་དོན་གསོལ་བ་བཏབ། བར་འདིར་མགོན་པོ་ལྕམ་དྲལ་སོགས་ཆོས་སྐྱོང་རྣམས་དང༌། གཞི་བདག་གཏོར་མ་སོགས་ཀྱང་བཏང༌། ཕྱོགས་སྐྱོང་ལ་ཡང་ནང་གཏོར་འབུལ་བར་འདོད་ན། འཇིག་རྟེན་འདས་པའི་ལྷ་སྤྱན་འདྲེན་གྱི་ཚིག་བོར་ནས། ལྷག་མ་གཏོར་ཆོག་སྒྲུབ་ཐབས་སུ་བཤད་པ་ཇི་ལྟ་བ་བཞིན་ནོ། །དེ་ནས་ཕྱི་རོལ་གཏོར་མ་ནི། གཏོར་མ་ཆེ་བ་ཤ་ཆང་བ་དན་སོགས་ཀྱིས་བརྒྱན་པ་མཆོད་པ་དང་བཅས་པ་ཕྱི་རོལ་ཏུ་བཤམས། མཆོད་པ་བྱིན་རླབས་དང༌། གཏོར་མ་བྱིན་རླབས་སྔར་བཞིན་བྱས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཕྱོགས་སྐྱོང་བ་འཁོར་དང་བཅས་པ་ཐམས་ཅད་སྤྱན་དྲངས། ཧྲཱིཿཥྚཱིཿའི་མཐར། ཨོཾ་དཱ་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨཱ་ཀཱརྵ་ཡ་ཛཿ གཏོར་སྣོད་ཀྱི་ཕྱོགས་བཅུར་འཁོད་པ་ནི་ནས། ཐམས་ཅད་ཀྱིས་བསྐོར་བར་གྱུར། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་ནས། གསོལ་བར་གྱུར། ཨོཾ་ཨིནྡྲ་ཡ་ནས། ཕེཾ་སྭཱཧཱ། ཨོཾ་དཱ་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་བྷྱཿ ཞེས་མགོ་བོར་སྦྱར་ལ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད་པའི་ཚེ། མཆོད་པ་རྣམས་གཏོར་སྣོད་དུ་བླུག འབྲུ་གསུམ་གྱིས་ནང་མཆོད་ཕུལ། བདུད་བཞི་པོ་ནི་ནས། འདུད་ཀྱི་བར་གྱིས་བསྟོད། གང་དུ་བཅོམ་ལྡན་འདས་ལྷན་ཅིག །འོངས་པའི་ཕྱོགས་ཀྱི་བདག་པོ་རྣམས། །གང་ཡང་རྗེས་སུ་འབྲང་བཅས་འདིར། །འཁོད་པ་དེ་དག་ཐམས་ཅད་རྣམས། །བདག་ནི་རྗེས་སུ་བཟུང་བའི་ཕྱིར། །ཇི་ལྟར་རིགས་པར་གྱུར་པ་ཡི། །དྲི་དང་མེ་ཏོག་སོགས་གཏོར་མ། །སོ་སོར་བཞེས་ཏེ་སེམས་


TNT06_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལ། །བྱམས་པའི་སེམས་དང་སློབ་མ་ལ། །གེགས་མེད་པར་ནི་མཛད་དུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་གསོལ་བ་བཏབ། རྡོ་རྗེ་སློབ་དཔོན་བདག་གིས་སེམས་ཅན་ཐམས་ཅད་གྱི་དོན་གྱི་ཕྱིར་ཞེས་པ་ནས། སོང་ཞིག ཅེས་པའི་བར་གོང་བཞིན་བརྗོད། སློབ་མས་མཆོད་ཡོན་གྱི་ལྷག་མ་འགྲོ་ཕྱོགས་སུ་སྒྲེང་སྟེ། ཨོཾ་ཧྲཱིཿབི་ཤུདྡྷའི་སྔགས་བརྗོད་ཅིང༌། གཏོར་མ་གཙང་སར་དོར། སློབ་དཔོན་གྱིས་མཚམས་རྔམ་བྱེད་ཅིང༌། གཞན་རྣམས་ཀྱིས་རོལ་མོའི་སྒྲ་བསྒྲགས། མཐར་སློབ་དཔོན་གྱིས་རྟིང་མནན་ནས་ནང་དུ་འོངས། དཀྱིལ་འཁོར་བསྐོར་བ་ལན་གསུམ་བྱས་ནས། ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་ལྟོ་སྤྲད་དེ་དྲལ་བ་སྒོ་དབྱེ་བའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཨུཏྒ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་པའི་སྔགས་ཀྱིས་ནུབ་ནས་ཤར་སྒོ་དབྱེ། དེ་བཞིན་དུ་བྱང་ནས་ལྷོ་སྒོ་དང༌། ཤར་ནས་ནུབ་སྒོ་དང༌། ལྷོ་ནས་བྱང་སྒོ་དབྱེ་བས་མོས། མེ་ཏོག་དོར། ཨོཾ་ས་མ་ཡ་པྲ་བེ་ཤ་ཡ་མི། ཞེས་པས་མེ་ཏོག་བླངས་ནས། སྤྱི་བོར་བཅིངས་པའི་གར་སྟབས་བྱ། སེམས་ཅན་ཀུན་ལ་དངོས་གྲུབ་ནི། །མ་ལུས་དང་བས་སྩལ་དུ་གསོལ། །ཞེས་གསོལ་བ་འདེབས་ཤིང༌། ཕྱག་བྱ། གསུམ་པ་ནི། དཀྱིལ་འཁོར་དུ་འཇུག་པ་དང༌། དབང་བསྐུར་བ་གཉིས་ལས། དང་པོ་ནི། མཎྜལ་ཕུལ། མཱ་མ་ཀཱི་དང་ལྷན་ཅིག་སྦྱོར། །སོགས་ཀྱིས་གསོལ་བ་བཏབ། ཨོཾ་ཙཀྵུ་བནྡྷ་ཝ་རཱ་མ་ན་ཡ་ཧཱུཾ་གིས་མིག་དར་བཅིང༌། ཨ་ཁཾ་ཝཱི་ར་ཧཱུཾ་གིས་མེ་ཏོག ཧྲཱིཿཥྚཱིཿའི་སྔགས་ཀྱིས་བསངས། རང་ཉིད་གཏི་མུག་གཤིན་རྗེ་གཤེད་དུ་གྱུར། སྙིང་གར་རྡོ་རྗེའི་ལྟེ་བར་ཧཱུཾ་ནག་པོ་དང༌། མགྲིན་པ་པདྨའི་ལྟེ་བར་ཨཱཿདམར་པོ་དང༌། སྤྱི་བོར་འཁོར་ལོའི་


TNT06_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་ཨོཾ་དཀར་པོ། དེ་རྣམས་ཀྱི་འོད་ཀྱིས་ལུས་གང༌། སླར་ཡང་ཧྲཱིཿཥྚཱིཿབཟླས། ལས་བུམ་གྱི་ཆུས་བསང་ངོ༌། །དེ་ནས། ཀྱེ་དགའ་བ་ལ་དགའ་ཁྱོད་སུ་ཡིན་ཞེས་དྲི་ཞིང༌། བདེ་ཆེན་བདག་ནི་སྐལ་བཟང་ལགས་ཞེས་ལན་བཏབ། རང་གི་སྙིང་གར་ཟླ་བ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏ་ཡ་མི། མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་གཏུགས་ལ། སུ་ར་ཏེ་ས་མ་ཡ་སྟྭ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་ལ་སྨྲ་བར་མི་བྱ་སྟེ། མ་དད་པ་ཡང་མི་བྱའོ། །དེ་ནས་ཨོཾ་ཡ་མནྟ་ཀྲྀཏ་ཧཱུཾ་ཞེས་པས་ཁྲིད་ནས། ཨཱཿཁཾ་བཱི་ར་ཧཱུཾ་ཞེས་ཡོལ་བའི་ནང་དུ་བཅུག དེ་ནས་དམ་ལ་བཞག་པ་ནི། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེ་བས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་དང༌། རྡོ་རྗེ་སྙིང་གར་བཞག་ལ། དེ་རིང་རྡོ་རྗེ་སེམས་དཔའ་རང༌། ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་དང༌། དུང་ཆོས་ཀྱི་ཆུ་བླུད་ཅིང༌། ཨོཾ་བཛྲ་ཨུ་ད་ཀ་ཐ། བདུན་བཟླས། འདི་


TNT06_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ཅེས་དང༌། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་བགོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས། དམྱལ་བར་གྱུར་ཏ་རེ། ཞེས་བརྗོད་དོ། །དེ་ནས་ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་དུ་གསོལ། ལན་གསུམ། རང་གི་སྤྱི་བོ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་ལ། ཧཿདཀར་པོ་སྐུ་རྡོ་རྗེའི་ངོ་བོ། སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེ་རྩེ་མོ་གསུམ་པས་མཚན་པ་ལ་ཧཱུཾ་ནག་པོ་ཐུགས་རྡོ་རྗེའི་ངོ་བོ། ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ་ལ་ཨཱཿདམར་པོ་གསུང་རྡོ་རྗེའི་ངོ་བོ། རྐང་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་གཡོ་བའི་བ་དན་ཀྱིས་མཚན་པ་ལ་ཛྷཻཿདམར་པོ་དྲག་ཅིང་བཟོད་པར་དཀའ་བ། རླུང་དང་ཛྷཻཿའི་འོད་ཟེར་གྱིས་ལྟེ་བའི་མེ་དྲག་ཏུ་སྦར། སྙིང་གའི་ས་བསྲེགས་ཏེ་རབ་ཏུ་འབར་བའི་ངོ་བོ་གྱུར་པ་ལ། སྤྱི་བོའི་ཆུའི་དཀྱིལ་འཁོར་ལས་བདུད་རྩིའི་ཚོགས་བབས་པས་ཚིམ་ཞིང་བདེ་བས་ཁྱབ། སྐུ་གསུང་ཐུགས་རྡོ་རྗེའི་ཡི་གེ་གསུམ་གྱི་འོད་ཟེར་གྱིས་ལུས་ཀྱི་ནང་གང་ཞིང༌། ཛྷཻཿཡི་འོད་ཟེར་རླུང་དང་བཅས་པས་ལུས་ནམ་མཁར་འདེགས་བཞིན་པར་གྱུར། སངས་རྒྱས་ཐམས་ཅད་གཤིན་རྗེ་གཤེད་དམར་


TNT06_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྣམ་པས་བ་སྤུའི་བུ་ག་ནས་ཞུགས། ཞེས་བརྗོད། རྡོ་རྗེ་བསོར་ལ་དྲིལ་བུ་དཀྲོལ། ཨོཾ་ཧྲཱིཿཥྚཱིཿབི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཨཱ་བེ་ཤ་ཡ་སྟཾ་བྷ་ཡ། ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ། ཧཱུཾ་ཧཱཿཨཱཿཛྷཻཿཧཱུཾ་ཕཊ། ཅེས་དྲག་ཏུ་བརྗོད་ཅིང༌། རོལ་མོའི་སྒྲ་བྱའོ། །མཐར་ཏིཥྛ་བཛྲ། ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག་པས་བརྟན་པར་བྱའོ། །དེ་ནས་བདེན་པའི་སྟོབས་བརྗོད་པ་ནི། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པ་བགྱི། །ལྷ་རྣམས་རིགས་ཀྱི་རིམ་པ་དང༌། །བསོད་ནམས་ཅི་འདྲ་དེ་འདྲར་ཤོག །དེ་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་དོར། ཨུ་དུམ་ཝ་ར་མནྡྷ་ར། །ཡོངས་འདུའི་ཤིང་དང་མ་ལི་ཀ ། ཀརྞི་ཀ་ཡི་འཕྲེང་བ་འདི། །ལེགས་པར་གནོས་ལ་བུས་ཟུངས་ཤིག །ཨོཾ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མཧཱ་པ་ལ། ཞེས་སྤྱི་བོར་བཞགསྙིང་གར་ཟླ་བ་ལ་ཧཱུཾ། མིག་གཉིས་སུ་འབར་བ་དང་བཅས་པའི་ཨོཾ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་མེད་པ། །ཐམས་ཅད་མིག་ནི་འབྱེད་པར་མཛད། །ཅེས་གདོང་གཡོགས་ཕྱེ། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། །དངོས་པོ་ཀུན་གྱིས་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པདྨ་རྩེ་རོལ་པས། །གསང་སྔགས་རྣམས་ལ་སྒྲུབ་པར་གྱིས། །


TNT06_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལྟ་བར་བསྐུལ། ཐལ་མོ་སྦྱར་ལ། ཨོཾ་རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང༌། །ཨོཾ་གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །ཧོཿཧོཿཧོཿ ཞེས་ཆེད་དུ་བརྗོད། གཉིས་པ་ལ། བཞི་པ་ལས། བུམ་པའི་དབང་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་པ་ནི་རིགས་ལྔའི་དབང་སྟེ། མཎྜལ་ཕུལ་ནས། སངས་རྒྱས་ཤེས་རབ་ཆེན་པོ་ཡིས། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། །དེ་བཞིན་བདག་ལ་དབང་བསྐུར་ཞིང༌། །མཆོག་ཀྱང་བདག་ལ་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། བུམ་ཆུ་རྣམས་རྣམ་རྒྱལ་བུམ་པར་བསྡུས་ལ། ལས་བུམ་གྱི་ཆུ་དང༌། ཧྲཱིཿཥྚཱིཿས་བསངས། ཨོཾ་སྭ་བྷཱ་ཝ་སོགས། བདག་དང༌། དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་མི་དམིགས་ཏེ་སྟོང་པའི་ངང་ལས། པཾ་ལས་པདྨ་དང་རཾ་ལས་ཉི་མའི་གདན་ལ། ཡ་ལས་དབྱུག་པ་ཡས་མཚན་པ་ལས། ཞེ་སྡང་གཤིན་རྗེ་གཤེད་སྐུ་མདོག་དམར་པོ་ལ། ཡུམ་རྡོ་རྗེ་རོ་ལངས་མས་འཁྱུད་པ། དབྱུག་པ་དང་ཐོད་ཁྲག་འཛིན་པ། སྟག་ལྤགས་དང་སྦྲུལ་གྱིས་བརྒྱན་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས། སངས་རྒྱས་ཐམས་ཅད་ཞེ་སྡང་གཤིན་རྗེ་གཤེད་ཀྱི་རྣམ་པར་བཛྲ་ས་མཱ་ཛཿ དམ་ཚིག་པ་རྣམས་དང་རོ་གཅིག་ཏུ་གྱུར། ཛཿཧཱུཾ་བཾ་ཧོཿ དབང་རྫས་ཀྱི་ཞེ་སྡང་གཤིན་རྗེ་གཤེད་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུར་གྱུར།


TNT06_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་འཁོར་དང་བཙུན་མོར་བཅས་པའི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ། སོ་སོའི་རིག་མ་དང་སྙོམས་པར་ཞུགས་པས་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ། བདག་གི་ཚངས་བུག་ནས་ཞུགས། རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་ལྷུང་བ། རྒྱལ་བ་རིགས་ལྔ་ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། རྡོ་རྗེ་མ་དྲུག ཁྲོ་བོའི་དབང་པོ། རྡོ་རྗེ་མཁའ་འགྲོ་མའི་ཚོགས་དང་བཅས་པ་དབང་གི་ལྷའི་དཀྱིལ་འཁོར་དུ་གྱུར་པ་མཁའ་ནང་ནས་ཕྱིར་སྤྲོས་ཏེ། སློབ་མའི་སྟེང་གི་ནམ་མཁའ་ལ་བཞུགས། དེ་བཞིན་གཤེགས་པ་སྲས་དང་བཅས་པས་དབང་བསྐུར་བའི་དགོངས་པ་མཛད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། རིག་པའི་ལྷ་མོ་རྣམས་ཀྱིས་གླུ་དང་གར་དང༌། མེ་ཏོག་གི་ཚོགས་ལ་སོགས་པས་མཆོད། རྡོ་རྗེ་ཙརྩི་ཀཱ་ལ་སོགས་པ་ཡུམ་བཞི་པོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་ཐོགས་ཏེ། བཀྲ་ཤིས་ཀྱི་གླུ་དབྱངས་དང་བཅས་པས་དབང་བསྐུར་བར་མོས་ཤིག བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེར་ཁྱོད་དབང་བསྐུར་མཆོག་


TNT06_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཀྲ་ཤིས་ཤོག །ཅེས་མེ་ཏོག་དོར། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་བྱུང་སྦྱིན་པར་བྱ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་མཾ། ཞེས་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་བཟུང་བའི་ཡལ་འདབ་ཀྱིས་བུམ་ཆུ་སྤྱི་བོར་གཏོར་ཞིང་འཐུང་དུ་བཅུག དེ་ལྟར་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུ་བརྒྱན། དེ་ཉིད་ལ་མཆོད་པ་འབུལ་བ་ནི། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས། ནེ་ཝི་ཏེ་ཨཱཿཧཱུཾ། དངོས་སུ་མཆོད་པ་ལྔས་མཆོད་པར་ཡང་བྱའོ། །དེ་ལྟར་ན་མི་བསྐྱོད་པ་ཆུའི་དབང༌། ཞེ་སྡང་དག རྣམ་ཤེས་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་གོ་འཕང་ཐོབ་འགྱུར་གྱི་ནུས་པ་བསོས་བཏབ། ཞེ་སྡང་གཤིན་རྗེ་གཤེད་ཀྱི་སྒོ་ནས་ལས་དང་དངོས་གྲུབ་ཐམས་ཅད་སྒྲུབ་པ་ལ་དབང་ངོ༌། །ཞེས་བརྗོད། འདི་མན་ཆད་ལ། དབང་ལྷ་སྤྱན་འདྲེན་པ་ནས་ཤིས་བརྗཽད་ཀྱི་བར་མི་དགོས། གཞན་སྟོང་པར་སྦྱངས་པ་ནས་རྟོགས་པ་བསྐྱེད་པའི་བར་རིགས་འགྲེ་བར་བྱས་ཏེ། འདོན་པ་སྤོ་བའི་ཚུལ་བརྗོད་ན། བདག་དང་དབང་རྫས་དབུ་རྒྱན། མ་ལས་དབྱུག་པ་མས་མཚན་པ་ལས། སེར་སྣ་གཤིན་རྗེ་གཤེད་སེར་པོ་ལ། ཡུལ་ཕག་མོ་སེར་མོས་འཁྱུད་པ། སེར་སྣ་གཤིན་རྗེ་གཤེད་ཀྱི་རྣམ་པར། སེར་སྣ་གཤིན་རྗེ་གཤེད་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་དབུ་རྒྱན་དུ་གྱུར། དབུ་རྒྱན་བཅིངས། དར་དཔྱངས་བཀོན་ལ། དབང་བསྐུར་རྡོ་རྗེ་ནས། ཨ་བྷི་ཥིཉྩ་མི། དབང་གི་ལྷ་ལས་དེ་བཞིན་གཤེགས་པ་རིགས་ལྔའི་ཚོགས་རྣམས་བྱུང༌། དབུ་རྒྱན་གྱི་ནང་དུ་ཞུགས་པར་གྱུར། བུམ་པའི་ཆུས་ཀྱང་གཏོར་ཏེ། ཨོཾ་བཛྲ་ཨ་བྷི་ཥིཉྩ་


TNT06_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མི། ཆུའི་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གྱི་དབུ་བརྒྱན། རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི། ང་རྒྱལ་དང་སེར་སྣ། ཚོར་བ། མཉམ་པ་ཉིད་ཀྱི་ཡེ་ཤེས། རིན་ཆེན་འབྱུང་ལྡན་གྱི་གོ་འཕང༌། ཞེས་སོ། །དེ་ནས་རྡོ་རྗེའི་དབང་ནི། དབང་རྫས་རྣམས་རྡོ་རྗེ། མེ་ལས་དབྱུག་པ་མེས་མཚན་པ་ལས། འདོད་ཆགས་གཤིན་རྗེ་གཤེད་དམར་པོ་ལ། ཡུམ་དབྱངས་ཅན་མ་དཀར་མོས་འཁྱུད་པ། དབང་རྫས་ཀྱི་འདོད་ཆགས་གཤིན་རྗེ་གཤེད། རྡོ་རྗེར། སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་སྒྲུབ་ཕྱིར་རྡོ་རྗེ་བཟུང༌། །རྡོ་རྗེ་སྙིང་ཁ་ལ་སོགས་པའི་གནས་གསུམ་དུ་གཏུགས་ལ། ལག་པ་གཡས་སུ་སྦྱིན། ཨོཾ་བཛྲ་སོགས་གོང་བཞིན་ཆུས་ཀྱང་དབང་བསྐུར་ཏེ། འོད་དཔག་མེད་ཀྱི་དབུ་བརྒྱན། འོད་དཔག་མེད་རྡོ་རྗེའི། འདོད་ཆགས། འདུ་ཤེས། སོ་སོར་རྟོག་པའི་ཡེ་ཤེས། འོད་དཔག་མེད་ཀྱི། འདོད་ཆགས་གཤིན་རྗེ་གཤེད་ཀྱི། ཞེས་སོ། །དྲིལ་བུའི་དབང་ལ། དབང་རྫས་དྲིལ་བུར་ད་ལས་དབྱུག་པ་དས་མཚན་པ་ལས། ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ་ལ་ཡུམ་གཽ་རི་ལྗང་མོས་འཁྱུད་པ། དབང་རྫས་ཀྱི་ཕྲག་དོག་གཤིན་རྗེ་གཤེད། དྲིལ་བུར། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། དྲིལ་བུ་ལག་པ་གཡོན་པར་གཏད། ཆུས་ཀྱང་དབང་བསྐུར། དོན་ཡོད་གྲུབ་པས་དབུ་བརྒྱན། དོན་ཡོད་གྲུབ་པ་དྲིལ་བུའི། ཕྲག་དོག འདུ་བྱེད། བྱ་བ་གྲུབ་པའི་ཡེ་ཤེས། དོན་གྲུབ་ཀྱི་ཕྲག་དོག་གཤིན་རྗེ་གཤེད་ཀྱི། ཞེས་སོ། །མིང་དབང་ནི། དབང་


TNT06_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་མེད་པའི་ཕྱིར་དབང་རྫས་དང་འབྲེལ་བའི་ཚིག་གང་ཡང་བརྗོད་མི་དགོས། བདག་ཉིད་དམ་སློབ་མ། ཀྵེ་ལས་དབྱུག་པ་ཀྵེས་མཚན་པ་ལས། གཏི་མུག་གཤིན་རྗེ་གཤེད་དཀར་པོ་ལ། ཡུམ་ཙརྩི་ཀཱ་ནག་མོས་འཁྱུད་པ་ཞེས་དང༌། རྡོར་དྲིལ་བསྣོལ་བ་ལག་པ་གཡས་པས་བཟུང་སྟེ། མགོ་སྟེང་དུ་འཁྲོལ་བཞིན་པས། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ན་མཿཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆྒཻེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་རིགས་དང་མཐུན་པའི་མིང་བཏགས། ཆུས་ཀྱང་དབང་བསྐུར། རྣམ་སྣང་གི་དབུ་བརྒྱན། རྣམ་པར་སྣང་མཛད་མིང་གི གཏི་མུག གཟུགས་ཕུང༌། རྣམ་པར་སྣང་མཛད་ཀྱི། གཏི་མུག་གཤིན་རྗེ་གཤེད་ཀྱི། ཞེས་སོ། །མཐར་འདི་སྐད་དུ། དབང་བསྐུར་བ་འདི་དག་གི་བྱ་བ་དང་སྤྱོད་པའི་རྒྱུད་བཤད་པ་དང༌། སྔགས་སྒྲུབ་པ་ལ་དབང་བར་འགྱུར་རོ། །གཉིས་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ནི། མཎྜལ་ཕུལ་ལ། གང་གི་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་གྱུར་པ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །སྙིང་རྗེའི་གཏེར་གྱི་བདག་ལ་སྩོལ། །ཞེས་གསོལ་བ་བཏབ། རིགས་ལྔའི་སྡོམ་བཟུང་ཡང་བྱ། དབང་སྟེགས་རིན་པོ་ཆེའི་ཁྲིའི་གདན་གྱི་སྟེང་དུ། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔའི་བདག་ཉིད་ཞེ་སྡང་གཤིན་རྗེ་གཤེད་སྐུ་མདོག་དམར་པོ་ཡུམ་རྡོ་རྗེ་རོ་ལངས་མ་དམར་མོས་འཁྱུད་པ་སོགས་གོང་བཞིན། ཧཱུཾ་ལས་བྱུང་བའི་རྡོ་རྗེ་བདུད་ཐམས་ཅད་འཇོམས་པར་བྱེད་པའི་རལ་གྲིར་བྱིན་གྱིས་བརླབས་པར་གྱུར། སངས་རྒྱས་ཀུན་གྱི་རལ་གྲི་ཆེ། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །ལས་ཀྱི་རལ་གྲི་མཆོག་ལྟ་བུ། །བདུད་ལས་རྒྱལ་བར་


TNT06_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཕྱིར་བཟུང༌། །ཞེས་གཏད་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་རྡོ་རྗེའི་དེ་ཁོ་ན་ཉིད་བརྗོད། ཨཿལས་བྱུང་བའི་དྲིལ་བུ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་གྱུར། ཤེས་རབ་ཐབས་ཀྱི་རང་བཞིན་ཉིད། །རྡོ་རྗེ་དྲིལ་བུ་རབ་སྒྲུབ་ཕྱིར། །བུ་ཡིས་ཡང་དག་གུས་པས་བཟུང༌། །ཁྱོད་ཀྱི་སློབ་མ་བསྡུ་བར་གྱིས། །ཞེས་གཏད་ནས། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་དྲིལ་བུའི་དེ་ཉིད་བརྗོད། རང་ཉིད་བཅོམ་ལྡན་འདས་གཤིན་རྗེ་གཤེད་རང་སྣང་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་རོ་ལངས་མ་ལོ་བཅུ་དྲུག་ལོན་པ་ལྟ་བུ་ལ་ཡང་དག་པར་འཁྱུད་པའི་བདེ་བ་དམ་པ་ཐོབ་པ་ནི། ལྷ་སྐུ་དང༌། བདེ་བ་དང༌། སྟོང་པ་ཟུང་དུ་འཇུག་པའི་ཡེ་ཤེས་འདི་ནི་བུམ་པའི་དབང་གི་གཙོ་བོའོ། །འཁྱུད་རྒྱ་བྱེད། ཡིད་ཀྱི་ལུས་བརྟན་དེ་ཉིད་ནི། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །ཞེས་བརྗོད་ལ་དོན་བཤད། དེ་ནས། དབང་བསྐུར་རྡོ་རྗེ་སོགས་སྔོན་བཞིན་ཆུ་དབང་བསྐུར་བ་ལས། ཁྱད་པར་ནི་རྣམ་རྒྱལ་ཆེན་པོ་དུང་ཆོས་ཀྱི་དབང་བསྐུར་བ་དང༌། སྔགས་ཀྱང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་སྭཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཱ་ཙརྱ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་དང༌། རྡོ་རྗེ་འཆང་ཆེན་པོས་དབུ་བརྒྱན། ནམ་


TNT06_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་བཞུགས་པའི་དབང་གི་ལྷ་ཐམས་ཅད་ཀྱང་རང་ཉིད་ལ་གཉིས་སུ་མེད་པར་ཐིམ། ཛཿཧཱུཾ་བཾ་ཧོཿ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་ཧཱུཾ་སྭཱཧཱ། ཞེས་མེ་ཏོག་གཏོར། རོལ་མོའི་སྒྲ་དང་བཅས་པའི་བཀྲ་ཤིས་བརྗོད། དེ་ནས་དེ་ཁོ་ན་ཉིད་བརྗོད་པར་བྱ་སྟེ། དཀྱིལ་འཁོར་གྲུ་བཞི་བདེན་པ་བཞི། །ཟུར་བཞི་ཚངས་པའི་གནས་བཞི་སྟེ། །སྒོ་བཞི་བདུད་བཞི་བསྐྲག་པར་མཛད། །རྟ་བབས་བཞི་ནི་བསྡུ་བ་བཞི། །ཞེས་དཀྱིལ་འཁོར་གྱི་དེ་ཉིད་དང༌། བཅོམ་ལྡན་འདས་ཀྱིས་རྩ་བར་མཛད། །ཞེ་སྡང་གཤིན་རྗེ་གཤེད་གཟུགས་སུ། །ཞེ་སྡང་གིས་མནན་འགྲོ་གཟིགས་ནས། །ཞེ་སྡང་ཐམས་ཅད་ཟད་པར་མཛད། །བཅོམ་ལྡན༴ གཏི་མུག་གཤིན་རྗེ༴ གཏི་མུག་གིས་མནན༴ གཏི་མུག་ཐམས་ཅད༴ བཅོམ་ལྡན༴ ཕྲ་མ་གཤིན་རྗེ༴ ཕྲ་མ་ཡིས་མནན་འགྲོ༴ ཕྲ་མ་ཐམས་ཅད༴ བཅོམ་ལྡན༴ འདོད་ཆགས་གཤིན་རྗེ༴ འདོད་ཆགས་ཀྱིས་མནན་འགྲོ༴ འདོད་ཆགས་ཐམས་ཅད༴ བཅོམ་ལྡན༴ ཕྲག་དོག་གཤིན་རྗེ༴ ཕྲག་དོག་གིས་མནན་འགྲོ༴ ཕྲག་དོག་ཐམས་ཅད་ཟད་པར་མཛད། །བྱམས་པ་ཙརྩི་ཀཱར་གསུངས་ཏེ། །ཕག་མོ་དེ་བཞིན་སྙིང་རྗེའོ། །དབྱངས་ཅན་དགའ་བར་ཤེས་བྱ་སྟེ། །བཏང་སྙོམས་གཽ་རཱིའི་གཟུགས་སུའོ། །ཆགས་སོགས་གཞན་འགྱུར་སྐུ་མདོག་དམར། །དུས་གསུམ་མཁྱེན་པས་སྤྱན་གསུམ་སྟེ། །མཐའ་གཉིས་རྟོག་སྤངས་ཕྱག་གཉིས་ཏེ། །ཐབས་དང་ཤེས་རབ་ཡང་དག་སྦྱོར། །ཞེས་སོ། །སློབ་དཔོན་གྱི་དེ་ཁོ་ན་ཉིད་བརྗོད་པ་ནི། སློབ་དཔོན་གྱི་ལས་བསྲུང་བའི་དམ་ཚིག་དང༌། བཟའ་བ་དང༌། གཏོར་མའི་ཆོ་ག་དང༌། བསྲུང་བ་དང༌། ཕྱིར་བཟློག་དང༌། དཀྱིལ་འཁོར་


TNT06_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་དང༌། སློབ་མ་འཇུག་པ་ལ་སོགས་པ་སློབ་དཔོན་གྱི་ལས་རྣམས་སྒྲུབས་ཤིག ཅེས་བརྗོད། དེ་རྗེས་སུ་མཐའ་རྟེན་ལ་རྗེས་གནང་དང༌། བརྟུལ་ཞུགས་དང༌། ལུང་བསྟན་པ་དང༌། གསང་བ་བསྒྲོགས་པ་དང༌། དབུགས་དབྱུང་བའོ། །དང་པོ་ནི། སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ། རྡོ་རྗེ། རིན་ཆེན། པདྨ། སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་དོ། །གཉིས་པ་ནི། རྡོ་རྗེ་སྟོང་པའི་ངང་ལས། ཧཱུཾ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་གི་ཤེས་རབ་མ་ལ་འཁྱུད་པ། དར་དང་རིན་པོ་ཆེས་བརྒྱན་པ། དེ་ཞུ་བ་ལས་བྱུང་བའི་དང་པོའི་རྡོ་རྗེར་གྱུར། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། ཁྱོད་ཀྱི་ཀྱང་ནི་རྟག་ཏུ་བཅིང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ་ཧ། གསུམ་པ་ནི། ཨོཾ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །འདིར་ནི་ངས་ཁྱོད་ལུང་བསྟན་བྱ། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་ཆྒཻ་མོ་རྡོ་རྗེ་ཞེས་བྱ་བའི་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ། བྷུར་བྷུ་ཝཿསྭཿ གང་འདི་དག་ལས་བྱུང་བའི་ཕྱག་རྒྱས་ལུང་སྟོན་པར་བྱེད་པ་དེ་ལ་དེ་བཞིན་གཤེགས་པ་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ།


TNT06_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ལས་བྱུང་བའི་ཕྱག་རྒྱའི་མཐུ་དང༌། སྔགས་འདིའི་སྟོབས་ཀྱིས་སོ། །ཞེས་དད་པར་བྱའོ། །བཞི་པ་ནི། འདོད་ཆགས་བྲལ་བ་ལྟ་བུའི་སྡིགཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། ཁྱོད་ཀྱིས་ནམ་ཡང་མི་བྱའོ། །ཨོཾ་མཧཱ་ས་མ་ཡ་དཱ་ནཾ་ཧཱུཾ་ཕཊ༌། ལྔ་པ་ནི། མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །དེ་རིང་ཁྱོད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཁྱེད་ལ་མེད། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །རྡོ་རྗེའི་ཕྱག་རྒྱ་གང་ཡིན་པ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །བྱང་ཆུབ་སེམས་ནི་སྤང་མི་བྱ། །དམ་པའི་ཆོས་ནི་སུན་མི་དབྱུང༌། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ཉིད་ངེས་པར་བསྟན་མི་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་དོར་བར་མི་བྱའོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་མི་གདུང་ཞིང༌། །ཅི་བདེ་བར་ནི་བདེ་བར་བཟུང༌། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །དེ་རིང་ཁྱོད་ཉིད་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་དགོངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། ཁྱོད་ཀྱི་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་


TNT06_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཅེས་བརྗོད། དེ་ལྟར་ན་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ཤིང༌། བུམ་པའི་དབང་བསྐུར་བས། ལུས་ཀྱི་དྲི་མ་དག བསྐྱེད་རིམ་དང་ཐུན་མོང་གི་དངོས་གྲུབ་ལས་ཚོགས་དང་བཅས་པ་སྒྲུབ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་མངོན་དུ་འགྱུར་པའི་རྟེན་འབྲེལ་ལེགས་པར་ཚོགས་པར་བྱའོ། །གཉིས་པ་ནི། ཕྱག་དང་མཎྜལ་ཕུལ་ལ། ཨེ་མ་ཧོ་སངས་རྒྱས་སློབ་དཔོན་ཆེ། །ཨེ་མ་ཧོ་ཆོས་དང་ཚོགས་ཀྱི་གཙོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ། གོང་གི་སྔགས་ཀྱིས་གདོང་གཡོགས་བཅིང༌། སློབ་དཔོན་བཅོམ་ལྡན་གཤིན་རྗེ་གཤེད་དང༌། ཡུམ་རྡོ་རྗེ་རོ་ལངས་མར་གྱུར། ཡུམ་གྱི་མཁའ་ནས། ཨཏྨ་ཀོ྅ཧཾ། རྗེས་ཆགས་སྙོམས་པར་ཞུགས་པའི་མཆོག་ཏུ་དགའ་བའི་སྒྲས། སངས་རྒྱས་སྲས་དང་བཙུན་མོར་བཅས་པའི་ཚོགས་རྣམས་སྤྱན་དྲངས། སྤྱི་བོ་ནས་ཞུགས། བྱང་ཆུབ་ཀྱི་སེམས་སུ་གྱུར་པ་དགའ་བ་བཞིའི་ཡེ་ཤེས་བརྟན་པར་བྱས་པའི་ཐིག་ལེ་ནོར་བུ་ལས། མཐོ་བོང་དང་མིང་མེད་ཀྱིས་བླངས་ཏེ། བྱིན་པར་མོས་ཤིག བཏུང་བ་རིན་ཆེན་དམ་པ་འདི། །རྡོ་རྗེའི་ལུས་ནི་རབ་སྒྲུབ་བྱེད། །བུ་ཁྱོད་དེ་ལྟར་ཤེས་ཀྱིས་ཀྱེ། །ཡིད་ལས་བྱུང་བའི་ཆུ་འཐུང་ཞིག །ཨོཾ་ཨཱཿཧཱུཾ། ཞེས་ཐོད་པ་དང་པོ་ནས་བདུད་རྩི་བྱིན། ཨ་ཧོ་མཧཱ་སུ་ཁཾ། ཞེས་རྗེས་ཟློས་བྱ། ཤེས་རབ་ཀྱི་མཁའ་ནང་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱང་ཁར་བབས་པར་མོས། ཞེས་བརྗོད་ལ། ཀ་པཱ་ལ་གཉིས་པ་ནས་བདུད་རྩི་སྦྱིན། དེ་ནས་འབྲུ་གསུམ་གྱིས་གདོང་གཡོགས་


TNT06_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲོལ་ལོ། །དེ་ལྟར་ན། བྷ་གའི་དཀྱིལ་འཁོར་དུ་ཞུགས་ཤིང༌། གསང་བའི་དབང་བསྐུར། ངག་གི་དྲི་མ་དག རྫོགས་རིམ་སྟེང་སྒོའི་རྣལ་འབྱོར་སྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་མངོན་དུ་འགྱུར་བའི་སོགས་གོང་བཞིན། གསུམ་པ་ནི། ཕྱག་དང་མཎྜལ་ཕུལ། ཇི་ལྟར་བླ་མེད་དཔའ་བོ་ཡིས། །མགོན་ལ་དབང་ནི་བསྐུར་བ་ལྟར། །བླ་མེད་བྱང་ཆུབ་གནས་བྱའི་ཕྱིར། །མགོན་པོས་བདག་ལ་དབང་བསྐུར་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ་ལ། གོང་བཞིན་མིག་དར་བཅིང༌། དེ་ནས། རིག་མ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དངོས་གྲུབ་ཀྱི་དོན་དང༌། ཁྱེད་རང་རྣམས་ལ་གཏད་པར་མོས་ཤིག གཟུང་མ་ཡིད་འོངས་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །རྡོ་རྗེ་རྗེས་ཆགས་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་ཕྱིར་ཁྱོད་ཀྱིས་རྟག་ཏུ་ནི། །འཁོར་བར་སྦྱོར་བྲལ་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དངོས་གྲུབ་མཆོག་ཀྱང་ཡོད་མ་ཡིན། །དེ་ནས། ལྷ་མོ་དེས་ཀྱང༌། དྲི་ཆེན་དྲི་ཆུ་བཟའ་བ་སྟེ། ཁྲག་དང་ཁུ་བ་དེ་བཞིན་ཤ། བུད་མེད་མཆོག་གུས་དེ་བཞིན་དུ། །བྷ་གའི་པདྨར་ཙུམྤ་ནི། །བུ་ཁྱོད་སྤྲོ་བ་ཡིན་ནམ་ཅི། །ཇི་ལྟར་བདེ་བར་བུ་སྨྲོས་ཤིག །ཅེས་དྲིས་པར་མོས་ལ། དྲི་ཆེན་དྲི་ཆུ་སོགས་བཟའ་བ། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །བུད་མེད་མཆོག་ཏུ་རྟག་གུས་བྱ། །བྷ་ག་ཉིད་ལ་ཙུམྤ་ནི། །ཞེས་ལན་བཏབ། དེ་ནས་དེས། ཨེ་མ་ང་ཡི་པདྨ་ནི། །བདེ་བ་ཐམས་ཅད་འབྱུང་བའི་གནས། །


TNT06_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཆོ་གས་བརྟེན་བྱེད་ན། །དེ་ཡིམདུན་ན་ང་གནས་ཏེ། །སངས་རྒྱས་མཉེས་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷཉྫ་མོ་ཀྵ་ཧོ། ཞེས་གསུང་བར་བསམ། དེ་ནས་དེ་ཁོ་ན་ཉིད་བསྟན་པ་ནི། རྣལ་འབྱོར་པ་ཡིས་བྱང་ཆུབ་སེམས། །ཇི་སྲིད་འབྱིན་པར་མི་བྱེད་པ། །དེ་སྲིད་ཐོབ་འགྱུར་རྒྱན་མི་འཆད། །དགའ་བ་ལས་སྐྱེས་བདེ་གཞན་ཅི། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །རྣམ་ཤེས་ཕུང་པོ་རྒྱལ་འགྱུར་བས། །མ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་དབྱིངས་རྡོ་རྗེའི་ཀུན་སྦྱོར་དང༌། །རེག་བྱས་ཀྱིས་ནི་རྨད་བྱུང་ཆེའི། །དགའ་བ་སྐྱེད་པར་བྱེད་པ་གང༌། །དེ་ནི་མཆོག་དགའ་བྱེད་པའོ། །དགའ་བྲལ་དག་གི་དབུས་སུ་ནི། །མཚོན་པ་ལྟོས་ལ་བརྟན་པར་གྱིས། །པདྨའི་ནམ་མཁའ་རྡོ་རྗེ་ཡི། །ལྟེ་བས་མནན་པའི་གནས་དག་ཏུ། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་གནས་བལྟ་བས། །ཡེ་ཤེས་སྐྱེ་བ་གང་ཡིན་ཏེ། །ཡེ་ཤེས་ངོ་བོ་ཞེས་བྱ་སྟེ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །གང་ཚེ་རྣལ་འབྱོར་ཡེ་ཤེས་མཐོང༌། །དེ་ལ་གནས་བྱ་འགྱུར་མི་བྱ། །ཐུན་ནམ་ཡང་ན་ཉིད་གཅིག་གམ། །ཟླ་ཕྱེད་ཟླ་བ་ལོ་དང་ནི། །བསྐལ་པའམ་བསྐལ་པ་སྟོང་དུ་ཡང༌། །ཡེ་ཤེས་མངོན་སྦྱོར་གྱིས་གནས་བྱ། །ཞེས་བརྗོད་ཅིང་དོན་བཤད། བདག་ཉིད་དང༌། རིག་མ་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། འཁོར་ལོའི་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ཡུམ་གྱི་མཁའ་ནས། ཨཏྨ་ཀོ྅ཧཾ། ལུགས་འབྱུང་


TNT06_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་བཟློག་གི་དགའ་བ་བཞིའི་རིམ་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དམ་པ་མངོན་དུ་བྱས། ཞེས་བརྗོད། འབྲུ་གསུམ་གྱིས་གདོང་གཡོགས་བཀྲོལ། དེ་ལྟར་ན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། ཤེས་རབ་ཡེ་ཤེས་ཀྱི་དབང༌། ཡིད་ཀྱི་དྲི་མ། རྫོགས་རིམ་ཕོ་ཉའི་ལམ་སྒོམ་པ་ལ། འབྲས་བུ་ཆོས་སྐུུ་སོགས། བཞི་པ་ནི། ཕྱག་དང་མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེ་སོགས་ཀྱིས་གསོལ་བ་བཏབ། དེ་ནས་འདི་སྐད་ཅེས། དབང་བཞི་པའི་དོན་ནི། རྒྱུད་ཀྱི་རྒྱལ་པོ་ལས། བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །དངོས་པོ་མེད་ཅིང་སྒོམ་པ་མེད། ཁམས་མེད་རྣམ་པར་ཤེས་པ་མེད། །ནམ་མཁའ་དང་ནི་མཉམ་ཉིད་གནས། །ནམ་མཁའ་ལྟ་བུར་བདག་མེད་པས། །ཆོས་འདི་བདེ་བ་ཆེན་པོའོ། །ཞེས་གསུངས་ཤིང༌། དེ་ཉིད་བསྒོམ་པའི་ཚུལ་ནི། རྣལ་འབྱོར་དབང་ཕྱུག་བིརྺ་པས། འདི་ཉིད་གསལ་ཞིང་སྟོང་པ་དང༌། །རིག་པ་དེ་ཉིད་མ་འགགས་པ། །རང་རིག་ཡེ་ཤེས་སྐད་ཅིག་མ། །འདི་ནི་ཐོག་མ་དབུས་ཐ་མེད། །ཞེས་གསུངས་སོ། །དེ་ལྟར་ན། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། བཞི་པའི་དབང༌། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག ཤིན་ཏུ་སྤྲོས་པ་མེད་པའི་རྣལ་འབྱོར་བསྒོམ། འབྲས་བུ་ངོ་བོ་ཉིད་སྐུ་སོགས། དེ་ནས་དམ་ཚིག་བརྗོད་ཅིང༌། གཟེངས་བསྟོད་པ་ནི། མཆོག་ཏུ་གསང་བ་དམ་པ་ནས། འཆི་བ་ཁྱེད་ལ་མེད། །སྲིད་པ་ཤིན་ཏུ་ཞི་བྱའི་ཕྱིར། །སྲིད་པའི་ངན་འགྲོ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟན་ལ་མཆོག་ཏུ་ཡང་དག་འགྱུར། །དངོས་གྲུབ་དམ་ཚིག་སྡོམ་པ་འདི། ཁྱོད་ཀྱིས་རྟག་ཏུ་བསྲུང་བྱ་སྟེ། །སངས་རྒྱས་


TNT06_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་མཐུན་པར་གསུང༌། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །དེ་བཞིན་ཁྲོས་ནས་སྤུན་རྣམས་ལ། །ཉེས་པ་བརྗོད་པར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་ངེས་པར་བཏང་མི་བྱ། །བྱང་ཆུབ་སེམས་ནི་དོར་མི་བྱ། །རང་གཞན་ཆོས་ལ་མི་སྨད་དོ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་ཉིད་ནི་བསྟན་མི་བྱ། །བདག་ཉིད་ཕུང་པོ་སྨད་མི་བྱ། །ཆོས་རྣམས་ངོ་བོ་སུམ་མི་དབྱུང༌། །གདུག་ལ་བྱམས་པ་རྟག་ཏུ་སྤངས། །ཆོས་ཉིད་ཚད་བཟུང་མི་བྱའོ། །དད་ལྡན་སེམས་ཅན་བསླུ་མི་བྱ། །རྟག་ཏུ་དམ་ཚིག་རྟེན་པར་བྱ། །ཤེས་རབ་རང་བཞིན་བུད་མེད་ལ། །སྐྱོན་གྱི་ཉེས་པ་མི་བརྗོད་དོ། །རྣལ་འབྱོར་སློང་མོས་མི་རྒྱུ་ཞིང༌། །རྣལ་འབྱོར་སྤང་བར་མི་བྱ་སྟེ། །རྟག་པར་རྒྱུན་དུ་གསང་སྔགས་བཟླས། །རྟག་ཏུ་དམ་ཚིག་ལ་སོགས་བརྟེན། །གལ་ཏེ་བླ་མ་སྨོད་དེ་བཞིན། །དམ་ཚིག་བག་མེད་གྱུར་པ་ན། །དེ་ཚེ་དཀྱིལ་འཁོར་དེས་བྲིས་ལ། །བདེ་གཤེགས་རྣམས་ལ་སྡིག་པ་བཤགས། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །གང་ཕྱིར་འདི་ལ་ལེགས་པར་གནས། །དམ་ཚིག་ལྷ་རྣམས་དང་མཉམ་པར། །གནས་པར་འགྱུར་བ་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་ཅན་བཅས་པ། །ཀུན་གྱིས་ཚེ་ལྡན་དེ་དབང་བསྐུར། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་བསྟན་པ་ཡིན། །དེ་རིང་བདུད་ལས་རྣམ་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་རབ་བཞུགས་སོ། །དེ་རིང་ཁྱོད་ཉིད་སངས་རྒྱས་ཉིད། །ཐོབ་པར་འདི་ལ་ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་


TNT06_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་གྱིས། །རང་གི་དམ་ཚིག་མི་བཟད་བདེ་སྟེར་རྟེན་པར་གྱིས། །དེ་རིང་འགྲོ་བ་བདེ་མྱུར་རྡོ་རྗེ་སེམས་དཔའ་དང༌། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་བརྟེན་པར་འགྱུར། །ཞེས་བརྗོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་ལན་གསུམ་བྱ། གཏང་རག་གི་དོན་དུ་མཎྜལ་འབུལ། དེང་ནས་བརྩམས་ཏེ་སོགས་དང༌། དགེ་བ་བྱང་ཆུབ་ཏུ་བསྔོ། དེ་ནས་བདེན་སྟོབས་བརྗོད་པ་ནི། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་བཞིན་དེ་ཉིད་ངེས་པར་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །ལན་གསུམ་བརྗོད་དོ། །སློབ་མ་སྟ་གོན་དང་སློབ་མ་ལ་དབང་བསྐུར་བའི་བྱ་བ་ནི་དབང་ཆོག་འཁྲུལ་བའི་དྲི་བྲལ་དུ་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། མཆོད་པ་རྣམས་ཁ་གསོས། གོང་བཞིན་བྱིན་གྱིས་བརླབས། ཨོཾ་ཧྲཱིཿཥྚཱིཿནས། ཧ། སོགས་ཀྱིས་ཕྱི་མཆོད་དང༌། གོང་བཞིན་ནང་མཆོད་དང༌། ཨ་ཡེ་ཀྱེ་ཀྱེ་སོགས་ཀྱིས་བསྟོད་ཅིང༌། སྣ་ཚོགས་པའི་རོལ་མོའི་སྒྲ་བྱའོ། །བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ཀྱིས། བདག་དང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བར་མཛད་དུ་གསོལ། བདག་ལ་ཞི་བ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་དང༌། འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། སེམས་ཅན་རྣམས་བདེ་སྐྱིད་འཕེལ་བར་མཛད་དུ་གསོལ། ཞེས་འདོད་


TNT06_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཞུ། ཡིག་བརྒྱ་མང་དུ་བཟླས་པའི་མཐར། མ་འབྱོར་པ་དང་སོགས་ཀྱིས་བཟོད་པ་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་ལན་གསུམ་གྱི་མཐར་ཨོཾ་བཛྲ་མུཿ ཞེས་ཡེ་ཤེས་པ་རྣམས་གཤེགས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་རང་ལ་ཐིམ། ལྷའི་ང་རྒྱལ་དང༌། སྟོང་ཉིད་ལྟ་བ་བརྟན་པོས། ཨཱ་ཀ་རོའི་སྔགས་དང༌། ཆོས་ཐམས་ཅད་ནི་སྐྱེ་བ་མེད་པའོ། །ཞེས་བརྗོད་ཅིང༌། རྡོ་རྗེའི་རྩེ་མོས་ཤར་སྒོ་ནས་བརྩམས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་དབྱེའོ། །མཐར་ལས་རྗེས་མི་མངོན་པ་བྱུང་ཞིང༌། ཕུར་བུ་དངོས་སུ་བཏབ་ཚེ། སྐམ་པའི་ཕྱག་རྒྱས། ཨོཾ་བཛྲཱ་ཀཱི་ལོ་ཏ་ཀཱི་ལ་ཡ། སརྦ་བིགྷྣཱན་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོཿ ཞེས་ཕྱུང༌། རུ་རུ་སྤུ་རུ་སོགས་ཀྱིས་ཤུལ་འོ་མས་བགང༌། ཡིད་ཀྱིས་བཏབ་པ་ལ་མི་དགོས་སོ། །རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པ་ནི་གཞན་དུ་ཤེས་པར་བྱའོ། །སྒྲུབ་མཆོད་ཞག་སྦྲེལ་དང༌། རས་བྲིས་ཀྱི་བྱ་བ་ནི་སྤྱི་དང་འདྲའོ། །དེ་ནས་སྨོན་ལམ་དང་བཀྲ་ཤིས་རྒྱ་ཆེར་བྱའོ། །བདུད་བཞི་མཐར་བྱེད་འཇམ་དཔལ་དཔའ་པོ་ཡི། །དཀྱིལ་འཁོར་ཆོ་ག་བྲིས་པའི་དགེ་བ་ཡིས། །འགྲོ་ཀུན་ལྷན་ཅིག་སྐྱེས་པའི་དངོས་པོ་ནི། །ཟུང་འཇུག་སྙིང་པོའི་གནས་ལ་རེག་པ་ཤོག །ཅེས་པའང་དོན་གཉེར་ཅན་མང་པོས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སུམ་ཅུ་སོ་བཞི་སོན་པ་ན། དཔལ་ཇོ་མོ་ནང་གི་རི་ཁྲོད་དུ་སྦྱར་བའོ།། །།པར་ཡིག་འདི་ནི་ཀུན་དགའ་ལེགས་པས་བྲིས། །འདི་བྲིས་དགེ་བས་འགྲོ་རྣམས་མ་ལུས་པ། །མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་པ་དང༌། །རྒྱལ་བའི་སྟན་པ་ཡུན་རིང་གནས་པར་ཤོག །བཀྲ་ཤིས།


TNT06_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

གཤེད་དམར་རྣལ་འབྱོར་བཞི་རིམ་གྱི་ཁྲིད་ཡིག་མཆོག་ཏུ་གསང་བ་བཞུགས།


TNT06_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་དམར་རྣལ་འབྱོར་བཞི་རིམ་གྱི་ཁྲིད་ཡིག་མཆོག་ཏུ་གསང་བ་བཞུགས།


TNT06_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཝེ། ཆོས་དབྱིངས་ཡེ་ཤེས་ཞེ་སྡང་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །གཟུགས་ཕུང་རྣམ་དག་གཏི་མུག་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཕྲ་མ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །འདོད་ཆགས་རྣམ་དག་འདོད་ཆགས་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དབང་ཤེས་ལྔ་གནས་གྱུར་ཕྲག་དོག་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས་འདི་བཤད་པར་བྱའོ། །འདིར་སློབ་དཔོན་དཔལ་འཛིན་གྱི་བཞེད་པ་རྫོགས་རིམ་རྣལ་འབྱོར་བཞི་རིམ་སྒོམ་པའི་ཚུལ་ནི། སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ལ་བསགས་སྦྱང་གཉིས་ནི། ཤིན་ཏུ་སྤྲོས་མེད་ཀྱི་འཁྲིད་ཡིག་ཁོ་བོས་སྦྱར་བར་ཤེས་པར་བྱའོ། །སློབ་དཔོན་དཔལ་འཛིན་གྱི་བཞེད་པས་རྟོགས་པའི་ལྟ་བ་ལ། བསྐྱེད་རིམ་ཀྱི་སྐབས་སུ་དཔྱད་པ་སྔོན་སོང་ཡང་བཤད་ལ། རྫོགས་རིམ་གྱི་ལྟ་བ་ནི་ནག་པོ་ལེའུ་ཐ་མའི་འགྲེལ་པར་དཔའ་བོ་ས་ར་ཧའི་དོ་ཧའི་


TNT06_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་དྲངས་ཤིང་དེ་དང་མཐུན་པར་བཤད་པ་ལྟར་ཡིན་པས་རྒྱས་པར་དོ་ཧ་མཛོད་དུ་རྟོགས་པར་བྱ་དགོས་ལ། སློབ་དཔོན་ཆེན་པོ་ཡེ་ཤེས་ཞབས་ཀྱི་བཞེད་པའང་དེ་ལྟར་ཡིན་ནོ། །རིམ་པ་གཉིས་ལ་སྟོང་ཉིད་སྒོམ་ཐབས་མི་འདྲ་བའི་ཚུལ་དངོས་གཞི་ལ། དབྱིབས་ཀྱི་རྣལ་འབྱོར་ནི་རྣལ་འབྱོར་དང་པོ། སྔགས་ཀྱི་རྣལ་འབྱོར་ནི་རྗེས་སུ་རྣལ་འབྱོར། བྱིན་རླབས་ཀྱི་རྣལ་འབྱོར་ནི་ཤིན་ཏུ་རྣལ་འབྱོར། ཡེ་ཤེས་ཀྱི་རྣལ་འབྱོར་ནི་རྣལ་འབྱོར་ཆེན་པོ་སྟེ་བཞི་ཡོད་པ་ལས། དང་པོ་ལ་གསུམ་སྟེ། བདག་བྱིན་གྱིས་བརླབ་པའི་རིམ་པ་དང༌། སྣང་བ་བྱིན་གྱིས་བརླབ་པའི་རིམ་པ་དང༌། ཟུང་འཇུག་བྱིན་གྱིས་བརླབ་པའི་རིམ་པའོ། །དང་པོ་ནི། གང་ཟག་དབང་པོ་འབྲིང་གིས་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་བསྒོམས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་ཉིད་ལ་སེམས་འཛིན་པའམ། གང་ཟག་དང་པོ་རབ་དང་ཐ་མས་ནི་ལྷན་སྐྱེས་འབའ་ཞིག་ལ་


TNT06_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འཛིན་ཏེ། དཀྱིལ་འཁོར་རྫོགས་པར་བསྒོམས་ཡོད་ནའང་མཐར་རྩ་བའི་གཅིག་པུ་ལ་བསྡུ། དེ་ནས་འདི་ལྟར་བདག་ཉིད་སྐད་ཅིག་ཙམ་གྱིས་གཤིན་རྗེ་གཤེད་དམར་པོའི་སྐུ་གདན་དང་བཅས་པ་མེ་རིའི་བར་དུ་གསལ་བར་བསྐྱེད་དེ། དེ་ཉིད་ལ་ཡུད་ཙམ་སེམས་གཏད། དེ་ནས་འཕྲོ་བཅད་ལ། ཡང་སྔར་བཞིན་བསྒོམ། དེ་ལྟར་ཡང་ནས་ཡང་དུ་སྐྱར་གྱིན་གསལ་བཏབ། དམིགས་སྐོར་གཅིག དེ་ལ་ཅུང་ཟད་སེམས་ཟིན་ནས་སྐུ་དེ་ཡང་ཤ་ཁྲག་གདོས་བཅས་མེད་པར། ཁ་དོག་གསལ་ཞིང་འཚེར་བ། འཇའ་ཚོན་ལྟར་ཡལ་ཡལ་བ། མེ་དཔུང་ལྟར་འོད་དུ་གསལ་གསལ་བ་བསྒོམ། དམིགས་སྐོར་གཉིས། དེ་ལ་ཅུང་ཟད་སེམས་ཟིན་ནས། འདི་ནི་ཐ་མལ་གཟུང་འཛིན་གྱི་སྣང་བ་མ་ཡིན་གྱི། རྫོགས་པའི་སངས་རྒྱས་གཤིན་རྗེ་གཤེད་ཀྱི་ངོ་བོ་རང་སེམས་གདོད་ནས་རྣམ་པར་དག་པའི་རང་བཞིན་ནོ། །ཞེས་ང་རྒྱལ་བརྟན་པོ་ཡང་ཡང་བསྐྱེད། དམིགས་སྐོོར་གསུམ་མོ། །གཉིས་པ་ནི། རང་ཉིད་བདག་བྱིན་གྱིས་བརླབ་པའི་རིམ་པ་ལ་གནས་པས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྣང་བ་ཐམས་ཅད་ལ་ཕོག་པས། སྣོད་བཅུད་ཐམས་ཅད་གདོད་མ་ནས་དཀྱིལ་འཁོར་གྱི་འཁོར་ལོར་གནས་པ་ལ་ད་ལྟའི་སྣང་བའི་སྒྲིབ་གཡོགས་འདི་སངས་ཤིང་དག་སྟེ། སྟོང་པའི་ངང་ལས་སྐད་ཅིག་ཙམ་གྱི་སྣོད་ཐམས་ཅད་གཞལ་ཡས་ཁང་དྭངས་ཤིང་ཐོགས་པ་མེད་པ་དང༌། བཅུད་ཐམས་ཅད་གཤིན་རྗེ་གཤེད་ཀྱི་སྐུར་གསལ་བཏབ། དེ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་ངོ་བོ་ཡིན་སྙམ་མོས་པ་དྲག་ཏུ་བྱ། དམིགས་སྐོོར་བཞི་པའོ། །གསུམ་པ་ནི། སྟོང་པའི་ངང་ལས་སྐད་ཅིག་ཙམ་གྱིས་བདག་དང་སྣང་བ་ཐམས་ཅད་ལྷ་སྐུར་ལམ་མེ་གསལ་བ་ལ་སེམས་གཏད། དེ་ལ་དེར་འཛིན་


TNT06_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་མཉམ་པར་བཞག དེ་ནས་འདི་རྣམས་ཀྱང་སྣང་ལ་རང་བཞིན་མེད་པར་སྒྱུ་མ་ལྟ་བུའོ། །ཞེས་བདེན་མེད་ཀྱི་འདུན་པ་དྲག་ཏུ་སྦྱངས། ཡང་དེ་ཁའི་ངང་ལ་ཆམ་མེ་མཉམ་པར་བཞག དམིགས་སྐོར་ལྔ་པའོ། །གཉིས་པ་སྔགས་ཀྱི་རིམ་པ་ལ། དངོས་དང་ཡན་ལག་གཉིས། དང་པོ་ལ་སྦྱོར་དངོས་རྗེས་གསུམ། དང་པོ་ལ་རླུང་སྦྱོར་བཞི་སྟེ། དང་པོ་བྱཱ་གྷྲ་ནི། སྐྱིལ་ཀྲུང་དང༌། ལག་པ་མཉམ་བཞག་བྱས་ལ། ཧ་ཞེས་རླུང་ཁ་ནས་དལ་བུས་ཕྱིར་བསལ་བ་ལན་གསུམ་བྱས་ལ། རྫོགས་པ་དང་ཕྱིར་མནན། ཡང་དལ་བུས་ནང་དུ་འདྲེན། རྔུབ་པ་རྫོགས་པ་དང༌། རྐང་པའི་པུས་མོ་གཉིས་དང་ལག་པ་ཁུ་ཚུར་གཉིས་ས་ལ་བཙུགས་ཏེ་ལུས་སྒུར་བའི་ངང་ནས་གྲེ་བའི་སྦུབས་ནས་བརྒྱུད་དེ་སྣ་ནས་ཧཱུཾ་ཞེས་སྒྲ་དང་བཅས་ཏེ་རླུང་བུས་ཤིང༌། སླར་ལུས་གནད་དཀྱུས་དང་མཐུན་པར་བཅས་ནས་རླུང་ནང་དུ་དྲངས་ཤིང་ཐུབ་ཚད་དུ་བཟུང་བའོ། །འདི་ལ་དམིགས་པ་དབུ་མ་ཁོ་ན་གསལ་བཏབ། དེའི་ནང་དུ་བཾ་དམར་པོ་དང་ཨ་དཀར་པོ་ཡར་འགྲོ་མར་འགྲོ་བྱེད་ཅིང་སྟེང་འོག་ཏུ་དབུ་མ་ཕུ་རྡུགས་ཀྱི་སྣེ་ལ་ཐུག་ཐུག་པ་དང་མཐར་དེ་གཉིས་འདྲེས་པའི་ཐིག་ལེ་ལ་སེམས་འཛིན་སྐད་དོ། །གཉིས་པ་བཱ་རཱ་ཧ་ནི། སྐྱིལ་ཀྲུང་གི་པུས་མོ་གཉིས་ལ་ལག་མཐིལ་གཉིས་བཀབ། ཐོག་མར་རླུང་ཅུང་ཟད་བཟུང་ལ། རླུང་ཕྱིར་གཏོར་བ་དང་ལྷན་ཅིག་སྔར་གྱི་ལུས་གནད་དེ་ཁའི་སྟེང་ནས། བར་ལྷུ་མཆན་ཁུང་དང་རྩིབ་ལོགས་ལ་བརྡེག་པ་དང༌། སྣ་ནས་ཕག་གི་སྐད་ལྟ་བུ། དབུགས་ཐེངས་རེ་ལན་མང་དུ་འདོན་པའོ། །འདི་ལ་ཡང་དམིགས་པ་རང་ལུས་ལྷ་སྐུ་རྩ་གསུམ་ལྟེ་བའི་ཨ་ལས་མེ་འབར། སྤྱི་བོའི་ཧཾ་ཞུ་བས་དབུ་མ་གང་བ་ལ་སེམས་གཏོད་ཅེས་


TNT06_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གླང་གསར་མའི་ངོ་སྤྲོད་ཟུར་འདེབས་ལས་བཤད། གསུམ་པ་མུ་ས་ལ་ནི། ལུས་གནད་དེ་དང་འདྲ་བ་ལ་སྟེང་རླུང་རྫོགས་པར་བརྔུབས་ཤིང་དྲག་ཏུ་བཟུང༌། རྒྱུ་ཞབས་ཀྱི་ཐད་ལ་དྲག་ཏུ་སྡིགས། ལྟོ་བ་དང་ལུས་གཡས་བཅུ་གཡོན་བཅུ། ལྟེ་འོག་གི་ཕྱོགས་བཞིར་ལག་ལེན་བཞིན་བརྡེག་གོ །འདི་ལ་ཡང་དམིགས་པ་ནི་སུམ་མདོར་མེའི་དཀྱིལ་འཁོར་ལ་རཾ་དམར་པོ། ལྟེ་བའི་དབུས་དང་རྩ་འདབ་བརྒྱད་ལ། ཡ་ཀྵེ་མ་མེ་ད་ཛ་ས་དོ་རུ། སྙིང་གའི་དབུས་དང་འདབ་བརྒྱད་ལ་ཧཱུཾ་ཡཙྩ་ནི་ར། ཎ་ཡོ་ན་རཱི། སྤྱི་བོའི་དབུས་དང་འདབ་མ་བཞི་ལ་ཧཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་རྣམས་སོ། །དབུ་མ་སྔོན་པོ་ཁོང་སྟོང༌། རོ་མ་རཀྟ་དང་རྐྱང་མ་ཐིག་ལེས་གང་བ་བསྒོམས་ནས་འབར་འཛག་གི་དམིགས་པ་སྤྱི་དང་མཐུན་པར་བྱེད་དོ། །ཞེས་འཆད་དོ། །བཞི་པ་ཨ་ཏྲའི་སྦྱོར་བ་ནི། རྐང་པ་གཡོན་པའི་རྟིང་པ་བཤང་ལམ་དུ་རེག་ཙམ་གྱིས་རྒྱབ་མདུན་བར་གྱི་འཕང་རྩ་སྡེམ། གཡས་པ་དེའི་མདུན་དུ་བཞག་གསུང་སྟེ། དེ་གོ་ཟློག་ལའང་སྦྱར། ལག་པ་གཉིས་ཀྱིས་བོལ་གོང་གཉིས་ལ་འཇུས། སྟོད་ཅུང་ཟད་སྒུར་ཞིང༌། {ེད་པ་ལྟོང་གི་བྱ། རླུང་རོ་བསལ་སྟེ། ཐོག་མར་སྣ་བུག་གཡས་ནས་རླུང་དྲག་ཏུ་རྔུབས་དེ་ནས་གཡོན་ནས་རྔུབས། གཉིས་ཀར་ནས་དུས་གཅིག་ཏུ་ཡང་རྔུབས་ཏེ། ཡང་དེ་གོ་ཟློག་པའང་བྱེད། དལ་བུས་གཡས་སུ་བསྐོར་ཞིང་གཡས་སུ་དྲག་ཏུ་སྡིག རོ་མའི་རླུང་རྣམས་དབུ་མར་སིབ་སིབ་འགྲོ་བར་བསམ། གཡོན་དུ་བསྐོར་ཞིང་གཡོན་དུ་དྲག་ཏུ་སྡིག རྐྱང་མའི་རླུང་རྣམས་དབུ་མར་སིབ་སིབ་འགྲོ་བར་བསམ། དེ་བཞིན་དུ་དབུས་སུ་གཡས་སྐོར་དུ་བསྐོར་ཏེ་མདུན་དུ་སྡིག ཡང་དབུས་སུ་གཡོན་སྐོར་དུ་བསྐོར་ཏེ་རྒྱབ་ཏུ་སྡིག དེ་ལྟ་བུ་ལན་མང་དུ་བྱ་སྟེ། རླུང་ཐུབ་ཚད་དུ་དྲག་


TNT06_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟུང་ངོ༌། །འདི་ལ་ཡང་དམིགས་པ་སྙིང་གའི་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་ལས་དམིགས། ལུས་དང་ཐིག་ལེ་ཇེ་ཆེ་ཇེ་ཆུང་བྱེད་པ་ལ་སེམས་གཏོད་པ་ཡིན་ཞེས་འཆད་དོ། །དེ་ལྟར་རླུང་སྦྱོར་བཞི་པོའི་དམིགས་པ་དེ་རྣམས་རྩ་བའི་ཁྲིད་ཡིག་ན་མེད། ལམ་གྱི་རྐང་ལ་ངེས་པར་དགོས་པ་རང་མིན་ཡང་བོགས་འདོན་དུ་འགྱུར་བ་དང༌། མན་ངག་ཏུ་འདོད་པས་སྐབས་རེ་བསྒོམ་པར་བྱའོ། །རྒྱུན་གྱི་རྐང་ལ་མི་རྟོག་པ་ཉིད་བསྔགས་སོ། །དེ་ལྟར་བཞི་པོ་དེ་དག་དང་པོར་དལ་བའི་སྒོ་ནས་ཡང་ཡང་བསྐྱར་གྱིན་བྱ། ཅུང་ཟད་གོམས་ནས་ཤུགས་བསྐྱེད་དེ། གཅིག་རྟིང་ལ་གཅིག་བར་མ་ཆད་པ་འབད་རྩོལ་དྲག་པོས་རྟག་ཏུ་བྱ་སྟེ། ཉི་མ་གཅིག་ལ་དེ་ཉིད་ཚར་བཞི་བརྒྱ་ཙམ་སོང་ན། རབ་ཟླ་བ་ཕྱེད། འབྲིང་ཟླ་གཅིག ཐ་མ་ཟླ་བ་ཕྱེད་དང་གཉིས་ཀྱིས་རྩ་རླུང་རྣམས་ལེགས་པར་བྱང་བར་འགྱུར་རོ། །གཉིས་པ་དངོས་གཞི་ནི། འགའ་ཞིག་རླུང་ཐེངས་གཅིག་ལ་སྦྱོར་བ་བཞི་ཅར་ཚང་བར་བཞེད་པ་དང༌། ཁ་ཅིག་སོ་སོར་བཞེས་པ་སོགས། ལུགས་མི་གཅིག་ཙམ་འགའ་རེ་འདུག་ནའང༌། རླུང་ཐེངས་གཅིག་ལ་བཞི་ཅར་ཚང་བར་བྱེད་པ་དགོངས་པ་སྣང་སྟེ། ལུས་གནད་སྔ་མ་ལྟར་བཅས་ལ། བླ་མའི་རྣལ་འབྱོར་སོགས་སྔོན་དུ་འགྲོ་བས་ལྟ་སྟངས་སྨིན་མཚམས་སུ་གཏད། རང་ལུས་གཤིན་རྗེ་གཤེད་ཀྱི་སྐུ་དར་དམར་གྱི་རྐྱལ་བ་ལྟ་བུ་སྟོང་སང་ངེ་བ་ལ་སེམས་གཏད་དེ། རླུང་རྣམས་འོད་ཟེར་གྱི་རྣམ་པས་ཕྱིར་འགྲོ་བར་མོས་པས་རླུང་རོ་ལན་གསུམ་བསལ། དེ་ནས་འོད་ཀྱི་རྣམ་པས་ལུས་གང་བར་མོས་པ་དང༌། ནང་དུ་ཆུད་ཚད་དུ་རིང་དུ་རྔུབ་པ་ནི་དགང་བ། བརྔུབས་ཟིན་པ་ན་མི་རྟོག་པའི་ངང་ལ་ཅུང་ཟད་སྒྲིམ་པའི་ངོས་ནས་ལྟེ་བར་གནོན་པ་དང་མཆིལ་མ་ཅུང་ཟད་ཅིག་སྒྲ་མེད་དུ་མིད་པ་ནི་དགུག་པ། དེ་ཉིད་ལ་ཐུབ་ཚད་དུ་བཟུང་ཞིང་མི་ཐུབ་


TNT06_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྙམ་པའི་ཟུག་རྔུ་བྱུང་བའི་ཚེ། ཡང་རྔུབ་ཆུང་བྱེད་ཅིང་གནོན་པ་ནི་ཞི་བ། དེ་ནས་དལ་བུས་རླུང་ཕྱིར་བསལ་ཏེ། ལྟ་སྟངས་གཙུག་ཏོར་གྱི་ཐད་ཀར་བལྟ་ཞིང༌། སེམས་རང་བབས་སུ་ལྷོད་ཀྱི་ཀློད་ནས་འཇོག་པ་ནི། རེངས་པ་སྟེ་འདི་ལ་རླུང་ཕྱིར་འཇོག་པ་ཡུན་ཇེ་རིང་དང༌། དེ་ཚེ་ལྟ་སྟངས་དང་རླུང་སྔར་བཞིན་བཅུན་པས། རླུང་གནས་པ་སོགས་གཞན་རྣམས་ཀྱི་བོགས་ཐོན་ཅིང་ཡོན་ཏན་གོང་འཕེལ་དུ་འགྱུར་བ་ཡིན་ནོ། །གསུམ་པ་རྗེས་ནི། རླུང་སྦྱོར་ལ་དྲག་ཏུ་འབད་པའི་མཇུག་ཏུ་ཁ་སྣ་གཉིས་ཅར་ནས་རླུང་རོ་བསལ་བ་ལན་གསུམ་ཙམ་བྱས་ནས། དབུགས་ཐེངས་ཉི་ཤུ་རྩ་གཅིག་ཙམ་གྱིས་བར་དུ་ལུས་མི་སྒུལ། རླུང་རང་སོ། སེམས་རང་བབས་ཀྱི་ངང་ལ་བཞག་གོ །དེ་ལྟ་བུའི་རླུང་གི་རྣལ་འབྱོར་ལ་གནས་པའི་གང་ཟག་དེས། གཉིས་པ་ལམ་གྱི་ཡན་ལག་འཕོ་བ་སྦྱང་བ་ནི་གཉིས་ཏེ། གོང་དུ་འཕོ་བ་དང༌། བླ་མར་འཕོ་བའོ། །དང་པོ་ནི་སྟན་བདེ་བ་ལ་འཇུག་སྟེ། སྐྱབས་སེམས་སྔོན་དུ་འགྲོ་བས། ལུས་རྣམ་སྣང་གི་ཆོས་བདུན་བཅས། སྟོང་པའི་ངང་ལས་རང་ཉིད་གཤིན་རྗེ་གཤེད་དུ་གསལ་བའི་ལུས་ཀྱི་ནང་སྟོང་སང་ངེ་བ། ལུས་ཀྱི་ནང་དུ་རྩ་དབུ་མ་གྲོ་སོག་ཙམ། མདའ་སྨྱུག་ལྟར་དྲང་བ་ཕྱི་དཀར་ལ་ནང་དམར་བའི་མར་སྣ་ལྟེ་བ་དང་ཡར་སྣ་ཚངས་བུག་ཏུ་ཟུག་པ། སྤྱི་བོར་རྩ་བའི་བླ་མ་གསལ་བར་བསྒོམས་ལ། མོས་གུས་དྲག་པོའི་སྒོ་ནས་གསོལ་བ་ཡུན་རིང་དུ་བཏབ། དབུ་མའི་ནང་གི་སྙིང་གར་ཧཱུཾ་དམར་པོ། ལྟེ་བར་ཡཾ་ཡིག་བརྩེགས་མ་གཉིས་ཞབས་སྤྲད་ཅིང་མགོ་གྱེས་པ། ཁ་ཕྲག་དེར་ཧི་ཡིག་དེའི་སྟེང་དུ་རང་སེམས་ཧཱུཾ་དམར་པོ། དེའི་སྟེང་དུ་ཀ་དེ་ཡང་ཡཾ་རྣམས་སྔོན་པོ། ཧི་དམར་པོ། ཀ་དཀར་པོའོ། །དེ་ལྟར་གསལ་བཏབ་ཅིང༌། རླུང་


TNT06_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འགྲོ་བའི་ཚེ་ངག་ཏུ་ཧིཀ་ཅེས་བརྗོད་པས། ཡཾ་བཞིས་ཧི་ཕུལ། དེས་ཧཱུཾ་ཕུལ། ཀས་སྟེང་ནས་དྲངས་ཏེ། སྙིང་གར་སླེབ་པ་ན་ཧཱུཾ་དང་ཧིཀ སྙིང་གའི་ཧཱུཾ་ལ་ཐིམ། ཧཱུཾ་ཡིག་རླུང་དང་བཅས་པ་སྤྱི་བོའི་ཚངས་བུག་ལ་ཐུག་ཐུག་རེག་པར་བསམ། རླུང་ནང་དུ་འོང་བའི་ཚེ། སླར་མར་ལྡོག་སྟེ། སྙིང་གའི་ཐད་དུ་སླེབ་པ་དང་སྙིང་ཀའི་ཧཱུཾ་ལས་ཧཱུཾ་ཆད། སྔར་གྱི་སྙིང་གའི་ཧཱུཾ་དེ་སྙིང་ག་རང་དུ་ཆགས། གཞན་རྣམས་སྔར་བཞིན་ལྟེ་བར་འཁོད་པར་བསམ། དེ་འདྲ་ལན་ཉི་ཤུ་རྩ་གཅིག་ཙམ་རེ་བསྐྱར་ནས་བྱའོ། །དེ་ལྟ་བུ་ཐུན་བཞིར་སྦྱངས་པས། སྤྱི་གཙུག་ན་ཀར་ཀར་བ་དང༌། ཚ་ཐང་ཐང་བ་དང༌། འབུར་བ་དང་ཆུ་སེར་འཐོན་པ་དང༌། ཚངས་བུག་ཁ་ཕྱེ་བ་རྣམས་འབྱུང་ངོ༌། །རྟགས་དེ་དག་བྱུང་ནས། ཉིན་རེ་ལ་ཐུན་རེ་བསྒོམས་པས་ཆོག་ཅིང༌། ཐུན་གྱི་གཞུག་ཐམས་ཅད་དུ་སྙིང་ག་དང༌། ལྟེ་བའི་ཧཱུཾ་གཉིས་པོ་དྲག་ཏུ་གསལ་འདེབས་པ་གལ་ཆེ། གཉིས་པ་ལས་ལ་སྦྱར་བ་ནི། འཆི་ལྟས་བྱུང་ན་དང་པོར་ཕྱིའི་འཆི་བླུ་རྣམས་བྱ། དེས་མ་ལྡོག་ན་སྲོག་རྩོལ་རྡོ་རྗེ་བཟླས་པའམ། བུམ་པ་ཅན་གྱི་སྦྱོར་བ་འབུམ་ཕྲག་གཅིག་གིས་འཆི་བ་བླུ་བ་རྣམས་བྱ། དེའི་མན་ངག་ནི་སྙིང་གར་ཉི་མ་ལ་ཧཱུཾ་དམར་པོ་གཅིག་བསྒོམས་ཏེ། སྟེང་འོག་གི་རླུང་ཐམས་ཅད་དེ་ཉིད་ལ་སིབ་སིབ་ཐིམ་པར་བསམས་པའོ། །དེའི་ཀྱང་བླུ་བར་མ་ནུས་ན། སྔོོན་འགྲོ་རྣམས་སྦྱངས་ཤིང༌། སྤྱི་བོར་བླ་མ་ཡི་དམ་སངས་རྒྱས་རྣམས་ངོ་བོ་གཅིག་ཏུ་བསྒོམ། མདུན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ཏེ་སྤྱི་བོའི་བླ་མ་ལ་བསྟིམ། མཆོད་པ་ཕུལ། གསོལ་བ་དྲག་ཏུ་བཏབ། གཞན་དམིགས་པ་རྣམས་སྔ་མ་དང་འདྲ་བ་ལས། སྙིང་གའི་ཧཱུཾ་ལས་ཧཱུཾ་མང་པོ་སྤྲོས། བུ་ག་དགུ། སྨིན་མཚམས། ལྟེ་བ། སྤྱི་གཙུག་


TNT06_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱིའི་སྒོ་རྣམས་ཧཱུཾ་རེ་རེས་བཀག དེ་ནས་ཡར་འཕོ་བའི་དམིགས་པ་དང་རླུང་ཕྱི་རོལ་ཏུ་དྲག་ཏུ་དགག་པ་ཡང་ནས་ཡང་དུ་བྱ། མར་འབེབས་པའི་དམིགས་པ་མི་དགོས། འདི་ཉིད་ཀྱིས་དབྱིངས་སུ་འཕོ་བ་ཡིན་ནོ། །གཉིས་པ་ནི། འཕོ་དམིགས་རྒྱས་པ་མ་ལྕོགས་ན། དང་པོར་ལུས་གནད་ཅིང་བདེ་བར་བཅོས་ལ། བྱམས་སྙིང་རྗེ་དྲག་ཏུ་བསྒོམ། རང་གི་ལག་པ་གཡས་སུ་ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་དང་ལྡན་པ་ཞིག་བྱུང་སྟེ། རང་ལུས་ལ་གཅེས་འཛིན་དང༌། སྙེམས་འཁྲིགས་རྡུལ་ཙམ་ཡང་མེད་པར་དུམ་བུར་གཏུབས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་མོས། བླ་མ་ཡི་དམ། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ་སྦྱིན། རང་ལུས་དང་དགྲ་གཉེན། སྣང་བ་ཐམས་ཅད་ལ་ཞེན་པ་བཅད། སྤྱི་བོར་བླ་མ་དང་ཡི་དམ་དབྱེར་མེད་དུ་བཞུགས་པར་མོས། རང་ལུས་རྩ་དབུ་མ་དང་བཅས་པ་སྔར་བཞིན་གསལ་བཏབ། ལྟེ་བར་ཧཱུཾ་དམར་པོ་བསྒོམ་དེ་ཉིད་སྤྱི་བོར་ནས་ལྟེ་བའི་བར་དུ་ཡར་འགྲོ་མར་འགྲོ་ལན་འགའ་རེ་བྱས་ལ། ཚངས་བུག་ནས་རྒྱངས་ཏེ་སྤུར་ནས་བླ་མའི་ཐུགས་ཀར་ཐིམ། དེ་ལྟར་ཡང་ནས་ཡང་དུ་དྲག་ཏུ་བསྒོམ་པར་བྱའོ། །ཡང་འཕོ་བའི་གཞུང་ལས་འབྱུང་བ་ལ། ཕལ་ཆེར་དེ་དང་འདྲ་བ་ལས། སྣོད་གཞལ་ཡས་ཁང་བཅུད་ལྷར་བསྒོམ། རང་གི་སྤྱི་བོའི་བླ་མའི་རྩ་དབུ་མའི་མས་སྣར་རང་གི་དབུ་མའི་ཡས་སྣ་ཆུད་ཙམ་དང༌། ཧཱུཾ་གིས་སྒོ་དགུ་བཀག་པ་བྱེད་པ་ནི་ཁྱད་པར་དེ་དམིགས་པ་དང་པོའོ། །རྩ་རོ་མ་ཀཱ་ལི་དང་རྐྱང་མ་ཨཱ་ལིས་བཀག སྙིང་གར་རླུང་དཀྱིལ་ཟླ་གམ་ལ་ཧཱུཾ་སྔོན་པོ་བསྒོམས་ནས་ཧིཀ་དང་བཅས་ཏེ་དབྱིངས་སུ་འཕོ་བ་ནི་གཉིས་པའོ། །རྐང་པ་རླུང་དཀྱིལ་དུ་མོས་སྐྱིལ་ཀྲུང་ངང་ནས་པུས་བཙུགས་བྱ། ལྟེ་བ་ཟླ་བ་ལ་ཧཱུཾ་སྔོན་པོ། སྙིང་གར་ཧཱུཾ་དམར་པོ། དེའི་འོད་ཀྱིས་སྒོ་དགུ་བཀག སྟོབས་གྱི་ཧཱུཾ་དང་བཅས་ཏེ་ཡི་དམ་གྱི་ཐུགས་ཀར་འཕོ་བ་སྟེ་


TNT06_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའོ། །ཡང་སྟོང་གཟུགས་ལ་མཉམ་པར་བཞག་ནས་དབྱིངས་རིག་བསྲེ་བ་ནི་བཞི་པའོ། །ཡང་རང་ལྷར་གསལ་མདུན་དུ་ཤིང་སྡོང་རྩེ་མོ་རི་རབ་དང་མཉམ་པ་གཅིག་གི་རྩེར་བླ་མ་གཤིན་རྗེ་གཤེད་ཀྱི་རྣམ་པར་བཞུགས། སྙིང་གའི་བླ་མའི་ཐུགས་ཀར་བསྟིམ་པ་སོགས་གོང་དང་འདྲ་བ་ལ། བླ་མ་རང་སེམས་ནམ་མཁའ་གསུམ་དབྱེར་མེད་གཅིག་ཏུ་སྲེས་པ་ལ་སེམས་འཇོག་པ་ནི་བྱིན་རླབས་ཀྱི་གཞུང་བ་ལས་འབྱུང་བ་སྟེ་ལྔ་པའོ། །གསུམ་པ་བྱིན་རླབས་ཀྱི་རིམ་པ་ལ་རང་ལུས་ཐབས་ལྡན་སྤྲོས་མེད་དང་འདྲ། གཞན་ལུས་ཤེས་རབ་ལ་བསྙེན་སྒྲུབ་ལས་གསུམ་ལ་སྦྱོར་ལ་ཕྱག་རྒྱའི་མཚན་ཉིད། ཇི་ལྟར་སྦྱོང་ཚུལ། བསྙེན་པའི་ཐབས། མན་ངག་གི་གནད། ཡེ་ཤེས་བསྐྱང་བའི་ཐབས་རྣམས་ཡིན་ཏེ་དེ་དག་ནི་གཞན་དུ་ཤེས་སོ། །བཞི་པ་ཡེ་ཤེས་ཀྱི་རིམ་པ་ལ་སྦྱོར་བ་དང༌། དངོས་གཞི་དང༌། འཕྲོས་དོན་གསུམ་ལས། དང་པོ་ནི། སྔོན་འགྲོ་རྣམས་གོང་བཞིན་བྱས། ལུས་གནད་བཅས་ལ། རླུང་རང་བབས་སུ་བཞག སེམས་ཀྱང་རྣམ་རྟོག་གི་འཕྲོ་འདུ་སྤངས་ཏེ། རང་བབས་སུ་ལྷོད་དེ་ཀློད་ལ་མཉམ་པར་བཞག བྱིང་རྒོད་གཅོད་ཚུལ་སྤྱི་དང་འདྲ། དམིགས་སྐོར་གཅིག དེ་ནས་སེམས་ཀྱི་ངོ་བོ་ལ་ཆེར་ཏེ་བལྟས་པས་གསལ་སིང་ངེ་བ་ངོས་གཟུང་ཞིང་བསྒོམ། དམིགས་སྐོར་གཉིས། གསལ་བ་དེ་ཉིད་བཙལ་བས་གང་དུ་ཡང་མ་གྲུབ་པ་ལ་མཉམ་པར་བཞག དམིགས་བསྐོར་གསུམ། གང་ཡང་མ་གྲུབ་ཅིང་ཅི་ཡང་མ་ཡིན་པ་དེ་ཉིད་རྩལ་མ་འགགས་པ་ཐམས་ཅད་དུ་འཆར་དུ་བཏུབ་པ། ཤར་ཙམ་ན་བདག་གཞན་དང་སྐྱེ་འགག་གནས་གསུམ་གྱིས་སྟོངས་པ་དེ་ཁའི་ངང་དུ་མཉམ་པར་བཞག


TNT06_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སྐོར་བཞིའོ། །དེ་དག་ལ་ལེགས་པར་འབྱོངས་ན། ནང་གི་ཁམས་ཕྲ་རགས་དབུ་མར་ཐིམ་ནས། སྐུ་དང་འོད་གསལ་ཟུང་འཇུག་ཏུ་བསྒྲུབ་པའི་ཕྱིར། དངོས་གཞི་ཟབ་གསལ་གཉིས་སུ་མེད་པར་བསྒོམ་པ་ནི། སྔོན་འགྲོ་གོང་ལྟར་ལས། རང་ཉིད་ཀྱི་དཀྱིལ་འཁོར་ཡོངས་རྫོགས་སམ་ལྷན་སྐྱེས་སུ་བསྒོམ། སྔར་གྱི་ལྟ་བའི་ངང་དང་མ་བྲལ་བར། སྙིང་གར་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར། ཟླ་བ་ལ་ཨ་དཀར་པོ། དེ་ལས་འོད་ཟེར་འཕྲོས། སྣོད་ཐམས་ཅད་གཞལ་ཡས་ཁང༌། བཅུད་ཐམས་ཅད་གཤིན་རྗེ་གཤེད་དམར་གྱི་སྐུར་གྱུར་པ་ལ་སེམས་བཟུང༌། དམིགས་སྐོོར་གཅིག ལྷ་སྐུར་སྣང་བ་མ་འགགས་པའི་སྟེང་དུ་སྔར་གྱི་ལྟ་བ་བསྐྱངས། དེ་ནས་དེ་ཐམས་ཅད་འོད་དུ་ཞུ། མེ་ལོང་ལ་ཧ་བཏབ་པ་ཡལ་བའི་ཚུལ་གྱིས་མཐའ་ནས་རིམ་གྱིས་སྦྱངས་ནས། བདག་ཉིད་གཤིན་རྗེ་གཤེད་ཡབ་ཡུམ་དུ་གསལ་པ་ལ་ཐིམ། ཡུམ་ཡབ་ལ་ཐིམ། དམིགས་བསྐོར་གཉིས། རང་ཡེ་ཤེས་སེམས་དཔལ་ལ་ཐིམ། དམིགས་སྐོར་གསུམ། ཡེ་ཤེས་སེམས་དཔའ་དེ་པདྨ་ལ་ཐིམ། དེ་ཟླ་བ་ལ་ཐིམ། དེ་ཡང་ཨ་ལ་ཐིམ། དམིགས་སྐོར་བཞི། ཨ་ཡང་ནམ་མཁའ་ལ་སྤྲིན་དེངས་པའི་ཚུལ་གྱིས་ཐལ་བའི་ངང་དུ་སྔར་བཞིན་མཉམ་པར་བཞག་ལ་ལྟ་བ་བསྐྱངས། དམིགས་{ོར་ལྔ་སྟེ་འོད་གསལ་སྒོམ་པའོ། །ཡང་སྟོང་པའི་ངང་ལས། ཨ་ཡིག་དཀར་པོ་བྱུང༌། དེ་ལས་དཀྱིལ་འཁོར་གྱི་འཁོར་ལོ་སོགས་སྐད་ཅིག་ཙམ་གྱིས་བྱུང་བ་ལ་སེམས་གཏད། དེ་ལྟར་ཡང་དང་ཡང་དུ་བསྒོམ་པ་ཡིན་ནོ། །དམིགས་སྐོར་དྲུག་པ་


TNT06_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཟུང་འཇུག་སྒོམ་པའོ། །འདི་སྐབས་རྣལ་འབྱོར་ལ་དབང་འབྱོར་བ་ཡིན་ན། ལྟ་བ་དང་རྣལ་འབྱོར་གོང་མ་རྣམས་ཀྱིས་ཐོབ་པའི་བདེ་ཆ་གསལ་ཆ་སྣང་ཆ་རྣམས་རོ་གཅིག་ཏུ་འདྲེས་པའི་ངང་ནས། བཅུ་གསུམ་གྱི་བདག་ཉིད་ཅན་མངོན་རྟོགས་ཡོངས་སུ་རྫོགས་པ་ཡུད་ཙམ་གྱིས་བསྒོམས་ཏེ། འོད་གསལ་ཏུ་བསྡུ་བ་ལ་སོགས་པ་གོང་བཞིན་བསྒོམས། བསྐྱེད་རྫོགས་ཕན་ཚུན་དུ་རྒྱས་འདེབས་པ་ཞེས་བྱ་བ་ཡིན་གསུང༌། གསུམ་པ་འཕྲོས་དོན་ནི། ཕྱིར་ཟློག་དྲུག་པའི་གཞུང་ལས་བྱུང་བ་སྟེ། དགྲ་གདོན་ནད་འཇིགས་པ་སེམས་ལྷོངས་སོགས་གང་བྱུང་ཡང་རང་སེམས་སུ་ཤེས་ནས་གང་སྒྱུར་སྒྱུར་ཡིན་སྙམ་པས་རེས་འགའ་རང་སེམས་ཕར་བསྲེས། རེས་འགའ་དེ་རང་ལ་ཐིམ། གང་ལྟར་ཡང་མཐར་དབྱིབས་སུ་ཡལ། དབྱིངས་རིག་སྲེས་ནས་བཞག་གོ །རེས་འགའ་གནོད་བྱེད་དང་གནོད་བྱེད་ཉིད་དུ་དམིགས་ནས་སྒྱུ་མ་ལྟ་བུར་བསམ། ཡང་བར་ཆད་ཀྱི་ཆོས་དེ་བླ་མའམ་ཡི་དམ་དུ་བསྒོམ། སྒྱུ་མ་ལྟ་བུ་དང་རང་སེམས་སུ་རོ་མཉམ་པར་ཤེས། གནོད་བྱ་གནོད་བྱེད་གདོད་ནས་ཡོད་མ་མྱོང་བ་ལ་མཉམ་པར་བཞག་གོ །ཡང་བླ་མ་ལ་གསོལ་བ་དྲག་ཏུ་བཏབ། བདག་དང་གནོད་བྱེད་སོགས་ཐམས་ཅད་ལོགས་ལོགས་སུ་གྲུབ་པ་མེད། རང་སེམས་གཅིག་པུའི་ཆོ་འཕྲུལ་ཡིན་ཐམས་ཅད་ངོས་གཟུང་མེད་པས་སྟོང་པར་རོ་མཉམ། གདོད་ནས་ཡོད་མ་མྱོང༌། རང་བཞིན་ཆོས་ཉིད་ཡེ་ཤེས་ཀྱི་སྣང་ཆ་མ་འགགས་པ་ངོ་བོ་ལྷན་ཅིག་སྐྱེས་པའི་བདེ་ཆེན་རྣམ་པར་རིགས་ལྔ་ཡུམ་བཞི་སེམས་དཔའ་སེམས་མ་ཁྲོ་བོ་ཡབ་ཡུམ་ཀྱི་དཀྱིལ་འཁོར་དུ་གདོད་ནས་ལྷུན་གྲུབ་ཏུ་ཤེས་པས་སྤང་བླང་ལས་གྲོལ་བ་དེ་ཀ་ལ་མཉམ་པར་བཞག་གོ །ཡང་དེ་ལྟར་


TNT06_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་དུང་དུང་བ་བསྒོམ། སྙིང་རྗེ་དེ་ཡང་དབྱིངས་དང་བསྲེས་ཏེ་མཉམ་པར་བཞག་པས་བར་ཆད་དངོས་གྲུབ་ཏུ་ལོངས་པར་འགྱུར་རོ། །དེ་ལྟར་ན་འདིར་ནི་རྣལ་འབྱོར་བཞི་རིམ་གྱི་དམིགས་ཁྲིད་ལག་ལེན་གསལ་བར་བཀོད་དེ། གོ་དོན་རྣམ་བཞག་དང་མན་ངག་གི་གནད་མང་པོ། གློོ་བོ་ལོཙྪ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་འགྲེལ་པ་ན་ཤིན་ཏུ་གསལ་བས། དེ་ཉིད་བླ་མའི་ཞལ་ལུང་གིས་ལེགས་པར་བརྒྱན་ཏེ། ཞིབ་ཏུ་ཉན་ཅིང་ལག་ཁྲིད་དུ་ཐེབས་པར་བྱའོ། །འདི་ནི་སྤྱིར་བསྐྱེད་རིམ་གང་ལ་ཡང་སྦྱོར་དུ་རུང་མོད་གཙོ་བོར་གྲུབ་ཐོབ་དཔལ་འཛིན་ཉིད་ཀྱི་བཞེད་གཞུང་དམར་ནག་འཇིགས་གསུམ་དང་ཤིན་ཏུ་འབྲེལ་ཆེ་ལ། ཡང་སྒོས་སུ་གཤེད་དམར་བཅུ་གསུམ་མ་ཉིད་ལ་སྦྱོར་རོ། །འདི་ལྟར་བྲིས་པའི་དགེ་བའི་རྩ་བ་དེས་བདག་དང་སེམས་ཅན་ཐམས་ཅད་དངོས་གྲུབ་མཆོག་ལ་རེག་པར་གྱུར་ཅིག ས་ཁམས་ཙརྩི་ཀཱ་ཡི་གཟུགས་ལ་བལྟ། །བྱམས་པ་ཕག་མོས་སྙན་འགྱུར་གླུ་ལེན་ཅིང༌། །སྨོན་ལམ་དབྱངས་ཅན་དྲི་ཡིས་ཡིད་ཚིམ་ནས། །འདུས་མ་བྱས་པ་གཽ་རཱིས་རོ་མཆོག་སྦྱོར། །ཀུན་ཁྱབ་རྡོ་རྗེ་རོ་ལངས་མས། །སྟོབས་བཅུ་མ་ཧེའི་གདན་ལ་བཀོད། །


TNT06_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་བདེ་ཆེན་རོལ་བ་ཡིས། །གཤིན་རྗེ་གཤེད་པོའི་སར་འགོད་ཤོག །ཐོ་བ་གཤིན་རྗེ་གཤེད་ལ་སོགས། །ལྟ་ངན་བཞི་དང་བདུད་བཞི་འཇོམས། །བསྡུ་དངོས་རྣམས་བཞིའི་དཔལ་འབྱོར་གྱིས། །གེགས་མེད་དངོས་གྲུབ་སྩོལ་བར་མཛོད། །ཆོས་འབྱུང་བདུད་རྩི་ཀ་པཱ་ལ། །གཟུགས་སོགས་འདོད་མའི་ལྷ་མོ་ཡིས། །ཟག་མེད་བདེ་ཆེན་ལོངས་སྤྱོད་རྒྱས། །སྲིད་ཞིའི་བཀྲ་ཤིས་དགེ་ལེགས་སྩོལ། །ཞེས་པ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་བརྒྱད་པ་ལ་འདོལ་བྱུང་དུ་སྦྱར་བའོ།། །།གློ་བོ་ལོཙྪ་བའི་གཏོང་ཐུན་དེ་ངེས་པར་ལྟོས་ཤིག །མངྒ་ལཾ།


TNT06_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

སྤྲོས་མེད་ཀྱི་ཁྲིད་ཡིག་ངོ་མཚར་ཅན་བཞུགས།


TNT06_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་མེད་ཀྱི་ཁྲིད་ཡིག་ངོ་མཚར་ཅན་བཞུགས།


TNT06_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྲཱི་ཡ་མཱ་རི་ཨ་དྭི་ཏ་ཙ་རཱ་ཎཱ་ཡ། དཔལ་ལྡན་རྡོ་རྗེའི་དབང་ཕྱུག་མཆོག་གི་འོད་གསལ་རྡོ་རྗེ་དབྱུག་པས་མཐའ་དག་སྲིད་གསུམ་ཉོན་མོངས་ནི། །མ་རུངས་སྡེར་བཅས་ཕྱེ་མར་བཏགས་ནས་བདེ་ཆེན་མཚོན་ཆས་བདུད་བཞི་དཔུང་ཚོགས་མཐར་བྱེད་ཁྱིམ་དུ་མངོན་པར་བོས། །ཟག་མེད་བདེ་ཆེན་ཉམས་བརྒྱའི་རོས་གང་རྟག་ཏུ་གསོལ་ཕྱིར་ཟླ་ཕྱེད་ལྟ་དཀར་ཐོད་པས་མཚན་པའི་ཕྱག །བརྐྱང་བསྐུམ་སྟབས་ཀྱིས་འཆི་བདག་གྲོང་ཁྱེར་རླག་པར་མཛད་ནས་སྒྲུབ་ལ་སྲིད་ཞི་ལས་གྲོལ་དངོས་གྲུབ་སྩོལ། །དེ་འདྲ་གང་ཡིན་བླ་མ་གཤིན་རྗེ་གཤེད། །སྐད་ཅིག་དྲན་པས་བར་ཆད་ཐམས་ཅད་སེལ། །དངོས་གྲུབ་འདོད་དགུ་འབྱུང་བའི་དཔག་བསམ་ཤིང༌། །དེ་ལ་བཏུད་ནས་དེ་ཡི་ལུང་བཞིན་བཤད། །དཔལ་སྟོབས་ཀྱི་དབང་ཕྱུག་བི་རཱུ་པའི་ཞལ་གྱི་གདམས་པ་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་རྫོགས་པའི་རིམ་པ་ཤིན་ཏུ་སྤྲོས་པ་མེད་པའི་མན་ངག་འདི་ལ་ཕྱོགས་འཛིན་གྱིས་རྣམ་པར་བསླད་པས་རང་ཉིད་ཀྱི་འདོད་


TNT06_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇོ་བ་ལྷུར་བྱེད་པ་ཁོ་ན་མང་བར་མཐོང་ཡང༌། ཆོས་འདི་ཉིད་ཀྱི་ལོ་པཎ་རྣམས་ཀྱི་བཞེད་པ་རང་ལུགས་གཙང་མ་ནི་ཉུང་བར་སྣང་ངོ༌། །གཞུང་ཉིད་དུ་དམིགས་པའི་རིམ་པ་རྣམས་ཤིན་ཏུ་གསལ་བར་བཞུགས་ཤིང༌། ཕྱོགས་འདིར་སྙན་བརྒྱུད་ཡེ་གེར་འགོད་པའི་ཐོག་མ་གློ་བོ་ལོ་ཙཱ་བ་ཆེན་པོ་ཤེས་རབ་རིན་ཆེན་གྱི་གཏོང་ཐུན་ཉིད་དཔང་དུ་བཞག་སྟེ། ཉམས་ལེན་གྱི་རྒྱུད་པ་མ་ཆད་པར་བྱོན་པའི་བླ་མའི་མན་ངག་ཇི་ལྟ་བ་བཞིན་དུ་དམིགས་ཐོ་ཙམ་ཞིག་བརྗོད་ན། འདི་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ་གཉིས། ཚོགས་བསགས་པའི་ཕྱིར་མཎྜལ་འབུལ་བ་དང༌། སྡིག་སྒྲིབ་སྦྱང་བའི་ཕྱིར་ཡིག་བརྒྱ་བཟླ་བའོ། །དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་རྒྱས་བསྡུས་གང་ཡང་རུང་བ་སྤྱི་དང་མཐུན་པར་བྱས་ལ། རང་གི་མདུན་དུ་སེང་གེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་བླ་མ་བཅོམ་ལྡན་འདས་གཤིན་རྗེ་གཤེད་དང༌། དེའི་མཐའ་སྐོར་དུ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་


TNT06_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང་བཅས་པ་བཞུགས་པ་ལ། ལུས་མང་པོར་སྤྲུལ་ནས་ཕྱག་བྱས་པར་བསམས་ཏེ། གང་གི་དྲིན་གྱིས་སོགས་བསྟོད་པ་ཅི་ཤེས་བྱ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་བར་བསམ། མཎྜལ་ཚོམ་བུ་བདུན་མ་ལན་རེ་ཕུལ་བའི་རྗེས་སུ་དཔལ་ལྡན་བླ་མ་དམ་པས་བདག་གི་བསམ་པ་མཁྱེན་པར་མཛད་དུ་གསོལ། བདག་ལ་ཐུགས་རྗེས་བཟུང་དུ་གསོལ། བདག་གི་རྒྱུད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཤིན་ཏུ་སྤྲོས་མེད་ཀྱི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ། མཐར་དེ་ཐམས་ཅད་འོད་དུ་ཞུ་ནས་རང་གི་སྤྱི་བོའི་ནས་མར་ལ་ཐིམ། ལུས་སེམས་བདེ་འབོལ་གྱིས་སོང་བར་བསམ། རྒྱས་པ་ལ་སྤྲོ་ན། མདུན་དུ་མཆོད་ཡུལ་གྱི་མཎྜལ་ཚོམ་བུ་ལྔ་པ་འགོད་པ་དང༌། དབུས་སུ་བླ་མ། མདུན་དུ་ཡི་དམ། གཡས་སུ་སངས་རྒྱས། རྒྱབ་ཏུ་དམ་ཆོས། གཡོན་དུ་དགེ་འདུན། བར་བར་དུ་ཆོས་སྐྱོང་བསྲུང་མ་རྣམས་བསྐྱེད། མཆོད་པ་རེ་རེ་ཞིང་ལན་གསུམ་གསུམ་འབུལ་བ་དང༌། བླ་མ་དང་ཡི་དམ་ལ་གསོལ་བ་ལན་བརྒྱད་བརྒྱད་གདབ། གཞན་རྣམས་ལ་ལན་བདུན་འདེབས་པ་སོགས། སྤྲོས་མེད་ཀྱི་གཏོང་ཐུན་དང་ཡིག་ཆུང་ནས་འབྱུང་བ་བཞིན་དུ་ཅི་རིགས་པར་ཉམས་སུ་བླང་ངོ༌། །གཉིས་པ་ནི་རང་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་དཀར་པོ། གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། གཡོན་དྲིལ་བུ་དཀུར་བརྟེན་པ་སེམས་དཔའི་སྐྱིལ་ཀྲུང་ཅན་བརྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཐུགས་ཀར་པད་ཟླའི་གདན་ལ། ཧཱུཾ་དཀར་པོ་ལ་ཡི་གེ་བརྒྱ་པས་བསྐོར་བ། དེ་ལས་བདུད་རྩི་དཀར་པོའི་རྒྱུན་དཔག་ཏུ་མེད་པ་བྱུང༌། ལུས་ཀྱི་ནང་གང༌། སྡིག་སྒྲིབ་ཐམས་ཅད་དུད་ཁུའམ་རྣག་ཁྲག་གི་རྣམ་པས་བུ་ག་དགུ་ནས་ཕྱིར་བརྡས་ཤིང༌། རང་


TNT06_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འཇའ་ཚོན་ལྟ་བུར་འོད་ཀྱི་རང་བཞིན་དུ་གྱུར་པར་བསམས་ལ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ཅི་ནུས་སུ་བཟླ། མཐར་ཧཱུཾ་དང་ཡིག་འབྲུ་ཐམས་ཅད་ཞུ་བའི་འོད་ཀྱིས་ལུས་གང༌། ལུས་སེམས་ཐམས་ཅད་བདེ་བ་ཆེན་པོས་ཁྱབ་པར་བསམ། མདུན་དུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་བཞུགས་པར་མོས་ལ། ཕྱག་འཚལ་བདུད་ཅིང་ཕྱག་འཚལ་འདུད། །ཕྱག་འཚལ་འདུད་ལ་ཕྱག་འཚལ་འདུད། །གུས་པས་ཁྱེད་ལ་ཕྱག་འཚལ་འདུད། །རྡོ་རྗེ་སེམས་དཔར་བདག་གྲུབ་མཛོད། །བདག་ནི་མི་ཤེས་རྨོངས་པ་སྟེ། །ཞེས་སོགས་བཤགས་པ་བྱས་ལ། དེ་རྣམས་ཀྱིས་ཀྱང་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དག་གོ །ཞེས་དབུགས་ཕྱུང༌། དེ་ཐམས་ཅད་རང་ལ་ཐིམ། སྡིག་སྒྲིབ་གྱིས་མཚོན་པའི་ཆོས་ཐམས་ཅད་སྒྱུ་མ་ལྟར་བདེན་མེད་དུ་ཤེས་པར་བྱས་ལ། ཅུང་ཟད་མཉམ་པར་བཞག་གོ །དེ་ལྟར་ཐུན་བཞི་ལ་སོགས་པར་བསྒོམས་པས། སྡིག་སྒྲིབ་དག་པའི་རྟགས་བྱུང་བྱུང་དུ་འབད་དོ། །མཎྜལ་གསོལ་འདེབས་དང༌། ཡིག་བརྒྱའི་བཟླས་སྒོམ་ནི་སྔ་ཕྱི་གང་བྱས་ཀྱང་འདྲའི། གཉིས་པ་དངོས་གཞི་ལ། དང་པོར་རང་བྱིན་གྱིས་བརླབ་པའི་ཚོགས། བླ་མའི་རྣལ་འབྱོར་ཀྱི་བྱིན་རླབས་བླ་མ་ལ་ཐོབ་པར་བྱས་ལ། རྒྱུན་གྱི་རྣལ་འབྱོར་ཉམས་སུ་བླང་བ་ལ། སྔོན་འགྲོ་བླ་མའི་རྣལ་འབྱོར། དངོས་གཞི་སྤྲོས་མེད་ཀྱི་ཡེ་ཤེས་མངོན་དུ་བྱེད་པ། རྗེས་རྣམ་རྟོག་འོད་གསལ་གྱི་བརྟེན་པར་བྱེད་པའོ། །དང་པོ་ལ་སྤྲོས་པ་བཅད་པ་དང༌། དངོས་གྲུབ་བླང་བ་གཉིས། དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ལ། ཧཱུཾ་ཞེས་བརྗོད་པས་བསྲུང་འཁོར་གཞལ་ཡས་ཁང་དང་བཅས་པའི་དབུས་སུ། སེང་ཁྲི་སྣ་ཚོགས་པདྨ་ཉི་མ་མ་ཧེའི་གཤིན་རྗེ་རྣམས་བརྩེགས་པའི་གདན་ལ། བླ་མ་བཅོམ་ལྡན་འདས་གཤིན་རྗེ་གཤེད་སྐུ་མདོག་དམར་པོ་ཉི་མ་བྱེ་བའི་གཟི་བརྗིད་འབར་


TNT06_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཞལ་གཅིག་ཕྱག་གཉིས། གཡས་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པ་བསྣམས་པས་ཁམས་གསུམ་འདུལ་བ། གཡོན་བདུད་ཀྱི་ཁྲག་གིས་གང་བའི་ཐོད་པ་ཡུམ་ལ་འཁྱུད་པའི་ཚུལ་གྱིས་འཛིན་པ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་མ་ཧེ་དམར་པོ་དྲེགས་ཤིང་ཁྲོས་པའི་སྟེང་དུ་གཤིན་རྗེ་ནག་པོ་ཐོད་དབྱུག་ཐོགས་པ་ཁ་བུབ་ཏུ་བསྒྱེལ་ནས་གནོན་པ། སྟག་ལྤགས་དང་སྦྲུལ་རྒྱན་དང་མི་མགོའི་ཕྲེང་བ་ཅན། སྤྱན་གསུམ་མཆེ་གཙིགས་སྨ་ར་སྨིན་མ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། རང་སྣང་གི་ཡུམ་མམ། རྡོ་རྗེ་རོ་ལངས་མ་དམར་མོ་གྲི་ཐོད་འཛིན་པ། ཐོད་སྐམ་གྱི་ཕྲེང་བ་དང༌། སེ་རལ་ཁ་སྤངས་པའི་སྦྲུལ་གྱི་ཕྱག་རྒྱ་ལྔས་བརྒྱན་པ། གཡས་བརྐྱང་གི་སྟབས་ཅན་དང་མཉམ་པར་སྦྱོར་བ། གཉིས་ཀའང་མེ་དཔུང་འབར་བའི་དབུས་ན་བཞུགས་པ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བརྒྱུད་པའི་བླ་མ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་འཕགས་པ་ཉན་རང་ཆོས་སྐྱོང་བསྲུང་མའི་ཚོགས་དང་བཅས་པ་སྤྱན་དྲངས། མཐའ་སྐོོར་དུ་འཁོད། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། གཤིན་རྗེ་གཤེད་ཀྱི་སྐུར་གྱུར་གོང་གི་མཐའ་{ོར་དུ་འཁོད། དེ་ནི་སྤྲོས་པ་བཅད་པའི་ཡུལ་བསམ་པའོ། །སྤྲོས་པ་གཅོད་པ་དངོས་ལ། མཆོད་པ་གསུམ་ལས། དང་པོ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ནི། ཕྱག་རྒྱ་དང་བཅས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་བི་དྱ་ཨཱཿཧཱུཾ། ཞེས་བརྗོད་པས་མེ་ཏོག་ལ་སོགས་པས་མཆོད་རྫས་བཟང་པོ་ནམ་མཁའ་གང་བ་ཙམ་སྤྲུལ་ཏེ་ཕུལ་བར་བསམ། ཡང་ཨོཾ་རཱུ་པ་བཛྲི་ཎཱི་ཨཱཿཧཱུཾ། ཨོཾ་ཤཔྟ་བཛྲི་ཎཱི་ཨཱཿཧཱུཾ། ཨོཾ་གནྡྷ་བཛྲི་ཎཱི་ཨཱཿཧཱུཾ། ཨོཾ་རཱ་ས་བཛྲི་ཎཱི་ཨཱཿཧཱུཾ། ཨོཾ་སྤརྵེ་བཛྲི་ཎཱི་ཨཱཿཧཱུཾ། ཨོཾ་དྷརྨཱ་དྷ་ཏུ་བཛྲི་ཎཱི་


TNT06_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུཾ། ཞེས་བརྗོད་པས། གཟུགས་སྒྲ་དྲི་རོ་རེག་བྱ། ཆོས་དབྱིངས་རྡོ་རྗེ་མའི་རིགས་ཀྱི་ལྷ་མོའི་ཚོགས་དཔག་ཏུ་མེད་པ་སྤྲུལ་ནས་འདོད་ཡོན་དྲུག་གི་མཆོད་པས་མཆོད་ཅིང་མཉེས་པར་བསམ། གཉིས་པ་ཆགས་སྡང་གི་ཡུལ་དབུལ་བ་ནི། དགྲ་གཉེན་བར་མའི་འགྲོ་བ་རང་གི་ལོངས་སྤྱོད་བདོག་པའི་དངོས་པོ་དང་བཅས་པ་ཐམས་ཅད་བླ་མ་ལ་ཕུལ་བར་བསམས་ལ། ཀྱཻ་དཔལ་ལྡན་བླ་མ་དམ་པ། བྱམས་པའི་གཉེན་བཤེས་ཐམས་ཅད་དབུལ་བར་བགྱིའོ། །འདོད་ཆགས་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། སྡང་བའི་དགྲ་དང་གདོན་བགེགས་ཐམས་ཅད་དབུལ་བར་བགྱིའོ། །ཞེ་སྡང་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། བར་མའི་འགྲོ་བ་རྣམས་དང་བདོག་པའི་དངོས་པོ་ཐམས་ཅད་དབུལ་པར་བགྱིའོ། །འཛིན་ཆགས་སེར་སྣ་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། དཔལ་ལྡན་བླ་མ་དམ་པས་བདག་གིས་བསམ་པ་མཁྱེན་པར་མཛད་དུ་གསོལ། ཞེས་པ་ལ་སོགས་པ་གོང་བཞིན་གསོལ་བ་བཏབ། གསུམ་པ་ལུས་དབུལ་བ་ནི། རང་གི་ལག་པ་གཡས་སུ་ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་དང་ལྡན་པ་ཅིག་བྱུང༌། དེས་རང་གི་ཐོད་པ་ཕྲལ། མདུན་དུ་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཐོད་པ་བཀལ་བ་སྟོང་གསུམ་གྱི་འཇིག་རྟེན་ཙམ་དུ་གྱུར། ལུས་ལྷག་མ་དུམ་བུར་གཏུབས། ནང་ཁྲོལ་དང་བཅས་པ་ཐམས་ཅད་ཐོད་པའི་ནང་དུ་འཕངས། རང་གི་རྣམ་སྨིན་གྱི་ལུས་ནི་མེད། རླུང་སེམས་ཙམ་ལས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་སྐུར་གྱུར། དེས་ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པས། ཐོད་པའི་ནང་གི་རང་ལུས་ཀྱི་དུམ་བུ་རྣམས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། དེ་ནས་ཨོཾ་ཨཱཿཧཱུཾ་ཞེས་དང་པོར་རྩ་བའི་བླ་མ་ལ་འབུལ། དེ་ནས་ཡི་དམ་དང་སངས་རྒྱས་བྱང་སེམས་ཉན་རང་ཆོས་སྐྱོང་བསྲུང་མ་རིགས་དྲུག་གི་ཚོགས་དང་བཅས་པ་ལ་འབུལ།


TNT06_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་འབྲུ་གསུམ་མང་དུ་བརྗོད། ཐམས་ཅད་ཟག་མེད་ཀྱི་བདེ་བས་ཚིམ་ཞིང་དགྱེས་པར་བསམ། གཉིས་པ་ནི། སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་པས་ཐུགས་དང་རང་གི་སེམས་དབྱེར་མེད། ཆོས་ལ་སྐྱབས་སུ་མཆིའོ་ཞེས་པས་གསུང་དང་རང་གི་ངག་དབྱེར་མེད། དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བརྗོད་པས་བླ་མའི་སྐུ་དང་རང་གི་ལུས་དབྱེར་མེད། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད་པས། བླ་མའི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་རོ་གཅིག་ཏུ་གྱུར་པའི་ངང་ལ་མཉམ་པར་བཞག གཉིས་པ་སྤྲོས་མེད་ལ་མཉམ་པར་བཞག་པ་ནི། ལུས་རྣམ་སྣང་གི་ཆོས་བདུན་བཅས། ངག་རླུང་རང་སོར་བཞག སེམས་ནམ་མཁའ་ལ་ཆལ་ཏེ་སྒྱུར། ལས་སོང་བ་འདྲ་གཅིག་ལ་སེམས་དང་རྣམ་རྟོག་དང་ནམ་མཁའ་དབྱེར་མེད་སྟོང་ཉིད་རང་བཞིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་ལ་བཟོ་བཅོས་མེད་པར་ཆམ་མེ་སོ་ཁད་དེ་མཉམ་པར་བཞག དམིགས་སྐོར་གཅིག གལ་ཏེ་རྣམ་རྟོག་གི་སྤུན་ལངས་ན། རབ་ཀྱི་གང་ཤར་དེའི་རང་བཞིན་ལྟ་ཤེས་པར་བྱས་པའི་ངང་ལ་བཟོ་བཅོས་མེད་པའི་ཚུལ་དུ་རང་སོར་བཞག རྣམ་རྟོག་གང་བྱུང་ཡང་དེའི་རང་བཞིན་སྟོང་གསལ་སྤྲོས་པ་ཐམས་ཅད་དང་བྲལ་བ་འདུག་པར་དེ་ལ་བཟོ་བཅོས་མེད་པར་སོར་འཇོག་ཏུ་བསྐྱངས། འདི་ཅུང་ཟད་མྱོང་བ་སྐྱེས་ནས་ངོ་སྤྲད་དེ་སྒོམ་པ་ཡིན་གྱི། ཐོག་མར་སྒོམ་ཐུབ་པ་དཀོན་པས། འདིར་དམིགས་པ་སྤོང་མི་དགོས། སྐབས་འདིས་ཚིག་གི་འབྲེལ་ཆགས་པ་ལ་བརྟེན་ནས་བྲིས་པ་ཡིན། འབྲིང་དེ་ལྟར་མངོན་དུ་བྱེད་མི་ནུས་པས། རྣམ་རྟོག་གི་ངོ་བོ་ལ་ཆེར་ཏེ་བལྟས་པས། དེ་ཉིད་རང་ལོག་ལ་སོང་སྟེ། ཤེས་པ་གསལ་སྟོང་དུ་འཆར་བ་དེའི་ངང་ལ་བཞག དམིགས་སྐོོར་གཉིས། དབང་པོ་ཐ་མས་ནི་རྣམ་རྟོག་དེ་ཉིད་ཀྱི་སྐྱེ་འགག་


TNT06_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་ལ་བརྟགས་ཏེ། དང་པོར་སྐྱེ་བའི་ཚུལ་ཇི་ལྟ་བུ། གནས་པའི་ཚེ་ཡུལ་དུས་ཁ་དོག་དབྱིབས་ལ་སོགས་པ་ཇི་ལྟར་གནས་ཤེས་པའི་ངོ་བོར་ཡོད་སྙམ་ནའང་ཇི་ལྟར་འདུག འགག་པའི་ཚེ་ཇི་ལྟར་འགག ཅེས་བཙལ་ཞིང་བརྟགས་པས་ཅི་ཡང་མ་རྙེད་པ་དེ་ཁའི་ངང་ལ་རང་བཞིན་གསལ་སྟོང་ངོས་ཟིན་པར་བྱས་ཏེ་མཉམ་པར་བཞག དམིགས་སྐོར་གསུམ་མོ། །དེ་ཡང་སེམས་ཀྱི་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་པས། དེ་ལ་གང་དུ་ཡང་མ་བཅོས་པར་བཞག་ན། རང་བཞིན་སྤྲོས་བྲལ་མངོན་དུ་འགྱུར་ཞིང༌། བློས་བྱས་ཀྱི་བཟང་ངན་ཇི་ལྟར་བཅོས་ཀྱང༌། གདོད་མའི་གནས་ལུགས་རྟོགས་པའི་ཐབས་ལས་ཕྱིན་ཅི་ལོག་ཏུ་འགྲོ་བ་ཡིན་ནོ། །དེའི་ཕྱིར་སྤྲོས་པ་དང་བྲལ་བའི་དབྱིངས་ལ་རང་བབས་སུ་འཇོག་པ་ནི། ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ཅེས་བྱའོ། །ངོ་སྤྲོད་སྐོོར་གཅིག རྟོག་པའི་སྤྲོས་པ་དང་བྲལ་བ་ཆོས་དབྱིངས་ཡེ་ཤེས། སྟོང་པར་རྟོགས་པ་མེ་ལོང་ཡེ་ཤེས། རང་གི་རིག་པ་སོར་རྟོག་ཡེ་ཤེས། གསལ་ཆ་སྣ་ཚོགས་པར་འཆར་བར་ནུས་པ་བྱ་སྒྲུབ་ཡེ་ཤེས། དེ་རྣམས་དབྱེར་མེད་མཉམ་ཉིད་ཡེ་ཤེས་སོ། །ངོ་སྤྲོད་སྐོོར་གཉིས། ཡང་སྟོང་པ་མི་རྟོག་པ་ཆོས་སྐུ། རིག་པ་ལོངས་སྐུ། གསང་བ་སྤྲུལ་སྐྲུ། དབྱེར་མེད་བདེ་ཆེན་ངོ་བོ་ཉིད་ཀྱི་སྐུར་ཐག་བཅད། ངོ་སྤྲོད་སྐོར་གསུམ་པའོ། །གོང་དུ་བཤད་པའི་དབང་པོ་རབ་ཀྱི་དམིགས་པ་འདིར་བསྟན་ཏེ། དེ་ཡང་སེམས་ཀྱི་འཆར་སྒོ་ཡུལ་སྣང་དང་རྣམ་རྟོག་གི་རྣམ་འགྱུར་ཅི་ཤར་ཡང༌། དེ་དག་ཐམས་ཅད་རང་བཞིན་གང་གིས་ཀྱང་མ་བསྒྲིབས་པ་ཤིན་ཏུ་གསལ་བ། གནས་དུས་ཁ་དོག་དབྱིབས་སོགས་ངོས་བཟུང་ཐམས་ཅད་དང་བྲལ་བས་སྟོང་པ། རིག་པའི་རྩལ་གང་དུ་ཡང་མ་འགགས་པའི་མཚན་ཉིད་ཅན། རང་གིས་རིག་པའི་ཡེ་ཤེས་སྐད་ཅིག་མའི་ངོ་བོ་རང་ཤར་བ་དེ། རང་ངོ་ཤེས་པའི་ཚུལ་གྱིས་བཟོ་བཅོས་མེད་པར་


TNT06_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བ་ནི་ལམ་འདིའི་གནད་ཀྱི་སྙིང་པོ་ཡིན་ནོ། །ངོ་སྤྲོད་སྐོར་བཞི་པའོ། །དེ་ལྟར་དམིགས་སྐོོར་གསུམ་ངོ་སྤྲོད་བཞིའི་དོན་བསྒོམ་པ་ཐམས་ཅད་ལ་འཇུག་ཏུ་དགེ་བ་བྱང་ཆུབ་ཏུ་བསྔོ། ཐུན་མཚམས་སུ་ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་པར་བྱའོ། །འདི་དག་ནི་ཡིག་རྙིང་ལྟར་ས་བོན་ཙམ་སྨོས་པ་ཡིན་གྱི་རྒྱས་པར་བླ་མ་མཆོག་གི་ཞལ་ལས་བླང་བར་བྱའོ། །གསུམ་པ་ནི་རྣམ་རྟོག་དྲག་པོས་སེམས་གཙུབས་པའམ། ཉམས་ངའི་རྣམ་པ་ཅི་ཤར་ཡང༌། འདི་ཉིད་ལ་འབད་པས་ངེས་པར་སེལ་ཞིང༌། སྤྲོས་མེད་དངོས་གཞིའི་རྣལ་འབྱོར་གྱི་ཐུན་འཇུག་ཏུ་ཡང༌། ལན་རེ་ངེས་པར་སྒོམ་དགོས་པ་ཡིན་ནོ། །དེ་ཡང་རང་གཤིན་རྗེ་གཤེད་ཀྱི་སྐུ་ཁོང་སྟོང་དུ་གསལ་བཏབ། རྣམ་རྟོག་ཐམས་ཅད་བུ་ག་དགུ་ནས་འཚུབ་མ་ལྟ་བུའི་རྣམ་པས་སུར་གྱིས་བཅུག་ནས་སྙིང་གར་འདུས་པས་འོད་ཀྱི་གོང་བུ་གཅིག་ཏུ་སོང༌། དེ་ཡང་དཀར་ལ་འགྲིལ་བ་གསལ་ལ་འཚེར་བ་མཐེ་བོང་གི་ཚད་ཙམ་གཅིག་ཏུ་གྱུར། སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ། གཡས་གཡོན་མདུན་རྒྱབ་སྟེང་འོག་ཐམས་ཅད་དུ་སྐད་ཅིག་ཀྱང་སྡོད་པའི་སྐབས་མེད་པར་ཤུགས་དྲག་པོས་ཡར་འགྲོ་མར་འགྲོ་བྱེད་པར་བསམ། དེ་ནས་སྙིང་དཀར་ནག་གི་མཚམས་ནས་བུ་ག་ཞིག་ཧར་གྱིས་ཕྱེ་ནས། སྐྱེས་བུ་སྟོབས་ཅན་གྱིས་མདའ་འཕངས་པའམ་སྐར་མདའ་འཕོ་བ་ལྟ་བུའི་ཤུགས་ཀྱིས་ཕྱིའི་རྒྱ་མཚོ་ཆེན་པོའི་འགྲམ་དུ་དཀར་ཡེར་གྱིས་སླེབ་པར་བསམ། དེར་ཅུང་ཞིག་ངལ་གསོ། ལུས་གཤིན་རྗེ་གཤེད་ཀྱི་སྐུ་ཁོང་སྟོང་དེ་ལས་ཀྱི་རླུང་གིས་བརྡས་ཏེ་ནུབ་བདེ་བ་ཅན་གྱི་ཞིང་དུ་སྐད་ཅིག་ཙམ་གྱིས་སླེབ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད། རང་སེམས་འོད་ཀྱི་གོང་བུར་གནས་པ་དེ་ནམ་མཁའ་ལ་ཕྱམས་ཀྱིས་ཁྱབ་ནས། དེ་ཀའི་ངང་དེ་ནས་སྤྲོས་པའི་དབྱིངས་ཐམས་ཅད་དང་བྲལ་བ་ལ་སྔར་བཞིན་མཉམ་པར་བཞག་གོ །གསུམ་པ་རྗེས་ལ།


TNT06_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་པའི་ཐབས་དང༌། བར་ཆད་བསལ་བའི་ཆོས་གཉིས་ལས། དང་པོ་ལ་དྲུག་སྟེ། བྱིན་རླབས་བླ་མའི་རྣལ་འབྱོར། མཉམ་མེད་སྙིང་རྗེའི་རྣལ་འབྱོར། རྩ་བ་རྒྱུའི་རྣལ་འབྱོར། སྲོག་རྩོལ་རླུང་གི་རྣལ་འབྱོར། རྟེན་འབྲེལ་རྫས་ཀྱི་རྣལ་འབྱོར། རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ཏེ་དྲུག་ལས། དང་པོ་བྱིན་རླབས་བླ་མའི་རྣལ་འབྱོར་ནི། སྐྱབས་སེམས་སྔོོན་དུ་འགྲོ་བས། རང་ཉིད་གཤིན་རྗེ་གཤེད་དུ་བསྒོམ། སྤྱི་བོར་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ་བླ་མ་བཞུགས་པ་ལ། མོས་གུས་དུང་བ་བྱ་ཞིང༌། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཡིན་སྙམ་པ་དང༌། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་ཀྱང་ཆེས་བཀའ་དྲིན་ཆེ་བའི་ཚུལ་བསམས་ཏེ། མོས་གུས་ཀྱི་གདུང་ཤུགས་དྲག་པོ་གཅད་དུ་མེད་པ། སྐད་ཅིག་ཀྱང་མ་ཡེངས་པར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་བླ་མ་དམ་པས། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་ལ་ཐུགས་རྗེས་བཟུང་དུ་གསོལ། ཞེས་པ་ལ་སོགས་པ་གསོལ་བ་ཅི་ནུས་སུ་བཏབ། མོས་གུས་ཀྱིས་བློ་བསྒྱུར་ནས་ཤེས་པ་དེས་ཆད་པའི་དུས་སུ་བླ་མ་རང་ལ་ཐིམ། བླ་མའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་དུ་མོས་ནས། ལྷོད་ཀྱིས་ཀློད་ལ་བཞག་གོ །ཐུན་མཚམས་ཐམས་ཅད་དུ་ཡང༌། ནམ་དྲན་རེས་ཀྱིས་དེ་ཁོ་ན་བཞིན་དུ་གསོལ་བ་འདེབས། མཚན་མོ་ཉལ་བ་ན། སྤྱི་བོར་བླ་མ་བསྒོམས་ལ། སྔར་བཞིན་གསོལ་བ་བཏབ་པས་བླ་མ་སྤྱི་བོ་ནས་མར་བྱོན། སྙིང་འོད་ཀྱི་གུར་ཁང་དུ་གསལ་བའི་དབུས་སུ་བཞུགས་པ་ལ། མོས་གུས་ཀྱི་གདུང་བ་དང་བཅས་ཏེ་སེམས་བཞག་ནས། དེ་ཁའི་ངང་ལ་གཉིད་དུ་འགྲོ་བར་བྱ་སྟེ། གཉིད་ཀྱི་འོད་གསལ་


TNT06_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པ་དང་བར་ཆད་བསྲུང་བ་ལ་སོགས་པ་ཕན་ཡོན་མང་པོ་དང་ལྡན་པ་ཡིན་ནོ། །ཉལ་རྣལ་འབྱོར་འདི་དཀྱུས་ན་མེད་ཞལ་གྱི་གདམས་པའོ། །ཉིན་མཚན་ཐུན་ཐུན་མཚམས་གང་ལའང་མོས་གུས་དྲག་པོའི་སྟོབས་ཀྱིས་རྣམ་རྟོག་རགས་པ་འགགས་ནས་སེམས་ལྷན་ནེ་གནས་པའི་དུས་སུ་སྤྲོས་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡུན་རིང་དུ་བསྐྱང་ངོ༌། །གཉིས་པ་མཉམ་མེད་སྙིང་རྗེའི་རྣལ་འབྱོར་ནི། ལུས་གནད་སོགས་སྤྱོད་ལམ་ཆ་མཉམ། སྐྱབས་འགྲོ་སེམས་བསྐྱེད་བྱས་ཏེ་རང་ཉིད་གཤིན་རྗེ་གཤེད་དུ་བསམ། བླ་མ་སྤྱི་བོར་བསྒོམས་ལ་གསོལ་བ་བཏབ། རང་ལ་གནོད་པ་བྱེད་པའི་དགྲ་ལྟ་བུ་ཞིག་མདུན་དུ་དམིགས་ཏེ། དེ་རང་གི་ཚེ་འདི་དངོས་ཀྱི་མ་ལྟ་བུ་རང་གང་བརྩེ་བ་གཅིག་ཏུ་བསམ། ལུས་སེམས་རྩེ་གཅིག་ཏུ་བསྒོམས་ལ། བདག་ལ་གནོད་པ་བྱེད་པ་འདི་སྙིང་རེ་རྗེ། འདི་བདག་གི་དྲིན་ཅན་གྱི་མ་ཡིན་ཤིན་ཏུ་བརྩེ་བས་ཕན་དཔག་ཏུ་མེད་པ་བཏགས་སྙམ་དུ་བྱས་ལ། ངག་ཏུ་ཡང་བདག་ལ་གནོད་པ་བྱེད་པ་འདི་སྙིང་རེ་རྗེ། ཞེས་ལན་བརྒྱའམ་ལྔ་བཅུའམ་ཉེར་གཅིག་ཙམ་བགྲང་ངོ༌། །ཡང་རྒྱུ་མཚན་ཅིས་སྙིང་རྗེ་སྙམ་ན། འདི་སྐྱེ་བ་དཔག་ཏུ་མེད་པར་མ་ཡིན་ལ། མ་བྱས་རེས་ཀྱི་ཕན་དཔག་ཏུ་མེད་པ་བཏགས་པས་སྙིང་རེ་རྗེ་སྙམ་དུ་བསམ་ཞིང༌། ཡང་སྔར་བཞིན་བརྗོད་ལ་བསྒོམ། ཡང་ཅིས་སྙིང་རྗེ་ན། དེ་ལྟར་དྲིན་ཆེ་བ་ཡིན་པ་ལ། ད་ལྟར་སྨྱོན་པ་ལྟར་རང་དབང་མེད་པས། མ་བུའི་འབྲེལ་བ་ཅན་དུ་མ་ཤེས་པར་བདག་བུ་ལ་གནོད་པ་བྱེད་པ་འདི་སྙིང་རེ་རྗེ་སྙམ་དུ་བསན་ཞིང་གོང་བཞིན་ངག་ཏུ་བརྗོད། ཡང་ཅིས་སྙིང་རྗེ་ན། དེ་ལྟར་གནོད་པ་བྱས་པས། ལས་ངན་གྱི་དབང་གིས་དམྱལ་བར་འགྲོ་བ་སྙིང་རེ་རྗེ་སྙམ་དུ་བསམ་ཞིང་སྔར་བཞིན་བརྗོད། དེ་ལྟར་རྒྱུ་མཚན་བསམ་ཞིང་སྙིང་རྗེ་བསྒོམས་ཏེ། རང་དབང་མེད་པར་མཆི་མ་འབྱུང་ཞིང་བ་སྤུ་ལྡང་བ་དང༌།


TNT06_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཟུངས་མི་ཐུབ་པ་ཙམ་བྱུང་བྱུང་གི་བར་དུ་འབད། ཐུན་འཇུག་ཏུ་གནོད་བྱེད་འདིས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་ཀྱིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་ལ། སེམས་ཅན་ཐམས་ཅད་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་གོ་འཕང་ཐོབ་པར་ཡང་བསམ། དེ་ལྟར་སྣང་བ་དེ་ཐམས་ཅད་ཀྱང་རང་གི་སེམས་སུ་ཤེས་པར་བྱས་ཏེ། སྔར་བཞིན་སྤྲོས་མེད་ཀྱི་ངང་བསྐྱང་ངོ༌། །གནོད་བྱེད་ཀྱིས་མཚོན་ནས་དགྲ་གཉེན་བར་མ་རྣམས་དང་སེམས་ཅན་ཐམས་ཅད་ལ་རིམ་གྱིས་བསླབ་བོ། །གསུམ་པ་རྩ་བ་རྒྱུའི་རྣལ་འབྱོར་ནི། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་ཏེ། རྒྱུན་གྱི་ཉམས་ལེན་རྐྱེན་དང་བསྲེ་བ་གཉིས་ལས། དང་པོ་ནི། སྐྱབས་སེམས་དང༌། རང་གཤིན་རྗེ་གཤེད་དུ་གསལ་བ་སྤྱི་བོར་བླ་མ་བསྒོམ་པ་རྣམས་བྱས་ལ། སེམས་ཅན་ཐམས་ཅད་བློའི་ཡུལ་དུ་བསམས་ནས། སྔར་བཞིན་སྙིང་རྗེ་དྲག་ཏུ་བསྒོམ། དེ་རྣམས་ལ་གང་གིས་གནོད་ན། སྡིག་པ་དང་སྡུག་བསྔལ་གྱིས་གནོད། ཅིས་ཕན་ན་བདེ་བ་དང་དགེ་བས་ཕན་པར་ཤེས་ནས། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པ་དང༌། བདག་གི་བདེ་བ་དང་དགེ་བ་ཐམས་ཅད་སེམས་ཅན་ལ་སྨིན་ཏེ། སེམས་ཅན་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་བསམ་གྱིས་མི་ཁྱབ་པ་དང་ལྡན་ན་ཅི་མ་རུང་སྙམ་པས། སེམས་ཅན་ཀུན་གྱི་སྡུག་བསྔལ་བདག་ལ་སྨིན། །བདག་གི་དགེ་བས་དེ་ཀུན་བདེ་ཐོབ་ཤོག །ཅེས་ངག་ཏུ་བརྗོད། དེ་ཡང་སེམས་ཅན་གྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན། བདག་ཉིད་ཀྱི་དགེ་བ་དང་བདེ་སྐྱིད་ཐམས་ཅད་སྙིང་ག་ནས་ཕར་ཉི་མ་ཤར་བ་ལྟ་བུའི་འོད་ཟེར་གྱི་རྣམ་པར་སྤྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་ཐམས་ཅད་འཇམ་པའི་དབྱངས་ཀྱི་གོ་འཕང་ཐོབ་པར་བསམ་མོ། །དེ་ཉིད་ཡང་ནས་ཡང་དུ་རྟག་ཏུ་


TNT06_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། རྐྱེན་ཐོག་ཏུ་དབབ་པ། ནད་ཐོག་ཏུ་དབབ་པ། གདོན་ཐོག་ཏུ་དབབ་པ། འདི་གསུམ་ཅར་ལ་ཡང་སྔོན་འགྲོ་སྔ་མ་དང་འདྲ་བ་ལས། དང་པོ་ནི་རྐྱེན་གྱི་སྟོབས་ཀྱིས་ཉོན་མོངས་པ་དང༌། སྡུག་བསྔལ་དང༌། སེམས་སྐྱོ་ཞིང་བློ་མི་ཆགས་པ་དང༌། བྱ་བ་མ་གྲུབ་པ་དང༌། ཡིད་མི་བདེ་བ་ཅི་བྱུང་ཡང༌། དེ་ཁའི་སྟེང་དུ་རིགས་མཐུན་གཙོ་བོར་གྱུར་པའི་ཁམས་གསུམ་གྱི་ལས་ངན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་བསྡུས་པའི་དམིགས་པ་སྨོན་ལམ་དང་སྦྲགས་ནས་བྱེད་པ་ཡིན་ཏེ། དཔེར་ན། རང་རྒྱུད་ལ་ཞེ་སྡང་སྐྱེས་པའི་ཚེ་སེམས་ཅན་ཞེ་སྡང་ཅན་རྣམས་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་བདག་གི་འདི་ལ་སྨིན་པར་གྱུར་ཅིག སེམས་ཅན་ཐམས་ཅད་ཞེ་སྡང་དང་བྲལ་བར་གྱུར་ཅིག གཞན་ཡང་རྒྱུ་ལས་དང་ཉོན་མོངས་ཇི་སྙེད་ཡོད་པ་ཐམས་ཅད་བདག་གི་ཞེ་སྡང་འདི་ལ་སྨིན་པར་གྱུར་ཅིག བྱེ་བྲག་ཏུ་དམྱལ་བའི་སྡུག་བསྔལ་ནས་བརྩམས་ཏེ་རིགས་དྲུག་གི་སྡུག་བསྔལ་རེ་རེ་ནས་བསམས་ནས། དེ་ཐམས་ཅད་བདག་གི་འདི་ལ་སྨིན་པར་གྱུར་ཅིག ཅེས་ངག་ཏུ་བརྗོད་ཅིང་ཡིད་ལ་དྲག་ཏུ་བསམ། ཐུན་འཇོག་ཁར་ལྷ་སྐུ་དང་སྤྲོས་མེད་ལ་སེམས་མཉམ་པར་འཇོག་པའོ། །དེས་མཚོན་པའི་གཉིས་པ་ནད་ལ་ཡང༌། གང་ན་བ་དེ་ཉིད་ཀྱི་རིགས་མཐུན་པའི་ནད་རྣམས་ཐོག་མར་བདག་གི་དེ་ལ་སྨིན་པར་བསམ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྡུག་བསྔལ་ཐམས་ཅད་བསྡུ་བའི་དམིགས་པ་སྔར་བཞིན་བྱ། གསུམ་པ་བདག་ལ་གདོན་གྱི་གནོད་པ་ཡོད་ན་ཡང༌། སེམས་ཅན་གདོན་གྱི་གནོད་པ་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྣམས་བདག་གི་འདིའི་སྟེང་དུ་འདུས་པར་གྱུར་ཅིག་སྙམ་དྲག་ཏུ་བསམ་ཞིང་ངག་ཏུ་ཡང་བརྗོད། གཞན་ཡང་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྡུག་བསྔལ་ཐམས་ཅད་བསྡུ་བའི་དམིགས་པ་ནི་གོང་དང་འདྲའོ། །


TNT06_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་བི་དྷ་ར་རྡོ་རྗེའི་རྣལ་འབྱོར་རམ་སྲོག་རྩོལ་རླུང་གི་རྣལ་འབྱོར་ནི། སྐྱབས་སེམས་ལྷ་བསྒོམ་བླ་མ་དྲན་པ་སྟེ། ཐུན་གྱི་སྔོན་འགྲོ་བཞི་པོ་གོང་བཞིན་བྱས་ལ། ལུས་གནད་སྤྱི་དང་འདྲ། རང་ཉིད་གཤིན་རྗེ་གཤེད་ཀྱི་སྐུ་འཇའ་འོད་ལས་གྲུབ་པ་ཁོང་སྟོང་དར་དམར་གྱི་རྐྱལ་པ་ལྟ་བུ་སྟོང་སང་ངེ་བ་སྒོམ་པ་ཞག་འགའ་བྱེད། དམིགས་སྐོར་གཅིག །དེ་ནས་འཇམ་རླུང་བཟུང་སྟེ་རླུང་རེངས་འདུལ་བ་དང༌། ཡན་ལག་ལྔ་པ་བྱ། དམིགས་སྐོར་གཉིས། དེ་ནས་ཡང་དེ་བཞིན་དུ་བསྒོམས་ལ། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། ལག་ལེན་བཞིན་ཧཱུཾ་གསུམ་གྱིས་སྟོད་ཀྱི་རླུང་རོ་བསལ། ཧ་གསུམ་གྱིས་སྨད་ཀྱི་རླུང་རོ་བསལ། བགང་བ་ནི། རླུང་སྒྲ་མེད་དུ་བརྔུབས་པས། རླུང་འོད་ཟེར་སྣ་ལྔ་པའི་རྣམ་པས། སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཁྲིག་མེར་གྱིས་གང་བར་བསམས་ལ། མི་བདེ་བ་མེད་ཀྱི་བར་དུ་བཟུང༌། མི་བདེ་བ་སྐྱེས་ན་ཕྱིར་གསེང་བ་སྟེ་དམིགས་སྐོར་གསུམ། དེ་ནས་ཞི་བའི་སྦྱོར་བ་ལ་བསླབ་པར་བྱ་སྟེ། གཞན་རྣམས་ཐམས་ཅད་གོང་བཞིན་ལས། རླུང་བཟུང་བས་ཅུང་ཟད་མི་བདེ་བ་སྐྱེས་པ་ན། བཟུང་བ་དེ་ཉིད་མ་ཤོར་བའི་ངང་ནས། སླར་དྲག་ཏུ་རྔུབ་མཐེན་དཀྲུག་བྱ་དམིགས་སྐོར་བཞིའོ། །དེ་ནས་རླུང་སྦྱོར་དེ་ཀའི་ངང་ནས་འཁྲུལ་འཁོར་བཞི་པོ་འདི་ཅི་རིགས་ཞིག་བྱ་སྟེ། དེ་ལ་དང་པོ་སྲུབས་ཤིང་བསྲུབ་པ་ནི། ལག་མཐིལ་གཉིས་པུས་མོ་ལ་བཀབ། ལུས་གཡས་གྱེན་དུ་བཏེག་ལ་ལག་པ་བརླ་སྟེང་ལ་བཤུད་ཅིང་གསང་གནས་སུ་བསྲུབ། རྩ་གཡས་ཀྱི་རླུང་དབུ་མར་སིབ་ཀྱིས་སོང་བར་བསམ། རང་ལུས་གཡོན་གྱེན་དུ་བཏེག་ལ་གསང་གནས་སུ་སྲུབ། རྩ་གཡོན་གྱི་རླུང་དབུ་མར་སིབ་ཀྱིས་སོང་བར་བསམ་པའོ། །དེ་ཡང་དང་པོ་དལ་བུས་བྱ། དེ་ནས་དྲག་ཏུ་བྱེད་པ་ལན་གསུམ་


TNT06_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བྱ་སྟེ། དམིགས་སྐོར་ལྔའོ། །གཉིས་པ་རྒྱ་མཚོ་བསྐྱོད་པ་ནི། བགང་གཞིལ་སྔ་མ་ལྟར་བྱས་ལ། ལག་མཐིལ་གཉིས་པུས་མོ་སོ་སོ་ལ་བཀབ་ལ། འོག་རླུང་བསྐུམ་ལ་གསུས་པ་ཟླུམ་པོ་ལྡིར་གྱིས་བྱས་ཏེ། གཡས་སུ་ལན་གསུམ་འཁོར་ལོ་ལྟར་བསྐོར་ཞིང༌། གཡས་སུ་སྤྲུག དེ་བཞིན་དུ་གཡོན་དུ་བསྐོར་ཞིང༌། གཡོན་དུ་སྤྲུག མ་ཐུབ་ན་དལ་གྱིས་གཏོང་བ་ལན་གསུམ་བྱའོ། །གསུམ་པ་བསད་པ་ནོར་ལྷ་གཉིས་ནི། ཙོག་པུར་བསྡད་ལ། ལག་པ་གཡས་ཀྱིས་གཡོན་པའི་འཁྲིག་མ་ལ་བཟུང་ཙོག་པུའི་པུས་མོ་ལ་འཁྱུད་ལ། རང་བྱུང་གི་སྒོམ་ཐག་བཅིངས་ཏེ། བགང་གཞིལ་སྔར་ལྟར་བྱས་ལ། སྟེང་འོག་གི་རླུང་བཅིངས་ཏེ། དང་པོ་གཡས་སུ་གཅུ་བ་གཉིས། དེ་ནས་གཡོན་དུ་གཅུ་བ་གཉིས་ཏེ་བཞི། གདན་དང་མ་བྲལ་བར་ལུས་ཐམས་ཅད་གཡས་སུ་བསྐོར་བ་གཉིས། གཡོན་དུ་བསྐོར་བ་གཉིས་ཏེ་བརྒྱད་པུས་མོས་ཕར་ཕུལ་རྒུར་ནས་ལྟོ་བ་ནང་དུ་འཐེན་པ་གཉིས། རྐེད་པ་བཀན་པ་ཕྱིར་འཕུལ་བ་གཉིས་ཏེ། བཅུ་གཉིས་གྱེན་དུ་མཐེན་ནས་འཕར་བ་གཉིས། འོག་ཏུ་བརྡབ་པ་གཉིས་ཏེ་བཅུ་དྲུག་གོ །མཐར་རླུང་དལ་བུས་གཏོང་བ་ལན་གསུམ་བྱའོ། །བཞི་པ་ཡན་ལག་བརྐྱང་བསྐུམ་ནི། སྐྱིལ་ཀྲུང་བགང་གཞིལ་སྔར་ལྟར་བྱས་ལ། ལག་གཉིས་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ། རོ་སྟོད་ཕྱི་ལ་བཀན། མིག་བགྲད་ལ། ཀོས་ཀོ་བྲང་དང་རྣ་བ་ཕྲག་པ་གཡས་གཡོན་གྱི་སྟེང་དང༌། ལྟག་པ་རོ་སྟོད་ལ་རེག་པའི་མགོ་བོ་གཡས་སུ་ལན་གསུམ་བསྐོར། དེ་ནས་ལག་པ་རྡོ་རྗེ་ཁུ་ཚུར་སོ་སོར་བཅིངས་པ་གཉའ་གོང་དུ་བསྣོལ་བའི་སྟེང་ནས། གཡས་གཡོན་དུ་བསྐོར་ཞིང་ཐད་ཀར་རྒྱང་རྒྱང་འཕང༌། སླར་བསྐུམ་པ་གཉའ་གོང་དུ་བསྣོལ་ནས་ཡང་བརྐྱང་བ་ལན་གསུམ་བྱ་སྟེ། ལག་པ་བརྐྱང་བའི་དུས་སུ་སོར་མོ་ཕྲལ་ལ་བརྐྱང༌། བསྐུམ་པའི་


TNT06_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་ཁུ་ཚུར་བཅིང་ངོ༌། །དེ་ནས་ལངས་ལ་རྐང་པ་གཉིས་གཤིབས། ལག་གཉིས་རྐེད་པར་བཞག རླུང་བཟུང་ལ་རྐང་པ་གཡས་མདུན་དུ་ལན་གསུམ་བརྐྱང་བསྐུམ་སྤྲུག གཡོན་རྒྱབ་ཏུ་ལན་གསུམ་བརྐྱང་བསྐུམ་སྤྲུག ཡང་གཡས་རྒྱབ་ཏུ་ལན་གསུམ་བརྐྱང་བསྐུམ་སྤྲུག གཡོན་མདུན་དུ་ལན་གསུམ་བརྐྱང་བསྐུམ་སྤྲུག རླུང་དལ་གྱྀས་བཏང་བ་ལན་གཅིག་བྱའོ། །དེ་ཡང་རྐང་པ་བརྐྱངས་དུས་སོར་མོ་རྣམས་བསྐུམ། བསྐུམ་དུ་སོར་མོ་རྣམས་བརྐྱང་ངོ༌། །དེ་ལྟར་སྲུབས་ཤིང་བསྲུབ་པ་ནས་བརྩམས་ཏེ་ལན་བཅུ་ལ་སོགས་པ་བྱ། དེ་ཡང་དང་པོ་ཤུགས་ཆུང་ལ་གྲངས་ཉུང་ལ་དལ་བར་བྱ། གོམས་ནས་གྲངས་མང་ཞིང༌། འཆུན་དང་རྩལ་བསྐྱེད་ལ་གཅིག་རྗེས་ལ་གཅིག་དྲག་ཏུ་བྱ། ཐམས་ཅད་ལ་རླུང་མ་ཐུབ་ན་དལ་གྱིས་བཏང༌། རླུང་རོ་བསལ་ལ་ཤེས་པ་ཀློད་དེ་སྤྲོས་མེད་ཀྱི་སྟེང་དུ་བཞག་གོ །འོན་ཀྱང་འདིར་མན་ངག་ཕྱག་བཞེས་ནི་འདི་བཞི་པོ་ལ་རླུང་ཕྱིར་འཛིན་རེ་དང་ནང་འཛིན་རེ་ཏེ་འཁྲུལ་འཁོར་བརྒྱད་དུ་མཛད་དེ་གནད་ཆེན་པོ་དང་ལྡན་པའོ། །དེ་རྣམས་ཀྱིས་ནི་རླུང་སེམས་དབུ་མར་འཇུག་པ་དང༌། རྩ་མདུད་གྲོལ་བས་དུ་བ་ལ་སོགས་པའི་རྟགས་འབྱུང་ཞིང༌། རིམ་གྱིས་མངོན་པར་ཤེས་པ་ལྔ་སྐྱེ་བར་འགྱུར་རོ། །ལྔ་པ་རྟེན་འབྲེལ་རྫས་ཀྱི་རྣལ་འབྱོར་ནི། སློབ་དཔོན་ཉིད་ཀྱིས་གཞུང་ལས། དག་པའི་བཞི་མཉམ་བླངས་བྱས་ཏེ། །གླ་བ་ཡིས་ནི་དུག་མེད་འགྱུར། །གན་ཛི་དང་ནི་ཨ་རུ་ར། །ལྒ་སྐྱ་མར་དང་ལྷན་ཅིག་སྦྱར། །གསང་སྔགས་བཟླ་ཞིང་ཞག་བདུན་སྒྲུབ། །ཅེས་གསུངས་ཏེ། དེ་ཡང་མར་སྲང་བདུན། བུ་རམ་སྲང་བདུན། ལྒ་སྐྱ་ཇི་ལྟར་འོས་པ། སྦྲང་སྲང་གསུམ། ལུག་ཁུར་མ། བ་རུ་ར། ཨ་རུ་ར་གསེར་མདོག མུ་ཟི་སྲང་གང༌། ཤ་དང་སྔོ་རྔད་ལ་སོགས་པ་མ་ཟོས་པའི་བཞི་མཉམ་བསགས་པ་ལན་གསུམ་དུ་བཏོན་ནས་རྡོ་ལེབ་གཙང་མའི་ཁར་


TNT06_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བརྡལ་ལ། བསྐམས་པ་དང་ཞིབ་ཏུ་བཏགས་པ། སྦྲང་བུ་རམ་སོགས་མངར་གསུམ་གྱིས་མགོ་བསྡུས་ནས། རིལ་བུ་ཤ་བའི་རིལ་མ་ཙམ་བྱས་ལ། རྐྱལ་པ་སྲུབ་མེད་པར་བླུགས་ཏེ། ས་ལ་མ་རེག་པར་མདུན་གྱི་ནམ་མཁའ་ལ་དཔྱངས་ཏེ་བཞག རང་སྨྲ་བ་བཅད་ལ་ཡི་གེ་འབྲུ་གསུམ་གྱི་སྒྲུབ་པ་ཞག་བདུན་བྱའོ། །སྔ་དྲོའི་ཆ་ལ་བདུན་བདུན་བསྟེན། བཅུད་ལེན་གྱི་བསླབ་བྱ་ལ་གནས་པས་དམིགས་པ་གསལ་ཁམས་རྒྱས་སྤྲོས་མེད་ཀྱི་ཏིང་ངེ་འཛིན་སྐྱེའོ། །དུག་འདོན་པ་ནི། རྫའམ་རྡོའི་སྣོད་གཙང་མར་བཞི་མཉམ་གྱི་ཕྱེ་མ་ལ་དྲི་ཆུ་དྲོན་མོ་བླུག་ནས་ལེགས་པར་བསྣུར་བ་དྭངས་སུ་གཞུག དེ་ནས་ཁུ་བ་བཞུར་ལ་དབོ། ཡང་དྲི་ཆུ་བར་བ་བླུག་ཅིང་དྭངས་པ་དབོ། དེ་འདྲ་བ་ལན་གསུམ་བྱས་པས་དུག་བཏོན་ལ། དེ་ནས་བསྐམ་མོ་གསུང༌། དྲུག་པ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ནི། རྣམ་པ་གཉིས་ཏེ་རང་ལུས་ཐབས་ལྡན་དང༌། གཞན་ལུས་ཤེས་རབ་བོ། །དང་པོ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ལ་ཡང་གཏུམ་མོའི་རྣལ་འབྱོར་དང༌། ཐིག་ལེའི་རྣལ་འབྱོར་རོ། །དང་པོ་ནི། སྔོན་འགྲོ་རྣམས་གོང་བཞིན་བྱས་ལ། རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཆོས་བཞི་ལྡན། ཡར་སྣ་སྤྱི་བོ་དང༌། མར་སྣ་ལྟེ་བར་ཟུག་པ། མས་སྣར་གཏུམ་མོའི་མེ་འབར་བ། མེ་ལྕེ་རྩེ་མོ་སོར་བཞི་ཚུན་ཆད་དབུ་མའི་ནང་དུ་འབར་ཞིང༌། མེ་ལྕེའི་ལག་རྣམས་ཕྱི་ལ་ཡང་ལྷག་ལྷག་ཡོད་པ། སྙུག་འདོམ་གྱི་བཅད་ཁ་ལ་མེ་སྦར་ནས་ཁ་ཐུར་དུ་བསྟན་པ་ལྟ་བུ་ཞིག་བསྒོམས་ལ། རླུང་བུམ་པ་ཅན་གྱི་སྦྱོར་བ་ལྟེ་བར་ཁ་སྦྱོར་དུ་བཟུང་བས། རླུང་རྣམས་ལྟེ་བའི་མེ་ལ་ཐིམ་པར་བསམ། དམིགས་པ་མེ་ལྕེ་ལ་རྩེ་གཅིག་ཏུ་གཏད་ན་མེ་ལྕེ་ཅུང་ཟད་གཡོ་བའི་རྐྱེན་གྱིས་བདེ་བ་སྐྱེས་པར་བསམ། དབང་གི་ཡེ་ཤེས་ཀྱི་ཉམས་མྱོང་ཡོད་ན་དྲན་པར་བྱས་ལ་མཉམ་པར་བཞག དེ་ལྟར་རླུང་


TNT06_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཐེངས་འགའི་བར་དུ་དམིགས་པ་ཤིན་ཏུ་འཇུར་བར་བྱས་ཏེ། དེའི་ཉམས་མྱོང་དང་ཤིན་ཏུ་སྤྲོས་མེད་ཀྱི་ཡེ་ཤེས་བསྲེས་ལ་མཉམ་པར་བཞག དེ་ལྟར་ཡང་ཡང་བསྒོམ། གཉིས་པ་ནི། སྔོོན་འགྲོ་སོགས་འདྲ་བ་ལ། དབུ་མའི་ཡས་སྣ་སྤྱི་བོས་སླར་མདུན་ཕྱོགས་ན་ཕར་འཁྱོགས་ཏེ་སྨིན་མཚམས་སུ་ཟུག་པ། མས་སྣ་གསང་གནས་སུ་སླེབ་ཅིང་ནོར་བུའི་རྩེ་མོའི་བར་འཁྱོགས་པ་ཞིག་གསལ་བཏབ་ནས། སྔར་བཞིན་རླུང་རོ་བསལ་ལ། རླུང་ནང་དུ་རྔུབས་ཏེ། གསང་བའི་བར་དུ་རླུང་དམག་དྲག་ཏུ་མནན། ཡང་ཡར་འཐེན་ཏེ། སྟོད་དུ་དྲངས། སླར་ལྟེ་བ་ཁ་སྦྱོར་ཕྱིར་དྲག་ཏུ་བསྐྱེད་པ་ལ་རིང་དུ་བསླབ། ཡང་དེ་གོ་ཟློག་ཕྱིར་བཟུང་བ་ལ་ཡང་བསླབ་བོ། །དམིགས་པ་ནི། རླུང་འོད་ཟེར་སྣ་ལྔའི་རྣམ་པར་སྣ་སྒོ་ནས་ཡར་སོང༌། སྨིན་མཚམས་ནས་དབུ་མའི་ནང་དུ་ཞུགས། སྤྱི་བོ་ནས་ལིང་གའི་རྩེ་མོའི་བར་དུ་འོད་ཟེར་སྣ་ལྔ་དུ་བ་ལྟར་ཁྱུ་ལུ་ལུ་དབུ་མའི་ནང་ནས་འགྲོ་བ་དང༌། ནོར་བུ་འཁྱིལ་བ་འཇའ་འོད་ཀྱི་ཐིག་ལེ་ལྟ་བུ་ལ་སེམས་གཏད། ཡང་སྟེང་དུ་སྤོས་དུད་ལྟར་འགྲོ་བར་བསམ་མོ། །གཉིས་པ་དངོས་གཞི་ནི་ལོགས་སུ་གསལ་ལ་བླ་མའི་ཞལ་ལས་ཀྱང་བླང་བར་བྱའོ། །རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་ཚིག་འབྱེད་ནས་ཁ་འགེངས་པ་ནི་རང་ལུགས་སུ་མི་འགྲོ་ལ། ཤར་བའི་རྨི་ལམ་མ་ཡིན་ཟེར་བ་དེ་ལ་ནི་སྙིང་པོ་ཅི་ཡང་མི་སྣང་ངོ༌།། །།གཉིས་པ་གཞན་ལུས་ཤེས་རབ་ནི་རྣལ་འབྱོར་བཞི་རིམ་དང་འདྲའོ། །གཉིས་པ་བར་ཆད་བསལ་བའི་ཆོས་ལ། བར་ཆད་ཀྱི་རྒྱུ་ནི་བདག་འཛིན་ཉོན་མོངས་ལས་དང་བཅས་པའོ། །རྐྱེན་ནི་གནས་དང་གྲོགས་ངན་པ་དང༌། ཚེ་འདིའི་བྱ་བ་སྣ་ཚོགས་པ་ལ་ཞེན་པ་དང༌། ཆོས་བརྒྱད་ཀྱི་རྣམ་པར་རྟོགས་པས་ཁྱེར་བ་དང༌། བག་མེད་པའི་སྤྱོད་པ་སོགས་སྣ་ཚོགས་ཀྱིས་བར་ཆད་སྔོན་དུ་འགྱུར་བའོ། །ངོ་བོ་ནི་ན་ཚ་སྡུག་བསྔལ་དང་ཆོས་མིན་གྱི་རྣམ་པར་རྟོག་པ་


TNT06_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལྷོངས་སྣ་ཚོགས་དང་བཅས་པ་འབྱུང་བའོ། །སེལ་བའི་ཐབས་ནི། ནད་གདོན་སྡུག་བསྔལ་ཉོན་མོངས་ཐམས་ཅད་རང་སེམས་སུ་ཤེས་ནས་བླ་མའི་མན་ངག་གིས་བློ་ཐག་བཅད་པའོ། །སེལ་བའི་ཚད་བར་ཆད་དེ་དག་རྩ་བ་ནས་བཟློག་ཅིང་ཞི་བའམ། འཕྲལ་ཉིད་དུ་མ་ཞི་ཡང༌། དེ་རྣམས་ཏིང་ངེ་འཛིན་གྲོགས་སུ་འགྲོ་ཞིང༌། གནས་ལ་བག་ཕེབས་པ་དང༌། ཁོང་བློ་བདེ་བར་འགྱུར་བའོ། །བར་ཆད་བསལ་བའི་མན་ངག་ལ་མོས་གུས་ལ་བརྟེན་པ་དང༌། རང་ལུས་སྦྱིན་པ་དང༌། སྤྲོས་མེད་ཉིད་ལ་བརྟེན་པ་དང༌། རྟེན་བརྟེན་པ་སོ་སོར་འབྱེད་པ་དང༌། རྣམ་རྟོག་དབྱིངས་སུ་གཅོད་པ་ལ་བརྟེན་ནས་བར་ཆད་བསལ་བ་སྟེ་ལྔ་དང༌། བརྟན་པ་ཅུང་ཟད་ཐོབ་པའི་བསྒོམ་པ་སྟེ་དྲུག་ལས། དང་པོ་ནི་སྐྱབས་སེམས་སྔོན་དུ་བཏང་ལ། སྤྱིར་སེམས་ཅན་ཐམས་ཅད་དང་ཁྱད་པར་གནོད་བྱེད་ཡོད་ན། དེ་ཉིད་ལ་སྒོས་སུ་སྙིང་རྗེ་དྲག་ཏུ་བསྒོམ། འདི་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ་སྙམ་པ་དང༌། འདི་ཀུན་འཁོར་བ་ལས་ཐར་བ་གཅིག་བླ་མ་དཀོན་མཆོག་མཁྱེན་ཞེས་བློས་ལིང་གིས་བཀལ་ལ་བཞག རང་གི་སྤྱི་བོར་རྩ་བའི་བླ་མ་སྐུ་དངོས་ཀྱི་རྣམ་པ་ཉིད་དམ། རྡོ་རྗེ་འཆང་ངམ། གཤིན་རྗེ་གཤེད་དམར་གྱི་རྣམ་པ་གང་དུ་བསྒོམ་ཀྱང་རུང༌། དེ་ལ་བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་བསྟིམ། མོས་གུས་དྲག་པོས་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་བར་བསམ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་ལ་སྐྱབས་སུ་མཆིའོ། །བར་ཆད་འདི་ལམ་དུ་ལོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ཅི་ནུས་བཏབ། བླ་མ་རང་ལ་ཐིམ་པས། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པའི་ངང་


TNT06_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྲོས་མེད་ཀྱི་ངང་བསྐྱངས་ཤིང་མཉམ་པར་བཞག གཉིས་པ་ནི། གདོན་ལ་སོགས་པའི་རྣམ་རྟོག་གི་སྤུན་ལངས་པའི་ཚེ། རྟོག་པ་གཞན་གྱིས་བར་མ་ཆོད་པར་ལག་པ་གཡས་སུ་ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་དང་ལྡན་པ་ཞིག་བྱུང་སྟེ། རང་གི་ལུས་ལ་གཅེས་པར་འཛིན་པ་སྙེམས་འཁྲིགས་རྡུལ་ཙམ་ཡང་མེད་པར་དུམ་བུར་གཏུབས། ཤ་ཁྲག་གི་ཚོགས་ནམ་མཁའ་ཁེངས་པ་ཙམ་དུ་གྱུར། ནམ་མཁར་བླ་མ་དང་ཡི་དམ་གྱི་ཚོགས་སྤྱན་དྲངས། རང་ལུས་ཀྱི་ཤ་ཁྲག་གི་ཕུད་བདུད་རྩིར་བསྒྱུར་ནས་ཕུལ་བར་བསམ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད། གནོད་བྱེད་རྣམས་ཀྱིས་གཙོ་བྱས་པའི་སྣང་སྲིད་ལྷ་འདྲེ་བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་ལ་སོགས་པའི་སྲིད་པ་གསུམ་གྱི་མགྲོན་ཐམས་ཅད་སྤྱན་དྲངས། ཇི་ལྟར་འདོད་པ་བཞིན་དུ་ཤ་ཁྲག་གི་ཚོགས་རྣམས་ཟོས་འཐུངས་པས། ཟག་མེད་ཀྱི་བདེ་བས་ཚིམ་ཞིང་དགྱེས་པར་བསམ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད། བདག་དང་གནོད་བྱེད་དང་སྟོན་མོ་ཐམས་ཅད་མི་དམིགས་པར་དབྱིངས་སུ་མཉམ་པར་བཞག གསུམ་པ་ནི། སྔོན་འགྲོ་སྔ་མ་ལྟར་བྱས་ལ། ལྷའི་ང་རྒྱལ་ལ་གནས་པས་ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་པར་བྱས་ཤིང༌། བར་ཆད་རྣམས་སྔར་གྱི་ཐབས་དྲུག་སོགས་ཀྱིས་བསལ་བར་བྱ་སྟེ། རྣམ་རྟོག་ཤས་ཆེ་ན་རྣམ་རྟོག་འོད་གསལ། མོས་གུས་ཆུང་ན་བྱིན་རླབས་བླ་མའི་རྣལ་འབྱོར། ཞེ་སྡང་ཆེས་ན་མཉམ་མེད་སྙིང་རྗེའི་རྣལ་འབྱོར། བདག་འཛིན་ཆེས་ན་རྩ་བ་རྒྱུའི་རྣལ་འབྱོར། འབྱུང་བ་འཁྲུགས་ན་སྲོག་རྩོལ་རླུང་གི་རྣལ་འབྱོར། ལུས་ཟུངས་ངན་ན་རྟེན་འབྲེལ་རྫས་ཀྱི་རྣལ་འབྱོར། འདོད་ཆགས་ཤས་ཆེ་ན་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་རྣམས་གཉེན་པོར་བཏང་ཞིང༌། མཐར་སྤྲོས་མེད་ཉིད་ཀྱི་དབྱིངས་སུ་


TNT06_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱལ་བར་བྱའོ། །དེ་རྣམས་ཀྱིས་ཀྱང་མ་སེལ་ན། རིག་པ་ཧུར་ཕྱུང་ཞིང༌། དཔངས་བཏོད་ལ་ངར་བཏོན། ནད་གདོན་ཉོན་མོངས་རྣམ་རྟོག་ལ་སོགས་གང་མ་སེལ་བ་དེའི་སྟེང་དུ་དབྱིངས་རིག་བསྲེས་ནས་གང་ཤར་དེ་ལ་གཅེར་ཕོག་ཏུ་ངོ་བཟུང་ལ་སྤྲོས་མེད་ཀྱི་ཡེ་ཤེས་ཀྱི་ངང་དུ་ཡང་དང་ཡང་དུ་མཉམ་པར་བཞག་གོ །བཞི་པ་ནི། སྔོོན་འགྲོ་སྔར་ལྟར་ལས། གང་བར་ཆད་དུ་སྣང་བའི་རྣམ་རྟོག་དེ་བུ་ག་དགུ་ནས་སུར་གྱིས་བཅུག་པར་བསམ་པ་སོགས་རྣམ་རྟོག་འོད་གསལ་ལྟར་བསྒོམ་ནས་དབྱིངས་སུ་བསྐྱངས། འཇིགས་པ་དང་ཞུམ་པ་དང༌། སྐྱུག་བྲོ་བ་ལ་སོགས་པ་རྣམ་རྟོག་གི་ཡུལ་གང་ཡིན་པ་དེ་ཐམས་ཅད་རང་སེམས་སུ་ཐག་བཅད་ལ་མཉམ་པར་བཞག ཡང་གནོད་བྱེད་སེམས་ཅན་ཡོད་ན་སྐྱབས་སེམས་སྔོན་དུ་བཏང་ལ། རང་སེམས་སྙིང་གི་དཀྱིལ་འཁོར་དུ་འོད་མར་མེའི་རྩེ་མོ་ལྟར་ཡོད་པ་དེ་སྙིང་གི་ཐད་ནས་བུ་ག་ཕྱེ་ནས་དགྲའམ་བགེགས་ལ་སོགས་པ་གང་ཡིན་དེའི་སྙིང་གི་དཀྱིལ་འཁོར་དུ་སྔར་མདའ་འཕངས་པ་ལྟར་སོང་ནས། དེ་དང་རང་སེམས་དབྱེར་མེད་དུ་བསྲེས། དེ་ཡང་ནམ་མཁའ་ལ་ཡལ་ཏེ་སྤྲོས་བྲལ་གྱི་དབྱིངས་སུ་མཉམ་པར་བཞག ལྔ་པ་ནི། སྔོན་འགྲོ་སྔར་ལྟར་ལས་སེམས་སྐད་ཅིག་ཀྱང་མ་གཡེངས་པར་བྱས་ལ་བར་ཆད་དུ་སྣང་བའི་རྣམ་རྟོག་དེ་ཉིད་ལ་སེམས་གཏད་པས་དེར་འཛིན་གཏད་ཡལ་དུ་སོང་བའི་ངང་ལ་སྤྲོས་མེད་ཀྱི་ཡེ་ཤེས་སྔར་བཞིན་བསྐྱངས། གཞན་ཡང་རྣམ་རྟོག་གང་ཤར་དེ་ཉིད་ལ་སོར་འཇོག་ཏུ་བསྐྱངས་པས། རྣམ་རྟོག་དེ་ཉིད་ཡེ་ཤེས་སུ་གནས་འགྱུར་ཏེ། ང་ཉིད་གཉིས་མེད་ཀྱི་ཡེ་ཤེས་ཡིན་ན་ཁྱོད་སྐྱོན་དུ་ལྟའམ་ཞེས་རྣམ་རྟོག་དེ་ཉིད་ཀྱི་རང་ལ་ངོ་སྤྲད་པ་ལྟར་འགྱུར་རོ། །ཡང་ཁ་ཅིག་གོང་དུ་བསྟན་པའི་གནོད་བྱེད་ལ་སོགས་པ་སེམས་ཅན་ལ་སྙིང་རྗེ་སྒོམ་


TNT06_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཉིད་དམིགས་ཐུན་ལོགས་སུ་བསྐྱངས་ནས་སྐབས་འདིར་ལས་དང་པོ་པའི་སྐབས་ཉིད་ལ་ཆོས་ཚན་དྲུག་ཏུ་འཆད་པའི་ལུགས་ཀྱང་ཡོད་མོད་ཀྱི། བླ་མ་དམ་པའི་མན་ངག་གིས་སྙིང་རྗེ་བསྒོམ་པ་དེ་གཞན་ལྔ་ཅར་གྱི་སྔོན་འགྲོར་གཏོང་བ་འདི། གློ་བོ་ལོ་ཙཱ་བ་ཆེན་པོའི་གཏོང་ཐུན་གྱི་དགོངས་པ་ཡང་ཐུན་མོང་མ་ཡིན་པའོ། །དྲུག་པ་ནི། དེ་རྣམས་ལ་མྱོང་བ་ཐོན་ཅིང་ཅུང་ཟད་བརྟན་པ་ཐོབ་ནས། འཇིག་རྟེན་དང་མཐུན་པའི་རྣམ་གཞག་ལེགས་ཉེས་སྣ་ཚོགས་སུ་འཛིན་པ་སྐད་སྐད་པོ་འདི་ཧྲུལ་པོར་བཤིག་ནས་སྨྱོན་པའི་སྤྱོད་པས། འདྲེ་དང་གནོད་སྦྱིན་དང་སྲིན་པོ་གནས་པའི་ས་ལ་སོགས་པ། གནས་ངེས་མེད་དུ་དུས་ཀྱང་ངེས་པ་མེད་པར་སྤྱོད་ལམ་སྣ་ཚོགས་པས་རྒྱུས་པ་ན། བདེ་སྡུག་ཉམས་མཐོ་དམན་སྣ་ཚོགས་དང༌། ལུས་ངག་སེམས་ཀྱི་འགྱུར་བ་ཅི་ཡང་ཞིག་འབྱུང་སྟེ། དེ་ཐམས་ཅད་སྔར་གྱི་ཐབས་དེ་དག་ལ་བརྟེན་ནས་དབྱིངས་སུ་བཅད་ཅིང་བསྐྲལ་བས། སྤྲོས་མེད་ཀྱི་ཡེ་ཤེས་མཐར་ཕྱིན་པར་འགྱུར་རོ། །ལར་ཆོས་བརྒྱད་ཀྱི་རྣམ་པར་རྟོག་པ་བཤིག་ཅིང་བདག་འཛིན་རྩ་བ་ནས་ཆོད་པ་ཞིག་དགོས་སོ། །དེ་ཐམས་ཅད་བློ་ཡུལ་དུ་གོ་བ་གཅིག་པུས་མི་ཕན་པས། རྩེ་གཅིག་ཏུ་འབད་པ་ཆེན་པོས་རྒྱུད་ཐོག་ཏུ་སྦྱར་ནས་ཉམས་སུ་ལེན་པ་ལ་ཐུན་དང་ཐུན་མཚམས་མེད་ཅིང་སྣང་བ་ཐམས་ཅད་ལ་བསྲེ་ཞིང་བསྒོམས་ན། འཕྲལ་དུ་མངོན་དུ་བྱེད་པ་ཡིན་ནོ། །རྡོ་རྗེའི་ཚིག་རྐང་ལས། ཤིན་དུ་སྤྲོས་མེད་བླ་མའི་གསུང༌། །བློ་ཡི་ཡུལ་དུ་གོ་ན་ཡང༌། །སྤྲོས་བཅས་རྩུབ་མོས་བསྐྱོད་པའི་ཚེ། །བློ་ལ་སྤྲོས་མེད་ཀྱིས་མ་རེག །བློ་ནི་ཕལ་པར་བརྟན་པར་གནས། །དེ་ཚེ་སྤྲོས་པ་སྤྲོད་མེད་དུ། །རོ་གཅིག་མཉམ་པ་ཉིད་དུ་ཐིམ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་དམིགས་པ་སྒོམ་ཚུལ་དམིགས་ཕྱེད་པར་བྱས་


TNT06_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ལ། ཉམས་ལེན་ཕྱག་བཞེས་གོ་རྒྱུ་རྣམས་གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གཏོང་ཐུན་དུ་ཤེས་པར་བྱའོ།། །།འདིར་སྨྲས་པ། འཁྲུལ་འཁོར་མཐར་ཐུག་གཤིན་རྗེ་གཤེད་ཀྱི་རྒྱུད། །ཟབ་མོའི་མཐར་ཐུག་སྤྲོས་པ་མེད་པའི་ལམ། །གྲུབ་པའི་མཐར་ཐུག་བིར་ཝ་པ་ཡི་གཞུང༌། །མན་ངག་མཐར་ཐུག་བླ་མའི་གསུངས་བཞིན་བཀོད། །ཀུན་རྫོབ་གཞན་འཁྲུལ་དཔུང་བཅས་རྣམ་པར་བཅོམ། །བདག་འཛིན་གཤིན་རྗེའི་གཤེད་གྱུར་བགེགས་ཀྱི་དགྲ། །འཁོར་ལོའི་དབང་ཕྱུག་གང་དེའི་རྒྱལ་སྲིད་ལ། །མངོན་འདོད་ལྡན་པ་གང་དག་འདིར་ཞུགས་ཤིག །ཅེས་པའང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐ་ལ་དགེ་བའི་བཤེས་གཉེན་མཁྱེན་རབ་པ་དང༌། གཞན་ཡང་རྣལ་འབྱོར་ལྷུར་བྱེད་པ་མང་པོས་ཉེ་བར་བསྐུལ་ནས་རང་ལོ་ཉེར་བདུན་པ་མཆུའི་ཟླ་བ་མཁའ་འགྲོ་འདུ་བའི་ཚེས་ལ་སྦྱར་བའོ།། །།དགེ་ལེགས་འཕེལ།

འཇམ་དཔལ་གསང་ལྡན་གྱི་དཀྱིལ་ཆོག


TNT06_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གསང་ལྡན་གྱི་དཀྱིལ་ཆོག་བཞུགས།


TNT06_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྒྱུད་ཐམས་ཅད་ཀྱི་བདག་པོ་མཚན་ཡང་དག་པར་བརྗོད་པ་ལས་འབྱུང་བའི་མན་ངག །སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པའི་གཞུང་སྒྲུབ་ཐབས་གསང་ལྡན་དང་དཀྱིལ་ཆོག་ཡོན་ཏན་འབྱུང་གནས་ལས་འབྱུང་བ་ལྟར་སྒྲུབ་ཐབས་དང་དཀྱིལ་འཁོར་གྱི་ཆོ་ག་མདོ་ཙམ་བརྗོད་པར་བྱའོ། །དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །རིགས་ཀུན་བདག་པོ་ཡེ་ཤེས་སྐུ། །འཇམ་པའི་རྡོ་རྗེ་མགོན་པོ་དང༌། །བླ་མའི་ཞབས་ལ་གུས་པས་འདུད། །དེ་ལ་དང་པོར་བསྙེན་པའི་ཆོ་ག་ནི། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྔོན་དུ་བཏང་སྟེ། ཨོཾ་པྲ་ཀྲྀ་ཏི་པ་རི་ཤུདྡྷཿསརྦ་དྷརྨཱཿཔྲ་ཀྲྀ་ཏི་པ་རི་ཤུདྡྷོ྅ཧཾ། ལན་གསུམ། ཨོཾ་བཛྲ་མཧཱ་ཀྲོ་དྷ་ཧཱུཾ། རང་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེ་གཤེད། སྐུ་མདོག་མཐིང་ནག་ཞལ་གཅིགཕྱག་གཉིས་པ། རལ་གྲི་དང༌། སྡིགས་མཛུབ་ཅན། ཁྲོ་བོའི་རྒྱན་དང་ཆ་ལུགས་རྫོགས་ཤིང༌། ཞབས་གཡོན་བརྐྱང་གི་སྟབས་ཅན། ཆེར་ཁྲོས་པས་བགེགས་ཐམས་ཅད་འཇོམས་པ། ཧཱུཾ་གི་སྒྲ་དྲག་པོ་སྒྲོག་པའི། མིག་གཉིས་


TNT06_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མ་དང་ཊ་ལས་ཉི་མ་དང་ཟླ་བ་ལ་ཧཱུཾ་གིས་མཚན་པ། སྤྱན་དབུས་མ་ཉི་ཟླ་འདྲེས་པ་སྟེ། སྤྱན་གྱི་འོད་ཟེར་གྱིས་བགེགས་ཐམས་ཅད་བསྐྲད་པར་གྱུར། ཨོཾ་ཡ་མཱན་ཏ་ཀ་ཧཱུཾ་ཕཊ། སྤྲོས་པ་ལ་མོས་ན་སྐབས་འདིར་ཁྲོ་བོ་སྤྱན་འདྲེན་དང་བཀའ་བསྒོ་བྱ། སྙིང་གར་ཉི་མ་ལ་སྤྲིན་སྒྲའི་ང་རོ་ཧཱུཾ་ཡིག་ཡེ་ཤེས་ལྔའི་ངོ་བོ། དེ་ལས་འོད་ཟེར་འཕྲོས། ལྟ་སྟངས་ཀྱིས་བགོད་པ་དང་ལྷན་ཅིག་ཏུ། འོག་ཐམས་ཅད་རྡོ་རྗེའི་ས་གཞི། ཕྱོགས་མཚམས་ཐམས་ཅད་རྭ་བ་དང་དྲ་བ། སྟེང་ཐམས་ཅད་གུར་དང་བླ་རེ། དེའི་ཕྱི་རོལ་ཕྱོགས་བཅུར་རཾ་ཡིག་བསྐལ་པའི་མེ་འོད་ལྟ་བུ་ལས་མེ་འབར་བས། མཚམས་མེད་ཅིང་དུམ་བུ་གཅིག་ཏུ་གྱུར་ལ། འབར་བའི་འཕྲེང་བས་བསྐོར་བ་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ། ལན་གསུམ། ཨོཾ་མཉྫུ་ཤྲཱི་ཛྙཱ་ན་སཏྭ་ཧཱུཾ། རང་ཉིད་ཁྲོ་བོ་ལས་ཞི་བར་གྱུར་པ་ནི། འཕྲིན་ལས་ཀྱི་འཇམ་དཔལ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ།


TNT06_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་རལ་གྲི་དང་གཡོན་ནོར་བུ་འཛིན་པ། གཞོན་ནུའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ལྐོག་མར་ཧྲཱིཿལས་པདྨ་དང་ཨ་ལས་ཟླ་བ། དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ལྕེར་གྱུར། ཨོཾ་མཉྫུ་ཤྲཱི་བི་མ་ལེ་ཛི་ཧྭཱ་གྲ་སཾ་ཤོ་དྷ་ནི་བཛྲ་ཛི་ཧྭ་ཧཱུཾ། ལག་པ་གཉིས་སུ་ཨ་ལས་ཟླ་བ་ལ་གནས་པའི་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ལག་པར་གྱུར། ཨོཾ་མཉྫུ་ཤྲཱི་པདྨ་ཧསྟ་པཱུརྣ་ཀ་རོ་དྷི་རེ་བི་མ་ལེ་བཛྲ་ཧསྟ་ཧཱུཾ་ཕཊ། སྙིང་ཁར་པཾ་ལས་པདྨ་དང༌། ཨཱཿལས་ཟླ་བ་ལ་གནས་པའི་དྷཱིཿ ཨོཾ་མཉྫུ་ཤྲཱི་བི་མ་ལེ་བཛྲ་ཙིཏྟ་ཧཱུཾ། སྒྲུབ་ཐབས་ལས་བར་སྐབས་འདིར་སྦྱིན་སྲེག་བྱ་བར་གསུངས་པ་ནི། སློབ་མའི་དོན་གྱི་བསྙེན་པ་དང༌། རང་དོན་དངོས་གྲུབ་སྒྲུབ་པའི་དུས་སུ་དགོས་པ་ཡིན་ཡང༌། རང་དོན་གྱི་བསྙེན་པ་དང༌། ཆོ་ག་དཀྱུས་ལ་ངེས་པར་དགོས་པ་ནི་མ་ཡིན་ནོ། །རང་གི་ལག་མཐིལ་གཉིས་སུ་ཟླ་བའི་དཀྱིལ་འཁོར། གཡས་གཡོན་གྱི་མཐེ་བོང་ལ་ཨཱཿ མཛུབ་མོ་ལ་ཧཱུཾ། གུང་མོ་ལ་ཏྲཱཾ། སྲིན་ལག་ལ་ཧྲཱིཿ མཐེ་ཆུང་ལ་ཨཾ་སྟེ། གཡས་རྣམས་སངས་རྒྱས་ལྔ་དང༌། གཡོན་རྣམས་ཡུམ་ལྔའི་ངོ་བོར་གྱུར། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ངོ་བོར་བྱིན་གྱིས་བརླབས། རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་དང་མཐེའུ་ཆུང་འདུད་དེ། ཁ་གྱེན་དུ་ཕྱོགས་པ་འཁོར་ལོའི་ཕྱག་རྒྱ་བཅས་ཏེ། ཨོཾ་མཉྫུ་ཤྲཱི་མཎྜལ་བཛྲ་ཙཀྲ་ཧཱུཾ། བརྒྱ་རྩ་བརྒྱད་བཟླས། མདུན་གྱི་ནམ་མཁར་རིགས་བསྡུས་པའི་དཀྱིལ་འཁོར་ཆེན་པོ་སྤྲུལ་པར་གྱུར། ཨེ་མ་ཧོ་ཡན་ལག་འདུས་པ་ཡི། །སྦྱོར་བ་འདི་ནི་གསུམ་ལས་བྱུང༌། ཞེས་སོ། །དེ་ནས་ཡན་ལག་བཅུ་པ་བྱ་བ་ནི། ཕྱོགས་བཅུའི་ཞིང་ཁམས་མ་ལུས་ན། །རྒྱལ་བ་སྲས་བཅས་


TNT06_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་རྣམས། །བདག་ལ་དགོངས་པར་བྱ་བའི་ཕྱིར། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །གང་དེ་སྐུ་གསུང་ཐུགས་ལྡན་པའི། །འཇམ་དཔལ་དེ་ལ་སྤྱི་བོ་ཡིས། །ཀུན་ནས་ལུས་ངག་དང་བའི་ཡིད། །དེ་ལ་རྟག་ཏུ་ཕྱག་འཚལ་ལོ། །བརྩོན་འགྲུས་སྟོབས་ཀྱིས་དགེ་བསགས་པ། །ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར། །མཆོད་སྤྲིན་ཚོགས་ཀྱིས་གང་གྱུར་ཏེ། །སྲས་དང་བཅས་ལ་མཆོད་པར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ། ཞེས་པ་ནས། ཤཔྟའི་བར་དུ་སྦྱར། ཚེ་རབས་ཐོག་མ་མེད་པ་ནས། །ཉོན་མོངས་དབང་གིས་སྡིག་བསགས་ཤིང༌། །ལུས་ངག་ཡིད་ཀྱིས་སྤྱད་པ་རྣམས། །མགོན་ལ་ལན་གསུམ་བཤགས་པར་བགྱི། །སེམས་བསྐྱེད་མངོན་པར་སངས་རྒྱས་དང༌། །རྒྱལ་སྲས་འགྲོ་བའི་དོན་བཞུགས་དང༌། །ཉན་ཐོས་རང་རྒྱལ་སྐྱེ་བོ་ཡི། །བསོད་ནམས་བྱེད་ལ་ཡི་རང་ངོ༌། །འགྲོ་ཀུན་ལྡོངས་པར་མི་འགྱུར་ཞིང༌། །བདུད་བཞི་ཟིལ་གྱིས་མནན་པ་དང༌། །བྱང་ཆུབ་རྣམ་གསུམ་ཐོབ་བྱའི་ཕྱིར། །འཁོར་ལོ་བླ་མེད་སྐོར་བར་བསྐུལ། །འཇིག་རྟེན་བདེ་ལ་འགོད་པ་དང༌། །སྲོག་ཆགས་བྱང་ཆུབ་རྒྱུ་ཡིན་ཕྱིར། །རྒྱལ་བ་མྱ་ངན་འདའ་བཞེད་ལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །རྒྱལ་སྲས་རྣམས་ལ་བདག་འབུལ་གྱི། །བདག་ནི་དུས་གསུམ་ཐམས་ཅད་དུ། །སོ་སོར་ཁྱེད་ཀྱིས་བཞེས་སུ་གསོལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཇི་ཙམ་དུས་ནས་གཟུང་ནས་སུ། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །ནམ་


TNT06_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བྱང་ཆུབ་སྙིང་པོ་ལ། །ཡོངས་སུ་མཆིས་ཀྱི་བར་དག་ཏུ། །བདག་གིས་བྱང་ཆུབ་མཆོག་གི་སེམས། །མ་ལུས་པར་ནི་བསྐྱེད་པར་བགྱི། །ཐུགས་རྗེ་ཆེ་དང་ལྡན་པ་ཡི། །བླ་ན་མེད་པའི་དཀོན་མཆོག་གསུམ། །འགྲོ་བའི་དོན་ཀུན་མཛད་པ་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པའི་བར་དུ་བརྗོད་དེ། བཤགས་པ་མན་ཆད་ཚར་གསུམ་བྱའོ། །དེ་ལྟར་ན་ཕྱག་འཚལ། མཆོད་པ། བཤགས་པ། ཡི་རང༌། བསྐུལ་བ། གསོལ་འདེབས། བདག་འབུལ། སེམས་བསྐྱེད། སྐྱབས་འགྲོ། སྡོམ་བཟུང་སྟེ་བཅུའོ། །རྒྱུན་གྱི་ཉམས་ལེན་སྐབས། བསྡུས་པ་ལ་མོས་ན་གུར་ནས་འབྱུང་བའི་རྒྱུན་བཤགས་ཙམ་བྱའོ། །དེ་ནས་འདི་ལྟར། བདེ་བ་ལས་འཁྲུངས་རྡོ་རྗེ་འཆང་བ་ཡི། །དངོས་དང་དངོས་མེད་འབྱུང་གནས་ཆེན་པོར་མཁྱེན། །དང་པོ་གང་དུ་རྣམ་པར་སྣང་མཛད་ཆེ། །དག་ཅིང་དྲི་མེད་བློས་ནི་ཨོཾ་དུ་སྤྲུལ། །གཟུགས་མང་འཕྲེང་བའི་ཚུལ་དུ་སྐོར་བ་ཡི། །སྒྱུ་འཕྲུལ་དྲྭ་བའི་ཚོགས་ལ་ཕྱག་འཚལ་བསྟོད། །དེ་ལྟར་བསྟོད་པས་ལྷ་རྣམས་དགྱེས་ཏེ། ལེགས་སོ་ལེགས་སོ་རིགས་ཀྱི་བུ་ཁྱོད་ཀྱིས། སངས་རྒྱས་ཀྱི་བྱ་བ་བྱས་སོ་ཞེས་གསུངས་པར་གྱུར། དེ་ནས་སླར་ཡང་དྲིན་ལན་གྱི་ཚུལ་དུ་བསྟོད་པ་ནི། ལུགས་འདི་ལ་མཚན་བརྒྱར་གྲགས་པའི། བྱང་ཆུབ་སེམས་ནི་རང་བྱུང་བ། །ཞེས་པ་ནས། ཕ་རོལ་ཕྱིན་བཅུའི་གཙོ་ལ་འདུད། །ཅེས་པའི་བར་གྱིས་བསྟོད་པར་གསུངས་པ་ལྟར། ཆོག་ཁྲིགས་སོགས་ཀྱི་སྐབས་དང༌། སྤྲོས་པ་ལ་དགའ་ན་དེ་ལྟར་བྱ་ལ། བསྟོད་པ་དེ་ཡང་འོག་ཏུ་འཆད་དོ། །བདག་ཉིད་ཉམས་ལེན་གྱི་སྐབས་མདོར་བསྡུས་པ་ལ་མོས་ན། མཆོག་སྦྱིན་རྡོ་རྗེ་


TNT06_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཁྱོད་འདུད། །སོགས་འདུད་ཉི་ཤུས་བསྟོད་པར་བྱའོ། །དེ་ཡན་ཆད་ནི་རྒྱལ་མཆོག་སྦྱོར་བའི་འཁོར་ལོ་ཞེས་བྱ་བ། དང་པོའི་ཏིང་ངེ་འཛིན་ཏེ་སྔོན་འགྲོའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཎ་མེ་ཎ་བཛྲ་བནྡ་ནཱཾ་ཀ་རོ་མི། དབུས་སུའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པ་སྠཱ་ན་ཡ། ཨཱཏྨཱ་ནཱཾ་ནཱིརྱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭཱ་མཾ། ཤར་ནས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ། ཨཱཏྨ་ནཱཾ་ནཱིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ། ལྷོ་ནས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ན་ཡ། ཨཱཏྨ་ནཱཾ་ནཱིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟ་ཡཱ་མི། ནུབ་ནས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ། ཨཱཏྨཱ་ནཱཾ་ནཱིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཾ། བྱང་ནས་སོ། །ཨོཾ་ཨ་ཨཱ་ཨཾ་ཨ་པྲ་ཀྲི་ཏི་པ་རི་ཤུདྡྷ་སརྦ་དྷརྨ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲི་བྷ་ག་ཝཱན་ཛྙ་ན་མུརྟི་བ་གི་ཤྭ་ར་མཧཱ་པ་ཙ་སརྦ་དྷརྨ་ག་ག་ན་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ ཞེས་བརྗོད་པས་དཀྱིལ་འཁོར་གྱི་འཁོར་ལོ་རང་གི་སྙིང་གར་ཐིམ། དེ་དག་ནི་བསོད་ནམས་ཀྱི་ཚོགས་བསོག་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཤེས་རབ་སྟོང་པ་ཉིད་དེ་དང༌། དཀྱིལ་འཁོར་གྱི་འཁོར་ལོ་རྒྱུ་དང་རྐྱེན་དུ་གྱུར་ཏེ། ཟུང་འཇུག་གི་མེས་རྣམ་སྨིན་གྱི་ཕུང་པོ་སྲེགས། ཡེ་ཤེས་ཀྱི་སྐུར་གྱུར་པ་ནི། འཇམ་དཔལ་སྐུ་མདོག་དཀར་པོ་ཞལ་དྲུག་ཕྱག་གཉིས་པའི་རྣམ་པ་ཅན་དུ་གསལ་བར་གྱུར། རང་སེམས་གསལ་ལ་རྟོག་པ་མེད་པ་མེ་ལོང་ཡེ་ཤེས་སོ། །དེ་ལྟར་མ་རྟོགས་པའི་སེམས་ཅན་མགོན་མེད་སྐྱབས་མེད་པ་རྣམས། སྡུག་བསྔལ་ལས་བསྒྲལ་ཏེ་གནས་འདི་ལ་དགོད་པར་བྱའོ། །


TNT06_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཞན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པ། མཉམ་ཉིད་ཡེ་ཤེས་སོ། །དེ་ལྟར་མ་རྟོགས་པའི་ཞེས་པ་ནས། དགོས་པར་བྱའོའི་བར་གོང་བཞིན། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨདྱཱ་ནུཏྤནྣ་ཏྭ་ཏ། ཆོས་ཐམས་ཅད་སོ་སོ་གདོད་མ་ནས་མ་སྐྱེས་པ། སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལྟར་མ་རྟོགས་པའི་སོགས། གཟུང་འཛིན་དང་བྲལ་བའི་རང་སེམས་ངོ་བོ་ཉིད་ཀྱིས་འོད་གསལ་བ། ཆོས་དབྱིངས་ཡེ་ཤེས་སོ། །དེ་ལྟར་མ་རྟོགས་པའི་སོགས། དབྱིངས་ལས་མ་གཡོས་བཞིན་དུ་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་འགྱུར་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ལྟར་མ་རྟོགས་པའི་སོགས། དེ་དག་ནི་ཡེ་ཤེས་ཀྱི་ཚོགས་ཏེ་ཡོངས་སུ་དག་པའི་ཏིང་ངེ་འཛིན་ནོ། །དེ་ལྟར་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད། ཨ་ཡིག་སྐར་མའི་ཕུང་པོ་ལྟ་བུ་ནམ་མཁར་བཞུགས་པར་གྱུར། དེ་ལས་སྤྲོས་པའི་ཧཱུཾ་ཡིག་སྔོན་པོ་ཁྲོ་བོའི་ཚོགས་འཕྲོ་ཞིང་འོད་ཟེར་འཁྲུག་པའོ། །ཡང་དེ་ལས་རིགས་བདུན་ལ་སོགས་པའི་སངས་རྒྱས་དཔག་ཏུ་མེད་པ་སྤྲུལ། ཞིང་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་མཛད་པ་མཛད། སེམས་ཅན་ཐམས་ཅད་ཡོངས་སུ་སྦྱངས། སླར་འདུས་ཏེ་ཧཱུཾ་ཡིག་ཁྲོ་བོ་དང་བཅས་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྩེ་ལྔ་པ་སངས་རྒྱས་ཀྱི་ཞིང་དྲུག་ཁྱབ་པའི་ཚད་ཅན། རྭ་རྣམས་ཕྱོགས་ཀྱི་མདོག་དང་མཚུངས་པ་གྱེན་དུ་ལངས་པའོ། །ལྟེ་བའི་ཕྱི་ངོས་ལ་གནས་པའི་ཁྲོ་ཞལ་དྲུག་ལས་བཞི་ཕྱོགས་ཀྱི་མདོག་ཅན་དང༌། ཤར་སྟོད་ཤར་སྨད་གཉིས་དཀར་པོའོ། །རྡོ་རྗེ་ཆེན་པོའི་ཏིང་ངེ་འཛིན་ནོ། །རྡོ་རྗེ་ལྟེ་བའི་ནང་དུ། བྷྲུཾ་ལས་མཆོད་རྟེན་ཆེན་པོ་ཕྱོགས་ཀྱི་མདོག་ཅན་སྟོང་གསུམ་གྱི་ཚད་དང་མཉམ་པའོ། །མཆོད་རྟེན་ཆེན་


TNT06_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཏིང་ངེ་འཛིན་ནོ། །དེ་ཡི་བུམ་པའི་ནང་དུ་ཧྲཱིཿལས་ཆོས་འབྱུང་དཀར་པོ་གྲུ་གསུམ་པ། སྟོང་པར་མའི་ཚད་དང་མཉམ་པའོ། །ཆོས་འབྱུང་ཆེན་པོའི་ཏིང་ངེ་འཛིན་ནོ། །དེའི་ནང་དུ་ཨཱཿལས་སྣ་ཚོགས་རྡོ་རྗེ་སྟོང་སྤྱི་ཕུད་ཀྱི་ཚད་དང་མཉམ་པའོ། །རྡོ་རྗེ་རྒྱ་གྲམ་གྱི་ཏིང་ངེ་འཛིན་ནོ། །དེའི་ལྟེ་བར་བྷྲུཾ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། རྟ་བབས་བཞིས་བརྒྱན་པ། འདོད་ཡོན་གྱི་སྣམ་བུ་དང༌། ཕ་གུ་དང༌། དྲ་ཕྱེད་དང༌། ཤར་བུ་དང༌། མདའ་ཡབ་ཀྱིས་མཛེས་པ། གསེར་གྱི་ཀ་བས་བརྒྱན་པ། རྟ་བབས་ཀྱི་རྩེ་མོར། པདྨ་དང༌། འཁོར་ལོ་དང༌། གདུགས་དང༌། རི་དྭགས་ལ་སོགས་པས་མཛེས་པ། དེའི་ནང་གི་ཕྱེད་དུ་གཞལ་ཡས་ཁང་ནང་མ་གྲུ་བཞི། སྒོ་བཞི་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཕྱི་མ་དང་འདྲ་བ་ལས། ལྷ་སྣམ་གྱི་དབུས་སུ་རྡོ་རྗེའི་འཕྲེང་བས་སྐོར་བ་ལ་འཁོར་ལོ་རྩིབས་བཅུ་དྲུག་པའི་ལྟེ་བར་འཁོར་ལོ་རྩིབས་བརྒྱད་པ་དང༌། ཡ་ཕུབས་ཕྱུར་བུའི་རྣམ་པ། རྩེ་མོར་ཏོག་དང་བཅས་པའོ། །གཞལ་ཡས་ཁང་ཕྱི་ནང་གཉིས་ཀར་ཡང༌། སྔོོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། སྟེང་འོག་གི་གཞི་དང་འཁོར་ལོའི་རྩིབས་རྣམས་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང༌། གཞལ་ཡས་ཁང་ནང་མའི་དབུས་ཀྱི་གཞི་དང་འཁོར་ལོའི་ལྟེ་བ་ཁ་དོག་དཀར་བ། འཁོར་ལོ་རྩིབས་བརྒྱད་པའི་དབུས་ཀྱི་ལྟེ་བར་སཾ་ལས་སེང་གེའི་གདན་ཕྱོགས་ཀྱི་རྩིབས་བཞི་ལ། ཤར་དུ་གཾ་ལས་གླང་པོ་ཆེ། ལྷོར་ཨཾ་ལས་རྟ། ནུབ་ཏུ་མཾ་ལས་རྨ་བྱ། བྱང་དུ་ཁཾ་ལས་མཁའ་ལྡིང་སྟེ། སྲོག་ཆགས་དེ་རྣམས་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་རེ་རེ། དེའི་


TNT06_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་པཾ་ལས་པདྨ། ཨ་ལས་ཟླ་བ། དར་གྱི་གློ་གདན་རྣམས་བརྩེགས་པའི་གདན་དང༌། ལྷ་གཞན་རྣམས་ཀྱི་གནས་སུ་པདྨ་དང་ཟླ་བའི་གདན་རེ་རེ་གྲུབ་པར་གྱུར། དེ་དག་ནི་གཞིའི་ཏིང་ངེ་འཛིན་ནོ། །དབུས་ཀྱི་གདན་གྱི་སྟེང་དུ། ནམ་མཁར་གནས་པའི་ཨ་ཡིག་བབས་ཏེ་ཡོངས་སུ་གྱུར་པ་ལས། རང་ཉིད་གཞིའི་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོ། སྐུ་མདོག་དཀར་པོ་ཞལ་བཞི་པ། རལ་པའི་ཅོན་པན་ཅན། བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གི་བཞུགས་པ། དར་གྱི་ན་བཟའ་ཅན། རྒྱན་སྤངས་པའོ། །དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་དྷཱིཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས། དང་པོའི་སངས་རྒྱས་ཞལ་ལྔ་པ། ཕྱག་བརྒྱད་པ། སྐུ་ལུས་དང་སྟེང་ཞལ་དཀར་བ། རྩ་ཞལ་སྔོན་པོ། གཡས་སེར། རྒྱབ་དམར། གཡོན་ལྗང་བ། ཕྱག་གཡས་བཞིས་རལ་གྲི། གཡོན་བཞིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་གྱི་ན་བཟའ་དང་བཅས་པའི་རྒྱན་གྱིས་བརྒྱན་པའོ། །དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་རྩིབས་དྲུག་པའི་རྩིབས་བཞི་ཕྱོགས་མདོག་དང༌། ཤར་སྟོད་ཤར་སྨད་ཀྱི་རྩིབས་དང༌། ལྟེ་བ་དང༌། ཕྱི་རོལ་དང༌། ནང་གི་མུ་ཁྱུད་བཞི་རྣམས་དཀར་པོ། དེའི་ལྟེ་བར་ཡང་ཨ་ཡིག་དཀར་པོའོ། །དེའི་འོད་ཟེར་ལས་སྤྲུལ་པའི་ཡི་གེ་ནི། ནང་གི་མུ་ཁྱུད་དང་པོ་ལ། ཨོཾ་སརྦ་དྷརྨཱ་ཨཱ་བྷ་ཝ་སྭ་བྷཱ་ཝ་བི་ཤུདྡྷེ་བཛྲ་ཙཀྵུ་ཨ་ཨཱ་ཨཾ་ཨ། མུ་ཁྱུད་གཉིས་པ་ལ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨ། རྩིབས་དྲུག་གི་ཤར་རྩིབས་ལ། ཨོཾ་དུཿཁ་ཚེ་ད་ཡ་ཏེ་ན་མཿ སྔོན་པོ། ལྷོ་རྩིབས་


TNT06_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཨོཾ་ཝཱ་གི་ཤྭ་ར་ཡ་ཏེ་ན་མཿསེར་པོ། ནུབ་རྩིབས་ལ། ཨོཾ་བཛྲ་ཏིཀྵྞ་ཡ་ཏེ་ན་མཿ དམར་པོ། བྱང་རྩིབས་ལ། ཨོཾ་ཛྙཱ་ན་ཀཱ་ཡ་ཡ་ཏེ་ན་མཿལྗང་ཁུ། ཤར་སྟོད་ལ། ཨོཾ་པྲཛྙཱ་ཛྙཱ་ན་མུརྟ་ཡེ་ཡ་ཏེ་ན་མཿདཀར་པོ། ཤར་སྨད་ལ། ཨོཾ་ཨ་ར་པ་ཙ་ན་ཡ་ཏེ་ན་མཿ དཀར་པོ། ཕྱི་རོལ་མུ་ཁྱུད་གསུམ་པ་ལ། ཨ་ཨཱཿསརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་ཝཱན་ཛྙཱ་ན་མུརྟི་ཝ་གི་ཤྭ་ར་མཧཱ་པ་ཙ་སརྦ་དྷརྨྨ་ག་ག་ཎ་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷ་ཏུ་ཛྙཱ་ན་གརྦྷ་ཨཱཿ མུ་ཁྱུད་བཞི་པ་ལ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ། འཁོར་ལོའི་ལྟེ་བའི་ཨ་ཡིག་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་འཇམ་དཔལ་ཞལ་དྲུག་པ། ཕྱག་གཉིས་པ། སྐུ་ལུས་དང་སྟེང་གི་ཞལ་ཉིས་རྩེགས་དཀར་བ། རྩ་ཞལ་སྔོན་པོ། གཡས་སེར་རྒྱབ་དམར་གཡོན་ལྗང་བ། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་གཡས་པས་ཨུཏྤ་ལ་དམར་པོ་དང༌། གཡོན་པས་སྔོན་པོའི་རྩ་བ་འཛིན་ཅིང༌། སྡོང་པོ་གཡས་གཡོན་དུ་རྒྱས་པ། མེ་ཏོག་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་པོ་ཏིས་མཚན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་སྣ་ཚོགས་པའི་ན་བཟའ་དང༌། ཨིནྡྲ་ནཱི་ལའི་གཙུག་ཕུད་ལ་སོགས་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཉི་མ་འཆར་ཀ་ལྟ་བུའི་འོད་ཟེར་འཕྲོ་བ། སྐུའི་མགྲིན་པ་མན་ཆད་ལོང་བུ་ཡན་ཆད་དུ། སྤྲུལ་པའི་སྐུ་དཔག་ཏུ་མེད་པས་བལྟམས་པའོ། །དེའི་ཐུགས་ཀར་ཡང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྐྱེ་མེད་ཀྱི་


TNT06_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཨ་ཡིག་དཀར་པོ། མི་ཤེས་པའི་རི་བོ་འཇོམས་པར་བྱེད་པ། ཨ་ཡིག་དེ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། ཡེ་ཤེས་སེམས་དཔའི་སྐུ་གང༌། ཕྱིར་འཕྲོས་ཏེ་རིམ་པས་ཤེས་རབ་ཀྱི་འཁོར་ལོ་དང༌། དང་པོའི་སངས་རྒྱས་དང༌། གཞིའི་སངས་རྒྱས་ཀྱི་སྐུ་གང༌། ཞལ་བཞི་ནས་སྤྲོས་ཏེ་འཇིག་རྟེན་གསུམ་སྣང་བར་བྱས། གཞལ་ཡས་ཁང་དང་རྒྱ་གྲམ་དང༌། ཆོས་འབྱུང་དང༌། མཆོད་རྟེན་དང༌། རྡོ་རྗེ་ཆེན་པོའི་ནང་གང༌། ཁྲོ་ཞལ་དྲུག་ནས་འོད་ཟེར་ཁ་དོག་དྲུག་ལྡན་དུ་འཕྲོས། ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱས། སངས་རྒྱས་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འཇམ་དཔལ་རིགས་བདུན་གྱི་གོ་འཕང་ལ་བཀོད། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། རྡོ་རྗེ་ཆེན་པོ་ལ་སྐོར་བ་ལན་གསུམ་བྱས་ཏེ། ཁྲོ་ཞལ་དྲུག་ནས་ཞུགས། ཇི་ལྟར་སྤྲོས་པའི་རིམ་པ་རྣམས་ལུགས་ལས་ཟློག་པའི་ཚུལ་གྱིས་ཞུགས་ནས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལ་ཐིམ་པར་གྱུར། དེ་དག་ནི་བྱང་ཆུབ་རྫུ་འཕྲུལ་དང་པོ་སྦྱོར་བའི་རིམ་པའོ། །ད་ནི་དཀྱིལ་འཁོར་རྒྱལ་མཆོག་ལ། བླ་མ་སྔ་མ་རྣམས་འོད་ཟེར་སྤྲོ་བའི་སྒོ། མཛད་པ་མཛད་པའི་སྒོ། སླར་བསྡུ་བའི་སྒོ། བརྟན་པར་འཁོད་པའི་སྒོ། ཕྱག་མཚན་ཐུགས་ཀྱི་སྒོ། ཕྱག་ཆེན་སྐུའི་སྒོ། སྤྲོས་ཤིང་ཕྱུང་བའི་སྒོ། ཞེས་པ་དོན་ཚན་བདུན་གྱི་སྐྱེད་པར་བྱེད་ཀྱང་བདུན་པོ་མི་དགོས་ལ། བཞི་པ་ལ་ཡི་གེ་སྤྲོ་བའི་སྒོ། ཞེས་བྱས་ན་ལེགས་པར་འགྱུར་རོ། །སླར་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས། ཤེས་རབ་ཀྱི་འཁོར་ལོ་ནས། རྡོ་རྗེ་ཆེན་པོའི་བར་དུ་རིམ་གྱིས་གསལ་བར་བྱས་ཤིང༌། དཀྱིལ་འཁོར་གྱི་ལྷ་


TNT06_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དཔག་ཏུ་མེད་པས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་གྱུར་ཏོ། །མཛད་པ་བཅུ་གཉིས་ལ་སོགས་པའི་སེམས་ཅན་གྱི་དོན་མཛད། སྒྲིབ་གཉིས་ཐམས་ཅད་ཡོངས་སུ་སྦྱངས་ཏེ། འཇམ་དཔལ་ལྷ་ལྔ་བཅུ་ང་བདུན་གྱི་གོ་འཕང་ལ་བཀོད། འཕགས་པའི་ཚོགས་ཐམས་ཅད་མཆོད་པས་མཉེས་པར་བྱས་སོ། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་རྣམས། འོད་ཟེར་གྱི་རྣམ་པར་ཚུར་བསྡུས། རོ་གཅིག་ཏུ་འདྲེས། སྔར་གྱི་ལམ་ལས་འོངས་ཏེ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ཡིག་དང་གཅིག་ཏུ་གྱུར། སླར་ཡང་ཨ་ཡིག་ལས་བྱུང་བའི་འོད་ཀྱི་ཕུང་པོ་དེ་ལས་ས་བོན་ཡིག་འབྲུ་རྣམས་སུ་གྱུར། ཐུགས་ཀ་ནས་ཕྱིར་སྤྲོས་དང་པོའི་སངས་རྒྱས་དང་གཞིའི་སངས་རྒྱས་ཀྱི་ཐུགས་ཀ་ནས་ཀྱང་ཕྱུང༌། སོ་སོའི་གདན་གྱི་སྟེང་དུ་འཁོད་པ་ནི། ཤར་དུ་ཧཱུཾ། ལྷོར་ཨཾ། ནུབ་ཏུ་ཧྲཱིཿ བྱང་དུ་ཨཱཿ ཤར་ལྷོར་ཨ། ལྷོ་ནུབ་ཏུ་ཨཱ། ནུབ་བྱང་དུ་ཨི། བྱང་ཤར་དུ་ཨཱི། འཁོར་ལོ་ཕྱི་མའི་རྩིབས་རྣམས་ལ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཨ་ཨཱ་ཨེ་ཨཻ། ནང་གི་གྲྭ་བཞི་ལ། ལཱ་མཱ་གཱི་ནྲྀ། གཞལ་ཡང་ཁང་ཕྱི་མའི་གྲ་བཞིར། དྷུ་བུ་ཨ་ག །ཕྱིའི་ལྷ་སྣམ་ལ། ཨ་ཡིག་བཅུ་དྲུག །སྒོ་བཞི་ལ། ཛཿཧཱུཾ་བཾ་ཧོཿ རྣམས་སུ་གྱུར་ཏོ། །ས་བོན་དེ་རྣམས་ཡོངས་སུ་གྱུར་པ་ལས། རིམ་པ་བཞིན་དུ། རྡོ་རྗེ་རིན་ཆེན་པདྨ་སྣ་ཚོགས་རྡོ་རྗེ་དང༌། །ལག་ཉལ་ནོར་བུ་འདམ་སྐྱེས་རྒྱ་གྲམ་ཁྲ་བོ་དང༌། །རྡོ་རྗེ་ལྕགས་ཀྱུ་མདའ་གཞུ་སེ་གོལ་ཕྱག་རྒྱ་དང༌། །རིན་ཆེན་ཉི་མ་རྒྱལ་མཚན་སོའི་འཕྲེང་བ་དང༌། །པདྨ་རལ་གྲི་འཁོར་ལོ་རྡོ་རྗེས་མཚན་པའི་ལྗགས། །སྣ་ཚོགས་རྡོ་རྗེ་གོ་ཁྲབ་མཆེ་བ་ཁུ་ཚུར་དང༌། །རྡོ་རྗེ་


TNT06_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་རྒྱུད་པི་ཝང་རྡོ་རྗེ་རྩེ་གསུམ་དང༌། སྤོས་སྣོད་མེ་ཏོག་ཕོར་པ་གོང་བུ་དུང་ཆོས་དང༌། །རྡོ་རྗེ་བཞི་དང་ནོར་བུ་བཞི་དང་པདྨ་བཞི། །སྣ་ཚོགས་རྡོ་རྗེ་བཞི་སྟེ་ལྷ་སྣམ་དག་ལ་གནས། །སྒོ་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའོ། །ཕྱག་མཚན་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སེམས་ཅན་གྱི་དོན་རྫོགས་པར་བྱས། སངས་རྒྱས་ཐམས་ཅད་མཆོད་དེ། སླར་འདུས་ཤིང་ཐིམ་པ་ཡོངས་སུ་གྱུར་པ་ལས། དཀྱིལ་འཁོར་གྱི་ལྷ་ལྔ་བཅུ་རྩ་གཉིས་ཡོངས་སུ་རྫོགས་པར་གྱུར་པ་ནི། ཨོཾ་ཨ་ཨཱཿསརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ནས། ཛྙཱ་ན་གརྦྷ་ཨཱཿ འཁོར་ལོའི་རྩིབས་བརྒྱད་ལས་ཤར་དུ་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན། གཡོན་མཉམ་བཞག་མཛད་པ། ཨོཾ་ཨ་ཨཱཿནས། ཛྙཱ་ན་གརྦྷ་ཨཱཿ ལྷོར་རིན་ཆེན་འབྱུང་ལྡན་སེར་པོ། གཡས་མཆོག་སྦྱིན་དང༌། གཡོན་མཉམ་གཞག་མཛད་པ། དེ་བཞིན་དུ་གཞན་རྣམས་ལ་ཡང་སྦྱར་ཏེ། ཨོཾ་ཨ་ཨཱཿསོགས་སྔགས་རེ་བརྗོད་ཅིང་ལྷ་རེ་གསལ་བཏབ་བོ། །ནུབ་ཏུ་འོད་དཔག་མེད་དམར་པོ་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། བྱང་དུ་དོན་ཡོད་གྲུབ་པ་ལྗང་ཁུ་གཡས་སྐྱབས་སྦྱིན་དང༌། གཡོན་མཉམ་གཞག་མཛད་པ། བཞི་ཀའང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། དབུ་བརྒྱན་རྡོ་རྗེ་རིན་པོ་ཆེས་སྤྲས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིགས་སྔགས་ཀྱི་འཁོར་ལོས་སྒྱུར་བའི་ཆ་ལུགས་སོ། །ཤར་ལྷོར་སེམས་མ་རྡོ་རྗེ་མ་དཀར་མོ་རྡོ་རྗེ་ཐུགས་ཀར་འཛིན་པ། ལྷོ་ནུབ་ཏུ་རིན་ཆེན་རྡོ་རྗེ་མ་སྔོན་མོ་རིན་པོ་ཆེ་འཛིན་པ། ནུབ་བྱང་དུ་ཆོས་ཀྱི་རྡོ་རྗེ་མ་དམར་མོ་པདྨ་འཛིན་པ། བྱང་ཤར་དུ་ལས་ཀྱི་རྡོ་རྗེ་མ་ལྗང་ཁུ་སྣ་ཚོགས་རྡོ་རྗེ་


TNT06_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། འཁོར་ལོ་ཕྱི་མའི་ཤར་གྱི་རྩིབས་བཞི་ལ། རྡོ་རྗེ་སེམས་དཔའ་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། རྡོ་རྗེ་རྒྱལ་པོ་གཡས་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ཆགས་པ་ཕྱག་གཉིས་མདའ་གཞུང་འགེངས་པ། རྡོ་རྗེ་ལེགས་པ་ཕྱག་གཉིས་སེ་གོལ་རྟོག་པ་སྟེ། ཤར་ཕྱོགས་ཀྱི་སེམས་དཔའ་བཞི་སྔོན་པོའོ། །ལྷོའི་རྩིབས་བཞི་ལ་རིམ་པས་རྡོ་རྗེ་རིན་ཆེན་གཡས་རིན་པོ་ཆེ་འཛིན་པ། རྡོ་རྗེ་གཟི་བརྗིད་གཡས་ཉི་མའི་དཀྱིལ་འཁོར་འཛིན་པ། རྡོ་རྗེ་ཏོག་གཡས་རིན་པོ་ཆེའི་རྒྱལ་མཚན་འཛིན་པ། རྡོ་རྗེ་བཞད་པ་ཕྱག་གཉིས་སོའི་འཕྲེང་བ་འཛིན་པ་སྟེ་ལྷོ་ཕྱོགས་ཀྱི་སེམས་དཔའ་བཞི་སེར་པོའོ། །ནུབ་ཀྱི་རྩིབས་བཞི་ལ་རྡོ་རྗེ་ཆོས་ཕྱག་གཉིས་པདྨ་འཛིན་པ། རྡོ་རྗེ་རྣོན་པོ་གཡས་རལ་གྲི་འཕྱར་བ། རྡོ་རྗེ་རྒྱུ་གཡས་འཁོར་ལོ་སེར་པོ་སྐོར་བ། རྡོ་རྗེ་སྨྲ་བ་རྡོ་རྗེའི་ལྗགས་འཛིན་པ་སྟེ། ནུབ་ཕྱོགས་ཀྱི་སེམས་དཔའ་བཞི་དམར་པོའོ། །བྱང་གི་རྩིབས་བཞི་ལ་རིམ་པས་རྡོ་རྗེ་ལས་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། རྡོ་རྗེ་བསྲུང་བ་ཕྱག་གཉིས་རྡོ་རྗེའི་གོ་ཁྲབ་འཛིན་པ། རྡོ་རྗེ་གནོད་སྦྱིན་ཕྱག་གཉིས་རྡོ་རྗེས་མཚན་པའི་མཆེ་བ་འཛིན་པ། རྡོ་རྗེ་ཁུ་ཚུར་ཕྱག་གཉིས་དམ་ཚིག་གི་ཁུ་ཚུར་འཆིང་བ་སྟེ་བྱང་ཕྱོགས་ཀྱི་སེམས་དཔའ་བཞི་ལྗངཁུའོ། །ནང་གི་གྲྭ་བཞིར་ཤར་ལྷོར་སྒེག་མོ་སྔོན་མོ་རྡོ་རྗེ་རྩེ་ལྔ་པ་སྙེམས་པའི་ཚུལ་གྱིས་དཀུར་བརྟེན་པ། ལྷོ་ནུབ་ཏུ་འཕྲེང་བ་མ་སེར་མོ་རིན་པོ་ཆེའི་འཕྲེང་རྒྱུད་འཕྱང་བ། ནུབ་བྱང་དུ་གླུ་མ་དམར་མོ་པི་ཝང་རྡུང་བ། བྱང་ཤར་དུ་གར་མ་ལྗང་ཁུ་རྡོ་རྗེ་རྩེ་གསུམ་པ་གཉིས་སྣམས་ནས་གར་སྒྱུར་བ། ཕྱིའི་གྲྭ་བཞི་ལ་ཤར་ལྷོར་བདུག་སྤོས་མ་སྔོན་མོ་སྤོས་སྣོད་འཛིན་པ།


TNT06_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ནུབ་ཏུ་མེ་ཏོག་མ་སེར་མོ་མེ་ཏོག་གིས་གང་བའི་སྣོད་འཛིན་པ། ནུབ་བྱང་དུ་མར་མེ་མ་དམར་མོ་མར་མེའི་ཀོང་བུ་འཛིན་པ། བྱང་ཤར་དུ་དྲི་ཆབ་མ་ལྗང་ཁུ་དྲིའི་དུང་ཆོས་འཛིན་པ། ཨོཾ་ཨ་ཨཱ་སོགས་ཚར་བཞི་བརྗོད་ལ། བྱམས་པ་སྤོས་ཀྱི་གླང་པོ་དང༌། །འཇམ་དཔལ་ཡེ་ཤེས་ཏོག་སྟེ་བཞི། །སྔོན་པོ་རྡོ་རྗེ་སེམས་དཔའ་འདྲ། །ཤར་གྱི་ཕྱོགས་ཀྱི་ལྷ་སྣམ་ལའོ། །ཡང་སྔགས་བཞི་དང༌། བཟང་སྐྱོང་བློ་གྲོས་རྒྱ་མཚོ་དང༌། །བློ་གྲོས་མི་བཟད་སྤོབས་པ་བརྩེགས། །སེར་པོ་རྡོ་རྗེ་རིན་ཆེན་འདྲ། །ལྷོ་ཡི་ཕྱོགས་ཀྱི་ལྷ་སྣམ་ལའོ། །སྔགས་བཞི་བཟླས། མཐུ་ཆེན་ངན་སོང་ཀུན་འདྲེན་དང༌། །མྱ་ངན་འཇོམས་པ་དྲ་ཅན་འོད། །དམར་པོ་རྡོ་རྗེ་ཆོས་དང་འདྲ། །ནུབ་ཀྱི་ཕྱོགས་ཀྱི་ལྷ་སྣམ་ལའོ། །ཡང་སྔགས་བཞི། ཟླ་འོད་གཞོན་ནུ་བདུད་རྩིའི་འོད། །ནམ་མཁའ་མཛོད་དང་སྒྲིབ་སེལ་རྣམས། །ལྗང་ཁུ་རྡོ་རྗེ་ལས་དང་འདྲ། །བྱང་གི་ཕྱོགས་ཀྱི་ལྷ་སྣམ་ལའོ། །ཕྱིའི་ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་སྔོན་པོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་འཛིན་པ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་དམར་པོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་རྡོ་རྗེ་འབེབས་པ་ལྗང་ཁུ་དྲིལ་བུ་འཛིན་པ། ཨོཾ་ཨ་ཨཱཿནས། ཛྙཱ་ན་གརྦྷ་ཨཱཿ སེམས་མ་རྡོ་རྗེ་མ་ནས་རྩམས་ཏེ་དེ་ཐམས་ཅད་རང་རིགས་གྱི་རྒྱལ་བའི་ཅོད་པན་གྱིས་མཛེས་པར་བྱས་པའི་རྒྱན་དང་ཆ་ལུགས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་དང༌། དར་གྱི་ན་བཟའ་གསོལ་བ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་ཤིང་ཕྱག་གཡོན་ན་པོ་ཏིས་མཚན་པའི་ཨུཏྤལ་བསྣམས་པ། དམིགས་བསལ་ཅན་རྣམས་


TNT06_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས། ཕྱག་གཡོན་པ་རྣམས་ཀྱི་ཁུ་ཚུར་དཀུར་བརྟེན་པའོ། །ཡང་ལུགས་འདིའི་རྒྱ་གར་གྱི་བྲིས་སྐུ་ཁུངས་མ་འགའ་ལས་ནི། རིགས་ལྔ་ནས་རྩམས་ཏེ་ལྷ་ཐམས་ཅད་ལ། གཡོན་ན་ཨུཏྤལ་ལ་གནས་པའི་པོ་ཏི་དང༌། གཡས་ཕྱོགས་སུ་ཨུཏྤལ་ལ་བརྟེན་པའི་རལ་གྲི་བྲིས་པའང་སྣང་ངོ༌། །འདིའི་ལྷ་རྣམས་ཀྱི་བཞུགས་ཚུལ་ལ་ཡང་རྡོར་དབྱིངས་ཀུན་སྙིང་ལུགས་ཀྱི་རིགས་འདྲེ་མི་འགྲོ་ལ། ལྷ་ཚོགས་རྣམས་བྱུང་རྫོགས་སུ་སྤྲོ་བ་སྐྱེད་ཆོག་ཅུང་ཟད་བསྡུས་པ་འདི། འདི་ཉིད་ཀྱི་རང་ལུགས་ཡིན་གྱི་རེ་རེ་བཞིན་རྐངས་འཐོན་དུ་སྤྲོ་ཞིང༌། ལྷ་སོ་སོའི་དག་པ་ཅུང་ཟད་གསུངས་པ་དང་སྦྱར་ནས། སོ་སོའི་དགོས་ཀྱི་མཛད་པ་སོགས་སྦྱོར་བ་ནི། སྤྲོས་པ་ལ་དགའ་བ་ཙམ་མཚོན་པར་བྱེད་དོ། །རྒྱུན་གྱི་ཉམས་ལེན་དང་མདོར་བསྡུས་པའི་སྐབས། ལྷ་ཐམས་ཅད་ལ་དམིགས་ནས། རྩ་སྔགས་ཚར་གཅིག་ཁོ་ན་བརྗོད་དེ། དེ་རྗེས་གསལ་བཏབ་པས་ཀྱང་ཆོག་གོ །དེ་དག་ནི་དམ་ཚིག་བསྐྱེད་པ་སྟེ། དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནོ། །དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས། འཇམ་དཔལ་སྐུ་མདོག་སེར་པོ་བྱུང་ཏེ་ལས་རྣམས་མཛད་པར་གྱུར། མཆོད་རྫས་རྣམས་ལ་དམིགས་ཏེ། ཨོཾ་བཛྲ་ཡཀྵ་ཧཱུཾ་ཕཊ། དྲི་བཟང་གི་ཆུས་གཏོར། བགེགས་རྣམས་བསངས་པར་བསམ། ཨོཾ་བཛྲ་ཤི་ཥ་རེ་རུ་ཊ་མ་ཊ་ཧཱུཾ་ཕཊ། ཅེས་ཐམས་ཅད་དག་པར་བྱས་པར་བསམ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ། ཨོཾ་


TNT06_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་པུཥྤེ་ཧཱུཾ། དེ་བཞིན་དུ་དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནེ་ཝེ་ཏེ། ཤཔྟ་རྣམས་ལ་ཡང་སྦྱར། ཨོཾ་བཛྲ་ཨ་བེ་ཤ་ཡ་ཧཱུཾ་ཕཊ་ཀྱི་སྒོ་དབྱེ། ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ སྙིང་གའི་འོད་ཟེར་གྱིས་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་ནམ་མཁའི་དབུས་སུ་སྤྱན་དྲངས་པར་གྱུར། མ་ལུས་ཕྱོགས་ན་བཞུགས་པ་ཡི། །འཕགས་པ་འཇམ་དབྱངས་བཅོམ་ལྡན་འདས། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་འདིར་ནི་སྩལ་དུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན། བཛྲ་ཨང་གུ་ཤ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། བཅོམ་ལྡན་ཐུགས་རྗེ་བྱོན་པ་ལེགས། །བདག་ནི་བསོད་ནམ་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཇི་ལྟར་བཅོམ་ལྡན་འཇམ་པའི་དབྱངས། །རང་བཞིན་དག་པའི་ཡེ་ཤེས་ལྷ། །གཟུང་འཛིན་དྲི་མ་མི་མངའ་ཡང༌། །འགྲོ་བའི་དོན་དུ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སཏ་ཀཱ་ར་པྲ་ཏཱིཙྪ་སྭཱཧཱ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་བཛྲ་ཏིཥྛ་ཧཱུཾ། དེ་ལྟར་མཆོད་ཡོན་ཞབས་བསིལ། གདན་རྣམས་ཕུལ་ནས། ཨོཾ་མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཞེས་སོགས་ཀྱིས་བསྟོད། ཨོཾ་བཛྲ་ཨཾ་གུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ།


TNT06_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཨཱ་བེ་ཤ་ཨཱཿ ཞེས་པས་ཡེ་ཤེས་སེམས་དཔའ་སྒོ་བཞི་ནས་བཅུག །ཅེས་མན་ངག་དང་ལག་ལེན་ལས་འབྱུང་ཞིང༌། དཀྱིལ་ཆོག་གི་དངོས་བསྟན་ལ། ཤར་སྒོ་ནས་འཇུག་པ་ཁོ་ན་ལས་མེད་དོ། །ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཕྱི་འབྲང་གི་བགེགས་བསྐྲད། བཛྲ་བནྡྷ་ཧཱུཾ། གིས་སྒོ་བཅད། ཨོཾ་ཨ་ཨཱཿནས། ཛྙཱ་ན་གརྦྷ་ཨ། དྲཱྀ་ཤྱ་ས་མ་ཡ་སྟྭཾ་ཨཱ་ཧཾ། ཞེས་པས་བདག་དང་ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའ་རྣམས་ཕན་ཚུན་དུ་བལྟས། ཡང༌། ཨོཾ་ཨ་ཨཱཿནས། གརྦྷ་ཨཱཿ དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ཨཱ་ཧཾ། དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་དབྱེར་མེད་དུ་གྱུར། ཨོཾ་ཛྲ་སཏྭ་ཧཱུཾ། ལྷ་ཐམས་ཅད་ཀྱི་ཐུགས་ཀར་པད་ཟླ་ལ་ཨཱཿ ཨོཾ་ཨ་ཨཱཿནས། གརྦྷ་ཨཱཿ ཨོཾ་བཛྲ་ཀརྨ་ཨོཾ། ཨ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་གཞན་ཡང་འཕགས་པ་ཐམས་ཅད་ཀྱི་ཡོན་ཏན་དང་འཕྲིན་ལས་རྣམས་འོད་ཟེར་གྱི་རྣམ་པར་ཚུར་བསྡུས། ཨ་ལ་ཐིམ། དེ་སྣ་ཚོགས་རྡོ་རྗེ་ཨས་མཚན་པར་གྱུར། ལས་ཀྱི་ཕྱག་རྒྱའོ། །གོང་བཞིན་རྩ་སྔགས་དེ་ཉིད་ཀྱི་མཐར། ཨོཾ་བཛྲ་དྷརྨ་ཧྲཱིཿ ལྷ་ཐམས་ཅད་ཀྱི་མགྲིན་པའི་གནས་སུ་པད་ཟླ་ལ་ཧྲཱིཿདམར་པོ། དེ་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་འཕགས་པ་རྣམས་ཀྱི་གསུང་གི་ཡེ་ཤེས་ཐམས་ཅད་ཚུར་བསྡུས། ཧྲཱི་ལ་ཐིམ་པ་ལས། པདྨ་དམར་པོ་ཨས་མཚན་པར་གྱུར། ཆོས་ཀྱི་ཕྱག་རྒྱའོ། །ཡང་རྩ་སྔགས་ཀྱི་མཐར། ཨོཾ་བཛྲ་ཙཀྲ་ཨོཾ། ལྷ་ཐམས་ཅད་ཀྱི་སྤྱི་གཙུག་ཏུ་པད་ཟླ་ལ་ཨོཾ་ལས་འོད་འཕྲོས། སངས་རྒྱས་བྱང་སེམས་འཕགས་པ་ཐམས་


TNT06_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་སྐུའི་ཡེ་ཤེས་རྣམས་འོད་ཟེར་གྱི་རྣམ་པར་ཚུར་བསྡུས། ཨོཾ་ལ་ཐིམ་པས་འཁོར་ལོ་ཨོཾ་གྱིས་མཚན་པར་གྱུར། ཕྱག་རྒྱ་ཆེན་པོའོ། །ཡང་རྩ་སྔགས་ཀྱི་མཐར། ཨོཾ་བཛྲ་སཏྭ་ཧཱུཾ། ལྷ་ཐམས་ཅད་ཀྱི་ཐུགས་ཀར་པད་ཟླ་ལ་ཧཱུཾ་ལས་འོད་འཕྲོས། སངས་རྒྱས་བྱང་སེམས་འཕགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡེ་ཤེས་རྣམས་ཚུར་འདུས། ཧཱུཾ་ལ་ཐིམ་པ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པར་གྱུར། དམ་ཚིག་གི་ཕྱག་རྒྱའོ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བཞི་བའི་དོན་སྟོན་པའོ། །དེ་དག་ནི་ཕྱག་རྒྱ་བཞིའི་རྒྱས་བཏབ་བོ། །དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ། ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པུཥྤེ་ཧཱུཾ། སོགས་ཉེར་སྤྱོད་ཀྱིས་མཆོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། ཨོཾ་པྲ་ཀྲི་ཏི་པ་རི་ཤུདྡྷ་སརྦ་དྷརྨ་ཡ་ཏུ་ཏ་སརྦ་ཏ་ཐཱ་ག་ཡ་ཛྙཱ་ན་ཀཱ་ཡ། མཉྫུ་ཤྲཱི་པ་རི་ཤུདྡྷི་ཏ་མུ་པ་ད་ཡ་ཏཱི་ཨ་ཨ། སརྦ་ཏ་ཐཱ་ག་ཏ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཾ། ཞེས་དབང་བསྐུར་བས། དེ་བཞིན་གཤེགས་པ་ལྔ་དང༌། སྐལ་བཟང་བཅུ་དྲུག་ལ་རིན་པོ་ཆེའི་ཅོད་པན་ནོ། །གཞན་རྣམས་ལ་རང་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། འདིར་ཡོ་ག་སྤྱིའི་ཆོག་སྒྲོས་སྦྱར་ནས་ལས་བཅོལ་བྱེད་པའི་སྲོལ་ཡོད་ཀྱང་མི་དགོས་ཏེ། རང་གཞུང་ལས་མ་བཤད་ཅིང༌། དེས་དོད་ཐུབ་གཞན་འཆད་འགྱུར་ལྟར་ཡོད་པས་སོ། །གཙོ་བོའི་ཐུགས་ཀའི་ཨ་ཡིག་ལས་འོད་ཟེར་འཕྲོས། ཤེས་རབ་འཁོར་ལོ་ནས། རྡོ་རྗེ་


TNT06_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་བར་གསལ་བར་བྱས། སེམས་ཅན་གྱི་དོན་བྱེད་པ་དང་དེ་བཞིན་གཤེགས་པ་རྣམས་མཆོད་པའི་བྱ་བ་བྱས་ཏེ། ཡང་སྙིང་གའི་ཨ་ཡིག་ལ་བསྡུ། དེ་ལྟར་སྤྲོ་བསྡུས་ཡང་ཡང་བྱེད་པ་ནི་ལས་ལ་སྦྱོར་བའི་དོད་དོ། །དེ་ནི་སྒྲུབ་ཐབས་ཀྱི་གཞུང་ལས། སྒྲ་ལས་འཕེལ་ཏེ་རྒྱད་བཤད་པ། །ཞེས་པའི་དོན་ཡིན་ཞིང༌། ཡེ་ཤེས་སྤྱན་འདྲེན་དང༌། ཕྱག་རྒྱ་བཞི་དང་དབང་བསྐུར་རྒྱས་གདབ་སོགས་དཀྱིལ་ཆོག་ལས་རྒྱས་ཤིང་གསལ་བར་འབྱུང་བ་ནི། སྒྲུབ་ཐབས་སུ། དེ་ནས་ལས་ཀྱི་ཁྱད་པར་ཡང༌། །བསྐྱེད་པའི་ཞར་ལས་འབྱུང་བ་སྟེ། །ཞེས་པས་ན་དོན་བསྟན་ཏོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མཆོད་པ་ནི། ཆུ་དང་ཐང་ལས་སྐྱེས་པ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །ཐུབ་དབང་སྲས་དང་བཅས་ལ་འབུལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། འོག་མ་རྣམས་ལའང་དེས་རིགས་འདྲེས་ཏེ། ནགས་ཚལ་བཅུད་ནི་ཡིད་འོང་བ། །ལྷ་རྫས་དམ་བའི་བདུག་སྤོས་ནི། །ཐུབ་དབང་སྲས་དང་བཅས་ལ་འབུལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཅི་བདེ༴ བཛྲ་དྷུ་པེ་པཱུ་ཛ། སྣང་བའི་ཁྱད་པར་གང་ཡོད་པའི། །ལྷ་རྫས་དམ་པའི་མར་མེ་འདི། །ཐུབ་དབང་༴ བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཅི་བདེ༴ ཨཱ་ལོ་ཀེ ། ཨ་ཀར་ཙནྡན་ལ་སོགས་ཆུ། །ལྷ་རྫས་དམ་པའི་དྲི་མཆོག་འདི། །ཐུབ་དབང་༴ བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཅི་བདེ༴ གནྡྷེ། རོ་མཆོག་བརྒྱ་དང་ལྡན་པ་ཡི། །ལྷ་རྫས་དམ་པའི་ཟས་མཆོག་འདི། །ཐུབ་དབང་༴ བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཅི་བདེ༴ ནེ་ཝེ་ཏེ། ཚངས་པའི་གསུང་ལྟར་སྙན་པ་ཡི། །ལྷ་རྫས་དམ་པའི་སིལ་སྙན་འདི། །ཐུབ་དབང་༴ བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཅི་བདེ༴ བཛྲ་གཱི་ཏི་རཱ་ག་


TNT06_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཤཔྟ་པཱུ་ཛ། དེང་ནས་རྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་པ་རྣམ་རོལ་ཞིང༌། །རྡོ་རྗེ་སྙེམས་མའི་རབ་སྦྱོར་གྱི། །དགའ་སྟོན་བདེ་བས་མཆོད་པར་བགྱི། །ཨོཾ་བཛྲ་ལཱ་སྱ་ཧཱུཾ། སྒེག་དང་བཅས་པའི་འཕྲེང་བ་འཕངས། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེ་ནི་བཅོམ་ལྡན་འབྲལ་མི་འགྱུར། །འཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཨོཾ་བཛྲ་མཱ་ལེ་ཏྲཱཾ། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་བྱ། །དེས་ནི་བདེ་གཤེགས་དངོས་གྲུབ་ནི། །མྱུར་དུ་བདེ་བ་མྱོང་བར་འགྱུར། །ཨོཾ་བཛྲ་གཱི་ཏི་ཧྲཱིཿ དེ་ཉིད་ཐལ་མོའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །སངས་རྒྱས་འདུལ་བའི་འཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྱུར་བར་བགྱིས། །ཨོཾ་བཛྲ་ནྲྀ་ཏི་ཨ། རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཨོཾ་བཛྲ་དྷུ་པེ་ཧཱུཾ། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པ། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་འགྱུར། །ཨོཾ་བཛྲ་པུཥྤེ་ཧཱུཾ། ཆོས་ཀྱི་མེ་ནི་ལེགས་སྦར་བར། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མེ་སྦར་བར་བགྱི། །ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡིས། །བྱང་ཆུབ་ལུས་ཅན་རྣམས་ལ་


TNT06_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བགོས། །ཨོཾ་བཛྲ་གནྡྷེ་ཨཱཿ དེ་ནས། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་འཕྲེང་ལྡན། །སོགས་འདོད་ཡོན་ལྔའི་མཆོད་པ་འབུལ་ཏེ། སྔགས་རྣམས་ཀྱང་རཱུ་པ་པཱུ་ཛ་མེ་གྷ་སོགས་གོང་མས་རིགས་འདྲེའོ། །སྤྲོས་པ་ཆུང་བ་ལ་མོས་པའམ། །བདག་ཉིད་ཐུན་བཞིའི་ཉམས་ལེན་སོགས་ཀྱི་སྐབས་སུ། སྤྱན་འདྲེན་བཞུགས་གསོལ་མཆོད་པའི་ཚིགས་བཅད་རྣམས་བོར་ཏེ། སྔགས་དང་ཕྱག་རྒྱ་ཙམ་གྱིས་ཀྱང་ཆོག་གོ །དེ་ནས་དྲིལ་ཐབས་དང་བཅས་ཏེ། མཆོག་སྦྱིན་རྡོ་རྗེ་སོགས་འདུད་ཉི་ཤུས་བསྟོད། ཨོཾ་སྠི་ཏོ་ཧྲི་དི་ཛྙཱ་ན་མུརྟི་ར་ཧཾ། བུདྡྷོ་བོ་དྷི་ནཾ་ཏྲྱ་དྷོ་བརྟི་ནཾ། ཞེས་པའི་སྔགས་ཀྱིས། རང་ཉིད་ལས་ཀྱི་འཇམ་དཔལ་སེར་པོ་གསལ་བ། གཞིའི་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གངས་ཅན་མཚོ་ལ་ཕྱག་བྱས་ཏེ་ཐུགས་ཀར་ཞུགས་པར་གྱུར། ཨོཾ་སྠི་ཏོ་སོགས་ཀྱིས། དང་པོའི་སངས་རྒྱས་ལ་ཕྱག་བྱས་ཏེ་དེའི་ཡང་ཐུགས་ཀར་ཞུགས་པར་གྱུར། ཨོཾ་སྠི་ཏོ་སོགས། ཤེས་རབ་ཀྱི་འཁོར་ལོ་ལ་ཕྱག་བྱས་ཏེ། འཁོར་ལོའི་ལྟེ་བར་ཕྱིན་པར་གྱུར། ཨོཾ་སྠི་ཏོ་སོགས། ཡེ་ཤེས་སེམས་དཔའ་ལ་ཕྱག་བྱས་ཏེ། དེའི་ཐུགས་ཀར་ཐིམ་ནས་ཐུགས་ཀའི་ཨ་ཡིག་དང་གཉིས་སུ་མེད་པར་གྱུར། དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་སྒྱུ་མ་ལྟར་ཤེས་པར་བྱས་ལ་མཉམ་པར་བཞག་ཅིང༌། ཐིག་ལེའི་རྣལ་འབྱོར་ལ་སོགས་པའི་མན་ངག་རྣམས་ཀྱང་སྤྲོ་ན་སྐབས་འདིར་བསྒོམ་མོ། །དེ་ནས་བཟླས་པ་ནི། ལྷ་ཐམས་ཅད་དམ་གཙོ་བོ་ཁོ་ནའི་ཐུགས་ཀར་ཟླ་བ་ལ་ཨ་ཡིག་གི་མཐར། གང་བཟླ་བའི་སྔགས་ཀྱི་འཕྲེང་བས་སྐོར་བ་སྒོམ། སྤྲོ་བསྡུའི་རིམ་པ་གོང་དུ་བཤད་པ་རྣམས་ཀྱིས་རིགས་འདྲེས་ཏེ། བཟླས་པའི་དམིགས་པ་དང་ལྡན་པས་བཟླས་བརྗོད་བྱའོ། །ཨོཾ་སརྦ་


TNT06_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དྷརྨ་ཨ་བྷཱ་ཝ་སྭ་བྷཱ་ཝ་བི་ཤུདྡྷེ་བཛྲ་ཙཀྵུ་ཨ་ཨ་ཨཾ་ཨ། ཞེས་པ་ནི་ཡང་སྙིང་ངོ༌། །ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར་ཨོཾ་ཧྲཱིཿབྷ་ག་ཝཱན་ཛྙཱ་ན་མུརྟི་ཝ་གཱི་ཤྭ་ར། མཧཱ་པ་ཙ་སརྦ་དྷརྨ་ག་ག་ཎ་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ ཞེས་པ་ནི་རྩ་བའི་སྔགས་སོ། །ཨོཾ་བཛྲ་ཏིཀྵྞ་དུ་ཁ་ཙྪེ་ད་པྲཛྙཱ་ཛྙཱ་ན་མུརྟ་ཡེ། ཛྙཱ་ན་ཀཱ་ཡ་ཝཱ་གི་ཤྭ་ར་ཨ་ར་པ་ཙ་ན་ཡ་ཏེ་ན་མཿ ཞེས་པ་ནི་རིགས་བསྡུས་པའི་སྙིང་པོའོ། །འཇམ་དཔལ་གྱི་སྙིང་པོ་ཡི་གེ་དྲུག་པ་གཞན་ཡང་བཟླར་རུང་ཞིང༌། མཚན་ཡང་དག་པར་བརྗོད་པ་ཉིད་འདོན་པའང་བཟླས་པའི་རྣམ་གྲངས་སུ་འགྱུར་རོ། །ཐུན་འཇོག་པ་ན། རྗེས་ཀྱི་བྱ་བ་ནི། དང་པོར། མཆོག་སྦྱིན་རྡོ་རྗེ་སོགས་ཀྱིས་བསྟོད། མཆོད་ཡོན་ཞབས་བསིལ་ཉེར་སྤྱོད་ལྔ་པོ་རྣམས་གོང་དུ་བཤད་པའི་སྔགས་དང་ཕྱག་རྒྱས་ཕུལ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ལ་འདོན་པ་སྤོས་ཏེ། ཨོཾ་མཉྫུ་ཤྲཱི་ས་མ་ཡ། ཞེས་དང༌། མཉྫུ་ཤྲཱི་ཏྭེ་ནོ་ཞེས་དང༌། སརྦ་ཏ་ཐཱ་ག་ཏ་མཉྫུ་ཤྲཱི་མཱ་མེ་མུཉྩ་ཞེས་པ་རྣམས་སོ། །དེ་ལྟར་ལན་གསུམ་བཟླས་པས་བརྟན་པར་བྱས་ཏེ། ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་བྱོན་པའི་མགྲོན་རྣམས་ལ་དམིགས་ནས། མ་འབྱོར་པ་དང་ཉམས་པ་དང༌། །སོགས་དང༌། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། བཛྲ་མུཿ ཞེས་པས་གཤེགས་སུ་གསོལ། ཐུགས་ཀའི་ཨ་ལས་འོད་ཟེར་འཕྲོས། དཀྱིལ་འཁོར་ཐམས་ཅད་ཁྱབ་སྟེ། ཕྱི་མ་ཕྱི་མ་འོད་དུ་ཞུ་ནས་ནང་མ་ནང་མ་ལ་ཐིམ། སྐྱེ་མེད་ཨ་ཡིག་སྤྲོས་པ་ཐམས་ཅད་དང་བྲལ་བར་གྱུར། སླར་ཡང་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བར་བྱའོ། །འདིར་ཕྱག་རྒྱ་དགྲོལ་བ་མི་དགོས་ཏེ། ལག་པའི་ཕྱག་རྒྱ་མ་བཅིངས་པའི་ཕྱིར་རོ། །བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ་པ་ཡང་མི་དགོས་ཏེ། རང་གཞུང་ལས་ཡེ་མ་བཤད་ཅིང༌།


TNT06_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱིས་ཐོབ་པ་ཡང་མིན་པའི་ཕྱིར་རོ། །འདི་ཡོ་གའི་ལུགས་ཡིན་པའི་ཕྱིར་དེ་དག་དགོས་སོ་སྙམ་ན། ཁྱབ་པར་ཡང་མ་ངེས་ལ། ལུགས་འདི་རྒྱུད་སྡེ་བཞིའི་ཟླས་ཕྱེ་བའི་རྣལ་འབྱོར་རྒྱུད་ཀྱི་ཆོ་གར་བྱས་པའང་མ་ཡིན་ནོ། །དེས་ན་འདི་རྣལ་འབྱོར་ཆེན་པོ་ཐབས་རྒྱུད་དུ་བཀྲལ་བའི་ལུགས་ཡིན་ཏེ། རྒྱུ་མཚན་རྒྱས་པར་བླ་མའི་ཞལ་ལས་རྟོགས་དགོས་ཤིང་ཅུང་ཟད་འོག་ཏུ་འཆད་པ་ལ་ལྟ་བར་བྱའོ། །འདི་ནི་བསྙེན་པ་རྒྱས་པ་ཡིན་ཞིང༌། བསྡུས་པ་ནི་དང་པོ་སྦྱོར་བ་ཙམ་ཡིན་ལ་འདི་རིགས་བསྡུས་ཡིན་ཞིང༌། རིགས་སོ་སོ་བ་ལ་ནི། མི་བསྐྱོད་པའི་ཐུགས་ཀར་དང་པོའི་སངས་རྒྱས། དེའི་ཐུགསས་ཀར་ཤེས་རབ་ཀྱི་འཁོར་ལོའི་རྩིབས་བརྒྱད་ལ། ཨོཾ་དུ་ཁ་ཚེ་ད་ཡ་ཏེ་ན་མཿ ལྟེ་བར་ཧཱུཾ་ལས་རྡོ་རྗེའི་རིགས་ཀྱི་འཇམ་དཔལ་སྔོན་པོ། གཡས་རལ་གྲི་དང་གཡོན་རྡོ་རྗེ་འཛིན་པའི་ཐུགས་ཀར་ཡང་ཧཱུཾ་སྔོན་པོའོ། །དེ་བཞིན་དུ། རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀར་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ལ། ཨོཾ་བཱ་གཱི་ཤྭ་ར་ཡ་ཏེ་ན་མཿ ལྟེ་བར་ཏྲཱཾ་ངམ་ཨཾ་ལས་རིན་ཆེན་རིགས་ཀྱི་འཇམ་དཔལ་གཡས་རལ་གྲི་དང་གཡོན་རིན་པོ་ཆེ་འཛིན་པའི་ཐུགས་ཀར་ཟླ་བ་ལ་ཏྲཱཾ་ངམ་ཨཾ་སེར་པོའོ། །འོད་དཔག་མེད་ཀྱི་ཐུགས་ཀར་ཡང་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་རྩིབས་བརྒྱད་པ། ཨོཾ་བཛྲ་ཏིཀྵྞ་ཡ་ཏེ་ན་མཿ ལྟེ་བར་ཧྲཱིཿལས་པདྨའི་རིགས་ཀྱི་འཇམ་དཔལ་དམར་པོ། གཡས་རལ་གྲི་དང་གཡོན་པདྨ་འཛིན་པའི་ཐུགས་ཀར་ཡང་ཟླ་བ་ལ་ཧྲཱིཿདམར་པོའོ། །དོན་ཡོད་གྲུབ་པའི་ཐུགས་ཀར་ཡང་ཤེས་རབ་ཀྱི་འཁོར་ལོ་རྩིབས་བརྒྱད་པ། ཨོཾ་ཛྙཱ་ན་ཀཱ་ཡ་ཡ་ཏེ་ན་མཿ ལྟེ་བར་ལས་ཀྱི་རིགས་ཀྱི་འཇམ་


TNT06_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྗང་ཁུ་གཡས་རལ་གྲི་དང་གཡོན་རྒྱ་གྲམ་འཛིན་པ། ཐུགས་ཀར་ཟླ་བ་ལ་གནས་པའི་ཨཱཿའོ། །རྣམ་སྣང་གི་ཐུགས་ཀར་ཡང་ཤེས་རབ་ཀྱི་འཁོར་ལོའི་རྩིབས་བརྒྱད་པ། ཨོཾ་པྲཛྙཱ་ཛྙཱ་ན་མུརྟ་ཡེ་ཡ་ཏེ་ན་མཿ ལྟེ་བར་ཨོཾ་ལས་འཇམ་དཔལ་དཀར་པོ་གཡས་རལ་གྲི་དང༌། གཡོན་འཁོར་ལོ་འཛིན་པ། ཐུགས་ཀར་ཡང་ཟླ་བའི་སྟེང་དུ་ཨོཾ་མོ། །སྲོག་ཆགས་ལྔ་ཅར་གྱིས་བཏེག་པའི་ཁྲི་གཅིག་གི་སྟེང་དུ། དར་གྱི་གློ་གདན་དང༌། པདྨ་ཉི་ཟླའི་གདན་ལ། ཨཿལས་བྱང་སེམས་རྡོ་རྗེ་དཀར་པོ། རྡོ་རྗེ་སེམས་དཔའ་སྤྱི་དང་འདྲ་བའི་ཐུགས་ཀར་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ལ། ཨོཾ་ཨ་ར་པ་ཙ་ན་ཡ་ཏེ་ན་མཿ འཁོར་ལོའི་ལྟེ་བར་ཨ་ལས་བྱང་ཆུབ་སེམས་ཀྱི་འཇམ་དཔལ་དཀར་པོ། རལ་གྲི་དང་པོ་ཏི་འཛིན་པའི་ཐུགས་ཀར་ཡང་ཨཱཿདཀར་པོ་བསམ། དེ་ལྟར་དེ་རྣམས་ཐམས་ཅད་ལ་འཁོར་ལོའི་ཁ་དོག་ལྷའི་མདོག་དང་མཚུངས་ལ། མུ་ཁྱུད་ལ་སོགས་པ་གོང་དུ་བཤད་པ་དང་འདྲའོ། །འདི་རྣམས་གཙོ་བོ་གོ་འཕོ་བའི་ཚུལ་གྱི་སྒོམ་པ་སྟེ། རིགས་སོ་སོའི་སྒྲུབ་པ་པོས་ཉམས་སུ་བླང་བར་བྱ་བ་ཡིན་མོད་ཀྱི། དེ་དག་གི་ཆོ་གའི་ཁྱད་པར་མི་འདྲ་བ་རྣམས་དང༌། ལྷ་ཚོགས་ཀྱི་དབྱེ་བའི་ཁྱད་པར་རྣམས་ནི། ཡི་གེ་མང་བའི་ཕྱིར་འདིར་མ་བྲིས། གཞན་ཡང་ཁྲུས་ཀྱི་རྣལ་འབྱོར་དང༌། ཆུ་སྦྱིན་དང༌། མཎྜལ་དང༌། ཕྱག་དང༌། ཚ་ཚ་གདབ་པ་དང༌། སྐོོར་བ་དང༌། གཏོར་མ་དང༌། སྦྱིན་སྲེག་སྟེ། རྣལ་འབྱོར་གྱི་ཡན་ལག་བརྒྱད་པོ་རྣམས་ལའང་ནན་ཏན་དུ་བསྒྲུབ་པར་བྱའོ། །ཡང་སྒྲུབ་ཐབས་ཀྱི་གཞུང་ལས་སྒོ་ཕྲག་གཉིས་མ་དང༌། དཀྱིལ་ཆོག་ལས་མཚན་གྱི་ལྷ་རྣམས་བཀོད་པའི་སྒོ་ཕྲག་གསུམ་མ་ཡང་གསུངས་ཤིང༌། དམིགས་པ་མདོར་བསྡུས་ལ་དགའ་བས་ནི། དཀྱིལ་འཁོར་སྒོ་རྐྱང་ཡང་རུང་ངོ་ཞེས་ཤེས་པར་བྱའོ། །


TNT06_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དཀྱིལ་འཁོར་གྱི་ཆོ་ག་ལ། སའི་ཆོ་ག །སྟ་གོན་གྱི་ཆོ་ག །དངོས་གཞིའི་ཆོ་ག་སྟེ་གསུམ་མོ། །དང་པོ་ནི། འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཚང་བར་བྱས། སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་རླབས། རྒྱུད་སྡེ་འོག་མ་རྣམས་དང་ཐུན་མོང་གི་ཆོ་ག་སྤྱིའི་ལུགས་དང་མཐུན་པར་བཏང༌། ཨོཾ་པྲ་ཀྲི་ཏེ་པ་རི་ཤུདྡྷ་ནས། ཧཱུཾ་གི་སྒྲ་དྲག་པོ་སྒྲོག་པའོ། །ཡ་མཱནྟ་ཀའི་སྔགས་བཟླ་ཞིང༌། བསང་ཆུས་ཕྱོགས་ཐམས་ཅད་དུ་གཏོར་བར་བྱའོ། །དེ་ནི་མི་ཤིས་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་སྤྱིར་བསང་བ་ཡིན་ཏེ། ས་ཆོག་གི་སྔོན་འགྲོའོ། །ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས། ཚོམ་བུའི་སྟེང་དུ་བཾ་ལས་སའི་ལྷ་མོ་སེར་མོ་ཞི་བ་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲཽས། ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་བཛྲ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཾ། རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བར་གྱུར། ཨོཾ་པྲི་ཐི་བཱི་དེ་བཱི་བཛྲ་ཨརྒྷཾ་སྭཱཧཱ། དེ་བཞིན་དུ་སྦྱར་ནས། བཛྲ་པུཥྤེ་ཧཱུཾ་ནས། ཤཔྟ་ཧཱུཾ་གི་བར་གྱིས་མཆོད། གཏོར་མ་འབུལ་ན། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཕུལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ནས་དཀྱིལ་འཁོར་འབྲི། །ལན་གསུམ། ཕྱོགས་འདིར་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག །


TNT06_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གནང་བ་སྦྱིན། ཨོཾ་བཛྲ་ཨུཏྣིཥྛ་སའི་ལྷ་མོ་ནམ་མཁར་བཞུགས་པར་གྱུར། དེ་ནི་ས་བླང་པའོ། །དེ་ནས་དྲག་པོ་དང༌། ཞི་བའི་སྦྱིན་སྲེག་དང༌། རྐོང་སྦྱངས་བྱ་བ་སོགས་ཀྱང་བར་འདིར་བཤད་དོ། །དེ་ནི་ས་སྦྱང་བའོ། །འོན་ཀྱང་ད་ལྟར་ལག་ལེན་དེ་དག་མི་བྱེད་དེ། མེད་ཀྱང་ཆོག་གོ །སྤོས་ཀྱི་ཆུ་དང་ཡུངས་ཀར་སོགས་ཀྱིས་ས་ལ་གཏོར། ཨ་ཨ་སོགས་རྩ་བའི་སྔགས་བཟླས། ལག་མཐིལ་ས་ལ་མཉམ་པར་རེག་སྟེ། ཨོཾ་མཉྫུ་ཤྲཱི་ས་མ་ཡ་སོགས་ལན་གསུམ་བཟླས་ཏེ་ས་བཟུང་བའོ། །དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་ས་གཞིའི་དབུས་སུ་འདུག་སྟེ། སྐྱབས་འགྲོ་ནས་རྩམས་བཟླས་པའི་བར་དང༌། བསྟོད་མཆོད་ཡིག་བརྒྱ་རྣམས་གོང་བསྙེན་པའི་སྐབས་སུ་བཤད་པ་བཞིན་བྱ་ལ། དཀྱིལ་འཁོར་གྱི་འཁོར་ལོ་རང་གི་སྙིང་གར་སྐད་ཅིག་གིས་བསྡུ། ཁཾ་དཀྱིལ་འཁོར་གྱི་ས་གཞི་སྟོང་པའི་རང་བཞིན་དུ་གྱུར། ཧཱུཾ་ཧཱུཾ་ལས་ས་གཞི་རྡོ་རྗེའི་རང་བཞིན་དུ་གྱུར། དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །དམ་ཚིག་ལྷ་རྣམས་དང་མཉམ་པར། །འགྱུར་བར་བདག་ཉིད་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པར། །མི་ཟློག་པར་ནི་བདག་གྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །བདག་གི་མཆོད་སྦྱིན་བླ་ན་མེད། །དེང་བདག་འདུས་པའི་མཆོག་ཡིན་ནོ། །ཞེས་བརྗོད་དེ། ས་གཞི་བྱིན་གྱིས་རླབ་པའོ། །དེ་ནས་བདུག་སྤོས་ཐོགས་ཏེ་དྲིལ་གསིལ་དང་བཅས་པས། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །


TNT06_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མིང་འདི་ཞེས་བགྱི་བ་ཡིས། །འཇམ་དཔའི་དབྱངས་ཀྱི་དཀྱིལ་འཁོར་འབྲི། །སངས་རྒྱས་ལ་སོགས་ཀུན་འབྱོན་འཚལ། །དངོས་གྲུབ་འདིར་ནི་སྩལ་དུ་གསོལ། །ཅེས་པ་ནི་དབང་པོ་སྤྱན་འདྲེན་པའོ། །ཨ་ཨཱ་སོགས་རྩ་སྔགས་ཅི་རིགས་པར་བཟླས་ཏེ། རང་ཉིད་ལྷའི་ང་རྒྱལ་བརྟན་པོར་སྐྱེད་པ་ནི། གོ་ཆ་བྱིན་གྱིས་རླབ་པའོ། །སློབ་མ་ཕྱག་ན་རྡོ་རྗེ་ཞི་བ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང༌། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དཀྱིལ་འཁོར་ཆེན་པོར་བཤད་དུ་གསོལ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །སྒྱུ་འཕྲུལ་དྲྭ་བ་ལས་བྱུང་བའི། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང༌། །དཔག་མེད་རྣམས་ཀྱིས་དགའ་བཞིན་དུ། །དཀྱིལ་འཁོར་གཙོ་བོ་བཤད་དུ་གསོལ། །ཅེས་པ་ནི་སློབ་མས་གསོལ་བ་བཏབ་པའོ། །འདིར་དཔེ་འགའ་ཞིག་ལས། ཞི་བའི་ཆོས་ནི་མཆོག་ལས་བྱུང༌། །ཞེས་སོགས་བྲིས་པ་ནི། རང་བཟོ་མཁན་གྱིས་བཅུག་པའོ། །དེ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནྡྷ་ནཾ་ཀ་རོ་མི། རང་ཉིད་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་སྐུར་གྱུར། མིག་གཉིས་སུ་མ་དང་ཊ་ལས་ཉི་མ་དང་ཟླ་བ་ཧཱུཾ་གིས་མཚན་པ། རྐང་མཐིལ་གཉིས་སུ་ཧཱུཾ་ལས་རྡོ་རྗེ་རྒྱ་གྲམ་འོད་འབར་བ། དབུས་ནས་དབང་ལྡན་དུ་སོང་ཞིང༌། དེ་ནས་གཡས་སྐོར་དུ་གཡས་བརྐྱང་གཡོན་བརྐྱང་གི་འགྲོས་ཀྱིས་བཅགས་ཤིང༌། ང་ནི་རང་ཉིད་རྡོ་རྗེ་ཅན། །འཇམ་པའི་རྡོ་རྗེ་རང་ཉིད། །ང་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་


TNT06_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སངས་རྒྱས་ཀུན་བདག་ཉིད། །བདག་པོ་ཆེན་པོ་རྡོ་རྗེའི་བདག །བྱིན་གྱིས་རླབས་པ་མི་འདོར་རོ། །དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པ་བགེགས་ཚོགས་ཀུན་ཉོན་ཅིག །གནས་འདིར་འཇམ་དཔལ་ཕོ་བྲང་དཀྱིལ་འཁོར་འབྲི། །བགེགས་ཀྱི་རིགས་ཚོགས་གང་ཡིན་བྱེར་བར་གྱིས། །ཞེས་བརྗོད་ཅིང༌། གཤིན་རྗེ་གཤེད་དང་བདུད་རྩི་འཁྱིལ་པའི་སྔགས་དྲག་ཏུ་བཟླས། རོལ་མོའི་སྒྲ་བྱའོ། །རྒྱས་པར་སྤྲོ་ན་དེང་སང་ཕྱོགས་ནམ་མཁར་ལྟར་ཞེས་སོགས་ཚིག་ལྷུག་པའི་བཀའ་སྒོ་ཡང་བྱ། ཤར་དུ་གཡས་བརྐྱང༌། ལྷོར་གཡོན་བརྐྱང༌། ནུབ་ཏུ་ཟླུམ་པོ། བྱང་དུ་ས་གའི་སྟང་སྟབས་རྣམས་ཀྱིས་ཀྱང་བགེགས་བསྐྲད་དོ། །བསྡུ་ན་བཀའ་བསྒོ་ཙམ་གྱིས་ཀྱང་ཆོག་སྟེ། དེ་དག་ནི་བགེགས་གཞོམ་པའི་བྱ་བའོ། །དེ་ནས་ཕུར་བུ། སྭ་བྷཱ་ཝས་སྟོང་བར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཕུར་བུ་ཁྲོ་བོ་བདུད་རྩི་འཁྱིལ་བ། རྡོ་རྗེ་དང་སྡིགས་མཛུབ་མཛད་པ། ཨུཏྤལ་སྔོན་པོའི་མདོག་ཅན། ལྟེ་བ་མན་ཆད་ཕུར་བའི་དབྱིབས་སུ་གནས་པར་གྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བནྡྷ་ཧཱུཾ་ཕཊ། མང་དུ་བཟླས། ཧཱུཾ་ལས་བྱུང་པའི་རྡོ་རྗེ་ཐོ་བར་གྱུར། སྙིང་ཁ་ནས་འོད་ཟེར་འཕྲོས་བགེགས་ཐམས་ཅད་བཀུག་སྟེ། མཚམས་བཞི་དང་དབུས་སུ་དྲག་པོ་འབྲུབ་ཁུང་གི་ནང་དུ་བཅུག །ཕུར་བུས་བཏབ་ཅིང་ཐོ་པས་བརྡུངས་པར་གྱུར། ཨོཾ་གྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ། སརྦ་དུཥྟཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་རོ་ཨཱཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་བཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། དབུས་དང་གྲྭ་བཞིར་གདབ་བོ། །དཀྱིལ་འཁོར་གྱི་ས་གཞིའི་དབུས་སུ་ཧཱུཾ་ཡིག་དང༌། དེ་ལས་


TNT06_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་འཕྲོས། འོག་ཐམས་ཅན་རྡོ་རྗེའི་ས་གཞི། ཕྱོགས་མཚམས་ཐམས་ཅད་རྭ་བ་དང་དྲ་བ་སྟེང་ཐམས་ཅད་གུར་དང་བླ་རེ། ཕྱི་རོལ་འབར་བའི་ཕྲེང་བས་སྐོར་བར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ། ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ནམ་མཁར་གནས་པའི་སའི་ལྷ་མོ་བཀུག་སྟེ། ས་གཞིའི་སྟེང་དུ་གནས་པར་གྱུར། གོང་བཞིན་མཆོད་ཡོན་ལ་སོགས་པས་མཆོད། ཆོས་ཀྱི་དབྱིངས་དང་དབྱེར་མེད་ལྷ་མོ་ནི། །རྣམ་དག་ས་གཞི་སངས་རྒྱས་སྤྱན་མའི་ངང༌། །བདུད་འཇོམས་སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་བའི། །ས་ཡི་ལྷ་མོ་འཁོར་བཅས་བསྟོད་པར་བགྱི། །སའི་ལྷ་མོ་འཁོར་བཅས་དཀྱིལ་འཁོར་གྱིས་ས་གཞི་ལ་ཐིམ། དེ་དག་ནི་ས་སྲུང་བའོ། །དེ་ལྟར་ན་ས་ཆོག་གི་སྐོར་འདི་རྣམས། གང་དག་ལུགས་འདི་ཉིད་ཀྱི་གཞུང་སྲོང་བ་དག་ཡོད་ན་དེ་དག་ལ་དགོངས་པར་མཐོང་ནས། རང་གཞུང་ཇི་ལྟ་བ་བཞིན་དུ་བཀོད་པ་ཡིན་ལ། ཆོས་ཚུལ་འདི་ཞར་བྱུང་དུ་བྱེད་པ་རྣམས་ཀྱིས་ནི། གསང་བ་སྤྱིའི་ཆོ་ག་ལྟར་བྱས་ཀྱང་འགལ་བ་མེད་དོ། །གཉིས་པ་ལྷག་གནས་ལ། ལྷ་ལྷག་པར་གནས་པ་ནི། སྐྱ་ཐིག་ཙམ་བཏབ་ལ། ལྷ་རྣམས་ཀྱི་གནས་སུ་དྲི་བཟང་གི་ཐིག་ལེ་བཀོད། མཐའ་མཆོད་པས་སྐོར། ཡ་མཱན་ཏ་ཀས་བསངས། ཨོཾ་པྲ་ཀྲི་ཏེ་པ་རི་ཤུདྡྷ་སརྦ་དྷརྨ་པྲ་ཀྲི་ཏེ་པ་རི་ཤུདྡྷོ྅ཧཾ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ་ཨ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾ་ལས་ཐར་པ་ཆེན་པོའི་གཞལ་མེད་ཁང༌། ཞེས་པ་ནས། གདན་རེ་རེ་གྲུབ་པར་གྱུར། དབུས་ཀྱི་གདན་གྱི་སྟེང་དུ་རྣམ་


TNT06_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཆེན་པོ་དང༌། དང་པོའི་སངས་རྒྱས་དང༌། ཡེ་ཤེས་སེམས་དཔའ་དབྱེར་མེད་པ། བཅོམ་ལྡན་འདས་འཇམ་དཔལ་ཞལ་དྲུག་པ་ཞེས་པ་ནས། དཔག་ཏུ་མེད་པས་བལྟམས་པའོ། །འཁོར་ལོའི་རྩིབས་བརྒྱད་ལ་ཤར་དུ་མི་བསྐྱོད་པ་སྔོན་པོ་ཞེས་པ་ནས། ཁུ་ཚུར་དཀུར་བརྟེན་པའོ། །ཞེས་བའི་བར་མངོན་རྟོགས་བཞིན་ལས། ཨ་ཨཱ་སོགས་རྩ་སྔགས་ཀྱིས་ལྷ་འགོད་པ་མི་དགོས། མཆོད་རྫས་རྣམས། ཨོཾ་བཛྲ་ཡཀྵ་ཧཱུཾ་ཕཊ་ཀྱིས་བསང་བ་ནས། ཨོཾ་བཛྲ་ཏིཥྛ་ཧཱུཾ་ཕཊ་ཀྱི་བར་དང༌། ཨོཾ་བཛྲ་ཨང་ཀུ་ཤ་ཛཿནས། ས་མ་ཡ་སྟྭཾ་ཨཱ་ཧཾ། ཆུ་དང་ཐང་ལས་སྐྱེས་པ་ཡི། །ཞེས་པ་ནས། འདུད་ཉི་ཤུས་བསྟོད་པའི་བར་ཡང་བདག་བསྐྱེད་བཞིན་ནོ། །དེ་ནས་སྤོས་དང་བཅས་པའི་རྡོར་དྲིལ་འཛིན་པས། འཇམ་དཔལ་དཔའ་བོ་རྡོ་རྗེ་ཆེ། །རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་ཐུགས་རྗེའི་བདག་ཉིད་ཅན། །སོགས་སྤྱི་དང་འདྲ་བ་ལས། འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་ནི། །འགྲོ་བ་སྦྱང་ཕྱིར་བྲི་བར་བྱ། །ཞེས་འདོན་པ་སྤོས་ཏེ། སྙན་གསན་དབབ་པ་ལན་གསུམ་བྱ། བར་འདིར་དཀྱིལ་འཁོར་ཁང་བའི་ཕྱི་རོལ་ཏུ་སོང་ནས་འཇིག་རྟེན་པའི་གཏོར་མ་ཆེན་མོ་གཏོང་ངོ༌། །དེ་ནས་བུམ་བ་ལྷག་གནས་ནི། བསྡུས་པའི་དབང་དུ་བྱས་ནས་བུམ་པ་གཉིས་བཤམ། རྣམ་རྒྱལ་བུམ་པ་ལ་རིགས་དྲུག་གི་མཚན་མ་དང༌། ལས་བུམ་ལ་སྣ་ཚོགས་རྡོ་རྗེ་འབྲི། བུམ་པ་འཆའ་ཚུལ་སྤྱི་དང་འདྲ། ཡང༌། ཡཀྵས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ། བཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་ལྷ་རྫས་ཀྱི་ཆུ་བོས་ཡོངས་སུ་གང་བ་


TNT06_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སོ་སོའི་གདན་དང་བཅས་པ་ཡོངས་སུ་རྫོགས་པ་གྲུབ་པར་གྱུར། དབུས་ཀྱི་གདན་གྱི་སྟེང་དུ། རྣམ་སྣང་ཆེན་པོ་དང༌། དང་པོའི་སངས་རྒྱས་དང༌། ཡེ་ཤེས་སེམས་དཔའ་དབྱེར་མེད་པ། བཅོམ་ལྡན་འདས་འཇམ་དཔལ་ཞལ་དྲུག་པ། ཞེས་པ་ནས་གཏམས་པའོ། །ཤར་དུ་མི་བསྐྱོད་པ་སྔོན་པོ་ནས། ལྗང་ཁུ་སྣ་ཚོགས་རྡོ་རྗེ་འཛིན་པ། དེའི་ཕྱི་རོལ་ཤར་དུ་རྡོ་རྗེ་སེམས་དཔའ་ནས། སྔོན་པོའོ། །ལྷོ་ཕྱོགས་སུ་རྡོ་རྗེ་རིན་ཆེན་ནས། སེར་པོའོ། །ནུབ་ཕྱོགས་སུ་རྡོ་རྗེ་ཆོས་ནས། དམར་པོའོ། །བྱང་ཕྱོགས་སུ་རྡོ་རྗེ་ལས་ནས། ལྗང་ཁུའོ། །ཤར་ལྷོར་སྒེག་མོ་ནས། གར་སྒྱུར་བ། དེའི་ཕྱི་རིམ་ལ་ཤར་ལྷོར་བདུག་སྤོས་མ་ནས། དུང་ཆོས་འཛིན་པ། ཤར་དུ་བྱམས་པ་སྤོས་ཀྱི་གླང་པོ་ནས། བྱང་གི་ཕྱོགས་ཀྱི་ལྷ་སྣམ་ལའོའི་བར་ལ། ལྷ་སྣམ་ཞེས་པ། གནས་ལའོ། །ཞེས་འདོན་པ་སྒྱུར་བ་དང༌། དེའི་ཕྱིར་རོལ་ཤར་དུ་རྡོ་རྗེ་ལྕགས་ཀྱུ་ནས། ཁུ་ཚུར་བཀུར་བརྟེན་པའོ། །ལས་བུམ་གྱི་ནང་དུ་པད་ཉིའི་སྟེང་དུ་ཧཱུཾ་ལས་འཇམ་དཔལ་གཤིན་རྗེ་གཤེད་ནས། སྒྲ་དྲག་པོ་སྒྲོག་པའོ། །ཨོཾ་བཛྲ་ཡཀྵས་བསངས་པ་ནས། ཤཔྟ་ཧཱུཾ་གི་བར། ཨོཾ་བཛྲ་ས་མཱ་ཛཿ ནས། སྤྱན་དྲངས་པར་གྱུར། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ། ཤཔྟའི་བར་དུ་སྦྱར་ཏེ་མཆོད། འདུད་ཉི་ཤུས་བསྟོད། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །སྐུ་མདོག་མཐིང་ནག་འཇིགས་ལ་དཔའ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །བགེགས་


TNT06_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །གཟུངས་ཐག་ནས་བཟུང་སྟེ། རྩ་སྔགས་ཅི་འགྲུབ་ཏུ་བཟླ། ལས་བུམ་ལ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། བརྒྱ་རྩ་སོགས་བཟླས། ཐུན་མོང་དུ། ཨཱ་བྷི་ཥེ་ཀ་བཟླས་པའི་མཐར། འཇམ་དཔལ་གྱི་ཡི་གེ་བརྒྱ་པ་བདུན་ལ་སོགས་པ་ཇི་ལྟར་འོས་པ་བརྗོད་ནས། རྣམ་རྒྱལ་བུམ་པ་ལ་མཆོད་ཡོན་ཕུལ་ཏེ། ཨོཾ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་ས་མ་ཡེ་ཧཱུཾ། ལྷ་རྣམས་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་ཞུ་བར་གྱུར། ལས་བུམ་ལ་ཡང་སྔགས་དེས་ཕུལ་ནས། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་ཐམས་ཅད་བཟློག་ཅིང༌། ལས་ཐམས་ཅད་སྒྲུབ་པའི་འཕྲིན་ལས་མཛད་དུ་གསོལ། ཅེས་བརྗོད། དེ་ནས་གཞུང་ལས་སྐབས་འདིར་སློབ་མ་ལྷག་གནས་བཤད་པ་ཡིན་ཏེ། འོག་ཏུ་འབྱུང་བར་འགྱུར་རོ། །དཀྱིལ་འཁོར་ཞག་གི་བྱ་བ་ནི། མཆོད་པ་ཚར་གཅིག་བཤམས། གོང་བཞིན་བྱིན་གྱིས་བརླབས་ཏེ། ཨརྒྷཾ་ནས་ཤཔྟའི་བར་སྔགས་དང་ཕྱག་རྒྱ་ཙམ་གྱིས་མཆོད་པ་ཕུལ། འདུད་བསྟོད་བྱ། འཇམ་དཔལ་གྱི་ཡིག་བརྒྱ་ལན་གསུམ། འཇམ་དཔལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ནི་སྤྱན་དྲངས་པའི་ཚེ་འདིར་བྱོན་ཏེ། དཀྱིལ་འཁོར་བྱིན་གྱིས་བརླབས་པ་དང༌། བདག་དང་སློབ་མར་བཅས་པ་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ། ཐིག་སྐུད། ཡ་མཱན་ཏ་ཀའི་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཐིག་སྐུད་སྔོན་པོ་ལ་ཧཱུཾ། སེར་པོ་ལ་ཏྲཱཾ། དམར་པོ་ལ་ཧྲཱིཿ ལྗང་ཁུ་ལ་ཨཱཿ དཀར་པོ་ལ་ཨཾ་རྣམས་ཀྱིས་མཚན་པ། ཡིག་འབྲུ་རྣམས་དེ་བཞིན་གཤེགས་པ་རིགས་ལྔའི་རང་བཞིན་ནོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ནམ་


TNT06_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་བཞུགས་པའི་སྟ་གོན་གྱི་ལྷ་རིགས་ལྔའི་ཐུགས་ཀ་ནས། ཡིག་འབྲུ་ལྔའི་ཚོགས་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་ཡིག་འབྲུ་ལྔའི་རྣམ་པར་སྤྱན་དྲངས། ཐིག་སྐུད་ཀྱི་ཡིག་འབྲུ་ལྔ་ལ་གཉིས་སུ་མེད་པར་ཐིམ། ཧཱུཾ་ཏྲཱཾ་ཧྲཱིཿཨཱ་ཨཾ། ཞེས་མང་དུ་བཟླས་ལ། ཡིག་འབྲུ་རྣམས་ཞུ་ཞིང་ཐིག་སྐུད་ལ་ཐིམ་པས། ཡེ་ཤེས་ཀྱི་སྲད་བུར་གྱུར། ཨ་ཨཱཿ སོགས་རྩ་སྔགས་བརྗོད་ལ་སྒྲིལ། མེ་ཏོག་ལ་སོགས་པ་ཉེར་སྤྱོད་ལྔ་སྔགས་ཙམ་གྱིས་མཆོད། ཡང་རྩ་སྔགས་བཟླ་བཞིན་དུ་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་མོས་ཛྫཿཞེས་ཐིག་སྐུད་ཀྱི་སྣེ་གྲོགས་ལ་གཏད། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། ཞེས་བརྗོད་ཅིང་ཡེ་ཤེས་ཀྱི་ཐིག་ཆེན་བརྒྱད་པོ་སྤྱི་དང་འདྲ་བར་བཏབ། དེའི་འོག་ཏུ་ལས་ཐིག་བཏབ་ནས་ཆ་དབྱེ་བར་བྱའོ། །མཐར་ཐིག་སྐུད་ལ་ཉེར་སྤྱོད་ལྔས་མཆོད་ནས། བཛྲ་མུཿས་ཡེ་ཤེས་པ་གཤེགས་སུ་གསོལ། རྡུལ་ཚོན་བྱིན་གྱིས་རླབས་པ་ཡང་དེས་རིགས་འགྲེས་ཏེ། ཐིག་སྐུད་དང་སྲད་བུ་ཞེས་པའི་གནས་སུ། རྡུལ་ཚོན་ཞེས་པ་འཇུག །སྒྲིལ་བའི་ཚབ་ཏུ་མཐེབ་སྲིན་གྱི་མཉེས་ནས། ཨོཾ་བཛྲ་ཙིཏྟྲ་ས་མ་ཡེ་ཧཱུཾ། མང་དུ་བཟླས་ཏེ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །རྒྱལ་བ་འཇམ་པའི་རྡོ་རྗེ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་བདག །ཞེས་བརྗོད་དེ་སློབ་དཔོན་གྱིས་དབང་ལྡན་གྱི་རྩིག་པ་བྲིས་པ་སྣོད་ཀྱིས་བཀབ་པར་བྱ་ལ། དེ་ནས་ཚོན་ཅི་བདེར་འགྱེད་དོ། །ལྷ་མཚན་གྱི་སྐབས་གཙོ་བོའི་མཚན་མ་ལ་འཁོར་ལོ་དང༌། རལ་གྲི་དང༌། ཨུཏྤལ་དམར་པོ་པོ་ཏིར་བཅས་པ་རྣམས་སུམ་རྩེག་ཏུ་འབྲི་བར་བཤད་ལ། གསུམ་ཀར་བྲི་བར་མ་ནུས་ན། ཨུཏྤལ་དང་བཅས་པའི་པོ་ཏི་ཁོ་ན་འབྲི། མཐར་རྡུལ་ཚོན་


TNT06_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་དེ་ཡེ་ཤེས་པ་གཤེགས་སོ། །ཇོ་བོ་སྨྲྀ་ཏིས་མཛད་པའི་གསང་ལྡན་གྱི་འགྲེལ་པར་ཐིག་གི་རྣམ་གཞག་ལ། ཐིག་སྤྱི་དང་མི་འདྲ་བ་ཞིག་མཛད་པ་ནི། ཁོང་ཉིད་ཀྱི་བཞེད་པ་ཡིན་གྱི། སྒེག་པའི་རྡོ་རྗེའི་བཞེད་པ་ཡིན་པར་མ་ངེས་པས། ཐིག་རྣམས་སྤྱི་དང་འདྲ་བར་བཏབ་པས་རུང་ལ། འཁོར་གྱི་ལྷ་མཚན་ནི་སྒྲུབ་ཐབས་བཞིན་ནོ། །ད་ནི་དངོས་གཞིའི་རིམ་པ་ལ། དཀྱིལ་འཁོར་གྱི་མཐར་མཆོད་པས་མཛེས་པར་བྱེད་པ་ནི་ངེས་པར་དགོས་ལ། ཕུར་བུ་དང༌། མདའ་དང༌། རལ་གྲི་དང༌། ཚོན་སྐུད་དང༌། མེ་ལོང་ལ་སོགས་པས་བརྒྱན་པར་བཤད་པ་ལྟར་འགྲུབ་ན་བྱ་མོད། མ་གྲུབ་ཀྱང་འགལ་བ་མེད་དོ། །སློབ་དཔོན་གྱིས་རྡོ་རྗེ་གསོར་དྲིལ་བུ་དཀྲོལ་ཞིང༌། འཇམ་དཔལ་གྱི་ཡི་གེ་བརྒྱ་པ་བཟློས་པ་དང་བཅས་པས། དབང་ལྡན་ནས་རྩམས་ཏེ་གཡས་སུ་སྐོར་བ་ལན་བདུན་བྱའོ། །རྣམ་རྒྱལ་བུམ་པ་དབུས་སུ་བཞག་པར་མོས་ཏེ་དཀྱིལ་འཁོར་གྱི་ཤར་དུ་བཞག །ལམ་བུམ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་བཞག་གོ །རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བགེགས་སྦྱང་བ་དང༌། སྡིག་པ་སྦྱང་བ་དང་ལས་བུམ་མམ། ཁྲུས་བུམ་གཞན་གྱིས་ཁྲུས་གསོལ་བའི་དྲི་མ་སྦྱང་བ་དང་ཤིས་བརྗོད་ཇི་ལྟར་འོས་པར་བྱའོ། །སབས་འདིར་དཀྱིལ་འཁོར་སྒྲུབ་པའི་ཆོ་ག་ལ་དཀྱིལ་ཆོག་ཡོན་ཏན་འབྱུང་གནས་ལས། དཀྱིལ་འཁོར་བསྒྲུབ་པར་བྱ་སྟེ། འཁོར་ལོ་དང་པོའི་ཏིང་ངེ་འཛིན་ནས། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་གྱི་བར་དུ་བསྒོམས་ལ། བཟླས་པའི་རྣལ་འབྱོར་རྫོགས་པ་དང་རས་ཟུང་དུ་སྦྱར་བ་ལྷ་རྣམས་ལ། ཨོཾ་ཨཱཿཧཱུཾ་བཛྲ་བསྟྲ་ཧཱུཾ། ཞེས་བྱ་བས་དབུལ་ལོ། །ཞེས་གསུངས་ཏེ། དེ་ལ་འཁོར་ལོ་དང་པོའི་ཏིང་ངེ་འཛིན་ཞེས་པ་ནི། རྒྱལ་མཆོག་དང་པོའི་འཁོར་ལོ་སྦྱོར་བའི་ཏིང་ངེ་འཛིན་ཞེས་བྱ། སྒྲུབ་ཐབས་ཀྱི་སྔོན་འགྲོའི་མིང་ཡིན་གྱི་དང་པོ་སྦྱོར་བ་མ་ཡིན་ལ། ཡོངས་སུ་རྫོགས་


TNT06_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཏིང་ངེ་འཛིན་ནི། དངོས་གཞི་ཏིང་འཛིན་གསུམ་གྱི་མིང་ངོ༌། །དེ་ལྟར་ན་གཞུང་གི་དགོངས་པ་ནི་བདག་མདུན་དབྱེར་མེད་དུ་གྲགས་པ། བདག་བསྐྱེད་ལ་བརྟེན་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་སྒྲུབ་པའི་ལུགས་ཡིན་ཏེ་སྔ་རབས་པ་མང་པོ་ཞིག་ཀྱང་དེ་བཞིན་དུ་བཞེད་དོ། །ཕྱིས་ཀྱི་ཁ་ཅིག་འདི་སྐད་ཅེས། དཀྱིལ་འཁོར་སྒྲུབ་པར་བྱ་སྟེ། འཁོར་ལོ་དང་པོའི་ཏིང་ངེ་འཛིན་གྱི་བར་བསྒོམས་ལ། བཟླས་པའི་རྣལ་འབྱོར་རྫོགས་པ་ཞེས་ལུང་འདྲེན་མ་དག་པར་མངོན་ཞིང༌། འཁོར་ལོ་དང་པོའི་ངོས་འཛིན་དང་པོ་སྦྱོར་བ་ལ་བྱེད་དེ། སྒྲུབ་ཐབས་གསང་ལྡན་དང་དངོས་སུ་འགལ་བའི་སྤྱི་ཏོལ་སྐྱེད་ནས། རྡོ་རྗེ་འབྱུང་བའི་རྒྱས་བཀབ་བྱེད་པ་འདི་ནི་མི་ལེགས་སོ། །ཡང་སྔ་ཕྱི་མང་པོ་ཞིག་སྟ་གོན་གྱི་དཀྱིལ་འཁོར་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་ཕབ་པའི་རྗེས་སུ་དཀྱིལ་འཁོར་སྒྲུབ་སྟེ་རྣམ་པ་ཅིག་ཏུ་ན་དེ་ལ་འགལ་བ་མེད་ཀྱང༌། འདི་ཉིད་ཀྱི་རྩ་བའི་གཞུང་རྣམས་ནས་མ་བཤད་ཅིང༌། རྡོར་འབྱུང་སོགས་གཞུང་གཞན་ལ་སྐྲུན་པ་ཁོ་ནར་སྣང་བས། སྐབས་འདིར་དེ་འདྲ་དགོས་པ་མ་ཡིན་ནོ། །དེས་ན་སྔོན་འགྲོ་གཏོར་མ་བཏང༌། གནས་ཡོ་བྱིན་རླབས་བྱ། སྐྱབས་འགྲོ་སེམས་སྐྱེད་ཚད་མེད་བཞི་རྣམས་སོང་བ་ན། ཨོཾ་པྲ་ཀྲི་ཏི་ཞེས་པ་ནས། དཀྱིལ་འཁོར་གྱི་འཁོར་ལོ་རང་གི་སྙིང་གར་ཐིམ། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་ཡ་མཱནྟ་ཀའི་སྔགས་ཀྱིས་བསངས། རྩ་སྔགས་ལན་གསུམ་བཟླས་ཏེ། བདག་ཉིད་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་གྱུར། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱངས། ཤེས་རབ་སྟོང་པ་ཉིད་དེ་དང་དཀྱིལ་འཁོར་གྱི་འཁོར་ལོ་ཞེས་པ་ནས་བཟུང་སྟེ། ཕྱག་གཡོན་པ་རྣམས་ཀྱི་ཁུ་ཚུར་དཀུར་བརྟེན་པའོ། །ཞེས་པའི་བར་དང་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་རྫོགས་


TNT06_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ཏེ། གཙོ་བོའི་ཐུགས་ཀའི་ཨ་ཡིག་ལས་འོད་ཟེར་འཕྲོས། སྟ་གོན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཀྱིས་བགེགས་བསལ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་ཤཔྟའི་བར་གྱིས་མཆོད། འདུད་ཉི་ཤུས་བསྟོད། ཨ་ཨཱཿ སོགས་རྩ་སྔགས་ཀྱི་མཐར། དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ཨཱ་ཧཱཾ། ལན་གསུམ་གྱིས། གཟུགས་བརྙན་གྱི་དཀྱིལ་འཁོར་དང༌། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང༌། སྟ་གོན་གྱི་དཀྱིལ་འཁོར་རྣམས་རོ་གཅིག་ཏུ་འདྲེས་པར་གྱུར། དེ་རྗེས། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འཇམ་དཔལ་སྐུ་མདོག་སེར་པོ་ཞེས་པ་ནས། ཨོཾ་བཛྲ་ཏིཥྛ་ཧཱུཾ། དེ་ནས། ལྷ་ལ་སོགས་པ་དྲིའི་རྫས། །ཞེས་སོགས་ཚིགས་བཅད་སྦྱར་བའམ། སྔགས་རྐྱང་པས་ཉེར་སྤྱོད་རོལ་མོ་དང་བཅས་པ་ཕུལ། མཉམ་ཉིད་མི་གཡོ་ནས། ཡང༌། སྙིང་གའི་ཨ་ཡིག་ལ་བསྡུའོ། །ཞེས་པའི་བར་བྱ། དེ་ནས་མཆོད་པ་ཁ་གསོས་ཏེ་སླར་ཡང་གོང་བཞིན་བྱིན་རླབས་བྱ། ཨོཾ་ཡན་ལག་བརྒྱད་ལྡན་ལྷ་རྫས་ཨརྒྷཾའི་རྒྱུན། །སེམས་ཉིད་རབ་ཏུ་དང་བ་འོད་གསལ་དང༌། །ཞིང་ཀུན་ཁྱབ་པར་རབ་ཏུ་སྤྲུལ་ནས་ཀྱང༌། །འཇམ་དཔལ་དཀྱིལ་འཁོར་ལྷ་ཚོགས་མཆོད་པར་བགྱི། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས། དྲི་ཞིམ་ཞབས་བཀྲུ་སྤོས་ཀྱི་ཆུ་བོ་འདི། །སེམས་ཉིད་སོགས། གོང་བཞིན། པཱདྱཾ། ཆུ་དང་ཐང་ལས་སྐྱེས་པ་ཡི། །ཞེས་པ་ནས་འདོད་ཡོན་ལྔ་རྫོགས་པའི་བར། ལས་རྒྱལ་མཆོག་བཞིན་བྱས་ནས། ཅུང་ཟད་སྤྲོས་པ་ལ་མོས་ན། སྤྱི་དང་མཐུན་པར་རྒྱལ་སྲིད་སྣ་བདུན་དང༌། མགོན་པོ་ཐུགས་རྗེ་ཆེན་པོས་


TNT06_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་པའི། །བསོད་ནམས་རྒྱུ་ལས་བྱུང་བའི་འཁོར་ལོ་འདི། །འཇམ་དཔལ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ལ། །ཕུལ་བས་འགྲོ་ཀུན་བླ་མེད་ཐོབ་པར་ཤོག །གཞན་འདྲ་བ་ལས། དྲི་མེད་ཤིན་ཏུ་མཛེས་པའི་དཔལ་བེའུ་འདི། །རིན་ཆེན་བཅུད་ཀྱིས་བལྟམས་པའི་བུམ་པ་འདི། །ཡིད་འོང་འདམ་གྱིས་མ་གོས་པདྨ་འདི། །སྒྲ་དབྱངས་ཕྱོགས་བཅུར་སྒྲོག་པའི་དུང་དཀར་འདི། །ཐོགས་མེད་ཀུན་ཏུ་རྒྱུ་བའི་གསེར་ཉ་འདི། །གདུང་བ་མ་ལུས་སྐྱོབ་བྱེད་གདུགས་མཛེས་འདི། །མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་འདི། །ཞེས་འདོན་པ་སྤོ། དེ་བཞིན་སྔགས་ཀྱང་རིམ་པ་བཞིན་དུ། མངྒ་ལ་ཙཀྲ། མངྒ་ལ་ཤྲཱི་བཏ་ས། མངྒ་ལ་གྷ་ཊ། མངྒ་ལ་ཀ་མ་ལ། མངྒ་ལ་ཤཾ་ཁ། མངྒ་ལ་མཏ་སྱ། མངྒ་ལ་ཚ་ཏྲཱཾ་ག །མངྒ་ལ་དྷཱ་ཛ། ཞེས་འདོན་པ་སྤོ། དེ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པར་བྱས་ཏེ། བྱང་ཆུབ་སེམས་ནི་རང་བྱུང་བའི། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །དོན་ཆེན་ཡི་གེ་དམ་པ་འདི། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །རྡོ་རྗེ་འཆང་བ་ཁྱོད་ལ་འདུད། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། གདོང་དྲུག་མིག་དྲུག་ལག་དྲུག་པོ། །མཆེ་གཙིགས་གདོང་བརྒྱ་ཀུན་འདུལ་བ། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཡང་དག་བདག་མེད་དེ་བཞིན་ཉིད། །སྟོང་ཉིད་སྨྲ་བའི་ཁྱུང་མཆོག་སྟེ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །མེད་པ་ལས་བྱུང་ཁྱོད་ལ་འདུད། །འདོད་པའི་དོན་གྲུབ་ངན་སོང་སྦྱོང༌། །མགོན་པོ་ཉོན་མོངས་དྲ་བ་འཇོམས། །


TNT06_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཞི་ཚངས་གནས་རྐང་པས་གནོན། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། །སེམས་མ་རྡོ་རྗེ་ཁྱོད་ལ་འདུད། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །ཨ་ནི་འབྱུང་བ་འགོག་པ་སྟེ། །ཚིག་ཏུ་བརྗོད་པ་རྣམ་སྤངས་པ། །རིན་ཆེན་འབྱུང་མ་ཁྱོད་ལ་འདུད། །སོ་སོར་ཀུན་རྟོག་ངོ་བོ་ཉིད། །ཨ་ནི་བརྗོད་པའི་རྒྱུ་ཡིན་ཏེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཆོས་ཀྱི་རྡོ་རྗེ་ཁྱོད་ལ་འདུད། །བྱ་བ་ནན་ཏན་ངོ་བོ་ཉིད། །ཨ་ནི་ཡིག་འབྲུ་གསལ་བར་བྱེད། །ཚིག་ཀུན་གསལ་བར་བྱེད་པ་ཡི། །རྡོ་རྗེ་དྲ་བ་ཁྱོད་ལ་འདུད། །སྟོང་པའི་རང་བཞིན་འདོད་ཆགས་ཆེ། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །ཕྱི་ཉིད་མ་གྲུབ་བདེ་བ་ཆེ། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །གཉིས་ཀ་མེད་པ་བདེ་བ་ཆེ། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །གཏོང་བའི་དོན་ལྡན་མགུ་བ་ཆེ། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། ཁ་དོག་ཆེ་ལ་གཟི་བརྗིད་ལྡན། །མེད་པ་ལས་བྱུང་ཁྱོད་ལ་འདུད། །མིང་ཆེ་མཚན་བཟང་རྒྱ་ཆེ་བ། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །བཞད་ཅིང་དཀྱིལ་འཁོར་ལས་ཁྱབ་པ། །སངས་རྒྱས་བཞད་པ་ཁྱོད་ལ་འདུད། །ཆོས་ཀྱི་ཤེས་རབ་མཚན་འཆང་བ། །སངས་རྒྱས་གསུང་ལ་ཕྱག་འཚལ་འདུད། །ཉོན་མོངས་དྲ་བ་འཇོམས་


TNT06_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཆོག །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །དྲག་པོ་རྡོ་རྗེ་རྒྱུ་ཡི་བདག །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །སྣང་བ་ཆེན་པོ་གསལ་བ་ཆེ། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །མཁས་ཤིང་སྤྲུལ་འཆང་རྡོ་རྗེ་ལས། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སྒྱུ་འཕྲུལ་ཆེན་པོ་གོ་ཆ་སྲ། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །སྒྱུ་འཕྲུལ་བདག་ཉིད་གནོད་སྦྱིན་གཙོ། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །སྒྱུ་འཕྲུལ་ཁུ་ཚུར་བསྟན་ཅིང་བསྡུ། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །སྦྱིན་བདག་གཙོ་ཆེན་གཙོ་བོ་སྟེ། །རྡོ་རྗེ་སྒེག་མོ་ཁྱོད་ལ་འདུད། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །རྡོ་རྗེ་དཔའ་འཕྲེང་ཁྱོད་ལ་འདུད། །བཟོད་ཆེན་འཆང་བ་བརྟན་པ་པོ། །རྡོ་རྗེ་དབྱངས་མཁན་ཁྱོད་ལ་འདུད། །བརྩོན་འགྲུས་ཆེན་པོ་རྟུལ་བ་ཡིན། །རྡོ་རྗེ་གར་མཁན་ཁྱོད་ལ་འདུད། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །རྡོ་རྗེ་མེ་ཏོག་ཁྱོད་ལ་འདུད། །ཤེས་རབ་ཆེན་པོ་ལུས་འཆང་བ། །རྡོ་རྗེ་བདུག་སྤོས་ཁྱོད་ལ་འདུད། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །རྡོ་རྗེ་མར་མེ་ཁྱོད་ལ་འདུད། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །རྡོ་རྗེ་དག་བྱེད་ཁྱོད་ལ་འདུད། །རྡོ་རྗེ་ལྕགས་ཀྱུ་འདྲེན་པ་སྟེ། །རྡོ་རྗེ་འགུགས་བྱེད་ཁྱོད་ལ་འདུད། །རྡོ་རྗེ་ཞགས་པ་རྣམ་པར་རྒྱལ། །རྡོ་རྗེ་འདྲེན་བྱེད་ཁྱོད་ལ་འདུད། །རྡོ་རྗེ་ལྕགས་སྒྲོག་འཛིན་པ་ཆེ། །རྡོ་རྗེ་སྡོམ་བྱེད་ཁྱོད་ལ་འདུད། །རྡོ་རྗེ་འབེབས་བྱེད་རྣམ་པར་རྒྱལ། །རྡོ་རྗེ་འབེབས་པ་ཁྱོད་པ་ལ་འདུད། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །ཡེ་ཤེས་ཆ་དྲུག་སེམས་


TNT06_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་ཚོགས། །སྟོང་པ་ཉིད་ཀྱི་སྒོར་གནས་པ། །བག་ལ་ཉལ་བ་བྱང་སེམས་ལྡན། །ཤེས་རབ་སྙིང་རྗེ་ལྡན་ལ་འདུད། །རྫུ་འཕྲུལ་ཆེན་པོ་སྟོབས་ཆེན་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྟོབས་བཅུ་རྫུ་འཕྲུལ་བཞི་ལྡན་པའི། །གོམས་ཤུགས་ཡེ་ཤེས་བཞི་གྲགས་པ། །རྫུ་འཕྲུལ་ལྡན་ཞིང་སྟོབས་ཀྱིས་གནོན། །ཚོགས་གཉིས་རྫོགས་པ་ཁྱོད་ལ་འདུད། །སྲིད་པའི་རི་བོ་ཆེན་པོ་འཇོམས། །འཁྲིགས་ཤིང་རྡོ་རྗེ་ཆེན་པོ་འཆང༌། །དྲག་པོ་ཆེན་པོ་མུན་པ་འཇོམས། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །ཕུང་པོ་ལྔ་བདག་ལྷ་ཆེན་འདུལ། །མི་ཤེས་རི་འཇོམས་སྲ་པ་པོ། །མྱ་ངན་ཀུན་སེལ་དྲག་པོ་སྟེ། །ཆེ་བས་ཆེ་བ་ཁྱོད་ལ་འདུད། །མགོན་པོ་རིགས་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །འཁོར་བ་མྱ་ངན་སྐྱོབ་པའི་མགོན། །ཐེག་པའི་ཚུལ་མཆོག་ལམ་གནས་པའི། །ཕྱག་རྒྱ་མཆོག་ཏུ་སྒྲུབ་བྱེད་པ། །ཕ་རོལ་ས་བཅུ་གཙོ་ལ་འདུད། །དེ་ལྟར་བསྟོད་པ་བྱེད་པ་དེ། །འཁོར་ལོ་འདུས་པའི་གཙོ་མཆོག་གྲུབ། །ཅེས་པའོ། །གཞན་ཡང་མཆོད་པ་དང༌། བསྟོད་པ་ཇི་ལྟར་མོས་ཤིང་སྤྲོ་བ་དག་བྱའོ།། །།༈ ཨོཾ་སྠཱི་ཏོ་ཧྲི་དི། ཅེས་པ་ནས། ཨ་ཡིག་དང་གཉིས་སུ་མེད་པར་ཞེས་བརྗོད་ཅིང༌། སྔགས་གསུམ་པོ་བརྒྱ་རྩ་སོགས་བཟླས་པ་ཅི་འགྲུབ་བྱ། མཚན་བརྗོད་ཡོངས་སུ་རྫོགས་པ་ཚར་གཅིག་ངེས་པར་འདོན་དགོས་ལ། ཚར་མང་དུ་བྱས་ན་བཟང་ངོ༌། །དེ་ནས་ལྷ་རྣམས་གོས་ཟུང་འབུལ་བ་


TNT06_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྤྱི་དང་འདྲ་བ་ལས། གཞུག་ཏུ་རྩ་སྔགས་ལན་ལྔ་ཙམ་གྱི་མཐར། ཨོཾ་ཨཱཿཧཱུཾ་བཛྲ་བསྟྲ་ཧཱུཾ། ཞེས་པ་ལྷ་གྲངས་དང་མཉམ་པའི་དབང་དུ་བྱས་ཏེ། ལན་ལྔ་བཅུ་ང་གསུམ་མམ་ང་ལྔ་བརྗོད་དོ། །དེ་ནས་གསོལ་བ་བཏབ་སྟེ། བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བར་མཛོད་ལ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བདེ་བླག་ཏུ་སྩལ་ཏུ་གསོལ། གནས་སྐབས་སུ་ཡང་འཕགས་པ་འཇམ་དཔལ་ཉིད་ཀྱི་ཞལ་མངོན་སུམ་དུ་མཐོང་བ་དང་ཏིང་ངེ་འཛིན་དང་གཟུངས་དང༌། རྣམ་པར་ཐར་པ་ཐམས་ཅད་གོང་ནས་གོང་དུ་ཐོབ་པ་དང༌། བར་ཆད་མ་ལུས་པ་ཐམས་ཅད་ཞི་བ་དང༌། བདེ་བ་དང་ཡིད་བདེ་བ་ཐམས་ཅད་གེགས་མེད་དུ་འགྲུབ་པར་མཛད་དུ་གསོལ། མཐར་ཐུག་དུས་གསུམ་རྒྱལ་བ་མ་ལུས་པའི་སྐུ་གསུང་ཐུགས་ཀྱི་བདག་ཉིད། བཅོམ་ལྡན་འདས་འཇམ་དཔལ་ཉིད་ཀྱི་གོ་འཕང་ཐོབ་ནས། འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་བླ་ན་མེད་པའི་གནས་དེ་ཉིད་ལ་འགོད་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་པའི་མཐར་རྗེ་བཙུན་གྱི་ཡིག་བརྒྱ་ཅི་རིགས་པར་བཟླའོ། །དེ་ནས་དཀྱིལ་འཁོར་ཀྱི་ཕྱི་རོལ་ཏུ་སོང་ནས། འཇིག་རྟེན་པའི་ཚོགས་ལ་གཏོར་མ་སྦྱིན་དགོས་ན། འདིའི་ཕྱི་རོལ་གཏོར་མ་ནི་ཆ་གསུམ་དུ་གྲགས་པ་ཉིད་མཛད་པའི་རྒྱུན་སྣང་ངོ༌། །དེ་ཡང་བོད་སྔ་མ་རྣམས་ཀྱི་ནི་གསང་སྔགས་ཕྱི་པ་ཡིན་པས་བསམས་པ་ལ་སྣང་མོད། འོན་ཀྱང་མི་འགལ་ཏེ། འོག་མའི་ཆོ་ག་ཐུན་མོང་མང་པོ་ཞིག་གོང་མ་ལ་སྦྱོར་བ་འགལ་བ་མེད་པའི་ཕྱིར་རོ། །དེའི་ཡང་འབྱུང་གཏོར་དང་ཕྱོགས་སྐྱོང་གཏོར་མ་ལྟ་བུ་རེ་རེས་ཀྱང་ཆོག་པར་སྣང་ཞིང༌།


TNT06_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སྐྱོང་བཅོ་ལྔའི་གཏོར་ཆོག་བླ་མེད་སྤྱི་འགྲོ་ལུགས་སྦྱར་ན་ལེགས་པར་འགྱུར་རོ། །འོན་ཀྱང་རེ་ཞིག་འགལ་བ་མེད་ཕྱིན་གོང་མ་རྣམས་ཀྱི་ལག་ལེན་དང་མཐུན་པར་བྱེད་པ་བཟང་སྟེ། ཆ་གསུམ་དུ་གྲགས་པ་ཉིད་བྱ་ལ། དེའི་ཆོ་ག་ནི་གཞན་དུ་ཤེས་སོ། །དེ་ནས་སློབ་དཔོན་གྱིས་ཉེ་རེག་བྱས་ཀྱང་ལེགས་ལ་མ་བྱས་ཀྱང་རུང་སྟེ། འགྲུབ་ན་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སྦྱིན་སྲེག་བྱའོ། །དེའི་རྗེས་སུ། མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། །སོགས་ཀྱིས་མེ་ཏོག་ཕུལ། ཨོཾ་བཛྲ་ཨུཏ་གྷ་ཊ་པྲ་བེ་ཤ་ཡ་ཧཱུཾ་གིས་སྒོ་ཕྱེའོ། །དེ་ནས་བདག་འཇུག་ནི། འཇུག་པའི་མཎྜལ་ཕུལ། ཡམཱནྟ་ཀས་བསངས། ཨཱ་ཁཾ་བཱི་ར་ཧཱུཾ། ལན་གཉིས་ཀྱིས་མིག་དར་བཅིངས། མེ་ཏོག་འཕྲེང་བ་གཏད། བུ་ཁྱོད་དངོས་གྲུབ་ཅི་ལ་དགའ། །སལ་བཟང་བདེ་བ་མཆོག་ལ་བདག་དགའོ། །ཞེས་དྲི་ལན་བྱ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་ཀྱིས་གསོལ་བ་བཏབ། བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། །ཞེས་པ་ནས། བློ་གྲོས་འདི་གྱིས་ཤིག །ཅེས་པའི་བར་གྱིས་སྤྲོ་བ་བསྐྱེད། ཚེ་རབས་ཐོག་མ་མེད་པ་ནས། །ཞེས་པ་ནས། ཁྱེད་ཀྱིས་བཞེས་སུ་གསོལ། །ཞེས་པའི་བར་གྱི་རྒྱུན་བཤགས་ཀྱང་སྤྲོ་ན་བྱ་ལ། བསྡུ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཀྱིས་རྒྱུན་བཤགས་བྱེད། གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པ་ཉི་མ་མ་ལུས་པ། །ཕྱིར་མི་ལྡོག་པའི་དབང་བསྐུར་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །ལན་གསུམ། ཆྒཻ་མོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་ནི་ཡོངས་འཛིན་ཅིང༌། །དམ་ཚིག་སྡོམ་དང་གསང་བ་ཡི། །དཀྱིལ་འཁོར་འདིར་ནི་འཇུག་པར་འཚལ། །གསང་བ་ཆེན་པོ་རིགས་དག་པའི། །གསང་བ་


TNT06_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། གསང་བ་ཆེན་པོ་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་བདག་འཚལ་ལོ། །ཞེས་དྲི་ལན་བྱས་ནས། སྡོམ་པ་སྒྲག་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་སྒྲགས་སོ། །སློབ་དཔོན་ཁྱོད་ཀྱིས་བཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཞེས་སོ། །མདོར་བསྡུ་ན་དེ་ཙམ་གྱིས་ཆོག་ལ། རྒྱས་པ་ལ་དགའ་ན། དེ་ལས་གཞན་ཡང་བཅུ་བཞི་ནི། །ཞེས་པ་ནས། ཁྱོད་ཀྱི་རྟག་ཏུ་བསྲུང་བར་བྱ། །ཞེས་པའི་བར་ཡང་སྒྲག་གོ །དེ་ནས་སྡོམ་པ་བཟུང་བ་ནི། སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ཀྱང་


TNT06_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ནས། མྱ་ངན་འདས་ལ་དགོད། །ལན་གསུམ། དེ་ཡན་ཆད་ཡོལ་བའི་ཕྱིར་འཇུག་ཡིན། དེ་ནས། ཨཱ་ཁཾ་བཱི་ར་ཧཱུཾ། ཞེས་ནང་དུ་ཞུགས་པར་མོས། དེ་རྗེས་དམ་ཚིག་གསང་མནན་ཞེས་བྱ་བ། སེམས་བསྐྱེད་པ་ནི། རང་གི་སྙིང་གར་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ཨོཾ་བོ་དྷི་ཙིཏྟ་ཨུ་པ་ཏ་ཡ་མི། མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་བཞག་སྟེ། སུ་ར་ཏེ་ས་མ་སྟྭཾ། ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾ། དེ་ནས་གསང་བར་གདམས་པ་ནི། དུས་འདི་ཉིད་དུ་ཁྱོད་ཉིད་ནི། །སངས་རྒྱས་རིགས་སུ་ཆུད་པས་ན། །ཚུལ་འདི་གཞན་ལ་མ་བརྗོད་ཅིག །གལ་ཏེ་སྨྲས་པར་གྱུར་པ་ན། །འཇམ་པའི་རྡོ་རྗེ་རབ་ཁྲོས་ནས། །འགའ་ལ་སྨྲ་བའི་ཀླད་པ་འགེམས། །དམ་ལ་བཞག་པ་ནི། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་སྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཨུ་ཏ་ཀ་ཋ། དེང་ནས་རྩམས་ཏེ་བུ་ཁྱོད་ཀྱི། །འཇམ་པའི་རྡོ་རྗེ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་བཀའ་སྩལ་པ། །ཁྱོད་ཀྱིས་སྐྱོ་བ་མེད་པར་གྱིས། །གང་ཡང་ང་ལ་རྙས་པར་མིན། །དེ་བཞིན་མོས་པར་མ་བྱས་ན། །བདུད་ཀྱིས་བཅོམ་ནས་དམྱལ་བར་འགྲོ། །དེ་བས་དམ་ཚིག་ལ་གནས་བྱོས། །ཡེ་ཤེས་དབབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། འཇམ་པའི་རྡོ་རྗེ་བདག་ལ་དབབ་དུ་གསོལ། ལན་གསུམ། རང་ཉིད་ཡེ་ཤེས་སེམས་དཔའི་སྐུར་གྱུར་པའི་སྙིང་གར་ཨཿཡིག་སྐྱེ་བ་མེད་པའི་རང་བཞིན་ནོ། །དེ་བཞིན་གཤེགས་པ་


TNT06_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། ཡེ་ཤེས་སེམས་དཔའ་འདི་ལ་འབབ་པར་གྱུར་ཅིག །རང་གི་རྐང་མཐིལ་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་བ་དན་གྱིས་མཚན་པ། དེའི་ཤུགས་ཀྱིས་རང་ལུས་གྱེན་དུ་ལྡེགས་ཤིང་སྐྱོད་པ། སྤྱི་བོར་ཨོཾ་དཀར་པོ་དེ་ལས་འོད་ཟེར་འཕྲོས་ཏེ། ལུས་ཀྱི་ནང་གང་ལུས་སེམས་ཐམས་ཅད་བདེ་བས་ཁྱབ། དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་དབྱེར་མེད་པའི་ཐུགས་ཀ་ནས་པདྨ་རཱ་ག་ལྟར་དམར་བའི་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པ་བྱུང༌། རང་གི་ལུས་ལ་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱིས་རྒྱུད་བྱིན་གྱིས་བརླབས། བཛྲ་ཨཱ་བེ་ཤ་ཡཱ་ཨ་ཨ་ཨ་ཨཿ ལན་བརྒྱ་རྩ་བརྒྱད་བརྗོད། ཡང་རྡོ་རྗེ་བསྡམས་པ་ལས་སེམས་མ་རྡོ་རྗེ་མའི་ཕྱག་དྲལ་ཞིང༌། བཛྲ་སཏྭ་ཨཱ་ཨཱ་ཨཱ་ཨཱ། དཀྱིལ་འཁོར་གྱི་གཙོ་བོ་སུམ་སྦྲགས་ཀྱི་ཐུགས་ཀའི་ཡིག་འབྲུ་རྣམས་ལས། འོད་ཟེར་དམར་པོ་དཔག་ཏུ་མེད་པ་བྱུང༌། རང་གི་ལུས་ལ་ཞུགས་པས། སྡིག་སྒྲིབ་མ་ལུས་བསྲེགས་ཤིང་དག་པར་གྱུར། །སུ་པྲ་ཏཱིཙྪ་བཛྲ། ཞེས་སྤྱི་བོར་རྡོ་རྗེ་བཞག་སྟེ་བརྟན་པར་བྱས། འདི་ལྟར་བདག་གིས་སློབ་མ་འདི། །དཀྱིལ་འཁོར་དུ་ནི་ལེགས་བཅུག་ན། །ལྷ་ཡི་རིགས་ཀྱི་རིམ་པ་དང༌། །བསོད་ནམས་དེ་ཡང་ཅི་འདྲ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །འདིར་སློབ་མ་དབང་བསྐུར་སྐབས་ནམ་མཁའི་ཁ་དོག་དྲི་དགོས། དཀྱུས་ལ་རང་གི་ལས་འགྲུབ་པའི་རིམ་པ་དང་མཐུན་པར། ནམ་མཁའི་ཁ་དོག་མཐོང་བར་གྱུར། འདི་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དེ་བཞིན་དུ་ནི་འབབ་པར་ཤོག །པྲ་ཏཱིཙྪབཛྲ་ཧོཿ ཞེས་མེ་ཏོག་དོར། ཨོཾ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མཧཱ་བ་ལ།


TNT06_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སརྦ་དྷརྨ་ཨ་བྷཱ་ཝ། སོགས་ཡང་སྙིང་གིས་མེ་ཏོག་དེ་མགོ་ལ་བཅིངས། རྡོ་རྗེ་ཆགས་བ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་ཏེ། །རྡོ་རྗེ་མིག་ནི་བླ་ན་མེད། །ཧེ་བཛྲ་པཱ་ཤྱ། གདོང་གཡོགས་དགྲོལ། ཐར་པ་ཆེན་པོ་གྲོང་ཁྱེར་མཆོག །ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །མེ་ཏོག་གང་དུ་ལྷུང་གྱུར་པ། །དེ་ནི་ཁྱོད་ཀྱི་འཇམ་པའི་དབྱངས། །བདག་གིས་འཇམ་དཔལ་རྡོ་རྗེ་དབྱིངས་ཀྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་གྱུར། ཞེས་བརྗོད། སློབ་མ་ལ་དབང་བསྐུར་ན་སྐབས་འདིར་ལྷ་ངོ་བསྟན་ཏོ། །དེ་ནས་དག་པར་བརྗོད་པ་ནི། དཀྱིལ་འཁོར་རིམ་པ་གཉིས་ཐབས་དང་ཤེས་རབ་བོ། མུ་ཁྱུད་རྣམས་ནི་ཐུག་པ་མེད་པའི་ཆོས་དབྱིངས་མཐར་ཐུག་པའོ། །ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་ཀྱི་ཕྱིར་གྲུ་བཞི་མཉམ་པའོ། །གཞལ་ཡས་ཁང་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པའོ། །གཙོ་བོ་རིགས་ལྔ་ནི་བྱང་ཆུབ་ཀྱི་སེམས་དང་རོ་གཅིག་པའོ། །རྣམ་ཐར་བཞི་ནི་ཡུམ་བཞིའོ། །སྟོང་པ་ཉིད་བཅུ་དྲུག་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཅུ་དྲུག་གོ །སེམས་དཔའ་ཆེན་པོ་བཅུ་དྲུག་ནི་བྱམས་པ་ལ་སོགས་པ་བཅུ་དྲུག་གོ །ལྷ་མོ་བརྒྱད་ནི་སྦྱིན་པ་ལ་སོགས་པ་བརྒྱད་དོ། །སྒོ་བ་བཞི་ནི་སྟོབས་དང་ཡེ་ཤེས་ཐབས་དང་ཤེས་རབ་ཀྱི་རྣམ་པར་ཕྱེ་བའོ། །དེ་དག་ནི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་རྣམས་སོ། །དེ་ནས་བུམ་པའི་དབང་གི་དོན་དུ་མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་


TNT06_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྐྱབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། སབས་འདིར་མེ་ཏོག་གང་ཕོག་གི་ལྷར་བསྐྱེད་པར་བཤད་ཀྱང༌། དེང་སང་ལག་ལེན་མི་བྱེད་དོ། །དེས་ན་འདི་ལྟར་བྱ་སྟེ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བདག་ཉིད་ཨ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱི་བརྒྱན་པ། རང་གི་ཐུགས་ཀར་དང་པོའི་སངས་རྒྱས་དཀར་པོ་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་ཨོཾ་ཨ་ར་པ་ཙ་ན་ཡ་ཏེ་ན་མཿ འཁོར་ལོའི་ལྟེ་བར་འཇམ་དཔལ་དཀར་པོ་རལ་གྲི་དང་པོ་ཏི་འཛིན་པ། ཐུགས་ཀར་ཨ་དཀར་པོ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སྟེང་དུ་བླ་རེ་དང་མཐའ་སྐོར་དུ་མཆོད་པའི་སྤྲིན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པས་བསྐོར་བར་གྱུར། ལས་ཐམས་ཅད་པའི་བུམ་པ་བླངས་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་ཀྱི་མཐར། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཧཱུཾ། སོགས་ཉེར་སྤྱོད་ལྔ་རོལ་མོའི་སྒྲ་དང་བཅས་པའི་མཆོད། ཡང་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་རིགས་པའི་ལྷ་མོའི་ཚོགས་དང་བཅས་པ་ཐམས་ཅད་དབང་གི་དོན་དུ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཧཱུཾ། སོགས་ཉེར་སྤྱོད་ལྔས་མཆོད། དེ་


TNT06_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །མཆོག་ཏུ་དགའ་བའི་གྲགས་བདག་དཔལ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །ཞེས་བརྗོད་དེ། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱི་ཤིས་བརྗོད་བྱ། སྭ་བྷཱ་སོགས། སྟོང་པའི་ངང་ལས་རང་ཉིད་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་མི་བསྐྱོད་པ་གཡས་ས་གནོན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རང་གི་ཐུགས་ཀར་དང་པོའི་སངས་རྒྱས་སྔོན་པོ་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ། ཨོཾ་དུ་ཁ་ཚེ་ད་ཡ་ཏེ་ན་མཿ འཁོར་ལོའི་ལྟེ་བར་འཇམ་དཔལ་སྔོན་པོ་རལ་གྲི་དང་རྡོ་རྗེ་འཛིན་པ། ཐུགས་ཀར་ཧཱུཾ་སྔོན་པོ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། འཁོར་གྱི་བུམ་པ་བཅས་ཡོད་ན། སབས་འདིར་བུམ་ཆུ་རྣམ་རྒྱལ་དུ་བསྡུའོ། །སྐུ་གསུམ་དམ་ཚིག་ལས་བྱུང་བ། །ཡེ་ཤེས་བདུད་རྩི་དྲི་མ་མེད། །བཅོམ་ལྡན་མི་བསྐྱོད་རྡོ་རྗེ་ཡིས། །དག་པ་ལྷ་ཡི་ཆུ་དབང་བསྐུར། །ཨ་ཨཱཿ ནས། གརྦྷ་ཨཱཿ ཨོཾ་མཉྫུ་ཤྲཱི་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་


TNT06_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དེ་བཞིན་གཤེགས་པ་རིགས་ལྔས་དབུ་རྒྱན། དེ་ལྟར་ན་ཆུའི་དབང་བསྐུར་བས། ཀུན་གཞི་རྣམ་ཤེས་གནས་གྱུར་ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་སོ། །ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རང་ཉིད་ཏྲཱཾ་ལས་རིན་པོ་ཆེ་ཏྲཱཾ་གིས་མཚན་པ་ལས། རིན་ཆེན་འབྱུང་ལྡན་སེར་པོ་གཡས་མཆོག་སྦྱིན་དང༌། གཡོན་མཉམ་གཞག་མཛད་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རང་གི་ཐུགས་ཀར་དང་པོ་སངས་རྒྱས་སེར་པོ། ཐུགས་ཀའི་ཤེས་རབ་ཀྱི་འཁོར་ལོ། ཨོཾ་བཱ་གི་ཤྭ་ར་ཡ་ཏེ་ན་མཿ འཁོར་ལོའི་ལྟེ་བར་འཇམ་དཔལ་སེར་པོ་རལ་གྲི་དང་རིན་པོ་ཆེ་འཛིན་པ། ཐུགས་ཀར་ཏྲཱཾ་སེར་པོ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་སྭ་བྷཱ་ཝ་སོགས། དབུ་རྒྱན་མི་དམིགས་ཏེ། སྟོང་པའི་ངང་ལས་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿལས་རྒྱལ་བ་རིགས་ལྔའི་སྐུར་གྱུར། ཡེ་ཤེས་སེམས་དཔའ་རྒྱལ་བ་རིགས་ལྔ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ལན་མང་དུ་བཟླས། ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་རབ་བསྔགས་པའི། །རིན་ཆེན་དབུ་རྒྱན་དམ་པ་དང༌། །དར་དབྱངས་དབང་བསྐུར་སྦྱིན་པར་བྱ། །ཨ་ཨཱ་ནས། གརྦྷ་ཨཱཿ ཨོཾ་རཏྣ་ཀུ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱཾཾ། དེ་ལྟར་ན་ཅོད་པན་གྱི་དབང་བསྐུར་བས། ཉོན་ཡིད་གནས་གྱུར་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་སོ། །དེ་བཞིན་དུ། ཨོཾ་སྭ་བྷཱ་ཝ་སོགས། བདག་དང་དབང་རྫས་རྡོ་རྗེའི་མི་དམིགས་ཏེ། སྟོང་པའི་ངང་ལས་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་


TNT06_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་དཔག་མེད་དམར་པོ། མཉམ་བཞག་གི་ཕྱག་རྒྱ་མཛད་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གི་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རང་གི་ཐུགས་ཀར་དང་པོའི་སངས་རྒྱས་དམར་པོ། ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ། ཨོཾ་བཛྲ་ཏིཀྵྞ་ཡ་ཏེ་ན་མཿ འཁོར་ལོའི་ལྟེ་བར་འཇམ་དཔལ་དམར་པོ་རལ་གྲི་དང་པདྨ་འཛིན་པ། ཐུགས་ཀར་ཧྲཱིཿདམར་པོ། སྤྱི་བོ་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དབང་རྫས་ཀྱི་འོད་དཔག་མེད་ཞུ་བ་ལས་རྡོ་རྗེར་གྱུར། ཨ་ཨཱ་སོགས། གརྦྷ་ཨཱཿ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །སངས་རྒྱས་ཀུན་ཏུ་རབ་སྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ་ཏིཥྛ་བཛྲ་ས་མཱ་ཡ། དེ་ལྟར་ན་རྡོ་རྗེ་དབང་སྐུར་བས་ཡིད་ཀྱིས་རྣམ་ཤེས་གནས་གྱུར་ཏེ་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་སོ། །སྭ་བྷཱ་ཝ་ནས། བདག་དང་དབང་རྫས་དྲིལ་བུ་མི་དམིགས་ཏེ། སྟོང་པའི་ངང་ལས་ཨ་ལས་རྒྱ་གྲམ་ཨས་མཚན་པ་ལས། དོན་ཡོད་གྲུབ་པ་ལྗང་ཁུ་གཡས་སྐྱབས་སྦྱིན་དང༌། གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རང་གི་ཐུགས་ཀར་དང་པོའི་སངས་རྒྱས་ལྗང་ཁུ། ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ། ཨོཾ་ཛྙཱ་ན་ཀཱ་ཡ་ཡེ་ཏེ་ན་མཿ འཁོར་ལོའི་ལྟེ་བར་འཇམ་དཔལ་ལྗང་ཁུ་རལ་གྲི་དང་རྡོ་རྗེ་རྒྱ་གྲམ་འཛིན་པ། ཐུགས་ཀར་ཨ་ལྗང་ཁུ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་


TNT06_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དབང་རྫས་ཀྱི་དོན་ཡོད་གྲུབ་པ་ཞུ་བ་ལས་དབང་རྫས་དྲིལ་བུར་གྱུར། ཨ་ཨཱ་ནས། གརྦྷ་ཨཱཿ ཤེས་རབ་ཐབས་དང་ལྡན་པ་ཡིས། །འགྲོ་དོན་མཉམ་མེད་བྱེད་པ་དང༌། །མཆོད་པའི་ལས་རྣམས་རྫོགས་པའི་ཕྱིར། །རྡོ་རྗེ་ལས་ཀྱི་དབང་བསྐུར་རོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨདྱ་ནུཏྤནྣ་ཏྭཏ། ཞེས་དྲིལ་བུ་འཁྲོལ་ལོ། །དེ་ལྟར་ན་དྲིལ་བུའི་དབང་བསྐུར་བ་ཐོབ་པས། དབང་ཤེས་ལྔ་གནས་གྱུར་ཏེ། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་སོ། །ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རང་ཉིད་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས། རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རང་གི་ཐུགས་ཀར་དང་པོའི་སངས་རྒྱས་དཀར་པོ། ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ། ཨོཾ་པྲཛྙཱ་ཛྙཱ་མརྟ་ཡེ་ཡ་ཏེ་ན་མཿ འཁོར་ལོའི་ལྟེ་བར་འཇམ་དཔལ་དཀར་པོ་རལ་གྲི་དང་འཁོར་ལོ་འཛིན་པ། ཐུགས་ཀར་ཨཱཿདཀར་པོ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། རྣམ་སྣང་ཀྱི་རང་བཞིན་མིང་ཚིག་གིས་ཀྱང་དབང་བསྐུར་བར་གྱུར། རྡོ་རྗེའི་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་མི་ཆོད་མི་ཤིག་པ། །རྡོ་རྗེའི་མིང་དུ་རབ་ཏུ་སྒྲགས། །ཨ་ཨཱ་ནས། ཛྙཱ་ན་


TNT06_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

གརྦྷ་ཨཱཿ ཨོཾ་བཛྲ་སཏྭ་ཏྭཾ། ཨ་བྷི་ཥིཉྩ་མཾ། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱཻ་དཔལ་འཇམ་པའི་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །དེ་ལྟར་མིང་གི་དབང་བསྐུར་བས། གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམས་གནས་གྱུར་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་སོ། །དེ་དག་ནི་རིག་པའི་དབང་ལྔ་སྟེ་སློབ་མའི་དབང་བསྐུར་བའོ། །གཙོ་བོ་ཁྱོད་ཀྱི་བཀའ་དྲིན་གྱིས། །བདག་དང་གཞན་དོན་བྱེད་པས་ན། །ཕྱིར་མི་ལྡོག་པའི་དབང་བསྐུར་བ། །ཐུགས་རྗེའི་བདག་པོས་བདག་ལ་སྩོལ། །ཅེས་ལན་གསུམ་གསོལ་བ་བཏབ། འགྲུབ་ན་དངོས་སུ་དབང་སྟེགས་སྒོ་གཅིག་པ་བཤམ། མ་གྲུབ་ན་དམིགས་བསམ་གྱིས་རུང་སྟེ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཁྲུས་ཀྱི་ཁང་པ་གཞལ་མེད་ཁང་སྒོ་གཅིག་ནུབ་ཏུ་བསྟན་པ། དབུས་སུ་དབང་སྟེགས་ཁྲུས་གདན་གྱི་སྟེང་དུ། པདྨ་ཟླ་བ་དར་གྱི་གློ་གདན་རྣམས་ཀྱི་གདན་ལ་རང་སེམས་ཨ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་གཞིའི་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོ་ཞེས་པ་ནས། སྐུ་མདོག་དཀར་པོ་ཞལ་བཞི་པ་རལ་བའི་ཅོན་པན་ཅན། བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་གྱི་ན་བཟའ་ཅན། རྒྱན་སྤངས་པའོ། །དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་དྷཱིཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས། དང་པོའི་སངས་རྒྱས་ཞལ་ལྔ་པ། ཕྱག་བརྒྱད་པ། སྐུ་ལུས་དང་སྟེང་ཞལ་དཀར་བ། རྩ་ཞལ་སྔོན་པོ། གཡས་སེར། རྒྱབ་དམར། གཡོན་ལྗང་བ། ཕྱག་གཡས་བཞིས་རལ་གྲི། གཡོན་བཞིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་


TNT06_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པ། དར་གྱི་ན་བཟའ་དང་བཅས་པའི་རྒྱན་གྱིས་བརྒྱན་པའོ། །དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་རྩིབས་དྲུག་པའི་རྩིབས་བཞི་ཕྱོགས་མདོག་དང༌། ཤར་སྟོད་ཤར་སྨད་ཀྱི་རྩིབས་དང༌། ལྟེ་བ་དང༌། ཕྱི་རོལ་དང༌། ནང་གི་མུ་ཁྱུད་བཞི་པ་རྣམས་དཀར་པོ། དེའི་ལྟེ་བར་ཡང་ཨ་ཡིག་དཀར་པོའོ། །དེའི་འོད་ཟེར་ལས་སྤྲུལ་པའི་ཡི་གེ་ནི། ནང་གི་མུ་ཁྱུད་དང་པོ་ལ། ཨོཾ་སརྦ་དྷརྨཱ་ཨ་བྷ་ཝ། སྭ་བྷཱ་ཝ་བི་ཤུདྡྷེ་བཛྲ་ཙཀྵུ་ཨ་ཨཱ། ཨཾ་ཨཱཿ མུ་ཁྱུད་གཉིས་པ་ལ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ རྩིབས་དྲུག་གི་ཤར་རྩིབས་ལ། ཨོཾ་དུཿཁ་ཚེ་ད་ཡ་ཏེ་ན་མཿ སྔོན་པོ། ལྷོ་རྩིབས་ལ། ཨོཾ་ཝ་གི་ཤོ་རི་ཏེ་ན་མཿ སེར་པོ། ནུབ་རྩིབས་ལ། ཨོཾ་བཛྲ་ཏིཀྵྞ་ཡ་ཏེ་ན་མཿ དམར་པོ། བྱང་རྩིབས་ལ། ཨོཾ་ཛྙཱ་ན་ཀ་ཡ་ཡ་ཏེ་ན་མཿ ལྗང་ཁུ། ཤར་སྟོད་ལ། ཨོཾ་པྲཛྙཱ་ཛྙཱ་ན་མུརྟི་ཡེ་ཡ་ཏེ་ན་མཿ དཀར་པོ། ཤར་སྨད་ལ། ཨོཾ་ཨ་ར་པ་ཙ་ན་མཿ དཀར་པོ། ཕྱི་རོལ་མུ་ཁྱུད་གསུམ་པ་ལ། ཨ་ཨཱཿ སརྦ་ཏ་ཐཱ་ག་སོགས་ནས། ཛྙཱ་ན་གརྦྷ་ཨཱཿ མུ་ཁྱུད་བཞི་པ་ལ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། འཁོར་ལོའི་ལྟེ་བའི་ཨ་ཡིག་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་འཇམ་དཔལ་ཞལ་དྲུག་པ། ཕྱག་གཉིས་ལ་སྐུ་ལུས་དང་སྟེང་ཞལ་ཉིས་རྩེགས་དཀར་བ། རྩ་ཞལ་སྔོན་པོ། གཡས་སེར། རྒྱབ་དམར། གཡོན་ལྗང་བ། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་གཡས་པས་ཨུཏྤལ་དམར་པོ་དང༌། གཡོན་པས་སྔོན་པོའི་རྩ་བ་འཛིན་ཅིང༌། སྡོང་པོ་གཡས་གཡོན་


TNT06_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྒྱས་པ། མེ་ཏོག་སྙན་གྱིས་ཐད་ཀར་ཁ་ཕྱེ་བའི་སྟེང་ན་པོ་ཏི་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དར་སྣ་ཚོགས་པའི་ན་བཟའ་དང༌། ཨིནྡྲ་ནཱི་ལའི་གཙུག་ཕུད་ལ་སོགས་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཉི་མའི་འཆར་ཀ་ལྟ་བུའི་འོད་ཟེར་འཕྲོས་པ། སྐུའི་མགྲིན་པ་མན་ཆད་ལུང་བུ་ཡན་ཆད་དུ་སྤྲུལ་པའི་སྐུ་དཔག་ཏུ་མེད་པས་བལྟམས་པའོ། །དེའི་ཐུགས་ཀར་ཡང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྐྱེ་མེད་ཀྱི་ངོ་བོ་ཨ་ཡིག་དཀར་པོ་མི་ཤེས་པའི་རི་བོ་འཇོམས་པར་བྱེད་པའོ། །ཞེས་པའི་བར་དང་པོ་སྦྱོར་བ་བཞིན་ནོ། །ཆུ་དབང་ནས། འདིས་བར་དུ་སྙིང་གའི་སེམས་དཔའ་སུམ་བརྩེགས་བསྒོམ་པ་འདི་རྣམས་གཞུང་ལས་མི་གསལ་མོད་མན་ངག་ལས་འབྱུང་བ་བྱིན་རླབས་ཀྱི་སྒོ་གལ་པོ་ཆེ་ཡིན་པས་མ་ཆད་པར་བྱའོ། །རང་གི་སྟེང་དུ་བླ་བྲེ། གཡས་སུ་གདུགས་དཀར་གཡོན་དུ་རྒྱལ་མཚན་མཐའ་སྐོར་དུ་དུང་དང་རྔ་བོ་ཆེ་ལ་སོགས་པ་མཆོད་པའི་སྤྲིན་གྱི་ཕུང་པོས་སྟིབས་པར་གྱུར། དབང་གི་ལྷ་རྣམས་ཀྱིས་ཤིས་པ་བརྗོད་དེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། ཁྲོ་བ་ཆེན་པོ་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་


TNT06_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སེལ་བར་བྱེད། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། ཁ་དོག་ཆེ་ཞིང་ལུས་ཆེ་བ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༌། །སྒྱུ་འཕྲུལ་ཆེན་པའི་དོན་གྲུབ་པ། །སྒྱུ་འཕྲུལ་ཆེན་པོའི་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟེན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཤེས་རབ་ཆེན་པོའི་ལུས་འཆང་བ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང༌། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །མགོན་པོ་རིགས་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །


TNT06_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའི་བར་བརྗོད་པ། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་སོགས་དང༌། དྲིལ་བུ་དཀྲོལ། མེ་ཏོག་གཏོར། ཇི་ལྟར་བལྟམས་པ་སོགས་དང༌། རྩ་སྔགས་ཀྱི་མཐར། ཨོཾ་མཉྫུ་ཤྲཱི་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། འཁོར་གྱི་ལྷ་སོ་སོའི་བུམ་པ་ཡོད་ན། སྒོམ་པའི་བར་དུ་རིམ་པས་དབང་བསྐུར་བ་བྱ་ལ། རྣམ་རྒྱལ་བུམ་པ་ལས་མེད་ན། ཚིགས་དང་སྔགས་སོགས་གོང་དུ་བཤད་པ་ལྟ་བུའི་མཇུག་ཏུ། ཧཱུཾ་ཨཱཾ་ཧྲཱི་ཨ་བཛྲ་ཨ་བྷི་ཥིཉྩ། ཨ་ཨཱ་ཨི་ཨཱི་བཛྲ་ཨ་བྷི་ཥིཉྩ་ཨ་ཨཱཿ ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཨ་ཨཱ་ཨེ་ཨཻ་བཛྲ་ཨ་བྷི་ཥིཉྩ། ལཱ་མཱ་གི་ནྲྀ་བཛྲ་ཨ་བྷི་ཥིཉྩ། དྷུ་པཱུ་དཱི་ག་བཛྲ་ཨ་བྷི་ཥིཉྩ་ཨ། བཅུ་དྲུག་གི་མཐར། བཛྲ་ཨ་བྷི་ཥིཉྩ་ཛཿཧཱུཾ་བཾ་ཧོཿ བཛྲ་ཨ་བྷི་ཥིཉྩ། དེ་ནས་བདག་འཇུག་ལ་འཇམ་དཔལ་གྱི་སྐུ་གཟུགས་སྤྱི་བོར་བཞག་པར་མོས་པས་ཆོག་ལ། སློབ་མ་དབང་བསྐུར་ལ་དངོས་སུ་འཇུག་དགོས། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་ལྷ་ཚོགས་གཉིས་པ་ཆད་ནས་དེ་རང་ལ་ཐིམ། ཨོཾ་མཉྫུ་ཤྲཱི་མཧཱ་སུ་ཁ། བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ སུ་ར་ཏེ་ས་མ་ཡེ་སྟྭཾ། དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །དེ་ནས་དམ་ཚིག་གསུམ་སྦྱིན་པ་ནི། ཧཱུཾ་ལས་བྱུང་བའི་རྡོ་རྗེ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །འཇམ་པའི་རྡོ་རྗེ་ཕྱག་ན་གནས། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །འཇམ་པའི་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི། ཧཿཧཿཧཿཧཿ ཧཱི་ཧཱི་ཧཱི་ཧཱི་ཧཱུཾ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །འཇམ་པའི་རྡོ་རྗེ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་


TNT06_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཨོཾ་མཧཱ་བཛྲ་ཧཱུཾ། ཨ་ལས་བྱུང་བའི་དྲིལ་བུ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དག་པ་མཆོག་ཏུ་བྱེད། །ཨོཾ་བཛྲ་གྷཎྜེ་ཨ། རྡོ་རྗེ་དྲིལ་བུ་སྙིང་གར་བསྣོལ། རང་ཉིད་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཐབས་དང་ཤེས་རབ་ཟུང་འཇུག་ཏུ་གྱུར། སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་ཁྱོད་ཀྱིས་ལོངས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་གྱིས། །ཨོཾ་བཛྲ་པུཥྤེ་ཧཱུཾ། སོགས་མཆོད་པ་ལྔས་མཆོད། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱཧཱ། ཞེས་མེ་ཏོག་དོར་ལ་རོལ་མོའི་སྒྲ་བྱའོ། །དེ་ནི་རྡོ་རྗེ་སློབ་དཔོན་གྱིས་དབང་དངོས་ཡིན་ལ། མཐའ་རྟེན་དང་རྗེས་གནང་ནི། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་བ་ཊ་ལཾ་ཧྲཱིཿ ཞེས་མིག་ཐུར་དང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་ཀྱིས་


TNT06_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེས། །མེ་ལོང་དང༌། ཨཿལས་སྐྱེས་པའི་དྲིལ་བུ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ཡང་མཉམ་སྦྱོར་བས། །ཐམས་ཅད་མཆོག་གི་མཉམ་ཉིད་གསལ། །ཞེས་དྲིལ་བུ་དང༌། ཧོཿལས་བྱུང་བའི་མདའ་གཞུ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པར་བྱོས་ཤིག །འཇམ་པའི་རྡོ་རྗེ་མེ་ལོང་ལྟར། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་བཞིན་གྱིས། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །ཨོཾ་མཉྫུ་ཤྲཱི་ཨ། ཞེས་མེ་ལོང་གཉིས་པ་རྡོ་རྗེའི་གཟུགས་བརྙན་ཅན་དང༌། ཨོཾ་བཛྲ་ཧེ་ཏུ་མཾ། ཨོཾ་བཛྲ་བྷཱ་ག་ཏཾ། ཨ་ལས་བྱུང་པའི་པོ་ཏི་ཨཱཿ དེ་རིང་ཕྱིན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། ཁྱོད་ཀྱི་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས་ཡོངས་སུ་གང་བར་གྱིས། །བསྔགས་བརྗོད་ཚུལ་གྱི་ཆོ་ག་ཡིས། །སྐྱེས་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། ཁྱེད་ལ་རྟག་ཏུ་སྲུང་བར་མཛད། །ཅེས་ཆོས་བཤད། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རྡོ་རྗེ༴ རིན་ཆེན༴ པདྨ༴ ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་པས་ཁྱད་པར་རྗེས་སུ་གནང་བ་


TNT06_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་ནོ། །དེ་ལྟར་ན། ཆོས་བཤད་དང༌། ཁྱད་པར་གྱི་རྗེས་གནང་གཉིས་ནི། རྗེས་གནང་གི་དངོས་གཞི་ཡིན་ནོ། །ལུང་བསྟན་པ་ནི། ཨོཾ་འདི་ལྟར་ངས་ཁྱོད་ལུང་བསྟན་ཏེ། །འཇམ་པའི་རྡོ་རྗེ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱཻ་རྡོ་རྗེ་༵༵༵ཆྒཻ་མོ་ཞེས་བྱ་བ་འདི་ཉིད། དེ་བཞིན་གཤེགས་པ་ཆྒཻ་མོ་བྷུར་བྷུ་ཝ་སྭཱ། གསང་བ་སྒྲགས་པའི་དབུགས་དབྱུང་བ་ནི། འདོད་ཆགས་བྲལ་བ་ལྟ་བུ་ཡི། ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། ཁྱོད་ཀྱི་ནམ་ཡང་མ་བྱེད་ཅིག །ཨོཾ་མཧཱ་ས་མཱ་ཡ་ཧ་ན་ཧཱུཾ་ཕཊ། བར་འདིར་སློབ་མ་ལ་སྔགས་ཀྱི་རྗེས་སུ་གནང་བ། བཟླས་ལུང་སྤྱི་དང་མཐུན་པར་སྦྱིན་དགོས་ལ། བདག་འཇུག་ལ་ནི་རྩ་སྔགས་ལན་གསུམ་བཟླས་པའི་ཆོག་གོ །ཁྱོད་ཀྱིས་མི་མཁས་གང་ཟག་ལ། །སྔགས་དང་ཕྱག་རྒྱ་མ་བསྟན་ཅིག །དེ་ཡིས་སྤྱོད་ན་སོམ་ཉི་ཟ། །གཉིས་ཀ་ངན་སོང་ཉིད་དུ་ལྟུང༌། །དེ་ནས་གཟེངས་བསྟོད་པ་ནི། སྔགས་དང་རྒྱུད་རྣམས་འཛིན་འགྱུར་བའི། །སློབ་མ་འདི་ནི་འབུལ་བ་ལགས། །དེ་རིང་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། ཁྱོད་ཀྱིས་ནན་ཏན་སྐྱེད་ནས་ནི། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །ཆོས་རྣམས་ཀུན་ལས་སེར་སྣ་དང༌། །སེམས་ཅན་རྣམས་ལ་མི་ཕན་པ། །ཉམ་ང་ཤིན་ཏུ་ཆེ་ན་ཡང༌། །བུ་ཁྱོད་ཀྱིས་ནི་མི་བྱའོ། །མཆོག་ཏུ་གསང་བའི་


TNT06_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་འདིར། །བཅུག་པ་དང་ནི་མཐོང་བས་ཀྱང༌། །སྡིག་པ་ཀུན་ལས་རྣམ་གྲོལ་ནས། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོངས་མེད་དེ། །མི་ཐུབ་ཚུགས་པར་ཡོངས་མིན་པས། །ཅིས་ཀྱང་མ་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་ལས་འདས་པའོ། །ཞེས་བརྗོད་ལ། སྤྲོ་ན། བྱང་ཆུབ་སེམས་ནི་སྤང་མི་བྱ། །དམ་པའི་ཆོས་ནི་སུན་མི་དབྱུང༌། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ཉིད་ངེས་པར་བསྟན་མི་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་དོར་བར་མི་བྱའོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་མ་གདུང་ཞིང༌། །ཅི་བདེ་བར་ནི་བདེ་བར་བཟུང༌། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །དེ་རིང་ཁྱོད་ཉིད་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་དགོངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། ཁྱོད་ཀྱི་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་བརྗོད་དོ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེ་དག་ནི་སློབ་དཔོན་དུ་དབང་བསྐུར་བའི་ཆོ་གའོ། །ཡང་གསང་དབང་གི་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །སོགས་ལན་གསུམ། རང་ཉིད་ཡེ་ཤེས་སེམས་དཔའ་འཇམ་


TNT06_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སྐུ་མདོག་དཀར་པོ། གཡས་རལ་གྲི་དང༌། གཡོན་པོ་ཏི་འཛིན་པར་གྱུར། དམ་ཚིག་གི་རྫས་ལ་དམིགས་ཏེ། ཨོཾ་ཧཱུཾ་ཏྲཱཾཿཧྲཱི་ཨཱ་དེ་རྣམས་ལས་འོད་ཟེར་འཕྲོས་འཁོར་འདས་སྣོད་བཅུད་བརྟན་གཡོ་ཐམས་ཅད་ཀྱི། དྭངས་མ་ཡེ་ཤེས་ཀྱི་བདུད་རྩི་ཚུར་བསྡུས་ནས་འབྲུ་ལྔ་ལ་ཐིམ། དེ་རྣམས་ཞུ་བ་ལས་བྱུང་བའི་བདུད་རྩིར་གྱུར། ཨོཾ་ཨཱཿཧཱུཾ། ལན་མང་དུ་བཟླས་ཏེ་བྱིན་གྱིས་རླབས། ཇི་ལྟར་འཇམ་དབྱངས་རྒྱལ་པོ་ཡི། །བྱང་ཆུབ་སྲས་ལ་དབང་བསྐུར་བཞིན། ཁྱོད་ལ་གསང་བའི་དབང་བསྐུར་བས། །བདུད་རྩི་ལྔ་ནི་མཉམ་པའི་རོས། །ཉོན་མོངས་ལྔ་ནི་དག་པར་བྱེད། །ཡེ་ཤེས་ལྔ་ཡི་དབང་བསྐུར་རོ། །ཨོཾ་སརྦ་དྷརྨ་ནས། ཨཾ་ཨ། ཞེས་ཡང་སྙིང་བརྗོད། དམ་རྫས་ལྕེ་ཐོག་ཏུ་བཞག་པར་མོས། སློབ་མ་ལ་དབང་བསྐུར་ན། རྫས་ལྔ་པོ་ཚོགས་པར་བྱས། ཨོཾ་ལས་ཨ་ཀ་རུ་ནག་པོ། ཧཱུཾ་ལས་གླ་རྩི། ཏྲཱཾ་ལས་མཚལ། ཧྲཱིཿལས་མུ་ཐིག །ཨ་ལས་ཙནྡན་དམར་པོ་རྣམས་ཡི་གེ་དེ་རྣམས་ཉིད་ཀྱིས་མཚན་པ། ས་བོན་ལྔ་པོ་བརྒྱ་སྟོང་དུ་བཟླས་ཏེ་ཡི་གེ་རྣམས་ཞུ་བར་གྱུར། དེ་དག་ཞིབ་མོར་བཏགས་ནས་འོ་མ་འམ། ཞོ་འམ། མར་རམ། མངར་གསུམ་ཇི་ལྟར་འོས་པའི་ཁུ་བ་དང་སྦྱར་ནས། རིན་པོ་ཆེའི་སྣོད་དམ། ཉ་ཕྱིས་སམ། དུང་བོར་སོགས་སུ་བླུག་གོ །དེ་ནས་གོང་ལྟར་བདུད་རྩི་འགུགས་པའི་དམིགས་པ་བཅས་ཏེ་འབྲུ་གསུམ་མང་དུ་བཟླས་ཏེ་དཀྱིལ་འཁོར་གྱི་ཕྱོགས་སུ་བཞག་པ་ནི་དམ་རྫས་ཞེས་བྱ་སྟེ། དངོས་སུ་སློབ་མ་ལ་སྦྱིན་རྒྱུའོ། །རྫས་ལྔ་པོ་དེ་གསང་སྔགས་ནང་བའི་ལུགས་ཀྱི་བདུད་རྩི་ལྔའི་བརྡ་ཡིན་པས་གོང་གི་བྱ་བ་མ་གྲུབ་ན། བླ་མེད་སྤྱི་འགྲོའི་བདུད་རྩི་རིལ་བུས་ཀྱང་ཆོག་པར་མངོན་ནོ། །དེ་དག་ནི་གསང་དབང་ངོ༌། །ཡང་ཤེས་དབང་གི་


TNT06_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །སོགས་ཀྱིས་གསོལ་བ་བཏབ། འདི་ཁྱོད་གཟུགས་བཟང་བརྟན་པ་ཡིས། །དམ་པའི་བདེ་བ་མྱོང་བར་འགྱུར། །རིག་མའི་རྣལ་འབྱོར་སྡོམ་པ་ཡིས། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །རྨོངས་པ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་དེ། རིག་མ་གཏད་དོ། །སྐབས་འདིར་དཀྱིལ་ཆོག་ཡོན་ཏན་འབྱུང་གནས་ལས། ཞེས་བྱ་བ་འདིས་སྦྱིན་པར་བྱའོ། །དགེ་སློང་དང༌། བྱིས་པ་དང༌། མ་ནིང་དང༌། རྒན་པོ་ལ་ནི་ལུས་ཀྱི་གནས་བཞིར་འཁོར་ལོ་རྣམ་བཞི་བསམས་ལ། ཞེས་པའི་དོན་སྦྱིན་པར་བྱ་ཞེས་པ་ཡིད་ཀྱི་རིག་མ་སྦྱིན་པར་བྱ་བའི་དོན་དང༌། དགེ་སློང་སོགས་ཀྱི་དོན་སྤྱི་དབང་འདི་ཆགས་ལམ་གྱིས་ཀྱང་དབང་བསྐུར་བ་ཡིན་མོད་ཀྱི། དེ་ལ་མི་མོས་པ་དང་མི་ནུས་པས་གྲོལ་ལམ་ལ་བརྟེན་ནས་བསྐུར་ན་འཁོར་ལོ་བཞི་པ་འདི་སྒོམ་པ་ཞེས་པ་ཡིན་པས། དཀྱིལ་འཁོར་འདིར་དངོས་ཀྱིས་རིག་མ་བརྟེན་ནས་ངེས་པའི་དབང་བསྐུར་བའང་ཡོད་པ་དང༌། གྲོལ་ལམ་ལ་མ་བརྟེན་ཀྱང་ཡིད་རིག་བཏད་པས་ལྷ་ཁ་སྦྱོར་གྱི་རྣམ་པ་ཅན་སྒོམ་དགོས་པ་དང༌། དེ་ཙམ་གྱིས་ཉམས་མྱོང་སྐྱེ་ནུས་པ་དཀའ་བས། ཉམས་མྱོང་སྐྱེ་བའི་དོན་དུ་འཁོར་ལོ་བཞི་སྦྱོར་སྒོམ་དགོས་པ་དང༌། དེ་ནི་གསང་སྔགས་ནང་གི་གཏུམ་མོ་འཁོར་ལོ་བཞི་པ་ཡིན་པ། གོང་གི་གསང་དབང་ཡང་གྲོལ་ལམ་ཁོ་ན་ལ་བརྟེན་པ་ཡིན་མོད། གསང་སྔགས་ཕྱི་རྒྱུད་ལུགས་ཡེ་མ་ཡིན་པ་དང༌། དགེ་སློང་དང་ཞེས་སོགས་ཀྱི་སྐལ་བ་དང་ལྡན་ན། ངེས་པའི་དབང་ཆགས་ལམ་ལ་བརྟེན་ནས་བསྐུར་བ་ཡོད་པར་བསྟན་པས། ཆགས་ལམ་ལ་བརྟེན་པའི་གསང་དབང་ཡང་ཡོད་པར་ཤུགས་ལ་འགྲུབ་སྟེ། དེའི་ཕྱིར་ཆོས་སྐོར་འདི། སྐབས་འགའ་ཞིག་ཏུ་རྣལ་འབྱོར་ཕྱི་རྒྱུ་དང༌། ཆོག་བགྲོས་མཚུངས་པ་ཅི་རིགས་དང༌། ལྷ་སྐུའི་རྣམ་འགྱུར་མཚུངས་པ་ཙམ་ཡོད་མོད་ཀྱང་དེ་ཙམ་གྱིས་ཡོ་ག་ཕྱི་བའི་ལུགས་སུ་མི་འགྲུབ་པས་འདི་ནི་བླ་མེད་ཁོ་ན་ཡིན་གྱི་རྒྱུད་སྡེ་


TNT06_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མའི་ལུགས་མ་ཡིན་ནོ། །དེ་ཕྱིར་བླ་མེད་ཕ་རྒྱུད་ལ་རིགས་གསུམ་ལས། གཏི་མུག་རིགས་ཀྱི་ཆོ་ག་ནི་འདི་ལྟ་བུ་ཡིན་པར་ཤེས་པར་བྱའོ། །ད་ནི་དཀྱུས་ལ་འཇུག་སྟེ། རྐང་པའི་མཐིལ་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོ་ལྗང་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། སུམ་མདོའི་གནས་སུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་མོ། །རང་ཉིད་རིགས་ཀྱི་བདག་པོས་ཡེ་ཤེས་སེམས་དཔའ་འཇམ་དཔལ་དབྱངས་ལ་རིགས་ཀྱི་ཡུམ་སངས་རྒྱས་སྤྱན་མས་ཡང་དག་པར་འཁྱུད་པ། རང་གི་སྐུ་ལ་རྩ་གསུམ་འཁོར་ལོ་བཞི་འོད་ཀྱི་རང་བཞིན་དུ་གྲུབ་པར་གྱུར། རྐང་མཐིལ་གྱི་རླུང་གཡོས། གསང་བའི་མེ་སྦར། རྩ་ཨ་ཝ་དྷཱུ་ཏཱིའི་ལམ་ནས་ཞུགས། སྤྱི་བོ་བདེ་ཆེན་འཁོར་ལོའི་ཐིག་ལེ་སུམ་ཅུ་རྩ་གཉིས་ཞུ། དེ་ལ་ཐེག་ལེ་བཅུ་དྲུག་མགྲིན་པའི་འཁོར་ལོར་བབས། དེ་ལས་བརྒྱད་སྙིང་གར་བབས། དེ་ལས་བཞི་ལྟེ་བར་བབས། ལུས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་གང་བས། སེམས་བདེ་གསལ་སྤྲོས་པས་དབེན་པའི་ལྷན་སྐྱེས་མངོན་དུ་བྱས་པར་གྱུར། ས་མཆོག་བཅུ་གཉིས་ཐོབ་གྱུར་པ། །ཐབས་གཞན་གྱིས་ནི་སངས་མི་རྒྱ། །འཁོར་ལོ་བཞི་པོ་མཉམ་པའི་རོས། །སྲིད་པ་གསུམ་ནི་དག་པར་བྱེད། །དེ་བས་ཁྱོད་ཀྱི་འདི་དང་ནི། །ནམ་ཡང་འབྲལ་བར་མི་བྱའོ། །ཨོཾ་སྠི་ཏོ་ཧྲི་དི་ཛྙཱ་ན་མུརྟི་ར་ཧཾ། བུདྡྷོ་བུདྡྷ་ནཾ། ཏྲཻ་དྷཱ་བརྟི་ནཾ། ཨོཾ་ཨཱཿཧཱུཾ། དེ་དག་ནི་ངེས་པའི་དབང་བསྐུར་བའོ། །སྐབས་འདིར་བཞི་པའི་དབང་ནི་མི་གསུངས་ཏེ། མན་ངག་ལ་ལྟོས་པའམ། རྒྱུ་འབྲས་ཀྱི་ཁྱད་པར་མ་གཏོག་ངོ་བོ་གཅིག་པར་དགོངས་པ་ཡིན་པར་རྟགས་པར་བྱའོ། །དེ་རྗེས། གཙོ་བོས་ཇི་


TNT06_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སོགས་དང༌། གཏང་རག་གི་མཎྜལ་དང༌། དེང་ནས་བརྩམས་ཏེ་སོགས། དགེ་བ་བྱང་ཆུབ་ཏུ་བསྔོ་བ་རྣམས་བྱའོ། །དེ་ནས་སློབ་མ་གཞུག་པའི་དོན་དུ་གནང་བ་ནོད་པར་བྱ་སྟེ། བདག་མིང་འདི་ཞེས་བགྱི་བ་ནི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་འཇུག་པར་འཚལ། །ཞེས་སོ། །གལ་ཏེ་སློབ་མ་དབང་བསྐུར་བར་འདོད་ན། བུམ་པ་སྟ་གོན་གྱི་རྗེས་སམ། ཇི་ལྟར་སྐབས་སུ་བབས་པའི་དུས་ལ། སློབ་མ་ལྷག་གནས་བྱ་སྟེ། མཎྜལ་ཕུལ་ལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་ཀྱིས་གསོལ་བ་བཏབ། བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །སོགས་ཀྱིས་སྤྲོ་བ་བསྐྱེད། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྡིག་པ་ཐམས་ཅད་སོ་སོར་བཤགས། །སོགས་མན་ཆད་གུར་གྱི་ཚིག་དང་མཐུན་པས་རྒྱུན་བཤགས་བྱ། སློབ་མ་ཡེ་ཤེས་སེམས་དཔའ་དཀར་པོ། རལ་གྲི་དང་པོ་ཏི་འཛིན་པའི་ཐུགས་ཀར་ཟླ་བ་ལ་གནས་པའི་རྡོ་རྗེ། ས་མ་ཡ་ཨ། སུ་ར་ཏ་སྟྭཾ། ས་མ་ཡ་ཧོཿ བཛྲ་སཏྭ་ཡ་ཐ་སུ་ཁཾ། ཞེས་ནང་གི་སེམས་བསྐྱེད། གནས་གསུམ་བྱིན་རླབས་དང༌། མཆོད་པ་བཞི་འབུལ་བ་སྤྱི་དང༌། ཡ་མཱན་ཏ་ཀའི་སྔགས་ཀྱི་སོ་ཤིང་སྟེར། ཨོཾ་པྲ་ཀྲི་ཏེ་པ་རི་ཤུདྷ། སརྦ་དྷརྨ་པྲ་ཀྲི་ཏེ་པ་རི་ཤུདྡྷོ྅ཧཾ། ཅེས་པའི་སྔགས་ཀྱིས་ཁྱོར་ཆུ་སྦྱིན། ཀུ་ཤ་ཡང༌། ཡ་མཱནྟ་ཀའི་སྔགས་ཀྱིས་སྟེར། བསྲུང་སྐུད་ཡི་གེ་འབྲུ་གསུམ་ལས་བསྐྱེད་དེ། རྗེ་བཙུན་གྱི་ཡི་གེ་བརྒྱ་པས་བཅིངས་ཤིང་བརྟེན་པར་བྱ་སྟེ། ཁྱད་པར་དེ་རྣམས་མ་གཏོགས་སྤྱི་དང་འདྲ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཅེས་སོགས་ཟབ་མོའི་ཆོས་བཤད། ཡང་མཎྜལ་ཕུལ་ནས། མི་ལྡོག་འཁོར་ལོའི་དབང་བསྐུར་བ། །མགོན་པོའི་བདག་


TNT06_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྩལ་ནས་ཀྱང༌། །འཁོར་ལོ་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་འཕྲིན་ལས་ཡོངས་སུ་གསུངས། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་བླ་ན་མེད་པ་སྩོལ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། རྨི་ལམ་བརྟག་ཅིང་ངན་ན་སྲུང་བའང་སྤྱི་དང་མཐུན་ནོ། །གལ་ཏེ་རྨི་ལམ་བཟང་ངམ་འབྲིང་ན། དེའི་སང་ནུབ་དབང་དངོས་བསྐུར་བར་བྱ་སྟེ། གོང་དུ་བཤད་པའི་བདག་འཇུག་སློབ་མའི་དོན་དུ་གསོལ་བ་བཏབ་པ་ཡན་ཆད་ཚང་བར་བྱས་ནས། བདག་ཉིད་ཀྱིས་ཇི་ལྟར་བླངས་པ་ལྟར། སློབ་མ་ལ་དབང་བསྐུར་བ་ཉིད་ཡིན་ན་འདོན་པ་བསྒྱུར་དགོས། ཁྱད་པར་ཕྲ་མོ་རྣམས་ནི་རྟོགས་པར་བླའོ། །སློབ་མ་དབང་བསྐུར་བའི་རྗེས་སུ། ཙཱ་རུའི་བཟའ་སྟོན་རྒྱ་ཆེན་པོ་ཡང་བྱེད་པར་ཡང་བཤད་ལ། མཐར་རྗེས་ཆོག་ནི་མཆོད་པ་ཁ་གསོས། འགྲུབ་ན་གསར་པའང་བཤམས། གོང་བཞིན་བྱིན་གྱིས་རླབས། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །མཆོག་ཏུ་དད་པའི་འབུལ་ལགས་ཀྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པུ་ཛ་སོགས། གཞན་འདྲ་བ་ལ། ཞབས་བསིལ། པཱདྱཾ། ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་དམ་པ་འདི་དག་ནི། །མཆོག་ཏུ་དད་པའི་སོགས། པུཥྤེ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །བདུག་སྤོས་དམ་པ་འདི་དག་ནི། །མཆོག་ཏུ་དད་པའི་སོགས། དྷུ་པེ། མུན་པའི་ཚོགས་རྣམས་འཇོམས་བྱེད་ཅིང༌། །ཕྱོགས་ཀུན་གསལ་བྱེད་མར་མེ་འདི། །ཀུན་མཁྱེན་ཡེ་ཤེས་ཐོབ་ཕྱིར་འབུལ། །ཅི་བདེ༴


TNT06_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ལོ་ཀེ ། ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང༌། །དྲི་ཡི་མཆོད་པ་འདི་དག་ནི། །རང་བྱུང་ཉིད་ལ་འབུལ་ལགས་ཀྱི། །ཀུན་བཟང་བདེ་ཆེན་བཞེས་སུ་གསོལ། །གནྡྷེ། ཁ་དོག་དྲི་དང་རོ་ལྡན་ཞིང༌། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །ཆོས་དབྱིངས་ཡེ་ཤེས་བརྙེས་ལ་འབུལ། །ནཻ་ཝི་ཏྱ། བླ་མེད་རྡོ་རྗེ་ཐེག་པའི་དོན་སྟོན་ཞིང༌། །ཤེས་རབ་མཆོག་གི་རྗེས་འགྲོ་རོལ་མོའི་སྒྲ། །བདུད་ཀྱི་འཁོར་ལོ་གཞོམ་ཕྱིར་དབུལ་བར་བགྱི། །དོན་དམ་དབྱིངས་ལ་མངའ་བརྙེས་བཞེས་སུ་གསོལ། །ཤཔྟ། དེ་རྗེས་འདུད་ཉི་ཤུས་བསྟོད། ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམས་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །དེ་ནས་སྤྱི་དང་མཐུན་པར་གསོལ་བ་བཏབ་ཅིང་དངོས་གྲུབ་བླངས། ཡི་གེ་བརྒྱ་པ་མང་དུ་བཟླས། མ་འབྱོར་པ་དང༌། སོགས་ཀྱིས་བཟོད་པར་གསོལ། དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་པའི་རྡོ་རྗེ་འགྲུབ་གྱུར་སོགས་དང༌། རྟེན་རྣམས་ལ་བརྟན་བཞུགས་བྱ། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་ནས། ཨོཾ་བཛྲ་མུཿ རྡུལ་ཚོན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་གི་སྙིང་གར་བསྡུ་བའམ། ཡང་ན་དམ་ཡེ་དབྱེ་བ་མེད་པར་དཀྱིལ་འཁོར་ཐམས་ཅད་རང་ཉིད་ལ་བསྡུས་ཀྱང་རུང་ངོ༌། །སླར་ཡང་སྨོན་ལམ་བཏབ། ཡིག་བརྒྱ་དང་དགེ་བ་བསྔོ་བར་བྱ། ཧཱུཾ་བཞི་པའི་སྔགས་ཀྱིས་ཕུར་བུ་ཕྱུང་བ་དང༌། ཨ་ཀཱ་རོའི་སྔགས་ཀྱིས་དཀྱིལ་འཁོར་དབྱེ་ཞིང༌། རྡུལ་ཚོན་ཆུ་བོ་སྤྱན་འདྲེན་པ་དང༌། ཤིས་བརྗོད་སོགས་ཀྱང་སྤྱི་དང་འདྲའོ། །གཞན་ཡང་གཤིན་དོན་གྱི་ཆོ་ག་དང༌། སྦྱིན་བསྲེག་དང་རབ་གནས་ལ་སོགས་པ་ཡོད་དེ། གཞུང་ལས་


TNT06_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་བྱའོ། །དང་པོའི་སངས་རྒྱས་རྒྱལ་བ་རིགས་ལྔ་དང༌། །རྗེ་བཙུན་འཇམ་དབྱངས་འཇམ་དཔལ་བཤེས་གཉེན་དང༌། །སྒེག་པའི་རྡོ་རྗེ་ཉི་མ་སེང་གེ་དང༌། །ཆོས་ཀྱི་རྡོ་རྗེ་མུ་དྲ་སིདྡྷི་དང༌། །ལྷ་ཡི་དངོས་གྲུབ་སྨྲྀ་ཏི་ཛྙཱ་ན་དང༌། །ཚོར་སྡེ་ངག་དབང་བྱེ་མ་ལུང་བ་དང༌། །སུརྱ་སིདྡྷི་ཤེས་རབ་རྡོ་རྗེ་དང༌། །རྔོག་སྟོན་ཆོས་རྡོར་དེ་སྲས་མདོ་སྡེ་དང༌། །གཙུག་སྟོན་དར་རྒྱས་དུམ་བུ་ཁ་པ་དང༌། །བཟང་མོ་བ་དང་རྔོག་སྟོན་རིན་ཆེན་བཟང༌། །ཆོས་རྒྱལ་བ་དང་བླ་མ་སངས་ཡོན་པ། །བྱང་ཆུབ་དཔལ་དང་བྱང་ཆུབ་དཔལ་གྲུབ་དང༌། །བཀྲ་ཤིས་དཔལ་གྲུབ་བློ་གྲོས་དཔལ་བཟང་དང༌། །ཡེ་ཤེས་རྡོ་རྗེ་རྩ་བའི་བླ་མ་སོགས། །གཞན་ཡང་ཆོས་ཚུལ་འདི་ལ་བརྒྱུད་པ་ཡི། །རིམ་པ་གསུམ་ལྡན་བླ་མའི་མན་ངག་ཅན། །རྒྱུད་འགྲེལ་གཞུང་བཅས་ལེགས་ཐོས་ལེགས་པར་སྦྱངས། །ལེགས་པར་གོ་ནས་མདོ་ཙམ་འདི་སྦྱར་བའི། །དགེ་བས་འགྲོ་བ་དྲུག་གི་སེམས་ཅན་རྣམས། །ཡེ་ཤེས་སེམས་དཔའི་གོ་འཕང་ཐོབ་པར་ཤོག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་ཆོག །སློབ་དཔོན་སྒེག་པའི་རྡོ་རྗེའི་དགོངས་དོན་ཇི་ལྟ་བ་བཞིན་དུ་སྦྱར་བ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །།མངྒ་ལཾ།། །།


TNT06_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་དང་འགྲེལ་པ་དྲུག་ཅུ་རྩ་བཞིའི་གཏོར་ཆོག་གི་ངག་འདོན་ཁམས་གསུམ་ཟིལ་གནོན།


TNT06_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་དང་འགྲེལ་པ་དྲུག་ཅུ་རྩ་བཞིའི་གཏོར་ཆོག་གི་ངག་འདོན་ཁམས་གསུམ་ཟིལ་གནོན་ཞེས་བྱ་བ་བཞུགས་སོ། །


TNT06_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ཁྲོ་རྒྱལ་གཤིན་རྗེ་མཐར་བྱེད་ཆེན་པོའི་རིགས་སྔགས་ཀྱི་ལས་ཚོགས་དང་འབྲེལ་བས་བསྒྲུབ་པར་བྱ་བ། དྲུག་ཅུ་རྩ་བཞིའི་གཏོར་མའི་ཆོ་ག་ཁམས་གསུམ་ཟིལ་གནོན་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །རྣམ་དག་བདེ་ཆེན་དཔའ་བོ་དུས་ཀྱི་དགྲ། །སྲིད་ཞིའི་མཐའ་ལ་ཁྲོས་ཤིང་ཆེར་འཁྲུགས་པས། །དྲུག་ཅུ་རྩ་བཞིའི་སྒྱུ་ཐབས་ཀུན་འཇོམས་ལ། །གུས་པས་བཏུད་ཀྱིས་བདུད་བཞིའི་དཀྱིལ་འཁོར་ཆོམ། །རབ་འཇིགས་ཡེ་ཤེས་འཁོར་ལོ་ནི། །བརྟན་གཡོའི་སྙེམས་པ་ཕྲོགས་ལས་སླར། །རབ་འབྱམས་འཕྲིན་ལས་སྤྲོ་བ་ཡང༌། །མཆོད་སྦྱིན་ཆེན་པོས་བདེ་བླག་འགྲུབ། །དེ་ལ་དང་པོར་བསྲུང་བཟློག་གི་ལས་ལ་བསྔགས་པའི་དབང་དུ་བྱས་ནས། ཅུང་ཟད་དྲག་པོའི་འཕྲིན་ལས་དང་འབྲེལ་བའི་གཏོར་མའི་ཆོ་ག་བཤད་པར་བྱའོ། །དེ་ལ་ཡོ་བྱད་བཅའ་གཞི་བྱ་ཚུལ་དང༌། ཆོ་ག་དངོས་སོ། །དང་པོ་ནི། དྲག་པོའི་ལས་དང་མཐུན་པའི་གནས་སམ། སྒྲུབ་ཁང་སོགས་ཡིད་དང་


TNT06_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་གནས་སུ། ས་གཞི་ལ་དུག་ཁྲག་བསྲེས་པའི་ཐིག་ཆས་ཀྱིས་ཐིག་ཆེན་བརྒྱད་བཏབ། གནས་ཁང་ཡངས་དོག་དང་བསྟུན་པས་དཀྱིལ་འཁོར་གྱི་ཚད་ངེས་པ་མེད་ཀྱང༌། འགྲུབ་ཏུ་རུང་ན། ཐིག་སྐུད་ཁྲུ་གང་གིས་བསྐོར་བ་ལས་ཆུང་བ་མི་བྱ། གང་ལྟར་ཡང་ཟླུམ་པོར་བསྐོར་ལ། བསྐོར་ཐིག་དང་ལྷོའི་ཚངས་ཐིག་འཕྲད་མཚམས་ནས་བཟུང་སྟེ། ཤར་དང༌། བྱང་ཤར་གྱི་ཐིག་གི་བར་བསྐོར་ཐིག་སྟེང་ནས་ཆ་གསུམ་དུ་བགོས་པའི་ཆ་གཉིས་ཤར་ཐིག་དང༌། ཆ་གཅིག་བྱང་ཤར་གྱི་ཕྱོགས་སུ་ཡོད་པའི་མཚམས་ནས་ཐིག་སྣ་དྲངས་ཏེ་ཆོས་འབྱུང་གི་གཡོན་གྱི་ལོགས་ཐིག་བཏབ། དེ་བཞིན་དུ་ནུབ་དང༌། ནུབ་བྱང་གི་བར་ལ་ཐིག་སྣ་དྲངས་ཏེ་གཡས་ཀྱི་ཐིག་བཏབ། དེ་གཉིས་ཀྱི་རྩེ་སྦྲེལ་བས་རྒྱབ་ཀྱི་ལོགས་ཐིག་འབྱུང་ངོ༌། །དེ་ནས་ཟུར་གསུམ་དུ་སོར་གཉིས་རེ་མནན་པའི་རྩེ་རྣམས་སྦྲེལ་ཏེ་མུ་རན་བྱ། དེའི་ཕྱི་ལ་མེ་རི་གྲུ་གསུམ་དུ་འབྲི་བའི་ས་གཞི་བྱ་སྟེ། ཚད་ངེས་པ་མི་དགོས། རྒྱས་པ་ལ་དགའ་ན་དེའི་ཕྱིར་དུ་རྡོ་ར་མེ་རི་དུར་ཁྲོད་ཀྱི་ཐིག་རྣམས་ཀྱང་བསྐོར། བསྡུས་པ་ལ་ནི་ཆོས་འབྱུང་གཅིག་པུས་ཆོག་གོ །ཡང་ཆོས་འབྱུང་ཉིས་རྩེགས་སུ་བྱེད་པའི་ལུགས་ཀྱང་ཡོད་པ་རུང་བར་


TNT06_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཅིང༌། ཆོས་འབྱུང་གི་ནང་དུ་ཟླུམ་ཐིག་ཉིས་བསྐོར་ནང་ལེའུ་ཚེ་དགུ་པ་ཞིག་བྱ། རྡུལ་ཚོན་དགྱེ་བ་ནི། ཆོས་འབྱུང་གི་ནང་ནག་པོ། མུ་རན་དང་རེའུ་མིག་གི་གཞི་རྣམས་ནག་པོ། མེ་རི་དམར་སེར། རྡོ་ར་སོགས་བསྐོར་ན། གྲུ་བཅད་ལ་ཁྲག་མཚོ། རྡོ་ར་མེ་རི་སྤྱི་དང་མཐུན། དུར་ཁྲོད་ཕྱི་ནང་གང་དུ་བྲིས་ཀྱང་འདྲ། རེའི་མིག་དབུས་མ་ལ་ཉི་གདན་གྱི་སྟེང་དུ་ཚོམ་བུ་ནག་པོ། ཤར་གྱི་རེའུ་མིག་ལ་སེར་པོ་དང༌། དེའི་ཕྱི་རུ་ཡང་སེར་པོ། ཤར་ལྷོའི་རེའུ་མིག་ཏུ་དམར་པོ། ལྷོ་རུ་མཐིང་ཁ། ལྷོ་ནུབ་ཏུ་མཐིང་ནག་གམ་དམར་ནག །ནུབ་ཏུ་དཀར་པོ། དེའི་རྒྱབ་ཏུ་སེར་པོ། ནུབ་བྱང་དུ་ལྗང་ཁུ། བྱང་དུ་སེར་པོ། བྱང་ཤར་དུ་དཀར་པོའོ། །ཆོས་འབྱུང་གི་རྩེ་མོ་སྤྱིར་བཏང་ལ་ལྷོ་ཕྱོགས་སུ་སྟོན་པར་འདོད་ཅིང༌། དེ་ཡང་སྒྲུབ་པ་པོ་ཁ་ལྷོར་ལྟ་བའི་དབང་དུ་བྱས་པ་ཡིན། གནོད་བྱེད་ངེས་པ་ཅན་ཡོད་ན་དེའི་ཕྱོགས་ལ་བསྟན། གང་ལྟར་ཡང་འདི་དངོས་གྲུབ་བསྒྲུབ་པའི་ཆོས་འབྱུང་དང་མི་འདྲ་སྟེ། དྲག་པོའི་འབྲུབ་ཁུང་ཡིན་པས་རྩེ་མོ་རང་ལ་མི་སྟོན་པར་བཞེད་ཅིང༌། ཆོ་ག་བྱེད་མི་མང་པོས་མཐའ་བསྐོར་བའི་སྐབས་སུ་ཡང་རྩེའི་དྲང་ཐད་དུ་སྒྲུབ་པོ་སུ་ཡང་གདན་མི་འཆའ། སློབ་དཔོན་ཕྱོགས་ལ་ངེས་པར་འབྲུབ་ཁུང་གི་རྒྱབ་ལོགས་སྟོན་དགོས་པ་ཡིན་ནོ། །རྡུལ་ཚོན་མ་འབྱོར་བ་དང་བྲི་ལོང་མེད་ན། མེ་ཐལ་ལམ་སོལ་བས་བྲི་བའམ། རས་བྲིས་ལ་སོགས་པས་ཀྱང་རུང་ངོ༌། །དེའི་རྩེ་མོའི་ཕྱོགས་སམ། དབུས་སུ་མཉྫི་ལ་དྲུག་ཅུ་རྩ་བཞིའི་སྒྲུབ་གཏོར་བཤམས། རྩེ་ངོས་ཀྱི་སྟེགས་མཐོ་བ་ཞིག་ལ་འདས་གཏོར་ཆེན་པོ་བཤམས་དགོས་པ་ཡིན་ལ། དེ་ཡང་བྲིས་སྐུ་ཡོད་ན་བྲིས་སྐུའི་མདུན་དང༌། མེད་ན་དེ་ལ་ཙཀ་ལིའམ་གཟུགས་སྔགས་བཙུགས། མདུན་དུ་ཁྲག་གི་ཨརྒྷཾ་དང༌། མཆོད་པ་གཞན་རྣམས་གཡོན་བསྐོར་རམ། གཡས་གཡོན་དུ་ཕྱེད་མར་བགོས་ཏེ་ཕུལ་ཀྱང་རུང་ངོ༌། །དེའི་མདུན་ནམ་གཡས་གཡོན་གང་རུང་དུ་ཆོས་འབྱུང་གྲུ་གསུམ་གཅིག་ལ། མཉྫིའི་སྟེང་དུ་གཤིན་རྗེ་


TNT06_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྒྱལ་པོ་གཏོར་མ་བ་དན་ནག་པོ་དང་བཅས་པ་བཞག །སྒོས་མཆོད་ཞིག་ཀྱང་བཤམས། དམ་རྫས་རྫོགས་པར་ཚང་ན་རབ་ཡིན། ངེས་པར་ཤ་ཁྲག་དང༌། མྱོས་བྱེད་ཀྱི་མཆོད་པ་གལ་ཆེའོ། །སྒྲུབ་པ་པོའི་མདུན་དུ་ཧ་ཅང་མི་རིང་བར་འབྲུབ་ཁུང་དངོས་སམ་བྲིས་པའི་ནང་དུ། ལིང་ག་དབང་པོ་དོད་པ་ཞིག་བཞག་སྟེ་ཁེབས་ཀྱིས་བཀབ། གཞན་ཡང་རོལ་མོ་ལ་སོགས་པའི་ཡོ་བྱད་དང༌། ཕྱག་མཚན་རྣམས་དང༌། མཆོད་པའི་ཁྱད་པར་དམིགས་པ་མཐུན་པར་བཤམས་པ་དང༌། ཐུན་བྱེད་ན་སྣོད་གཉིས་སུ་སྐམ་ཐུན། རློན་ཐུན་སོགས་ཀྱང་འཛོམ་པར་བྱའོ། །སྒྲུབ་གཏོར་ནི་གྲུ་གསུམ་རྩེ་མོ་མི་མགོས་མཚན་པ། ལིང་གའི་སྙིང་པོ་ཅན་དུ་བྱས་ཀྱང་ཆོག །ཡང་སྔ་མ་རྣམས་ཀྱི་ཕྱག་བཞེས་ལྟར་ན། ཟན་ལེབ་གྲུ་གསུམ་ལ་ཟུར་ནས་དྲས་པས་གྲུ་གསུམ་བཞིར་འགྱུར། བཞི་པོ་དེ་དེ་བཞིན་དུ་དྲས་པས་བཅུ་དྲུག་ཏུ་འགྱུར། དེ་རྣམས་ཀྱང་དེ་བཞིན་དུ་དྲས་པས་དྲུག་ཅུ་རྩ་བཞིའོ། །དེ་རྣམས་རྩིག་ལུགས་ལ་ལག་ལེན་མི་འདྲ་བ་དུ་མ་ཡོད་ཅིང༌། མཁར་ཐབས་ཀྱང་ཟུར་དྲུག་པ་དང༌། བརྒྱད་པ་དང༌། བཅུ་གཉིས་པ་དང༌། བཅུ་དྲུག་པ་སོགས་འདོད་པ་ཡོད་ཀྱང༌། ཟུར་དགུ་པའམ། དྲུག་པ་གང་རུང་བྱ་སྟེ། དབུས་སུ་ཧོམ་ཁུང་གི་རྣམ་པ་འབྱུང་བ། དགུ་པོ་རེ་རེ་ཡང་ཡང་བདུན་བདུན་བརྩེགས་པས་ལྷག་མ་ཅིག་འབྱུང་བས་འབྲུབ་ཁུང་གི་ཁ་བཅད་ལ། དེའི་སྟེང་དུ་གྲུ་གསུམ་ཆུང་ངུ་ཞིག་བཞག་པར་བྱའོ། །དེ་ལ་མི་མགོའི་རྒྱལ་མཚན་དང༌། རྒྱུ་རློན་གྱི་ལྡ་ལྡི་སོགས་ཀྱིས་བརྒྱན། གཞན་ཡང་འཇིགས་སུ་རུང་བའི་རྒྱན་མང་པོས་རྣམ་པར་བརྒྱན་ནོ། །སྟེགས་མཐོ་བར་གཏོར་མ་ལྔ་ཚར་ཡང་བཤམས་དགོས་ལ། འདས་གཏོར་ཆེན་པོ་ནི་ཟླུམ་གཏོར་རམ། གྲུ་གསུམ་སྙིང་གཟུགས་མ་གང་རུང་ལ་མདའ་དར་སོགས་འཛུགས་ཤིང༌། གཤིན་རྗེའི་གཏོར་མ་ནི་མཐའ་གཅིག་ཏུ་ཟུར་གསུམ་ཁོ་ན་བྱའོ། །དེ་བཞིན་དུ་དྲུག་ཅུ་རྩ་བཞི་བཏབ་གཏོར་དང༌། སྒོས་ཀྱི་མཆོད་པ་ཅུང་


TNT06_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་དགོས་པ་རྣམས་དང༌། སྔོན་འགྲོ་གཏོར་མ་སོགས་མ་ཚང་བ་མེད་པར་བཤམ་མོ། །འདི་དག་གི་རྒྱུ་མཚན་ནི་གཞན་དུ་བཤད་པར་བྱའོ། །གཉིས་པ་ལ་སྔོན་འགྲོ། དངོས་གཞི། རྗེས་ཆོག་སྟེ་གསུམ་ལས། དང་པོ་ནི། སྔོན་འགྲོ་གཏོར་མ། ཡ་མཱནྟ་ཀའམ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པས་བསངས། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབ། མཁའ་འགྲོ་སྤྱི་གཏོར་གྱི་སྔགས་སམ། ཨོཾ་ཨིནྡྲ་ཡ་སོགས་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་དགོངས་པ་བསྐང་བ་དང༌། དེ་བཞིན་གཤེགས་པ་སྲས་དང་བཅས་པ་མཐའ་དག་མཉེས་པར་བྱ་བ་དང༌། མ་ལུས་པའི་སེམས་ཅན་གྱི་ཁམས་རྣམས་ཐེག་པ་མཆོག་གི་བདེ་བ་ལ་འཇོག་པའི་དོན་དུ། དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་བཅོམ་ལྡན་འདས་གཤིན་རྗེ་གཤེད་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་དཀྱིལ་འཁོར་ལས་བརྩམས་ཏེ། འཕྲིན་ལས་རྣམ་པ་བཞིའི་སྒོ་ནས་མཆོད་གཏོར་རྒྱ་ཆེན་པོ་སྒྲུབ་པར་བགྱིད་ན། ཕྱོགས་སྐྱོང་བ་བཅུ་ལ་སོགས་པ་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ཚོགས་རྣམས་ཀྱིས་བར་ཆད་བསྲུང་བ་དང༌། འཕྲིན་ལས་རྣམ་པ་བཞི་སྒྲུབ་ཅིང་དངོས་གྲུབ་གྱི་སྟོངས་གྲོགས་དམ་པ་མཛད་དུ་གསོལ། ནག་པོའི་ཕྱོགས་ལ་མངོན་པར་དགའ་བའི་འབྱུང་པོའི་ཚོགས་རྣམས་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག །ཅེས་རོལ་མོའི་


TNT06_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དང་བཅས་ཕྱིར་དོར། ཧྲཱྀཿཥྚཱིཿདང་བགེགས་མཐར་བྱེད་ཀྱི་གཟུངས་བཟླས་ལ་བགེགས་བསྐྲད། ཡང་གནས་དང་ཡོ་བྱད་བསངས་སྦྱངས། གནས་ཁང་སྟོང་པའི་ངང་ལས། བྷྲུཾ་ལས་བྱུང་བའི་དུར་ཁྲོད་འབར་བའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱི་རོལ་བསྲུང་བའི་འཁོར་ལོས་ཡོངས་སུ་བསྐོར་བའི་དབུས་སུ། ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། གཟུགས་སྒྲ། དྲི་རོ་རེག་བྱ་ལ་སོགས་པ་མཆོད་པའི་སྤྲིན་གྱི་ཕུང་པོ་རྣམས་ཤིན་ཏུ་རྣམ་པར་དག་པ་དབང་སྒྱུར་བའི་རྣམ་རིག་གི་རང་བཞིན་ཟག་པ་མེད་པའི་ཡེ་ཤེས་དང༌། སྨོན་ལམ་རྒྱ་མཚོའི་མཐུ་ལས་གྲུབ་པ། ཕྱོགས་བཅུ་རབ་འབྱམས་ནམ་མཁའི་གཏོས་ཐམས་ཅད་ཡོངས་སུ་གང་བ། སྲིད་པ་ཇི་སྲིད་ཀྱི་བར་དུ་རྒྱུན་མི་ཆད་པར་འཇུག་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དྷུ་པེ། ཨཱ་ལོ་ཀེ ། གནྡྷེ། ནཻ་ཝི་ཏེ། ཤཔྟ་ཨཱཿཧཱུཾ། ཨོཾ་བཛྲ་གྷནྚེ་ར་ཎི་ཏ་སོགས་ལན་གསུམ་གྱིས་རོལ་མོས་བྱིན་དབབ་བོ། །ཚོགས་པ་མང་ཞིང་འཁོར་ལོའི་མཆོད་པ་དང་བཅས་པ་དང༌། ཚོགས་པ་རྣམས་གུས་པའི་ཚོགས་ཀྱི་གཙོ་བོ་ཡོད་ཅིང་སྤྲོ་ན་ཞུ་འབུལ་བྱ། ཕྱག་ཚན་བཅོ་ལྔ་པའམ། ཕྱག་བཅོ་བརྒྱད་པའམ། ཉེར་གཅིག་པ་གསུམ་རྒྱས་བསྡུས་ཀྱི་ཁྱད་ཙམ་མ་གཏོགས་དོན་འདྲ་བས། ཇི་ལྟར་བྱས་ཀྱང་རུང་ངོ༌། །ཚོགས་ཀྱི་གཙོ་བོ་མཐུན་པ་མེད་པ་དང༌། ཚོགས་པ་མེད་དང༌། འཁོར་ལོས་མཆོད་པ་མེད་ཅིང་མི་སྤྲོ་ན།


TNT06_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་འབུལ་མི་དགོས་ཤིང༌། སྤྱིར་དེ་དག་འཛོམ་ན་ཡང༌། ཞུ་འབུལ་མ་བྱས་པའི་ཆོ་ག་ཆད་པར་མི་འགྱུར་རོ། །གཉིས་པ་དངོས་གཞི་ལ། རྣལ་འབྱོར་བསྒྲུབ་པ་དང༌། ལས་ལ་སྦྱར་བའོ། །དང་པོ་ལ་བདག་བསྐྱེད་བསྒོམ་བཟླས་དང༌། མདུན་བསྐྱེད་སྒྲུབ་མཆོད་དོ། །དང་པོ་བདག་བསྐྱེད་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་ཞེས་པ་ནས། དེ་འོད་དུ་ཞུ་རང་ཉིད་ལ་ཐིམ། ཞེས་པའི་བར་རྫོགས་པར་བསྒོམས། བཟླས་པའི་སྐབས་བཟླས་པའང་ཅི་འགྲུབ་བྱའོ། །གཉིས་པ་མདུན་བསྐྱེད་ནི། མདུན་བསྐྱེད་དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས། ཆོས་འབྱུང་གྲུ་གསུམ་ཞེས་པ་ནས། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཆེན་པོ་མཐིང་ནག་རྩེ་ལྔ་པ་རྭ་གདེངས་པ་འོད་འབར་བར་གྱུར། དེ་ལས་དེ་བཞིན་གཤེགས་པ་ཞེས་པ་ནས། བལྟ་བར་ཡང་མི་བཟོད་པའི་བདག་ཉིད་དུ་གྱུར། ཞེས་པའི་བར་བདག་བསྐྱེད་དང་འདྲ་བ་ལས། བདག་ཉིད་ཅེས་པའི་ཚིག་དོར། མིག་ཏུ་ཀྵིཾ་ནས། དཀྱིལ་འཁོར་བཛྲ་ས་མཱ་ཛཿ ཧཱུཾ། འཇམ་དཔལ་ཁྲོས་པའི་དཀྱིལ་འཁོར་ནས། །སྲིན་པོའི་གཟུགས་སུ་སྐུ་སྤྲུལ་པ། །གདུག་པ་ཅན་ཀུན་འདུལ་བའི་ཕྱིར། །འཇིགས་པའི་ཁྲོ་རྒྱལ་གཤེགས་སུ་གསོལ། །ཨོཾ་ཚུར་བྱོན་ཚུར་བྱོན་འཇམ་པའི་དབྱངས། ཁྲོ་བོ་གཤིན་རྗེ་གཤེད་པོའི་ཚོགས། །འཇམ་དཔལ་ཁྲོ་བོ་མི་བཟད་པ། །མཐུ་རྩལ་དྲག་པོ་གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༌། །རྫུ་འཕྲུལ་དངོས་གྲུབ་སྩོལ་བའི་ཕྱིར། །རྟགས་དང་མཚན་མ་བསྟན་པ་དང༌། །འགྲོ་བའི་དོན་ཀུན་མཛད་དུ་གསོལ། །ཨོཾ་ཧྲཱིཿཧཿབྷྱོཿམཧཱ་ཀྲོ་དྷ་ཨཱ་གཙྪ་ཨཱ་གཙྪ། ཨཱཏྨ་ཏ་པཱུ་ཛ་པྲ་ཏི་


TNT06_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གྲྀཧྣཎྟུ་པྲ་ས་ད། མེ་དྷི་མན་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། ཧཱུཾ འདིར་བཞུགས་འདིར་བཞུགས་འཇམ་པའི་དབྱངས། ཁྲོ་བོ་གཤིན་རྗེ་གཤེད་པོའི་ཚོགས། །འཇམ་དཔལ་ཁྲོ་བོ་མི་བཟད་པ། །མཐུ་རྩལ་དྲག་པོ་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟྭཾ། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །ཞེས་པ་ནས། ཨོཾ་བཛྲ་གྷཎྜེ་ཧོའི་བར་སྒྲུབ་ཐབས་བཞིན་དང༌། དེ་ལྟར་ན་འདི་ནི་མདུན་བསྐྱེད་ཀྱི་རྩ་བ་ཡེ་ཤེས་ཁྲོ་བོ་གཙོ་རྐྱང་གི་དབང་དུ་བྱས་པ་ཡིན་ལ། ཤིན་ཏུ་བསྡུ་ན་ཐོད་མཁར་མ་བསྐྱེད་པར་དུར་ཁྲོད་ཁོ་ནའི་དབུས་སུ་བཞུགས་པར་བྱས་ཀྱང་ཆོག །ཅུང་ཟད་རྒྱས་པ་ལ་མོས་ན། གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རོ་ལངས་བརྒྱད་དང་བཅས་པ། དབང་ཆོག་གི་མདུན་བསྐྱེད་བསྒྲུབ་པའི་སྐབས་སུ་བཤད་པ་ལྟར་བྱས་ཀྱང་ལེགས་པ་ཡིན་ནོ། །རང་གི་སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱི་རྩེ་མོ་ལས་ཁྲོ་བོ་ལྕགས་ཀྱུ་དང༌། ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཕྱོགས་སྐྱོང་ཐམས་ཅད་བཀུག་པར་གྱུར། ཨོཾ་ཧྲཱྀཿཥྚཱིཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཨིནྡྲ་སརྦ་དུཥྟཾ་ས་པཱ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཨིནྡྲ་ཞེས་པའི་གནས་སུ། ཡ་མ་ཡ། ཝཱ་རུ་ཎ། ཀུ་བེ་ར། ཨཱི་ཤ་ན། ཨགྣེ་ཡེ། ནཻ་རི་ཏྱ། ཝཱ་ཡ་ཝེ། བྲཧྨ་ཡ། བཱ་སུ་དྷ་རི་ཎེ། ཞེས་པ་རྣམས་བཅུག་པས་སྤྱན་འདྲེན། དེ་ལྟར་ན་ཕྱོགས་སྐྱོང་བ་འཁོར་དང་བཅས་པ་རྣམས་ཕྱོགས་བཅུར་འཁོད་པ་ནི། ཤར་དུ་བརྒྱ་བྱིན་སེར་སྐྱ་མིག་སྟོང་དང་ལྡན་པ། རྡོ་རྗེ་དང་སྡིགས་མཛུབ་ཅན་གླང་པོ་ཆེ་ལ་ཞོན་པ། ལྷོ་རུ་གཤིན་རྗེ་ནག་པོ་ཆེར་ཁྲོས་པ་དབྱུག་པ་དང་སྡིགས་མཛུབ་ཅན་མ་ཧེ་ལ་ཞོན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་སྦྲུལ་ཞགས་འཛིན་པ་བྲང་འགྲོ་ལ་ཞོན་པ། བྱང་དུ་གནོད་སྦྱིན་སེར་པོ།


TNT06_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྦོམ་པ། བི་ཛ་པུ་ར་ཀ་དང་ནེའུ་ལེ་འཛིན་པ་རྟ་ལ་ཞོན་པ། བྱང་ཤར་དུ་དབང་ལྡན་དཀར་པོ་རྩེ་གསུམ་དང་ཐོད་པ་འཛིན་པས་གཽ་རཱི་ལ་འཁྱུད་པ། མིག་གསུམ་པ་རལ་པའི་ཐོར་ཅོག་ཅན་ཁྱུག་མཆོག་ལ་ཞོན་པ། ཤར་ལྷོར་མེ་ལྷ་དམར་པོ་བགྲང་འཕྲེང་དང་སྤྱི་བླུགས་འཛིན་པ་ར་སྐྱེས་ལ་ཞོན་པ། ལྷོ་ནུབ་ཏུ་བདེན་བྲལ་ནག་པོ་མི་བཟད་ཅིང་ཆེར་འཁྲུགས་པ་གྲི་གུག་དང་ཐོད་པ་ཅན་རོ་ལངས་ལ་ཞོན་པ། ནུབ་བྱང་དུ་རླུང་ལྷ་ལྗང་ཁུ་རླུང་གིས་བསྐྱོད་པའི་བ་དན་འཕྱར་བ་རི་དྭགས་སེར་པོ་ལ་ཞོན་པ། སྟེང་དུ་ཚངས་པ་སེར་པོ་གདོང་བཞི་པ་ཕྱག་གཡས་གཉིས་སྤྱི་བླུགས་དང་སྐྱབས་སྦྱིན་གཡོན་གཉིས་དབྱུག་དགུ་དང་བགྲང་འཕྲེང་འཛིན་པ་ངང་པ་ལ་ཞོན་པ། འོག་ཏུ་ནོར་འཛིན་མ་སེར་མོ་བུམ་པ་འཛིན་པ་པདྨ་ལ་གནས་པ། ཐམས་ཅད་ཀྱང་རང་རང་གི་འཁོར་ཚོགས་དཔག་ཏུ་མེད་པ་དང་བཅས་ཏེ་འཁོད་པར་གྱུར། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་བྷྱཿ བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པ་ནས། ཤཔྟའི་བར་གྱིས་མཆོད། ཧཱུཾ། གང་འདུལ་ཚུལ་གྱིས་འགྲོ་བའི་དོན། །རྣམ་པ་སྣ་ཚོགས་སྐུ་སྤྲུལ་པ། །མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །ཕྱོགས་སྐྱོང་འཁོར་དང་བཅས་ལ་བསྟོད། །ཨོཾ་བཛྲ་ས་མཱ་ཡ་སྟྭཾ། ཞེས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ལ། སྒྲུབ་པོ་བདག་གི་ཡིད་ལ་བརྣག་པའི་དོན་འདི་སྟོབས་དང་ལྡན་པར་གྲུབ་པར་མཛོད་ཅིག །ཐོགས་པ་མེད་པར་གྲུབ་པར་མཛོད་ཅིག །གེགས་མེད་པར་གྲུབ་པར་མཛོད་ཅིག །ཅེས་བརྗོད། ཡང་རང་གི་སྙིང་ག་ནས་ཁྲོ་བོ་ཕུར་བུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། དེ་རྣམས་ཀྱི་སྤྱི་བོར་ཕུར་བུས་བཏབ། ཨོཾ་ཧྲཱྀཿཥྚཱིཿབཱི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཨིནྡྲ་ཡ་སརྦ་དུཥྟཾ་ས་པཱ་རི་ཝཱ་རཱ་ན་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། དེ་བཞིན་


TNT06_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དུ། ཡ་མ་ནས། བཱ་སུ་དྷ་རི་ནིའི་བར་ལ་ཡང་སྦྱར། གྲུབ་པའི་དངུལ་ཆུའི་བཅུད་ཀྱིས་རེག་པ་ན། ཞེས་པ་ནས། གཡོན་བརྐྱང་གིས་བཞུགས་པའོ། །བསྡུ་ན་དེ་ཙམ་གྱིས་ཀྱང་ཆོག་ལ། སྤྲོ་ན། མིག་ཏུ་ཀྵཾ་ནས། མི་བསྐྱོད་པས་དབུ་བརྒྱན། ཛཿཧཱུཾ་བཾ་ཧོཿ དེ་ནས་མཆོད་པ་གོང་བཞིན་བྱིན་གྱིས་བརླབས་པ་ལས། གནས་ཁང་བསྐྱེད་ཆོག་བོར་བ་ཡིན་ཏེ། སྟོང་པའི་ངང་ལས། ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་སོགས། ཤཔྟ་ཨཱཿཧཱུཾ། དེ་ནས་དབྱངས་དང་བཅས་པས་སམ། མེད་ཀྱང་རུང་སྟེ། སྟོང་གསུམ་བནྡྷ་རབ་ཡངས་བར། །སྣ་ཚོགས་རཀྟ་རྒྱ་མཚོར་བསྐྱིལ། ཁྲག་ཆེན་སྦུ་འཕྲེང་ཆེར་འཁྲུགས་པའི། །ཨརྒྷཾ་མཆོག་གི་མཆོད་པར་བགྱི། །ཨོཾ་ཧྲཱྀཿཥྟཱི་ཧཿ དྲག་པོའི་སྤོས་དང་སྦྱར་བའི་ཆུ། །ཐོད་པའི་སྣོད་དུ་རབ་བཏགས་པ། །སྟོང་གསུམ་ཁྱབ་པར་གར་སྒྱུར་བའི། །ཞབས་བཀྲུའི་ཆེད་དུ་འབུལ་བར་བྱ། །ཨོཾ་ཧཱུཾ་ཧཱུཾ་ཕཊ། ཚེར་མ་རྩུབ་ཅིང་ཆེར་འཇིགས་པ། །མི་ཟད་དྲི་ལྡང་སྦྲང་རྩིར་བཅས། །རྡོ་རྗེ་རིགས་ཀྱི་མེ་ཏོག་ཚོགས། །ཀུན་ཏུ་ཆར་བཞིན་འབབ་གྱུར་ཅིག །ཨོཾ་ཀུ་མཱ་ར་རཱིུ་པི་ཎི་ཛཿཛཿ ཞིང་བཅུ་བསྒྲལ་བའི་ཤ་དང་ཚིལ། །གསུར་ཆེན་དམ་ཚིག་འདུས་བྱས་ལ། །བདུག་པའི་སྤྲིན་ཚོགས་གཏིབས་པར་གྱུར། །གཉིས་སྣང་བསྲེག་པའི་མཐུ་ཐོབ་ཤོག །ཨོཾ་ཧྲཱིཿཧ་ཧེ་ཕཊ། མར་ཁུ་ཆེན་པོའི་སྒྲོན་མེ་ནི། །དུར་ཁྲོད་མེ་ཡིས་རབ་ཏུ་སྦར། །སྲིད་གསུམ་ཁྱབ་པར་འོད་གསལ་བ། །སྣང་གསལ་ཆེན་པོས་མཉེས་གྱུར་ཅིག །ཨོཾ་དཱཔྟ་ལོ་ཙ་ནི་བི་ཀྲྀ་ཏཱ་ན་ན་མཧཱ་ཨཊྚ་ཊྚ་ཧཱ་ས་ན་དི་ན་དཱིཔྟ་སྭཱཧཱ། ཁྲག་དང་མཁྲིས་ཆེན་ཡང་དག་སྦྱར། །བདུག་པའི་དྲི་མཆོག་ཀུན་དང་ལྡན། །བརྩེ་བས་གདུངས་ཤིང་ཁྲོས་པའི་ཐུགས། །


TNT06_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཞིམ་བྱུགས་པས་རིམ་གྲོ་བགྱི། །ཨོཾ་བི་ཀྲྀ་ཏཱ་ན་ན་དུཥྟཾ་སཏྭ་ད་མ་ཀ་གཿགཿགཿ ནད་གདོན་དགྲ་བགེགས་ཚར་བཅད་ལས། །མཁའ་དང་ས་སྟེང་རྒྱུ་བའི་ཤ ། སྣ་ཚོགས་རོ་དང་སྦྱར་བ་ཡང༌། །ཞལ་ཟས་བདུད་རྩི་ཆེན་པོར་འབུལ། །ཨོཾ་ཀཱ་ལ་རཱུ་པ་སརྦ་སཏྭ་ད་མ་ཀ ། མཧཱ་བྷཱུ་ཏ་ཨ་དྷི་པ་ཏི་ཨི་མཾ་བ་ལིཾ་གྲཧྞ་པ་ཏ་ཡེ་སྭཱཧཱ། སྣ་ཚོགས་རོལ་མོའི་ཁྱད་པར་ནི། །ཐོད་རྔ་ལ་སོགས་འཇིགས་པའི་སྒྲ། །རོ་ལངས་འཁྲུགས་པའི་དཀྱིལ་འཁོར་དུ། །ཡན་ལག་རྒྱ་མཚོ་འབྱུང་འགྱུར་ཅིག །ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཨོཾ་བཛྲ་གཎྜེ་ར་ནི་སོགས་རོལ་ཆེན་བྱ། དེ་ནས་ནང་མཆོད་འབུལ་ཏེ། སྤྲོ་ན་བླ་མ་བརྒྱུད་པའི་མཚན་ནས་སྨྲོས་ཤིང་འབུལ། བསྡུ་ན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རྒྱལ་བ་རྡོ་རྗེ་འཆང་གི་བདག་ཉིད་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཡི་གེ་བཅུ་པའི་མཐར་འབྲུ་གསུམ་བཏགས་ཏེ་གཙོ་བོ་ལ་འབུལ། ཨོཾ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། དམ་ཅན་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཨོཾ་ཧྲི་ཙ་མུནྚེ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། དེ་བཞིན་དུ། ཨོཾ་ཨིནྡྲ་ཡེ་སྭཱཧཱ། ཨོཾ་ཨཱཿཧཱུཾ། ཡ་མ་ཡ། ཝཱ་རུ་ཎ་ཡ། ཀུ་བེ་ར་ཡ། ཨཱི་ཤ་ན་ཡ། ཨགྣ་ཡ། ནེ་རི་ཏྱ། བཱ་ཡ་བེ། བྲཧྨ་ཎ་ཡ། བཱ་སུ་དྷ་རི་ནེ། ཞེས་པ་རྣམས་ལའང་འབྲུ་གསུམ་སྦྱར་བས་འབུལ། གཞན་ཡང་ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གཞན་ཡང་གནོད་སྦྱིན་སྲིན་པོ། འབྱུང་པོ། ཡི་དྭགས། ཤ་ཟ། སྨྱོ་བྱེད། བརྗོད་བྱེད། མ་མོ། ཞིང་སྐྱོང༌། ཕོ་ཉ། འཕྲོག་མ། གྲུབ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་


TNT06_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བས་རྒྱུད་ཚིམ་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་བསྟོད་པ་ནི། རོལ་མོའི་སྒྲ་དང་སྦྱར་ཞིང་དབྱངས་དང་བཅས་པས་དཀྱིལ་ཆོག་ནས་བཤད་པ་ལྟར། མིའུ་ཐུང་སྒེག་པ་སོགས་སམ། ཡང་ན། ཧཱུཾ། འཇམ་དཔལ་མཁའ་ལས་བྱུང་བའི་གསེར་མདོག་ཅན། །འཇམ་དཔལ་ཐུགས་ལས་ཆོས་ཀུན་རང་བཞིན་གསལ། །འཇམ་དཔལ་གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །འཇམ་དཔལ་བདག་ནི་རེ་བའི་སེམས་ཀྱིས་འདུད། །ཐུགས་མཆོག་འཇམ་པའི་ངང་ལས་མ་གཡོས་ཀྱང༌། །ཐུགས་རྗེས་གདུག་པ་འདུལ་ཕྱིར་གཤིན་རྗེ་གཤེད། །མི་བཟད་དུས་མཐའི་བསྐལ་པའི་མེ་ལྟར་འབར། །ཞལ་གདངས་ཁྲོ་གཉེར་སྨིན་མ་གློག་ལྟར་འཁྱུག །སྤྱན་བགྲད་མཆེ་བ་གཙིགས་པ་རབ་དུ་འབར། །རྡོ་རྗེའི་རྟ་སྐད་དྲག་པོ་ཧ་ཧར་བཞད། །མཁའ་འགྲོ་བསྡུ་བའི་ཕེཾ་སྐད་དྲག་པོ་སྒྲོག །ཁྲོས་པའི་སྟབས་ཀྱིས་ཞབས་བརྡབས་ཁམས་གསུམ་གནོན། །སྡིགས་མཛུབས་གནམ་དུ་སྒྲེང་ཞིང་ལྷ་ཆེན་འདུལ། །ལྗགས་འདྲིལ་འབར་བའི་ཞལ་གདངས་ཁྲག་གིས་མྱོས། །ལྷ་དང་བཅས་པའི་འཇིག་རྟེན་ཞལ་དུ་གསོལ། །བགེགས་ཆེན་ཀོ་རློན་ཐོད་པའི་འཕྲེང་བས་བརྒྱན། །གཅེར་བུ་འཇིགས་བྱེད་དབང་ཕྱུག་ཆེན་པོའི་ཚུལ། །འཇིགས་བྱེད་མ་ཧེ་ཁྲོས་ཤིང་འགྱུར་བའི་གདོང༌། །ཞལ་དགུ་འབར་བས་སྲིད་གསུམ་ཟ་བར་མཛད། །སྣ་ཚོགས་འགྲོ་བ་འདུལ་བའི་ཕྱག་རྒྱ་འབར། །བདུད་རིགས་ཀུན་འཇོམས་ཞབས་གཉིས་བརྐྱང་བསྐུམ་གནས། །འཇིགས་བྱེད་ཆེན་


TNT06_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྐུ་ལ་རྟག་ཏུ་འདུད། །ཧཱུཾ། དབུ་དགུ་འབར་བའི་དཀྱིལ་འཁོར་ནས། །གཡས་ཀྱི་ཞལ་གསུམ་བགྲད་པ་ནི། །མཐིང་ནག་དམར་དང་སེར་བའི་ཞལ། །གཡོན་གྱི་ཞལ་གསུམ་གཙིགས་པ་ནི། །དཀར་དང་དུད་ཁ་ནག་པོའི་ཞལ། །དབུས་ཀྱི་ཞལ་གསུམ་འབར་བ་ནི། ཁྲོ་དང་ཆགས་དང་ཞི་བའི་ཚུལ། །ཕྱག་རྒྱ་འོད་ཟེར་འབར་བ་ལས། །གཡས་ཀྱི་ཕྱག་རྒྱ་བཅུ་དྲུག་ནི། །བརྡེག་ཅིང་འཇོམས་པའི་མཚོན་ཆ་གདེངས། །གཡོན་གྱི་ཕྱག་རྒྱ་བཅུ་དྲུག་ནི། །རོལ་ཞིང་སྟོབ་པའི་མཚན་མས་མཛེས། །བརྗིད་གནོན་ཞབས་ཀྱི་ཚམས་རྔམས་ལས། །གཡས་ཀྱི་ཞབས་བརྒྱད་བསྐུམ་པ་ནི། །དྲེགས་པའི་ལྷ་བརྒྱད་ཐབས་ཀྱིས་འདུལ། །གཡོན་གྱི་ཞབས་བརྒྱད་བརྐྱང་བ་ནི། །དྲེགས་པའི་ལྷ་མོ་བརྒྱད་ལ་རོལ། །འདོད་ཆགས་ཆེན་པོས་འདུལ་བའི་ཕྱིར། །རྟག་ཏུ་ལིངྒ་རྒྱས་པའི་ཚུལ། །དྲག་པོའི་ཚུལ་གྱིས་ཞེ་སྡང་འདུལ། །འདུལ་བྱེད་སྐུ་ལ་ཕྱག་འཚལ་ལོ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ནས། །བདུད་དང་གཤིན་རྗེ་ཐབས་ཀྱིས་འདུལ། །མ་མོ་མཁའ་འགྲོ་དབང་དུ་བསྡུད། །དབང་ཆེན་སྐུ་ལ་ཕྱག་འཚལ་ལོ། །དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་དུ། །དབང་མེད་དད་པས་འདུས་པ་དང༌། ཡེ་ཤེས་སྤྲུལ་པའི་འཁོར་གྱིས་བསྐོར། །འཁོར་བཅས་ཁྱོད་ལ་བདག་ཕྱག་འཚལ། །ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས། །ཇི་ལྟ་བུར་ནི་སྤྲུལ་གྱུར་ཀྱང༌། །རྣམ་དག་དབྱིངས་ལས་མ་གཡོས་ཏེ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བསྟོད་པ་འདི་རྒྱ་གར་མར་གྲགས་ཤིང༌། སྔོན་གྱི་རོང་ཟོམ། རྭ་སྐྱོ་གཉོས་པ་ཀུན་ལ་གྲགས་པ། བྱིན་རླབས་ཀྱི་མཚན་མ་ཅན་ཡིན་ངེས་ཤིང༌། འདི་ཙམ་རྒྱས་བསྡུས་འཚམ་པར་སྣང་ངོ༌། །དེ་ནས་འཁོར་


TNT06_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྟོད་པ་ནི་མདོ་ཙམ་གྱིས་ཆོག་པས། གང་འདུལ་ཚུལ་གྱིས་སོགས་དང༌། ཕྱོགས་བཅུའི་དཀྱིལ་འཁོར་མ་ལུས་པ། །རྫུ་འཕྲུལ་ཆེན་པོས་མངའ་མཛད་ནས། །འགྲོ་བའི་སྡུག་བསྔལ་ཞི་མཛད་པ། །གནས་སྲུང་རྣམས་ལ་ཕྱག་འཚལ་བསྟོད། །ལྷ་དང་ལྷ་མིན་ལ་སོགས་པ། །འགྲོ་བ་དྲུག་ན་གནས་པ་ཡི། །གདུག་པ་ཅན་ཀུན་ཚར་གཅོད་པའི། །འཇོམས་བྱེད་སྐུ་ལ་ཕྱག་འཚལ་ལོ། །ཚེ་དང་བསོད་ནམས་འབྱོར་པ་དང༌། །བདེ་བ་དམ་པས་སེམས་ཅན་སྐྱོངས། །སྐྱེ་འཇིགས་འབྱོར་རྒུད་མི་མངའ་བ། །ཡེ་ཤེས་སྤྲུལ་པ་རྣམས་ལ་བསྟོད། །དམ་ཚིག་ལྡན་པའི་སྒྲུབ་པོ་ལ། །དངོས་གྲུབ་ཐོགས་པ་མེད་སྩོལ་ཞིང༌། །བར་ཆད་མ་ལུས་སེལ་བ་དང༌། །འཕྲིན་ལས་ཀུན་གྲུབ་རྣམས་ལ་བསྟོད། །དེ་ལྟར་བསྟོད་པའི་དགེ་བས་ཀྱང༌། །གསང་སྔགས་ལྷ་རྣམས་མཉེས་གྱུར་ཏེ། །རྡོ་རྗེ་འཛིན་པའི་ས་ཐོབ་ནས། །འགྲོ་ཀུན་སྨིན་ཅིང་གྲོལ་བར་ཤོག །ཅེས་སོ། །དེ་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བསྐྱེད་ཅིང་སྤྱན་འདྲེན་པ་ནི། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས། བཅོམ་ལྡན་འདས་ཀྱི་སྐུའི་དྲུང་དུ་རཀྟའི་རྒྱ་མཚོའི་དབུས་སུ། ཐོད་མཁར་འབར་བའི་གཞལ་ཡས་ཁང་ཀེང་རུས་ཀྱི་ཐོག་ཕུབ་པ། དེའི་དབུས་མེ་རླུང་འཚུབ་མའི་ནང་ན། པད་ཉི་ལ་གནས་པའི་མ་ཧེ་ནག་པོ་དྲེགས་ཤིང་ཁྲོས་པ་དགྲ་བགེགས་ཀྱི་བམ་ཆེན་བརྫིས་པའི་སྟེང་དུ། ཡ་ལས་དབྱུག་པ་ཡས་མཚན་པ་ཡོངས་སུ་གྱུར་པ་ལས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ་ཧེའི་གདོང་པ་ཅན། ཕྱག་གཡས་རྡོ་རྗེས་མཚན་པའི་ཐོད་དབྱུག་ནག་པོ་འཕྱར་


TNT06_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། གཡོན་ཞགས་པ་ནག་པོ་དང་བཅས་པའི་སྡིགས་འཛུབ་མཛད་པ། སྐྲ་ཁམས་པ་གྱེན་དུ་བརྫེས་ཤིང་མཆེ་བ་གཙིགས་པ། གཅེར་བུ་ལིང་ག་གྱེན་དུ་བསྒྲེང་བ། རབ་ཏུ་འཇིགས་པའི་ཉམས་ཅན་རྒྱན་སྤངས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་མེ་རླུང་འཚུབ་མའི་ཀློང་ན་མ་ཧེའི་གདན་ལ་ཞུགས་པའོ། །གཡོན་དུ་ཙཾ་ལས་ཡུམ་ཙ་མུཎྜི་ནག་མོ་སྐྲ་དམར་སེར་སིལ་བུར་གྲོལ་ཞིང་ནུ་མ་འཕྱང་བ། བ་ལང་གི་པགས་པ་དང༌། གོས་ནག་གྱོན་ཅིང༌། ཏྲི་ཤུ་ལ་དང་ཐོད་པ་ཐོགས་པ་ཆེར་ཁྲོས་པའོ། །མཐའ་བསྐོར་དུ། ཡ་བ་ཏི་བེ་ཅོན་འཛིན་པ། ཕྱ་སངས་འཁོར་ལོ་འཛིན་པ། རྨིག་པ་གསལ་ཤིང་འཛིན་པ། རལ་པ་ཚར་དགུ་མདུང་ཐུང་འཛིན་པ། གཤིན་རྗེ་ཕོ་ཉ་ལྕགས་ཀྱུ་འཛིན་པ། དུས་ཀྱི་ཞགས་པ་བདུད་ཞགས་འཛིན་པ། ཡ་མ་དཾཥྟི་མཆེ་བ་འབར་བ་འཛིན་པ། གཞན་ཡང་དུས་མཚན་མོ་དང༌། གསོད་པ་མོ་དང༌། ནག་མོ་དང༌། ནམ་གྲུ་ཤ་ཀ་ལཱི་ལ་སོགས་པ་གཤིན་རྗེ་དང༌། མ་མོའི་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་གཤིན་རྗེའི་གྲོང་ཁྱེར་སྒོ་མེད་ལྕགས་ཀྱི་མུན་ཁང་བཅུ་དྲུག་ནས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ རུས་སྦལ་གྱི་འདུག་སྟངས་བཅས་ལ། རྡོ་རྗེ་བསྡམས་པ་ལས་སྲིན་ལག་བརྐྱང་བའི་གཤིན་རྗེའི་དམ་རྒྱ་གཡབ་ཅིང༌། ཧཱུཾ། འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །དཔག་ཚད་བརྒྱད་ཁྲིའི་ཕ་རོལ་ན། །རིམ་པ་བདུན་གྱི་ས་འོག་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། །ཡི་དྭགས་ཀུན་གྱི་སྡེ་དཔོན་པོ། །མ་མོ་ཀུན་གྱི་ཚོགས་རྗེའོ། །གསོན་གཤིན་ཀུན་གྱི་ཟམ་ཁ་པ། །གསོན་པོ་


TNT06_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བཀོས་ལ་འདེབས་པ་པོ། །ཤི་བ་ཀུན་གྱི་གཤིན་བུ་རྗེ། །དགེ་བ་ཅན་གྱི་སྟངས་འཛིན་པ། །སྡིག་པ་ཅན་གྱི་ཆད་པ་མཁན། །ལྷ་དང་བཅས་པའི་འཇིག་རྟེན་ན། །ལེགས་ཉེས་ཆོས་བཞིན་གཅོད་པ་པོ། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ། །མངོན་ཤེས་རྫུ་འཕྲུལ་མཐུ་རླབས་ཅན། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཧྲཱྀཿཥྚཱིཿམཐར། ཡ་མ་རཱ་ཛ་ས་པཱ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་སྤྱན་དྲངས། གོང་གི་དམ་རྒྱ་དེ་ཉིད་དམ། རྡོ་རྗེ་ཁུ་ཚུར་གྱི་གུང་མོ་བརྐྱང་པ་དབྱུག་པའི་ཕྱག་རྒྱ་འཕྱར་བས་ཀྱང་རུང་སྟེ། ཧྲཱྀཿཥྚཱིཿའི་མཐར། ཡ་མ་རཱ་ཛ་ས་པཱ་རི་ཝཱ་ར་ས་མ་ཡ་སྟྭཾ། ཞེས་དམ་ལ་བཞག །ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་པ་བསྡུས་པ་ཞིག་ཕུལ། གཤིན་རྗེའི་རྒྱལ་པོ་འཁོར་བཅས་ལ། །དམ་ཚིག་དབང་གིས་འདིར་བརྟན་བཞུགས། །མཆོད་པ་ཚུལ་བཞིན་བཞེས་ནས་ཀྱང༌། །ལས་གྲུབ་བར་དུ་བཞུགས་སུ་གསོལ། །ཨོཾ་ཡ་མ་རཱ་ཛ་ས་མ་ཡ་པདྨ་ཀ་མ་ལ་ཡེ་སྟྭཾ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། ལག་པ་གཡས་བེ་ཅོན་གྱི་ཕྱག་རྒྱ་བཅས། གཡོན་པས་སོ་སོའི་ཕྱག་རྒྱ་བཅས་པའམ་གཏོར་སྣོད་དམ་བཟེད་ཞལ་དུ་མཆོད་པ་བསྟབས་ལ། ཧྲཱྀཿམཐར། ཡ་མ་རཱ་ཛ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཨཱཿཧཱུཾ། དེ་བཞིན་དུ། པཱདྱཾ། བཛྲ་པུཥྤེ་པཱུ་ཛ་ས་མ་ཡེ་ཧཱུཾ། དེ་ནས། ནཻ་ཝི་ཏྱའི་བར་རིགས་འགྲེ། རོལ་མོའི་སྒྲ་བསྒྲགས་ཤིང༌། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཞེས་བརྗོད། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་སྔ་རུ། །བདུད་འདུལ་བསྟན་པ་བསྲུང་བར་ཞལ་བཞེས་པ། །ལས་ཀྱི་གཤིན་རྗེ་མ་མོ་མཁའ་འགྲོ་དང༌། །འབྱུང་པོ་རོ་ལངས་ཅི་བགྱི་བཀའ་གཉན་སོགས། །ཕྱི་ནང་གསང་བའི་དམ་ཅན་མ་ལུས་པ། །བདག་གི་རེ་བའི་སེམས་


TNT06_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འདུད་ཅིང་མཆིས། །ཞེས་བསྟོད། དེ་ནས་གཏོར་མ་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཕཊ། ཅེས་པས་བསངས་པ་ནས། རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཞེས་པའི་བར་སྒྲུབ་ཐབས་བཞིན། བྱིན་རླབས་འདི་སྔ་ཕྱིའི་གཏོར་མ་ཐམས་ཅད་ལ་ཆབས་གཅིག་ཏུ་དམིགས་པས་ཆོག །ལྷ་ཐམས་ཅད་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། སྔགས་གསུམ་ཀའམ་སྙིང་པོའི་མཐར། སརྦ་བིགྷྣཱན་ཤ་ཏྲུན་མཱ་ར་ཡ་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཧཱུཾ་ཕཊ། ཅེས་ལན་བདུན་ལ་སོགས་པས་གཙོ་བོ་ལ་ཕུལ། ཨོཾ་བཛྲ་ལཱ་སྱ་ཧཱུཾ། སོགས་ཀྱིས་མཆོད། སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །ཞེས་པ་ནས། དུད་ཁ་མུན་ཅན་ཁྱོད་ལ་འདུད། །གཤིན་རྗེ་གཤེད་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་གྲུབ་ཤོག །ཞེས་པའི་བར་གྱིས་འདོད་དོན་གསོལ་བ་བཏབ། ཡི་དམ་གཞན་ལ་གཏོར་མ་འབུལ་ནའང་སྐབས་འདིར་བྱ་བ་ཉིད་དོ། །དེ་ནས། ཨོཾ་ཨིནྡྲ་ཡ་ཧྲཱིཿ ཡ་མ་ཡ་བཱ་རུ་ཎ་ཡ་བི། ཀུ་བེ་ར་ཡ་ཀྲྀ། ཨཱི་ཤྭ་ན་ཡ་ཏ། ཨགྣ་ཡེ་ཨ། ནཻ་རི་ཏྱ་ན། བཱ་ཡ་བེ་ན། ཧྨ་ཡ་ཧཱུཾ། བཱ་སུ་དྷ་རི་ནེ་ཡ་ཕཊ། སརྦ་བྷཱུ་ཏེ་བྷྱོ་ཧ་ཧ། ཧི་ཧི། ཧཱུཾ་ཧཱུཾ་ཕཻ༵ཾ་ཕཻཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་ལན་གསུམ་མམ་བདུན་གྱི་བར་གང་འོས་ཀྱིས་ཕྱོགས་སྐྱོང་རྣམས་ལ་ཕུལ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་བྷྱཿ ཞེས་པ་ལ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཧྲཱྀཿཥྚཱིཿའི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་ཕུལ། བདུད་བཞི་པོ་ནི་རྣམ་པར་འཇོམས། །དཔའ་བོ་གདུལ་དཀའ་འདུལ་མཛད་པ། །གཤིན་རྗེ་མཐར་བྱེད་ཕྱག་འཚལ་


TNT06_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། །ཕྱོགས་སྐྱོང་འཁོར་དང་བཅས་ལ་འདུད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་འཕྲིན་ལས་བཅོལ། ཨོཾ་ཀཱ་ལ་རཱུ་པ་སརྦ་བིགྷྣཱན་ཤ་ཏྲུན་མཱ་ར་ཡ་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱཧཱ། ཨོཾ་ཧྲཱིཿཙ་མུཎྜཱི་སརྦ་བིགྷྣཱན་ཤ་ཏྲུན་སོགས་སྦྱར་བ་སྟེ། དེ་ལྟར་ལན་བདུན་གྱིས་གཤིན་རྗེ་ལྕམ་དྲལ་ལ་གཏོར་མ་ཕུལ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད། འཆི་བདག་དམ་ཅན་གཤིན་རྗེ་ནི། །འཇམ་པའི་དབྱངས་ཀྱི་ཕྱག་བརྙན་ཏེ། །མ་གཤིན་འབྱུང་པོ་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་འཁོར་དང་བཅས་པ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཡིད་ལ་འདོད་པ་ཀུན་གྲུབ་ཤོག །ཅེས་པའི་བར་གྱིས་འཕྲིན་ལས་བཅོལ་ཏེ། བཟླས་པ་ཅུང་ཟད་བྱའོ། །ཆོས་སྐྱོང་གཞན་གྱི་གཏོར་མ་དང་བསྐང་བ་སོགས་བྱེད་པར་སྤྲོ་ན་འདིར་བྱ་བ་ཡིན་མོད། རྣམ་གྲངས་ཧ་ཅང་མང་གྲགས་པ་རང་ནི་མི་ལེགས་སོ། །དེ་དག་ནི་ལས་ཅི་ལྟ་བུ་ཞིག་སྒྲུབ་ཀྱང་ངེས་པ་དགོས་པས་རྩ་བའི་གཏོར་འབུལ་ཞེས་བྱའོ། །ཕྱིས་ཀྱི་ལག་ལེན་རྣམས་ལ་རྩ་བའི་གཏོར་འབུལ་དང༌། ལས་བཅོལ་གྱི་གཏོར་འབུལ་སོ་སོར་མི་བྱེད་པ་ཤས་ཆེ་མོད། གློོ་བུར་ལས་བཅོལ་གྱི་གཏོར་མའི་སྐབས་འགའ་ཞིག་ཏུ་དེ་ལྟར་བྱར་རུང་བའང་ཡིན་མོད་ཀྱི། ཐོག་མར་རྩ་བའི་གཏོར་མ་འགྲུབ་ན། ལས་གང་ལ་ཡང་སྟོབས་ཆེ་ཞིང་བཀྲ་ཤིས་པ་ཡིན་པས། ལོང་སྐབས་ཡོད་ན་སོ་སོར་བྱ་བ་ཁོ་ན་ལེགས་སོ། །གཉིས་པ་ལས་ལ་སྦྱར་བ་ལ། ལས་སྦྱོར་གྱི་སྔོན་དུ་བྱ་བ་གཉིས། ལས་སྦྱོར་དངོས་ཀྱི་བྱ་བ་བཞིའོ། །དང་པོ་ལ་གཉིས་ཀྱི་དང་པོ་གནང་བ་ཞུ་ཞིང་སྙན་གསན་དབབ་པ་ནི། ཧཱུཾ། བཅོམ་ལྡན་འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད། །ཕྱོགས་སྐྱོང་བཅུ་དང་འཆི་བདག་ཉི་མའི་བུ། །མ་མོ་གཤིན་


TNT06_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སྲིན་པོ་མཁའ་འགྲོའི་ཚོགས། །ཐམས་ཅད་མ་ལུས་བདག་ལ་སྙན་གསན་ཞིག །རྒྱལ་བ་རྒྱ་མཚོའི་ཐུགས་ཀྱི་མཛོད་འཛིན་པ། །རྩ་བརྒྱུད་བླ་མ་ཐམས་ཅད་དགོངས་སུ་གསོལ། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་མ་ལུས་ལ། །བདག་ནི་དྲག་པོའི་ལས་ཀྱི་གནང་བ་ཞུ། །འཇིག་རྟེན་འཇིག་རྟེན་འདས་པའི་དམ་ཅན་དང༌། །དཀར་ཕྱོགས་སྐྱོང་བ་མཐུ་དང་རྫུ་འཕྲུལ་ཅན། །སྲིད་གསུམ་གནས་པ་ཐམས་ཅད་འདིར་དགོངས་ཤིག །གཟུང་དང་དཔང་མཛོད་ཞལ་ལྕེ་བཅད་དུ་གསོལ། ཧཱུཾ། གཏུམ་པོ་མ་རུངས་སྡིག་པ་ཅན། །དཀོན་མཆོག་གསུམ་ལ་གནོད་བྱེད་དང༌། །སེམས་ཅན་ཡོངས་ལ་འཚེ་བར་བྱེད། །རྡོ་རྗེ་སློབ་དཔོན་སྨོད་པ་དང༌། །ཐེག་པ་ཆེན་པོ་སུན་འབྱིན་དང༌། །སྔགས་དང་རྒྱུད་ལ་འཕྱ་བྱེད་པ། །འདི་དག་སྒྲོལ་བའི་དུས་ལ་བབ། །ངན་འགྲོའི་སྒོ་མང་བཅད་དུ་གསོལ། ཁྱད་པར་དགྲ་བོ་སྡིག་ཅན་འདིས། །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །གསང་སྔགས་རྣལ་འབྱོར་ཡོངས་ལ་བརྙས། །སངས་རྒྱས་བསྟན་པ་འདི་ཡིས་བཤིག །རྒྱལ་ཁམས་འདི་ཡིས་ཕུང་བར་བྱས། །ཡི་དམ་ལྷ་ཚོགས་ཁྱེད་རྣམས་ལ། །ལོག་ལྟ་ཅན་འདིས་བསྐུར་བ་བཏབ། །བཀའ་བསྲུང་རྣམས་ལ་ཕོད་བཙུགས་སོ། །རིག་འཛིན་རྣམས་ལ་དོ་བསྡོས་སོ། །ལྷ་ལ་མཐུ་མེད་ཟེར་ནས་བརྙས། །རྣལ་འབྱོར་ལྷ་མེད་ཟེར་ནས་བརྙས། །བསྒྲལ་བའི་ཞིང་བཅུ་འདི་ལ་འཚང༌། །འདི་ལྟ་སྟོབས་དང་སྤྲོ་བ་ཆེ། །རང་འདོད་ཆེ་ལ་ཆོག་མི་ཤེས། །བཟང་པོ་ཐམས་ཅད་ཁྱད་དུ་གསོད། །བསམ་པ་ངན་ལ་སྦྱོར་བ་རྩུབ། །བརྩེ་བར་འོས་པའི་ཉམས་ཆུང་མིན། །ང་རྒྱལ་ཅན་འདིའི་སྟངས་ཆོག་ཅིག །བདག་ཅག་ཆོས་


TNT06_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྟེན་རྣམས་ཀྱི། །མགོན་སྐྱབས་དཀོན་མཆོག་ཁྱེད་ལས་མེད། །སྔགས་འཆང་རིག་འཛིན་ཚོགས་རྣམས་ཀྱིས། །ཞི་བའི་ཐབས་ནི་སྣ་ཚོགས་པས། །བཟློག་ཀྱང་ལོག་སྲེད་ཅན་འདི་ནི། །ཐབས་ཀྱིས་སྡིག་ལས་བཟློག་མ་ནུས། །དགྲ་འདི་ཡུན་རིང་འཚོ་གྱུར་ན། །སྐྱེ་བོ་ཡོངས་ལ་གནོད་བྱས་ནས། །རང་ཉིད་མི་བཟང་ངན་འགྲོར་ལྟུང༌། །དེས་ན་བསྒྲལ་བའི་གནང་བ་ཞུ། ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་ཡི། །མཐུ་སྟོབས་ཟད་པ་མི་མངའ་བས། །དགྲ་བགེགས་སྒྲོལ་བའི་དུས་ལ་བབ། །རྣམ་དག་ཞིང་དུ་སྒྲོལ་བར་ཞུ། །ཕོ་ཉ་ཕྱག་བརྙན་མངགས་པ་དང༌། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་རྣམས། །དྲག་པོའི་ལས་ལ་སྐུ་བསྐྱོད་ཅིག །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ནི། །ས་འོག་མུན་པའི་སྨག་རུམ་ནས། །གཤིན་རྗེ་བྱེ་བ་ཐེར་འབུམ་བཅས། །མངོན་སྤྱོད་འཕྲིན་ལས་དུས་ལ་བབ། །ཞེས་བསྐུར་པས། རང་ལ་གནང་བ་སྩལ་ཞིང༌། དགྲ་བགེགས་ལ་ཐུགས་ཆེར་འཁྲུགས་པས་དྲག་པོའི་ལས་ལ་མངོན་དུ་ཕྱོགས་པའི་ཚུལ་དུ་བཞུགས་པར་མོས། དགྲ་བོ་དམིགས་བསལ་ཡོད་ཅིང༌། བསྒྲུབ་པ་དང་འབྲེལ་བའི་དྲག་ལས་གལ་ཆེ་བའི་སྐབས་ཡིན་ན། གནང་བ་ཞུ་བའི་གཟུ་དཔང་རྒྱས་པ་ལོགས་སུ་ཡོད་པ་ལྟར་བྱས་ལ། དམིགས་བསལ་གྱི་ཡུལ་མེད་ན། ཁྱད་པར་དགྲ་བོ་ཞེས་སོགས་བར་གྱི་ཚིག་ཉེར་བརྒྱད་བོར་བས་ཆོག་གོ །དེ་ནས་གཉིས་པ་ཕོ་ཉ་སྤྲོ་བ་ནི། ཨོཾ་བཛྲ་བྷཻ་ར་བ་ཨཱ་ཧཾ། ཞེས་བརྗོད། ལྷའི་ང་རྒྱལ་དྲག་པོ་བསྐྱེད་ལ། བདག་བསྐྱེད། མདུན་བསྐྱེད་ཀྱི་སྐུ་དང༌། ཞབས་འོག་གི་སྲོག་ཆགས་རྣམས་ལས་དགྲ་བགེགས་འགུག་འདྲེན་མཛད་པའི་ཕོ་ཉ་དཔག་ཏུ་མེད་པ་སྤྲོས་པར་བསམ། རོལ་མོའི་སྒྲ་དང་


TNT06_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཏེ། འདི་སྐད་ཅེས་གྱེར་རོ། །ཧཱུཾ། འཇིགས་མཛད་ཆེན་པོའི་གཡས་པ་ཡི། །ཞབས་བརྒྱད་ལས་སྤྲོས་ཕོ་ཉ་ནི། །ཡ་བ་ཏི་དང་ཆོས་ཀྱི་རྒྱལ། །གཏེལ་བ་དང་ནི་གླང་མགོ་ཅན། །མིག་དམར་དང་ནི་ཕྱ་སངས་དང༌། །རྨིག་པ་རལ་པ་ཚར་དགུ་རྣམས། །མི་དང་མ་ཧེ་ཁྱུ་མཆོག་དང༌། །བོང་བུ་ག་དམར་རྔ་མོ་དང༌། ཁྱི་ནག་ལུག་དང་ཅེ་སྤྱང་ཞོན། །གདོང་བརྒྱད་གཤིན་རྗེ་བརྒྱད་པོ་ཡང༌། །ཞལ་ནས་བསྐལ་བའི་མེ་ཡང་སྤྲོ། །མཆེ་བ་གཙིགས་ཤིང་རལ་པ་སྤྲུག །དབུ་ལ་འཇམ་པའི་དབྱངས་ཀྱིས་བརྒྱན། །ཤིན་ཏུ་དྲག་པོར་བསྐུལ་བའི་ཚེ། །མགོ་བོ་འཁོར་དང་ཁྲག་ཏུ་སྐྱུག །རྣམ་ཤེས་མྱོས་དང་གསོད་པར་མཛོད། །འཇམ་པའི་རྡོ་རྗེ་བཀའ་བྱུང་གིས། །གུམ་གུམ་ཆུམ་ཆུམ་ལས་ཀྱིས་ཤིག །འཇིགས་མཛད་ཆེན་པོའི་གཡོན་པ་ཡིས། །ཞབས་བརྒྱད་ལས་སྤྲོས་ཕོ་ཉ་ནི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་མ། །འབེབས་པ་མོ་དང་ཕོ་ཉ་མོ། །མཆེ་བ་མོ་དང་བེ་ཅོན་མ། །དུས་མཚན་མ་དང་བརྒྱད་པོ་ཡང༌། །བྱ་རྒོད་འུག་པ་ཁྲ་དང་ནི། །བྱ་རོག་ནེ་ཙོ་ཁྱུང་ཆེན་དང༌། །རི་{ེག་བཞད་ལ་ཞོན་ནས་རྒྱུག །ནད་བདག་མ་མོ་བརྒྱད་པོ་ཡང༌། །ཞལ་དུ་ཤ་ཁྲག་རྒྱ་མཚོར་འཁྱིལ། །མཆེ་བ་གཙིགས་ཤིང་རལ་པ་སྤྲུག །དབུ་ལ་འཇམ་པའི་དབྱངས་ཀྱིས་བརྒྱན། །ཤིན་ཏུ་དྲག་པོར་བསྐུལ་བའི་ཚེ། །བསྟན་པ་འཇིག་པ་ནད་ཀྱིས་ཐོབ། །མྱོས་དང་བསོད་པའི་ལས་མཛོད་ཅིག །འཇམ་པའི་རྡོ་རྗེའི་བཀའ་བྱུང་གི ། གུམ་གུམ་ཆུམ་ཆུམ་ལས་ཀྱིས་ཤིག །ཡ། མི་རྒོད་རོ་ལངས་བཞོན་པ་ལ། །གཤིན་རྗེ་མི་རྒོད་མགོ་ཅན་ཞོན། །གསོད་ཅིག་རྒྱོབ་ཅིག་མི་རྒོད་གདོང༌། །ན་ར་མུ་ཁའི་དུས་ལ་


TNT06_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བབ། །ཡ། འཇིགས་རུང་མ་ཧེའི་བཞོན་པ་ལ། །གཤིན་རྗེ་མ་ཧེའི་མགོ་ཅན་ཞོན། །རྭ་རྩེར་སྐྱོན་ཅིག་མ་ཧེའི་གདོང༌། །མ་ཧེའི་མུ་ཁའི་དུས་ལ་བབ། །ཡ། གདུག་རྩུབ་གླང་གི་བཞོན་པ་ལ། །གཤིན་རྗེ་གླང་གི་མགོ་ཅན་ཞོན། །བརྡུང་ཅིག་བརྫིས་ཅིག་བ་ལང་གདོང༌། །བྲི་ཁ་མུ་ཁའི་དུས་ལ་བབ། །ཡ། བགྲོད་བྱེད་བོང་བུའི་བཞོན་པ་ལ། །གཤིན་རྗེ་བོང་བུའི་མགོ་ཅན་ཞོན། །ཟོ་ཞིག་བྲོད་ཅིག་བོང་བུའི་གདོང༌། ཁ་ར་མུ་ཁའི་དུས་ལ་བབ། །ཡ། རྫུ་འཕྲུལ་རྔ་མོའི་བཞོན་པ་ལ། །གཤིན་རྗེ་རྔ་མོའི་མགོ་ཅན་ཞོན། །རྡུལ་དུ་ལྷོགས་ཅིག་རྔ་མོའི་གདོང༌། །ཨུཥྟ་མུ་ཁའི་དུས་ལ་བབ། །ཡ། ཟ་བྱེད་ཁྱི་ཡི་བཞོན་པ་ལ། །གཤིན་རྗེ་ཁྱི་ཡི་མགོ་ཅན་ཞོན། །རྨུགས་ཞིག་བཏུབ་ཅིག་ཁྱི་ཡི་གདོང༌། །ཤྭ་ན་མུ་ཁའི་དུས་ལ་བབ། །ཡ། གཏི་མུག་ལུག་གི་བཞོན་པ་ལ། །གཤིན་རྗེ་ལུག་ཀྱི་མགོ་ཅན་ཞོན། །བརྡུངས་ཞིག་ཚིར་ཅིག་ལུག་གི་གདོང༌། །མེ་ཥ་མུ་ཁའི་དུས་ལ་བབ། །ཡ། ཀུན་འགྲོ་ཅེ་སྤྱང་བཞོན་པ་ལ། །གཤིན་རྗེ་ཅེ་སྤྱང་མགོ་ཅན་ཞོན། །ཧུབ་ཀྱི་ཐོབ་ཅིག་ཅེ་སྤྱང་གདོང༌། །སྱ་ལ་མུ་ཁའི་དུས་ལ་བབ། །མ། ཐོགས་མེད་བྱ་རྒོད་བཞོན་པ་ལ། །གཤིན་རྗེ་བྱ་རྒོད་མགོ་ཅན་ཞོན། །སྤྱི་བོར་ཕུག་ཅིག་བྱ་རྒོད་གདོང༌། །གྲྀ་དྷ་མུ་ཁའི་དུས་ལ་བབ། །མ། མུན་མཐོང་འུག་པའི་བཞོན་པ་ལ། །མ་མོ་འུག་པའི་མགོ་ཅན་ཞོན། །ཀླད་ཁྲག་རྔུབས་ཅིག་འུག་པའི་གདོང༌། །ཨུ་ལུ་མུ་ཁའི་དུས་ལ་བབ། །མ། འབྱིན་བྱེད་བྱ་རོག་བཞོན་པ་ལ། །མ་མོ་བྱ་རོག་མགོ་ཅན་ཞོན། །མིག་ནས་ཕྱུངས་ཅིག་བྱ་རོག་གདོང༌། །ཀཱ་ཀ་མུ་ཁའི་དུས་ལ་བབ། །མ།


TNT06_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་བྱེད་ནེ་ཙོའི་བཞོན་པ་ལ། །མ་མོ་ནེ་ཙོའི་མགོ་ཅན་ཞོན། །རྒྱུ་མ་དྲོངས་ཅིག་ནེ་ཙོའི་གདོང༌། །སུ་ཀ་མུ་ཁའི་དུས་ལ་བབ། །མ། བརླག་བྱེད་ཁྲ་ཡི་བཞོན་པ་ལ། །མ་མོ་ཁྲ་ཡི་མགོ་ཅན་ཞོན། །དོན་སྙིང་ཐོད་ཅིག་ཁྲ་ཡིག་གདོང༌། །སྱེ་ན་མུ་ཁའི་དུས་ལ་བབ། །མ། རླབས་ཆེན་ཁྱུང་གི་བཞོན་པ་ལ། །མ་མོ་ཁྱུང་གི་མགོ་ཅན་ཞོན། །ཕྱེ་མར་བརློགས་ཤིག་ཁྱུང་གི་གདོང༌། །ག་རུ་མུ་ཁའི་དུས་ལ་བབ། །མ། རྣོ་ངར་རེ་སྐེག་བཞོན་པ་ལ། །མ་མོ་རི་སྐེེག་མགོ་ཅན་ཞོན། །བཤིག་ཅིག་ཕྱེ་ཅིག་རི་སྐེག་གདོང༌། །ཤཱ་རོ་མུ་ཁའི་དུས་ལ་བབ། །མ། མཛེས་དཀར་བཞད་ཀྱི་བཞོན་པ་ལ། །མ་མོ་བཞད་ཀྱི་མགོ་ཅན་ཞོན། །ཕུག་ཅིག་གཏུབས་ཞིག་བཞད་ཀྱི་གདོང༌། །ས་ར་མུ་ཁའི་དུས་ལ་བབ། །གཤིན་རྗེའི་རྒྱལ་པོ་ཁྱེད་རྣམས་དང༌། །མ་མོའི་དབང་ཕྱུག་ཁྱེད་རྣམས་ཀྱང༌། །ཕྱག་མཚན་མཚོན་ཆའི་འཕྲེང་བ་འཁྲིགས། །སྤྲུལ་པའི་ཚོགས་ཀྱིས་སྟོང་གསུམ་འགེངས། །ཕོ་ཉ་དྲག་གཏུམ་སྤྲིན་ལྟར་གཏིབས། །ཉམས་པའི་དགྲ་བགེགས་འདིར་ཁུག་ལ། །ལིང་ག་འདི་ལ་མྱུར་དུ་ཆུག །བཅིང་ཞིང་བརླབ་པ་ཉིད་དུ་མཛོད། །གཞན་ཡང་ཞིང་ཁམས་ཀུན་ཁྱབ་པར། །སྣ་ཚོགས་དོན་སྤྱོད་རྫུ་འཕྲུལ་ཅན། །མཁའ་འགྲོའི་ཚོགས་དང་མ་མོ་བརྒྱད། །མིང་པོ་གསུམ་དང་སྲིང་མོ་བཞི། །ལྷ་དང་ཀླུ་དང་དྲི་ཟའི་ཚོགས། །གཟའ་དང་རྒྱུ་སྐར་འཇིགས་བྱེད་དང༌། །ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི། །འབར་མ་དང་ནི་དབང་ཕྱུག་མ། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་དང༌། །དྲང་སྲོང་གྲུབ་པ་འཕྲོག་མ་དང༌། །གནོད་སྦྱིན་སྲིན་པོ་མ་རུངས་ཚོགས། །གདོན་ཆེན་བཅོ་བརྒྱད་ལ་སོགས་


TNT06_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །ལྷ་དང་ལྷ་མིན་རྫུ་འཕྲུལ་ཅན། །ལྷ་སྲིན་སྡེ་བརྒྱད་དུས་ལ་བབ། །གཤེད་བྱེད་བྱད་བྱེད་བསམ་སྦྱོར་ངན། །སྡང་བའི་དགྲ་དང་གནོད་བྱེད་བགེགས། །བཟུང་ཤིག་ཆིངས་ཤིང་རྣམ་པར་སྡོམ། ཁུག་ཤིག་དྲོངས་ཤིག་དབང་དུ་བསྡུས། །གསོད་ཅིག་སྐྲོད་ཅིག་རེངས་པར་གྱིས། །ཕྱེ་ཅིག་གནོད་ཅིག་རྨུགས་པར་གྱིས། །ཐུལ་ཤིག་ཆོམས་ཤིག་རྣམ་པར་བཤིག །ཕོབ་ཅིག་བཏུབས་ཤིག་རྣམ་པར་རྒྱོབ། །དཀྲུགས་ཤིག་གཡེངས་ཤིག་རྣམ་པར་ཆོམ། །བདག་གིས་བསྒོ་བ་ཀུན་ཁུག་ལ། །སྲུང་སྐྱོབ་མགོན་དང་བྲལ་བར་མཛོད། །གསང་སྡེ་བརྒྱད་དང་ཕྲོལ་ལ་ཤོག །ལོ་དང་ཟླ་བར་མ་བཞག་ཅིག །ཞག་དང་ཟ་མར་མ་འཇོག་ཅིག །མ་ཐོགས་མྱུར་དུ་ཁྲིད་ལ་ཤོག །བདུན་བརྒྱུད་ཚུན་ཆད་ཁུག་ལ་ཤོག །སྟངས་འཛིན་རྒྱབ་རྟེན་ཕྱེ་མར་བཤིག །ད་ལྟ་ཉིད་དུ་འདིར་ཁུག་ལ། །གཟུགས་བརྙན་འདི་ལ་མྱུར་དུ་ཕོབ། །འཁོར་དང་སྨྱོ་ཞིང་ཁྲག་ཏུ་སྐྱུགས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །དུས་ལ་བབ་པོ་ས་མ་ཡ། །ཞེས་དྲག་ཏུ་བསྐུལ་ལོ། །གཉིས་པ་ལས་སྦྱོར་དངོས་ཀྱི་བྱ་བ་ལ། ལིང་ག་འགུགས་སྒྲོལ། དྲག་པོའི་མཆོད་གཏོར། ལས་གཏད་བསྐུལ་བ། གཏོར་ཟོར་འཕང་བ་སྟེ་བཞིའོ། །དང་པོ་ལ། ལིང་ག་བསྐྱེད་པ། དགུག་གཞུག །ལྷ་དབྱེ། བསྒྲལ་ཆོག་སྟེ་བཞི་ལས། དང་པོ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། འབྲུབ་ཁུང་གནམ་ལྕགས་ཀྱི་རང་བཞིན་རྒྱ་ཆེ་ལ་གཏིང་ཟབ་པ། མི་བཟད་པའི་མུན་པ་ཆེན་པོར་མཚོན་ཆའི་བུ་ཡུག་དང༌། ནད་རིགས་བཞི་བརྒྱ་རྩ་བཞིའི་ན་


TNT06_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བུན་འཐུལ་བ། རྒྱོབ་གསོད་ཀྱི་སྒྲ་དང༌། དྲག་པོའི་འབྲུག་སྒྲས་ནག་ཕྱོགས་ཀྱི་སྙིང་འགས་པར་བྱེད་པ། ཐར་པའི་གོ་སྐབས་མེད་པའི་གནས་སུ་གྱུར། དེ་ལྟ་བུའི་ནང་དཔག་ཚད་བརྒྱད་ཁྲིའི་གཏིང་དུ། རླུང་དང་མེའི་དཀྱིལ་འཁོར་ལ་ཎྲྀ་འམ་ཏྲི་ལས་དགྲ་བོའམ་བགེགས་ལུས་རིད་ཅིང་ཉམ་ཆུང་བ། དབང་པོ་དོད་པ། ལྕགས་སྒྲོག་དང༌། ཞགས་པས་བཅིང་ཞིང༌། བུ་ག་དགུ་ནས་ཁྲག་འཛག་པ། ལུས་རྨ་ཤུའི་འཕྲེང་བས་ཁྱབ་ཅིང་ཀྱི་ཧུད་ཀྱི་སྒྲ་སྒྲོགས་པ་སྡུག་བསྔལ་གྱིས་གདུངས་པའི་སེམས་དང་ལྡན་པའི་རྣམ་པ་ཅན་དུ་གྱུར། གཉིས་པ་ནི། ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས་ཤིང༌། ཅུང་ཟད་གཡབས་ལ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི༴ ལུང་དང་རྟོགས་པས་བསྡུས་པ་དམ་པའི་ཆོས་རྣམས་ཀྱི༴ ཐེག་པ་གསུམ་ལ་གནས་པ་འཕགས་པའི་དགེ་འདུན་རྣམས་ཀྱི༴ ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་ཞུགས་པའི་ལྷ་ཚོགས་རྣམས་ཀྱི༴ སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིགས་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི༴ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེ་ཁྲོ་རྒྱལ་ཆེན་པོ་གཤིན་རྗེ་གཤེད་པོའི་ལྷ་ཚོགས་རྣམས་ཀྱི༴ བཀའ་སྡོད་ཕྱག་བརྙན་དམ་ཅན་བསྲུང་མའི་ཚོགས་ཀྱི༴ ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི༴ ཀུན་རྫོབ་རྒྱུ་འབྲས་


TNT06_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བསླུ་བ་མེད་པའི༴ རྣལ་འབྱོར་པ་བདག་ཅག་གི་སྔགས་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱི་བདེན་པ་དང༌། བདེན་པ་ཆེན་པོས་བྱིན་གྱིས་བརླབས་ཀྱིས། སྤྱིར་སངས་རྒྱས་ཀྱི་བསྟན་པ་འཇིགས་པར་བྱེད་པ། སེམས་ཅན་ཡོངས་ལ་གནོད་ཅིང་འཚེ་བ། མི་དགེ་བ་བཅུ་དང༌། མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པའི་ལས་ལ་རྟག་ཏུ་སྤྱོད་པ། དཀོན་མཆོག་གསུམ་ལ་བརྙས་ཤིང་མཐོ་འཚམས་པ་མ་རུངས་པ་ཐམས་ཅད་དང༌། ཁྱད་པར་དུ་རྣལ་འབྱོར་བསྒྲུབ་པ་པོ་བདག་ཅག་ལ་ཞེས་པའམ། བཤད་སྒྲུབ་ཀྱི་བསྟན་པ་ཁྱད་པར་ཅན་འདི་ལྟ་བུ་ལ་ཞེས་སོགས་སྐབས་སུ་བབ་ཀྱི་མཚམས་སྦྱར་ནས། དངོས་དང་བརྒྱུད་པའི་སྒོ་ནས་གནོད་པར་བྱེད་པའི་སྔ་དགྲ་ལག་ལ་བདར་བ། ཕྱི་དགྲ་ཡིད་ལ་བསམས་པ། ད་ལྟར་སྔོན་དུ་གྱུར་པའི་ལས་ངན་གྱི་དགྲ་བགེགས། དངོས་གྲུབ་དང༌། ཏིང་ངེ་འཛིན་དང༌། བསམ་པ་ལ་བར་དུ་གཅོད་པར་བྱེད་པ་དང༌། ཐོས་པ་དང༌། བསམ་པ་དང༌། བསྒོམ་པ་ལ་ལོག་པར་སྒྲུབ་པར་བྱེད་པ་དང༌། ཚེ་དང༌། འབྱོར་པ་དང༌། དབང་ཕྱུག་དང༌། བདེ་བ་དམ་པ་ལ་མི་མཐུན་པར་རྩོམ་པ། མདོར་ན་ཆོས་དང་འབྱོར་བའམ་ཕན་པ་བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པར་བྱེད་པ་གང་ཡིན་པ་དེ་དག་མཐོ་དམའ་དབུས་གསུམ། ཉེ་རིང་བར་གསུམ། ས་འོག །ས་སྟེང༌། ས་བླ་གང་གནས་ཀྱང་རུང༌། ལས་མཁན་ཕོ་ཉའི་ཚོགས་ཁྱེད་རྣམས་ཀྱིས་ད་ལྟ་ཉིད་དུ་མ་ཐོགས་པར་མྱུར་བ་ཉིད་དུ་འདིར་ཁུག་ཅིག །རྒྱབ་རྟེན་མགོན་སྐྱབས་ཀྱི་དབང་དུ་མ་གཏོང༌། ལས་ཀྱི་རྣམ་པར་སྨིན་པ་ལ་ཁག་


TNT06_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཞག །ཕྱི་མ་ལ་དུས་མ་འདེབས་པར་འཚོར་བ་མེད་པར་འདིར་ཁུག་ཅིག །ལས་ཀྱི་རླུང་གིས་རྒྱབ་ནས་དེད་ཅིག །མུན་པ་ནག་པོས་མདུན་ནས་བསུས་ཤིག །གཤིན་རྗེའི་ལྕགས་ཀྱུས་སྙིང་ནས་དྲོངས་ཤིག །འཆི་བདག་གི་ཞགས་པས་{ེ་ནས་ཆིངས་ཤིག །ལས་ངན་གྱི་དུག་གིས་སྨྱོ་བར་གྱིས་ཤིག །སྲོག་བདུད་ཀྱི་མཚོན་ཆས་ལུས་ལ་བཏབ་ནས། རབ་ཏུ་བསྡིགས་ཏེ་སྐད་ཅིག་ཐང་ཅིག་ཡུད་ཙམ་འདི་ཉིད་ལ་ལིང་ག་འདིར་ཕོབ་ཅིག །ཧྲཱྀཿདང༌། ཀཱ་ལ་རཱུ་པའི་མཐར། སརྦ་བིགྷྣཱན་ཤ་ཏྲུན་ཨཱ་ཀརྵ་ཡ་ཛཿཛཿ ནྲྀ་ཡཾ་ཛཿ ཏྲྀ་ཡཾ་ཛཿ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་ཨཱ་བེ་ཤ་ཨ། ཞེས་རོལ་མོའི་སྒྲ་དྲག་པོ་དང་བཅས་ཏེ་ལན་གསུམ་དགུག་གཞུག་བྱའོ། །གསུམ་པ་ནི། དེ་ནས་མཆོད་པ་གཅིག་ཡི་གེ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་སྔགས་དང་ཕྱག་རྒྱས་དགྲ་བགེགས་ཀྱི་ཁ་སྦྱོར་བཞིའམ་གསང་སྡེའི་ལྷ་ལ་ཕུལ། རྣམ་པར་མི་རྟོག་ཐུགས་རྗེའི་བདག །ལུས་ངན་འདི་ལ་མ་བཞུགས་ཤིག །མཁའ་དབྱིངས་ཆོས་སྐུའི་ཀློང་དཀྱིལ་དུ། །ལྷ་དང་བཅས་ཏེ་གཤེགས་སུ་གསོལ། །ཅེས་མཆོད་པ་སྟེང་དུ་གཏོར་ཞིང་དམིགས་པ་དྲག་ཏུ་གཏད་དོ། །བཞི་པ་ནི། དེ་ནས་ཕྱག་མཚན་རྣམས་རིམ་གྱིས་འདེབས་ཚུལ་དུ་བྱས་ནས། ཧཱུཾ། ཞེ་སྡང་གིས་མནན་འགྲོ་གཟིགས་ནས། །ཞེ་སྡང་གཤིན་རྗེ་གཤེད་གཟུགས་སུ། །བཅོམ་ལྡན་སྙིང་རྗེའི་དབང་མཛད་པའི། ཁྲོ་རྒྱལ་ཁྱོད་ཀྱི་དུས་ལ་བབ། །བསྟན་པ་འཇིག་པའི་དགྲ་བོ་འདི། །མྱུར་དུ་ཁུག་ལ་ལས་མཛོད་ཅིག །ཧཱུཾ་ཛ་བཀའ་བཞིན་སྤྲོས་ནས་ནི། །ཊཀྐི་ཧཱུཾ་ཛ་མྱུར་དུ་ཁུག །རྡོ་རྗེ་ལྕགས་ཀྱུའི་ཚོགས་སྤྲོས་པས།


TNT06_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཁུག་ཅིག་བཛྲ་ཨཾ་ཀུ་ཤ ། རྡོ་རྗེ་ཞགས་པའི་ཚོགས༴ ཆིངས་ཤིག་བཛྲ་པཱ་ཤ་ཧོཿ ། རྡོ་རྗེ་ལྕགས་སྒྲོག་ཚོགས༴ སྡོམས་ཤིག་བཛྲ་སྥོ་ཊ་བཾ། །རྡོ་རྗེ་དྲིལ་བུའི༴ ཕོབ་ཅིག་བཛྲ་གྷཎྜེ་ཧོཿ ། རྡོ་རྗེ་ཕུར་བུའི་ཚོགས་སྤྲོས་པས། །ཐོབ་ཅིག་བཛྲ་ཀཱི་ལ་ཡ། །རྡོ་རྗེ་ཐོ་བའི༴ བརྡུངས་ཤིག་བཛྲ་མུཏྒ་ར། །རྡོ་རྗེ་དགྲ་སྟྭའི༴ ཆོད་ཅིག་བཛྲ་པ་ར་ཤུ། །རྡོ་རྗེ་རྩེ་གསུམ༴ གཟིར་ཤིག་བཛྲ་ཏྲི་ཤུ་ལ། །རྡོ་རྗེ་རལ་གྲིའི༴ གཏུབས་ཤིག་བཛྲ་ཁཊྒ་ཧོཿ ། རྡོ་རྗེ་གྲི་གུག༴ རྡུལ་དུ་རློག་ཅིག་ཀརྟ་རི། །ཞེས་སོ། །སྐབས་འདིར་ཐུན་བརྡེག་པར་འདོད་ན་མན་ངག་བཞིན་དུ་བརྡེག་པ་ཡིན། ཕྱག་མཚན་ཐམས་ཅད་འདེབས་པའི་ལུགས་ཀྱང༌། འདུག་པ་སྤྱིར་མི་འགལ་མོད། གོང་མ་རྣམས་ཀྱིས་འདི་ཙམ་ཁོ་ན་མཛད་དོ། །དེ་ནས། ཧྲཱྀཿཥྟྲིའི་སྔགས་དང༌། སརྦ་བིགྷྣཱན་ཤ་ཏྲུན་མཱ་ར་ཡ་སྤེལ་ནས་བཟླ་བཞིན་དུ། ལིང་ག་དུམ་བུར་གཏུབས། གཉིས་པ་དྲག་པོའི་མཆོད་གཏོར་འབུལ་བ་ལ། དྲུག་ཅུ་རྩ་བཞི་འབུལ་བ་དང༌། མཆོད་བསྟོད་རྒྱས་པའོ། །དང་པོ་ནི། དེའི་ཕུད་ནས་འདས་གཏོར་སོགས་སྒྲུབ་པའི་གཏོར་མ་རྣམས་ལ་སྒྲོན། ཆ་ཤས་ནས་མཆོད་པ་གཞན་ལའང་བསྲེ། དགྲ་བགེགས་རྣམས་གཏོར་མ་ལ་བསྟིམ་པའི་དམིགས་པ་ཡང་ཡང་བྱས་ལ། བཏབ་གཏོར་དྲུག་ཅུ་རྩ་བཞི་ཤ་དུམ་དྲུག་ཅུ་རྩ་བཞི་ལིང་རོ་ལྷག་མ་རྣམས་དང་བཅས་པ། ཚན་པ་རེ་རེ་ཞིང་ལ། ཆུ་དང་ཁྲག་དང་ཆང་རྣམས་བླུག་ལ། བསངས་སྦྱངས། ཨོཾ་ཨཱཿཧཱུཾ། གཏོར་མ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་གི་ཕུང་པོ་ཆེན་པོར་གྱུར། གོང་གི་ཡི་དམ་གྱི་གཏོར་སྔགས་སམ། ཧྲཱྀཿཥྚཱིཿཁོ་ནའི་མཐར་ཨི་དམ་སོགས་སྦྱར་བ་ཚར་གཅིག་གི་རྗེས་ལ། ཨོཾ་ཨིནྡྲ་ཡ་ཧྲིཿ སོགས་ཇི་ལྟར་འོས་པ་སྦྱར་བས་ཕུལ། ཚན་པ་རེ་རེའི་མཐར་མཁར་ཐབས་ཀྱི་གཏོར་མ་ལ་འདེབས་


TNT06_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ལ། འོན་ཀྱང་ཞག་མང་པོར་བསྒྲུབ་པ་ལ་ནི་སྣོད་གཞན་དུ་སྤུངས་པ་ཉིད་ལག་ལེན་བདེའོ། །ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དེ་ནས་རོལ་མོ་དང་བཅས་ཏེ། བདུད་བཞི་པོ་ནི་རྣམ་པར་འཇོམས། །ཞེས་སོགས་བསྟོད་པ་དང་འཕྲིན་ལས་བཅོལ། དྲག་པོ་རྐྱང་པའི་སྐབས་སུ་ལས་བཅོལ་ཡང་དྲག་པོ་ཁོ་ན་བྱེད། རྐྱེན་བཟློག་རིམ་གྲོ་དྲག་པོའི་སྐབས་ཡིན་ན། འདོད་གསོལ་དཀྱུས་མ་དེ་ཡང་བྱེད་ཅིང༌། མཐར། དགྲ་དང་བགེགས་དང་ལོག་འདྲེན་དང་བྱད་མ་ཐམས་ཅད་ནི་བཱ་ར་ཡ་ཕཊ། རྐྱེན་ངན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱི་ལ་བཟློག་པར་གྱུར་ཅིག །ཅེས་ཐལ་མོ་བརྡབ་བོ། །འདི་ལ་ཕྱོགས་སྐྱོང་གི་གཏོར་སྔགས་ཚར་བཞི་བཞིར་བཅད་ནས། ཚན་པ་བཅུ་དྲུག་བྱེད་པ་དང༌། བརྒྱད་ཚན་བརྒྱད་དུ་གཅོད་པ་དང༌། བཅུ་དྲུག་པའི་ཚན་པ་བཞིར་བྱེད་པ་རྣམས། ལག་ལེན་རྒྱས་འབྲིང་བསྡུས་གསུམ་གྱི་ཁྱད་པར་ཡིན་ལ། གང་ལྟར་ཡང་ཚན་པ་མང་ཉུང་གི་ཁྱད་མ་གཏོགས། ཚན་པ་རེ་རེའི་མགོར་བྱིན་རླབས་གསོ་བ་དང༌། འདས་གཏོར་གྱི་སྔགས་ཚར་གཅིག་རྣམས་སྦྱོར་ཞིང༌། མཇུག་ཏུ་མཆོད་བསྟོད་འདོད་གསོལ་རྣམས་བྱེད་པ་ལ་ཁྱད་པར་མེད་དོ། །མགྲོན་གྱི་གཙོ་བོ་ནི་ཕྱོགས་སྐྱོང་ཡིན་ཡང༌། ཕུད་ཡི་དམ་དང༌། ཞོར་ལ་འདིར་གཏོགས་ཀྱི་ཆོས་སྐྱོང་མཐའ་དག་ལ་བསྔོ་བ་ཡིན་ནོ། །གཉིས་པ་མཆོད་བསྟོད་ནི། དྲག་པོའི་མཆོད་པ་གསར་དུའང་བཤམས། རྙིང་པ་རྣམས་ཀྱང་ཁ་གསོས། བསངས་སྦྱངས། སྟོང་པའི་ངང་ལས། ཨ་ལས་བྱུང་བའི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་དང༌། རཾ་ཡིག་ལས་བྱུང་བའི་དགྲ་བགེགས་བསྒྲལ་བའི་ཁྲག་གི་མཆོད་ཡོན་དང། ཞབས་བསིལ། དབང་པོ་ལྔའི་མེ་ཏོག །ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་ཆེན་དྲི་དྲི་ཆབ། ཤ་རུས་ཀྱི་ཞལ་


TNT06_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཟས། ཐོད་རྔའི་རོལ་མོ། གཡང་གཞིའི་འཕན་གདུགས། སྐྲའི་རྔ་ཡབ། ནང་ཁྲོལ་གྱི་ལྡ་ལྡི། ཞིང་ཆེན་གྱི་རྒྱལ་མཚན། ཐོད་པ་སྐམ་རློན་གྱི་དོ་ཤལ། ནི་རཾ་སུའི་ཕྱག་རྒྱ་ལ་སོགས་པ་དྲག་པོའི་ལས་ཀྱི་མཐུན་རྫས་ས་དང་བར་སྣང་ནམ་མཁའ་ཐམས་ཅད་ཁྱབ་པར་གྱུར། ཨརྒྷཾ་སོགས་སྐགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། ཧཱུཾ། སྟོང་གསུམ་འདིའམ་གཞན་དག་ན། །དགྲ་བགེགས་མ་ལུས་བསྒྲལ་པ་ཡི། །ཁྲག་ཞག་ཨརྒྷཾ་ལ་སོགས་པ། །མཆོད་ཡོན་ཇི་སྙེད་མཆིས་པ་རྣམས། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་དང༌། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །གཤིན་རྗེ་གཤེད་པོའི་ལྷ་ཚོགས་ལ། །གུས་པའི་སེམས་ཀྱི་བདག་འབུལ་གྱིས། །ཐུགས་རྗེའི་དབང་གིས་བཞེས་ནས་ཀྱང༌། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །འཕྲིན་ལས་རྣམ་བཞིས་འགྲོ་བའི་དོན། །མ་ལུས་པར་ནི་གྲུབ་པར་མཛོད། །ཨོཾ་ཤྲཱི་བཛྲ་བྷཻ་ར་ཝ་ཡ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། དབང་ལྔའི་པུཥྤེ་ལ་སོགས་པ། །མེ་ཏོག་ཇི་སྙེད་མཆིས་པ་རྣམས། །ཞེས་པ་དང༌། བཛྲ་པུཥྤེ། ཞེས་འདོན་པ་སྤོ། ཚིལ་ཆེན་དྷུ་པེ། བདུག་སྤོས་ཇི་སྙེད། དྷུ་པེ། ཞུན་ཆེན་དཱི་པེ། སྣང་གསལ། ཨཱ་ལོ་ཀེ ། མཁྲིས་པའི་གྷནྡྷེ། དྲི་མཆོག །གནྡྷེ། ཤ་རུས་བཟའ་བ། ཞལ་ཟས། ནཻ་ཝི་ཏྱ། ཐོད་རྔ་རྐང་གླིང༌། རོལ་མོ། ཤཔྟ་ཞེས་སྦྱར། ཧཱུཾ། གཡང་གཞིའི་བླ་རེ་ནམ་མཁའི་རྒྱན། །རྒྱུ་རློན་ལྡ་ལྡི་བར་སྣང་རྒྱན། །ཀེང་རུས་ཞིང་ཆེན་ས་གཞིའི་རྒྱན། །ཕྱག་རྒྱ་རྣམ་དྲུག་སྐུ་ཡི་རྒྱན། །འཇིགས་བྱེད་ཆེན་པོ་མཉེས་བྱེད་


TNT06_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །བླ་ན་མེད་པའི་མཆོད་པ་འདི། །བཅོམ་ལྡན་རྡོ་རྗེ་སོགས། ཨ་ལིངྐྲི་ཏ། མྱོས་བྱེད་སྟོང་གི་བཅུད་བསྡུས་པ། །ལྕགས་ཀྱུ་ལྔ་དང་ཡང་དག་ལྡན། །བདུད་རྩི་ལྔ་དང་རབ་སྦྱར་བ། །ཡེ་ཤེས་ལྔ་རུ་བྱིན་གྱིས་བརླབས། ཁ་དོག་དྲི་རོ་ནུས་པར་ལྡན། །དངོས་གྲུབ་པདྨོ་འབྱུང་བའི་གནས། །མཁའ་འགྲོ་ངང་པ་འདུ་བའི་གཞི། །གསང་བ་བདུད་རྩིའི་མཆོད་པ་འདི། །བཅོམ་ལྡན་རྡོ་རྗེ༴ བཛྲ་ཨ་མྲྀ་ཏ། དེ་ནས་སྐབས་འདིར་སྤྲོ་ཞིང་ཤེས་ན། འཇམ་དཔལ་ཁྲོས་པའི་དཀྱིལ་འཁོར་ནས། །ཞེས་སོགས། མ་རུངས་དགྲ་བགེགས་ཐམས་ཅད་ཟོ། །ཞེས་པའི་བར་དུ་བསྟོད་པ་རྒྱས་པ་བྱ་ཞིང༌། བསྡུ་ན། དུར་ཁྲོད་རྒྱན་གྱི་སོགས་དང༌། ཕྱོགས་སྐྱོང་དང༌། ཆོས་རྒྱལ་ལའང་གོང་གི་བསྟོད་ཐུང་རྣམས་ཀྱིས་བསྟོད། གསུམ་པ་ལས་གཏད་ཅིང་བསྐུལ་བ་ནི། ཧཱུཾ། སངས་རྒྱས་བྱེ་བ་ཕྲག་འབུམ་གྱི། །མཚན་ནས་བརྗོད་པའི་བསོད་ནམས་ལས། །འཇམ་དཔལ་ལན་ཅིག་ཆེས་མཆོག་ཏུ། །གསུངས་ཀྱི་བདག་ལ་བྱིན་གྱི་བརློབས། །རྡོ་རྗེ་ཁྲོས་པའང་འཇམ་པའི་དབྱངས། །མཐོང་ན་ལག་ཆ་ལྟུང་གྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །དགྲ་བགེགས་མ་ལུས་མྱུར་དུ་བསྡིགས། །དྲེགས་པས་ཁྲོས་པ་ཁྲོ་བོའི་བཀའ། །བསྒོས་པ་གལ་ཏེ་མི་བྱེད་ན། །རྒྱལ་བའང་ཟ་བས་བསྡིགས་བྱེད་ན། །དགྲ་བགེགས་མ་ལུས་མྱུར་དུ་ཟོ། །འཇིག་རྟེན་གཤིན་རྗེ་ཁྲོས་པས་ཀྱང༌། །ཐལ་བར་བྱེད་ན་འཇམ་པའི་དབྱངས། ཁྲོས་པ་སྨོས་ཀྱང་ཅི་ཞིག་དགོས། །དགྲ་བགེགས་རྡུལ་ཕྲན་བཞིན་དུ་མཛོད། །བདུད་སྡེ་ཀུན་གྱིས་དུས་གསུམ་གྱི། །སངས་རྒྱས་མཚན་ནི་ཐོས་པ་བས། །འཇམ་དཔལ་


TNT06_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གཅིག་ཐོས་པ་ཉིད། །ལྷག་པར་འཇིགས་ཀྱི་བདུད་སྡེ་ཆོམས། །ཤ་ཆེན་ཁྲག་ཞག་ཆེན་པོ་ཡི། །གཏོར་མ་རྒྱ་མཚོ་མཆོད་པར་བཞེས། །རྒྱལ་བས་གསུངས་པའི་དམ་ཚིག་དང༌། །ཐུགས་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །ཅེས་གཙོ་བོའི་ཐུགས་དམ་བསྐུལ། ཧཱུཾ། ཤར་ཕྱོགས་རབ་འཇིགས་དུར་ཁྲོད་ནས། །ཕྱོགས་སྐྱོང་རྒྱལ་པོ་འཇིགས་བྱེད་པ། །དྲི་ཟ་འདུལ་མཛད་གཤིན་རྗེའི་སྐུ། །མ་མོ་སྲིན་པོའི་ཚོགས་དང་བཅས། །མཆོད་སྦྱིན་གཏོར་མ་འདི་སྣོམ་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། དེ་བཞིན་དུ་འོག་མ་རྣམས་ལའང་སྦྱར་ཏེ། ཤར་ཕྱོགས་ཀྱི་དོད་དུ། ལྷོ་ཕྱོགས། དྲི་ཟའི་དོད་དུ། གྲུལ་བུམ། ཞེསའདོན་པ་སྤོས་ལ་གཞན་རྣམས་འདྲ། དེ་བཞིན་དུ། ནུབ་ཕྱོགས། ཀླུ་རྣམས། བྱང༌། གནོད་སྦྱིན། ཤར་ལྷོ། མེ་ལྷ། ལྷོ་ནུབ། སྲིན་པོ། ནུབ་བྱང༌། རླུང་ལྷ། བྱང་ཤར། འབྱུང་པོ། སྟེང་ཕྱོགས། ཚངས་པ། འོག་ཕྱོགས། ས་བདག །ཅེས་པའོ། །ཧཱུཾ། གཤིན་རྗེ་གཤེད་ཀྱི་རྣམ་འཕྲུལ་ལས། །འཇིག་རྟེན་སྐྱོང་བའི་ཚུལ་འཛིན་པ། །ཕྱོགས་སྐྱོང་བཅུ་པོའི་འཁོར་བཅས་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བདག་ནི་རྣལ་འབྱོར་སྒྲུབ་པ་པོ། །འཇམ་དཔལ་གཞོན་ནུའི་ཐུགས་ཀྱི་སྲས། །གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ། །རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར། །བསམ་པ་བྱང་ཆུབ་སེམས་ཀྱིས་བརླན། །རྒྱར་ནི་ཡེ་ཤེས་རྡོ་རྗེ་འཆང༌། །གཟི་བྱིན་སྐུ་གསུང་ཐུགས་ཀྱི་སྐྱེད། །དོན་


TNT06_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འགྲོ་བ་ཡོངས་ཀྱི་དོན། །ལས་ནི་སངས་རྒྱས་ཀུན་གྱི་ལས། །བཀའ་ནི་དཀོན་མཆོག་གསུམ་གྱི་བཀའ། །ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས། །ཤ་ཆེན་ཁྲག་ཞག་ཆེན་པོ་ཡི། །གཏོར་མ་རྒྱ་མཚོ་མཆོད་པར་བཞེས། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཞེས་སོགས་གོང་བཞིན། བར་འདིར་ནུས་ཤིང་སྤྲོ་ན། གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་དང༌། ལྷ་སྲིད་སྡེ་བརྒྱད་ཀྱི་བསྐུལ་བ་རྣམས་ལྷའི་ང་རྒྱལ་གྱི་གདེངས་དང་ལྡན་པས་བསྒྲུབ་བོ། །དེ་ཡན་ཆད་ཐུགས་དམ་བསྐུལ་བ་ཙམ་ཡིན་ལ། དེ་ནས་ལས་གཏད་དངོས་ནི། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་འཁོར་བཅས་ལ་ལས་གཏད་ཅིང་བསྐུལ་བ་སྟེ། ཤ་ཁྲག་གི་མཆོད་པ་ཚན་གཅིག་བཤམས། གཏོར་མ་ཁ་གསོས་དགྲ་བགེགས་འགུགས་འདྲེན་དང༌། ཞལ་དུ་བཏབ་པའི་དམིགས་པ་དྲག་པོ་དང་བཅས། གཏོར་སྔགས་ལན་མང་པོས་ཕུལ། གོང་དྲག་པོའི་མཆོད་རྫས་ཀྱི་སྐབས་བཞིན་བྱིན་གྱིས་བརླབས། སྟོང་གསུམ་འདི་འམ་སོགས་ལ་འདོན་པ་སྤོ་སྟེ། བཅོམ་ལྡན་རྡོ་རྗེ་སོགས་ཀྱི་དོད་དུ། ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས། །མ་མོ་གཤིན་རྗེ་སྲིན་པོ་དང༌། །དྲེག་པ་ཕོ་མོ་དཔག་མེད་རྣམས། །འཇམ་པའི་རྡོ་རྗེའི་བཀའ་ནོད་ནས། །རྔམས་པའི་སྟོབས་ཀྱིས་བཞེས་ནས་ཀྱང༌། །བསད་བསྐྲད་དབྱེ་དང་རྨོངས་རེངས་ཀྱིས། །འཕྲིན་ལས་དྲག་པོས་བསྒྲུབ་པོའི་དོན། །མ་ལུས་པར་ནི་གྲུབ་པར་མཛོད། །ཨོཾ་ཀཱ་ལ་རཱུ་པ་ས་པཱ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སརྦ་བིགྷྣཱན་ཤ་ཏྲུན་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་རོལ་མོའི་བར་དེའི་རིགས་འགྲེ། མཆོད་རྫས་དེ་རྣམས་ལས་གཤིན་གྱི་གཏོར་མ་ལ་བཏབ། བཅོམ་ལྡན་ཆོས་རྗེ་སོགས་ཀྱིས་བསྟོད། འདི་ནས་ལྷོ་ཡི་ཞེས་པ་ནས། འཁོར་བཅས་འདིར་ནི་བདག་ལ་དགོངས། །བདག་ལ་


TNT06_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པའི་དགྲ་དང་བགེགས། །བྱད་མ་བསམ་སྦྱོར་ངན་པ་འདི། །གསོན་ན་འགྲོ་བ་ཡོངས་ལ་གནོད། །དཀོན་མཆོག་གསུམ་ལ་རྣམ་པར་འཚེ། །དམིགས་ཀྱི་རྣལ་འབྱོར་ཡོངས་ལ་སྡང༌། །འདི་དག་མྱུར་དུ་བསྒྲལ་བའི་ཕྱིར། །ཆོས་རྒྱལ་འཁོར་བཅས་སྤྱན་དྲངས་ཀྱི། །དམ་ཚིག་དབང་གིས་འཕྲིན་ལས་བསྒྲུབས། །བཅོམ་ལྡན་གཤིན་རྗེ་གཤེད་པོའི་བཀའ། །ཆོས་ཀྱི་རྒྱལ་པོ་དགོངས་སུ་གསོལ། །དེ་རིང་དྲག་པོའི་འཕྲིན་ལས་ནི། ཁྱོད་ཀྱི་ལས་སུ་འོས་པ་ཡིན། །ལྷ་དང་བཅས་པའི་འཇིག་རྟེན་ན། །ལེགས་ཉེས་ཆོས་བཞིན་གཅོད་པ་ཁྱོད། །གཤིན་རྗེ་གཤེད་ཀྱི་བཀའ་འཁོར་ན། །བཀའ་ཉན་དམ་ཚིག་བསྲུང་བ་ཁྱོད། །ལས་དང་རྐྱེན་གྱི་འཆི་བ་ཡི། །སྲོག་ལ་དབང་བྱེད་བདག་པོ་ཁྱོད། །དེ་ཕྱིར་ལས་འདི་ཁྱོད་ལ་གཏད། ཁྱོད་ཀྱི་འཁོར་ནི་མི་བསྲུན་ཏེ། །ཐ་མལ་སེམས་ཅན་ཉེས་མེད་ཅིང༌། །གཞན་གྱི་བསྐུལ་བ་མ་བྱས་པར། །གློ་བུར་འཕྲད་པའང་འཛིན་བྱེད་ན། །ང་ཡིས་གཏད་པའི་ལས་འདི་རྣམས། །འཇམ་དཔལ་གཞོན་ནུའི་བཀའ་བཞིན་དུ། །དམ་ཚིག་ཕྱག་རྒྱ་མིག་ལ་བསྟན། །དམ་ཚིག་སྙིང་པོ་རྣ་བར་བསྒྲགས། །རྡོ་རྗེའི་ཐ་ཚིག་སྙིང་ལ་བཞག །དམ་རྫས་མཆོད་པ་ཕུལ་ནས་ཀྱང༌། །དམ་ཚིག་འཕྲིན་ལས་གཉེར་དུ་གཏད། །ལས་འདི་སྔོན་དུ་བསྒྲུབ་པར་རིགས། །ཁྱོད་ཀྱིས་ལས་འདི་མ་བསྒྲུབས་ན། །དཀོན་མཆོག་གསུམ་གྱི་བཀའ་ཡང་བཅག །གཤིན་རྗེ་གཤེད་ཀྱི་དམ་ཡང་བྲལ། །རང་གི་ཐ་ཚིག་རང་གིས་བསླུས། །དམ་ཚིག་གྲོགས་པོ་བདག་ཅག་གི ། རེ་བའི་བསམ་པ་གཏིང་ནས་བཅད། །དེ་བས་ལས་


TNT06_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བསྒྲུབ་པར་གྱིས། །ཧཱུཾ། འཆི་བདག་ནག་པོ་ལྷོ་ཕྱོགས་ཀྱི། །རིམ་པ་བདུན་གྱི་ས་འོག་ནས། །སྲོག་ལ་རྔམས་པའི་གཤིན་རྗེ་ནི། །ནག་པོའི་མ་ཧེའི་གདན་སྟེང་དུ། །ཡ་ལས་བྱུང་བའི་དབྱུག་པ་ནི། །ཐོད་པས་མཚན་པ་ལས་བྱུང་བ། །གཏིང་ནས་ཁྲོས་པ་མ་ཧེའི་གདོང༌། །ཟ་བྱེད་ཞལ་གདངས་མཆེ་བ་གཙིགས། ཁྲོས་པའི་སྤྱན་གསུམ་དམར་པོ་འཁྱུག །དབུ་སྐྲ་དམར་སེར་གྱེན་དུ་བརྫཻས། །ལག་གཡོན་ཞགས་པས་དགྲ་བགེགས་ཆིངས། །ལག་གཡས་དབྱུག་པས་རྡུལ་དུ་རློག །ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས། །བྲན་དང་བཅས་པས་དུས་ལ་བབ། །ཤ་ཆེན་ཁྲག་ཞག་ཆེན་པོ་ཡི། །གཏོར་མ་རྒྱ་མཚོ་མཆོད་པར་བཞེས། །རྒྱལ་བས་བསྒོས་པའི་དམ་ཚིག་དང༌། །སྙིང་རྗེས་དགྲ་བགེགས་མ་ལུས་སྒྲོལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་སོགས་གོང་བཞིན་ལས། ཐུལ་ཞིག་ཆོམས་ཤིག་རྣམ་པར་བཤིག །རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། །ཅེས་བསྐུལ་ཏེ། བསྡུ་ན་ལས་གཏད་དེ་ཙམ་གྱིས་ཀྱང་ཆོག་ལ། ཡང་ཅུང་ཟད་རྒྱས་པ་ལ་དགའ་ན། ཁྱོད་ཀྱི་འཁོར་གྱི་དཀྱིལ་འཁོར་ན། །ཡ་མ་དུ་ཏི་ཞེས་བྱ་བ། །ལག་ན་ལྕགས་ཀྱུ་འབར་བ་ཐོགས། །གང་ཞིག་འགུགས་པར་འདོད་པ་དེ། །དབྱུགས་པ་ཙམ་གྱིས་འགུགས་པར་བྱེད། །ཁྱོད་ལ་གཉེར་དུ་གཏད་པ་ནི། །བདག་ཅག་འཁོར་དང་བཅས་རྣམས་ལ། །གནོད་པའི་དགྲ་བགེགས་འབྱུང་པོའི་ཚོགས། །དོ་ནུབ་ཁྱོད་ཀྱིས་བཟུང་བར་གྱིས། །འདི་ལ་དམིགས་ཀྱི་བསལ་བའི་བསྒྲུབ་བྱ་ཡོད་ན། ཁྱོད་ལ་གཉེར་དུ་གཏད་པ་ནི། །ཆྒཻ་ཞེས་བྱའི་ཡུལ་ཁམས་ན། རུས་ནི་ཆྒཻེ་


TNT06_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཞེས་བྱ། །དེ་ཡི་མིང་ནི་ཆྒཻེ་མོ། །འདི་དག་གྲོགས་དང་བཅས་པ་ཀུན། །དེ་རིང་ཁྱོད་ཀྱིས་བཟུང་བར་གྱིས། །ཞེས་སོགས་བརྗོད་པར་བཤད་ཅིང༌། བཟུང་བར་གྱིས་ཞེས་བསད་པར་གྱིས། །ཞེས་པའམ། བརླག་པར་གྱིས། ཞེས་པའམ། བསྐྲད་པར་གྱིས། སོགས་ལས་དང་མཐུན་པར་སྦྱར་རོ། །དཀྱུས་ལ་ཡང༌། བདག་ཅག་འཁོར་དང་བཅས་པ་ཞེས་པ་སྐབས་སུ་གང་བབ་ཏུ་འདོན་པ་བསྒྱུར་བས་ཆོག་གོ །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཀ་ལ་པཱ་ཤ་ཞེས་བྱ་བ། །ལག་ན་དུས་ཀྱི་ཞགས་པ་ཐོགས། །གང་ཞིག་འཛིན་པར་འདོད་པ་དེ། །བཏབ་པ་ཙམ་གྱིས་འཛིན་པར་བྱེད། ཁྱོད་ལ་གཉེར་དུ་གཏད་པ་ན། །སོགས། གཞན་ཡང་འཁོར་གྱི་དཀྱིལ་འཁོར་ནི། །ཡ་མ་དཎྜི་ཞེས་བྱ་བ། །ལག་ན་བེ་ཅོན་ནག་པོ་ཐོགས། །གང་ཞིག་བསད་པར་འདོད་པ་དེ། །ཕྱར་བ་ཙམ་གྱིས་འཆི་བར་བྱེད། ཁྱོད་ལ་གཉེར་དུ་སོགས། གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཡ་མ་དཾཥྟི་ཞེས་བྱ་བ། །ཟ་བྱེད་མཆེ་བ་འབར་བ་ཅན། །གང་ཞིག་ཟ་བར་འདོད་པ་དེ། གཙིགས་པ་ཙམ་གྱི་ཟ་བར་བྱེད། ཁྱོད་ལ་སོགས། གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཀཱ་ལ་ར་ཏྲི་ལ་སོགས་པའི། །གསོད་པ་མོ་དང་ནག་མོ་དང༌། །ནམ་གྲུ་ཤ་ཀཱ་ལི་ལ་སོགས། །བུད་མེད་ཚོགས་ཀྱིས་བསྐོར་བ་ནི། །ལ་ལ་ལས་ཀྱི་མེ་ལོང་ཅན། །ལ་ལ་ནད་ཀྱི་རྐྱལ་པ་ཐོགས། །ལ་ལ་མཚོན་གྱི་གྲུ་གུ་ཅན། །ལ་ལ་བདུད་ཀྱི་ཁྲམ་བཾ་ཐོགས། །ལ་ལ་ཤྭ་རྡེ་དཀར་ནག་ཅན། །ལ་ལ་ལྕགས་ཀྱི་དྲེའུ་རྟ་ཞོན། །ལ་ལ་བོང་བུ་


TNT06_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གྭ་པ་ཞོན། །ལ་ལ་རླུང་ནག་འཚུབ་མ་ཞོན། །ལ་ལ་ཆུ་བྱ་ནག་པོ་ཞོན། །ལ་ལ་གནམ་གྱི་གུང་ལ་རྒྱུ། །ལ་ལ་ཆུ་བོའི་གཞུང་ལ་རྒྱུ། །ལ་ལ་ཉི་མའི་ཟེར་ལ་རྒྱུ། །ཀུན་ཀྱང་གཞན་སྲོག་འཕྲོག་པ་སྟེ། ཁྱོད་ལ་གཉེར་དུ་སོགས། གཞན་ཡང་ནང་གི་དཀྱིལ་འཁོར་ན། །ཡ་བ་ཏི་དང་ཕྱ་སངས་དང༌། །རྨིག་པ་རལ་པ་ཚར་དགུ་སོགས། །ལ་ལ་རྒྱལ་པོའི་ཚུལ་དུ་གནས། །ལ་ལ་བློན་པོའི་ཚུལ་དུ་གནས། ཁ་ཅིག་དག་ནི་དེད་དཔོན་ཚུལ། །ལ་ལ་ཕོ་ཉའི་ཚུལ་དུ་གནས། །ལ་ལ་བེ་ཅོན་འཁོར་ལོ་དང༌། །གསལ་ཤིང་མདུང་ཐུང་མཚོན་ཆ་ཐོགས། །སོ་སོའི་སྡེ་དཔོན་མངག་པ་དང༌། །ཕོ་ཉ་ཕྱག་བརྙན་བཅས་པ་ལ། །འཕྲིན་ལས་གཉེར་དུ་གཏད་པ་ནི། །སོགས་གོང་བཞིན། དེ་ནས་དམ་ལ་བཞག་པ་ནི། ཨོཾ་ཡ་མ་རཱ་ཛ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ། ཞེས་པས་དམར་གྱི་ཨརྒྷཾ་ལན་གསུམ་སྒྲེང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །གལ་ཏེ་དམ་ཚིག་འདས་གྱུར་ན། །འཇམ་པའི་རྡོ་རྗེ་ཁྲོས་ནས་ཀྱང༌། །སྙིང་ག་ནས་ནི་གཤེགས་པར་འགྱུར། །དེ་བས་དམ་ལ་མ་འདའ་ཤིག །ཨོཾ་བཛྲ་ཨུུ་ད་ཀ་ཧཱུཾ་ཋ་ཋ་ཋ། ཞེས་ནང་མཆོད་ནས་མནའ་ཆུ་བླུད། ཧཱུཾ། སྔོན་གྱི་ཐ་ཚིག་དྲན་བྱའི་ཕྱིར། །རྡོ་རྗེ་ཐ་ཚིག་འདི་བསྣན་པས། །མི་ཕྱེད་རྡོ་རྗེའི་ཐ་ཚིག་འདི། ཁྱོད་ཀྱི་སྙིང་ལ་གནས་པར་འགྱུར། །ཨོཾ་བཛྲ་ས་མ་ཡ་ཏིཥྛ། ཞེས་སྙིང་ཁང་རྡོ་རྗེ་བཞག་གོ །བཞི་པ་གཏོར་ཟོར་འཕང་བ་ནི། དེ་ནས་ལུགས་གཅིག་ལ་མཎྜལ་གྱི་གཙོ་བོ་ཚོམ་བུ་བསྒྲུབ་པ་པོ་རང་ཉིད་ཀྱི་སྤྱི་བོར་བཞག་པའམ། ཡི་དམ་གྱི་གཏོར་མ་ལ་ཕུལ། གཞན་གྱི་ལྷ་ཚོགས་


TNT06_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཏོར་མའི་ནམ་མཁར་སྦར་བས་མོས་ལ། སོ་སོར་ལྕགས་མཁར་དང་གཤིན་རྗེའི་གཏོར་མ་ལ་འདེབས། མཎྜལ་གྱི་མཆོད་པ་རྣམས་ཀྱང་སོ་སོའི་གཏོར་མ་ལ་བསྡུ་བའི་ལག་ལེན་སྣང་བ་གློོ་བུར་ལས་བཅོལ་གྱི་གཏོར་མའི་སྐབས་དེ་བཞིན་ཡིན་ཞིང༌། རྩ་བའི་གཏོར་ཆོག་རྣམས་བྱེད་ན། མཎྜལ་རྗེས་ཆོག་གི་དུས་བསྡུས་པས་ཆོག་པས། དམ་ཅན་བསྲུང་མའི་སྤྲུལ་གཞི་རྣམས་དེར་བཞུགས་ཤིང༌། སྤྲུལ་པ་ལས་མཁན་དང་བཅས་པ་ཕྱིར་བསྐྱོད་པ་ཡིན་ནོ། །དེ་ཡན་ཆད་སྒྲུབ་ཁང་དུ་བྱེད་པའི་ལུགས་སོ། །ལས་གཤིན་གྱི་ལས་གཏད་སྒྲུབ་ཁང་གི་སྒོ་དྲུང་དུ་བྱེད་པ་དང༌། གཏོར་མ་གཏོང་སར་བྱེད་པ་ཡོད་པར་ཡང་མི་འགལ་ལོ། །གང་ལྟར་ཡང་ཕུད་གཏོར་བས་སྣ་དྲངས། དར་འཕྱར་ཞིང༌། རོལ་མོ་དང་བཅས་པའི་ཕྱི་བཞིན་དུ། སྔོོན་ལ་ལས་གཤིན་གྱི་གཏོར་མ། དེ་རྗེས་ལྕགས་མཁར་དང༌། བཏབ་གཏོར་སོགས་ཁྱེར། བསྒྲུབ་པ་པོས་དེ་དག་གི་ཕྱི་བཞིན་དུ་འགྲོ་ལ། གཏོར་སྐྱེལ་བ་ཞུ་བ་ཅན་གྱིས་བྱེད་པ་ལག་ལེན་ལ་ཡོད་པས་གྲུབ་ན་བྱ། མཐའ་གཅིག་ཏུ་མ་ངེས། ཟོར་གྱི་གནས་སུ་ཕྱིན་ལ། དང་པོར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་སྔགས་ཀྱིས་བླ་མ་ཡི་དམ་ཆོས་སྐྱོང་རྣམས་ལ་ཕུད་གཏོར། དེ་ནས་སྔགས་དེས་སྡེ་བརྒྱད་སྤྱི་ལ་གཏོར། ཡང་སྔགས་དེར་ཟོར་ལམ་ན་གནས་པའི་འབྱུང་པོ་རྣམས་ལ་ཕུལ། དེ་དག་ཏུ་རྒྱུན་རོལ་བྱ། དེ་ནས་བདེན་པ་མང་དུ་བདར་ཞིང་འདི་སྐད་ཅེས། ཆོས་ལུགས་རྒྱལ་བར་གྱུར་ཅིག་ཆོས་མིན་རྒྱལ་མ་གྱུར། །སངས་རྒྱས་རྒྱལ་བར་གྱུར་ཅིག་མུ་སྟེགས་རྒྱལ་མ་གྱུར། །ལྷ་རྣམས་རྒྱལ་བར་གྱུར་ཅིག་ལྷ་མིན་རྒྱལ་མ་གྱུར། །སྒྲུབ་པོ་རྒྱལ་བར་གྱུར་ཅིག་དགྲ་བགེགས་རྒྱལ་མ་གྱུར། །སངས་ཀྱིས་ནི་བདུད་ཕམ་མཛད། །ཆོས་མ་ཡིན་ནི་


TNT06_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱིས་སོ། །དགེ་འདུན་གྱིས་ནི་མུ་སྟེགས་ཕམ། །དབང་པོས་ལྷ་མིན་ཕམ་པར་གྱུར། །གཤིན་རྗེ་གཤེད་པོའི་ལྷ་ཚོགས་ཀྱིས། །དགྲ་བགེགས་ཐམས་ཅད་ཕམ་པར་མཛད། །རིགས་སྔགས་བདེན་པའི་མཐུ་འདི་ནི། །ཐོགས་པ་མེད་པར་འགྲུབ་པར་ཤོག །ཅེས་རིག་པ་ངར་དང་ལྡན་པས་བརྗོད། དེ་ནས་ཟོར་ལམ་དབྱེ་བ་ལ་གཏོར་མ་ཞིག་གཏང་ན་ལེགས་ཤིང༌། བསྡུ་ན་སླར་ཡང་གསེར་སྐྱེམ་ཙམ་ཞིག་གཏོར་ལ། ང་ནི་སངས་རྒྱས་ཀུན་གྱི་དངོས། །འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད། །དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར། །དེ་རིང་དྲག་པོའི་ཟོར་འཕེན་གྱི། །བསྟན་པ་ཡོངས་ཀྱི་བསྲུང་མ་དང༌། །སེམས་ཅན་ཕན་བྱེད་དགེ་ལ་སྤྲོ། །དཀར་པོའི་ཕྱོགས་ལ་དགའ་བ་ཡི། །འབྱུང་པོ་ཐམས་ཅད་སྐུ་བསྐྱོད་ཅིག །དེ་རིང་དྲག་པོའི་སྔགས་ཀྱི་ཟོར། །སྡེ་བརྒྱད་རྣམས་ལ་མི་འཕེན་ནོ། །རུ་ང་ཕྲག་དོག་མ་མཛད་ཅིག །ལམ་ན་གནས་པ་གཞན་དུ་གཤེགས། །གནས་གཞན་བསྐྱོད་པར་མི་ནུས་ན། །མཐོ་བ་རྣམས་ནི་ཞབས་བསྐུམ་ཞིག །དམའ་བ་རྣམས་ནི་དབུ་ཆུམ་ཞིག །བར་མ་རྣམས་ནི་སྐུ་ཟུར་ཞིག །བག་མེད་རྣམས་ནི་བག་མཛོད་ཅིག །ཟོར་འདི་སྡང་བའི་དགྲ་ལ་ཡ། །ཟོར་འདི་གནོད་པའི་བགེགས་ལ་ཡ། །གནོད་བྱེད་བྱད་མའི་སྙིང་ལ་ཡ། །ཞེས་བརྗོད། བར་འདིར་སྤྲོ་ན་ཐུན་ཟོར་གྱི་རིགས་ཅི་འདོད་འཕངས་པས་ཆོག །དེ་ནས་གཏོར་མ་བསྐུལ་བ་ནི། ཟློག་པ་ཙམ་གྱི་ཆེད་དུ་ཡིན་ན། ཧཱུཾ་ཡ་བྷྱོཿ བླ་མ་ཡི་དམ་ལྷ་ཚོགས་ཀྱི། །དོ་ནུབ་ཟོར་གྱི་ལས་མཛོད་ཅིག །གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་ཀྱིས། །དོ་ནུབ༴ དམ་ཅན་ཆོས་


TNT06_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བསྲུང་མ་ཡིས། །དོ་ནུབ༴ ལས་ཀྱི་གཤིན་རྗེ་འཁོར་བཅས་ཀྱིས། །དོ་ནུབ༴ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱིས། །དོ་ནུབ༴ ཡུལ་ལྷ་གཞི་བདག་གཉན་པོ་ཡིས། །དོ་ནུབ་ཟོར་གྱི་ལས་མཛོད་ཅིག །ཁྲོ་བོའི་རྒྱལ་པོ་ཁྱེད་རྣམས་ནི། །མ་གཡེལ་འཕྲིན་ལས་དུས་ལ་བབ། །རྐྱེན་ངན་ཐམས་ཅད་དགྲ་ལ་བྷྱོཿ ། གནོད་པའི་བགེགས་ཀྱི་སྟེང་དུ་བྷྱོཿ ། ངན་པ་བཟློག་ལ་རྩུབ་མོ་བསྒྱུར། །ཆོས་ཀྱི་རྒྱལ་པོ་སྐུ་བསྐྱོད་ལ། །སྟེང་གི་ངན་སྔགས་དགྲ་ལ་བསྒྱུར། །ཟློག་གོ་དྲག་པོའི་དཔུང་གིས་བཟློག །བསྒྱུར་རོ་ལྟས་ངན་ཆོ་འཕྲུལ་བསྒྱུར། །རྫས་སྔགས་འཁྲུལ་འཁོར་ཕྱི་ལ་བཟློག །ཡ་བ་ཏི་ནི་སྐུ་བསྐྱོད་ལ། །ཤར་གྱི་ངན་སྔགས༴ མྱོས་བྱེད་འབར་བ༴ ལྷོ་ཡི༴ ཨཱརྱ་མ་རུ༴ ནུབ་ཀྱི་ངན༴ རལ་བ་ཚར་དགུ༴ བྱང་གི་ངན༴ མིག་དམར་ལ་སོགས༴ ཕྱོགས་མཚམས་ངན༴ ཙ་མུཎྜ་ནི་སྐུ༴ འོག་གི་ངན་སྔགས༴ སོགས་གོང་བཞིན། བདུད་གཡོས་མུན་ལྟར་འཐིབས་པ་བཟློག །སྲི་ལངས་མེ་ལྟར་འབར་བ་བཟློག །དམ་སྲི་བར་ཆད་བྱེད་པ་བཟློག །ཀླུ་ཡི་མནན་གཏད་བྱེད་པ་བཟློག །རྒྱལ་པོའི་སྨྱོ་འབོག་ལ་སོགས་བཟློག །བཙན་གྱི་ཞགས་པ་སྐྱོང་བ་བཟློག །ཡམ་ཤུད་འགོང་བོའི་གནོད་པ་བཟློག །གཞན་གྱི་བསམ་སྦྱོར་ངན་པ་ཡི། །སྦོད་གཏོང་དམོད་མོའི་རིགས་རྣམས་བཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་དང༌། །མཚན་ལྟས་ངན་པ་ཐམས་ཅད་བཟློག །ཡེ་འབྲོག་གསུམ་བརྒྱ་དྲུག་ཅུ་དང༌། །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །རྨི་ལམ་ངན་པ་ཐམས་ཅད་དང༌། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་


TNT06_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །སྡེ་བརྒྱད་རྣམས་ཀྱི་རྦོད་གཏོང་དང༌། །མཁའ་འགྲོ་མ་དང་རོ་ལངས་དང༌། །རྒྱལ་བསེན་བར་ཆད་བྱེད་པ་བཟློག །བདག་ཅག་བསྟན་པ་སྐྱོང་བ་ལ། །འགལ་རྐྱེན་བྱེད་པ་ཐམས་ཅད་བཟློག །བདུད་ཀྱི་ཁྲམ་ཁ་དགྲ་ལ་བསྒྱུར། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོཿ ། ཐམས་ཅད་གནོད་པའི་བགེགས་ལ་བྷྱོཿ ། སྔ་དགྲ་དར་བ་ཐམས་ཅད་ཟློག །ཕྱི་དགྲ་རྩོམ་པ་ཐམས་ཅད་བཟློག །ད་དགྲ་བཤོམ་པ་ཐམས་ཅད་བཟློག །སྡང་བའི་ས་གསུམ་སྟོངས་པར་གྱིས། །ཆོས་དབྱིངས་ངང་དུ་དག་པར་མཛོད། །ཅེས་པའི་མཐར་གཏོར་ཟོར་འཕང་བ་དངོས་ནི། རོལ་མོའི་སྒྲ་དྲག་པོ་དང་བཅས་དང་པོར་ལས་གཤིན་གྱི་གཏོར་མ་ཟོར་དུ་འཕང༌། ལྕགས་མཁར་དང༌། བཏབ་གཏོར་སོ་སོར་ཡོད་ན། ལྕགས་མཁར་ཁ་སྦུབ་དུ་བརྡབ། བཏབ་གཏོར་རྣམས་ཕྱི་ནས་རིམ་པས་འཕང༌། ཡང་བསང་ལས་གཙོ་ཆེ་བ་ཡིན་ན། ཧཱུཾ་ཡ་བྷྱོ་ནས། བགེགས་ཀྱི་སྟེང་དུ་བྷྱོཿ ། ཞེས་པའི་བར་གོང་བཞིན་ལ། མ་རུངས་གཏུམ་པོ་སྡིག་པ་ཅན། །དཀོན་མཆོག་གསུམ་ལ་གནོད་བྱེད་དང༌། །རྡོ་རྗེ་སློབ་དཔོན་སྨོད་པ་དང༌། །སེམས་ཅན་ཡོངས་ལ་འཚེ་བྱེད་ཅིང༌། །ཐེག་པ་ཆེན་པོ་སུན་འབྱིན་དང༌། །གསང་སྔགས་རྒྱུད་ལ་འཕྱ་བྱེད་པ། ཁྱད་པར་རྣལ་འབྱོར་བདག་ཅག་ལ། །གནོད་ཅིང་བར་ཆད་བྱེད་པ་འདི། །ཡུལ་ཕྱོགས་གང་ན་གནས་ཀྱང་རུང༌། །སྤྱོད་ཚུལ་ཇི་ལྟར་སྟོན་ཡང་རུང༌། །མངོན་ཤེས་རྫུ་འཕྲུལ་ལྡན་པ་ཡི། །ཆོས་རྒྱལ་གཤིན་རྗེ་འཁོར་བཅས་དང༌། །ཕྱོགས་སྐྱོང་བཅུ་ཡི་སྣ་དྲངས་ཏེ། །སྲིད་གསུམ་དམག་གིས་དགྲ་བགེགས་ཆོམ། །འདུ་བ་རྣམ་བཞིའི་ནད་ཕོབ་ཅིག །


TNT06_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོས་མཚོན་ཆའི་ཆར་ཕོབ་ཅིག །ཆོ་འཕྲུལ་ལྟས་ངན་ཐམས་ཅད་ཕོབ། །མཛའ་བཤེས་ཉེ་བ་ཀུན་དང་ཕྲོལ། །ལྕགས་ཀྱུས་དྲོངས་ལ་ཞགས་པས་ཆིངས། །ཡན་ལག་མཚོན་ཆས་གཏུབས་ལ་སོད། །རྒྱུ་མ་ནང་ཁྲོལ་ཐང་ལ་ཕོ། །དོན་སྙིང་དབང་པོ་ལྔ་ཡི་ཚོགས། །གཤིན་རྗེའི་རྒྱལ་པོའི་ཞལ་དུ་ཐོབ། །སྡེ་བརྒྱད་རྔམས་པའི་ཕོ་ཉ་འགྱེད། །ཕོ་རྒྱུད་རྣམས་ནི་ཤ་ལ་ཟོ། །མ་མོའི་ཚོགས་རྣམས་ཁྲག་ལ་འཐུང༌། །གཟུགས་ཕུང་བཤིག་ལ་རྣམ་ཤེས་སྤོར། །བདེ་ཆེན་དབྱིངས་སུ་སྒྲོལ་བར་མཛོད། །བསྡུ་ན་དེ་ཙམ་གྱི་ཆོག །ཅུང་ཟད་སྤྲོས་པ་ལ་དགའ་ན། དམོད་པའི་ཚིགས་བཅད་གཞན་ཡང་ཡོད་དེ་ལོགས་སུ་སྦྱར་བ་ལས་ཤེས་པར་བྱའོ། །དེ་ལྟར་ཟོར་བསྐུལ་ཏེ། དེ་ནས་ཟོར་རྣམས་གོང་བཞིན་འཕངས། དགྲ་བོའི་རྣམ་ཤེས་མར་མེ་བསད་པ་ལྟར་སོང༌། གནས་ལུས་ལོངས་སྤྱོད་ཐལ་བར་བརླག་པར་བསམ་མོ། །དེ་ནས་ཟོར་རྗེས་ནི། ཟོར་ལམ་གཅོད་པའི་དམིགས་པ་བྱས་ནས། རྡོ་རྗེ་སློབ་དཔོན་གྱིས་རྟིང་མནན་ཏེ་ནང་དུ་འོང༌། གསུམ་པ་རྗེས་ཆོག་ནི། མཆོད་པ་རྣམས་ཁ་གསོ། གོང་གནས་ཡོ་བྱིན་རླབས་ཀྱི་སྐབས་སམ་དྲག་པོའི་མཆོད་རྫས་ཀྱི་སྐབས་ལྟར་མཆོད་པ་བྱིན་གྱིས་བརླབས། གོང་དུ་བཤད་པའི་ཚིགས་བཅད་སྔགས་དང་བཅས་པ་གོང་འོག་གང་རུང་གཅིག་སྦྱར་ནས། མཆོད་ཡོན་ནས། རོལ་མོའི་བར་འབུལ། ཡི་དམ་ཆོས་སྐྱོང་རྣམས་ཀྱི་སྙིང་པོའི་མཐར་འབྲུ་གསུམ་སྦྱར་ལ་ནང་མཆོད་འབུལ། དེ་ནས་རོལ་ཆེན་དང་བཅས། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །ནས། དུད་ཁ་མུན་ཅན་ཁྱོད་ལ་འདུད། །ཅེས་པའི་བར་བརྗོད། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ནས། ཡེ་


TNT06_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཀྱི་བར་འདུད་བསྟོད་ཉི་ཤུ་བྱ་ཞིང༌། ཤེས་ཤིང་སྤྲོ་ན་དབྱངས་དང་བཅས་ཏེ་བྱ། བསྡུ་ན་དེ་ཙམ་གྱིས་ཆོག་ལ། སྤྲོ་ན་གཞན་ཡང་བསྟོད་པ་ཇི་ལྟར་རིགས་པས་བསྟོད་དོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་མཛད་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་རྣམས་ཀྱི་སྔོན་གྱི་ལས་ལས་གྱུར་པ་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་དང༌། གདོན་དང༌། བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་དང་དཔལ་དང་འབྱོར་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། དབང་ཕྱུག་དམ་པ་ཕུན་སུམ་ཚོགས་པས་འགྲོ་བ་ཐམས་ཅད་བྱང་ཆུབ་ལ་ཡང་དག་པར་གཞུག་པ་དང༌། སྡང་བ་དང་གདུག་པས་སེམས་ཅན་ཞི་བས་མི་འདུལ་བ་རྣམས་དྲག་པོའི་ལས་ཀྱིས་འདུལ་བར་མཛད་དུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་དམ་པ་མ་ལུས་པ་སྩལ་དུ་གསོལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་རྣམ་པར་དཀར་བའི་ལམ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། སེམས་ཅན་ཐམས་ཅད་ཀྱི་བདུད་དང་ཉོན་མོངས་པ་རྩ་བ་དང་དྲི་མར་བཅས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གཞོམ་པར་མཛད་དུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐེག་པ་བདེ་བ་དང༌། ལམ་བདེ་བ་དང༌། འཇུག་པ་བདེ་བས་ཐོབ་པར་མཛད་དུ་གསོལ། ཇི་སྲིད་གོ་


TNT06_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་མཆོག་དེ་ཉིད་མ་ཐོབ་བའི་བར་དུ་ཡང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་མཛད་དུ་གསོལ། ཅེས་པ་ལ་སོགས་པས་གསོལ་བ་ཡང་ནས་ཡང་དུ་གདབ་བར་བྱའོ། །ཡེ་གེ་བརྒྱ་པ་ཅི་ནུས་བཟླས་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་བ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཡང་མགོན་པོས་བཟོད་པར་མཛོད། །གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་བ། །དེ་ཀུན་གཙོ་བོས་བཟོད་མཛད་རིགས། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པ་མཛད་དུ་གསོལ། །ཅེས་པའམ། བདག་ལ་དངོས་གྲུབ་མཆོག་སྩལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པའང་སྩལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ ། ཨོཾ་ཛ་ཡ་ཛ་ཡ། སུ་ཛ་ཡ། བི་ཤྭ་རཱུ་པ་དྷཱ་རི་གཙྪ་གཙྪ་སྭ་བྷཱ་ཝ་ནཾ། ཀྲྀ་ཏནྟེ་ན། ཏ་ཐཱ་གཙྪ། སརྦ་བུདྡྷ་ཤྩ་བི་སརྫ་ཡ། མ་མ་ཀར་མཾ་ཀུ་རུ་སྭཱཧཱ། ཞེས་གཏོར་མགྲོན་དང༌། སྔར་རྡུལ་ཚོན་གྱི་མཎྜལ་གཤེགས་གསོལ་མ་ཟིན་ན་སྐབས་འདིར་ཡེ་ཤེས་པ་རྣམས་གཤེགས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་རྣམས་རང་ལ་ཐིམ། བྲིས་སྐུ་ལ་བརྟན་བཞུགས་སྤྱི་དང་མཐུན་པར་བྱ། རང་གི་དཔྲལ་བར་ཨོཾ། ནས། ལྟེ་


TNT06_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བར་སཾ་རྣམས་ཀྱིས་རྒྱས་བཏབ་པར་གྱུར། ཅེས་བརྗོད་ལ། སྨོན་ལམ་བཀྲ་ཤིས་གང་འགྲུབ་ཅིག་བྱའོ། །གཏོར་ཆོག་རྒྱས་པ་འདི་དང་འབྲེལ་བར་ཚོགས་ཀྱི་འཁོར་ལོའམ། དཔའ་བོའི་སྟོན་མོ་གལ་ཆེ་བ་ཡིན་པ་ལས། དྲུག་ཅུ་རྩ་བཞིའི་གཏོར་མ་བསྔོས་གྲུབ་མ་ཐག་ཏུ་བྱེད་པ་ཐོབ་ཐང་ཡིན་ནའང༌། ལག་ལེན་མི་བདེ་བས་དེང་སང་མི་བྱེད་ལ། གཏོར་ཟོར་འཕངས་ཟིན་ནས། རྗེས་ཆོག་མ་བྱས་པའི་བར་དེར་འཁོར་ལོའི་མཆོད་པ་བྱ་བའམ། ཡང་ན་གཏོར་ཆོག་དང་འབྲེལ་བའི་བྱ་བ་དང་མཐའ་དག་གྲུབ། ལས་རྗེས་ཀྱང་བསྡུས་ཟིན་ནས་སླར་བརྩམས་ཀྱང་རུང་ངོ༌། །འདི་དག་གི་མན་ངག་ནི་གཞན་དུ་འཆད་པར་འགྱུར་ཞིང༌། གཤིན་རྗེ་གཤེད་དམར་ནག་ལ་འདོན་པ་སྤོ་ཚུལ་དང༌། ཞི་རྒྱས་དབང་གསུམ་གྱི་ལས་དང་འབྲེལ་བའི་བྱ་བ་རྣམས་ཀྱང་འདི་རྣམས་ལ་རྗེས་སུ་དཔགས་ཏེ་ཤེས་པར་བྱའོ།། །།འདིར་སྨྲས་པ། ཐབས་ལས་དུག་ཀྱང་བདུད་རྩིར་གྱུར། །མཀྵིའི་སྦྱོར་བས་ལྕགས་ཀྱང་གསེར། །འཆི་སྟེར་དབྱུག་གུའི་ཡེ་ཤེས་ཆས། །འདོད་པ་ཀུན་འགྲུབ་ངོ་མཚར་རྨད། །དཔལ་ལྡན་རྒྱུད་ཆེན་གསང་བའི་རྒྱ་མཚོ་ལས། །དངོས་གྲུབ་ཀུན་འབྱུང་ཡིད་བཞིན་ནོར་རྙེད་པ། །བདུད་ལས་རྣམ་རྒྱལ་རྒྱལ་མཚན་རྩེར་མཆོད་པས། །ཕུན་ཚོགས་འགྲོ་ལ་ཕན་བདེའི་རྒྱུར་གྱུར་ཅིག །ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་དང་འབྲེལ་བར་དྲུག་ཅུ་རྩ་བཞིའི་གཏོར་ཆོག་གི་ངག་འདོན་ཁམས་གསུམ་ཟིལ་གནོན་ཞེས་བྱ་བ་འདི་ཡང་མང་པོས་བསྐུལ་བའི་ངོར། ༧ རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ངེས་པར་བརྗོད་པའོ།། །།དར་རྒྱས་འཕེལ། མངྒ་ལཾ། །

གཏོར་ཆོག་ཁམས་གསུམ་ཟིལ་གནོན་གྱི་ལྷན་ཐབས་ལྡེའུ་ཐུང་གཞན་ལ་མེད་པའི་ཁྱད་ཆོས་དགྲ་བགེགས་ཀུན་འཇོམས།


TNT06_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཆོག་ཁམས་གསུམ་ཟིལ་གནོན་གྱི་ལྷན་ཐབས་ལྡེའུ་ཐུང་གཞན་ལ་མེད་པའི་ཁྱད་ཆོས་དགྲ་བགེགས་ཀུན་འཇོམས་ཞེས་བྱ་བ་བཞུགས།


TNT06_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གཤིན་རྗེ་གཤེད་པོའི་བསྙེན་པ་སོང་ཞིང༌། མགོན་ནག་གི་སྙིང་པོ་འབུམ་ཕྲག་བཞི་བཟླས་པ་ཅིག་གིས་འདི་བྱའོ། །དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་ཆེན་པོའི་ཕྱོགས་གང་ཡང་རུང་བ་ཅིག་ཏུ། ཆོས་འབྱུང་གྲུ་གསུམ་མཐའ་མེ་རིས་བསྐོར་ཞིང༌། མཆུ་ལ་རྡོ་རྗེ་སྔོན་པོའི་ཕྲེང་བ་ཡོད་པ་ཅིག་བྱ། དབུས་སུ་ཉི་གདན་ལ་གྲི་གུག་འབྲི་བའམ། ནས་ནག་གི་ཚོམ་བུ་འགོད། ནས་ནག་རྗེན་བཏགས་ལ། སྲན་ནག །བྲ་བོ། རྡོ་ཕྱེ། ལྕགས་ཕྱེ། རཀྟ་དང་ཆང་སོགས་བསྲེས་པའི་གཏོར་མ་གྲུ་གསུམ་རྩ་བའི་ཕྱོགས་ཀྱི་ཟུར་གསུམ་དུ་མི་མགོས་མཚན་པ་ལ། དུག་ཁྲག་རོ་སོལ་བསྲེས་པས་བྱུགས། ལྕགས་སྣོད་དུ་བཀོད་ལ། ཡུངས་ཀར་དང༌། སྔོན་ཚེའི་གང་བུ། དུག་ཤིང་གི་ཚེར་མ་དུག་ཁྲག་གིས་བསྐུས་པ་ཅུང་ཟད་བཙུགས། མཐའ་ལ་དྲག་པོའི་མཆོད་གཏོར་གྱིས་གྲུ་གསུམ་དུ་བསྐོར། འཇིག་རྟེན་འདས་གཏོར་ལྔ་ཚར་གྱི་མདུན་དུ་མགོན་པོའི་བསྐང་


TNT06_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ནི་དཔལ་གཏོར་མདའ་དང་དར་ནག་བཙུགས་པ་ཅིག་ཀྱང་བཤམས། མཆོད་གཏོར་རྣམས་བྱིན་རླབས་མ་མོའི་སྡེབས་ལ། དམིགས་པ་བྱས་པས་ཆོག་གོ །རྩ་བའི་གཏོར་ཆོག་གི་ཆོས་རྒྱལ་ལས་གཤིན་གྱི་གཏོར་བསྔོ་སོང་མཚམས། ཨོཾ་ཨཱཿཧཱུཾ། ལན་བདུན་ཙམ་གྱིས་མཧཱ་ཀཱ་ལའི་གཏོར་མ་བྱིན་རླབས་ཁ་གསོ་ཞིང༌། མཆོད་པ་བྱིན་རླབས་བསྡུས་པ་ཅིག་ཀྱང་བྱ། དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས། བསྲུང་འཁོར་གྱི་ནང་དུ་དུར་ཁྲོད་ཆེན་པོའི་ས་གཞི་ལ། རྡོ་རྗེའི་བྲག་རི་གྲུ་གསུམ་གྱི་དཀྱིལ་འཁོར། དེའི་སྟེང་དུ་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་གདན་ལ། ནྲྀ་ལས་དགྲ་བགེགས་བསྒྲལ་བའི་བམ་ཆེན་གྱི་སྟེང་དུ་གཙོ་བོའི་ཐུགས་ཀ་ནས་ཧཱུཾ་ཡིག་ནག་པོ་མེ་འབར་བ་སྤྲོས་ཏེ་འཁོད། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། བྱིན་རླབས་ནུས་མཐུ་རྣམས་ཚུར་འདུས་ཧཱུཾ་ལ་ཐིམ། ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་མཧཱ་ཀཱ་ལ། སྐུ་མདོག་


TNT06_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་མུན་པ་ལྟར་ཆེས་གནག་པ། སྦོམ་ཞིང་ཐུང་བ། ཉི་མ་འབུམ་གྱི་གཟི་བརྗིད་ཅན། གཏུམ་ཞིང་ཁྲོས་པ། འཚམ་པ་ལས་འདས་པའི་ཁྲོ་གཏུམ་དྲག་ཤུལ་ཅན། ཞལ་གཅིག །ཕྱག་གཉིས། གཡས་གྲི་གུག་དང༌། གཡོན་ཐོད་ཁྲག་འཛིན་པ། སྤྱན་གསུམ་མཆེ་བ་གཙིགས་ཤིང་དྲག་ཏུ་བཞད་པ། སྨ་ར་སྨིན་མ་དབུ་སྐྲ་ཁམ་ནག་འབར་ཞིང་འཛིངས་པ། སྟག་ལྤགས་དང༌། སྦྲུལ་དང་མི་མགོས་བརྒྱན་པ། མེ་རླུང་འཚུབས་མའི་དབུས་ན། པད་ཉི་མི་རོའི་གདན་ལ་བཞེངས་པའི་སྟབས་ཀྱིས་གནས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་མགོན་པོ་མཧཱ་ཀཱ་ལ་འཁོར་དང་བཅས་པ། ཨོཾ་བཛྲ་ས་མཱ་ཛཿ ལན་གསུམ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདི་རུ། །དྲག་པོའི་ལས་ལ་སྤྱན་འདྲེན་གྱི། །གཉིས་སུ་མེད་པར་གཤེགས་སུ་གསོལ། ཨེ་ཧྱ་ཧི། མཧཱ་ཀཱ་ལ་ཡེ། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་དམ་ཚིག་ཉེར་འོངས་པ། །བསྐྱེད་པའི་དམ་ཚིག་བྱིན་རླབས་ཕྱིར། །ཐུགས་རྗེས་བྱོན་ལ་བརྟན་པར་བཞུགས། །ས་མ་ཡ་ཏིཥྛ། ཛཿཧཱུཾ་བཾ་ཧོཿ རང་ངམ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་དབང་གི་ལྷ་རྣམས་སྤྲོས། དམ་རྫས་དང༌། མཆོད་པའི་སྤྲིན་ཕུང་སྟིབས་ཏེ། ཆ་བྱད་སྣ་ཚོགས་དང་བཅས་པས། བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར། གཤིན་རྗེ་གཤེད་པོས་དབུ་རྒྱན།


TNT06_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་མཧཱ་ཀཱ་ལ་ཡ། ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས། ཤཔྟའི་བར་གྱིས་མཆོད། ཤཱ་ས་ན་ལན་གསུམ་གྱིས་འདོད་ཡོན་ལྔ་ལྡན་གྱི་གཏོར་མ་ཕུལ། ཨོཾ་མཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་ཨཱཿཧཱུཾ། པཉྩ་ཨ་མྲྀ་ཏ་ཁཱ་ཧི། ལན་གསུམ་དང༌། ཤཱ་ས་ན་ཚར་གཅིག་གིས་བདུད་རྩི་འབུལ། ནང་མཆོད་གཏོར་མ་ལ་བྲན། ཨོཾ་མཧཱ་ཀཱ་ལ་ཡ། སརྦ་དུཥྟཱན་མཱ་ར་ཡ་མཧཱ་མཾ་ས་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། ལན་གསུམ། ཤཱ་ས་ན་ཚར་གཅིག་བརྗོད་པས་རཀྟ་འབུལ། གཏོར་མ་ལ་ཁྲག་གིས་བྲན་ནོ། །ཧ་ཧ་ཧོ་ཧཽ་ཧཱུཾ་ཧཱུཾ་ཞེས་གསུངས་པར་གྱུར། དེ་ནས་ཐོད་པའི་ཕྱག་རྒྱ་བཅས་ལ། ཤཱ་ས་ནའི་མཐར། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཞེས་སྦྱར་བ་ལན་གསུམ་གྱིས་དམ་ལ་བཞག །དཔལ་ནག་པོ་ཆེན་པོ་ཁྱོད་ཀྱིས། སྔོོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ཇི་ལྟས་ཁས་བླངས་དམ་བཅས་པ་བཞིན། རྣལ་འབྱོར་པ་བདག་གིས་ཇི་ལྟར་བཅོལ་བའི་འཕྲིན་ལས་ཐམས་ཅད་གྲུབ་པར་མཛོད་ཅིག །ཅེས་བརྗོད། བདུད་རྩི་དང་རཀྟ་བསྲེས་པ་གཏོར་མ་ལ་བྲན། ཧཱུཾ་རིང་པོ་བདུན། ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ཏ་ཀ་ཋ་ཋ་ཋ་ཧཱུཾ། ལན་གསུམ། གཤིན་རྗེ་གཤེད་པོ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །བདག་ཀྱང་དམ་ལས་མི་འདའ་ཡི། ཁྱོད་ཀྱང་དམ་ལས་མ་འདའ་ཅིག །དེ་རྗེས། སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཞེས་པ་ནས། དམ་ཚིག་ཅན་ལ་བདག་བསྟོད་དོ། །དཔལ་འབར་ནག་པོ་ཆེན་པོ་ཡིས། །བདག་ལ་དགོས་པའི་དོན་ཐམས་ཅད། །བསམ་པ་བཞིན་དུ་སྒྲུབ་པ་དང༌། །སངས་རྒྱས་བསྟན་པ་བསྲུང་བར་མཛོད། །ཅེས་བརྗོད། ཨོཾ་མཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་


TNT06_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ། ཞེས་བརྒྱ་རྩ་སོགས་ཇི་ལྟར་འོས་པ་བཟླས་སོ། །དེ་ནས་ཡེ་ཤེས་མགོན་པོ་ཉིད་ལས་མགོན་དུ་བསྒྱུར་ནས། ཨོཾ་མཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཛཿཛཿ ཞེས་པའང་ཇི་ལྟར་འོས་པ་བཟླ། ཨོཾ་མཧཱ་ཀཱ་ལ་དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པ་དང༌། ཤཱ་ས་ན་དང༌། དེ་གཉིས་ལ་དྲག་པོ་སྤུ་གྲི་བཏགས་པ་རྣམས་ཀྱང་ཅུང་ཟད་བཟླའོ། །སྤུ་གྲིའི་སྔགས་ནི། ཨོཾ་མཧཱ་ཀཱ་ལ་ཡཀྵ། མཧཱ་ཀཱ་ལ་ཧུར་ཐུམ་ཛཿ དགྲ་བོ་དམ་ཉམས་ཀྱི་མགོ་ལུས་པྲིཾ་པྲིཾ་ཕྲོལ་ཕྲོལ། ཏྲཀ་རཀྵས་ཕྱེ་ཕྱེ། དུཾ་བུ་དུཾ་བུ། ཧེ་ལཾ་ཁཱ་ཧི། ཞེས་པའོ། །དེ་རྗེས་ཡིག་བརྒྱ་ལན་གསུམ་ལྔ་བདུན་གྱི་བར་བཟླས་ནས། སྐུའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། གསུང་གི༴ ཐུགས་ཀྱི༴ རྩ་བའི༴ ཡན་ལག་གི༴ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི་དམ་ཚིག་འགལ་འཁྲུལ་ཐམས་ཅད་སོ་སོར་བཤགས། མཐོལ་བཤགས་ཕུལ་ནས་ཚངས་པ་མཛད་དུ་གསོལ། དཔལ་ཡེ་ཤེས་མགོན་པོ་ནག་པོ་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱིས། བདག་ལ་དངོས་གྲུབ་ཀྱི་གཏོང་གྲོགས་དང༌། མཐུ་སྟོབས་ཐོགས་པ་མེད་པ་བསྩལ་བ་དང༌། ཕྱི་ནང་གསང་གསུམ་གྱི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང༌། བསྲུང་བ་དང༌། བཟློག་པ་མཛད་དུ་གསོལ། སྔོན་གྱི་ལས་ལས་བྱུང་བ་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་གདོན་བྱུར་ཆགས་ལ་སོགས་པ་རྐྱེན་ངན་ཐམས་ཅད་དབྱིངས་སུ་ཞི་ཞིང༌། ཕྱི་ལ་བཟློག་པར་མཛད་དུ་གསོལ། ཁྱད་པར་དུ་ཡང་ངེས་དོན་བསྟན་པའི་བདག་པོ་དཔལ་ཇོ་ནང་པའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། རྟེན་འབྲེལ་ཐམས་ཅད་ལེགས་ཕྱོགས་སུ་བསྒྲིགས་ནས་ཁམས་


TNT06_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཐམས་ཅད་དབང་དུ་འདུ་བ་དང༌། ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་ཤིང་འཕེལ་བར་མཛད་གསོལ། བདག་ཅག་རྣམས་དང་བསྟན་པ་ལ་གནོད་པར་བྱེད་པའི་དགྲ་བགེགས་ལོག་འདྲེན་བྱད་མ་བསམ་སྦྱོར་ངན་པ་ཅན་ཐམས་ཅད་སྐད་ཅིག་ཉིད་ལ་རྡུལ་དུ་བརླག་པར་མཛད་དུ་གསོལ། སརྦ་ཨུ་པ་དྲ་བ་ནི་བ་རཱ་ཡ་ཕཊ། ཅེས་ལས་བཅོལ་གྱི་དོན་དུ་གསོལ་བ་གདབ་བོ། །མགོན་ནག་སྒོས་ཀྱི་ལས་ཚོགས་བྱེད་ན། སྐབས་འདིར་བསྐང་བ་དང༌། འདས་དང་མ་བྱོན་མས་བསྐུལ་བ་སྔོན་དུ་འགྲོ་བས་ལིང་ག་སྒྲོལ་བ་ཡང་བྱེད་མོད་ཀྱི། དྲུག་ཅུ་པའི་ཆ་ལག་ཏུ་སྦྱོར་བའི་སྐབས་འདིར་ནི་བསྐང་བ་མི་དགོས་ལ་ལིང་ག་ལོག་པའང་མི་དགོས་ཀྱི། དཀྱུས་ཀྱི་ལིང་ག་སྒྲོལ་བ་དང༌། ཕྱོགས་སྐྱོང་ལ་བསྔོ་བའི་སྐབས་དེར་དམིགས་པས་ནན་ཏན་དུ་བྱས་པ་ཙམ་གྱིས་ཆོག །དེ་སྐབས་གཏོར་མ་ལ་ལིང་དུམ་སྦྲོན། རཀྟ་གསར་བ་རེ་བླུགས་ཀྱིན་འདུག །དེ་རྗེས་ཤཱ་ས་ན་བདུན་ཙམ་བཟླ། ཨོཾ་མཧཱ་ཀཱ་ལ་གུ་ཎ་ཧྲི་ད་གནོད་བྱེད་མཱ་ར་ཡ་ཧཱུཾ་ཕཊ། ཅེས་དང༌། ཨོཾ་བཛྲ་ཀྲོ་དྷ་མཧཱ་ཀཱ་ལ་ཡ། ཤ་ཏྲུན་ཙིཏྟ་ཀྲོ་ཏིང་དུན་ཛཿ ཞེས་པ་དང༌། སྤུ་གྲིའི་སྔགས་ཇི་ལྟར་འོས་པ་སྟེ་དྲག་ཏུ་བཟླའོ། །དེ་རྗེས། ཨོཾ་མཧཱ་ཀཱ་ལ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུཾ། དཔལ་ལྡན་ནག་པོ་ནག་པོ་ཆེན་པོ་ནི། །བསྐལ་པའི་མེ་དཔུང་དབུས་ན་བཞུགས། །མི་རོའི་སྟེང་ནས་སྐུ་བྱུང་བ། །མདོག་ནག་ཐུང་ལ་གསུས་པ་ཆེ། །ཡོན་ཏན་རྫོགས་པའི་ལྷ་ཁྱོད་ཀྱི། །དགྲ་བགེགས་གདུག་པ་མྱུར་དུ་སྒྲོལ། །གཡས་ཀྱི་ཕྱག་གི་གྲི་གུག་གིས། །བསྟན་ལ་གནོད་པའི་སྙིང་རྩ་གཅོད། །གཡོན་པའི་ཕྱག་གི་ཐོད་པ་ཡིས། །དམ་ཉམས་རྣམས་ཀྱི་སྙིང་ཁྲག་


TNT06_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །མཆེ་བའི་ཟླ་ཚེས་རབ་གཙིགས་པས། །འཇིག་རྟེན་མ་ལུས་ཟ་བར་བྱེད། །སྤྱན་གསུམ་མེ་ཡི་ཚ་ཚ་འཕྲོ། །གདུག་པ་ཅན་རྣམས་བསྲེག་པར་བྱེད། །རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་ཁྱོད། །བདུད་ཀུན་འདུལ་བའི་དམག་དཔོན་ཡིན། །དམ་ཉམས་རྣམས་ཀྱི་གཤེད་མ་མཛད། །མནའ་ཟན་རྣམས་ཀྱི་སྲོག་དབུགས་ལེན། །ཆོས་འཁོར་ཡོངས་ཀྱི་བསྲུང་མ་སྟེ། །ནག་པོ་གཏུམ་པོ་ལས་ལ་བྱོན། །བླ་མ་ལ་མཁུ་སེམས་ཅན་འཚེ། །ཆོས་འཁོར་འདི་ལ་སྡང་བ་རྣམས། །མ་ལུས་སྐད་ཅིག་ཙམ་གྱིས་ཀྱང༌། །ད་ལྟ་ཉིད་དུ་རིངས་པར་ཁུག །ཤ་ཁྲག་ནང་ཁྲོལ་མ་ལུས་པ། །དཔའ་བོ་ཆེན་པོས་མྱུར་དུ་ཟོ། །དེ་ལུས་ཏིལ་ཙམ་བཏུབས་ནས་ཀྱང༌། ཁྱོད་ཀྱི་ཞལ་དུ་གསོལ་བར་མཛོད། །གལ་ཏེ་དེ་ལྟར་མ་བྱས་ན། ཁྱོད་ཉིད་དམ་ཚིག་ཉམས་འགྱུར་ཏེ། །རྡོ་རྗེ་འཆང་གི་བཀའ་འདས་པས། །སྙིང་ཁྲག་ས་ལ་ལྟུང་བར་འགྱུར། །དེ་བས་དམ་ཚིག་མ་འདའ་བར། །གདུག་པའི་དགྲ་འདི་མྱུར་དུ་སྒྲོལ། །མཧཱ་ཀཱ་ལ་དགྲ་བོའི་སྲོག་ལ་བྲེང་བྲེང༌། རྒྱུག་རྒྱུག་ཡ་ཡ། ཞེས་བསྟོད་བསྐུལ་འདི་ལན་གསུམ་བྱེད། སླར་ཡང་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུཾ། ལྷ་ཡི་དམག་དཔོན་ཚོགས་ཀྱི་བདག །གདུག་ཅན་མ་ལུས་འཇོམས་མཛད་པ། །གཏུམ་པོ་དྲག་པོ་མཐུ་རྩལ་ཆེ། །ནག་པོ་དམ་ཚིག་ཅན་ལ་བསྟོད། །དུས་ལ་བབ་པའི་ཚེ་བཅོལ་པའི་འཕྲིན་ལས་ཐོགས་པ་མེད་པ་མཛོད་ཅིག །ཅེས་བྱ། ཟོར་འཕེན་པའི་གནས་སུ་ཟོར་ལམ་དབྱེ་བ་དང༌། གཏོར་བསྐུལ་སོང་


TNT06_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྗེས་ལ། ཧཱུཾ། འདས་དང་མ་བྱོན་ད་ལྟར་གྱི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །བསྟན་པ་བསྲུང་བར་ཞལ་བཞེས་པ། །ནག་པོ་ཁྱོད་ནི་ཡིན་པ་སྟེ། །གདུག་པ་ཚར་གཅོད་འཇིགས་པའི་གཟུགས། །འོག་གི་ཀླུ་དང་ལྷ་མིན་འཇོམས། །རལ་པ་ཁམ་ནག་གྱེན་དུ་གཡེངས། །སྟེང་གི་ལྷ་ཚོགས་འཇིགས་པར་བྱེད། །སྤྱན་བགྲད་ལྗགས་འགྲིལ་བར་གྱི་ལྷ་གདོན་སྡིགས། །གཡས་ཀྱི་གྲི་གུག་དགྲ་བགེགས་བདུད་ལ་རྡེག །གཡོན་པ་གདུག་པའི་ཁྲག་བཀང་ཞལ་དུ་གསོལ། །ཞབས་རྡབས་གནོད་སེམས་ཅན་གྱི་ལུས་ལ་ཉེད། །གང་ཞིག་དཀོན་མཆོག་གསུམ་སྨོད་དང༌། །བླ་མ་བརྙས་བྱེད་སེམས་ཅན་འཚེ། །བདག་གིས་བསྒོ་བ་ཀུན་ཁུག་ལ། །ལིང་ག་འདི་ལ་མྱུར་དུ་ཆུག །དེ་ཡི་ཤ་ཟོ་ཁྲག་ལ་འཐུང༌། །རུས་པ་ཀླད་པ་ནང་ཁྲོལ་ཟོ། །རིགས་བརྒྱུད་རྩད་ནས་ཆོད་ལ་ཤོག །མཛའ་བ་ཀུན་དང་ཁྲོལ་ལས་ཤོག །ཡང་ན་འདི་ཡི་ཕྱིར་འབྲངས་ནས། །ཏིལ་འབྲུ་ཙམ་དུ་བརླག་པར་མཛོད། །བདག་གིས་བསྒོ་བ་མ་ཉན་ན། །ནག་པོ་ཁྱོད་ནི་ཉམས་པར་འགྱུར། །དེ་བས་དམ་ལས་མ་འདའ་བར། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཅེས་པས་བསྐུལ་བ་ཡིན་པ་ལས། ལིང་ག་འདི་ལ་མྱུར་དུ་ཆུག །ཅེས་པ་ལིང་ག་འགུགས་འདྲེན་གྱི་སྐབས་ཡིན། སྐབས་འདིར། ཟུངས་ཤིང་ཆིངས་ཤིག་ལྷ་དང་ཕྲོལ། །ཞེས་འདོན་པ་བསྒྱུར་རོ། །ཆོས་རྒྱལ་གྱི་གཏོར་མའི་སྔོན་དུ་འདིའི་གཏོར་མ་འདི་འཕེན་ཏེ། འདི་སྐབས་ཤཱ་ས་ན་དྲག་ཏུ་བཟླ་བ་ལས། དགྲ་བགེགས་བྱད་མ་ཁ་ཁ། དགྲ་བགེགས་བྱད་མ་ཁཱ་ཧི་ཁཱ་ཧི། ཞེས་སོགས་


TNT06_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

མིང་སྤེལ་བཅུག་ནས། རྗེས་ཚོགས་མཆོད་ཀྱི་སྐབས་དང༌། རྗེས་ཆོག་གི་སྐབས་དམིགས་པ་ནན་ཏན་གལ་ཆེ་ཞིང༌། ཚོགས་ཕུད་ཤཱ་ས་ནའི་སྔགས་ཀྱིས་འབུལ་བསྐང་གཏོར་གསོས་ལ། མཆོད་པའི་སྐབས། མཧཱ་ཀཱ་ལ་ཨརྒྷཾ་སོགས་དགོས་སོ། །མགོན་ནག་དང༌། དྲུག་ཅུ་རྩ་བཞིའི་གཏོར་བཟློག་སྦྲེལ་ནས་སྒྲུབ་ཚུལ་བཤད་ཟིན་ཏོ།། །།དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་བྷཻ་ར་བའི་བསྙེན་པ་སྔོན་དུ་སོང༌། ལེགས་ལྡན་དྲག་པོ་ལྷའི་མགོན་པོའི་རྩ་སྔགས་དྲག་སྔགས་གཤམ་བུ་དང་བཅས་པ། ཞག་ཉེར་གཅིག་ཙམ་བཟླས་པ་དང༌། ཏེ་ལོའི་རྟོག་པ་ཆེ་ཆུང་གི་སྙིང་པོ་ཡང་ཁྲི་ཕྲག་ཙམ་རེ་མ་མཐའ་ཡང་སོང་བ་དགོས་སོ། །དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་གྱི་ཕྱོགས་གང་ཡང་རུང་བར་དཀྱིལ་འཁོར་ཟླ་གམ་མཐིང་ཁ་རླུང་རིས་མཚོན་བྱེད་པ་ཊས་བསྐོར་བའི་དཀྱིལ་དུ་ཆོས་འབྱུང་གྲུ་གསུམ་དམར་ནག་མེ་རིས་བསྐོར་བ། དེའི་དབུས་སུ་རོ་གདན་ལ་དབྱུག་ཐོ་གཅིག་འབྲི། ཆོས་འབྱུང་གི་རྩེ་མོའི་ཕྱོགས་སམ་གཏོར་གྲལ་ལ་གཏོར་མ་ནོར་བུ་མིག་གསུམ་གྱི་གཟུགས་ཅན་ཅིག་དང༌། ཆོས་འབྱུང་གི་མདུན་དུ་འཕེན་གཏོར་ཟན་ལེབ་གྲུ་གསུམ་གྱི་སྟེང་དུ་མདུན་དུ་འུག་པའི་གདོང༌། ཟུར་གཉིས་སུ་གླང་གི་གདོང༌། དེའི་སྟེང་དུ་གཏོར་མ་གྲུ་གསུམ་བཀོད། ཟུར་མདུན་ལ་བཏོད་པ་ཡིན་དེ་ལ་རྩེ་གསུམ་དར་ནག་ཅན་བཙུགས། ཡང་ན་གྲུ་གསུམ་གསུམ་སྒྲིགས་བྱེད་པའང་ཡོད་དེ་ཏྲི་ཤཱུ་ལ་མཚོན་ཟེར། དེ་དུག་ཁྲག་གིས་བྱུགས། དྲག་པོའི་མཆོད་གཏོར་གྱིས་གཡོན་སྐོར་དུ་བསྐོར་རོ། །དྲུག་ཅུ་རྩ་བཞིའི་ཆོ་གར་བཤད་པའི་ཆོས་རྒྱལ་གྱི་གཏོར་བསྔོ་གྲུབ་མཚམས་སུ་འབྲུ་གསུམ་མང་དུ་བརྗོད་པས་མཆོད་གཏོར་བྱིན་རླབས་ཁ་གསོས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་


TNT06_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རང་གི་ཐུགས་ཀ་ནས་ཧཱུཾ་གཅིག་སྤྲོས་པ་ཡོངས་སུ་གྱུར་པ་ལས། དཀྱིལ་འཁོར་གྱི་དབུས་སུ་ལེགས་ལྡན་ལྷའི་མགོན་པོ་དྲག་པོ་དབང་ཕྱུག་ཐལ་བས་བྱུགས་པ། སྐུ་མདོག་དང༌། རྩ་ཞལ་སྔོ་སྐྱ། གཡས་དཀར་རྒྱབ་སེར་གཡོན་དམར། སྟེང་ཞལ་དུད་ཁ་སྟེ་ཞལ་ལྔ་པོ་ཐམས་ཅད་སྤྱན་གསུམ་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་རྩེ་གསུམ་དང༌། ཁ་ཊྭཱཾ་ག །འོག་མ་གཉིས་ཀྱིས་ཌ་མ་རུ་དང་བཤོར་ཐོད་ཆང་གིས་གང་བ་འཛིན་པ། སྟག་ལྤགས། མི་ལྤགས། གླང་ལྤགས། སྦྲུལ་དང༌། མགོ་ཕྲེང་དང༌། ཐལ་བས་བརྒྱན་པ། རལ་བའི་ཐོར་ཚུགས་ལ་གངྒ་དང་ཟླ་བས་མཛེས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཁྱུ་མཆོག་དཀར་པོའི་གདན་ལ་གནས་པ། གཡོན་གྱི་ཕྱོགས་ནས་ལྷ་མོ་ཨུ་མ་དཀར་མོའམ། སེར་མོས་འཁྱུད་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ལེགས་ལྡན་ལྷའི་མགོན་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཀ་པཱ་ལ་མཱ་ལ་ཨ་ལང་ཀྲྀ་ཏེ་ཤཱི་ར་ཧཱུཾ་ཧཱུཾ། ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། རུ་ཏྲ་ཨ་སྭཱཧཱ། ཞེས་སྤྱན་དྲངས། ཨ་མྲྀ་ཏས་བགེགས་བསྐྲད། ཛཿཧཱུཾ་བཾ་ཧོཿ ཨོཾ་ཨཱཿརུ་ཏྲ་ཧཱུཾ་ཧཱུཾ་སྭཱཧཱ། ས་མ་ཡ་སྟྭཾ། ལན་གསུམ། ཨོཾ་མ་ཧེ་ཤྭ་ར་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ལྷ་ཡི་རྒྱལ་པོ་མཐུ་བོ་ཆེ། །འཇིག་རྟེན་གསུམ་ལ་དབང་བསྒྱུར་བ། །དྲག་པོ་མིག་གསུམ་བདེ་བྱེད་དེ། །ཨུ་མའི་བདག་པོ་ཁྱོད་ལ་བསྟོད། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀ་ནས་དབང་གི་ལྷ་སྤྲོས་ཏེ།


TNT06_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར། རྡོ་རྗེ་རྩེ་ལྔ་པས་དབུ་རྒྱན། ཀ་པཱ་ལ་མཱ་ལ། ཞེས་པ་ནས། རུ་ཏྲ་ཨ་སྭཱཧཱ། ཨོཾ་ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་གཏོར་མ་ཕུལ། ཨོཾ་ཨཱཿརུ་ཏྲ་ཧཱུཾ་ཧཱུཾ་སྭཱཧཱ། ཨོཾ་ཨ་ནྲྀ་ཛཿ ས་མ་ཡ་སྲོག་བྲེང་བྲེང་ཛ་ཛཿ ཞེས་པ་བརྒྱ་རྩ་སོགས་ཇི་ལྟར་འོས་པ་དང༌། ཨོཾ་རུ་ཏྲ་མ་ཧེ་ཤྭ་ར་ཡོ་ག་པྲ་ཤ་མ་མ་ཡོ་ག་སིདྡྷི་ད་ད་ཧི་མེ་སྭཱཧཱ། ཞེས་པའང་ཅི་རིགས་བཟླས་ཤིང༌། མཧཱ་དེ་བ་ཨེ་ཛ། ཨུ་མ་དེ་བི་ཨེ་ཛ། དྷུ་པྲ་མ་དྷུ་ཁྲག་ཛ། དུནྟི་མ་དུ་ཛ། ཞེས་དྲག་སྔགས་ཀྱང་བསྙེན་སྔགས་ལ་བཏགས་པ་ཅུང་ཟད་བཟླ། སྤྲོ་ན་བསད་ཐུན་གྱི་སྔགས་ཀྱང་ཅི་རིགས་པ་བཟླ། དེ་རྗེས་གོང་བཞིན་མཆོད་བསྟོད་བྱ། མགོན་ནག་གི་སྐབས་ལྟར་བཤགས་པ་དང༌། འདོད་གསོལ་ལ་འདོན་པ་སྤོ། དེ་རྗེས། སྡང་དགྲ་གདུག་པ་ཅན་མ་ལུས་པ་ཚར་གཅོད་པའི་འཕྲིན་ལས་མཛོད་ཅིག །ཧཱུཾ་ཧཱུཾ་ཞེས་བསྐུལ་བས། ལེགས་ལྡན་ལྷའི་མགོན་པོ་དེ་ཉིད་སྲིན་པོའི་གཟུགས་མི་བཟད་པར་གྱུར་ཏེ། དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་མི་མགོ་རློན་པས་མཚན་པའི་དབྱུག་ཐོ་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཤིན་ཏུ་ཁྲོས་པ་རབ་ཏུ་འཇིགས་ཤིང༌། དབུ་སྐྲ་སྟེང་འོག་བར་གསུམ་དུ་འཇིངས་པ། ཁྲག་ཆེན་དང༌། ཐལ་ཆེན་དང༌། སྦྲུལ་དང༌། མི་གདུག་པས་བརྒྱན་པ། ཁྲོ་བོའི་ཆ་བྱད་རྫོགས་ཤིང༌། གཡོན་བརྐྱང་གི་སྟབས་ཀྱིས་མི་རོའི་གདན་ལ་བཞུགས་པ། འཁོར་སྲིན་པོ་དང༌། སྲིན་མོ་དང༌། བྱ་དང༌། གཅན་གཟན་དུ་གདུག་པའི་ཚོགས་ཀྱིས་སྐོར་བའོ། །མཧཱ་དེ་བ་ད་ཥ་ར་ར། དགྲ་བོ་མཱ་ར་ཡ། ཙིཏྟ་ཧུར་ཐུམ། ན་མ་མཧཱ་བྷཱུ་ཏ། དགྲ་བོ་མཱ་ར་


TNT06_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཕཊ། ཅེས་པ་ཅི་ནུས་སུ་བཟླས། འདིའི་བསྒོས་ཀྱི་གཏོར་བཟློག་ལ་ལིང་སྒྲོལ་བྱེད་ན་འདིར་བྱ། དེ་ནས་དྲག་པོའི་གཏོར་མ་ལ་དགྲ་བགེགས་དགུག་གཞུག་གི་དམིགས་པ་ཡང་ཡང་བྱས་ཏེ། མཧཱ་དེ་བ་ད་ཥ་ར་ར། ཨི་དམ་བ་ལིང་ཏ། ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཤཱ་ཏྲུན་ད་ཧ་ད་ཧ། པ་ཙ་པ་ཙ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་ལན་ཉེར་གཅིག་གིས་བསྔོས། ཡང་གོང་བཞིན་མཆོད་བསྟོད་བྱ། ཨཻ་ལྷ་ཡི་རྒྱལ་པོ་རྫུ་འཕྲུལ་ཅན། །སྲིད་པ་གསུམ་གྱི་བྱེད་པོ་སྟེ། །སྡེ་བརྒྱད་ཡོངས་ཀྱི་དམག་དཔོན་ལགས། ཁྱོད་ཀྱིས་མི་ཐུབ་གང་ཡང་མེད། །ལྷ་མིན་གྲོང་ཁྱེར་གསུམ་བརྩེགས་བཅོམ། །མདུང་རྩེ་གསུམ་པ་གཅིག་བསྐྱོད་པས། །ས་གཞི་ཆེན་པོ་རིང་དུ་འཕངས། །གདུག་པ་ཅན་ཀུན་འཇོམས་པ་པོ། །སྒྲུབ་པོ་རྣལ་འབྱོར་ཅན་རྣམས་ལ། །ཚེ་དང་བློ་གྲོས་དབང་ཕྱུག་སྟེར། །དམ་ཉམས་ཀུན་གྱི་གཤེད་མ་མཛད། ཁྱུ་མཆོག་རྒྱལ་མཚན་ལས་ལ་ཡ། །དགྲ་བོའི་དབུགས་ལ་ཐུམ་རི་ལི་ལི། །དགྲ་བོའི་སྲོག་ལ་ཧུར་ཐུམ་ཛ། །དགྲ་བོའི་མགོ་ལ་བཾ་རིལ་ལི་ལི། །དགྲ་བོའི་སྙིང་ལ་བྲེང་ཤག་བྷྱོཿ ། དམ་ཉམས་དགྲ་བོའི་ཕུང་བར་མཛོད། །ལྷ་སྔགས་ཐམས་ཅད་གཤེད་དུ་ཕོབ། །བསྲུང་བཟློག་རང་གཤེད་རང་ལ་ཕོབ། །དགྲ་བགེགས་འཁོར་བཅས་ཐལ་བར་རློག །ཁྱོད་ཀྱི་འཁོར་ནི་མི་སྲུན་ཏེ། །ལོག་འདྲེན་བགེགས་བྱེད་བསམ་མི་ཁྱབ། །དགྲ་ལ་ལྟས་ངན་ཆོ་འཕྲུལ་ཕོབ། །གོད་ཁ་སྣ་དགུ་ཐོངས་ལ་ཤོག །མདངས་དང་བླ་ཚེ་ཕྲོགས་ལ་ཤོག །མངའ་ཐང་ལོངས་སྤྱོད་ཆོམ་ལ་ཤོག །ལོང་བར་གྱིས་ཤིག་ལྐུགས་


TNT06_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱིས། །ཉེ་ཚན་ནང་འཁྲུགས་དགྲ་ལ་ཐོང༌། །མཛའ་གྲོགས་ཀུན་དང་འཁོན་དུ་ཆུག །གཙོ་འཁོར་དཔོན་གཡོག་འཐབ་ཏུ་ཆུག །རྒྱ་མཚོའི་ཕ་མཐར་སྐྲོད་ལ་ཤོག །གླིང་བར་མུན་ནག་ཆེན་པོར་སྐྱུར། །ལྷ་དང་གནོད་སྦྱིན་ཡི་དྭགས་དང༌། །ཀླུ་དང་སྲིན་པོ་མི་བཟད་པ། །མ་མོ་མཁའ་འགྲོ་དྲག་ཤུལ་ཅན། །སྡེ་བརྒྱད་འགོང་པོ་ཐེར་འབུམ་རྣམས། །ད་ལྟར་ཉིད་དུ་ལས་ལ་བསྐུལ། །དགྲ་བོའི་ཡུལ་མཁར་རྨངས་ནས་སྒྱེལ། །ཞིང་དང་ལོ་ཐོག་སྣར་མ་ཆོམ། །མི་ནད་ཕྱུགས་ནད་ཆར་ལྟར་ཕོབ། །བདུད་གཡོས་རི་ལྟར་ཉིལ་དུ་ཆུག །སྲི་ལངས་རླུང་ལྟར་འཚུབ་ཏུ་ཆུག །མཚོན་གྱི་བསྐལ་པ་དེར་ཐོང་ཞིག །ནད་དང་མུ་གེའི་དུས་ལ་ཕོབ། །བསད་བསྐྲད་དབྱེ་དང་རེངས་པར་མཛོད། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོཿ ། ཐམས་ཅད་གནོད་པའི་བགེགས་ལ་བྷྱོཿ ། བསམ་ངན་བྱད་ཁའི་སྟེང་དུ་བྷྱོཿ ། བཟློག་ཅིག་བསྒྱུར་ཅིག་ས་མ་ཡ། །ཞེས་བསྐུལ་ནས་ཡང་མཆོད་བསྟོད་ཅིག་བྱས་ནས་བཞག་གོ །དེ་ནས་གཏོར་ཟོར་འཕེན་པའི་སྐབས། ལས་གཤིན་གྱི་གཏོར་མའི་སྔོན་ལ་འདི་འཕེན་དགོས་ཏེ། ཐུགས་སྔགས་ཉིད་དམ། ད་ཥ་ར་ར་ནི་དྲག་ཏུ་བཟླ། ནང་དུ་འཁོར་ནས་ནོར་བུའི་དབྱིབས་ཀྱི་གཏོར་མ་དེ། མཐེབ་ཀླུ་གཅིག་གིས་གསོས། སྤྱན་འདྲེན་གྱི་སྔགས་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་ཕུལ། མཆོད་བསྟོད་རྣམས་དམིགས་པ་ཙམ་གྱིས་བྱའོ། །དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་ཐུན་མོང་མ་ཡིན་པའི་ལས་བྱེད། ལེགས་ལྡན་ལྷའི་རྒྱལ་པོའི་དྲག་གཏོར་དང༌། དྲུག་ཅུ་རྩ་བཞིའི་གཏོར་བཟློག་སྦྲེལ་ནས་སྒྲུབ་ཚུལ་བཤད་ཟིན་ཏོ།། །།དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དཔལ་གཤིན་རྗེ་གཤེད་ཀྱི་དྲུག་ཅུ་རྩ་བཞིའི་


TNT06_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་གའི་ཡན་ལག་ཏུ། དཔལ་ལྷ་མོ་རེ་མ་ཏཱིའི་གཏོར་ཟོར་འཕེན་པར་འདོད་ན། ཡི་དམ་གྱི་བསྙེན་པ་སྔོན་དུ་སོང་བ་དང༌། མ་མོའི་བསྙེན་པ་མདོར་བསྡུས་ཙམ་ཞིག་ངེས་པར་སོང་བ་དགོས། དྲུག་ཅུ་པའི་དཀྱིལ་འཁོར་གྱི་མདུན་ནམ་གཡོན་ཕྱོགས་གང་ཡང་རུང་བར། ཆོས་འབྱུང་གྲུ་གསུམ་སྨུག་ནག་མེ་རི་འབར་བ། དབུས་སུ་ཉི་གདན་ལ་མི་རོ་དང་རལ་གྲི་འབྲི། བསྐང་གཏོར་ནི་དམར་པོ་སྙིང་གཟུགས་མ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་བྱས་ལ། གཏོར་གྲལ་དཀྱུས་ལ་འཇུག །འཕེན་གཏོར་ནི་ཟུར་གསུམ་རྩེ་མོ་རྣོ་བ། དུག་ཁྲག་གིས་བྱུགས་ཤིང་ཁ་དོག་ནག་པ། རྩེ་མོ་ལ་ཤིང་གི་རལ་གྲི་དང༌། ལོགས་ལ་ཟན་ནམ་འཇིམ་པའི་ཀོང་བུ་གྲུ་གསུམ་དགུའམ་བདུན་དུག་ཁྲག་གིས་བཀང་བ། སྨྱུག་རྩངས་ལ་བསྐྱོན་ཏེ་གཏོར་མ་ལ་ལག་ལེན་ལྟར་བཙུགས། དྲག་པོའི་མཆོད་པས་བསྐོར། མདུན་དུ་རཀྟའི་ཨརྒྷཾ་སྟེགས་བུ་མཐོ་བ་ལ་བཞག །མཐའ་མཆོད་པས་བསྐོར། སྒྲིག་ལུགས་ལ་ཁྱད་མེད། ཆོས་འབྱུང་གི་རྩེ་མོའི་ཐད་དེར། ཕུར་པ་ཁྲོ་མོའི་ཞལ་ཅན་ནམ། རྡོ་རྗེའི་རྩེ་མོའམ། རྒྱ་མདུད་མ་ཞིག་ཕུར་གདན་ལ་བཀོད། གཏོར་མ་དེ་ལ་ནམ་མཁའ་དང་དར་ནག་གི་བ་དན་བཙུགས་ནའང་ལེགས། དཔལ་ལྷ་མོའི་མངོན་རྟོགས་རྒྱས་པ་འགྲུབ་ན་ལོགས་སུ་ཡོད། མདོར་བསྡུས་ལ་དགའ་ན་འདི་ཙམ་གྱིས་ཀྱང་འགྲུབ་སྟེ། རྩ་བའི་གཏོར་བསྔོའི་ཆོས་རྒྱལ་གྱི་གཏོར་བསྔོ་སོང་བའི་མཚམས་སུ་འདི་བྱ་སྟེ། དཀྱིལ་འཁོར་བསངས་སྦྱངས། ཧཱུཾ་ལས་བྱུང་བའི་བསྲུང་བའི་འཁོར་ལོའི་དབུས། །རླུང་དང་མེ་སྟེང་རཀྟའི་རྒྱ་མཚོའི་ནང༌། །བྷྲུཾ་ལས་ཐོད་པ་དགུ་བརྩེགས་གཞལ་ཡས་ཁང༌། །རྒྱ་མཚོའི་མཐའ་བསྐོར་དམར་ནག་བྲག་རིའོ། །


TNT06_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཨེ་ལས་གྲུ་གསུམ་སྨུག་ནག་འབར། །ཕྱི་ནང་ཀུན་ཏུ་འཇིགས་པའི་རྒྱན་གྱིས་བརྒྱན། །དེ་དབུས་སྲིན་པོའི་བོང་བུ་རླུང་གི་ཤུགས། །དགྲ་བགེགས་བསྒྲལ་བའི་བཾ་ཆེན་བསྣོལ་མར་བཅས། །གརྡ་བ་ཧཱུཾ། ཏི་ར་བཾ། མ་སཱུརྱ་མཎྜལ་ཨ། དེའི་སྟེང་དུ་བྷྱོཿཡིག་ནག་པོ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། འཁོར་འདས་ཀྱི་ནུས་མཐུ་ཐམས་ཅད་ཚུར་འདུས། བྷྱོཿཡིག་ལ་ཐིམ། ཨོཾ་དེ་བཱི་མཧཱ་ཀཱ་ལི་ཧཱུཾ། གཙོ་མོའི་ཕྱག་རྒྱ་བྱ། དཔལ་ལྡན་ལྷ་མོ་ནག་མོ་ཆེན་མོ་རྗེ་མོ་རེ་མ་ཏཱི། གཙོ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ། སྐུ་མདོག་མཐིང་ནག་རལ་པ་མུན་ལྟར་གཏིབས་པ་ལ་རྨ་བྱའི་མདོངས་ཀྱིས་བརྒྱན་པ། ཞལ་གཅིག་ཕྱག་གཉིས་དམར་ལ་ཟླུམ་པའི་སྤྱན་གསུམ་པ། མི་བཟད་པའི་མཆེ་བ་རྣོན་པོ་གཙིགས་ཤིང༌། འཇིགས་སུ་རུང་བའི་སྒྲ་སྒྲོག་པ། ཕྱག་གཡས་པས་རལ་གྲི་མེ་འབར་བ་འཕྱར་བས། བསྟན་པ་བསྲུང་ཞིང་དགྲ་བགེགས་ཐམས་ཅད་ཚར་གཅོད་པ། གཡོན་པས་ཀ་པཱ་ལ་གདུག་པའི་སྙིང་ཁྲག་དང་བདུད་རྩིས་གང་བ་འཛིན་པས། སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང༌། བ་ལང་གི་ཀོ་བས་སྨད་གཡོགས་པ། སྦྲུལ་རིགས་བཞིའི་སྐེ་རགས་དང༌། དབུའི་སྟེང་དུ་སྦྲུལ་མགོའི་གདེངས་ཀ་ཅན། སྙན་གཡས་པ་ལ་སེང་གེ ། གཡོན་པ་ལ་དྲིལ་བུ། ཞབས་ལ་དབང་གི་ལྕགས་སྒྲོག་འཁྲོལ་བ། ཁྲག་ཞག་གི་ཐིག་ལེ་དང༌། སྦྲུལ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཐོད་སྐམ་གྱི་དབུ་བརྒྱན་དང༌། མི་


TNT06_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་རློན་པའི་དོ་ཤལ་ཅན། ལྟེ་བ་ནས་ཉི་མ་དང༌། སྤྱི་གཙུག་ནས་ཟླ་བ་འཆར་བ། མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །དེའི་སྐུ་མདུན་དུ་དྲེའུ་སེར་སྐྱ་རླུང་གི་གཤོག་པ་ཅན། བསེའི་སྒ་གདན་དང་བཅས་པ། དེའི་སྟེང་དུ་མ་ཡིག་ནག་པོ། དེ་ལས་འོད་འཕྲོས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཏེ་མ་ཡིག་ལ་ཐིམ། རཀྵ་མ་ནི་ཧཱུཾ། ཁོལ་མོ་བདུད་ཀྱི་བུ་མོ་རེ་མ་ཏཱི་ནག་མོ་རལ་པ་ཁམ་སེར་མ། རིན་པོ་ཆེའི་རྒྱན་ཅན་མེ་སྟག་འཕྲོ་བ། རེ་ལྡེ་དང༌། གོས་ནག་དང༌། མི་ལྤགས་གྱོན་པ། ཕྱག་གཡས་པས་བདུད་ཀྱི་ཁྲམ་ཤིང་དང༌། གཡོན་པས་ཤོ་རྡེ་དཀར་ནག་འཛིན་པ། ཉི་ཟླའི་ཐོད་གདེངས་ཅན། ནད་ཀྱི་ཁ་རླངས་འཐུལ་བ། ལྕགས་ཀྱི་དྲ་བ་མིག་དགུ་རྒྱབ་ཏུ་ཐོགས་ཤིང༌། མཚོན་གྱི་གྲུ་གུ་དང༌། བྱང་དམར་ཁྲེས་པོ་དང༌། ནད་ཀྱི་རྐྱལ་བ་འཆང་བའོ། །རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས། དཔལ་གྱི་ལྷ་མོ་རེ་མ་ཏཱི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ བྷྱོཿ དུར་ཁྲོད་དབྱིངས་ཀྱི་དཀྱིལ་འཁོར་ནས། །དཔལ་ལྡན་ནག་མོ་རེ་མ་ཏཱི། །ལྷ་མོ་ནག་མོ་མཐུ་མོ་ཆེ། །དད་པ་དང་ནི་དམ་ཚིག་གིས། །རྣལ་འབྱོར་གདུང་བས་སྤྱན་འདྲེན་ན། །མཆི་མ་ཐུལ་ཐུལ་མྱུར་དུ་བྱོན། །མ་ཅིག་དཔལ་ལྡན་རེ་མ་ཏཱི། །སྒྲུབ་མཆོག་བསྐྱང་ཕྱིར་གཤེགས་སུ་གསོལ། །ལྷ་མོ་དཔལ་ལྡན་ནག་མོ་ཁྱོད། །མ་མོའི་ཚོགས་ཀྱི་ནང་ན་དཔལ་འབར་མ། ཁྱོད་ནི་མ་མོ་སྟོང་གི་དབུས་ན་བཞུགས། །དབང་ཕྱུག་ཆེན་པོ་རྣམས་ལ་སྲིང་མོ་སྟེ། །ཉེ་བར་


TNT06_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ལས་རྣམས་སྒྲུབ་པའི་ཕྱིར། །དངོས་གྲུབ་སྩོལ་ཞིང་བཞུགས་སུ་གསོལ། །ཨོཾ་མཧཱ་ཀཱ་ལི་ཧཱུཾ་ཕཊ། རོ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུཾ། ཏིཥྟ་ཏིཥྛ། ཛཿཧཱུཾ་བཾ་ཧོཿ ཨོཾ་མཧཱ་ཀཱ་ལི་ཨ་བྷི་ཥིཉྩ། ཀ་པཱ་ལ་ཏྲི་ནི་མཧཱ་ཛྙཱ་ན་ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཧཱུཾ། ཞེས་དབང་བསྐུར། རཀ་མོ་རཀ་མོ་དུན་ཏིང་ན་མཿ ཨ་ཏི་བྷུ་ཧོ། པྲ་ཏི་བྷུ་ཧོ། ཨོཾ་མཧཱ་ཀཱ་ལི་རེ་མ་ཏཱི། ཨརྒྷཾ་པྲ་ཏཱིཙྪ་ནས་ཤཔྟ འི་བར་གྱིས་མཆོད། བྷྱོཿ དཔལ་ལྡན་ནག་མོ་རེ་མ་ཏཱི། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །དགྲ་འདུལ་ཆེན་མོ་ཁྱོད་ལ་འདུད། །ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ མ་མ་དེ་བཱི་མཧཱ་ཀཱ་ལི་རེ་མ་ཏཱི། བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨ་མྲྀ་ཏ་ཁ་ཁ་ལེ་ལེ། ཞེས་ལན་བདུན་གྱིས་གཏོར་མ་ཕུལ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཌཱི་ཀི་ནཱི་མཧཱ་ཀཱ་ལི། ཡཀ་ཤ་རེ་མ་ཏཱི། མ་མ་ཤཱ་ཏྲུན། ཨ་མུ་ཀཱ་མེ་ཙ་མེ་ད་བྷ་སཾ་མཾ་ས་རུ་དྷི་ཛི་བཾ་པྲི་ཡམ་བཀ་ཏྲི་ནི། ཨི་དམ་བ་ལིང་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་རཀྟ་འབུལ། དྲག་པོའི་གཏོར་སྔགས་ཀྱང་འདི་ཀ་ཡིན་ནོ། །ཨོཾ་ཨཱཿཧཱུཾ་གིས་དམ་རྫས་གཏོར་མ་ལ་སྦྲན། རང་གི་ལྕེ་ལའང་བཞག །རྡོ་རྗེ་གསོར་ཞིང་དམ་རྒྱ་བསྟན་ལ། མ་མ་ས་མ་ཡ། མཧཱ་ཀ་པཱ་ལ་ས་མ་ཡ། མཧཱ་ཀཱ་ལི་ཀཱ་ཡ་ས་མ་ཡ། མཧཱ་ཀཱ་ལི་ཝཱཀ་ས་མ་ཡ། མཧཱ་ཀཱ་ལི་ཙིཏྟ་ས་མ་ཡ། མཧཱ་མུ་དྲ་ས་མ་ཡ་ཧཱུཾ། ཅེས་དམ་ལ་བཞག་གོ །ཨོཾ་རོ་རུ་བི་ཏིཥྛ། བ་ཏྭ་སི། རོ་རུ་རོ་རུ་བི་ཏིཥྛ། བ་ཏྭ་སི། ཙ་པ་ལ་ཨ་ཤུག་མེ། ཧཱུཾ་བྷྱོཿཛཿཛཿ རྗེ་མོའི་སྙིང་པོ་གཙོ་བོར་བཟླའོ། །ཨོཾ་རུ་རུ་བེ། རོ་རུ་ནུ། ཏིཥྛ་བ་ཏོ་སི། རག་མོ་ཙི་ཏ་ཁ་རག་མ་ཧཱུཾ་བྷྱོཿ མ་མ་ཏྲག་རག་ཤ་ཁ་མུན་ཏྲ་བ་ཏྲ་བ་ཏྲག་རག་ཤ་ཙི་ཏ་


TNT06_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་རག་མ། རེ་མ་ཏཱི་ས་མ་ཡ། པྲ་མ་མ་ཧསྟཾ། པྲ་དུན་བྷྱོཿ རུ་ལུ་རུ་ལུ་བྷྱོ་ཛཿཛཿ ཁོལ་མོའི་བོད་རྦད་གཅིག་ཏུ་དྲིལ་བ་འདི་ཡང་ཅི་རིགས་བཟླའོ། །མཚམས་འདིར་ཡི་གེ་བརྒྱ་པ་ཅི་རིགས་བཟླས། སྐུའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཞེས་སོགས་བཤགས་པ་བསྡུས་པ་བྱ། འདོད་དོན་གསོལ་གདབ་གོང་ལྟར་འདོན་པ་སྤོའོ། །མཆོད་འཕྲེང་བསྡུས་པ་ནི། ཧཱུཾ་བྷྱོཿ མ་ཅིག་འདོད་ཁམས་དབང་ཕྱུག་མ། ཁྱེད་ལ་བདག་གིས་གུས་པས་མཆོད། །བསད་པའི་ཤ་དང་ཁུ་བའི་ཁྲག །མྱོས་པའི་ཆང་དང་མངར་བའི་རོ། །ཟླ་རྒྱས་ཟླ་ཁྲོམ་ལ་སོགས་པ། །མ་ལ་འབུལ་ལོ་བཞེས་སུ་གསོལ། །མ་ཅིག་ཐུགས་དམ་སྐོངས་གྱུར་ནས། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །ཙིཏྟ་རྩ་ལགས་མ་ཉམས་དང༌། །འཆི་ཁའི་ཚལ་ཐིག་དམར་པོ་དང༌། །མི་དབང་འབྲས་བུ་སྨིན་པ་དང༌། །ཤིང་ལོ་རླུང་ཁྱེར་སར་མ་ལྷུང༌། །སྙིང་དང་རཀྟ་སྨན་ལྔ་སོགས། །མ་ལ་འབུལ་ལོ༴ མ་ཅིག་ཐུགས་དམ༴ དངོས་གྲུབ༴ མུ་ལ་རཀྟ་རྩ་བའི་ཁྲག །ཆུ་དང་མ་འདྲེས་དྭངས་མའི་ཁྲག །མཧཱ་རཀྟ་ཁྲག་ཆེན་པོ། །ཙིཏྟ་བསྡུས་པ་བཾ་གྱི་ཁྲག །ཁྲག་སྣ་སྟོང་ལ་སྦྱར་བ་འདི། །མ་ལ་འབུལ་ལོ༴ མ་ཅིག༴ དངོས་གྲུབ༴ འབྲས་བུ་ལྔ་ལྡན་བདུད་རྩི་དང༌། །གཽ་རོ་ཙ་ན་སྤྲིན་ཆེན་དང༌། །མཧཱ་མཾ་ས་ཐལ་ཆེན་དང༌། །རཀྟའི་ཚོགས་དང་ཙིཏྟ་སྤུངས། །སྣ་ཚོགས་དཀྱིལ་འཁོར་མཆོད་པའི་རྫས། །མ་ལ༴ མ་ཅིག༴ དངོས་གྲུབ༴ གཞན་ཡང་མཆོད་པ་མ་ལུས་པ། །ཕྱི་དང་ནང་དང་གསང་བའི་རྟེན། །དམ་རྫས་ཉི་ཤུ་རྩ་ལྔ་སོགས། །དངོས་སུ་འབྱོར་


TNT06_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བསམ་པ་དང༌། །སེམས་ཀྱིས་དམིགས་ནས་འབུལ་ལགས་ཀྱི། །མ་ཅིག༴ དངོས་གྲུབ་དམ་པ་སྩལ་དུ་གསོལ། །མ་མོ་ནག་མོ་ས་ཏ་ཀུ་ལུ་ཀུ་ལུ་ཧ་ཧ་ཧ། མཾ་ས་ཁཱ་ཧི། རཀྟ་ཁཱ་ཧི། ཅེས་པས་མཆོད། ལྷ་ལ་དབང་བསྒྱུར་ལྷ་མོ་དཔལ་འབར་མ། །སོགས་རིགས་བཞི་ལྷ་མོ་བསྟོད་པས་བསྟོད་དོ། །དྲུག་ཅུ་པའི་ཆ་ལག་ལ་ཡང་ལྷ་མོའི་འདི་ལ་བར་འདིར་ལིང་ག་སྒྲོལ་ཆོག་ལྷག་པོ་ཞིག་ངེས་པར་དགོས་ཏེ། སོལ་བས་བྲིས་པའི་འབྲུབ་ཁུང་ཞིག་ཏུ་ལིང་ག་ཅིག་བཅས་ལ། འབྲུབ་ཁུང་བསྐྱེད་པ་དང༌། ལིང་ག་དགུག་གཞུག །སྭཱ་བྷཱ་ཝ་ནས། ཨཱ་བེ་ཤའི་བར་དཀྱུས་དང་འདྲ་བ་ལས། བཀའ་སྡོད་ཕྱག་བརྙན་དམ་ཅན་བསྲུང་མའི་ཚོགས་ཀྱི། ཞེས་པའི་ཚབ་ཏུ། དཔལ་ལྡན་གཉན་གྱི་རེ་མ་ཏཱི་འཁོར་མ་མོ་མཁའ་འགྲོ་སྡེ་བརྒྱད་དང་བཅས་པའི། ཞེས་འདོན་པ་སྤོ། ཀཱ་ལ་རཱུ་པའི་ཚབ་ཏུ། ཨོཾ་མཧཱ་ཀཱ་ལི་ཡེ་ཧཱུཾ་ཧཱུཾ་ཕཊ། ཅེས་འཇུག །ཧཱུཾ། རྣམ་པར་མི་རྟོག་ཐུགས་རྗེའི་བདག །ཅེས་སོགས་དང༌། སྟོང་པའི་ངང་ལས་ཨོཾ་ཧཱུཾ་ཕཊ། །ཡོངས་སུ་གྱུར་ལས་ཕུར་བུའི་ལྷ། །གནམ་ལྕགས་འབར་བའི་མེ་ལྕེ་འཁྲིགས། །རྩེ་མོ་གྲུ་གསུམ་དབལ་གྱི་དབྱིབས། །ཐོར་ཏོར་འཇམ་དཔལ་གཤིན་རྗེ་གཤེད། །དྲེགས་པ་མ་ལུས་འདུལ་མཛད་པ། །{ེད་པ་ཆུ་སྲིན་ཁ་ཡི་སྟེང༌། །གཙོ་མོ་འདོད་ཁམས་དབང་པོ་ནི། །གདུག་ཅན་མ་ལུས་ཐལ་བར་བརློག །དྲག་ཤུལ་ཐོགས་མེད་དབལ་གྱི་རྩེར། །འཇོམས་བྱེད་བདུད་མོ་རེ་མ་ཏཱི། །ལོགས་ལ་ནག་མོ་འབུམ་དང་བཅས། །གནག་པའི་དགྲ་བོ་བརླག་པར་བྱེད། །ད་ལྟ་དགྲ་ལ་ཕུར་བུས་འདེབས། །སྙིང་གི་གནས་སུ་ཀཱི་ལ་ཡ། །ལུས་ངག་སེམས་ལ་ཀཱི་ལ་ཡ། །དབང་པོ་དྲུག་ལ་ཀཱི་ལ་


TNT06_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཡ། །ཡན་ལག་དྲུག་ལ་ཀཱི་ལ་ཡ། །རྣམ་ཤེས་དབུགས་ལ་ཀཱི་ལ་ཡ། །ཚེ་སྲོག་མདངས་ལ་ཀཱི་ལ་ཡ། །ཞེས་བརྗོད་ནས། རོལ་མོའི་སྒྲ་དང་བཅས། དང་པོར་ཕུར་བུ་ལ་སྔགས་བཟླས་ལ་དྲོད་ཕྱིན་པར་སྒྲིལ། དེ་ནས་ལིང་གའི་གནས་ཐམས་ཅད་དུ་ཕུར་བུ་སྒྲིལ་བ་དང༌། ཧྲཱྀཿཥྚཱིཿས་མགོ་དྲངས། ཨོཾ་རོ་རུ་སོགས་དང༌། རེ་མ་ཏཱི་བཛྲ་ཀཱི་ལི་ཀཱི་ལཱ་ཡ། ཧཱུཾ་དགྲ་བོ་མཱ་ར་ཡ་ཕཊ། མ་མ་རཀྟ་རཀྴ་ཁ་མུ་དྲ། རུ་ལུ་རུ་ལུ་ཧཱུཾ་བྷྱོཿ བཛྲ་ཀཱི་ལི་ཀཱི་ལཱ་ཡ། ཧཱུཾ་དགྲ་བོ་མཱ་ར་ཡ་ཕཊ། ཅེས་བཟླ་བཞིན་དུ། ཕུར་བུས་བཏབ། རལ་གྲིས་བཏུབས་ཏེ། གཏོར་མ་ལ་བསྟབས། རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་འབུལ། ཁྲོ་རྒྱལ་གཤིན་རྗེ་གཤེད་པོའི་ཞལ་དུ་བསྟབས། །དཔལ་ལྡན་རེ་མ་ཏཱི་ཡི་ཞལ་དུ་བསྟབས། །མ་མོ་མཁའ་འགྲོ་སྟོང་གི་ཞལ་དུ་བསྟབས། །གནམ་ས་ཙམ་གྱི་ཞལ་གདངས་ལ། །གངས་རི་ལྟ་བུའི་ཚེམས་གཙིགས་ནས། །གློག་དམར་ལྟ་བུའི་ལྗགས་སྐྱོང་ཞིང༌། །ཤ་ཁྲག་རྒྱ་མཚོ་ཞལ་དུ་བསྟབས། །ཤ་ཆེན་རི་ལྟར་རྩིགས་པ་ཁ་རཾ་ཁཱ་ཧི། །རཀྟའི་ཆུ་བོ་སྟོང་ཕྲག་ཁ་རཾ་ཁཱ་ཧི། །དོན་སྙིང་དབང་པོ་གཽ་རོ་ཙ་ན་སོགས། །སྣ་ཚོགས་ཕུང་པོར་སྤུངས་པ་ཁ་རཾ་ཁཱ་ཧི། །ཞེས་གྱེར་ལ་དྲག་པོའི་གཏོར་སྔགས་བཟླ་བཞིན་དུ་རོལ་ཆེན་རིང་དུ་བསྐུལ་ལོ། །ལས་ལ་གཏད་བསྐུལ་ཚར་གཅིག་ཁོ་ན་བྱེད་ན། གཏོར་མ་འཕེན་ཁར་བྱེད་པ་ཡིན། ལན་གཉིས་བྱེད་ན་སྐབས་འདིར་ཡང་བསྐུལ་ཏེ། གང་ལྟར་ནའང་མདོར་བསྡུས་འདི་ཙམ་བྱ་སྟེ། ཧཱུཾ་བྷྱོཿ རྡོ་རྗེ་འཛིན་པ་བདག་ཅག་གིས། །ལྷ་རུ་དཀོན་མཆོག་གསུམ་པོ་བསྟེན། །སྲིད་ཕུགས་དམ་པའི་ཆོས་ལ་གཏད། །ལས་སུ་དམ་ཚིག་གཉན་པོ་བསྲུང༌། །རྟག་ཏུ་གསང་


TNT06_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྔ་ཆུང་བརྡུངས། །གྲོགས་སུ་ལྷ་མོ་ཁྱེད་སྒྲུབས་སོ། །དཀའ་བ་དང་དུ་བླངས་ནས་ཁྱེད་སྒྲུབས་སོ། །ལུས་སེམས་རྡུལ་དུ་བརླགས་ནས་ཁྱེད་སྒྲུབས་སོ། །དབེན་གནས་ཞྭ་ལྟར་གོན་ནས་ཁྱེད་སྒྲུབས་སོ། །བསྟེན་ཅིང་སྒྲུབས་སོ་དམ་ཅན་ཚོགས། །བོས་པའི་དུས་སུ་སྙན་མ་སྲ། །གཡབས་པའི་དུས་སུ་སྤྱན་མ་གཏུལ། །རྦད་པའི་དུས་སུ་བང་མ་བུལ། །བཅོལ་བའི་དུས་སུ་མཐུ་མ་ཆུང༌། །དམ་ཉམས་དགྲ་བགེགས་སྡིག་ཅན་འདི། །ད་ལྟ་ཉིད་དུ་མྱུར་དུ་ཁུག །ལས་ཀྱི་ཕོ་ཉ་དུས་ལ་ཁྱེ། །དམ་ཅན་ཚོགས་ནི་སྤྲིན་ལྟར་གཏིབས། །བཀའ་སྡོད་ཚོགས་ནི་གློག་ལྟར་འཁྱུག །རྨུ་ཁབས་དགྲ་དང་བགེགས་ལ་ཐོད། །དལ་ཡམས༴ གཟེར་ཐབས༴ མཛེ་ནད་སྨྱོ་འབོག་དགྲ་ལ་ཐོང༌། །དམ་ཚིག་ཉམས་པའི་དགྲ་བགེགས་འདིའི། །གནམ་གྱི་འཇུ་ཐག་སྐྱ་བོ་ཆོད། །ས་ཡི་ལྟེ་ཕུར་ནག་པོ་ཐོན། །ལས་ཀྱི་རླུང་གིས་རྒྱབ་ནས་ཕུལ། །འཇིགས་པའི་མུན་པས་མདུན་ནས་བསུས། ཁ་ནས་ཁོང་ཁྲག་སྐྱུག་ཏུ་ཆུག །ཁོང་པའི་ནང་ནས་སྙིང་ཕྱུང་ཞིག །དཔྲལ་བའི་དབྱིངས་ནས་མིག་ཕྱུང་ཞིག །ལྟག་པའི་ཕྱོགས་ནས་བདུད་ཆོད་ཅིག །དགྲ་བགེགས་སྲོག་རྩ་མྱུར་དུ་ཆོད། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོཿ ། ཐམས་ཅད་གནོད་པའི་བགེགས་ལ་བྷྱོཿ ། མ་མོ་འཁོར་བཅས་དགྲ་ལ་བྷྱོཿ ། མ་མོ་འཁོར་བཅས་བགེགས་ལ་བྷྱོཿ ། སྡེ་བརྒྱད་ཐམས་ཅད་དགྲ་ལ་བྷྱོཿ ། དགྲ་བོའི་བླ་ཚེ་ཐུམ་ཧྲིལ་བྷྱོཿ ། དགྲ་བོའི་ཚེ་སྲོག་ཐུམ་ཧྲིལ་བྷྱོཿ ། དགྲ་བོའི་དབུགས་རྔུབ་ཐུམ་ཧྲིལ་བྷྱོཿ ། དགྲ་བགེགས་སྲོག་ལ་བྲེང་བྲེང་རྒྱུག །དགྲ་བགེགས་སྙིང་ལ་རྦད་ཤག་བྷྱོཿ ། ཞེས་པའོ། །ཆོས་རྒྱལ་གྱི་གཏོར་མའི་


TNT06_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་འདིའི་གཏོར་ཟོང་འཕང་ངོ༌། །རྗེས་ཆོག་གི་སྐབས། བསྐང་གཏོར་ལ་མཐེབ་ཀྱུ་གཅིག་གསོས། འབྲུ་གསུམ་གྱི་བྱིན་གྱིས་བརླབས་ནས་གཏོར་སྔགས་སྔ་མ་དེས་འབུལ། མཆོད་པ་ལོགས་སུ་མི་དགོས་ཞོར་གྱིས་ཆོག །བསྟོད་པ་ནི་ཡི་དམ་གྱི་རྗེས་སུ། བསྟོད་ཐུང་ཤོ་ལོ་ཀ་གཅིག་ཙམ་ལོགས་སུ་འགྲུབ་ནའང་ལེགས་སོ། །དཔལ་གཤིན་རྗེ་གཤེད་པོའི་ལས་བྱེད་གྱི་གཙོ་མོ་དྲག་ཤུལ་ཅན། དཔལ་ལྷ་མོ་རེ་མ་ཏཱིའི་དྲག་གཏོར་དང༌། དྲུག་ཅུ་རྩ་བཞིའི་གཏོར་བཟློག་སྦྲེལ་ནས་སྒྲུབ་ཚུལ་བཤད་ཟིན་ཏོ།། །།བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་སྒོམ་པ་པོ་ལ་བཀའ་སྡོད་ཕྱོགས་སྐྱོང་གི་གཏོར་ཆོག་ནི། མཆོག་སྒྲུབ་པའི་སྐབས་དང༌། འཕྲིན་ལས་རྣམ་བཞི་གང་སྒྲུབ་ཀྱང་དགོས་པ་ཡིན་ལ། དེ་ལ་ཡང་རྒྱས་པ་དྲུག་ཅུ་རྩ་བཞི་དང༌། བསྡུས་པ་རྩ་བའི་གཏོར་ཆོག་གཉིས་ཡོད། ཆོས་རྒྱལ་ལས་ཀྱི་གཤིན་རྗེའི་གཏོར་མའི་སྐོར་རྣམས་གཤིན་རྗེ་ཉིད་ཀྱི་སྒོས་སྒྲུབ་ཡིན་པའི་ཕྱིར། སྤྱི་བབས་ཀྱི་གོ་བ་ལ། དྲུག་ཅུ་རྩ་བཞི་དང་འབྲལ་མེད་དུ་དགོས་པའི་ཆོ་ག་མིན་ཡང༌། དྲག་པོ་གཙོ་ཆེ་བའི་སྐབས་སུ། གཤིན་རྗེ་ལས་ལ་གཏད་བྱེད་པ་ཤིན་ཏུ་གལ་ཆེ་བའི་ཕྱིར། མན་ངག་ལག་ལེན་གྱི་རྒྱུན་དུ། དྲུག་ཅུ་བཞིའི་དྲག་གཏོར་མཛད་ཕྱིན། ལས་གཤིན་གྱི་གཏོར་བསྔོ་དང་ལས་གཏད་ངེས་པར་མཛད་པ་ཡིན། དེ་ལའང་ལས་གཤིན་གཙོ་རྐྱང༌། ལྕམ་དྲལ། བཅུ་གསུམ་མ་སོགས་གང་བྱས་ཀྱང་རུང་མོད། བཅུ་གསུམ་མ་ལྟ་བུར་འཁོར་མང་སྟོབས་ཆེ་བར་བཞེད་དོ། །ཡང་མགོན་ནག་རེ་མ་ཏཱི། དབང་ཕྱུག་ཆེན་པོ་སྟེ་གསུམ་པོ་འདི་ས་སྐྱ་ངོར་རྫོང་གཉིས། ཞལ་དགེ་བོ་གསུམ་སོགས་ཕྱིས་བྱུང་བོད་ཀྱི་དམར་ནག་འཇིགས་གསུམ་པར་གྲགས་པ་གཞན་རྣམས་ལ་གྲགས་ཤིན་ཏུ་ཆུང་ཞིང༌། དེང་སང་མན་ངག་ཕྱིན་ཅི་མ་ལོག་པའི་


TNT06_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལེན་ཀྱང་ཡེ་མི་འདུག །གཏོར་བཟློག་བྱེད་པའི་སྲོལ་ཡང་མི་སྣང་ངོ༌། །ངེད་ཀྱི་བླ་མ་དམ་པ་རིགས་སྔགས་འཆང་བའི་དབང་ཕྱུག་ཤཱི་ལ་སཱ་ག་ར་དང༌། དེ་ཉིད་ཀྱི་ཐུགས་སྲས་གཅུང་དོན་གྲུབ་ལེགས་པའི་ཞལ་སྔ་ནས་ལ། འདི་དག་གི་མན་ངག་ཕྱིན་ཅི་མ་ལོག་པ་མངའ་ཞིང༌། བཟླས་བརྗོད་ཀྱི་ནུས་པ་ཡང་ཐོན་ལ། འདི་རྣམས་ཀྱི་གཏོར་བཟློག་ཀྱང་སྐབས་འགའ་རེར་ཕྱག་ལེན་དུ་མཛད་པའི་རྒྱུན་ཡོད་པས། བདག་གིས་ཅུང་ཟད་འཁུམས་པ་ལགས་སོ། །དེས་ན་དྲུག་ཅུ་པའི་དྲག་པོའི་གཏོར་བཟློག་གི་སྐབས་སུ། ཟུར་བཀའ་ལྡེ་ཐུང་བཞི་ལས། སྐབས་འདིར་ལས་གཤིན་འཆག་ཐེབས་མེད། སྤྲོ་ན་གཞན་གསུམ་པོ་ཇི་ལྟར་འོས་པ་རེ་སྦྱོར་ཏེ། གལ་ཆེན་ལས་སྟོབས་ཆེན་པོ་དགོས་པའི་སྐབས་བཞི་ཀར་འགྲུབ་ན་ཤིན་ཏུ་ལེགས། བཤོམས་ནི་དྲུག་ཅུ་པའི་མདུན་དུ་ཆོས་རྒྱལ། གཡས་སུ་མགོན་ནག །གཡོན་དུ་ལྷ་མོ། རྒྱབ་ཏུ་དབང་ཕྱུག་བཤམ་པའམ། ཡང་ན་མདུན་དུ་བཞི་ཅར་སྒྲིག །ཡང་ན་གཡས་སུ་གཤིན་རྗེ་དང་མགོན་པོ། གཡོན་དུ་ལྷ་མོ་དང་དབང་ཕྱུག་སྒྲིག་ཀྱང་རུང་ངོ༌། །དེ་ཡང་ཆོ་ག་གྲྭ་བ་ཐམས་ཅད་ཀྱིས། ཤེས་ཤིང་སྤྲོ་ལོང་ཡོད་ན། ཐམས་ཅད་ཀྱི་བཞི་ཅེར་འདོན། དེ་བཞིན་མ་ཡིན་ན་ལྡེ་ཐུང་ཚོ་བཞི་ཀར་སོ་སོར་སྒྲུབ་ཀྱང་རུང་མོད། ད་ལྟ་ལག་ལེན་དུ་འདེབས་རྒྱུ་ལ་ཐམས་ཅད་ཀྱིས་བཞི་ཀར་ཡོད་ན་ལེགས། དེ་མིན་ན་ལས་གཤིན་གྱི་སྐོར་རྣམས་ཀུན་གྱི་ཕྱོགས་གཅིག་ཏུ་བྱས། གཞན་གསུམ་པོ་ལ་སོ་སོའི་བསྙེན་པ་སོང་བ་རེས་འགོ་བྱས་ནས། སོ་སོར་བགོས་ཏེ་སྒྲུབས་ཀྱང་མི་ལེགས་པ་མི་ཡོང་ངོ༌། །བཞི་ཅར་རིམ་ཅན་དུ་སྒྲུབ་པ་ལ་ཡང་རྩ་བའི་གཏོར་བསྔོའི་སྐབས། སོ་སོའི་རྩ་བའི་གཏོར་མ་དང༌། དྲག་པོ་མཆོད་པའི་སྐབས། སོ་སོའི་དྲག་གཏོར་བྱེད་པ་སོགས་སྤེལ་ན་ཡང་ལེགས་མོད། ལག་ལེན་


TNT06_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

འཛིངས་ཤིང་མི་བདེ་བའི་ཉེན་ཡོད་པས། རྩ་བའི་གཏོར་ཆོག་གི་སྐབས་འདི་ཀར། ལྡེ་ཐུང་ཕྱི་མ་གསུམ་པོའི་ཆོ་ག་གཞན་རྣམས་རྫོགས་པར་བྱས། གཏོར་འཕེན་གྱི་དུས། སོ་སོའི་བསྐུལ་བ་རྣམས་ཀྱི་མཐར་གཏོར་མ་རེ་རེ་ནས་འཕེན་པའམ། བསྐུལ་བ་རིམ་ཅན་དུ་བར་མ་ཆད་པར་བྱས་ནས། དེ་རྗེས་གཏོར་མ་དུས་གཅིག་ཏུ་འཕེན་པ་གཉིས་ལག་ལེན་གང་བདེ་བྱ། ཟུར་བཀའ་བཞི་པོ་སྔ་ཕྱིའི་གོ་རིམ་ལ། ལྷ་གཙོ་ཆེ་ཆུང་གི་དབང་དུ་བྱས་ནས། དང་པོར་དཔལ་མགོན་ནག་དང༌། དེ་རྗེས་དཔལ་ལྷ་མོ། དེ་ནས་ལྷ་ཆེན། དེ་རྗེས་གཤིན་རྗེས་རྣམས་ཡིན་ལ། རང་གཅིག་པུ་སྒྲུབ་པའི་ཚེ། རང་ཉིད་གང་ལ་གཙོ་བོར་བྱེད་པ་དེ་ཐོག་མར་བྱས་པས་ཆོག །དེ་ལྟ་ན་ཡང་དེང་སང་ཆོག་གྲྭའི་རིགས་ལ། ཡི་དམ་ཕྱོགས་སྐྱོང་ཆོས་རྒྱལ་གསུམ་པོ་ཆོ་ག་འདྲེས་མར་འབྱུང་བས། འབྲལ་མི་རུང་གི་དབང་དུ་བྱས། ཆོས་རྒྱལ་གྱི་ཆོ་གས་གཞུང་སྲོང་སྟེ། མིའི་གཙོ་བོའི་རྒྱལ་པོ་ཡིན་ཡང་ཡི་གེ་འབྲི་བ་ལ་ཡིག་མཁན་གཙོ་ཟེར་བའི་དཔེ། ཕྱོགས་སྐྱོང་གི་དེ་མ་ཐག་ཏུ་ཐོག་མར་ཆོས་རྒྱལ་གྱི་གཏོར་བསྔོ་བྱ། དེ་སོང་བའི་རྗེས་སུ་གཞན་ལྡེ་ཐུང་གསུམ་པོ་གང་ཡང་རུང་བ་གཅིག་གམ། གཉིས་སམ། གསུམ་ཀའི་ཆོ་ག་རྣམས་རྫོགས་པར་བྱའོ། །དེ་ཡང་ཆོས་རྒྱལ་ཡན་ཆོད་ཟིན་ལྷག་མ་རྩ་བའི་གཏོར་ཆོག་གི་སྐབས་ལྷ་ཆེ་རིམ་ནས་འབུལ་དགོས་པས། མགོན་ནག །ལྷ་མོ། ལྷ་ཆེན་ཞེས་པའི་རིམ་པས་འབུལ། གཉིས་སུ་བྱེད་ན་མགོན་ནག་དང་དབང་ཕྱུག་གམ། ལྷ་མོ་དང་དབང་ཕྱུག་གམ། མགོན་ནག་དང་ལྷ་མོ་ཞེས་པའི་རིམ་པའི་འབུལ་ལོ། །བཞི་ཀ་ལ་ལས་བཅོལ་གཏོད་དགོས་པས་ན་ལས་གཤིན་གྱི་སྟོང་གསུམ་མའི་སྐབས། ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས། །སངས་རྒྱས་ཕྱག་བརྙན་ནག་པོ་ཆེ། །འདོད་ཁམས་བདག་


TNT06_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རེ་མ་ཏཱི། །བྱེད་པོ་མཐུ་ཆེན་དབང་ཕྱུག་དྲག །མ་མོ་གཤིན་རྗེ་སོགས་ཏེ་གང་བྱེད་པ་དེ་དང་དེའི་འདོན་པ་བསྒྱུར་དགོས། གཏོར་མ་འཕེན་པའི་སྐབས་ལྷ་ཆེ་རིམ་ནས་འཕེན་པ་དང༌། ཆུང་རིམ་ནས་འཕེན་པ་དང༌། རང་གང་ལ་གཙོ་བོར་བྱེད་པ་དེ་ཐོག་མར་འཕེན་པ་དང༌། དེ་འདྲ་དེ་འཇུག་ཏུ་འཕེན་པ་སོགས་ལག་ལེན་མི་འདྲ་བ་དུ་མ་ཡོད་ཀྱང༌། འདིར་མན་ངག་ནི། ལས་སྣ་མ་མོས་འདྲེན་པའི་ཕྱིར། ཐོག་མར་ལྷ་མོའི་གཏོར་མ་འཕངས། དེ་རྗེས་ཐུན་མོང་མ་ཡིན་པའི་ཕྱིར། མགོན་ནག་དང་ལྷ་མགོན་གཉིས་འཕེན་དགོས་པ་ལས། ཐོག་མར་མགོན་ནག་འཕེན་པ་གནད་ཆེ། དེ་རྗེས་གཤིན་རྗེའི་གཏོར་མ་འཕེན་ཏེ། དེ་དང་དྲུག་ཅུ་རྩ་བཞི་པར་མཆོད་པར་བྱེད་པ་ལག་ལེན་གྱི་རྒྱུན་ཡིན་ཞིང་དྲུག་ཅུ་རྗེས་ལ་འཕེན་དགོས་པས་སོ། །དེ་ཡང་གཏོར་བསྐུལ་གྱི་སྐབས། ལས་ཀྱི་གཤིན་རྗེ་འཁོར་བཅས་ཀྱིས། །དོ་ནུབ་ཟོར་གྱི་ལས་མཛོད་ཅིག །ལྷ་ཆེན་དཔལ་འབར་ནག་པོ་ཡིས། །དོ་ནུབ༴ ལྷ་མོ་ནག་མོ་སྲིད་གསུམ་བདག །དོ་ནུབ༴ ལེགས་ལྡན་དྲག་པོ་ལྷ་ཆེན་ཡང༌། །དོ་ནུབ༴ ཅེས་གང་གང་བྱེད་པ་དེ་དེའི་འདོན་པ་བསྒྱུར་རོ། །ཡང༌། གནོད་པའི་བགེགས་ཀྱི་སྟེང་དུ་བྷྱོཿ ། ཞེས་པ་ཡན་ཆད་ཐུན་མོང་བ་ཡིན་ལ། ངན་པ་བཟློག་ལ་ཞེས་པ་ནས། ཆོས་དབྱིངས་ངང་དུ་དག་པར་མཛོད། །ཅེས་པའི་བར་བརྗོད་པ་ནི་བཟློག་པ་ཙམ་གྱི་སྐབས་ཡིན། བཟློག་པ་ཙམ་ལ་ལྡེ་ཐུང་གསུམ་པོ་སོ་སོའི་བསྐུལ་བ་ཡང་མ་བྱས་པར་གཏོར་མ་འཕངས་པས་ཆོག །བསད་ལས་ཡིན་ན། བགེགས་ཀྱི་སྟེང་དུ་བྷྱོཿ ། ཞེས་པའི་རྗེས་ལ། ལྡེ་ཐུང་གསུམ་པོའི་བསྐུལ་རྣམས་རིམ་ཅན་དུ་སོང་ནས། མ་རུངས་གཏུམ་པོ་སྡིག་པ་ཅན། །ཞེས་སོགས་བྱ་སྟེ། དམོད་ཚིག་ཕྱི་མ་འདི་གཤིན་རྗེ་ཕྱོགས་སྐྱོང་དང་བཅས་པའི་ལས་བསྐུལ་


TNT06_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་སོ། །གོ་བབབས་ལ་དེ་ལྟར་ཡིན་ཡང༌། བསྟན་པ་ལ་གནོད་བྱེད་ཀྱི་སྟེང་དུ་འཕང་དགོས་ན། བཟློག་པ་ཙམ་ལས་བཟློག་བསད་སྦྲགས་པ་རང་གནད་དུ་ཆེ་བས། བགེགས་ཀྱི་སྟེང་དུ་བྷྱོཿ ། ཞེས་པའི་རྗེས་ལ། ངན་པ་བཟློག་ལ་ནས། དག་པར་མཛོད། ཀྱི་བར། བཟློག་པའི་ཚིག་རྣམས་རྫོགས་པ་དང༌། ལྡེ་ཐུང་གསུམ་པོ་སོ་སོའི་བསྐུལ་དང༌། མ་རུང་གཏུམ་པོ་ཞེས་སོགས་ལས་གཤིན་རྗེ་ཕྱོགས་སྐྱོང་སྦྲགས་པ་བསྐུལ་ནས། འཕེན་པ་ཉིད་ཡིན་ནོ། །དེང་སང་གི་སྡེ་དཔོན་སོགས་སྐྱེ་བོ་མི་ནག་པ། ཡིད་བརྟན་མེད་པ་རྣམས་ཀྱི་རིམ་གྲོ་ལ་བྱེད་དགོས་བྱུང་ན། བཤོམས་ཀྱི་སྤྲོས་པ་དང༌། ལུས་ཀྱི་རྣམ་འགྱུར་དང༌། གྲེ་བའི་སྐད་རྒྱངས་ཆས་གོས་རོལ་མོ་སོགས་ཁྲོམ་ཤོགས་ལ་གཟབ་དགོས་ཀྱི། མན་ངག་གི་གནད་དང་ལག་ལེན་མ་འཁྲུལ་བ་དགོས་ཀྱང་མི་དགོས་ལ། བྱས་ཀྱང་སྒྲུབ་པ་པོ་རང་ལ་འཁུ་ཟློག་ཆེ། སྡིག་ཅན་དར་ན་བསྟན་པ་དང་སེམས་ཅན་ལ་གནོད་པ་ལས་མེད། ཡོན་བདག་གི་མིང་ཅན་ཚོས་ཀྱང་ཟོག་གིས་ཁོ་རང་ཚོ་མགོ་སྐོར་བ་དང༌། ལག་ལེན་རྣམ་དག་བྱས་པའི་དབྱེ་བ་མི་ཤེས་པས། སྲུང་བཟློག་ཚུལ་བཞིན་བྱས་པའི་དྲིན་དྲན་པ་ཡང་མི་ཡོང༌། ཨ་ཡུ་ཏ་རའི་རྒྱལ་ཁམས་སུ། །མཁས་པ་ལས་ཀྱང་སྨྱོན་པ་བྲིན། །བྱ་བ་ཡིན། མི་དེ་ཚོས་རིགས་ལ་ཕྱི་ནང་བར་གསུམ་ཐམས་ཅད་ནས། རྒྱུན་དུ་མགོ་གཡོགས་གཏོང་མཁན་ཞིག་ཀ་ཡོང་ཡང་ཡོང་གི་འདུག་སྟེ། དེ་ཀ་འཁོ་ཡང་འཁོ་བ་འདུག་གོ །འདིར་ལག་ལེན་རྣམ་གྲངས་ཅིག་ལ། ཟོར་འཕེན་མཁར་དཀྱིལ་འཁོར་བསྡུ་བའི་སྲོལ་འདུག་པ། དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་ནི། རྗེས་ཆོག་གི་སྐབས་སུ་བསྡུ་བ་མ་གཏོགས། འདིར་མི་བསྡུ་བར་རང་ལེགས་ཤིང༌། གཞན་རྣམས་ཀྱང་སྤྱིར་དེ་དང་འདྲ་མོད། གོ་སྐབས་ཡངས་དོག་སོགས་དགག་དགོས་ཀྱིས་


TNT06_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བར་སྤྲོ་ན། ལས་མཁན་ཙམ་དང༌། སྒོས་སྒྲུབ་ཀྱི་ཟུར་འདེབས་ཙམ་ལེན་པས། སྐབས་འདིར་བསྡུས་ཀྱང་འགལ་བ་ཆེན་པོའང་མེད། དེ་ལྟ་ན་དང་པོ་བཤོམས་ཀྱི་དུས་བསྐངས་གཏོར་རྣམས་གཏོར་མའི་དཀྱུས་ལ་བཤོམས་པ་ཁོ་ན་དགོས། རྗེས་ལ་དྲག་གཏོར་རྣམས་ཕྱི་རོལ་ཏུ་འདོན་ཁར། མཆོད་བསྟོད་ཡིག་བརྒྱ་བཟོད་གསོལ་བྱས་ཏེ། བྲིས་སྐུ་ཡོད་ན་དཀྱིལ་འཁོར་སོ་སོའི་གཙོ་བོ་རྣམས་བྲིས་སྐུའི་ཐུགས་ཀར་སྟིམ། གཞན་རྣམས་ནམ་མཁའ་སྤར། དཀྱིལ་འཁོར་དང་མཆོད་པ་རྣམས་བསྡུས་ཏེ། སོ་སོའི་གཏོར་མ་ལ་བསྟབས། གཏོར་མའི་ལྷ་ཞལ་བསྒྱུར་དགོས་པ་སྐབས་འདིར་ཞལ་བསྒྱུར་རམ། འཕེན་ཁར་ཞལ་བསྒྱུར་གང་བདེ་ཡིན་ནོ།། །།ཡང་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བདག་བསྐྱེད་སྔོན་དུ་སོང་ཞིང༌། མདུན་བསྐྱེད་ཡི་དམ་སྐོར་ཀྱི་ཆོ་ག་རྣམས་བཏང་ནས། ཕྱོགས་སྐྱོང་གི་རྩ་བའི་གཏོར་བསྔོ་ནི་ངེས་པར་བྱེད་དགོས། དྲུག་ཅུ་རྩ་བཞིའི་སྐོར་རྣམས་དང༌། ཤར་ཕྱོགས་རབ་འཇིགས་སོགས། ཕྱོགས་སྐྱོང་གི་ཐུགས་དམ་བསྐུལ་བ་བོར། ཕྱོགས་སྐྱོང་བཅུ་ཡི་སྣ་དྲངས་ཏེ། །ཞེས་པ། སྡེ་བརྒྱད་གཙོ་བོའི་སྣ་དྲངས་ཏེ། །ཞེས་པར་འདོན་པ་བསྒྱུར་བ་ལྟ་བུ་རིག་པས་དཔྱད། ཕོ་ཉ་སྤྲོ་བ་ཡང་བཞག་ན། དྲུག་ཅུ་པ་མ་ཡིན་པའི་ཆོས་རྒྱལ་ལས་ཀྱི་གཤིན་རྗེའི་གཏོར་བཟློག་ཁོ་ནར་འགྱུར་ཞིང༌། དེ་བཞིན་དུ་ཡི་དམ་གྱི་སྐོར་དང་ཕྱོགས་སྐྱོང་གི་རྩ་གཏོར་རྣམས་སོང་བའི་རྗེས་སུ། ལས་གཤིན་གྱི་སྐོར་རྣམས་སྤངས་ཏེ། ཡི་གེ་འདི་ནང་བཞིན་དུ་མགོན་ནག་ཁོ་ནའི་གཏོར་ཟོར་འཕང་པ་དང༌། དེ་བཞིན་དུ་ལྷ་མགོན་དང༌། དཔལ་ལྷ་མོ་རེ་རེའི་སྐོར་རྣམས་ལག་ཏུ་བླངས་ན་ཡང༌། དེ་དང་དེའི་གཏོར་བཟློག་གམ། བསད་ལས་སུ་འགྱུར་བས་ཇི་ལྟར་མོས་པ་དེ་བཞིན་དུ་སྒྲུབ་ན། དོན་དང་ལྡན་པར་འགྱུར་རོ། །


TNT06_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་རྐྱང་བ་བྱེད་པའི་སྐབས་འདིར་ཡང་གཏོར་མ་རྐྱང་བ་འཕངས་ཀྱང་ཆོག །བཞི་ཀ་ལ་ཟོར་སྣ་ཐམས་ཅད་འགྲུབ་ན་རབ། མ་འགྲུབ་ན་མགོན་པོ་ལ་ཕུར་ཟོར། ལྷ་མོ་ལ་ཁྲག་ཟོར། དབང་ཕྱུག་ལ་མདའ་ཟོར་དང་རྭ་ཟོར། ཆོས་རྒྱལ་ལ་ཐོད་ཟོར་རྣམས་བསྔགས་པ་ཡིན། མཆོད་འཕྲེང་སྟོང་གསུམ་མ་འོག་མ་ལ་འདོན་པ་བསྒྱུར་བ་གོང་དུ་བཤད་པ་དེ་ལ་དཔགས་ནས་རིག་པས་དཔྱད། མགོན་པོ་དང་ལྷ་མོ་ལ་བསྐང་གསོ་རེ་གྲུབ་ན་ཤིན་ཏུ་ལེགས། ཆོས་རྒྱལ་དང་ལྷ་མགོན་ལ་བསྐང་གསོའམ་མཆོད་འཕྲེང་རྒྱས་པའི་ཡིག་རྙིང་མེད་ཅིང༌། གསར་པ་ཡང་ལྷ་མགོན་ལ་མ་མཐོང༌། ཆོས་རྒྱལ་ལ་ནི་འདུག་མོད་ཀྱང༌། འདི་གཉིས་ལ་མགོན་པོའི་འདི་འདོན་པ་བསྒྱུར་ན་རུང་ངོ༌། །དེ་ཡང་འདི་ལྟ་སྟེ། ཧཱུཾ། ལྷ་ཆེན་དཔལ་འབར་འཁོར་བཅས་ལ། །བདག་གིས་མཆོད་པ་འབུལ་བ་ནི། །ཕྱོགས་བཅུ་དུས་གསུམ་འཇིག་རྟེན་ཁམས། །སྣོད་བཅུད་བདེ་བ་ཆེན་པོར་སྤྲུལ། །རིགས་སུ་ཆད་པ་མེད་པ་ཡི། །ཡིད་འོང་བཀོད་པ་ཐམས་ཅད་དང༌། །མཎྜལ་མེ་ཏོག་སྣ་ཚོགས་བཀྲམ། །རི་མོ་སྣ་ཚོགས་འབར་བ་འདིས། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང༌། །དགྱེས་ཤིང་མཐུ་དང་ལྡན་གྱུར་པས། །བར་ཆད་ཐམས་ཅད་སེལ་བ་དང༌། །འདོད་པའི་དོན་ཀུན་སྒྲུབ་མཛད་ཅིང༌། །ཆོས་འཁོར་སྐྱོང་བའི་འཕྲིན་ལས་མཛོད། །རཀྟའི་ཨརྒྷཾ་ཞབས་བསིལ་དང༌། །དབང་ལྔའི་མེ་ཏོག་ཚིལ་ཆེན་སྤོས། །མདངས་ཆེན་སྣང་གསལ་མཁྲིས་པའི་དྲི། །ཤ་རུས་བཤོས་གཙང་མཆོད་པར་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ རྟ་ལུག་གཡག་ཁྱི་ནག་པོ་སོགས། །སེང་གེ་


TNT06_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་སོགས་གཅན་གཟན་དང༌། །འདབ་ཆགས་སྣ་ཚོགས་ཕྱུགས་ལ་སོགས། །རྐང་འགྲོ་སྣ་ཚོགས་མཆོད་པར་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ ཞྭ་ནག་གོས་ནག་སྟན་ནག་དང༌། །མདའ་དར་གྲི་སྙིང་སྲོག་འཁོར་བཅས། །གྲི་གུག་ལ་སོགས་ཕྱག་མཚན་དང༌། །སྣ་ཚོགས་མཚོན་ཆས་ཐུགས་དམ་བསྐངས། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ ཁ་ཟས་བཟང་རྒུ་སྣ་ཚོགས་ཀྱི། །ཟས་མཆོག་གཏོར་མ་རྒྱ་ཆེན་དང༌། །མཾ་ས་མྱོས་བྱེད་ཤིང་ཐོག་སོགས། །ཚོགས་ཀྱི་མཆོད་པ་རྒྱ་ཆེར་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ གསར་རྙིང་ཤ་སྣ་སྙིང་སྣའི་ཚོགས། །བསྲེགས་བཙོས་བརྗེས་སོགས་རི་ལྟར་བརྩིགས། ཁྲག་སྣ་སྣ་ཚོགས་རྒྱ་མཚོར་བསྐྱིལ། །རུས་པའི་ཕུང་པོ་མཆོད་པར་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ དམ་རྫས་བདུད་རྩི་ཨ་མྲྀ་ཏ། །ནུས་མཐུའི་ཁྱད་པར་སྨན་གྱི་ཚོགས། །འབྲས་ཆང་རྒུན་ཆང་བཙོས་པའི་ཆང༌། །བཏུང་བ་རྒྱ་མཚོ་མཆོད་པ་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ མི་ལྤགས་གླང་ལྤགས་སྟག་ལྤགས་སོགས། །ན་བཟའི་ཁྱད་པར་མཐའ་ཡས་དང༌། །སྦྲུལ་དང་རུས་རྒྱན་མགོ་ཕྲེང་སོགས། །རྒྱན་རྣམས་ཐམས་ཅད་སྐུ་ལ་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ ཁྲག་ཞག་རྒྱ་མཚོ་རྡོ་རྗེའི་རི། །དུར་ཁྲོད་འབར་བ་འཇིགས་པའི་གནས། ཁང་


TNT06_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་གཞལ་མེད་གཙུག་ལག་ཁང༌། །ཇི་སྙེད་བཞུགས་པའི་གནས་སུ་འབུལ། །དགྱེས་ཤིང་༴ འདོད་པའི༴ ཆོས་འཁོར༴ བྲན་པ་ཕོ་མོ་ཕོ་ཉ་གྱད། །བུད་མེད་སྣ་ཚོགས་རྒྱན་གྱིས་བརྒྱན། །དམག་དཔུང་གོ་མཚོན་གྲངས་ལས་འདས། །བང་མཛོད་སྣ་ཚོགས་མགོན་ལ་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ བདུད་རྣམས་ཐམས་ཅད་དཔའ་སྐོང་ཞིང༌། །དགེ་རྣམས་སྤྲོ་བ་བསྐྱེད་པ་དང༌། །ལེགས་ལྡན་མཐུ་སྟོབས་བསྐྱེད་པའི་ཕྱིར། །རོལ་མོ་སྒྲ་དབྱངས་སྙན་ལ་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ གླུད་དང་གཟུགས་བརྙན་ཇི་སྙེད་དང༌། །ཡས་སྟགས་མདོས་ཀྱི་ཁྱད་པར་དང༌། །སྤྱན་གཟིགས་རྣམ་པ་དུ་མ་ཡིས། །ས་དང་བར་སྣང་ཁྱབ་པར་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ རྟེན་གཏོར་ཆེན་པོ་ཐུགས་ཀྱི་རྟེན། །ཉེ་བར་བསྙེན་པའི་རྒྱུན་གཏོར་དང༌། །རྟགས་ཀྱི་གཏོར་མས་ལས་ལ་བསྐུལ། །དམ་རྫས་གཏོར་མས་ཐུགས་དམ་བསྐངས། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ གཞན་ཡང་མཆོད་པའི་ཡོ་བྱད་ཀུན། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །ཕྱག་རྒྱ་སྔགས་དང་བཅས་ཏེ་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ བཟླས་བརྗོད་ཏིང་འཛིན་ཚོགས་རྣམས་དང༌། །སྔགས་ཀྱི་ནོར་བུ་ཁྱེད་ལ་འབུལ། །རྣམ་དག་རང་


TNT06_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལྟ་བའི་མཆོག །རབ་ཏུ་ཡངས་པའི་ཀློང་དུ་གནས། །དགྱེས་ཤིང་མཐུ་དང་ལྡན་གྱུར་པས། །བར་ཆད་ཐམས་ཅད་སེལ་བ་དང༌། །འདོད་པའི་དོན་ཀུན་སྒྲུབ་མཛད་ཅིང༌། །ཆོས་འཁོར་སྐྱོང་བའི་འཕྲིན་ལས་མཛོད། །དཔལ་ལྡན་ཡེ་ཤེས་མགོན་པོ་མཆོད་པ་ཡིས། །ཉམས་ཆགས་འཁུ་ལྡོག་མ་ལུས་བྱང་བ་དང༌། །ཚེ་དང་བསོད་ནམས་ཡེ་ཤེས་ལོངས་སྤྱོད་སོགས། །ཡང་ངོའི་ཟླ་བ་ལྟ་བུར་རྒྱས་པར་མཛོད། །ཅེས་པ་བསྐང་བ་མདོར་བསྡུས་པའོ། །སྤྱིར་ཟུར་བཀའ་བཞི་པོ་འདི་སྒོས་སུ་སྒྲུབ་པ་ལ། ཡི་དམ་ཚད་ལྡན་གང་གིས་བཅུན་ཀྱང་རུང་མོད། ཁྲོ་བོ་ཆེན་པོ་རེ་ལྷག་པར་བསྔགས། དེའི་ནང་ནས་ཀྱང་སྐབས་འདིར་ཁྲོ་རྒྱལ་གཤིན་རྗེ་གཤེད་བསྔགས། དེ་ལ་ཡང་ལས་ཀྱི་གཤིན་རྗེ་དང༌། མ་མོ་ནི་གཤིན་རྗེ་གཤེད་པོ་ཡོངས་ཀྱི་བཀའ་ཉན་ཡིན་ལ། མགོན་ནག་དང༌། ལྷ་མགོན་ནི། གཙོ་བོའི་འཇམ་དཔལ་རྡོ་རྗེ་འཇིགས་མཛད་ཉིད་ཀྱི་སྒོས་ཀྱི་ལས་མཁན་ལྟ་བུ་ཡིན་ཏེ། ལྷ་མགོན་ནི་དཀྱིལ་འཁོར་སྤྲུལ་དགོས་པའི་གདུལ་བྱའི་གཙོ་བོ་ཡིན། མགོན་པོ་ནི་འདུལ་བྱེད་དཀྱིལ་འཁོར་གྱི་ལས་མཁན། རོ་ལངས་བརྒྱད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །


TNT06_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཡང་མགོན་པོ་ནི་ཡེ་ཤེས་མགོན་པོ་གང་གིས་ཀྱང་རུང་མོད་ཀྱི། བརྒྱུད་པ་དང༌། བྱིན་རླབས་དང༌། ཕྱག་ལེན་རྒྱུན་གཅིག་པ་ནི། རྭ་བའི་མགོན་ནག་འདིའོ། །ལས་གཤིན་ནི་འཇམ་དཔལ་གཤིན་རྗེ་གཤེད་གང་ལ་ཡང་འབྲལ་བ་མེད་པའི་ལས་མཁན་ཡིན་ལ། དཔལ་ལྷ་མོ་ཡང་ཤྲཱི་ཡ་མཱནྟ་ཀའི་ཤེས་རབ་མའི་རྣམ་གྲངས་སུ་རིག་པར་བྱ། མ་མོ་རྩ་བའི་ལུགས་འདི་རྭ་བའི་བཀའ་བསྲུངས་ཀྱི་གཙོ་བོ་ཡིན་ནོ། །ཞེས་པ་འདི་གསར་མའི་གཤིན་རྗེ་བ་རྣམས་ཀྱིས་ནན་ཏན་དུ་གོ་དགོས་པ་ཡོད་དོ། །དེ་ལྟར་ན་གཏོར་ཆོག་ཁམས་གསུམ་ཟིལ་གནོན་གྱི་ལྷན་ཐབས་ལྡེའུ་ཐུང༌། གཞན་ལ་མེད་པའི་ཁྱད་ཆོས། དགྲ་བགེགས་ཀུན་འཇོམས་འདི་ཡང༌། རྭའི་རིགས་སུ་སྐྱེས་ཤིང༌། འཇམ་དཔལ་རྡོ་རྗེ་གྲགས་པའི་བཀའ་བརྒྱུད་འཛིན་པ། རྭ་ལོ་གསུམ་པ་ཨཱ་ནནྡ་གརྦྷས་སྦྱར་བའོ།། །།[ཨ་ནནྡ་གརྦྷ་ནི་ཀུན་དགའ་སྙིང་པོ་མཚན་གཞན་ཏཱ་ར་ནཱ་ཐའོ།། །།མངྒ་ལཾ།


TNT06_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་ཆོས་སྐོར་ལ་མེད་མི་རུང་གི་གལ་པོ་ཆེ་སྒྲུབ་པའི་ལག་ལེན་གྱི་ཡི་གེ་ཡང་དག་པའོ།


TNT06_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་ཆོས་སྐོར་ལ་མེད་མི་རུང་གི་གལ་པོ་ཆེ། སྒྲུབ་པའི་ལག་ལེན་གྱི་ཡི་གེ་ཡང་དག་པའོ། །འཇིགས་མཛད་སྐོར་གྱི་ཡིག་ཆར་བརྫུ་བ་ཕྱིས་ཀྱི་བསྲེ་ལྷད་ཅན་རྟ་ཁལ་གཅིག་ལས་དགའ་བ་ལགས། འདི་ལ་དཀྱིལ་ཆོག་བློ་ལ་བྱང་བ་གཅིག་གིས་འཇུག་དགོས་ཏེ་བླ་མ་ལ་མ་ཞུས་པར་དཔེ་ཀློགས་ཙམ་གྱིས་མི་རུང་ངོ༌། །དགེ་ལེགས་འཕེལ།


TNT06_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འདིར་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཤེས་རབ་ཡེ་ཤེས་གཅིག་ཏུ་བསྡུས་པའི་ངོ་བོ། འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྙེན་པ་སྔོན་དུ་སོང་ནས་སྒྲུབ་པའི་རིགས་རྣམས་ཉམས་སུ་བླང་བའི་མན་ངག་ལ། [ས་བསླང་བ། ] སའི་ཆོ་ག་ལྷག་པར་གནས་པ། དཀྱིལ་འཁོར་ཞག་གི་ཆོ་ག །དཀྱིལ་འཁོར་སྒྲུབ་པ། མཆོད་བསྟོད་འབུལ་བ། བཟླས་པའི་རྣལ་འབྱོར། རྗེས་ཀྱི་བྱ་བ་སྟེ་རྣམ་པ་བདུན་ལས། དང་པོ་ལ་ས་བསླང་བ་ནི། གཏོར་མ་སོགས་ཡོ་བྱད་རྣམས་ཚོགས་པར་བྱས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རང་ཉིད་བདུད་རྩི་འཁྱིལ་བ་ལྗང་ཁུ། གཡས་རྡོ་རྗེ་རྒྱ་གྲམ་དང༌། གཡོན་ཞགས་པ་དང་བཅས་པའི་སྡིགས་འཛུབ་ཅན། ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པའོ། །ཞེས་པའམ། ཡང་ན། བདག་ཉིད་འཇིགས་མཛད་ཉིད་དུ་བསྐྱེད་ཀྱང་ཆོག །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་


TNT06_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པའམ། ཧྲཱིཿ ཚར་གསུམ་བརྗོད། གཏོར་མ་ཡ་མཱནྟ་ཀའམ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལན་མང་དུ་བརྗོད་པས་བྱིན་གྱིས་བརླབས། ཨོཾ་ཨིནྡྲ་ཡ་ཧྲཱིཿཞེས་པ་ནས། ཕཻཾ་ཕཻཾ་ཕཊ་ཕཊ་སྭཱཧཱའི་བར་ལན་གསུམ་དང༌། ཨ་ཀཱ་རོ་ལན་བདུན་དང༌། ཁ་འབར་མའི་སྔགས་ལན་བདུན་གྱིས་གཏོར་མ་ཕུལ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ནས། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། གི་བར་གྱིས་མཆོད། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱོད་ཀྱིས་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ་ནས། རོལ་མོའི་སྒྲ་དང་བཅས་པས་ཕྱིར་དོར་རོ། །འདི་ལ་གཏོར་མ་དང་ལྷན་ཅིག་མཆོད་པའང་བཤམས་ཤིང་དོར་དགོས་ལ། མཆོད་གཏོར་བྱིན་རླབས་ཀྱང་ལྷན་ཅིག་ཡིན་ཞིང༌། བཟའ་བཅའ་འབྲུ་སྣ་གོས་སྣ་གླུད་གཟུགས་སོགས་ཀྱང་གཏོར་


TNT06_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

གསུང༌། དེ་ནས་དཀྱིལ་འཁོར་གྱི་ས་གཞིར་མཎྜལ་བྱས་ཏེ་དྲི་བཟང་གིས་ཐིག་ལེ་ལ་ཚོམ་བུ་གཅིག་བཀོད། མདུན་དུ་མཆོད་གཏོར་བཤམས། བསྡུ་ན་སའི་ལྷ་མོ་དམ་ཚིག་པ་བསྐྱེད་མི་དགོས་གསུང་ནའང་ལག་ལེན་མཛད་པ་ཀ་ཤས་ཆེ་སྟེ། ཚོམ་བུ་བསངས་སྦྱངས། སྟོང་པའི་ངང་ལས་བཾ་ལས་སའི་ལྷ་མོ། གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་གཉིས། གཡས་དཔང་པོར་ཁས་ལེན་པའི་ཕྱག་རྒྱ་དང༌། གཡོན་གསེར་གྱི་བུམ་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། ལྟེ་བ་ཡན་ཆད་སའི་དཀྱིལ་འཁོར་ནས་འཐོན་པ། རང་གི་སོར་མོ་གསུམ་ལ་ཨོཾ་ཨཱཿཧཱུཾ། རྡོ་རྗེ་རྩེ་གསུམ་གྱི་ཕྱག་རྒྱ་ས་ལ་བརྡབས། ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ སླར་ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿ ཨོཾ་བཛྲི་བྷ་བ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། བསྡུས་པའི་སྐབས། དབང་བསྐུར་རྒྱས་བཏབ་མེད་ཀྱང་ཆོག །མཆོད་པ་རྣམས་བསངས་སྦྱངས་ཡི་གེ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། གཏོར་མ་བསངས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། ཨོཾ་པྲི་ཐི་ཝཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་ཤཔྟའི་བར་དུ་སྦྱར། ཨོཾ་མཧཱ་པྲི་ཐི་ཝཱི་དེ་ཝཱི། ལོ་ཀ་མཱ་ཏ་རེ་ཨི་དཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་སོགས་ཀྱིས་གཏོར་མ་ཕུལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་


TNT06_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ནས་དཀྱིལ་འཁོར་འབྲི། །ལན་གསུམ། གོང་བཞིན་ཨརྒྷཾ་སོགས་ཀྱིས་མཆོད། རིག་པ་འཛིན་པ་ཁྱོད་ཀྱིས་སའི་ཕྱོགས་འདིར་དཀྱིལ་འཁོར་གྱི་ལས་དང་སྔགས་ཀྱི་སྤྱོད་པ་ཅི་དགའ་བར་གྱིས་ཤིག་ཅེས་གསུངས་པར་གྱུར། སླར་ཡང་གོང་བཞིན་མཆོད། སའི་ལྷ་མོ་སླར་ཡང་ས་དེ་ཉིད་ལ་ཐིམ་པར་གྱུར། ཨོཾ་བཛྲ་ཏིཥྛ་ཏིཥྛ། ཞེས་ལན་མང་དུ་བརྗོད། ས་སྦྱང་བ་ནི། ཨོཾ་བྷུ་ཁཾ། ས་གཞི་ནམ་མཁའི་རང་བཞིན་དུ་གྱུར། ཧཱུཾ་ལཾ་ཧཱུཾ། ས་གཞི་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བརྒྱ་རྩ་སོགས་བརྗོད་ཅིང༌། ཡུངས་ཀར་ཆུ་ཤིང་ཐ་ལ་རྣམས་ཀྱིས་གཏོར་རོ། །དེ་ནས་ས་བཟུང་བ་ནི། དེ་རྣམས་ཕྱགས་མས་བཏབ་སྟེ་དེར་རང་ཉིད་འདུག་ལ། སྐྱབས་འགྲོ་ནས་བརྩམས་ཏེ་བཟླས་པའི་བར་དུ་གཙོ་རྐྱང་ངམ་བཅུ་གསུམ་མའི་སྒྲུབ་ཐབས་བཞིན་སྒོམས། བདུག་སྤོས་བཏུལ་ཏེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་ནི་རྡོ་རྗེ་ཆྒཻེ་ཡིས། །འདིར་ནི་དཀྱིལ་འཁོར་བྲི་བར་བྱ། །སངས་རྒྱས་ལ་སོགས་ཀུན་འབྱོན་འཚལ། །དངོས་གྲུབ་འདིར་ནི་ཡང་དག་སྩོལ། །ཅེས་ལན་གསུམ་གྱིས་སྙན་མནན། མཆོད་པ་བཤམས་ཤིང་བསངས་སྦྱངས། སྟོང་པའི་ངང་ལས། ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན་ཞེས་པ་ནས། རོལ་མོ་རྣམས་


TNT06_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐས་ཀླས་པར་གྱུར། ཨོཾ་ཨཱཿཧཱུཾ། ལན་བརྒྱད་སོགས་བརྗོད། བཅུ་གསུམ་མའི་སྒྲུབ་པ་བྱེད་ན། ཐོ་བ་གཤིན་རྗེ་གཤེད་ལ་སོགས་པ་བཞི་ཐུགས་ཀ་ནས་སྤྲོས། ལྷ་དགུ་རོ་ལངས་བརྒྱད་བསྐོར་ལྟར་སྒྲུབ་ན། ཡུམ་རྡོ་རྗེ་རོ་ལངས་མ་གཅིག་ཐུགས་ཀ་ནས་སྤྲུལ་ཏེ། གང་ལྟར་ཡང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་བྷཻ་ར་ཝ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་ཤཔྟའི་བར་དུ་སྦྱར་བ་ཕུལ་ཏེ། དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །སོགས་ཀྱིས་བསྟོད། གཤིན་རྗེ་འཇོམས་པའི་དཀྱིལ་འཁོར་འཇིགས། །དཀྱིལ་འཁོར་ཀུན་གྱི་གཙོ་བོ་ནི། །སྡིག་པ་ཐམས་ཅད་ཟད་མཛད་པ། །མགོན་པོས་དཀྱིལ་འཁོར་བྲི་བར་མཛོད། །ཅེས་གསོལ་བ་འདེབས་ཏེ། མཆོད་བསྟོད་གསོལ་འདེབས་སྦྲགས་པ་ཚར་གསུམ་མམ། རེ་རེ་ནས་ཚར་གསུམ་གསུམ་གང་བདེ་བྱ། བཅུ་གསུམ་མའི་སྒྲུབ་པ་བྱེད་ན། ཐོ་བ་རྡོ་རྗེ་སོགས་ཀྱིས་ཕྱོགས་བཞི་ནས་བྱེད་པར་བསམས་ཏེ། མཆོད་བསྟོད་གསོལ་འདེབས་སྦྲགས་པ་ཚར་བཞི་བྱེད་པ་ཡིན་མོད་ཀྱི། བསྟོད་པ་ནི། དགྲ་ནག་ལེའུ་གཉིས་པ་བཞིན་སོ་སོ་དང༌། ཕྱོགས་བཞིའི་གསོལ་འདེབས་ཀྱང་གསང་འདུས་བཞིན་བྱས་ནས་འཇུག་ཏུ་གཤིན་རྗེ་འཇོམས་པ་སོགས་བྱེད་དེ། འདིར་ནི་རྡོ་རྗེ་རོ་ལངས་མས་འཇིག་རྟེན་པའི་ལྷོ་ཕྱོགས་ཁོ་ན་ནས་དེ་དག་བྱེད་དེ། དམིགས་པ་ལ་ཐོད་མཁར་གྱི་སྒོ་འམ་དུར་ཁྲོད་ནས་སོ། །དེ་ཡང་ཕྱོགས་བཞི་ནས་མི་དགོས་ཀྱི། འཇིག་རྟེན་ལྷོའམ་དཀྱིལ་འཁོར་གྱི་ཤར་ཁོ་ན་ནས་སོ། །འདིར་རྒྱུད་ལས། བདག་དང་ཤིན་ཏུ་མཐུན་པ་བཞི། །ཞེས་འབྱུང་བས་ཐོབ་ཐང་སློབ་མའམ། སྒྲུབ་གྲོགས་སམ། སྒྲུབ་གཡོག་གིས་གསོལ་བ་འདེབས་པ་ཡིན་ཡང༌། དེ་དག་བསམ་པ་མ་དག་ན་སྒྲུབ་


TNT06_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་ཆད་དུ་འགྱུར་ཞིང༌། དུས་དེང་སང་བསམ་པ་དག་ལ་དམ་ཚིག་གཙང་བ་དཀོན་པས། དམིགས་པ་གོང་བཞིན་བྱས་ནས། དངོས་སུ་རང་གིས་བརྗོད་དོ། །ཨོཾ་བཛྲ་ཨུ་ཏིཥྛ། རང་གི་མིག་གཡས་གཡོན་མ་དང་ཊ་ལས་ཉི་མ་དང་ཟླ་བ། མིག་འབྲས་ཧཱུཾ་བསྐལ་པའི་མེ་ལྟར་འབར་བ། རྡོ་རྗེའི་ལྟ་བས་གཡས་སྐོར་དང༌། གཡོན་སྐོར་དུ་ལྟས་ནས། བགེགས་རྣམས་བསྲེགས་པར་གྱུར། ཨོཾ་བཛྲ་དྲྀཥྟྲི་མ་ཊ། ཀྲོ་དྷ་དྲྀཥྟྲི་ཧྲཱིཿ ཀྲོ་དྷ་དྲྀཥྟྲི་ཨཿ རྐང་མཐིལ་ཧཱུཾ་ལས་རྡོ་རྗེ་རྒྱ་གྲམ་འབར་བ་ཧཱུཾ་གིས་མཚན་པར་གྱུར། རྡོ་རྗེ་གསོར། དྲིལ་བུ་བཀྲོལ། ཧྲཱིཿཥྚཱིཿ བཟླ་བཞིན་དུ་གཡས་སྐོར་དུ་སྐོར་བ་བྱས་ནས། སླར་ཡང་དབུས་སུ་འགྱིང་བ་དང་བཅས་པས། ཧཱུཾ། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཆང༌། །བསྲུང་བའི་འཁོར་ལོ་རབ་སྦྱོར་བྱེད། །རྡོ་རྗེ་རབ་ཏུ་འབར་བ་འདིས། །ལུས་གསུམ་ལས་སྐྱེས་འགས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །འཇིག་པར་འགྱུར་གྱི་གཞན་དུ་མིན། །དྲག་རོལ་དང་བཅས་ཏེ་ཧྲཱིཿ བཟླས། རྡོ་རྗེ་འཆང་ཞེས་པའི་ཐད་དུ། འཁོར་ལོ་འཆང༌། ཞེས་སོགས་རིན་ཆེན། པདྨ། རལ་གྲི་ལ་ཡང་འདོན་པ་སྤོའོ། །དེ་ནས་སྲུང་བ་ནི། ཕུར་བུ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་པའི། ཁྲོ་བོ་བགེགས་མཐར་བྱེད། རྡོ་རྗེ་དང་དྲིལ་བུ་འཛིན་པ། ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན་དུ་གྱུར། ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཾ། ཨོཾ་ཊཀྐི་ཧཱུཾ་ཛཿ བགེགས་ཐམས་ཅད་བཀུག་སྟེ་འབྲུབ་ཁུང་གི་དབུས་སུ་བཅུག་པར་


TNT06_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ཨོཾ་གྷ་གྷ་ནས་ཀཱི་ལ་ཡ་ཧཱུཾ་ཕཊ། ལན་གསུམ། བགེགས་ལ་ཕུར་བུས་བཏབ། ཨོཾ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ། ལན་གསུམ་ཐོ་བས་བརྡུངས། ཕུར་བུའི་ཁྲོ་བོ་ལས་འོད་ཟེར་འཕྲོས། བགེགས་ལྷག་མ་ཐམས་ཅད་ཚར་བཅད། རྡོ་རྗེའི་རྭ་བ། དྲ་བ། གུར། བླ་རེ། མེ་དཔུང་འབར་བ་དང་བཅས་པ་གྲུབ་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་བྷ་ཝ་ཧཱུཾ། ལན་གསུམ་བརྗོད། སྤྲོས་པ་ལ་དགའ་ན་ཕུར་བུ་བཅུ་འདེབས། ལག་ལེན་རྣམ་གྲངས་ལ་ཕུར་བུ་སྟོང་པར་སྦྱོང་བའི་སྔགས་ཨ་ཀཱ་རོས་བྱེད་པ་ཡང་ཡོད་དོ། །ས་ཆོག་དངོས་དེ་ཙམ་གྱིས་ཆོག་ཀྱང༌། སླར་ཡང་གནས་དེར་འགྲུབ་ན་སྦྱིན་སྲེག་བྱེད་པ་དང༌། དེ་མ་འགྲུབ་ན་ཚོགས་འཁོར་དང༌། དེ་ཡང་མ་གྲུབ་ན་གཏོར་ཆོག་རྒྱས་པ་རེ་མཛད་པ་ཕྱག་ལེན་ངེས་ཅན་ཡིན་ནོ། །གཉིས་པ་ལྷག་གནས་ནི། སྔོན་འགྲོ་གཏོར་མ་དང༌། དཔལ་གཏོར་ལྔ་དང༌། ཚོམ་བུའི་རྒྱུ་དང༌། མཆོད་པའི་ཡོ་བྱད་རྣམས་ཚང་བར་བསགས་ལ། སྔོན་འགྲོ་གཏོར་མ། ཡ་མཱནྟ་ཀས་བསངས། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱ་ཧཱུཾ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། མཁའ་འགྲོ་སྤྱི་གཏོར་གྱི་སྔགས་སམ། ཨོཾ་ཨིནྡྲ་ཡ་སོགས་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་དགོངས་པ་བསྐངས་པ་དང༌། དེ་བཞིན་གཤེགས་པ་སྲས་དང་བཅས་པ་མཐའ་དག་མཉེས་པར་བྱ་བ་དང༌། མ་ལུས་པའི་སེམས་ཅན་གྱི་ཁམས་རྣམས་ཐེག་པ་


TNT06_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་བདེ་བ་ལ་འཇོག་པའི་དོན་དུ། དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ། བཅོམ་ལྡན་འདས་གཤིན་རྗེ་གཤེད་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་དཀྱིལ་འཁོར་བཞེངས་སུ་གསོལ་ཏེ། ཡང་དག་པར་སྒྲུབ་པའི་ཆོ་ག་ལ་འཇུག་པར་འཚལ་ན། ཕྱོགས་སྐྱོང་བ་བཅུ་ལ་སོགས་པའི་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ཚོགས་རྣམས་ཀྱིས་བར་ཆད་སྲུང་བ་དང༌། འཕྲིན་ལས་རྣམ་པ་བཞི་སྒྲུབ་ཅིང་དངོས་གྲུབ་ཀྱི་གཏོང་གྲོགས་དམ་པ་མཛད་དུ་གསོལ། ནག་པོའི་ཕྱོགས་ལ་མངོན་པར་དགའ་བའི་འབྱུང་པོའི་ཚོགས་རྣམས་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །ཞེས་རོལ་མོའི་སྒྲ་དང་བཅས་ཏེ་ཕྱིར་དོར། ཧྲཱིཿཥྚཱིཿདང་བགེགས་མཐར་བྱེད་ཀྱི་གཟུངས་བཟླས་ལ་བགེགས་བསྐྲད། ཡང་གནས་དང་ཡོ་བྱད་བསངས་སྦྱངས། གནས་ཁང་སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་པའི་དུར་ཁྲོད་འབར་བའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་ཕྱི་རོལ་སྲུང་བའི་འཁོར་ལོས་ཡོངས་སུ་བསྐོར་བའི་ནང་དུ། ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་མཆོད་པའི་སྤྲིན་གྱི་ཕུང་པོ་རྣམས་ཤིན་ཏུ་རྣམ་པར་དག་པ་དབང་སྒྱུར་བའི་རྣམ་རིག་གི་རང་


TNT06_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཟག་པ་མེད་པའི་ཡེ་ཤེས་དང༌། སྨོན་ལམ་རྒྱ་མཚོའི་མཐུ་ལས་གྲུབ་པ། ཕྱོགས་བཅུ་རབ་འབྱམས་ནམ་མཁའི་གཏོས་ཐམས་ཅད་ཡོངས་སུ་གང་བ། སྲིད་པ་ཇི་སྲིད་ཀྱི་བར་དུ་རྒྱུན་མི་འཆད་པ་འཇུག་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དྷུ་པེ། ཨཱ་ལོ་ཀེ ། གནྡྷེ། ནཻ་ཝི་ཏེ། ཤཔྟ་ཨཱཿཧཱུཾ། ཨོཾ་ཨཱཿ་རཱུ་པ་བཛྲཱ་ཧཱུཾ། དེ་བཞིན་དུ། ཤཔྟ། གནྡྷེ། རཱ་ས། སྤརྴེ། ཨོཾ་ཨཿདྷརྨ་དྷ་ཏུ་བཛྲ་ཧཱུཾ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་སོགས་ལན་གསུམ་གྱིས་རོལ་མོའི་བྱིན་དབབ་བོ། །དཀྱིལ་འཁོར་གྱི་ས་གཞི་ལ་བ་བྱུང་ལྔ་དང༌། བདུད་རྩི་ལྔ་དང༌། ཁྲག་ཆེན་བསྲེས་པས་བྱུགས། ལྷ་དགུའམ། བཅུ་གསུམ་གང་ཡིན་ཡང༌། ལྷའི་བཞུགས་གནས་དང་མཐུན་པར་དྲི་བཟང་གིས་ཚོམ་བུ་བཀོད། གཞན་ཕྱག་མཚན་གྱི་གནས་ཐམས་ཅད་དུ་ཐིག་ལེ་རེ་ཙམ་བྱ། ཐམས་ཅད་ལ་ཡི་གེ་འབྲུ་གསུམ་བརྗོད། སྐྱབས་འགྲོ་ནས་བརྩམས་ཏེ། དཀྱིལ་འཁོར་ཉེར་བསྡུའི་བར་བདག་བསྐྱེད་རྫོགས་པར་བསྒོམ། འདིར་ས་ཆོག་མ་གཏོགས་གཞན་རྣམས་ཀྱི་སྐབས་སུ་མདུན་བསྐྱེད་བཅུ་གསུམ་མ་བྱེད་པ་ལ་བདག་བསྐྱེད་གཙོ་རྐྱང་གིས་བྱས་ཀྱང་རུང་སྟེ་གཙོ་རྐྱང་དང་ལྷ་བཅུ་གསུམ་འདམ་ག་ཡིན། བཅུ་གསུམ་མ་སྒོམས་ཀྱང་གཙོ་རྐྱང་ལ་བསྡུས་ནས་མདུན་བསྐྱེད་སྒྲུབ་དགོས་སོ། །བཟླས་པ་ཡང་མང་དུ་བྱ། དེ་ནས་མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ཞེས་པ་ནས། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེའི་དབུས་སུ་བྷྲུཾ་ལས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཞིང་ཁམས་རྣམ་པར་དག་པ། ཕྱོགས་ཐམས་ཅད་དུར་ཁྲོད་ཆེན་པོས་ཡོངས་སུ་ཁྱབ་པའི་དབུས་


TNT06_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་ཁ་དོག་ལྟ་བུའི་སྟེང་དུ། སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ནག་པོ་རྩེ་དགུ་པ་ཧཱུཾ་གིས་མཚན་པ་ལས། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད། སྐུ་མདོག་དུས་མཐའི་སྤྲིན་ཞེས་པ་ནས། ལྟ་བ་ཡང་མི་བཟོད་པའི་བདག་ཉིད་དུ་གྱུར། དེ་ནས་སྐུ་ལས་སྤྲོས་པའི་ཕྱག་མཚན་གྱི་ཚོགས་ཕྱི་རོལ་ཏུ་འཁོད་པ་ནི། ནང་གི་རིམ་པ་ལ། ཤར་དུ་མགོ་བོ་ནས། གསལ་ཤིང་གིས་ཕུག་པའོ། །ཕྱིའི་རིམ་པ་ལ་ཤར་གྱི་གཡས་སུ་གྲི་གུག་དང༌། འཕང་མདུང་དང༌། གཏུན་ཤིང༌། གཡོན་དུ་ཆུ་གྲི་དང༌། རྡོ་རྗེ་རྩེ་གཅིག་པ་དང༌། ལྕགས་ཀྱུ་རྣམས་སོ། །ལྷོའི་གཡས་སུ་དགྲ་སྟ་དང༌། མདའ་དང༌། ཁ་ཊྭཱཾ་ག །གཡོན་དུ་དབྱུག་ཐོ་དང༌། འཁོར་ལོ་དང༌། ཞགས་པ་རྣམས་སོ། །ནུབ་ཀྱི་གཡས་སུ་རྡོ་རྗེ་དང༌། ཅང་ཏེའུ་དང༌། ཕུབ། གཡོན་དུ་གཞུ་དང༌། དྲིལ་བུ་དང༌། རླུང་རས་རྣམས་སོ། །བྱང་གི་གཡས་སུ་སྡིགས་འཛུབ་དང༌། བ་དན་རྩེ་གསུམ་པ་དང༌། གླང་པོ་ཆེའི་པགས་པ། གཡོན་པ་ཐོ་བ་དང༌། མདུང་དང༌། མེ་ཐབ་རྣམས་སོ། །དེའི་ཕྱི་རིམ་ལ་ཕྱོགས་བཞི་དང༌། མཚམས་བཞིར་རབ་སོང་ཆེན་པོ་བརྒྱད་ཀྱི་གདན་ལ། ཉི་མའི་དཀྱིལ་འཁོར་བྷེཾ་ཡིག་ནག་པོ་དང་བཅས་པ་བརྒྱད་ཡོངས་སུ་གྱུར་པ་ལས། རོ་ལངས་འཇིགས་བྱེད་ཆེན་པོ་བརྒྱད་སྐུ་མདོག་ནག་པོ། རབ་ཏུ་ཁྲོས་ཤིང་སྤྱན་གསུམ་པ། ཕྱག་ན་གྲི་གུག་དང༌། ཐོད་པའམ། རལ་གྲི་དང༌། ཐོད་པ་འཛིན་པ། གཅེར་


TNT06_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རྒྱན་སྤངས་ཤིང་མཆེ་བ་གཙིགས་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། ཀ་ཧ་ཀ་ཧ་ཧ་ལ་ཧ་ལ་ཞེས་ལྗགས་བརྐྱང་ཞིང་དྲག་ཏུ་བཞད་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པ་རྣམས་སུ་གྱུར། ཡང་ན་རོ་ལངས་རྣམས། སྟག་ལྤགས། སྦྲུལ་རྒྱན། མགོ་འཕྲེང་སོགས་ཁྲོ་བོ་སྤྱི་དང་མཚུངས་པར་བྱས་ཀྱང་རུང་ངོ༌། །ལྷ་བཅུ་གསུམ་མ་ལྟར་ན་གཞལ་ཡས་ཁང་བསྐྱེད། ནང་གི་རེ་མིག་ལ་ཕྱག་མཚན་གྱི་སྟེང་དུ་ཀྵེ་ལས་གཏི་མུག་གཤིན་རྗེ་གཤེད་སོགས། སྒོ་བཞིར་ཡ་ལས་ཐོ་བ་གཤིན་རྗེ་གཤེད་སོགས་བསྐྱེད། གྲྭ་ནང་མའི་ཐོད་པ་དང༌། ཕྱིའི་རོ་ལངས་བཞི། ཕྱག་མཚན་གྱི་སྡེབས་ལ་བསྐྱེད་དོ། །འཕྲོས་དོན་ནོ། །དེ་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་གདོད་ནས་གྲུབ་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་དཔག་ཏུ་མེས་པས་བསྐོར་བ། བཛྲ་ས་མཱ་ཛཿ ཧྲཱིཿས་བགེགས་བསྐྲད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཡང་སྙིང་ག་ནས་འོད་ཟེར་འཕྲོས། ནམ་མཁར་བཞུགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བཛྲ་ས་མཱ་ཛཿ ཧྲཱིཿཥྚཱིཿས་བསངས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་བཛྲ་ཨང་ཀུ་ཤ་ཛཿ ནས། གྷཎྜེ་ཧོཿའི་བར་གྱིས་དགུག་གཞུག་བྱ། མཆོད་པ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཞེས་པ་ནས། དྷརྨཱ་དྷཱ་ཏུ་པཱུ་ཛི་ཏེ། ཞེས་པའི་བར་དངོས་གཞིའི་སྐབས་སུ་འཆད་པར་འགྱུར་བ་ལྟར་མཆོད་པ་བྱིན་གྱིས་བརླབས་ཕྱི་མཆོད་ཕུལ། སྔགས་གསུམ་གྱི་མཐར་འབྲུ་གསུམ་


TNT06_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་ལན་གསུམ་གསུམ་མམ་བདུན་བདུན་གྱིས་ནང་མཆོད་ཕུལ། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །ཞེས་པ་ནས། མུན་ཆེན་ཁྱོད་ལ་འདུད། །ཅེས་པའི་བར་དང༌། འཇམ་དཔལ་མཁའ་ལས་འབྱུང་བའི་གསེར་མདོག་ཅན། །ཞེས་སོགས་ཀྱིས་བསྟོད་དོ། །འདིར་ཆོ་གའི་ཡན་ལག་ཏུ་ནི་བུམ་སྒྲུབ་མི་དགོས་ཀྱང༌། སྦྱིན་སྲེག་དང་གསང་བྱེད་སོགས་ལ་མཁོ་ཆེ་བའི་ཕྱིར་བུམ་པ་སྟ་གོན་བཞིན་དུ་བུམ་སྒྲུབ་བྱེད་གསུང་ཞིང་ལག་ལེན་དུ་ཡང་མཛད་པའི་སྲོལ་གདའ་སྟེ། སྤྲོ་ན་དཀྱིལ་ཆོག་ཏུ་ཤེས་པར་བྱའོ། །དེ་ནས་གཏོར་མ་རྣམས་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས། གཏོར་མ་དང་པོ་དཀྱིལ་འཁོར་ལ་འབུལ་ཏེ། ལྷ་ཐམས་ཅད་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་སྒྲུབ་ཐབས་ལྟར་བྱ། གཏོར་མ་གཉིས་པ་དཔལ་ནག་པོ་ཆེན་པོ་ལྕམ་དྲལ་སོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་ཆོས་སྐྱོང་རྣམས་ལ་གཏོར་ཆོག་ལྟར་ཕུལ། གསུམ་པ་ཕྱོགས་སྐྱོང་རྣམས་ལ་འབུལ་བ་དང༌། བཞི་པ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་འབུལ་བ་ནི། སྒྲུབ་ཐབས་སུ་བཤད་པ་བཞིན་ཡིན་པ་ལས། མཐར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དམ་ཅན་སྲུང་མའི་ཚོགས་རྣམས་ཀྱི་ཞེས་པ་ནས། ཨོཾ་ཁྱོད་ཀྱིས་སེམས་ཅན་ཞེས་སོགས་ཀྱི་མཐར། ཨོཾ་ཛ་ཡ་ཛ་ཡ་སོགས་གཤེགས་གསོལ་དང༌། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཅེས་སོགས་སྨོན་ལམ་བཏབ། སྤོས་དང་བཅས་པའི་རྡོར་དྲིལ་འཛིན་པས་སྙན་གསན་དབབ་པར་བྱ་སྟེ། བཅོམ་ལྡན་འཇམ་པའི་རྡོ་རྗེ་ནི། །རིགས་སྔགས་རྒྱལ་པོར་ཕྱག་འཚལ་བསྟོད། །སྙིང་རྗེའི་ཡིད་ཀྱིས་དཀྱིལ་འཁོར་འབྲི། །དེ་ཕྱིར་བྱིན་རླབས་གནང་བར་མཛོད། །དགོངས་ཤིག་


TNT06_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྡེ་དང་ཚོགས། །གང་གཞན་སྔགས་ཀྱི་ལྷ་ཚོགས་དང༌། །ལྷ་རྣམས་བསྟན་ལ་མངོན་དགའ་བ། །དཀྱིལ་འཁོར་འདི་ལ་བྱིན་རླབས་དང༌། །དངོས་གྲུབ་དམ་པ་སྩོལ་བར་མཛོད། །ཅེས་ལན་གསུམ། ཨརྒྷཾ་ལ་སོགས་པས་མཆོད། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །ཞེས་སོགས་དང༌། དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །སོགས་ཀྱིས་བསྟོད། ཨོཾ་བཛྲ་ཨུ་ཏིཥྛ། ཞེས་དང༌། རྡོ་རྗེ་གཙུག་གཏོར་གྱི་ཕྱག་རྒྱས་ནམ་མཁར་བཏེག །སླར་ཡང་མཆོད་བསྟོད་སྔ་མ་བཞིན་བྱས་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས། ཇི་སྲིད་སྤྱན་མ་དྲངས་ཀྱི་བར་དུ་སྟེང་གི་ནམ་མཁའ་ལ་བཞུགས་ནས་བསྲུང་བ་ཆེན་པོ་མཛད་པ་དང༌། ནང་པར་དཀྱིལ་འཁོར་བྱིན་གྱིས་རློབ་པ་དང༌། བདག་དང་སློབ་མར་བཅས་པ་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཧྲཱིཿལན་གསུམ་དང༌། བདུད་རྩི་འཁྱིལ་བའི་སྔགས་ལན་བདུན་གྱིས་བསྲུང་བ་བྱས་ལ་བཞག་གོ །གསུམ་པ་དཀྱིལ་འཁོར་ཞག་གི་ཆོ་ག་ནི། ནངས་པར་སྔ་བར་ལངས་ནས་ཐིག་ཚོན་རྣམས་མཁོས་སུ་ཕེབས་པར་བྱ་སྟེ། དེ་ཡང་སྒྲུབ་པའི་འདྲ་འབག་ཞག་བདུན་སོགས་དུས་ཡུན་ཐུང་ངུ་ཙམ་ཡིན་ན། རྡུལ་ཚོན་གྱི་དཀྱིལ་འཁོར་བསྔགས་པར་འདོད། ཟླ་བ་ཕྱེད་དང་གཉིས་ནས་ཟླ་དྲུག་གི་བར་དུ་བྱེད་པ་རྣམས་ལ་ནི། ཆུ་ཚོན་ཁོ་ན་བསྔགས་ཤིང༌། སྒྲུབ་པ་ལན་གསུམ་དུ་རྩོམ་པ་ཟླ་བ་བཅོ་བརྒྱད་ལ་སོགས་པ་བྱེད་པ་ལ་ནི། ཟླ་བ་དྲུག་དྲུག་ནས་དཀྱིལ་འཁོར་གསར་དུ་འབྲི་དགོས་ཏེ། སྒྲུབ་པའི་དཀྱིལ་འཁོར་གཅིག་ཟླ་བ་དྲུག་ལས་ལྷག་པར་འཇོག་པ་མ་བཤད་ཅིང་དེ་དག་སོ་སོར་མ་བྱས་ན་ལན་གསུམ་དུ་མི་འགྲོ་


TNT06_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བས་སོ། །འདི་ལ་རྡུལ་ཚོན་གྱི་དོད་དུ་ཆུ་ཚོན་བྱེད་པ་མ་གཏོགས། ཐིག་ཚོན་གྱི་ཆོ་ག་དབང་ཆོག་བཞིན་བྱས་ཀྱང་ལེགས་ཤིང༌། རྟོག་བདུན་གྱི་རྐང་འགྲེལ་ལ་སོགས་པ་རྭ་ལུགས་དང༌། སྐྱོ་ལུགས་ཀྱི་ཡིག་རྙིང་མང་པོའི་དངོས་བསྟན་གྱི་དགོངས་པའང་ཡིན་ནོ། །འོན་ཀྱང་མན་ངག་གི་ཡི་གེ་ལྟར་ལག་ལེན་འདི་བཞིན་མཛད་དེ། ལས་ཐིག་ཡེ་ཐིག་སོ་སོར་བྱེད་ན། ལས་ཐིག་བསངས་སྦྱངས། ཧཱུཾ་ལས་བྱུང་བའི་ལས་ཐིག་ཏུ་མོས། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། བརྒྱ་རྩ་དང་ཉེ་སྙིང་ཅི་འོས་བཟླས་ནས། བགེགས་མཐར་བྱེད་ཀྱི་ངོ་བོར་གྱུར་པ་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང༌། །སོགས་ཀྱིས་བསྟོད། ཉེ་སྙིང་བཟླ་བཞིན་དུ་ཐིག་གདབ། ཡང་བླ་མའི་གསུང་སྒྲོས་ལས་སྒྲུབ་པའི་དཀྱིལ་འཁོར་བསྡུས་པ་ལ་ནི་རྩིག་པ་ཚུན་ཆད་འབྲི་བ་ཡིན་ཞེས་ཀྱང་གསུང་གིན་འདུག །ཕྱག་ལེན་ཡང་ཅི་རིགས་མཛད་ཅིང་རུང་ཙམ་མ་ཡིན་མོད་ཀྱི། རྒྱུད་ལས་གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །ཞེས་པ་དང༌། སྒོ་བསྲུང་གྱི་ནི་མཚམས་རྣམས་སུ། །ཞེས་སོགས། རྩིག་པའི་ཕྱི་རོལ་རྣམས་རྒྱས་པར་གསུངས་པས། འགྲུབ་ན་དཀྱིལ་འཁོར་རྫོགས་པར་འབྲི་བ་ཉིད་གལ་ཆེ་ལ། རྡོ་རྭའི་ནང་ངམ་མེ་རིའི་ཕྱི་གང་དུ་འབྲི་ཡང་རུང་སྟེ། དུར་ཁྲོད་བརྒྱད་ཀྱང་རྒྱས་པར་འབྲི་དགོས་སོ། །དེའི་ཕྱིར་དེ་དང་མཚུངས་པའི་ལས་ཐིག་བཏབ་ཟིན་པ་ན། ཡངས་སྐུད་པ་ཁ་དོག་སྣ་ལྔ་སོ་སོར་བརྐྱང་སྟེ། ཁྲག་ཆེན་དང་བདུད་རྩི་ལྔ་ཅུང་ཟད་བྱུགས། བསངས་སྦྱངས། ཨོཾ་ལས་བྱུང་བའི་ཐིག་སྐུད་དཀར་པོ་རྣམ་པར་སྣང་མཛད་ཀྱི་ངོ་བོ། ཧཱུཾ་ལས་བྱུང་བའི་ཐིག་སྐུད་ནག་པོ་མི་བསྐྱོད་པའི་ངོ་བོ། ཨཾ་ལས་བྱུང་བའི་ཐིག་སྐུད་སེར་པོ་རིན་ཆེན་


TNT06_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ལྡན་གྱི་ངོ་བོ། ཧྲཱིཿལས་བྱུང་བའི་ཐིག་སྐུད་དམར་པོ་འོད་དཔག་མེད་ཀྱི་ངོ་བོ། ཨ་ལས་བྱུང་བའི་ཐིག་སྐུད་ལྗང་ཁུ་དོན་ཡོད་གྲུབ་པའི་ངོ་བོ་རྣམས་སུ་གྱུར། ཨོཾ་ཨཱཿཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཨོཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཏྲཱཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཧྲཱི་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཨ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའི་སྔགས་རྣམས་བརྒྱ་རྩ་རེ་བཟླ་ཞིང༌། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་དུ་མོས་ནས། ཧྲཱིཿཥྚཱིཿབརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས། ཨརྒྷཾ་ལ་སོགས་པས་མཆོད། སངས་རྒྱས་ཀུན་གྱི་རང་བཞིན་མཆོག །སོགས་ཀྱིས་བསྟོད་པའམ། དེ་ཉིད་ལྔ་པས་བསྟོད་ཀྱང་རུང༌། དེ་ནས་ཐིག་སྐུད་བསྒྲིལ་བའི་སྔགས། ཨོཾ་ཨ་ནོ་ནྱ། ཨ་ནུ་ག་ཏ། སརྦ་དྷརྨ་པ་ར་སྤ་ར། ཨ་ནུ་ག་ཏ་སརྦ་དྷརྨྨཿཨརྱནྟ་ཨ་ནུ་པྲ་བྲྀཥྟཿསརྦ་དྷརྨྨཿཧཱུཾ། ཞེས་པས་བསྒྲིལ་ཞིང༌། ཛྫ་ཛྫ་ཛྫ། ཞེས་ཐིག་སྣ་གཏད། ཨོཾ་ཨཱཿབཛྲ་ས་མ་ཡ་སུ་ཏྲ་མ་ཏི་གྲ་མ་ཧཱུཾ། ཞེས་བརྗོད་ཅིང༌། ཐིག་ཆེ་བརྒྱད་ནས་བརྩམས་ཏེ། ལས་ཐིག་ཐམས་ཅད་ཀྱི་སྟེང་དུ་འདེབས་ཚུལ་བྱ། ནམ་མཁང་གང་བའི་བཅོམ་ལྡན་འདས། ཁྱོད་ཀྱིས་འགྲོ་དོན་མཛད་དུས་ལགས། །ཞེས་ཡང་ཡང་བརྗོད། འདི་སྒྲུབ་པ་པོ་གཅིག་པུས་བྱེད་པའམ། གྲོགས་དང་བཅས་ཀྱང་སློབ་མའི་དོན་དུ་མ་ཡིན་པས། ཕྱོགས་འཁྲུལ་གྱི་ཉེས་པ་རྩི་བ་དང༌། ཐིག་སྐོར་སོགས་མི་དགོས་གསུངས་སོ། །གལ་ཏེ་ཡེ་ཐིག་དང་ལས་ཐིག་གཅིག་གིས་བྱེད་ན། ཐོག་མར་ཡེ་ཐིག་གི་ཆོ་གས་ཐིག་ཆེན་བརྒྱད་སོགས་ཇི་ལྟར་འོས་པ་བཏབ་ནས། ཐིག་དེ་ཉིད་ལ། བིགྷྣཱན་ཏ་ཀྲིཏ་དང༌། ཡ་མནྟ་བཟླས་ནས། ཡེ་ཐིག་ཉིད་ལས་ཐིག་ཏུ་བསྒྱུར་ཏེ་འདེབས་པ་ཡིན་ནོ། །དཀྱིལ་


TNT06_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་སྤྱིའི་ལུགས་ལ། ལས་ཐིག་ལ་བྱིན་རླབས་ལོགས་པ་མི་དགོས་པ་ཤས་ཆེ་ཡང༌། འདིར་ནི་བླ་མའི་མན་ངག་གིས་ངེས་པར་བྱེད་དོ། །དེ་ནས་ཆུ་ཚོན་ནམ་རྡུལ་ཚོན་རྣམ་པ་ལྔ་ལ་དམིགས་ནས། བསངས་སྦྱངས་སྟོང་པའི་ངང་ལས། ཚོན་རྩི་ནག་པོ་བཾ་ལས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ། ཚོན་རྩི་དཀར་པོ་ལཾ་ལས་སངས་རྒྱས་སྤྱན་མའི་ངོ་བོ། ཚོན་རྩི་སེར་པོ་མཾ་ལས་མཱ་མ་ཀཱིའི་ངོ་བོ། ཚོན་རྩི་དམར་པོ་པཾ་ལས་གོས་དཀར་མོའི་ངོ་བོ། ཚོན་རྩི་ལྗང་ཁུ་ཏཱཾ་ལས་སྒྲོལ་མའི་ངོ་བོ་རྣམས་སུ་གྱུར། ཨོཾ་ཨཱཿབཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿལཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿམཱཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཔཱཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཏཱཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་རྣམས་བརྒྱ་རྩ་རེ་བཟླ་ཞིང༌། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། འབྱུང་བ་ལྔ་ནི་རྣམ་དག་ལྷ། །ཚད་མེད་ལྔ་ཡི་ངོ་བོ་ཉིད། །དེ་བཞིན་གཤེགས་མ་ལྔ་ཡི་དངོས། །དེ་དག་རྣམས་ལ་ཕྱག་འཚལ་བསྟོད། །སླར་ཡང་རྩ་སྔགས་བརྒྱ་རྩ་བརྒྱད་བཟླས་པས་བྱིན་གྱིས་བརླབས་ཏེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། མང་དུ་བརྗོད། ཨོཾ་བཛྲ་བཻ་ག་ཨ་ཀྲ་མ་ཧཱུཾ། ཞེས་ཐིག་གི་ནང་དུ་ཞུགས་ལ། ཧི་ཧི་ཞེས་སྒོའི་རྩ་ཐིག་གྱིས། ཆོས་དབྱིངས་ཡེ་ཤེས་དག་པའི་གནས། །སེམས་ཅན་ཁམས་རྣམས་རབ་སྒྲོལ་བྱེད། །རྒྱལ་བ་འཇམ་པའི་རྡོ་རྗེ་ཉིད། །དེ་བཞིན་གཤེགས་པ་ཀུན་གནས་པའོ། །ཞེས་བརྗོད་ཅིང༌། ལྷ་མཚན་དགོད་པ་ནི། རྒྱུད་ལས། དེ་དབུས་མི་རོ་བྲི་བར་བྱ། །ཞེས་དང༌། སྒོ་བཞི་དང་གྲྭ་བཞིར། རོ་ལངས་ཆེན་པོ་བརྒྱད་བྲིའོ། །ཞེས་འབྱུང་བ་རྣམས་འདིར་རོ་ལངས་བརྒྱད་སྐོར་ལྟར་ན། བླ་མའི་མན་ངག་གིས་གདན་དགོད་པ་ཡིན་ནོ། །བཅུ་གསུམ་མ་ལྟར་ན། རེ་མིག་


TNT06_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་མགོ་བོ་སོགས་ཀྱང་གདན་དུ་འགྱུར་ཞིང་ཡང་དབུས་སུ་མི་རོ་མགོ་དང་རྐང་ལག་བྲལ་བ། ཞེས་གོང་མ་རྣམས་ཀྱིས་བཤད་པ་ནི། རེ་ཞིག་ཟབ་དོན་སྦས་པའི་ཕྱི་རྒྱ་ཙམ་ཡིན་ལ། རོ་ལངས་མགོ་གསུམ་པ་སོགས་ཀྱང་མཆོག་སྒྲུབ་ལ་མ་ཡིན། དགྲ་བོ་རིམས་ཀྱིས་འདེབས་པ་སོགས་དྲག་ལས་སམ། རོ་ལངས་སྒྲུབ་པའི་དབང་དུ་བྱས་པར་འདོད་དོ། །བཅུ་གསུམ་མ་ལྟ་བུ་ནག་པོའི་ཁ་སྐོང་ཅན་ཡིན་ལ། བྱིན་རླབས་ནུས་མཐུ་ཆེ་ཞིང་དགེ་ལ་བཀྲ་ཤིས་པ་ནི་ཡིན་ནོ། །འོན་ཀྱང་ནག་པོ་སོགས་རྒྱུད་གཞན་གྱི་ཁ་སྐོང་མེད་པར་རྟོག་པ་བདུན་པའི་བསྟན་ཚོད་ཀྱི་དགོངས་དོན་རྒྱུད་རྐྱང་མན་ངག་སྙིང་གི་ཐིག་ལེ་ནི། རོ་ལངས་བརྒྱད་བསྐོར་ཉིད་ལ་བརྟེན་དགོས་ལ། དེ་ཡང་སློབ་དཔོན་མི་བསྐྱོད་པ་དང༌། ལི་ལ་བཛྲ་དང༌། མལ་ལུགས་སོགས་ཅི་ཐོད་ཐོད་ཀྱིས་ཁ་བསྐང་བ་མ་ཡིན་པར། རྗེ་བཙུན་རྡོ་རྗེ་གྲགས་པའི་མན་ངག་ལག་ལེན་ཁྲིགས་བཀོད་དང་སྙིང་ལ་གབ་པའི་ཡིག་ཆུང་བདུན་གྱི་དགོངས་པ་ལྟར་ལག་ལེན་མཛད་པའི་རྒྱུན་ནི། དབུས་ཀྱི་མི་རོ་ལྷ་མ་ཡིན་གདན་ཡིན་པ་ལྟར་སྒོ་མཚམས་ཀྱི་མི་རོའམ་རོ་ལངས་ཀྱང་དཀྱིལ་འཁོར་གྱི་ལྷ་རོ་ལངས་བརྒྱད་པོ་རང་ཨེན་ཅིག་མིན། གདན་ཡིན་ནོ་ཞེས་པས་ངེས་པ་ལས་སོ། །དེས་ནས་རྒྱུད་ཀྱི་དངོས་བསྟན་གྱི་ཚིག་ལྟར་དབུས་སམ་སྒོ་མཚམས་བརྒྱད་དུ་མི་རོ་རི་མོ་བྲི་བའམ། རྣམ་པ་གཅིག་ཏུ་ན་བྲི་པའི་དོན་ལེགས་པར་འདུ་བྱེད་པ་ལའང་འཇུག་པས། སྔོན་ཨོ་རྒྱན་ཁ་ཆེ་ཉི་འོག་སོགས་ཀྱི་དུར་ཁྲོད་ཆེན་པོར་དཀྱིལ་འཁོར་འབྲི་བ་ན། བཾ་ཆེན་དངོས་སུ་འཇོག་པ་ཡིན་འདུག །བོད་དུ་ད་ལྟ་དེ་ལྟར་མི་འགྲུབ་ལ། འོན་ཀྱང་ཤ་ཆེན་ཁྲག་ཆེན་བསྲེས་པའི་བག་ཟན་བཙོས་པ་ལ། མི་གཟུགས་བྱས་ཏེ་ཙན་དན་དམར་པོས་བྱུགས་པའམ། འཇིམ་པ་ལ་བཅོས་པ་སོགས་ཀྱང་རུང་ཞིང༌། དེ་ཡང་རྩིག་པའི་ནང་ཕན་ཆད་བྲིས་ཟིན་པ་ན། དབུས་སུ་པད་ཉིའི་སྟེང་དུ། ཨོཾ་ཧཱུཾ་ཧཱ། ཞེས་ལན་ཉེར་བརྒྱད་བཟླས་པས་མི་རོ་ཡོངས་རྫོགས་ཀྱི་གཟུགས་


TNT06_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་དགོད། སྔགས་བདུན་ནི་གདན་སྤྱི་ལ་དགོས། སྔགས་ཉེར་གཅིག་ནི་བྱོལ་སོང་བཅུ་དྲུག་དང་ལྷ་ཆེན་ལྔའི་དོན་ཡིན། སྒོ་བཞི་གྲྭ་བཞིར་པད་ཉའི་གདན་མེད་ཀྱང་ཆོག །ཐིག་ལེ་དམར་པོ་རེ་བྱས་པའི་སྟེང་དུ། ཨོཾ་པྲེ་ཏཱ་ཨུཀླཱ་ཡ་ཧཱུཾ་ཕཊ། ལན་བདུན་བཟླས་པས་ཤར་སྒོར་རོ་ལངས་ཀྱི་གཟུགས་གཅིག་གདན་གྱི་ཚུལ་དུ་དགོད། དེ་བཞིན་དུ་ལྷོར། ཨོཾ་པྲེ་ཏ་བི་མཱནྟ་ཀ་ཧཱུཾ་ཕཊ། ནུབ་ཏུ། ཨོཾ་པྲེ་ཏ་ཛྭ་ལ་ཧཱུཾ་ཕཊ། བྱང་དུ། ཀྵི་པྲ་པྲེ་ཏ་ཨུཏྐ་ཊ་ཧཱུཾ་ཕཊ། ཉེར་གཅིག་བཟླས། མཚམས་བཞིར། ཨོཾ་ཧཱུཾ་ལཾ་ཧཱ། ཞེས་པ་ཁོ་ན་ལན་བདུན་རེས་དགོད། གྲངས་བདུན་ལ་དག་པ་མི་གསུང༌། མི་རོའི་གཟུགས་རྣམས་ཁ་བུབ་ཡིན། དབུས་ཀྱི་མི་རོའི་སྟེང་དུ་རལ་གྲི་ལ་ཉེ་སྙིང་བརྒྱ་རྩ། ཧྲཱིཿཥྚཱིཿ དྲུག་ཅུ་ཙམ། ཡ་མ་རཱ་ཛ། ཉེར་གཅིག་བཟླས་ཏེ། རྩེ་མོ་གྱེན་དུ་བརྟད་པས་བཀོད་དོ། །སྒོ་མཚམས་བརྒྱད་ལས་སྒོ་བཞིར་མི་རོའི་སྟེང་དུ། ཧྲྀཾ་ཧྲྀཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་ཉེར་གཅིག་རེ་དང༌། མཚམས་བཞིར། ཨོཾ་ཨཱཿཧཱུཾ་ཕཊ་ཧྲཱིཿཧ། ཞེས་པ་ཉེར་གཅིག་རེས་ཕྱག་མཚན་རལ་གྲིའམ་གྲི་གུག་གང་རུང་རེ་འགོད་དོ། །ཕྱག་མཚན་གཞན་རྣམས་ནི་རབ་ཏུ་འབུར་མ་དང༌། འབྲིང་དུ་ཙ་ཀ་ལི་འགོད། ཐ་མ་རྡུལ་ཚོན་ནམ་ཆུ་ཚོན་གྱིས་འབྲི་བ་ཡིན་གསུངས་ཀྱང་འབུར་མ་ཡོད་ན་ལེགས་མེད་ན་ཕྱི་མ་གཉིས་པོ་འབྲིང་ཐའི་དབྱེ་བ་མི་ཡོང་འདྲ་བར་མངོན་ཅིང༌། གང་ལྟར་ནའང༌། ཉེ་སྙིང་བདུན་བདུན་བཟླ་བཞིན་འགོད་དོ། །དེར་མཚན་མ་ལྷའི་རང་བཞིན་དུ་མོས་པ་ལས། དངོས་སམ་ཡིད་ཀྱིས་མཆོད་པ་འབུལ། དུར་ཁྲོད་རྒྱན་གྱིས་སོགས་ཀྱིས་བསྟོད། ཉེ་སྙིང་གི་མཐར་རཀྵ་རཀྵ་བཏགས་བསྲུང་བ་བྱ། བདུག་སྤོས་དང་མར་མེ་རྒྱུན་དུ་འབུལ། དེ་ནས་དཀྱིལ་འཁོར་ལྷག་མ་རྣམས་བྲིས་ལ། ལྷག་ཆད་ཀྱི་ཉེས་པ་སྤང་བའི་དོན་དུ། དཀྱིལ་འཁོར་གྱི་ཤར་


TNT06_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ལ། ཡིག་བརྒྱ་མང་དུ་བཟླས། མཆོད་པའི་བུམ་པ་བརྒྱད་ཀྱང་ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་ཕུལ། མཆོད་བུམ་དངོས་སུ་མེད་ན་ཙ་ཀ་ལིའམ་ཡིད་ཀྱིས་ཕུལ། ས་རྒྱན་གནམ་རྒྱན་སོགས་བཀྲམ། མཆོད་པའི་ཡོ་བྱད་ཐམས་ཅད་ཚང་བར་བྱའོ། །བཞི་པ་དཀྱིལ་འཁོར་སྒྲུབ་པ་ནི། སྔོན་འགྲོ་གཏོར་མ། གནས་ཡོ་བྱིན་རླབས། སྐྱབས་སེམས་རྡོར་སེམས། ནང་མཆོད་བྱིན་རླབས་རྣམས་སྔོན་དུ་འགྲོ་བའི་ཚོགས་ཞིང་ནས་བརྩམས་དཀྱིལ་འཁོར་བསྡུ་བའི་བར་བདག་བསྐྱེད་རྫོགས་པར་བསྒོམས། བུམ་པ་གཅིག་ལ། བིགྷྣཱན་ཏ་ཀྲྀ་ཏ་དང༌། ཉེ་སྙིང་དང༌། ཨ་བྷི་ཥེ་ཀའི་སྔགས་རྣམས་བརྒྱ་རྩ་རེ་བཟླས་ལ་ཁྲུས་བུམ་བྱ། སྔར་བུམ་སྒྲུབ་བྱས་ན་འདིའི་དོད་ལས་བུམ་གྱིས་ཆོག་པས་འདི་མི་དགོས་སོ། །ཉི་མ་ཐོག་མའི་ཐུན་དང་པོ་ཡིན་ན། ཞི་བ་དང༌། ཞི་དྲག་ཕྱེད་མ་དང༌། དྲག་པོའི་སྒོ་ནས། བགེགས་སྦྱང་བ་བོད་ཀྱི་ལག་ལེན་སྤྱི་དང་འདྲ་བར་བྱ། བར་སྐབས་སུ་ལྟས་འཚུབ་པ་བྱུང་ནའང་འདི་བྱེད་དགོས། དེ་མིན་ཐུན་ཕྱི་མ་དང་ཉི་མ་གཉིས་པ་ཕན་ལ་མི་དགོས་ཏེ། བདུད་རྩི་འཁྱིལ་བའི་སྔགས་བཟླ་བཞིན་རྡོ་རྗེ་གསོར་བས་བགེགས་བསྐྲད་པ་ཙམ་གྱིས་ཆོག །དེ་རྗེས་ཏིལ་སྦྱངས་ནི་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་ལུགས་བཞིན་གྱིས་བྱུར་བསལ། དེ་རྗེས་ཁྲུས་བུམ་བླངས་ནས་ཁྲུས་གསོལ་བྱ་སྟེ། དེ་དག་གི་ལག་ལེན་སྤྱི་དང་འདྲའོ། །དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས། ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ཞེས་པ་ནས། ཕཊ་སྭཱཧཱ། དེའི་དབུས་སུ་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས། རྣམ་པར་སྣང་མཛད་ཀྱི་རང་བཞིན་གཞལ་མེད་ཁང༌། གྲུ་བཞི་སྒོ་བཞི་པ། རིན་


TNT06_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་སྣ་ལྔ་ལས་གྲུབ་པ། ནང་ནས་རིམ་པ་བཞིན་དུ། ནག་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་ཕ་གུ་སེར་པོ་ལ། དྲ་བ་དང༌། དྲ་ཕྱེད་འཕྱང་བ། སྟེང་མདའ་ཡབ་མཆོད་རྟེན་གྱི་རྣམ་པས་མཛེས་པ། པུ་ཤའི་ཁོར་ཡུག་ལ་གདུགས་དང༌། རྒྱལ་མཚན་དང༌། བ་དན་བསྒྲེང་བ། ནང་གི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ནང་ཀ་བ་བརྒྱད་དང་ལྡན་པ། སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲེས་པ། དབུས་སུ་དཀྱིལ་འཁོར་ཟླུམ་པོ། མི་མགོ་སྐམ་པོའི་ར་བ་ཟླུམ་པོ་འཛུལ་སྒོ་བཞི་ལས་སྒོ་གཅིག་ཕྱེ་བ། དེའི་ནང་རེའུ་མིག་དགུར་གྱུར་པ། དབུས་ཀྱི་གཞི་ནག་པོའི་སྟེང༌། ཕྱི་ནང་གི་ས་གཞི་ཐམས་ཅད་ཁྲག་ཞག་འཁྲུག་པ། སྟེང་ཀེ་རུས་ཀྱི་ཀ་གདུང་གིས་ཕུབ་པ། གཡང་གཞིའི་བླ་བྲེ་དང༌། རྒྱུ་རློན་གྱི་ལྡ་ལྡི་ལ་སོགས་པས་བརྒྱན་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་དང༌། རིན་པོ་ཆེའི་ཏོག་གིས་བརྒྱན་པ། རྩིག་པའི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་ལ། མཆོད་པའི་གཟུངས་མ་རྣམས་དང༌། སྒོ་བཞིའི་ཐད་ཀ་ནས། ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་རྣམས་ཀྱི་རྩེ་མོར་པདྨ་ལ་གནས་པའི་འཁོར་ལོ་དང༌། རི་དྭགས་དང༌། གདུགས་ཀྱིས་མཚན་པ། འཁྱམས་ལ་མཆོད་པའི་ཚོགས་རྣམས་ཀྱིས་བརྒྱན་པའོ། །དེའི་ཕྱི་རོལ་ཏུ་གཏུམ་དྲག་ལ་སོགས་པ་ནས། སྣ་ཚོགས་པས་གང་བའོའི་བར་བདག་བསྐྱེད་བཞིན། དཀྱིལ་འཁོར་ཆེན་པོའི་དབུས་ཀྱི་རེ་མིག་གཙོ་བོའི་གནས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་


TNT06_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་ཅེས་པ་ནས། བཞུགས་པ་རྣམས་སུ་གྱུར། གྱི་བར་སྟ་གོན་གྱི་སྐབས་དང་འདྲ། དེ་ནས་གཙོ་བོ་ལ། ཉེ་སྙིང་དང༌། སྙིང་པོ་དང༌། རྩ་སྔགས་རྣམས་ལན་བདུན་བདུན་བཟླས། རོ་ལངས་བརྒྱད་ལ། ཡ་མཱནྟ་ཀ་དང༌། ཨོཾ་ཧཱུཾ་ཧྲཱིཿཥྚཱིཿ ལན་བདུན་བདུན་ནམ་གསུམ་ཙམ་བཟླས། གདན་གྱི་རོ་ལངས་བརྒྱད་ལ། ཨོཾ་པྲེ་ཏ་ཨུ་ལ་ཀ ། སོགས་ལྔའམ་གསུམ་གསུམ་བཟླས་པས། དེ་རྣམས་རོ་ལངས་བུད་མེད་ཀྱི་ལུས་ཅན། གཞོན་ཅིང་སྒེག་ཉམས་དང་ལྡན་པ་བརྒྱད། རོ་ལངས་འཇིགས་བྱེད་ཆེན་པོ་རྣམས་ཀྱི་བཞོན་པའི་ཚུལ་དུ་གྱུར། ཕྱག་མཚན་གཞན་རྣམས་ལའང༌། ཉེ་སྙིང་ལན་བདུན་བདུན་བཟླས། དམ་ཚིག་གི་དཀྱིལ་འཁོར་དུ་སྒྲུབ་པའོ། །བཅུ་གསུམ་མ་ལྟར་སྒྲུབ་ན་སྟ་གོན་གྱི་རིགས་འགྲེ་བ་ལས་ལྷ་བཅུ་གཉིས་ལ་རང་སྔགས་བདུན་བདུན་བཟླ། ཕྱག་མཚན་རོ་ལངས་རྣམས་ལ་ཉེ་སྙིང་དང༌། ཐོད་པ་ལ་འབྲུ་གསུམ་བདུན་བདུན་བཟླ་བ་ནི་ཁྱད་པར་རོ་ཅེས་གོ་བར་བྱའོ། །ཐམས་ཅད་ཀྱི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། མིག་ཏུ་ཀྵིཾ་ནས་སཾ་དཀར་པོ། སྤྱི་བོར་ཨོཾ་ནས་འཁྱིལ་བ་ལས་གཙོ་བོ་ལ་མི་བསྐྱོད་པ་དང༌། རོ་ལངས་འཇིགས་བྱེད་ཆེན་པོ་བརྒྱད་ལ། འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པ་རེས་དབུ་བརྒྱན། ཨོཾ་བཛྲ་ནས། གྷཎྜེ་ཧོཿ དེ་ནས་ཉི་མ་ཐོག་མའི་ཐུན་དང་པོ་ལ་སྟ་གོན་གྱི་ལྷ་དང་སྲེ་དགོས་ཏེ། དེ་ཡང༌། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། མདུན་གྱི་ནམ་མཁའ་ནས་སྟ་གོན་གྱི་ལྷ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ། ཨོཾ་བཛྲ་ས་མཱ་ཛཿ


TNT06_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿཥྚཱིཿ ལན་གསུམ་གྱིས་ཕྱི་འབྲང་གི་བགེགས་བསྐྲད། སླར་ཡང༌། ཧྲཱིཿཥྟྲིཿ ལན་གསུམ་གྱིས་གུར་གྱི་སྒོ་ཕྱེ་ལ་ནང་དུ་སྤྱན་དྲངས། ཡང་གསུམ་གྱིས་མཚམས་བཅིང་ངོ༌། །ཨོཾ་བཛྲ་ལཱ་སྱ་ཧཱུཾ། སོགས་ཀྱིས་མཆོད། ཨཾ་ཀུ་ཤ་སོགས་ཀྱིས་དཀྱིལ་འཁོར་དང་གཉིས་སུ་མེད་པར་བསྟིམ། དཀྱིལ་འཁོར་བྱིན་གྱིས་བརླབ་པའི་དོན་དུ་སྔགས་གསུམ་ཅི་རིགས་པ་དང༌། ཡིག་བརྒྱ་ལན་དགུ་བཟླའོ། །ལྔ་པ་མཆོད་བསྟོད་འབུལ་བ་ནི། དེ་ནས་སླར་ཡང་མཆོད་པ་རྒྱ་ཆེར་བཤམ། བསངས་སྦྱངས། སྟོང་པའི་ངང་ལས། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྟའི་བར་གྱིས་བྱིན་གྱིས་བརླབས། བསྡུ་ན་སྔགས་ཙམ་གྱིས་མཆོད་པས་ཀྱང་ཆོག་ལ། ཅུང་ཟད་སྤྲོས་པ་ལ་དགའ་ན་འདི་སྐད་ཅེས་སྦྱར་ཏེ། འཇམ་དཔལ་ཁྲོས་པའི་དཀྱིལ་འཁོར་དུ། །མི་ཟད་ཨརྒྷའི་རྒྱུན་ཆེན་པོ། །ཕྱི་ནང་གསང་བ་རབ་སྦྱར་བ། །འབུལ་གྱིས་འདོད་པའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་བྷཻ་ར་ཝ་མཎྜལ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། མི་ཟད་ཨརྒྷའི་རྒྱུན་ཆེན་པོ། །ཞེས་པའི་དོད་དུ། རྡོ་རྗེ་ཆུ་གཙང་ཁྲུས་ཀྱི་རྒྱུན། །ཞེས་དང༌། ཨརྒྷཾ་གྱི་གནས་སུ། པཱདྱཾ་ཞེས་འདོན་པ་སྤོ། དེ་བཞིན་དུ། རྡོ་རྗེ་མེ་ཏོག་ཁང་པར་བརྩེགས། །ཨོཾ་བཛྲ་བྷཻ་ར་ཝ་ས་པཱ་རི་ཝཱ་ར་བཛྲ་པུཥྤེ་ཨཱཿཧཱུཾ། རྡོ་རྗེ་བདུག་སྤོས་སྤྲིན་ཚོགས་


TNT06_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིགས། །དྷུ་པེ། རྡོ་རྗེ་འབར་བའི་སྣང་གསལ་གཏམས། །ཨཱ་ལོ་ཀེ ། རྡོ་རྗེ་གདུང་སེལ་དྲི་ཞིམ་ཚོགས། །གནྡྷེ། རྡོ་རྗེ་བཟའ་བཅའ་རྒྱ་མཚོར་འཁྱིལ། །ནཻ་ཝི་ཏྱེ། རྡོ་རྗེ་རོལ་མོའི་སྒྲ་བརྒྱ་པ། །ཤཔྟ། བཛྲ་གྷཎྜེ་ར་ཎི་ཏ་ཞེས་རོལ་ཆེན་བྱ། གོས་ཟུང་བསངས་སྦྱངས། སྟོང་པའི་ངང་ལས། ཧཱུཾ་ལས་བྱུང་བའི་ལྷ་རྫས་ཀྱི་ན་བཟའ་ཟག་མེད་བདེ་བའི་རེག་བྱ་དང་ལྡན་པ་མཁའ་དབྱིངས་ཐམས་ཅད་གང་བར་གྱུར། སྣ་ཚོགས་དབང་པོའི་གཞུ་བཞིན་རབ་བཀྲ་ཡང༌། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་བྷཻ་ར་ཝ་ས་པཱ་རི་ཝཱ་ར་བཛྲ་བསྟྲ་ཡེ་ཨཱཿཧཱུཾ། ཨོཾ་སརྦ་བིད་པུ་ར་པུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ འཛམ་བུའི་གླིང་དང་གླིང་གཞན་དག །འཁོར་ལོ་རིན་ཆེན་གྱིས་བཀང་ནས། །སྟོང་གསུམ་ལ་སོགས་དེ་བཞིན་ཏེ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཨོཾ་བཛྲ་བྷཻ་ར་ཝ་ས་པཱ་རི་ཝཱ་ར་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུཾ། དེ་བཞིན་དུ་སྦྱར་ཏེ། ནོར་བུ་རིན་ཆེན། མ་ཎི། བཙུན་མོ་རིན་ཆེན། ཝསྟྲཱི། ཁྱིམ་བདག་རིན་ཆེན། མཧཱ་ཏཱ། གླང་པོ་རིན་ཆེན། ཧསྟཱི། རྟ་མཆོག་རིན་ཆེན། ཨ་ཤྭ། དམག་དཔོན་རིན་ཆེན། ཁཏྒ། གཟུགས་མཛེས་ཀྱིས་ནི་རབ་བཀང་སྟེ། །རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུཾ། སྒྲ་སྙན། ཤཔྟ། དྲི་ཞིམ། གནྡྷེ། རོ་མཆོག །ར་ས། རེག་བདེ། སྤར་ཤེ ། ཆོས་ཁམས་བདེ་བས། དྷརྨ་དྷཱ་ཏུ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུཾ། རྒྱལ་བ་ལྔ་དག་ཐོད་པའི་ཅོད་


TNT06_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

པན་དང༌། །རིགས་དྲུག་རང་བཞིན་རུས་པའི་ཕྱག་རྒྱ་དྲུག །བྱང་ཕྱོགས་རྣམ་དག་ཕྱག་མཚན་ཚོགས་རྣམས་ཀྱིས། །ཡེ་ཤེས་སྐུ་ལ་མཆོད་ཅིང་བརྒྱན་པར་བགྱི། །སརྦ་ཨ་ལང་ཀ་ར། སྦྲུལ་ཆུན་ཚངས་པ་ཆེན་པོའི་མཆོད་ཕྱིར་ཐོགས། །ཨཱ་ལི་ཀཱ་ལི་རྣམ་དག་མགོ་བོའི་འཕྲེང༌། །གཏི་མུག་ཆེན་པོ་གླང་ཆེན་ལྤགས་པའི་གོས། །རྡོ་རྗེ་གསུམ་དངོས་ཕྱག་རྒྱས་མཉེས་གྱུར་ཅིག །ཏྲི་བཛྲ་མུ་དྲ། དངོས་གྲུབ་ཆེན་པོ་བརྒྱད་དང་དབང་ཕྱུག་བརྒྱད། །ཉེར་སྤྱད་གྱུར་ལས་སྲིད་ཞི་གནོན་ཕྱིར་དང༌། །ཞེ་སྡང་གཤིན་རྗེ་བསྒྲལ་བའི་དམ་ཚིག་ཆེ། །བཅུ་དྲུག་ཆ་རྣམས་དག་པས་མཉེས་གྱུར་ཅིག །ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་མཚན་ནས་སྨོས་ཏེ། འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཡི་གེ་བཅུ་པའི་མཐར་འབྲུ་གསུམ་སྦྱར་བ་ལན་གསུམ་གྱིས་གཙོ་བོ་དང༌། ལན་གཅིག་གིས་རེའུ་མིག་བརྒྱད་ན་གནས་པའི་མཚན་མའི་ལྷ་དང༌། ཡ་མཱནྟ་ཀ ། ལན་བརྒྱད་ཀྱིས་རོ་ལངས་བརྒྱད་ལ་འབུལ། ཡ་མ་རཱ་ཛ་དང༌། ཡ་མཱནྟ་ཀའི་མཐར་འབྲུ་གསུམ་སྦྱར་བས་རྣམ་བུ་ལ་གནས་པའི་མཚན་མའི་ལྷ་རྣམས་ལ་ཡང་འབུལ། བར་འདིར་ཆོས་སྐྱོང་འཇིག་རྟེན་འདས་པ་རྣམས་ལའང་འབུལ། ཨོཾ་ཀཱ་ལ་རུ་པ་ཧཱུཾ་ཕཊ། དམ་ཅན་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཞལ་དུ། ཨོཾ་ཧྲཱིཿཙ་མུཎྜཱི་ཧཱུཾ་ཕཊ། སྲིན་མོ་ཆེན་མོ་ཙ་མུཎྜཱིའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ༌། ཨོཾ་ཨིནྡྲ་ཡ་སྭཱཧཱ། ཨོཾ་ཨཱཿཧཱུཾ། དེ་བཞིན་དུ། ཡ་མཱ་ཡ། ཝཱ་རུ་ཎཱ་ཡ། ཀུ་བེ་རཱ་ཡ། ཨི་ཤཱ་ནཱ་ཡ། ཨིགྣ་


TNT06_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ། ནེ་རི་ཏྱེ། ཝ་ཡ་ཝེ། པྲཧྨ་ཎཱ་ཡ། ཨོཾ་བ་སུ་དྷ་རི་ཎེ་སྭཱཧཱ། ཨོཾ་ཨཱཿཧཱུཾ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བདུན། རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གཞན་ཡང་གནོད་སྦྱིན། སྲིན་པོ། འབྱུང་པོ། ཡི་དྭགས། ཤ་ཟ། སྨྱོ་བྱེད། བརྗེད་བྱེད། མ་མོ། ཞིང་སྐྱོང༌། ཕོ་ཉ། འཕྲོག་མ། གྲུབ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བའི་རྒྱུད་ཚིམ་ནས། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། དེ་ནས་བསྟོད་པ་ནི། ཧཱུཾ། མི་ཐུང་སྒེག་པོ་སྤྲིན་ལྟའི་མདོག །འོད་ཟེར་བྱེ་བ་འཕྲོ་བ་བཞེངས། །མཚན་མ་བསྒྲེང་བ་མ་ཧེའི་ཞལ། །གཉིས་མེད་སྦྱོར་བ་ཁྱོད་ཕྱག་འཚལ། །མི་འགྱུར་རྡོ་རྗེའི་དབྱིངས་ཆེན་པོ། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། ཁྲོས་ཤིང་རབ་ཁྲོས་ཆེར་འཁྲུགས་པ། །འཇིགས་བྱེད་འཇིགས་པར་བྱེད་ལ་འདུད། །ཡན་ལག་དགུ་ཡིས་ཆོས་སྟོན་ཞལ། །སྟོང་ཉིད་བཅུ་དྲུག་ཞབས་ཀྱིས་རོལ། །བྱང་ཆུབ་ཕྱོགས་ཆོས་སོ་བཞིའི་ཕྱག །སྒྲིབ་བྲལ་གཅེར་བུ་ཁྱོད་ཕྱག་འཚལ། ཁམས་གསུམ་དབང་ཕྱུག་མ་ཧེའི་ཞལ། །བདེན་གཉིས་རྭ་ཡིས་ཕྱོགས་ཀུན་གནོན། ཁྲོ་ཆགས་ཁྲག་འཛག་སྲིན་པོའི་ཞལ། །རབ་ཞི་གཞོན་ནུའི་ཞལ་ལ་འདུད། །འགྱུར་མེད་གཟིགས་ཕྱིར་བྱིས་པའི་རྒྱན། །མངོན་བྱང་ཟུར་ཕུད་ལྔ་ཡི་ཐོད། །ཀུན་ཏུ་དུས་གསུམ་གཟིགས་པའི་ཞལ། །ལྗགས་


TNT06_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་རྡོ་རྗེའི་དག་ལ་འདུད། །སྲིད་པ་གསུམ་འཇོམས་གར་གྱིས་རོལ། །ཞི་བའི་མཐའ་གནོན་དབུ་སྐྱེས་འབར། །ཧཱུཾ་ཕཊ་སྒྲ་ཡིས་མ་རུངས་སྐྲག །གསུས་འཕྱང་གཏུམ་པོའི་སྐུ་ལ་འདུད། །ཐོད་པའི་ཅོད་པན་ཡེ་ཤེས་ལྔ། །མགོ་འཕྲེང་རྡོ་རྗེ་ཡི་གེའི་དངོས། །རྣམ་ལྔའི་རིགས་ཀྱི་ཕྱག་རྒྱ་ཅན། །སྦྲུལ་རྒྱན་ཚངས་ཕྱིར་ཐོགས་ལ་འདུད། །མ་རིག་གཅོད་ཕྱིར་གྲི་གུག་སྟེ། །བི་དྷི་པ་ལས་རྣམ་རྟོག་གཅོད། །དྲན་པ་ཉམས་འཇོམས་གཏུན་ཤིང་འཕྱར། །ཆུ་གྲིས་སྲིད་པ་གཅོད་ལ་འདུད། །སྒོ་གསུམ་མཉེས་སེལ་ཀ་ན་ཡ། །སྟ་རེ་བག་ཆགས་སྲ་བ་གཅོད། །ལྟ་ངན་འབིགས་པའི་མདུང་རིང་པོ། །མདའ་ཆེན་རྨོངས་མཐར་བྱེད་ལ་འདུད། །དབང་གི་ལྕགས་ཀྱུ་ཆེར་འབར་ཞིང༌། །དབྱུག་ཏོས་ལས་ཀྱི་སྒྲིབ་པ་འཇོམས། ཁ་ཊྭཱཾ་བྱང་ཆུབ་སེམས་རང་བཞིན། །འཁོར་ལོས་ཤེས་སྒྲིབ་གཅོད་ལ་འདུད། །རོ་མཉམ་ཡེ་ཤེས་རྡོ་རྗེ་གསོར། །ཐོ་བས་སེར་སྣ་ཕྱེ་མར་བརླག །དངོས་གྲུབ་བརྒྱད་སྟེར་རལ་གྲི་འཕྱར། །ཅང་ཏེའུ་མཆོག་སྒྲ་སྒྲོག་ལ་འདུད། ཁྲག་ཆེན་ཐོད་པ་དམ་ཚིག་སྐྱོང༌། །སྒྲིབ་ཀུན་བཅད་པའི་རང་བྱུང་མགོ །བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཕུབ། །རྐང་བས་མཆོག་གནས་སྲོལ་ལ་འདུད། །དངོས་ཀུན་ཡེ་ཤེས་ཞགས་པས་འཆིང༌། །འཇིག་རྟེན་གསུམ་རྒྱལ་གཞུ་ཐབས་ཅན། །སྟོང་ཉིད་སོར་རྟོག་རྒྱུ་མ་སྟེ། །ཤེས་རབ་དྲིལ་བུ་འཁྲོལ་ལ་འདུད། །འཕྲིན་ལས་ཀུན་འགྲུབ་ལག་པ་གདངས། །བདག་མེད་དུར་ཁྲོད་བོར་བའི་རས། །སྟོང་ཉིད་རྟོགས་པའི་གསལ་ཤིང་དང༌། །འོད་གསལ་མེ་ཐབ་འབར་ལ་འདུད། །


TNT06_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཚལ་སྙིང་བརྩེ་བདུད་རྩིས་བརླན། །བདུད་ལ་ཆེར་སྡིགས་འཛུབ་མོ་བསྒྲེངས། །སྐུ་གསུམ་རོ་གཅིག་རྩེ་གསུམ་འཕེན། །སྒྱུ་འཕྲུལ་རླུང་རས་འཕྱར་ལ་འདུད། །བདེ་ཆེན་ལིང་ག་རྒྱས་པའི་ཚུལ། །གཏི་མུག་གླང་ཆེན་ལྤགས་རློན་གྱོན། །བརྐྱང་བསྐུམ་གར་གྱི་ཞང་ཆེན་པོས། །ལྷ་ཆེན་བགེགས་བཅས་གནོན་ལ་འདུད། །སྤྱན་ནི་ཉི་ཤུ་རྩ་བདུན་དམར། །ལྗགས་འགྲིལ་ཞལ་ནས་ཧ་ཧར་བཞད། །མཚན་དང་དཔེ་བྱད་ཡང་དག་ལྡན། །འཇིགས་མཛད་སྐུ་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་བརྒྱད་པོ་སྩོལ་བ་དང༌། །གདོན་དང་ནད་ཀུན་འཇོམས་མཛད་ཅིང༌། །སྡང་བ་ཐམས་ཅད་འདུལ་བ་པོ། །རོ་ལངས་བརྒྱད་ལ་ཕྱག་འཚལ་བསྟོད། །ཡི་གེ་རྣམས་ལས་ཡང་དག་བྱུང༌། །སྣ་ཚོགས་མཚོན་ཆའི་དྲ་བ་དཀྲིགས། །མཚན་མའི་ལྷ་རྣམས་ཐམས་ཅད་ལ། །བདག་ནི་གུས་པས་ཕྱག་འཚལ་བསྟོད། །འཁོར་བ་རྣམ་ཤེས་བརྒྱད་དག་པ། །དུར་ཁྲོད་གནས་པའི་སྐུར་སྟོན་ཅིང༌། །སྒྲུབ་ལ་དངོས་གྲུབ་ཀུན་སྩོལ་བ། །འཁོར་བཅས་དེ་ལའང་ཕྱག་འཚལ་བསྟོད། །བྱང་ཆུབ་ཕྱོགས་ཆོས་གཞལ་མེད་ཁང༌། །བཀའ་ཡི་འཁོར་ལོས་བདུད་བཞི་འཇོམས། །རྣམ་དག་རྟེན་གྱི་དཀྱིལ་འཁོར་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པའི་དགེ་བ་ཡིས། །ནམ་མཁའ་དང་མཉམ་འགྲོ་བ་རྣམས། །འཇམ་པའི་རྡོ་རྗེའི་གོ་འཕང་ལ། །བདེ་བའི་ལམ་གྱིས་འགོད་པར་ཤོག །དེ་ལྟར་བསྟོད་པས་ཧ་ཧ་ཧི་ཧི་ཧཱུཾ་ཧཱུཾ་ཧེ་ཧེ་ཞེས་བཞད་པ་བརྒྱད་ཀྱི་གར་མཛད་པར་མོས།


TNT06_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་དཀྱིལ་འཁོར་གྱི་སྒོ་ནས་ཡོངས་སུ་ཞུགས་ཏེ། བཅོམ་ལྡན་འདས་དཀྱིལ་འཁོར་གྱི་གཙོ་བོར་ཞལ་དུ་ཞལ་བསྟན་པའི་མདུན་གྱི་རེ་མིག་གི་གནས་ལ་འཁོད་པར་གྱུར། ཅེས་པའམ། ཡང་ན། དབུས་ཀྱི་རེ་མིག་གི་གནས་ལ། མདུན་བསྐྱེད་བཅོམ་ལྡན་འདས་ཀྱི་མདུན་དུ་འཁོད་པར་སྒོམས། ཀྱང་རུང་བ་ལས་ཕྱི་མ་པོས་ལེགས་སོ། །འདི་ལ་འགྲེལ་པ་སྐོར་གསུམ་སོགས་རྭ་ལུགས་དང་སྐྱོ་ལུགས་ཀྱི་ཡི་གེ་སྤྱི་ཁྱབ་རྣམས་ལས། ལྷོའི་རེ་མིག་གི་ལག་པའི་སྟེང་དུ་བསྒོམ་ཞེས་འཆད་ཅིང༌། འཇིག་རྟེན་གྱི་ཕྱོགས་དང་དཀྱིལ་འཁོར་གྱི་ཕྱོགས་མཐུན་པར་མཛད་ནས། དཀྱིལ་འཁོར་གྱི་ལྷོ་ཕྱོགས་ཀྱང་བཅུ་གསུམ་པ་ལྟར་ན། ཕྲ་མ་གཤིན་རྗེ་གཤེད་བཞུགས་ཕྱོགས་སམ། གཞན་ལ་ལྷོའི་རེ་མིག་ཕྱག་མཚན་ལག་པ་ཡོད་པའི་ཕྱོགས་སུ། །གཙོ་བོའི་ཞལ་གཟིགས་པར་བཤད་དེ་མན་ངག་གབ་པའམ། སྙིང་གི་སློབ་མ་མ་ཡིན་པ་ལ་འདྲ་མིན་མགོ་སྐོར་གྱི་བཤད་པ་ཡམ་ཙམ་ཡིན། དེས་ན་དོན་ངེས་པ་ཅན་ནི་ལས་དང་དངོས་གྲུབ་གང་ཡང་གཙོ་བོ་ཉིད་ཀྱི་སྟོབས་ལས་འགྲུབ་པའི་ཕྱིར། གཙོ་བོ་ཞལ་གཟིགས་ཕྱོགས་དང༌། ཕྱི་འཇིག་རྟེན་གྱི་ཕྱོགས་བསྟུན་པས་ཆོག་གི ། གཞལ་ཡས་ཁང་གི་ཕྱོགས་ངེས་པ་དང་བསྟུན་མི་དགོས་པས། འདིར་གཙོ་བོ་འཇིག་རྟེན་ལྷོ་ཕྱོགས་ལ་མངོན་དུ་ཕྱོགས་པའི་ཕྱིར། དཀྱིལ་འཁོར་གྱི་ཤར་ཕྱོགས་འཇིག་རྟེན་པའི་ལྷོ་ལ་སྟོན་ཏོ། །དེས་ན་གཞལ་ཡས་ཁང་ནི་གཙོ་བོའི་རྗེས་སུ་འབྲང་གི ། གཙོ་བོ་ནི་གཞལ་ཡས་ཁང་གི་རྗེས་སུ་མི་འབྲང་ངོ༌། །འདིར་དྲག་པོའི་ལས་ལ་འཇིག་རྟེན་ལྷོ་ཕྱོགས་སུ་ལྟ་བ་བཞིན་དུ། རྩ་བའི་སྒྲུབ་པ་ལ་ཡང་ལྷོར་བལྟ་བ་ཡིན་པས་རྒྱུད་འདིར་ཕྱོགས་ཀྱི་གཙོ་བོ་ལྷོ་ཕྱོགས་ཡིན་པར་ཤེས་པར་བྱའོ། །དེས་ན་འཇིག་རྟེན་ལྷོ་


TNT06_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དཀྱིལ་འཁོར་གྱི་ཤར་བསྟན་པས་གཙོ་བོའི་ཞལ་ཤར་གྱི་མགོ་བོ་ལ་བསྟན་པའོ། །ལས་སོ་སོའི་དོན་དུ་ནི་ཤར་དཀར། ལྷོ་ནག །ནུབ་དམར༌། བྱང་སེར་དུ་བྱས་ནས། ཞི་བ་ལ་ཤར་དང༌། རྒྱས་པ་ལ་བྱང་དང༌། དབང་ལ་ནུབ་སྟེ་འཇིག་རྟེན་གྱི་ཕྱོགས་དེ་དང་དེ་ལ་གཙོ་བོའི་ཞལ་བསྟན་ཀྱང་ལེགས་ལ། ཡང་རྩ་བའི་སྒྲུབ་པ་དང༌། མཆོག་སྒྲུབ་ལ་ལྷོར་བསྟན་པས་འགྲུབ་པ་བཞིན་དུ། ལས་དེ་དག་ཀྱང་ལྷོ་ཕྱོགས་སུ་བལྟ་བས་མི་འགྲུབ་པ་མ་ཡིན་ནོ། །དྲུག་པ་བཟླས་པའི་རྣལ་འབྱོར་ལ། དངོས་དང་རྗེས་ཀྱི་བྱ་བ་གཉིས་ལས་དང་པོ་ནི། མདུན་བསྐྱེད་གཙོ་བོའི་ཐུགས་ཀར་སྒོམ། སྟབས་བདེ་ན། རྒྱུའི་འཇམ་དཔལ་བསྒོམས་ནས། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའི་ཚུལ་དུ་སྔགས་འཁོར་བསྒོམས། དེ་ལྟ་བུ་དམིགས་པ་མི་གསལ་ན། འཇམ་དཔལ་ཞུ་བ་ལས་སྔགས་འཁོར་དུ་བསྒོམས་ཏེ། དེ་ལ་སྔགས་འཁོར་ནི། རྡོ་རྗེ་ནག་པོ་རྩེ་དགུ་པའམ། རྩེ་ལྔ་པ་རྭ་གདེངས་པ། ཁོང་སྟོང་དུ་གནས་པ། ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དབུས་སུ་ཧཱུཾ། མཐའ་སྐོར་དུ་དང་པོར་ཡ་མཱནྟ་ཀ་དང༌། དེའི་ཕྱི་སྐོར་ལ་སྙིང་པོ་དང༌། དེའི་ཕྱི་སྐོར་ལ་རྩ་སྔགས་རྣམས་སྤྱི་དང་མཚུངས་པ་བསྐོར་ཞིང་འོད་འབར་བ་ཞིག་གསལ་བཏབ། རང་གི་སྙིང་གར་ཡང་དེ་འདྲ་བ་བསྒོམ། དེ་ལ་སྒྲུབ་པའི་སྐབས་འདི་དག་ཏུ་ཐོག་མར་ཉེ་སྙིང་དང༌། བར་དུ་སྙིང་པོ་དང༌། མཐར་རྩ་སྔགས་བཟླ། བཟླས་པའི་གཙོ་བོ་སྙིང་པོ་ཡི་གེ་བཅུ་པ་ཡིན། རྒྱུད་ཀྱི་རྒྱལ་པོ་ཉིད་ལས་ཀྱང༌། མཉམ་པར་བཞག་པས་ཡི་གེ་བཅུ་པའི་སྔགས་བཟླ་བར་བྱའོ། །ཞེས་གསུངས་པས་ཀྱང་མཚོན་ནོ། །མོས་པའི་དབང་གིས་ཉེ་སྙིང་གཙོ་


TNT06_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བོར་བཟླས་ཀྱང་རུང་བ་ཙམ་ཡིན་ཏེ། འཇིག་རྟེན་འདས་པ་ཁོ་ན་གཙོ་བོར་གྱུར་པའི་ཕྱིར་རོ། །དྲག་ལས་སྒོས་ཀྱིས་སྒྲུབ་པ་ཡིན་ན། རྩ་སྔགས་བཟླས་པའང་གཙོ་བོར་བྱེད་དགོས་ལ། མཆོག་སྒྲུབ་པའམ་རྩ་བའི་སྒྲུབ་པའི་སྐབས་འདིར། ཐུན་གྱི་འཇུག་ཏུ་ཞོར་བཟླས་ཀྱི་ཚུལ་ཇི་ལྟར་འོས་པ་རེ་བཟླའོ། །གང་ལྟར་ཡང་དང་པོར་ཉེ་སྙིང་བཟླ་བ་ན། གཞན་གཉིས་པོ་བློས་དོར་ཏེ། ཉེ་སྙིང་ལས་ཚ་ཟེར་འཕྲོས། རྡོ་རྗེའི་རྭ་གསེབ་ནས་ཡར་མེ་ལྕེ་ལྟར་འུར་གྱིས་འབར། རྩ་ཞལ་ནས་འཐོན་པ་ན། འོད་ཟེར་གྱི་ཐག་པ་ཟིང་ཟིང་བ་མང་པོའི་གསེབ་ན། སྔགས་འབྲུ་སྒྲ་དང་བཅས་ཤིང་མེ་སྟག་འབར་བས་ཁེངས་པ་ཕར་སྤྲོས་ཏེ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གཙོ་བོའི་ཞལ་དུ་ཞུགས། ཐུགས་ཀའི་རྡོ་རྗེའི་རྭ་ནང་ནས་ཞུགས། ཧཱུཾ་ཡིག་ཉེ་སྙིང་གི་སྔགས་འཕྲེང་དང་བཅས་པ་ལ་ཐིམ་པས་སྔགས་འབྲུ་རྣམས་འོད་དུ་འབར་ཞིང༌། གཙོ་བོའི་སྐུ་ལ་སྟོབས་དང་བདེ་བ་རྒྱས། ཐུགས་མཆོག་ཏུ་མཉེས་པར་གྱུར། ཡང་གཙོ་བོའི་ཐུགས་ཀའི་ས་བོན་ཉེ་སྙིང་དང་བཅས་པ་ལས། ཕར་སྤྲོས་པ་ཁོ་ན་འདྲ་བའི་འོད་ཟེར་སྔགས་འབྲུ་དང་བཅས་པ་རྣམས་བྱུང༌། བདག་ཉིད་ཀྱི་མ་ཧེའི་ཞལ་ནས་ཞུགས་ཏེ། སྙིང་གའི་ས་བོན་ཉེ་སྙིང་དང་བཅས་པ་ལ་ཐིམ་པས། ཡིག་འབྲུ་འོད་དུ་འབར། བདག་བསྐྱེད་ཀྱི་ལྷ་སྟོབས་དང་བདེ་བ་དང་དགའ་བ་རྒྱས་པར་བསམ། དམིགས་པ་མྱུར་བུལ་གྱི་དབྱེ་བས། དེ་ལྟ་བུ་ལན་གསུམ་དང་ལྔ་སོགས་ཇི་ལྟར་འོས་པ་སོང་བ་ན། རང་གི་ཞལ་ནས་སྤྲོས་ཏེ་མདུན་བསྐྱེད་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཐིམ་པ་ཡང་རྒྱུན་མི་འཆད་པར་འཇུག་ཅིང༌། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་དང༌།


TNT06_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འཕྲེང་འོག་ཏུ་འཕྲོས། ལྟེ་བ་ནས་འཐོན། རང་གི་ལྟེ་བ་ནས་ཞུགས། རང་གི་སྙིང་གའི་རྡོ་རྗེའི་འོག་རྭ་ནས་བརྒྱུད་དེ་སྔགས་འཁོར་ལ་ཐིམ་པར་མོས་ལ། སྔགས་བརྒྱའམ་སྟོང་སོགས་བཟླས། ཡང་དེ་གོ་སྤོས་ཏེ། རང་གི་ཐུགས་ཀ་ནས་འོད་ཟེར་དང་སྔགས་འཕྲེང་འོག་ཏུ་འཕྲོས་ལྟེ་བ་ནས་འཐོན། མདུན་བསྐྱེད་ཀྱི་ལྟེ་བར་ཞུགས། ཐུགས་ཀའི་སྔགས་འཁོར་ལ་ཐིམ་པ་རྒྱུན་མི་འཆད་པ་དང༌། ཡང་མདུན་གྱི་སྔགས་འཁོར་ལས་འོད་དང་སྔགས་འཕྲེང་བྱུང༌། མདུན་བསྐྱེད་ཀྱི་མ་ཧེའི་ཞལ་ནས་འཐོན། རང་གི་རྩ་ཞལ་དུ་ཞུགས་ནས་སྙིང་གའི་སྔགས་འཁོར་ལ་ཐིམ་པའང་རྒྱུན་མི་འཆད་པར་བསམས་ཤིང༌། སྔགས་བརྒྱའམ་སྟོང་སོགས་བཟླའོ། །འདིར་སྔགས་ཀྱི་ཐག་པ་བཞི་སྦྲག་ཅེས་ཟེར་ཞིང༌། ཕར་འཁོར་ཚུར་འཁོར་གཉིས་ཀར་དུས་མཉམ་དུ་བྱེད་པར་འདོད་པ་ཞིག་ཡོད་དེ། སྒོམ་ཚུལ་མི་བདེ་བས་ལག་ལེན་དུ་མི་མཛད་དོ། །བསྙེན་པ་དང་སྒྲུབ་པ་མཆོག་སྒྲུབ་ཏུ་བྱས་པས་ཕྱིས་ལས་ཚོགས་ཐོགས་མེད་དུ་འགྲུབ་པ་ཡིན། བསྙེན་པའི་དུས་ནས་དགྲ་བསད་ཀྱི་དམིགས་པ་ག་བྱེད་པ་ནི་རང་བསམ་པ་ངན་པ་ཁོ་ནར་ཟད་དོ། །དེ་ནས་སྙིང་པོ་བཟླ་བར་འདོད་ན། དམིགས་པ་གཞན་རྣམས་དེ་ཁོ་ན་དང་འདྲ་བ་ལས། སྔར་ཉེ་སྙིང་གི་སྔགས་འཕྲེང་དེ་སྙིང་པོ་ལ་ཐིམ། རྣམ་པ་སྙིང་པོ་ཁོ་ན་ལ། ངོ་བོ་སྙིང་པོ་དང་ཉེ་སྙིང་གཉིས་ཀ་ཡིན་པར་མོས་དགོས་པ་ནི་ཁྱད་པར་རོ། །རྩ་སྔགས་བཟླ་ཚུལ་ཡང་ཕལ་ཆེར་དེ་དང་འདྲ་སྟེ། དང་པོར་སྙིང་པོའི་སྔགས་འཕྲེང་རྣམས་ཡི་གེ་སོ་གཉིས་པ་ལ་ཐིམ། རྣམ་པ་རྩ་སྔགས་ལ་རང་བཞིན་སྔགས་གསུམ་ཆར་གྱི་གཞི་མཐུན་པར་མོས་ནས་བཟླས་པ་བྱེད་དགོས་པ་ལས། རྩ་སྔགས་འདི་འཇིག་རྟེན་ལས་འདས་པའི་སྔགས་ལྟར་བཟླ་ན། དེ་ཕྱིན་ཆད་ཀྱི་དམིགས་


TNT06_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སྔ་མ་རྣམས་དང་འདྲ། འཇིག་རྟེན་པ་ལྟར་བཟླ་ན། བདག་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་འཕྲེང་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། འཇིག་རྟེན་དྲེགས་པ་ཐམས་ཅད་ཀྱི་སྙིང་ག་ནས། ཡིག་འབྲུ་སོ་གཉིས་བཀུག །བདག་མདུན་གྱི་ཐུགས་ཀའི་སྔགས་འབྲུ་རྣམས་ཀྱི་ཞབས་ནས་ཐིམ། འོ་མ་རྣམ་པར་འགྱུར་བ་ཞོར་སོང་བ་བཞིན་དུ་སྔར་སངས་རྒྱས་ཀྱི་གསུང་གི་སྙིང་པོ་ཁོ་ན་ཡིན་པ་དེ། ད་ནི་འཇིག་རྟེན་དྲེགས་པ་རྣམས་ཀྱི་སྲོག་གི་སྙིང་པོར་ཡང་སོང་བའོ། །སྙམ་དུ་མོས། ཐུགས་ཀའི་ཧཱུཾ་ལས་ཐིག་ལེ་དམར་ཚེར་པ་རེ་སྤྲོས་ཏེ། ཡི་གེ་རྣམས་ཀྱི་མགོ་ལ་ཐིམ་པས། དྲེགས་པ་ཐམས་ཅད་ཀྱི་སྲོག་དབང་དུ་འདུས་པར་བསམ། དེ་ནས་དམིགས་པ་གཞན་ཐམས་ཅད་འདྲ་བ་ལས། རྩ་ཞལ་ནས་འགྲོ་འོང་མི་བྱེད། རང་ཉིད་ཀྱི་སྟེང་ཞལ་དམར་པོའི་ཞལ་གྱི་སྒོ་ནས་འཐོན། མདུན་བསྐྱེད་ཀྱི་སྟེང་ཞལ་དུ་འཇུག་པ་དང༌། ཚུར་འོང་བའི་ཚེ་ཡང་དེ་དང་འདྲ་སྟེ། འདི་ཙམ་ཁྱད་པར་རོ། །དེ་ཡང་ཉེ་སྙིང་སྟོང་ཙམ་སོང་ན། ཧྲཱིཿ ལྔ་སྟོང་ཙམ། ཡ་མ་རཱ་ཛ། འཇིག་རྟེན་འདས་པའི་ཚུལ་བརྒྱ་དང་འཇིག་རྟེན་པའི་ལུགས་བརྒྱ། ཡོངས་དྲིལ་ཉིས་བརྒྱ་བཟླ་བ་ལྟ་བུས་མཚོན་ཏེ། མང་ཉུང་དེའི་རིག་པས་དཔྱད། སྤྱིར་ནི་སྔགས་གསུམ་པོ་གང་རུང་གཅིག་ཁོ་ནས་ཀྱང་འགྲུབ་པ་ཡིན་མོད། ལག་ལེན་གྱི་རྒྱུན་ལ་གསུམ་ཀར་བཟླ་བ་ཡིན། སྙིང་པོ་ལ་ཡང་འཇིག་རྟེན་འདས་མ་འདས་ཀྱི་ལུགས་གཉིས་ཀ་སྦྱོར་དུ་རུང་བ་ཅིག་དང་ཉེ་སྙིང་ལ་ཡང་དེ་འདྲ་གཅིག་གོ་བབས་ལ་ཡོད་མོད་ཀྱང༌། ཕྱག་ལེན་ལ་ནི་མི་མཛད་དེ། ཉེ་སྙིང་དང་ཡི་གེ་བཅུ་པ་འདི་དག་འཇིག་རྟེན་འདས་པ་ཁོ་ན་བྱས་པས་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་བཀྲ་ཤིས་ལ། རྩ་སྔགས་ལ་གཉིས་ཀར་བྱས་པས་ལས་མྱུར་བ་


TNT06_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། སྔགས་གསུམ་ཀར་ལ་འདས་མ་འདས་གཉིས་ཀའི་བཟླས་པ་བྱས་ན། འཇིག་རྟེན་པས་ཤེད་ཁྱེར་བའི་རྣམ་པར་སོང་ནས་རྩུབ་ཅིང་བཀྲ་མི་ཤིས་པར་འགྲོ་ཉེན་ཡོད་གསུངས། ཡང་དེ་དག་ལ་མན་ངག་གི་གནད་གལ་ཆེན་གཅིག་ནི། འཇིག་རྟེན་འདས་པའི་སྔགས་བཟླ་ལུགས་ཀུན་ལ། སྔགས་དང་འོད་ཟེར་ལས་མཆོད་པ་དཔག་ཏུ་མེད་པ་སྤྲུལ་ཏེ། བདག་མདུན་གྱི་ལྷ་དང༌། ཐུགས་ཀའི་སྔགས་འབྲུ་ལ་མཆོད་པར་བསམ། སྔགས་རྣམས་ཞལ་དང་ལྟེ་བ་ནས་འཁོར་བའི་སྐབས། འོད་ཟེར་དཔག་ཏུ་མེད་པ་སྤྲོས། སངས་རྒྱས་མཆོད་སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་ཐིམ་པར་བསམ་དགོས། འཇིག་རྟེན་པའི་སྐབས། འོད་ཟེར་གྱི་རྩེ་མོ་ལས་བདུད་རྩིའི་བུམ་པ་སྤྲོས་ཏེ། དྲེགས་པ་རྣམས་ཀྱི་སྤྱོ་བོ་ནས་དབང་བསྐུར་བས། གནོད་སེམས་ཞི། བདེ་བ་དང་ལྡན་པར་བྱས། དེ་རྗེས་སྲོག་སྔགས་བསྡུ་བ་སོགས་བྱེད་པ་གནད་ཡིན། ཁྱད་པར་སྔགས་ཞལ་དང་ལྟེ་བ་ནས་འཁོར་བའི་སྐབས། འོད་ཟེར་དཀར་ལ་དམར་བའི་མདངས་ཆགས་པ་དཔག་ཏུ་མེད་པ་སྤྲོས། འཁོར་གྱི་ལྷ་ཚོགས་དང་ཕྱི་རོལ་དྲེགས་པ་རྣམས་ལ་ཕོག་པས། བདེ་བ་ཐོབ་ཅིང་དབང་དུ་བསྡུས། འོད་ཟེར་ཚུར་བསྡུ་བའི་དམིགས་པ་བྱེད་པའང་གནད་གཅིག་གོ །མཆོག་སྒྲུབ་ལ་འཁོར་གྱི་བཟླས་པ་མེད་ཀྱང་ཆོག་མོད་དེ། ཕྲ་མོ་ལས་ཚོགས་སྒྲུབ་པ་ལ་འཁོར་གྱི་སྔགས་ཀྱང་བཟླས་ན་བཟང་བས། ཨོཾ་ཨཱཿབྷ་ཧཱུཾ་ཕཊ། ཨོཾ་ཧྲྀཾ་ཧྲྀཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་ཤར་གྱི་རོ་ལངས་དང༌། དེ་བཞིན་དུ། ཨོཾ་ཨཱཿབྷི་ཧཱུཾ་ཕཊ། ཨོཾ་ཧྲྀཾ་ཧྲྀཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ལྷོ་ཕྱོགས་དང༌། བྷུ་ནུབ་ཕྱོགས་དང༌། བྷཻ་བྱང་ཕྱོགས་དང༌། ཨོཾ་ཨཱཿབྷོ་ཧཱུཾ་ཕཊ་ཧྲཱྀཿཧཱ། ཤར་ལྷོ་དང༌། ཡང་དེ་བཞིན་དུ། བྷཽ་ལྷོ་ནུབ་དང༌། བྷཾ་ནུབ་བྱང་དང༌། ཨོཾ་ཨཱཿ


TNT06_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

བྷཿཧཱུཾ་ཕཊ་ཧྲཱྀཿཧཱ། བྱང་ཤར་གྱི་རོ་ལངས་ཀྱི་སྔགས་སོ། །དེ་བཞིན་དུ། གདན་རོ་ལངས་མ་རྣམས་ཀྱི་སྔགས་ནི། ཨོཾ་ཧྲཱྀཿཧཱ་ཧཱུཾ་ཤྲཱི་ཕཊ་སྭཱཧཱ། ཞེས་པ་ཁོ་ན་བཟླ་སྟེ། དེ་རྣམས་ཐམས་ཅད་ལ་བདག་བསྐྱེད་དང༌། གཙོ་བོ་གཉིས་ཀྱི་ཐུགས་ཀའི་སྔགས་འཕྲེང་རྣམས་ཞུ་བ་ལས། འཁོར་དེ་དང་དེ་དག་གི་སྔགས་སུ་གྱུར། གང་ལ་བཟླ་བའི་འཁོར་དེ་ཉིད་ཀྱི་ཐུགས་ཀར་ཡང་ཉི་མ་ལ་བྷཻཾ། དེའི་མཐའ་སྐོར་དུ་རང་སྔགས་ཀྱི་བསྐོར་བ་བསྒོམས་ནས། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཐིམ་པས་ཐུགས་རྒྱུད་བསྐུལ། བདག་མདུན་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་བྱུང༌། རོ་ལངས་ཀྱི་ཐུགས་ཀར་ཞུགས། སྔགས་རྣམས་ལ་ཕོག་པས་བདེ་བ་ཐོབ་ཅིང་དགྱེས་པར་བསམ། ཡང་དེའི་ཐུགས་ཀ་ནས་སྔགས་འཕྲེང་བྱུང༌། རང་ཉིད་ཀྱི་ལྟེ་བ་ནས་ཞུགས། སྙིང་གའི་སྔགས་འཕྲེང་ལ་ཐིམ། དཀྱུས་སུ་བཤད་པ་འདི་རོ་ལངས་བརྒྱད་ཀར་ལས་ཀྱི་འཇིགས་བྱེད་ཕོ་བརྒྱད་མོ་བརྒྱད་དུ་སྒྲུབ་པའི་ལུགས་ཡིན། གཞན་གཤིན་རྗེ་ཕོ་མོར་སྒྲུབ་པ་དང༌། སྲིན་པོ་ཕོ་མོར་སྒྲུབ་པ་དང༌། དབང་ཕྱུག་ཕོ་མོར་སྒྲུབ་པ་དང༌། སྲིན་པོ་དང་ལས་ཀྱི་འཇིགས་བྱེད་འདུས་པ་མགོན་པོ་ནག་པོར་སྒྲུབ་པའི་ལུགས་ཀྱང་ཡོད་དེ། སྒྲུབ་པ་གཅིག་གི་དུས་སུ་སྒྲུབ་ལུགས་སོ་སོའི་བཟླས་པ་གཉིས་བྱེད་དུ་མི་རུང་ལ། དུས་སྐབས་སོ་སོར་དཀྱིལ་འཁོར་ལོགས་པ་རེ་བཞེངས་ན། སྒྲུབ་ཚུལ་མི་འདྲ་བ་སོ་སོ་ཐམས་ཅད་ཀྱང་གང་ཟག་གཅིག་གིས་སྒྲུབ་ཏུ་ནི་རུང་ངོ༌། །དེ་ལྟར་ན་ཡང༌། རང་གི་སྐལ་བ་དང་གང་འཚམ་པ་གཅིག་ཁོ་ན་བླ་མའམ་ལྷག་པའི་ལྷ་ལ་ལུང་བསྟན་ཞུས་ཏེ་བསྒྲུབས་ན་ལེགས་སོ། །འཁོར་སྒྲུབ་ཚུལ་མི་འདྲ་བ་དེ་རྣམས་ལས་དོན་གྱི་གཙོ་བོ་ནི་ལས་ཀྱི་འཇིགས་བྱེད་ཕོ་མོར་སྒྲུབ་པ་ཡིན་ནོ། །


TNT06_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལུགས་ཀྱི་སྔགས་པ་གོང་མ་མང་པོ་ཡང་སྒྲུབ་ཚུལ་ཐ་དད་དེ་དག་ཕལ་ཆེར། ཚར་རེ་མཛད་པའི་སྲོལ་ཡོད་དེ། བློ་སྣ་མངས་ལ་ཁད་དོ་སྙམ་མོད་ལག་ལེན་མི་ནུབ་པའི་དགོས་པ་ནི་ཡོད་དོ། །ཡང་གཤིན་རྗེར་སྒྲུབ་པ་དང༌། སྲིན་པོ་དང༌། དབང་ཕྱུག་དང༌། མགོར་པོར་སྒྲུབ་པ་རྣམས་ལས་རང་རང་གི་སྒོས་བསྙེན་རེ་སྔོན་དུ་བཏང་ན་ལེགས། ལས་ཀྱི་འཇིགས་བྱེད་བརྒྱད་སྒྲུབ་པ་ལ་ནི། གཙོ་བོ་ཁོ་ནའི་བསྙེན་པ་སོང་བས་ཆོག་གོ་གསུངས། ཡང་དེ་རྗེས་སྐབས་འདིའི་ཆོ་ག་ཡན་ལག་ཏུ་དགོས་པ་མ་ཡིན་ཡང༌། ཡིག་ཆུང་ཟུར་ན་ཡོད་པ་ལྟར༌། མགོན་ནག་དང༌། དབང་ཕྱུག་ཆེན་པོ་དང༌། ལས་ཀྱི་གཤིན་རྗེ་ཧ་ལ་ནག་པོ་དང༌། ལྷ་མོ་རེ་མ་ཏཱི་དང༌། སྲིན་པོ་ཕོ་མོ་རྣམས་ཀྱི་བཟླས་པ་ཡང་ཅུད་ཟད་རེ་བྱེད་པའི་སྲོལ་ཡོད་ལ། མཐར་སུམྦྷའི་སྔགས་ཀྱིས་བགེགས་བསྐྲད་དེ། གཙོ་བོ་ལ་ཡི་གེ་བརྒྱ་པ་བདུན་དང༌། འཁོར་རྣམས་ལ་ལན་རེ་ཙམ་བཟླས་པས་བརྟན་པར་བྱའོ། །གཉིས་པ་བཟླས་པའི་རྗེས་ཀྱི་བྱ་བ་ནི་མཆོད་གཏོར་ཏེ། དེ་ཡང་ཨརྒྷཾ་སོགས་ཕྱི་མཆོད་དང༌། འབྲུ་གསུམ་གྱི་ནང་མཆོད་དང༌། ཧཱུཾ། དུར་ཁྲོད་རྒྱན་སོགས་ཀྱིས་བསྟོད་ནས། གཏོར་ཆོག་དཀྱུས་ཀྱི་སྔོན་དུ་འཇམ་དཔལ་རྡོ་རྗེའི་འཇིགས་བྱེད་ཀྱི་སྒོས་ཆོས་ལྷ་བཤོས་ཀྱི་གཏོར་མ་ཆེན་པོ་འབུར་བར་བྱ་སྟེ། དེ་ཡང་རྒྱུད་ལས། མི་ལ་སོགས་པ་བཅུ་གཅིག་དང༌། བྱ་རྒོད་སོགས་ལ་བཅུ་གཅིག་ཡོད་མོད་ཀྱི། ལག་ལེན་དུ་ཞབས་འོག་གི་སྲོག་གཟུགས་དངོས་དང་མཐུན་པར། བརྒྱད་ཚན་གཉིས་ཁོ་ན་མཛད་དོ། །སྲོག་ཆགས་རྣམས་ཀྱི་ཤ་ཁྲག་རུས་པ་བསྲེས་པའི་གཟུགས་བརྙན་བྱ་བར་བཞེད་ན་བྱ་ཆེན་པོ་ལ་སྲིན་བྱའམ་འོལ་བའོ། །དེ་དག་མ་རྙེད་ན་བག་ཟན་བཙོས་པ་དང་ཤ་ཁྲག་བསྲེག་ཤིང་སྲོག་ཆགས་དེ་དང་དེའི་ངོ་བོར་མོས། འཇིག་རྟེན་གྱི་ཕྱོགས་དང་བསྟུན་ནས། ཤར་དུ་ཅེ་སྤྱང་ལྷོར་མ་ཧེ། །


TNT06_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཏུ་ཁྱི་སྟེ་བོང་བུ་བྱང༌། །ཤར་ལྷོར་ལུག་དང་སྲིན་པོར་མི། །རླུང་དུ་རྔ་མོ་བྱང་ཤར་གླང༌། །དེ་དག་རེ་རེ་ཡི་གཡོན་དུ། །བྱ་རྒོད་ཤར་དང་འུག་པ་ལྷོ། །བྱ་རོག་ནུབ་དང་ཁྲ་ནི་བྱང༌། །ནེ་ཙོ་དབང་ལྡན་འོལ་བ་མེ། །ལྷོ་ནུབ་རི་སྐེག་བཞད་དཀར་རླུང༌། །ཞེས་པ་ལྟར། ཐམས་ཅད་ཁ་ནང་དུ་བལྟས་ཏེ་འགོད་པ་བྱ་ལ། ཉིན་རེ་བཞིན་ནམ། ཐུན་རེ་བཞིན་གཟུགས་བརྙན་གསར་པ་ཚར་རེ་འབུལ་བ་ཡིན་ན། དེ་དག་ཁོ་ནས་ཆོག་གཞན་ལིང་ག་མི་དགོས་ལ། སྒྲུབ་པའི་དང་པོར་ལན་ཅིག་བཤམས་པ་དེ་ཉིད་ཐུན་རེའམ། ཉིན་རེར་མཐེབ་ཀྱུ་ཕྲ་མོས་ཁ་གསོ་བ་ཙམ་ལས་མི་བྱེད་ན། འབྲུབ་ཁུང་གཅིག་ཏུ་ལིང་ག་ཆུང་ངུ་གཅིག་ཀྱང་བཤམ་མོ། །དེ་ཐམས་ཅད་གུ་གུལ་གྱིས་བདུགས། ནང་མཆོད་དང་རཀྟས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨོཾ་ཡིག་རྣམས་ལས་བྱུང་པའི་སྲོག་གཟུགས་རྣམས་ཕུང་པོ་ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས་པ། དམ་ཚིག་གི་ཉེར་སྤྱོད་མ་ཚང་བ་མེད་པར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱ་ལན་གསུམ་སོགས་ཀྱི་བྱིན་གྱིས་བརླབས། རེ་རེ་ལ་དམིགས་ན་ཁ་འབར་བའི་སྔགས་ལན་གསུམ་གསུམ་མཛད་པའི་སྲོལ་ཡང་ཡོད། རྐང་བཞི་བརྒྱད་པོ་རྣམས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་བརྒྱད་དང༌། འདབས་ཆགས་བརྒྱད་པོ་རྣམས་སྡིག་པའི་ལས་བརྒྱད་དུ་མོས། དེ་ལ་ཉོན་མོངས་པ་བརྒྱད་ནི། དུག་ལྔ་ལྟ་བ་ཐེ་ཚོམ་གཡོ་སྒྱུའོ། །མི་དགེ་བ་བརྒྱད་ནི། མི་དགེ་བཅུ་ལས། ལོག་ལྟ་ཉོན་མོངས་ཀྱི་སྡེབས་ལ་སོངས། བརྣབ་སེམས་གནོད་སེམས་གཅིག་ཏུ་སྡོམས་པའོ། །དེ་ལྟར་མོས་ནས། ཨོཾ་ཨཱཿཧཱུཾ་ལན་


TNT06_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་རེ་བརྗོད། དེ་ནས་དགུག་གཞུག་བྱ་སྟེ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་བཀའ་བདེན་པ་དང༌། ལུང་དང་རྟོགས་པས་བསྡུས་པ་དམ་པའི་ཆོས་རྣམས་ཀྱི༴ ཐེག་པ་གསུམ་ལ་གནས་པའི་འཕགས་པའི་དགེ་འདུན་རྣམས་ཀྱི༴ ཡི་དམ་དཀྱིལ་འཁོར་ཀྱི་ལྷ་རྣམས་ཀྱི༴ དེ་བཞིན་བཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་ཞུགས་པའི་ལྷ་ཚོགས་རྣམས་ཀྱི༴ སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང། རིགས་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི༴ དུས་གསུམ་ཀྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེའི་ཁྲོ་རྒྱལ་ཆེན་པོ་གཤིན་རྗེ་གཤེད་པོའི་ལྷ་ཚོགས་རྣམས་ཀྱི༴ བཀའ་སྡོད་ཕྱག་བརྙན་དམ་ཅན་བསྲུང་མའི་ཚོགས་ཀྱི༴ ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི༴ ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི༴ རྣལ་འབྱོར་པ་བདག་ཅག་གི་སྔགས་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱི་བདེན་པ་དང༌། བདེན་པ་ཆེན་པོས་བྱིན་གྱིས་བརླབས་ཀྱིས༴ སྤྱིར་སངས་རྒྱས་ཀྱི་བསྟན་པ་འཇིག་པར་བྱེད་པ། སེམས་ཅན་ཡོངས་ལ་གནོད་ཅིང་འཚེ་བ། མི་དགེ་བ་བཅུ་དང༌། མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པའི་ལས་ལ་རྟག་ཏུ་སྤྱོད་པ། དཀོན་མཆོག་གསུམ་ལ་བརྙས་ཤིང་མཐོ་འཚམ་པ་མ་རུངས་པ་ཐམས་ཅད་དང༌། ཁྱད་པར་རྣལ་འབྱོར་སྒྲུབ་པ་པོ་བདག་ལ་ཞེས་པ་ལྟ་བུ་སྐབས་སུ་གང་བབས་ཀྱིས་མཚམས་སྦྱར་ནས། དངོས་དང་བརྒྱུད་པའི་སྒོ་


TNT06_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནོད་པར་བྱེད་པའི་སྔ་དགྲ་ལག་ལ་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་ལྟ་མངོན་དུ་གྱུར་པའི་ལས་ངན་གྱི་དགྲ་བགེགས། དངོས་གྲུབ་དང༌། ཏིང་ངེ་འཛིན་དང༌། བསམ་པ་ལ་བར་དུ་གཅོད་པར་བྱེད་པ་དང༌། ཐོས་པ་དང༌། བསམ་པ་དང༌། སྒོམ་པ་ལ་ལོག་པར་སྒྲུབ་པར་བྱེད་པ་དང༌། ཚེ་དང༌། འབྱོར་པ་དང༌། དབང་ཕྱུག་དང༌། བདེ་བ་དམ་པ་ལ་མི་མཐུན་པར་རྩོམ་པ། མདོར་ན་ཆོས་དང༌། འབྱོར་པའམ། ཕན་པ་བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པར་བྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་དང༌། གཞན་ཡང་ཕྱོགས་བཅུ་རབ་འབྱམས་ན་གནས་པ། འགྲོ་བ་དྲུག་ན་གནས་པའི་སེམས་ཅན་མ་ལུས་པའི་ལས་ངན་པ་དང༌། ཉོན་མོངས་པ་ཐམས་ཅད་གནོད་བྱེད་གདུག་པ་ཅན་གྱི་གཟུགས་སུ་བསྒྱུར་ཏེ། དེ་དག་ཐམས་ཅད་ཞགས་པས་བཅིངས། ལྕགས་ཀྱུས་དྲངས། ཐབས་སྣ་ཚོགས་པས་རབ་ཏུ་བསྡིགས་ཏེ་སྐད་ཅིག །ཐང་ཅིག །ཡུད་ཙམ་འདི་ཉིད་ལ་གཟུགས་བརྙན་འདི་རྣམས་ལ་མི་འཚོར་བར་ཕོབ་ཅིག །ཧྲཱིཿཥྚཱིཿའི་མཐར། སརྦ་པཱ་པཾ་བིགྷྣཱན་ཤཱ་ཏྲུན་ཨ་ཀརྵ་ཡ་ཛཿཛཿ ཎྀ་ཡཾ་ཛཿ ཏྲི་ཡཾ་ཛཿ ཨོཾ་བཛྲ་ཨཾ་གུ་ཤ་ཛཿ ཨོཾ་བཛྲ་པ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨ་བེ་ཤ་ཨ། ཞེས་པ་ལན་གསུམ་དང༌། ཧྲཱིཿཥྚཱིཿའི་མཐར། སྡང་བ་དང་གདུག་པ་ཐམས་ཅད་ཨ་ཀརྵ་ཡ་ཛཿ ཞེས་སྤེལ་བ་ཉེར་གཅིག་ནས། བརྒྱའི་བར་ཇི་ལྟར་འོས་པ་བཟླས་པས་དགུག་གཞུག་བྱའོ། །དེ་འདྲ་ལན་གསུམ་བྱེད། ཁམས་གསུམ་གྱི་ཉོན་མོངས་པ་དང་སྡིག་པ་རྣམས་དགྲ་བགེགས་ཀྱི་རྣམ་པར་བཀུག་ནས། བྱོལ་སོང་བཅུ་དྲུག་ལ་


TNT06_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམ་པའི་དམིགས་པ་བྱ། དེ་རྗེས་ཐུན་རེའམ་ཞག་རེར་སྲོག་གཟུགས་རྣམས་བརྗེ་ཞིང་འབུལ་ན། སྲོག་གཟུགས་བཅུ་དྲུག་པོ་སྒྲོལ། སྒྲུབ་པའི་འགོ་གཞུག་ལ། ཁ་གསོ་བ་མ་གཏོགས་སྲོག་གཟུགས་ཚར་གཅིག་པོ་དེས་སྐྱོང་ན། ཕུར་བུ་དང༌། རལ་གྲི་ཐོགས་ནས། སྲོག་གཟུགས་རྣམས་ལ་བརྡེག་པའི་ཚུལ་ཙམ་བྱས་ནས། ལུང་ཆུང་དེ་ལ་དངོས་སུ་བཏབ་སྟེ་བསྒྲལ་ལོ། །སྤྲོས་པ་བྱེད་ན་ཕྱག་མཚན་ཚོ་ཡང་འདེབས་ཏེ་བཟླས་པ་ལ་གཡེལ་བར་འགྲོ་བས་མི་བྱ་ལ། ཕུར་བུ་ནི་སྤྱི་མཐུན་ཡོངས་སུ་གྲགས་པ་ལྟར་ཡོད་ན་ལེགས་མོད་ཀྱང༌། མ་འབྱོར་ན་ལྕགས་སམ། རུས་པའམ། ཚེར་མ་ཅན་གྱི་ཤིང་ལ་མགོ་བོར་འཛིན་ཡོད་པ། གཟེར་བུའི་རྣམ་པས་ཀྱང་རུང་ཞིང༌། ཁབ་ལོང་བས་ཀྱང་རུང་གསུངས། གང་ལྟར་ཡང་བསངས་སྦྱངས། སྟོང་པའི་ངང་ལས་ཕཊ་ཡིག་ལས་བྱུང་བའི་ཕུར་བུ་དང༌། ཧཱུཾ་ཡིག་ལས་བྱུང་བའི་རལ་གྲིར་གྱུར། ཨོཾ་ཧྲཱིཿཥྚཱིཿབི་ཀྲི་ཏཱ་ན་ན་སརྦ་པཱ་པཾ་ཤཱ་ཏྲུན་བིགྷྣཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ལན་བདུན་བཟླས་ཏེ་ཕུར་བུས་སྙིང་གར་བཏབ། ཡང་ཨོཾ་ཧྲཱྀཿཥྚཱིཿབི་ཀྲི་ཏཱ་ན་ན་སརྦ་པཱ་པཾ། སརྦ་ཤཱ་ཏྲུན་བྀགྷྣཱན་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། ལན་བདུན་བཟླས་པའི་མཐར། སྔགས་དེ་ཉིད་བཟླ་བཞིན་དུ་ཐོག་མར་གཟུགས་བརྙན་གྱི་མགྲིན་པ་ནས་བཅད་དེ། མཐར་དུམ་བུ་མང་པོར་གཏུབས། དེ་རྣམས་སྣོད་གཅིག་ཏུ་སྤུངས་ལ། རཀྟས་ཅུང་ཟད་བྲན་ཏེ། སྟེགས་བུའི་སྟེང་དུ་བཞག །སྤྲོས་པ་ལ་མོས་ན། ལྷ་ཐམས་ཅད་ཀྱི་ཞལ་དུ་འདེབས་པའི་ཚིག་བྱང་ཡང་བརྗོད། བསྡུ་ན་ཡི་གེ་བཅུ་པའི་མཐར། བཛྲ་བྷཻ་ར་བ་ཨ་ཏི་པ་ཏི་ཨི་དཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཧཱུཾ་ཕཊ། ཅེས་དཀྱུས་ལ་བརྒྱ་རྩ་སོགས་དང་ལས་ཡིན་ན་ལས་ཀྱི་གྲངས་དང་མཐུན་པར་ཕུལ།


TNT06_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་རྗེས་སུ་སྒྲུབ་ཐབས་ནས་འབྱུང་བ་ལྟར། གཏོར་མ་བྱིན་རླབས་ནས་བརྩམས་ཏེ། གཏོར་འབུལ་རྒྱས་པར་བྱའོ། །བདུན་པ་རྗེས་ཀྱི་བྱ་བ་ལ། ཐུན་གྱི་རྗེས་ཆོག་དང༌། དཀྱིལ་འཁོར་ཉེར་བསྡུ་གཉིས་ལས། དང་པོ་ནི། མཆོད་པ་གསར་བ་བཤམས་ཤིང༌། རྙིང་པ་རྣམས་ཁ་གསོ། བྱིན་རླབས་བསྡུས་པ་གོང་བཞིན་བྱ། ཨརྒྷཾ་ནས་ཤཔྟའི་བར་གྱིས་ཕྱི་མཆོད། ནང་མཆོད། བསྟོད་པ་མདོར་བསྡུས་རྣམས་བྱས་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་མཛད་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་རྣམས་ཀྱི་སྔོན་གྱི་ལས་ལས་གྱུར་པ་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་དང་གདོན་དང་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་དང༌། དཔལ་དང་འབྱོར་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། དབང་ཕྱུག་དམ་པ་ཕུན་སུམ་ཚོགས་པས་འགྲོ་བ་ཐམས་ཅད་བྱང་ཆུབ་ལ་ཡང་དག་པར་གཞུག་པ་དང༌། སྡང་བ་དང་གདུག་པའི་སེམས་ཅན་ཞི་བས་མི་འདུལ་བ་རྣམས་དྲག་པོའི་འཕྲིན་ལས་ཀྱིས་འདུལ་བར་མཛད་དུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་དམ་པ་མ་ལུས་པ་སྩལ་དུ་གསོལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་རྣམ་པར་དཀར་བའི་ལམ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། སེམས་ཅན་ཐམས་ཅད་ཀྱི་བདུད་དང་ཉོན་མོངས་རྩ་བ་དང་དྲི་མར་བཅས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གཞོམ་


TNT06_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་དུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐེག་པ་བདེ་བ་དང༌། ལམ་བདེ་བ་དང༌། འཇུག་པ་བདེ་བས་ཐོབ་པར་མཛད་དུ་གསོལ། ཇི་སྲིད་གོ་འཕང་མཆོག་དེ་ཉིད་མ་ཐོབ་པའི་བར་དུ་ཡང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་མཛད་དུ་གསོལ། ཞེས་པ་ལ་སོགས་པས་གསོལ་བ་གདབ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིས་སྩལ་བ། །དེ་ཡང་མགོན་པས་བཟོད་པར་མཛོད། །གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱ་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛད་རིགས། །དཀྱིལ་འཁོར་དང་རྟེན་ལ་སྒྲུབ་པ་མ་ཐོན་བར་དང་རྟག་པའི་བརྟན་བཞུགས་བྱ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཅེས་པའམ། བདག་ལ་དངོས་གྲུབ་མཆོག་བསྩལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པའང་བསྩལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ ། ཞེས་གཏོར་མགྲོན་རྣམས་གཤེགས། ཡང་གོང་མ་འགའ་ཞིག་ནི་དམ་ཅན་རྣམས་གཤེགས་སུ་མ་གསོལ།


TNT06_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བར་དཔང་བོར་བཞག་ཀྱང་ལེགས་ཟེར་བའང་སྣང་ངོ༌། །དེ་རྗེས་བདག་དང་དཀྱིལ་འཁོར་ལ་སྲུང་བ་དང༌། སྨོན་ལམ་དང་བཀྲ་ཤིས་ཀྱིས་མཐའ་བརྟེན་ནོ། །གཉིས་པ་དཀྱིལ་འཁོར་ཉེར་བསྡུ་ནི། སྒྲུབ་པ་ཐོན་པའི་སྐབས་དགོས་པ་ཡིན་ཏེ་ཕལ་ཆེར་བཤད་མ་ཐག་པའི་རྗེས་ཆོག་དང་འདྲ་ཡང་ཁྱད་པར་ཕྲ་མོ་རྣམས་དབང་ཆོག་ཏུ་བཤད་པ་བཞིན་ཏེ། འོན་ཀྱང་རྡུལ་ཚོན་ཆུ་བོར་སྤྱན་འདྲེན་མི་མཛད་དོ། །དེ་ལྟར་ན་སྐབས་འདིར་བཀྲ་ཤིས་ཡན་ཆད་བྱ་སྟེ། ཐུན་དང་པོའི་ཆོ་གའོ། །ཐུན་ཕྱི་མ་རྣམས་ལ། བདག་བསྐྱེད་རྒྱས་པར་མ་འགྲུབ་ཀྱང་རུང་སྟེ། རང་སྐད་ཅིག་གིས་འཇིགས་མཛད་ཆེན་པོའི་སྐུར་གསལ་བཏབ། སྔགས་གསུམ་པོ་གང་འོས་རེ་བཟླས་ནས་མདུན་བསྐྱེད་ཀྱི་ཆོ་ག་ལ་འཇུག་པ་སོགས་གཞན་རྣམས་འདྲའོ། །ཉེར་སྒྲུབ་ཀྱི་སྐབས་འདིར། སྦྱིན་སྲེག་ཇི་ལྟར་འོས་པ་བསྒྲུབས་ཏེ། རབ་ཏུ་ཉིན་རེ་བཞིན་སྦྱིན་སྲེག་ལན་རེ་བྱ་ན། ཐུན་དང་པོའམ། གཉིས་པ་གསུམ་པའི་འཇུག་གི་ཐུན་མཚམས་གཅིག་ལ་བྱ། ཐུན་ཐ་མའི་འཇུག་ལ་ཕྱི་རོལ་གཏོར་མའི་ཚུལ་དུ་སྒྲུབ་ཁང་གི་སྒོ་ཕྱིར་དྲུག་ཅུ་རྩ་བཞི་རེ་འབུལ། ཅང་ཏེའུ་འཁྲོལ་ཞིང་ནང་དུ་འོངས་ནས། སྔགས་གསུམ་གྱི་མཐར། ཧ་ཧ་ཧི་ཧི་ཧེ་ཧེ་ཧོ་ཧོ་ཞེས་བཞད་པ་བརྒྱད་ཀྱི་ང་རོ་དང་བཅས་ནས་སྐོར་བ་བྱེད་ཅིང་དཀྱིལ་འཁོར་དུ་ཞུགས་པར་མོས་ཏེ། དེ་ནས་རྗེས་ཆོག་རྣམས་བྱའོ། །འབྲིང་དུ་ན། ཟླ་བ་དྲུག་ལྟ་བུ་ལ་ཡར་ངོ་མར་ངོ་གཉིས་ཀའི་བརྒྱད་དང་བཅུ་དང་བཅོ་ལྔ་ལ་སོགས་པར་སྦྱིན་སྲེག་རེ་བྱ་ལ། ཐ་མས་ཀྱང་ཐོག་མཐའ་བར་གསུམ་དུ་སྦྱིན་སྲེག་བྱའོ། །གཏོར་མ་ནི་རབ་ཐུན་བཞི། འབྲིང་ཐུན་གཉིས། ཐ་མ་སྲོད་དམ་ནམ་ཕྱེད་ལ་རེ་རེའོ་གསུང་སྟེ་ལྷ་བཤོས་ཀྱི་དབང་དུ་བྱས་པ་ཡིན་གཏོར་ཆོག་དཀྱུས་དེ་ཐུན་རེ་བཞིན་


TNT06_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སོ། །དེ་ལྟར་ན་བླ་མ་གོང་མ་རྣམས་ཚུལ་འདི་ལ་བསྙེན་སྒྲུབ་སྒྲགས་མ་ཞེས་ཐ་སྙད་སྦྱོར་ལ། སྤྱིར་འདི་ལ་ཉེ་བསྙེན་དང༌། ཉེ་སྒྲུབ་ཅེས་བསྙེན་པ་ཆེ་ཤོས་དང༌། སྒྲུབ་པ་ཆུང་བའི་དོན་ཡིན་པས། བསྙེན་པ་དང༌། སྒྲུབ་པ་གཉིས་ཀའི་ཆ་འཛིན་པ་ཡིན་ནོ། །འགའ་ཞིག་སྒྲུབ་བསྙེན་ཞེས་པའི་ཐ་སྙད་བྱེད་པ་ཡོད་པའང་འདི་ལ་ཟེར་ན་ནི་འགལ་བ་མེད་ཀྱི། ཕྱིས་བྱུང་གི་སྒྲུབ་ཐབས་བཞད་སྒྲ་ཟེར་བ་གཅིག་ན། རྩ་བའི་བསྙེན་པའི་སྐབས། མདུན་ན་རྟེན་གང་ཡང་མེད་པ་ལ། སྐད་ཅིག་གིས་ལྷ་མདུན་དུ་སྤྱན་དྲངས་ནས། དགྲ་བསད་ཀྱི་དམིགས་པར་རློམ་པ་འདྲ་བྱེད་པ་དེ་ལ་སྒྲུབ་བསྙེན་ཟེར་ཞིང༌། རྩུབ་པོ་ཡོད་དོ་དྲག་ལ་མྱུར་བ་ཡིན་ནོ། །ཞེས་སྨྲ་བ་ནི་མན་ངག་མེད་ཀྱང༌། མན་ངག་ཡོད་པར་རྫུ་བ་སྟེ་སྐྱོ་ལུགས་ཀྱི་སྒྲུབ་ཐབས་ཅིག་མིག་ཟུར་ལ་ཐོགས་པས། དེ་དང་འདྲ་མིན་བྱས་པར་སྣང་མོད། རྩུབ་ཅིང་མྱུར་ལ་རེ་ཡང༌། ངལ་བ་འབྲས་བུ་མེད་པར་ཟད་དོ། །ལར་ཡང་ཡོན་ཏན་གཞན་མེད་ན་རྩུབ་པ་ཁོ་ན་དགོས་པ་ཅིག་ཡོད། དེང་སང་གི་སྔགས་པ་ཕལ་ཆེ་བས། སྒྲུབ་པའི་འདྲ་འབག་ཙམ་མ་གཏོགས། སྒྲུབ་པ་དངོས་ལག་ལེན་དུ་ཐེབས་པར་དཀའ་བའི་ཕྱིར། དེང་སང་གི་སྒྲུབ་པ་ལག་ལེན་དུ་འདེབས་རྒྱུ་ལ་བསྙེན་སྒྲུབ་མ་འདི་ལ་གལ་ཆེ་ཤོས་ཡིན་ནོ། །དེ་ནས་སྒྲུབ་པ་དངོས་ཀྱང་ཕལ་ཆེར་དེ་དང་འདྲ་བ་ལས། འདྲ་འབག་ལམ་དུ་བྱེད་ན། དམིགས་པའི་ཁྱད་པར་མདུན་བསྐྱེད་ཀྱི་བཟླས་པའི་གོང་དུ་བདག་མདུན་བསྲེས་ཏེ། བཟླས་པའི་སྐབས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ནས་སངས་རྒྱས་ཐམས་ཅད་མཆོད་དེ་བྱིན་རླབས་བསྡུ་བ་ཉིད་གཙོ་བོ་ཡིན་ལ། ཡང་རང་ཉིད་ཐུགས་ཀ་ནས་ཕྱིར་བྱུང༌། ཁྱད་པར་གྱི་བཤོས་གཙང་འབུལ་བ་ཞེས་པ་ལྷ་བཤོས་ཀྱི་གཏོར་མ་མན་ཆད་བྱའོ། །རབ་ཏུ་ཐུན་བཞིའི་ཐུན་མཚམས་ཐམས་ཅད་ལ་སྦྱིན་སྲེག་དང་ཕྱི་རོལ་གཏོར་མ་གཉིས་ཀ་


TNT06_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

འཆག་མེད་དུ་བྱ། རང་གིས་མ་ལྕོགས་ཤིང་གྲོགས་རྣམ་དག་ཅིག་ཡོད་ན་གྲོགས་ཀྱིས་བྱས་ཀྱང་རུང༌། མ་ཐ་ཡང་ཞག་རེའི་ཐུན་མཚམས་གང་ཡང་རུང་བ་ཅིག་ལ། སྦྱིན་སྲེག་ལན་རེ་ནི་འཆག་མེད་དུ་དགོས། ཡོ་བྱད་ཡེ་མ་འཛོམ་ཞིང་དམིགས་པ་གསལ་ན། རྫས་ཀྱི་སྦྱིན་སྲེག་ཇི་ལྟར་འོས་པ་བྱེད་ཅིང༌། ཏིང་ངེ་འཛིན་གྱི་སྦྱིན་སྲེག་ཐུན་བཞིར་བྱའོ་གསུངས་ཏེ་དམིགས་པ་གསལ་བོ་དཀོན། འདི་ཟླ་ཕྱཻད་སོགས་བྱེད་ན་སྒྲུབ་པ་དངོས་ལ་གཉིད་སྤོང་དགོས་པའི་ཚབ། མཚན་མོའི་དུས་གྲོགས་ཀྱིས་སྔགས་ཐུན་བཟུང་བས་ཆོག་གོ །སྒྲུབ་ཆེན་གྱི་འདྲ་འབག་ནི། ཐོད་པའམ། སྣོད་དགེ་ཞིང་ཤིས་པ་གཅིག་ཏུ་ཤ་ཆེན་ལ་སོགས་པ་དམ་རྫས་ཇི་ལྟར་འོས་པ་བཞག་པའམ་ཡང་ཞུན་མར་རམ། གི་ཧཾ་ལ་སོགས་པ་བཞག་ཀྱང་རུང༌། དེ་དཀྱིལ་འཁོར་གྱི་རེ་མིག་དབུས་མའམ་མདུན་མར་བཀོད། གཞན་སྒྲུབ་པའི་སྐབས་དང་འདྲ། སྒྲུབ་རྫས་དེ་བསངས་སྦྱངས་སྔགས་གསུམ་ཀའམ། གང་རུང་ཅིག་གི་ཡིག་འབྲུའི་ཕུང་པོར་མོས། བཟླས་པའི་སྐབས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་སྔགས་འབྲུ་རྒྱུན་མི་འཆད་པར་སྤྱན་དྲངས། རྫས་ལ་བསྟིམ་ཞིང༌། ཐུན་འཇོག་པའི་ཚེ་བསྲུང་བ་བྱ། ནུབ་སྔ་མ་རྣམས་ལ་རྗེས་ཆོག་གི་སྐབས་གསོལ་བ་དྲག་ཏུ་འདེབས་ཤིང༌། ཞལ་གྱིས་བཞེས་པར་བསམ་པ་ལྷག་པོ་ཡིན་གཞན་འདྲའོ། །ནུབ་ཐ་མ་ནམ་ཕྱེད་དམ། ཐོ་རངས་ཀྱི་དུས་སུ། ཐུན་གྲོལ་མཚམས་ཀྱི་ཕྱི་རོལ་གཏོར་མ་སོང་ནས། ནང་དུ་འོངས་ཏེ་དངོས་གྲུབ་སྩོལ་བར་གསོལ་བ་དྲག་ཏུ་བཏབ་པ་ན། ཁྱོད་དངོས་གྲུབ་ཅི་འདོད་ཅེས་གསུང་བར་བསམས། འཆི་བ་མེད་པ་རྡོ་རྗེའི་སྐུ་ཐོབ་པར་འགྱུར་བ། རྡོ་རྗེ་ཚེའི་དངོས་གྲུབ་བཅུད་ལེན་གྱི་མཆོག་སྩལ་དུ་གསོལ་


TNT06_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལྟ་བུས་གསོལ་བ་བཏབ་པས། སྔར་གྱི་སྒྲུབ་རྫས་དེ་ཉིད་དེར་བྱིན་གྱིས་བརླབས་ཏེ། གཙོ་བོའི་ཕྱག་གཡོན་པས་རང་ཉིད་ལ་བསྩལ་བར་བསམ། སྒྲུབ་རྫས་ལག་གཉིས་ཀྱིས་བླངས་ཏེ། ཡི་གེ་འབྲུ་གསུམ་བརྗོད་བཞིན་དུ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། ཕུད་སངས་རྒྱས་བྱང་སེམས་རྣམས་ལ་ཡིད་ཀྱིས་ཕུལ། སེམས་ཅན་ཐམས་ཅད་ཀྱི་དངོས་གྲུབ་འདི་ཐོབ་པར་གྱུར་ཅིག་སྙམ་དུ་རང་གིས་ཟོས་ཤིང་འཐུངས་པ། དངོས་གྲུབ་དེ་ཐོབ་པར་མོས་པ་བྱ། དེ་རྗེས་སླར་ཡང་སྦྱིན་སྲེག་དང༌། ནང་གཏོར་བསྡུས་ཙམ་རེ་བྱ། ཡང་ན་སྒྲུབ་རྫས་ལོགས་པ་མི་བྱེད་པར་དེའི་དོན་དུ་དཀྱིལ་ཆོག་ལས་འབྱུང་བ་ལྟར་གྱི་བུམ་སྒྲུབ་བྱས་ནས་སྒྲུབ་རྫས་འཇོག་སར་བུམ་པ་བཀོད། དངོས་གཞིའི་སྐབས་དམིགས་པ་སོགས་འདྲ། སྐབས་འདིར་རྫས་ཀྱི་དངོས་གྲུབ་ལེན་པའི་ཚབ་ཏུ། བདག་འཇུག་གི་སྒོ་ནས་བུམ་དབང་ཡོངས་རྫོགས་སམ། ཆུ་དབང་ཙམ་བླངས་པས་ཀྱང༌། དགོས་དོན་སྔ་མ་དང་འདྲ་བ་ལས་ཤིན་ཏུ་བྱིན་རླབས་ཆེ་བ་ཡིན། འོན་ཀྱང་རྫས་ཀྱི་སྒྲུབ་པའི་ལག་ལེན་མི་ནུབ་པའི་ཕྱིར། ལག་ལེན་སྔ་མ་དེ་ཡང་ངེས་པར་མཛད་དོ། །དེ་རྗེས་སྔོན་བཞིན་རྗེས་ཆོག་དང༌། དཀྱིལ་འཁོར་གཤེགས་གསོལ་བྱ། སླར་ཡང་ཉི་མ་གཞན་ལ་དཀྱིལ་འཁོར་གྱི་ཤུལ་དེར། སྦྱིན་སྲེག་དང་གཏོར་མ་དང་ཚོགས་འཁོར་ལ་སོགས་པ་བྱའོ། །སྒྲུབ་པ་སྒྲུབ་ཆེན་འདི་དག་འདྲ་འབག་ཙམ་ཡིན་ཡང༌། མཐུ་སྟོབས་ནུས་པ་དང༌། ཚེ་དང་ལོངས་སྤྱོད་འཕེལ་བ་སོགས་བྱིན་རླབས་ཀྱི་ཚན་ཀ་ཆེན་པོ་འབྱུང་ངོ༌། །གལ་ཏེ་བསྙེན་སྒྲུབ་བསྒྲགས་མ་ལ། ཡོ་བྱད་སོགས་ཡེ་མ་འབྱོར་ན། དམིགས་པས་དཀྱིལ་འཁོར་བསྒོམས། དངོས་སུ་བྲིས་སྐུ་ཙམ་ལ་བརྟེན་ཀྱང་ཆོག་གོ །


TNT06_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུང་ངོ༌། །དེ་ལྟར་ན་ཚུལ་འདི་ནི། ལས་མཐའ་དག་ལ་ཐུན་མོང་དུ་འཇུག་པ་དང༌། མཆོག་སྒྲུབ་བམ་དངོས་གྲུབ་སྒྲུབ་པའི་དོན་ཡིན། འདིའི་སྟེང་དུ་དྲག་ལས་ཀྱི་ཁྱད་ཆོས་འགའ་ཞིག་བསྣན་ཏེ། བསྙེན་སྒྲུབ་སྦྲགས་མ་དང་སྒྲུབ་པ་ལས་སྦྱོར་སོགས་བྱེད་ཚུལ་ནི། འགྲེལ་པ་སྐོར་གསུམ་དང༌། ལག་ལེན་ཁྲིགས་བཀོད་སོགས་ན་གསལ་བ་ལྟར་ཤེས་དགོས་མོད་ཀྱི། དགྲ་བསད་ཙམ་ལ་དཀྱིལ་འཁོར་ཆེན་པོ་བཞེངས་ཏེ། བསྙེན་སྒྲུབ་སྦྲགས་མ་ཟླ་དྲུག་སོགས་ཕྱེད་རིན་མི་ཆོག་གོ །བསྙེན་སྒྲུབ་སྦྲགས་མ་དང༌། སྒྲུབ་པ་སྒྲུབ་ཆེན་གྱི་སྐབས་འདི་དག་ལག་ལེན་སྟོན་བྱེད་དམ། འདྲ་འབག་ཙམ་གྱི་སྐབས་ཡིན་ཡང་རུང༌། ཉེར་སྒྲུབ་དང་སྒྲུབ་པ་དང་སྒྲུབ་ཆེན་གསུམ་དཀྱིལ་འཁོར་བཞེངས་ཐེང་གཅིག་གི་སྟེང་ནས་བྱེད་དུ་མི་རུང་སྟེ། ཆོ་ག་ཐ་དད་ཡིན་པའི་ཕྱིར་རོ། །དེ་ནས་རེ་རེ་བཞིན་དཀྱིལ་འཁོར་སྔ་མ་སྔ་མ་གཤེགས་སུ་གསོལ་ནས། ཕྱི་མ་ཕྱི་མའི་དཀྱིལ་འཁོར་གསར་དུ་བཞེངས་དགོས་པ་ཡིན་ནོ། །དཀྱུས་ཐོག་ཅིག་ལ་དཀྱིལ་འཁོར་བཞེངས་ས་ཁང་པ་གཅིག་ཏུ་བྱེད་པ་ཡིན་ན། ས་ཆོག་གཅིག་གི་ས་རུང་བར་ཁ་ཅིག་འདོད་ལ། ལག་ལེན་དུ་ནི་རང་གི་སེམས་ཀྱི་དྲི་མ་སྦྱོང་བའི་གནད་དང༌། དགོས་དོན་ཐ་དད་ཡིན་པའི་ཕྱིར། རེ་རེ་བཞིན་ས་ཆོག་བྱེད་དགོས་ཞེས་གསུང་བ་ལྟར་མཛད་དོ། །འདིར་དངོས་སུ་བཤད་པའི་སྒྲུབ་པའི་རིམ་པ་འདི་རྣམས་མཆོག་སྒྲུབ་ཅེས་བྱ་བ་ཡིན་ཏེ། དེ་ཡང་རྒྱུད་འདིའི་ལུགས་ལ་མཆོག་ཅེས་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཁོ་ན་ལ་གོ་དགོས་པ་མ་ཡིན། དངོས་གྲུབ་སྤྱི་ལ་ཟེར་བ་ཡིན། རྟོག་བདུན་གྱི་རྟོག་པ་དང་པོའི་མཆོག་ཅེས་པའི་དགོངས་པའང་འདི་ཁོ་ན་ཡིན་ནོ། །ཐོག་མ་དགྲ་བསད་ལྟ་བུའི་ལས་ཉེ་ཚེ་བ་རེ་ལ་ཡིད་དགའ་དྲངས་ཏེ་བསྙེན་སྒྲུབ་རྣམས་བྱས་སུ་ཟིན་ཀྱང༌། སྐབས་དེར་ལས་ཏེ་ཅུང་ཟད་འགྲུབ་སྲིད་མོད། ཇི་སྐད་དུ།


TNT06_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ནི་མཉེས་པར་མ་བྱས་ན། །བདག་ཉིད་རྣམ་པར་སུན་འབྱིན་ཡིན། །ཞེས་པ་ལྟར་ཡུལ་ཆུང་ཞིང་བཀྲ་མི་ཤིས་ལ། དངོས་གྲུབ་ཀྱི་རྟེན་འབྲེལ་འགྲིག་པར་མི་འགྱུར་རོ། །མཆོག་སྒྲུབ་ཀྱི་དོན་དུ། རྩ་བའི་བསྙེན་སྒྲུབ་འདི་མཆོད་པ་ལ་བརྩོན་པ་དང་བཅས་པས་སྒྲུབས་ན། གཞི་ནས་ལྷ་མཉེས་པའི་རྟེན་འབྲེལ་གྱིས། ཕྱིས་ལས་གང་ལ་སྦྱར་ཡང་འགྲུལ་སླ་ཞིང༌། ལས་སྟོབས་ཆེ་འཁུ་ལྡོག་སོགས་བཀྲ་མི་ཤིས་པ་མི་འབྱུང་ལ། སྒྲུབ་པ་དངོས་མ་ཡིན་སྒྲུབ་པའི་འདྲ་འབག་ཙམ་ཡིན་དུ་ཆུག་ཀྱང༌། ཕྱིས་དངོས་གྲུབ་ཐོབ་པའི་རྟེན་འབྲེལ་འགྲིག་ཅིང༌། ད་ལྟ་འཕྲལ་དུའང་ལས་ཐམས་ཅད་པའི་ཆོ་ག་བཟང་པོར་འགྱུར་རོ། །རྩ་བའི་སྒྲུབ་པ་འདི་རྣམས་འཐེམས་པར་སོང་ན། ཕྱིས་ལས་སྒྲུབ་པའི་ཚེ། སྔོན་གྱི་ཡིག་རྙིང་རྣམས་ལས་གསལ་བ་ལྟར། རྡུལ་ཚོན་གྱི་དཀྱིལ་འཁོར་རམ། དེ་ཡང་མ་འགྲུབ་ན། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། ཉེ་བསྙེན་དང༌། སྒྲུབ་པ་ལས་སྦྱོར་རྣམས། ཞག་བདུན་ཕྲག་སོགས་ཇི་ལྟར་འོས་པར་ཀྱང་ལེགས་པར་འགྲུབ་ལ། དཀྱིལ་འཁོར་རྒྱས་པ་འཆའ་མི་འཐུབ་ན། མཎྜལ་ཆོས་འབྱུང་ངམ། ཐང་གའི་དྲུང་དུ་སྦྱིན་སྲེག །གཏོར་མ། འཁྲུལ་འཁོར་རྣམས་བསྒྲུབས་པས་ཀྱང་ལེགས་པར་འབྱུང་ངོ༌། །སྒྲུབ་པའི་སྐབས་འདིར་གོང་མ་རྣམས་ཀྱི་ཡི་གེ་ན། རྩ་བ་དང་ཡན་ལག་གི་སྒྲུབ་པའམ། དངོས་གྲུབ་དང་ལས་ཕྱོགས་རེའི་སྒྲུབ་པ་ཞེས་སོ་སོར་ཕྱེ་བ་གསལ་པོ་མི་འདུག་པས། དབྱེ་བ་འདི་ལྟར་བྱེད་པ་མི་རུང་ངོ་སྙམ་པའི་ལོག་རྟོག་གམ། ཡང་ན་དབྱེ་བ་འདི་དགོས་ཕྱིན་སྔ་མ་རྣམས་ཀྱིས་མ་གོ་ཞིང་ནོར་བའོ་སྙམ་པའི་ལོག་རྟོག་འབྱུང་སྲིད་ན། དེ་ནི་གཉིས་ཀ་མ་ཡིན་ཏེ། དབྱེ་བ་བྱེད་པ་ནི། གཙོ་བོར་རྟོག་བདུན་ཉིད་དང༌། གཞན་ཡང་བསྐྱེད་རིམ་གཙོ་བོར་སྟོན་པའི་རྒྱུད་རྣམས་ཀྱི་སྤྱིའི་དགོངས་པ་ཡིན་ཞིང༌། ཡང་སྒོས་སུ་བླ་མ་དམ་པའི་མན་


TNT06_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཞལ་རྒྱུན་རྒྱུད་དང་འགྲེལ་པ་ལ་འཛུག་ཚུགས་སུ་ངོ་སྤྲོད་པའི་སྲོལ་ཀ་མ་ཉམས་པ་ཡིན་པའི་ཕྱིར། འཁྲུལ་པ་དང་འཛོལ་སོ་ཡེ་མེད་པ་ལ། བྱིན་རླབས་དང༌། ནུས་པ་ཡོང་འཕྲོ་རྒྱུན་མ་ཆད་པའི་ཉམས་མྱོང་གིས་གྲུབ་པ་ཡིན་ནོ། །ཡིག་རྙིང་བྱེད་པ་པོ་རྣམས་ཀྱིས་ཀྱང་མ་གོ་བ་ཏ་མ་ཡིན། སྐྱེ་བོ་བློ་དམན་པ་དྲག་ལས་ཁོ་ན་ལ་སེམས་ཤོར་བ་རྣམས་ཀྱི་ངོར། དགྲ་བསད་འབའ་ཞིག་ལ་སྦྱར་བ་ལྟར་བྱས་ནས་དེའི་ཁོག་ནས་མཆོག་སྒྲུབ་འདོན་རྒྱུ་ཡིན་ཞིང༌། དེ་བླ་མའི་ཞལ་འཁྲིད་ལ་བརྟེན་ནས་སྒྲུབ་དགོས་པ་ཡིན་ཡང༌། བར་སྐབས་ནས་གཟུང་བའི་དགེ་བཤེས་ཀྱི་མིང་ཅན་དང༌། སྔགས་ཆོས་ཤེས་འདོད་ཆོས་ཐོབ་ལ་བརྩོན་པའི་འདུན་པ་ཆེ་ཆུང་སུ་འདྲ་བ་ཅིག་ཡིན་ཡང༌། ཕལ་མོ་ཆེ་ཞིག་བླ་མ་ཡུན་རིང་དུ་བསྟེན་པའི་སྒོ་ནས། མཉེས་པའི་ཐབས་ཡེ་མི་བྱེད་པས་གསེར་དང་འདྲ་བའི་འདྲ་མེན་གྱི་དཔེར་སོང༌། ཞལ་ཤེས་ལག་ལེན་གྱི་གནད་རྣམས་རིམ་པས་རྩ་བས་ཆད་པ་ལྟར་སོང་བ་ཡིན། སྔོན་གྱི་རིག་སྔགས་འཆང་རྣམས་ཀྱིས། ཞལ་ཤེས་དང་ཐུགས་བཅུད་ཐམས་ཅད་ཡི་གེ་འགོད་པ་ག་ལ་ཞིག །འཕྲལ་གྱི་ལག་ལེན་ཕྲ་མོ་རྣམས་ཀྱང༌། ངག་རྒྱུད་དང་མཐོང་བ་རྒྱུད་པ་ཁོ་ན་ལ་གནས་པ་མང༌། དེས་ན་གསང་སྔགས་ཀྱི་མན་ངག་ཟབ་མོ་དེ་ལྟར་གབ་པའི་ཚུལ་གྱིས་གནས་པ་ནི། དགོས་ངེས་ཤེས་པའི་ཕྱག་སྲོལ་ཡིན་པས། གསལ་བོར་ཡི་གེ་ལ་མི་འགོད་པ་དང༌། འདྲ་མིད་མགོ་སྐོར་ཞལ་རྒྱུན་དང་འཛུག་འཁྲིད་ཀྱི་ཁུངས་ཚོལ་ཡང་འབྱུང་བ་དེ། སྔོན་གྱི་རྩོམ་པ་པོ་རྣམས་མི་མཁས་པ་ཡང་མིན། མཁས་ཀྱང་བསམ་པ་ངན་པའང་མིན། ཡིག་རིགས་དེ་དག་ངན་པར་ཡང་མི་འགྱུར་མོད། སློབ་མ་ཚོགས་རྫོགས་པའི་ཕྱིར། བླ་མ་ལ་བསྙེན་བཀུར་བྱེད་པའི་ཐབས་ཡིན་ནོ། །ཡང་ཕྱིས་འགའ་ཞིག་ལྟར་རྩོམ་པ་པོས་ཐོག་མ་ཉིད་ནས་བླ་མའི་ཞལ་ལུང་མ་ཐོབ་པར་རིག་པ་གླེགས་བམ་ལས་བཀླགས་པ་


TNT06_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས། རང་བཟོའི་ཡི་གེ་བཀོད་པ་དག་ལ། སླད་ནས་གསེར་ཆོས་དང་སྙན་བརྒྱུད་དང༌། ཞལ་ཤེས་དང༌། འཛུག་འཁྲིད་ཀྱིས་མིང་བཏགས་པས་མི་ཕན་གྱི། སྔོན་ནས་ད་ལྟའི་བར་རྒྱུན་མ་ཆད་པའི་ཞལ་ལུང་མན་ངག་དགོས་སོ། །རྡོ་རྗེ་འཇིགས་མཛད་ཆེན་པོའི་ལག་ལེན་ལ། གཅིག་ཏུ་རང་གལ་ཆེ་བ་སྒྲུབ་པའི་སྐོར་གྱི་ལག་ལེན་འདི་དག་ཡིན་ཡང༌། སྒྲུབ་དཀྱིལ་གྱི་ཡིག་ཆ་གསར་པ་རེ་ཐམས་ཅད་ཀྱིས་བརྩམས་པས་མང་གྲགས་པའི་སྐྱོན་དང༌། མངོན་རྟོགས་ཀྱི་བཤད་པ་ཡམ་མེ་བ་ཡང་མང་པོ་བརྩམས་འདུག་ཀྱང༌། སྒྲུབ་པ་བྱེད་ཚུལ་གྱི་ལག་ལེན་ངག་འདོན་བྲིས་པ་ཡེ་མ་མཐོང་ཞིང༌། ཕལ་ཆེར་ལ་དེ་ལྟར་དགོས་པའི་གོ་བ་ཙམ་ཡང་མི་སྣང་བས། འདིར་ཕྱོགས་ཙམ་བརྗོད་པ་ཡིན་ནོ། །ཞེས་པའང་འཇམ་དཔལ་ཁྲོ་བོ་དང་གཉིས་སུ་མེད་པ་རྩ་བའི་བླ་མ་ཚུལ་ཁྲིམས་རྣམ་རྒྱལ་དང༌། དེའི་ཐུགས་སྲས་དོན་གྲུབ་ལེགས་པའི་བཀའ་དྲིན་ལས་གསུང་ངག་དང་ཕྱག་ལེན་གྱི་རིམ་པ་ལེགས་པར་ཐོབ་པ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ངེས་པར་བརྗོད་པའོ།། །།།མངྒ་ལཾ། །

བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་རྡོ་རྗེ་འབར་བ།


TNT06_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དོན་ཐམས་ཅད་དྲིལ་ནས་ཉམས་ལེན་ཚུལ། །གསལ་བར་སྟོན་པའི་སྒྲུབ་ཐབས་རྡོ་རྗེ་འབར། །རྗེ་བཙུན་རྡོ་རྗེ་འཇིགས་བྱེད་མཉེས་བྱེད་འདི། །བྲིས་ཚེ་ཆོ་འཕྲུལ་རྣམ་འགྱུར་ཅི་ཡང་བྱུང༌། །ཤུབྷཾ།


TNT06_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ན་མོ་མཉྫུ་བཛྲེ་བྷྱཱཿ བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་རྡོ་རྗེ་འབར་བ་ཞེས་བྱ་བ། བླ་མ་དང་འཇམ་པའི་རྡོ་རྗེ་རབ་ཏུ་ཁྲོས་པ་ལ་ཕྱག་འཚལ་ལོ། །འཇམ་པའི་རྡོ་རྗེ་རང་བཞིན་ལྷན་ཅིག་སྐྱེས། །ཀུན་ཏུ་རྟོག་ལ་རབ་ཁྲོས་བྷཻ་ར་བ། །དཔལ་ལྡན་བླ་མ་རང་རིག་བདེ་ཡེ་ཤེས། །འཕོ་བའི་མཐར་བྱེད་འཇོམས་ལ་རབ་ཏུ་འདུད། །བརྟགས་བྲལ་ལས་ཀྱང་བརྟགས་པའི་ཆོ་འཕྲུལ་ནི། །རྟག་ཏུ་ཤར་ཡང་འཆར་ནུབ་ཀུན་བྲལ་བ། །སྒྱུ་མའི་རྡོ་རྗེ་ཅིར་ཡང་སྣང་བ་པོ། །རྡོ་རྗེ་ཁྲོ་བོས་བདུད་ཀྱི་དཀྱིལ་འཁོར་ཆོམས། །དང་པོའི་ལས་ཅན་དག་གི་རྣལ་འབྱོར་ལ། །ཤིན་ཏུ་གོམས་པ་རྣམས་ལའང་ཡིད་བཞིན་གཏེར། །བརྗོད་བྲལ་འདིར་ནི་བརྗོད་པར་ཤར་བ་ལས། །གདོད་མའི་དཔའ་བོ་བསྐུལ་བའི་ཚུལ་འདི་མཚར། །འདིར་འཇམ་པའི་རྡོ་རྗེ་དཔལ་འཇིགས་མཛད་ཆེན་པོ་སྒྲུབ་པར་འདོད་པའི་ལས་དང་པོ་པས་དུར་ཁྲོད་ལ་སོགས་པར་གསང་བའི་བྲིས་སྐུ་དགྲམ་ཞིང༌།


TNT06_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་དང་གཏོར་མ་དག་དམ་ཚིག་དང་རྗེས་སུ་མཐུན་པར་བཤམས། སྔགས་པ་ཁ་ལྷོར་ཕྱོགས་པས་བདུད་རྩིས་ཁ་དག་པ་དང༌། བར་གཅོད་བསྲུང་བའི་དོན་དུ་ཕྱོགས་སྐྱོང་གི་གཏོར་མ་སོགས་འགྲུབ་ན་བྱ་ཞིང༌། རང་ཉིད་རོ་གདན་ལ་འདུག་པར་བསམ་ལ། སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་ཀྱི་སྒོམ་བཟླས་བྱ། སྐད་ཅིག་གིས་རང་རྡོ་རྗེ་འཇིགས་བྱེད་ཀྱི་སྙིང་གར་པད་ཉི་ལ་ཧཱུཾ་ནག་པོ་མཆོག་ཏུ་འབར་བའི་འོད་ཀྱིས། བླ་མ་མི་བསྐྱོད་པས་གཙོ་བོའི་ཅོད་པན་དུ་བྱས་པའི་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་སྤྱན་དྲང་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཱཿ ན་མོ་བཛྲ་བྷཻ་ར་བ་མཎྜལ་བྷྱཱཿ རྣམ་རྟོག་དྲ་བ་རབ་བསལ་ཞིང༌། །ཡེ་ཤེས་རྒྱ་མཚོའི་ཐུགས་མངའ་བ། །འཇམ་དཔལ་ཁྲོ་བོའི་དཀྱིལ་འཁོར་པ། །རྡོ་རྗེ་འཛིན་བཅས་ཕྱག་འཚལ་ལོ། །ཨོཾ་བཛྲ་ལཱ་སྱ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཾ། ཨོཾ་བཛྲ་གིརྟི་ཧྲཱྀཿ ཨོཾ་བཛྲ་ནིརྟི་ཨཱཿ ཨོཾ་བཛྲ་དྷུ་པེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཏྲཾ། ཨོཾ་བཛྲཱ་ཨ་ལོ་ཀེ་ཧྲཱིཿ


TNT06_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་གནྡྷེ་ཨཱཿ དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་དང༌། ཚད་མེད་བཞི་སྒོམ་པ་སྤྱི་ལྟར་བྱ། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝཱཏྨ་ཀོ྅ཧཾ། བདག་དང་ལྷ་དང་ཆོས་ཐམས་ཅད་སྤྲོས་མེད་འོད་གསལ་ནམ་མཁའ་ལྟ་བུར་བསམ་ལ་འཆི་བ་སྦྱངས། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ། རཾ་ལས་ཉི་མ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུཾ། དེ་ལས་འོད་འཕྲོས་རྡོ་རྗེའི་ས་གཞི་རྭ་གུར་སྟུག་པོ་བླ་བྲེ་ཕྱི་རོལ་རྡོ་རྗེའི་མེས་གཏམས་པ། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེའི་དབུས་སུ་ཨེ་ལས་ཆོས་འབྱུང་དཀར་པོ་ཁ་གྱེན་བསྟན་གྱི་ནང་དུ་དུར་ཁྲོད་ཆེན་པོ་འཇིགས་སུ་རུང་ཞིང་སྐྱི་གཡའ་བ་བརྒྱད་ཀྱིས་བསྐོར་བ་སྟེ། དེ་དག་ན་ཤིང་དང་ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཆུ་དང་མེ་དང་ཀླུ་དང་སྤྲིན་དང་མཆོད་རྟེན་བརྒྱད་བརྒྱད་དང་བཅས་པ། མ་མོ་སྲིན་པོ་ཤ་ཟ་གཤིན་རྗེ་རོ་ལངས་ལ་སོགས་པ་འབྱུང་པོའི་ཚོགས་ལང་ལོང་དུ་རྒྱུ་ཞིང་ཧ་ཧའི་སྒྲ་དང༌། ཀུ་ཅོ་བྲག་ཆ་དང་བཅས་པ་ལྷང་ལྷང་བོར་འབོད་པ། མདུང་ལ་སྐྱོན་པ། ཤིང་ལ་དཔྱངས་པ། མེས་ཚིག་པ་ལ་སོགས་པའི་རོ་སྣ་ཚོགས་དང༌། ཀེང་རུས་དང་རོ་མགོ་མེད་གར་བྱེད་ཅིང༌། རུས་པ་དང་ཁྲག་དང་ཤ་དང་ཀླད་པ་འཐོར་བ་དང༌། དུམ་བུས་ཁེབས་པ། བྱ་དང་གཅན་གཟན་སྣ་ཚོགས་འཐབ་པ་དང་འཁྲུག་པ་ང་རོ་འདོན་པ། འབྱུང་པོ་རྣམས་ཀྱི་སྤྱོད་པ་སྣ་ཚོགས་པས་ཡིད་སྒྱུར་བར་བྱེད་པ། དཔའ་བོ་དང་རྣལ་འབྱོར་མ་དང་སྒྲུབ་པ་པོ་དང་གྲུབ་པའི་རིག་འཛིན་རྣམས་དམ་ཚིག་གིས་སྤྱོད་པ་དང༌། འཇིགས་པ་མེད་པ་ཐོད་རྔའི་སྒྲ་དང་བཅས་གར་བྱེད་པ་དང༌། མཆོད་རྫས་སྣ་ཚོགས་


TNT06_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

པས་གང་བའི་དབུས་ན། ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་ཁ་དོག་ཅན་གྱི་སྟེང་དུ་པད་ཉིའི་གདན་ལ། ཨ་ལས་ཟླ་བ་གང་བ་ལ་གནས་པའི་དྷཱིཿཡོངས་སུ་གྱུར་པ་ལས། དྲི་ཟ་དང་རྗེས་སུ་མཐུན་པར་རླུང་སེམས་ཕྲ་མོའི་སྣང་བ་འཇམ་དཔལ་གཞོན་ནུ་གུར་ཀུམ་གཞོན་ནུའི་མེ་ཏོག་རྒྱས་པ་ལྟར་དམར་སེར། ཕྱག་གཡས་རལ་གྲི་འཕྱར་སྟབས། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པས་ཨུཏྤལ་སྔོན་པོ་ཁ་བྱེ་བ་ལ་གནས་པའི་པོ་ཏི་བསྣམས་པ། ཞི་ཞིང་སྒེག་པ། རྒྱན་ཐམས་ཅད་དང་མཚན་དཔེ་རྫོགས་པ། བརྒྱད་གཉིས་ལོན་པའི་ན་ཚོད་ཅན། བུང་བ་ལྟར་གནག་པའི་དབུ་སྐྲའི་ཐོར་ཚུགས་ལས་འཕྱང་བའི་ཟུར་ཕུད་ལྔ་སིལ་ལེ་བུན་ནེ་བས་མཛེས་པ། རྡོ་རྗེ་གདན་གྱིས་བཞུགས་པའི་ཐུགས་ཀར་ཨ་ལས་བདུན་པའི་བདག་པོས་ལས་སཾ། དེ་ལ་གནས་པའི་ཧཱུཾ་ལས་འོད་འཕྲོསས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ། སེམས་དཔའ་རིག་མ་ཁྲོ་བོ་ལ་སོགས་པ་སྤྱན་དྲངས་པ། སེམས་ཅན་སྐྱེ་བ་དང་ཆོས་མཐུན་པར་འཇམ་དཔལ་ཟླ་བ་དང་བཅས་པ། དེ་ཐམས་ཅད་ཉི་མ་ལ་ཐིམ་པས་ཚ་ཟེར་འབར་བ། དཔག་ཚད་འབུམ་དུ་ཁྱབ་པ། ཡང་དེའི་འོད་ཟེར་གྱིས་སྔགས་འཕྲེང་རྣམས་སྤྱན་དྲངས་ཏེ་བསྟིམ་པས། ཧཱུཾ་ནག་པོ་འོད་ཟེར་ལྔ་ལྡན་དུ་གྱུར། ཡང་ན། འབུམ་དུ་ཁྱབ་པའི་སྟེང་དུ་ཧཱུཾ་ནག་པོ་ཞེས་སོགས་བྱ། དེའི་འོད་ཀྱིས། དེ་བཞིན་གཤེགས་པ་ལ་སོགས་པ་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་ཐིམས་པས། ཧཱུཾ་དེ་ཉིད་རྡོ་རྗེ་ཆེན་པོ་མཐིང་ནག་རྩེ་ལྔ་པ་རྭ་གདེངས་པ། འོད་ལྔ་འབར་བ། དེ་ལས་དེ་བཞིན་གཤེགས་པ་ལ་


TNT06_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དང༌། རྡོ་རྗེ་ཕྲ་མོ་མཐའ་ཡས་པ་སྤྲོས། སྡང་བ་དང་གདུག་པ་རྣམས་ཚར་གཅད། སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད། ཞིང་ཁམས་དག་པར་བྱས། དེ་རྣམས་དང་འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཚད་མེད་པ་སྤྱན་དྲངས་ཏེ། དེ་དག་ཐམས་ཅད་གཅིག་ཏུ་གྱུར་པ་ལས། བདག་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་དུས་མཐའི་སྤྲིན་དང་མུན་པ་ལྟར་གནག་ཅིང་ངམ་ཟ་བ། ཞལ་དགུའི་རྩ་ཞལ་མཐིང་ནག་མ་ཧེ་ནག་པོ་ཤིན་ཏུ་ཁྲོས་པའི་གདོང༌། རྭ་སྔོ་བསངས་ཤིན་ཏུ་རྣོ་ཞིང༌། རྡོ་རྗེའི་མེ་ལྕེ་ལྷབ་ལྷབ་འབར་བས་ཕྱོགས་ཐམས་ཅད་གནོན་པ། རྭའི་གཡས་ཞལ་གསུམ་མདུན་ནས་རིམ་པས་སྔོན་པོ་དམར་པོ་སེར་པོ་སྟེ་ཤིན་ཏུ་ཁྲོས་པ། རྭའི་གཡོན་གྱི་ཞལ་གསུམ་མདུན་ནས་རིམ་པས་དཀར་པོ་དུད་ཁ་ནག་པོ་སྟེ་དཔའ་ཞིང་མཆེ་བ་གཙིགས་པ། རྭ་གཉིས་ཀྱི་དབུས་སུ་སྟེང་ཞལ་དམར་པོ་ཞལ་ནས་ཁྲག་འཛག་པ། སྲིན་པོ་ལྟར་ཆེས་འཇིགས་ཤིང་ཧ་ཧ་ཕེཾ་ཞེས་དྲག་ཏུ་བཞད་པ། དེའི་སྟེང་དུ་འཇམ་དཔལ་གཞོན་ནུའི་ཞལ་སེར་མདོག་ཡིད་ཙམ་ཁྲོ་ཞིང་འཛུམ་པ་ཟུར་ཕུད་ལྔ་ལྡན་བྱིས་པའི་རྒྱན་བཟང་པོས་སྤྲས་པ། ཞལ་ཐམས་ཅད་སྤྱན་གསུམ་པ། ཁྲོ་ཞལ་ཐམས་ཅད་རྡོ་རྗེ་གད་མོ་དྲག་ཏུ་རྒོད་ཅིང༌། ཧཱུཾ་ཕཊ་ཀྱི་སྒྲ་གནམ་དུ་འབོད་པ། དགྲ་བགེགས་ཀྱི་ཤ་དང་རྐང་དང་ཚིལ་ཟ་བ། རྣམ་པར་འགྱུར་བའི་ཞལ། ཁྲོ་གཉེར་བསྡུས་པའི་འགྲམ་ནས་འབར་བའི་སྨིན་མ་འཁྱོག་པོར་བཅུས་ཤིང༌། དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་སྡང་མིག་ཏུ་ལྟ་ཞིང་ཟློག་པ། སྐྲ་སེར་པོ་གྱེན་དུ་འབར་པ་མེ་སྟག་ལྟ་བུའི་སྨིན་རྫི་དང༌། སྨ་ར་དང་བ་སྤུ་ཅན། འཇིག་རྟེན་དང་


TNT06_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་སྡིགས་མཛུབ་ཀྱིས་བསྡིགས་པ། མི་བཟད་པའི་ཞལ་མཆེ་བ་བཞི་བཞི་དང་བཅས་པ། ལྗགས་འགྲིལ་བ། འཇིགས་པ་ཆེན་པོ་དུས་ཀྱི་རླུང་དང་འབྲུག་སྟོང་ལྡིར་བ་ལྟ་བུའི་མཚམས་རྔམ་གྱི་སྒྲའི་གད་རྒྱངས་ཀྱིས་བདུད་སྡེའི་སྙིང་འགས་པ། ལངས་ཚོ་ལ་བབ་པ་སྐུ་ལུས་ཆེ་ཞིང་རགས་པའི་ཡན་ལག་དང་ཉིང་ལག །སྤོམ་ཐུང་ཧྲགས་ཤིང་མཁྲེང་བག་ཅན། སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། རབ་ཏུ་རྒྱས་པའི་ལིངྒ་གྱེན་དུ་བསྒྲེང་བ། ཕྱག་སུམ་ཅུ་རྩ་བཞིའི་དང་པོ་གཉིས་རྡོ་རྗེ་གྲི་གུག་དང་ཐོད་ཁྲག་བག་ཙམ་རྡེག་ཐབས་ཀྱི་ཐུགས་ཀར་འཛིན་པ། གཡས་ལྷག་མས་རིམ་བཞིན་བི་དྷི་པ་ལ། བརྟུན་ཤིང༌། ཆུ་གྲི། ཀ་ན་ཡ། སྟ་རེ། མདུང་རིངས། མདའ། ལྕགས་ཀྱུ། དབྱུག་པ། ཁ་ཊྭཱཾ་ག །འཁོར་ལོ། རྡོ་རྗེ་རྩེ་ལྔ་པ། ཐོ་བ། རལ་གྲི། རྔེའུ་ཆུང་རྣམས་འཛིན་པ། གཡོན་རྣམས་ཀྱི་ཚངས་མགོ །ཕུབ། རྐང་པ། ཞགས་པ། གཞུ། རྒྱུ་མ། དྲིལ་བུ། ལག་པ། རོ་རས། སྐྱེས་བུ་གསལ་ཤིང་ལ་བཙུགས་པ། མེ་ཐབ། ཐོད་ཚལ་གྱི་ཁ་ཕོར་བདུད་རྩིས་གང་བ། སྡིགས་མཛུབ། འཕན་རྩེ་གསུམ་པ། རླུང་གིས་བསྐྱོད་པའི་རས་རྣམས་བསྣམས་པ། ཐ་མ་གཉིས་ཀྱི་གླང་པོ་ཆེའི་ལྤགས་རློན་ཁྲག་འཛག་པ་སྟོད་གཡོགས་སུ་བྱས་པའོ། །ཞབས་བཅུ་དྲུག་གཡས་བསྐུམ་གཡོན་བརྐྱང་བའི་གྱད་ཆེན་པོའི་སྟོབས་ཀྱིས་སྲིད་པ་གསུམ་གཡོ་ཞིང་འདར་བར་བྱེད་ཅིང་ལྷག་པར་བརྗིད་པའི་སྟབས་ཀྱི་བཞུགས་པའི་གཡས་བརྒྱད་ཀྱིས། མི། མ་ཧེ། གླང༌། བོང་བུ། རྔ་མོ། ཁྱི། ལུག །ཝ་རྣམས་དང༌། གཡོན་བརྒྱད་ཀྱིས་བྱ་རྒོད། འུག་པ། ཁྭ།


TNT06_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ནེ་ཙོ། བོང་ཁྲ། བྱ་ཆེན་པོ། རི་སྐེག །བཞད་རྣམས་གནོད་པ། དེ་རྣམས་ཀྱི་འོག་ཏུ་ཚངས་པ། དབང་པོ། ཁྱབ་འཇུག །དྲག་པོ་སྟེ་བདུད་བཞི་དང༌། ཚོགས་ཀྱི་བདག་པོ། ཀརྟི་ཀ ། ཉི་མ། ཟླ་བ་རྣམས་ཁ་སྦུབ་ཏུ་བསྒྱེལ་ནས་མནན་པ། གཅེར་བུ་ཤིན་ཏུ་གཏུམ་པ། འཇིགས་སུ་རུང་བའི་ཐོད་སྐམ་ལྔ་ལྔས་དབུ་བརྒྱན་པ། མི་མགོ་ཁྲག་འཛག་པ་བརྒྱ་ཕྱེད་རྒྱུ་རློན་ལ་བརྒྱུས་པའི་དོ་ཤལ་དང༌། ཀླུ་བརྒྱད་དང༌། གདུག་པའི་སྦྲུལ་ནག་པོའི་མཆོད་ཕྱིར་ཐོགས་དང་རུས་པའི་རྒྱན་དྲུག་དང་ཁྲག་དང་ཞག་དང་ཐལ་ཆེན་གྱིས་སྤྲས་པ། སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་སྤྲོ་བ། འཇིག་དུས་ཀྱི་མེ་ལྟར་དྲག་ཏུ་འབར་ཞིང་འཁྲུག་པའི་མེ་དཔུང་གི་ཀློང་ན་བཞུགས་པ་ལྟ་བར་ཡང་མི་བཟོད་པའི་བདག་ཉིད་དུ་གྱུར། ཨོཾ་སྭ་བྷཱ་སོགས་བརྗོད་དེ་བསྙེན་པའོ། །མིག་ཏུ་ཀྵིཾ་དཀར་པོ་ས་སྙིང༌། རྣ་བར་ཛྲིཾ་སྔོན་པོ་ཕྱག་རྡོར། སྣར་ཁཾ་སེར་པོ་ནམ་སྙིང༌། ལྕེར་གཾ་དམར་པོ་འཇིག་རྟེན་དབང་ཕྱུག །དཔྲལ་བར་སྐཾ་ལྗང་ཁུ་སྒྲིབ་སེལ། ལྟེ་བར་སཾ་དཀར་པོ་ཀུན་བཟང་གི་ངོ་བོ་སྟེ། ཉེར་སྒྲུབ་བོ། །དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཧཱུཾ་གི་འོད་ཟེར་མཁའ་དབྱིངས་ཐམས་ཅད་དུ་སོན། ཆོས་ཀྱི་དབྱིངས་ལས་གདུག་པ་མ་ལུས་པ་འདུལ་བའི་ཕྱིར་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་སྐུ། འཇམ་དཔལ་ཁྲོས་པའི་དཀྱིལ་འཁོར་སད་པ་ལ། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཡང་ན། ཨོཾ་ཧྲཱིཿཧ་བྷོ་མཧཱ་ཀྲོ་དྷ་ཨཱ་གཙྪ་ཨ་གཙྪ་ཨསྨཏྟ་པཱུ་ཛ་པྲ་ཏི་གྲྀཧྞནྟུ་པྲ་སཱ་དྷ་མེ་དྷཱི་མནྐུ་རུ་


TNT06_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ། ཧྲཱིཿཥྚཱིཿས་ཕྱི་འབྲངས་གྱིས་བགེགས་བསྐྲད། ལཱ་སྱ་སོགས་སྔར་བཞིན་ནམ། ཧྲཱིཿཥྚཱིཿཧ་སོགས་ཀྱིས་མཆོད། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། དེ་ནི་སྒྲུབ་པའོ། །དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿ སྔར་བཞིན་མཆོད། བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐྱེ་བས་ཐོབ་པ་དབང་བསྐུར་བས། །ཇི་ལྟར་དེ་བཞིན་བདག་གིས་ཏེ། །དག་པ་ལྷ་ཡི་ཆུ་དབང་བསྐུར། །ཨོཾ་བཛྲོ་ད་ཀཱ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ། ཞེས་དབང་བསྐུར། དྲི་མ་ཐམས་ཅད་སྦྱངས། རྡོ་རྗེའི་ཁྲོ་བོའི་མཐུ་སྟོབས་དང་འཕྲིན་ལས་ཐམས་ཅད་ལ་དབང་བ་བྱས། ཆུའི་དྭངས་མ་སྤྱི་བོར་འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན། ཛཿཧཱུཾ་སོགས་ཀྱིས་ཐིམ། ཡང་ན་གོང་གི་ཛ་ཧཱུཾ་ནས་སྔར་བཞིན་མཆོད་ཞེས་པའི་བར་དོར་བ་ཡང་མན་ངག་གི་ལུགས་གཞན་ནོ། །རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་གསུམ་དུ་གཏུགས་ཧྲཱིཿཥྚཱིཿགསུམ་བརྗོད། རང་གི་སྙིང་གར་ཡེ་ཤེས་སེམས་དཔའ་འཇམ་དཔལ་གྱི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མར་མེ་ལྟར་འབར་བ་རྟག་ཏུ་འཆར་བཞིན་པ་སྟེ། སྒྲུབ་པ་ཆེན་པོའོ། །སེམས་དཔའ་གསུམ་བརྩེག་འདི་གཙོ་བོ་བསྐྱེད་མ་ཐག་ཏུ་བྱེད་པའང་ལུགས་གཞན་ནོ། །ཨརྒྷཾ་སོགས་སྔར་བཞིན་མཆོད། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། ཨོཾ་ཨཱཿཧཱུཾ། ཞེས་མྱངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། ཐུགས་ཀ་ནས་ཡིད་ཀྱི་རིག་མ་མཱ་མ་ཀཱི་སྤྲོས། སྙོམས་པར་ཞུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་གཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ།


TNT06_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །སོགས་ཀྱི་བསྟོད་པ་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་ར་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། དེ་ནས་མན་ངག་ལྟར། སྙིང་གར་རྡོ་རྗེ་འཁོར་ལོ་པདྨ་སྔགས་འཕྲེང་ཏིང་ངེ་འཛིན་སེམས་དཔའ་རྣམས་བཀོད་ལ། ཨོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ་ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧྲཱིཿཥྚཱིཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཡ་མཱནྟ་ཧཱུཾ་ཕཊ། ཅི་ནུས་པ་དེ་སྲིད་དུ་གཡེང་བ་མེད་པས་བཟླའོ། །འདི་ལ་ཅི་རིགས་པར་ཨོཾ་ཨ་ར་ཙ་ན་དྷཱིཿ བཟླ་བའང་སྣང་ངོ༌། །བར་བར་དུ་ལྷའི་སྐུ་ལ་རྩེ་གཅིག་ཏུ་ཡིད་བཞག་ཅེས། དེ་ཡང་སྤངས་རྟོགས་ཀྱི་ཡོན་ཏན་རེ་རེ་ནས་དྲན་པར་བྱས་ཏེ་ཐམས་ཅད་དང་ལྡན་པའི། སངས་རྒྱས་ཀུན་གྱི་ཡེ་ཤེས་འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད་སྐྱོན་ཀུན་སྤངས་ཡོན་ཏན་ཀུན་ལྡན་དངོས་ཏེ་ངའོ་སྙམ་པའི་ང་རྒྱལ་དང༌། གསལ་སྣང་ལ་སྤྱོད་ཚུལ་ཡང༌། ཐོག་མར་སྤྱི་རགས་པ་དེ་ལ་ཡང་ཡང་སྒྲིམ། གསལ་དྭངས་རྙོག་པ་མེད་པའི་མ་ཧེའི་ཞལ། ཞལ་དགུ། ཕྱག་སོ་བཞི། ཞབས་བཅུ་དྲུག་པ། སྣོད་ཐམས་ཅད་འོད་ཀྱི་གཞལ་ཡས་ཁང༌། ཞེས་བརྗོད་ཅིང་ཡང་ཡང་བསམས། དེར་རགས་པའི་རྣམ་པ་ལ་ཅུང་ཟད་བརྟན་པ་ན། ཕྲ་མོ་ནས་གསལ་གདབ་སྟེ། མ་ཧེའི་གདོང་མཐིང་ནག་སྤྱན་གསུམ་ཁྲ་ཟླུམ་ཟླུམ་པ། འོད་དམར་པོ་བསྐལ་པའི་མེ་འབར་བ་ལྟ་བུ་ཞེས་དང༌། རྭ་སྔོ་བསངས་རྩ་བ་ཁྲོམ་གཉེར་ཅན། བར་འཇའ་ཁུགས་རྩེ་མོ་རྣོ་ཟུལ་ཟུལ་བ་ཞེས་དང༌། སྟེང་ཞལ་དམར་ལམ་ལམ་པ། དམར་ཚེར་ཚེར་བ་ཉི་མ་འབུམ་ཤར་བ་ལྟ་བུ་ཧ་ཧ་ཞེས་དྲག་ཏུ་བཞད་པ་ཞེས་དང༌། འཇམ་དཔལ་གྱི་ཞལ་དམར་སེར་སྨིན་པ་ནག་ཁྱུག་ཁྱུག་པ། སྤྱན་དཀྱུས་རིང་ཞིང་བཀྲ་བ། ཤངས་


TNT06_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

གཟེངས་མཐོ་པ། མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། ཞེས་སོགས་ཆ་ཕྲ་མོ་ནས་བརྗོད་ཅིང་གསལ་བཏབ། ཅེས་དེ་ཉིད་རིག་པ་ཁ་ཅིག་འདོམས་པར་མཛད་དོ། །ཡེ་ཤེས་ཀྱི་རིག་མ་ལ་སོགས་པའི་ཞུ་བདེ་དང༌། ལྷའི་ང་རྒྱལ་དང་དཀྱིལ་འཁོར་གྱི་གསལ་སྣང་དང༌། དེ་ཐམས་ཅད་དང་རང་བཞིན་མེད་པ་ལ་རྣམ་པར་མི་རྟོག་པས་འཇུག་པ་སྟེ། འདི་ནི་རྣལ་འབྱོར་ཆེན་པོའི་ལྷའི་རྣལ་འབྱོར་སྤྱིའི་གནད་དམ་པའོ། །དེ་ནས་རྫོགས་པའི་རིམ་པ་ཡར་སྒོམ་སྟེ་ཕྱིས་བཤད་པར་བྱའོ། །རང་གི་སྙིང་ག་ནས་འོད་འཕྲོས། སྣོད་བཅུད་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར། དེ་ཐམས་ཅད་རང་ལ་ཐིམ། བསྲུང་འཁོར་དུར་ཁྲོད་དང་བཅས་པའི་གཞལ་ཡས་ཁང་ཞེས་སམ། གཞལ་ཡང་ཁང་མ་བསྐྱེད་ན་བཅས་པ་རང་ལ་ཐིམ། རང་གི་ཞལ་ཕྱག་ལྷག་མའང་རྩ་བའི་ཞལ་ཕྱག་ལ་བསྡུ། རང་ཕྱག་གཉིས་པའི་ང་རྒྱལ་བྱ། མིག་ཏུ་ཀྵིཾ་སོགས་དང༌། དཔྲལ་བར་ཨོཾ་སོགས་བྱ། དགེ་བ་བསྔོ། གལ་ཏེ་ལྷ་དགུ་སྒོམ་པར་འདོད་ན། ཡཾ་རཾ་བཾ་ལཾ་སུཾ་ལས་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་ཆོས་འབྱུང་དཀར་པོའི་ནང་དུ་བྷྲུཾ་ལས་རྣམ་སྣང༌། དེ་ལས་གཞལ་ཡས་ཁང་གྲུབ་བཞི་སྒོ་བཞི་རྟ་བབས་བཞི་མཚན་ཉིད་ཚང་ཞིང་རྒྱན་ཐམས་ཅད་རྫོགས་པ། ནང་གི་ལྷ་སྣམ་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སྔོ་བར་ཡཾ་ལ་སོགས་བྱ། གཙོ་བོ་བསྐྱེད་ཟིན་པ་དང༌། སྒོ་མཚམས་བརྒྱད་དུ་པད་ཉི་ལ་བྷཻཾ༵་བརྒྱད་ལ་རོ་ལངས་ཆེན་པོ་ཀ་ཧ་ཀ་ཧ་དང་ཕེཾ་ཕེཾ་ཧ་ལ་ཧ་ལ་གྱི་སྒྲ་སྒྲོགས་པ་གཤིན་རྗེ་ལྟར་ཁྲོས་པ། མདོག་ནག་པོ་མིག་གསུམ་པ་སོ་རྣོ་བ་གྲི་ཐོད་འཛིན་པ། གཡོན་བརྐྱང་གི་གར་བྱེད་པ། དེ་


TNT06_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ནས། མིག་ཏུ་ཀྵིཾ། སོགས་བྱ་བ་སྔ་མ་ལྟར་རོ། །རོ་ལངས་མགོ་གསུམ་ལག་གསུམ་རྐང་གསུམ་གར་སྟབས་ཞེས་པ་ནི་ལུགས་གཞན་ནོ། །རྒྱན་ཐམས་ཅད་རྫོགས་པའི་སྒོ་མཚམས་བརྒྱད་དུ་རོ་ལངས་ཞེས་སོགས་ཏེ་ཁང་པ་དང་ལྷན་ཅིག་གི་སྐད་ཅིག་གིས་བསྐྱེད་པ་ཡང་ལུགས་གཞན་ནོ། །ཕྱག་མཚན་རྫོགས་པའི་དཀྱིལ་འཁོར་ནི། ལྷ་སྣམ་བྱང་ལྗང་དབུས་སྔོན་པོ་གྲུ་བཞི་པའི་སྟེང་རྡོ་རྗེ་ནག་པོའི་རྭ་བ་ཟླུམ་པོ་ནང་རེ་མིག་དགུ་པ་འཛུལ་སྒོ་བཞི་དང་བཅས་ཤིང༌། ལྷོ་སྒོ་ཕྱེ་བ་གཞན་རྣམས་བཅད་པ། དབུས་ཀྱི་རེ་མིག་ཏུ་ཡཾ་ལ་སོགས་ནས། བདག་ཉིད་དུ་གྱུར། ཤར་དུ་མགོ་བོ། ལྷོར་ལག་པ། ནུབ་ཏུ་རྒྱུ་མ། བྱང་དུ་རྐང་པ། ཤར་ལྷོར་ཐོད་པ། ལྷོ་ནུབ་ཏུ་ཐོད་ཚལ། ནུབ་བྱང་དུ་རོ་རས། བྱང་ཤར་དུ་སྐྱེས་བུ་གསལ་ཤིང་གིས་ཕུག་པ་སྟེ་རེ་མིག་རྣམས་སོ། །འཁྱམ་ལ་ཤར་དུ་རིམ་པས་གྲི་གུག །འཕང་མདུང༌། བརྟུན་ཤིང༌། ཆུ་གྲི། རྡོ་རྗེ་རྩེ་གཅིག་པ། ལྕགས་ཀྱུ། ལྷོར་སྟ་རེ། མདའ། དབྱུག་པ། ཁ་ཊྭཱཾ་ག །འཁོར་ལོ། ཞགས་པ། ནུབ་ཏུ་རྡོ་རྗེ། ཅང་ཏེའུ། ཕུབ། གཞུ། དྲིལ་བུ། རླུང་རས། བྱང་དུ་སྡིགས་མཛུབ། འཕན་རྩེ་གསུམ་པ། གླང་ལྤགས། ཐོ་བ། མདུང་རིངས། མེ་ཐབ། སྒོ་དང་གྲྭར་རོ་ལངས་སྔར་བཞིན་ནོ། །ཕྱག་མཚན་སོགས་སྐྱེད་ནས་དབུས་སུ་ཡཾ་སོགས་སྐྱེད་དེ། རོ་ལངས་ཀྱང་རང་རང་གི་མགོ་བོ་ལག་གཡོན་ན་འཛིན་པ་ཡང་ཁ་ཅིག་འདོད་དོ། །ཕྱག་མཚན་ཞེ་དགུའི་དཀྱིལ་འཁོར་ནི། གཞན་རྣམས་བཅད་པ་དབུས་སུ་ཡཾ་སོགས། བདག་ཉིད་དུ་གྱུར། རེ་མིག་བརྒྱད་ལ་ཤར་ནས་ཨོཾ་ཧྲཱིཿབི། མེ་ནས་ཀྲྀ་ཏཱ་ན་ན། ལྷ་སྣམ་ཤར་ལ་ཡཀྵེ་ཡཙྪ་ནི་རཱ་མ་ཡ། ལྷོར་ཡ་མ་རཱ་


TNT06_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ས་དོ་མེ་ཡ། ནུབ་ཏུ་ཡ་མེ་དོ་རུ་ཎ་ཡོ་ད་ཡ། བྱང་དུ་ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། སྒོ་བཞིར་ཡ་མཱན་ཏ་ཀ ། གྲྭར་བཞིར་ཧཱུཾ་ཧཱུཾ་ཕཊ་ཕཊ་རྣམས་ཡོངས་སུ་གྱུར་པ་ལས། ཤར་དུ་མགོ་བོ་སོགས་ལ། ལྕགས་ཀྱུ། མ་ཧེ། བ་ལང༌། ཞགས་པ། ཕག །བོང་བུ། རླུང་རས། རྔ་མོ། ཁྱི། མེ་ཐབ། ལུག །ཝ། སྒོ་བཞིར་བྱ་རྒོད། འུག་པ། བྱ་རོགནེ་ཙོ། ཁྭ། བྱ་ཆེན། ཁྱིམ་བྱ། བཞད། འདི་ལའང་རོ་ལངས་སྔར་བཞིན་ནོ། །ཡང་རྡོ་རྗེ་མགོ་བོ་ནས། རྡོ་རྗེ་བཞད་ཀྱི་བར་གྱི་མིང་སྦྱར་ལ་ཐམས་ཅད་གཡོན་ཐོད་པ་གཡས་རང་མིང་གི་ཕྱག་མཚན། ནག་པོ་མ་ཧེའི་གདོང་ཆ་ལུགས་གཙོ་བོ་ལྟ་བུ་ཞེས་ཁྱད་པར་སྦྱར་བ་གཞན་སྔ་མ་ལྟ་བུ་ནི་ཞེ་དགུའི་དཀྱིལ་འཁོར་ཏེ་བསྡུས་པའོ། །གཙོ་བོ་བསྐྱེད་པའི་རྡོ་རྗེ་རྭ་ལྔ་པ་དང་དགུ་པ་ནི་འདི་ལ་གདམ་ངའོ། །དབུས་ཀྱི་ལེ་ཚེའི་ནང་དུ་ཞེས་པ་དང༌། ལྷ་སྣམ་གྱི་དབུས་སུ་ཞེས་པ་དང༌། གཞལ་ཡང་ཁང་མི་བསྐྱེད་པའི་ཕྱོགས་ལ་མཆོད་རྫས་སྣ་ཚོགས་ཀྱིས་གང་བའི་དབུས་ཞེས་སྦྱར་ཏེ། ཐམས་ཅད་ལ་ཁྲག་ཞག་འཁྲུག་པའི་རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་དུ་ཐོད་སྐམ་གྱི་ར་བ་ཟླུམ་པོ་སྒོ་གཅིག་ལྷོར་བསྟན་པ་སྟེང་ཀེང་རུས་ཀྱིས་ཐོག་ཕྱུར་བུར་ཕུག་པའི་རྩེ་མོར་མཆེ་བ་གཙིགས་པའི་ཐོད་པ་ལ་གནས་པའི་རྡོ་རྗེའི་རིན་པོ་ཆེའི་ཏོག་གིས་སྤྲས་པ། འཇིགས་ཤིང་སྐྱི་གཡའ་བའི་རྒྱན་ཐམས་ཅད་པ་དེའི་ནང་གི་དབུས་སུ་ཡཾ་ལ་སོགས་པ་སྦྱོར་བ་རྭ་ལོ་ཆེན་པོའི་བཞེད་པ་སྟེ་མི་ལེགས་པ་ཡང་མ་ཡིན་ནོ། །ཡང་སྔ་མ་ལྟ་བུ་ལས་ཚོགས་བསོག་གི་ཚེ་སྙིང་གར་པད་ཟླ་ལ་དྷཱིཿ བྱེད་པ་དང༌། སྟོང་པའི་ངང་ལས་ཆོས་འབྱུང་དུ་ཡཾ་ལས་རླུང་སོགས། ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་པའི་འཁྱུད་རྒྱ་ཅན། ཐུགས་ཀར་ཨཱཿལས་ཉི་མ་དེ་ལ་ཧཱུཾ་ལས་


TNT06_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་རྡོ་རྗེའི་ལྟེ་བར་ཧཱུཾ་གི་འོད་ཀྱིས་རྡོ་རྗེ་འཇིགས་བྱེད་འཁོར་བཅས་སྤྱན་དྲངས། སྔོན་བཞིན་མཆོད། རང་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་སོགས་སྔ་མ་བཞིན་ནོ། །འདི་ལ་ཞབས་འོག་གི་རི་སྐེག་གི་ཚབ་ཏུ་ཁྱིམ་བྱའོ། །སྔགས་ནི་གསུམ་པོ་དང༌། ཡི་གེ་བཅུ་བཞི་པ་ཡང་ཡིན་ཏེ། གཞན་ཡང་ཆོ་ག་དེ་ཁོ་ནས་འཇིག་བྱེད་ཞལ་བཞི་པ་རྩ་ཞལ་སྔར་ལྟར་གཡས་དམར་གཡོན་དཀར་བ། རྭ་གཉིས་ཀྱི་དབུས་སུ་སྟེང་ཞལ་ཁྱི་གདོང་དམར་སེར། ཞལ་ཐམས་ཅད་སྤྱན་གསུམ་རྡོ་རྗེ་གད་མོ་སོགས། ཕྱག་བརྒྱད་ཀྱི་གཡས་རྡོ་རྗེ་བརྟུན་ཤིང༌། རལ་གྲི། འཁོར་ལོ། ཅང་ཏེའུ། གཡོན་ཁ་ཊྭཱཾ་ག །ཐོད་པ། གཞུ། ཞགས་པ་འཛིན་པ། ཞབས་བཞིས་བདུད་བཞིས་མནན་པ་གཅེར་བུ་སོགས་བྱ་སྟེ་སྔགས་ནི་སྔར་བསྟན་པ་དང༌། ཨོཾ་བཛྲ་རཀྵ་ས་༵ཆྒཻ་མོ་བྷཀྵ་ཡ་ཕཊ། འདི་གཉིས་དཔའ་བོ་གཅིག་པ་སྟེ་ཁ་སྦྱོར་ལས་འབྱུང་པ་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་ཀྱི་བཞེད་པ་ལྟར་བཀོད་པ་ཡིན་ལ། གཞན་རྣམས་རྟོག་བདུན་གྱི་དགོངས་པ་ལཱ་ལི་ཏའི་གཞུང་ཆུང་དང་མཐུ་སྟོབས་དབང་ཕྱུག་རྭ་བའི་མན་ངན་གཙོ་བོར་བྱས་ལ། ལཱ་ལི་ཏའི་གཞུང་ཆེ་བ་ལའང་དཔང་པོར་བྱས་པ་སྟེ། ཁྲོ་བོ་བཅུའི་བསྲུང་འཁོར་སོགས་ཡོད་མོད། འོག་ཏུ་སྟོན་ཏོ། །ཡང་འདིར་རྭ་ལོ་ཆེན་པོ་རྡོ་རྗེ་གྲགས་ཀྱི་མན་ངག་ལས་འདི་ལྟར་འབྱུང་སྟེ། པད་ཉིའི་སྟེང་བདུད་བཞིའི་སྟེང་དུ་མཾ་ལས་མ་ཧེ་ནག་པོ་རུས་པའི་རྒྱན་ཅན། དེའི་སྟེང་དུ་དྷཱིཿལས་རལ་གྲི་དྷཱིཿས་མཚན་པ་ལས་འཇམ་དབྱངས་སྔར་བཞིན། ཉི་མའི་འོད་ཀྱིས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡི་གེ་འབྲུ་གསུམ་དུ་སྤྱན་དྲངས་ཏེ་རང་ལ་ཐིམ་པ་ལས་རང་ཉིད་འབྲས་བུ་རྡོ་རྗེ་འཆང་ཞལ་གསུམ། ཕྱག་


TNT06_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག །ཞབས་བཞི་པ། རྩ་ཞལ་མ་ཧེ་སོགས། གཡས་སྔོ། གཡོན་དཀར་བ། ཕྱག་དང་པོ་གཉིས་གྲི་ཐོད། བར་པ་གཉིས་ཅང་ཏེའུ་ཁ་ཊྭཱཾ་ག །ཐ་མ་གཉིས་གླང་པོ་ཆེའོ་ལྤགས་རློན་ཞེས་པ་ཁྱད་པར་རོ། །གཞན་ཡང་བདུད་བཞིའི་དོད་དུ་ལས་ཀྱི་གཤིན་རྗེ་ཁ་སྦུབ་ཏུ་བསྒྱེལ་བའི་སྟེང་དུ་སོགས་དང༌། བརྒྱན་ཅན། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པའི་འོད་ཟེར་གྱིས་གདུག་པ་ཐམས་ཅད་ཚར་གཅད། སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་དུ་གྱུར། རང་ལ་ཐིམས། ཡོངས་སུ་གྱུར་པ་ལས་རང་ཉིད་སོགས་དང༌། ཞལ་གཅིག་ཕྱག་བཞི་ཞབས་གཉིས་པ། སྔར་གྱི་ཕྱག་བར་པ་གཉིས་བོར་བ་ལ་གཞན་སྔ་མ་ལྟར་རོ། །འདིའི་ཕྱག་ཐ་མ་བོར་བ་ཡང་ཕྱག་གཉིས་པའི་སྒྲུབ་ཐབས་ཏེ། གཞན་ཐམས་ཅད་ནི་སྔ་མ་འདི་ཁོ་ན་ལྟར་སྦྱར་བ་ཡིན་ནོ། །འདི་རྣམས་ལ་ཡང༌། དཀྱིལ་འཁོར་སྔ་མ་ལྟར་སྦྱར་བས་མང་པོར་འགྱུར་ཏེ། ཞལ་དགུ་པའི་གནས་སུ་དེ་རྣམས་སོ། །དེ་བས་ན་གང་ལ་མོས་པ་དེ་ལ་དེ་སྦྱིན་ནོ། །ཞེ་དགུ་རྒྱས་པ་བཅུ་གསུམ་མ་སོགས་ནི་འདོར་ལེན་ཙམ་གྱིས་དོན་འགྲུབ་པ་དཀའ་བར་མཐོང་བས་འདིར་མི་འབྲིའོ། །དེ་ལྟར་ལྔ་ལས་བརྒྱད་དུ་ཕྱེ་བ་སོགས་མང་པོར་འགྱུར་རོ། །བཅུ་གསུམ་གྱི་དཀྱིལ་འཁོར་ཡང་རྣམ་པར་མ་དག་པའོ་ཞེས་སྨྲ་བར་མི་བྱ་སྟེ་རྟོག་པ་བདུན་པར་བསྐྱེད་རིམ་གང་གསུངས་པའི་དོན་ཐམས་ཅད་ཚང་ལ། ལྷག་མ་ཡང་འདི་ཉིད་དང་མཐུན་པའི་རྒྱུད་ཀྱིས་དག་པར་ཁ་བསྐང་བའི་ཏིང་ངེ་འཛིན་རྒྱས་པ་སྟེ། རྡོ་རྗེ་སློབ་དཔོན་ཆེན་པོ་ཡེ་ཤེས་ཞབས་སོགས་ཀྱི་མན་ངག་དང༌། ལཱ་ལི་ཏའི་གཞུང་དང་ལྷག་པར་མཐུན་པས་ཤིན་ཏུ་ལེགས་སོ། །སྒྲུབ་ཐབས་རྡོ་རྗེ་སེམས་དཔའ་


TNT06_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པར་གྲགས་པའི་ལུགས་བཅུ་བདུན་མ་ནི་ཡན་ལག་ཕྱི་མ་རྣམས་སྤྱི་མཐུན་ལ། དང་པོའི་རྒྱུ་རྡོར་སེམས་འཇམ་དཔལ་མི་མཛད་པ། དཔལ་བདེ་མཆོག་གི་སྒྲུབ་ཐབས་ལཱུ་ཡི་པའི་ལུགས་དང་མཐུན་པ་ཞིག་སྟེ། འདིར་ནི་རྟོག་བདུན་ཉིད་ཀྱི་དགོངས་པ་བརྗོད་པ་ལས་ནི། དེ་ནི་རྒྱུད་གཞན་ལ་བརྟེན་པའམ། མན་ངག་འགའ་ཞིག་ཙམ་སྟེ། དེང་མི་བརྗོད་པ་ཁོ་ནའོ། །ཡེ་ཤེས་ཞབས་ཀྱི་མན་ངག་ལྟར་སློབ་དཔོན་ཀ་མ་ལ་རཀྵི་ཏས། སྒྲུབ་ཐབས་བྱས་པ་བཅུ་གསུམ་གྱི་དཀྱིལ་འཁོར་ཡང་དེ་ལྟར་རོ། །འདིར་སྨྲས་པ། འདི་ལ་བསྐྱེད་པའི་རིམ་པ་ཅི། །དེའི་སྦྱང་གཞིའི་རབ་དབྱེ་ཅི། །རྒྱུ་དང་དེ་བཞིན་གོང་མའི་ལམ། །འབྲས་བུ་ཆོས་མཐུན་དག་ཀྱང་གང༌། །བརྗོད་པ། ཡེ་ཤེས་ཚོགས་གསོག་གིས་འཆི་བ་སྦྱོང་ཞིང་འོད་གསལ་དུ་བྱེད། རྟེན་གྱི་དཀྱིལ་འཁོར་གྱིས་གང་དུ་སྐྱེ་བའི་སྣོད་དང༌། རླུང་དང་ཟླ་བ་རླུང་སེམས་ཕྲ་མོ། ས་བོན་ཕྱག་མཚན་དག་སེམས་ཀྱི་རྒྱུ་འཇམ་དཔལ་ནི། བར་དོའི་འགྲོ་བ་དང༌། ཡེ་ཤེས་ཀྱི་སྐུ། ཉི་མ་ནི་འོད་གསལ་བ། དཀྱིལ་འཁོར་བསྟིམ་པ་ནི་བར་མའི་སྲིད་པ་འགག་པའི་ཚུལ། ཟླ་བ་དང་བཅས་པའི་འཇམ་དཔལ་ཉི་མ་ལ་ཞུགས་པ་ནི་ཁུ་ཁྲག་དང་སེམས་གཅིག་ཏུ་འདྲེས་པ། ཉི་མ་ཡི་གེ་རྡོ་རྗེ་རྣམས་ནི་མེར་མེར་པོ་ལ་སོགས་པ། སྤྲོ་བསྡུས་སྦྱོར་བ་ནི། འབྱུང་བ་བཞིའི་སྟོབས་ལས་གོང་ནས་གོང་དུ་འཕེལ་བ། རྡོ་རྗེ་རྩེ་ལྔ་པའི་ཕྱོགས་ལ། རྭ་ནི་ཡན་ལག་ལྔ་དང་ཉིང་ལག་ཉེར་ལྔའོ། །དགུ་པ་ལ་ནི་ཕུང་པོ་ལྔ་དང་འབྱུང་བ་ལྔའོ། །སྐུ་རྫོགས་པ་ནི་བཙས་པ། ཉེ་བར་བསྒྲུབ་པ་ནི། ལུས་འཕེལ་བ། སྒྲུབ་པ་ནི་ལོ་བཅུ་དྲུག་ལོན་པ་ལྟར་ལུས་དང་ངག་དང་ཡིད་དང་བདེ་བ་རྫོགས་པ། སྒྲུབ་པ་ཆེན་པོ་ནི་རང་གི་གནས་ལ་དབང་བསྐུར་ཞིང༌། འགྲོ་བའི་


TNT06_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་གནས་པའོ་ཞེས་པ་འདི་ལ་ཕལ་ཆེར་ནི་སྦྱངས་གཞིའི་རབ་ཏུ་དབྱེ་བ་དང༌། ལ་ལ་ནི་ཆོས་མཚུངས་པ་དག་སྟེ། དེ་དག་གི་སྣང་བ་དང་དེར་ཞེན་པ་ཟློག་པ་སྟེ། གང་དག་དེ་ལ་སངས་རྒྱས་ཀྱི་ཡེ་ཤེས་སུ་ཞེན་པས་ཀྱང་ངོ༌། །ཇི་ལྟར་ཞེ་ན། སྲིད་པ་གསུམ་པོ་ལ་སོགས་པའང་ཡང་དག་པའི་མཐའ་དང༌། མངོན་བྱང་ལྔས་རྒྱལ་བའི་སྐུ་འགྲུབ་པ་དང༌། སྤྲུལ་པའི་སྐུས་འགྲོ་བའི་དོན་སྤྱོད་པ་དང༌། དེའི་ཡེ་ཤེས་ཐམས་ཅད་གཅིག་ཏུ་གྱུར་པ་དང༌། དབང་བསྐུར་ཐོབ་པ་རྣམས་སུའོ། །དེས་ན་རྫོགས་པའི་རིམ་པའི་རྒྱུར་འགྱུར་བ་ཡང༌། འདི་དང་འདིས་དཔག་པར་ནུས་སོ། །འདི་དག་ལ་ཞལ་དང་ཕྱག་ལ་སོགས་པ་རྡུལ་དུ་སྣང་བ་དང༌། ལུས་ཀྱི་ཆ་ཤས་ཙམ་གྱི་ང་རྒྱལ་ནི་རྣམ་པར་དག་པར་མི་འགྱུར་ཏེ། ཇི་སྐད་བཤད་པའི་རྣམ་པར་དག་པ་དེ་དང༌། དེའི་ང་རྒྱལ་བྱ་སྟེ། འདི་ལྟར་ཞབས་རྣམས་ནི་སྲིན་བུ་རྐང་མངས་ལྟ་བུ་མ་ཡིན་གྱི། དབང་ཕྱུག་བརྒྱད་དང༌། གྲུབ་པ་བརྒྱད་སྩོལ་བའི་ཐུགས་རྗེའི་ཡེ་ཤེས་རྣམ་པ་དེར་སྣང་བའོ་སྙམ་པ་ལྟ་བུའོ། །དེ་ལྟར། ཟབ་གསལ་གཉིས་སུ་མེད་པའི་ཚུལ་ལ། འཁོར་བའི་ཚུལ་དེ་དང་དེ་དག་པ་དང༌། འབྲས་བུ་དེ་དང་དེ་དངོས་ཀྱི་ང་རྒྱལ་མ་འགགས་པར་བསྒོམ་མོ། །འདིར་ཡང་སྨྲས་པ། བསྐྱེད་པའི་རིམ་པ་རྨད་བྱུང་ཞིག །དེ་རིང་ཀུན་དགའ་སྙིང་པོས་བསྟན། །ཡི་གེ་ཉུང་ཞིང་དོན་མང་བ། །འདི་ཡིས་བློ་ནུས་དཔོག་མིན་ནམ། །ཉིན་རེའམ་ཟླ་བ་སོ་སོའམ། །ཡང་ན་ལོ་ནི་རེ་རེར་ནི། །དབྱུག་གུ་དྲུག་ཅུ་རྩ་བཞིར་བཅས། །གཏོར་མ་དྲུག་ཅུ་རྩ་བཞིར་སྦྱིན། །དེ་ཡང་འཕོ་བ་རེ་རེ་ལ། མེ་རླུང་ས་ཆུ་རྒྱུ་བའི་དབྱུག་གུ་རེ་རེ་ཏེ་དྲུག་ཅུ་རྩ་བཞི་ལས་ས་ཆུ་ལ་དགེ་བ་དང་མེ་རླུང་ལ་དྲག་ལས་སམ་དབང་གི་ལས་བྱ་བ་དང༌། ཡང་ན། ཞག་


TNT06_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་དཀྱིལ་འཁོར་གྱི་བདག་ཉིད་ཀྱི་དབྱུག་གུ་དྲུག་ཅུ་རྩ་རེ་རེ། འཕོ་མཚམས་ཀྱི་ཡེ་ཤེས་ཀྱི་ཆ་རྣམས་ལ། དབྱུག་གུ་བཞིར་བྱས་ནས། དེ་དག་འཇིག་རྟེན་དུ་དུས་ཀྱི་ཕོ་ཉ་དང་བར་ཆད་དུ་འགྱུར་བ་ལས། ནང་གི་རྣལ་འབྱོར་གྱི་སྟོབས་ཀྱིས། འཆི་མེད་རྡོ་རྗེའི་སྐུའི་བར་དུ་བྱ་བའི་ཕྱིར། རྣམ་འགྱུར་བསད་བསྐྲད་ཞི་བ་དང༌། རང་བཞིན་དབང་དགུག་རྒྱས་སོགས་སུ་བྱེད་པ་ནང་གི་ངེས་པ་སྟེ། དེ་ལྟ་བུའི་དེ་ཉིད་ཤེས་པས་གཞན་དོན་བྱ་བའམ། ལས་དང་པོ་པས་ཀྱང་གཏོར་མ་དྲུག་ཅུ་རྩ་བཞིའི་ངེས་པས། ལས་ཚོགས་བདེ་བླག་ཏུ་འགྲུབ་པ་ནི་དེ་ལྟར་ཡིན་ལ། གཏོར་མ་ཕུལ་བས་རང་ཡང་མཆོག་གི་དོན་དེ་མྱུར་དུ་འགྲུབ་པའི་རྟེན་འབྲེལ་ཟབ་མོར་འགྱུར་ཏེ། འདི་བྱ་བ་ནི། བྲིས་སྐུའི་མདུན་དུ་ཤ་ལྔ་བདུད་རྩི་ལྔ་དང་ཁྲག་ཆེན་པོ་དང་ཆང་བསྲེས་པའི་དྲི་བཟང་གི་ཆུས་མཎྜལ་གྲུ་བཞི་བྱ། དེར་ཆོས་འབྱུང་དཀར་པོ། རྩེ་མོ་རང་ལ་ལྟ་བ། ནང་དམར་པོས་བྱུགས་ལ། དབུས་ཟླུམ་སྐོར་ལེ་ཚེ་དགུ་པ་བྱས་པའི་ལེ་ཚེ་ཕྱོགས་མདོག །དབུས་སུ་བཅོམ་ལྡན་འདས་འཇིག་རྟེན་འདས་པའི་ལྷ་གྲངས་ཇི་ཙམ་ཡོད་པ་དང༌། ལེ་ཚེ་བརྒྱད་ལ་ཕྱོགས་སྐྱོང་བཅུའི་ཚོམ་བུ་དགོད། ཆོས་འབྱུང་གི་གཡས་སུ་འདས་པའི་གཏོར་མ་ཆེ་བ་ཞིག་ཐོད་པའམ་སྣོད་གང་ཡང་རུང་བར་བཤམས། གཡོན་དུ་འབྱུང་པོ་ཐམས་ཅད་པ། རྒྱབ་བམ་མདུན་གང་བ་དེར་ལས་ཀྱི་གཤིན་རྗེ་གཏོར་མ། དེ་ཐམས་ཅད་ཤ་ཁྲག་སྣ་ཚོགས་པས་སྤགས་ཏེ། བ་དན་ལ་སོགས་པས་བརྒྱན། གཏོར་མའི་རྒྱུ་ཟན་ཤ་ཁྲག་ཉ་སྒོག་ཙོང་ཆང་འབྲུ་སྣ་ཚོགས་པ་ལས་བྱ། སྣོད་གཅིག་ཏུ་གཤོམས་པའམ། སྣོད་གཞན་དུ་དྲུག་ཅུ་རྩ་བཞིའི་གཏོར་མའང་བཞི་ཚན་ནམ་བཅུ་དྲུག་ཚན་ཅི་རིགས་ལོང་སྐབས་དང་བསྟུན་པར་བཤམས། དབྱིབས་ནི་བོད་རྣམས་ལས་དང་མཐུན་པའི་དབྱིབས་ལྟར་མཛད་པར་སྣང་བས་དེ་ལྟར་ཡང་རུང་ངོ༌། །དེ་ལ་འདིར་ཤ་


TNT06_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ཆང་རྣམས་རྫས་ཀྱི་གཙོ་བོ་ཡིན་ནོ། །དེ་ནས་མཆོད་པ་བྱིན་རླབས་བྱ། དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་སོགས་ཡན་ལག་བཞི་རྫོགས་པར་བསྐྱེད་པའམ་བསྡུ་ན། ཧཱུཾ་གི་འོད་ཟེར་གྱིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཨོཾ་ཧྲི་ཧ་བྷོ་སོགས་ཀྱིས་མདུན་གྱི་མཎྜལ་གྱི་སྟེང་དུ་སྤྱན་དྲངས་ཏེ་བཞུགས་ཞེས་བྱ། དེ་ནས་མཆོད་ཡོན་སོགས་ཕྱག་རྒྱ་དང་བཅས་དབུལ་ཏེ། ཨོཾ་ཧྲཱིཿཧ། ཨོཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀུ་མ་ར་རཱུ་པཱི་ནི་ཛཿཛཿ ཨོཾ་ཧྲིཿཧ་ཧཻ་ཕཊ། ཨོཾ་དིཔྟ་ལོ་ཙ་ན་བི་ཀྲྀ་ཏཱ་ན་ན་མཧཱ་ཨཊྚཊྚ་ཧཱ་ས་ན་དི་ན་དིཔྟ་ཡ་སྭཱཧཱ། ཨོཾ་བི་ཀྲི་ཏཱ་ན་ན་དུཥྟ་སཏྭ་ད་མ་ཀ་གཿགཿགཿ ཨོཾ་ཀཱ་ལ་རཱུ་པ་སརྦྦ་དུཥྟ་སཏྭ་ད་མ་ཀ ། མཧཱ་བྷཱུ་ཏ་ཨ་དྷཱི་པ་ཏི་ཨི་མཾ་བཱ་ལིང་གྲྀ་ཧ་ཎ་པ་ཏ་ཡེ་སྭཱཧཱ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། དེ་ནས་སྙིང་པོའི་མཐར་ཨོཾ་ཨཱཿཧཱུཾ་བཏགས་ཏེ་ནང་མཆོད་དོ། །ཡིད་ཀྱི་རིག་མ་སྤྲུལ་པ་ཕུལ་སྟེ། བདེ་བ་ཆེན་པོས་སྙོམས་པར་ཞུགས། ཨོཾ་ཨ་ནུ་རཱ་གའི་སྔགས་རྒྱ་བྱ། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང༌། །ཤེལ་ལ་ཚོན་ནི་ཇི་བཞིན་དུ། །འདོད་ཡོན་ལྔ་དང་ཆོས་རྣམས་ལ། །རྣལ་འབྱོར་རྟག་ཏུ་སྤྱོད་པར་ཤོག །ཨ་ལ་ལ་ཧོ། རོལ་དུ་གསོལ། བསྣམས་པར་མཛོད། མི་འཛིན་སྒྱུ་མ་ལྟ་བུ་ལ། །དགེས་པའི་གར་གྱིས་རོལ་པར་མཛོད། །རེག་བྱ་འགག་པ་མེད་པ་ལ། །མིག་ཡོར་བཞིན་དུ་རོལ་དུ་གསོལ། །ཧོ་ཆགས་པ་མེད་བཞིན་ཆགས་པར་མཛོད། །ཨོཾ་སརྦ་པཱུ་ཛ་སོགས། དུར་ཁྲོད་རྒྱན་གྱི་ལེགས་བརྒྱན་པའི། །ཞེ་སྡང་གཤིན་རྗེ་གཤེད་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེས་


TNT06_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུར་བསྟན་པའི། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཆེན་ཁྱོད་ལ་འདུད། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་སྟུ་ཏི་ར་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ་ཀཾ་ལས་མི་མགོའི་སྒྱེད་བུ་གསུམ་ལ། ཨ་ལས་ཐོད་པ་དེའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔའི་སྟེང་དུ། བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ། ཀྵེ་མ་མེ་ད་ཡ་ལས་ཡེ་ཤེས་ལྔ། རླུང་གཡོས་མེ་སྦར་རྫས་བཅུ་ཡི་གེ་དང་བཅས་པ་ཞུ་བའི་སྤྲིས་མ་སྣ་ཚོགས་རྡོ་རྗེའི་ལྟེ་བར་མི་བསྐྱོད་པས་གཙོ་བྱས་པའི་རིགས་ལྔ་ཡབ་ཡུམ་སྙོམས་པར་འཇུག་བཞིན་པ། སངས་རྒྱས་ཐམས་ཅད་རིགས་ལྔའི་རྣམ་པས་རང་རང་གི་ཞལ་དུ་ཞུགས། ཡུམ་གྱི་མཁར་བབས་པའི་རྐྱེན་གྱིས་བདེ་བ་ཆེན་པོའི་བདུད་རྩིར་ཞུ་སྟེ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོའི་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ འདི་ནི་མན་ངག་གོ །དེའི་ནང་བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་ལས་སྒྲོན་མ་ལྔ། ལཾ་མཾ་པཾ་ཏཾ་བཾ་ལས་བདུད་རྩི་ལྔར་གྱུར་པ་ལ། རང་རང་གི་ཡི་གེས་མཚན་པ། དེའི་སྟེང་དུ་ཨོཾ་ཨཱཿཧཱུཾ་རིམ་པས་བརྩེགས་པ། རླུང་སོགས་ཞུ་ཞིང་འདྲེས། ཡིག་འབྲུ་གསུམ་གྱི་འོད་ཀྱིས་སངས་རྒྱས་ཐམས་ཅད་རྡོ་རྗེ་གསུམ་གྱི་ལྷར་སྤྱན་དྲངས། ཡེ་ཤེས་ཀྱི་བདུད་རྩིར་ཞུ་ཞིང་ཐིམ་པས་གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་སོགས་བྱ་བ་ནི་ཁྱད་པར་ཏེ་ལུགས་གཞན་ནོ། །ཨོཾ་ཡ་མ་རཱ་ཛ་སོགས་དང༌། ཧྲཱིཿདང༌། ཡ་མཱནྟ་ཀའི་མཐར། སརྦ་བིགྷྣཱན་ཤ་ཏྲུན་མཱ་ར་ཡ་ཨི་དཾ་བཱ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱཧཱ། ཞེས་པ་བདུན་ལ་སོགས་པས་གཏོར་མ་འབུལ། ཡི་གེ་བཅུ་པའི་མཐར། བཛྲ་བྷཻ་ར་བཱ་དྷི་པ་ཏ་ཡེ་ཨི་དམ་བཱ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ། ཞེས་པའང་གཏོར་སྔགས་སོ། །དེ་ནས་མཆོད་བསྟོད་


TNT06_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ། རང་གི་སྙིང་ག་ནས་ཁྲོ་བོ་ལྕགས་ཀྱུ་ཐོགས་པ་སྤྲོས་པ་རྣམས་ཀྱིས་ཕྱོགས་སྐྱོང་རྣམས་བཀུག །ཡི་གེ་བཅུ་པའི་མཐར། ཧཱུཾ་ཨིནྡྲ་ཨ་དཱི་ནཱཾ་ཨཱ་ཀརྵ་ཡ་ཛཿ ཕྱོགས་བཅུའི་དཀྱིལ་འཁོར་དུ་འཁོད། ཕུར་བུ་བཅུ་སྤྲོས་ནས་དེ་རྣམས་ཀྱི་སྤྱི་བོར་བཏབ། ཧྲཱིཿཥྚཱིཿའི་མཐར་ཧཱུཾ་ཨིནྡྲ་ཨ་དཱི་ནཾ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ་སྭཱཧཱ། གྲུབ་པའི་བཅུད་ཀྱིས་རེག་པ་ལྟར་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པར་གྱུར། གོང་ལྟར་སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་རློབ། དབང་གི་ལྷ་རིགས་ལྔས་དབང་བསྐུར་ཏེ། གཤིན་རྗེ་གཤེད་ཀྱིས་དབུ་བརྒྱན། དང་པོར་གཏོར་མ་ལན་གཅིག་ཕུལ། མཆོད་བསྟོད་འདོད་དོན་གསོལ་གདབ། དེ་ནས་ཚན་པ་ཇི་ཙམ་བཅད་པ་རྣམས་སོ་སོ་ལ། ནང་མཆོད་གཏོར་བསངས་སྦྱངས་འབྲུ་གསུམ་རླུང་དང་བསྟུན་ནས་བྱིན་རླབས་བྱ། གཏོར་མ་དང་གྲངས་མཉམ་པའི་སྔགས་རྒྱས་ཕུལ། ཨརྒྷཾ་སོགས་དང༌། ཨོཾ་ཨཱཿཧཱུཾ་གིས་ནང་མཆོད། བསྟོད་པ་དང་འདོད་དོན་གསོལ་བཏབ་བསྡུས་རེ་བྱ་ལ། མཐར་མཇུག་ཏུ་མཆོད་བསྟོད་སོགས་བྱ། དེ་ལ། ཨོཾ་ཨིནྡྲ་ཡ་ཧྲཱིཿ ཡ་མ་ཡ་ཥྚཱིཿ ཀུ་བེ་རཱ་ཡ་ཀྲྀ། ཨཱི་ཤ་ནཱ་ཡ་ཏ། ཨགྣེ་ཡ་ཨ། ནི་རི་ཏྱ་ན། བ་ཡ་བེ་ན། པྲཧྨ་ཡ་ཧཱུཾ། བ་སུནྡྷ་རི་ཕཊ། སརྦ་བྷཱུ་ཏེ་བྷྱོ་ཧ་ཧ་ཧི་ཧི་ཧཱུཾ་ཧཱུཾ་ཕཻཾ་ཕཻཾ་ཕཊ་སྭཱཧཱ། འདི་ནི་གཏོར་སྔགས་སོ། །ཡང་ན། ཨོཾ་བྷུ་ཙ་རཱ་ནཾ། ཡ་པཱ་ཏཱ་ལ་ཙ་རཱ་ནཾ། མཱན་ཁེ་ཙ་རཱ་ནཾ། ཏ་པུརྦྦཱ་དྷི་ག་ཏཱ་ནཾ། ཀ་དཀྵི་ཎཱའ་དྷི་ག་ཏ་ནཾ། ཧཱུཾ་པཉྩི་མཱ་དྷི་ག་ཏཱ་ནཾ། ཕཊ་ཨུཏྟ་ར་ཨ་དྷི་ག་ཏཱ་ནཾ། ཨོཾ་ཨི་ཧྲཱིཿཡ་ཥྚཱིཿབ། བི་ཀྵོ་ཀྲྀ་ཀོ་ཏ་ཨེ་ན་ཨ་ན་དེ་ཧཱུཾ་བྷྱཿཕཊ་སརྦ་བྷཱུ་ཏེ་བྷྱཱཿ ཨི་མཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ་སྭཱཧཱ། བདུད་བཞི་པོ་ནི་རྣམ་པར་


TNT06_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །གཤིན་རྗེ་མཐར་བྱེད་ཕྱག་འཚལ་ཞིང༌། །ཕྱོགས་སྐྱོང་འཁོར་དང་བཅས་ལ་བསྟོད། །བཅོམ་ལྡན་འདས་དང་ཕྱོགས་སྐྱོང་ཚོགས། །མཆོད་སྤྱིན་རྒྱ་ཆེན་འདིས་ཚིམས་པས། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །ཕན་དང་བདེ་ལ་གེགས་བྱེད་པའི། །འགལ་རྐྱེན་བར་ཆད་ཕྱི་ནང་གསང༌། །སྐད་ཅིག་ཉིད་ལ་ནི་ཝ་ར་ཡ་ཕཊ། །མཐུན་རྐྱེན་ཐམས་ཅད་འགྲུབ་པ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞེས་པ་ནི་བསྟོད་པ་དང་འདོད་དོན་ཞུ་བའོ། །དེ་ནས། སྙིང་གའི་འོད་ཀྱིས། ཆོས་ཀྱི་རྒྱལ་པོ་གཤིན་རྗེ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་ཧྲཱིཿཥྚཱིཿསོགས་དང༌། ཡ་མ་རཱ་ཛ་ས་པཱ་རི་ཝ་ར་ཀརྵ་ཡ་ཛཿ དམ་རྒྱ་བཅས་ཏེ། ཨོཾ་ནས། ས་པཱ་རི་ཝཱ་ར་ས་མ་ཡ་སྟྭཾ། དམ་ལ་བཞག་དབང་བསྐུར་བས་རྡོ་རྗེ་ནག་པོ་རྩེ་ལྔ་པས་དབུ་བརྒྱན། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུཾ། ཨི་དཾ་བཱ་ལིང་གྲིཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་ཕུལ། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་ལམ་དུ། །བདུད་འདུལ་བསྟན་པ་བསྲུང་བར་ཞལ་བཞེས་པ། །ལས་ཀྱི་གཤིན་རྗེ་མ་མོ་མཁའ་འགྲོ་མ། །འབྱུང་པོ་རོ་ལངས་ཅི་བགྱི་བཀའ་ཉན་སོགས། །ཕྱི་ནང་གསང་བའི་དམ་ཅན་མ་ལུས་ལ། །བདག་ནི་རེ་བའི་སེམས་ཀྱིས་འདུད་ཅིང་མཆིས། །ཆོས་ཀྱི་རྒྱལ་པོ་འཁོར་བཅས་རྣམས། །མཆོད་སྦྱིན་ཆེན་པོས་ཚིམ་གྱུར་ཏེ། །བསྟན་དང་སེམས་ཅན་ཡོངས་ལ་འཚེ། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །རྡུལ་ཕྲན་ཙམ་


TNT06_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མེད་པར་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །སྙིང་ནས་བྱང་ཆུབ་མཆོག་སྒྲུབས་པའི། །འཕྲལ་དང་ཡུན་གྱི་འགལ་རྐྱེན་རྣམས། །བཟློག་ཅིང་བསྒྱུར་ལ་རྡུལ་དུ་རློགས། །རྣམ་འགྱུར་རྣམ་དག་ཆོས་ཀྱི་དབྱིངས། །མཉམ་ཉིད་ཆེན་པོར་དྲག་སྦྱོར་མཛོད། །ཅེས་ཐལ་མོ་བརྡབས། ཐུན་གཏོར། ཟོར་དུ་འཕེན་པ་ཕྱིར་ཟློག་གི་ཆ་ཤས་སུ་འགྱུར་ཞེས་སྐྱོ་པ་རྣམས་ཕྱག་ལེན་དུ་མཛད་དོ། །གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་བརྗོད། ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་གཙྪ་ཞེས་སམ། ཡང་ན། ཛ་ཡ་ཛ་ཡ་སུ་ཛ་ཡ། ཞེས་སོགས། སླར་ཡང༌། བཅོམ་ལྡན་འདས་འཁོར་བཅས་ལ་མཆོད། དངོས་གྲུབ་བླངས། བཟོད་པར་གསོལ། ཡི་གེ་བརྒྱ་པའི་བཟླས་པ་བྱ། ཨོཾ་ཛ་ཡ་ཛ་ཡ་སུ་ཛ་ཡ་བི་ཤྭ་རཱུ་པ་དྷ་རི་གཙྪ་གཙྪ་སྭ་སྠཱ་ནཾ་ཀྲྀ་ཏནྟེ་ན་ཐཱ་གཙྪ་སརྦྦ་བུདྡྷ་ཤྩ་བི་སརྫྫ་ཡ། མ་མ་ཀརྨྨཾ་ཀུ་རུ་སྭཱཧཱ། གཏོར་མགྲོན་རྣམས་གཤེགས། དམ་ཚིག་པ་རང་ལ་བསྡུ། དགེ་བ་བསྔོ། ཤིས་པ་བརྗོད་དོ། །འདི་ནི་ཕྱི་རོལ་མཆོད་པ། གཏོར་ཆོག་དང་བཅས་པ་ཤིན་ཏུ་བསྡུས་པ་སྟེ་རྒྱས་པར་གཞན་དུ་བལྟའོ། །མཆོད་པའི་ཚེ་རོལ་མོ་སྣ་ཚོགས་པ་བརྡུང་ཞིང༌། ཁྱད་པར་ཅང་ཏེའུ་ཐོད་པའི་རང་བཞིན་ཏེ། བསྟོད་པ་དང༌། གཏོར་མ་བསྐྱེལ་བ་ན་ཡང་ངོ༌། །གལ་ཏེ་ཕྱོགས་སྐྱོང་བཅོ་ལྔ་ལ་ནི་གཏོར་སྔགས་ཀྱང་དེ་ལྟར་སྦྱོར་རོ། །འདིར་སྨྲས་པ། བཅུད་ལེན་མཆོག་གིས་རེག་ན་ལྕགས་ཀྱང་གསེར། །སྔགས་ཀྱི་མཐུ་ལས་དུག་ཀྱང་བདུད་རྩིར་འགྱུར། །འཆི་བ་སྟེར་བྱེད་དབྱུག་གུའི་ཡེ་ཤེས་ཆ། །ཐབས་མཁས་སྦྱོར་ལས་དངོས་གྲུབ་རྣམ་གཉིས་རྒྱུ། །ད་ནི་རྫོགས་པའི་རིམ་པ་ཤིན་ཏུ་ཟབ་མོ་འཐོར་


TNT06_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ་གནས་པ་དག་འདིར་བསྡུ་སྟེ། དང་པོ་ཤནྟི་པ་ཞེས་གྲགས་པ་ཐམས་ཅད་མཁྱེན་པ་ལྟ་བུ་དེས་མཛད་པའི་ཚོགས་འཁོར་དུ། སྙིང་གའི་ལྟེ་བར་ཟླ་བ་ལ་ཆོས་འབྱུང་དམར་པོའི་ནང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ། སྤྱི་བོའི་སྟེང་མཐོ་གང་ཙམ་གྱིས་དཔགས་པ་ཟླ་བའི་འོག་ཏུ་ཨོཾ་མགོ་བོ་ཐུར་བསྟན། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། ཨོཾ་དང་ཟླ་བ་ལས་བདུད་རྩིའི་རྒྱུན་བྱུང༌། སྤྱི་གཙུག་ནས་ཞུགས། སྙིང་གའི་རྡོ་རྗེར་ཐིམ་ནས། ནུས་པ་བདེ་དྲོད་རླན་དང་བཅས་པ་ལུས་ཐམས་ཅད་ལ་ཁྱབ་ཡང་ཡང་སྒོམ་ཞིང་རྡོ་རྗེ་ལ་སེམས་འཛིན། ༡ སྤྱི་བོར་བུམ་པ་བདུད་རྩིས་གང་བའི་རྒྱུན་ཞལ་དགུ་སོ་སོར་དྲངས། མཐར་ཏིང་ངེ་འཛིན་སེམས་དཔའ་ལ་བསྟིམ་པ་ཡང་ཡང་སྒོམ་སྟེ། ཏིང་ངེ་འཛིན་སེམས་དཔའ་ལ་གཙོ་བོར་སེམས་འཇོག་གོ ༢ ། ཡང་དངོས་སམ་ཡིད་ཀྱི་རིག་མ་དང་སྙོམས་པར་ཞུགས་པའི་ཐིག་ལེ་ཡུངས་འབྲུ་ཙམ་རྡོ་རྗེའི་རྩེ་མོའམ་ཤེས་རབ་ཀྱི་སྣ་རྩེར་སྒོམ་པ། ༣ ཡང་མན་ངག་ནང་གི་རྣལ་འབྱོར་གྱི་སྐབས་བསྟན་ཏེ་དང་པོ་གཉིས་ནི་བསམ་གཏན་གྱི་དུག་གཞིལ་བའི་ཆོ་གའི་ངེས་དོན་ཡིན་ལ། གཞན་ཡང་འདིར་རྫོགས་རིམ་ཕྱག་རྒྱའི་རྣལ་འབྱོར་བསྟན་པ་དང༌། སྤྱོད་པའང་ཚོགས་འཁོར་གྱིས་དོན་གྱིས་བསྟན་ཏོ། །འདི་རྣམས་ཡེ་ཤེས་ཞབས་དང་མཐུན་ནོ། །རྭ་ལོ་ཆེན་པོའི་བཞེད་པའི་དེའི་མན་ངག་བཅུད་ཐིག་སོགས་སུ་འབྱུང་བའི་གདམས་པ་སྣ་ཚོགས་པ་དག་བསྡུ་ན། ཤིན་ཏུ་སྤྲོས་པ་མེད་པ་ཟབ་མོའི་དབྱིངས་ལྷན་ཅིག་སྐྱེས་པའི་མན་ངག་ནི། རང་སེམས་སྤྲོས་མེད་ལྷན་སྐྱེས་ལ། སྤྲོས་བཅས་གློ་བུར་པ་ཐམས་ཅད་སྤངས་ཏེ། ལྷན་སྐྱེས་ཀྱི་ངང་སྐྱོང་བ། རྣམ་རྟོག་གང་བྱུང་མི་འཐུད་པ་དུས་སྐབས་ཐམས་ཅད་དུ་དེའི་རྒྱ་དང་མ་བྲལ་བ་འདི་གསུམ་ལ་མ་བཅོས་


TNT06_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

པ། རྩ་བ་མེད་པ། རང་ཤར་ཞེས་པའི་མཚན་གསོལ་ཏེ། གཟུང་འཛིན་སྤྲོས་མེད་མཚན་མོ་རྒྱུ་བའི་མན་ངག་གོ ༤ ། ཡང་ཐིག་ལེའི་རྣལ་འབྱོར་བསྐྱེད་རྫོགས་ཟུང་འབྲེལ་ལ། སྟེང་གི་སྣ་སྒོར་ཟླ་བ་མ་ཤཀ་ཙམ་ལ་རྡོ་རྗེ་སྔོན་པོ་ཡུངས་འབྲུ་ཙམ་དེ་ལ་སེམས་ངར་བསྐྱེད་དེ་སྒོམ་པ་དང༌། ༥ གསང་རྩེའི་བུ་ཀར་ཟླ་བ་རྡོ་རྗེ་དམར་སྐྱ་ཡུངས་འབྲུ་ཙམ་ལ་དང་སློད་པ་སྟེ་འདི་གཉིས་ཀྱིས་བྱིང་རྒོད་ཀྱང་སེལ། ཟབ་པའི་རྣལ་འབྱོར། ༦ དེ་བརྟན་ན་སྟོང་གསུམ་ཡུངས་འབྲུར་བསྡུད། རྡུལ་ཕྲན་གྱིས་སྟོང་གསུམ་ཁྱབ་པའི་སྤྲོ་བསྡུ་བྱེད་པ་རྒྱ་ཆེ་བ་ལ་བརླབ་པའི་རྣལ་འབྱོར་ཞེས་གསུངས། ༧ ཡང་རྒྱུད་ཀྱི་བཟླས་དམིགས་ཀྱི་ངེས་དོན། རྟོག་པ་བཞི་པར། དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ལ་ཤིན་ཏུ་མཉམ་པར་གཞག་པའི་སྔགས་པས། ཞེས་གསུངས་པའི་སྐབས་སུ་འཆད་དེ། མན་ངག་ནི། རྫོགས་རིམ་སེམས་དཔའ་གསུམ་བརྩེགས་ཞེས་བྱ། དེ་ཡང༌། བཟླས་པའི་འཁོར་ལོའི་དབུས་ཀྱི་ཏིང་ངེ་འཛིན་སེམས་དཔའ། ཧཱུཾ་དེ་ཉིད་དམ། དེ་ཞུ་བའི་ཐིག་ལེ་མདོག་ཁྲག་ཤས་ཆེ་ན་དཀར་པོ། རླུང་ཤས་ཆེ་ན་དམར་པོ། སྙོམས་ན་དཀར་དམར་རོ་གསུངས་ཏེ་དོན་དུ་དཀར་དམར་རོ། །དེའི་འོད་ཀྱིས་རིམ་གྱིས། ཁྱབ་མཐར་དཀྱིལ་འཁོར་ཡོངས་རྫོགས་མུན་ཁུང་སྒྲོན་མེ་བཏེག་པ་ལྟར་གསལ། སླར་རིམ་གྱིས་རིམ་གྱིས་ཧཱུཾ་ལ་བསྡུས་པ་རིང་དུ་ཡིད་གཏད། དེ་ཡང་བརྟན་བརྟན་དུ་ཡང་ཡང་བསྒོམ། ཡང་སྔར་བཞིན་སྤྲོས་ནས་ཐམས་ཅད་བསྡུས་ཏེ་མ་ཧེའི་ཞལ་དུ་ཐིམ། ཡང་སྤྲོས་ཏེ་གསལ་འདེབས། དེ་ལྟར་གསལ་སྣང་ནམ་ཐོབ་ཀྱི་བར་དུ་བྱ་བ་སྟེ་རྒྱ་ཆེ་བ་ལ་སེམས་བཟུང་བའོ། ༨ ། ཡང་སྔ་མ་ལྟར་སྤྲོས། ཐམས་ཅད་འོད་དུ་ཞུ་བདག་ལ་ཐིམ། རང་ཡེ་ཤེས་སེམས་དཔའ། དེ་ཏིང་ངེ་འཛིན་སེམས་དཔའ།


TNT06_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ན་ད། ཆེས་ཕྲ་བར་བསྡུ། དེ་ལ་སེམས་བརྟན་ན། དེ་ཡང་ཡལ་བའི་མཐའ་བྲལ་ལ་འཇོག་པ་ནི། ཟབ་པ་ལ་བསླབ་པ། ༩ ཡང་སྐད་ཅིག་གིས་སྤྲོས་ནས་སྣང་སྟོང་དབྱེར་མེད་ལ་འཇོག་པ་ཟུང་འཇུག་ལ་བསླབ་པའོ། ༡༠ ། དེ་རྣམས་ནི་ཡེ་ཤེས་ཞབས་དང་མཐུན་ལ། ཕལ་ཆེ་ཨ་བ་དྷཱུ་ཏིའི་ནང་དུ་བསྒོམ་པ་ཤས་ཆེ་བ་ཡིན་ནོ། །མ་ཧེའི་ཞལ་ཞེས་པའི་ནང་དོན། རྭ་སྒོམ་པ་ནི་ལྟེ་བར་ཉི་ཟླ་བརྩེགས་པ་ལ་མ་ཧེའི་གདོང་བརྒྱད་བརྩེགས་པའི། སྟེང་མའི་རྭ་གང་རུང་གི་རྩེའི་ནང་དུ། ནཱ་དའི་རེ་ཁ་ཕྲ་མོ་ལ་སེམས་འཛིན་ཅིང༌། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའོ་ཞེས་ཡང་ཡང་སྒོམ། ༡༡ མཚན་མ་གྱེན་འགྲེང་གི་རྣལ་འབྱོར་ལ་རྣལ་འབྱོར་ལམ་པས་སྒོམ་པ་ནི་ལྷ་སྐུ་འཇའ་ལུས་ཀྱི་ལྟེ་བའི་ཁོང་སྟོང་དུ་ཧཱུཾ་ནག་པོ། དེའི་འོག་ཏུ་ཨཱཿདམར་པོ་རླུང་བུམ་ཅན་བཟུང་བས། འོག་རླུང་ཡར་ལོག་ན་ཡི་གེ་གཉིས་ལ་ཐིམ། དེ་གཉིས་ལས་འོད་དམར་ནག་གཉིས་སྣ་བུག་ནས་གློག་འགྱུ་བ་བཞིན་བྱུང་སྣང་བ་ཐམས་ཅད་གསལ། སྔར་གྱི་ལམ་ནས་ཡི་གེ་གཉིས་ལ་ཐིམ་པ་ལ་སེམས་འཇོག་པ། ས་བོན་ལ་སེམས་འཛིན་པ། ༡༢ འོད་གཉིས་ཀྱི་སྣང་བ་ཐམས་ཅད་ཞུ་རང་ལ་བསྡུ། རང་ཡི་གེ་དེ་ནཱ་དའི་བར་དུ་བསྡུས་ནས། ནཱ་ད་ཇེ་ཕྲ་ལ་སེམས་འཛིན་པ། ནཱ་ད་ལ་སེམས་འཛིན་པའོ། ༡༣། འདི་ལས་རླུང་སེམས་ལས་སུ་རུང་བ་ན། ཆགས་ལམ་ལས་རྒྱ་བརྟེན་པའི་མཚན་མ་གྱེན་བསྒྲེང་བསྒོམ། ༡༤ ཐིག་ལེ་འགོག་པ་མཚན་མ་གྱེན་བསྒྲེང་ཞེས་བྱ་བ་རླུང་འོང་བ་བདེ་བ། འགྲོ་བ་སྡུག་བསྔལ། རྒྱུ་བ་ཆད་པ་བཏང་སྙོམས། ཕྱིར་རྒྱུས་ནང་དུ་མ་བརྒྱུས་པར་རྣམ་རྟོག་རང་བཞིན་གྱིས་འགག །སྤྲོས་པ་ནུབ་པས་དེ་གཉིས་ཀྱི་བར་དེ་གཉིས་སུ་སེམས་གཏད་དེ། མ་བཅོས་པའི་ཚུལ་གྱིས་ཧད་དེ་བ་ཡིད་མིག་རླུང་


TNT06_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྣ་རྩེར་ཧྲིལ་གྲིལ་བ་སྟེ། བདེ་བའི་ཡེ་ཤེས་རང་ཤར་ངང་ཐིག་ལེ་རང་འགག་སུ་འབྱུང༌། རིལ་བ་ཞགས་ཚགས་ཀྱི་དཔེ་དང་འདྲའོ། ༡༥ ། བསམ་གཏན་གྱི་རྟོག་པར་བ་མོ་ཞུ་བ་དང༌། འོ་མ་ཅན་གྱི་ཤིང་འཛག་པའི་ངེས་དོན་གཞན་འོག་ནས་འབྱུང་བ་དང་འདྲ་ལ། དང་པོ་འོག་སྒོ་ལ་སྦྱར་ནས་ཕྱག་རྒྱའི་དྭངས་མ་འདྲེན་པ་དང༌། ཕྱི་མ་ཤིང་གི་དོན་རྩ་དབུ་མ་ཡིན་པས་དབུ་མའི་ནང་དུ་འབྱུང་བ་རྣམས་སྒོམ་པ་དང༌། བཾ་གྱི་དོད་ཧཾ་ལ་བྱེད་པ་ལུགས་འདི་པའི་ཁྱད་པར་ཏེ། དེ་རྣམས་བདེ་དགྱེས་སོགས་དང་མཐུན་ནོ། ༡༦ ། འོད་གསལ་ལ་སེམས་དཔའ་གསུམ་རྩེག་ནི། བཟླས་པའི་དམིགས་པ་ཇི་བཞིན་ལས། སྔགས་འཕྲེང་མི་བསྒོམ། ཡེ་ཤེས་སེམས་དཔའ་དབུ་མའི་ནང་གི་ལྟེ་སྙིང་གར་རུང་དུ་བསྒོམ། ཧཱུཾ་གི་འོད་ཀྱིས་རྗེས་གཞིག་སྒོམ་མོ། །རྭ་པ་གོང་མ་རྣམས་ཀྱིས་འཇིགས་བྱེད་ཀྱི་འཕོ་བ་བསྒོམ་པའི་གསལ་ཁ་མེད། ཕྱི་མ་རྣམས་དང༌། སྐྱོ་པ་རྣམས་ཡི་གེ་གཅིག་པ་ཞིག་བསྒོམ། ཕྱིས་ཀྱི་མཁས་པ་ཁ་ཅིག་སམྦུ་ཊིའི་ལུགས་དེ་མཛད་མོད། དེ་ཐམས་ཅད་རྒྱུད་འདིར་ནི་འདིས་བསྟན་མེད་ལ། རྫོགས་རིམ་དངོས་མ་ཡིན་པས་འདིར་མ་བྲིས་སོ། །བླ་མ་སྐྱོ་པའི་མན་ངག་ཟབ་མོ་རྭ་རྩེ་སེམས་འཛིན་ནི། རང་དཔའ་གཅིག་ཆོས་འབྱུང་དཀར་པོར་གནས་པའི་སྙིང་གར། རྒྱུའི་འཇམ་དཔལ་པད་དཀར་ལ་གནས་པ། འོད་དཔུངས་འཁྲིགས་པ། རྭ་སྔོ་བསངས་དྭངས་གསལ་རྩེ་རྣོ་ཟུལ་བའི་ནང་དུ་ཐིག་ལེ་དཀར་ལ་འཚེར་བ། དེ་ལས་ཐིག་ལེའི་རྒྱུན་བྱུང༌། མགྲིན་པར་གཅིག་ཏུ་འདྲེས། སྙིང་གའི་འཇམ་དཔལ་གྱི་སྤྱི་བོ་ནས་ཐིམ་པས། ལུས་སེམས་བདེ་བས་ཁྱབ་པ་ལ་སེམས་གཏད། བྱང་སེམས་བདེ་བའི་འོད་དཀར་པོ་ལིངྒ་རབ་ཏུ་རྒྱས་པ་ནས་ཡར་བྱུང༌། སྐུའི་ཕྱི་ཡང་ཁེབས། སེམས་ཅན་ཐམས་ཅད་ལ་


TNT06_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཕོག་པས་བདེ་བའི་ངོ་བོར་གྱུར། རང་ལྷ་སྐུ་དངུལ་ཆུའི་ཐིགས་པ་ལྟ་བུའི་གསལ་དྭངས་འཚེར་བ་ལ་སེམས་འཇོག་པའོ། ༡༧ ། མཚན་མོ་རྒྱུ་བ་ནི་དུས་རྟག་ཏུ་འཇིགས་བྱེད་ཀྱི་གསལ་སྣང་དང༌། ང་རྒྱལ་ཤུགས་ཆེ་བ་ཡུད་རེ་དེ་ཡང་གསལ་སྟོང་རང་ཤར་ཙམ། དེ་ཙམ་མ་གཏོགས་དམིགས་མེད་ཉིད་ལ་བཞག །མཚན་མོ་གཅེར་བུ་གྲི་ཐོད་འཛིན་ཚུལ་བྱ། སྣ་རྩེར་སེམས་ཆེར་གཏད། ང་རྒྱལ་བརྟན་པོས་གོམ་པ་བདུན་ཙམ་རྒྱུ། རྣམ་རྟོག་གང་བྱུང་སྤྲོས་མེད་དུ་ཐག་བཅད། འཇིགས་པ། ཡ་ང༌། བག་ཚ། གཡང་ས་མེ་ཆུ་སོགས་ཐམས་ཅད་ལ། རང་དང་དབྱེར་མེད་དུ་བསྲེས་ནས། ཆེར་གྱིས་ལྟ་བའི་ཡིད་ཀྱིས་ཐོག་རྫིས་བྱ། དེ་ནས་ཇེ་རིང་དུ་རྒྱུ། མཐར་གྱང་སོགས་ལ་ཐོགས་པ་མེད་ན་ཐུན་མོང་གི་དངོས་གྲུབ་ཡུད་ཀྱིས་འགྲུབ་པ་ཡིན་གསུང༌། ༡༨ གཏུམ་མོ་ནི། བསམ་གཏན་གྱི་རྟོག་པའི་བུ་མོ་དབང་དུ་བྱེད་པའི་དེས་དོན་ཏེ། རྐང་པར་རླུང་སྔོན་པོ་ཟླ་གམ། སུམ་མདོར་མེ་དམར་པོ་གྲུ་གསུམ། སྙིང་གར་ས་སེར་པོ་གྲུ་བཞི། དཔྲལ་བར་ཟླ་བ་གང་བ་ཆུའི་རང་བཞིན་རྣམས་ལ་ཡཾ་རཾ་བཾ་ལཾ་གྱིས་མཚན་པ། རླུང་ཁ་སྦྱོར་བཟུང༌། རླུང་གཡོས། མེ་སྦར། ས་བསྲེགས། བཾ་ཞུ་བ་གསང་བའི་ཞུ། ལྡོག་བྱེད་པའི་འབར་འཛག་སྒོམ་པའོ། ༡༩ ། ཅོ་གྲུ་ལོ་ཙཱ་བ་ཆེན་པོའི་བཞེད་པས་འཁོར་ལོ་བཞིའི་གཏུམ་མོ་སྒོམ་པར་བཞེད་པ་ནི་ཤིན་ཏུ་ལེགས་ཤིང༌། འོན་ཀྱང་དེའི་དམིགས་པ་དཔྱིད་ཐིག་ཡི་གེ་བཞི་པ་ཉིད་ཡིན་པས་དེར་བལྟའོ། ༢༠ ། དེ་ལྟར་ཞང་སྐྱོ་རྭ་གསུམ་ཀའི་ལུགས་ལའང་ཟབ་མོ་ཕྱག་རྒྱའི་ལམ་རྒྱས་པར་འབྱུང་མོད། འདིར་མི་འཆད་ལ། རྣལ་འབྱོར་གྱི་ལམ་དེ་ཙམ་མོ། །མལ་གྱོ་ལོ་ཙཱ་བ་ནས་བརྒྱུད་པ་ནཱ་རོ་པའི་མན་ངག་ད་ལྟ་ས་ལུགས་སུ་གྲགས་པའི་རྫོགས་རིམ་འདི་ནི། མཚན་མ་གྱེན་འགྲེང་གི་ནང་དོན། རྫོགས་རིམ་ཞིག་ཡིན་


TNT06_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དངོས་ནི་ལག་པའི་ཕྱག་རྒྱ་ལ་བརྟེན་པའི་མན་ངག་ཏུ་གཏོགས་པའོ། །དེ་ཡང༌། རྡོ་རྗེ་བསླང་བ་རྟག་ཏུ་བྱ། །ཟླ་བ་ཉི་མའི་འགྲོ་འོངས་དགག །གཞན་དུ་ཨ་བ་དྷཱུ་ཏཱིའི་ཆར། །མི་འཇུག་པ་ནི་རླུང་ཡིན་ནོ། །མཚན་མོ་དུ་བ། སྨིག་རྒྱུ་སྲིན་བུ་མེ་ཁྱེར། མར་མེ་འབར་བ། ཉིན་མོ། ཟླ་བ། ཉི་མ། ཟླ་བ་སྔོན་པོ། གཟུགས་བརྙན་མཐོང་བ། སྐུ་གསུམ་མཐོང་བ། དེ་ནས་རྫོགས་པའི་སངས་རྒྱས་ཉིད་དོ། །འདིའི་དོན་རླུང་དབུ་མར་མ་བཅིངས་པས། བྱང་སེམས་དབུ་མར་མི་ཆུད། དེ་ལྟར་ན་སྡུག་བསྔལ་འབྱུང༌། ཏིང་ངེ་འཛིན་མི་སྐྱེ། གཟུང་འཛིན་གྱི་རྣམ་རྟོག་བསྐྱེད་པའི་རྟེན་བྱེད། དེ་དབུ་མར་ཆུད་པས་གཟུང་འཛིན་གྱི་རྣམ་རྟོག་འགག་པའི་བར་དུ་བྱེད། དེ་འགགས་པས་བདེ་སྟོང་ལྷན་ཅིག་སྐྱེས་པ་ཆོས་སྐུ་མངོན་དུ་བྱེད་ཅེས་འབྱུང༌། འདིར་རྡོ་རྗེ་བསླང་བའི་ལག་ལེན། ལག་གཡས་ཕྱིན་ཀ་ལོག་ཏུ་ཕར་བསྟན་པའི་མཐེབ་མཛུབ་བར་དོག་པར་སྣོལ་བའི་བུག་པ་རྡོ་རྗེ་བཅུག་ལ། དེའི་རྩ་བར་བཞག་པས་རླུང་དང་བྱང་སེམས་ཕར་མི་འཆོར། མིག་གཉིས་མ་ཕྱེ་མི་འཛུམ་པ། ནམ་མཁའ་ལ་ལྟ། འཛིན་མེད་ལྷུག་པ་གཞག །རྒྱུ་ཞབས་ཡར་བསྐུམ་སྟེང་རླུང་སྣ་འགུལ་ཙམ་དྲངས་ཏེ་མར་མནན། རླུང་གཏོང་བ་ན། སྟེང་འོག་གཉིས་ཀ་དལ་བུས་སློད། དེ་ནས་ཇེ་དྲག་ཇེ་དྲག་དགག་སྟེ་བདེ་སྟོང་མི་རྟོག་པ་མཆོག་སྐྱེ་སྟེ་སྲོག་རྩོལ་ལོ། །དེ་ལྟར་བསྒོམ་ན་རྟགས་ནི་དུ་བ་སོགས་བཅུ་ལ་ཉིན་མཚན་སོ་སོར་ལྔ་ལྔའོ། །སྐུ་གསུམ་ནི་རང་སེམས་དང་དངོས་པོའི་འདྲེས་པའི་བདེ་སྟོང་ཆོས་སྐུ། ལུས་འཇའ་ཚོན་ལྟར་ཡང་བ་ལོངས་སྐུ། ཅི་འདོད་པའི་རྣམ་པར་འཆར་ཞིང་སྟོན་པ་སྤྲུལ་སྐུ་ཞེས་པ་ལམ་དུས་སོ། །རྫོགས་པའི་སངས་རྒྱས་ནི་འབྲས་དུས་ཀྱི་སྐུ་གསུམ་


TNT06_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

མོ། ༢༡ ། འདི་ན་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་ཐོར་བུ་པ་བརྒྱུད་པ་སོ་སོའི་གདམ་ངག་ཕྱོགས་གཅིག་ཏུ་བསྡུས་པའི་འཁྲིད་ཆེན་པོ་བྱེད་པ་དང༌། རྒྱ་གཞུང་ཐ་དད་ལ་བརྟེན་པ་ཞལ་ཕྱག་གི་དག་པ་དང་སྦྱར་བའི་རྫོགས་རིམ་ཆེན་པོ་བྱེད་པའང་འདུག་མོད་ཀྱི། མན་ངག་ཐོར་བུར་བསྟན་པའི་རྫོགས་རིམ་བླ་མ་ཆེས་སྔ་རབས་པའི་ལུགས་འདི་དག་ཆེས་ཡིད་ཆེས་པར་སྣང་ངོ༌། །འདིར་རྫོགས་རིམ་སྤྱི་འགྲོས་ནི་འདུས་པ་དང་མཐུན། དེའི་ནང་གི་ཡང་ཞབས་ལུགས་དང་གསང་བ་གྲུབ་པ་སོགས་དང་མཐུན་ཤས་ཆེ་བར་སྣང་ངོ༌། །འདིར་སྨྲས་པ། བདེ་ཆེན་གཅིག་པུའི་དངོས་ནི་ཐུན་ཚོད་ཞལ་ཏེ་མཚན་མའི་སྙེམས་པ་སྟུག་པོ་དག་ལ་ཆེས་ཁྲོས་པ། །དུས་མཐུའི་ཆར་སྤྲིན་དཀྲིགས་ཁྱོད་རྡོ་རྗེའི་གར་གྱིས་ས་གསུམ་འདར་མཛད་སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །ལྷན་སྐྱེས་སྟོང་ཉིད་བཅུ་དྲུག་བདེ་སྟོང་ངོ་བོའི་ཕྱག་ནི་བྱང་ཆུབ་ཕྱོགས་ཆའི་མཚོན་གདེངས་ཐབས་ཤེས་རྭ། །རྩེ་མོ་རྣོན་པོས་སྲིད་ཞིའི་མཐའ་གནོན་གྲུབ་པ་དབང་ཕྱུག་རྣམས་ཀྱི་ཞབས་ནི་དོན་གཉིས་མཆོག་བརྙེས་པ། །དེ་ཉིད་སྒྲུབ་ཐབས་ངེས་གསང་བདུད་རྩིའི་འོད། །བཅུ་དྲུག་ཁྱིམ་དུ་རྟག་ཤར་བརྗོད་བྲལ་ཆེ། །རིས་མེད་ལྷན་སྐྱེས་གཉིས་སྣང་གདུང་སེལ་བ། །དཔལ་ལྡན་འགྱུར་མེད་རྡོ་རྗེའི་རྫོགས་པའི་རིམ། །དེ་ལྟར་ན་བར་མ་ཆད་པར་རིམ་པ་གཉིས་ལ་འབད་ཅིང་ཉལ་བའི་རྣལ་འབྱོར་ནི་ཞུ་བདེའི་རྣལ་འབྱོར་གཙོ་བོར་བྱའོ། །དེ་ནས་ཡེ་ཤེས་ཕེབས་པ་དང༌། ཡེ་ཤེས་ལ་ཅུང་ཟད་དབང་བ་དང༌། ཡེ་ཤེས་ལ་ཆེས་དབང་བ་རྣམས་སུ། རིམ་གྱིས་དབང་པོ་སྨིན་ནས་གདོད་རྫོགས་པའི་རིམ་པ་ལ་རྩེ་གཅིག་ཏུ་དྲིལ་ནས། སྤྱོད་པ་སྤྱད་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ། །གལ་ཏེ་འདིར་ལྷའི་རྣལ་འབྱོར་


TNT06_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཟླས་པ་ལས་སུ་རུང་བ་མཚན་མ་བརྟན་པོ་ཤར་བའམ། དེ་མ་ཡིན་ན་སྔགས་བྱེ་བ་ལ་སོགས་པའམ། ཐ་མར་ཡང་རྒྱུད་ལས་གསུངས་པ་བཞི་འགྱུར་དུ་བཟླས་ལ། སྦྱིན་བསྲེག་གིས་འདོད་པའི་ལྷ་མགུ་བར་བྱས་པ་ཞིག་གིས་བྱ་སྟེ། དཀྱིལ་འཁོར་བྲིས་ཏེ་སྒྲུབ་པ་ཞག་བདུན་དུ་བྱ་བ། སྔོན་དུ་བསྙེན་སྒྲུབ་སྦྲགས་པ་ཟླ་བ་དྲུག་ཏུ་བྱས་པས་ཡིན་ཏེ། དེས་ཀྱང་མཚན་མ་མ་རྙེད་ན་དེ་འདྲ་བ་ལན་གསུམ་དུ་བྱ་སྟེ། དེ་ལ་བཅོམ་ལྡན་འདས་ཞལ་སྟོན་པའམ། དེ་ལྟ་བུའི་མཚན་མ་སྒྲ་དང་འོད་འབྱིན་པ་དང༌། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་དངོས་སུ་བྱིན་གྱིས་རློབ་བོ། །དེ་ནས་ལས་ཐམས་ཅད་ཐོགས་པ་མེད་པར་འགྱུར་ལ། དངོས་གྲུབ་རྣམས་ཀྱང་སྒྲུབ་པར་བྱའོ། །དེས་རིག་པ་འཛིན་པ་མ་གྲུབ་ན་ཡང་ལས་ཀྱི་དངོས་གྲུབ་གདོན་མི་ཟ་བར་གསུངས་སོ། །གཞན་དུ་ན། དངོས་གྲུབ་ནི་མི་འགྲུབ་ལ། ལས་ཀྱང་ཐོགས་ཤིང་དོན་ཆུང་བ་ཙམ་ཞིག་འགྲུབ་པོ་ཞེས་རིག་སྟེ། དེ་ཡང༌། རྒྱུད་འདིར་ཚར་བཅད་པ་ཉིད་གཙོ་བོར་སྟོན་ཅིང༌། ལས་ཚོགས་ནི་བསམ་གཏན་དང༌། སྦྱིན་བསྲེག་དང༌། འཁྲུལ་འཁོར་གྱི་ལས་ཚོགས་གསུམ་དུ་འདུ་ཞིང༌། ཏིང་ངེ་འཛིན་ལ་སྣང་བ་རྙེད་པ་དང༌། བཟླས་བརྗོད་ཀྱི་མཐུ་པ་ཆེ་བ་དང༌། ཆུང་བའི་དབྱེ་བ་སྟེ་གསུམ་མོ། །དང་པོ་ལ་བསད་པ། དབྱེ་བ། སྐྲོད་པ། དགུག་པ། དུག་བསལ་བ། བུད་མེད་ཞུ་བའི་སྦྱོར་བ། སྐྱེས་བུ་ཆེན་པོ་དབང་དུ་བྱེད་པ་རྣམས་གསུངས། གཉིས་པ་ལ། སྤྱིར་སྦྱོར་བའི་ཆོ་ག་གསུངས་པའི་རྗེས་ལ་བསད་པའི་ལས་གཉིས། དབྱེ་བ་གཉིས། བསྐྲད་པའི་ལས་བཞི། མནན་པ། བུ་མོ་དབང་དུ་བྱེད་


TNT06_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཞི་བར་བྱེད་པ། རྒྱས་པར་བྱེད་པ། དགུག་པ། སྨྱོ་བར་བྱེད་པ། དེ་ཞི་བ། རྫས་དང་རྫས་མ་ཡིན་པ་བསྒྱུར་བ། ཡུལ་དབང་དུ་བྱེད་པ། དབང་དུ་བྱས་ནས་བྲན་དུ་སྒྲུབ་པ། འབྱོར་པ་བསྐྱེད་པ། རྒྱལ་པོ་དང་འཇིག་རྟེན་དང༌། བུད་མེད་རྣམས་དབང་དུ་བྱེད་པ་རེ་རེ། དབང་དུ་བྱེད་པའི་མཆོག །དགུག་པའི་མཆོག་རྣམས་བསྟན་ཏོ། །དེ་རྣམས་ཀྱང་སྦྱིན་བསྲེག་བྱས་པའི་དགོས་པ། བྱེད་པ་པོ། གནས། དུས། ཡུལ། ལས་བཞིར་འདུས་པའི་རྒྱུ་མཚན། ཐབ་ཁུང༌། དགང་བླུགས། རྫས། མེ་རྣམས་ཀྱི་རབ་བྱེད། ཕྱི་ནང་གསང་བའི་སྦྱིན་བསྲེག་ལ་སོགས་པ་རྣམས་གྲངས་མང་པོར་ཤེས་པར་བྱའོ། །གསུམ་པ་ལ་བསད་པ་དྲུག །བསྐྲད་པ་ལྔ། དབྱེ་བ་བཞི། རིམས་ཀྱིས་འདེབས་པ། རེངས་པ། མནན་པ། དབང་དུ་བྱེད་པ། འགུགས་པ། སྨྱོ་བར་བྱེད་པ། བུ་མོ་རྨོངས་ཤིང་འགུགས་པ། ཞི་བའི་ལས་མདོར་བསྟན་པ་རྣམས་གསུངས། ཐུན་མོང་གི་དངོས་གྲུབ་རལ་གྲི ། མིག་སྨན། ས་འོག །རི་ལུ། བཅུད་ལེན། གཏེར། འབྱུང་པོ། རོ་ལངས། ཤ་ཟ། གནོད་སྦྱིན། གནོད་སྦྱིན་མོ། ཀླུ་ལ་སོགས་པ་ཇི་སྙེད་པ་སྒྲུབ་པ་སྟེ་དེ་རྣམས་སྒྲུབ་ཚུལ་དམར་ནག་གི་རྒྱུད་ནས་འབྱུང་བ་ལྟར་བྱ། ལས་ཚོགས་ཐུན་མོང་པ་རྣམས་ཀྱང་འདྲ་ལ། ཐུན་མོང་མ་ཡིན་པ་སྔར་བཤད་པ་དེ་རྣམས་སོ། །དེ་ལ་འཁྲུལ་འཁོར་རྐྱང་བ་དང༌། སྦྲགས་མའི་འཁོར་ལོ་བདུན་བསྡུས་པ་ལ་རེ་མིག་ཕྱི་བརྒྱད་ནང་བརྒྱད་དེ་བཅུ་དྲུག །རྒྱས་པ་ལ་ཕལ་ཆེར་ནག་པོའི་རྒྱུད་དང་མཐུན། ཡང་རྟོག་གསུམ་ནས་བཤད་པ་རེ་མིག་བཅུ་བདུན་པ་དེ་དག་ལ་ལས་ཀྱི་དབྱེ་བས་རྣམ་པ་མང་པོར་འགྱུར་ཞིང༌། སྔར་བསྟན་


TNT06_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁྲུལ་འཁོར་སྐབས་ཀྱི་ལས་ཚོགས་ལ་ཁ་ཅིག་འདི་ལྟར་བཞེད། ཡི་གེ་བཅུ་པའི་དྲུག་སྟེ་བསད་པ་དང་པོ། རིམས་ཀྱིས་གདབ་པ་གཉིས་པ། རེངས་པ་གསུམ་པ། བསྐྲད་པ་གཅིག་སྟེ། འཁོར་ལོ་བརྟེན་པ་བཞི། དབྱེ་བ་གཉིས་ནི་མ་བསྟེན་པ་སྟེ་དྲུག་གོ །ཡི་གེ་སོ་གཉིས་པས་ལས་ཉི་ཤུ་སྟེ་ཞི་བ་དབང་དགུག་གསུམ་ལ་རེ་རེ། བསད་པ་གསུམ། མཚོན་གྱིས་ཕོག་པ། དེའི་ཕྱོགས་སུ་བསྡུས་པ་སྟེ་གཅིག །བསྐྲད་དབྱེ་རེངས་གསུམ་ལ་གསུམ་གསུམ་སྟེ་འཁོར་ལོ་བསྟེན་པའོ། །མི་བརྟེན་པ་ལ་བསད་བསྐྲད་ལ་གཉིས་གཉིས་སྟེ་ཉི་ཤུའོ། །ཞེས་གསུངས་ཏེ་རྒྱུད་ཀྱི་དངོས་བསྟན་དེར་གནས་ལ། མན་ངག་གི་འཁྲུལ་འཁོར་བདུན་སོགས་མཛད་པའང་ལེགས་པ་ཁོ་ནའོ། །འདི་རྣམས་ལ་རྒྱུད་གཞན་ལྟར་ལས་ཚོགས་སྤྱི་ཡི་ཆོས་བརྒྱད་དང༌། བྲི་གཞི། སྣག་ཚ། སྙུག་གུ ། བྲི་ཐབས་ཀྱི་ཆོ་ག །བྲི་བ་དངོས། སྒྲུབས་པ། འཁོར་ལོ་ལས་ལ་སྦྱར་བ། མ་གྲུབ་པ་སྤོགས་ཆོག་སྟེ་དོན་བརྒྱད་དམ། ཐོག་མར་ས་ལ་བྲི་བའི་ཕྱོགས་ལ། སྔགས་བྲི་བ། བཏུ་བ། དྲང་བ། བསྲེ་བ་དང༌། སྤོ་བ། སྒྲུབ་པ། སྦ་བ་ཞེས་པའི་ཚུལ་གྱིས་ལས་ལ་སྦྱོར། རྟོག་གསུམ་གྱི་ཚུལ་དང༌། དམར་པོ་སོགས་དང་ཐུན་མོང་པ་གཉིས་ཀ་ཡང་རྟོག་བདུན་གྱི་དགོངས་པར་ནི་གནས་པར་མངོན། ཡི་གེ་བཅུ་བདུན་གྱི་ལས་བཅུ་བདུན་སྒྲུབས་པ་ན། བྲིས་གཞི། སྲོག་གཟུགས། མཐའ་རྟེན། སྤེལ་ཚིག །ལྷ་སྔགས། ཡི་གེ་མགོ་སྟོན་ཚུལ་ཐ་དད་པ་ཡོད་པ་ལྟར་བྱ་ཞིང༌། ཁྱད་པར་དྲག་པོ་ལ་ཁ་སྦྱོར་དབྱེ་བ་བཞི་སྟེ། ཡེ་ཤེས་སེམས་དཔའི་དང༌། ལུས་བསྲུང་བའི་དང༌། སྙིང་དཀར་ནག་གི་དང༌། ཤ་རུས་ཁ་སྦྱོར་དབྱེ་བ་དང༌། ལྷ་དང་མིའི་གསང་སྡེ་བཞི་དང་དབྱེ་བ་དང་


TNT06_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་བཞི་པའི་ལས་སྦྱོར་དང༌། སྤོགས་ཆོག་གཉིས་ལ་སྔགས་ཀྱང་འདི་ལྟར། ཨོཾ་ཡ་མ་རཱ་ནི་ཙྪ་ཡ་ཀྵེ་ཡ་ཡཀྵེ་ཡ་ར་ནི་ཡོ་ད་ཡ་ཡ་ད་ཡོ་ཎ་རུ་དོ་མེ་ཡ་ཡ་མེ་དོ་ས་ཛ་རཱ་མ་ཡ་ཧཱུཾ་ཕཊ། དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཞེས་པ་དང༌། ཨོཾ་ཡ་མ་མེ་དཀྵེ་ཡ་ཙྪ་ནི་ཛཱ་ས་དོ་རུ་ཎ་ཡོ་ནི་ར་དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཡཀྵེ་མ་མེ་ད་ཡོ་ནི་ར་ཡཙྪ་རཱ་ཛཱ་ས་དོ་རུ་ཎ་དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཞེས་པའོ། །བཟླས་པ། འཁོར་ལོ་དང༌། སྦྱིན་བསྲེག །གཏོར་མ། ཚོགས་འཁོར་སོགས་གཅིག་ཏུ་གྲིལ་ནས་སྒྲུབ་པར་གསུངས་ལ། འཁྲུལ་འཁོར་ཡང་བླ་མ་སྔ་རབས་པ་མང་པོ། ཞི་བ་འཇིགས་པ་བརྒྱད་ལ་སྐྱོབ་ཞེས་སོགས་ཀྱིས་རྣམ་གྲངས་མང་པོར་འགྱུར་བར་བཞེད་པ་ཡང༌། ལས་ཀྱི་རྒྱུད་དང་གྲོགས་བསྟན་པའི་སྐབས་ཡིན་པས་ཤིན་ཏུ་མི་འཐད་པ་ཡང་མ་ཡིན་ལ། དེ་ལྟར་གང་དགོས་པའི་དུས་སུ་དེ་དང་དེ་སྒྲུབ་པ་ཡིན་ནོ། །ཡང་མཆོད་སྦྱིན་དང༌། གཏོར་མ་དང༌། བཟླས་པ་དང༌། སྦྱིན་བསྲེག་དང༌། འཁོར་ལོ་དང༌། བསམ་གཏན་དང༌། ལས་ཀྱི་ཁ་སྐོང་བ་སྟེ་ལས་བདུན་གྱིས་ཞི་དྲག་སོགས་ཐམས་ཅད་སྒྲུབ་བོ། །དེ་ཡང༌། བསྙེན་པ་དང༌། བསྙེན་སྒྲུབ་སྦགས་མ་སྔོན་དུ་སོང་བའམ། སྒྲུབ་པ་སོང་བས་ལས་དང་པོ་གཞི་རྣམས་རྒྱ་ཆེར་སྔོན་དུ་བཏང་ནས། དྲག་པོ་ནི། ཉི་མ་བདུན་ནམ། བཞིར་བསྒྲུབས་ནས་ལས་ལ་སྦྱོར་ཏེ། ཁ་ལྷོར་ཕྱོགས། དུར་ཁྲོད་ཀྱི་རས་ལ་དུག་ལ་སོགས་པ་དྲུག་བྱུག་ལ། སྣག་ཚ་ལ་ཡང་བསྲེ། རྒྱས་པའམ། རྟོག་གསུམ་ལྟར་བྲི་བའམ། ཕྱི་བརྒྱད་ནང་བརྒྱད་སོགས་གང་ཡང་རུང་བ་བྲི། ས་གཞི་ལ་མ་བྲིས་པའི་ཕྱོགས་ལ། བསངས་སྦྱངས། དེ་ཉིད་ལྷ་བཅུ་བདུན་དུ་བསྐྱེད། ཡན་ལག་བཞི་རྫོགས་པར་བྱས། མཆོད་བསྟོད་གཏོར་མ་དབུལ། ལས་དང་མཐུན་པའི་གདན་ལ། མིང་ཡིག་རྣམས་སྒྲུབ་བྱར་བསྐྱེད། དགུག་གཞུག་བྱ། གོ་ཆ་དང་ལྷ་ལ་སོགས་


TNT06_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབྲལ། ཡང་མཆོད། ཕྱག་བྱ། བདེན་སྟོབས་བརྗོད། གྲོག་མཁར་བདུན་དང་བསྒྲུབ་བྱའི་རྗེས་དང༌། བཤང་གཅི་ལས་ལིངྒ་སོར་བརྒྱད་པ་བྱས་ལ། ཐོད་པ་མཚན་ངན་ཁ་སྦྱོར་སྟེང་མ་ལ་མེའི་དཀྱིལ་འཁོར་རཾ་གྱིས་མཚན་པར་ཕཊ་ཆྒཻེ་མཱ་ར་ཡ་ཕཊ། དེའི་རྒྱབ་ཏུ་རི་རབ། སྟེང་དུ་དབང་ཆེན་རྒྱ་གྲམ་དང་བཅས་པ། འོག་ཏུ་རླུང་ལ་ཨོཾ་ཆྒཻ་ཨ་བེ་ཤ་ཡ་ཨཿཨཿ རྒྱབ་ཏུ་སྣ་ཚོགས་རྡོ་རྗེ་བྲི། ལིངྒའི་སྙིང་གར་ཧྲཱིཿཕཊ་མིང་རུས་ཆྒཻ་མཱ་ར་ཡ་ཕཊ། དེ་ནས་དེར་ལིངྒ་འཁོར་ལོའི་བར་དུ་བཅུག །འཁོར་ལོ་མན་ངག་བཞིན་དྲིལ། རོ་སྐྲའི་སྲང་བུས་དཀྲིས། རྒྱ་གྲམ་གྱིས་འཁོར་ལོ་མི་མཐོང་བར་དུ་དཀྲིས། གཡོན་སྐོར་འོག །གཡས་སྐོར་སྟེང༌། སྟེང་འོག་མ་ལོག་པར་བཅུག །དགུག་གཞུག་བྱ། མི་རུས་ཀྱི་ཕུར་པ་གནས་ལྔར་བརྡེག །ཚིག་རྣམས་ཚེར་མས་དགང༌། དྲག་པོའི་བསམ་གཏན་དང་བཅས་པས་ཐོད་པར་བཅུག་ལ། སྲད་བུས་བསྡམས། གའུའི་བུ་ག་ནས་དུག་ཁྲག་ཡུངས་ཀར་སོགས་ཐུན་བླུགས། བྱིན་རླབས་མཆོད་བསྟོད་བྱས་ནས། དུར་ཁྲོད་ཀྱི་འགལ་མེའི་མེ་ལ་སོ་ཞིང་སྒྲུབས། ཉི་མ་བཞི་པ་འདིར་སྦྱར་ལ། མཐར་དེ་གཤིན་རྗེའི་གཟུགས་ཀྱི་སྙིང་གར་བཅུག་ལ་དུར་ཁྲོད་དུ་སྦ་བའང་དགོས་ན་བྱའོ། །འདིར་ལས་གཞན་ལ་ཀྵེ་བརྒྱད་ལྡན་པ་དང་མ་བརྒྱད་ལྡན་པ་ལ་སོགས་པའི་སྔགས་ཀྱང་འགའ་ཞིག་འདོད་དོ། །ལས་ཚོགས་ནི་ལག་ལེན་ལ་ལྟོས་པ་སྟེ་དཀྱུས་འདིར་མི་འདྲིའོ། །བར་ཆད་བསྲུང་བ། ཁྲོ་བོ་བཅུའི་བསྲུང་ཟློག་ནི། ལཱ་ལི་ཏའི་གཞུང་དུ་རི་རབ་ཀྱི་རྩེར་ཏེ་དབུས་ཀྱི་ཁྲོ་བོ་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པར་གྱུར་པ་དེ་ཞུ་བས་ཆོས་འབྱུང་དུ་མཛད། འདིར་དབུས་ཀྱི་ཁྲོ་བོ་གནོད་མཛེས་འོག་ཏུ་རྡོ་རྗེ་ས་འོག་ཅེས་མིང་བཏགས་པ་དང༌། གནོད་


TNT06_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་ཀྱི་ཕྱག་ན་རིན་ཆེན་ལྕགས་ཀྱུ་པདྨ་ཞགས་པ་བསྣམས་པ་མ་གཏོགས་འདུས་པ་ཡེ་ཤེས་ཞབས་ལུགས་ཇི་བཞིན་ཏེ། འགུག་གཞུག་རྒྱས་བཏབ་སྔགས་བཟླ་བ་རྣམས་མེད་དོ། །འདི་ལའང་མན་ངག་གི་ཕྱིར་ཟློག་འོང་བར་མངོན། རྡོ་རྗེ་སེམས་དཔའ་བསྡུས་པ་ཞེས་པའི་སྒྲུབ་ཐབས་སུ་ཨ་མོ་གྷ་ཆུང་བས་གཤེད་པོ་ཞལ་དྲུག་པ་ཞིག་ལ། གཤིན་རྗེ་བརྒྱད་ཀྱིས་བསྐོར་བའི་སྲུང་ཟློག་ཞིག་ཀྱང་ཡོད་དོ། །འདིར་ནི་གྲུབ་ཆེན་དཔལ་འཛིན་གྱི་ཕྱིར་ཟློག་དྲུག་པ་ལྟར་སྒོམ་ན། ཤཱུ་ནྱ་ཡ་སོགས། ཆོས་འབྱུང་དུ་པཾ་རཾ་ཧཱུཾ་ལས་པད་ཉི་སྣ་ཚོགས་རྡོ་རྗེའི་འོད་ཟེར་ལས་སྣ་ཚོགས་རྡོ་རྗེའི་ས་གཞི་སོགས་བསྒོམ། སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾ་ལས། འཁོར་ལོ་རྩིབས་བཅུ་པ་སེར་པོ། ལྟེ་བར་ཉི་མ་ལ་རང་སེམས་ཧཱུཾ། དེ་ལས་ཧཱུཾ་བཅུ་སྤྲོས། རྩིབས་བཅུར་པད་ཉི་ལ་དབུས་ཀྱི་ཧཱུཾ་རང་ཉིད་ཞེ་སྡང་གཤིན་རྗེ་གཤེད་ནག་པོ་རྡོ་རྗེ་ཐོད་དབྱུག་བསྣམས་པ། བདུད་བཞི་བརྫིས་པའི་མ་ཧེ་ནག་པོ་ལ་གནས་པ། ཤར་དུ་གཤིན་རྗེ་གཤེད་སོགས་རྡོ་རྗེ་གུར་ལྟར་བསྐྱེད། གནས་གསུམ་བྱིན་རླབས་དགུག་གཞུག་རྒྱས་བཏབ་སོགས་སྒྲུབ་ཐབས་ལྟར་བྱ། འོད་ཟེར་དཔག་ཏུ་མེད་པ་སྤྲོས། གནོད་བྱེད་རྣམས་བརྡུངས་ཤིང་བཀུག་ལ། འཁོར་ལོའི་རྩིབས་ཀྱིས་ཐལ་བར་བརླག་པར་བསམས། ཕྱིར་ཟློག་བྱེད་ན། ཁྲོ་བོ་ཐམས་ཅད་ཞལ་ཕྱིར་བསྟན། ཞབས་གཡས་བརྐྱང་རབ་ཏུ་ཁྲོས་པས། ཕོ་ཉ་མཐའ་ཡས་པ་སྤྲོས་ཏེ་དགྲ་བོ་ཐམས་ཅད་རླག་པར་མཛད་ཅིང༌། ཇི་ཙམ་བསྲུང་འདོད་པ་དེ་ཙམ་དུ། དགྲ་བོའི་ལྷ་ལ་སོགས་པ་བར་ཆད་བྱེད་པ་རྣམས་ཀྱིས་མིག་གི་ལྟར་ཡང་མེད་པརབསམས་ལ། ཨོཾ་ཧྲཱིཿཥྚཱིཿབི་ཀྲི་ཏཱ་ན་ན་སརྦ་ཤ་ཏྲུན་ནཱ་ཤ་ཡ་སྟཾ་བྷ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་དང༌།


TNT06_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མ་རཱ་ཛ་དང་ཡི་གེ་བཅུ་པ་བཟླས་ལ་རྗེས་ཀྱི་བྱ་བ་སྤྱི་དང་མཐུན་ནོ། །ཨུཥྞི་ཥ་རྭ་ལུགས་ཞེས་གྲགས་པའི་མན་ངག་མཆོག་དེ་ཡང༌། རྡོ་རྗེ་འཇིགས་བྱེད་ཀྱི་མ་ཡིན་ཏེ། གསང་འདུས་ཁོ་ན་ཡིན་པའི་ཕྱིར་ཞེས་སྨྲ་བ་ནི་མི་ལེགས་ཏེ། འདུས་པ་ཞབས་ལུགས་ཀྱི་གདམས་ངག་ཉིད་ལ་བརྟེན་མོད། ཁྲོ་བོ་ཞལ་གཅིག་ཕྱག་གཉིས་པ་ཉིད་ཀྱིས་འདུས་པའི་ཁྲོ་བོ་མིན་པར་ངེས། དཔལ་འཛིན་གྱི་འདི་དང་ཡང་རྗེས་སུ་མཐུན་པ་དང་གཅིག་ཏུ་ན་རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ་ཞེས་གཤེད་སྐོར་གྱི་རྒྱུད་ཀུན་འདུས་པ་ལ་མངོན་དུ་ཕྱོགས་པས་ན། འདུས་པའི་བསྲུང་འཁོར་ཡང་འདི་ལ་ཤིན་ཏུ་རུང་སྟེ་ལཱ་ལི་ཏས་མཛད་པ་བཞིན་ནོ། །དེས་ན་ཕྱིར་ཟློག་རྒྱས་པ་ནི་ཨུཥྞི་ཥ་རྭ་ལུགས་སུ་ཤེས་པར་བྱའོ། །དེ་ལྟར་ན་མཆོག་གི་དངོས་གྲུབ་ནི་བསྒྲུབ་བྱའི་གཙོ་བོ་ཡིན་ལ། དེའི་ལམ་དངོས་ནི་རྫོགས་རིམ་ཡིན། དེའི་ཡང་སྔོན་འགྲོ་སྨིན་བྱེད་ནི་བསྐྱེད་རིམ་ཡིན། དེ་ལ་ཡང་དབང་ཐོབ་ཅིང་དམ་ཚིག་ལྡན་པ་དགོས་པ་དང༌། དབང་བསྐུར་ཡང་དཀྱིལ་འཁོར་སྔོན་དུ་འགྲོ་བ་དང༌། ལས་དང་དངོས་གྲུབ་གྱི་སྒྲུབ་པ་ཐམས་ཅད་ལ་ཡང་དཀྱིལ་འཁོར་དགོས་སོ། །དབང་པོ་བརྟུལ་པོས་བསྐྱེད་རིམ་བརྟན་ནས། སྤྱོད་པ་སྤྱད་ཅིང་ཐུན་མོང་གི་དངོས་གྲུབ་སྒྲུབ་ནས། ལས་ཚོགས་དང་རྫུ་འཕྲུལ་གྱིས་འགྲོ་བའི་དོན་རྒྱ་ཆེར་སྤྱོད་ཅིང་རྫོགས་རིམ་བསྒོམ་མོ། །གང་ཟག་གསུམ་ཀས་སྔགས་གྲུབ་ནས་ལས་ཚོགས་ཐམས་ཅད་ཀྱིས་འགྲོ་བའི་དོན་སྒྲུབ་པ་དང༌། ཏིང་ངེ་འཛིན་རྒྱ་ཆེན་པོས་ཀྱང་བྱེད་དོ། །དེ་ཡང་སྙིང་རྗེ་ཆེན་པོ་དང༌། བདེ་ཆེན་བྱང་ཆུབ་ཀྱི་སེམས་དང༌། འཁོར་གསུམ་རང་བཞིན་མེད་པར་ཤེས་པའི་སྒོ་ནས། ལྷ་སྔགས་ཏིང་ངེ་འཛིན་གྱིས་འགྲོ་དོན་སྒྲུབ་པ་འདི་ནི་གཞན་དུ་བསྐལ་པར་འགྲོ་ཕན་སྤྱོད་པ་ལས་ཀྱང༌། བསོད་ནམས་ཀྱི་ཚོགས་


TNT06_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་ལྷག་པ་ཐབས་ཀྱི་ཁྱད་པར་ཏེ། དེའི་ཕྱིར་ལས་ཚོགས་རྒྱལ་བས་གསུངས་པ་འདི་དག །མུ་སྟེགས་བྱེད་རྣམས་ཀྱི་ལས་ཚོགས་དང་སྔགས་རྒྱུད་རྣམས་དང་དགོས་པ་འདྲ་བར་ལྟར་ན། དེ་ལྟར་མི་རུང་སྟེ་སྔགས་དང་རྒྱུད་ལ་འཕྱ་བ་ཆེས་སྡིག་པ་དང་ལྡན་པའོ། །འདིར་ལས་ཚོགས་ཀྱི་དམ་ཚིག་བསྟན་པས་གཞན་རྣམས་ཟུར་གྱིས་བཟུང་ངོ༌། །དེ་ལྟར་ཤེས་ནས་ལས་ཚོགས་ཙམ་ལ་འཁྱམས་པ་དང༌། འདི་དག་དྲང་དོན་ཡིན་པས་ཅིར་ཡང་མི་རུང་ཞེས་མ་གུས་པའི་ཉེས་པ་མི་འབྱུང་ངོ༌། །དེ་ལྟར་ན་རྒྱུད་འདིར་དབང་བསྐུར་བ་དམ་ཚིག་ཐོབ་ལ་མ་ཉམས་པ། རིམ་པ་གཉིས་ལ་མཚན་མ་ཉེ་བར་དམིགས་ཀྱི་བར་དུ་འབད། དེ་ནས་ཐུན་མོང་སྒྲུབ་པ་བརྩམས། དེའི་སྒྲུབ་པ་དང་ལས་ལ་སྦྱར་བ་རྟོག་པ་དང་པོ་དང༌། ནག་པོའི་རྒྱུད་དང་དམར་པོའི་རྒྱུད་བཞིན་བྱ། གལ་ཏེ་མཆོག་ཁོ་ན་འདོད་ན་སྔ་མའི་དེ་ནས་རྫོགས་རིམ་བདེ་སྟོང་ལྷན་སྐྱེས་ཀྱི་རྣམ་རོལ་ལ་གཅིག་ཏུ་གྲིལ་ནས་དྲོད་ཐོབ་ན། སྤྱོད་པ་སྤྱད་པས་མཐར་འདོད་པའི་དངོས་གྲུབ་རིང་པོར་མི་ཐོགས་པར་འགྲུབ་པར་འགྱུར་ལ། ཐུན་མོང་འདོན་པས་བསྐྱེད་རིམ་བརྟན་ནས། ཐོག་མར་སྤྱོད་པ་དང༌། དེ་ནས་སྒྲུབ་པ་བྱ་བ་ཡིན་ནོ། །འདིར་དམ་ཚིག་གི་བྲིས་སྐུ་དང༌། བསྙེན་པ་དང༌། སྒྲུབ་པ་དང༌། ལས་ཚོགས་བྱེད་པ་ནི་གང་གིས་ཀྱང་མ་རིག་པར་བྱ། རྒྱུད་ཀྱི་ཚུལ་ཐམས་ཅད་ཀྱང་སྣོད་མིན་ལ་གསང་བ་གལ་ཆེ་བར་གསུངས། ཡུལ་མཚན་ཉིད་ཚང་ངེས་པ་ལ་སྙིང་རྗེས་མ་གཏོགས་དྲག་ལས་བཀག །མཆོག་དང་བསྟན་འགྲོའི་དོན་དུ་འགྱུར་དེས་ན་དབང་དགུག་བྱར་རུང་གཞན་དུ་ཞི་རྒྱས་ཁོ་ན་ལ་འབད། རྒྱུད་འདིར་གྲོགས་བཞི་དང༌། བཅས་ཏེ་སྒྲུབ་པ་གསུངས་པའི་གྲོགས་ནི། ཕྱག་རྒྱ་མོ་ནུས་པ་ཐོབ་པ་ཙརྩི་ཀཱ་སོགས་ཀྱི་ང་རྒྱལ་དང་ལྡན་པ། དམ་ཚིག་གཅིག་པ་དག་ཡིན་ལ། བླ་མ་རྣམས་རྣལ་འབྱོར་པ་ནུས་པ་ཐོབ་པ་བཞི་ཡིན་པར་འཆད། དེ་ལྟ་བུ་རྙེད་དཀའ་ལ། གཞན་


TNT06_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཐོང་ན་མི་རུང་བས་རང་གཅིག་པུས་སྒྲུབ་པ་ཡིན་ནོ། །དེ་ལྟར་ན་དངོས་གྲུབ་རྣམ་པ་གཉིས་འགྲུབ་པར་ངེས་པས། སྐྱེ་བུའི་ལུས་ངག་ཡིད་ཀྱི་ནུས་མཐུ་ཅི་ཡོད་ལམ་འདི་ལ་དྲིལ་ན། དལ་འབྱོར་དོན་ལྡན་པར་འགྱུར་ཏེ། སྐྱེ་བ་འདི་ཉིད་ཀྱིས་སངས་རྒྱས་ཞེས་བྱ་བ་ཡིན་ནོ། །འདིར་སྨྲས་པ། རྟོག་གེའི་ཡུལ་ལས་འདས་གྱུར་ཅིང༌། །ལྷ་དང་དྲང་སྲོང་རྣམས་རྨོངས་པའི། །གནས་འདིར་རྒྱལ་པ་རྣམས་ཀྱིས་མཁྱཻན། །སྔགས་དང་རྒྱུད་འདི་རྨད་དུ་བྱུང༌། །རྒྱུད་རྒྱལ་རྒྱལ་བའི་སྤྱོད་ཡུལ་ཉིད་ལགས་ཤིང༌། །བློ་རྨོངས་རྨོངས་པའི་དྲ་བར་ཆུད་གྱུར་པས། །སྒྲུབ་ཐབས་ཐབས་ཚུལ་རྒྱ་ཆེ་འདིར་སྨྲས་ལ། །འཁྲུལ་ཚེ་ཚེ་རབས་གཞན་དུ་སྡིག་མ་གྱུར། །དོན་མང་དོན་གསལ་ཚིག་ཉུང་ཉུང་ངུའི་དག །ལེགས་བཤད་ལེགས་པར་མང་ཐོས་ཐོས་པའི་མཛོད། །རྣམ་དཔྱོད་རྣམ་པར་རྒྱས་གང་གང་འདི་ལ། །ཞིབ་མོས་ཞིབ་སྤྱོད་ངོ་མཚར་མཚར་བ་ཡོད། །རྒྱུད་སྡེ་ཆུ་གཏེར་དཔལ་ལྡན་དངོས་གྲུབ་མཚོར། །མཚོ་ཆེན་ལས་བླངས་མན་ངག་ཡིད་བཞིན་ནོར། །ནོར་མཆོག་འགྲོ་བའི་རེ་སྐོང་ཕྱོགས་ལས་རྒྱལ། །རྒྱལ་མཚན་རྩེ་མོར་ནམ་ཡང་འཁོར་གྱུར་ཅིག །ཅེས་པ་ནི་རྒྱལ་བ་ཀུན་གྱི་ཡབ་མཁྱེན་བརྩེའི་གཏེར་ཐོག་མ་མེད་པ་ནས་བྱང་ཆུབ་དམ་པ་བརྙེས་ཀྱང་ཐུགས་རྗེས་རྒྱལ་བ་ཐམས་ཅད་ཀྱི་སྲས་སུ་སྐུ་བསྟན་པས་འགྲོ་བ་ཐམས་ཅད་སྒྲོལ་བ། རྗེ་བཙུན་འཇམ་པའི་རྡོ་རྗེ་ཁྲོ་བོ་རྡོ་རྗེ་འཇིགས་བྱེད་ཅེས་བྱ་བ་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་གདུལ་དཀའ་འདུལ་བའི་ཕྱིར་རྣམ་པར་མི་རྟོག་པའི་ཐུགས་རྗེས་ཁྲོས་པའི་བཅོམ་ལྡན་འདས་ཀྱི་སྒྲུབ་ཐབས་ཉུང་ངུ་ལ་མོས་པ་རྗེས་སུ་འཛིན་པ་རྡོ་རྗེ་འབར་བ་ཞེས་པ་འདི་ནི། ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་རང་ལོ་ཉེར་གཉིས་པ་ལ་སྒྲུབ་གནས་བསམ་གཏན་སྡིངས་སུ་སྦྱར་བའོ། །བཞུས། །དིརྒཱ་ཡུཿ།། །།


TNT06_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

རྡོ་རྗེ་འཇིགས་མཛད་ཀྱི་བསྲེག་བླུགས་བསྡུས་པ།


TNT06_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཇིགས་མཛད་ཀྱི་བསྲེག་བླུགས་བསྡུས་པ་སོགས་བཞུགས།


TNT06_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པས་བཟུང་ཞིང་སྔོན་འགྲོ་གཏོར་མ་བཏང༌། །ས་སྦྱང་བ་དང་ཐབ་ནི་ཡོངས་སུ་འཆའ། །མཆོད་གཏོར་བསྲེག་རྫས་བཤམས་ཤིང་བསང་ཆུ་སྒྲུབ། །ཐབས་བསྐྱེད་མེ་སྦར་མེ་ལྷ་སྤྱན་འདྲེན་མཆོད། །མདུན་བསྐྱེད་མཆོད་བསྟོད་བསྲེག་རྫས་འབུལ་བ་དང༌། །གཏོར་འབུལ་ཡིག་བརྒྱ་བཟོད་གསོལ་གཤེགས་སུ་གསོལ། །དྲག་པོ་ལ་ནི་མཆོད་བསྟོད་སོང་རྗེས་སུ། །ཕོ་ཉ་སྤྲོ་དང་ལིང་ག་བསྐྱེད་དགུག་སྒྲོལ། །གཏོར་མའི་འཇུག་ཏུ་དྲག་པའི་བསྐུལ་ཡང་བྱ། །སྦྱིན་སྲེག་འདི་ནི་བསྡུ་པ་ཁོ་ནའི་ལུགས། །དང་པོ་དམིགས་པས་ས་བཟུང་བ་ནི། བདག་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོར་གྱུར། ཉེ་སྙིང་ལན་བདུན་བཟླས། གཉིས་པ་སྔོན་འགྲོ་གཏོར་མ་ནི། དཀྱིལ་ཆོག་དང་གཏོར་ཆོག་བཞིན། གསུམ་པ་ས་སྦྱང་བ་ནི། ཨོཾ་ཨཱཿཧཱུཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བརྒྱ་རྩ་བཟླ། བཞི་པ་ཐབ་འཆའ་བ་ནི། རྩིགས་པའི་ཐབ་བཾ་བྲིས་པའི་ཐབ་གང་བྱེད་ཀྱང་འདྲ་སྟེ། ཞི་པ་ལ། ཆེ་ན་ཁྲུ་གང་དང་ཆུང་ན་སོར་བཅུ་གཅིག་གི་བར། དྲག་པོ་ལ་ཆེ་ན་སོར་ཉི་ཤུ་ནས་ཆུང་ན་སོར་བརྒྱད་ཀྱི་བར་བཤད། ཐབ་ཀྱི་ཡོན་ཚུལ་སྤྱི་དང་འདྲ། ལྔ་པ་མཆོད་གཏོར་བསྲེག་རྫས་བཤམ་པ་ནི། རང་གི་གཡས་ཕྱོགས་


TNT06_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྲེག་རྫས་རྣམས་སྒྲིགས་པའམ། ཡང་ན་མར་ཁུ་དང་ཡམ་ཤིང་མ་གཏོགས་སྣོད་གཅིག་ཏུ་བསྲེས། རང་གི་གཡོན་དུ་མཆོད་ཡོན་གྱི་སྣོད་དང་བསང་ཆུའི་སྣོད་བཞག །དེའི་འཕྲོ་ལ་མཆོད་པ་རྣམས་བཤམས། གཏོར་མ་གཅིག་གམ་གཉིས་ཇི་ལྟར་བདེ་བར་བཞག །མར་ཁུ་དང་ཡམ་ཤིང་ཡང་སྟབས་བདེ་སར་བཞག །དྲུག་པ་བསང་ཆུ་ལ་སོགས་པ་བསྒྲུབ་པ་ནི། ཀུ་ཤ་གཅིག་བཟུང་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། བརྒྱ་རྩ་བརྒྱད་བཟླས། མངོན་རྟོགས་བཞིན་ནང་མཆོད་བྱིན་རླབས་བྱ། ཨ་མྲྀ་ཏ་བཟླ་ཞིང་བསང་ཆུ་གཏོར། དཀྱིལ་ཆོག་གམ་གཏོར་ཆོག་བཞིན་གནས་ཡོ་བྱིན་རླབས་བྱ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བསྲེག་རྫས་རྣམས་ལ་བསྟན་ལ། ཨོཾ་ཨོཾ་སྭཱཧཱ། ཨོཾ་ཨཱ་སྭཱཧཱ། ཨོཾ་ཤྲཱི་སྭཱཧཱ། ཨོཾ་ཛྲིཾ་སྭཱཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་ལན་གསུམ་གྱིས་རྫས་རྣམས་བྱིན་གྱིས་བརླབས། བདུན་པ་མེ་སྦར་པ་ནི། ཨོཾ་ཨཱཿཧཱུཾ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ་གིས་མེ་བཅུག །བརྒྱད་པ་ཐབ་བསྐྱེད་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ། མུ་རན་ཁ་ཁྱེར་གྱིས་བསྐོར་ཞིང༌། སྟེགས་བུའི་གྲ་ལ་ཟླ་ཕྱེད་རྡོ་རྗེས་མཚན་པ། པདྨ་རྒྱས་པའི་དབྱིབས་ཅན། དྭངས་ཤིང་ཐོགས་པ་མེད་པར་གྱུར། དེའི་དབུས་སུ་རཾ་ལས་བྱུང་བའི་མེ་དཔུང༌། མེ་ལྷའི་ངོ་བོར་གྱུར། དགུ་པ་མེ་ལྷ་སྤྱན་འདྲེན་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་བྱོན་


TNT06_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། དབྱུག་གུ་རྩེ་གསུམ་གྱི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང༌། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་བོ་ཆེ། །ལྷ་ཡི་དྲང་སྲོང་བྲཾ་ཟེ་མཆོག །བསྲེག་བླུག་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་སྙན་པར་མཛོད། །ཨོཾ་ཊཀྐི་ཧཱུཾ་ཛཿ ཨ་མྲྀ་ཏ་དང་བསངས་ཆུས་གཏོར། ཛཿཧཱུཾ་བཾ་ཧོཿ བཅུ་པ་མེ་ལྷ་མཆོད་པ་ནི། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ་ཨཱ་བི་ཤ་ཨཱ་བི་ཤ ། མཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ན་ཡ་བདག་གི་སྡིག་སྒྲིབ་བར་ཆད་ནད་གདོན་བཀྲ་མི་ཤིས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཤན་ཏིང་ཀུ་རུ་ཡེ་སྭཱཧཱ། ཞེས་ལན་བདུན་གྱིས་དགང་བླུགས་ཕུལ། སྔགས་དེ་ཀས་ཡམ་ཤིང་ཅི་རིགས་པ་ཕུལ། བཅུ་གཅིག་པ་མདུན་བསྐྱེད་ནི། ཡང་བསངས་སྦྱངས། འབར་བ་མེའི་དབུས་སུ། ཆོས་འབྱུང་གྲུ་གསུམ་ཞེས་པ་ནས། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད། ཅེས་པ་ནས། ཨོཾ་བཛྲ་གཎྜེ་ཧོཿའི་བར་སྒྲུབ་ཐབས་བཞིན་ནོ། །བཅུ་གཉིས་པ་མཆོད་བསྟོད་ནི། རྒྱས་པ་ལ་སྤྲོ་ན་དཀྱིལ་ཆོག་གི་མཆོད་འཕྲེང་བཞིན། བསྡུས་པ་ལ་དགའ་ན། ཨོཾ་ཧྲཱིཿཧ་སོགས་ཀྱི་ཕྱི་མཆོད་ཕུལ། སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་དང༌། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །སོགས་ཡིད་མཆོད་དང༌། དུར་ཁྲོད་རྒྱན་གྱིས་སོགས་ཀྱིས་བསྟོད། བཅུ་གསུམ་པ་བསྲེག་རྫས་འབུལ་བ་ནི། ཨོཾ་ཧྲཱིཿབི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ལན་གཅིག །ཨོཾ་ཨགྣ་ཡེ་སྭཱཧཱ། ལན་བདུན། བདག་


TNT06_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྡིག་སྒྲིབ་ནད་གདོན་བཀྲ་མི་ཤིས་པ་མཐའ་དག་ཞི་བར་མཛོད་ཅིག་སྭཱཧཱ། ཞེས་པ་ཚར་གཅིག་སྤེལ་བས་མར་ཁུ་འབུལ། ཨོཾ་ཨགྣའི་ཚབ་ཏུ། ཨོཾ་བོ་དྷི་བྲི་ཀྵ་ཡ་སྭཱཧཱ། ཡམ་ཤིང་འབུལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱཧཱ། ཏིལ། ཨོཾ་བཛྲ་ཨཱ་ཡུར་ཥེ་སྭཱཧཱ། དུར་བ། ཨོཾ་བཛྲ་པུཥྟ་ཡ་སྭཱཧཱ། འབྲས་མ་བྲུགས་པ། ཨོཾ་སརྦ་སཾ་པ་ཏེ་སྭཱཧཱ། ཞོ་ཟན། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། ཀུ་ཤ ། ཨོཾ་བཛྲ་བི་ཛ་ཡེ་སྭཱཧཱ། འབྲས་སོ་བ། ཨོཾ་བཛྲ་བེ་ག་ཡ་སྭཱཧཱ། ནས། ཨོཾ་བཛྲ་མཧཱ་བ་ལ་ཡ་སྭཱཧཱ། སྲན་མ། ཨོཾ་བཛྲ་གྷསྨ་རི་སྭཱཧཱ། གྲོ། ཨོཾ་བཛྲ་ཨརྠ་སིདྡྷ་ཡེ་སྭཱཧཱ། ཡུངས་དཀར་གྱི་སྔགས་སོ། །དེ་རྣམས་ཚང་མ་འཛོམ་ན་རབ། མ་འཛོམ་ན་གང་འཛོམ་འཛོམ་ནས་ཇི་ལྟར་རིགས་པ་ཕུལ་བས་ཆོག་ཅིང༌། བསྲེག་རྫས་ཐམས་ཅད་གཅིག་ཏུ་བསྲེས་པ་ཡིན་ན། སྔགས་དེ་དག་བཏུང་ལ་ཚར་གཅིག་བརྗོད་པས་འབུལ། དེ་ཡན་ཆད་ཐོག་མའི་བསྲེག་རྫས་འབུལ་ཚུལ་ཙམ་ཡིན་ཞིང༌། དེ་ནས་གྲངས་འཛིན་པ་ནི། སྙིང་པོ་ཁོ་ན་བཟླ་ཞིང་འབུལ་བ་སྟེ། བརྒྱ་བརྒྱའི་མཚམས་སུ། བདག་གི་སྡིག་སྒྲིབ་ཅེས་སོགས་ལས་སྔགས་དེ་ཡང་བརྗོད། དེ་ལ་གྲངས་འཛིན་པ་ཡིན། བསྲེག་རྫས་ཀྱང་གང་འབྱོར་ཡིན། བཅུ་བཞི་པ་གཏོར་མ་འབུལ་བ་ནི། སྒྲུབ་ཐབས་ནས་འབྱུང་བ་ལྟར་ཤེས་པར་བྱའོ། །བཅོ་ལྔ་པ་ནི། ཡིག་བརྒྱ་ཅི་རིགས་པ་བཟླའོ། བཅུ་དྲུག་པ་བཟོད་གསོལ་ནི། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །


TNT06_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་མཛད་རིགས། །མ་རྙེད་ཡོངས་སུ་མ་ཚང་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །བཅུ་བདུན་པ་གཤེགས་གསོལ་ནི། བདག་ལ་དངོས་གྲུབ་མཆོག་སྩལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩོལ། །སེམས་ཅན་ཀུན་ལ་ཅི་རིགས་པར། །དངོས་གྲུབ་བླ་ན་མེད་པའང་སྩལ། །སླར་ཡང་གཤེགས་པ་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ ། ཨོཾ་ཛ་ཡ་ཛ་ཡ་སུ་ཛ་ཡ། སོགས་ཀྱིས་གཤེགས་སུ་གསོལ། བསྡུས་པ་འདིའི་ལུགས་ལ། མེ་ཉིད་ལ་ཤར་ལྷོའི་མེ་ལྷ་སྤྱན་དྲངས་པས། དེ་ཉིད་འཇིག་རྟེན་པའི་མེ་ལྷ་དངོས་ཡིན་ཞིང༌། དེ་བསངས་སྦྱངས། གནས་གྱུར་པ་ལས་འཇིག་རྟེན་འདས་པའི་མེ་ལྷ་འཇིགས་བྱེད་ཆེན་པོའི་དམ་ཚིག་པར་བསྐྱེད་ནས། དེ་མན་ཆད་ཀྱི་ཆོ་གའི་འཕྲོས་དང༌། ཆོ་ག་བསྲེག་རྫས་གཏོར་མ་ཐམས་ཅད་མེ་ལྷ་ཡི་དམ་དབྱེར་མེད་པ་ལ་འབུལ་བ་ཡིན་པས། ཐོག་མའི་དགང་བླུགས་དང་བུད་ཤིང་ཙམ་མ་གཏོགས། འཇིག་རྟེན་པའི་མེ་ལྷ་ལ་མཆོད་གཏོར་གཤེགས་གསོལ་ཟུར་པ་མི་དགོས་པའི་ལུགས་སོ། །དང་པོ་དམིགས་པས་ས་བཟུང་བ། གསུམ་པ་ས་སྦྱང་བ། བཞི་བ་ཐབ་བཅའ་བ་རྣམས་ཀྱང་སྔར་གྲུབ་གྲུབ་པའི་རྒྱུན་ལ་མི་དགོས་སོ། །ཐོག་མར་འདི་ཤེས་ནས་དྲག་པོའི་སྦྱིན་སྲེག་ལ་འདོན་པ་བསྒྱུར་བས་ཆོག །ཕོ་ཉ་སྤྲོ་བ། ལིང་ག་སྒྲོལ་བ། བསྟོད་བསྐུལ་སོགས་དྲུག་ཅུ་པའི་ཆོ་ག་ནས་བླང་བར་བྱ།


TNT06_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེག་རྫས་ཀྱི་སྔགས་རྣམ་གྲང་སོ་སོ་བ་དེ་མི་དགོས་སོ། །ཆོ་གའི་འཇུག་ཏུ་སྨོན་ལམ་དང་བཀྲ་ཤིས་གང་འགྲུབ་བྱ། ཞེས་པའང་ཏཱ་ར་ནཱ་ཐས་སྨྲས། །དགེའོ།། །།༈ ན་མོ་བྷཻ་ར་ཝཱ་ཡ། སྔར་གྱི་དེ་རྣམས་ལ་ཟུར་འདེབས་ཅུང་ཟད་བརྗོད་ན། དྲག་པོ་ལ་ཐབ་ཁུང་གྲུ་གསུམ་རྩེ་མོ་ཕར་བསྟན་པ། ཁ་ཁྱེར་མུ་རན་ཡང་ཞེང་སོར་གསུམ། དབྱིབས་གྲུ་གསུམ། སྟེགས་བུ་གྲུ་བཞི། ཐམས་ཅད་ནག་པོ། བཅད་སྔོན་པོ། ལྗང་ཁུ། དམར་པོ། གསུམ་གང་རིགས་བྱ། དཀར་པོ་སེར་པོ་མི་རུང་ངོ༌། །ཞི་བའི་ཐབ་ལའང་བཅད་དམར་སེར་ལྗང་གསུམ་གང་རུང་བྱེད། ནག་པོ་མི་རུང༌། སྔོན་པོ་རུང་མི་རུང་གཉིས་ཡོད། རྒྱས་པ་ལས་ཐམས་ཅད་པ་ལ་པདྨ་རྒྱས་པ་ལྟ་བུའི་ཐབ་གྲུ་བཞི་རུང༌། ཐབ་ཀྱི་ནང་དུ་པདྨའི་ལྟེ་བར་ཞི་བ་ལ་འཁོར་ལོའམ་རྡོ་རྗེ་དཀར་པོ། ཡང་ན་ཞི་བའི་རྡོ་རྗེ་སྔོན་པོས་ཀྱང་རུང༌། དྲག་པོ་ལ་གྲི་གུག་རལ་གྲི་ཁྲོ་བོའི་རྡོ་རྗེ་གསུམ་འདམ་ཁ་ཡིན། ཞི་བ་ལས་ཐམས་ཅད་པ་ལ་ཟླུམ་པོ་པདྨ་རྒྱས་པ་ལྟ་བུ་དང༌། ཞི་རྐྱང་ལ་རྡོ་རྗེ་དཀར་པོའི་ཕྲེང་བ་ཁ་ཁྱེར་མུ་རན་ལ་དགོས། མ་འགྲུབ་ན་ཚོམ་བུ་དང་ཡིད་ཀྱིས་བསམ་པ་སོགས་འདྲ། དབང་དྲག་གཉིས་ལ། མར་ཤིང་མ་གཏོགས་བསྲེག་རྫས་ཐམས་ཅད་གཅིག་ཏུ་བསྲེས་ནས་འབུལ་བ་གཙོ་ཆེ། ཞི་རྒྱས་གཉིས་ལ་ཐོག་མར་ལན་གཅིག་སོ་སོར་འབུལ་བ་གཙོ་ཆེ། ལར་གང་མོས་ཡིན། དྲག་པོ་ལ་ལིང་ག་བསྒྲལ་བའི་ལིང་རོ་དང༌། ཤ་ཁྲག་ཆང་ཚེར་མ་ཅན་གྱི་ཤིང་དང་དུག་རིགས་སོགས་མི་དགོས་ཁ་མེད་ཡིན། བསྲེག་རྫས་གཡོན་དུ་བཤམས་ཤིང༌། ལག་པ་ཡང་གཡོན་པས་འབུལ་བ་གཙོ་


TNT06_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའོ། །བཀྲ་ཤིས།། །།༈ ན་མོ་གུ་རུ། རྒྱས་པའི་སྦྱིན་སྲེག་གི་ཁྱད་པར་ནི། ཐབ་ཆེ་ན་ཁྲུ་དོ་ནས། ཆུང་ན་སོར་བཅུ་དྲུག་གི་བར་བྱ། བསྲེག་རྫས་གཙོ་བོར། དུར་བ་དང༌། ཞོ་ཟན་ལྷག་པར་མང་བ་བྱ། ཐབ་ཀྱི་ཆུ་དང་མུ་རན་སོགས། ཐབ་ཁྲུ་དོ་ལ་སོར་བརྒྱད་དང༌། ཁྲུ་གང་ལ་སོར་བཞི་དང༌། སོར་བཅུ་དྲུག་པ་ལ་སོར་གསུམ་དུ་མ་ལོངས་ཙམ་དུ་བྱེད་པ་སོགས་རིགས་པས་བཅད། ཐམས་ཅད་དབྱིབས་གྲུ་བཞི་མདོག་སེར་པོ། ཐབ་ནང་དུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རིན་པོ་ཆེ་འབར་བ། མ་གྲུབ་ན་ཚོམ་བུ་སེར་པོ། ཁ་ཁྱེར་མུ་རན་ལའང་རིན་པོ་ཆེའི་འཕྲེང་བ། མ་གྲུབ་ན་ཡིད་ཀྱིས་བསམ། བཅད་རྣམས་དམར་པོའམ་དཀར་པོ་གང་རུང་གིས་བྱེད། ཐབ་བསྐྱེད་དུས། ཨོཾ་ལས་བྱུང་བའི་ཐབ་ཁུང་སེར་པོ་གྲུ་བཞི། ཞེས་འདོན་པ་སྤོ། ཐབ་ནང་གི་ཡེ་ཤེས་པ་ལ་མཆོད་པ་ཕུལ་བའི་རྗེས་སུ། སྐུ་མདོག་ཕྱག་མཚན་མ་འགྱུར་བ་ལ། འོད་ཟེར་སེར་པོ་འབར་བ། འཛུམ་ཞིང་བཞད་ལ་དགྱེས་པའི་ཉམས་ཅན་དུ་གྱུར་པར་སྒོམ། ལས་སྔགས་སྐབས་བདག་གིའམ་འདི་ཞེས་བྱ་བའི་འམ། བདག་ཅག་དཔོན་སློབ་རྣམས་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་དཔལ་དང་འབྱོར་བ་ཐམས་ཅད་པུཥྟིཾ་ཀུ་རུ་ཨོཾ། ཞེས་འདོན་པ་སྤོས་ནས། གཞན་ཐམས་ཅད་ཞི་བ་དང་འདྲ་བ་ལས། བསྲེག་རྫས་ཀྱང་སོ་སོར་འབུལ་བ་ཉིད་བཟང་ངོ༌། །ལོངས་སྤྱོད་རྒྱས་བྱེད་ཡིན་ན། ནོར་བུ་དང་ཟས་ནོར་ཕྱུགས་གསུམ་གྱི་ཆར་བབ་པ་དང༌། ཚེ་རྒྱས་བྱེད་ཡིན་ན་བདུད་རྩིའི་ཆར་བབ་པ་བསམ། མེ་ཏོག་སེར་པོ་དང༌། ཤིང་འབྲས་སྣ་


TNT06_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང༌། ཟས་སྣ་ནོར་སྣ་ནས་ཅི་རིགས་པ་ཡང་འབུལ་ལོ། །ཤིང་འབྲས་ལ། ཨོཾ་ཤྟི་ཕ་ལ་ཡེ་སྭཱཧཱ། གཞན་རྣམས་ལ། ཨོཾ་མཧཱ་ཤྲཱི་ཡེ་སྭཱཧཱ། ཞེས་པའི་སྔགས་ཀྱིས་འབུལ་ལོ། །བཀྲ་ཤིས།། །།༈ ཨོཾ་སྭཱ་སྟི། དབང་གི་སྦྱིན་སྲེག་བྱེད་ན། ཞི་བ་དང་མི་འདྲ་བའི་ཁྱད་པར་ནི། སྟེགས་བུ་མཚོན་བྱེད་གྲུ་བཞིའི་དབུས་སུ། ཐབ་ཁུང་ཟླ་གམ་བཅད་ཁ་རང་ལ་བསྟན་ཅིང༌། དེའི་ཚད་ལ་སོར་ཉི་ཤུའམ། ཤིན་ཏུ་ཆུང་ན་སོར་བརྒྱད། ཐབ་ཀྱི་མཆུའམ་མུ་རན་སོར་གསུམ། སྟེགས་བུ་ཡང་སོར་གསུམ་པ་རྣམས་སྐོར། ཕྱི་ནང་ཐམས་ཅད་དམར་རྒྱང་ངམ། སྟེགས་བུ་སེར་པོ་ཁ་ཁྱེར་ཚུན་ཆད་དམར་པོ་བྱས་ཀྱང་རུང༌། བཅད་ཐམས་ཅད་དཀར་པོའམ་སེར་པོ་གང་མོས་བྱ། ཐབ་ནང་དུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར། ཕྱག་མཚན་པདྨའམ། མདའ་གཞུའམ་ལྕགས་ཀྱུ་གང་རིགས་ཅིག་འབྲི། དེ་ཡང་མ་འགྲུབ་ན་ཚོམ་བུ་དམར་པོ་བྱ། ཁ་ཁྱེར་མུ་རན་རྣམས་ལའང་འགྲུབ་ན་མདའི་གཟུགས་ཀྱི་ཕྲེང་བ་བྲི་བའམ། ལྕགས་ཀྱུའི་ཕྲེང་བ་འབྲི། བསྡུས་པ་ལ་ཡིད་ཀྱིས་བསམ་པ་ཁོ་ནས་ཆོག །མཆོད་རྫས་མེ་ཏོག་དང་ཞལ་ཟས་དང་གཏོར་མ་རྣམས་དམར་པོ་བྱ། བསྲེག་རྫས་རང་ངོས་ཀྱི་གཡོན་དང༌། མཆོད་རྫས་གཡས་སུ་བཞག །ཐབ་བསྐྱེད་དུས། ཧྲཱིཿལས་བྱུང་བའི་དབང་གི་ཐབ་ཁུང་ཟླ་གམ་དམར་པོ་ཞེས་འདོན་པ་སྤོ་ཞིང༌། པདྨ་རྒྱས་པའི་དབྱིབས་ཅན་ཞེས་པ་དོར། མདུན་བསྐྱེད་མཆོད་པ་ཕུལ་མཚམས་ནས། སྐུ་མདོག་སོགས་མ་འགྱུར་པ་ལ། འོད་ཟེར་དམར་པོ་འཕྲོ་ཞིང་ཆགས་པའི་ཉམས་ཅན་དུ་གྱུར་པར་བསམ། བསྲེག་


TNT06_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ཀྱི་སྐབས་སུ་གཞན་འདྲ་བ་ལ། ཏིལ་ནས། ཡུངས་ཀར་གྱི་བར་བསྲེག་རྫས་སོ་སོའི་སྔགས་མི་དགོས། བདག་གི་སྡིག་སྒྲིབ་སོགས་ཀྱི་དོད་ལ། ཁམས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་བདག་གིས་ཝ་ཤཾ་མ་ན་ཡ་ཧོ། ཞེས་པའམ་བདག་ཅག་དཔོན་སློབ་རྣམས་ཀྱི་ཞེས་པ་ལྟ་བུ་ཇི་ལྟར་འོས་པ་སྦྱར། མར་ཁུ་དང་བུད་ཤིང་ལ་སོ་སོར་བྱེད། གཞན་གང་འབུལ་ཡང་རྫས་སྔགས་མི་དགོས། ཁྱད་པར་གྱི་དམ་རྫས་མེ་ཏོག་དམར་པོ་ལ་ཆང་གི་ཁ་སྤྲུ་བཏབ་པ་འབུལ་བ་ནི་ཁྱད་པར་རོ། །བཀྲ་ཤིས།། །།༈ སྦྱིན་སྲེག་གི་རྫས་ལ། ཞི་བ་ལ་ཡམ་ཤིང༌། པ་ལ་ཤ ། ཨུ་དུམ་བ་ར། ཀུཤྨ་རི། ཀ་དམ་པ། པ་མཱི། པླག་ཤ ། པ་ཌ་ལ་སོགས་པའི་ཤིང་འོ་མ་ཅན་གྱི་རྩེ་མོའི་ཆ་ལ་བྱས་པ། ལོ་མ་གཉིས་པ། ཤུན་པ་དང༌། བརླན་དང་བཅས་པ། ཕྲ་སྦོམ་མཐེབ་ཆུང་ཙམ། རིང་ཐུང་སོར་བཅུ་གཉིས་པ་ཐམས་ཅད་མཉམ་པར་བཅད་པ། ཡས་མར་གྱི་རྩེ་མོ་གཉིས་ལ་སྦྲང་རྩི་དང་མར་དང་འོ་མས་བྱུགས། བདུད་རྩི་དང་དྲི་བཟང་བྲན། སྲིན་ལག་དང་མཐེ་བོང་གི་རྩ་བ་ནས་བཟུངས་ལ་འབུལ། ཤིང་རྙིང་པས་འཆི། སྐྱོག་པོས་སྐལ་བ་ངན་པ། ཐུང་ངུས་རིག་པ་ཕྲལ་དུ་ཉམས། ལོ་མ་མེད་ན་ཚ་བ་འབྱུང༌། སྦོམ་པོས་ཕུན་སུམ་ཚོགས་པ་ཉམས། སྐམ་པོས་གཞན་ཡང་མི་འདོད་པ་སོགས་འབྱུང་བས་སྤང་བ་ནི། རྙིང་ལྕི་ཕྲ་དང་སྐྱོག་པ་ནི། །རིང་ཐུང་ལོ་མ་མེད་པ་དང༌། །སྲོག་ཆགས་ཀྱིས་ཟོས་བྲུལ་བ་དང༌། །ཤུན་བྲལ་ཆག་དང་བུ་ག་ཅན། །རྩེ་མོ་གཉིས་ལྡན་སྦོམ་པ་སྤངས། །ཞེས་སོ། །རྒྱས་པ་ལ་ཡམ་ཤིང་ནི་རྒྱུ་ཞི་བ་དང་འདྲ། དེ་ཡང་དབུས་ཀྱི་ཆ་ལས་བྱས་པ་


TNT06_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུ་གང་བའོ། །དབང་ལ་ཞི་བ་ལྟར་རམ། ཡང་ན། པྲི་ཡང་ཀུ། ཙམ་པ་ཀ ། སུ་ནཱ་ག །ཀླུ་ཤིང་ལ། ལ་གུ་ཙ། ཨ་ཤོ་ཀ་རྣམས་དང༌། གཞན་ཡང་འབྲས་བུ་དང་མེ་ཏོག་རོ་སྐྱུར་བ་ཁ་དོག་དམར་པོ་རྣམས་ཀྱི་བར་གྱི་ཆ་ལས་བྱས་པ། སོར་བཅུ་པའོ། །མངོན་སྤྱོད་ལ། ནིམ་པ། སེང་ལྡེང༌། ཀོ་བི་དཱ་ར། བྷི་ལོ་ཌ་ཀ ། མྱོས་བྱེད་རྣམས་དང༌། གཞན་ཡང་ཚ་བ། ཚེར་མ་ཅན། རོ་ཁ་བའི་ཤིང་དང༌། རོ་བསྲེགས་པའི་འགལ་དུམ་རྣམས་ཀྱི་རྩ་བའི་ཆ་ལས་བྱུང་བ། བཀས་པ། སོར་བཅུ་པ། རྩེ་མོ་གཉིས་རྣོ་བ་ལ། དུག་དང་ཁྲག་དང་ཡུངས་དམར་གྱིས་བསྐུས་པའི་ཡམ་ཤིང་བྱའོ། ལས་ཐམས་ཅད་པ་ལ་ནི། བ་ལ་ཤ ། ཨུ་དུམ་བ་ར། པླག་ཤ ། སེང་ལྡེང༌། ཨརྐ་ནྱགྲོ་དྷ། བེའི་ཀཾ་ཀ ། ཨ་མྲ། ཤ་མཱི། ཀཱཤྨ་རི། ཨ་པཱ་མརྒ། ཨ་ཤ་ཏ་རྣམས་གསར་པ། འཛུབ་གང་པ། དྲང་པོ། བདུད་རྩི་དང་བཅས་པའི་དྲི་བཟང་གི་ཆུས་བྲན་པ། ལས་དང་རྗེས་སུ་མཐུན་པའི་སྣུམ་ལ་སོགས་པས་བྱུགས་པའི་ཡམ་ཤིང་ངོ༌། །ལས་ཐམས་ཅད་པ་ལ་བསྲེག་རྫས་ཞི་བ་དང༌། རྒྱས་པ་ལས་བཤད་པ་ཐམས་ཅད་དང༌། གུ་གུལ་དང༌། ས་ལའི་ཐང་ཆུ་སྟེ་སྤོས་དཀར་ཡང་བསྲེག་གོ །རྡོ་རྗེ་གུར་ལས། ཞི་ལ་མེ་ཏོག་དཀར་པོ་སྟེ། །སེར་པོ་རྒྱས་པ་རྡོ་རྗེ་ལ། ཁྲོས་ལ་མེ་ཏོག་ནག་པོ་སྟེ། །ཤིན་ཏུ་དམར་བ་དབང་དགུག་ལའོ། །ཞེས་སོ། །རྡོ་རྗེ་མཁའ་འགྲོ་ལས། བུད་ཤིང་ཐབ་ཀྱི་དམའ་བར་བྱ། །ནགས་ཀྱི་ལྕི་སྐམ་དག་ཀྱང་རུང༌། །སྲོག་ཆགས་ལྡན་པ་སྤང་བར་བྱ། །ཞེས་སོ། །འོད་ཀྱི་སྙེ་མ་ལས་བསྡུས་སོ། །བཀྲ་ཤིས།། །།༈ སྔ་དྲོའི་ཐུན་ལ་


TNT06_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་སེམས་བསྐྱེད། ཡིག་བརྒྱ་ཉི་ཤུ་རྩ་གཅིག་ཙམ་བྱེད། ཐུན་གཞན་ཚོ་ལ། དེ་ཚོ་ཚར་གསུམ་རེས་ཆོག །བཟླས་པའི་སྐབས་རང་གིས་བཟླས་པས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ནམ་མཁའ་ཁེངས་པས་བཟླ་རོགས་མཛད་པར་མོས། ཡ་མཱནྟ་ཀ་ལ་འབུམ་ཕྲག་བདུན། ཧྲཱིཿཥྚཱི༔འབུམ་ཕྲག་བཅུ་བཟླ་དགོས། ཡ་མ་རཱ་ཛ་ལ་བཟླ་ན་འབུམ་ཕྲག་གསུམ། ཐུན་མཚམས་སུ་རང་ཕྱག་གཉིས་པ་གཙོ་བོའི་ཐུགས་ཀ་ནས་སྤྲོས་པར་བསམ། གཏོར་ཆོག་སྲོད་ཐུན་ཁོ་ན་ལ་བྱས་པས་ཆོག །རྨི་ལམ་བཟང་བཟང་འདྲ་བ་ལ་དགའ་བ་ཡང་མི་བྱ། འཚུབ་པ་བྱུང་ན་བླ་མའི་གསོལ་འདེབས་དང༌། སྒྱུ་མ་རྨི་ལམ་ལྟ་བུར་ཤེས་པ་ལ་ནན་ཆགས་བྱ། །བཀྲ་ཤིས།། །།༈ རྒྱུད་འདི་དབང་ཕྱུག་ཆེན་པོ་འདུལ་བའི་ཕྱིར་གསུངས་ཏེ། དེའང་སྔོན་དབང་ཕྱུག་ཆེན་པོ་དང་ལྷ་མོ་དབུ་མ་གཉིས་སྙོམས་པར་ཞུགས་པའི་དུས་སུ། དྲང་སྲོང་གཅིག་སླེང་དུ་བྱུང་བ་ལ་དབུ་མ་ཁྲོས་ཏེ། ད་ལྟའི་གནས་སྐབས་འདིར་སློང་བ་འདི་དང་འབྲེལ་བ་མ་ཡིན་ནམ་ཟེར་ནས། རང་གི་ཆོས་འབྱུང་གི་ནང་ནས་ས་བོན་མེའི་དྲོད་དང་འདྲ་བ་ཡོད་པ་བྲུས་ནས། དེའི་ཁར་བླུག་པས། དྲང་སྲོང་གི་ཁ་ཚིག་སྟེ། རྒྱ་མཚོའི་འགྲམ་དུ་ཁ་བཀྲུས་པས། ས་བོན་ཡོད་པ་ལ་གཞོན་ནུ་དྲུག་ཁྲུས་བྱས་ནས་སྤྲོས་པ་ལས། ཡིད་ཀྱི་བུ་གཅིག་བྱུང་བ་ལ། གཅིག་ན་རེ་ཁའི་བུ་ཡིན་ཟེར་བ་ལ། དྲུག་ཀ་མགུ་བར་བྱ་བའི་ཕྱིར་གདོང་དྲུག་ཏུ་སྤྲུལ་པ་ལས་གཞོན་ནུ་གདོང་དྲུག་ཏུ་གྲགས་སོ། །དེ་དང་ཕྱིས་ལྷ་མ་ཡིན་གྱི་རྒྱལ་པོ་རུ་ཏྲ་པྲ་མ་གཉིས། འཛམ་བུ་གླིང་དུ་འཐབས་པ་ལ། རུ་ཏྲ་རྒྱལ་


TNT06_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དུས་སུ་རི་རབ་ཀྱི་ཁོང་སེང་ན་དབང་ཕྱུག་ཆེན་པོ་ཡོད་པས། འཛམ་བུ་གླིང་དུ་བུ་ཕམ་པར་ཤེས་ནས། དེ་འདོད་ཁམས་ན་དབང་ཆེ་བ་ཡིན་པས། སུམ་ཅུ་རྩ་གསུམ་པའི་དམག་དང༌། ལྷ་མིན་གྱི་རྟ་པའི་ཚོགས་དང༌། ས་སྟེང་གི་ནད་བརྒྱད་དང༌། གདོན་བརྒྱད་ཀྱི་དམག་དྲངས་ཏེ། རུ་ཏྲ་ཕམ་པར་བྱས་སོ། །དེར་རུ་ཏྲས་འཇམ་པའི་རྡོ་རྗེ་ལ་སྐྱབས་སུ་སོང་བས། འཇམ་པའི་རྡོ་རྗེས་སུམ་ཅུ་རྩ་གསུམ་པའི་གཉེར་བོར་ཕྱག་སུམ་ཅུ་རྩ་བཞིར་སྤྲུལ། ས་འོག་གི་ལྷ་མིན་གྱི་གཉེན་པོར་མ་ཧེའི་གདོང་པར་སྦྲུལ། ས་སྟེང་གི་ནད་བརྒྱད་གདོན་བརྒྱད་ཀྱི་གཉེན་པོར་ཞབས་བཅུ་དྲུག་སྤྲུལ། དབང་ཕྱུག་ཆེན་པོའི་གཉེན་པོར་ལིང་ག་གྱེན་དུ་འགྲེང་བ་བསྟན་ནས། འཇིག་བྱེད་ཀྱི་རྒྱུད་འབུམ་པ་གསུངས། རྒྱུད་སྡེ་རྩོད་ལྡན་གྱི་འཛམ་གླིང་གི་མི་ཡིས་མི་རྟོགས་པས། ཨུ་རྒྱན་གྱི་ཡུལ་དྷརྨ་བྷ་ཛ་ཆོས་ཀྱི་མཛོད་དུ་མཁའ་འགྲོ་མ་རྣམས་ཀྱིས་རྒྱས་བཏབ་ནས་ལོངས་སྤྱོད་པ་ལ། སློབ་དཔོན་ལཱ་ལི་ཏ་བཛྲས་ཨུ་རྒྱན་གྱི་དུར་ཁྲོད་དུ་རྡོ་རྗེ་འཇིགས་བྱེད་བསྒྲུབས་པས་ཞལ་གཟིགས་ནས། མཁའ་འགྲོའི་མའི་ཕྱག་ནས་རྟོག་བདུན་སྤྱན་དྲངས་པའི་ཚུལ་ནི་སྔར་ལྟར་རོ། །ཞལ་ཤེས་ལག་ལེན་རྣམས་དང༌། གང་དགོས་རྣམས་ཕྱོགས་གཅིག་ཏུ་ཏཱ་ར་ནཱ་ཐས་ལེགས་པར་བྲིས་པའོ། །དགེའོ། །ཞུས་དག །


TNT06_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཚོགས་མཆོད་ཆེན་པོའི་བདུད་རྩིའི་ཐིག་པ།


TNT06_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཚོགས་མཆོད་ཆེན་པོའི་བདུད་རྩིའི་ཐིག་པ་ཞེས་བྱ་བ་བཞུགས་སོ།


TNT06_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་ཚོགས་མཆོད་ནི། ཡ་མཱནྟ་ཀས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཚོགས་རྫས་རྣམས་ཀྱི་འོག་ཏུ་ཡཾ་ལས་རླུང༌། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ། དཔྲལ་བར་རང་ལ་བསྟན་པ། ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ། ཞུ་བ་ལས་བྱུང་བའི་ཚོགས་རྫས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ། རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ཉིད་རྣམ་པར་དག་པ་ཨ་ལི་ཀཱའི་ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད། བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ག་ཎ་ན་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ན་མོ་ཐབས་དང་སོགས་གོང་བཞིན་སྦྱར། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ག་ཎ་སོགས། འཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་བསྲུང་མ་སོགས། དམ་ཚིག་


TNT06_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྩ་བ་མཆེད་གྲོགས་རྡོ་རྗེ་སྤུན་གྲོགས་རྣམས་ཀྱི་སོགས། མི་འབྲལ་སྙིང་གི་གཞལ་མེད་ཁང༌། །མོས་གུས་གཞོམ་མེད་ཕོ་བྲང་དུ། །དྲིན་ཅན་རྩ་བའི་བླ་མ་མཆོག །བཀའ་འདྲིན་མཉམ་མེད་དམ་པ་རྗེ། །རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་འཐིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་བདག་ཅག་ལ། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དེ་བ་ཌཱ་ཀཱི་ནཱི་ཛྙཱ་ན་ཨ་བེ་ཤ་ཡ་ཨ། །སྟུག་པོ་ཞིང་ཁམས་འཇིགས་བྱེད་པ། །དཔའ་བོ་དཔའ་མོ་འབུམ་སྡེའི་དབུས། །རྡོ་རྗེ་འཇིགས་བྱེད་བཅོམ་ལྡན་འདས། །ཞེ་སྡང་རྡོ་རྗེ་མི་བསྐྱོད་པ། །རྣམ་འཕྲུལ་མཁའ་ལ་སོགས། མི་གཡོ་འོག་མིན་ཉམས་དགའི་ཞིང༌། །དག་པའི་བདེ་སྟོང་མཁའ་སྤྱོད་གནས། །འཇམ་པའི་རྡོ་རྗེའི་བདེ་བསྐྱེད་ཡུམ། །རྡོ་རྗེ་རོ་ལངས་མཁའ་འགྲོའི་གཙོ། །རྣམ་འཕྲུལ་༴ འཕྲིན་ལས་རྣམ་བཞི་སྒྲུབ་པའི་གནས། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀུན་ནས། །གཤིན་རྗེ་གཤེད་པོའི་བཀའ་ཉན་མཆོག །ཕྱོགས་སྐྱོང་གཤིན་རྗེ་མ་མོ་བཅས། །རྣམ་འཕྲུལ་༴ བདུད་ཚོགས་ཀུན་འདུལ་འཕྲིན་ལས་ཞིང༌། །དུར་ཁྲོད་ཆེན་པོ་གནས་བརྒྱད་ནས། །བགེགས་འཇོམས་འདོད་དོན་ཀུན་སྒྲུབ་པའི། །ཆོས་སྐྱོང་བསྲུང་མ་འཁོར་བཅས་ཀྱི། །རྣམ་འཕྲུལ་༴ ཇབླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུར་རུ་རུ། །རྒྱན་ཆ་མང་པོ་ཁྲལ་ལ་ལ། །རོལ་མོ་


TNT06_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་དིར་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤར་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་སལ་ལ་ལ། །བརྗོད་མེད་དབྱིངས་སུ་ཐལ་ལ་ལ། །བདེ་བ་ཆེན་པོའི་ཁྲིལ་ལི་ལི། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །འཁོར་གསུམ་གཉིས་སུ་མེད་པར་འདྲེས། །གུ་རུ་དེ་བ་ཌཱ་ཀཱི་ནཱི་ཛྙཱ་ན་ཨ་བེ་ཤ་ཡ་ཨ། འདིར་ནི་ཆོས་རྣམས་བཟང་པོར་བལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་བ་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཨ་ཧོ་མཧཱ་སུ་ཁཾ། བདེར་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོ་མཧཱ་སུ་ཁཾ། དེ་ནས་ཚོགས་ཕུད་བཅད་ལ། ཞལ་ཟས་རོ་བརྒྱ་སོགས་དང༌། སྔགས་གསུམ་ཀའམ་སྙིང་པོའི་མཐར། སརྦ་བིགྷྣཱན་ཤ་ཏྲུན་མཱ་ར་ཡ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཕཊ་སྭཱཧཱ། ཞེས་པ་ལན་ལྔ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡ། ཤཱ་ས་ན་སོགས་ལན་གསུམ། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿཕེཾ་སོགས། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སོགས་མཁའ་འགྲོ་སྤྱི་གཏོར་གྱི་སྔགས་ལན་གསུམ། ཨོཾ་མཆོད་དོ། དམན་པའི་གཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་གསལ་ཞིང༌། །རྟོག་པ་ཀུན་ལས་ངེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས


TNT06_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

་གྱུར་ཅིག །ཅེས་ཚོགས་ཕུད་ཕུལ། [རང་བཞིན་འོད་གསལ་སོགས། ]དེ་ནས་ཚོགས་ལ་རོལ། མཐར་ཚོགས་ལྷག་བསྡུས་ཏེ། བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བ་འདོད་དགུའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ཨ་ཀཱ་རོ་སོགས་ལན་གསུམ། ཕྱི་རོལ་སྒོ་དྲུང་ན་གནས་པའི་འབྱུང་བོ་འཆོལ་བའི་ཚོགས་དམ་ཚིག་གི་ཆོ་ག་ལྟ་བ་ལ་མི་དབང་བ་རྣམས་ལ་སྦྱིན་ནོ། །རྡོ་རྗེ་ཐེག་པ་ལ་གསང་བ་མཆོག་གི་རྣལ་འབྱོར་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཨོཾ་ཨུ་ཙི་ཊ་བ་ལིང་ཏ་བྷཀྵ་སི་སྭཱཧཱ། ཞེས་རོལ་མོའི་སྒྲ་དང་བཅས་པ་གཏོར་མ་ཕྱིར་དོར་རོ། །དེ་ནས་སྨོན་ལམ་དང་བཀྲ་ཤིས་པའོ། །ཞེས་པ་འདི་ཡང་ཏཱ་ར་ནཱ་ཐས་སྨྲས་པའོ། །སརྦ་མངྒ་ལཾ། །བཀྲ་ཤིས། །ལུས་འདི་ཀ་ལ་པ་རུ་མ་སླེབ་ཀྱང༌། །དད་པའི་སེམས་ལ་རིགས་ལྡན་ཞུགས་སམ་ཅི། །ཤེས་རབ་གསུམ་ལ་བློ་གྲོས་སྦྱང་མིན་ཡང༌། །ལྷུན་པོ་བཞེངས་ལས་རྒྱ་མཚོ་རྡོལ་བ་སྙམ། །ཞེས་གསུངས་སོ། །འདིར་འབད་དགེ་བ་རྣམ་པར་དཀར་བའི་མཐུས། །བདག་ལུས་བོར་ཚེ་དཔལ་ལྡན་ཤམྦྷ་ལར། །རིགས་ལྡན་རྒྱལ་པོའི་འཁོར་དུ་ལེགས་སྐྱེས་ནས། །དུས་འཁོར་བསྟན་ལ་བྱ་བ་བྱེད་པར་ཤོག །ཅེས་པ་འདི་ནི་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་སྨོན་ལམ་བཏབ་པའོ།། །།


TNT06_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

ཨུཥྞི་ཥ་རྭ་ལུགས་ཀྱི་ངག་འདོན་རྒྱུན་ཁྱེར།


TNT06_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཥྞི་ཥ་རྭ་ལུགས་ཀྱི་ངག་འདོན་རྒྱུན་ཁྱེར་བཞུགས།


TNT06_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། འདིར་ཤིན་ཏུ་ཟབ་པའི་སྲུང་བཟློག་བཤད་པར་བྱ་ཏེ། སྐྱབས་སེམས་ཚད་མེད་བཞི་རྣམས་སྔོན་དུ་བཏང༌། ཨོཾ་ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང༌། །བྷྲུཾ་ལས་འཁོར་ལོ་རྩིབས་བཅུ་སེར། ཁོང་སྟོང་གཡས་སུ་དྲག་ཏུ་འཁོར། །རྩེ་མོ་རབ་རྣོ་ལྟེ་བ་དང༌། །རྩིབས་བཅུར་པདྨ་ཉི་མའི་གདན། །དབུས་སུ་བྷྲུཾ་ལས་རང་ཉིད་ནི། །རྡོ་རྗེ་གཙུག་ཏོར་འཁོར་ལོས་སྒྱུར། །སེར་པོ་ཚད་སྐྱོབ་དཀར་པོ་ཅན། །ཕྱག་གཡས་འཁོར་ལོ་གཡོན་སྦྲུལ་ཞགས། །ཐུགས་ལས་ཧཱུཾ་བཅུ་ཕྱོགས་བཅུར་སྤྲོས། །རྩིབས་བཅུའི་གདན་ལ་འཁོད་པར་གྱུར། །ཤར་དུ་གཤིན་རྗེ་མཐར་བྱེད་ནི། །ཕྱག་གཡས་རྡོ་རྗེ་ཐོ་བ་ཕྱར། །ལྷོ་ཕྱོགས་ཤེས་རབ་མཐར་བྱེད་དཀར། །གཡས་པ་རྡོ་རྗེ་བེ་ཅོན་བསྣམས། །ནུབ་ཏུ་རྟ་མགྲིན་དམར་པོ་ནི། །ཕྱག་གཡས་པད་དམར་འདབ་བརྒྱད་འབར། །བྱང་དུ་བགེགས་མཐར་བྱེད་པ་ནི། །རྡོ་རྗེ་རྩེ་ལྔ་གདེངས་པ་བསྣམས། །བྱང་ཤར་མི་གཡོ་རལ་གྲི་སྟེ། །ཤར་ལྷོ་འདོད་རྒྱལ་ལྕགས་ཀྱུའོ། །ལྷོ་ནུབ་དབྱུག་སྔོན་དབྱུག་


TNT06_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཕྱར། །ནུབ་བྱང་སྟོབས་ཆེན་རྩེ་གསུམ་སྡིགས། །སྟེང་དུ་ཧཱུཾ་མཛད་རང་གི་རྒྱ། །འོག་ཏུ་གནོད་མཛེས་གཏུན་ཤིང་འཛིན། ཁྲོ་བོ་བརྒྱད་ནི་སྐུ་མདོག་ནག །ཐམས་ཅད་སྤྱན་གསུམ་མཆེ་བ་གཙིགས། །སྨ་ར་སྨིན་མ་སྐྲ་སེར་རྫཻས། །རབ་ཏུ་མི་སྡུག་རྔམ་ལ་འཇིགས། །སྟགས་ལྤགས་སྦྲུལ་དང་མི་མགོས་རྒྱན། །ཕྱག་གཡོན་གནོད་བྱེད་ཚོགས་ལ་སྡིགས། །གཡོན་རྐྱང་སྟབས་ཀྱིས་མེ་དཔུང་བཞུགས། །མིག་ཏུ་ཀྵིཾ་དཀར་ས་སྙིང་དངོས། །རྣ་བར་ཕྱག་རྡོར་ཛྲི༵ཾ་ནག་པོ། །སྣ་ལ་ཁཾ་སེར་ནམ་མཁའི་སྙིང༌། །ལྕེ་ལ་གཾ་དམར་འཇིག་རྟེན་དབང༌། །དཔྲལ་བར་སྒྲིབ་སེར་སྐཾ་ལྗང་ཁུ། །ལྟེ་བར་ཀུན་བཟང་སཾ་སྔོན་པོ། །ཨོཾ་སྤྱི་བོར་སྐུ་ཡི་རྡོ་རྗེ་དཀར། །ཨཱཿམགྲིན་པར་གསུང་གི་རྡོ་རྗེ་དམར། །ཧཱུཾ་ཐུགས་ཀར་ཐུགས་ཀྱི་རྡོ་རྗེ་མཐིང༌། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། །རང་དང་འདྲ་བའི་བསྲུང་འཁོར་ནི། ཁྲོ་བོའི་ཚོགས་བཅས་མདུན་དུ་བྱོན། །ཨོཾ་བཛྲ་ས་མཱ་ཛཿ ཨརྒྷཾ་ལ་སོགས་པས་མཆོད། ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ པུཥྤེ་ལ་སོགས་པ་ལྔས་མཆོད། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་ནས། ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར་ཏེ། གཤིན་རྗེ་མཐར་བྱེད་ལ་རྣམ་པར་སྣང་མཛད། པདྨ་མཐར་བྱེད་ལ་འོད་དཔག་མེད། གཞན་ཐམས་ཅད་ལ་མི་བསྐྱོད་པས་དབུ་རྒྱན། ཡང༌། ཨརྒྷཾ་ལ་སོགས་པས་མཆོད། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་


TNT06_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང༌། །ཤེལ་ལ་ཚོན་ནི་ཇི་བཞིན་དུ། །འདོད་ཡོན་ལྔ་དང་ཆོ་ག་རྣམས་ལ། །རྣལ་འབྱོར་རྟག་ཏུ་སྤྱོད་པར་ཤོག །ཨ་ལ་ལ་ཧོ། རོལ་དུ་གསོལ། བསྣམས་པར་མཛོད། །མི་འཛིན་སྒྱུ་མ་ལྟ་བུ་ལ། །དགྱེས་པའི་གར་གྱིས་རོལ་བར་མཛོད། །རེག་བྱ་འགག་པ་མེད་པ་ལ། །མིག་ཡོར་བཞིན་དུ་རོལ་ཏུ་གསོལ། །ཧོཿ ཆགས་པ་མེད་བཞིན་ཆགས་པར་མཛོད། །ཧཱུཾ། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །གསོད་པ་ལ་སོགས་རྟག་ཏུ་རྩོན། །བདུད་བཞི་འཇོམས་ཤིང་གདུལ་དཀའ་འདུལ། །འཁོར་བཅས་རྣམས་ལ་ཕྱག་འཚལ་བསྟོད། །དེ་ནས་དམིགས་པ་ནི་འདི་ལྟ་སྟེ། གནོད་བྱེད་བདུད་བཞི་མི་གཟུགས་ཅན། །དཀར་སེར་དམར་ནག་བཞི་པོ་ལ། །དགྲ་དང་བྱད་མ་བགེགས་ཀུན་ཐིམ། །འཁོར་ལོའི་རྩེ་མོས་གཅོད་པར་གྱུར། །ཐུགས་ཀར་འཁོར་ལོ་རྩིབས་བཅུ་སེར། །ཧཱུཾ་ཡིག་བཅུ་གཅིག་རྣམས་ཀྱིས་བརྒྱན། །ཧཱུཾ་དབུས་ཉི་ཟླ་ཁ་སྦྱོར་ནང༌། །སྣ་ཚོགས་ཐིག་ལེ་ཨ་ཡིས་མཚན། །ཧཱུཾ་ལས་འོད་འཕྲོས་སྡིག་སྒྲིབ་རྣམས། །བྱད་མའི་སྒོ་དགུ་དག་ལ་ཐིམ། །བསྲུང་བྱ་ཧཱུཾ་གི་ནང་དུ་གཞུག །ཤར་དུ་མཾ་དཀར་ལྷོར་ཨཾ་སེར། །ནུབ་ཏུ་རཾ་དམར་བྱང་ཕྱོགས་སུ། །དཾ་ཡིག་ལྗང་ནག་དུག་བཞིའི་དངོས། །རང་དང་བསྲུང་བྱའི་དུག་ཀུན་ཐིམ། །རྩིབས་ཀྱི་བཏུབས་ནས་ཕྱེ་མར་ཀླགས། །ཧཱུཾ་གི་མཐའ་མར་སྔགས་ཀྱིས་བསྐོར། །ཞེས་བརྗོད་པའམ་དོན་བསམ་མོ། །དེ་ནས་སྔགས་འདི་བཟླ་ཏེ། ཨོཾ་ཨཱཿཨུཥྞི་ཥ་བཛྲ་ཙཀྲ་བརྟི་སརྦ་ལོ་ཀཱི་ཀ ། ལོ་ཀོཏྟ་ཡནྟྲ་མནྟྲ་ཏནྟྲ་པྲ་ཡོ་ག་དི་ནཱི་སརྦ་བི་ཥ་བི་ཙུརྞཱ་ཡ་བི་ཙུརྞཱ་ཡ།


TNT06_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

མ་མ་ཀྲྀ་ཏེ་ཡེ་ན་ཀེ་ན་ཙི་ཏ་ཀྲྀ་ཏནྟ་ནི་ཀ་རི་ཏ་ནི་སརྦ་བིགྷྣཱན། ཚིནྡ་ཚིནྡ་བྷིནྡ་བྷིནྡ་ཀཾ་པ་ཡ་ཀཾ་པ་ཡ། ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་བི་དྷྭནྶ་ཡ་བི་དྷྭནྶ། ཤ་ཏ་ས་ཧ་སྲ། སརྦ་བི་ཥ་བི་ཙུརྞཱ་ཡ་བི་ཙུརྞཱ་ཡ། ཨུཥྞི་ཥ་བཛྲ་ཙཀྲ་བརྟི་བྷྲུཾ་བྷྲུཾ་བྷྲུཾ་རཀྵ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཅི་ནུས་སུ་བཟླ་ཏེ་སྲུང་བའོ། །ཁྲོ་བོ་ཐམས་ཅད་རབ་ཁྲོས་ཏེ། །ཞལ་ནི་ཕྱི་རོལ་བསྟན་པར་གྱུར། །འཁོར་ལོ་གཡོན་ཏུ་དྲག་ཏུ་འཁོར། །མེ་རླུང་ཞགས་པ་ལྕགས་ཀྱུ་ཡིས། །བྱད་མ་འཁྲུལ་འཁོར་ལྷ་སྔགས་བཅས། །ཐལ་བ་བཞིན་དུ་རླག་པར་གྱུར། །སྲོག་སྙིང་ཧཱུཾ་གི་རྣམ་པར་བཀུག །རང་སེམས་ཧཱུཾ་གི་འོག་ཏུ་མནན། །སྔགས་སྔ་མ་ཁོ་ནས་ཀྱང་རུང་ལ། ལྡེ་སྒྱུར་བར་འདོད་ན། བྷྲུཾ་བྷྲུཾ་བྷྲུཾ་ཧཱུཾ་ཧཱུཾ་ཧཱུཾ་སུ་ཨ་ཏྲ་ཡ་མ་བཟློག་བཟློག་ཕཊ་སྭཱཧཱ། ཞེས་པ་ཏེ་ཇི་ལྟར་འོས་པ་བཟླའོ། །རྒྱུན་གྱི་ཉམས་ལེན་སྲུང་བཟློག་ལ་དེ་ཙམ་གྱིས་ཆོག་ལ། ཧཱུཾ་ཧཱུཾ་ཧཱུཾ་གནོད་བྱེད་སྟཾ་བྷ་ཡ་ནཾ། ཞེས་པ་དང༌། ཧཱུཾ་ཧཱུཾ་ཧཱུཾ་གནོད་བྱེད་མཱ་ར་ཡ་ཕཊ་ཅེས་མཐའ་སྒྱུར་བ་ནི། མནན་པ་དང་བསད་པའི་སྐབས་སུ་དགོས་ཏེ། དེའི་མན་ངག་ནི་ཡིག་རྙིང་ལས་ཤེས་པར་བྱའོ། །མཐར་ཨརྒྷཾ་ལ་སོགས་པས་མཆོད་པ་དང༌། ཁྲོ་བོ་ཞེ་སྡང་སོགས་ཀྱིས་བསྟོད། དེ་ནས་འོད་གསལ་དུ་བསྡུའམ་མི་བསྡུ་སྐབས་དང་སྦྱར། བར་འདིར་བདེན་སྟོབས་བརྗོད་ཅིང༌། སྨོད་པ་བདབ་པར་འདོད་ན། རྩ་བ་དང་རྒྱུད་བར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། དཔལ་མགོན་དམ་པ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌།


TNT06_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱི་མི་ཁྱབ་པའི་བདེན་པ་དང༌། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། གསང་སྔགས་དང༌། རིགས་སྔགས་དང༌། གཟུངས་སྔགས་ཆོ་ག་དང་བཅས་པའི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱི། སུ་གང་དག་བདག་ཅག་དཔོན་སློབ་དགེ་འདུན་དང་བཅས་པ་དང༌། བསྟན་པ་སྤེལ་བར་བྱེད་པ་ལ་སྡང་བའི་སེམས་དང་ལྡན་པ་ཞེས་སོགས། སྐབས་སུ་བབ་པའི་ཚིག་འདོན་བསྒྱུར་ཞིང་འཚམས་སྦྱར་ཏེ། སྡང་བའི་སེམས་དང་ལྡན་པ་རྣམས་དང༌། གདུག་པའི་སེམས་དང་ལྡན་པ་རྣམས་དང༌། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང༌། བསམ་པ་དང་སྦྱོར་བ་ངན་པ་བྱེད་པའི་དགྲ་དང་བགེགས་དང་བྱད་མ་དང༌། དེ་དག་གི་རྒྱབ་བརྟེན་དང་ཕྱོགས་འཛིན་པ་ཐམས་ཅད་ཀྱི་ལུས་བཅིང་བར་བགྱིའོ། །ངག་བཅིང་བར་བགྱིའོ། །ཡིད་བཅིང་བར་བགྱིའོ། །མཐུ་རླག་པར་གྱུར་ཅིག །སྟོབས་རླག་པར་གྱུར་ཅིག །རྫུ་འཕྲུལ་རླག་པར་གྱུར་ཅིག །དེས་སྒྲུབས་པའི་སྔགས་ཀྱིས་དེ་ཉིད་རླག་པར་གྱུར་ཅིག །དེས་སྒྲུབས་པའི་རྫས་དང་འཁྲུལ་འཁོར་གྱིས་དེ་ཉིད་འཇོམས་པར་གྱུར་ཅིག །དེས་སྒྲུབས་པའི་ལྷ་འདྲེས་དེ་ཉིད་ཀྱི་ཤ་ལ་ཟ་ཞིང་ཁྲག་ལ་འཐུང་བར་གྱུར་ཅིག །བདག་ཅག་ལ་གནོད་བྱེད་དགྲ་བགེགས་གདུག་པ་ཅན་འདི་དག་ལ། དེ་རྣམས་ཉིད་ཀྱི་བླ་མ་དང་ཡི་དམ་དང་སྲུང་མ་རྣམས་རང་གཤེད་དུ་འབབ་པར་གྱུར་ཅིག །དེ་རྣམས་ཉིད་ཀྱི་སྲུང་བ་དང་བཟློག་པ་དང༌། དྲག་པོའི་ལས་བྱས་པ་ཐམས་ཅད་རང་གཤེད་དུ་འབབ་པར་གྱུར་ཅིག །དེ་རྣམས་ཉིད་ཀྱི་ལྷ་དང་སྔགས་


TNT06_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རིམ་གྲོ་དང་དགེ་བའི་ལས་བགྱིས་པ་ཐམས་ཅད་ཀྱང༌། དེ་རྣམས་ཉིད་ལ་རང་གཤེད་དུ་འབབ་པར་གྱུར་ཅིག །སྲིད་པ་གསུམ་གྱི་ནད་དང་དུག་དང་མཚོན་ཆ་དང༌། ཉོན་མོངས་པ་དང༌། ལས་ངན་པ་དང༌། སྡུག་བསྔལ་ཐམས་ཅད་དང༌། དགྲ་བགེགས་བྱད་མ་འདི་རྣམས་ལ་འབབ་པར་གྱུར་ཅིག །ཁ་ཁ་ཁཱ་ཧི་ཁཱ་ཧི་མ་ར་མ་ར། གྲྀཧྞ་གྲྀཧྞ་བནྡྷ་བནྡྷ། ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ། ཉི་མ་གཅིག་ལ་བསད་པར་མཛོད་ཅིག་ཧཱུཾ་ཕཊ། བྷསྨི་ཀུ་རུ་ཡེ་ཧཱུཾ་ཕཊ། སརྦ་ནི་ཝ་ར་ཎཱ་ཡ་ཧཱུཾ་ཕཊ། ཅེས་ཐལ་མོ་རྡབ་བོ། །བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་དང་བཅས་པས་བསམ་སྦྱོར་དག་པ་རྣམས་ཀྱི་ཚེ་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག །ལོངས་སྤྱོད་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག །དབང་ཐང་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག །བསམ་པའི་དོན་འགྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག །དམ་པའི་ཆོས་བཞིན་སྤྱོད་པ་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག །གནས་སྐབས་དང་མཐར་ཐུག་གི་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག སྔོན་གྱི་ལས་ལས་གྱུར་པ་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་ཕྱི་ནང་གསང་གསུམ་གྱི་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག །ཆོས་དབྱིངས་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་དབྱིངས་སུ་ཞི་བར་གྱུར་ཅིག །དྲག་པོའི་སྐབས་ཞི་བར་གྱུར་ཅིག་ལ་བཟློག་པར་ཞེས་སྤོའོ། ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །ལུས་ངག་ཐལ་བ་རྡུལ་


TNT06_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །བགེགས་དང་ལོག་པར་འདྲེན་པ་རྣམས། །གདུལ་དཀའ་འདུལ་ཕྱིར་དཔའ་བོ་ནི། །ཤིན་ཏུ་གཏུམ་པའི་ཁྲོ་གཟུགས་ཀྱིས། །མ་རུང་པ་རྣམས་ཚར་གཅོད་ཤོག །གཞན་ཡང་སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པ་བརྗོད་དོ། །ཞེས་ཨུཥྞི་ཥ་རྭ་ལུགས་ཀྱི་གདམས་ངག་ཅེས་བྱ་བ། སྲུང་བཟློག་བསད་གསུམ་གྱི་མན་ངག །ཆེས་ཟབ་པ་ལས་ཀྱང་ཟབ་པར་ཡོད་པའི་ནང་ནས་ངག་འདོན་སྙིང་པོ་མདོ་ཙམ་བྱུང་བ་འདི་ཡང༌། རྒྱུན་གྱི་ཉམས་ལེན་དུ་མཁོ་བར་བསམས་ནས། ཏཱ་ར་ནཱ་ཐས་ཉེ་བར་བརྗོད་པའོ། །མངྒ་ལཾ། །རྩ་གསུམ་རྒྱ་མཚོའི་སྤྱི་རྗེ་པདྨ་འབྱུང༌། །གང་འདུལ་ཟློས་གར་རྟོན་པ་བཞི་ལྡན་མཆོག །ཤེས་རབ་རྒྱལ་མཚན་ཞབས་ལ་གུས་གསོལ་འདེབས། །བྱིན་བརླབས་སྙིང་ལ་ཞུགས་པར་ཐུགས་རྗེ་གཟིགས། །སྐྱེ་འདིར་བདག་གིས་ཟབ་མོ་གསང་ཆེན་ཐེག །ཀུན་བཟང་ཐུགས་ཀྱི་གསང་བཅུད་རྫོགས་པ་ཆེ། །མངོན་གྱུར་ཁྱད་པར་ངེས་དོན་དབུ་མའི་ལམ། །མཐའ་བྲལ་གནས་ལུགས་མྱུར་དུ་རྟོགས་པར་ཤོག །དེར་བརྟེན་ཕྱི་མར་ལས་འབྲེལ་གང་ཡོད་ཅིང༌། །པདྨ་འོད་དང་དཔལ་ལྡན་ཤམྦྷ་ལར། །ཟབ་དགོངས་སྔགས་རིགས་འཛིན་པར་ཡོངས་འཕོས་ནས། །ཚེ་དེར་གསང་ཆེན་ལེགས་མཐར་ཕྱིན་གྱུར་ཅིག །ཅེས་པར་བཞེངས་མཁན་ངག་དབང་ཡོན་ཏན་བཟང་པོའི་ཞེས་ངོར་མ་ཏིས་སྨྲས་པའོ། །བསོད་ནམས་སྟོབས་ཀྱིས་ལུས་འདི་བོར་མ་ཐག །པདྨ་འབྱུང་གནས་གང་འདུལ་རོལ་པའི་གར། །རྔ་ཡབ་གླིང་གི་མངའ་བདག་དགྱེས་བཞུགས་དྲུང༌། །ཐུགས་སྲས་དམ་པའི་དགོངས་ཆེན་སྤྱོད་གྱུར་ཅིག །ཅེས་པའང་མ་ཏིས་སོ།། །།

བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་རབ་འབྱམས་ཀྱི་སྒྲུབ་ཐབས་འཕྲིན་ལས་ཀྱི་ཉི་མ་འབུམ་གྱི་གཟི་བརྗིད།


TNT06_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་རབ་འབྱམས་ཀྱི་སྒྲུབ་ཐབས་འཕྲིན་ལས་ཀྱི་ཉི་མ་འབུམ་གྱི་གཟི་བརྗིད་ཅེས་བྱ་བ་བཞུགས།


TNT06_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་རབ་འབྱམས་ཀྱི་སྒྲུབ་ཐབས་འཕྲིན་ལས་ཀྱི་ཉི་མ་འབུམ་གྱི་གཟི་བརྗིད་ཅན་ཞེས་བྱ་བ། བླ་མ་དང་བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །འོད་གསལ་རྡོ་རྗེ་འབར་བའི་སྣང་བས་ཕྱོགས་ཆ་འགེངས། །མ་ལུས་བདུད་སྡེའི་ཚོགས་པ་ལན་བརྒྱར་འཇོམས་མཛད་པ། །བླ་མེད་བླ་མ་འཁོར་ལོའི་མགོན་ལ་གུས་པས་འདུད། །སྲིད་འདི་གཤིན་རྗེའི་འཇིགས་པ་ཆེ་ལས་བསྐྱབ་ཏུ་གསོལ། །ཕྱི་ནང་གསང་བའི་གཤིན་རྗེ་འཇོམས་མཛད་ལྷ། །རྣམ་པ་དུ་


TNT06_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྐུ་དང་གསུང་ཐུགས་ཀྱི། །མཐའ་ཡས་རོལ་པ་སྟོན་མཛད་དཀྱིལ་འཁོར་པ། །དེ་དག་རྣམས་ལའང་གུས་པས་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པས་རབ་འབྱམས་རྒྱུད་སྡེ་རུ། །སྔགས་དང་དཀྱིལ་འཁོར་ཆོ་ག་དཔག་ཡས་གསུངས། །དེ་དོན་སྐྱེ་བོ་རྣམས་ལ་གསལ་བའི་ཕྱིར། །སྔགས་རིག་མང་པོས་ལག་ལེན་ཆོ་ག་བརྩམས། །ལས་ཚོགས་འཁྲུལ་འཁོར་མཐར་ཐུག་སྟོན་པའི་རྒྱུད། །དམར་ནག་འཇིགས་གསུམ་ཞེས་གྲགས་རྒྱུད་འདི་ལ། །མཁས་གྲུབ་དུ་མས་གསལ་བཤད་མཛད་པ་རྣམས། །མཐའ་དག་རྟོགས་ཕྱིར་བདག་གིས་ངལ་བ་བྱ། བསྟན་བཅོས་མཐའ་དག་རྙེད་དཀའ་བས། །ལུགས་བརྒྱ་གསལ་བྱེད་ཉུང་ངུའི་གཏམ། །དོན་རབ་རྒྱ་ཆེར་རབ་གསལ་བ། །མཐའ་དག་ལྟ་བའི་མེ་ལོང་ཡིན། བཅོམ་ལྡན་འདས་གཤིན་རྗེ་གཤེད་


TNT06_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་ལ་ཕྱག་འཚལ་ལོ། །འདིར་དང་པོར་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་དཔལ་འཛིན་གྱིས་ཉེ་བར་བཀོད་པ། གཤིན་རྗེ་དམར་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཀྱི་རྗེས་སུ་འབྲངས་ནས་ངག་འདོན་ཙམ་བརྗོད་པར་བྱའོ། །དེ་ལ་སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱ་བདུད་རྩི་མྱང་བ་རྣམས་སྔོན་དུ་བཏང་སྟེ། རང་སྐད་ཅིག་གིས་གཤིན་རྗེ་དམར་པོའི་སྐུར་གསལ་བའི་སྙིང་གར། པཾ་ལས་པདྨ་དང༌། ཨཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཡཾ་ཡིག་གི་དབུས་སུ་ཧཱུཾ་དམར་པོ། དེ་ལས་འོད་འཕྲོས་རང་བཞིན་གྱི་གནས་ནས། གཤིན་རྗེ་གཤེད་པོའི་ལྷ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར། བླ་མ་རྡོ་རྗེ་འཆང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བྱོན་པར་གྱུར། སྟོང་ཉིད་སྙིང་རྗེ་གཅིག་པའི་སྐུ། །སྲིད་གསུམ་བདེ་ཆེན་ངོ་བོ་ཉིད། །སྤྲོས་པའི་དྲི་མས་མ་གོས་པའི། །བླ་མ་རྡོ་རྗེ་ཅན་ཞབས་འདུད། །བདུད་བཞི་པོ་ནི་རྣམ་པར་འཇོམས། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །གཤིན་རྗེ་མཐར་བྱེད་ཕྱག་འཚལ་ཞིང༌། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །ཙརྩི་ཀཱ་སོགས་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ཏེ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ་དྷཱུ་པེ་ནས། ཤཔྟའི་བར་དུ་སྦྱར། སྐབས་འདི་དག་ཏུ་ཧྲཱིཿཥྚཱིཿཧཿསོགས་བྱེད་པ་ཡང་སྤྱིར་ཤིན་ཏུ་ལེགས་ཤིང༌། སྔགས་དེ་གཤིན་རྗེ་གཤེད་ཀྱི་སྒོས་ཆོས་ཀྱང་ཡིན་མོད། ལུགས་འདིའི་མཆོད་པ་ཡིན་ཚད་ལ་བཟང་མདོག་སྟོན་པའི་ཕྱིར། དེ་འབའ་ཞིག་རང་ངོ་མཐོན་དུ་སྦྱོར་མི་དགོས་ཏེ། དཀྱིལ་འཁོར་མཆོད་པ་དང་གཏོར་མ་དང་སྦྱིན་སྲེག་ལ་སོགས་པའི་ཁྱད་པར་གྱི་སྐབས་འགའ་ཞིག་ཏུ་ངེས་པར་བྱ་ཡི། ཚོགས་ཞིང་


TNT06_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དང་མཆོད་པ་ཕྲ་མོ་རྣམས་ལ་ཇི་ལྟར་འོས་པ་སྦྱར་བས་ཆོག་གོ །ལུས་དང་ངག་དང་ཡིད་ཀྱི་སྡིག །བགྱིས་དང་དེ་བཞིན་བགྱིད་སྩལ་གང༌། །གང་ཡང་རྗེས་སུ་ཡི་རང་བ། །དེ་ཀུན་དུས་གསུམ་མགོན་ལ་བཤགས། །རྫོགས་སངས་རྒྱས་དང་དེ་ཡི་སྲས། །འཕགས་རྣམས་དགེ་ཚོགས་རྗེས་ཡི་རང༌། །རྫོགས་སངས་རྒྱས་དང་དམ་པའི་ཆོས། །ཚོགས་མཆོག་བཅས་ལ་སྐྱབས་སུ་མཆི། །ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །རང་གི་ལུས་འདི་དབུལ་བར་བགྱི། །དམ་པའི་ཆོས་ཀུན་སྟོན་པ་ཡི། །སྒྲ་དབྱངས་མཛེས་པས་བཞུགས་སུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་དང༌། །དེ་སྲས་ལམ་གྱུར་སྦྱིན་སོགས་ཚུལ། །སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར། །རབ་ཏུ་དད་པས་བསྟེན་པར་བགྱི། །སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །བསོད་ནམས་ཀུན་ནས་གང་བསགས་པ། །རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བསྔོ། །དཔལ་ལྡན་གཤིན་རྗེ་མཐར་བྱེད་དུ། །གྱུར་ནས་བདག་གིས་འགྲོ་ཕན་བགྱིད། །ཅེས་ལན་གསུམ་བརྗོད། ཨོཾ་ཨཱཿཧཱུཾ་བཛྲ་མུཿ ཞེས་གཤེགས་སུ་གསོལ། ཚད་མེད་བཞི་སྤྱི་དང་མཐུན། རང་བཞིན་དང་བྲལ་སྟོང་པ་སྟེ། །རྒྱུ་ཡིས་ཀྱང་ནི་མཚན་མ་མེད། །རྣམ་པར་རྟོག་དང་བྲལ་ཉིད་ཀྱིས། །སྨོན་པ་རྣམ་པར་སྤངས་པའོ། །ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཆག་ལོའི་སྒྲུབ་ཐབས་སུ། སྐབས་འདིར་ནཱ་ད་འཇོག་པར་བཤད་པ་ནི་གཞན་མང་པོ་དང་མཐུན་ཅིང༌། དམ་པའི་མན་ངག་ཡིན་པས་སྤྱིར་མི་འགོག་ཀྱང༌། ལུགས་འདིའི་རྒྱུད་གཞུང་ལས་མི་གསལ་བས་མི་དགོས་ལ། འདིར་ཡི་གེར་ལྔ་འཇོག་པར་འདོད་པ་ནི་གསང་འདུས་ཞབས་ལུགས་ཀྱི་རྒྱས་བཀབ་ཧ་ཅང་ཐལ་ཆེས་པའོ། །སྟོང་པའི་ངང་


TNT06_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཨཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། དེ་ལས་རྡོ་རྗེའི་འོད་ཟེར་འཕྲོས་པས། འོག་རྡོ་རྗེའི་ས་གཞི། ཐད་ཀར་རྡོ་རྗེའི་ཁོར་ཡུག་གི་ནང་དུ་རྭ་བ། སྟེང་དུ་རྡོ་རྗེའི་གུར་དང་བླ་རེ། མདའི་དྲ་བ། ཕྱི་ནང་ཕྱོགས་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ་དཔུང་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་རབ་ཏུ་ཡངས་ཤིང་རྒྱ་ཆེ་བ་དང་བཅས་པར་གྱུར། སྐབས་འདི་དག་དང་འབྲེལ་བ་ལ་པདྨ་སྲུང་བས་མཛད་པའི་ནག་པོའི་སྒྲུབ་ཐབས་སོགས། ནག་པོའི་ཕྱོགས་འགག་ཞིག་ཏུ། དུར་ཁྲོད་བཤད་པ་དང་རིག་པ་མཚུངས་པའི་ཕྱིར། དམར་པོ་ལ་ཡང་དུར་ཁྲོད་ཡོད་ན་ལེགས་སོ། །དམར་ནག་གི་གཞུང་ཕལ་ཆེར་ལས་དུར་ཁྲོད་མི་འབྱུང་བ་ནི། སྐལ་བ་དང་མི་ལྡན་པ་ཚོགས་པའི་ནང་དུ་དུར་ཁྲོད་མི་འབྲི་བར་གསུངས་པ་དང་གནད་གཅིག་པས། རྒྱུ་མཚན་དང་དགོས་པ་དེ་ཙམ་དུ་ཟད་ལ། དེས་ན་གསང་སྔགས་ནང་པའི་ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་ཡིན་པས། བྲི་བ་དང་བསྒོམ་པ་གཉིས་ཀ་ལ་དུར་ཁྲོད་ཡོད་ན་བྱིན་རླབས་ཆེ་ཞིང་བཟང་ལ། མེད་ཀྱང་ཆད་པའི་ཉེས་པ་ཆུང་བ་ནི་ཡིན་ཏེ། ཕྱིས་ཕལ་ཆེར་གྱིས་མ་མཛད་དོ། །འོན་ཀྱང་འདི་དག་གི་གཞུང་དུ་གཏན་ནས་མ་གསུངས་པ་ནི་མ་ཡིན་ཏེ། སྐྱེ་བོས་དབེན་ཕྱོགས་དུར་ཁྲོད་སོགས། །ཞེས་གནས་ཀྱི་ཁྱད་པར་གསུངས་པའི་ཟུར་གྱིས་འཕངས་པར་ཡང་ཤེས་སོ། །དེ་ལ་དུར་ཁྲོད་ཀྱི་མཚན་ཉིད་ནི་སྤྱི་དང་འདྲ་ལ། འདིར་དེ་ཡི་ཕྱི་རོལ་མཚན་ཉིད་ཐམས་ཅད་དང་ལྡན་པའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བར་གྱུར། ཅེས་བརྗོད། ཡང་དུར་ཁྲོད་ཀྱི་མངོན་རྟོགས་འབྲིང་དུ་བསྒོམ་པར་འདོད་ན། ཕྱི་རོལ་ཏུ་གཏུམ་དྲག་ལ་སོགས་པ། དུར་ཁྲོད་ཆེན་པོ་འཇིགས་སུ་རུང་ཞིང་ཞེས་པ་ནས། མཆོད་རྫས་སྣ་ཚོགས་པས་གང་བའོ། །ཞེས་པའི་བར་


TNT06_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སྙིང་པོ་བཞིན་དུ་ཤེས་པར་བྱའོ། །རྒྱས་པ་ལ་མོས་ན། ཤིང་དང་ཕྱོགས་སྐྱོང་དང༌། ཞིང་སྐྱོང་དང༌། ཀླུ་དང༌། སྤྲིན་ལ་སོགས་པ་སྤྱི་དང་མཐུན་པར་གསལ་བཏབ་ཀྱང་ལེགས་ལ། ཡང་ན་རྭ་བའི་ལུགས་ལྟར་ཤར་ནས་ཕྱོགས་གཡས་སྐོར་དང༌། མེ་ནས་མཚམས་གཡས་སྐོར་གྱིས། གཏུམ་དྲག་དྲག་ཏུ་རྒོད་པ་དང༌། །དྲག་པོ་མུན་བྱེད་ཅ་ཅོ་སྒྲོག །བི་བྷི་ཥ་ཎ་འབར་བའི་རིགས། །དམྱལ་སོགས་དབྱིབས་ཅན་དུར་ཁྲོད་བརྒྱད། །ན་ག་གེ་སར་པ་ལ་ཀྵ། །བྱང་ཆུབ་ཤིང་དང་པ་ཊ་ལི། །ཨརྫུ་ན་དང་པ་ལ་ཤ ། ཨུ་དུམ་བ་ར་ཨ་མྲ་ཤིང༌། །ཞིང་སྐྱོང་ཨཊྚ་ཧ་ས་དང༌། །ཙི་ར་ཊ་དང་ཀིལ་ཀི་ནི། །ཛ་ཡན་ཏ་དང་པྲ་ཡན་ཏ། །སྣ་ཛུ་མ་དང་ལྷའི་འཁོར་ལོ། །ཨུ་ཙ་ཡ་རྣམས་ལུས་ཕྱེད་ཐོན། །སྒྲོག་བྱེད་སེར་པོ་ལྡོག་བྱེད་སྔོ། །འཇིགས་བྱེད་དཀར་པོ་འཁོར་བྱེད་སེར། །འགེངས་བྱེད་དམར་པོ་ཆར་འབེབས་སྔོ། །གཏུམ་པ་ནག་པོ་འཐུག་པོ་དཀར། །ནོར་རྒྱས་སེར་པོ་པདྨ་དཀར། །སྟོབས་རྒྱུ་ནག་པོ་འཇོག་པོ་དམར། །ཧུ་ལུན་ཏ་སྔོ་རིགས་ལྡན་ལྗང༌། །དུང་སྐྱོང་སེར་པོ་པད་ཅན་དཀར། །ཞེས་པ་ལྟར་བསྒོམས་ཀྱང་རུང་ལ། ཞིང་སྐྱོང་རྣམས་ཡུམ་དང་བཅས་པ་འཁོར་མཁའ་འགྲོ་རིགས་དྲུག་དྲུག་གིས་བསྐོར་བ་ཡང་ཡོད་དོ། །ཡང་ན་ཞིང་སྐྱོང་བརྒྱད་ནི། ཤར་དུ་གཏུམ་པོ་སེར་པོ་སྤྱི་བླུགས་ཐོད་པ་འཛིན་པ། ཤར་ལྷོར་དཔལ་འཛིན་དམར་པོ་འཕྲེང་བ། ལྷོར་རྣམས་འཇིགས་ནག་པོ་དབྱུག་པ། ལྷོ་ནུབ་ཏུ་དྲག་པོ་མུན་བྱེད་སེར་པོ་གྲི་གུག ནུབ་ཏུ་འོད་ཀྱི་འཕྲེང་བ་ཅན་དཀར་པོ་སྦྲུལ་ཞགས། ནུབ་བྱང་དུ་ཅ་ཅོ་སྒྲོག་པ་སྔོན་པོ་རླུང་རས་སྔོ་སྐྱ། བྱང་དུ་གྷ་བ་ཏ་ར་སེར་པོ་རྡོ་རྗེ། བྱང་ཤར་དུ་གད་མོ་ཆེར་སྒྲོགས་པ་དཀར་པོ་རྩེ་གསུམ་དང་ཐོད་པ་འཛིན་


TNT06_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཐམས་ཅད་ཀྱང་སྤྱན་གསུམ་དྲག་པོའི་ལུས་ཅན་ནོ། །འདི་སློབ་དཔོན་ཀ་མ་ལ་རཀྵི་ཏས་ནག་པོའི་སྒྲུབ་ཐབས་སུ་གསུངས་པའི་ལུགས་ཡིན། དུར་ཁྲོད་ཀྱི་མངོན་པར་རྟོགས་པ་འདི། འདིར་བསྟན་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་ཐམས་ཅད་ལ་འཁྱེར་བར་བྱའོ། །དེ་ནས་འདི་སྐད་ཅེས་བྱ་སྟེ། སྲུང་བའི་འཁོར་ལོའི་ནང་དུ། པད་ཟླ་ལ་གནས་པའི་སཾ་ལས་རྡོ་རྗེ་སཾ་གྱིས་མཚན་པ་ལས། ཆོས་ཀྱི་འབྱུང་གནས་གྲུ་གསུམ་ཕྱི་དཀར་ལ་ནང་ཅུང་ཟད་དམར་བ། རྩ་བ་ཕྲ་བ་ཐུར་དུ་བསྟན་ཅིང་གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པ། ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ངོ་བོ། དེའི་ནང་དུ་པཾ་ལས་སྣ་ཚོགས་པདྨ་དང༌། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་བརྩེགས་པའི་ལྟེ་བར། བྷྲུཾ་ལས་འཁོར་ལོ་དཀར་པོ་རྩིབས་བཅུ་གཉིས་པ་བྷྲུཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་རང་བཞིན་གཞལ་མེད་ཁང་གྲུབ་པར་གྱུར། ཅེས་སོ། །ཆག་ལོ་དང་བླ་མ་ཆོས་ཀྱི་རྒྱལ་པོ་དང༌། ཤོང་བློ་བརྟན་རྣམས་ཀྱིས་སྐབས་འདིར་རྣམ་སྣང་ཞལ་ཕྱག་གི་རྣམ་པ་ཅན་མི་བསྐྱེད་པ་ཉིད་བླ་མའི་མན་ངག་ཏུ་སྣང་ཞིང་འཇུག་པ་བདེ་ལ། མཁས་མཆོག་བུའི་རྣལ་འབྱོར་བཞི་གསལ་སོགས་ཕྱི་མ་རྣམས་ལས་རྣམ་སྣང་སྐྱེད་པར་མཛད་པ་ཡང༌། རྟག་པའི་ཡན་ལག་ཡང་དག་བྱུང༌། །ཞེས་དཔལ་འཛིན་གྱི་གཞུང་གི་དགོངས་པར་ནི་གསལ་ལོ། །གཞན་ཡང་སྒྲུབ་ཐབས་འགའ་ཞིག་ལས། ཀུན་ཏུ་བཟང་པོ་ཞལ་ཕྱག་གི་རྣམ་པ་ཅན་བསྐྱེད་ནས། དེ་ཞུ་བ་ལས་ཆོས་འབྱུང་དགོད་པ་དང༌། ས་བོན་ལས་བསྐྱེད་པའི་འབྱུང་བ་བཞི་གཅིག་ཏུ་འདུས་པ་ལས། རྣམ་སྣང་དུ་སྐྱེད་པ་དང༌། དེ་ཞུ་བ་ལས་གཞལ་ཡས་ཁང་བསྒོམ་པ་ཡོད་ཅིང༌། སྒྲུབ་ཐབས་གཞན་འགའ་ལས་ཀྱང༌། དེ་དང་ཕྱོགས་མཚུངས་སུ་བཤད་པ་དང༌། ནག་པོའི་རྒྱུད་ལེའུ་བཅོ་བརྒྱད་པ་དང༌།


TNT06_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོའི་རྒྱུད་ལེའུ་བཅུ་དགུ་པ་འདི་དག གསང་བ་འདུས་པའི་རྗེས་སུ་འགྲོ་བའི་རྒྱུད་ཀྱང་ཡིན་མོད་ཀྱི། གསང་འདུས་ནི་རྒྱུད་རྒྱས་པ་ཡིན་ཞིང༌། དེ་ལ་ཆོ་གའི་སྤྲོས་པ་ཡང་རྒྱས་པ་འཆད་ཅིང་འོས་ཀྱང༌། འབྱུང་བཞི་ནི་གསང་འདུས་ཡེ་ཤེས་ཞབས་ལུགས་ལའང་མེད་ལ། འདི་ནི་རྒྱུད་བསྡུས་པ་ཉིད་ཀྱི་ཕྱིར། ཆོ་ག་ཡང་ཅུང་ཟད་བསྡུས་པ་སྦྱོར་རིགས་པས། དོན་གྱི་རྐང་འདྲ་བ་ལ་བསྡུས་པ་འཐད་པས། ཆོས་འབྱུང་དང་གཞལ་ཡས་ཁང་གི་རྒྱུར་ལྷ་སྐུ་མི་བསྒོམ་པར། དེ་དང་དེ་ལྷའི་ངོ་བོར་མོས་པ་བྱེད་པ་ཉིད་ལེགས་ཤིང༌། གཞལ་ཡས་ཁང་གི་རྒྱུར་འབྱུང་བཞི་བསྒོམ་པ་ནི། དམར་པོའི་རྒྱུད་ལས་ལྷ་ལྔའི་ཕྱོགས་ལ་གསུངས་ཀྱང༌། བཅུ་གསུམ་མའི་ཕྱོགས་ནས་ནག་པོ་དང་མཚུངས་དགོས་པའི་ཕྱིར་དང༌། རྒྱུད་དེ་ལས་དེ་མི་འབྱུང་བའི་ཕྱིར། རྒྱུད་ཀྱི་དགོངས་པའི་བསྟན་ཚོད་ཐོབ་ཐང་དང་བསྟུན་ན། དམར་པོ་བཅུ་གསུམ་མའི་སྐབས་འདིར་བསྒོམ་མི་དགོས་སོ། །དེ་ལྟ་ན་ཡང་སློབ་དཔོན་དཔལ་འཛིན་ཉིད་ཀྱི་བཞེད་གཞུང་སྲོང་ན། ཆོས་འབྱུང་གི་སྐབས་སུ། སཾ་བྱུང་རྡོ་རྗེ་བཟང་པོ་ཡི། །ཡན་ལག་ཆོས་འབྱུང་ཟུར་གསུམ་དཀར། །ཞེས་རྡོ་རྗེའི་ཡན་ལག་སྟེ། རྡོ་རྗེའི་གཟུགས་ལས་བྱུང་བར་བཤད་པ་དང༌། གཞལ་ཡས་ཁང་ལ་འཁོར་ལོའི་ཡན་ལག་ཅེས་མི་གསུངས་པར། རྟག་པའི་ཡན་ལག་གཅེས་འབྱུང་བས། རྣམ་སྣང་ཞུ་བ་ལས་གཞལ་ཡང་ཁང་བསྒོམ་ཉིད་གཞུང་དེའི་ལུགས་ལ་དགོས་པར་གསལ་ལོ། །འདིར་དཔལ་འཛིན་གྱི་བཞེད་གཞུང་རྗེས་སུ་སྐྱོང་ན་དེའི་རང་ལུགས་ཡིན་པས་རྣམ་པ་གཅིག་ཏུ་ན་སྒོམ་པའི་ལུགས་ལེགས་ལ། གཉིས་སུན་ཆོས་འབྱུང་གི་སྐབས་དང་དོད་སྙོམས་ཤིང་རྒྱུད་ན་མི་གསལ་བ་ཉིད་རྒྱུ་མཚན་ནོ། །དེ་ཡང་འདི་ལྟར། ཐར་པ་ཆེན་པོའི་ཁང་བཟང་གཞལ་ཡས་ཁང་རིན་པོ་ཆེ་སྣ་ལྔ་ལས་རྫོགས་པར་


TNT06_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ། ཐུབ་པའི་དབང་པོའི་འོད་ཟེར་གྱིས་མཐའ་ཡས་པའི་ཕྱོགས་ཀུན་ཏུ་ཁྱབ་པ། གྲུ་བཞི་པ། སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་དུ་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་དམར་པོས་བསྐོར་བའི་སྟེང་ན་གསེར་ཀྱི་སྐེ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ན་འཕྱང་བའི་དྲ་བ་དྲ་ཕྱེད། དེའི་སྟེང་དུ་བྱ་འདབས་ལས་འཕྱང་བའི་ཤར་བུ། སྟེང་དུ་མདའ་ཡབ་མཆོད་རྟེན་གྱི་དབྱིབས་ཅན་གྱིས་ཡོངས་སུ་བསྐོར་བ་ལ། རྒྱལ་མཚན་དང་བ་དན་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རྩིག་པའི་ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ། བཞུགས་སྟངས་དང་ཁ་དོག་སྣ་ཚོགས་པའི་གཟུངས་མ་རྣམས་ཀྱིས་མཆོད་རྫས་སྣ་ཚོགས་ཐོགས་ནས་བཅོམ་ལྡན་འདས་ལ་མཆོད་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ། བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་ཀྱི་རྩེ་མོར་པདྨ་ལ་གནས་པའི་འཁོར་ལོ་དང༌། གཡས་གཡོན་དུ་རི་དྭགས་ཕོ་མོས་བརྒྱན་པ། སྒོ་དང་སྒོ་ཁྱུད་གྱི་ཕྱི་མཚམས་དང༌། གྲྭ་བཞིར་ཟླ་ཕྱེད་ལ་གནས་པའི་རིན་པོ་ཆེ་ལ་རྡོ་རྗེས་མཚན་པ། རྟ་བབས་ཀྱི་གཡས་གཡོན་དུ་བུམ་པ་བཟང་པོ་དང་དཔག་བསམ་གྱི་ཤིང་དང༌། རྒྱལ་སྲིད་སྣ་བདུན་དང༌། སྤྲིན་གྱི་གསེབ་ནས་བྱུང་བའི་ལྷ་མོ་མེ་ཏོག་གི་འཕྲེང་བ་ཐོགས་པ་རྣམས་འཁོད་པ། གཞལ་ཡས་ཁང་གི་དབུས་ཀྱི་གཞི་ལ་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པ། རྡོ་རྗེའི་རྭ་རྣམས་དང༌། གཞལ་ཡས་ཁང་གི་སྟེང་འོག་གཞི་རྣམས། ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོན་པོའོ། །སྣ་ཚོགས་རྡོ་རྗེའི་


TNT06_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བ་གྲུ་བཞི་ལ། མཐའ་ནས་རྡོ་རྗེ་སྔོན་པོའི་འཕྲེང་བས་བསྐོར་བ། སྣ་ཚོགས་རྡོ་རྗེའི་དབུས་ཀྱི་ལྟེ་བ་དང༌། ཤར་གྱི་རྭ་རྩ་དང༌། རྡོ་རྗེ་རྭའི་མཚམས་ཀྱི་གྲྭ་བཞི་པོ་རྣམས་སུ། ཟླ་བའི་གདན། རྭའི་རྩ་བ་གཞན་གསུམ་དང༌། སྒོ་བཞིར་ཉི་མའི་གདན། ཉི་ཟླ་ཐམས་ཅད་ཀྱང་སྣ་ཚོགས་པདྨའི་ལྟེ་བ་ལ་གནས་པའོ། །དེ་ཡན་ཆད་ནི་རྣལ་འབྱོར་བཞིའི་སྔོན་འགྲོའི་ཆོས་ཡིན་ཡང༌། རྣལ་འབྱོར་དང་པོའི་ཁོངས་སུ་བསྡུ་བར་བྱའོ། །དབུས་ཀྱི་གདན་གྱི་སྟེང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨ་ཨཻ། ཨོ་ཨཽ། ཨཾ་ཨཿ ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དཀར་པོ། དེའི་སྟེང་དུ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ། ཕྲག་གཉིས་རྣམས་ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དམར་པོ། དེ་ལྟར་ཟླ་བ་གཉིས་ཁ་སྦྱོར་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་གཉིས་གཅིག་ཏུ་འདྲེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་སྟེང་དུ་ཧཱུཾ་ཡིག་དཀར་ལ་དམར་བའི་མདངས་ཆགས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །འདིར་དམར་པོ་བཅུ་གསུམ་མའི་སྒྲུབ་ཐབས་ཆག་འགྱུར་ལས། མཉམ་པ་ཉིད་ནི་དེ་གཅིག་ཉིད། །སོ་སོར་ཀུན་རྟོག་དེ་བྱུང་ཧཱུཾ། །ཞེས་ཟླ་གཉིས་གཅིག་ཏུ་འདྲེས་པ་དེ་ལས་བྱུང་བའི་ཧཱུཾ་ཡིག་ཅེས་པའི་དོན་དུ་སྣང་བ། དམར་པོ་བཅུ་གསུམ་མའི་སྒྲུབ་ཐབས་ལ་ཆག་ལོ་སོགས་བོད་སྔ་ཕྱི་ཕལ་ཆེར་དེ་བཞིན་དུ་འདོད། འོན་ཀྱང་དཔལ་འཛིན་གྱི་ནག་པོའི་སྒྲུབ་ཐབས་འགྱུར་རྙིང་རྣམས་སུ། དེ་དག་གཅིག་གྱུར་མཉམ་པ་ཉིད། །དེར་སྐྱེས་ཧཱུཾ་ནི་སོ་སོར་རྟོག །ཅེས་བསྒྱུར་བ་ལེགས་པར་མཐོང་ལ།


TNT06_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་འདིར་ཡང༌། དེ་བྱུང་ཞེས་པ། དེར་བྱུང་ཞེས་གནས་གཞིའི་སྒྲ་ཡོད་པར་བྱས་ནས། ཟླ་བ་གཉིས་ཞུ་བའི་སྟེང་དུ་ས་བཽན་དང་ཕྱག་མཚན་བསྒོམ་པར་བྱས་ན། གཤིན་རྗེ་གཤེད་བཅུ་གསུམ་འཁོར་ལོའི་རྒྱུད་གཞུང་གཞན་ཐམས་ཅད་དང་མཐུན་ཅིང༌། ཞབས་ལུགས་སོགས་དང་ཡང་མཚུངས་པར་འགྱུར་བས་དེ་བཞིན་དུ་བྱས་ན་ལེགས་སོ་སྙམ་པ་ནི་བདག་གི་རྣམ་རྟོག་ཡིན་ཞིང༌། བླ་མ་ཆོས་ཀྱི་རྒྱལ་པོས་ཀྱང་བཤད་དོ། །དམར་པོ་བཅུ་གསུམ་མ་ལ། དཱ་ན་ཤཱི་ལ་དང་གློ་བོ་ལོ་ཙཱ་བའི་འགྱུར་ཡོད་འདུག་པ་རྙེད་ན་བརྟག་པར་བྱ་ལ། ཆག་ལུགས་ལ་འཕགས་སྐོར་གྱི་རིགས་འགྲེ་བྱུང་ངམ་སྙམ་མོ། །དེ་ལས་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པ། དེའི་དབུས་སུ་ཉི་མ་ལ་ཧཱུཾ་དམར་པོས་མཚན་པར་གྱུར། ཨོཾ་བཛྲ་དཎྜ་ཨཏྨ་ཀོ྅ཧཾ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་རྒྱུ་རྡོ་རྗེ་འཆང་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་གཤིན་རྗེ་གཤེད་སྐུ་མདོག་དཀར་ལ་ཡིད་ཙམ་དམར་བའི་མདངས་ཅན། རོལ་པའི་ཁྲོ་བོ་ཆེན་པོ་སྤྱན་གསུམ་པ་དབུ་སྐྲ་གྱེན་བརྫཻས་སྟག་ལྤགས་དང་སྦྲུལ་རྒྱན་ཅན། ཕྱག་གཡས་པས་ཐོད་དབྱུག་དང༌། གཡོན་པས་ཐོད་ཁྲག་འཛིན་པ། པད་ཟླ་ལ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ། རང་སྣང་གི་ཡུམ་གྱིས་འཁྱུད་པའོ། །འདི་ནི་སྐུ་མཛེས་ཤིང་རོལ་པའི་ཁྲོ་བོ་ཡིན་པ་དང༌། མ་ཧེའི་གདན་མེད་ཅིང་སྐུ་མདོག་གི་ཁྱད་པར་ཙམ་མ་གཏོགས། གཞན་ཁྱད་པར་ཡེ་མ་གསུངས་པས་ཆེས་གཟིགས་སུ་ཡངས་པའི་མཁས་པ་འགའ་ཞིག་གིས་ཀྱང༌། འདི་སྒེག་པའི་ཁྲོ་བོ་ཡིན་པས། དབུ་སྐྲ་དམར་སེར་གྱེན་བརྫེས་དང་སྨ་ར་མེད། ཐོད་པ་སྐམ་རློན་དང་སྟག་ལྤགས་


TNT06_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་རྒྱན་སོགས་མི་རུང་ངོ་གསུང་བ་ནི། ཀྱཻ་རྡོར་བདེ་མཆོག་སོགས་ཧེ་རུ་ཀ་སྒེག་ཁྲོས་ཆེན་པོ་རྣམས་ལ་ཇི་ལྟར་ཡོད་པ་ཐུགས་ཀྱིས་སྙེལ་པའོ། །དེ་དག་ནི་མངོན་བྱང་ལྔ་ལས་རྒྱུའི་རྡོ་རྗེ་འཛིན་པ་རྫོགས་པ་སྟེ། རྣལ་འབྱོར་བཞི་ལས་རྣལ་འབྱོར་དང་པོའོ། །དེ་ནས་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་རྐྱེན་གྱིས་ཡབ་ཀྱི་ཐུགས་ཀའི་ཧཱུཾ་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས། འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་གཟུགས་བརྙན་དུ་བྱས་ཏེ། ཐམས་ཅད་ཀྱང་བདེ་བ་ཆེན་པོའི་ངོ་བོར་ཞུ་སྟེ། རང་ཉིད་ལ་ཐིམ། རང་སེམས་ཀྱི་སྣང་བའི་གཙོ་བོ་ནམ་མཁར་གནས་ལ། ཨོཾ་ཨཱཿཧཱུཾ་ཧོཿ དམར་པོ་གཉིས་ཀྱི་མཐའ་བརྟེན་པར་གྱུར་པའི་ཡི་གེ་ལྔ་པོ་དེ་ཉིད་སྐར་མདའ་འཕོ་བ་ལྟར་བྱོན་ཏེ། རྡོ་རྗེ་འཆང་ཆེན་པོའི་སྐུ་ལ་ཞུགས། གཞི་ལ་གནས་པའི་བྱང་ཆུབ་ཀྱི་སེམས་དང་འདྲེས། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨའི་ནང་དུ་ཆུད་པ་ཙམ་གྱིས། དཔལ་བདེ་བ་ཆེན་པོ་ཡབ་ཡུམ་གྱི་སྐུ་ཡང༌། དེ་དག་དང་རོ་གཅིག་པར་བྱང་ཆུབ་ཀྱི་སེམས་སུ་ཞུ་སྟེ། འོད་གསལ་བའི་རང་བཞིན་ཐིག་ལེའི་ངོ་བོར་གྱུར་ཏོ། །འདི་ཆག་ལོའི་སྒྲུབ་ཐབས་ན། ཡབ་ཡུམ་ཞུ་བ་ཉིད་ཡི་གེ་ལྔར་གྱུར་པ་དང༌། གཞུང་ལས་སྐར་མདའ་འཕོ་བ་ལྟ་བུར་གསུངས་པའི་དོན་ཡང་ཡི་གེ་ལྔ་པོ་གཅིག་ལ་གཅིག་ཐིམ་ནས་མཐར་ཐིག་ལེར་གྱུར་པ་ལ་འཆད་དོ། །ལོ་ཙཱ་བ་དེ་ནི་མཁས་བཙུན་བཟང་བའི་ཚད་དུ་ཕྱིན་པ་དང༌། རྒྱ་བལ་པཎ་གྲུབ་ཀྱི་མན་ངག་ཕྱིན་ཅི་མ་ལོག་པ་མངའ་བ་དང༌། རྒྱལ་བའི་བསྟན་པ་གཅེས་པར་འཛིན་པས་རང་བཟོ་མི་མཛད་པའི་ཕྱིར། ལུགས་དེ་སྤོང་དུ་ནི་མི་རུང་ཡང་རྒྱུད་དང་གཞུང་གི་དགོངས་པ་ནི་དཀྱུས་སུ་བཤད་པ་ཉིད་ཡིན་ཞིང༌། ཡེ་ཤེས་ཞབས་


TNT06_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སོགས་ཕྱོགས་མཐུན་གྱི་རྒྱབ་རྟེན་རྣམས་དང་ཡང་མཐུན་ནོ། །ཡང༌། ཐིག་ལེ་ལས་སྤྲུལ་པའི་ཙརྩི་ཀཱ་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་ཕྱོགས་བཞིར་འཁོད་ནས། འོད་གསལ་ལས་བཞེངས་པར་བསྐུལ་བ་ནི། ཐུགས་རྗེའི་ཁྲོ་བོ་རྗེ་བཙུན་ཉིད་བཞེངས་ཤིག །ས་གསུམ་མཐའ་དག་རྨོངས་པ་བསལ་མཛོད་ཅིག །ཇོ་བོ་བདུད་བཞི་པོ་འདི་ལས་རྒྱལ་བ། །སེམས་ནི་གཡེངས་སོ་རྗེ་བཙུན་ཉིད་བཞེངས་ཤིག །འདིར་སེམས་ནི་གཡེངས་སོ་ཞེས་པ་ཤོང་བློ་བརྟན་གྱིས། དགྱེས་པའི་ཐུགས་ཀྱིས་ཞེས་བསྒྱུར་བ་དོན་ལེགས་པ་འདྲའོ། །འཇིག་རྟེན་མགྲོན་གཉེར་སྟོང་ཉིད་བཞུགས་སམ་ཅི། །རྗེ་བཙུན་འཇིག་རྟེན་བསོད་ནམས་ཉིད་ཀྱིས་བཞེངས། །བྱང་ཆུབ་རང་བཞིན་འཇིག་རྟེན་མགྲོན་གཉེར་ནས། ཁྱོད་ནི་སྟོང་ཉིད་སེམས་ཤིང་ཅི་ལ་བཞུགས། །ཞེས་བསྐུལ་བས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ཕུང་པོ་ཆ་གཉིས་སུ་གྱུར་པའི་ཆ་ཤས་གཅིག ཆ་གསུམ་དུ་གྱུར་ཆ་ཤས་དང་པོ། པཾ་ལས་སྣ་ཚོགས་པདྨ། ཡང་ཆ་ཤས་གཉིས་པ་ཨཾ་ལས་ཉི་མའི་དཀྱིལ་འཁོར། ཡང་ཆ་ཤས་གསུམ་པ་མཾ་ལས་མ་ཧེ་དམར་པོ་དྲེགས་ཤིང་ཁྲོས་པས་སྡང་བ་དང་གདུག་པ་ཐམས་ཅད་གསོད་ཅིང་དངངས་པར་བྱེད་པ། སྨིན་རྫི་དང་སྨ་ར་རབ་ཏུ་འབར་བ། མེ་ལྕེ་འབར་བའི་རྭ་བརྡར་ཞིང༌། རྨིག་པ་བརྡབས་པས་འཇིགས་པའང་འཇིགས་པར་བྱེད་པ། མི་རུས་ཀྱི་འཕྲེང་བས་བརྒྱན་པར་གྱུར། གདན་དེ་རྣམས་བརྩེགས་པའི་སྟེང་དུ། བྱང་ཆུབ་སེམས་ཀྱི་ཕུང་པོ་སྟེང་མ་ཆ་ཅི་ཤོས་དེ་ཧཱུཾ་ཡིག་དམར་པོར་གྱུར། དེ་ལས་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པ། དེའི་དབུས་སུ་གཟུགས་


TNT06_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་ཤར་བའི་ཚུལ་གྱིས་ཉི་མ་ལ་གནས་པའི་ཧཱུཾ་དམར་པོའོ། །དེ་ལས་འོད་ཟེར་སྣ་ཚོགས་པ་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་ཐམས་ཅད་གཤིན་རྗེ་གཤེད་ཀྱི་གོ་འཕང་ལ་བཀོད། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ། དཔའ་བོ་ཆེན་པོ་ཉི་མ་བྱེ་བའི་འོད་དང་མཚུངས་པ། སྒེག་པ་ལ་སོགས་པ་གར་དགུའི་ཉམས་ཀྱི་རོ་དང་ལྡན་པ། བདུད་ཀྱི་དཀྱིལ་འཁོར་མ་ལུས་སྲེག་པར་བྱེད་པའི་ཡེ་ཤེས་ཀྱི་མེ་དཔུང་དྲག་ཏུ་འཕྲོ་ཞིང་འབར་བའི་དབུས་ན་བཞུགས་པ། ཞལ་གཅིག་ཕྱག་གཉིས། གཡས་འཇིག་རྟེན་གསུམ་འདུལ་བར་བྱེད་པའི་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན། མི་མགོ་རློན་པ་སེར་པོས་མཚན་པ་སྟེང་དུ་འཕྱར་བ། གཡོན་ཐོད་པ་དཀར་པོ་ཡེ་ཤེས་བདུད་རྩི་རྣམ་པ་ལྔས་གང་བ་ཐུགས་ཀའི་ཐད་ཀར་འཛིན་པའི་ཚུལ་གྱིས་ཡུམ་ལ་འཁྱུད་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དྲག་པོའི་ལྟ་སྟངས་ཀྱིས་གཟིགས་ཤིང་མེ་འོད་འཕྲོ་བ། དྲག་ཏུ་འབར་བའི་མཆེ་བ་གཙིགས་ཤིང་ལྗགས་སྐྱོད་པ། བཞིན་ཤིན་ཏུ་འགྱུར་བའི་ཁྲོ་གཉེར་འཇིགས་སུ་རུང་ཞིང༌། མགྲིན་པ་ཧཱུཾ་གི་སྒྲས་གང་བ། སྨ་ར་སྨིན་མ་དབུ་སྐྲ་ཁམས་སེར་གྱེན་དུ་བརྫེས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པའི་གྱད་ཆེན་པོའི་འདོར་སྟབས་ཀྱིས་པདྨ་ཉི་མ་མ་ཧེ་གདོང་གཡས་སུ་བསྟན་པ་རྣམས་བརྩེགས་པའི་གདན་ལ། གཤིན་རྗེ་ནག་པོ་དབྱུག་པ་དང་ཞགས་པ་ཐོགས་པ་ཁ་བུབ་ཏུ་བསྒྱེལ་ཞིང་བརྗིས་པས་དེ་བརྒྱལ་ཞིང་མྱོས་པ། སྐུ་སྤོམ་ཞིང་ཐུང་བ། གསུས་ཁྱིམ་ཆེ་བ། བདུད་བཞི་བསྒྲལ་


TNT06_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཁྲག་གི་ཚོགས་ལ་རོལ་བ། སྟག་གི་ལྤགས་པའི་སྨད་དཀྲིས་ཅུང་ཟད་གྲོལ་ཞིང༌། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། ཀླུའི་རྒྱལ་པོ་མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་ཤིང༌། འཇོག་པོ་དམར་པོས་རྣ་རྒྱན་བྱས་པ། རིགས་ལྡན་ཁྲ་བོས་དཔུང་པ་བརྒྱན་ཅིང༌། དུང་སྐྱོང་སེར་པོས་ཕྱག་གདུབ་བྱས་པ། པདྨ་དཀར་པོས་མགུལ་བ་བརྒྱན་ཅིང༌། སྟོབས་ཀྱི་རྒྱུ་ལྗང་ཁུས་མཆོད་ཕྱིར་ཐོགས་བྱས་པ། ནོར་རྒྱས་ཀྱི་བུ་བདུད་རྩིའི་ཁ་དོག་ལྟ་བུས་སྐེ་རགས་བཅིངས་པ། པདྨ་ཆེན་པོ་དཀར་པོས་ཞབས་གདུབ་བྱས་པ། ཐམས་ཅད་ཀྱང་གདུག་པའི་སྦྲུལ་ནོར་བུའི་གདེངས་ཀ་དང༌། ལྕེ་གཉིས་འབར་བའི་འཕྲེང་བ་ཅན་ནོ། །དེ་ལ་འཁྱུད་པའི་བཅོམ་ལྡན་འདས་མ་ཡང་སྐུ་མདོག་དང༌། ཕྱག་མཚན་དང༌། རྒྱན་རྣམས་བཅོམ་ལྡན་འདས་དང་མཚུངས་པ་ལས། གཅེར་བུ་མི་མགོ་སྐམ་པོའི་དོ་ཤལ་ཅན། ཚངས་སྐུད་སྤངས་པ། ཕྱག་གཉིས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང༌། ཞབས་གཡས་བརྐྱང་གི་སྟབས་ཀྱིས་མཉམ་པར་སྦྱོར་བ། ཁྲོ་མོའི་དབང་ཕྱུག་མཆོག་གི་ཆ་བྱད་རྫོགས་པའོ། །གཙོ་བོའི་ཐུགས་ཀར་ཧཱུཾ་ལས་བྱུང་བའི་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན། མི་མགོ་རློན་པ་སེར་པོས་མཚན་པ་ནི་ཡེ་ཤེས་སེམས་དཔའ། དེའི་ནང་གི་དབུས་སུ་ཧཱུཾ་ཡིག་དམར་པོ་མར་མེ་ལྟར་རབ་ཏུ་འབར་བ་ཉི་མ་ལ་གནས་པ་ནི་ཏིང་ངེ་འཛིན་སེམས་དཔའ་འོ། །གཞུང་ལས་སེམས་དཔའ་གསུམ་བརྩེག་གི་རྗེས་སུ་ཡུམ་བསྐྱེད་པ་འདྲ་རུང་ཅིག་ཡོད་པ་ནི་བཤད་པའི་གོ་རིམ་ཡིན་ཞིང༌། དོན་དུ་གཙོ་བོ་ཡབ་ཡུམ་དང་ཐུགས་ཀའི་སེམས་དཔའ་གཉིས་རྣམས་དུས་གཅིག་ཏུ་བསྐྱེད་པ་


TNT06_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས། ཆོ་ག་སྔ་ཕྱིའི་རིམ་པ་མ་ཡིན་པའི་ཕྱིར། དམིགས་པས་དེ་ལྟར་བསྒོམ་དགོས་པར་གོ་ན། ངག་གི་བརྗོད་ཚུལ་སྔ་ཕྱི་ལ་ཁྱད་མེད་དོ། །ཡབ་ཀྱི་གསང་གནས་ཧཱུཾ་ལས་བྱུང་བའི་རྡོ་རྗེ། ཨོཾ་ལས་བྱུང་བའི་ནོར་བུ་བུ་གར་ཕཊ་ཀྱིས་བཀག་པ། ཡུམ་གྱི་པདྨ་ཨཾ་ཡིག་ལས་བྱུང་བའི་མཚོ་སྐྱེས། ཧྲཱིཿལས་བྱུང་བའི་ཟེ་འབྲུ་བུ་གར་ཕཊ་ཀྱིས་མཚན་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། རྗེས་ཆགས་ཀྱི་སྤྱོད་པ་སྔོན་དུ་འགྲོ་བས། སྙོམས་པར་ཞུགས་པ་ལས་དགའ་བ་བཞིའི་རིམ་པས་ལྷན་ཅིག་སྐྱེས་པ་མངོན་དུ་བྱས་པར་གྱུར། ཡུམ་གྱི་ལྟེ་བའི་འོག་ཏུ་པདྨ་དམར་པོའི་ལྟེ་བར། ཧྲཱིཿཡིག་དམར་པོ། རང་གི་སྤྱི་བོའི་བདུད་རྩི་ལས་འཐོན་པའི་རེ་ཁ་དཀར་པོ་པདྨའི་སྣལ་མ་ལྟ་བུ། ཧྲཱིཿཡིག་གི་རྩེ་མོར་འབབ་བཞིན་པར་གྱུར། འདི་ལ་ཤེས་རབ་འཕེལ་བའི་ཆོ་ག་ཞེས་བྱའོ། །དེ་ནས་བྱང་ཆུབ་མཆོག་གི་ང་རྒྱལ་དང་བཅས་པས། ཨོཾ་དྷརྨཱ་དྷ་ཏུ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་བརྗོད་ཏེ། དེ་ལྟར་རྗེས་ཆགས་ཀྱི་རྒྱུ་བདེ་བ་བསྒོམ་པ་དང༌། བར་སྲིད་ཞུགས་པས་ཞུ་བ་དང༌། གླུས་བསྐུལ་བ་དང༌། སེམས་དཔའ་གསུམ་བརྩེག་ཏུ་བཞེངས་པ་དང༌། རྗེས་ཆགས་དང༌། ཤེས་རབ་སྐྱེད་པ་དང༌། བྱང་ཆུབ་མཆོག་གི་ང་རྒྱལ་བཟུང་བ་སྟེ། དོན་ཚན་བདུན་པོ་དེ་ནི་རྗེས་སུ་རྣལ་འབྱོར་རོ། །རང་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། རང་གི་ཞལ་དུ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨ་སྤྲོས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་ཆ་གཅིག་གཞལ་ཡས་ཁང་མཚན་


TNT06_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྷའི་གདན་དང་བཅས་པར་གྱུར། ཆ་གཅིག་ཆ་བཅུ་བདུན་དུ་གྱུར་པ། དེ་རྣམས་ཡ་ཀྵེ་མ་མེ་ད། ཡཙྪ་ནི་རཱ་ཛ་ས་དོ་རུ། ཎ་ཡོ་ནི་རཱ་རྣམས་སུ་གྱུར། དབུས་ཀྱི་གདན་གྱི་སྟེང་དུ་ཡ་ལས་བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་དམར་པོ། དཔའ་བོ་ཆེན་པོ་ནས། ཁྲོ་མོའི་དབང་ཕྱུག་མཆོག་གི་ཆ་བྱད་རྫོགས་པའོ། །སྙིང་པོའི་ཤར་དུ་ཀྵེ་ལས་འཁོར་ལོ་ཀྵེས་མཚན་པ་ལས་གཏི་མུག་གཤིན་རྗེ་གཤེད་སྐུ་མདོག་དཀར་པོ། ཕྱག་གཡས་ན་འཁོར་ལོ་བསྣམས་པ། ལྷོར་མ་ལས་རིན་པོ་ཆེ་མས་མཚན་པ་ལས། ཕྲ་མ་གཤིན་རྗེ་གཤེད་སེར་པོ་གཡས་རིན་པོ་ཆེ་འཛིན་པ། ནུབ་ཏུ་མེ་ལས་པདྨ་མེས་མཚན་པ་ལས། འདོད་ཆགས་གཤིན་རྗེ་གཤེད་དམར་པོ་གཡས་ན་པདྨ་འཛིན་པ། བྱང་དུ་ད་ལས་རལ་གྲི་དས་མཚན་པ་ལས། ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ། གཡས་རལ་གྲི་བསྣམས་པ། ཤར་སྒོར་ཡ་ལས་ཐོ་བ་ཡས་མཚན་པ་ལས། ཐོ་བ་གཤིན་རྗེ་གཤེད་མཐིང་ཁ། །ཕྱག་གཡས་རྡོ་རྗེ་ཐོ་བ་རྭ་ཉི་ཤུ་པ་བསྣམས་པ། ལྷོ་སྒོར་ཙྪ་ལས་དབྱུག་པ་ཙྪས་མཚན་པ་ལས། དབྱུག་པ་གཤིན་རྗེ་གཤེད་དཀར་པོ། ཕྱག་གཡས་ཐོད་དབྱུག་འཛིན་པ། ནུབ་སྒོར་ནི་ལས་པདྨ་ནི་ས་མཚན་པ་ལས། པདྨ་གཤིན་རྗེ་གཤེད་དམར་པོ། ཕྱག་གཡས་པདྨ་འཛིན་པ། བྱང་སྒོར་རཱ་ལས་རལ་གྲི་རཱས་མཚན་པ་ལས། རལ་གྲི་གཤིན་རྗེ་གཤེད་ལྗང་སྔོན། ཕྱག་གཡས་རལ་གྲི་འཛིན་པ། དེ་ལྟར་ཁྲོ་བོ་བརྒྱད་པོ་རྣམས་རང་སྣང་གི་ཤེས་རབ་མ་ལ་འཁྱུད་པ། ལྷག་མ་གཙོ་བོ་དང་རྣམ་པ་མཚུངས་པའོ། །སྣ་ཚོགས་རྡོ་རྗེའི་གྲྭ་བཞིར་ཤར་


TNT06_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོར་ཛ་ལས་འཁོར་ལོ་ཛས་མཚན་པ་ལས། ཙརྩིཀཱ་དཀར་མོ་སྐེམ་ཞིང་ཁྲོས་པ། ཕྱག་གཡས་འཁོར་ལོ་འཛིན་པ། ལྷོ་ནུབ་ཏུ་ས་ལས་རྡོ་རྗེ་སས་མཚན་པ་ལས། ཕག་མོ་སྔོ་སངས་ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་འཛིན་པ། དྲག་མོ་ཆེན་མོ་ཕག་གི་གདོང་པ་ཅན། ནུབ་བྱང་དུ་དོ་ལས་པདྨ་དོས་མཚན་པ་ལས། དབྱངས་ཅན་མ་དམར་མོ་ཕྱག་གཡས་པདྨ་འཛིན་པ། ཞི་ཞིང་སྒེག་ལ་ཆགས་པའི་ཉམས་ཀྱིས་བརྒྱན་པའི་ཁྲོ་མོའོ། །བྱང་ཤར་དུ་རུ་ལས་རལ་གྲི་རུས་མཚན་པ་ལས། གཽ་རཱི་ལྗང་ཁུ་ཕྱག་གཡས་རལ་གྲི་འཛིན་པ། ཕག་མོ་དང་གཽ་རཱི་གཉིས་སྦོམ་ཞིང་ཐུང་ལ་ལྟོ་བ་རྒྱས་པ་སྟེ། གཏི་མུག་གཤིན་རྗེ་གཤེད་དང་ལྷ་མོ་བཞི་ཟླ་བའི་གདན། གཞན་རྣམས་ཉི་མའི་གདན་ལ་གཡོན་བརྐྱང་གི་སྟབས་ཀྱིས་གནས་ཤིང༌། ཐམས་ཅད་ཀྱང་ཕྱག་གཡོན་པས་ཐོད་པ་ཁྲག་གིས་གང་བ་བསྣམ་པ། ལྷ་མོ་རྣམས་ཀྱང་མཆོད་ཕྱིར་ཐོགས་སྤངས་ཤིང་ལྷག་མ་རྒྱན་དང་ན་བཟའ་སོགས་གཙོ་བོ་དང་མཚུངས་པའོ། །གཞལ་ཡས་ཁང་གི་གྲྭ་བཞིར། ཎ་ཡོ་ནི་ར། ཡི་གེ་བཞི་ཡོངས་སུ་གྱུར་པ་ལས། པདྨ་ལ་གནས་པའི་ཐོད་པ་བདུད་རྩིས་གང་བ་བཞིའོ། །དེ་ནས་དཀྱིལ་འཁོར་སྤྲོ་བ་ནི། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། མཁའ་ནང་གི་གཙོ་བོ་ཡབ་ཡུམ་དཔག་ཏུ་མེད་པ་སྤྲོས་ཕྱི་དབྱིབས་ཀྱི་བཅོམ་ལྡན་འདས་མ་གཙོ་བོ་དང་བཅས་པའི་བ་སྤུའི་བུ་ག་ནས་ཕྱིར་ཕྱུང༌། མཁའ་དབྱིངས་ཐམས་ཅད་ཡོངས་སུ་གང༌། སེམས་ཅན་ཐམས་ཅད་ཀྱི་དོན་མཛད། ཁྱད་པར་དུ་ཡང་ཉོན་མོངས་པ་ཞེ་སྡང་སྦྱངས། ཞེ་སྡང་གཤིན་རྗེ་གཤེད་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་


TNT06_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འདྲེས། དཀྱིལ་འཁོར་གྱི་གཙོ་བོ་རང་ཉིད་ཀྱི་ཐུགས་ཀར་ཐིམ། བདེ་སྟོང་གཉིས་སུ་མེད་པ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་དུ་གྱུར། ཨོཾ་ཛི་ན་ཛྲིཀ་སྭཱཧཱ། མཁའ་ནང་གི་གཏི་མུག་གཤིན་རྗེ་གཤེད་དཔག་ཏུ་མེད་པ་སྤྲོས། ཕྱི་དབྱིབས་ཀྱི་བཅོམ་ལྡན་འདས་མ་གཙོ་བོ་དང་བཅས་པའི་བ་སྤུའི་བུ་ག་ནས་ཕྱིར་བྱུང༌། མཁའ་དབྱིངས་ཐམས་ཅད་ཡོངས་སུ་གང༌། གཏི་མུག་གཤིན་རྗེ་གཤེད་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་གཅིག་ཏུ་འདྲེས། སེམས་ཅན་ཐམས་ཅད་ཀྱི་དོན་མཛད། ཁྱད་པར་དུ་ཡང་ཉོན་མོངས་པ་གཏི་མུག་སྦྱངས། ཕྱིའི་གཞལ་ཡས་ཁང་ཆེན་པོའི་ནང་གི་སྣ་ཚོགས་རྡོ་རྗེའི་ཤར་གྱི་རྭའི་རྩ་བར་པད་ཟླའི་གདན་ལ་འཁོད་པར་གྱུར། ཨོཾ་རཏྣ་དྷྲྀྀཀ་སྭཱཧཱ། ཕྲ་མ་གཤིན་རྗེ་གཤེད༴ ཁྱད་པར་དུ་ང་རྒྱལ་དང་སེར་སྣ༴ ཕྲ་མ་གཤིན་རྗེ་གཤེད་ཀྱི༴ ནང་གི་སྣ་ཚོགས་རྡོ་རྗེའི་ལྷོའི་རྭའི་རྩ་བར་པད་ཉི༴ ཨོཾ་ཨ་རོ་ལིཀ་སྭཱཧཱ། འདོད་ཆགས་གཤིན་རྗེ་གཤེད༴ ཁྱད་པར་འདོད་ཆགས་ཀྱི་རྣམ་རྟོག༴ འདོད་ཆགས་གཤིན་རྗེ་གཤེད་ཀྱི༴ ནུབ་ཀྱི་རྭའི་རྩ་བར༴ ཨོཾ་པྲཛྙཱ་དྷྲྀྀཀ་སྭཱཧཱ། ཕྲག་དོག་གཤིན་རྗེ་གཤེད༴ ཁྱད་པར་ཕྲག་དོག་གི་ཉེས་པ༴ ཕྲག་དོག་གཤིན་རྗེ་གཤེད་ཀྱི༴ བྱང་གི༴ ཨོཾ་མུད་ག་ར་དྷྲྀཀ་སྭཱཧཱ། ཐོ་བ་གཤིན་རྗེ་གཤེད༴ ཕུང་པོའི་བདུད་བཅོམ། དད་པའི་སྟོབས་ལ་བཀོད། ཤར་སྒོར༴ ཨོཾ་དཎྜ་དྷྲྀཀ་སྭཱཧཱ། དབྱུག་པ་གཤིན་རྗེ་གཤེད༴ ཉོན་མོངས་པའི་བདུད་བཅོམ། བརྩོན་འགྲུས་ཀྱི་སྟོབས་ལ་བཀོད། ལྷོ་སྒོར༴ ཨོཾ་པདྨ་དྷྲྀཀ་སྭཱཧཱ། པདྨ་གཤིན་རྗེ་གཤེད༴ འཆི་བདག་གི་བདུད་བཅོམ། དྲན་པའི་སྟོབས་ལ་བཀོད། ནུབ་སྒོ༴ ཨོཾ་ཁདྒ་དྷྲྀཀ་སྭཱཧཱ། རལ་གྲི་གཤིན་རྗེ་


TNT06_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད༴ ལྷ་ཡི་བུའི་བདུད་བཅོམ། ཏིང་ངེ་འཛིན་གྱི་སྟོབས་ལ་བཀོད། བྱང་སྒོར་པད་ཉི་ལ༴ ཨོཾ་མོ་ཧཱ་ར་ཏི་སྭཱཧཱ། ལྷ་མོ་ཙརྩི་ཀཱ༴ ཁྱད་པར་སའི་ཁམས་སྦྱངས། བྱམས་པ་ཆེན་པོ་ལ་བཀོད། སྣ་ཚོགས་རྡོ་རྗེའི་ཤར་ལྷོའི་གྲྭར་པད་ཟླ་ལ་འཁོད། ཨོཾ་དྭེ་ཥ་ར་ཏི་སྭཱཧཱ། ལྷ་མོ་རྡོ་རྗེ་ཕག་མོ༴ ཆུའི་ཁམས༴ སྙིང་རྗེ་ཆེན་པོ༴ སྣ་ཚོགས་རྡོ་རྗེའི་ལྷོ་ནུབ་ཀྱི་གྲྭར་པད་ཟླ་ལ༴ ཨོཾ་རཱ་ག་ར་ཏི་སྭཱཧཱ། ལྷ་མོ་རྡོ་རྗེ་དབྱངས་ཅན་མ༴ མེའི་ཁམས༴ དགའ་བ་ཆེན་པོ༴ ནུབ་བྱང་གི་གྲྭར་པད་ཟླ་ལ། ཨོཾ་བཛྲ་ར་ཏི་སྭཱཧཱ། ལྷ་མོ་རྡོ་རྗེ་གཽ་རཱི༴ རླུང་གི་ཁམས༴ བཏང་སྙོམས་ཆེན་པོ༴ བྱང་ཤར་གྱི་གྲྭར་པད་ཟླ་ལ༴ ཨོཾ་ཨཱཿཧཱུཾ། ལན་བཞི། ཐོད་པ་བཞི་གདན་དང་བཅས་པ༴ ཁྱད་པར་ཡུལ་དྲུག་གི་དྲི་མ་སྦྱངས། མངོན་པར་ཤེས་པ་དྲུག་ལ་བཀོད། ཕྱིའི་གྲྭ་བཞི་ལས་པདྨའི་གདན་ལ་འཁོད་པར་གྱུར། ཨོཾ་ཨཱཿཧཱུཾ། གཞལ་ཡང་ཁང་༴ ཁྱད་པར་སྣོད་ཀྱི་འཇིག་རྟེན་སྦྱངས། དག་པའི་ཞིང་ཁམས་ལ་བཀོད། ཕྱིའི་དཀྱིལ་འཁོར་ཆེན་པོའི་གཞལ་ཡས་ཁང་ལ་ཐིམ། ཞེས་སོ། །མངལ་དུ་གཞལ་ཡས་ཁང་བསྐྱེད་པ་སྤྲོ་བ་འདི་ཆག་ལོས་མ་མཛད། འདིའི་སྒྲུབ་ཐབས་མཛད་པ་པོ་བོད་ཕལ་ཆེར་གྱིས་མཛད་ཅིང༌། དེ་ཡང་རྒྱུད་གཞུང་གཞན་རྣམས་དང་མཐུན་པས་སྤྱིར་བཏང་དུ་ལེགས་པར་མངོན་པ་ལྟར་འདིར་ཡང་བཀོད་དོ། །འོན་ཀྱང་དམར་ནག་གི་སྒྲུབ་ཐབས་དཔལ་འཛིན་གྱིས་མཛད་པ་ན། མཁའ་ནང་དུ་གཞལ་ཡང་ཁང་མི་བསྐྱེད་པ་ཉིད་དེ། གཞུང་བསྡུས་པའི་ཕྱོགས་ལ་དེ་ཡང་ཤིན་དུ་འཐད་ཅིང་རིགས་པ་ནི་དགྱེས་རྡོར་བཞིན་ཏེ། དེ་ལྟ་བས་ན་ཇི་ལྟར་མོས་པ་དེ་ལྟར་བྱའོ། །དེ་ལྟར་སངས་རྒྱས་རྣམས་སྐུ་ལ་གཞུག་པ་དང༌།


TNT06_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ནང་དུ་དཀྱིལ་འཁོར་བསྐྱེད་པ་དང༌། སྤྲོ་བསྡུའི་སྒོ་ནས་ཕྱི་རོལ་ཏུ་འགོད་པ་སྟེ། དེ་དག་ནི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲོ་བ་ཤིན་ཏུ་རྣལ་འབྱོར་རོ། །ལྷ་ཐམས་ཅད་ཀྱི་མིག་ཏུ་ཀྵིཾ་ལས་འཁོར་ལོ་ཀྵིཾ་གིས་མཚན་པ་ལས། རྡོ་རྗེ་མིག་གཏི་མུག་གཤིན་རྗེ་གཤེད་ལྟ་བུ། རྣ་བར་ཛྲིཾ་ལས་རྡོ་རྗེ་ཛྲིཾ་གིས་མཚན་པ་ལས། རྡོ་རྗེ་རྣ་བ་ནག་པོ་རྡོ་རྗེ་དང་ཐོད་ཁྲག་འཛིན་པ། སྣར་ཁཾ་ལས་རིན་པོ་ཆེ་ཁཾ་གིས་མཚན་པ་ལས། རྡོ་རྗེ་སྣ་ཕྲ་མ་གཤིན་རྗེ་གཤེད་ལྟ་བུ། ལྕེ་ལ་གཾ་ལས་པདྨ་གཾ་གིས་མཚན་པ་ལས། རྡོ་རྗེ་ལྕེ་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུ། དཔྲལ་བར་སྐཾ་ལས་རལ་གྲི་སྐཾ་གིས་མཚན་པ་ལས། རྡོ་རྗེ་ལུས་ཕྲག་དོག་གཤིན་རྗེ་གཤེད་ལྟ་བུ། ལྟེ་བར་སཾ་ལས་རྡོ་རྗེ་སཾ་གིས་མཚན་པ་ལས། རྡོ་རྗེ་ཡིད་དཀར་པོ་རྡོ་རྗེ་དང་ཐོད་ཁྲག་འཛིན་པ། ཐམས་ཅད་ཀྱང་པད་ཟླ་ལ་གནས་ཤིང་རོལ་བའི་ཁྲོ་བོའི་ཚུལ་ཅན་ནོ། །ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། ཐུགས་རྡོ་རྗེ་ནག་པོ་རྡོ་རྗེ་དང་ཐོད་ཁྲག་འཛིན་པའི་ཐུགས་ཀར་ཧཱུཾ་སྔོན་པོ། འདིར་ཆག་ལོ་ཆོས་རྒྱལ་ཤོང་གསུམ་གྱི་བཞེད་པ་དང་མཐུན་པར། ཐུགས་རྡོ་རྗེ་ཕྱག་མཚན་འདི་ལྟར་འཐད་ལ། སྒྲུབ་ཐབས་རྣལ་འབྱོར་བཞི་གསལ་སོགས་ལས། སྐུ་མདོག་སྔོན་པོ་ཕྱག་མཚན་གཙོ་བོ་དང་འདྲ་བར་བཞེད་པ། གཞུང་གི་ནག་འདེད་མཛད་པ་ཡིན་ཡང་ཅུང་ཟད་མི་ལེགས་སོ། །འོ་ན་དམར་པོའི་གཞུང་ལས། སྙིང་གར་རྡོ་རྗེའི་དཀྱིལ་གནས་ཧཱུཾ། །རྡོ་རྗེ་ཧཱུཾ་ལས་ཐུགས་རྡོ་རྗེ། །དུས་དགྲའི་སྐུ་མདོག་ཕྱག་མཚན་ལྡན། །འོད་ཟེར་སྔོན་པོ་འབར་བའོ། །ཞེས་བཤད་པ་མ་ཡིན་ནམ་སྙམ་ན། ད་ལྟའི་གཞུང་ལ་དེ་ལྟར་ཡོད་མོད། འདི་ནི་དཔལ་འཛིན་གྱིས་གཤེད་ནག་གི་སྒྲུབ་ཐབས་དང་པོར་


TNT06_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ནས། དེ་ལ་འདཽན་པ་སྤོས་ནས་གཤེད་དམར་གྱི་སྒྲུབ་ཐབས་མཛད་པས། འདིའི་ཐད་ཀྱི་འདོན་པ་བསྒྱུར་དགོས་རྒྱུ་དེ། མ་བསྒྱུར་བར་ལུས་པའོ། །དེ་ཡང་ནག་པོའི་གཞུང་འགྱུར་རྙིང་ལས། སྙིང་གར་ཧཱུཾ་ལས་རྡོ་རྗེའི་ནང༌། །ཧཱུཾ་དང་རྡོ་རྗེ་འོད་སྔོན་བྱུང༌། །ཐུགས་རྡོར་ཞེ་སྡང་གཤིན་གཤེད་ཀྱི། །མདོག་དང་མཚོན་ཆ་ཡང་དག་ལྡན། །ཞེས་འབྱུང་བ་དང༌། དམར་མོའི་གཞུང་ཆག་འགྱུར་སྔར་དྲངས་པ་གཉིས། ཚིག་འགྱུར་ཁྱད་མ་གཏོགས་དོན་ཅུང་ཟད་ཀྱང་ཁྱད་མ་བྱུང་ཞིང༌། ནག་པོའི་སྒྲུབ་ཐབས་ལ་ཞེ་སྡང་གཤིན་རྗེ་གཤེད། མཐིང་ག་ཡིན་པའི་ཕྱིར་དང༌། ཐུན་མོང་མ་ཡིན་པའི་ཕྱག་མཚན་རྡོ་རྗེ་ཕྱག་ན་ཡོད་པའི་ཕྱིར། ཐུགས་རྡོ་རྗེའི་མཚན་ཉིད་ཚང་བ་དེར་འདུག །འདིར་དེ་འདྲ་བྱས་ན་ཞེ་སྡང་གཤིན་རྗེ་གཤེད་དམར་པོ་ཡིན་པས། དུས་དགྲའི་སྐུ་མདོག་ཅེས་པ་དང༌། འོད་ཟེར་སྔོན་པོ་ཞེས་པ་ཡང་ནང་འགལ་བར་འགྱུར་ལ། ཕྱག་མཚན་དབྱུག་པ་བསྣམས་པར་བྱས་ནས། ཕྱི་མ་གཉིས་ཀྱི་ཕྱག་མཚན་ལས་དཔགས་ཏེ་ཟླ་སྟོབས་ཀྱི་ཤུགས་ལས་ཐོད་པ་དང་མི་འགྲིག་པའི་ཕྱིར་རོ། །ཡང་དམར་པོའི་ལུགས་ཀྱི་ཐུགས་རྡོ་རྗེའི་རིགས་ལ། དབྱུག་པའི་མཚན་མ་འབྱུང་བ་སྒོས་ཀྱི་ཁྱད་ཆོས་ཡིན་ནོ་སྙམ་ན་ནི་མིན་ཏེ། དེ་ཡིན་ན་རྡོ་རྗེའི་རྣ་བ་དང་ཡིད་ཀྱང་དབྱུག་པ་འཛིན་དགོས་པར་འགྱུར་རོ། །དེས་ན་རྡོ་རྗེ་གསུམ་གྱི་སྐུ་མདོག་ཕྱག་མཚན་སྤྱི་ལ་གྲགས་པ་ཉིད་ཡིན་པའི་ཕྱིར་ཐུགས་རྡོ་རྗེ་ནི་རྡོ་རྗེ་ཐོད་ཁྲག་འཛིན་པར་བྱའོ། །མགྲིན་པར་ཨཱཿལས་པདྨ་ཨཱཿས་མཚན་པ་ལས། གསུང་རྡོ་རྗེ་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུའི་ཐུགས་ཀར་ཨཱཿདམར་པོ། སྤྱི་བོར་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས། སྐུ་རྡོ་རྗེ་གཏི་མུག་གཤིན་རྗེ་གཤེད་ལྟ་བུའི་ཐུགས་ཀར་ཨོཾ་དཀར་པོ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདོད་ནས་གྲུབ་


TNT06_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་རྒྱལ་བ་ཀུན་འདུས་པའི་བདག་ཉིད་ཐམས་ཅད་སྤྱན་དྲངས་ཏེ་མདུན་དུ་བཞུགས་པར་གྱུར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས། ནཻ་ཝེ་ཏྱའི་བར་གྱིས་མཆོད། ཐུགས་གསུང་སྐུ་རྡོ་རྗེའི་ལྷ་ཚོགས་ཐམས་ཅད་རང་གི་གནས་གསུམ་གྱི་རྡོ་རྗེ་གསུམ་ལ་ཐིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་དེ་བཞིན་གཤེགས་པ་ཡབ་ཡུམ། སེམས་དཔའ་སེམས་མ་ཁྲོ་བོ་ཡབ་ཡུམ་གྱི་ཚོགས་དང་བཅས་པ། མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨརྒྷཾ་དང་པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། སློབ་དཔོན་རྡོ་རྗེ་འཆང་ཆེན་པོར་གྱུར་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱིས་ཚིགས་བཅད་དང་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་ཡབ་ཡུམ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ལེན་ཅིང༌། སྣ་ཚོགས་པའི་རོལ་མོ་སོགས་མཆོད་པ་ཐམས་ཅད་ཀྱིས་མཆོད། ཁྲོ་བོ་ཡབ་ཡུམ་རྣམས་ཀྱིས་བགེགས་བསྐྲད། ཙར་ཙི་ཀཱ་ལ་སོགས་པ་ཡུམ་བཞི་པོ་རྣམས་ཀྱིས། བུམ་པ་དཀར་པོ་བདུད་རྩིས་གང་བ་ཐོགས་ཏེ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་བྱུང་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། དེ་ལྟར་དབང་བསྐུར་བས་ལྷ་ཐམས་ཅད་ཀྱི་སྐུ་ལུས་བདུད་རྩིའི་ཆུ་རྒྱུན་གྱིས་གང༌། སྒྲིབ་གཉིས་སྦྱངས། ཡེ་ཤེས་ལྔ་མངོན་


TNT06_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར། ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས། གཙོ་བོ་ལ་རྡོ་རྗེ་སེམས་དཔའ་དང༌། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུ་བརྒྱན། ཡང་གཙོ་བོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི་འཁོར་ལོ་ཡེ་ཤེས་པ་བཛྲ་ས་མ་ཛཿ ཨོཾ་ཨཱཿབིགྷྣཱན་ཏ་ཀྲི་ཏ་ཧཱུཾ་ཧཱུཾ། ཞེས་བགེགས་བསྐྲད། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སཏ་ཀ་རརྠཾ། ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས་ཤཔྟའི་བར་གྱིས་མཆོད། ཨོཾ་མུད་ག་ར་ཛཿ ཨོཾ་དཎྜ་ཧཱུཾ། ཨོཾ་པདྨ་བཾ། ཨོཾ་ཁཏྒ་ཧོཿ དམ་ཚིག་སེམས་དཔའི་དཀྱིལ་འཁོར་དང་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གཉིས་སུ་མེད་པར་གྱུར། ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། འདོད་ཡོན་དང་བཅས་པ་བཀུག་སྟེ་རང་གི་སྐུ་ལ་ཞུགས། ཐུགས་ཀར་རྗེས་ཆགས་ཀྱི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེའི་ལམ་ནས་འཐོན། ཡུམ་གྱི་པདྨའི་ཟེ་འབྲུར་སོན་པ། མཆོད་པའི་ལྷ་མོ་སྣ་ཚོགས་པར་གྱུར་ཏེ། མཆོད་རྫས་སྣ་ཚོགས་པ་ཐོགས་པ་མཁའ་ནང་ནས་ཕྱིར་སྤྲོས་ཏེ། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མཆོད་པར་གྱུར། ཨོཾ་ཨཱཿརཱུ་པ་བཛྲ་ཧཱུཾ། དེ་བཞིན་དུ་ཤཔྟ། གནྡྷེ། ར་ས། སྤར་ཤེ། ཨོཾ་ཨཱཿདྷརྨ་དྷཱ་ཏུ་བཛྲཱ་ཧཱུཾ། ཨ་ཡོ། ཀྱེ་ཀྱེ་གཤིན་རྗེ་གཤེད་དམར་པོ། །བླ་མ་སྲིན་པོའི་གཟུགས་རང་བཞིན། ཁྱོད་མཐོང་ཁོ་བོ་རྣམ་པར་འཇིགས། །བླ་མ་ཁྲོ་བོའི་རང་བཞིན་སྤོངས། ཁྱོད་ཀྱིས་གར་མཛད་ས་སྟེང་དང༌། །ས་བླ་དང་ནི་ས་འོག་གཡོ། །ཆགས་པས་བརྒྱན་པ་ཁྲོ་བོའི་ཡིད། །གར་མཛད་ཁྱོད་


TNT06_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རོ་ལངས་ལགས། །སྐུ་ལུས་སྦོམ་ཐུང་དམར་བ་སྟེ། །རྣམ་པ་སྣ་ཚོགས་གཟུགས་སྤྲུལ་པ། །རྡོ་རྗེ་དབྱངས་ཅན་མ་ཡིས་བཏུད། །གར་མཛད་ཁྱོད་ནི་བདེ་བ་ཆེ། །ཧྲཱིཿཥྚཱིཿའི་གསང་སྔགས་དག་གིས་ཁྱོད། །ས་གསུམ་པོ་ཡི་འཁྲུལ་པ་སེལ། །ཐུགས་རྗེའི་ཁྲོ་བོ་རྗེ་བཙུན་ཁྱོད། །གར་མཛད་འགྲོ་བ་ཡོངས་ལ་གཟིགས། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། དེ་ནས་གཙོ་བོས་ཀྱང་འཁོར་རྣམས་ལ། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་དུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཁྱོད་ཕྱག་འཚལ། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སེམས་ཀྱི་རྡོ་རྗེ་རབ་ཏུ་གསལ། །རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། ཁྱབ་བདག་ཆགས་པས་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་བྱེད། །སྐུ་ཡི་རྡོ་རྗེ་རབ་གསལ་བ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །ཡང་འཁོར་རྣམས་ཀྱིས་གཙོ་བོ་ལ། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །ཞེས་བསྟོད་པར་བསམ་མོ། །འདིར་མཆོད་བསྟོད་གཉིས་ཡན་ལག་སོ་སོར་མི་བགྲོང་བར། མཆོད་པའི་རྣལ་འབྱོར་ཞེས་གཅིག་ཏུ་སྡོམ་པ་ཉིད་གཞུང་གི་དགོངས་པར་འདུག་པས། བསྟོད་པའི་ང་རྒྱལ་ལོགས་སུ་བཟུང་བ་གཞུང་ན་མེད་ལ། ཆག་ལོ་སོགས་ཀྱིས་མཛད་པ་ལྟར་ན། གཞུང་གཞན་དང་མཐུན་པས་མི་


TNT06_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པའང་མ་ཡིན་པ། ཇི་ལྟར་མོས་པར་བྱའོ། །ནང་མཆོད་ལ། ཨོཾ་ཨཱཿབིགྷྣཱན་ཏ་ཀྲི་ཏ་ཧཱུཾ་ཧཱུཾ་གིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཨོཾ་ཨཱཿཧཱུཾ་ལས་མི་མགོའི་སྒྱེད་པུ་གསུམ། དེའི་སྟེང་དུ་ཨ་ལས་བྱུང་བའི་ཀ་པཱ་ལའོ། །དེའི་ནང་དུ་བི་ར་ཤུ་མ་མུཿལས་བྱུང་བའི་བདུད་རྩི་ལྔ། བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་རྣམས་ལས་བྱུང་བའི་ཤ་ལྔ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་འོག་གི་རྭ་ལྔས་ཐོད་པའི་སྟེང་ནས་བཀག་པ། དེའི་སྟེང་དུ་ཅུང་ཟད་མ་རེག་པར། ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དབྱུག་པ་དཀར་པོ་མགོ་བོ་ཐུར་དུ་ལྟ་བ། རླུང་གཡོས། མེ་སྦར། རྫས་རྣམས་ཞུ་ཞིང་ཁོལ་བ་ཉི་མ་འཆར་ཀའི་མདོག་ཅན་དུ་གྱུར་ཅིང༌། དེའི་འོད་ཀྱིས་རྡོ་རྗེ་སྔོན་པོ་ཡང་ཞུ་ཞིང་ཐིམ། རྡོ་རྗེ་དབྱུག་པས་རྫས་རྣམས་ཡང་དང་ཡང་དུ་དཀྲུགས་ནས། དེ་ཉིད་དུ་ཞུ་ཞིང་འདྲེས་པས། བདུད་རྩི་དཀར་ཞིང་བསིལ་བ། ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། དེའི་སྟེང་གི་ནམ་མཁའ་ལ་ཨོཾ་དཀར་པོ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ཨོཾ་ལ་ཐིམ། ཨོཾ་ཡིག་ལྷུང་བ་སྔར་གྱི་བདུད་རྩི་དང་འདྲེས་པས། དོན་དམ་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་གི་བདུད་རྩི་ལྔའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ། ལན་ལྔ་སོགས་མང་དུ་བརྗོད། ནང་མཆོད་བྱིན་རླབས་ལྟ་བུ་ཕྲན་ཚེགས་ཀྱི་རིགས་ལ། ལ་ལ་སྒྲུབ་ཐབས་འདི་དང་འཆད་འགྱུར་གྱི་སྒྲུབ་ཐབས་གཞན་རྣམས་ལ་ལུགས་སོ་སོའི་ཁྱད་ཆོས་ཕྲན་ཚེགས་ཡོད་པ་རྣམས་འགྲུབ་ན་རང་


TNT06_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་བཞིན་བྱེད་དགོས་མོད། དེ་ལྟ་བུ་མ་འགྲུབ་ན་གཅིག་ཉིད་ཀུན་ཏུ་སྦྱར་བས་ཀྱང་རུང་ངོ༌། །ལྷ་རྣམས་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོའི་འོད་ཟེར་གྱིས་བདུད་རྩི་དྲངས་ཏེ་གསོལ་བས་ཚིམ་ཞིང་མཉེས་པར་གྱུར། ཨོཾ་ཨཱཿཧཱུཾ། ཞེས་བདུད་རྩི་མྱང་ངོ༌། །དེ་ནས་རང་གི་སྙིང་གར་སེམས་དཔའ་གསུམ་བརྩེག་རྒྱས་བསྡུས་གང་རུང་ཅིག་བསྒོམས་ནས། ཧཱུཾ་གི་འོད་ཀྱིས་ཁམས་གསུམ་སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་བསྒྱུར་ལ། བདག་ཉིད་ཀྱིས་བསྒོམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་བསྡུ། རང་གིས་བསྒོམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡང་གཟུང་འཛིན་གྱི་འཁྲུལ་པ་དང་བྲལ་བ། དོན་དམ་གྱི་སེམས་ཡོངས་གྲུབ་ཆེན་པོའི་ངོ་བོར་ཤེས་བཞིན་པས། གསལ་སྟོང་གཉིས་སུ་མེད་པའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ལྟར་ཡང་གཞུང་ལས། གང་ཕྱིར་འཁྲུལ་པ་གཉིས་ལ་གནས། །ཞེས་གཟུང་འཛིན་གཉིས་འཁྲུལ་སྣང་ཡིན་པ་དང༌། འཁྲུལ་པའི་ངོ་བོ་དེ་ཉིད་མིན། །ཞེས་གཟུང་འཛིན་གནས་ཚུལ་ལ་མ་གྲུབ་པ་དང༌། སེམས་ནི་རྟག་ཏུ་འཁྲུལ་བ་མེད། །ཅེས་དོན་དམ་གྱི་སེམས་གཟུང་འཛིན་ལས་གྲོལ་ཞིང༌། འདི་ལས་གཞན་དུ་དེ་ཉིད་མིན། །ཞེས་དཀྱིལ་འཁོར་གྱི་འཁོར་ལོ་དེ་ཀ་དོན་དམ་གྱི་སེམས་ཡིན་ཞིང༌། གཟུང་འཛིན་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ནི་དེ་ཡང་མ་ཡིན། དེ་ལས་གཞན་དུ་ཡང་མ་གྲུབ་སྟེ། རང་གི་ངོ་བོས་སྟོང་པའི་ཕྱིར་རོ་ཞེས་པའོ། །ཆག་ལོས་སྐབས་འདིར་རྫོགས་རིམ་སྒྱུ་ལུས་འོད་གསལ་ཟུང་འཇུག་གི་ཐ་སྙད་མཛད་པ་ནི། ལོ་པཎ་རྣམས་འཕགས་སྐོར་ལ་བློ་བྱང་བའི་རྣམ་འགྱུར་དུ་ཟད་ཀྱི། དཔལ་འཛིན་གྱི་ལུགས་ནི་ཞབས་ལུགས་ཡིན་པས། ཅུང་ཟད་མི་འགྲིག་ལ། གཞུང་འདིའི་ཐད་


TNT06_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མན་ངག་རྣམས་འབྱུང་བའི་མན་ངག་དང་གཅིག་པས་གསལ་བར་ནག་པོའི་སྒྲུབ་ཐབས་རྡོ་རྗེ་འོད་ཟེར་དུ་བཤད་ཟིན་ཏོ། །འདིར་མཆོག་ཏུ་དགའ་བའི་མཚན་ཉིད་དོ་ཞེས་པ་དང༌། བདེ་བ་དམ་པའི་གཟུགས་ཅན་བསྒོམས། །ཞེས་པས། བསྐྱེད་རིམ་གྱི་ལྷ་སྐུ་དེ་ཡང་བདེ་སྟོང་དུ་ཤར་བ་ཞིག་དགོས་པར་བསྟན་ཏོ། །དེ་ལྟར་ན། སྐྱེ་མཆེད་བྱིན་རླབས་དང༌། རྡོ་རྗེ་གསུམ་བྱིན་རླབས་དང༌། དབང་བསྐུར་རྒྱས་བཏབ་དང༌། ཡེ་ཤེས་དགུག་གཞུག་དང༌། མཆོད་བསྟོད་དང༌། བདུད་རྩི་མྱང་བ་དང༌། དཀྱིལ་འཁོར་སྤྲོ་བསྡུ་སྟེ། དེ་དག་ནི་རྣལ་འབྱོར་ཆེན་པོའོ། །འདིའི་སྐབས་སུ་བསྒོམ་རྒྱུའི་རྫོགས་རིམ་ནི་རྣལ་འབྱོར་བཞི་རིམ་མོ། །བཟླས་པའི་དམིགས་པ་རྣམས་ཀྱང་སྒྲུབ་ཐབས་རྡོ་རྗེ་འོད་ཟེར་དུ་བཤད་ཟིན་པ་ལྟར། འདུས་པ་ཡེ་ཤེས་ཞབས་ལུགས་བཞིན་ཡིན་པས། དཔལ་འཛིན་གྱི་གཞུང་ལ་ནག་པོའི་སྒྲུབ་ཐབས་སུ། ཡེ་ཤེས་ལམ་ལས་སྐྱེས་པ་དགོད། །ཅེས་ཡེ་ཤེས་སེམས་དཔའི་གདན་སའི་དཀྱིལ་འཁོར་དགོས་པ་ཙམ་ལས་གཞན་མ་གསུངས་ཀྱང༌། དེས་མཚོན་ནས་སྐུ་རྡོ་རྗེའི་གདན་རླུང་དང༌། གསུང་ལ་ཆུ་དང༌། ཐུགས་ལ་མེ་རྣམས་ཀྱང་དགོས་སོ། །དངོས་བསྟན་ལྟར་ན་ཞབས་ལུགས་དང་འདི་ལ་རྡོ་རྗེ་བཞིའི་གདན་དང༌། ཐུགས་ཀའི་ས་བོན་བཞིའི་གདན་གྱི་ཁྱད་བྱུང་མོད་ཀྱང་འདམ་ཀའོ། །བཟླས་པའི་སྔགས་ནི། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ཡི་གེ་བཅུ་བཞི་པ་སྙིང་པོའོ། །ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དུ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་ནི་འཁོར་ལོའི་ལས་ཀྱི་སྔགས་སོ། །བླ་མ་དམ་པ་འགའ་ཞིག་ཡི་གེ་བདུན་པའང་བཟླ་བར་བཞེད་ལ། འཁོར་གྱི་སྔགས་ནི། ཨོཾ་ཨཱཿཛི་ན་


TNT06_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ཛིཀ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་ནས། ཨོཾ་ཨཱཿབཛྲ་ར་ཏི་ཧཱུཾ་ཕཊ་སྭཱཧཱ། ཞེས་པའི་བར་དུ་རང་རང་སོ་སོའི་སྤྲོ་བའི་སྔགས་རྣམས་ལ་དེ་ཉིད་ལྔ་སྤེལ་བྱེད་པ་ཉིད་དོ། །དེ་ནས་ཐུན་བསྡུ་བར་འདོད་ན། དག་པ་དྲན་པ་ནི། མི་མཉམ་མེད་པ་གྲུ་བཞི་སྟེ། །དྲན་པར་ཉེར་གཞག་ཤར་གྱི་སྒོ། །ལྷོ་སྒོ་ཡང་དག་སྤོང་བ་སྟེ། །རྫུ་འཕྲུལ་རྐང་པ་ནུབ་སྒོའོ། །དབང་སྟོབས་བྱང་གི་སྒོ་རུ་བརྗོད། །བསམ་གཏན་བཞི་ཡི་རྟ་བབས་དང༌། །ཏིང་འཛིན་བཞི་ཡི་ཁ་ཁྱེར་ཏེ། །གཟུངས་དང་ལྷ་མོའི་ཚོགས་ཡིན་ནོ། །དྲིལ་བུའི་སྒྲ་སོགས་ཡན་ལག་དགུ། །རྒྱན་རྣམས་བྱང་ཆུབ་ཡན་ལག་སྟེ། །འཕགས་ལམ་བརྒྱུད་ཀྱི་ཀ་བའོ། །རྣམ་ཐར་བརྒྱད་པོ་རྣམ་དག་པས། །སྣ་ཚོགས་རྡོ་རྗེའི་ཟུར་དང་ལོགས། །རྭ་རྣམས་འཇིག་ལྟ་ཉི་ཤུ་འཇོམས། །རྡོ་རྗེའི་ཐིག་ནི་ཆོས་འཁོར་བསྐོར། །ཉེས་པས་མ་གོས་པདྨ་དང༌། །སྨིན་དང་སྙིང་རྗེ་ཉི་ཟླའི་གདན། །ཡེ་ཤེས་ལྔ་པོ་ཡོངས་རྫོགས་པ། །ཕུང་པོ་ཉོན་མོངས་ལྔ་དག་པས། །བདེ་གཤེགས་ཁྲོ་བོ་རིགས་ལྔའོ། །བདུད་བཞི་སྒྲིབ་པ་བཞི་བཅོམ་ཞིང༌། །ལྟ་བ་བཞི་སྤངས་སྟོབས་བཞིའི་དངོས། །སྒོ་སྐྱོང་གཤེད་པོ་བཞི་རྣམས་སོ། །འབྱུང་བ་བཞི་རྣམས་རྣམ་དག་ཅིང༌། །ཕ་རོལ་ཕྱིན་བཞི་ཚད་མེད་དངོས། །ཡེ་ཤེས་ལྷ་མོ་བཞི་རྣམས་སོ། །རྣམ་དག་གཟུགས་སོགས་ངོ་བོ་ཉིད། །ཕ་རོལ་ཕྱིན་དྲུག་རབ་རྫོགས་པ། །ཡེ་ཤེས་བདུད་རྩིས་གང་བའི་སྣོད། །དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཉིད་དོ། །ཞེས་སོ། །ལྷའི་རྣལ་འབྱོར་ཟིན་ནས་བཟླས་པ་རྫོགས་ཤིང༌། ཐུན་མཚམས་ལ་འཇུག་པར་འདོད་ན། ཨོཾ་ཨཱཿརཱུ་པ་བཛྲ་ཧཱུཾ། ནས། དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །ཞེས་པའི་


TNT06_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཆོད་བསྟོད་དང༌། སྙིང་པོའི་མཐར་ཨོཾ་ཨཱཿཧཱུཾ། བཏགས་པས་བདུད་རྩི་མྱང༌། སྐབས་འདིར་དམར་ནག་གི་སྒྲུབ་ཐབས་དང་དཔལ་འཛིན་གྱིས་མཛད་པ་གཉིས་དང༌། གཤིན་རྗེ་གཤེད་འབྱུང་བ་སོགས་གཞུང་འགའ་ཞིག་གི་ལག་ལེན་ལ་བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ་བར་བཤད་ཅིང༌། བོད་ཕལ་ཆེར་ཕྱག་ལེན་ལ་ཡང་མཛད་པས། སློབ་དཔོན་དེ་དག་གི་ལུགས་ལྟར་ན། ཡིག་བརྒྱ་གསུམ་གྱི་མཐར་བཟོད་པར་གསོལ་ནས། ཨོཾ་ཨཱཿམུཿཞེས་ཡེ་ཤེས་པ་གཤེགས་སུ་གསོལ་བ་ཡིན་ཡང༌། ལུགས་དེ་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་ཆོ་གའི་ཤན་འདྲེས་པ་སྟེ། སློབ་དཔོན་དེ་རྣམས་ཉིད་ཀྱི་འཁྲུལ་པའི་ཆ་ཤས་སུ་སྣང༌། ཁ་ཅིག་དེ་ཕ་རྒྱུད་ཀྱི་རང་ལུགས་ཡིན་ནམ་སྙམ་པ་འདུག་ཀྱང་དེ་འདྲ་མ་ཡིན་པས། བླ་མེད་ཀྱི་ལུགས་ལ་བདག་བསྐྱེད་ཀྱི་ཡེ་ཤེས་པ་མི་གཤེགས་པ་ཉིད་བཟང་བས། རང་ལུགས་ལ་གཤེགས་གསོལ་བྱེད་མི་དགོས་སོ། །དེ་ནས་འདི་ལྟར་བྱ་སྟེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་གྱུར། འོད་དུ་ཞུ་ནས་སྲུང་བའི་འཁོར་ལོ་ལ་ཐིམ། དེ་འོད་དུ་ཞུ་སྟེ་ཆོས་འབྱུང་ལ་ཐིམ། དེ་ཡང་འོད་དུ་ཞུ་སྟེ་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་འོད་དུ་ཞུ་སྟེ་ལྷ་ཚོགས་རྣམས་ལ་ཐིམ། འཁོར་གྱི་ལྷ་ཚོགས་དང་རིག་མ་གཙོ་བོའི་ཐུགས་ཀར་ཐིམ། དེ་ཡང་རིམ་གྱིས་འོད་གསལ་དུ་ཞུགས་པར་གྱུར། དེ་ནས་ཐུན་མཚམས་ཀྱི་ལྷ་སྐུར་ལངས་ཏེ། གནས་གསུམ་བྱིན་གྱིས་བརླབས་ནས་དགེ་བ་བསྔོའོ། །བཟླས་པ་ནས་དེའི་བར། རྣལ་འབྱོར་ཆེན་པོ་དངོས་མ་ཡིན་ཡང༌། དེའི་ཡན་ལག་ཡིན་པའི་ཕྱིར། གཞུང་ལས་རྣལ་འབྱོར་ཆེན་པོའི་ཁོངས་སུ་བསྡུས་སོ། །གཏོར་མའི་ཆོ་ག་ལ། ལྷ་ལྔའི་སྒྲུབ་ཐབས་སུ་བཤད་པ་རྣམས་


TNT06_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་ཆེར་བློ་ལ་དྲན་པར་བྱས་ནས། གཏོར་མ་བྱིན་རླབས་ནི་གོང་གི་ནང་མཆོད་བྱིན་རླབས་བཞིན་ནམ། རྒྱུད་ལེའུ་བཅུ་དགུ་པའི་དངོས་བསྟན་སྒྲ་ཇི་བཞིན་པས་ཀྱང་ཆོག་གོ །དེ་ལ་སློབ་དཔོན་དཔལ་འཛིན་གྱི་དམར་པོའི་གཏོར་ཆོག་ལོགས་ན་ཡོད་པ་དང༌། ནག་པོའི་དཀྱིལ་ཆོག་གི་ནང་ན་ཡོད་པའི་གཏོར་ཆོག་ནི་འགྱུར་ཁྱད་དང༌། ནག་པོའི་སྐབས་སུ་ལྷ་རྣམས་ཕྱག་མང་བྱེད་པའི་ཁྱད་མ་གཏོགས་ཁྱད་གཞན་ཡེ་མེད་ལ། དེ་གཉིས་ཀ་རུ་གཏོར་མ་བྱིན་རླབས་འདི་ལྟའོ་ཞེས་གསལ་བར་མེད་པ་ནི། སྒྲུབ་ཐབས་སུ་བཤད་པའི་བདུད་རྩི་བྱིན་རླབས་དང་འདྲ་བར་དགོངས་པ་ཡིན་ནོ། །སྔགས་རྙིང་མ་བར་གྲགས་པ་རྣམས་གཏོར་མ་དང་བདུད་རྩི་བྱིན་རླབས་མི་འདྲ་བར་བྱེད་པ་ཤས་ཆེ་ཡང༌། རྒྱ་གར་ནས་བསྒྱུར་ངེས་པའི་གསང་སྔགས་ནང་པའི་ལུགས་ཕལ་ཆེར་ལ་དེ་གཉིས་འདྲ་བར་བྱེད་པས་འདིར་ཡང་དེ་ལྟར་འོས་པ་ཡིན་ལ། འོན་ཀྱང་དཔལ་འཛིན་གྱི་གཏོར་ཆོག་འདི་དག །དམར་པོའི་རྒྱུད་ཀྱི་ལེའུ་བཅུ་གཅིག་པ་གཏོར་མའི་ལེའུ་ལ་བརྟེན་པར་ནི་སྣང་སྟེ། ཚིག་རིགས་ཀྱང་ཕལ་ཆེར་གཅིག་པ་ལྟ་བུར་ཡོད་པས་སོ། །འགའ་ཞིག་ཅུང་ཟད་མི་འདྲ་བའང་སྣང་བ་ནི་འདམ་ཁ་ཡིན་པར་ཤེས་པར་བྱའོ། །དེ་ཡང་ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ནས་ཨོཾ་ཨཱཿཧཱུཾ། ལན་ལྔའི་བར་གོང་ནང་མཆོད་ལྟར་གཏོར་མ་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། གཤིན་རྫེ་གཤེད་དམར་པོའི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ ཨོཾ་ཧྲཱིཿཥྚཱིཿཧཿ ལ་སོགས་པའི་མཆོད་པས་མཆོད། སངས་རྒྱས་ཀུན་གྱི་སོགས་ཀྱིས་བསྟོད། མདུན་གྱི་ནམ་མཁར་བཞུགས་པར་གྱུར། རང་གི་སྙིང་ག་ནས་ཁྲོ་བོ་ཞེས་པ་ནས། སྟོང་པའི་ངང་ལས་སྐད་ཅིག་གིས་གཤིན་རྗེ་གཤེད་དམར་པོའི་སྐུ་ཤེས་རབ་མ་རྣམས་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པའི་སྐུར་གྱུར། ཅེས་འདོན་པ་སྤོ།


TNT06_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་ལ་མོས་ན། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་རླབས་དང༌། དབང་བསྐུར་ནས་གཤིན་རྗེ་གཤེད་པོས་རྒྱས་གདབ་པའི་བར་སྒྲུབ་ཐབས་བཞིན་བྱ། ཅུང་ཟད་བསྡུ་ན། དེ་ཐམས་ཅད་ཀྱི་དཔྲལ་བར་ནས། བྷེ་ད་བྷེ་ད་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པའི་བར་གཤེད་དམར་ལྷ་ལྔའི་གཏོར་ཆོག་དང་འདྲ་བས་ཀྱང་ཆོག་གོ །དེ་རྗེས་དམར་པོའི་གཏོར་ཆོག་ན་ཡང་ནག་པོ་དང་འདྲ་བར། ཨོཾ་ཨིནྡྲ་ཡ་ཧྲིཿ ཞེས་སོགས་འབྱུང་བ་དམར་ནག་གི་འཇིག་རྟེན་པའི་གཏོར་སྔགས་འདྲ་བར་བྱས་ན་ཟོར་ཡང་བའི་དགོས་པ་ཡོད་པ་ལ་དགོངས་ལ། རྒྱུད་ལས་འབྱུང་ཚུལ་ནི་ནག་པོའི་རྒྱུད་དུ་གཏོར་སྔགས་ལ། ན་མཿཞེས་པ་མེད། དམར་པོའི་རྒྱུད་ན་ཡོད་པས་སོ་སོ་ལ་རྒྱུད་ལྟར་བྱས་ན་ལེགས་སོ། །དེ་རྗེས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ནས་གཟུང༌། བཛྲ་མུཿ ཞེས་པའི་བར་ཡང་ལྷ་ལྔའི་གཏོར་ཆོག་དང་འདྲའོ། །རྗེས་སུ་སྨོན་ལམ་བཏབ། དགེ་བ་བསྔོའོ། །བཅུ་གསུམ་མའི་སྐབས་འདིར་དཔའ་བོ་བཞིའི་མཚན་སྔགས་དང་རྣལ་འབྱོར་མ་བཞིའི་གཏོར་སྔགས་ལོགས་པ་མི་མཛད་དེ། རྒྱུ་མཚན་ནི་དམར་པོ་ལྷ་ལྔའི་སྐབས་གཏོར་སྔགས་རིང་མོ་རཀྟ་ཞེས་སོགས་སྔགས་དོན་དང་མཐུན་པར་གཙོ་བོ་ཞེ་སྡང་རྡོ་རྗེ་ཤེས་རབ་མ་དང་བཅས་པ་ཁོ་ན་ལ་སྦྱོར་ཞིང་ཕྱོགས་སྐྱོང་ལའང་བྱེད་པའི་སྐབས་ཤིག་ཡོད་པ་དེ་ཡང༌། ཞེ་སྡང་རྡོ་རྗེར་བསྒྱུར་ཟིན་པའི་དབང་དུ་བྱས་ལ། དཀྱིལ་འཁོར་བ་བཅུ་པོ་ལ་ཡང་རེ་རེ་བཞིན་ཐུན་མོང་མ་ཡིན་པའི་གཏོར་སྔགས་དེ་སྦྱོར་བའི་ལུགས་ཡིན་པས། དེ་ལྟར་བྱེད་པ་ཤིན་ཏུ་འོས་ལ། འདིར་མི་འབྱུང་བ་ནི་ཐོ་བ་གཤིན་རྗེ་གཤེད་སོགས་ལ་སྔགས་ལོགས་པ་མེད་པས་དེ་ཕྱིར་རིགས་བཞི་ཡུམ་བཞི་ལ་ཡང་གཏོར་སྔགས་ལོགས་པ་ངེས་པ་དགོས་པ་མིན་ཞིང༌། འཁོར་བཅུ་གཉིས་པོ་ལ་སྐབས་འདིའི་བྱ་བྱེད་རིག་པ་མཚུངས་པར་བྱ་སྟེ། གལ་ཆེ་ཆུང་གི་དབྱེ་བ་མི་ཤེས་པའི་ཕྱིར་


TNT06_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཐམས་ཅད་གཙོ་བོའི་རིགས་སུ་གཅིག་པའི་ཕྱིར། གཏོར་སྔགས་རིང་མོ་ལ་འདུས་པར་དགོངས་པའོ། །ཡང་རྒྱས་པར་སྤྲོ་ན། ཕྱོགས་སྐྱོང་དགུག་པའི་སྐབས་ལ་ཡི་གེ་བཅུ་བཞི་པའི་ཕཊ་ཕཊ་ཀྱི་མཐར། ཧཱུཾ་སརྦ་དུཥྟ་ཨིནྡྲ་ས་པཱ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿསྭཱཧཱ། ཨིནྡྲ་ཞེས་པའི་གནས་སུ་ཨུ་བེན་དྲ་ལ་སོགས་པ་སོ་སོའི་མཚན་བཅུག་པས་དགུག་པ་དང༌། ཡང་ཕུར་འདེབས་ཀྱི་སྐབས་སུ་ཕཊ་ཕཊ་ཀྱི་རྗེས་སུ། ཧཱུཾ་སརྦ་དུཥྟ་ཨིནྡྲ་ས་པཱ་རི་ཝཱ་ར་ཀཱི་ལ་ཡ་ཧཱུཾ་ཕཊ་སྭཱཧཱ་དང༌། ཨུ་བེནྡྲ་ལ་སོགས་པ་གཞན་རྣམས་ཀྱི་མཚན་སྔགས་སྤེལ་བས་ཕུར་བུས་འདེབས་སོ། །རྣལ་འབྱོར་གྱི་ཡན་ལག་གཞན་རྣམས་ནི་སྤྱི་དང་འདྲ་ཞིང༌། བླ་མ་སྔ་མ་རྣམས་ཀྱི་སྒྲུབ་ཐབས་ན་ཡོད་པ་ལྟར་ཤེས་པར་བྱའོ། །སློབ་དཔོན་དཔལ་འཛིན་ཉིད་ཀྱི་ལུགས་གཞིར་བཞག་པ་ལ་གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ཀྱང༌། འདི་ཉིད་འདོན་པ་སྤོས་པས་རིགས་འདྲེ་བར་ནུས་ཏེ། དེ་ལས་ཤེས་རབ་སྐྱེད་པའི་ཆོ་ག་ནི། ནག་པོའི་རྒྱུད་ལས་མ་གསུངས་ཤིང༌། དམར་པོའི་རྒྱུད་ལས་གསུངས་པ་ཉིད་ཀྱི་ཕྱིར། དམར་པོའི་ཐུན་མོང་མ་ཡིན་པར་འགྱུར་ལ། དམར་པོའི་སྒྲུབ་ཐབས་འདིར་མཁའ་གསང་བྱིན་རླབས་རྗེས་ཆགས་ཀྱི་ང་རྒྱལ་དང་བཅས་པ། རྗེས་སུ་རྣལ་འབྱོར་དུ་བསྡུ་བར་མཛད་ཅིང༌། ཡེ་ཤེས་སེམས་དཔའ་དང༌། ཏིང་ངེ་འཛིན་སེམས་དཔའ་བསྡུས་པ་ཡང༌། སྐབས་དེ་དག་འབྲེལ་བར་འབྱུང་ལ། ནག་པོའི་སྒྲུབ་ཐབས་ཀྱི་དངོས་བསྟན་ལ། སེམས་དཔའ་གཉིས་དང་རྗེས་ཆགས་གནས་སྐབས་གང་དུ་བསྒོམ་མི་གསལ་ཡང༌། རྗེས་ཆགས་ནི་རྒྱབ་བརྟེན་ཡེ་ཤེས་ཞབས་ལུགས་སོགས་སྤྱི་འགྲོས་དང་བསྟུན་ན། བྱང་ཆུབ་མཆོག་གི་ང་རྒྱལ་གཟུང་ཟིན་པའི་རྗེས་སུ། རང་སྙིང་ས་བོན་འོད་ཀྱིས་དགུག །ཅེས་སོགས་ཀྱི་གོང་དེར་ཁ་སྐོང་གི་ཚུལ་གྱིས་བཅུག་ནས། རྗེས་སུ་རྣལ་


TNT06_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ལ་མི་སྡུད་པར་ཤིན་ཏུ་རྣལ་འབྱོར་གྱི་ཆོ་གར་བསྡུ་དགོས་སོ། །སེམས་དཔའ་གསུམ་བརྩེག་སྤྱི་ནི་བསྒོམ་དགོས་པར་ཤིན་ཏུ་གསལ་ཏེ། ཡེ་ཤེས་འོད་ཀྱིས་སྙིང་གར་དགོད། །ཅེས་པ་དང༌། ཡེ་ཤེས་ལམ་ལས་སྐྱེས་པར་དགོད། །ཅེས་པ་གསུངས་པའི་ཕྱིར་རོ། །འོན་ཀྱང་གནས་སྐབས་གང་དུ་བསྒོམ་མི་གསལ་བ་ལ། དམར་པོ་བཅུ་གསུམ་མ་ལ་ལྷ་ལྔ་དང་ཕྱོགས་མཚུངས་ཀྱི་དབང་ལས། བསྡུས་པ་དེ་གཙོ་བོ་བཞེངས་མ་ཐག་ཏུ་མཛད། ནག་པོ་ལ་ནི་ཁ་སྐོང་གི་ཚུལ་དུ་གསུམ་བརྩེག་བསྡུས་པ་སྐབས་དེའམ། རྡོ་རྗེ་གསུམ་བྱིན་གྱིས་བརླབས་པ་དང་དབང་བསྐུར་གྱི་མཚམས་སུ། སེམས་དཔའ་གསུམ་བརྩེག་རྒྱས་པ་ཉིད་བསྒོམས་ཀྱང་རུང་ངོ༌། །འོན་ཀྱང་འདིར་འབྲས་བུ་གཤིན་རྗེ་གཤེད་གཞེངས་མ་ཐག་ཏུ། སེམས་དཔའ་གསུམ་ཡོད་ན་དེ་ལ་འདུས། མེད་ན་ཐུགས་ཀར་ས་བོན་བསྒོམ་པ་ནི་མེད་དུ་མི་རུང་བས་ངེས་པ་དགོས་ཤིང༌། ས་བོན་ཡང་ཡི་གེ་བཅུ་བདུན་གྱི་དབྱེ་བས་མཁའ་དཀྱིལ་གྱི་གཙོ་བོའི་ས་བོན་ཡ་ཡིག་ཡིན་ཡང༌། འབྲས་བུ་རྡོ་རྗེ་འཛིན་པའི་སྐབས་འདིར་ནི་ཡ་ཡིག་བྱེད་པའང་ཡོད་མོད་ཧཱུཾ་ཡིག་ཁོ་ན་གཙོ་ཆེ་བར་མངོན་ནོ། །ཡང་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལེའུ་ཉེར་གཉིས་པ་ལས། རྒྱུ་རྡོ་རྗེ་འཛིན་པ་རྫོགས་མཚམས་ཉིད་དུ། སེམས་དཔའ་གསུམ་བརྩེག་བསྡུས་པ་དང༌། མཁའ་གསང་བྱིན་རླབས་དང་བཅས་པའི་རྗེས་ཆགས་དང༌། ཤེས་རབ་འཕེལ་བ་གསུམ་རིམ་ཅན་དུ་གསུངས་ལ། བཅུ་གསུམ་མའི་སྐབས་འདིར། འབྲས་བུ་རྡོ་རྗེ་འཛིན་པ་རྫོགས་མ་ཐག་ཏུ་བྱེད་པས། གང་དུ་བསྒོམ་པའི་དུས་སྐབས་མི་འདྲ་ཡང༌། ཆོས་གསུམ་པོ་དེའི་གོ་རིམ་རྒྱུད་དེར་གསུངས་པ་དང་མཐུན་པར་བསྟན་པ་སྟེ་དམར་པོ་ལ་རིམ་པ་དེ་ལྟར་བྱེད་པའི་རྒྱུ་མཚན་དེ་ཡིན་ལ། ནག་པོ་ལ་དེ་ལྟར་མ་ངེས་སོ། །༈ དཔལ་གཤིན་རྗེ་


TNT06_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་ནག་པོ་ལ་ཕྱག་འཚལ་ལོ། །ད་ནི་དེ་ལ་འདོན་པ་སྤོ་ཚུལ་བརྗོད་པར་བྱ་སྟེ། རང་སྐད་ཅིག་གིས་གཤིན་རྗེ་གཤེད་ནག་པོའི་སྐུར་ཅེས་དང༌། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡཾ་ཡིག་མཐིང་ནག དེ་ལས་འོད་འཕྲོས་ཞེས་དང༌། མངོན་བྱང་བཞི་པའི་སྐབས། དེ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་དཀར་པོས་མཚན་པར་གྱུར། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། དེ་ལས་འོད་ཟེར་འཕྲོས་འདུས་ཞེས་པ་དང༌། སྦྲུལ་རྒྱན་ཅན། ཕྱག་དྲུག་གི་དང་པོ་གཉིས་གྲི་གུག་དང་ཐོད་པ་འཛིན་པས་ཡུམ་ལ་མཁྱུད་པ། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་པདྨ་འཛིན་པ། པད་ཟླ་ལ་གཡོན་བརྐྱང་ཞེས་དང༌། མཾ་ལས་མ་ཧེ་ནག་པོ་དྲེགས་ཤིང་ཞེས་དང༌། བྱང་ཆུབ་སེམས་ཀྱི་ཕུང་པོ་སྟེང་མ་ཆ་གཅིག་ཤོས་དེ་ཧཱུཾ་ཡིག་ནག་པོར་གྱུར། དེ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ། རྭ་གདེངས་ཤིང་འབར་འཕྲེང་འཁྲུག་པའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུཾ་ནག་པོའོ། །དེ་ལས་ཞེས་དང༌། རང་ཉིད་བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོ་དུས་མཐའི་སྤྲིན་དང་མཚུངས་པ། སྒེག་པ་ལ་སོགས་ཞེས་དང༌། ཞལ་གསུམ་ཕྱག་དྲུག་གི་མདུན་མ་གཉིས་སྡང་བ་མ་ལུས་པ་འཇོམས་པར་མཛད་པའི་གྲི་གུག་འབར་བ་དང༌། བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ། གཉིས་པ་ན་འབར་བའི་རྡོ་རྗེ་རྩེ་ལྔ་པ་གསོར་བས་འཇིག་རྟེན་གསུམ་འདུལ་བ། གསུམ་པ་ན་མི་བཟད་པའི་རལ་གྲིས་གདུག་པ་ཅན་མ་ལུས་པ་འཇོམས་པར་མཛད་པ། གཡོན་གྱི་གཉིས་པ་ན་འཁོར་ལོ་རྩིབས་བརྒྱད་པ་བསྐོར་བས་གནོད་པ་དང་སྡུག་བསྔལ་མཐའ་དག་ཞི་ཞིང་བཟློག་པར་མཛད་པ།


TNT06_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པས་པདྨ་དམར་པོ་སྡོང་བུ་དང་བཅས་པ་བསྣམས་པས་བརྟན་གཡོ་མཐའ་དག་འགུགས་ཤིང་དབང་དུ་བྱེད་པ། རྩ་ཞལ་ནག་པོ་མི་བཟད་པའི་ཁྲོ་གཉེར་བསྡུས་པས་སྡེ་བརྒྱད་གཤིན་རྗེའི་ཚོགས་ཐམས་ཅད་དངངས་ཤིང་སྙིང་འགས་པར་བྱེད་པ། གཡས་ཞལ་དཀར་པོ་བདེ་བ་དམ་པའི་འོད་དཀར་གྱིས་ཕྱོགས་ཆ་འགེངས་ཤིང༌། གཡོན་ཞལ་དམར་པོ་གདངས་ཤིང་བཞད་པས་རི་རབ་བསྒྱེལ་ཞིང་འཇིག་རྟེན་གསུམ་སྐྱེད་པར་མཛད་པ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་ཞེས་དང༌། ཡུམ་གྱི་སྐབས་རྩ་བའི་ཕྱག་གཉིས། ཡབ་ཀྱི་མགུལ་ནས་ཞེས་དང༌། ཆ་བྱད་རྫོགས་པའོ། །གཙོ་བོའི་ཐུགས་ཀར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་གཤིན་རྗེ་གཤེད་ཞལ་གསུམ་ཕྱག་དྲུག་པ། པད་ཉིའི་གདན་ལ་བཞུགས་པ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ། ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཡང་ཉི་དཀྱིལ་ལ་གནས་པའི་ཧཱུཾ་མཐིང་ནག་འབར་བའི་འོད་ཀྱི་སྣང་བས་ཕྱོགས་ཀུན་ཁྱབ་པར་བྱེད་པའོ། །ཨོཾ་དྷརྨ་དྷཱ་ཏུ་སོགས་བརྗོད། ཡབ་ཀྱི་གསང་གནས་ཧཱུཾ་ཞེས་པ་ནས། མངོན་དུ་བྱས་པར་གྱུར། རང་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་སྤྱན་དྲངས་ཞེས་སོགས་བརྗོད་དེ། དམར་པོ་བཅུ་གསུམ་མའི་སྐབས་ལས་གོ་རིམ་ཅུང་ཟད་བསྒྱུར་བའོ། །ཡ་ལས་ཞེ་སྡང་གཤིན་རྗེ་གཤེད་ནག་པོ། དུས་མཐའི་སྤྲིན་ཅེས་པ་ནས། མཆོག་གི་ཆ་བྱད་རྫོགས་པའོ། །སྙིང་པོའི་ཤར་དུ་ཞེས་དང༌། གཏི་མུག་གཤིན་རྗེ་གཤེད་སྐུ་མདོག་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གིས་དང་པོ་གཉིས་གྲི་གུག་དང་ཐོད་པ་འཛིན་པས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་


TNT06_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཡས་གཉིས་ན་འཁོར་ལོ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ་ཞེས་དང༌། ཕྲ་མ་གཤིན་རྗེ་གཤེད་སེར་པོ། སེར་ནག་དཀར་བའི་ཞལ་གསུམ། དང་པོ་གཉིས་འདྲ། གཡས་གཉིས་ན་ནོར་བུ་དང་རལ་གྲི། གཡོན་གཉིས་ན་འཁོར་ལོ་དང་པདྨ་ཅཻས་དང༌། འདོད་ཆགས་གཤིན་རྗེ་གཤེད་དམར་པོ། དམར་ནག་དཀར་བའི༴ གཡས་གཉིས་ན་པདྨ་དང་རལ་གྲི། གཡོན་གཉིས་ན་འཁོར་ལོ་དང་ནོར་བུ། ཞེས་དང༌། ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ། ལྗང་ནག་དཀར་བའི༴ གཡས་གཉིས་ན་རལ་གྲི་དང་འཁོར་ལོ། གཡོན་གཉིས་ན་ནོར་བུ་དང་པདྨ། ཐོ་བ་གཤིན་རྗེ་གཤེད་མཐིང་ཁ། ནག་དཀར་དམར་བའི༴ གཡས་གཉིས་ན་རྡོ་རྗེ་ཐོ་བ་རྭ་ཉི་ཤུ་པ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ། ཞེས་དང༌། དབྱུག་པ་གཤིན་རྗེ་གཤེད་དཀར་པོ། དཀར་ནག་དམར་བའི༴ གཡས་གཉིས་ན་དབྱུག་པ་དང་རལ་གྲི། གཡོན་གཉིས་ན་འཁོར་ལོ་དང་པདྨ། ཞེས་དང༌། པདྨ་གཤིན་རྗེ་གཤེད་དམར་པོ་སོགས། འདོད་ཆགས་གཤིན་རྗེ་གཤེད་དང་འདྲ། རལ་གྲི་གཤིན་རྗེ་གཤེད་ལྗང་སྔོན་ནམ་ལྗང་ནག་སོགས། ཕྲག་དོག་གཤིན་རྗེ་གཤེད་དང་འདྲ། ལུགས་འདི་ལ་གཞུང་ལས། ཅུང་ཟད་སྔོན་པོ་ཁྱད་པར་རོ། །ཞེས་གསུངས་པས། ལྗང་སྔོན་ནམ་ལྗང་ནག་དགོས་ཏེ། གཞན་དུ་ན་སྐུ་མདོག་གི་ཁྱད་པར་ཅུང་ཟད་འཆད་པར་འགྱུར་རོ། །ཡང་ན་སྒོ་བསྲུང་བཞི་པོ་དེ་རྣམས་ལ། གྲི་གུག་དང་ཐོད་པ་འཛིན་པ་ཐུགས་ཀར་བསྣོལ་བ། ཞེས་ཡབ་རྐྱང་གི་སྐུར་བསྒོམས་ཀྱང་རུང་བ་ཡིན་ནོ། །དཔལ་འཛིན་གྱི་དམར་པོའི་གཞུང་ལས། རིགས་ལྔའི་སྐབས་སུ། གཉུག་མའི་ཤེས་རབ་གཉིས་མེད་འཁྱུད། །ཅེས་དང༌། སྒོ་བ་བཞིའི་སྐབས་སུ། རང་སྣང་ཤེས་རབ་ཡན་ལག་


TNT06_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར། །ཞེས་གསུངས། ནག་པོའི་སྒྲུབ་ཐབས་སུ་རིགས་ལྔ་ལ་ཡུམ་གསུངས་པ་དམར་པོ་དང་འདྲ་ཞིང༌། སྒོ་བ་བཞི་ཡབ་རྐྱང་དུ་བྱུང་བས། དམར་ནག་གཉིས་ལ་ཐོབ་ཐང་གི་སྒོ་ནས། སྒོ་བ་བཞི་ལ་ཡུམ་ཡོད་མེད་ཀྱི་ཁྱད་པར་མེད་ཅིང༌། སྐབས་འདིར་རྒྱུད་ཚིག་ལའང་ཁྱད་པར་མེད་པས་དམར་ནག་གཉིས་ཀ་ལ་སྒོ་སྲུངས་བཞི་ཡུམ་ཅན་དང༌། ཡབ་རྐྱང་འདམ་ཁར་དགོངས་པའོ། །དེ་ཡང་དཔལ་འཛིན་གྱི་གཞུང་གི་དབང་དུ་བྱས་ཀྱི། སྤྱིར་གཤེད་ནག་གི་ལྷ་ཚོགས་ཐམས་ཅད་རང་སྣང་གི་ཐབས་ཤེས་ཕན་ཚུན་འཁྱུད་པའི་ཁ་སྦྱོར་གྱི་སྐུ་ཁོ་ནར་བྱེད་པ་དང༌། གོང་དུ་སྨོས་པའི་འདམ་ཁ་གཉིས་དང༌། འཁོར་ཚོགས་ཐམས་ཅད་ཡབ་རྐྱང་ཡུམ་རྐྱང་དུ་བྱེད་པ་སྟེ་མི་འདྲ་བ་བཞི་བྱུང་ཞིང༌། མཚམས་ཀྱི་ཐོད་པ་བཞིའི་དོད་དུ་མི་མགོ་རིལ་པོ་བྱེད་པ་སོགས་སྣ་ཚོགས་བྱུང་ཡང༌། རྒྱུད་དོན་ལ་འགྲིག་ཕྱིན་བླ་མའི་མན་ངག་ཡིན་པས་མི་འགལ་ལ། ཁ་ཅིག་གསང་སྔགས་ཀྱི་རྒྱུད་ཀྱི་ལུགས་སུ་འབྲེལ་ཞིང༌། བཅུ་གསུམ་གྱི་འཁོར་ལོའི་གཙོ་བོ་ཡང་ཤེས་རབ་མ་དང་བྲལ་བ་ཁོ་ནར་འདོད་པ་དང༌། འཁོར་ཚོགས་རྣམས་ཐུགས་ཀ་ནས་སྤྲོ་བར་འདོད་པ་དག་འཕགས་ཡུལ་དུ་བྱུང་བ་ནི་མི་མཐད་དོ་ཞེས་རྒྱུད་ཀྱི་འགྲེལ་པར་བཀག་པ་ལྟར་ཡིན་ཏེ། འདོད་པ་དེ་འདྲ་མན་ངག་ཡིན་ནོ་ཞེས་སྨྲ་བ་སྲིད་ཀྱང༌། རྒྱུད་ཀྱི་དངོས་བསྟན་ཉིད་དང་འགལ་བའི་ཕྱིར་དོར་བར་བྱ་ལ། དེ་ལྟར་འདོད་པའི་བསྟན་བཅོས་བོད་དུ་འགྱུར་བ་མ་མཐོང་ཡང༌། འདོད་ཚུལ་དེ་འདྲ་ཡོ་ག་བ་ཀུན་སྙིང་གི་ལུགས་ཡིན་ནམ་སེམ་མོ། །ད་ནི་དཀྱུས་ལ་འཇུག་སྟེ། ཙར་ཙི་ཀཱ་དཀར་མོ་སྐེམ་ཞིང་ཁྲོས་པ་དཀར་ནག་དམར་སོགས་གཏི་མུག་གཤིན་རྗེ་གཤེད་དང་འདྲ། ཕག་མོ་སྔོན་མོ་སྔོ་དཀར་དམར་བའི༴ གཡས་གཉིས་ན་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ན་འཁོར་ལོ་དང་པདྨ། དྲག་མོ་ཆེན་མོ་རྩ་བའི་ཞལ་ཕག་གི་གདོང་པའོ། །


TNT06_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཅན་མ་དམར་མོ་དམར་ནགསོགས། འདོད་ཆགས་གཤིན་རྗེ་གཤེད་དང་འདྲ། ཞི་ཞིང་སྒེག་ལ་སོགས་དང༌། གཽ་རཱི་ལྗང་ཁུ་ལྗང་ནག་དཀར་སོགས་ཕྲག་དོག་གཤིན་རྗེ་གཤེད་དང་འདྲ། ཕག་མོ་དང་གཽ་རཱི་ཞེས་པ་ནས། གཞལ་ཡས་ཁང་ལ་ཐིམ་གྱི་བར་ཤིན་ཏུ་རྣལ་འབྱོར་གྱི་འཕྲོས་རྣམས་དག་ནས་འདོན་ཚུལ་ལ་ཁྱད་པར་མེད་དོ། །སྐྱེ་མཆེད་བྱིན་རླབས་ཀྱི་སྐབས་སུ། རྡོ་རྗེ་རྣ་བ་ནག་པོ་ཞེ་སྡང་གཤིན་རྗེ་གཤེད་དང་འདྲ་བ་ལས། མ་ཧེ་དང་གཤིན་རྗེའི་གདན་སྤངས་པ། ཞེས་དང༌། རྡོ་རྗེ་ཡིད་དཀར་པོ་རྒྱུའི་རྡོ་རྗེ་སེམས་དཔའ་དང་མཚུངས་པ། ཞེས་དང༌། རྡོ་རྗེ་གསུམ་བྱིན་རླབས་ཀྱི་སྐབས་སུ། ཐུགས་རྡོ་རྗེ་ནག་པོ་ཞེ་སྡང་གཤིན་རྗེ་གཤེད་ལྟ་བུའི་ཐུགས་ཀར་ཧཱུཾ་སྔོན་པོ་ཞེས་འདོན་པ་སྤོ། རང་བཞིན་གྱི་གནས་ནས་གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་ཞེས་དང༌། ཀྱཻ་གཤིན་རྗེ་གཤེད་ནག་པོ། ཅེས་དང༌། ཆགས་པས་རྒྱན་སོགས་ཀྱི་དོད་དུ། ནག་པོ་མིག་སྨན་བཅག་འདྲ་ཡི། །ཞེས་དང༌། སྐུ་ལུས་སྤོམ་ཐུང་ནག་པ་སྟེ། །ཞེས་འདོན་པ་སྤོའོ། །ཧཱུཾ་ཧཱུཾ་རྡོ་རྗེ་སྟོབས་པོ་ཆེ། །རབ་འཇིགས་མི་མཐུན་ཟད་མཛད་པ། །རྡོ་རྗེ་སྐུ་དབྱེར་མེད་པའི་ལྷ། །ཐོ་བ་རྡོ་རྗེ་ཕྱག་འཚལ་བསྟོད། །སངས་རྒྱས་རྡོ་རྗེ་ཀུན་ཏུ་བཟང༌། །མཉམ་པའི་རྡོ་རྗེ་མི་བསྐྱོད་པ། །རྡོ་རྗེ་གསང་བ་དབྱིངས་ཆེན་པོ། །ཡེ་ཤེས་རྡོ་རྗེ་ཕྱག་འཚལ་བསྟོད། །རྡོ་རྗེ་དམ་ཚིག་རྡོ་རྗེ་གསུང༌། །རྡོ་རྗེ་དབྱངས་ནི་ཟབ་མོ་ཆེ། །འདོད་ཆགས་རྡོ་རྗེ་ཉིད་མཚུངས་པ། །སྐྱོན་བྲལ་རྡོ་རྗེ་ཕྱག་འཚལ་བསྟོད། །རྡོ་རྗེ་ལས་ནི་བརྩོན་འགྲུས་ཆེ། །སངས་རྒྱས་རྡོ་རྗེ་བརྟུལ་ཞུགས་འཛིན། །ལས་མཐར་མཛད་པའི་ཐུབ་ཆེན་པོ། །རྡོ་རྗེ་བརྩོན་འགྲུས་ཁྱོད་ཕྱག་འཚལ། །རྡོ་རྗེ་ཞི་བ་བྱང་ཆུབ་སེམས། །གཏི་


TNT06_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

མུག་རྡོ་རྗེ་ཉིད་དབྱེར་མེད། །ཆོས་ཀྱི་དབྱིངས་ཀྱི་བདག་ཆེན་མོ། །རྡོ་རྗེ་ཙར་ཙི་ཀཱ་ཕྱག་འཚལ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེ་སྡང་བདག་པོ་ཐུགས་དབྱེར་མེད། །མི་ཕྱེད་རྣམ་རྟོག་རབ་གཅོད་མ། །རྡོ་རྗེ་ཕག་མོ་ཁྱོད་ཕྱག་འཚལ། །རྡོ་རྗེ་གསུང་ནི་ཡེ་ཤེས་ཆེ། །པདྨ་ཤེས་རབ་ཕ་རོལ་ཕྱིན། །འདོད་ཆགས་ཆེན་པོ་ཉིད་སྦྱོང་བ། །རྡོ་རྗེ་དབྱངས་ཅན་ཁྱོད་ལ་བསྟོད། །ལས་ཀྱི་རྡོ་རྗེ་ཀུན་སྒྲོལ་མ། །ཕྲག་དོག་རྡོ་རྗེ་དབྱེར་མེད་སྐུ། །ཐམས་ཅད་རྡོ་རྗེ་བཏང་སྙོམས་ཉིད། །རྡོ་རྗེ་གཽ་རཱི་ཕྱག་འཚལ་བསྟོད། །ཅེས་པ་འདི་གཤེད་ནག་གི་ལྷ་བཅུ་གསུམ་སོ་སོའི་སྒྲུབ་ཐབས་དཱི་པཾ་ཀ་ར་ཛྙཱ་ནས་མཛད་པ། ཀོར་ནི་རུ་པས་བསྒྱུར་བ་ན་ཡོད། ལར་ནས་རྒྱུད་ཀྱི་ཚིག་ཡིན་རིགས་སུ་འདུག །གཤེད་སྐོར་བ་རྙིང་བ་གཞན་གྱི་ལུགས་ལ་མི་འདུག་ཀྱང༌། བུ་སྟོན་མན་ཆད་ཕྱིས་བྱོན་ཅི་རིགས་པ་རྣམས་མཛད་ཀྱིན་འདུག་པ་བཞིན། དམར་ནག་འཇིགས་བྱེད་བཅུ་གསུམ་མ་ལུགས་གཞན་རྣམས་ལའང༌། བསྟོད་པའི་སྐབས་ཁ་བསྐང་བས་ལེགས་པར་འོང༌། དེང་ཡང་བདག་བསྐྱེད་ཀྱི་མཆོད་བསྟོད་བདུད་རྩི་མྱང་བ་ལ་མི་དགོས་ཀྱང༌། མདུན་བསྐྱེད་ཀྱི་བསྟོད་པ་ལ་ཅི་རིགས་སུ་སྦྱར་རོ། །བདུད་རྩི་བྱིན་རླབས་ཀྱི་སྐབས། དེའི་སྟེང་དུ་ཅུང་ཟད་མ་རེག་པར། ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དཀར་པོ། ཞེས་དང༌། རྡོ་རྗེ་དཀར་པོས་རྫས་རྣམས། ཞེས་འདོན་པ་སྤོ་ཞིང༌། གཞུང་ལས་ཀྱང་དེ་ཁོ་ན་ཡོད་མོད་སྤྱིར་ནས་ནག་པོ་ལ་ཡང་དབྱུག་བ་དཀར་པོ་མི་འགལ་ཏེ། དེ་ནི་ལྷའི་ཕྱག་མཚན་གྱི་དབང་དུ་བྱས་པ་མིན་བདུད་རྩིའི་དོན་དུ་ཁ་ཊྭཱཾ་ག་དཀར་པོ་ཉིད་ཀྱིས་སོ། །གཏོར་ཆོག་གི་སྐབས་གཏོར་མ་བྱིན་རླབས་ནང་མཆོད་ཀྱི་སྐབས་ཁོ་ན་དང་འདྲ། གཏོར་མགྲོན་ཕྱོགས་སྐྱོང་རྣམས་ལ་ཕུར་བུས་བཏབ་ཟིན་མ་ཐག །ཡེ་ཤེས་པར་བསྒྱུར་


TNT06_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐབས་སུ་དམར་པོའི་ལུགས་ལ་ལྷ་ཚོགས་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ་ཡིན་ཞིང༌། གཤིན་རྗེ་གཤེད་ཀྱི་ཕྱག་མཚན་འཛིན་དགོས་པའི་རྒྱུ་མཚན་གྱིས། ཕྱོགས་སྐྱོང་སོ་སོའི་ཕྱག་མཚན་འཛིན་པ་མེད་ལ། དེ་ལ་ཡང་ཕྱོགས་སྐྱོང་སོ་སོ་རང་མདོག་དང་མཐུན་པར། མཐར་བྱེད་རིགས་ལྔ་སོ་སོར་སྐྱེད་དུ་རུང་མོད་ཀྱང༌། ཐམས་ཅད་གཙོ་བོའི་རྣམ་འཕྲུལ་ལས་བྱུང་བ་ཉིད་ཀྱི་ཕྱིར། འཇུག་པ་བདེ་བས། ཞེ་སྡང་གཤིན་རྗེ་གཤེད་དམར་པོའི་རྣམ་པ་ཁོ་ནས་རང་རང་གི་བཞོན་པ་ལ་གནས་པ་བསྒོམ་པ་ཡིན་ལ། འདིར་ཡང་བསྡུས་པ་ལ་དགའ་བས་དེས་རིགས་བསྒྲེས་ན་རུང་ངོ༌། །འོན་ཀྱང་ལྕོགས་ན་དཀྱིལ་ཆོག་ལས་གསལ་བ་ལྟར། སོ་སོར་བསྐྱེད་ན་བཟང་སྟེ། ཕུར་བུས་བཏབ་པས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེར་གྱུར། ཐིག་ལེ་རྣམས་ཡོངས་སུ་གྱུར་པ་ལས། ཤར་དུ་ཧྲཱིཿདང་རྡོ་རྗེ་ལས་བྱུང་བའི་དབང་པོ་དམར་སེར། དུད་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ། ལྷག་མ་གཡས་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ཀྱིས་འཁོར་ལོ་དང་པདྨ། ལྷོར་ཥྚཱིཿདང་དབྱུག་པ་ལས། གཤིན་རྗེ་སྔོན་པོ་སྔོ་དཀར་དམར་བ། གཡས་གཉིས་དབྱུག་པ་དང་རལ་གྲི། གཡོན་དེ་དང་འདྲ། ནུབ་ཏུ་བི་དང་སྦྲུལ་ཞགས་ལས། ཆུ་ལྷ་དཀར་པོ་དཀར་ནག་དམར། གཡས་གཉིས་སྦྲུལ་ཞགས་དང་རལ་གྲི། གཡོན་སྔ་མ་དང་འདྲ། བྱང་དུ་ཀྲི་དང་བི་ཛ་པུ་ར་ལས། གནོད་སྦྱིན་སེར་པོ་སེར་ནག་དཀར་བ། གཡས་གཉིས་བི་ཛ་པུ་ར་དང་རལ་གྲི། གཡོན་འདྲ། བྱང་ཤར་དུ་ཏ་དང་རྩེ་གསུམ་ལས། དབང་ལྡན་དཀར་པོ་དཀར་ནག་དམར། གཡས་གཉིས་རྩེ་གསུམ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་ནོར་


TNT06_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

བུ། རང་འོད་ཀྱི་གཽ་རཱི་འཁྱུད་པ། ཤར་ལྷོར་ཨ་དང་མེ་ཐབ་ལས། མེ་ལྷ་དཀར་པོ་དམར་ནག་དཀར། གཡས་གཉིས་སྤྱི་བླུགས་དང་རལ་གྲི། གཡོན་གཉིས་ནོར་བུ་དང་པདྨ། ལྷོ་ནུབ་ཏུ་ན་དང་གྲི་གུག་ལས། སྲིན་པོ་ནག་པོ་ཞེ་སྡང་གཤིན་རྗེ་གཤེད་ལྟ་བུའམ། གཡས་གཉིས་རལ་གྲི་དང་རྡོ་རྗེ་ཞེས་བྱ། ནུབ་བྱང་དུ་ན་དང་རླུང་རས་ལས། རླུང་ལྷ་ལྗང་ཁུ་ལྗང་ནག་དཀར། གཡས་གཉིས་བ་དན་དང་རལ་གྲི། གཡོན་གཉིས་པདྨ་དང་ནོར་བུ། སྟེང་གི་གཡོན་དུ་ཧཱུཾ་དང་མེ་ཏོག་ཀུ་མུ་ཏ་ལས། ཟླ་བ་དཀར་པོ་དཀར་ནག་དམར། གཡས་གཉིས་ཀུ་མུ་ཏ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་ནོར་བུ་འཛིན་པ། སྟེང་གི་གཡས་སུ་ཧཱུཾ་དང་པདྨ་ལས། ཉི་མ་དམར་པོ་དམར་ནག་དཀར་བ། གཡས་གཉིས་པདྨ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་ནོར་བུའོ། ཁ་ཅིག་ལ་འཁོར་ལོའི་དོད་དུ་པདྨའོ། །སྟེང་གི་དབུས་སུ་ཕཊ་དང་བགྲང་འཕྲེང་ལས། ཚངས་པ་སེར་པོ་སེར་ནག་དཀར་པོ། གཡས་གཉིས་བགྲང་འཕྲེང་དང་རལ་གྲི། གཡོན་གཉིས་པདྨ་དང་ནོར་བུ་འཛིན་པ། འོག་ཏུ་ཕཊ་དང་བུམ་པ་ལས། སའི་ལྷ་མོ་སེར་མོ་སེར་ནག་དཀར་བ། གཡས་གཉིས་བུམ་པ་དང་རལ་གྲི། གཡོན་གཉིས་པདྨ་དང་ནོར་བུ། ཁ་ཅིག་ལས་བུམ་པའི་དོད་དུ་འཁོར་ལོའོ། །དེའི་གཡས་སུ་སྭཱ་དང་རལ་གྲི་ལས། ཐགས་བཟང་རིས་སྔོན་པོ་སྔོ་དཀར་དམར་བ། གཡས་གཉིས་རལ་གྲི་དང་རྡོ་རྗེ། གཡོན་གཉིས་པདྨ་དང་འཁོར་ལོ། ཤར་གྱི་གཡོན་དུ་ཧཱ་དང་ག་དའི་དབྱུག་པ་ལས་ཁྱབ་འཇུག་སྔོན་པོ། སྔོོ་དཀར་དམར། གཡས་གཉིས་དབྱུག་པ་དང་རལ་གྲི། གཡོན་གཉིས་པདྨ་དང་འཁོར་ལོ། གནོད་སྦྱིན་གྱི་


TNT06_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་ཧཱ་དང་དགྲ་སྟ་ལས། ཚོགས་བདག་དཀར་པོ་སྟེ། ཞལ་མདོག་ལ་ཟངས་ཀར་འགྱུར་ལས་དཀར་སེར་དམར་བར་འབྱུང་ནའང༌། ཡི་གེ་མ་དག་པར་མངོན་ཏེ། འདི་དང་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་ལྷ་ཞལ་གསུམ་པ་རྣམས་ལ་ཁ་དོག་ངེས་ཅན་ཡོད་པ་དང་འགལ་བའི་ཕྱིར་རོ། །དེས་ན་འགྱུར་གཞན་ལས་འབྱུང་བ་ལྟར། དཀར་ནག་དམར་བ། གཡས་གཉིས་དགྲ་སྟ་དང་རལ་གྲི། གཡོན་གཉིས་པདྨ་དང་འཁོར་ལོའོ། །གཤིན་རྗེ་དང་སྲིན་པོ་ཆེས་ཆེར་ཁྲོས་པའི་ཁྲོ་བོའི་ཆ་བྱད་རྫོགས་པ། གཞན་རྣམས་རོལ་པའི་ཁྲོ་བོའོ། །དེ་གཉིས་དང་ཐགས་བཟང་རིས་དང༌། མེ་ལྷ་ཉི་མ་རྣམས་ཉི་མའི་གདན་ལ་གནས་ཤིང༌། གཞན་རྣམས་ཟླ་བའི་གདན་ལ་གནས་པ། དབང་པོ་ཆུ་ལྷ་གནོད་སྦྱིན་རྣམས་རིན་པོ་ཆེའི་ཅོད་པན་ཅན། ཐམས་ཅད་ཀྱང་གཤིན་རྗེ་གཤེད་པོའི་ལྷ་ཚོགས་རྣམས་དང་ཆ་བྱད་མཚུངས་ཤིང༌། རང་འདྲའི་ཡུམ་དང་མཉམ་པར་སྦྱོར་བ། གཡོན་བརྐྱང་གི་སྟབས་ཀྱིས་རང་རང་གི་བཞོན་པ་ལ་གནས་པའོ། །ཟངས་ཀར་འགྱུར་ལས། བརྒྱ་སྦྱིན་དམར་སྐྱ་ཞེས་འབྱུང་བ་ནི་རྒྱ་སྐད་གཽ་རཱ་ཞེས་པ་དཀར་པོ་དང་སེར་པོ་སྐབས་ཐོབ་སོ་སོས་འཇུག་ཚུལ་ཡོད་པ། སྐབས་འདིར་སེར་པོར་བསྒྱུར་དགོས་རྒྱུ། སྐྱེ་བོར་བསྒྱུར་བས་ནོར་བ་དང༌། ནག་ཚོ་འགྱུར་ལས། ཁྱབ་འཇུག་གི་ཕྱག་མཚན་ག་ད་སྲུབ་ཤིང་དུ་བསྒྱུར་བ་ཡང་འགྱུར་ནོར་བ་སྟེ། ག་ད་ནི་དབྱུག་པ་རིང་པོ་དཀར་པོ་ཏོག་ཅན་ཅིག་གི་མིང་ཡིན་ནོ། །འདིའི་ཐད་ཀྱི་ཕྱག་མཚན་ལ་དཔེ་མི་མཐུན་པ་ཅུང་ཟད་འདུག་ཀྱང་དཔེ་མང་པོ་ལ་གཏུགས་ཏེ། དག་པར་བྱས་མོད་གདོད་ནས་ཀྱང་ཡེ་ཤེས་ཞབས་ལུགས་ཁུངས་མ་དང་མི་མཐུན་པ་ཅུང་ཟད་སྣང་ངོ༌། །ཐམས་ཅད་ཀྱི་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས། དབང་བསྐུར་རྒྱས་


TNT06_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་བྱས་ཏེ། གཤིན་རྗེ་གཤེད་ཀྱིས་དབུ་བརྒྱན། ཡང་ན་བརྒྱ་སྦྱིན་མེ་ལྷ་གཤིན་རྗེ་སྲིན་པོ་ཁྱབ་འཇུག་རྣམས་ལ་མི་བསྐྱོད་པའི་དབུ་རྒྱན་ཅན། ཚངས་པ་དང་ས་ལྷ་དང་ཐགས་བཟང་རིས་ལ་རྣམ་སྣང༌། ཆུ་ལྷ་གནོད་སྦྱིན་ཚོགས་བདག་རྣམས་ལ་རིན་འབྱུང༌། དབང་ལྡན་ཟླ་བ་ཉི་མ་རྣམས་ལ་འོད་དཔག་མེད། རླུང་ལྷ་ལ་དོན་གྲུབ་ཀྱིས་དབུ་བརྒྱན་པར་བྱེད་པའམ། རིགས་ཀྱི་རིམ་པ་དེ་ལས་རིགས་ལྔ་ཁྲོ་བོས་རྒྱས་བཏབ་ཀྱང་རུང་ངོ༌། །འདི་ནི་སྐྱེད་ཆོག་རྒྱས་པའི་ལུགས་ཏེ། འདུས་པ་ཞབས་ལུགས་ཀྱི་རྗེས་སུ་འབྲང་བ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་གཏོར་མ་འབུལ་བའི་སྔགས་ནི། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཨི་དཾ་བ་ལིང་གྲྀཧྣ་གྲྀཧྣ་སརྦ་དུཥྟན་ས་མ་ཡ་མུ་དྲ་པྲ་བྷཉྫ་ཀ ། མ་མ་ཤཱནྟིང་རཀྵ་ཙ་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་གཙོ་བོ་དང༌། འཁོར་རྣམས་ལའང་སོ་སོའི་བཟླས་པའི་སྔགས་ཀྱི་ནང་དུ་གཏོར་སྔགས་བཅུག །ཨོཾ་ཨཱཿཛི་ན་ཛིཀ་ཨི་དཾ་བ་ལིང་སོགས་སྦྱར་བའམ། ཡི་གེ་བཅུ་བདུན་པའམ་ཡི་གེ་སོ་གཉིས་པའི་མཐར། ཨི་དཾ་སོགས་སྦྱར་བས་གཙོ་འཁོར་ཐམས་ཅད་ལ་དུས་གཅིག་ཏུ་འབུལ། གཤེད་དམར་ལ་ཕྱོགས་སྐྱོང་གི་གཏོར་མའི་སྔགས་ཀྱི་མཇུག་ཏུ། ཧ་ཧི་ཧཱུཾ་ཕེཾ་རྣམས་གསུམ་གསུམ་ཡོད་ཀྱང༌། འདིར་དེ་དག་གཉིས་གཉིས་ཁོ་ནའོ། །དེ་ཙམ་མ་གཏོགས་གཞན་ནི་ཁྱད་མེད་དོ། །དེ་ལྟར་ན་གཤིན་རྗེ་གཤེད་འབྱུང་བའི་རྗེས་འབྲང༌། དགྲ་ནག་ཞང་ལུགས་སུ་གྲགས་པ་ནི་ལོགས་སུ་བཤད་ཟིན་ལ། གཞན་རྭ་ལུགས་དང་མལ་ལུགས་སོགས་ཀྱི་ཡི་གེ་རྙིང་པ་རྣམས་ན་ཕྲན་ཚོགས་མི་འདྲ་བ་སྣ་ཚོགས་སུ་ཡོད་ཀྱང༌། དོན་གྱི་རྐངས་མི་འདྲ་བ་མེད་ཅིང༌། གནད་གཅིག་པར་ཡོད་ལ། ཁོ་བོས་ཞང་ལུགས་ཀྱི་ལག་ལེན་དབང་བསྐུར་ལོགས་སུ་ཐོབ་ཅིང༌། བརྒྱུད་པ་གཞན་རྣམས་ལ་དེ་དང་དེ་དག་གི་ཡིག་


TNT06_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་སོ་སོའི་སྟེང་ནས། ལག་ལེན་ཐ་དད་དུ་མ་ཐོབ་ཀྱང༌། བུ་སྟོན་ཆེན་པོ་ལ་སོགས་པ་བླ་མ་གོང་མ་རྣམས་ཀྱིས་བརྒྱུད་པ་རྙིང་མ་ལུགས་སོ་སོ་ཐ་དད་པ་ཕལ་ཆེར་གསན་ཅིང༌། གཅིག་ཏུ་དྲིལ་ནས་ཐམས་ཅད་ཀྱི་ལེགས་ཆ་བསྡུས་ཤིང༌། གཙོ་བོར་སློབ་དཔོན་དཔལ་འཛིན་གྱི་སྒྲུབ་དཀྱིལ་ལ། གཞུང་བསྲངས་པའི་ཡི་གེ་བརྩམ་ཤིང་ལག་ལེན་མཛད་པ་ལྟར། བརྒྱུད་པ་ཀུན་འདུས་སྤྱི་འགྲོས་ཀྱི་ལུགས་དེ་ཐོབ་པས། དེ་ལ་སྔོན་གྱི་ལུགས་སྲོལ་མཐའ་དག་གི་བྱིན་རླབས་བརྒྱུད་པ་འདུས་པ་ཡིན་ལ། འདིར་ནི་ཁོ་བོས་སློབ་དཔོན་གཞན་གྱི་གཞུང་མི་འདྲ་བ་སྣ་ཚོགས་དང༌། བོད་རྙིང་པའི་འདོད་ཚུལ་ཐ་དད་པ་སྣ་ཚོགས་དང༌། བར་སྐབས་སུ་བྱུང་བའི་བློ་བཟོ་རྒྱས་བཀབ་སྣ་ཚོགས་སྤངས་ཏེ། སློབ་དཔོན་དཔལ་འཛིན་ཉིད་ཀྱི་བཞེད་པ་གཙང་མར་བཀོད་པ་ཡིན་ནོ། །བར་སྐབས་ཀྱི་ཡི་གེ་མང་པོར་སོ་སོའི་ཞལ་གདམས་མན་ངག་གི་ཁྱད་པར་རྣམས་སྤངས་ནས། དཔལ་འཛིན་གྱི་གཞུང་ཁོ་ན་ལ་བློ་བརྟད་འཆའ་བར་འདོད་བཞིན་དུ། གཞུང་འདི་དང་མ་འབྲེལ་བའི་དཔེ་སྣ་སྣ་ཚོགས་བསྡུས་པའི་བཅོས་བཏབ་པས། རྩ་བའི་རང་གཞུང་དང་འགལ་བར་གྱུར་བ་དག་མཐོང་སྟེ་སྙིང་པོས་དབེན་ནོ། །དེས་ན་བརྒྱུད་པ་ཡོད་མེད་ཀྱི་གཞུང་སྣ་ཚོགས་ནས་བསྡུ་ཕྱིན་ཆད། བརྒྱུད་པ་ཡོད་པའི་མན་ངག་ཏུ་འདོད་པ་རྣམས་སྤང་དུ་མི་རུང་ལ། ཁུངས་གསལ་ཅན་གྱི་གཞུང་ཉིད་གཙོ་བོར་འཇོག་ཕྱིན། འདོད་པ་ཐ་དད་པའི་གཞུང་སྣ་ཚོགས་ཕྱོགས་གཅིག་ཏུ་སྡེབ་པ་དགོས་པ་མེད་པས། དེ་དག་གང་བྱེད་རུང་རྩ་བའི་གཞུང་དང་འགལ་ན་ནི་ཅིར་ཡང་མི་རུང་བས་འབད་དེ་སྤང་པར་བྱའོ། །དམར་ནག་བཅུ་གསུམ་མ་འདི་གཉིས་ཀྱི་དཀྱིལ་ཆོག་ནི། རྡོ་རྗེ་སློབ་དཔོན་དཔལ་འཛིན་ཉིད་ཀྱིས་གཉིས་ཀ་ལ་དཀྱིལ་ཆོག་མཛད་པ་དེའི་སྟེང་ནས་སྒྲུབ་དགོས་མོད། ཕྱོགས་སྐྱོང་གི་གཏོར་ཆོག་ཡོད་མེད་སོགས་ཕྲན་ཚེགས་དང༌། འགྱུར་ཁྱད་མ་གཏོགས་དོན་ལ་ཁྱད་ཅི་ཡང་མེད་པས་


TNT06_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་དཀྱིལ་འཁོར་གྱི་ཆོ་ག་གཅིག་ཁོ་ནས་ཆོག་གོ །ད་ནི་གཤིན་རྗེ་གཤེད་ཀྱི་སྒྲུབ་པའི་ཐབས་ཀྱི་རིམ་པ་འདི་དག་གི་སྦྱང་བྱ་སྦྱོང་བྱེད་ཀྱི་རིམ་པ་ཅུང་ཟད་བརྗོད་ན། དེ་ཡང་ཆོ་གས་རྟེན་མཆོག་དམན་གཉིས་ལ་ཚོགས་བསག་པ་ནི། སྔོན་རོལ་ཀྱི་སྐྱེ་བའི་དུས་ན། ཕྱིས་ཀྱི་སྐྱེ་བ་འཕེན་བྱེད་ཀྱི་ལས་གསོག་པ་དང་འདྲ། དེ་ལས་ཀྱང་རང་ལྷར་གསལ་བ་དང་ཐུགས་ཀའི་ས་བོན་ནི། སྐྱེ་བ་བླངས་ནས་ལུས་རྫོགས་པའི་བར་དང་མཚུངས། འོད་ཟེར་སྤྲོ་བ་མན་ཆད་ནི་གསོན་པོའི་གནས་སྐབས་ན་ལས་སྣ་ཚོགས་ལ་འཇུག་པ་དང་འདྲའོ། །ཡེ་ཤེས་ཚོགས་གསོག་ནི་དེ་དུས་ཀྱི་ཕུང་པོ་དོར་ནས། སེམས་འཆི་བ་འོད་གསལ་ལ་ཞུགས་པ་དང་འདྲ་སྟེ། སྔོན་རོལ་ཀྱི་སྐྱེ་བ་མང་པོ་དག་ཏུ། སྐྱེས་འཚོ་འཆི་བ་གསུམ་གྱི་རིམ་པ། ཕྲུགས་མི་གཅིག་པ་ཡང་ཡང་བྱུང་མོད་ཀྱང༌། སྐྱེས་འཚོ་འཆི་བ་གསུམ་གྱི་རྣམ་པར་མཐུན་པའི་ཕྱིར། སྦྱང་བྱ་གནས་སྐབས་དུ་མ་རྣམས། སྦྱོང་བྱེད་དམིགས་པ་གཅིག་གིས་སྦྱོང་པའི་དབང་དུ་བྱས་སོ། །དེས་ནས་སྦྱང་བྱ་སྐྱེས་འཚོ་འཆི་གསུམ་ནི། ད་ལྟ་འཕངས་ཤིང༌། ཕྱིས་རྫོགས་པར་འགྱུར་བའི་སྐྱེ་བ་དེའི་གནས་སྣོད་ཀྱི་འཇིག་རྟེན་མ་གྲུབ་པའི་སྔོན་རོལ་ན་ཡང་འགའ་ཞིག་ཡོད་ལ། གནས་ནི་གྲུབ་ཕ་མ་མ་གྲུབ་པའི་དུས་ནའང་ལ་ལ་དག་ཡོད་ཅིང༌། ཕྱིས་ཀྱི་སྐྱེ་སྲིད་དེ་ལ་ལྟོས་པའི་ཕ་མའི་ལུས་གྲུབ་པའི་གནས་སྐབས་ན་ཡང་འགའ་ཞིག་ཡོད་མོད་ཀྱི། སྦྱོང་བྱེད་ལམ་གྱི་དམིགས་པའི་སྐབས་འདིར། ཐོག་མའི་ཚོགས་བསག་དེ་ཁོ་ནས། དེ་ཐམས་ཅད་ཀྱི་སྦྱོང་བྱེད་འགྲུབ་པའི་ཕྱིར། གཞལ་ཡས་ཁང་དང་ལྷན་ཅིག་ཏུའམ། རྒྱུ་རྡོ་རྗེ་འཆང་དང་ལྷན་ཅིག་ཏུ་སྔ་རོལ་ཀྱི་སྐྱེ་འཚོ་འཆི་གསུམ་སྦྱོང་བྱེད་ལོགས་པ་བསྒོམ་མི་དགོས་སོ། །སྲུང་འཁོར་གཞལ་ཡས་ཁང་ལྷའི་གདན་དང་བཅས་པ་བསྒོམ་པ་ནི། གང་དུ་སྐྱེ་བ་ལེན་འགྱུར་གྱི་གནས་སྣོད་ཀྱི་འཇིག་རྟེན་སྤྱི་དང༌། ཐུན་མོང་མ་ཡིན་པའི་


TNT06_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་རྣམས་གྲུབ་པ་དང་འདྲ་ཞིང༌། སྲུང་འཁོར་ནི་སྐྱེ་བ་ལེན་པའི་མི་མཐུན་ཕྱོགས་རྣམས་བཅོམ་པ་དང་འདྲའོ་ཞེས་ཁ་ཅིག་གོ །མངོན་བྱང་ལྔ་ལས་རྒྱའི་རྡོ་རྗེ་སེམས་དཔའ་གྲུབ་པ་ནི། སྲིད་པ་སྐྱེ་བའི་རིམ་པས་སྐྱེ་བའི་རྒྱུ་རྐྱེན་ཕ་མ་གཉིས་ཀྱི་ལུས་རྫོགས་པ་སྦྱོང་ངོ༌། །དེ་ལ་ཟླ་བ་གཉིས་ནི་ཕ་མའི་ཡང་ཕ་མ་གཉིས་ལུས་ལ་གནས་པའི་ཁམས་དཀར་དམར་དང༌། གཅིག་ཏུ་འདྲེས་པ་ནི་དཀར་དམར་དེ་གཉིས་མའི་མངལ་གནས་སུ་འཛོམས་པ་དང༌། ཧཱུཾ་ཡིག་ནི་ཕ་མ་དེ་དག་ཉིད་ཀྱི་བར་དོའི་རྣམ་ཤེས་དང༌། ཕྱག་མཚན་ནི་དེར་སྐྱེ་བ་གཟུང་མ་ཐག་པ་དང༌། སྤྲོ་བསྡུ་གཅིག་འདྲེས་ནི་མངལ་དུ་ལུས་རྫོགས་པ་དང༌། སྐུ་རྫོགས་པ་ནི། མངལ་ནས་བཙས་ཏེ་ལུས་རྫོགས་པའི་བར་རོ། །འདི་ནི་སྐྱེ་སྲིད་འབྱུང་འགྱུར་དེའི་དངོས་ཀྱི་ཕ་མར་མ་ཟད། ལས་མཐུན་པའི་མེས་ཡང་མེས་ཕྱི་མོ་ཡང་ཕྱི་མོ་སོགས་མཐའ་མེད་པའི་བར་དུ། དེ་ཐམས་ཅད་ཀྱི་ལུས་གྲུབ་ཚུལ་རྣམས་དམིགས་པ་འདི་གཅིག་པུས་སྦྱོང་ངོ༌། །དེ་དག་ཕ་མར་འགྱུར་བའི་ལས་རང་ལ་ཡོད་པ་རྣམས་སྦྱོང་བར་མ་ཟད། རང་ཉིད་འགྲོ་བ་གཞན་གྱི་ཕ་མ་སོགས་སུ་འགྱུར་བའི་ལས་རྣམས་ཀྱང་དག་པར་བྱེད་དོ། །དེ་རྗེས་གཤིན་རྗེ་གཤེད་དམར་པོ་སྒྲུབས་ཐབས་སུ། སྣོད་བཅུད་དག་པར་བྱས་ནས་བདེ་བ་བསྒོམ་ཡོད་པ་ལྟར་ན། ཕ་མ་དེ་དག་ཡུལ་སྣ་ཚོགས་དང་འདོད་པ་ཐམས་ཅད་ལ་ལོངས་སྤྱོད་པ་མཚོན་ཅིང༌། ནག་པོའི་མངོན་རྟོགས་ན་རང་གཞུང་ལ་མེད་ཀྱང་དམར་པོ་ནས་འདི་ཁ་བསྐང་ན་ལེགས་པར་འགྱུར་ལ། གཞུང་གི་དངོས་བསྟན་ལྟར་མ་བྱས་ཀྱང་ཆད་པར་མི་འགྱུར་ཏེ། འདིའི་དག་སྦྱོར་རྣམས་རྡོ་རྗེ་སེམས་དཔའ་ཁ་སྦྱོར་གྱི་སྐུ་ཉིད་ལ་འདུས་པར་བལྟའོ། །ཡི་གེ་ལྔ་ནི་སྐྱེ་སྲིད་ལེན་འགྱུར་གྱི་བར་དོ་སྦྱོང་བྱེད་དང༌། དེ་ཉིད་རྡོ་རྗེ་འཆང་གི་སྐུ་ལ་ཞུགས་ཏེ་ཞུ་བ་ནི། བར་སྲིད་དེ་ཉིད་མངལ་དུ་སྐྱེ་བ་བླངས་པ་དང༌། གླུས་བསྐུལ་བ་ནི་མངལ་གྱི་གནས་སྐབས་འཕེལ་བ་དང༌། ཐིག་ལེ་ས་བོན་ཕྱག་མཚན་འོད་ཟེར་སྤྲོ་བསྡུ་རྣམས།


TNT06_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

མངལ་གྱི་གནས་སྐབས་རྫོགས་པ་དང༌། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་ནི་མངལ་ནས་བཙས་པ་དང་མཚུངས་པ་ཡིན་ལ། འདི་མན་ཆད་ལ་འདུས་པ་ཞབས་ལུགས་སོགས་དང་མཐུན་རུང་དུ་སྒྲིག་པའི་དབང་དུ་བྱས་ནས་སྔ་རབས་པ་མང་པོ་ཞིག་འདི་སྐད་ཅེས་འཆད་དེ། སེམས་དཔའ་གསུམ་བརྩེག་ནི་ལུས་ངག་ཡིད་གསུམ་གྱི་མཐུ་རྫོགས་པར་གྱུར་གྱི་བར་ལ་སྦྱོར། གཞན་ཡང་སེམས་དཔའ་གསུམ་ནི། རགས་པ་དང༌། ཕྲ་བ་དང༌། ཤིན་ཏུ་ཕྲ་བའི་རིམ་པས། ལུས་དང་རླུང་དང་འོད་གསལ་མཚོན་པར་གསང་འདུས་ལུགས་གཉིས་ལས་འཆད་པ་ལྟར་ཡིན་ནོ། །གཤེད་དམར་ལ་སྐབས་འདིར་རྗེས་ཆགས་བསྒོམ་པ་ནི། ཐིག་ལེ་རྫོགས་པ་དང༌། ཤེས་རབ་འཕེལ་བ་ནི། རིམ་གྱིས་བློ་ནུས་རྫོགས་པ་དང༌། བྱང་ཆུབ་མཆོག་གི་ང་རྒྱལ་ཡང༌། སྔོན་འཕངས་པའི་འབྲས་བུ་རྣམས་རྫོགས་པ་སྟེ། གསུམ་པོ་འདི་ལོ་བཅུ་དྲུག་ལོན་པའི་མཐའ་དང་སྦྱོར་རོ། །ནག་པོའི་མངོན་རྟོགས་ལྟར་ན་བྱང་ཆུབ་མཆོག་གི་ང་རྒྱལ་བཟུང་བ་ཡན་ཆད། ལོ་བཅོ་ལྔ་ཚུན་ཆོད་དུ་སྔོན་གྱིས་འཕངས་པའི་རྣམ་སྨིན་ལ་གཙོ་བོར་སྤྱོད་པ་དང་སྦྱར་ནས། རྗེས་ཆགས་ནི་ལོ་བཅུ་དྲུག་གི་མཐར། རིགས་དང་མཐུན་པའི་བག་མ་བླང་བ་སོགས་སྦྱོང་བྱེད་དོ། །དེའི་ཚེ་ཕོ་མོ་གཉིས་སྦྱོང་བྱེད་ལ་ལྷ་ཡབ་ཡུམ་གཉིས་སོ་སོར་ཡོད་ཀྱང༌། གཉིས་ཀའི་བར་དོ་དང༌། མངལ་ན་གནས་པ་སྦྱོང་བྱེད་ནི། དམིགས་པ་ཕྲུགས་གཅིག་པོ་དེས་ཆོག་པའོ། །ཤིན་ཏུ་རྣལ་འབྱོར་ནི། དེ་ནས་བུ་དང་བུ་མོ་སོགས་སྐྱེད་པ་སྦྱོང་བ་དང༌། སྐྱེ་མཆེད་བྱིན་རླབས་ནི་དེ་རྣམས་ཀྱི་མིག་སོགས་ཀྱི་ནུས་པ་རྒྱས་པ་དང༌། རྡོ་རྗེ་གསུམ་བྱིན་གྱིས་བརླབ་པ་ཡང་སྒོ་གསུམ་གྱི་ནུས་པ་རྫོགས་པ་དང༌། དབང་བསྐུར་རྒྱས་བཏབ་ནི། རང་རང་གི་རིགས་ཀྱི་བྱ་བ་ལ་གནས་པ་དང༌། མཆོད་བསྟོད་བདུད་རྩི་མྱང་བ་ནི་འདོད་ཡོན་ལ་ལོངས་སྤྱོད་པ་དང༌། ཉེར་བསྡུ་ནི་འཆི་བ་སྦྱོང་བ་དང༌། ཐུན་མཚམས་ཀྱི་ལྷ་སྐུ་ནི་


TNT06_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་སྐྱེ་བ་ལེན་པ་སོགས་སྦྱོང་བར་བྱེད་དོ། །ཞེས་པ་འདི་ནི་སྔ་མ་རྣམས་ཀྱི་བཞེད་ཚུལ་ཡིན་ལ། ཀ་མ་ལ་རཀྵི་ཏའི་སྒྲུབ་ཐབས་དང་འགྲིག་པར་འགྱུར་རོ། །བདག་གི་རྣམ་པར་རྟོག་པ་ལྟར་ན། སྐྱེ་མཆེད་བྱིན་རླབས་ནས་དབང་བསྐུར་རྒྱས་བཏབ་ཀྱི་བར་གཙོ་འཁོར་ཐམས་ཅད་ལྷན་ཅིག་ཏུ་སྒྲུབ་པའི་ལུགས་དཔལ་འཛིན་དང་ལ་ལི་ཏ་སོགས་ཀྱི་སྲོལ་ཀ་འདི་ལ། བཤད་མ་ཐག་པ་དེ་ཅུང་ཟད་མི་འགྲིག་པ་ལྟར་སྣང་ལ། སྐབས་འདི་ན་གསང་འདུས་ཡེ་ཤེས་ཞབས་ལུགས་སམ། བདེ་མཆོག་ནག་པོའི་ལུགས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་དང༌། གཤིན་རྗེ་གཤེད་དམར་ནག་འདིའི་རྣལ་འབྱོར་ཕྱི་མ་གཉིས་དམིགས་པ་འདྲ་རུང་དུ་ཡོད་ཀྱང༌། གཅིག་གིས་གཅིག་ལ་རྒྱས་མི་ཁེབས་ཏེ། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་ནས། མངལ་དུ་དཀྱིལ་འཁོར་བསྐྱེད་པའི་བར་ལ། རིམ་པ་གཞན་མང་པོ་ཡོད་མེད་ཀྱིས་སྒོ་ནས་ཆོ་ག་རྒྱས་བསྡུས་ཁྱད་ཤིན་ཏུ་ཆེ་བའི་ཕྱིར་རོ། །དེས་ན་འདི་ལྟར་བྱ་སྟེ། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་མ་ཐག་པ་ནི་མངལ་ནས་བཙས་པ་དང༌། དེ་མ་ཐག་ཏུ་རླུང་དང་ཁམས་སྤྲོ་བའི་གཞི་ལེགས་པར་གྲུབ་པ་ནི། སེམས་དཔའ་ནང་མ་གཉིས་དང་དྷརྨ་དྷཱ་ཏུ་ནི་ཆོས་ཀྱི་དབྱིངས་ཏེ་རྒྱུའི་དོན་ཡིན་པས་དེའི་ང་རྒྱལ་བཟུང་བ་ནི། སྔོན་ཀྱི་ལས་ཀྱིས་འཕངས་པའི་བདེ་སྡུག་མྱོང་བའི་འགོ་བརྩམས་པ་སྦྱོང་བ་དང༌། གཤེད་དམར་ལྟར་ན་བདེ་བ་དང༌། བློ་ནུས་འཕེལ་པའི་འགོ་བརྩམས་པ་ཡང་ཡིན་ལ། ནག་པོ་ལྟར་ན་རྗེས་ཆགས་ནི། ལྟེ་བའི་གཏུམ་མོའི་ནུས་པ་རྩ་གནས་ཀྱི་རླུང་གཡོ་བ་དང༌། སངས་རྒྱས་རྣམས་ཞུགས་ཤིང་མཁའ་དཀྱིལ་དུ་གྱུར་པ་ནི། ཕྱི་རོལ་ཀྱི་རླུང་ནང་དུ་ཞུགས་པའི་རྐྱེན་གྱིས་རྩ་གནས་ཐམས་ཅད་དུ་རླུང་གཡོ་ཞིང་འབབ་པ་དང༌། དཀྱིལ་འཁོར་སྤྲོ་ཞིང་དགོད་པ་ནི། དེ་ལྟར་རླུང་བབས་པའི་རྐྱེན་གྱིས་ཕུང་ཁམས་སོགས་རྫོགས་པ་མཚོན་ཏེ། ཕུང་པོ་ལྔ་རིགས་ལྔ། འབྱུང་བ་བཞི་ཡུམ་བཞི། སྒོ་སྐོང་བཞི་ལུས་ཀྱི་ཡན་ལག །ཐོད་པ་


TNT06_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དབང་ཡུལ་རྣམས་སོ། །མངལ་དུ་གཞལ་ཡས་ཁང་བསྒོམ་ཞིང་དེ་ལ་དག་སྦྱོར་བྱེད་ན། སྐྲ་སེན་གྱི་མཐར་ཐུག་པའི་ལུས་ཀྱི་ཁོག་པ་སྤྱི་ལ་སྦྱོར་དགོས་ཏེ། འོན་ཀྱང་གཞུང་ལས་མ་བཤད་པས་མ་སྦྱར་ཀྱང་ཆོག །དེ་ལྟར་ན་དེ་དག་གི་བྱིས་པ་བཙས་ནས་མི་རིང་བའི་གནས་སྐབས་སྦྱོང་བྱེད་དང༌། དེ་རྗེས་དབང་པོ་དྲུག་གི་ནུས་པ་འཕེལ་བ་ནི། སྐྱེ་མཆེད་བྱིན་རླབས། སྒོ་གསུམ་གྱི་ནུས་པ་འཕེལ་བ་ནི་རྡོ་རྗེ་གསུམ་བྱིན་རླབས། འཕེལ་བ་རྫོགས་ནས་རང་རིགས་ཀྱི་བྱ་བ་ལ་གནས་པ་ནི་དབང་བསྐུར་རྒྱས་བཏབ་དང༌། ཡུལ་སྣ་ཚོགས་པ་བསྟེན་པ་དང་ལས་སྣ་ཚོགས་ལ་འཇུག་ཅིག་བདེ་སྡུག་མྱོང་བ་ནི། མཆོད་བསྟོད་བདུད་རྩི་མྱང་བ་དཀྱིལ་འཁོར་སྤྲོ་བསྡུ་དང་བཅས་པའོ། །ལྷག་མ་སྔར་དང་འདྲ་སྟེ། དེ་དག་ཀྱང་བདག་ཁོ་ནའི་རྣམ་རྟོག་གསར་པ་འབའ་ཞིག་མ་ཡིན་ཏེ། ས་བོན་ཕལ་ཆེར་བླ་མ་དམ་པ་གང་བའི་རྡོ་རྗེའི་གསུངས་ལས་བྱུང་བའོ། །སྦྱངས་འབྲས་ཀྱི་དག་པ་ལ། ཚོགས་བསག་དང་པོ་ནི། བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་ཚོགས་བསགས་པ་དང༌། ཚོགས་བསག་གཉིས་པ་ལས་ཐོག་མར་སྟོང་ཉིད་ཀྱི་དོན་བསམ་པ་ཡང༌། ལམ་དུས་སུ་ཡེ་ཤེས་ཀྱི་ཚོགས་སྒྲུབ་པ་ཉིད་དང་སྦྱོར་ཞིང་ཕྱིས་ཤཱུ་ནྱ་ཏའི་སྔགས་བརྗོད་པ་ནས་བརྩམས་ཏེ། ཡི་གེ་ལྔ་བསྐྱེད་པའི་བར་དུ་རྟེན་གྱི་དཀྱིལ་འཁོར་དུ་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པའི་སྐབས། སོ་སོ་ཐད་ཁ་དེར་རང་རང་གི་ང་རྒྱལ་ཡོད་མོད་ཀྱང༌། ང་རྒྱལ་གྱི་གཙོ་བོ་ནི་སེམས་སྟོང་ཉིད་དུ་ཞུགས་པ་དེ་ལ་ཆོས་ཀྱི་སྐུའི་ང་རྒྱལ་འཇུག་དགོས་པས། ཡེ་ཤེས་ཀྱི་ཚོགས་ཀྱི་ངང་ལ་གནས་པའི་སྐབས་དེ་ནི། འབྲས་བུ་ཆོས་ཀྱི་སྐུ་མཚོན་པའོ། །གང་དུ་སངས་རྒྱ་བའི་ཞིང་ཁམས་ནི། སྲུང་འཁོར་གཞལ་ཡས་ཁང་གདན་དང་བཅས་པས་ལམ་དུ་བྱེད་ལ། སྲུང་འཁོར་ནི་བདུད་བཞི་བཅོམ་པའོ་ཞེས་ཕལ་ཆེར་


TNT06_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་སྟེ། དེ་ལྟར་སྦྱོར་ན་ནི། རྡོ་རྗེ་གདན་དུ་བདུད་བཏུལ་བའི་མཛད་པ་ཚུལ་སྟོན་པ་དེ་དང་ཤིན་ཏུ་འགྲིག་པ་མ་ཡིན་པས། ནམ་སངས་རྒྱས་པ་ན་སྒྲིབ་གཉིས་སྤངས་པ་ཉིད་ལ་བདུད་བཏུལ་བ་ཞེས་བྱ་སྟེ། འདི་དང་སྦྱར་ན་འགྲིག་གོ །མངོན་བྱང་ལྔ་ནི་ཡེ་ཤེས་ལྔ་དང༌། ཨཱ་ལི་ཀཱ་ལི་ནི་མཚན་དཔེ་སྟེ་ཟླ་བ་སྐུ་དང༌། ས་བོན་གསུང༌། ཕྱག་མཚན་ཐུགས། འོད་ཟེར་སྤྲོ་བསྡུ་འཕྲིན་ལས་ཏེ། དེ་དག་དང་ལྡན་པའི་རྒྱུ་རྡོ་རྗེ་འཛིན་པ་ནི་ལོངས་སྤྱོད་རྫོགས་སྐུའོ། །དེ་ནས་ཡི་གེ་ལྔ་ལས། འབྲུ་གསུམ་ནི་རྡོ་རྗེ་གསུམ། ཧོཿགཉིས་ནི་སྙིང་རྗེ་ཆེན་པོ་དང་ཐབས་ལ་མཁས་པ་སྟེ། དེ་སྐུ་ལ་ཞུགས་པ་ནི། ཐུགས་སྙིང་རྗེ་ཆེན་པོའི་དབང་དུ་གྱུར་པ་དང༌། སྙིང་རྗེ་ཆེན་པོ་དེ་ཡང་དམིགས་པ་མེད་པ་ཡིན་པ་ནི་ཞུ་བ་དང༌། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་བྱང་ཆུབ་ཀྱི་སེམས་དེ་ལ་གནས་པ་དེ་ཚད་མེད་བཞིས་བསྐུལ་བ་ནི་གླུས་བསྐུལ་བ་སྟེ། དེ་ནི་ལོངས་སྐུས་སྤྲུལ་པ་སྤྲུལ་པར་མཛད་པའི་རྒྱུ་ཡིན་ལ། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་ནི་སྤྲུལ་པའི་སྐུའོ། །སྤྲུལ་སྐུ་དེ་རྩ་བའི་སྤྲུལ་སྐུ་ཡིན་ལ། བྱང་ཆུབ་མཆོག་མཆོག་གི་ང་རྒྱལ་བཟུང་བ་ནི། དེ་ཡང་ཆོས་སྐུའི་རྣམ་རོལ་ཏུ་ཤེས་པའི་ཕྱིར་དང༌། རྗེས་ཆགས་དཀྱིལ་འཁོར་སྤྲོ་བ་དང་བཅས་པ་ནི། འདོད་ཆགས་ཆེན་པོས་གདུལ་བ་ལ་ཆགས་ལམ་སྟོན་པ་དང༌། ཡན་ལག་གི་སྤྲུལ་པའི་སྐུ་སྣ་ཚོགས་པ་འགྱེད་པར་མཛད་པའོ། །སྐྱེ་མཆེད་བྱིན་རླབས་ནི་ཡོན་ཏན་མཐའ་ཡས་པ་མངའ་བ་དང༌། རྡོ་རྗེ་གསུམ་བྱིན་གྱིས་བརླབ་པ་ནི། སངས་རྒྱས་ཐམས་ཅད་ཡེ་ཤེས་མཉམ་ཉིད་དུ་འདྲེས་པ་དང༌། དབང་བསྐུར་ནི་འཁོར་འདས་ཐམས་ཅད་ཀྱི་འདྲེན་པར་གྱུར་པ་སྟེ། མཆོད་བསྟོད་བདུད་རྩི་མྱང་བ་ནི་མཆོད་པའི་བཀོད་པ་དང༌། སྤྲོ་བསྡུ་ནི་མཛད་པ་སྣ་ཚོགས་པ་དང༌། བཟླས་པ་ཆོས་སྟོན་པ་དང༌། དཀྱིལ་འཁོར་ཉེར་བསྡུ་ནི་ལ་ལར་སྤྲུལ་པའི་སྐུ་མི་སྣང་བར་འགྱུར་བ་དང༌། ཐུན་མཚམས་ཀྱི་ལྷ་སྐུ་ནི་ཕྱོགས་གཞན་དུ་སྤྲུལ་སྐུ་སྣང་བས་མཛད་པ་རྣམས་སོ། །ཡང་རྫོགས་རིམ་གྱི་


TNT06_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་བྱེད་དུ་འགྱུར་ཚུལ་མདོ་ཙམ་དུ་བརྗོད་ན། ཡེ་ཤེས་ཚོགས་གསོག་ནི་སྟོང་ཕྱོགས་ཁོ་ནི་རྫོགས་རིམ་གྱི་སྨིན་བྱེད་དང༌། དཀྱིལ་འཁོར་ལ་ཉེར་བསྡུ་ནི་གསལ་བ་ལྷའི་འཁོར་ལོ་འོད་གསལ་དུ་འཇུག་པ་དང༌། རྡོ་རྗེ་སེམས་དཔའ་ཞུ་བ་ནི། བདེ་བས་ཁྱད་པར་དུ་བྱས་པའི་སྟོང་ཉིད་ཏེ། གསུམ་པོ་དེ་སྟོང་པའི་ཕྱོགས་ཀྱི་རྫོགས་རིམ་སྨིན་བྱེད་ཡིན་ལ། རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་དང༌། ཐོག་མཐའ་གཉིས་སུ་ཐུན་མཚམས་ཀྱི་ལྷ་སྐུ་བསྒོམ་པ་ནི། རྒྱ་ཆེ་བ་སྣང་ཕྱོགས་ཀྱི་རྫོགས་རིམ་སྨིན་པར་བྱེད། མངོན་བྱང་ལྔ་ནི་ཁམས་དཀར་དམར་གྱི་འདུ་འཕྲོད་ལས། རླུང་འགགས་པ་དང༌། རྣམ་རྟོག་ཐིམ་པ་དང༌། ཕུང་ཁམས་དག་པ་དང༌། དངོས་འབྲས་ཡེ་ཤེས་ཀྱི་སྐུ་རྫོགས་པ་མཚོན་ཅིང༌། ཞུ་བ་བསྐུལ་ཏེ་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་ཡང༌། རྩ་འཁོར་ལོ་བཞིར་རླུང་སེམས་འགགས་པས་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཀྱི་ཡེ་ཤེས་སྐྱེ་བ་མཚོན་པ་དང༌། སེམས་དཔའ་གསུམ་བརྩེག་ནི་སྙིང་གའི་མི་ཤིགས་པའི་ཐིག་ལེའི་སྐོར་དང༌། ཤིན་ཏུ་རྣལ་འབྱོར་ནི་ནོར་བུ་ཐིག་ལེ་རྗེས་དྲན་དང་བཅས་པ་དང༌། སྐྱེ་མཆེད་སྐུ་གསུང་ཐུགས་དབང་བསྐུར་རྣམས་དགའ་བྲལ་སྤྲུལ་པའི་ཐིག་ལེའི་སྐོར་དང༌། དཀྱིལ་འཁོར་སྤྲོ་བསྡུ་ནི་མི་ཤིགས་ཐིག་ལེ་ཆེན་པོ་སྣང་བཅས་རྗེས་གཞིག་ཡེ་ཤེས་སྐུའི་རིམ་པ་སོགས་ཏེ། སྣང་སྟོང་ཟུང་དུ་འཇུག་པའི་རྫོགས་རིམ་དང༌། མཆོད་བསྟོད་སོགས་ནི་རིག་པའི་བརྟུལ་ཞུགས་ཀྱི་སྨིན་བྱེད་དོ། །དེ་ལ་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལེའུ་བཅོ་བརྒྱད་ཅན་ནས། ནག་པོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་གསུངས་པ་རྣམས་དང༌། དམར་པོའི་རྒྱུད་ལེའུ་བཅུ་དགུ་ཡོད་པ་ནས། དམར་པོ་བཅུ་གསུམ་མའི་དཀྱིལ་འཁོར་སྟོན་བྱེད་ཀྱི་ཚིག་རྣམས། ཕལ་ཆེར་འདྲ་བ་ཡོད་ཅིང༌། དམར་པོའི་ཕྱོགས་ལ་རྒྱུད་གཉིས་ཀ་ནས་ལྷ་ལྔ་རྒྱས་པར་བཤད་ཅིང༌། ཉེར་གཉིས་པ་ལས་བཅུ་གསུམ་མ་གསུངས་པ་མེད་ལ། རྒྱུད་ལེའུ་བཅུ་


TNT06_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པ་ལས་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་འདི། འཐོར་ཐབས་སུ་གསུངས་སོ། །དམར་པོ་བཅུ་གསུམ་མ་ལ་ནི། སྒྲུབ་ཐབས་དཔལ་འཛིན་གྱིས་མཛད་པ་འདི་ཁོ་ན་ལས་གཞན་མ་འགྱུར་བས། ད་ལྟ་ལག་ལེན་དུ་འདེབས་པ་ལ། དཔལ་འཛིན་གྱི་གཞུང་ལ་མི་བརྟེན་པའི་ཐབས་མེད་ལ། ནག་པོ་ལ་ཡང་དཔལ་འཛིན་གྱི་གཞུང་འདི་དག་གྲགས་ཆེ་ཤོས་ཡིན་མོད་ཀྱི། གཤིན་རྗེ་གཤེད་འབྱུང་བ་དང༌། ཀ་མ་ལ་རཀྵི་ཏའི་སྒྲུབ་ཐབས་སོགས། རྒྱུ་གཞུང་བཟང་པོ་གཞན་ཡང་མང་དུ་ཡོད་ཅིང༌། རྭ་ལུགས་ཀྱི་སྒྲུབ་ཐབས་རྙིང་པ་དང༌། ནཱ་རོ་པའི་མན་ངག་ཀློག་སྐྱ་ལུགས་དང༌། ན་རི་པའི་མན་ངག་མལ་ལུགས་གཅིག་ཏུ་འདུས་པའི་སྒྲུབ་ཐབས་སོགས་རྒྱུད་རྐྱང་མན་ངག་གི་ལུགས་ལེགས་པོ་ཡང་མང་དུ་ཡོད་དོ། །གཤེད་ནག་གི་སྒྲུབ་ཐབས་རྒྱུད་ཀྱི་བསྟན་ཚོད་དགོངས་དོན་ཇི་ཙམ་ཡིན་པ་དེ་ལས་ལྷག་ཆད་ཀྱི་སྐྱོན་ཐམས་ཅད་དང་བྲལ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གསུང་ལས་རྟོགས་པར་བྱའོ།། །།༈ བཅོམ་ལྡན་འདས་དཔལ་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཞལ་དྲུག་པའི་སྐུ་ལ་ཕྱག་འཚལ་ལོ། །རྒྱུད་སྡོམ་གསུམ་པ་ལས་འབྱུང་བ་ལྟར། འཇམ་དཔལ་ཁྲོས་པའི་དཀྱིལ་འཁོར་བསྒོམ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱ་རྣམས་སྔོན་དུ་བཏང༌། རང་སྐད་ཅིག་གིས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་སྐུར་གསལ་བའི་སྙིང་གར་ཨཱཿལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་ནག་པོ། དེ་ལས་འོད་འཕྲོས་རང་བཞིན་གྱི་གནས་ནས། རྡོ་རྗེ་ཁྲོ་བོ་ཆེན་པོ་འཆོལ་པ། གཤིན་རྗེ་གཤེད་པོ་ལྷ་ཉེར་གཅིག་གི་དཀྱིལ་འཁོར། བླ་མ་རྡོ་རྗེ་འཆང༌། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བྱོན་པར་གྱུར། གང་གི་དྲིན་གྱིས་སོགས་


TNT06_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཞལ་དྲུག་འཇིགས་པའི་ཧཱུཾ་སྒྲ་སྒྲོག །ཞབས་དྲུག་སྐྱིལ་ཀྲུང་གཡོན་བརྐྱང་གར། །ཕྱག་དྲུག་མི་བཟད་མཚོན་ཆ་འཛིན། །ལྷ་ཆེན་དྲུག་འཇོམས་དེ་ལ་འདུད། །ཨོཾ་ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད་པ་དང༌། ལུས་དང་ངག་དང་ཡིད་ཀྱི་སྡིག་སོགས་རྒྱུན་བཤགས་དང༌། ཤཱུ་ནྱ་ཏའི་སྔགས་དོན་བསམ་པའི་བར། གཤེད་དམར་བཅུ་གསུམ་མའི་སྒྲུབ་ཐབས་བཞིན་ནོ། །འདིར་པཎྜི་ཏ་ཀླུ་བྱང་གིས་སྙིང་གའི་ཧཱུཾ་གི་འོད་ཟེར་གྱིས་གདུག་པ་ཅན་བསྲེག་པར་བཤད་པ་ནི། ཚོགས་ཞིང་གི་ཆོ་གའི་ཡན་ལག་ཏུ་སྐབས་སུ་མི་བབ་ཅིང༌། ཡན་ལག་བདུན་པ་གུར་ནས་འབྱུང་བ་བཞིན་མཛད་པ་ནི་མི་ལེགས་པ་མ་ཡིན་ནོ། །སྟོང་པར་སྦྱོང་བ་ལ་ཡང༌། དང་པོར་ཤཱུ་ནྱ་ཏ་དང༌། རྗེས་སུ་སྭ་བྷཱ་ཝ་བྱེད་པར་བཤད་དེ་ངེས་པར་དགོས་པ་ནི་མ་ཡིན་ལ། གོ་རིམ་ཡང་དེ་ཅུང་མི་ལེགས་སོ། །སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་ཕྱོགས་བཅུར་སྤྲོས། འོག་རྡོ་རྗེའི་ས་གཞི། ཞེས་པ་ནས། ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ངོ་བོར་གྱུར། ཅེས་པའི་བར་ཡང༌། དམར་པོ་བཅུ་གསུམ་མའི་སྐབས་བཞིན་ལས། སྲུངས་འཁོར་གྱི་མཚམས་སུ། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ། ཞེས་བརྗོད་པ་ནི་ཁྱད་པར་རོ། །ཆོས་འབྱུང་གི་ནང་དུ། ལཾ་ལས་སའི་དཀྱིལ་འཁོར་ལྗང་སེར་གྲྭ་བཞིར་རྡོ་རྗེས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་དང༌། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་བརྩེགས་པ་ཞེས་པ་ནས། བྷྲུཾ་


TNT06_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཚན་པ་འབྱུང་བཞི་པདྨ་རྡོ་རྗེ་འཁོར་ལོ། དེ་རྣམས་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས་སངས་རྒྱས་རྣམ་པར་ནས། མེ་ཏོག་གི་འཕྲེང་བ་ཐོགས་པ་རྣམས་ཀྱིས་བརྒྱན་པ། ཞེས་པའི་བར་གཞལ་ཡས་ཁང་བསྐྱེད་ཚུལ་ཡང་དམར་པོ་བཅུ་གསུམ་མའི་སྐབས་དང་འདྲའོ། །གཞལ་ཡང་ཁང་གི་སྟེང་འོག་གི་གཞི་རྣམས། ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བ། རྩིག་པའི་ནང་རོལ་ཏུ་ལྷ་སྣམ་གྱིས་བསྐོར་བའི་དབུས་ཀྱི་གཞི་ལ། འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ། འཁོར་ལོའི་ལྟེ་བར་པཾ་ལས་སྣ་ཚོགས་པདྨའི་སྟེང་དུ། རཾ་ལས་ཉི་མའི་དཀྱིལ་འཁོར། འཁོར་ལོའི་རྩིབས་ཤར་དུ་ཟླ་བ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རྡོ་རྗེ་རྒྱ་གྲམ་གྱི་གདན། མཚམས་ཀྱི་རྩིབས་བཞི་དང༌། ཕྱིའི་གྲྭ་བཞི་དང༌། ནང་གི་གྲྭ་བཞི་སྟེ་བཅུ་གཉིས་སུ། ཟླ་བའི་དཀྱིལ་འཁོར་གྱི་གདན་རེ་རེའོ། །དབུས་ཀྱི་གདན་གྱི་སྟེང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཱཻ། ཨོ་ཨཽ། ཨཾ་ཨཿ ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས། དེ་སྟེང་དུ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ། ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སྐབས་འདིར་རྒྱུད་ལས། ཡ་སོགས་སྤངས་པ་མིན་པ་ཉིད། །གསུམ་པའི་གཉིས་པ་བཞི་པ་ཉིད། །ཅེས་གསུངས་པ་ནི། ཡ་ར་ལ་ཝ་ཌ་ཌྷ་སྟོན་པའི་ཚིག་གོ །རྒྱུད་ལས་མངོན་བྱང་གཉིས་པ་ཉི་མར་བཤད་ཅིང༌། ལྷ་འབྱུང་གི་སྒྲུབ་ཐབས་ན་ཡང་རྒྱུད་བཞིན་དུ་ཡོད། སྒྲུབ་ཐབས་རྒྱ་མཚོ་ན་ཡོད་པ་དེ་དང་བོད་ཁ་ཅིག་ཟླ་བ་ཁ་སྦྱོར་དུ་འདོད་མོད་ཀྱི། རྒྱུད་སྡོམ་གསུམ་པ་


TNT06_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བརྟེན་པའི་སྐབས་འདིར་ཉི་མ་ཉིད་དོ། །དེ་གཉིས་ཀྱི་བར་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཐོ་བ་ཧཱུཾ་གིས་མཚན་པ་དང༌། ཨཱཿལས་བྱུང་བའི་གྲི་གུག་ཨཱཿས་མཚན་པ་ནི། སོ་སོར་རྟོག་པའི་ཡེ་ཤེས། དེ་ལས་འོད་ཟེར་སྣ་ཚོགས་པ་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་ཐམས་ཅད་གཤིན་རྗེ་གཤེད་ཀྱི་གོ་འཕང་ལ་བཀོད། སླར་འདུས་ཏེ་ཐིམ་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །དེ་དག་ཡོངས་སུ་གྱུར་པ་ལས་སྐུ་རྫོགས་པ་ཧྲཱིཿཡིག་དང་བཅས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། རང་ཉིད་བཅོམ་ལྡན་འདས་གཤིན་རྗེ་སྐུ་མདོག་ནག་པོ་དུས་ཀྱི་མུན་པ་ལྟར་གནག་ཅིང་ངམ་ཟ་བ། སྒེག་པ་ལ་སོགས་པ་གར་དགུའི་ཉམས་ཀྱི་རོ་དང་ལྡན་པ། བདུད་ཀྱི་དཀྱིལ་འཁོར་མ་ལུས་པ་སྲེག་པར་བྱེད་པའི་ཡེ་ཤེས་ཀྱི་མེ་དཔུང་དྲག་ཏུ་འཕྲོ་ཞིང་འབར་བའི་དབུས་ན་བཞུགས་པ། དཔལ་གྱི་མགུར་ནས་ཧྲཱིཿཡིག་གི་སྒྲ་སྒྲོག་པ། ཞལ་དྲུག་ཕྱག་དྲུག་ཞབས་དྲུག་དང་ལྡན་པ། རྩ་ཞལ་ནག་པོ་རབ་ཏུ་ཁྲོས་པ། འབྲུག་སྟོང་ལྡིར་བ་ལྟ་བུའི་གད་རྒྱངས་ཅན། གཡས་ཞལ་དང་པོ་དམར་པོ་ལྗགས་འགྲིལ་ཞིང་བསྐྱོད་པ། གཉིས་པ་ལྗང་ཁུ་ཁྲོ་གཉེར་བསྡུས་པ། གཡོན་ཞལ་དང་པོ་དཀར་པོ་འཛུམ་ཞིང་བཞད་པ། གཉིས་པ་སེར་པོ་རྣམ་པར་གཙིགས་པ། སྟེང་ཞལ་ནག་པོ་རབ་ཏུ་འཇིགས་ཤིང་ཞལ་གདངས་པའོ། །སྟེང་ཞལ་གྱི་དབུ་སྐྲ་ལྷག་པར་འབར་ཞིང༌། ཞལ་གཞན་རྣམས་ཀྱི་དབུ་སྐྲ་རྩ་བའི་ཕྱོགས་ནས་བཅིངས་པ་ལ། མི་མགོ་སྐམ་པོའི་འཕྲེང་བས་བརྒྱན་པ། ཕྱག་དྲུག་གི་གཡས་ཀྱི་དང་པོ་རྡོ་རྗེ་ཐོ་བ་རྭ་ཉི་ཤུ་པ་འཕྱར་བའི་ཐབས་ཀྱིས་འཛིན་པས་གནོད་བྱེད་འབྱུང་པོ་མ་ལུས་པ་ཐལ་བར་བརླག་པར་


TNT06_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ། གཡོན་གྱི་དང་པོ་ཞགས་པ་དང་བཅས་པའི་སྡིགས་འཛུབ་ཀྱིས་མི་སྲུན་པ་ཐམས་ཅད་སྡིགས་པར་མཛད་པ། བར་པ་གཉིས་ཀྱི་གཡས་འབར་བའི་རལ་གྲིས་མ་རུངས་པ་རྣམས་དུམ་བུར་གཏུབ་ཅིང༌། གཡོན་གཏུན་ཤིང་བསྣམས་པས་སྡང་བ་ཐམས་ཅད་ཕྱེ་མར་མཛད་པ། ཐ་མའི་ཕྱག་མདུན་མ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་མདུན་མ་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཅས། བར་པ་གཉིས་གཡས་བསྐུམ་གཡོན་བརྐྱང་པས། མ་ཧེ་ནག་པོ་དྲེགས་ཤིང་ཁྲོས་པ་མགོ་གཡས་སུ་བསྟན་པའི་སྟེང་དུ། གཤིན་རྗེ་ཕོ་མོ་ནག་པོའི་སྟོབས་ཀྱིས་བརྫིས་པ། རྒྱབ་མ་གཉིས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ། འདིར་པཎྜི་ཏ་ཀླུ་བྱང་དང༌། སྒྲུབ་ཐབས་རྒྱ་མཚོར། དང་པོ་གཉིས་སེམས་སྐྱིལ་དུ་འདོད་ཀྱང༌། ད་ལྟ་ཡོད་པའི་རྒྱུད་དང་དེ་བ་ཨཱ་ཀ་རས་རྡོར་སྐྱིལ་དུ་ཡོད་པ་ལྟར་བྱ། ཞབས་འོག་གི་གཤིན་རྗེ་ཕོ་མོ་ལ། རྒྱུད་རྒྱ་གཞུང་ན་དམིགས་བསལ་མེད། བོད་སྔ་ཕྱི་རྣམས་ལ་བྱི་ཆིངས་སུ་བསྣོལ་བ་དང༌། བྱིན་བཅིངས་སུ་བསྣོལ་བ་དང༌། མཁའ་གསང་སྦྱར་བ་དང༌། ཁ་གསང་སྤྲད་པ་སོགས་ཡི་གེའི་འཁྲུལ་གཞི་ལ་བརྟེན་པའི་འདོད་ཚུལ་སྣ་ཚོགས་ཡོད་ཀྱང༌། གཡས་བསྐུམ་པས་ཕོ་ཁ་བུབ་དང༌། གཡོན་བརྐྱང་བས་མོ་གན་ཀྱལ་དུ་མནན་པ་ཡིན་ནོ། །ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང༌། བཞིན་ཤིན་ཏུ་འགྱུར་བའི་ཁྲོ་གཉེར་ཅན། མཆེ་བ་རྣོན་པོ་ཟངས་ཡག་ཏུ་གཙིགས་པ། སྐུ་སྤོམ་ཞིང་ཐུང་ལ་གསུས་ཁྱིམ་འཕྱང་བ། ཁྲོ་བོ་འཆོལ་བའི་ཆ་བྱད་ཅན། སྟག་ལྤགས་ཀྱི་སྨད་དཀྲིས་དང༌། སེང་གེ་པགས་པས་སེ་རལ་ཁ་བྱས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། ཀླུའི་


TNT06_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་པ་ཞེས་པ་ནས། འབར་བའི་འཕྲེང་བ་ཅན་གྱི་བར། གཤེད་དམར་བཅུ་གསུམ་མའི་སྐབས་བཞིན། དེ་ལ་འཁྱུད་པའི་བཅོམ་ལྡན་འདས་མ་རྡོ་རྗེ་རོ་ལངས་མ། སྐུ་མདོག་མཐིང་ཁ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་རྡོ་རྗེ་གྲི་གུག་ཅུང་ཟད་འཕྱར་ཞིང༌། གཡོན་པས་ཐོད་པ་ཁྲག་གང་འཛིན་པས་ཡབ་ཀྱིས་མགུལ་ནས་འཁྱུད་པ། གཅེར་བུ་ཕྱག་རྒྱ་ལྔ་སོགས་རྒྱན་དང་ཆ་བྱད་བཅོམ་ལྡན་འདས་དང་ཕལ་ཆེར་མཚུངས་ཤིང༌། ཐོད་པ་སྐམ་པོའི་དོ་ཤལ་གྱིས་ཁྱད་པར་དུ་བྱས་པ། ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་ཐབས་ཤེས་སྙོམས་པར་འཇུག་པ། ཁྲོ་མོའི་དབང་ཕྱུག་མཆོག་གི་ཆ་བྱད་རྫོགས་པའོ། །གཙོ་བོའི་ཐུགས་ཀར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་རྩེ་ལྔ་པའམ། ཐོ་བ་ཧྲཱིཿཡིག་གིས་མཚན་པ་དང༌། ཡུམ་གྱི་ཐུགས་ཀར་ཡང་པད་ཉི་ལ་གནས་པའི་གྲི་གུག་གི་ཡུ་བར་ཨ་ཡིག་གོ །འདིར་དབུ་རེ་རེ་ལ་ཐོད་སྐམ་གྱི་དབུ་རྒྱན་བོད་སྔ་མ་ཕལ་ཆེར་གྱིས་མཛད་པ་ནི། སྤྱི་འགྲོས་དང་མཐུན་མོད་ཀྱང༌། ཐོད་སྐམ་གྱི་འཕྲེང་བ་དབུ་སྐྲ་འཆང་བྱེད་དུ་རྒྱུད་ཉིད་ལས་བཤད་པས་དེ་ནི་ངེས་པར་དགོས་ཤིང༌། དེ་ཕྱིན་ཐོད་སྐམ་གྱི་དབུ་རྒྱན་མེད་ཀྱང་ཆོག་པར་མངོན་ལ། ཞལ་མདོག་ལ་རྭ་ཤར་པ་རྣམས་དཀར་དམར་མཐིང་གསུམ་ཉིས་བརྩེག་ཏུ་མཛད། རོང་པ་ཤེར་སེང་སོགས་བར་སྐབས་ཀྱི་མང་པོ་ཞིག་གཡས་ཞལ་དཀར་པོ་ཉིས་སྒྲིགས་དང༌། གཡོན་ཞལ་དམར་པོ་ཉིས་སྒྲིགས་སུ་མཛད་པ་དང༌། ཞང་ལུགས་དང་རྭ་ལུགས་ཀྱི་མནའ་ཆན་འགའ་ན་དབུས་ཞལ་གསུམ་བརྩེག་སྟེང་འོག་གཉིས་ནག་ཅིང༌། བར་མ་དཀར་བ་དང༌། གཡས་སེར་གཡོན་ལྗང་རྒྱབ་དམར་ཟེར་བ་དང༌། སྒྲུབ་


TNT06_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་རྒྱ་མཚོའི་ནང་དུ་འབྱུང་བ་ལ། ནག་སྔོ་དཀར་སེར་དམར་ནག་པར་བཤད་པ་ཡང་ཡོད་པ་སོགས་ཀྱང༌། མན་ངག་དང་ལྡན་ན་མི་འགལ་ལོ། །དེ་ལྟ་ན་ཡང་ཞལ་ཁྲར་བྱེད་ན། གོང་དུ་བཤད་མ་ཐག་པ་ལྟར་བྱ་ཞིང༌། ཡང་ན་ཞལ་དྲུག་ཁ་དོག་མཐིང་ནག་འབའ་ཞིག་ཏུ་བྱེད་ནའང་ཤིན་ཏུ་ལེགས་ཏེ། རྒྱུད་ལས་སྟེང་ཞལ་ནག་པོར་གསུངས་ཤིང༌། གཡས་གཡོན་གྱི་ཁ་དོག་མ་གསུངས་པ་ཤུགས་ལ་གོ་བའི་དབང་དུ་མཛད་པའོ། །ཞེས་བཤད་ཀྱང་རུང་ངོ༌། །ཀླུའི་བྱང་ཆུབ་ཅེས་པའི་པཎྜི་ཏས་མཛད་པའི་སྒྲུབ་ཐབས་ལས། འཇམ་དབྱངས་ཞི་བའི་སྐབས་ཐོར་ཚུགས་ཀྱི་རྩེ་མོ་བརྒྱན་པར་བཤད་དེ། ད་ལྟར་འགྱུར་བའི་རྒྱུད་ན། ཞི་བའི་དབུ་རྒྱན་མི་གསལ་ཞིང༌། འོག་ཏུ་རིགས་ལྔའི་དབུ་རྒྱན་འགོད་དགོས་པ་དང་མི་འགྲིག་གོ །སྟེང་ཞལ་མ་གཏོགས་པའི་དབུ་སྐྲ་ཡང༌། རྩ་བ་ནས་སོར་བཞི་ཙམ་ཡར་གཞལ་མཚམས་སྤྱི་བོར་བཅིངས་ཤིང༌། དེ་ལ་མགོ་བོ་མང་པོའི་ཕྲེང་བ་རིང་པོས་མང་དུ་དཀྲིས་པ་ལས། དབུ་སྐྲ་རྩེ་མོ་གྱེས་པ་ཁ་གཡེལ་བའི་རྣམ་པར་བྱའོ། །ཕྱིས་ཀྱི་འགའ་ཞིག་ཡུམ་རང་དང་འདྲ་བར་འདོད་པ་དང༌། ཁ་ཅིག་དཀྱིལ་འཁོར་གྱི་ལྷ་མཚན་ལ་ཡུམ་གྱི་ཕྱག་མཚན་གྲི་གུག་བཤད་པ་དང་འགལ་གྱི་དོགས་ནས། གཞན་རང་འདྲ་ལས་ཕྱག་མཚན་དང་པོ་གྲི་གུག་ཟེར་བ་ནི་མི་འཐད་དེ། རང་འདྲར་འདོད་པ་ལ་ཡུམ་ཞབས་དྲུག་པ་བྱས་ན་སྦྱོར་སྟངས་ཤིན་ཏུ་མི་བདེ་ལ། ཕྱག་མཚན་གཅིག་པར་འདོད་པ་ལ་གྲི་གུག་གིས་གནོད་ཅིང༌། ཕྱག་མཚན་དང་པོ་གྲི་གུག་ཏུ་བསྒྱུར་བ་དང༌། ཞལ་དྲུག་པ་ལ་ཞབས་གཉིས་མར་བྱས་ན་ནི། རྟོག་བཟོ་ཁོ་ནར་སོང་པའི་ཕྱིར་རོ། །རྒྱན་སོགས་འདིར་དཀྱུས་སུ་བཀོད་པ་ནི། སྔ་མ་རྣམས་ཀྱི་ཕྱག་ལེན་གྱི་རྒྱུན་ཙམ་ཡིན་ལ། རྒྱུད་ལས། བསྟོད་པའི་སྐབས་སུ། དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པ། །ཞེས་དུར་ཁྲོད་ཀྱི་རྒྱན་


TNT06_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཡོད་པར་གསུངས་ཤིང༌། དུས་གསུམ་ཁྲོ་རྒྱལ་ཧེ་རུ་ཀ་ཡི་ཐུགས། །ཞེས་ཧེ་རུ་ཀ་ཡིན་པར་ཡང་བཤད་པས་རུས་རྒྱན་ངེས་པར་དགོས་པ་དང༌། གླང་ལྤགས་མི་ལྤགས་སོགས་ཀྱང་རུང་བར་མངོན་ཅིང༌། འཆོལ་བའི་ཁྲོ་བོར་བཤད་པས། དབུ་སྐྲ་བུམ་ལྟོ་འམ་རེས་འགའ་ཅོ་རེག་དང་ཟུར་ཕུད་སོགས་སམ། ཁྲག་ཞག་གི་ཐིག་ལེ་དང༌། རྒྱུ་མའི་དོ་ཤལ་དང༌། རུས་དུམ་གྱི་འཕྲེང་བས་བརྒྱན་པ་སོགས་ཀྱང་བྱས་ན་ལེགས་པ་ནི་ཡིན་ནོ། །འདི་ལ་གཞལ་ཡས་ཁང་མི་བྱེད་པར་གཙོ་རྐྱང་ངམ་ལྷ་ལྔ་བསྐྱེད་པ་དང༌། གཞལ་ཡས་ཁང་གི་དབུས་སུ་གཙོ་རྐྱང་བསྒོམ་པའང་ཡོད་པ། གལ་ཏེ་གཙོ་བོ་འབའ་ཞིག་བསྒོམ་པ་ཡིན་ནམ། སྐབས་འདིར་ཡེ་ཤེས་སེམས་དཔའ་སྤྱན་འདྲེན་རྒྱས་བཏབ་བྱེད་ཅིང༌། དཀྱིལ་འཁོར་རྫོགས་པར་བསྒོམ་པ་ཡིན་ན། སྐབས་འདིར་ཡེ་ཤེས་པ་བསྲེ་བ་མི་བྱེད་དེ། འོག་ཏུ་གཙོ་འཁོར་ཐམས་ཅད་ལྷན་ཅིག་ཏུ་བྱས་པ་ཉིད་ཀྱིས་ཆོ་ག་ལ་སྤྱིར་ཡེ་ཤེས་པ་བསྲེ་ན་ལན་མང་དུ་བྱུང་ཡང་སྐྱོན་དུ་འགྱུར་བ་ཏ་ནམ་ཡང་མ་ཡིན་མོད་ཀྱི། ཅུང་ཟད་ཆོ་ག་བསྡུས་པའི་ལུགས་ལ་ཟོར་ཡང་བ་ཉིད་ལེགས་པའི་དབང་དུ་བྱས་སོ། །འོག་གི་ཡེ་ཤེས་པ་གཞུག་མཚམས་ནི་ངེས་པ་ཅན་ཡིན་ལ། འདིར་ནི་ཕྱག་རྒྱ་བཞིའི་སྔ་ཕྱི་གང་དུ་བྱས་ཀྱང་རུང་མོད་ཀྱི། སྤྱི་ལ་ཡོངས་སུ་གྲགས་པའི་ཕྱག་རྒྱ་བཞིའི་རྒྱས་བཏབ་རྣམས། ཡེ་ཤེས་དགུག་གཞུག་གི་རྗེས་ལ་འབྲེལ་ཆགས་སུ་བསྒོམ་པ་དང༌། ཆོས་སྐད་གོ་བསྟུན་ཏེ་པཎྜི་ཏ་ཀླུ་བྱང་གིས་བཤད་ཅིང་ལྷ་འབྱུང་ཟླ་བའི་གཞུང་དུ་ཡང༌། ཕྱག་རྒྱ་བཞིའི་རྒྱས་བཏབ་ཀྱི་ཐ་སྙད་མི་བྱེད་མོད། རགས་བཤད་དུ་དོན་ལ་འདྲ་བར་སྣང་བས་གཙོ་བོ་དམ་ཚིག་པ་བསྐྱེད་མ་ཐག་ཏུ་ཡེ་ཤེས་དགུག་གཞུག་བྱེད་པའི་དབང་དུ་བྱས་ན། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་


TNT06_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་གཤིན་རྗེ་གཤེད་ཞལ་དྲུག་པ། གདོད་ནས་གྲུབ་པའི་ཡེ་ཤེས་སེམས་དཔའ་འཁོར་བཅས་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་བཛྲ་ཨཾ་གུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་ཛྲ་ཨ་བེ་ཤ་ཧོཿ དེ་རྣམས་ཀྱི་ཕྱག་རྒྱ་ནི། རྡོ་རྗེ་བསྡམས་པ་ལས་འཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དང༌། ཁུ་ཚུར་ལག་གཉིས་བསྣོལ་ཏེ་མཁྲིག་མའི་རྒྱབ་སྤྲད་པ་དང༌། རྡོར་བསྡམས་ལས་མཐེབ་འཛུབ་རྩེ་སྤྲད་པ་ལུ་གུ་བརྒྱུད་དུ་བྱས་པ་དང༌། རྡོར་བསྡམས་ནང་དུ་མཐེ་བོང་བཅིངས་པ་རྣམས་སོ། །གོང་དུ་བཤད་པ་ལྟར་མངོན་རྟོགས་རྒྱས་པའི་དཀྱུས་ལ་སྐབས་འདིར་ཡེ་ཤེས་བསྲེ་བ་དེ་མི་དགོས་ཀྱང་གཙོ་རྐྱང་ལ་དགོས་པ་གོ་བླ་བའི་ཕྱིར་འདིར་སྨོས་སོ། །དེ་ནས་ཕྱག་རྒྱས་གདབ་པ་ནི། ཡི་གེ་བཅུ་བཞི་པའི་མཐར། ཨ་དྷི་ཏིཥྛ་སྭ་མཾ། ཞེས་བརྗོད་དེ། སྙིང་ག་དང༌། དཔྲལ་བ་དང༌། ལྐོག་མ་དང༌། སྤྱི་བོ་རྣམས་སུ་གཤིན་རྗེ་གཤེད་པོའི་དམ་རྒྱས་རེག་སྟེ་རོ་མཉམ་དུ་བྱ་སྟེ་དེ་ཡང་རྡོ་རྗེ་ཐལ་མོ་ལས། མཐེ་བོང་གུང་མོའི་རྩ་བར་གཤིབས། །འཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་ཅུང་ཟད་བསྐྱང་བའོ། །དེ་ནི་དམ་ཚིག་གི་ཕྱག་རྒྱས་རྒྱས་བཏབ་པའོ། །རྩ་ཞལ་གྱི་ལྗགས་ཀྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་རྭ་གདེངས་པ། ལྟེ་བ་ལ་གནོད་འཇོམས་ཀྱི་ཡི་གེ་ཧཱུཾ་གིས་མཚན་པའོ། །དེ་ནི་ཆོས་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །རྡོར་བསྡམས་ལས་གུང་མོ་གཉིས་བསྒྲེང་བ། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་སྤྱི་བོར་བཞག་པ་དང༌། རྡོར་བསྡམས་ལས་གུང་མོ་དང་འཛུབ་མོ་བརྐྱངས་ཤིང༌། འཛུབ་མོའི་ཚིགས་གཉིས་པ་བཅག་པ། ཆོས་དབྱིངས་རྡོ་རྗེ་མའི་ཕྱག་རྒྱ་དཔྲལ་བར་བཞག་པ་དང༌། རྡོར་བསྡམས་ལས་གུང་མོ་རིན་པོ་ཆེ་ལྟར་བྱས་པ། རིན་ཆེན་རྡོ་རྗེ་མའི་ཕྱག་རྒྱ་གཡས་ཀྱི་རྣ་ལྟག་ཏུ་བཞག་པ་དང༌། ཐལ་མོ་ཀ་པུ་ཏ་ལས། གུང་མོ་གཉིས་པདྨའི་འདབ་མ་ལྟར་བྱས་པ། ཆོས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ་ལྟག་


TNT06_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞག་པ་དང༌། རྡོ་རྗེ་ཐལ་མོ་ལས། མཐེ་བོ་གཉིས་མཉམ་པར་སྦྱར། གུང་མོའི་ཚིགས་གསུམ་པ་ལ་གུང་མོའི་རྩེ་མོ་སྦྱར་བ་ལས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ་རྣ་ལྟག་གཡོན་དུ་འཇོག་པ་རྣམས་རིམ་པས་བྱ་སྟེ། དེ་རྣམས་ཀྱི་སྔགས་དང༌། ཨོཾ་བཛྲ་སཏྭ་ཧཱུཾ་ཨ་བྷི་ཥིཉྩ་མཾ། སྤྱི་བོར་མི་བསྐྱོད་པ་སྔོན་པོ་ས་གནོན་གྱི་ཕྱག་རྒྱས་བཞུགས་པ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་མཾ། དཔྲལ་བར་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། ཨོཾ་རཏྣ་ཨ་བྷི་ཥིཉྩ་མཾ། རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། ཨོཾ་པདྨ་ཨ་བྷི་ཥིཉྩ་མཾ། ལྟག་པར་འོད་དཔག་མེད་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། ཨོཾ་ཀརྨ་ཨི་བྷི་ཥིཉྩ་མཾ། རྣ་ལྟག་གཡོན་དུ་དོན་ཡོད་གྲུབ་པ་ལྗང་ཁུ་མི་འཇིགས་པའི་ཕྱག་རྒྱ་མཛད་པ་སྟེ། དེ་ལྟར་རིགས་ལྔས་དབང་བསྐུར་བར་གྱུར། ཡང་ན་སྐབས་འདིར་ཕྱག་རྒྱ་ཁོ་ནས་དབང་བསྐུར་ཏེ། རིགས་ལྔའི་སྐུ་མི་བསྒོམ་ལ། འོག་ཏུ་ལྷ་ཚོགས་ཐམས་ཅད་ལ་རྒྱས་འདེབས་བྱེད་པའི་སྐབས། མི་བསྐྱོད་པའི་རྒྱས་བཏབ་བྱས་ནའང་མི་ལེགས་པ་མ་ཡིན་ཞིང༌། ལྷ་འབྱུང་ཡང་དོན་གྱིས་འདི་བཞེད་པ་མངོན་ནོ། །དེ་ནི་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་པའོ། །བསྡུ་ན་དེས་ཙམ་གྱིས་ཆོག །སྤྲོས་པ་བྱེད་ན། རྡོ་རྗེ་ཁུ་ཚུར་ཁ་ཕྱེ་བ་གནས་དགུར་རེག་སྟེ། ཨོཾ་ཀྲུཾ། ཞེས་གོ་བགོས་ལ། ཨོཾ་བཛྲ་ཏུ་ཥྱ་ཧོཿ ཞེས་ཐལ་མོ་རྟིང་བ་བརྡབས་པས་དར་དཔྱངས་ཀྱི་དབང་བསྐུར་རོ། །འདི་ནི་ཕྱག་ཆེན་གྱི་རྗེས་འབྲང་སྟེ། པཎྜི་ཏ་ཀླུ་བྱང་ཞེས་པ་ངེས་བཤད་ཀྱི་རྒྱུད་ལས་མི་གསལ། གཞུང་གཞན་ལས་ཀྱང་མི་འབྱུང་ངོ༌། །རང་གི་ཐུགས་ཀ་ནས་སྒེག་མོ་ལ་སོགས་པ་ལྷ་མོ་བརྒྱད་སྤྲུལ་ཏེ། སྣ་ཚོགས་པའི་མཆོད་པས་མཆོད་པར་གྱུར། གར་པད་སྔོན་དུ་བཏང་ནས་སོ་སོའི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧཏ། ཨོཾ་བཛྲ་ལ་


TNT06_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

སྱཱ་ཧཱུཾ། ཨོཾ་བཛྲ་རཏྣ་མ་ནུཏྟ་རཾ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་དྷརྨ་གཱ་ཡ་ནི། ཨོཾ་བཛྲ་གཱི་ཏི་ཧྲཱིཿ ཨོཾ་བཛྲ་ཀརྨ་ཀ་རོད་བྷ་ཝེ། ཨོཾ་བཛྲ་ནྀ་ཏྱ་ཨ། ཨོཾ་བཛྲ་སཏྭ་སུ༴ ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་རཏྣ༴ ཨོཾ་བཛྲ་པུཥྤེ་ཏྲཱཾ། ཨོཾ་བཛྲ་དྷརྨ༴ ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་ཀརྨ་ཀཾ༴ ཨོཾ་བཛྲ་གནྡྷེ་ཨཿ ལྷ་མོ་བརྒྱད་པོ་རྣམས་རང་ཉིད་ལ་ཐིམ། དེ་ནི་ལས་ཀྱི་ཕྱག་རྒྱས་རྒྱས་འདེབས་པའོ། །དེ་དག་ནི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནོ། །གཙོ་རྐྱང་བསྒོམ་པར་འདོད་ན། གཞལ་ཡས་ཁང་སྤངས་པའམ། ཡོད་ཀྱང་རུང་སྟེ་འཁོར་གྱི་གདན་སྤངས་ནས་འདི་ཡན་ཆད་བསྒོམ། གཙོ་བོའི་བསྟོད་པས་བསྟོད་ནས། བཟླས་པ་ལ་ཞུགས་པས་ཀྱང༌། ལུགས་འདིའི་བསྐྱེད་རིམ་ཆ་ཚང་བ་འགྲུབ་པ་ཡིན་ནོ། །དཀྱིལ་འཁོར་རྒྱས་པར་བསྒོམ་པར་འདོད་པས། གཙོ་བོའི་ཡེ་ཤེས་ཀྱི་སྣང་བ་ལས་བྱུང་བའི་འཁོར་གྱི་ལྷ་ཚོགས་གྲུབ་པར་གྱུར་པ་ནི། ཨོཾ་ཛི་ན་ཛིཀ་སྭཱཧཱ། འཁོར་ལོའི་ཤར་གྱི་རྩིབས་ལ། གཏི་མུག་རྡོ་རྗེ་སྐུ་མདོག་དཀར་པོ། གཡས་འཁོར་ལོ་འཕྱར་ཞིང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཨོཾ་རཏྣ་དྷྲིཀ་སྭཱཧཱ། ལྷོའི་རྩིབས་ལ་སེར་སྣ་རྡོ་རྗེ་སྐུ་མདོག་སེར་པོ། གཡས་རིན་པོ་ཆེ་འཕྱར་ཞིང༌། གཡོན་དེའི༴ ཨོཾ་ཨ་རོ་ལིཀ་སྭཱཧཱ། ནུབ་ཀྱི་རྩིབས་ལ་འདོད་ཆགས་རྡོ་རྗེ་སྐུ་མདོག་དམར་པོ། གཡས་པདྨ་དམར་པོའི་སྡོང་བུ་འཕྱར་ཞིང༌། གཡོན་དེའི༴ ཨོཾ་པྲཛྙཱ་དྷྲིཀ་སྭཱཧཱ། བྱང་གི་རྩིབས་ལ་ཕྲག་དོག་རྡོ་རྡེ་སྐུ་མདོག་ལྗང་ཁུ། ཕྱག་གཡས་སྣ་ཚོགས་རྡོ་རྗེ་འཕྱར་ཞིང༌། གཡོན་དེའི། སོགས་གོང་བཞིན། དེ་ལྟར་རིགས་བཞི་ནི་ཁྲོ་བོ་སྲིན་པོའི་ཆ་བྱད་འཆང་བའོ། །ཨོཾ་ལོ་ཙ་ནཱ་ཧཱུཾ། ཤར་ལྷོའི་རྩིབས་ལ། ས་རྡོ་རྗེ་མ་དཀར་མོ་


TNT06_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་རྡོ་རྗེ་ལྟ་བུ། ཨོཾ་མ་མ་ཀཱི་ཏཱཾ། ལྷོ་ནུབ་ཀྱི་རྩིབས་ལ། ཆུ་རྡོ་རྗེ་མ་སེར་མོ་སེར་སྣ་རྡོ་རྗེ་ལྟ་བུ། ཨོཾ་པཎྜ་རི་ཧྲཱིཿ ནུབ་བྱང་གི་རྩིབས་ལ། མེ་རྡོ་རྗེ་མ་དམར་མོ་འདོད་ཆགས་རྡོ་རྗེ་ལྟ་བུ། ཨོཾ་ཏཱ་རེ་ཨ། བྱང་ཤར་གྱི་རྩིབས་ལ་རླུང་རྡོ་རྗེ་མ་ལྗང་ཁུ་ཕྲག་དོག་རྡོ་རྗེ་དང་མཚུངས་པ། འོན་ཀྱང༌། ཡུམ་བཞི་པོ་དེ་དག་ནི་རོལ་བའི་ཁྲོ་མོ་སྟེ་ཕྱག་གཡོན་པ་རྣམས་ཀྱིས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ་ནི་ཁྱད་པར་རོ། །འཁོར་ལོའི་གྲུ་ཆད་བཞི་ལ་ནང་གི་ལྷ་མོ་བཞི་སྤྲོ་སྟེ། ཨོཾ་བཛྲ་ལཱ་སྱ་ཧཱུཾ། ཤར་ལྷོར་སྒེག་མོ་དཀར་མོ་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་དཀུར་བསྟེན་པ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ལྷོ་ནུབ་ཏུ་འཕྲེང་བ་མ་སེར་མོ། ཕྱག་གཉིས་རིན་པོ་ཆེའི་འཕྲེང་བ་འཕྱར་ཏེ་འཛིན་པ། ཨོཾ་བཛྲ་གིརྟི་ཧྲཱིཿ ནུབ་བྱང་དུ་གླུ་མ་དམར་མོ་ཕྱག་གཉིས་ཀྱིས་པི་ཝང་རྡུང་བ་ལ་བརྩོན་པ། ཨོཾ་བཛྲ་ནྲྀ་ཏི་ཨཿ བྱང་ཤར་དུ་གར་མ་ལྗང་ཁུ། ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་རེ་རེ་འཛིན་པས་གར་བྱེད་པའོ། །ལྷ་སྣམ་གྱི་གྲྭ་བཞི་ལ་ཕྱིའི་ལྷ་མོ་རྣམས་སྤྲོ་སྟེ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཤར་ལྷོར་བདུག་སྤོས་མ་དཀར་མོ། བདུག་སྤོས་ཀྱི་སྣོད་འཛིན་པ། ཨོཾ་བཛྲ་པུཥྤེ་ཏྲཱཾ། ལྷོ་ནུབ་ཏུ་མེ་ཏོག་མ་སེར་མོ། གཡོན་མེ་ཏོག་གི་སྣོད་འཛིན་ཅིང༌། གཡས་འཐོར་བའི་ཚུལ་མཛད་པ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ནུབ་བྱང་དུ་མར་མེ་མ་དམར་མོ། མར་མེའི་གོང་བུ་འཛིན་པ། ཨོཾ་བཛྲ་གརྦྷེ་ཨཱཿ བྱང་ཤར་དུ་དྲི་ཆབ་མ་ལྗང་ཁུ། གཡོན་པས་དྲི་བཟང་གིས་གང་བའི་དུང་ཆོས་འཛིན་ཅིང༌། གཡས་པས་དེ་ཉིད་བྱུག་པའི་ཚུལ་མཛད་པའོ། །སྒེག་མོ་ལ་སོགས་པ་བརྒྱད་པོ་དེ་དག །འཛུམ་ཞིང་བཞད་ལ་དར་དང་རིན་པོ་ཆེས་བརྒྱན་པ། ཞི་བའི་ཉམས་ཤས་


TNT06_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཞིང་ཡིད་ཙམ་ཁྲོ་བ། སྤྱན་གསུམ་པ། དབུ་སྐྲ་ནག་པོ། བུད་མེད་སྒྱུ་མའི་ང་རྒྱལ་གྱིས་འགྱིང་བའོ། །འདི་རྣམས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བཞེད་པ་མང་ཡང༌། དུས་འཁོར་ལྟ་བུའི་དམིགས་བསལ་ཡོད་ན་མ་གཏོགས། གཙོ་འཁོར་གཞན་རྣམས་ཀྱི་ཟླ་སྟོབས་ལས་རྟོགས་ནུས་པའི་ཕྱིར། བཞེངས་པ་ཉིད་ཡིན་པར་གསལ་ལོ། །སྒོ་སྐྱོང་བཞི་སྤྲོ་བར་བྱ་སྟེ། ཨོཾ་བཛྲ་ཨཾ་གུ་ཤ་ཛཿ རྡོ་རྗེ་ལྕགས་ཀྱུ་དཀར་པོ་ཕྱག་གཡས་པས་ལྕགས་ཀྱུ་འཕྱར་ཞིང༌། ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ལྷོར་སྒོར་རྡོ་རྗེ་ཞགས་པ་སེར་པོ་གཡས་རྡོ་རྗེ་ཞགས་པ་འཕྱར་ཞིང༌། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། ཨོཾ་བཛྲ་སྥོ་ཊ་བཾ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་དམར་པོ། ཕྱག་གཡས་ལྕགས་སྒྲོག་འཕྱར་ཞིང༌། ཞབས་ས་གའི་སྟབས་ཀྱིས་བཞུགས་པ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿ བྱང་སྒོར་རྡོ་རྗེ་དྲིལ་བུ་ལྗང་ཁུ། ཕྱག་གཡས་དྲིལ་བུ་འཁྲོལ་ཞིང༌། ཞབས་ཟླུམ་པོའི་སྟབས་ཀྱིས་གནས་པ། དེ་བཞི་ཕྱག་གཡོན་པ་རྣམས་ཀྱིས་སྡིགས་འཛུབ་མཛད་པ་སྟེ། སྒོ་བ་བཞི་པོ་ཡང་ཁྲོ་བོ་ཆེན་པོའི་ཆ་བྱད་ཅན་ནོ། །དེ་ལྟར་ཁྲོ་ཆེན་བརྒྱད་པོ་རྣམས་ནི། སྟག་ལྤགས་དང༌། སྦྲུལ་རྒྱན་དང༌། མགོ་བོའི་ཕྲེང་བས་སྐྲ་བཅིངས་དང༌། དོ་ཤལ་ཅན། བཅོམ་ལྡན་འདས་ཉིད་དང་སྐུའི་ཉམས་མཚུངས་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེ་བ་ཨཱ་ཀ་རའི་སྒྲུབ་ཐབས་ན། གླུ་མ་དཀར་མོ་སོགས་སྐུ་མདོག་མི་འདྲ་བ་ཅུང་ཟད་ཡོད་དེ། མི་རུང་བ་མེད་ལ། སྒྲུབ་ཐབས་དེར་ཡང་རྡོ་རྗེ་ལྕགས་ཀྱུ་སོགས་ཀྱི་དགུག་གཞུག་བྱེད་ཚུལ་ཙམ་ལས། དཀྱིལ་འཁོར་གྱི་གང་དུ་འགོད་


TNT06_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

མི་གསལ་ལོ། །ཀླུ་བྱང་གིས་ནི། སྣ་ཚོགས་ཀྱི་མངོག་ཅན་འབར་བའི་འཕྲེང་བའི་འོད་ཀྱི་ཁྲོ་བོ་རྣམས་ཕྱག་ན་མཚན་མ་ལྔ་བསྣམས་པ། ཞེས་རིགས་ལྔ་བསྒོམ་ཚུལ་ཟུར་ཙམ་མ་གཏོགས། དཀྱིལ་འཁོར་ལ་ལྷ་གཞན་མི་འགོད་དེ། རྡོ་རྗེ་ལྕགས་ཀྱུ་སོགས་ཀྱིས་དགུག་གཞུག་དང༌། སྒེག་སོགས་རྣམས་མཆོད་པའི་སྐབས་སུ་ཡུད་ཙམ་འགོད་པར་གསལ། ཡུམ་བཞིའི་གླེང་བརྗོད་མེད་དོ། །གོང་དུ་དྲངས་པའི་ཚིག་དེ་གཙོ་བོའི་མངོན་རྟོགས་ཀྱི་དཀྱིལ་ན་ཡོད་པས་དེའི་དོན་ནི། ཁྲོ་བོ་གདོང་དྲུག་པ་ཉིད་གཞན་འདྲ་བ་ལས། སྐུ་མདོག་དང་ཕྱག་གཡས་ཀྱི་ཐ་མའི་ཕྱག་མཚན་རིགས་སོ་སོའི་མཚན་མར་བསྒྱུར་བ་ཞིག་བསྒོམ་པར་གསལ་ལོ། །འོན་ཀྱང་རྒྱུད་ཀྱི་དགོངས་པ་ནི་དཀྱུས་སུ་བཤད་པ་ཉིད་དོ། །སྒོ་སྐྱོང་བཞི་པོ་འདི་རྣམས་ལ་རོ་གདན་ཕྱུང་ན་ལེགས་པར་སེམས་ཤིང༌། རྭ་ཡེ་ཤེས་སེང་གེས་མཛད་ཟེར་བ་དང༌། རོང་བ་ཤེར་སེང་དང༌། རྒྱ་སྟོན་གྱི་སྒྲུབ་ཐབས་ན་མགྲིན་གཅིག་པར་བྱང་གི་སྒོ་སྲུངས་ཕྱག་མཚན་མེ་ལོང་འཛིན་པ་དང༌། མཚན་ཡང་རྡོ་རྗེ་མེ་ལོང་ཞེས་འདོགས། སྒོ་སྲུང་བཞི་ཀ་ཡང་ཕྱག་གཡོན་དྲིལ་བུ་འཛིན་པར་བཞེད་དོ། །དེ་གཉིས་རྭ་ཤར་ནུབ་སོ་སོའི་སྲོལ་འཛིན་ཆེན་པོ་རེ་ཡིན་ལས། ངག་སྒྲོས་མཐུན་པར་བྱུང་བས། རྭ་ལོའི་མན་ངག་མ་ནོར་བ་ཡིན་པར་ནི་གསལ་ལོ། །དེའི་ལུགས་ལྟར་ན་རྡོ་རྗེ་འབེབས་པའི་ཕྱག་གཡས་མེ་ལོང་འཛིན་པར་འདུག །མེ་ལོང་ཡང་ལྷ་རྣམས་མཉེས་པར་བྱེད་པ་ཡིན་པས། དགུག་གཞུག་བཅིང་མཉེས་ཀྱི་རིམ་པ་དང་མི་འགྲིག་པ་ནི་མེད། འོན་ཀྱང་སྒྲུབ་ཐབས་ཀྱི་གཞུང་རྣམས་ལས། འབེབས་པའི་ཕྱག་རྒྱ་སྤྱི་འགྲོ་ལྟར་དྲིལ་བུའི་ཕྱག་རྒྱར་བཤད་ཅིང༌། རྭ་བ་རང་གི་ལག་ལེན་ལ་ཡང་མཛད་པས། རྭ་ལུགས་པ་རང་གིས་ལུགས་ལ་ནི། སྒོ་སྐྱོང་གཞན་གསུམ་གྱི་ཕྱག་མཚན་གཡས་གཙོ་ཆེ་བ་དང༌། རྡོ་རྗེ་


TNT06_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་པའི་ཕྱག་མཚན་གཡོན་གཙོ་ཆེ་བར་འཆད་དགོས་མོད། སྤྱིར་དཀྱུས་སུ་བཤད་པ་ཉིད་འཐད་དོ། །དེ་དག་ནི་འཁོར་གྱི་ལྷ་ཚོགས་སྤྲུལ་པའོ། །དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་མིག་ཏུ་ཀྵིཾ་ལས། སའི་སྙིང་པོ་དཀར་བོ་འཁོར་ལོ་འཛིན་པ། རྣ་བར་ཛྲིཾ་ལས། ཕྱག་ན་རྡོ་རྗེ་ནག་པོ་རྡོ་རྗེ་འཛིན་པ། སྣར་ཁཾ་ལ་ནམ་མཁའི་སྙིང་པོ་སེར་པོ་རིན་པོ་ཆེ་འཛིན་པ། ལྕེར་གཾ་ལས་སྤྱན་རས་གཟིགས་དམར་པོ་པདྨ་འཛིན་པ། དཔྲལ་བར་སྐཾ་ལས་སྒྲིབ་པ་རྣམས་སེལ་ལྗང་ཁུ་རྡོ་རྗེ་རྒྱ་གྲམ་འཛིན་པ། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ་འཛིན་པ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་དམར་པོ་པདྨ་འཛིན་པ། ཐུགས་ཀར་ཧཱུཾ་ལས་ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་འཛིན་པ། ཐམས་ཅད་ཀྱང་ཞི་བ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། པད་ཟླ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། གཡས་རང་རང་གི་ཕྱག་མཚན་ཐུགས་ཀར་འཇོག་ཅིང༌། གཡོན་དྲིལ་བུ་དཀུར་བརྟེན་བའོ། །སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། མཆོད་པ་དུ་མས་ཡང་དག་པར་མཆོད་དེ། ལྷ་ཐམས་ཅད་ཀྱི་གནས་གསུམ་གྱི་རྡོ་རྗེ་གསུམ་ལ་ཐིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཀོ྅ཧཾ། དེ་བཞིན་དུ་བཱཀ་དང་ཙིཏྟ་ལ་ཡང་སྦྱར། གཙོ་བོའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་ཡེ་ཤེས་སེམས་དཔའི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། མཆོད་ཡོན། པྲ་ཝ་ར་སཏྐ་ར་པྲ་ཏཱིཙྪ་སྭཱཧཱ། ཞབས་བསིལ། འདིའི་ཕྱག་རྒྱ་ནི་ཁུ་ཚུར་མཐེབ་འཛུབ་གཉིས་ཀྱིས་མེ་ཏོག་སོགས་བླངས་ཏེ། གུང་


TNT06_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སོགས་བཀྲོལ་ཏེ་ཁ་གྱེན་དུ་བསྟན་པའོ། །དེ་ནས་སྤྱི་དང་མཐུན་པར། པུཥྤཻ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་བཛྲ་ཨང་གུ་ཤ་སོགས་སྒོ་བ་བཞིའི་སྔགས་རྒྱས། དགུག་གཞུག་བཅིངས་མཉེས་གོང་དུ་བཤད་པ་ལྟར་བྱ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ པུཥྤེ་ལ་སོགས་པ་ཉེར་སྤྱོད་ལྔས་མཆོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་དབང་བསྐུར། ལྷ་ཐམས་ཅད་ཀྱི་སྐུ་ལུས་བདུད་རྩིའི་ཆུ་རྒྱུན་གྱིས་གང༌། སྒྲིབ་གཉིས་སྦྱངས། ཡེ་ཤེས་ལྔ་མངོན་དུ་བྱས། ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས། གཙོ་བོ་ལ་མི་བསྐྱོད་པས་དབུ་བརྒྱན་པའམ། སྔར་རིགས་ལྔའི་དབུ་རྒྱན་བསྒོམས་ཡོད་ན། གཙོ་བོའི་དབུ་རྒྱན་རིགས་ལྔ་ལ་ཐིམ་པས། ལྷག་པར་གཟི་བྱིན་རྒྱས་པར་གྱུར་ཅིག་ཅིང༌། འཁོར་གྱི་ལྷ་ཚོགས་རྣམས་ལ། ཤར་དང་ཤར་ལྷོ་པ་རྣམས་ལ་རྣམ་པར་སྣང་མཛད། ལྷོ་དང་ལྷོ་ནུབ་པ་ལ་རིན་ཆེན་འབྱུང་གནས། ནུབ་དང་ནུབ་བྱང་བ་ལ་འོད་དཔག་མེད། བྱང་དུ་བྱང་ཤར་བ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན། དེ་དག་ནི་རྒྱས་བཏབ་ཀྱི་རྣལ་འབྱོར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བྷ་ག་ཝཱན་ཤྲཱི་ཡ་མཱནྟ་ཀ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས་ཤཔྟའི་བར་དུ་སྦྱར་བས་མཆོད། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །ཞེས་པ་ནས། པུ་ཛ་བཛྲ་གྱིས་ང་རྒྱལ་བཟུང་བའི་བར་བྱ། ཧཱུཾ། དུར་ཁྲོད་རྒྱན་གྱིས་རྣམ་བཞུགས་པའི། །ཞེས་སྡང་གཤིན་རྗེ་རྡོ་རྗེ་ནི། །སྤྲོས་མེད་ནམ་


TNT06_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྟ་བུ་ལས། །སྙིང་རྗེ་ཐབས་ཀྱིས་སྐུ་སྤྲུལ་པ། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པའི། །དུད་པ་མུན་ཅན་སྐུ་ལ་འདུད། །གར་དགུ་ཉམས་དང་ལྡན་པ་ཡི། །གཏི་མུག་རྡོ་རྗེ་གཤེད་རྗེ་གཤེད། །སྐྱེ་མེད་དོན་དམ་ངང་ཉིད་ལས། །ཐབས་ཀྱིས་སྤྲུལ་པའི་སྐུར་བསྟན་པ། །འཇིགས་བྱེད་དྲག་པོའི་ཆ་ལུགས་ཅན། །ཟླ་བ་ཉ་འདྲ་ཁྱོད་ལ་འདུད། །བསྐལ་པའི་མེ་ལྟར་འབར་བ་ཡི། །སེར་སྣ་གཤིན་རྗེ་རྡོ་རྗེ་ནི། །འཛིན་པ་པོ་ལས་གྲོལ་བ་ཡིས། །གདུག་པ་འདུལ་ཕྱིར་ཁྲོ་བོར་སྤྲུལ། །གཏེར་འཆང་སེར་སྣ་གྲོལ་མཛད་པ། །བཙོ་མ་གསེར་འདྲ་ཁྱོད་ལ་འདུད། །ཆགས་པས་མ་ལུས་དབང་མཛད་པའི། །འདོད་ཆགས་གཤིན་རྗེ་རྡོ་རྗེ་ནི། །སྐྱེ་མཆེད་རྣམ་དག་ཆོས་དབྱིངས་ལས། ཁམས་གསུམ་པ་དག་ཁྲོ་བོར་སྤྲུལ། མ་ཆགས་སྤྱན་ལྡན་ཐུགས་རྗེ་ཅན། །བནྡྷུ་ལྟ་བུའི་སྐུ་ལ་འདུད། །ཤེས་རབ་ཐབས་ལྡན་ཧེ་རུ་ཀ ། ཕྲག་དོག་གཤིན་རྗེ་རྡོ་རྗེ་ནི། །རྣམ་རྟོག་དཔེ་དང་བྲལ་བ་ལས། །ཐུགས་རྗེ་སྤྲུལ་པའི་ཁྲོ་བོ་ནི། །འགྲོ་དོན་བརྩོན་པའི་རལ་གྲི་ཅན། །སྣ་ཚོགས་མདོག་ཅན་ཁྱོད་ལ་འདུད། །ཐམས་ཅད་སྐྱེད་པའི་ལྷ་མོ་ཆེ། །དབང་པོ་ལྟ་བུར་བསྒྱུར་མཛད་པ། ཁམས་གསུམ་གཟིགས་པའི་སྤྱན་དང་ལྡན། །རྣམ་སྣང་ཅན་གྱི་བདུད་བཞི་འཇིགས། །བདེ་བ་ཆེན་པོས་རྟག་ཏུ་དགྱེས། །ཡེ་ཤེས་སྤྱན་ཅན་ཁྱོད་ལ་འདུད། །ཀུན་སྡུད་ལྷ་མོ་རིན་པོ་ཆེ། །བདག་རྟོག་སྐྱོན་ལས་རྣམ་གྲོལ་ཡང༌། །དུས་གསུམ་བདེ་གཤེགས་བདག་གིར་བྱེད། །རིན་ཆེན་ཏོག་ཅན་མཛེས་པའི་སྐུ། །དོན་དམ་ཐུགས་ཆུད་འཁོར་བ་སེལ། །མ་ལུས་ཀུན་གྱི་བདག་ལ་འདུད། །འདུས་བྱས་མ་ལུས་སྲེག་


TNT06_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། །རྣམ་རྟོག་ཞི་བའི་རང་བཞིན་ལས། །ཁམས་གསུམ་མ་ལུས་སྒྲོལ་བར་བྱེད། །འོད་དཔག་མེད་ཀྱིས་རབ་མཛེས་པ། །མ་ཆགས་ཕྱག་ན་བསྣམས་པ་ཡིས། །འཕྲིན་ལས་དག་བྱེད་ཅན་ལ་འདུད། །ཐུགས་རྗེས་གཡོ་བའི་རང་བཞིན་ཅན། །འཇིག་རྟེན་གསུམ་དག་སྒྲོལ་བར་བྱེད། །གཉིས་མེད་བདེ་ཆེན་ངང་ཉིད་ལས། །འཕྲིན་ལས་གྲུབ་པའི་རང་བཞིན་ཅན། བཏང་སྙོམས་བཞུགས་པས་འགྲོ་བ་འདུལ། །ཀུན་ཏུ་ལས་ཀྱི་རྒྱལ་ལ་འདུད། །སྟུ་ཏི་བཛྲ་གྱི་ང་རྒྱལ་བཟུང༌། དེ་རྗེས་དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཀྱི་སྒྲུབ་ཐབས་སྙིང་པོར་བཤད་པ་ལྟར་བདུད་རྩི་བྱིན་གྱིས་བརླབས་ཏེ། སྔགས་རྣམས་ཀྱི་མཐར་འབྲུ་གསུམ་བཏགས་པས་མྱང༌། ཨ་མྲྀ་ཏ་སྭ་དས་ང་རྒྱལ་བཟུང་ངོ༌། །འདིར་རྒྱུད་ལས་བདུད་རྩི་མྱང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་པ་ནས། འཕྲོས་པས་བཀུག་སྟེ་ཚིམས་པར་བྱ་ཞེས་པའི་བར་ཐམས་ཅད་བདུད་རྩི་མྱང་བའི་གཞུང་ཡིན་ཏེ། སྡོམས་ཀྱི་སྐབས་སུ། ཡང་དག་བྱིན་གྱིས་བརླབས་པ་དང༌། །བདུད་རྩི་མྱང་བར་བྱ་བ་དང༌། །ཚངས་པའི་གནས་བཞི་བསྒོམ་པ་དང༌། །ཞེས་གསུངས་པའི་ཕྱིར། རྒྱལ་བ་རིགས་ལྔ་གདན་བཅས་བསྒོམ་པ། བདུད་རྩི་བྱིན་རླབས་ཀྱི་སྐབས་ཉིད་དང་འབྲེལ་བས་ན། བདུད་རྩི་བྱིན་རླབས་ཀྱི་ཆོ་ག་རྭ་ལུགས་འདི། རྒྱུད་སྡོམ་གསུམ་པའི་དགོས་པ་ཕྱིན་ཅི་མ་ལོག་པར་སྣང་ངོ། །དེ་དག་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །དེ་ལྟར་སྣང་བའི་དཀྱིལ་འཁོར་གྱི་འཁོར་ལོ་ཡང་རྨི་ལམ་ལྟ་བུར་ཡོངས་སུ་ཤེས་པས། སྤྲོ་བ་དང་བསྡུ་བ་ལ་བསླབ་པ་ནི། ལས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་སེམས་དཔའི་མཐར་སྔགས་འཕྲེང་བཀོད་པ་སོགས་དམིགས་པ་རྣམས་གཤེད་སྐོར་སྤྱི་དང་འདྲ་བར་གསལ་བཏབ་སྟེ།


TNT06_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཧྲཱིཿཥྚཱིཿབི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ཅི་ནུས་སུ་བཟླ་ཞིང༌། ཡི་གེ་སོ་གཉིས་པ་དང་ཨཱ་ལི་ཀཱ་ལི་དེ་ཉིད་ལྔ་སྤེལ་དུ་བྱས་པ་དང༌། གོང་དུ་བཤད་པའི་འཁོར་གྱི་ལྷ་སྐྱེད་པའི་སྔགས་རྣམས་ཀྱང༌། ཇི་ལྟར་འོས་པར་བཟླའོ། །ཐུན་བསྡུ་བར་འདོད་ན། གཞལ་ཡས་ཁང་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །གཙོ་བོ་བཅོམ་ལྡན་འདས་ནི། ཀུན་ཏུ་ཁྱབ་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཚད་མེད་པ་རྣམས་མཉམ་པ་ཉིད་ནི། རྡོ་རྗེ་རོ་ལངས་མའོ། །གཏི་མུག་རྡོ་རྗེ་ལ་སོགས་པ་ནི། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་བཞིའི་ངོ་བོ་ཉིད་དོ། །ལྷ་མོ་བཞི་ནི་ཚད་མེད་པ་བཞིའི་བདག་ཉིད་དོ། །སྒེག་མོ་ལ་སོགས་པ་བརྒྱད་ནི། སྦྱིན་པ་ལ་སོགས་པ་བརྒྱད་ཀྱི་དངོས་པོའོ། །སྒོ་བ་བཞི་ནི་བདུད་བཞི་ཡང་དག་པར་བཅོམ་པའོ། །ཞེས་དག་དྲན་བྱས་ཏེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཞེས་པ་ནས། ཁམས་གསུམ་སྣོད་བཅུད་སོགས་དང༌། དགེ་བ་བསྔོ་བའི་བར་ཡང༌། གོང་གཤེད་དམར་གྱི་སྐབས་སུ་བཤད་པ་དང་འདྲ། གཏོར་ཆོག་ལ། གཏོར་མ་བྱིན་རླབས་ནི་ནང་མཆོད་བྱིན་རླབས་དང་འདྲ་ཞིང༌། འབུལ་བའི་སྔགས་ནི། འཇིག་རྟེན་འདས་པ་ལ། དགྲ་ནག་དཔལ་འཛིན་ལུགས་ཀྱི་སྐབས་སུ་བཤད་པ་དང་འདྲ་ཞིང༌། ཕྱོགས་སྐྱོང་རྣམས་ཡེ་ཤེས་པར་བསྒྱུར་བའི་སྐབས་གཙོ་བོ་ཉིད་དང་མཚུངས་པར་བྱ་ལ། ཕྱོགས་སྐྱོང་གི་གཏོར་སྔགས་ཀྱང་དགྲ་ནག་དང་འདྲ་ཞིང༌། ཡང་ན་འདི་ལ་ཕྱོགས་སྐྱོང་རྣམས་སྐུའི་རྣམ་པ་མ་བསྒྱུར་བ་ཉིད་ཀྱང་ལེགས་པར་མངོན་ནོ། །སྤྱིར་གཤིན་རྗེ་གཤེད་གདོང་དྲུག་སྡོམ་གསུམ་པའི་རྒྱུད་འདི། ཞོར་བྱུང་ཙམ་མ་གཏོགས་གཙོ་བོར་ལག་ལེན་དུ་བྱེད་པ་རྒྱ་བོད་གཉིས་ཅར་དུ་ཉུང་བར་བྱུང་འདུག་པས། སྒྲུབ་ཐབས་གཉིས་ཁོ་


TNT06_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལས་དགོངས་འགྲེལ་རྒྱ་གཞུང་གཞན་མར་འགྱུར་ལ། རྒྱུད་ལའང་རྒྱ་འགྲེལ་མེད། བོད་ཀྱིའང་རྭ་ལུགས་ཀྱི་ཡིག་སྣ་གཅིག་ཡོད་ཅིང༌། གཞན་ས་བཅད་དང་རྒྱུད་གཞུང་ལ་མཆན་བུ་ཐར་ཐོར་མ་གཏོགས་བོད་ཀྱི་ཡིག་རྙིང་ཡང་དཀོན་པར་ཡོད་དོ། །རྒྱུད་རང་གི་ངོ་བོ་ཞལ་གསལ་པོའི་རིགས་སུ་འདུག་ཀྱང༌། དགོངས་འགྲེལ་གྱི་བསྟན་བཅོས་ཉུངས་པས། ཇི་བཞིན་དུ་འཆད་དཀར་བར་གྱུར་ཏེ། བོད་ཀྱི་བླ་མ་བར་སྐབས་སུ་བྱུང་བ་ཕལ་ཆེར། ལྷ་སྔགས་ཙམ་མ་གཏོགས། དགྲ་ནག་བཅུ་གསུམ་མ་ཁོ་ན་འདོན་པ་སྤོ་བར་མཛད་པ་དང༌། ལོ་ཙཱ་བ་རིན་རྣམ་ཡང་གཞན་རྣམས་དེ་དང་འདྲ་བ་ལས། ཕྱག་རྒྱའི་རྒྱས་བཏབ་ཀླུ་བྱང་གི་གཞུང་ནས་ཁ་སྐོང་སྟེ། རྒྱས་བཏབ་བྱེད་པ་དེ་ནི་ལེགས་ཀྱང༌། སྐྱེད་ཆོག་དགྲ་ནག་ཇི་བཞིན་དུ་བྱེད་པ་དེ་ཐམས་ཅད་སྤྱིར་མན་ངག་ཡིན་ན་མི་འགལ་མོད། རྒྱུད་གཞན་གྱི་ཆོ་གས་སྒྲུབ་པའི་ལུགས་སུ་སོང་གི། རྒྱུད་འདི་ཉིད་ཀྱི་དགོངས་པ་མ་ཡིན་ཏེ། རྒྱུ་རྡོ་རྗེ་འཛིན་པ་དང༌། ཞུ་བ་གླུས་བསྐུལ་དང༌། འཁོར་ཚོགས་མཁའ་ནང་ནས་སྤྲོ་བ་རྣམས་རྒྱུད་ལས་ཟུར་ཙམ་མ་ཡང་གསུངས་པའི་ཕྱིར་རོ། །སྒྲུབ་ཐབས་གཉིས་ལས་ཀྱང་དེ་འདྲ་མ་གསུངས་སོ། །དེས་ན་གཙོ་བོ་མངོན་བྱང་ལྔ་བསྐྱེད་དང༌། འཁོར་རྣམས་སྙིང་པོའི་སྔགས་ཀྱིས་བསྐྱེད་པ་ཉིད། རྒྱུད་ཀྱི་དངོས་བསྟན་ཡིན་པར་བསྙོན་དུ་མེད་དོ། །དགྲ་སྟོན་དུས་དགྲ་ནག་པོས་སྦྱར་ཞེས་འབྱུང་བའི་ཡི་གེ་ལས། གཙོ་འཁོར་ཐམས་ཅད་མངོན་བྱང་ལྔ་ལས་བསྐྱེད་པ་དང༌། དེའི་རྒྱུ་མཚན་རྒྱུད་ལས། རྡོ་རྗེ་ཐོ་སོགས་སོ་སོར་རྟོག །ཅེས་པའི་སོགས་ཁོངས་ནས་འཁོར་གྱི་ཕྱག་མཚན་དང༌། མངོན་བྱང་དང་པོའི་སྐབས། འཁོར་ལོ་ལ་སོགས་ས་བོན་ཡིན། །ཞེས་གཏི་མུག་རྡོ་རྗེ་ལ་སོགས་པའི་མངོན་བྱང་ཡང་བསྟན་པས་སོ། །ཞེས་ཟེར་བ་ནི་རྒྱུད་དོན་མ་ཡིན་ཏེ། ཐོ་བ་སོགས་ཀྱི་དོན་སོགས་ཁོངས་ནས་ཡུམ་གྱི་ཕྱག་


TNT06_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་འདོན་པ་ཡིན་ལ། འཁོར་ལོ་ལ་སོགས་ཀྱི་དོན། ཕྱག་ཞབས་འཁོར་ལོའི་མཚན་པ་སོགས། མཚན་བཟང་པའི་ས་བོན་དུ་བསྟན་པའོ། །དགྲ་སྟོན་ཅེས་བྱ་བ་དེ་ཡང་གོང་མ་ཚེས་ལྔ་པའི་གབ་མིང་ཡིན་ཞེས་གྲག་གོ །གང་ལྟར་ནའང་དེ་འདྲ་བའི་ཡི་གེ་མཐོང་ན། རང་ལུགས་ལ་ཐེ་ཚོམ་ཟ་བ་གྱུར་གྱི་དོགས་ནས། དེའི་ལུགས་ལའང་དཔྱད་པར་བྱས་ཀྱི། སྤྱིར་དེ་ཙམ་ལ་དཔྱད་ཀྱིས་མི་ལང་ངོ༌། །འདིའི་དག་སྦྱོར་གྱི་སྙིང་པོ་ནི། གཞལ་ཡས་ཁང་གདན་དང་བཅས་པ་ཡན་ཆད་དམར་ནག་བཅུ་གསུམ་མའི་སྐབས་དང་འདྲ། སྦྱང་བྱའི་སྐབས་ཕ་མ་བུ་སོགས་ཀྱིས་དབྱེ་བ་མི་བྱེད་པར། མངོན་བྱང་ལྔ་ལས་གཙོ་བོ་བསྐྱེད་པ་ནི། མངལ་སྐྱེས་དང་སྒོང་སྐྱེས་ཀྱི་སྲིད་པ་སྦྱོང་བསྐྱེད་རིམ་སྤྱིའི་རིམ་པ་དང་མཐུན་ཅིང༌། ནད་སོགས་བར་དོ་སྦྱོང་བྱེད་ལ་ལོགས་པར་མེད་ཀྱང༌། སྐབས་འདིར་ཧཱུཾ་ཡིག་དང་པོར་སྐྱེད་ཙམ་ཉིད། བར་དོ་སྦྱོང་བྱེད་ཡིན་ལ། སྐད་ཅིག་གཉིས་པ་ལ་མངལ་དུ་ཞུགས་པ་མཚོན། སྤྱིར་ཆོ་ག་བསྡུས་པའི་ལུགས་ལ། བར་དོ་སྦྱོང་བྱེད་ལོགས་སུ་མེད་པ་ཡང་ཤིན་ཏུ་མང་པོ། །སེམས་དཔའ་གསུམ་བརྩེག་སྔར་དང་འདྲ། ཕྱག་རྒྱ་བཞི་ནི་རིམ་པས་སེམས་དང་ངག་དང་ལུས་དང་ལོངས་སྤྱོད་རྫོགས་པའོ། །གཙོ་བོ་ལ་ཡེ་ཤེས་དགུག་གཞུག་ལོགས་སུ་ཡོད་པ་ལྟར་ན། དེ་ཡང་སེམས་རྫོགས་པའི་ནང་དུ་འདུའོ། །འཁོར་གྱི་ལྷ་ཚོགས་སྔགས་ཙམ་ལས་བསྐྱེད་པ་ནི། རླུང་གི་སྐྱེ་གནས་ཅན་རྫུས་སྐྱེས་སྦྱོང་བྱེད་དང༌། མིག་སོགས་དང་རྡོ་རྗེ་གསུམ་གྱི་ལྷ་ས་བོན་ལས་སྐྱེད་པ་ནི། དྲོད་གཤེར་སྐྱེས་སྦྱོང་བ་དང༌། རྡོ་རྗེ་གསུམ་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་དགུག་གཞུག་ནི། དེ་རྣམས་ཀྱི་སྐུ་གསུང་ཐུགས་དང༌། ཡེ་ཤེས་ཀྱི་ནུས་པ་རྫོགས་པ་དང༌། དབང་བསྐུར་མཆོད་བསྟོད་སོགས་ཀྱང་སྤྱི་དང་འདྲའོ། །དེ་བཞིན་དུ་མངོན་བྱང་ལྔ་ནི། རྩ་ཨ་ཝ་དྷཱུ་ཏཱིར་ཁམས་དང་རླུང་གི་འདུ་འཕྲོད་ལས། རྫོགས་རིམ་གྱི་ཡེ་ཤེས་སྐྱེ་


TNT06_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ཕྱག་རྒྱ་བཞི་ནི་རྣམ་རྟོག་ཐིམ་པ་དང༌། རླུང་ཐིམ་པ་དང༌། ཁམས་ཀྱི་སྒྲོད་པ་སྤྱི་བོར་ཐིམ་པ་དང༌། རྩ་བརྒྱད་དག་པའི་མཐུ་ལས་འདོད་ཡོན་བདེ་བར་ཤར་བའོ། །འཁོར་ཚོགས་སྤྲོ་བ་ནི། ཕུང་པོ་དང༌། ཁམས་དང༌། དབང་ཡུལ་དང༌། དབང་རྟེན་ཁོག་པ་རྣམས་རིམ་གྱིས་རྣམ་པར་དག་པའི་ཡེ་ཤེས་སོ། །མིག་སོགས་བྱིན་རླབས་མན་ཆད་སྤྱི་དང་མཚུངས། ཡང་འབྲས་བུ་དང་སྦྱར་ན་མངོན་བྱང་ལྔ་ནི་ཡེ་ཤེས་ལྔ། ཕྱག་རྒྱ་བཞི་ནི་སྐུ་བཞི། འཁོར་ཚོགས་རྣམས་ནི་ཕུང་ཁམས་སོགས་དག་པའམ་སྟོང་ཉིད་ཉི་ཤུའི་ཡེ་ཤེས། གཞན་རྣམས་ལ་སྤྱི་དང་མཚུངས་པའི་དག་སྦྱོར་བྱའོ། །འདི་ལ་སྒོས་ཀྱི་དཀྱིལ་ཆོག་རྒྱ་གཞུང་མེད་པས། རྭ་བ་དང་སྐྱོ་བ་ནི་རང་རང་གི་ལུགས་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་ཆོག་འདོན་པ་སྤོ་ལ། ཞང་པ་ཡང་ནག་པོའི་དཀྱིལ་ཆོག་འབྱུང་བ་དང་སྦྱོར། སྔོན་གྱི་མལ་ལུགས་པ་ཡང་རང་བཞེད་ཀྱི་ནག་པོའི་དཀྱིལ་ཆོག་དང་སྦྱོར་བར་གྲགས། འོན་ཀྱང་འདིར་ནི་བར་སྐབས་བྱོན་པའི་ཆེན་པོ་རྣམས་ཀྱིས་ལུགས་རྙིང་པ་ཐམས་ཅད་གསན་ནས་གཅིག་ཏུ་གྲིལ་བ་ཡིན་པས་འདོན་པ་བསྒྱུར་དགོས་ཀྱི་ཁྱད་པར་རྣམས་མ་གཏོགས། དམར་ནག་གི་དཀྱིལ་ཆོག་དཔལ་འཛིན་གྱི་ལུགས་དེ་ཁ་སྦྱོར་རྒྱུ་ཡིན་ནོ། །རྒྱུད་འདིའི་འཁྲུལ་འཁོར་ནི། བླ་མ་དང་ལྷག་པའི་ལྷའི་བྱིན་རླབས་ཀྱི་སྟོབས་ལས་བཤད་པ་བྱ་སྟེ། བོད་ཀྱི་ཡི་གེ་འཁོད་པ་གང་ནའང་རྒྱུད་དོན་བཞིན་མེད་དེ། མ་བཤད་པ་དང་ལོག་བཤད་དག་ཁོ་ནའོ། །ཀླུ་བྱང་གིས་ཅུང་ཟད་བཤད་པ་དེ་ཡང་ཤིན་ཏུ་མི་གསལ་ལོ། །དེས་ན་འདི་ལྟར་གོ་དགོས་ཏེ། དཀྱུས་དང་ལོགས་སུ་ཐིག་བརྒྱད་བརྒྱད་བཏབ་པས། རེ་མིག་བཞི་བཅུ་ཞེ་དགུར་བྱ། ཡང་ན་ཟླུམ་སྐོར་རིམ་པ་བཞི་བྱས་པའི་འཁོར་ལོ་ཟླུམ་པོ་ལའང་འགྲིག་ཙམ་འོང་སྟེ། རྒྱུད་ཀྱི་དགོངས་པ་ནི་གྲུ་བཞི་ཉིད་དོ། །དེ་ཡང་ཕྱིའི་ཟུར་བཞི་ལ་རྀ་ལྀ་བཞི། བར་བའི་ཟུར་


TNT06_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལ་ཨ་སོགས་བཞི། ནང་མའི་ཟུར་བཞི་ལ་ཨེ་སོགས་བཞི། ཕྱི་སྐོར་གྱི་སྟེང་གི་རེ་མིག་ལྔ་ལ་ཀ་སྟེ། གཡོན་གྱི་ལྔ་ལ་ཙ་སྡེ། འོག་གི་ལྔ་ལ་ཊ་སྡེ། གཡས་ཀྱི་ལྔ་ལ་ཏ་སྡེ། རིམ་པ་བར་བའི་སྟེང་གི་གསུམ་པ་ལ་ཕ་བ། གཡོན་གྱི་གསུམ་ལ་བྷ་མ་ཡ། འོག་གི་གསུམ་ལ་ར་ལ་ཝ། གཡས་ཀྱི་གསུམ་ལ་ཤ་ཥ་ས། ནང་མའི་ཕྱོགས་བཞི་ལ་གཡས་སྐོར་གྱི། ཧ་དང་ཨཱུ་རིང་པོ་དང༌། ང་རོ་རྣམ་བཅད་རྣམས་འགོད་པར་བྱའོ། །ནང་གི་རེ་མིག་དགུའི་ཕྱོགས་བཞི་དང་བར་པའི་མཚམས་བཞི་བོར་བའི་རེ་མིག་བཅུ་གཉིས་ལ། ཡ་སོགས་ཡི་གེ་བཅུ་བདུན་འགོད། ཕྱི་སྐོར་ཉེར་བཞི་ལ། ཟུར་དང་པོར་ཨོཾ་དགོད་པར་བརྩམས་ཏེ། བར་དུ་རེ་མིག་རེ་རེ་བོར་བར་ཡི་གེ་བཅུ་བཞི་པ་འགོད་དེ། ཧཱུཾ་གཉིས་དང་ཕཊ་གཉིས་རེ་མིག་རེ་རེ་ལ་འགོད་དོ། །ལྟེ་བར་ཡའི་དབུས་སུ་ཀྵ་འགོད་ཅིང༌། དེའི་ནང་དུའང་མིང་ཡིག་བྲི། གཞན་རྣམས་མགོ་ཕྱིར་བསྟན་ཡིན་ན། དབྱངས་གསལ་ཕྱི་དང༌། ནང་བསྟན་ཡིན་ན་སྔགས་འབྲུ་རྣམས་ཕྱིར་འགོད། དབྱངས་གསལ་རྐྱང་པ་ཡོད་པའི་རེ་མིག་ཉི་ཤུ་ལ། དབྱངས་གསལ་གྱི་ཡི་གེའི་འོག་ཏུ། ཧྲཱིཿཡིག་གམ་ཧཱུཾ་གཉིས་ཀྱི་མཐའ་བརྟེན་པའི་མིང་ཡིག་འབྲི་སྟེ། དཔེར་ན་སྟེང་དུ་ཀ་དང༌། འོག་གི་ཧྲཱིཿའམ་ཧཱུཾ་གཉིས་གསུམ་ཚོམས་སུ་བྱུང་བ་ནི། རྒྱ་ཡིག་ཨི་དང་འདྲ་བ་སྟེ། སུམ་སྐོར་གྱི་དོན་ཡིན་པ། འདི་ལའང་འཁྲུལ་འཁོར་རི་མོར་བྲིས་པ་དང་མཐུན་པའི་སྔགས་བཟླ་ཚུལ་སོགས་བྱ་དགོས་སོ། །འདིར་སྨྲས་པ། སྔོན་རབས་འགའ་ཡིས་འདི་དོན་རྟོགས་སྲིད་ཀྱང༌། །ཡི་གེའི་ལམ་དུ་འཁོད་པ་གཅིག་ཀྱང་མེད། །ཕྱི་རབས་དུས་དང་དེང་སང་རྒྱུད་འདིའི་དོན། །ཇི་བཞིན་མ་ནོར་སྨྲ་བར་ང་མིན་སུ། །འདི་ནི་འཁྲུལ་འཁོར་གྱི་ཁྱད་པར་ཐུན་མོང་མ་ཡིན་པ་ཡོད་ཚུལ་སྐལ་ལྡན་དོན་གཉེར་རྣམས་ལ་འཕྲིན་བསྐུར་བ་ཙམ་


TNT06_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི། ལག་ལེན་བླ་མ་དམ་པ་ལས་རྟོགས་དགོས་པ་ཁོ་ནའོ།། །།༈ བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་ལ་འཇམ་དཔལ་ཁྲོས་པ་ལྷ་བཞི་བཅུ་རྩ་དགུའི་བདག་ཉིད་ཀྱི་སྒྲུབ་ཐབས་མཛད་པ་པོ་ལ་ལི་ཏ་བཛྲ་ཞེས་བྱ་བ་འདི། ནག་པོ་སྐོར་གསུམ་གྱི་རྒྱུད་སྤྱན་འདྲེན་པ་པོའི་ལ་ལི་ཏ་བཛྲ་མ་ཡིན་པར་ཤེས་ལ། རོ་ལངས་བརྒྱད་སྐོར་གྱི་སྒྲུབ་ཐབས་རྒྱ་གཞུང་མཛད་པ་པོ་དང༌། དགྲ་ནག་གི་གཞུང་གཤིན་རྗེ་གཤེད་འབྱུང་བ་མཛད་པ་པོ་ཡང༌། རྒྱུད་སྤྱན་འདྲེན་མཁན་གྱི་ལ་ལི་ཏ་མིན་པར་ངེས་ཤིང༌། གཞུང་འདི་དག་མཛད་པ་པོ་གང་ཟག་གཅིག་རང་ཡང་ཡིན་པར་མ་ངེས་པས། ལ་ལི་ཏའི་མཚན་ཅན་མང་དུ་བྱུང་བར་གསལ། རྒྱུད་སྤྱན་འདྲེན་པ་པོ་ལ་ལ་ལི་ཏ་ཆེ་བ་དང༌། གཞན་རྣམས་ལ་ལ་ལི་ཏ་ཆུང་བ་ཟེར་ཡང༌། ཆུང་བ་ལ་གཅིག་ཁོ་ནར་ངེས་བཟུང་མེད་ལ། ལ་ལི་ཏ་བཛྲ་དང༌། ལཱི་ལ་བཛྲ་ཡང༌། བོད་སྐད་དུ་བསྒྱུར་ན་རོལ་པའི་རྡོ་རྗེ་ཞེས་བྱ་བར་གཅིག་ཀྱང་རྒྱ་སྐད་མཚན་ཐ་དད་པའི་ཕྱིར། རྒྱུ་མཚན་ངེས་ཅན་གཞན་ཡོད་ན་མ་གཏོགས། སོ་སོ་ཡིན་པར་གསལ་ལོ། །སྐྱོ་ལུགས་པ་རྣམས་ལ་ལི་ཏའི་མཚན་གྱི་རྣམ་གྲངས་སྒེག་པའི་རྡོ་རྗེར་བཞེད་མོད། སྤྱིར་དེ་ལྟར་མི་འགལ་ཡང༌། འཇམ་དཔལ་གསང་ལྡན་མཛད་པ་པོ་དང་ནི་ཡེ་མི་གཅིག་གོ །འདིར་ལ་ལི་ཏ་ཆུང་བས་མཛད་པའི་སྒྲུབ་ཐབས་ཀྱི་རྗེས་སུ་འབྲངས་ནས། འཇིགས་མཛད་ཆེན་པོ་ཞེ་དགུ་མའི་སྒྲུབ་ཐབས་མདོ་ཙམ་བཤད་པར་བྱའོ། །དེ་ལ་ཐོག་མར་རྡོ་རྗེ་འཇིགས་བྱེད་དཔའ་རྐྱང་རྭ་ལུགས་ཀྱི་སྒྲུབ་ཐབས་སྙིང་པོ་ཞེས་བྱ་བ་ཁོ་བོས་སྔར་སྦྱར་ཟིན་པ་དང༌། དེའི་དཀྱིལ་ཆོག་སྔར་སྦྱར་ཟིན་པའི་བདག་བསྐྱེད་དང་མདུན་བསྐྱེད་ཀྱི་སྐབས་ཀྱི་ཚིག་དོན་རྣམས་བློ་ལ་འཇེམས་པར་བྱས་ནས། བྱ་བའི་རིམ་པ་དང་ཚིག་རིགས་གཅིག་གིས་ཆོག་པ་རྣམས།


TNT06_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཁ་འཕངས་ཏེ་འདིར་མི་འདྲ་བའི་ཁྱད་པར་རྣམས་བརྗོད་པར་བྱའོ། །སྐྱབས་སེམས་ཡིག་བརྒྱ་སོགས་སོང་ནས། སྐད་ཅིག་གིས་རང་དཔལ་རྡོ་རྗེ་འཇིགས་བྱེད་དུ་གྱུར་པའི་སྙིང་གར་པདྨ་དང་ཟླ་ཉི་ལ། ཧཱུཾ་ནག་པོ་མཆོག་ཏུ་འབར་བའི་ཞེས་དང༌། ཨོཾ་བཛྲ་ལ་སྱ་སོགས་ཀྱི་དོད་དུ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་པ་གོང་དམར་པོའི་སྐབས་བཞིན་དུ་བྱ། རྒྱུན་བཤགས་སྡོམ་བཟུང་ཚད་མེད་བཞི་དང༌། སྭ་བྷཱ་ཝའི་སྔགས་དོན་གྱི་བར་ཡང་སྒྲུབ་ཐབས་སྙིང་པོ་དང་འདྲ། འོན་ཀྱང་འདི་ལ་སྐྱོ་པ་རྣམས་ཚོགས་ཞིང་ལ་ཕྱི་ནང་གསང་བའི་མཆོད་པ་འབུལ། རྒྱུན་བཤགས་ཚིག་ལྷུག་པ་བྱེད། དེ་ནི་མི་ལེགས་པའང་མིན་ལ། འཛིམས་པ་རིན་ཤེའི་སྒྲུབ་ཐབས་དང༌། ལ་ལི་ཏའི་རྗེས་འབྲང་དུ་འདོད་པ་ཕྱིས་འབྱུང་ཐམས་ཅད་ཀྱིས། རྒྱ་གཞུང་གི་ཚིག །སྡིག་པ་རྣམས་ནི་བཤགས་པར་བྱ། །སྐྱེས་ཞིང་འབྱུང་བ་རྣམས་ནི་བསལ། །མི་བྱེད་པར་ཡང་སྤྱན་སྔར་བརྗོད། །ཅེས་སོགས་བརྗོད་པ་ནི་མི་ལེགས་ཏེ། དེ་དག་ནི་བཤགས་པ་ལ་སོགས་པ་དེ་དང་དེ་བྱའོ་ཞེས་གོ་བ་སྟོན་ཅིང་འཆད་པའི་ཚིག་ཡིན་གྱི། ངག་ནས་འདོན་རྒྱུའི་ཚིག་མ་ཡིན་པའི་ཕྱིར་རོ། །ཚིག་དེ་ཉིད་ཀྱི་ཐོག་མཐར། མཆོད་པ་རྣམས་ཀྱིས་ལེགས་པར་མཆོད། །ཅེས་དང༌། ཚད་མེད་བཞི་ཡི་ཁང་བཟང་ལམ། །མཆོད་པ་བདུན་ནི་རབ་ཏུ་བྱ། །ཞེས་སོགས་དང་འདྲ་སྟེ། དེ་འདོན་དགོས་ན་དེ་ཡང་འདོན་དགོས་པར་འགྱུར་རོ། །དེ་ནས་སྭ་བྷཱ་ཝའི་རྗེས་སུ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་དུད་ཁ་ཟླུམ་པོའི་སྟེང་གི་དབུས་སུ། སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་སྟེང་དུ་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་གདན་ལ་ཡི་གེ་དྷཱྀཿལས་རང་ཉིད་འཇམ་དཔལ་གཞོན་ནུ་སྐུ་མདོག་སྔོན་


TNT06_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

པོའམ་གསེར་གྱི་མདོག་ཅན་ཡིད་ཙམ་ཁྲོ་བ། ཕྱག་གཡས་རྡོ་རྗེས་མཚན་པའི་རལ་གྲི་འཕྱར་ཞིང༌། གཡོན་སྡིགས་འཛུབ་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། དར་དང་རིན་པོ་ཆེས་བརྒྱན་པ། ཟུར་ཕུད་ལྔ་དང་ལྡན་ཞིང་མཚན་དཔེ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། དེའི་ཐུགས་ཀར་ཨ་ལས་ཉི་མའི་དཀྱིལ་འཁོར་རོ། །ཉི་མའི་འོད་ཀྱིས་འཇམ་དཔལ་གྱི་སྐུ་ཞུ་སྟེ་ཉི་མའི་དཀྱིལ་འཁོར་ལ་གཅིག་ཏུ་འདྲེས་པར་གྱུར། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འོད་ཀྱི་རྩེ་མོ་ལ་འཇམ་དཔལ་གྱི་སྐུ་དཔག་ཏུ་མེད་པ་སྤྲུལ། ཕྱོགས་བཅུའི་བགེགས་དང་ལོག་འདྲེན་བར་ཆད་ཐམས་ཅད་བསད་བསྐྲད་དབྱེ་རྨོངས་རེངས་བརྒྱལ་བ་ལ་སོགས་པས་ཚར་བཅད། ཚུར་འདུས་ཉི་མ་ལ་ཐིམ། སླར་ཡང་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སེམས་ཅན་གྱི་དོན་བྱས། དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་དང༌། རིག་པའི་ལྷ་མོ་དང༌། ཁྲོ་བོ་དང༌། རིག་པ་འཛིན་པའི་ཚོགས་ཐམས་ཅད་སྤྱན་དྲངས་ཏེ་ཉི་མ་ལ་ཐིམ། གདུག་པ་ཐམས་ཅད་སྲེག་པར་བྱེད་པའི་འོད་ཟེར་མཐའ་མེད་དུ་འབར་བས། ཉི་མའི་དཀྱིལ་འཁོར་དཔག་ཚད་འབུམ་དུ་ཁྱབ་པར་གྱུར། སྐྱོ་བའི་ཡིག་རྙིང་འགའ་ལས། སྐབས་འདིར་འཇམ་དཔལ་ཉི་མ་ལ་ཐིམ་པར་བྱེད་ཀྱང་གཞུང་ཉིད་དང་ཅུང་ཟད་མི་མཐུན་ནོ། །དེ་ལྟ་བུའི་འོད་ཀྱི་འཕྲེང་བ་ལས་སྐད་ཅིག་གིས། རྡོ་རྗེའི་ས་གཞི་རྭ་གུར་མེ་དཔུང་དང་བཅས་པའི་བསྲུང་བའི་འཁོར་ལོར་གྲུབ་ཅིང༌། དབུས་སུ་བྷྲུཾ་ལས་སྣ་ཚོགས་རྡོ་རྗེའི་གཞི་ལ་གནས་པ། རྣམ་པར་སྣང་མཛད་ཀྱི་རང་བཞིན་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་པ། རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ། ནང་ནས་


TNT06_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་བཞིན་དུ། ནག་ལྗང་དམར་སེར་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་ཕ་གུ་སེར་པོ་དང༌། དྲ་བ་དང༌། དྲ་ཕྱེད་འཆང་བ། རིན་པོ་ཆེའི་འཕྲེང་བ་དང་བཅས་པ། སྟེང་མདའ་ཡབ་མཆོད་རྟེན་གྱི་རྣམ་པར་མཛེས་པ། པུ་ཤུའི་ཁོར་ཡུག་ལ་གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བ། ནང་གི་ལྷ་སྣམ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང༌། དབུས་སྔོ་བ། ནང་ཀ་བ་བརྒྱད་དང་ལྡན་པ། སྟེང་རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྲིས་པ། དབུས་སུ་དཀྱིལ་འཁོར་ཟླུམ་པོ། དེའི་ནང་རེ་མིག་དགུར་གྱུར་པ། རྩིག་པའི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་ལ་མཆོད་པའི་གཟུངས་མ་རྣམས་དང༌། སྒོ་བཞིའི་ཐད་ཀ་ནས་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་རྣམས་ཀྱི་རྩེ་མོར་པདྨ་ལ་གནས་པའི་འཁོར་ལོ་དང༌། རི་དྭགས་དང་གདུགས་ཀྱིས་མཚན་པ། ཁྱམས་ལ་མཆོད་པའི་ཚོགས་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་ཕྱིར་རོལ་ཏུ་གཏུམ་དྲག་ལ་སོགས་པ་ནས། སྣ་ཚོགས་པས་གང་བའོ། །ཞེས་པའི་བར་སྒྲུབ་ཐབས་སྙིང་པོ་ལྟར་རོ། །དཀྱིལ་འཁོར་ནང་མའི་རེ་མིག་དགུ་དང༌། ཕྱོགས་བཞིའི་ལྷ་སྣམ་ལ་ལྷའི་གནས་བརྒྱད་བརྒྱད་དང༌། སྒོ་བཞི་དང༌། གྲྭ་བཞི་སྟེ་ལྷའི་གནས་བཞི་བཅུ་རྩ་དགུར། སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་བརྩེགས་པའི་གདན་རེ་རེ་གནས་པར་གྱུར། དེ་ནས་ལྷ་བསྐྱེད་པ་ལ། སྐབས་འདིར་གཞུང་ལས། ཐོག་མ་ཕྱག་མཚན་རྣམས་བཀོད་ནས། དེ་ཟླ་བར་བསྒྱུར་དགོས་པ་འདྲ་བ་ཞིག་ཡོད་ཅིང༌། ཕྱིས་ཀྱི་དཔྱད་པ་ཆེ་རུ་རེ་བ་ཀུན་ཡང༌། སྐབས་འདིའི་དོན་འཛུག་ཚུགས་བཤད་རྒྱུ་མེད་ནས་ཟོལ་འཇོག་བྱེད་ཅིང་འབྲོས་པར་སྣང་ངོ༌། ཁ་ཅིག་འདིར་རླུང་གི་དཀྱིལ་འཁོར་བཞི་བཅུ་ཞེ་དགུ་བསྒོམ་པར་


TNT06_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ནི། གཞུང་དང་མི་མཐུན་ལ་སྔ་རབས་པ་སུ་ཡང་མི་འདོད་ཅིང༌། ཧམ་ཤུར་བརྗོད་པ་ཙམ་མོ། །དེ་ལ་གཞུང་གི་དོན་ནི། ལས་དང་པོ་པས་དཀྱིལ་འཁོར་བཤར་སྒོམ་བྱེད་པ་སོགས། བསྙེན་པ་རྐྱང་བའམ་བདག་བསྐྱེད་རྐྱང་བའི་སྐབས་སུ། སྐབས་འདིར་ཕྱག་མཚན་བསྒོམ་དགོས་པའི་དོན་མིན། སྒྲུབ་པ་སྒྲུབ་ཆེན་ལ་བདག་མདུན་དབྱེར་མེད་ཀྱི་སྐབས་སུ། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་ཕན་ཆད་སོང་ནས། ཐོག་མང་དཀྱིལ་འཁོར་ལ་བྲིས་པའི་ལྷ་མཚན་རྣམས་ཡིད་ཀྱིས་གསལ་བཏབ་ནས། དེ་ཉིད་ཟླ་བར་བསྒྱུར་བ་སོགས་ཀྱི་དོན་ཡིན་ཞིང༌། སྒྲུབ་ཐབས་འདི་ཡང་རྟོག་བདུན་གྱི་རྟོག་པ་དང་པོའི་དོན་འགྲེལ་དུ་ཤེས་པར་བྱའོ། །ལར་བྱ་བའི་རིམ་པ་ལ་ལྟོས་པའི་བསྙེན་པ་ཉེར་སྒྲུབ་སྒྲུབ་པ་སྒྲུབ་ཆེན་འདི་དག་མ་གོ་བས། གཤིན་རྗེ་གཤེད་ལ་མཁས་རློམ་ཕྱིས་བྱུང་བ་རྣམས་ཤིན་ཏུ་འཕོངས་པར་གྱུར་གདའོ། །ད་ནི་དཀྱུས་ལ་འཇུག་སྟེ། ལྷའི་གདན་ཐམས་ཅད་ཀྱི་སྟེང་དུ། ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་རེ་རེ་གནས་པར་གྱུར། དེ་རྣམས་ཀྱི་སྟེང་དུ་ཆུ་ལས་ཆུ་བུར་བརྡོལ་བའི་ཚུལ་གྱིས། ས་བོན་གྱི་ཡི་གེ་རེ་རེ་བྱུང་བ་ནི། དབུས་ཀྱི་ཟླ་བ་ལ་དྷཱིཿ རེ་མིག་བརྒྱད་ལ། ཨོཾ་ཨཾ་ཛྲིཾ་ཁཾ་སཾ་རཾ་དྷཾ་ཀཾ ཤར་གྱི་ལྷ་སྣམ་ལ། བཾ་ཁཾ་མཻཾ་མཾ་ཛྙཱཾ་ཝཾ་ཙཾ་ཛྙཱཾ། ལྷོའི་ལྷ་སྣམ་ལ། བཾ་ཡཾ་མུཾ་དྷཾ་རཾ་ཏཾ་ཧཾ་ཛཾ། ནུབ་ཀྱི་ལྷ་སྣམ་ལ། བྷཾ་མཾ་རཱཾ་རཾ་སཱཾ་རཾ་སཱུཾ་བཾ། བྱང་གི་ལྷ་སྣམ་ལ། ཀེཾ་ཧཾ་གཾ་ཛྙཱཾ་སཾ་སཾ་ཨཾ་ཨཾ། སྒོ་བཞིར། ཨཾ་པཱཾ་སྥཾ་གྷཾ། གྲྭ་བཞིར། སུཾ་ཨུཾ་ཧཱུཾ་ཨཾ་རྣམས་སོ། །ཟླ་བ་དང་ཡི་གེ་དེ་རྣམས་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་སླར་འདུས་ཏེ་ཐིམ་པ་སོ་སོའི་གནས་སུ་ཡོངས་སུ་གྱུར་པ་


TNT06_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དབུས་ཀྱི་གདན་གྱི་སྟེང་དུ་འཇམ་དཔལ་གཞོན་ནུ་སྐུ་མདོག་སྔོན་པོ། འོད་ཟེར་གྱི་འཕྲེང་བས་ཕྱོགས་ཀུན་ཁྱབ་པར་བྱེད་པ་དང༌། རེ་མིག་དགུ་ལ་ཤར་ནས་གཡས་སྐོར་གྱིས། གཏི་མུག་རྡོ་རྗེ་ཕྲ་མ་རྡོ་རྗེ་དང༌། །འདོད་ཆགས་རྡོ་རྗེ་ཕྲག་དོག་རྡོ་རྗེའོ། །དེ་བཞིན་མེ་ནས་བརྩམས་ཏེ་གཡས་སྐོར་གྱིས། །སེམས་མ་རྡོ་རྗེ་རིན་ཆེན་རྡོ་རྗེ་མ། །ཆོས་རྡོར་རྗེ་མ་ལས་ཀྱི་རྡོ་རྗེ་མའོ། །བྱང་ཤར་ནས་བརྩམས་གཡས་སྐོར་ལྷ་སྣམ་ལ། རྡོ་རྗེ་རྣོན་པོ་རྡོ་རྗེ་རལ་གྲི་དང༌། །བྱམས་པ་དང་ནི་འཇམ་དཔལ་ཡེ་ཤེས་སྐུ། །ངག་གི་དབང་ཕྱུག་དང་ནི་ཟླ་བའི་འོད། །ཡེ་ཤེས་མཚོ་རྣམས་ཤར་གྱི་ལྷ་སྣམ་ལའོ། །རྡོ་རྗེ་ལས་དང་རྡོ་རྗེ་གནོད་སྦྱིན་དང༌། །རྡོ་རྗེ་ཁུ་ཚུར་དང་ནི་རྡོ་རྗེ་ཆོས། །སྲུང་བ་དང་ནི་རྣོན་པོ་རྡོ་རྗེ་རྒྱུ། །དྲ་བའི་འོད་རྣམས་ལྷོ་ཡི་སྣམ་བུ་ལའོ། །རྡོ་རྗེ་སྨྲ་བ་རྡོ་རྗེ་སེམས་དཔའ་དང༌། །རྡོ་རྗེ་རྒྱལ་པོ་ཆགས་པ་ལེགས་པ་དང༌། །རྡོ་རྗེ་རིན་ཆེན་རྡོ་རྗེ་ཉི་མའི་འོད། །རྡོ་རྗེ་ཉི་མ་རྣམས་ནི་ནུབ་ཕྱོགས་སུའོ། །རྡོ་རྗེ་ཏོག་དང་བཞད་པ་སྤོས་ཀྱི་གླང༌། །ཡེ་ཤེས་ཏོག་དང་ཐམས་ཅད་ཐབས་ཀྱི་འགྲོ། །རྒྱ་མཚོའི་བློ་གྲོས་བློ་གྲོས་མི་ཟད་པ། །བདུད་རྩིའི་འོད་རྣམས་བྱང་གི་སྣམ་བུ་ལའོ། །ཤར་སོགས་སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་དང༌། །རྡོ་རྗེ་ཞགས་པ་ལྕགས་སྒྲོག་དྲིལ་བུའོ། །མེ་སོགས་མཚམས་བཞིར་གནོད་མཛེས་གཙུག་གཏོར་དང༌། །ཧཱུཾ་མཛད་དང་ནི་གཞན་གྱིས་མི་ཐུབ་པའོ། །དེ་ལྟར་ན་ཤར་དང་ཤར་ལྷོ་པ་རྣམ་དཀར་པོ། ལྷོ་དང་ལྷོ་ནུབ་པ་རྣམས་སེར་པོ། ནུབ་དང་ནུབ་བྱང་པ་རྣམས་དམར་པོ། བྱང་དང་བྱང་ཤར་བ་རྣམས་ལྗང་ཁུ།


TNT06_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་ཡིད་ཙམ་ཁྲོ་བ་ནས། མཚན་དཔེ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་གྱི་བར་གོང་བཞིན། འོན་ཀྱང་ལྷ་མོ་བཞི་ནི་དབུ་སྐྲ་ཕྱེད་བཅིངས་ཤིང༌། བུད་མེད་སྒྱུ་མའི་ང་རྒྱལ་འཛིན་པའོ། །སྐབས་འདིར་སྐྱོ་ལུགས་པ་རྣམས་དང༌། ཕྱིས་ཀྱི་རྣམས་ཕལ་ཆེར། དབུས་ཀྱི་གཙོ་བོ་འཇམ་དཔལ་དམར་སེར། ཤར་ཕྱོགས་ཀྱི་ལྷ་རྣམས་ནག་པོར་འདོད་དེ། སྒྲུབ་ཐབས་ཀྱི་གཞུང་ཞང་འགྱུར་ཁོ་ན་ལས་གཞན་མ་མཐོང་བར་ཟད་ལ། ཞེ་དགུ་མ་འདི་སྐྱོ་ལུགས་སུ་གྲགས་ན་ཡང་འདི་རྩ་བ་ཞང་ལུགས་ལ་ཐུག་པ་ཡིན་པས། སྐྱོ་བ་རྣམས་ཞེ་དགུ་མའི་གཞུང་ཞང་འགྱུར་ཁོ་ན་བྱེད་དོ། །ཞང་འགྱུར་ལས་ནི། གཙོ་བོ་འཇམ་དབྱངས་ཀྱི་སྐུ་མདོག་སྔ་ཕྱི་གཉིས་ཀར་དུ་མི་གསལ་ལ། ཤར་གྱི་ཕྱོགས་པ་ཐམས་ཅད་ནག །ཅེས་འབྱུང་ཡང་གཏི་མུག་རྡོ་རྗེ་དང་སེམས་མ་རྡོ་རྗེ་མ་ནག་པོར་མི་འཐད་ཅིང༌། རོང་ཟོམ་འགྱུར་ལས། ཐམས་ཅད་འཇམ་དཔལ་གཞོན་ནུའི་གཟུགས། །དབུས་ཀྱི་གཙོ་བོ་སྐུ་མདོག་སྔོ། །ཤར་གྱི་ཕྱོགས་པ་ཐམས་ཅད་དཀར། །ཞེས་སོགས་འབྱུང་བས། གཞལ་ཡས་ཁང་གི་ཕྱོགས་མདོག་ཀྱང༌། དབུས་སྔོ་ཞིང་ཤར་དཀར་བ་སོགས་རྡོ་རྗེའི་རིགས་ཀྱི་སྤྱིའི་འགྲོས་ལ་ཡོད་པ་དང་མཐུན་པས་ལེགས་ལ། ཚིག་སྔ་མ་གཉིས་པོ་དེ་ཞང་འགྱུར་ལ་ཆད་པས། གཙོ་བོ་སྐུ་མདོག་ཏུ་མ་ཟད། འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཕྱག་མཚན་ལ་ཡང༌། འདོད་པ་མི་མཐུན་པ་དང་ཐེ་ཚོམ་གྱི་དཔྱད་པ་མང་དུ་བྱུང་མོད། རོང་འགྱུར་དུ་འཇམ་དཔལ་གཞོན་ནུའི་གཟུགས་ཞེས་ཕྱག་མཚན་དང་སྐུའི་དབྱིབས་གསལ་བར་བསྟན་ཏོ། །ཡང་སྐབས་འདིར་གཞུང་ལས། དེ་ནས་ཡི་གེ་ཨ་ལ་སོགས། །ཡི་གེ་ཧ་ཡིག་མཐར་ཐུག་པ། །འདི་དག་ཐམས་ཅད་ཡོངས་གྱུར་ལས།


TNT06_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གི་ལྷ་རུ་བསམ་པར་བྱ། །ཞེས་འབྱུང་བ་ལ། ཁ་ཅིག་ཞི་བའི་ལྷ་ཚོགས་འདི་རྣམས་མངོན་བྱང་ལྔ་ལས་སྐྱེད་ཟེར་བ་ནི། གཞུང་གི་དོན་མིན་ཞིང་རྒྱ་མཁར་ཀ་བཅུ་བ་སོགས་གཞན་དག་ཚིག་དེ་གོང་དུ་བཤད་པའི། ཨོཾ་ཨཾ་སོགས་ས་བོན་དེ་རྣམས་ཨཱ་ལི་ཀཱ་ལི་ལས་བྱུང་བའི་དོན་ཡིན་པར་འཆད་པ་ནི། སྨྲ་རྒྱུས་འཕོངས་པར་ཟད་ཅིང༌། ངོར་པ་སོགས་མང་པོ་ཞིག་ནི་ཞེ་དགུ་མའི་བསྔགས་བརྗོད་ཡང་སྐྱོར་མང་པོ་བྱེད་ཀྱང་གཞུང་འདི་དག་ལ་མི་སྨྲ་བའི་བརྟུལ་ཞུགས་འཛིན་ཏོ། །འོ་ན་འདིའི་དོན་ཅི་ཞེ་ན། གོང་དུ། འདི་དག་ས་བོན་ཡི་གེ་ནི། །ཨོཾ་ཨཾ་ཛྲིཾ་སོགས་གསུངས་ནས། དེ་ནས་ཡི་གེ་ཨ་ལ་སོགས། །ཞེས་འབྱུང་སྟེ། ས་བོན་གོང་དུ་སྨོས་པ་རྣམས་སམ། ཡང་ན་ཨ་ཡིག་ལས་གཙོ་བོ་འཇམ་དཔལ་བསྐྱེད་པ་ནས། ཧཱ་ཡིག་ལས་གཞན་གྱིས་མི་ཐུབ་སྐྱེད་པའི་བར། ས་བོན་འདམ་ཁར་གསུངས་པ་ཡིན་ཏེ། ཀྵ་སྤངས་ནས། ཡི་གེ་བཞི་བཅུ་ཞེ་དགུར་གསུང་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །ལྷ་ཞེ་དགུ་ལ་འཇམ་དཔལ་གཉིས་བྱུང་ཡང་གཙོ་བོ་འཇམ་དཔལ་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་སྟེ་རྫོགས་པའི་སངས་རྒྱས་ཡིན་ལ། ཤར་གྱི་ལྷ་སྣམ་གྱི་འཇམ་དཔལ་ནི། བྱང་ཆུབ་སེམས་དཔའོ། །རྡོ་རྗེ་རྣོན་པོ་གཉིས་བྱུང་བ་ནི། སྔ་མ་རྡོ་རྗེའི་རིགས་དང༌། ཕྱི་མ་པདྨའི་རིགས་ཀྱི་སྒོ་ནས་ཐ་དད་ཡིན་ལ། སྤྱིར་ནི་རྣོན་པོ་ཉིད་འཇམ་དཔལ་དུ་བཤད་པ་སོགས་ཡོད་པས། རྒྱུད་གཅིག་དང་ཐ་དད་སོགས་ཀྱི་དཔྱད་པ་མི་འཇུག་ལ། མཚན་ཐ་དད་དང་རིགས་ཐ་དད་ལས་ལྷ་སོ་སོར་འཇོག་དགོས་པའི་སྐབས་ཤིན་ཏུ་མང་ངོ༌། །ཡང༌། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཡི་གེ་ཨ་ལས་ཉི་མའི་དཀྱིལ་འཁོར་རེ་རེ། དེ་རྣམས་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། དེ་བཞིན་གཤེགས་པ་འཁོར་དང་བཅས་པ་དཔག་ཏུ་མེད་པ་


TNT06_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས། ལྷ་རྣམས་ཀྱི་ཐུགས་ཀའི་ཉི་མའི་དཀྱིལ་འཁོར་རྣམས་ལ་ཐིམས་པའི་རྐྱེན་གྱིས། ལྷ་རྣམས་ཉི་མའི་དཀྱིལ་འཁོར་ཉིད་ལ་འདྲེས་པས། ཉི་མའི་དཀྱིལ་འཁོར་འབར་བའི་འཕྲེང་བ་འཁྲིགས་པ་བཞི་བཅུ་རྩ་དགུར་གྱུར། ཡང་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་རྣམས་ཀྱི་སྟེང་དུ། ཁྲོ་བོའི་ས་བོན་རྣམས་གྲུབ་པ་ནི། དབུས་སུ་ཧཱུཾ་སྔོན་པོ། རེ་མིག་བརྒྱད་ཀྱི་ཕྱོགས་བཞིར། ཨོཾ་ཧྲཱིཿཥྚཱིཿབི། མཚམས་བཞིར། ཀྲྀ་ཏཱ་ན་ན། ཤར་ཀྱི་ལྷ་སྣམ་ལ། ཡཀྵེ་ཡཙྪ་ནི་རཱ་མ་ཡ། ལྷོའི་ལྷ་སྣམ་ལ། ཡ་མ་རཱ་ཛ་ས་དོ་མེ་ཡ། ནུབ་ཀྱི་ལྷ་སྣམ་ལ། ཡ་མེ་དུ་རུ་ཎ་ཡོ་ད་ཡ། བྱང་གི་ལྷ་སྣམ་ལ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། སྒོ་བཞིར། ཡ་མཱན་ཏ་ཀ གྲྭ་བཞིར། ཧཱུཾ་ཨོཾ་ཧཱུཾ་ཕཊ། ཅེས་པའི་ཡི་གེ་ཕྱོགས་ཀྱི་མདོག་ཅན་རྣམས་སུ་གྱུར། འདིར་ཞང་འགྱུར་གྱི་དཔེ་རྣམས་ལ། ཨོཾ་གསུམ་ཨོཾ་བཞི་ཧཱུཾ་གཅིག་ཕཊ་གསུམ་སོགས་སྣ་ཚོགས་ཞིག་སྣང་བ། བོད་དཔེ་རིང་དུ་བརྒྱུད་པས་མ་དག་པར་མངོན། རོང་ཟོམ་འགྱུར་གྱི་དཔེ་ཁ་ཅིག་ན། ཡི་གེ་ཧཱུཾ་ཨོཾ་སུཾ་ཡིག་ཕཊ། ཅེས་འབྱུང་བའི་སུཾ་ཡིག་ནི་གནོད་མཛེས་ཀྱི་ས་བོན་དུ་བསམས་ནས་བོད་ཀྱིས་བཅོས་པར་འདུག དཔེ་དག་པ་རྣམས་ལས། ཡི་གེ་ཧཱུཾ་ཨོཾ་ཧཱུཾ་ཡིག་ཕཊ། ཅེས་འབྱུང་བ་ལྟར་ཡིན་ཏེ། སྔགས་གསུམ་གྱི་ཡི་གེ་ལས་ལྷ་ཚོགས་བསྐྱེད་དགོས་པའི་ཕྱིར། སུཾ་ཡིག་འབྱུང་བ་མི་བདེ་ལ། རྩ་སྔགས་དང་སྙིང་པོའི་ཨོཾ་གཉིས་གཅིག་ཏུ་སྡོམས། ཕཊ་གསུམ་གཅིག་ཏུ་སྡོམས། ཧཱུཾ་གསུམ་ལས་སྙིང་པོ་ཉེ་སྙིང་གི་ཧཱུཾ་གཉིས་འདིར་བཀོད་པ་ཡིན་ལ། རྩ་སྔགས་ཀྱི་ཧཱུཾ་ནི་གཙོ་བོའི་ས་བོན་ཉིད་དོ། །ས་བོན་དེ་རྣམས་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་འཇིག་


TNT06_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་ཁམས་ཐམས་ཅད་ཁྱབ། དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོའི་དབང་པོ་དང༌། རིག་པའི་ལྷ་མོ་འཁོར་དང་བཅས་པ་དཔག་ཏུ་མེད་པ་སྤྱན་དྲངས། ཡིག་འབྲུ་རྣམས་ལ་ཐིམ། དེ་རྣམས་ཡོངས་སུ་གྱུར་པ་ལས། དབུས་ཀྱི་གཙོ་བོའི་གནས་སུ། རྡོ་རྗེ་ནག་པོ་རྩེ་དགུ་པ་རྭ་གདེངས་པའོ། །རེ་མིག་བརྒྱད་ལ། ཤར་དུ་མགོ་བོ། ལྷོར་ལག་པ། ནུབ་ཏུ་རྒྱུ་མ། བྱང་དུ་རྐང་པ། ཤར་ལྷོར་ཐོད་ཁྲག །ལྷོ་ནུབ་ཏུ་ཐོད་ཚལ། ནུབ་བྱང་དུ་རོ་རས། བྱང་ཤར་དུ་སྐྱེས་བུ་གསལ་ཤིང་གིས་ཕུག་པའོ། ཤར་གྱི་ལྷ་སྣམ་ལ་གྲི་གུག་དང༌། མཚོན་རྩེ་གཅིག་པ་དང༌། གཏུན་ཤིང་དང༌། ཆུ་གྲི་དང༌། ཀ་ཎ་ཡ་དང༌། ལྕགས་ཀྱུ་དང༌། མ་ཧེ་དང༌། བ་ལང་རྣམས་སོ། །ལྷོའི་ལྷ་སྣམ་ལ་རིམ་པ་བཞིན། སྟ་རེ་དང༌། མདའ་དང༌། དབྱུག་པ་དང༌། ཁ་ཊྭཱཾ་ག་དང༌། འཁོར་ལོ་དང༌། ཞགས་པ་དང༌། ཕག་དང༌། བོང་བུའོ། །ནུབ་ཀྱི་ལྷ་སྣམ་ལ། རྡོ་རྗེ་དང༌། ཅང་ཏེའུ་དང༌། ཕུབ་དང༌། གཞུ་དང༌། དྲིལ་བུ་དང༌། རླུང་རས་དང༌། རྔ་མོང་དང༌། ཁྱིའོ། །བྱང་གི་ལྷ་སྣམ་ལ། སྡིགས་འཛུབ་དང༌། བ་དན་རྩེ་གསུམ་པ་དང༌། གླང་ལྤགས་དང༌། ཐོ་བ་དང༌། མདུང་དང་མེ་ཐབ་དང༌། ལུག་དང༌། ལྕེ་སྤྱང་རྣམས་སོ། །ཤར་སྒོར་བྱ་རྒོད། ལྷོ་སྒོར་འུག་པ། ནུབ་སྒོར་བྱ་རོག །བྱང་སྒོར་སེང་གེ ། ཤར་ལྷོར་བྱ་ཁྲ། ལྷོ་ནུབ་ཏུ་བྱ་ཆེན་པོ། ནུང་བྱང་དུ་ཁྱིམ་བྱ། བྱང་ཤར་དུ་བཞད་དཀར་རྣམས་སོ། ཁ་ཅིག་ཕྱག་མཚན་འདི་རྣམས་ལའང་ཕྱོགས་མདོག་བྱེད་པ་ནི། ས་བོན་ལ་ཕྱོགས་མདོག་བྱེད་པའི་རིགས་འགྲེར་འདུག་ཀྱང༌། བྱ་རོག་དམར་པོ་སོགས་བཞད་གད་ཀྱི་གནས་མང་པོ་འབྱུང་ངོ༌། །དེས་ན་འདི་རྣམས་རང་མདོག་ཏུ་


TNT06_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ལ། འོག་ཏུ་གཙོ་བོའི་ཞབས་འོག་གི་སྲོག་གཟུགས་འཆད་པའི་སྐབས་ན་ཕག་མེད་ཀྱང༌། རྒྱུད་ཀྱི་གཏོར་མའི་སྐབས་ན་ཡོད་ལ། ཁ་ཅིག་སེང་གེ་ནི་ཧ་རི་ཞེས་པ་ནེ་ཙོའི་སྐད་དོད། སེང་གེར་བསྒྱུར་བས་འགྱུར་ནོར་བ་ཡིན་ཟེར་མོད། ཧ་རི་ཁ་དོག་ལྗང་ཁུ་ལ་འཇུག་པ་ཡོད་ཀྱང༌། ནེ་ཙོའི་སྐད་དོད་མིན། ནེ་ཙོ་ནི། ལྷ་མོ་དཔལ་ཆེན་མོ་མཚོན་ཅིང༌། སེང་གེ་ཡང་དཔལ་ཆེན་མོའི་བཞོན་པ་ཡིན་པས་དོད་མཚུངས་པ་ལ་དགོངས་པའི་ཕྱིར་མི་འགལ་བས། འདབ་ཆགས་ཀྱི་སྡེབས་ལ་གཅན་གཟན་བྱུང་བ་མ་དག་གོ་སྙམ། བློ་བཟོའི་བཅོས་མི་བྱའོ། །ཡང༌། དེ་རྣམས་ལས་འོད་ཟེར་གྱི་ཚོགས་ཆེན་པོ་དང༌། ལྷན་ཅིག་ཏུ་རྡོ་རྗེ་ཕྲ་མོ་མང་པོ་དང༌། སངས་རྒྱས་ལ་སོགས་པའི་གཟུགས་དཔག་ཏུ་མེད་པ་སྤྲོས། སྡང་བ་དང༌། གདུག་པ་རྣམས་ཚར་བཅད། སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད། ཞིང་ཁམས་དག་པར་བྱས། ཞེས་པ་ནས། འཇིག་རྟེན་གསུམ་པོས་ལྟ་བར་ཡང་མི་བཟོད་པའི་བདག་ཉིད་དུ་གྱུར། ཅེས་པའི་བར། སྒྲུབ་ཐབས་སྙིང་པོ་བཞིན་དུ་བརྗོད་པ་ལས། ཞབས་འོག་གི་ལྷའི་སྐབས་སུ། གཞོན་ནུ་གདོང་དྲུག་དང༌། ཚོགས་ཀྱི་བདག་པོ་དང༌། ཟླ་བ་དང༌། ཉི་མ་རྣམས་ཁ་བུབ་ཏུ་བསྒྱེལ་ནས་གནོན་པ། ཞེས་ལྷ་ཆེན་བརྒྱད་དུ་བརྗོད་ན། གཞུང་ལས། གཞོན་ནུ་བི་ནཱ་ཡ་ཀ་སོགས། །ཞེས་པའི་དོན་དང་མཐུན་པར་འགྱུར་ལ། གཙོ་བོའི་གཡས་གཡོན་གྱི་ཞལ་དྲུག་ནི་འདི་ལ་ངེས་པར་འཁོར་ཞལ་ཡིན། དེ་ཡང་གཞུང་ལས། གཡས་ཀྱི་དང་པོའི་ཞལ་ནི་སྔོ། །དེའི་གཡས་དམར་གཡོན་སེར་པོ་དང༌། །ཞེས་འབྱུང་བས། ཞེ་དགུ་མའི་སྐབས་འདིར་མདུན་ནས་མུ་དེད་ཡིན་པར་གསལ་ལོ། །འདིར་དེ་ལྟར་ཡིན་ཡང་སྤྱིར་རྭ་ཞལ་དང༌། བརྩེགས་ཞལ་དང༌། འཁོར་ཞལ་ཉིད་ལ་ཡང༌། གཡས་གཡོན་གྱི་དང་པོ་ནི། གཡས་


TNT06_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གྱི་དབུས་མ་ལ་ངོས་འཛིན་པ་སོགས་ཀྱང༌། རྒྱུད་གཞུང་རྣམས་ལས་ཅི་རིགས་པ་འབྱུང་ཞིང༌། འགའ་ཞིག་མན་ངག་ཡིན་ལ། རྒྱུད་དང་ཡང་འགལ་བ་མེད་དོ། །ཕྱག་དང་པོ་གཉིས་ཀྱིས་གླང་ལྤགས་འཛིན་པ་དང༌། འོག་གིས་འཛིན་པའང་མི་འགལ་མོད། །དཀྱུས་དང་འདྲ་བར་བྱས་ཀྱང་ལེགས་སོ། །རེ་མིག་བརྒྱད་ལ་ཤར་དུ་རྡོ་རྗེ་མགོ་བོ། ལྷོར་རྡོ་རྗེ་ལག་པ་ཞེས་པ་ནས། ནུབ་བྱང་དུ་རྡོ་རྗེ་ཁྱིམ་བྱ། བྱང་ཤར་དུ་རྡོ་རྗེ་བཞད་དཀར། ཞེས་པའི་བར་དུ་ཕྱག་མཚན་དགོད་པའི་སྐབས་དང་འདྲ་བ་ལས། མིང་ཐམས་ཅད་ཀྱི་ཐོག་མར་རྡོ་རྗེ་ཞེས་པ་རེ་འཇུག་ཅིང༌། རེ་མིག་གི་གྲྭ་བཞིའི་ལྷ་ལ། ཤར་ལྷོར་རྡོ་རྗེ་ཐོད་ཁྲག་མོ་ཞེས་སོགས་ལྷ་མོའི་མཚན་འཇུག་གོ །ཡུམ་བཞི་ནི། ཁྲོ་མོ་ལྷ་ཞལ་ཅན་ཕྱག་རྒྱ་ལྔས་བརྒྱན་པ། གཞན་རྣམས་མ་ཧེའི་ཞལ་ཅན། ཕྱག་རྒྱ་དྲུག་དང་ལྡན་ཅིང༌། ལིང་ག་རྒྱས་པ། ཐམས་ཅད་ཀྱང་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་རྣམས་ཀྱིས་རང་མིང་དང་མཐུན་པའི་ཕྱག་མཚན་འཕྱར་ཞིང༌། གཡོན་པ་རྣམས་ཀྱིས་ཐོད་པ་བདུད་རྩིས་གང་བ་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པས་མི་རོའི་གདན་ལ་གནས་པ། སྤྱན་གསུམ་མཆེ་གཙིགས། དབུ་སྐྲ་ཁམས་སེར་གྱེན་དུ་བརྗེས་པ། བཅོམ་ལྡན་འདས་ཀྱི་ཞལ་རས་ལ་བལྟ་བ། ཆེས་ཆེར་འཁྲུགས་ཤིང་ཕཻཾ་ཀྱི་སྒྲ་དང་བཅས་པས་རྒྱ་ཆེར་བཞད་པ། ཐོད་སྐམ་གྱི་དབུ་རྒྱན་དང༌། མགོ་རློན་གྱི་དོ་ཤལ་དང༌། གདུག་པའི་སྦྲུལ་གྱིས་བརྒྱན་པ། བཅོམ་ལྡན་འདས་དང་དེའི་རིགས་ལས་སྐྱེས་པའི་ཚུལ་གྱིས། འབར་འཕྲེང་འཁྲུགས་པའི་དབུས་ན་བཞུགས་པའོ། །འདིར་གཞུང་ལས། བཅོམ་ལྡན་ཇི་བཞིན་ཐམས་ཅད་ཀྱང༌། །


TNT06_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འབྱུང་བའི་དོན། གོང་མ་ཕལ་ཆེར། མ་ཧེའི་ཞལ་སྟོན་བྱེད་དུ་བཞེད་པ་ལྟར། བླ་མའི་ངག་སྒྲོས་དང་མན་ངག་མི་སྤོང་བའི་ཕྱིར་འདིར་ཡང་དེ་ལྟར་བཀོད་དོ། །འོན་ཀྱང་གཞུང་ནས་འཁོར་རྣམས་ལ་མ་ཧེའི་ཞལ་སྟོན་བྱེད་གསལ་བོ་མེད་ཅིང༌། བཅོམ་ལྡན་ཇི་བཞིན་ཞེས་པ་ཡང་ཉམས་དང་ཆ་བྱད་རགས་རིམ་འདྲ་བ་ལ་དགོངས་པ་ཤས་ཆེ་བས། འཁོར་ཐམས་ཅད་ཁྲོ་ཞལ་དུ་བྱས་ཀྱང་ལེགས་སོ་སྙམ་པ་ནི། བདག་གི་རྣམ་པར་རྟོག་པའོ། །ཞེ་དགུ་མའི་ལུགས་འཛིན་པ་ཁ་ཅིག །གཞན་ཕོ་མོ་ཐམས་ཅད་མ་ཧེའི་ཞལ་དུ་བྱེད་ཅིང༌། རྒྱུད་ལས་སྒོ་མཚམས་བརྒྱད་དུ་རོ་ལངས་འབྲི་བར་བཤད་པས། བརྒྱད་པོ་ཁྲོ་ཞལ་དུ་བྱ་དགོས་ཏེ། རོ་ལངས་ལ་མ་ཧེའི་ཞལ་མི་བདེ་བས་སོ་ཟེར་བ་ནི། དོན་ཤིན་ཏུ་མ་རྟོགས་པ་སྟེ། སྤྱིར་རྒྱུད་ཀྱི་དངོས་བསྟན་ཕྱག་མཚན་གྱི་དཀྱིལ་འཁོར་དང༌། རོ་ལངས་བརྒྱད་བཀོད་པ་ཡིན་ཡང༌། ཞེ་དགུར་བྱེད་པ་ནི་ལ་ལི་ཏ་ཆུང་ངུས་བླ་མའི་མན་ངག་བཀོད་པ་ཡིན་གྱི། རྒྱུད་ཀྱི་དངོས་བསྟན་མིན་ལ། མན་ངག་འདི་ལ་བརྟེན་ནས་རྒྱུད་དོན་འཆད་པའི་ཚེ། སྒོ་མཚམས་ཀྱི་རོ་ལངས་བརྒྱད་པོ་ལྷའི་གདན་ཡིན་གྱི་ལྷ་མ་ཡིན་ནོ། །དེས་ན་འཁོར་གྱི་རོ་གདན་ཐམས་ཅད་རོ་ལངས་ཡིན་ཡང༌། ལྷ་གཞན་རྣམས་ལ་གདན་མི་འགོད་པར་ཕྱག་མཚན་འགོད། སྒོ་མཚམས་རྣམས་ལ་གདན་ལྷ་མཚན་དུ་འགོད་པ་ཡིན་པར་འཆད་དགོས་པ་མ་ཤེས་པ་དང༌། རོ་ལངས་བརྒྱད་སྐོར་གྱི་དཀྱིལ་འཁོར་འཆད་པ་ལྟར་ན། རོ་ལངས་ཀྱི་དོན་མི་རོ་ལངས་པ་ཁོ་ན་མ་ཡིན་གྱི། རོ་ལངས་ཀྱི་ལས་བྱེད་པའི་ལྷ་ལ་ཟེར་བ་ཡིན་པས། དེ་ལ་གདོང་བརྙན་བྱུང་ཡང་འགལ་བ་ཡེ་མེད་དོ། །འཁོར་རྣམས་ཀྱི་ཕྱག་མཚན་ལ་ཁ་ཅིག་ཕྱག་གཉིས་ཀས་མགོ་བོ་ལ་སོགས་པ་རེ་རེ་བསྣམས་པར་བཞེད་ན། དེ་ཡང་གཅིག་ཏུ་འགལ་བ་མེད་མོད། ཁ་ཅིག་རང་དེ་ལྟར་སྨྲ་བཞིན་དུ། གཞན་ལྷ་མཚན་ལ་འགོད་པའི་ལག་པ་དང་རྐང་པ་


TNT06_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཉིས་བྱེད་པ་ལ་དགག་པ་གཏོང་བ་ནི། རྗེ་དངོས་ཀྱི་དབང་ལས་ནང་འགལ་སྨྲ་བ་ཡིན་ལ། མཚོན་ཆ་རྣམས་ནི་སྟོང་པ་དང༌། །སྙིང་རྗེ་དག་ནི་བཅུ་དྲུག་གཉིས། །ཞེས་ཕྱག་མཚན་གྱི་དག་པ་ཐམས་ཅད་གསུངས་ཟིན་པའི་རྗེས་སུ། ལྷ་རྣམས་ཉིད་ཀྱི་རང་མིང་ནི། །དང་པོར་ཨོཾ་དང་ཧཱུཾ་ཕཊ་མཐའ། །ཐོད་པར་བཏུང་བ་དག་པའོ། །ཞེས་ལྷ་ཞེ་བརྒྱད་ཀྱི་མཚན་སྔགས་རྣམ་པར་དག་པ། ཐོད་པ་བཏུང་བ་དང་བཅས་པར་བཤད་པས་ན། ལྷ་ཐམས་ཅད་ཀྱི་ཕྱག་ཏུ་ཐོད་པ་བཏུང་བས་གང་བ་དགོས་ཏེ། གཞན་དུ་ན། མཚམས་ཀྱི་ཐོད་པ་བཞི་ལ་སྦྱོར་ན་སྔགས་ཞེ་བརྒྱད་དང་སྦྱོར་བའི་དག་སྦྱོར་དེ་ལ་འབྲེལ་ཆེན་པོ་མི་འབྱུང་བས་སོ། །དེས་ན་མཚམས་བཞིར་ཐོད་པ་བཞི་ཡང་དཀྱིལ་འཁོར་འདི་ལ་མི་དགོས་སོ། །ཕྱག་མཚན་མགོ་བོ་ནི་གཞུང་འདིར་ཡང༌། ཚངས་མགོར་བཤད་པ་ཟུར་ཙམ་ཡང་མེད་པས། ཞེ་དགུ་མའི་སྐབས་འདིར་ཡང་མི་མགོ་ཁོ་ནའོ། །འོ་ན་རྒྱུད་ལས་དཀྱིལ་འཁོར་གྱི་དབུས་སུ་མི་རོ་འབྲི་བ་དེ། ཞེ་དགུ་མའི་སྐབས་འདིར། རོ་ལངས་ཀྱི་རིག་པ་མཚུངས་པས་གདན་བཀོད་པར་བྱེད་དགོས་ན། གཙོ་བོའི་གདན་མི་རོར་འཆད་པ་མི་འགྲིག་གོ་ཞེས་དོགས་ནས། གཙོ་བོའི་གདན་ནི་བྱོལ་སོང་བཅུ་དྲུག་དང༌། ལྷ་ཆེན་བརྒྱད་སོགས་རྣམ་གྲངས་མངས་པའི་ཕྱིར། ཐམས་ཅད་དགོད་མི་ནུས་པས། དེ་དག་ཐམས་ཅད་ཀྱི་སྤྱི་གཟུགས་མི་རོའམ། ཡང་ན་ཞབས་གཡས་ཀྱི་དང་པོའི་འོག་གི་མི་གཟུགས་བཀོད་པ་ཡིན་ནོ། །ཞེས་པ་རྣམས་ཀྱང་ཞེ་དགུ་མའི་ལུགས་འདི་ལ་ངེས་པར་བྱའོ། །དེའི་རྗེས་སུ་སྐྱེ་མཆེད། སྐུ་གསུམ་ཐུགས་བྱིན་གྱིས་བརླབ་པ། སྒྲུབ་ཐབས་སྙིང་པོ་ནས་འབྱུང་བ་ལྟར་བྱས་ནའང་ལེགས་ལ། འདི་ཉིད་ཀྱི་རང་གཞུང་ལས་མི་འབྱུང་བས་མེད་ཀྱང་ཆོག་གོ །འགའ་ཞིག་སྐབས་འདིར་སེམས་དཔའ་གསུམ་བརྩེག་བྱེད་ཀྱང༌། གཞུང་ལས་ས་བོན་ཙམ་


TNT06_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་བཤད་པས་རང་ལུགས་ལ་འདི་ལྟར་བྱ་སྟེ། ལྷ་ཐམས་ཅད་ཀྱི་ཐུགས་ཀར་པདྨ་དང་ཉི་མའི་གདན། དེ་རྣམས་ཀྱི་སྟེང་དུ་གཙོ་བོའི་ཐུགས་ཀར་ཧཱུཾ། འཁོར་རྣམས་ཀྱི་ཐུགས་ཀར། ཨོཾ་ཧྲཱིཿཥྚཱིཿབི་ཀྲི་ཏཱ་ན་ན་ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཡ་མ་རཱ་ཛ་ས་ཏོ་མེ་ཡ་ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཡ་མཱན་ཏ་ཀ་ཧཱུཾ་ཨོཾ་ཧཱུཾ་ཕཊ། རྣམས་མར་མེ་ལྟར་འོད་ཟེར་དཔག་ཏུ་མེད་པ་འབར་བའོ། །ལྷ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས། བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོ་ལྷ་བཞི་བཅུ་རྩ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿ ལན་ལྔ་བཅུ་སོགས་མང་དུ་བརྗོད། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་ཐིམ་པར་གྱུར། འདིར་སྔ་ཕྱི་ཁ་ཅིག་རྡོ་རྗེ་བྱ་རྒོད་ལ་སོགས་པའི་མཚན་སྔགས་ཀྱི་དགུག་གཞུག་བྱེད་པ་ནི། ཁྱད་ཆོས་སུ་རློམ་པའི་རྟོག་བཟོ་ཐལ་ཞེས་པ་ཡིན་ལ། ཨོཾ་བཛྲ་ཨང་གུ་ཤ་ཛཿ སོགས་བྱེད་ན་ནི་མི་ལེགས་པ་མ་ཡིན་ནོ། །ཡང་གཙོ་བོའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དབང་གི་ལྷ་འཇིགས་མཛད་ཆེན་པོ་རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོའི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར། ཞེས་སྦྱར་ནས། ཨརྒྷཾ་དང་པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད། སྐྱོ་པའི་ཡིག་རྙིང་ལས་སྐབས་འདིར་ཕྱི་ནང་གསང་གསུམ་གྱི་མཆོད་པ་བྱེད་པས་


TNT06_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། མགོན་པོ་དེ་བཞིན་གཤེགས་པ་ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། སངས་རྒྱས་དག་ནི་ཐམས་ཅད་ཀྱི། །སྐྱེ་བས་ཐོབ་པའི་དབང་བསྐུར་ལྟར། །དེ་བཞིན་བདག་གིས་ལྷ་ཡི་ཆུས། །དག་པ་ལྷ་ཡི་ཆུ་དབང་བསྐུར། །ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བུམ་པའི་ཆུས་དབང་བསྐུར། སྒོ་གསུམ་གྱི་དྲི་མ་དག །ཟླ་བ་ཞུན་མ་ལྟ་བུའི་བདུད་རྩིའི་སྐུ་ལུས་ཐམས་ཅད་གང༌། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས། གཙོ་བོ་ལ་མི་བསྐྱོད་པ། ཤར་དང་མེ་མཚམས་ཀྱི་ལྷ་ལ་རྣམ་པར་སྣང་མཛད། ལྷོ་དང་བདེན་བྲལ་གྱི་ལྷ་ལ་རིན་ཆེན་འབྱུང་ལྡན། ནུབ་དང་རླུང་མཚམས་ཀྱི་ལྷ་ལ་འོད་དཔག་མེད། བྱང་དང་བྱང་ཤར་གྱི་ལྷ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན། འདིར་སྐྱོ་ལུགས་ཀྱི་མན་ངག་ལས། དབང་ལྷ་རྡོ་རྗེ་འཇིགས་བྱེད་རིགས་ལྔ་དང་བཅས་པ་ཞེས་འབྱུང་ཞིང༌། དེའི་དོན་ཡང་ཁྲོ་བོ་རིགས་ལྔ་ལ། དབུ་རྒྱན་ནམ་ཐུགས་ཀར་ཞི་བ་རིགས་ལྔ་བཞུགས་པ་ཡིན་ལ། དེ་ཐམས་ཅད་ཀྱིས་དབང་བསྐུར་བར་བཞེད་དོ། །ཕྱིས་ཀྱི་ཁ་ཅིག་གཞུང་ཞང་འགྱུར་དུ། སྔགས་པས་ཡང་ནི་གཅིག་པུ་ནི། །དབང་བསྐུར་བ་ཡང་བསྒོམ་པར་བྱ། །ཞེས་པའི་དོན་དུ་བསམས་ནས། གཙོ་བོ་གཅིག་པུ་ལ་དབང་བསྐུར་བ་དང༌། གཞན་དག་རོང་འགྱུར་ལས། སྔགས་པས་ཡང་ནི་གཅིག་ཏུ་བྱ། །ཞེས་པའི་དོན་དུ་བསམས་ནས། རྡོ་རྗེ་གསུམ་དང་ཡེ་ཤེས་པ་ལན་གཉིས་འཇུག་པར་འདོད་དེ། གཞུང་གི་དགོངས་པ་ནི། སྔགས་པས་ཡང་ནི་གཅིག་ཏུ་བྱ། །ཞེས་པ་ཡིན་ཡང༌། དེའི་སྔོན་དུ། གཞུག་དང་བཅིང་དང་མཉེས་པར་བྱ། །ཞེས་གསུངས་པའི་འཇུག་སྡོམ་ཡིན་པས་ཚིག་སྔ་མ་དང་དོན་གཅིག་པའམ། ཡང་ན་དུས་འཁོར་ལྟར། རོ་མཉམ་གྱི་དོན་ཡིན་གྱི། བསྐྱར་ནས་ཡེ་ཤེས་


TNT06_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་གཅིག་ཏུ་བྱེད་པའི་དོན་མ་ཡིན་ནོ། །ཨོཾ་བཛྲ་བྷཻ་ར་ཝ་མཎྜལ་དེ་བ་ཏ་ས་པཱ་རི་ཝཱ་ར་བྷྱཿ ཞེས་ཐོག་མར་སྦྱར་ནས། ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱཧཱ། བར་གྱིས་མཆོད། བསྟོད་པ་ནི། ཧཱུཾ། དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇིགས་པ་དག་ཀྱང་འཇིགས་པར་བྱེད། །རྐང་པའི་སྟབས་ཀྱིས་ས་གཞི་གནོན། །ལྷ་དང་ལྷ་མ་ཡིན་རྣམས་ལ། །སྡིགས་པའི་ཕྱག་རྒྱས་བསྡིགས་མཛད་པའི། །ཞལ་དགུ་པ་ལ་ཞབས་བཅུ་དྲུག །ཕྱག་རྒྱ་སུམ་ཅུ་རྩ་བཞིར་ལྡན། །ཕྱག་རྒྱ་མང་པོ་འབར་ཞིང་འཁྲུག །འཇིགས་པ་མ་ཧེའི་གདོང་པ་ཅན། །བསྐལ་པའི་མེ་དཔུང་ལྟ་བུ་ཡི། །ལྷ་མཆོག་རྣམ་པར་གཙིགས་པའི་ཞལ། །ལྗགས་འགྲིལ་མཆེ་བ་གཙིགས་པ་ཡི། །ལྷ་དང་ལྷ་མ་ཡིན་རྣམས་དང༌། །གདུག་ཅན་དགྲ་རྣམས་གསོལ་བར་མཛད། །དབུ་སྐྲ་ཁམས་ནག་གྱེན་དུ་བརྫེས། །དྲག་པོ་ཆེན་པོ་གཡོན་བརྐྱང་པའི། །སྟོབས་ཀྱིས་གནོད་ཅིང་མཚན་མ་བསྒྲེང༌། །གསུས་ཁྱིམ་ཆེ་ཞིང་ལྗགས་བསྐྱོད་པ། །མི་མགོ་ལྔ་བཅུའི་འཕྲེང་བས་བརྒྱན། །ཕྱག་རྒྱ་དྲུག་གིས་མཛེས་པར་སྤྲས། །ཐོད་སྐམ་འབར་བའི་དབུ་རྒྱན་མཐོ། །འཇིགས་བྱེད་ཆེ་ལ་ཕྱག་འཚལ་བསྟོད། །ཉིད་ཀྱི་སྐུ་གསུང་ཐུགས་ལས་སྤྲུལ། །འཇིགས་བྱེད་ཁྲོ་བོའི་ཚོགས་རྣམས་དང༌། ཁྲོ་མོ་རྣམས་དང་དུར་ཁྲོད་གནས། །བསྲུང་མ་དམ་ཅན་ཚོགས་ལའང་བསྟོད། །ཅེས་པས་བསྟོད། དེ་དག་ནི་ལུགས་འདིའི་སྲོལ་འཛིན་རྙིང་པ་རྣམས་ཀྱི་ལག་ལེན་ལྟར་ཡིན་ཞིང༌། རྒྱས་པར་ན་རྟགས་བསྟོད་ལ་སོགས་པ་བྱའོ། །སྒྲུབ་ཐབས་འདི་དགྲ་ནག་གདོང་དྲུག་གཤེད་དམར་རྣམས་ཀྱིས་ཁ་འགེངས་མི་མཛད་པའི་ལུགས་སུ་


TNT06_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པས་བསྟོད་པ་འདི་ཉིད་འོས་མོད། བོད་ལ་སྒྲུབ་ཐབས་རྙིང་པར་བཤད་པ་ལྟར་གྱི་མཆོད་བསྟོད་སྣ་ཚོགས་པ་དག་ཀྱང་འགལ་བ་མེད་དོ། །དེ་རྗེས་དག་པ་དྲན་པ་ནི། དམ་པའི་དོན་དུ་རྣམ་དག་པ། །དུས་ནི་དཔའ་བོ་ཆེན་པོའི་གཟུགས། །ཞལ་བརྒྱད་ཐུན་ཚོད་བརྒྱད་ཡིན་ཏེ། །ཞལ་དགུ་ཐུན་ཚོད་སྤྱི་ཡིན་ནོ། །ཕྱག་དང་རྭ་གཉིས་ཟླ་བ་དང༌། །ཟླ་བ་ཕྱེད་པ་ཡང་དག་སྦྱོར། །བཞོན་པ་བཅུ་དྲུག་དུས་དང་ནི། །ཟླ་བ་ཡི་ནི་ཞག་ཏུ་ཤེས། །ཞལ་ནི་གཟའ་དགུ་དག་ཏུ་ཤེས། །སྤྱན་ནི་རྒྱུ་སྐར་དག་དང་སྦྱར། །ཞབས་ནི་འཕོ་བ་བཅུ་གཉིས་དང༌། །དུས་བཞི་ཡང་ནི་དེ་བཞིན་ནོ། །མཚོན་ཆ་རྣམས་ནི་སྟོང་པ་དང༌། །སྙིང་རྗེ་དག་ནི་བཅུ་དྲུག་གཉིས། །གླང་ཆེན་ལྤགས་པ་བགེགས་ཆེན་ཏེ། །དྲག་པོའི་གཟུགས་ནི་སྡུག་བསྔལ་ཆེ། །སེལ་བར་བྱེད་པའི་གཙོ་བོའོ། །ཁ་དོག་ནག་པོ་བྱམས་པ་ཆེ། །ཐོད་པའི་རྒྱན་ནི་མི་འགྱུར་བའོ། །དཀྱིལ་འཁོར་ལྷ་ནི་ཐམས་ཅད་དག །རང་བཞིན་འབྱུང་བའི་དུས་དག གོ །དུས་གསུམ་དག་པས་སྐུ་གསུམ་མོ། །ལྷ་རྣམས་ཉིད་ཀྱི་རང་མིང་ནི། །དང་པོར་ཨོཾ་དང་ཧཱུཾ་ཕཊ་མཐའ། །ཐོད་པར་བཏུང་བ་དག་པའོ། །དཀྱིལ་འཁོར་བྱང་ཆུབ་ཕྱོགས་ཡིན་ནོ། །བཞོན་པ་ས་རི་སནྟ་ཀ ། མདོག་སོགས་དེ་བཞིན་གཤེགས་པ་སྟེ། །དག་པ་ཐམས་ཅད་ཤེས་པའོ། །ཞེས་བརྗོད་ཅིང་དོན་བསམ། དག་དྲན་འདི་གཞུང་གི་དངོས་བསྟན་ལ། ཐུན་མཚམས་ཀྱི་སྤྱོད་པའི་ཡང་འཇུག་ན་ཡོད་མོད་ཀྱི། དེ་ནི་བཤད་པའི་གོ་རིམ་ཙམ་ལས། སྐབས་དེར་བསྒོམ་དགོས་པའི་དོན་མིན་ལ། དེས་ནི་འདི་བཟླས་པའི་ཐོག་མཐའ་གང་རུང་དུ་བྱའོ། །དེ་ནས་བཟླས་པ་ནི། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ།


TNT06_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་ནི་རྩ་བའི་སྔགས་སོ། །ཨོཾ་ཧྲཱྀཿཥྚཱིཿབི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ལས་སྔགས་སམ་ཉེ་བའི་སྙིང་པོའོ། །ཨོཾ་ཡ་མཱན་ཏ་ཀ་ཧཱུཾ་ཕཊ། སྙིང་པོའོ། །འཁོར་གྱི་སྔགས་ལ། ཨོཾ་བཛྲ་ཤི་རཿཧཱུཾ་ཕཊ། ཨོཾ་བཛྲ་ཧསྟ་ཧཱུཾ་ཕཊ། ཨོཾ་བཛྲ་ཨནྡྲ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ད་ཧཱུཾ་ཕཊ། ཚུལ་དེས་འགོར་ཨོཾ་བཛྲ་དང༌། མཇུག་ཏུ་ཧཱུཾ་ཕཊ་སྦྱར་ཏེ། ཀ་པཱ་ལ། ཙཱ་ཤ་ཀ ། ཤྨ་ཤཱ་ན་ཀརྤ་ཊ། ཤུ་ལ་བྷིན་ད་པུ་རུ་ཥ། ཀརྟ་རི་བྷིན་དི་པཱ་ལ། མུ་ཥ་ལ། ཚུ་རི་ཀ ། ཀ་ཎ་ཡ། ཨང་གུ་ཤ ། མ་ཧི་ཥ། སྲྀ་གཱ་ལ། ཀུ་ཋཱ་ར། ཤ་ར། ག་ད། ཁ་ཊྭཱཾ་ག །ཙཀྲ། བ་ཤ ། བཱ་རཱ་ཧ། གརྡ་བྷ། ཡང་ཨོཾ་བཛྲ་བཛྲ་ཧཱུཾ་ཕཊ། དེ་བཞིན་དུ། ཌ་མ་རུ་ཀ ། ཕལྐ། དྷ་ནུ། གྷཎྜ། བ་ཏ་པཊྚ། ཨུཥྛ། ཤྭ་ན། ཏརྫ་ནི། ཏྲི་བ་ཏཱ་ཀཾ༴ ག་ཛ་ཙརྨ། མུད་ག་ར། ཀུནྟ། ཨགྣི་ཀུཎྜ། མ་ཥ། ཛམྦུ་ཀ ། གྲྀ་དྷཱ། ཨུ་ལུ་ཀ ། ཀཱ་ཀ ། ཧ་རི། མནྟི། སེ་ན། ཤ་ཀུ་ནི། ཨོཾ་བཛྲ་སཱ་ར་ས་ཧཱུཾ་ཕཊ། ཅེས་པ་ནི་འཁོར་གྱི་སྔགས་སོ། །ཡང་འདི་དག་ལ། ཨོཾ་ཨོཾ་བཛྲ་ཤི་ར་ཧཱུཾ་ཕཊ། ཨོཾ་ཧྲཱིཿབཛྲ་ཧསྟ་ཧཱུཾ་ཕཊ། ཅེས་སོགས་དང༌། ཨོཾ་ཡ་བཛྲ་ཀརྟ་རི་ཧཱུཾ་ཕཊ། ཨོཾ་ཀྵེ་བཛྲ་བི་དེ་པཱ་ལ་ཧཱུཾ་ཕཊ། ཅེས་སོགས་དང༌། ཨོཾ་ཡ་བཛྲ་གྲྀ་དྷ་ཧཱུཾ་ཕཊ། ཨོཾ་མཱན་བཛྲ་ཨུ་ལུ་ཀ་ཧཱུཾ་ཕཊ། ཅེས་སོགས་དང༌། ཀུན་གྱི་མཐར། ཨོཾ་ཕཊ་བཛྲ་སཱ་ར་ས་ཧཱུཾ་ཕཊ། ཀྱི་བར་དུ། ས་བོན་དང་སྤེལ་ནས་བཟླ་བ་ཞང་ལུགས་ཀྱི་མན་ངག་ཏུ་འཆད་དེ། ནག་པོ་ཞང་ལུགས་དང་མཐུན་ཅིང༌། འཁོར་གྱི་སྔགས་ལ་རྩ་འདོན་བྱེད་ཕྱིན་ཆད། ཤིན་ཏུ་བཟང་བར་ཡང་མངོན་ནོ། །གཞུང་ལས། མཆོད་པ་སྣ་ཚོགས་མཆོད་པར་བྱ། །


TNT06_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་དང༌། ཤ་རྣམས་ཐམས་ཅད་བཟའ་བ་ན། །ཞེས་སོགས་འབྱུང་བ་ནི། སྒྲུབ་པའི་དཀྱིལ་འཁོར་ལ་མཆོད་པའི་དབང་དུ་བྱས་པ་ཡིན་གྱི། བདག་བསྐྱེད་ཀྱི་མཆོད་པ་ཁོ་ན་སྟོན་བྱེད་མ་ཡིན་མོད་ཀྱང་རིག་པ་མཚུངས་པའི་ཕྱིར། བཟླས་པའི་ཐ་མར་ཡང༌། གོང་བཞིན་མཆོད་པ་དང༌། འདུད་ཉི་ཤུའི་བསྟོད་པ་དང༌། བདུད་རྩི་མྱང་བ་སོགས་བྱས་པའི་མཐར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཞེས་པ་ནས། དགེ་བ་བསྔོ་བའི་བར། གཤེད་དམར་གྱི་སྐབས་དང་ཚིག་དོན་འདྲ་བ་ལས། རང་རིག་མ་ཞེས་པ་མི་དགོས་སོ། །སྤྱིར་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མ་སོགས། འཁོར་ཚོགས་མངལ་འབྱིན་གྱི་ཆོ་ག་ཡོད་པའི་ལུགས་རྣམས་ལ། རྟག་ཏུ་འཁྱུད་པའི་ཡུམ་བསྒོམ་པ་འོས་ཤིང་ལེགས་པ་ཡིན་ཡང༌། ཞེ་དགུ་མ་དང་རོ་ལངས་བརྒྱད་བསྐོར་སོགས་ལ། གསང་བའི་མཆོད་པའི་སྐབས་ལྟ་བུ་དམིགས་པ་ཡུད་རེ་བསྒོམ་པ་ལ་འཁྱུད་ཡུམ་དགོས་པའི་སྐབས་ཡོད་ཀྱང༌། དང་པོ་སྐྱེད་ཆོག་གི་སྐབས་ནས། རྟག་ཏུ་འཁྱུད་ཡུམ་བསྒོམ་པ་ནི་མི་རིགས་ཏེ། རང་རང་གི་གཞུང་དང་འགལ་བའི་ཕྱིར་རོ། གཏོར་མ་འབུལ་བར་འདོད་ན། ཡི་གེ་བཅུ་པ་དང༌། ཨ་མྲྀ་ཏས་བསངས། ས་བྷཱ་ཝའམ། ཨ་ཀཱ་རོས་སྟོང་པར་སྦྱངས། སྟོང་པའི་ངང་ལས་མི་མགོའི་སྐྱེད་པུ་གསུམ་གྱི་དབུས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཨ་ལས་ཐོད་པ་དུམ་བུ་གཅིག་པ། ཕྱི་དཀར་ལ་ནང་དམར། དེའི་སྟེང་དུ་ཨ་ལས་པདྨ་དང་ཟླ་བའི་གདན་དབུས་སུ་ན་ལས་མིའི་ཤ་དང་མུ་ལས་བྱུང་བའི་དྲི་ཆུ་བརྩེགས་པ། ཤར་དུ་གོ་ལས་བ་ལང་གི་ཤ ། ལྷོར་ཀུ་ལས་


TNT06_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིའི་ཤ ། ནུབ་ཏུ་ད་ལས་རྟའི་ཤ ། བྱང་དུ་ཧ་ལས་གླང་བོ་ཆེའི་ཤ ། ཤར་ལྷོར་བྷྲུཾ་ལས་དྲི་ཆེན། ལྷོ་ནུབ་ཏུ་ཨཾ་ལས་རཀྟ། ནུབ་བྱང་དུ་ཛྲིཾ་ལས་བྱང་སེམས། བྱང་ཤར་དུ་ཁཾ་ལས་ཀླད་པ་རྣམས་སུ་གྱུར། རླུང་གཡོས་མེ་སྦར་ཤ་ལྔ་བདུད་རྩི་ཞུ་ཞིང་ཁོལ། རཾ་ཡིག་དམར་པོའི་འོད་ཀྱིས་ཁ་དོག་དང་དྲི་རོ་ངན་པ་ཐམས་ཅད་བསྲེགས་ཤིང་སྦྱངས། ཨ་ཡིག་དཀར་པོའི་འོད་ཀྱིས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། དེའི་སྟེང་གི་ནམ་མཁའ་ལ་ཨོཾ་ཨཱཿཧཱུཾ། དེ་རྣམས་ལས་འོད་འཕྲོས། སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་སྤྲོས་ཤིང་བསྡུས་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་ཐིམ་པ་དང༌། འདོད་ཡོན་དཔག་ཏུ་མེད་པའི་ཆར་ཕབ་པར་གྱུར། ཨོཾ་ཨཱཿཧཱུཾ། དེ་རྗེས་རྒྱས་པ་ལ་མོས་ན། མདུན་དུ་དཀྱིལ་འཁོར་བསྐྱེད་དེ་གཙོ་བོ་ཆོ་ག་གསུམ་བསྐྱེད་དང༌། གཞན་རྣམས་ས་བོན་ཙམ་ལས་བསྐྱེད་དོ། །དེ་རྗེས་ཡེ་ཤེས་སྤྱན་འདྲེན་དང་དབང་བསྐུར་རྒྱས་བཏབ་བྱས་ནས། མཆོད་བསྟོད་ཅུང་ཟད་རྒྱས་པ་སྔོན་དུ་འགྲོ་བས་གཏོར་མ་འབུལ། མདོར་བསྡུས་པ་ལ་དགའ་ན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བསྟོད་པ་གང་རུང་གིས་བསྟོད། ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཧྲཱིཿཥྚཱིཿབི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཤྲཱི་བཛྲ་བྷེ་ར་ཝ། ཨ་ཏི་པ་ཏི། ཨི་མཾ་བ་ལིང༌། ཁ་ཁ། ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ་སྭཱཧཱ། ལན་བདུན་ལ་སོགས་པས་གཙོ་བོ་ལ་ཕུལ། སྔགས་གསུམ་གྱི་མཐར། ཨི་མཾ་བ་ལིང༌། སོགས་བཏག་པས་འཁོར་ཚོགས་རྣམས་


TNT06_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕུལ། ཨརྒྷཾ་ལ་སོགས་པས་མཆོད་ཅིང་འདུད་བསྟོད་བྱ། ལ་ལི་ཏིའི་གཏོར་ཆོག་ཆུང་ངུ་ནི་ཞེ་དགུའི་སྒྲུབ་ཐབས་ཀྱི་ཆ་ལག་ཡིན་པས་འདིར་སྦྱོར་དགོས་སོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ས་འོག་ས་སྟེང༌། ས་བླ་ན་གནས་པ་དང༌། སྐུ་གསུང་ཐུགས་ཀྱི་ལས་བྱེད་རྣམས་དང༌། འཕྲིན་ལས་རྣམ་པ་བཞི་ལ་དབང་འབྱོར་བའི་ཕྱིར། ཕྱོགས་བཞིར་རྒྱུ་བའི་དམ་ཅན་རྣམས་དང༌། ཕྱོགས་སྐྱོང་བ་བཅུ། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་སོགས་ཀྱིས་མཆོད། ཡི་གེ་བཅུ་པའི་མཐར། ས་མ་ཡ་སྟྭཾ། གྱིས་དམ་ལ་བཞག ཨོཾ་བྷཱུ་ཙ་རཱ་ནཱཾ། ཡ་པཱ་ཏཱ་ལ་ཙ་རཱ་ཡ། མཱན་ཁེ་ཙ་རཱ་ཎཱ། ཏ་པུརྦ་དི་གཱ་ནཱཾ། ཀ་དཀྵི་ཎ་དཱི་གཱ་ཡ། ཧཱུཾ་པཉྩི་མ་དཱི་གཱ་ནཱཾ་ཕཊ་ཨུད་ཏ་ར་དི་བཱ་ཡ། ཨོཾ་ཨི་ཧྲཱིཿཡ་ཥྟཱི་བ། བི་ཀྵ་ཀྲི་ཀ་ཏཱ་ཡེ་ན་ཨ་ན་དེ་ཧཱུཾ་བྷྱཿཕཊ་སརྦ་བྷཱུ་ཏེ་བྷྱཿ ཨི་མཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ་སྭཱཧཱ། ལན་གསུམ་མམ་བདུན་གྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། བདུད་བཞི་པོ་ནི་རྣམ་པར་འཇོམས། །སོགས་ལ། དམ་ཅན་བསྲུང་མའི་ཚོགས་ལ་བསྟོད། །ཅེས་འདོན་པ་སྤོ། རྡོ་རྗེ་འཇིགས་མཛད་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཀུན་འགྲུབ་ཤོག །གཞན་ཡང་ཞུ་ཞིང་གསོལ་བ་ནི། །བླ་མ་སྨོད་པར་བྱེད་པ་དང༌། །དཀོན་མཆོག་གསུམ་ལ་གནོད་པ་དང༌། །བསྟན་པ་འཇིག་པར་བྱེད་པ་དང༌། །སེམས་ཅན་ཡོངས་ལ་འཚེ་བ་དང༌། །སྔགས་རྒྱུད་སྨོད་པར་བྱེད་པའི་མི། །འདི་རྣམས་ཁྱོད་ཀྱིས་སྒྲོལ་བ་དང༌། །བདག་ཅག་རྣམས་ལ་བརྩེ་བར་མཛོད། །ཅེས་ལས་གཞོལ། རྗེས་དངོས་གྲུབ་བླང་བ་དང༌། ཡིག་བརྒྱ། བཟོད་


TNT06_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། གཤེགས་གསོལ། སྨོན་ལམ་བཀྲ་ཤིས་རྣམས་སྤྱི་དང་འདྲའོ། །སྒྲུབ་ཐབས་འདིའི་སྦྱང་བྱ་སྦྱོང་བྱེད་ལ་བསྲུང་འཁོར་དང་གཞལ་ཡས་ཁང་གི་དག་སྦྱོར་ནི། རྒྱུད་སྡེ་སྤྱི་དང་མཚུངས་ཤིང༌། ཞི་བའི་ས་བོན་བཞི་བཅུ་ཞེ་དགུ་བསྒོམ་པ་ནས་བརྩམས་ཏེ། ལྷ་མང་ཉུང་གི་ཁྱད་པར་ཙམ་མ་གཏོགས། དག་སྦྱོར་ཐམས་ཅད་དཔའ་རྐྱང་གི་སྒྲུབ་ཐབས་ཀྱིས་རིགས་འགྲེ་ལ། ལྷ་རྣམས་ཀྱི་དག་པ་ནི། རེ་མིག་གི་ལྷ་དགུ་ཕུང་ལྔ་འབྱུང་བཞི་དག་ཅིང༌། ཡེ་ཤེས་ལྔ་དང་ཚད་མེད་བཞིའི་ངོ་བོ་ཡིན་ལ། སྣམ་བུའི་ལྷ་རྣམས་ཕྱི་ནང་གི་ཆོས་དང་འཕོ་བ་དག་ཅིང༌། བདེ་སྟོང་སོ་གཉིས་དང༌། མཚན་སོ་གཉིས་ཀྱི་ངོ་བོ་ཡིན་ལ། སྒོ་མཚམས་བརྒྱད་པོ་རྣམས། རྣམ་ཤེས་བརྒྱད་དག་ཅིང༌། དབང་ཕྱུག་བརྒྱད་ཀྱི་ངོ་བོའོ། །དངོས་སྒྲུབ་ཐབས་ལུགས་འདི་རྒྱུད་རྐྱང་མན་ངག་གི་ལུགས་མིན། སྒྲུབ་ཐབས་རྒྱ་གཞུང་ཁོ་ན་གཙོ་བོར་བྱེད་པ་ཡིན་ཡང༌། འགྱུར་བྱེད་བོད་ཀྱི་སྲོལ་ཀའི་དབང་དུ་བྱས་ན། འཇིགས་མཛད་ཞང་ལུགས་ཀྱི་ཐ་སྙད་ཀྱང་ཆོས་འདི་ལ་འཇུག་པར་འགྱུར་ཞིང༌། སྐྱོ་པའི་རྗེས་འབྲང་ཕྱི་མ་རྣམས། བོད་ཀྱི་བརྒྱུད་པ་གཞན་ལ་མ་ལྟོས་པ་ལེགས་སྙམ་ནས། ཨ་མོ་གྷ་ལ་བརྒྱུད་པ་འདེད་ཀྱང༌། ཆོས་འདི་ནི་སྐྱོས་ཨ་མོ་གྷ་ལ་མ་གསན་ཞང་ལ་གསན་པ་ཡིན་པས། སྐྱོ་ལུགས་ཞང་ལུགས་ཞེས་སོ་སོར་མེད་དོ། །དེས་ན་འདིའི་དབང་ཆོག་ལ། སྐྱོ་ལུགས་ལྷ་དགུའི་དབང་ཆོག་སྦྱོར་བ་མི་ལེགས་ཏེ། བརྒྱུད་པ་སོ་སོའི་ལག་ལེན་བཞིན་བྱེད་ཕྱིན། དགྲ་ནག་ཞང་ལུགས་ལ་འདོན་པ་སྤོང་བ་ཉིད་མཆོག་ཏུ་བཟང་ངོ༌།། །།༈ ད་ནི་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོ་ཁྲོ་མོ་བརྒྱད་སྐོར་གྱི་སྒྲུབ་ཐབས་བཤད་པར་བྱའོ། །འདི་ལ་གནོད་སྦྱིན་མོ་བརྒྱད་སྐོར་དང༌། གཤིན་རྗེ་མོ་བརྒྱད་སྐོར་དང༌། སྐྱོ་ལུགས་ལྷ་དགུ་ཞེས་ཀྱང་


TNT06_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ཏེ། དོན་དུ་མཐུན་རུང་གི་མིང་ཡིན་ལ། ངོར་པ་རྣམས་ན་རེ། འདི་ལ་ལྷ་བཅུ་བདུན་མ་ཞེས་བྱ། རྡོ་རྗེ་འཇིགས་བྱེད་ཀྱི་སྲོལ་འཛིན་བོད་དུ་བྱུང་བ་ལ་བཟང་ཤོས་མཐར་ཐུག་ནི་མལ་ལུགས་ཡིན་པས་དེ་ལ་འགྲན་ཟླ་མེད། དེ་འོག་ན་སྐྱོ་ལུགས་ཁོ་ན་ངོ་མཚར་ཆེ། སྐྱོ་ནི་རྡོ་རྗེ་འཇིགས་བྱེད་ཀྱི་བསྟན་པའི་མངའ་བདག་ཡིན། སྐྱོའི་སློབ་བརྒྱུད་གཉན་རིན་ཆེན་བརྟན་པའི་ཊཱི་ཀ་ཡང་བཤད་སྒྲོས་ཤིན་ཏུ་བཟང༌། རྭ་ལོ་ནི་མཐུ་ཆེ་ཡང་རྒྱུད་དོན་འཆད་མི་ཤེས་སོ་ཞེས་སྒྲོག་ཅིང༌། ཁོང་པ་རང་ཚོ་ཤིན་ཏུ་བསྔགས་བརྗོད་ཆེ་བའི་སྐྱོ་ལུགས་དེ་ཇི་ལྟར་ཡིན་འཆད་པ་ན། འདི་སྐད་ཅེས། སྐྱོ་ལུགས་པ་རྣམས་ནི། སྒྲུབ་ཐབས་རྡོ་རྗེ་སེམས་དཔའ་བསྡུས་པ་ཞེས་བྱ་བ་འཇིགས་བྱེད་བཅུ་བདུན་མའི་སྒྲུབ་ཐབས་ཨ་མོ་གྷ་བཛྲ་ཀྱིས་མཛད་པ་འདི་དང༌། རྟོག་གསུམ་གྱི་ལས་ཚོགས་ཁོ་ན་གཙོ་བོར་བྱེད། ཡང་ཞེ་དགུ་མའང་རྩལ་འཐོན་ལག་ལེན་བྱེད་ཅེས་སྨྲའོ། །འདི་ནི་ཆ་མེད་ཀྱི་རྒྱུས་གཏམ་ཁོ་ན་སྟེ། སྔོན་གྱི་ངོར་བ་དེ་དག་ཀྱང་སྐྱོ་ལུགས་ཀྱི་གཞུང་མན་ངག་ཀྱང་ཕྱག་ལེན་རྣམས་ཤེས་པའི་ཕྱོགས་སུ་ལྟ་ག་ལ་ཕྱིན། ཆོས་སྐོར་ཇི་ཙམ་ཡོད་དང༌། ཉམས་ལེན་གྱི་མཐིལ་གང་ཡིན་ཙམ་ཡང་ངོ་མ་ཤེས་པའི་ཧམ་གཏམ་ཤུགས་བསྐྱེད་དེ། མཐའ་འཁོབ་ཀྱི་བླུན་པོ་རྣམས་དང༌། མཚན་ཉིད་པ་ཕྱོགས་ཞེན་ཅན་རྣམས་མགོ་བསྐོར་བ་ལ་ཞུགས་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་འདི་ལྟ་སྟེ། སེམས་དཔའ་བསྡུས་པའི་སྒྲུབ་ཐབས་འདི་ལ། ཚིག་སྣ་རིང་ཐུང་མི་འདྲ་བའི་རྒྱས་བསྡུས་གཉིས་ཡོད་ཅིང༌། དཔེ་ལ་ལ་ན་མཛད་པ་པོ་དོན་ཡོད་རྡོ་རྗེས་བསྒྱུར་རོ་བྱ་བ་འདུག་ཀྱང༌། དཔེ་རྙིང་ལ་ལ་ན་འཇམ་དཔལ་ཡེ་ཤེས་ཀྱིས་མཛད་ཅེས་པའང་ཡོད། དོན་ཡོད་རྡོ་རྗེས་བསྒྱུར་བྱ་བ་དང༌། རོང་ཟོམ་གྱིས་བསྒྱུར་བྱ་བ་ཡང་ཡོད། སྒྲུབ་ཐབས་


TNT06_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་རྒྱ་གཞུང་རྩོད་མེད་དུ་བྱེད་ཀྱང་རྒྱུད་གཞན་ལ་བརྟེན་པའམ་བླ་མའི་མན་ངག་ཙམ་ཡིན་གྱི། རྟོག་བདུན་ལ་གཙོ་བོར་བརྟེན་པ་མིན་ལ། འདི་ལ་ཁྱེད་རྣམས་ཀྱིས་བཅུ་བདུན་མའི་ཐ་སྙད་སྦྱར་འདུག་པའི་ཐ་སྙད་རང་ཡང་དོན་དང་མི་མཐུན་པས་མི་འཐད་དེ། དཀྱིལ་འཁོར་ལ་ལྷ་དགུ་ལས་མེད་པའི་ཕྱིར་རོ། །སྲུང་འཁོར་ལ་གཤིན་རྗེ་ཕོ་བརྒྱད་ཡོད་པས་སོ་སྙམ་ན། འོ་ན་ཁྱེད་རང་རྣམས་ཀྱི་ལུགས་ལ་ཡང༌། ཀྱཻ་རྡོར་གྱི་མངོན་རྟོགས་བསྒོམ་པའི་ཚེ། སྲུང་འཁོར་གྱི་གཙུག་གཏོར་འཁོར་ལོས་བསྒྱུར་བའི་ལྟོ་བ་ཡངས་པའི་ནང་དུ། དཀྱིལ་འཁོར་བསྒོམ་པ་ན། ཀྱཻ་རྡོར་ལྷ་ཉི་ཤུ་མ་དང༌། འཁོར་བསྒྱུར་ཞུ་ཞིང་སྦྱངས་པའི་ཤུལ་དུ་བསྒོམ་ན། ཀྱཻ་རྡོར་ལྷ་བཅུ་དགུ་མར་འགྱུར་བའི་ཕྱིར་རོ། །སེམས་དཔའ་བསྡུས་པ་འདི་ཨ་མོ་གྷས་མཛད་པར་ཡང་མ་ངེས་ལ། མཛད་ཀྱང་ཆེ་ཆུང་སུ་ཡིན་ཆ་མེད་པས། ངེས་པ་མེད་བཞིན་དུ་དེ་རྒྱུ་མཚན་དུ་འགོད་པ་དང༌། དེ་ལ་ཐག་ཆོད་བྱེད་པ་ཡང་བླུན་རྟགས་ཡིན་ནོ། །སྐྱོན་ཆེན་པོ་ནི་རྟོག་པ་བདུན་པའི་དགོངས་དོན་སྐྱོང་མཁན་མཆོག་ཅིག་དོན་ལའང་ཡིན་ཞིང༌། ཁྱེད་རང་ཡང་དེ་ལྟར་ཁས་ལེན་ན་རྟོག་བདུན་གྱི་བསྟན་པ་འཛིན་མཁན་གྲག་ཤོས་རང་དེ་ཉམས་ལེན་གྱི་མཐིལ་རྟོག་བདུན་གྱི་ལུགས་ལ་མི་བྱེད་པ་ཤིན་ཏུ་མི་རུང་བའི་ཕྱིར། སྐྱོ་པའི་ཉམས་ལེན་གྱི་མཐིལ་སེམས་དཔའ་བསྡུས་པ་ག་ལ་ཡིན། སྐྱོ་ལུགས་ཀྱི་སྒྲུབ་ཐབས་རྙིང་པ་དང༌། སེམས་དཔའ་བསྡུས་པ་སྡུར་ལ་ལྟོས་ཤིག ཡང་སེམས་དཔའ་བསྡུས་པ་དང་རྟོག་བདུན་ཇི་ལྟར་མི་མཐུན་སྙམ་ན། རྟོག་བདུན་ལས་ནི་སྐྱེད་ཆོག་འཇམ་དཔལ་དང༌། ཉི་མ་དང༌། ས་བོན་དང༌། ཕྱག་མཚན་གྱི་རིམ་པས་བསྐྱེད་པར་གསུངས་ལ། སེམས་དཔའ་བསྡུས་པ་ལས་ནི། བདེ་མཆོག་དྲིལ་བུ་ལྷ་ལྔ་དང༌། མཻ་ཏྲི་བཅུ་གསུམ་མ་ལྟར་གཞལ་ཡས་ཁང་སྐྱེད་ཟིན་པའི་རྗེས་སུ། ཨཱ་ལི་ཀཱ་ལི་ལ་ལྟོས་པའི་


TNT06_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟླ་ས་བོན་གཅིག་འདྲེས་ཀྱི་རིམ་པ་མངོན་བྱང་ལྔ་ཡོངས་གྲགས་འདི་ལས། གཙོ་འཁོར་ཐམས་ཅད་དུས་གཅིག་ཏུ་སྐྱེད་པར་མཛད་པས་ན་དེ་གཉིས་ཤིན་ཏུ་མི་འདྲ་བས་སོ། ཁྱེད་རྣམས་རྭ་ལུགས་ལ་རྟོག་གསུམ་མི་འདོད་ཅེས་ཟེར་བ་ནི། ཁྱེད་རང་རྣམས་ཀྱང་དཔྱད་པ་མ་ཞུགས་པར་རྭ་ལོའི་གསུང་དུ་ཁས་ལེན་ཐག་ཆོད་བྱེད་པའི་རྭ་པོད་ཀྱི་ཀར་ཆག་ཙམ་ཡང་རྫོགས་པར་མ་མཐོང་བའམ། མཐོང་ཡང་གཞིག་པ་མ་ཆུག་པར་ཟད་ལ། སྐྱོ་པ་རྣམས་ལས་ཚོགས་རྟོག་གསུམ་ཁོ་ན་ལ་གཙོ་བོར་མཛད་པའི་རྒྱུ་མཚན་ཡང་མེད་དེ། རྟོག་བདུན་གྱི་འཁྲུལ་འཁོར་ཉིད་རྩལ་དུ་འདོན་པའི་ཕྱིར་དང༌། འཁྲུལ་འཁོར་དེ་ཡང་རྟོག་བདུན་གྱི་ལུགས་རྭ་ལུགས་དང་ཕལ་ཆེར་མཐུན་གྱི་རྟོག་གསུམ་གྱི་ལུགས་མ་ཡིན་པའི་ཕྱིར་རོ། །དེ་ན་སྐྱོ་འོད་འབྱུང་ནི། བོད་དུ་བྱོན་པའི་ཨ་མོ་གྷ་བཛྲ་ཆུང་བ་དེ་ལ་གསན་པའི་རྒྱུད་ཀྱང་མན་ངག་གི་ལུགས་ཉིད་ཉམས་ལེན་དང་ཕྱག་ལེན་གྱི་མཐིལ་དུ་མཛད་པ་ཡིན་ཞིང༌། ཕྱིས་ཞེ་དགུ་མ་སོགས་ཞལ་ལུགས་ཀྱི་ནག་པོ་སྐོར་གསུམ་དང༌། རོང་ཟོམ་ལུགས་ཀྱི་རྟོགས་གསུམ་དང༌། སེམས་དཔའ་བསྡུས་པ་སོགས་ཀྱང༌། རྒྱབ་བརྟེན་གྱི་ཚུལ་དུ་བོད་ཀྱི་བླ་མ་རྣམས་ལ་གསན་ནས་ཉན་བཤད་ཅི་རིགས་ལ་མཛད་པར་ནི་སྣང་མོད། ཞེ་དགུ་གཙོ་བོར་རྩལ་དུ་འདོན་པ་ནི་མིན་ནོ། །ཉམས་ལེན་གྱི་མཐིལ་རྒྱུད་རྐྱང་གི་མན་ངག་དེ་ཡང༌། ཕལ་ཆེར་ཞི་བ་ཡེ་ཤེས་ཀྱི་གཞུང་དང་མཐུན་ལ། འཁོར་ཁྲོ་མོ་བརྒྱད་པོ་ཁོ་ན་སེམས་དཔའ་བསྡུས་པ་དང་མཐུན་གྱི། གཞན་མ་ཡིན་ནོ། །ལུགས་འདིའི་མངོན་རྟོགས་དཀྱུས་ཀྱི་ཉམས་ལེན་སྐབས་སྲུང་འཁོར་ལ་གཤིན་རྗེ་ཕོ་བརྒྱད་ཀྱང་མེད་དེ། ཁྱེད་དག་གི་ནི་སྐྱོ་ལུགས་ཀྱི་ཡིག་སྣ་རྙིང་པ་རྣམས་མ་མཐོང་བར་མ་ཟད། ཤིན་ཏུ་གྲགས་ཆེ་བ་འཛིམས་པས་བྱས་པའི་སྒྲུབ་ཐབས་ཙམ་ཡང་མ་མཐོང་ཞིང༌། གཞན་ལ་རྒྱུན་དུ་ངོམ་ངོམ་འཕྱར་འཕྱར་བའི་གཉན་ཊཱིཀ་


TNT06_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་མ་ལྟས་པར་ཟད་དོ། །འོན་ཀྱང་སྐྱོ་བ་རྣམས་གཞལ་ཡས་ཁང་གི་ནང་དུ་མ་མོ་བརྒྱད། དུར་ཁྲོད་དུ་གཤིན་རྗེ་ཕོ་བརྒྱད་བསྒོམ་པས་བཅུ་བདུན་མའི་ཐ་སྙད་འཐད་དོ་སྙམ་ན། དེ་ལྟ་ན་དུར་ཁྲོད་དུ་ཕྱོགས་སྐྱོང་དང་ཀླུ་ལ་སོགས་པའང་ཡོད་པས་ལྷ་སོ་གསུམ་མ་ལ་སོགས་པར་ཡང་འགྱུར་རོ། །འདིའི་དུར་ཁྲོད་དུ་གཤིན་རྗེ་བརྒྱད་དང༌། ཡུམ་བརྒྱད་ཀྱང་ཡོད་མེད་དོན་ལ་ཞིང་སྐྱོང་དམྱལ་སྲུང་བརྒྱད་རྒྱུད་གཞན་དུ་བཤད་པ་དང་འདྲའོ། །ཡང་ཁྱེད་དག་གི་ནང་ཚན་ཀུ་ཀེ་རྒྱུ་འགུལ་བ་གྲགས་རྒྱལ་གྱིས། བྱ་བ་བསྡུས་པའི་ལུགས་ཀྱི་སྒྲུབ་ཐབས་ཁ་འགེངས་སྣ་ཚོགས་ཅན་ཅིག་བརྩམས་ནས། འདི་ལ་རྒྱ་གཞུང་མ་གཏོགས་བོད་ཡིག་མེད་དོ་ཟེར་ཏེ། སྐྱོ་ལུགས་དེ་ནི་བོད་དུ་ཆོས་བརྒྱད་ཤིན་ཏུ་དར་བའང་ཡིན་ཞིང༌། ཁྱེད་དག་གི་འདོད་པ་ལྟར་དེ་དག་གི་ལག་ལེན་གྱི་མཐིལ་བྱ་བ་བསྡུས་པ་ལ་བྱེད་པ་ཡིན་ན་ནི། བོད་ཀྱི་ཡིག་རིགས་ཅི་ཡང་མི་ཡོང་བའི་རྒྱུ་མཚན་ཅི། བོད་ཡིག་གཏན་ནས་མེད་ན། སྐྱོ་ལུགས་ཡིན་པར་ཡང་མི་འགྱུར་ཏེ། སེམས་དཔའ་བསྡུས་པ་ནི་སྐྱོས་མ་བྱས་ལ། སྐྱོས་བྱས་པའི་ཡི་གེ་གཞན་མེད་པའི་ཕྱིར་རོ། །དེ་ལྟར་རྫུན་དང་ཧམ་པའི་འཚང་སྟིབ་ཟིན་ནས། ད་ནི་ཡིན་ཚུལ་རྣམས་བཤད་པར་བྱ་སྟེ། ལུགས་འདིའི་བརྟེན་སོའི་གཞུང་ནི། རྒྱུད་ཀྱི་རིགས་ལ་རྟོག་བདུན་རྟོག་གསུམ་རྟོག་པ་གཅིག་པ་དང་ཆོས་ཀྱི་རྒྱལ་པོའི་རྟོག་པ་རྣམས་ཡོད་ལ། དགོངས་འགྲེལ་གྱི་རིགས་ལ་ཞི་བ་ཡེ་ཤེས་ཀྱི་སྒྲུབ་ཐབས་ཆེན་མོ་དང༌། བསྙེན་པ་ཁོ་ནའི་ཡན་ལག་ཏུ་དོན་ཡོད་རྡོ་རྗེ་ཆུང་པའི་སྒྲུབ་ཐབས་བསྡུས་པ་དང་གཏོར་ཆོག་གཉིས། འཇམ་དཔལ་ཡེ་ཤེས་དང༌། དོན་ཡོན་རྡོ་རྗེས་མཛད་སྐད་པའི་སྒྲུབ་ཐབས་སེམས་དཔའ་བསྡུས་པ་ཆེ་ཆུང་གཉིས། དོན་ཡོད་རྡོ་རྗེ་ཆེ་བས་མཛད་པར་གྲགས་པའི་དཀྱིལ་ཆོག །ཡང་འཇམ་དཔལ་ཡེ་ཤེས་གཞན་ཞིག་གིས་མཛད་པར་གྲགས་པའི་སྒྲོན་མ་དྲུག་གི་གཞུང༌། ཨ་མོ་གྷའི་ཞི་བ་ལས་བདུན་དང༌། དྲག་པོ་ལས་བདུན་རྣམས་ལ་ཉན་བཤད་ངེས་པར་


TNT06_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ལ་གཞན་ཡང་ཡོད་སྲིད་དོ། །རྟོག་བདུན་ལ་སྐྱོ་ཆེན་པོ་ཉིད་ཀྱི་ཊཱི་ཀ་དང༌། རྟོགས་གསུམ་ལ་ཡང༌། གསུངས་བགྲོས་ལ་བརྟེན་པའི་ཊཱི་ཀ་འགའ་རེ་ཡོད། མན་ངག་གི་ཡི་གེ་ནི་ཆོག་སྒྲིགས་ཉམས་ཀྱི་ཞལ་གདམས། གནས་ཀྱི་ལྷན་ཐབས། དྲག་པོའི་གའུ་སྐོར་བའི་མན་ངག་ཤྲཱི་བྷ་དྲའི་ལུགས། འཁྲུལ་འཁོར་གྱི་འགྲེལ་ཆུང༌། ཞུ་བ་ཡེ་ཤེས་ཀྱི་སྒྲུབ་ཐབས་གསལ་བྱེད། སྤོགས་པའི་ཆོ་ག །སྔགས་བཏུའི་བྱིན་རླབས་ཚིགས་བཅད་མ་ཚོགས་མཆོད་དང་བཅས་པ་ཆེ་ཆུང་གཉིས། ཚ་ཚ་གདབ་པའི་ཚུལ་མར་མེ་མཛད་ཟླ་བས་མཛད་པ། ཡི་གེའི་སྒྲ་དོན་བཤད་པ་ལ་ལི་ཏས་མཛད་ཟེར་བ་གཅིག །འཁོར་ལོ་བཟློག་པའི་རྒྱུ་བཤད་པ། འཁོར་ལོའི་དབྱེ་བ་བསྟན་པ། གཏོར་སྔགས་ཀྱི་ཞལ་བཞེས། འཁོར་ལོ་རྐྱང་པའི་མན་ངག་འཕྲོས་དང་བཅས་པ། བྲིས་སྐུའི་རབ་གནས། སྒྲུབ་པའི་ཡིག་ཆུང༌། བྱང་ཆུབ་ཀྱི་སེམས་བཟའ་བའི་གདམས་ངག །རལ་གྲི། མིག་སྨན། རིལ་བུ། འབྱུང་པོ་དབང་དུ་བྱེད་པ། རོ་ལངས་སྒྲུབ་པ། སྲིན་པོ། གནོད་སྦྱིན། ཀླུ་རྣམས་དབང་དུ་བྱེད་པ། ཀླུ་ལ་གཏད་པ། ཞུ་བའི་བསམ་གཏན་དང༌། ཨ་མོ་གྷའི་ཞལ་གདམས། འདི་གཉིས་རྫོགས་རིམ་ཡིན། གཏོར་མ་བྱིན་རླབས་ཀྱི་ཞལ་གདམས། ནང་མཆོད་ཀྱི་ཞལ་གདམས། ཚོགས་འཁོར་གསལ་བྱེད། ཞི་བ། རྒྱས་པ། དབྱེ་བ། དབང་སྡུད། དགུག་པ། མནན་པ། བསྐྲད་པ། བསད་པ་རྣམས་ཀྱི་ཡིག་ཆུང་རེ་རེ། འཁོར་ལོ་ཁ་སྦྱོར་གྱི་མན་ངག །ཕུར་པ་ཅན་གྱི་གདམས་ངག །བཾ་སྲོག་གཉིས་ཀྱི་ཡིག་ཆུང༌། བཾ་སྲོག་གཉིས་ཀྱི་ཡི་གེ་ཆེ་བ། འདི་གཉིས་གཤིན་རྗེར་སྒྲོལ་གྱི་གདམས་ངག་ཡིན། ཕྱག་མཚན་དབབ་པ་ཟེར་པའི་བསྙེན་སྒྲུབ་ཀྱི་ཡི་གེ་གཅིག །ཡང་ཕྱག་མཚན་དབབ་པའི་ཡིག་སྣ་གསུམ། འཁོར་ལོའི་ཞལ་


TNT06_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཐོར་བུ་གཞན་ཡང་མང་དུ་སྣང༌། ལས་མཁན་གྱི་བསྟོད་བསྐུལ་ཆེ་ཆུང་སོགས་འཕྲོས་དོན་གྱི་ཡིག་ཆུང་དུ་མ་དང་བཅས་པ་ཡོད་དོ། །སྔར་བཤད་པའི་རྒྱ་གཞུང་དེ་རྣམས་ལ་བསྡུས་དོན་མཆན་བུ་ཡིག་སྣ་ཐོར་བུ་རེ་དང་བཅས་པ་ཡོད་ཅིང༌། ལྷ་དགུ་དང༌། ཞེ་དགུ་མའི་སྒྲུབ་ཐབས། དབང་ཆོག །སྦྱིན་སྲེག །རབ་གནས་སོགས་སྦྱར་བྱང་ཡོད་མེད་ཅི་རིགས་པ་སྣ་ཚོགས་དག་ཡོད་དོ། །ཡིག་ཆུང་དེ་དག་ཕལ་ཆེར་ལ་སྦྱར་བྱང་མེད་ཅིང༌། འགའ་ཞིག་སྐྱོ་ཆེན་པོ་དང༌། ཕལ་ཆེར་སྐྱོ་ཁམ་པས་མཛད་དོ་ཞེས་གྲག་གོ །ཁོ་བོས་མཐོང་བ་ནི་དེ་འདྲ་ལ་ད་དུང་ལྷག་པོ་ཡོད་སྲིད་དོ། །དེས་ན་ལུགས་འདི་ལ་སྒྲུབ་ཐབས་སེམས་དཔའ་བསྡུས་པའི་ལུགས་ཀྱི། དབང་བསྐུར་རྐང་ཚུགས་སུ་བྱེད་པའི་སྲོལ་མ་བྱུང་བས། ངོར་པ་རྣམས་འདི་ལ་དེར་རློམ་པ་ནི། མུན་རྡོ་འཕངས་པ་འབའ་ཞིག་སྟེ། སེམས་དཔའ་བསྡུས་པ་ནི་འཁྲུལ་འཁོར་ལག་ལེན་སོགས་རྒྱབ་བརྟེན་གྱི་གཞུང་ཡིན་གྱི། སྒོས་སུ་དབང་བཀའ་ཙམ་ཡང་མེད་པ་ལ་ཉམས་ལེན་མཐིལ་ཡིན་ནོ་སྐད་སྨྲ་བ་འདི་ལས་རྫུན་ཆེ་བ་ཅི་ཡོད། ད་ནི་ལུགས་འདིའི་སྒྲུབ་ཐབས་བརྗོད་པར་བྱ་སྟེ། དེ་ཡང་བསྙེན་པ་ལ་འཇུག་ན། མཎྜལ་གྱི་དཀྱིལ་འཁོར་ཚོམ་བུ་དགུ་པ་ཅན་བྱ་ལ། རྒྱུན་གྱི་ཉམས་ལེན་ལ་མཎྜལ་ཚོམ་བུ་དང་བཅས་པ་མེད་ཀྱང་ཆོག །གང་ལྟར་ཡང་རུང་སྟེ་བྲིས་སྐུའི་མདུན་དུ་མཉྫི་ལ་དཔལ་གཏོར་ཆེན་པོ་བ་དན་དང་བཅས་པ་བཤམས། དེའི་མདུན་དུ་དམར་གྱིས་གང་པའི་ཀ་པཱ་ལ། གཏོར་སྣོད་དང་མཐོ་དམན་མཉམ་པར་བཞག །ཕྱོགས་མཚམས་བརྒྱད་དུ། དེ་ལས་ཅུང་ཟད་དམའ་བའི་སྟེང༌། ཐོད་ཆེན་ནམ། ཚལ་བུའམ། མ་རྙེད་ན་སྣོད་གང་ཡང་རུང་བ་རཀྟས་གང་བ་བཞག །གཞན་ཐོད་པ་དམ་རྫས་ཀྱིས་གང་པ་དང༌། མཾ་སའི་ལྷ་བཤོས་དང༌། ཞི་དྲག་གི་མཆོད་པ་རྣམས་སྤྱི་དང་འདྲ་བར་བཤམ། ཐུན་གཏོར་ཡང་དགོས། སྔོན་འགྲོ་


TNT06_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་དང༌། གནས་ཡོ་བྱིན་རླབས་དང༌། ནང་མཆོད་བྱིན་རླབས་རྣམས་ཀྱང་བྱ། སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱ་རྣམས་སྔོན་དུ་བཏང༌། རང་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སེམས་དཔའ་གསུམ་བརྩེགས་ཀྱི་སྐུར་གྱུར། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ། ཨཱ་ནཱ་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཕཊ། ཅེས་པའམ། ཡང་ན་བདེ་མཆོག་གི་ཞལ་བཞི་པའི་སྔགས་ལྟ་བུ་བྱས་ཀྱང་རུང༌། ཨོཾ་གྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ། སརྦ་དུཥྟཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མུད་ག་ར་བཛྲ་ཀཱི་ལ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། ཡི་གེ་བཅུ་པ་ལན་གསུམ་བརྗོད་དེ། བགེགས་ཐམས་ཅད་བསྐྲད་པར་བསམ། བསྲུང་བ་འདི་བསྙེན་ཆུང་གི་སྒྲུབ་ཐབས་ཨ་མོ་གྷས་མཛད་པ་ལ་བརྟེན་པར་སྣང་ཡང༌། གང་དུ་སྒོམ་པའི་གནས་སྐབས་དང་ཆོ་ག་དངོས་ཀྱང་ཅུང་ཟད་མི་འདྲ་བ་ནི། མན་ངག་དབང་བཙན་པར་བྱས་པའོ། །སྐད་ཅིག་གིས་རང་རྡོ་རྗེ་འཇིགས་བྱེད་ཅེས་པ་ནས། ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནྡྷ་ནཾ་ཀ་རོ་མི། ཞེས་ཕྱག་འཚལ། སྙིང་ག་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། གོང་མ་རྣམས་འོག་ནས་འབྱུང་བའི་མཆོད་བསྟོད་རྒྱས་པ་སྐབས་འདིར་མཛད། འཛིམས་པ་རིན་ཤེས་སྐབས་འདིར་བསྡུས་པ་ལེགས་གསུངས་ཏེ། ད་ལྟའི་འགྲོ་བ་ལ་ལག་ལེན་ཟོར་ཡང་པ་འཕྲོད་པར་སྣང་བས། འདིར་ཡང་འཛིམས་པ་བཞིན་བྱའོ། །ཨོཾ་བཛྲ་བྷཻ་ར་བ་པྲ་ཝ་ར་སཏ་ཀཱ་ར་པྲ་ཏཱིཙྪ་སྭཱཧཱ། ཞབས་བསིལ་དང༌། ཨོཾ་ནི་རི་ཏེ་ཧཱུཾ་ཁཾ། མཐོར་མཐུང་དང༌། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། མཆོད་ཡོན་དང༌། ཨོཾ་པདྨ་ཀ་མ་ལ་སྟྭཾ། གདན་ཕུལ། ཨོཾ་བཛྲ་པུཥྤེ་ཧཱུཾ། དྷཱུ་པེ། ཨཱ་ལོ་ཀེ


TNT06_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

གནྡྷེ། ནཻ་ཝི་ཏི། ཤཔྟ། ཕྱིའི་མཆོད་པའི། ཨོཾ་རཱུ་པ་བཛྲ་པཱུ་ཛི་ཏེ་ཧཱུཾ། དེ་བཞིན་དུ། ཤཔྟ། གནྡྷེ། རཱ་ས། སྥརྴ། ནང་གི་མཆོད་པའོ། །ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བདུད་རྩི་དབུལ་ཏེ་བླ་ན་མེད་པའི་མཆོད་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། གསང་བའི་མཆོད་པའོ། །ན་མོ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གཟུགས་བརྙན། སྐུའི་སྤྲུལ་པ། གསུང་གི་དབང་ཕྱུག །དཔལ་འཇམ་པའི་རྡོ་རྗེ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་སོ་འཚལ་ལ། བདག་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གཞན་ཡང་བདག་ཅག་གི་ཐོག་མ་མེད་པའི་དུས་ནས་དུག་གསུམ་གྱི་དབང་གིས་སྡིག་པ་མི་དགེ་བ་ཅི་དང་ཅི་བགྱིས་པ་རྣམས་ནི་སོ་སོར་བཤགས་ཤིང༌། སླད་ཆད་ཀྱང་སྡོམ་པར་བགྱིའོ། །ཕྱོགས་བཅུའི་འཕགས་པ་རྣམས་དང༌། འགྲོ་བ་དག་གིས་བསོད་ནམས་སྐྱེད་དོ་འཚལ་ལ། བདག་རྗེས་སུ་ཡི་རང་བར་བགྱིད་དོ། །སྟོན་པ་འཇིག་རྟེན་གྱི་སྒྲོན་མེར་གྱུར་པ། བསྐུལ་བའི་ས་ལ་བཞུགས་སོ་འཚལ། དེ་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །བདེ་བར་གཤེགས་པ་གང་དག་བསྐུལ་བའི་དུས་ལ་བབ་པ། ལོག་པར་ལྟ་བ་རྣམས་སུན་དབྱུང་བའི་ཕྱིར། ཐབས་ཀྱིས་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ། འཁོར་བ་ཇི་སྲིད་པར་དོན་མཛད་པར་གསོལ་བ་འདེབས་སོ། །དགེ་བའི་རྩ་བ་དེ་དག་དང༌། གཞན་ཡང་བདག་དང་འགྲོ་བ་ཀུན་གྱིས་བགྱིས་སོ་འཚལ་གྱི་དགེ་བའི་རྩ་བ་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་བསྔོ་བར་བགྱིའོ། །ཇི་ལྟར་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་


TNT06_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་བྲལ་བ། གཟུང་བ་དང་འཛིན་པའི་རྣམ་པ་སྤངས་པ། ཆོས་བདག་མེད་པ་ལ་མཉམ་པ་ཉིད་རང་གི་སེམས་གདོད་མ་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་རང་བཞིན་དུ་ཐུགས་བསྐྱེད་པ་དེ་ལྟར། བདག་གིས་ཀྱང་སེམས་བསྐྱེད་པར་བགྱིའོ། །བདག་གིས་འཕགས་པ་རྣམས་ལ་ལུས་ཕུལ་ཏེ། སེམས་ཅན་འཁོར་བའི་རྒྱ་མཚོ་ན་གནས་པ་རྣམས་བསྒྲལ་བའི་ཆེད་དུ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་བསྒྲུབས་ཏེ། སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་ལན་གསུམ་རྒྱུན་བཤགས་བྱ། ཚད་མེད་བཞི་སྤྱི་དང་འདྲ། དམིགས་པ་ནི། ཐུགས་ཀ་ནས་འོད་དམར་ལྗང་དཀར་སེར་བཞི་སྤྲོ་བ་ཡིན་ཏེ། ཕཾ་ཐིང་པའི་མན་ངག་དང་ཕྱོགས་འདྲའོ། །དེ་ནས་རྗེས་གཞིག་གི་རིམ་པས། སྣོད་བཅུད་འོད་གསལ་དུ་བསྡུ་བའི་དམིགས་པ་བསྒོམ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་ཁ་དོག་ཅན་གྱི་སྟེང་དུ། ཧྲཱིཿལས་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར། ཨཿལས་ཟླ་བ་ལ་དྷཱིཿལས་རལ་གྲི་དྷཱིཿས་མཚན་པ་ཡོངས་སུ་གྱུར་པ་ལས། འཇམ་དཔལ་གཞོན་ནུ་སྐུ་མདོག་གུར་གུམ་གཞོན་ནུའི་མེ་ཏོག་རྒྱས་པ་ལྟར་དམར་སེར། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་ཐུགས་ཀར་མེ་ཏོག་ཨུཏྤ་ལ་སྔོན་པོའི་སྡོང་བུ་བསྣམས་པ། ཞི་ཞིང་སྒེག་པ་ཞེས་པ་ནས། སྔགས་འཕྲེང་རྣམས་སྤྱན་དྲངས་ཏེ་ཐིམ་པས་ཉི་མའི་སྟེང་དུ། ཧཱུཾ་ནག་པོ་འོད་ཟེར་ལྔ་ལྡན་དུ་གྱུར་ཅེས་པ་ནས། ཕྱག་གཡོན་གྱི་ཕྱག་མཚན་སྐབས། གཡོན་ལྷག་མ་རྣམས་ཀྱིས་


TNT06_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པའི་མགོ་བོ། ཕུབ་ཟླུམ། རྐང་པ་ཞེས་པ་དང༌། དྲག་པོ་སྟེ་བདུད་བཞི་ལ་སོགས་པ་རྣམས་ཁ་བུབ་ཏུ་བསྒྱེལ་ནས་མནན་པ། ཞེས་པ་ནས། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་མ་ཧེའི་ཞལ་ཅན་ཞལ་གཅིག་ཕྱག་གཉིས་པ། དེའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ནག་པོའོ། །ཞེས་པའི་བར་གཞན་རྣམས་སྒྲུབ་ཐབས་སྙིང་པོར་བཤད་པ་དང་འདྲ། འདིར་ཨ་མོ་གྷས་མཛད་པའི་སྒྲུབ་ཐབས་ཆུང་ངུ་ལས། འདིའི་དེ་མ་ཐག་མཆོད་བསྟོད་དང་བཟླས་པ་ལ་འཇུག་སྟེ། སྐྱོ་པ་རྣམས་ཀྱི་བཞེད་པས། བསྙེན་རྐྱང་གི་སྐབས་དེ་ཙམ་གྱིས་ཆོག་སྟེ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། རྒྱུའི་དུས་ན་ཉི་མ་དང༌། ས་བོན་དང༌། ཕྱག་མཚན་གསུམ་ཡོད་པས་འགྲུབ་ལ། སྐྱེ་མཆེད་དྲུག་བྱིན་གྱིས་བརླབས་པའི་དོད་ནི། གཡས་གཡོན་གྱི་ཞལ་དྲུག་གིས་ཐུབ། ཡེ་ཤེས་པ་བསྟིམ་པ་ཡང་སྔར་རྒྱུའི་དུས་ཀྱི་སྤྲོ་བསྡུ་ལན་བཞི་ལ་འདུས་ཤིང༌། རིགས་བདག་གི་རྒྱས་འདེབས་ཀྱང་འཇམ་དཔལ་གྱི་ཞལ་ལ་ཚང་བས། བསྡུས་པ་ལ་དགའ་ན་འདི་ཙམ་གྱིས་ཆོག་ཅིང༌། སྤྱིར་རྒྱས་པ་འགོག་པ་ནི་མ་ཡིན་ནོ། །དཔལ་འཛིན་གྱི་སྒྲུབ་ཐབས་ཀྱང་སྐབས་འདིའི་དོན་ལ་དེ་དང་འདྲ་ཞིང་སྒྲུབ་ཐབས་དེར། དམ་རྫས་སོགས་བྱིན་གྱིས་བརླབས་ནས་བསྟེན་པར་བཤད་པ་ཉིད་མཆོད་པ་ཡིན་པས། བཟླས་པའི་སྔོན་གྱི་མཆོད་བསྟོད་ཀྱང་མེད་མི་རུང་མ་ཡིན་པར་བཞེད་དོ། །ཡང་གཙོ་རྐྱང་ཁོ་ན་བསྒོམ་ཞིང༌། མཆོད་བསྟོད་སྐབས་འདིར་མི་བྱེད་ན། སྐྱོ་བའི་སྔགས་པ་རྙིང་པ་རྣམས་བཞེད་པ་ལྟར་ཚོགས་ཞིང་གི་སྐབས་སུ་མཆོད་བསྟོད་རྒྱས་པ་བྱེད་པ་བཟང་ངོ༌། །ཞི་བ་ཡེ་ཤེས་ཀྱི་སྒྲུབ་ཐབས་ལས་ནི། སྐབས་འདི་ན་སྐུ་གསུང་ཐུགས་བྱིན་རླབས་དང༌། དབང་བསྐུར་རྒྱས་བཏབ་ངེས་པར་བྱེད་པར་བཞེད་ཅིང༌། དམ་ཡེ་བསྲེ་བའི་གསལ་ཁ་མེད།


TNT06_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་རྙིང་ལས་ནི་སྐྱེད་མཆེད་བྱིན་རླབས་ཀྱང་བྱེད་ལ། ཡེ་ཤེས་སྤྱན་འདྲེན་ནི་འོག་ཏུ་དཀྱིལ་འཁོར་བསྒོམ་པའི་སྐབས་ཀྱི་དེ་དང་ལྷན་ཅིག་ཏུ་བྱེད་པས་སྐབས་འདིར་མི་མཛད། འཛིམས་པས་དབང་གི་ལྷ་ཉིད་ཡེ་ཤེས་པ་བསྟིམ་པར་མཛད་དེ་གཅིག་ཏུ་མི་ལེགས་པའང་མིན་ནོ། ཁོ་བོ་ནི་འདི་ལྟར་སེམས་ཏེ། ཞི་བ་ཡེ་ཤེས་ཀྱི་སྒྲུབ་ཐབས་ཀྱི་དངོས་བསྟན་ལྟར། དཀྱིལ་འཁོར་བསྒོམ་པའི་སྐབས། སྐུ་གསུང་ཐུགས་དང་སྐྱེ་མཆེད་བྱིན་རླབས་དང༌། དབང་བསྐུར་རྣམས་མི་བྱེད་ན་སྐབས་འདིར་དེ་དག་བྱེད་དགོས་ལ། འོག་དཀྱིལ་འཁོར་གྱི་སྐབས་སུ་དེ་དག་བྱེད་པ། སྐྱོ་པ་སྔ་མ་འགའ་རེ་དང༌། འཛིམས་པ་སོགས་བཞེད་པ་ལྟར་ན། སྤྱིར་མི་ལེགས་པ་མ་ཡིན་མོད། དེ་ལྟར་ན་སྐབས་དེར་བདག་དང་མདུན་བསྐྱེད་ཀྱི་ལྷ་ཚོགས་ལྷན་ཅིག་ཏུ་དེ་དག་བྱས་པས་ཆོག་པའི་ཕྱིར། སྐབས་འདིར་དེ་རྣམས་མི་དགོས་སོ་སྙམ་མོ། །ཞི་བ་ཡེ་ཤེས་ཀྱིས་ཀྱང༌། སྐབས་འདིར་གནས་གསུམ་བྱིན་རླབས་དང་དབང་བསྐུར་མཛད། ཡེ་ཤེས་སྤྱན་འདྲེན་པ་མེད་པ་དང༌། འོག་དཀྱིལ་འཁོར་གྱི་སྐབས་དེ་གཉིས་མེད་ཡེ་ཤེས་སྤྱན་འདྲེན་ཡོད་པ་ཡང་དེ་དག་ལན་གཉིས་མི་དགོས་པ་ལ་དགོངས་སོ། །དེ་ལྟ་ན་ཡང༌། འཛིམས་པ་རིན་ཤེ་ཡོ་ག་ལ་བག་ཆགས་བརྟས་པས། བདག་བསྐྱེད་ཀྱི་སྐབས་འདི་རྣལ་འབྱོར་རྒྱུད་ཀྱི་བདག་རྫོགས་ཀྱི་དོད་ཐུབ་པར་བསམས་ནས། དེའི་ཡན་ལག་ཏུ་ཡེ་ཤེས་སྤྱན་འདྲེན་དབང་བསྐུར་རྒྱས་བཏབ་དགོས་པར་བསམས་པ་དང༌། མདུན་བསྐྱེད་ཀྱི་སྐབས། རང་འོག་མིན་དུ་ཕྱིར་པས་མོས་ཞེས་དང༌། རྗེས་སུ་འོག་མིན་ནས་བབས་ཞེས་ཟེར་བ་ནི་དགོས་ནུས་མེད་ཅིང་བསྲེ་བསླད་ཁོ་ན་ཡིན་པས་མི་ལེགས་སོ། །སྐབས་འདིར་སྐུའི་རྣམ་འགྱུར་ལ། སྒྲུབ་ཐབས་སེམས་དཔའ་བསྡུས་པ་ལས། རྭ་གཡས་པ་ལ་གནས་པའི་ཞལ་དང་


TNT06_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཐིང་ག་ཞེས་དང༌། གཡོན་ལའང་དེ་བཞིན་དུ་གསུངས་པས། གཞུང་དེར་རྭ་ཞལ་དུ་བཞེད་པ་ཡིན་ལ། ཞི་བ་ཡེ་ཤེས་ཀྱང་རྭ་ཞལ་དུ་བཞེད་དེ། ཇི་སྐད་དུ། ཞལ་གཡས་ཀྱི་དང་པོ་སྔོན་པོ། གཉིས་པ་དམར་པོ་གསུམ་པ་སེར་པོ་སྟེ། རྭ་མཆན་ན་གནས་པའོ། །ཞེས་གསུངས་ཏེ། རྭ་མཆན་ནི་རྭའི་ངོས་ལ་གནས་པའི་དོན་ནོ། །སྐྱོ་པ་རྣམས་བརྟེན་སོ་མཛད་པའི་གཞུང་གི་དབང་དུ་བྱས་ན་རྭ་ཞལ་བཤད་པ་དེ་གཉིས་ཡིན་ལ། གཞན་ཛྙཱ་ན་ཀ་རས་མཛད་པ་ལས་ཀྱང༌། གཡས་པས་རྭ་ལ་བརྟེན་པའི་ཞལ། །དང་པོ་མཐིང་ག་འཇིག་པར་བྱེད། །ཅེས་དང༌། གཡོན་པའི་རྭ་ལ་བརྟེན་པའི་ཞལ། །དང་པོ་དཀར་པོ་རྨོངས་པར་བྱེད། །ཅེས་སོགས་བཤད་པས་བོད་ཕལ་ཆེར་རྭ་ཞལ་ལ་ཁུངས་མེད་པར་འདོད་པ་ནི་ཧལ་ལེ་ཧོ་ལེར་སྤྱོད་པ་ཁོ་ན་ཡིན་ལ། དེ་ལྟ་ན་ཡང་སྐྱོ་པ་རྣམས་ཉིད་ཀྱི་ལག་ལེན་ལ། ཨ་མོ་གྷ་ཆུང་བའི་གཞུང་ཆུང་དང༌། ཞེ་དགུ་མའི་གཞུང་གི་རྗེས་སུ་འབྲངས་ནས། མན་ངག་གི་སྐབས་འཁོར་ཞལ་ཁོ་ན་མཛད་ཅིང༌། དེའི་ཡང་ནང་ཚན་རྩ་ཞལ་གྱི་གཡས་དང་གཡོན་དུ་རིམ་འདེད་ཁོ་ན་མཛད་དོ། །ད་ནི་དཀྱུས་ལ་འཇུག་སྟེ། རང་གི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་ལས་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ། གཡས་འཁོར་ལོ་འཛིན་པའི་ཐུགས་ཀར་ཡང༌། འཁོར་ལོའི་ལྟེ་བར་ཨོཾ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ་ལས། གསུང་རྡོ་རྗེ་སྐུ་མདོག་དམར་པོ། གཡས་པདྨ་འཛིན་པའི་ཐུགས་ཀར་ཡང་པདྨ་ལ་ཨཱཿ ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། ཐུགས་རྡོ་རྗེ་སྐུ་མདོག་སྔོན་པོ། གཡས་རྡོ་རྗེ་འཛིན་པའི་ཐུགས་ཀར་ཡང༌། རྡོ་རྗེའི་ལྟེ་བར་ཧཱུཾ་ངོ༌། །ཐམས་ཅད་ཀྱང་


TNT06_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དྲིལ་བུ་འཛིན་པ། རོལ་པའི་ཁྲོ་བོ་ཆེན་པོའོ། །སྤྲོས་པ་ལ་མོས་པས་སྐྱེ་མཆེད་བྱིན་རླབས་བྱེད་ན། མིག་ཏུ་ཀྵིཾ་སོགས་སྒྲུབ་ཐབས་སྙིང་པོར་བཤད་པ་ལྟར་བྱ། དབང་བསྐུར་བ་ནི། གཙོ་བོའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཞེས་པ་ནས། སྤྱི་བོར་འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན། ཞེས་པའི་བར་ཞེ་དགུ་མའི་སྐབས་དང་འདྲ། དབང་བསྐུར་བྱེད་པ་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱང་རང་ལ་ཐིམ། ཛཿཧཱུཾ་བཾ་ཧོཿ ཞེས་བྱའོ། །འདི་ཡེ་ཤེས་བསྲེ་བ་ཞོར་ཐབས་ཙམ་ཡིན་གྱི། རྐང་ཚུགས་མིན་ལ་རང་ལ་མི་སྟིམ་པར་དབྱིངས་སུ་གཤེགས་ཀྱང་ཆོག་གོ །དེའི་རྗེས་སུ་དཀྱིལ་འཁོར་བསྒོམ་པར་བྱ་སྟེ། འདི་བདག་ཉེར་སྒྲུབ་བམ། བསྙེན་སྒྲུབ་སྦྲགས་པའི་ལུགས་སུ་བྱུང་ཡང༌། སྐྱོ་པ་རྣམས་ཀྱི་བཞེད་པས། གཟུགས་བརྙན་གྱི་དཀྱིལ་འཁོར་ལ་མ་བརྟེན་པར། བྲིས་སྐུ་ཙམ་ལ་དམིགས་པའམ། ཏིང་ངེ་འཛིན་འབའ་ཞིག་གིས་ཀྱང་རུང་སྟེ། བདག་བསྐྱེད་ཀྱི་ཡན་ལག་ཏུ་དཀྱིལ་འཁོར་བསྒོམ་སྟེ། བསྙེན་སྒྲུབ་སྦྲགས་མ་དང༌། དམིགས་པ་བསྒོམ་ཚུལ་ཕྱོགས་འདྲ་མོད་ཀྱི། འདི་ནི་བསྙེན་སྒྲུབ་སྦྲགས་མ་མ་ཡིན། དཀྱིལ་འཁོར་ཆེན་པོའི་བསྙེན་པ་ཡིན་ཞིང༌། བདག་མདུན་གཉིས་ཡོད་པ་ནི། གྲོགས་པོ་ལྟ་བུར་བསྙེན་པ་ཡིན་གྱི་སྒྲུབ་པའི་དོན་མིན་ལ། འདི་ལ་གོམས་ན་བསྙེན་སྒྲུབ་སྦྲགས་མ་མི་དགོས་པར་སྒྲུབ་པ་ལ་ཞུགས་ཆོག་པས་འཇུག་པ་བདེ་བ་ལ་ཡང་དགོངས་སོ། །ཞི་བ་ཡེ་ཤེས་ཀྱིས་ཀྱང་འདི་བསྙེན་པར་བཤད་པ་ཡིན་གྱི་སྒྲུབ་པ་ཡིན་པར་མ་བཤད་ལ། སྒྲུབ་པ་ལས་སྦྱོར་ལོགས་སུ་ཡོད་པ་ལྟར་ཡིན་པས། རྒྱ་མཁར་བཀའ་བཅུ་པ་སོགས་འདི་སྒྲུབ་པའི་དབང་དུ་བྱས་ཟེར་བ་ནི། འོལ་ཚོད་ཙམ་སྟེ། གཞུང་འདི་ཉིད་རྫོགས་པར་མ་བཀླགས་པའི་སྐྱོན་ནོ། །ཞི་བ་ཡེ་ཤེས་ཀྱི་སྒྲུབ་ཐབས་འདི་ནི། བསྙེན་སྒྲུབ་ལས་སྦྱོར་གསུམ་ལ་ལེའུ་རེ་རེ་


TNT06_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཅིང༌། རྟོག་བདུན་གྱི་བརྗོད་བྱའི་གཙོ་བོ་མཐའ་དག་འཆུན་ནུས་པས། རྒྱུད་ཀྱི་དོན་འགྲེལ་དུ་གྱུར་པ་ཞིག་སྟེ། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་བོད་དུ་འགྱུར་བ་ལ་དོན་བཟང་བ་ཞིག་ཡིན་པར་སྣང་ཡང༌། ཕལ་ཆེར་གྱིས་མ་ཤེས་པར་མཚན་མིང་བཟང་པོ་ལ་ཁ་གཡར་བའི་རྗེས་སུ་རྒྱུག་ཀྱིན། གྲུབ་ཆེན་ལ་ལི་ཏ། གྲུབ་ཆེན་ཨ་མོ་གྷ་ཞེས་བཟླས་བརྗོད་བྱེད་ཀྱིས། ས་སྐྱ་པ་ཕྱི་མ་དང་དགེ་ལྡན་པ་མང་པོ་ཞིག་ཤ་ཐང་ཆད་པར་གྱུར་ཏོ། །སྤྲོས་པས་ཆོག་གོ །དེ་རྗེས་འདི་སྐད་ཅེས་བྱ་སྟེ། སྭ་བྷཱ་ཝ་སྟོང་པར་སྦྱངས། སྟོང་པའི་ངང་ལས། ཨེ་ལས་བྱུང་བའི་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ། གདེངས་ཀ་གྱེན་དུ་ཕྱོགས་པའི་ནང་དུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ཟླ་གམ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེས་མཚན་པ། དེའི་སྟེང་དུ་སུཾ་ལས་རིའི་རྒྱལ་པོ་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་བང་རིམ་བཞི་དང་ལྡན་པ། དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་མཐིང་ནག་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། རྡོ་རྗེའི་ས་གཞིར་རྭ་གུར་བླ་རེ་དང་བཅས་པ། ཕྱི་རོལ་རྡོ་རྗེའི་མེས་གཏམས་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། སྲུང་བའི་འཁོར་ལོའི་དབུས་སུ་བྷྲཱུཾ་ལས་རྣམ་པར་སྣང་མཛད་ཀྱི་རང་བཞིན་གཞལ་མེད་ཁང༌། ཞེས་པ་ནས། སྣ་ཚོགས་པས་གང་བའོ། །ཞཻས་པའི་བར་གོང་ཞེ་དགུ་


TNT06_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྐབས་བཞིན་ནོ། །འདིར་ཞི་བ་ཡེ་ཤེས་ཀྱི་སྒྲུབ་ཐབས་དངོས་བསྟན་ལས། སྒྲུབ་བའི་སྐབས་བྲིས་པའི་དཀྱིལ་འཁོར་ཡང་ཞོར་ལ་རྟོགས་པའི་དབང་དུ་མཛད་ནས། གཙོ་བོའི་གནས་སུ་མི་རོའི་གདན་ལ། སྲོག་ཆགས་གནས་པ་སོགས་བཤད་ཀྱང༌། བསྙེན་པའི་སྐབས་སུ་དེ་མི་དགོས་ཤིང༌། སྒོ་བ་བཞི་ཁྲོ་བོ་དང༌། མཚམས་མ་བཞི་མཆོད་ལྷར་མཛད་ཀྱང༌། སྐྱོ་པ་རྣམས་གཞུང་དེའི་བརྡར་དེར་མི་མཛད་ཅིང༌། དེ་ཇི་མ་ཇི་བཞིན་དུ་མི་སྤྱོད་དེ། ཨ་མོ་གྷ་ཆུང་བའི་མན་ངག་གི་དབང་དུ་མཛད་ནས། འཁོར་གཤིན་རྗེ་མོ་བརྒྱད་དུ་མཛད་ལ། དེ་ཉིད་རྒྱུད་ལས་ཀྱང༌། རོ་ལངས་བརྒྱད་དུ་གསུངས་པས་ཀྱང་སྟོན་ཅིང༌། རྒྱུད་ཀྱི་འཇུག་ཏུ་གལ་ཏེ་སྨྲས་ན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱིས་དང༌། གཞན་ཡང་རྣལ་འབྱོར་མ་དང་མཁའ་འགྲོ་མ་རྣམས་ཀྱིས་ཟའོ། །ཞེས་འཁོར་གྱི་གཙོ་བོ་སྨོས་པ་དེ་མཁའ་འགྲོ་མ་འབྱུང་བས་གཉིས་པོ་སྡེབས་པས་ཁྲོ་མོ་བརྒྱད་སྐོར་གསལ་བར་བསྟན་པར་བཞེད་དོ། །དེས་ན་འདི་ལྟར་བྱ་སྟེ། དབུས་ཀྱི་གཙོ་བོའི་གནས་སུ་པདྨ་དང༌། ཉི་མའི་དཀྱིལ་འཁོར་གྱི་གདན། སྒོ་མཚམས་བརྒྱད་དུ་ཡང་མི་རོའི་གདན་རྣམས་སོ། །ནང་གི་རེ་མིག་བརྒྱད་ལ། ཤར་དུ་ཚངས་པའི་མགོ་བོ། ལྷོར་ལག་པ། ནུབ་ཏུ་རྒྱུ་མ། བྱང་དུ་རྐང་པ། ཤར་ལྷོར་ཐོད་པ། ལྷོ་ནུབ་ཏུ་ཐོད་ཚལ། ནུབ་བྱང་དུ་རོ་རས། བྱང་ཤར་དུ་སྐྱེས་བུ་གསལ་ཤིང་གིས་ཕུག་པའོ། །སྐྱོ་པ་དང༌། ཞང་པ་རྣམས་ནག་འཇིགས་གཉིས་ལ་རེ་མིག་དགུ་བཞེད་ཚུལ་ནི། ཐིག་བཞི་བཏབ་པའི་མིག་མང་རིས་མ་ཡིན་གྱི། པདྨའི་ཐིག་འདྲ་བ་ལྟ་བ་ཟླུམ་པོ་ཞིག་མཛད་དོ། །ཤར་གྱི་ལྷ་སྣམ་ལ། གྲི་གུག་དང༌། འཕང་མདུང་དང༌། གཏུན་ཤིང་དང༌། ཆུ་གྲི་དང༌། རྡོ་རྗེ་རྩེ་གཅིག་པ་དང༌། ལྕགས་ཀྱུ་


TNT06_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ། །ལྷོའི་ལྷ་སྣམ་ལ། སྟ་རེ་དང༌། མདའ་དང༌། དབྱུག་པ་དང༌། ཁ་ཊྭཱཾ་ག་དང༌། འཁོར་ལོ་དང༌། ཞགས་པ་རྣམས་སོ། །ནུབ་ཀྱི་ལྷ་སྣམ་ལ། རྡོ་རྗེ་དང༌། ཅང་ཏེའུ་དང༌། ཕུབ་དང༌། གཞུ་དང༌། དྲིལ་བུ་དང༌། རླུང་རས་རྣམས་སོ། །བྱང་གི་ལྷ་སྣམ་ལ། སྡིགས་འཛུབ་དང༌། འཕན་རྩེ་གསུམ་པ་དང༌། གླང་ལྤགས་དང༌། ཐོ་བ་དང༌། མདུང་དང༌། མེ་ཐབ་རྣམས་གནས་པར་གྱུར། སྐྱོ་པ་རྣམས་དབང་བསྐུར་དང༌། སྒྲུབ་ཐབས་ཀྱི་དཀྱིལ་འཁོར་ལ་མི་འདྲ་བའི་ཁྱད་མི་བཞེད་པས། སྒྲུབ་ཐབས་ལའང་ཕྱག་མཚན་ངེས་པར་བཞེད་ལ། ལུགས་འདིའི་བྲིས་ཐང་རྙིང་པ་ཀུན་ལའང་ཕྱག་མཚན་བཀོད་པ་ཁོ་ན་ཡོད་ཅིང༌། འཇིགས་མཛད་གཙོ་རྐྱང་ངམ་ལྷ་དགུའི་དཀྱིལ་འཁོར་ལ་བོད་རྗེས་མ་ཕལ་ཆེར་ཕྱག་མཚན་མི་འདོད་པ་ནི། རི་བོང་གི་ཅལ་བཞིན་དུ་སོང་བ་ཡིན་ཞིང༌། ཕྱག་མཚན་མི་འགོད་ན། གཞལ་ཡས་ཁང་ཡེ་མེད་པའམ། ཐོད་མཁར་ཙམ་བྱེད་པ་ཡིན་ནོ། །ལུགས་འདིར་ཡང་སྐབས་འདིར་ཕྱག་མཚན་སྐད་ཅིག་གིས་བསྐྱེད་པའམ་ཕྱིས་གཙོ་བོའི་སྐུ་ལས་སྤྲོ་བ་གང་བྱས་ཀྱང་འདྲའོ། །དབུས་ཀྱི་གདན་གྱི་སྟེང་དུ། ཧཱུཾ་ལས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་ནག་པོ་ཧཱུཾ་གིས་མཚན་པ། འཇིག་དུས་ཀྱི་མེ་ལྟར་འབར་བའི་འཕྲེང་བ་འཁྲུགས་པ། དེ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པས་མཉེས་པར་བྱས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡིག་སྒྲིབ་མ་ལུས་པ་སྦྱངས། སྡང་བ་དང་གདུག་པའི་སེམས་ཅན་མ་ལུས་པ་ཐམས་ཅད་ཚར་བཅད། ནམ་མཁའ་གང་བའི་སངས་རྒྱས་ཐམས་ཅད་རྡོ་རྗེ་འཇིགས་མཛད་ཀྱི་རྣམ་པར་སྤྱན་དྲངས། རྡོ་རྗེ་ཧཱུཾ་ཡིག་


TNT06_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་ལ་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཅེས་པ་ནས། ཧཱུཾ་ནག་པོའི་བར་སེམས་དཔའ་གསུམ་བརྩེགས་བདག་བསྐྱེད་དང་འདྲའོ། །གཙོ་བོའི་ཐུགས་ཀ་ན་ཡ་བརྒྱད་སྤྲོས་ཏེ། སྒོ་མཚམས་བརྒྱད་ན་གནས་པའི་བཾ་ཆེན་གྱི་གདན་རྣམས་ཀྱི་སྟེང་དུ་འཁོད་པ་དེ་རྣམས་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་པ་སྔོན་དུ་འགྲོ་བའི་འཕྲིན་ལས་རྣམ་པར་བཞིས་སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། ཤར་སྒོར་གཤིན་རྗེ་ལྕགས་ཀྱུ་མ་བྱ་རྒོད་ལ་གནས་པ། ལྷོ་སྒོར་གཤིན་རྗེ་ཞགས་པ་མ་འུག་པ་ལ་གནས་པ། ནུབ་སྒོར་གཤིན་རྗེ་ལྕགས་སྒྲོག་མ་བོང་ཁྲ་ལ་གནས་པ། བྱང་སྒོར་གཤིན་རྗེ་འབེབས་པ་མ་བྱ་རོག་ལ་གནས་པ། ཤར་ལྷོར་གཤིན་རྗེ་ཕོ་ཉ་མོ་ཆུ་སྐྱར་ལ་གནས་པ། ལྷོ་ནུབ་ཏུ་གཤིན་རྗེ་མཆེ་བ་མ་མཐིང་རིལ་ལ་གནས་པ། ནུབ་བྱང་དུ་གཤིན་རྗེ་བེ་ཆོན་མ་ཀང་ཀ་ལ་གནས་པ། བྱང་ཤར་དུ་དུས་ཀྱི་མཚན་མོ་རྨ་བྱ་ལ་གནས་པ། ཞེས་པ་འདི་ནི་སྐྱོ་པའི་མན་ངག་ཡིན་ལ། སེམས་དཔའ་བསྡུས་པའི་དངོས་བསྟན་ལ། མཚམས་ལ་བྱ་རྒོད་སོགས་དང༌། ཕྱོགས་ལ་ཆུ་སྐྱར་སོགས་གསུངས་པས་གང་མོས་བྱའོ། །ཐམས་ཅད་ཀྱང་རྔམ་ཞིང་ཁྲོས་ལ་མི་གདུག་པ་ཆེར་ཁྲོས་པའི་ཆ་བྱད་ཅན། ལང་ཚོ་གསར་དུ་བདོ་ཞིང་གཅེར་བུ་ནུ་འབུར་རྒྱས་པ། མཆེ་བ་ཟངས་ཡག་ཏུ་གཙིགས་ཤིང༌། དྲག་ཏུ་བཞད་པ། དམར་ལ་ཟླུམ་པའི་སྤྱན་གསུམ། དབུ་སྐྲ་དམར་སེར་ལྷུག་པར་གྲོལ་བ། ཕྱག་གཡས་གྲི་གུག་དང༌། གཡོན་པས་མགོ་ཐོད་དམར་ཆེན་གྱིས་གང་བ་འཛིན་


TNT06_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཞལ་དུ་གསོལ་བ། མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང༌། ཕྱོགས་བཅུའི་གདུག་པ་ཅན་ཐམས་ཅད་འཇོམས་པར་མཛད་པ། འཇམ་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོ་ཕྱག་གཉིས་པ་རེ་རེས་དབུ་ལ་བརྒྱན་པའོ། །འདི་རྣམས་ལ་ཞབས་ཀྱི་བཞུགས་ཚུལ་ཐམས་ཅད་མཚུངས་པར་རོལ་སྟབས་སམ། མཚུངས་པར་གཡས་བསྐུམ་གཡོན་བརྐྱང་ངམ། མཚུངས་པར་གཡས་བརྐྱང་ངམ། ཡང་ན་མཚུངས་པར་བཞོན་པ་སོ་སོ་ལ་ཆིབས་པ་སོགས་གང་ལ་མོས་པ་དེ་ལྟར་བསྒོམ་ལ། ཆོལ་བར་བསྒོམ་དུ་ནི་མི་རུང་ངོ༌། ཁ་ཅིག་དབུ་རྒྱན་རིགས་བདག་མི་བསྐྱོད་པར་འདོད་པའང་རུང་ཙམ་ཡིན་ལ། འཛིམས་པ་སོགས་འཇམ་དབྱངས་ཞི་བས་མཛད་པའང་སྤྱིར་ལེགས་མོད་ཀྱི་དཀྱུས་སུ་བཤད་པ་ཉིད་ཆེས་མཆོག་གོ །དེ་བཞིན་དུ་མཁའ་འགྲོ་མ་ལྟར་སྒྲུབ་ན། ཐོད་སྐམ་ཐོད་རློན་རུས་རྒྱན་སོགས་རྒྱན་གྱིས་བརྒྱན་པ་དང༌། གཤིན་རྗེ་མོར་བྱེད་ན་རྒྱན་སྤངས་པའོ། །ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད་ལ་གཤིན་རྗེ་ཆེན་པོ་བརྒྱད་གནས་པ་ནི། ཤར་དུ་ཡ་བ་ཏི། ལྷོར་ཆོས་ཀྱི་རྒྱལ་པོ། ནུབ་ཏུ་ཏེལ་པ་ནག་པོ། བྱང་དུ་གླང་མགོ་ཅན། མེ་མཚམས་སུ་མིག་དམར། ལྷོ་ནུབ་ཏུ་ཕྱ་སངས། ནུབ་བྱང་དུ་སྨིགས་པ། བྱང་ཤར་དུ་རལ་པ་ཚར་དགུ་རྣམས་རང་རང་གི་ཆུང་མ་དང་བཅས་པའོ། །གཞན་ཡང་གཤིན་རྗེ་དང༌། མ་མོ་དང༌། མཁའ་འགྲོ་མ་དང༌། སྲིན་པོ་དང༌། འབྱུང་པོ་དང༌། རོ་ལངས་དང༌། ཕྱག་བརྙན་གྱི་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་གང་བའོ། །ཞེས་བརྗོད་དོ། །ཞི་བ་ཡེ་ཤེས་ཀྱི་སྒྲུབ་ཐབས་དངོས་བསྟན་ལ། ཕྱག་མཚན་སོ་གཉིས་འགོད་པའི་གསལ་ཁ་མེད་ཀྱང༌། དཀྱིལ་འཁོར་ནང་མ་ལ་རེ་མིག་དགུ་བཤད་པས། དགོངས་དོན་ལ་ཡོད་


TNT06_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

པས་འགོད་དགོས་ཤིང༌། རྡོ་རྗེ་འཇིགས་མཛད་ཀྱི་སྒྲུབ་ཐབས་ལ། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་བཤད་པའི་རྒྱ་གཞུང་འགའ་ཞིག་ཏུའང་ཚིག་ཟིན་ལ་ཕྱག་མཚན་མི་འབྱུང་མོད། དོན་དུ་རྡོ་རྗེ་འཇིགས་བྱེད་ལ་གཞལ་ཡས་ཁང་རྒྱས་པ་བསྒོམ་ལ་རྟོག་བདུན་ལུགས་སུ་རློམ་ཕྱིན་དེ་དག་བསྒོམ་དགོས་ཏེ། གཞན་དུ་ན་རྒྱུད་ལས་འགོངས་པར་འགྱུར་བའི་ཕྱིར་རོ། །དེས་ན་རྭ་ལུགས་སུ་རློམ་པ་དང༌། མལ་ལུགས་སུ་རློམ་པའི་རོ་ལངས་བརྒྱད་བསྐོར་བྱེད་པ་ཁ་ཅིག་དང༌། སྐྱོ་ལུགས་གཤིན་མོ་བརྒྱད་སྐོར་བ་སྔ་ཕྱི་ཁ་ཅིག་དེ་དག་མི་ཕྱེད་པ་ཟབ་ཁྱད་དུ་འདོད་པ་ནི། དགོས་ངེས་ཤེས་པ་ཆད་པའི་འཁྲུལ་པ་ལ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་རློམ་པ་སྟེ། ཐོག་མར་བྱུང་བའི་ཉེས་བཤད་ཀྱི་དུག་ཆུ་གཅིག་གིས་མང་པོ་ཞིག་བསླད་པའོ། །དེ་ཡང་གང་སྙམ་ན། རྟོག་བདུན་གྱི་འགྲེལ་པ་སློབ་དཔོན་མི་བསྐྱོད་པས་བྱས་པ་ནི་རྒྱ་འགྲེལ་མ་ཡིན་པར་ངེས་ཤིང༌། མ་ནང་ལོ་ཙཱ་བ་གོ་རུ་བ་ཆོས་ཤེས་བྱས་པ་ཡིན་ཡང༌། བོད་ཀྱི་མཁས་པར་འདོད་པ་རྣམས་སངས་རྒྱས་ཀྱི་བཀའ་ཡིན་པ་ཙམ་དུ་རྩི་བར་སྣང་སྟེ་དེ་ལས་བྱུང་བའོ། །རྒྱས་པ་ལ་མོས་ན་སྐབས་འདིར་གཙོ་འཁོར་ཐམས་ཅད་ལ་སེམས་དཔའ་གསུམ་བརྩེག་དང༌། སྐུ་གསུང་ཐུགས་བྱིན་རླབས། དབང་བསྐུར་རྒྱས་བཏབ། དབང་བསྐུར་མཁན་རྣམས་རང་ལ་ཡེ་ཤེས་པའི་ཚུལ་གྱིས་གཞུག་པ་རྣམས་བྱེད་ཅེས་ཞི་བ་ཡེ་ཤེས་ཀྱི་གཞུང་གི་མཆན་བུ་རྙིང་པ་ལས་འབྱུང་ཞིང༌། འཛིམས་པ་ཡང་བཞེད་དོ། །ད་ནི་འདི་ལྟར་བྱ་སྟེ། རང་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ། དྲག་ཅིང་བཟོད་པར་དཀའ་བའི་གཟི་བརྗིད་ཅན། དཀྱིལ་འཁོར་ཆེན་པོ་དེའི་ལྷོ་སྒོ་ནས་ཞུགས་ཏེ། དེའི་ཐད་ཀའི་ལྷ་སྣམ་ལ་འཁོད་པར་གྱུར། རང་གི་ཐུགས་ཀའི་ཏིང་ངེ་འཛིན་


TNT06_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་ཧཱུཾ་ཡིག་ལས། འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་རིགས་ཐམས་ཅད་ཀྱི་བདག་པོ་འཇམ་དཔལ་ཁྲོ་བོ་གཤིན་རྗེ་གཤེད་པོ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ལ། སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་དམ་ཅན་བསྲུང་མའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿཧཱུཾ། འཇམ་དཔལ་རང་བཞིན་ཆོས་རྣམས་ཀུན་གྱི་དངོས། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །དུས་ཀྱི་མཁའ་བཞིན་ཐུགས་རྗེ་འགྲོ་འོང་བྲལ། །སྤྲུལ་པ་འགྲོ་འོང་བྲལ་བའི་གཟུགས་བརྙན་བཞིན། །འགྲོ་དང་འོང་བའི་མཚན་ཉིད་མི་མངའ་ཡང༌། །ཆུ་ཟླ་བཞིན་དུ་གང་དམིགས་དེར་སྣང་བའི། །དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ་བའི་ལྷ། །སངས་རྒྱས་ཀུན་གྱི་རང་བཞིན་འཇམ་པའི་དབྱངས། །གདུག་པ་འདུལ་ཕྱིར་འཇིགས་བྱེད་གཤིན་རྗེ་གཤེད། །ཡེ་ཤེས་ཐུགས་ལས་སྤྲུལ་པའི་ལྷ་མོ་བསྐོར། །ལས་བྱེད་སྤྲུལ་པ་གཤིན་རྗེའི་འཁོར་དང་བཅས། །འདིར་གཤེགས་བརྟན་པར་བདག་ལ་དགོངས་སུ་གསོལ། །ཨོཾ་ཧྲཱིཿཧ་བྷོ་མཧཱ་ཀྲོ་དྷ། ཨཱ་གཙྪ་གཙྪ། ཨསྨཏ་པཱུ་ཛ་པྲ་ཏི་གྲྀཧྞནྟུ་པྲ་སཱ་དྷ་མེ་དྷཱི་མཱ་ན་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཨང་ཀུ་ཤ་ཛཿ སོགས་སམ། བསྡུ་ན། ཛཿཧཱུཾ་བཾ་ཧོཿ ལན་མང་དུ་བརྗོད། བདག་དང་མདུན་གྱི་དཀྱིལ་འཁོར་གཉིས་ཀ་ལ་ཐིམ། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །ཀུན་ལ་སྙོམས་མཛད་རྒྱལ་བ་ཀུན་གྱི་ཡབ། །ཆོས་ཀྱི་


TNT06_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་གྱུར་རྒྱལ་བ་ཀུན་གྱི་ཡུམ། །ཡེ་ཤེས་སེམས་དཔའ་རྒྱལ་བ་ཀུན་གྱི་སྲས། །ཕྱག་འཚལ་འཇམ་པའི་དཔལ་གྱུར་རྫོགས་པ་ཁྱོད། །ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང༌། །སྲིད་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར། །ཐུགས་རྗེ་ཐབས་ཀྱིས་ཁྲོ་རྒྱལ་སྐུར་བསྟན་པ། །འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །ཆོས་རྣམས་ཀུན་དང་རང་བཞིན་དབྱེར་མེད་པ། །སྒྲུབ་མཆོག་བདག་གི་སེམས་ཀྱང་དེ་ལགས་ན། །དེ་དོན་མཚོན་ཕྱིར་རྟགས་ཀྱི་སྐུར་བསྟན་པ། །ཐུགས་ལ་གནས་པའི་ཡེ་ཤེས་འཕྲོས་པའི་ཕྱིར། །ཡེ་ཤེས་སེམས་དཔའི་སྐུ་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཀུན་གྱི་ཡོན་ཏན་རྨད་པོ་ཆེ། །བསམ་འདས་བརྗོད་བྲལ་དཔག་གིས་མི་ལང་ཡང༌། །མི་ཕྱེད་རྡོ་རྗེ་གསུམ་དུ་འདུས་བསྟན་པ། །སྐུ་གསུང་ཐུགས་ཀྱི་ལྷ་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཐམས་ཅད་མཉམ་ཉིད་ཆོས་ཀྱི་སྐུ། །རང་བཞིན་རྣམ་དག་རིགས་བརྒྱུད་མི་མངའ་ཡང༌། །རྣལ་འབྱོར་སྒྲུབ་པ་མཚོན་ཕྱིར་རྒྱས་བཏབ་པ། །དབུ་རྒྱན་རྡོ་རྗེས་མཚན་ལ་ཕྱག་འཚལ་ལོ། །ཡེ་ཤེས་སྣང་མེད་ཆགས་པའི་རྡུལ་བྲལ་ཞིང༌། །འདོད་པའི་ཁམས་ཀྱི་སེམས་ཅན་འདུལ་སླད་དུ། །ཐབས་ལ་མཁས་པས་འདོད་ཡོན་གཟུགས་སུ་སྤྲུལ། །མཆོད་པའི་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །འདི་ཞི་བ་ཡེ་ཤེས་ཀྱི་ལུགས་ཉིད་ཀྱི་དབང་དུ་བྱས་པ་ཡིན། དཀྱུས་ལྟར་ན་མཆོད་པའི་སོགས་ཀྱི་དོད་ལ། མཚམས་ཀྱི་ཁྲོ་མོའི་ཚོགས་ལ་ཕྱག་འཚལ་ལོ། །ཞེས་འདོན་པ་སྤོ། ཆོས་དབྱིངས་སྤྲོས་བྲལ་དབྱིངས་ཀྱི་ཕོ་བྲང་


TNT06_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །གཟུང་འཛིན་བྲལ་བའི་ཡེ་ཤེས་བློ་འཇུག་ཕྱིར། །འཁྲུལ་པའི་བགེགས་ཚོགས་འདུལ་བའི་སྐུར་སྟོན་པ། །གཞལ་ཡས་སྒོ་སྐྱོང་བཞི་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་ལམ་དུ། །བདུད་འདུལ་བསྟན་པ་བསྲུང་བར་ཞལ་བཞེས་པ། །ལས་ཀྱི་གཤིན་རྗེ་མ་མོ་མཁའ་འགྲོ་མ། །འབྱུང་པོ་རོ་ལངས་ཅི་བགྱི་བཀའ་མཉན་ཚོགས། །ཕྱི་ནང་སྐྱོང་བའི་དམ་ཅན་མ་ལུས་ལ། །བདག་ནི་རེ་བའི་སེམས་ཀྱིས་བདུད་ཅིང་མཆིས། །ཞེས་ཕྱག་འཚལ། རྒྱལ་བ་རྣམས་ནི་གཙང་གྱུར་ཅིང༌། །སྨེ་ཡི་རྟོག་པ་མི་མངའ་ཡང༌། །སྲིད་ཞུའི་ཚུལ་གྱི་ཡོན་ཆབ་འདི། །བདེ་གཤེགས་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་ཧྲཱིཿཥྚཱིཿཧཱཿ མཆོད་ཡོན་ནོ། །ཚིགས་བཅད་དེ་ཉིད་དང༌། ཨོཾ་ཧཱུཾ་ཧཱུཾ་ཕཊ། བསང་གཏོར་རོ། །རྒྱལ་བ་རྣམས་ཀྱི་ཡོན་ཏན་མཆོག་གི་སྐུ། །ཚུལ་ཁྲིམས་རྣམ་པར་དག་པའི་དྲི་ངད་ལྡང༌། །ཨོཾ་བི་ཀྲི་ཏཱ་ན་ན། དུཥྟཾ་སཏྭ་ད་མ་ཀ་གཿགཿགཿ བྱང་ཆུབ་ཡན་ལག་རྒྱན་པ་མེ་ཏོག་མཛེས། །ཨོཾ་ཀུ་མ་ར་རཱུ་པི་ནི་ཛ་ཛ་ཛ། ཡེ་ཤེས་ཕོ་བྲང་མཚན་གྱི་མེ་ཏོག་སྤོས། །ཨོཾ་ཧྲཱིཿཧཿཧེ་ཕཊ། མ་རིག་མུན་པ་བྲལ་བས་ཡེ་ཤེས་གསལ། །ཨོཾ་དཱིཔྟ་ལོ་ཙ་ན་བི་ཀྲི་ཏཱ་ན་ན་མཧཱ་ཨཊྚ་ཊྚ་ན་དི་ན་དིཔྟཱ་ཡ་སྭཱཧཱ། ནོར་བདུན་ཡོན་ཏན་ཆོས་ཀྱི་བདུད་རྩིའི་ཟས། །ཨོཾ་ཀཱ་ལ་རཱུ་པ་སརྦ་དུཥྟ་སཏྭ་ད་མ་ཀ་ནཻ་ཝེ་ཏེ་པཱུ་ཛ་ཡ་སྭཱཧཱ། སྒྱུ་མའི་ཆོས་ལ་ཡེ་ཤེས་མངའ་བསྒྱུར་ཞིང༌། །རང་བཞིན་རྣམ་དག་ཆགས་རྡུལ་མི་མངའ་ཡང༌། །བདག་ཅག་སྲིད་ཞུ་གུས་པའི་ཚུལ་གྱིས་སུ། །དྲི་དང་མེ་ཏོག་བདུག་པ་མར་མེ་བཤོས། །དག་


TNT06_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གཙང་མར་བཤམས་ཏེ་ཕུལ་བ་འདིས། །བསོད་ནམས་ཡན་ལག་ཡོངས་སུ་རྫོགས་གྱུར་ཅིག །མཆོད་པའོ། །ཧཱུཾ། འཇམ་དཔལ་མཁའ་ལས་བྱུང་བའི་གསེར་མདོག་ཅན། །འཇམ་དཔལ་ཐུགས་ལས་ཆོས་ཀུན་རང་བཞིན་གསལ། །འཇམ་དཔལ་གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །འཇམ་དཔལ་བདག་ནི་རེ་བའི་སེམས་ཀྱིས་འདུད། །ཐུགས་མཆོག་འཇམ་པའི་ངང་ལས་མ་གཡོས་ཀྱང༌། །ཐུགས་རྗེས་གདུག་པ་འདུལ་ཕྱིར་གཤིན་རྗེ་གཤེད། །འཇིགས་བྱེད་ཆེན་པོ་འཇིགས་པའི་སྐུར་བསྟན་པ། །མི་བཟད་དུས་མཐའ་བསྐལ་པའི་མེ་ལྟར་འབར། །ཞལ་གདངས་ཁྲོ་གཉེར་སྨིན་མ་གློག་ལྟར་འཁྱུག །སྤྱན་བགྲད་མཆེ་བ་གཙིགས་ཤིང་རབ་ཏུ་འབར། །རྡོ་རྗེ་རྟ་སྐད་དྲག་པོ་ཧ་ཧར་བཞད། །མཁའ་འགྲོ་བསྡུད་པའི་ཕཻཾ་སྐད་གནམ་དུ་འདོན། ཁྲོས་པའི་སྟབས་ཀྱིས་ཞབས་བརྡབས་ཁམས་གསུམ་གནོན། །སྡིགས་འཛུབ་གནམ་དུ་གདེངས་ཤིང་ལྷ་ཆེན་འདུལ། །ལྗགས་འགྲིལ་འབར་བའི་ཞལ་གདངས་ཁྲག་གིས་མྱོས། །ལྷ་དང་བཅས་པའི་འཇིག་རྟེན་ཞལ་དུ་གསོལ། །བགེགས་ཆེན་ཀོ་རློན་ཐོད་པའི་འཕྲེང་བས་བརྒྱན། །གཅེར་བུ་འཇིགས་བྱེད་དབང་ཕྱུག་ཆེན་པོའི་ཚུལ། །འཇིགས་བྱེད་མ་ཧེ་ཁྲོས་པའི་ཞལ་གདངས་ཤིང༌། །ཞལ་དགུ་འབར་བས་སྲིད་གསུམ་ཟ་བར་རྔུབ། །སྣ་ཚོགས་འགྲོ་བ་འདུལ་བའི་ཕྱག་རྒྱ་འབར། །བདུད་རིགས་ཀུན་གནོན་ཞབས་ནི་བརྐྱང་བསྐུམ་གནས། །འཇིགས་བྱེད་ཆེན་པོའི་སྐུ་ལ་རྟག་ཏུ་འདུད། །དབུ་དགུ་འབར་


TNT06_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཀྱིལ་འཁོར་ནས། །གཡས་ཀྱི་ཞལ་གསུམ་གདངས་པ་ནི། །མཐིང་ག་དམར་དང་སེར་བའི་ཞལ། །གཡོན་གྱི་ཞལ་གསུམ་གཙིགས་པ་ནི། །དཀར་དང་དུད་ཁ་གནག་པའི་ཞལ། །དབུས་ཀྱི་ཞལ་གསུམ་འབར་བ་ནི། ཁྲོ་དང་ཆགས་དང་ཞི་བའི་ཚུལ། །ཕྱག་རྒྱ་འོད་ཟེར་འབར་བ་སྟེ། །གཡས་ཀྱི་ཕྱག་མཚན་བཅུ་དྲུག་ནི། །བརྡེག་ཅིང་འཇོམས་པའི་མཚོན་ཆ་གདེངས། །གཡོན་གྱི་ཕྱག་མཚན་བཅུ་དྲུག་ནི། །རོལ་ཞིང་སྟབ་པའི་མཚན་མས་མཛེས། །བརྗིད་གནོན་ཞབས་ཀྱི་ཚམ་རྔམ་ལས། །གཡས་ཀྱི་ཞབས་བརྒྱད་བསྐུམ་པ་ནི། །དྲེགས་པའི་ལྷ་བརྒྱད་ཐབས་ཀྱིས་འདུལ། །གཡོན་གྱི་ཞབས་བརྒྱད་བརྐྱང་བ་ནི། །དྲེགས་པའི་ལྷ་མོ་བརྒྱད་ལ་རོལ། །འདོད་ཆགས་ཆེན་པོ་འདུལ་བའི་ཕྱིར། །རྟག་ཏུ་ལིང་ག་རྒྱས་པའི་ཚུལ། །དྲག་པོའི་ཚུལ་གྱིས་ཞེ་སྡང་འདུལ། །འདུལ་བྱེད་སྐུ་ཁྱོད་ལ་ཕྱག་འཚལ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ནས། །བདུད་དང་གཤིན་རྗེ་ཐབས་ཀྱིས་འདུལ། །མ་མོ་མཁའ་འགྲོ་དབང་དུ་བསྡུད། །དབང་ཕྱུག་ཆེ་ལ་ཕྱག་འཚལ་འདུད། །དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས། །དབང་མེད་དད་པས་འདུས་པ་དང༌། །ཡེ་ཤེས་སྤྲུལ་པའི་འཁོར་གྱིས་བསྐོར། །འཁོར་བཅས་ཁྱོད་ལ་ཕྱག་འཚལ་འདུད། །ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས། །ཇི་ལྟ་བུར་ནི་སྤྲུལ་གྱུར་ཀྱང༌། །རྣམ་དག་དབྱིངས་ལས་མ་གཡོས་ཏེ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་ལོ། །ཡང་མཆོད་ཡོན་དང༌། ཨོཾ་བཛྲ་ཤཔྟ་


TNT06_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུཾ། ཨོཾ་དྷརྨ་ར་ཎི་ཏ་སོགས་ཀྱིས་རོལ་མོའི་སྒྲ་བྱའོ། །ནང་མཆོད་ཡི་གེ་བཅུ་པས་བསངས། ཨ་ཀཱ་རོའི་སྔགས་ཀྱིས་སྦྱངས། སྟོང་པའི་ངང་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཨ་ལས་ཐོད་པ་དུམ་བུ་གཅིག་པ། ཕྱི་དཀར་ལ་ནང་དམར་བ། དེའི་ནང་དུ་པདྨ་དང་ཨ་ལས་ཟླ་བའི་གདན། དེའི་སྟེང་དབུས་སུ་ན་ལས་མིའི་ཤ ། ཤར་དུ་གོ་ལས་བ་ལང་གི་ཤ ། ལྷོར་ཀུ་ལས་ཁྱིའི་ཤ ། ནུབ་ཏུ་ད་ལས་རྟའི་ཤ ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ ། དེ་རྣམས་ཀྱི་སྟེང་དུ། དབུས་སུ་ཧཱུཾ་ལས་དྲི་ཆུ། ཤར་དུ་བྷྲུཾ་ལས་དྲི་ཆེན། ལྷོར་ཨཾ་ལས་རཀྟ། ནུབ་ཏུ་ཛྲིཾ་ལས་བྱང་སེམས། བྱང་དུ་ཁཾ་ལས་ཤ་ཆེན་གྱི་དྭངས་མ་རྣམས་སུ་གྱུར། སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེས་ཁ་བཅད་པ། དེའི་ལྟེ་བར་ཡང་ཉི་མ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། རླུང་གཡོས། མེ་སྦར། ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་ཁོལ། ཁ་དོག་དྲི་རོ་ངན་པ་རྣམས་བསྲེགས་ཤིང་སྦྱངས། དེའི་སྟེང་གི་ནམ་མཁའ་ལ་ཨོཾ་ཨཱཿཧཱུཾ། དེ་རྣམས་ལས་འོད་འཕྲོས། སྐུ་གསུམ་ཐུགས་རྡོ་རྗེའི་ལྷ་ཚོགས་སྤྲོས་ཤིང༌། ཁམས་གསུམ་སྣོད་བཅུད་ཐམས་ཅད་ཀྱི་བཀྲག་མདངས་བཅུད་རྣམས་དང༌། ཡེ་ཤེས་ལྷའི་བདུད་རྩི་བཀུག་སྟེ་ཐིམ་པ་དང༌། འདོད་ཡོན་དཔག་ཏུ་མེད་པའི་ཆར་ཕབ་པར་གྱུར། ཨོཾ་ཨཱཿཧཱུཾ། མང་དུ་བརྗོད། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་མཚན་ནས་བརྗོད་དེ་འབུལ། སྔགས་གསུམ་གྱི་མཐར་འབྲུ་གསུམ་བཏགས་པས། བདུད་རྩི་མྱངས་ཏེ་ལྷ་རྣམས་ཚིམས་པར་བསམ།


TNT06_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལས་སྐབས་འདིར་གཏོར་མ་འབུལ་བར་བཤད་པ་ལྟར་འདིར་བྱེད་ན། ཡང་གོང་བཞིན་ནང་མཆོད་ལྟར་གཏོར་མ་བྱིན་གྱིས་རློབ་པའམ། ནང་མཆོད་དང་ལྷན་ཅིག་བྱིན་གྱིས་བརླབས་ཀྱང་རུང་ལ། བཟླས་པའི་རྗེས་སུ་གཏོར་མ་འབུལ་ན། བྱིན་རླབས་ཀྱང་སྐབས་དེ་ཉིད་དུ་བྱ་ཡི། འདིར་མི་བྱའོ། །གཏོར་མ་འབུལ་བ་དངོས་ནི། སྔགས་གསུམ་པོ་རེ་རེའི་མཐར། ཨི་དཾ་ཨ་མྲྀ་ཏཱ་མཧཱ་སྭ་ར་ཧཱུཾ། ཞེས་བཏགས་པ་ལན་གསུམ་ལ་སོགས་པས་གཙོ་བོ་བཅོམ་ལྡན་འདས་ཉིད་ལ་འབུལ། འཇིག་རྟེན་དང་འཇིག་རྟེན་འདས་པའི་ལྷ་ཐམས་ཅད་ལ་ཐུན་མོང་དུ་འབུལ་བ་ནི། ཨོཾ་ཀཱ་ལ་རཱུ་པ་སརྦ་དུཥྟ་སཏྭ་ད་མ་ཀ་མཧཱ་བྷཱུ་ཏ་ཨ་དྷི་པ་དྷི་ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་པ་ཡ་སྭཱཧཱ། ཨོཾ་ཨིནྡྲ་ཡ་ཧྲཱི་ནས། ཕཻཾ་ཕཻཾ་ཕཊ་ཕཊ་སྭཱཧཱའི་བར་སྦྱར་བ་དང༌། ཨ་ཀཱ་རོ་བཏགས་པ་ནི་བསྙེན་པའི་སྐབས་ཀྱི་གཏོར་སྔགས་སོ། །ཀཱ་ལ་རཱུ་པའི་སྔགས་དང༌། ཨོཾ་ཨིནྡྲ་ཡ་སོགས་དེ་དང་འདྲ་བ་ལས། དེའི་མཐར་འདི་འདོགས་ཏེ། ཨོཾ་ཧྲཱྀཿཥྚཱིཿབི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧཱུཾ་ཡེ་མ་མ་ཤཱ་ཏྲུན་ན་ཏྲ་ན་སརྦཱན་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། བི་དྭེ་ཥ་ཡ། ཨུ་ཙ་ཊ་ཡ། ཨུ་ཙ་ཊ་ཡ། སྟཾ་བྷ་ཡ་སྟཾ་བྷ་ཡ་ཧཱུཾ་ཕཊ། སྒྲུབ་པའི་དུས་ཀྱི་གཏོར་སྔགས་སོ། །ཨོཾ་ཀཱ་ལ་རཱུ་པའི་སྔགས་ལ། ཨི་དཾ་བ་ལིང་ཞེས་པའི་ཚབ་ཏུ། ཨི་དཾ་མ་མ་ཤཱ་ཏྲུན་པ་ཏ་བ་ལིང་ཏ་ད་ད་མི་ཞེས་འདོན་པ་བསྒྱུར་ཞིང༌། ཕྱོགས་སྐྱོང་གི་སྔགས་ཀྱི་གཞུག་ཏུ། ཨོཾ་ཧྲཱྀཿཥྚཱིཿཧཱུཾ་མ་མ་ཤཱ་ཏྲཱུཾ་ནི་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་བི་ཀྲྀ་ཏཱ་ན་ན་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧ། ཨི་དཾ་མ་མ་དི་ཤ་ཧཱུཾ། ཁ་ཁ་ཁཱ་ཧི་ཁཱ་ཧི་མ་ར་མ་ར་གྲྀཧྞ་གྲྀཧྞ་བནྡྷ་བནྡྷ་ད་ཧ་ད་ཧ་པ་ཙ་པ་ཙ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཧྲཱྀཿཥྚཱིཿབི་ཀྲི་ཏཱ་ན་ན་མ་མ་ཤཱ་ཏྲུན་ཨ་མུ་ཀཾ་མཛྫ་མེ་ཙ་བ་ས་མཾ་


TNT06_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཛི་ཝཾ་སུ་ཁཾ་རུ་དྷི་ར་པྲི་ཡཾ་བྷཀྵ་ནི་ཨི་དཾ་བ་ལིཾ་ཨ་མྲྀ་ཏ་སྭ་ད་ཡ། གྲྀྀཧྞ་གྲྀྀྀཧྞ་ཁཱ་ཧི་ཁཱ་ཧི་བྷུཉྫ་ཧོ། རཀྟ་ཨརྒྷཾ་གྲྀྀྀཧྞ་གྲྀྀྀཧྞ་ཁཱ་ཧི་ཁཱ་ཧི། པི་བ་ཧོ། ཨི་དཾ་ཨ་ཏི་ཀྲ་མ། ས་མ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ལས་སྦྱོར་གྱི་གཏོར་སྔགས་སོ། །གཏོར་སྔགས་གསུམ་པོ་འདི། ཐོབ་ཐང་ནི་བསྙེན་སྒྲུབ་ལས་གསུམ་སོ་སོའི་སྐབས་སུ་སྦྱོར་རྒྱུ་ཡིན་ཡང༌། ལག་ལེན་ལ་དཀྱུས་ཀྱི་ཉམས་ལེན་སྐབས། བསྙེན་པའི་གཏོར་སྔགས་ལན་བདུན་རེ་དང༌། ངག་བྱང་བའི་ཕྱིར་སྒྲུབ་པ་དང་ལས་སྦྱོར་གྱི་གཏོར་སྔགས་ཀྱང་ཚར་རེ་རེ་དཀྱུས་ལ་ཡང་འདོན་པར་བྱེད་དོ། ཁྱད་པར་གྱི་འཕྲིན་ལས་བསྐུལ་བའི་ཕྱིར། དུར་ཁྲོད་གནས་པའི་གཤིན་རྗེ་ལ་འབུལ་ན། ཡ་མ་རཱ་ཛ་ཡ་མ་རཱ་ཛ་ཡ་མ་རཱ་ཛ། ཨོཾ་ཀཱ་ལ་རཱུ་པ་ནས། གྲྀྀཧྞ་པཱ་ཡ་སྭཱཧཱ། ཞེས་བཏགས་པ་དང༌། དེ་བཞིན་དུ། ས་དོ་མེ་ཡ་ས་དོ་མེ་ཡ་ས་དོ་མེ་ཡ། ཨོཾ་ཀཱ་ལ་རཱུ་པ་སོགས་བཏགས་པ་དང༌། དེས་མཚོན་ཏེ། ནི་རཱ་མ་ཡའི་བར་དུ་སྦྱར་རོ། །དེ་བཞིན་དུ་གཤིན་རྗེ་ཐམས་ཅད་ཀྱི་སྤྱི་བོ་ལས་ཀྱི་གཤིན་རྗེ་འཁོར་བྱེ་བ་ཐེར་འབུམ་དང་བཅས་པ་ལ་དམིགས་ནས། ཡ་མ་སྙིང་ཤ་ཤ་ཛཱཿཛཱཿདུན། ཡ་མ་སྙིང་རཱུ་པ་ཤ ། ཡ་མ་ཨཱ་ཀརྵ་ཡ་ཧཱུཾ་ཕཊ། ཅེས་པ་ལ་ཨོཾ་ཀཱ་ལ་རཱུ་པའི་སྔགས་བཏགས་པ་ལན་བདུན་གྱིས་རི་རབ་ཆེན་པོའི་འོག རྒྱ་མཚོའི་གཏིང་ནས་གནས་པའི་ཆོས་ཀྱི་རྒྱལ་པོ་ལ་འབུལ་ལོ། །སྐབས་འདིར་དཀྱིལ་འཁོར་དང་ཕོ་ཉ་བསྐུལ་པ་བྱས་ནའང་རུང་མོད་ཀྱི། བཟླས་པའི་གཞུག་ཏུ་བྱེད་པ་ཉིད་གཙོ་ཆེའོ། །འདིར་དཀྱིལ་འཁོར་ནང་གི་གཤིན་རྗེ་མོ་བརྒྱད་ནི། ཡེ་ཤེས་ཀྱི་ཁྲོ་མོ། རོ་ལངས་མ་ལ་སོགས་པ་བརྒྱད་གདུལ་བྱ་མ་མོ་བརྒྱད་དང༌། གཤིན་རྗེ་མོ་བརྒྱད་ཀྱི་ཚུལ་བཟུང་བ་ཙམ་ཡིན་ལ། དེ་དག་ལ་གཙོ་བོ་དང་ལྷན་ཅིག་ཏུ་གཏོར་མ་ཕུལ་


TNT06_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

བར་མོས་པས་ཆོག་གི་སྒོས་སུ་མེད་ཀྱང་ཆོག །ཕྱོགས་སྐྱོང་གི་གཏོར་སྔགས་ཀྱིས་དུར་ཁྲོད་གནས་པ་ཐམས་ཅད་ལ་འབུལ་བ་ཡིན་པས། སྔགས་དེ་ལ་འཇིག་རྟེན་པ་སྤྱིའི་གཏོར་སྔགས་ཞེས་བྱ་ལ། མ་གཤིན་བཅུ་དྲུག་ཀྱང་དེའི་ཁོངས་སུ་འདུས་པས་མདོར་བསྡུས་པའི་ཚེ་དེ་ཙམ་གྱིས་ཀྱང་ཆོག་ཅིང༌། ཨ་ཀཱ་རོ་ནི་འཇིག་རྟེན་འཇིག་རྟེན་འདས་པ་གཉིས་ཀའི་ཐུན་མོང་བ། རྒྱུད་གཞན་ལས་འབྱུང་བ་དྲངས་པ་ཡིན་ཡང༌། འདིར་མ་ཟད། ལ་ལི་ཏ་ཆུང་བས་ཀྱང་ནག་པོའི་སྐབས་སུ་བཤད་དོ། །དེ་ལྟ་ན་ཡང་ཁྱད་པར་གྱི་འཕྲིན་ལས་སྒྲུབ་པའི་དོན་དུ། ཁྲོ་རྒྱལ་གཤིན་རྗེ་གཤེད་ཀྱི་བཀའ་ཉན་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར། མ་མོ་གཤིན་རྗེའི་སྒོས་ཀྱི་གཏོར་མ་ཡང་ངེས་པར་བྱེད་དགོས་པ་ནི་ཡིན་ནོ། །དེ་རྗེས་བཟླས་པའི་དམིགས་པ་གསལ་བཏབ་ལ། བདག་མདུན་ཞལ་སྤྲོད་ཀྱི་ཚུལ་དུ་སྔགས་གསུམ་ཅི་ནུས་སུ་བཟླ་ཞིང༌། གཙོ་བོར་ལྷའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་བྱའོ། །སྐྱོ་ལུགས་ཕལ་ཆེར་དུ་རྩ་སྔགས་ལ་ཧཱུཾ་གཉིས་ཕཊ་གཉིས་ཡོད། སྭཱཧཱ་མེད་ལ། ལ་ལར་སྭཱཧཱ་ཡང་ཡོད་པ་དང༌། ཁ་ཅིག་ཏུ་ཧཱུཾ་གཅིག་དང་ཕཊ་གཅིག་དང༌། འགའ་ཞིག་ཏུ་ཧཱུཾ་མེད་པར་ཕཊ་གཉིས་བྱས་པའང་སྣང་བ། རྒྱུད་ཀྱི་སྔགས་བཏུའི་དཔེ་མི་འདྲ་བ་དང༌། སྔགས་བཏུ་མེད་པ་དག་ལ་རྟེན་པ་ལས་བྱུང་བ་ཡིན་ནམ་སེམས་ཤིང༌། འཇིགས་མཛད་ཀྱི་རྒྱུད་རྒྱ་ནག་གི་ཡུལ་ན་བཞུགས་པ་ལ་ཡང་སྔགས་བཏུའི་ལེའུ་མེད་ཅེས་གྲགས་སོ། །ད་ལྟ་བོད་དུ་འགྱུར་བའི་རྟོག་བདུན་ལ་དཔེ་མ་དག་པ་ལ་ཚད་མི་འཇོག །གཞན་ཞང་འགྱུར། རོང་ཟོམ་འགྱུར། རྭ་འགྱུར། མལ་འགྱུར། དཔེ་དག་པོ་ཐམས་ཅད་ན། འགྱུར་བྱང་མེད་པའི་ཚིགས་བཅད་མ་རྣམས་ན། མཆོག་གི་དབང་ཕྱུག་ཅེས་འབྱུང་བས་


TNT06_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཡིག་ཡོད་པ་ཁོ་ན་ཡིན་པས། ཧཱུཾ་ཡིག་མི་བྱེད་པ་ནི་མ་དག་པར་སེམས་ལ། གཞན་ནི་རང་རང་གི་ལུགས་བཞིན་བྱའོ། །སྒྲུབ་པ་དང་ལས་སྦྱོར་གྱི་སྐབས་སུ། དམིགས་པའི་ཁྱད་པར་མི་འདྲ་བ་དང༌། སྔགས་ལ་ཤམ་བུ་འདོགས་ཚུལ་སོགས་གནད་ཅེས་པ་འགའ་རེ་ཡོད་ཀྱང༌། སྐབས་འདིར་མ་བཤད་དོ། ཁོ་བོས་ནི་ལུགས་འདིའི་དབང་བསྐུར་དང༌། མན་ངག་གི་ཡིག་ལུང་སོགས་ཆོས་སྐོར་ཆ་ཚང་བ་ཙམ་ནི་བླ་མ་ལས་ཐོབ། འཛུབ་ཁྲིད་ཞལ་གདམས་དང་ལུང་མཐའ་དག་ཞུ་བའི་ཡུལ་ནི་མ་རྙེད་ཀྱང༌། རྭ་ལུགས་སོགས་བརྒྱུད་པ་གཞན་གྱི་ལུགས་ཀྱི་གདམས་ངག་གིས་གུང་ཁེབས་ཤིང༌། གནད་རིག་པ་ན་དེས་ལྡེ་མིག་ཐོབ་སྟེ། ལུག་འདིའི་རྒྱུད་བཤད་དང༌། མན་ངག་གི་ཡི་གེ་མཐོང་བས་ཀྱང་དོན་རྟོགས་པར་གྱུར་ཏོ། །གང་དག་མན་ངག་གབ་སྟེ་བཞག་པའི་སྤྱི་ཁོག་ཙམ་པ། དཔེར་ན་འཛིམས་པས་བྱས་པའི་སྒྲུབ་དཀྱིལ་ལྟ་བུ་དང༌། ཊཱི་ཀ་སྣ་རེ་ཙམ་མཐོང་བ་ལ་བློ་བརྟད་བཅས། རྒྱབ་རྟེན་དུ་འགྲོ་ལ་རེ་ནས། བསྟན་འགྱུར་ནང་གི་རྒྱ་གཞུང་འགའ་རེ་ལ། རྡུལ་སྤྲུགས་དང་མུར་ཉེད་དུམ་རེ་བྱས་ནས། ཁོ་བོས་སྤྱིར་གཤིན་རྗེ་གཤེད་སྐོར་ཤེས་སོ། །སྒོས་སུ་སྐྱོ་ལུགས་ཤེས་སོ། །མལ་ལུགས་ཤེས་སོ། །སྔ་མ་གཞན་གྱི་ལུགས་ལ་མ་ལྟོས་པར། རང་རྐང་ཚུགས་པ་ཤེས་སོ། །ཞེས་སོགས་ཁ་ཕོ་རྦད་ཤོད་འདོན་མཁན་མང་པོ་བར་སྐབས་སུ་བྱུང་མོད་ཀྱང༌། བླུན་པོའི་ཚོགས་པ་མགོ་བསྐོར་བ་ལས་སྙིང་པོ་ཅུང་ཟད་ཀྱང་ཡོད་པར་མ་མཐོང་ངོ༌། །འདིར་ནི་ཁོ་བོས་ཐོག་མ་རང་ནས་སྨྲ་བ་ལ་རིངས་པར་མ་བྱས་ཏེ། སྐྱོ་པ་རྣམས་ཉིད་ཀྱི་བཞེད་ཚུལ་གང་ཡིན་པ་དེ་ལ་རིང་དུ་སྦྱངས་པ་ན་ཕྱིས་ཁོང་དུ་ཆུད་ནས་ཅུང་ཟད་ཅིག་སྨྲས་སོ། །འཕྲོས་དོན་དོན་ནོ། །བཟླས་པའི་མཐར་སླར་ཡང་ཨོཾ་ཧྲཱྀཿཥྚཱིཿཧཿ སོགས་ཀྱིས་ཕྱི་མཆོད་ནང་མཆོད་ཕུལ། གཏོར་མ་གསར་


TNT06_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་གཏོར་ཁ་གསོས་ནས་སྔོན་བཞིན་གཏོར་མ་ཕུལ་ནའང་ལེགས། བསྡུས་པ་ལ་མོས་ཚེ་བཟླས་པའི་གོང་དུ་ཕུལ་ན་འདིར་མི་དགོས་ལ། འདིར་འབུལ་ན་གོང་དུ་མི་དགོས་སོ། །སྔར་བཤད་པའི་ཕྱག་འཚལ་ལམ་བསྟོད་པ་གང་རུང་ཞིག་གིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་བྱ་སྟེ་སྤྱི་འགྲོས་ཡིན། དེ་ནས་བསྐུལ་བ་བྱ་སྟེ། ཧཱུཾ། དཀོན་མཆོག་གསུམ་གྱི་སྐུ་དགྲ་སོགས། །སྒྱུ་ལུས་ཕུང་པོའི་གཏོར་གཞོང་ན། །དོན་སྙིང་རྣམ་ལྔའི་གཏོར་མས་བཀང༌། །རྣམ་ཤེས་བརྒྱད་ཀྱི་མེ་ཏོག་བཀྲམ། །མདངས་ཀྱི་མར་མེ་དབུགས་ཀྱི་སྤོས། །ཆུ་སེར་དྲི་ཆབ་སྦྱར་བ་དང༌། །དམར་ཆེན་ཨར་གྷར་བཅས་པ་དང༌། །རང་བྱུང་བདུད་རྩིར་ལྔར་བཅས་འདི། །འཇམ་དཔལ་ནག་པོའི་མཆོད་རྫས་ཏེ། །རོལ་གཅིག་གསོལ་ཅིག་ནག་པོའི་ཚོགས། །འཇིགས་མཛད་ཆེ་ལ་མཆོད་པར་འབུལ། །མཆོད་པར་བཞེས་ཤིག་དངོས་གྲུབ་སྩོལ། །ཧཱུཾ། བཅོམ་ལྡན་འཇམ་དཔལ་ཁྲོས་པ་ཡི། །སྐུ་ལས་སྤྲུལ་པའི་ཕོ་ཉ་ནི། །ཡེ་ཤེས་ཁྲོ་བོ་རྔམ་པའི་ཚོགས། །བྱེ་བ་གྲངས་མེད་བསམ་ལས་འདས། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཡང་སྤྲུལ་ཕོ་ཉ་མ་རུངས་པ། །མཁའ་འགྲོ་མ་དང་སྲིན་པོ་དང༌། །མ་མོ་གཤིན་རྗེ་འབྱུང་པོའི་ཚོགས། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །གསུམ་སྤྲུལ་ཕོ་ཉ་གདུག་པ་ཅན། །མི་བཟད་བྱ་དང་གཅན་གཟན་དང༌། །རྭ་ཅན་སྦྲུལ་གདུག་སྲོག་ཆགས་ཚོགས། །མཁའ་དབྱིངས་ཁྱབ་པའི་དུས་ལ་བབ། །བྷྱོཿ བྱང་ཤར་དུས་ཀྱི་མཚན་མོ་ནི། །གཅེར་བུ་མཐིང་ནག་རལ་པ་གཡོ། །ཞལ་གཅིག་ཕྱག་གཉིས་ལྗགས་ཀྱང་བསྐྱོད། །ཕྱག་ན་གྲི་གུག་


TNT06_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་བསྣམས། །ཆིབས་སུ་རྨ་བྱ་འོད་ལྡན་ཆིབས། །གདུག་ཅན་མ་ལུས་འགུགས་མཛད་མ། །འཇམ་པའི་རྡོ་རྗེའི་བཀའ་མནོས་ནས། །གསོད་བྱེད་ཆེན་པོ་དགྲ་ལ་ཡཱ། །བྷྱོཿ ནུབ་བྱང་གཤིན་རྗེ་བེ་ཅོན་མ། །གཅེར་བུ་མཐིང་ནག༴ ཞལ་གཅིག༴ ཕྱག་ན༴ ཆིབས་སུ་ཀང་ཀ་མཆུ་རིངས་ཆིབས། །གདུག་ཅན༴ འཇམ་དཔའི༴ གསོད་བྱེད་ཆེན་མོ་དགྲ་ལ་ཡཱ། །དེ་གཉིས་ཀྱིས་འོག་མ་རྣམས་ལའང་རིགས་འགྲེ། བྷྱོཿ ལྷོ་ནུབ་གཤིན་རྗེ་མཆེ་བ་མ། །གཅེར་བུ་མཐིང་ནག༴ ཞལ་གཅིག༴ ཕྱག་ན༴ ཆིབས་སུ་མཐིང་རིལ་སྔོན་མོ་ཆིབས། །གདུག་ཅན༴ འཇམ་དཔའི༴ མྱོས་བྱེད་ཆེན་མོ་དགྲ་ལ་ཡཱ། །བྷྱོཿ ཤར་ལྷོར་གཤིན་རྗེ་ཕོ་ཉ་མ། །གཅེར་བུ་མཐིང་ནག༴ ཞལ་གཅིག༴ ཕྱག་ན༴ ཆིབས་སུ་ཉ་ཁྲ་སྐྱ་མོ་ཆིབས། །གདུག་ཅན༴ འཇམ་དཔའི༴ མྱོས་བྱེད་ཆེན་མོ་དགྲ་ལ་ཡཱ། །བྷྱོཿ ཤར་ཕྱོགས་གཤིན་རྗེ་ལྕགས་ཀྱུ་མ། །གཅེར་བུ་མཐིང་ནག༴ ཞལ་གཅིག༴ ཕྱག་ན༴ ཆིབས་སུ་ཤ་ཟ་བྱ་རྒོད་ཆིབས། །གདུག་ཅན༴ འཇམ་དཔའི༴ ཁྲག་འཐུང་ཆེན་མོ་དགྲ་ལ་ཡཱ། །བྷྱོཿ ལྷོ་ཕྱོགས་གཤིན་རྗེ་ཞགས་པ་མོ། །གཅེར་བུ་མཐིང་ནག༴ ཞལ་གཅིག༴ ཕྱག་ན༴ ཆིབས་སུ་མུན་མཐོང་འུག་པ་ཆིབས། །གདུག་ཅན༴ འཇམ་དཔའི༴ ཁྲག་འཐུང་ཆེན་མོ་དགྲ་ལ་ཡཱ། །བྷྱོཿ ནུབ་ཕྱོགས་གཤིན་རྗེ་ལུགས་བརྒྱུད་མ། །གཅེར་བུ་མཐིང་ནག༴ ཞལ་གཅིག༴ ཕྱག་ན༴ ཆིབས་སུ་གསོད་བྱེད་ཧོར་པ་ཆིབས། །གདུག་ཅན༴ འཇམ་དཔའི༴ འཁོར་བྱེད་ཆེན་མོ་དགྲ་ལ་ཡཱ། །བྷྱོཿ བྱང་ཕྱོགས་གཤིན་རྗེ་འབེབས་པ་མོ། །གཅེར་བུ་མཐིང་ནག༴ ཞལ་གཅིག༴ ཕྱག་ན༴ ཆིབས་སུ་བྱ་རོག་རྔམ་པ་ཆིབས། །གདུག་ཅན༴ འཇམ་དཔའི༴ འཁོར་བྱེད་ཆེན་མོ་དགྲ་ལ་ཡཱ། །ཡང་ན་མཚམས་མ་བཞི་བྱ་རྒོད་སོགས་དང༌། ཕྱོགས་ཀྱི་བཞི་སྐྱར་མོ་མཐིང་རིལ་ཀང་ཀ་རྨ་བྱ་དང་སྦྱར་བའང་རུང་ངོ༌། །འཇིགས་ཆེན་ལྷོ་ཕྱོགས་དུར་ཁྲོད་ནས། །སྐུ་དགྲ་སྒྲོལ་བྱེད་ཕོ་ཉ་ནི། །གསོད་བྱེད་གཤིན་རྗེ་དྲག་ཤུལ་ཅན། །གད་རྒྱངས་ཆེན་པོས་སྟོང་གསུམ་འགེངས། །སྤྲུལ་པ་གནམ་ས་ཁྱབ་པར་སྤྲོ། །སྔོོན་


TNT06_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དམ་ཚིག་དྲན་བྱས་ཏེ། །རྔམ་སྟབས་ཆེན་པོས་རྒྱུག་ཅིང་འོང༌། །ཕོ་ཉ་བྲན་གཡོག་ཚོགས་དང་བཅས། །དམ་རྫས་མཆོད་པ་འདི་བཞེས་ཤིག །ཤླཽ་ཀ་འདི་གཉིས་འོག་མ་ཀུན་ལའང་རིགས་འགྲེའོ། །ལྷོ་ཕྱོགས་ཞེས་ནུབ་ཕྱོགས་སོགས་སུ་འདོན་པ་བསྒྱུར་རོ། །ཡཱ། ཆོས་ཀྱི་རྒྱལ་པོའི་དུས་ལ་བབ། །ཡ་མཱན་ཏ་ཀའི་ཕོ་ཉ་སྟེ། །སྐུ་མདོག་མཐིང་ནག་འཇིགས་པ་ལ། །གཡས་པ་དབྱུག་ཏོ་འབར་བ་འཕྱར། །གཡོན་པ་མི་ཐོད་སྙིང་བཅས་འཛིན། །ཆིབས་སུ་མ་ཧེ་སྔོན་ནག་ཆིབས། །རྒྱུ་མ་མི་མགོའི་དོ་ཤལ་ཅན། །ཁམས་གསུམ་སྲོག་ལ་དབང་བྱེད་པ། །འཁོར་ནི་མ་མོ་འབུམ་གྱིས་བསྐོར། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །དགྲ་བགེགས་བྱད་མ་དབང་དུ་བསྡུས། །དམ་ཉམས་དགྲ་བོ་འདི་ལོང་ཅིག །དུས་ལ་བབ་པོ་ས་མ་ཡཱ། །ཨཱེ། མགོ་དགུ་བརྩེགས་པ་རྐང་བརྒྱ་མོ། །ཆོས་ཀྱི་རྒྱལ་པོའི་ཆུང་མ་སྟེ། །སྲོག་དབུགས་ཀུན་གྱི་མངའ་བདག་མ། །འགལ་བྱེད་མ་ལུས་ཁཱ་རཾ་ཁཱ་ཧི། །བསྟན་པ་བཤིག་པའི་དགྲ་བོ་འདི། །བདུད་ཕོ་བཅུ་ཡིས་ཁྲམ་ལ་ཐོབ། །འཆི་བདག་འཁོར་ལོའི་ཕྱག་ཏུ་གཏོད། །གྱིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །ས་མ་ཡཱ། ནུབ་ཕྱོགས༴ ཡཱ། ཏེལ་པ་ནག་པོའི་དུས་ལ་བབ། །ཡ་མཱན༴ སྐུ་མདོག་སྨུག་ནག་དུག་གི་འོད། །ཕྱག་གཡས་འབྱེད་བྱེད་བེ་ཅོན་བསྣམས། །གཡོན་པ་འབིགས་བྱེད་མདའ་གཞུ་འཛིན། །ཆིབས་སུ་རྔ་མོང་གྭ་པ་ཆིབས། །དུག་ཅན་འབར་བ་སྦྲུལ་གྱིས་བརྒྱན། ཁམས་གསུམ༴ འཁོར་ནི༴ ཤ་ཁྲག༴ དགྲ་བགེགས༴ དམ་ཉམས༴ དུས་ལ༴ ཨཱེ། ཁྲོས་མ་


TNT06_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ་ཕག་མགོ་ཅན། །ཡབ་གཅིག་ཏེལ་པའི་ཆུང་མ་སྟེ། ཁྱོད་ནི་ཁྲག་བདག་ཆེན་མོ་ཡིན། །འགལ་བྱེད༴ བསྟན་པ༴ བདུད་ཕོ༴ འཆི་བདག༴ གྱིང་ཆེན༴ ས་མ་ཡཱ། །བྱང་ཕྱོགས༴ ཡཱ། ཨ་ཝ་གླང་མགོའི་དུས་ལ་བབ། །ཡ་མཱན༴ སྐུ་མདོག་དུད་ཁ་ཁྱབ་པ་ལ། །ཕྱག་གཡས་འཛིན་བྱེད་ལྕགས་ཀྱུ་ཐོགས། །གཡོན་པ་འཆིང་བྱེད་ཞགས་པ་བསྣམས། །ཆིབས་སུ་དྲེ་རྟ་རྐང་གསུམ་ཆིབས། །རླུང་ནག་འཁྱིལ་བའི་ནང་ནས་བཞེངས། ཁམས་གསུམ༴ འཁོར་ནི༴ ཤ་ཁྲག༴ དགྲ་བགེགས༴ དམ་ཉམས༴ དུས་ལ༴ ཨཱེ། ཁ་བརྒྱ་ཆེན་མོ་མཐུ་མོ་ཆེ། །ཨ་ཝ་གླང་མགོའི་ཆུང་མ་སྟེ། །ནད་དང་རིམས་ཀྱི་བདག་མོ་ཡིན། །འགལ་བྱེད༴ བསྟན་པ༴ བདུད་ཕོ༴ འཆི་བདག༴ གྱིང་ཆེན༴ ས་མཱ་ཡ། ཤར་ཕྱོགས༴ ཡཱ། སྲོག་བདག་ཡ་བ་ཏི་ཡི་དུས་ལ་བབ། །ཡ་མཱན༴ སྐུ་མདོག་སྔོ་སྐྱ་རབ་ཏུ་འབར། །ཕྱག་གཡས་སྲོག་གཅོད་རལ་གྲི་ཐོགས། །གཡོན་པ་དགྲ་སྟ་དམ་ཉམས་སྒྲོལ། །ཆིབས་སུ་ཆུ་གླང་ཁྲོས་པ་ཆིབས། །ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་འགྲོ། ཁམས་གསུམ༴ འཁོར་ནི༴ ཤ་ཁྲག༴ དགྲ་བགེགས༴ དམ་ཉམས༴ དུས་ལ༴ ཨཱེ་དཀར་མོ་ཆེན་མོ་ཤེལ་མིག་མ། །ཡ་བ་ཏི་ཡི་ཆུང་མ་སྟེ། །སྲོག་གི་བདག་མོ་རྩེ་གསུམ་ཐོགས། །འགལ་བྱེད༴ བསྟན་པ༴ བདུད་ཕོ༴ འཆི་བདག༴ གྱིང་ཆེན༴ ས་མ་ཡཱ། ཤར་ལྷོ༴ ཡཱ། གཤིན་རྗེ་མིག་དམར་དུས་ལ་བབ། །ཡ་མཱན༴ སྐུ་མདོག་དམར་པོ་མེ་འོད་འདྲ། །ཕྱག་གཡས་གཅོད་བྱེད་རལ་གྲི་བསྣམས། །གཡོན་པ་དམ་ཉམས་མགོ་ལུས་འབྲེལ། །ཆིབས་སུ་ལྐུག་པ་ལུག་ལ་ཆིབས། །ཤ་ཁྲག་རློན་པ་ཟ་བར་བྱེད། ཁམས་གསུམ༴ འཁོར་ནི༴ ཤ་ཁྲག༴ དགྲ་བགེགས༴ དམ་ཉམས༴ དུས་ལ༴


TNT06_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱེ། མིག་སྟོང་འབར་མ་མཐུ་མོ་ཆེ། །སྲོག་བདག་མིག་དམར་ཆུང་མ་སྟེ། །འཕྲོག་མ་ཆེན་མོ་མ་རུངས་མ། །འགལ་བྱེད༴ བསྟན་པ༴ བདུད་ཕོ༴ འཆི་བདག༴ གྱིང་ཆེན༴ ས་མ་ཡཱ། ལྷོ་ནུབ༴ ཡཱ། གཤིན་རྗེ་ཕྱ་སངས་དུས་ལ་བབ། །ཡ་མཱན༴ སྐུ་མདོག་ཐལ་སྐྱ་རབ་ཏུ་འབར། །ཕྱག་གཡས་འཁོར་ལོ་འབར་བ་བསྐོར། །གཡོན་པ་ཚེ་སྲོག་བུམ་པ་བསྣམས། །ཆིབས་སུ་ཉི་ཟླའི་འཁོར་ལོ་ཆིབས། །མི་མགོ་རློན་པས་ལུས་ལ་བརྒྱན། ཁམས་གསུམ༴ འཁོར་ནི༴ ཤ་ཁྲག༴ དགྲ་བགེགས༴ དམ་ཉམས༴ དུས་ལ༴ ཨཱེ། མ་མོ་དྲེད་ཀྱི་ཨབ་གཤམ་ཅན། །རྒྱལ་ཆེན་ཕྱ་སངས་ཆུང་མ་སྟེ། །སྨྱོ་བྱེད་ཆེན་མོ་མཁའ་དབྱུག་ཐོགས། །འགལ་བྱེད༴ བསྟན་པ༴ བདུད་ཕོ༴ འཆི་བདག༴ གྱིང་ཆེན༴ ས་མ་ཡཱ། ནུབ་བྱང་༴ ཡཱ། གཤིན་རྗེ་སྨིགས་པའི་དུས་ལ་བབ། །ཡ་མཱན༴ སྐུ་མདོག་སེར་ནག་འབར་བ་ལ། །ཕྱག་གཡས་དབང་བསྡུད་ཞགས་པ་བསྣམས། །གཡོན་པ་འཇོམས་བྱེད་མདུང་ཐུང་འཛིན། །ཆིབས་སུ་སྨྱོ་འགྲོས་ཤ་བ་ཆིབས། །ཕ་རོལ་གཞན་གྱི་སྲོག་གཅོད་མཁན། ཁམས་གསུམ༴ འཁོར་ནི༴ ཤ་ཁྲག༴ དགྲ་བགེགས༴ དམ་ཉམས༴ དུས་ལ༴ ཨཱེ། མགོ་དགུ་འབར་བའི་ལག་བརྒྱ་མ། །ཡབ་ཅིག་སྨིགས་པའི་ཆུང་མ་སྟེ། །དབང་པོ་ལྔ་དང་བཅུད་ཀྱི་བདག །འགལ་བྱེད༴ བསྟན་པ༴ བདུད་ཕོ༴ འཆི་བདག༴ གྱིང་ཆེན༴ ས་མ་ཡཱ། བྱང་ཤར༴ ཡཱ། རལ་པ་ཚར་དགུའི་དུས་ལ་བབ། །ཡ་མཱན༴ སྐུ་མདོག་ལྗང་ནག་མུན་ལྟར་གཏིབས། །ཕྱག་གཡས་བདུད་ཀྱི་ཁྲམ་ཤིང་ཐོགས། །གཡོན་པ་རྒྱུ་ཞགས་གློག་ལྟར་འཕེན། །ཆིབས་སུ་དུག་སྦྲུལ་ནག་པོ་ཆིབས། །རོལ་པ་ཆེན་པོ་གཤིན་རྗེ་གཤེད། །རྒྱ་མཚོའི་རྦ་རླབས་བཞིན་དུ་འཁྲུག །


TNT06_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

སྦལ་པ་ནག་པོ་མི་ཟན་བསྣམས། །དུག་ཅན་ལུས་ལ་འཕྱང་ཕྲུལ་བརྒྱན། ཁམས་གསུམ༴ འཁོར་ནི༴ ཤ་ཁྲག༴ དགྲ་བགེགས༴ དམ་ཉམས༴ དུས་ལ༴ ཨཱེ། མ་མོ་རི་ནག་འཁྱིལ་པ་མོ། །རལ་པ་ཚར་དགུའི་ཆུང་མ་སྟེ། །ཕུང་བྱེད་བདག་མོ་ཐོད་ཁྲག་འཛིན། །འགལ་བྱེད༴ བསྟན་པ༴ བདུད་ཕོ༴ འཆི་བདག༴ གྱིང་ཆེན༴ ས་མ་ཡཱ། གཤིན་རྗེའི་རྒྱལ་པོ་ཁྱེད་རྣམས་ཀྱང༌། །ཚངས་པ་དང་ནི་འཇུག་སྲེད་པོ། །ལྷ་གདོན་དྲག་པོ་མ་རུངས་པ། །བསྐུལ་ཞིག་བསྐུལ་ཞིག་ལས་ལ་ཆོས། །སྡིག་ཅན་བསྟན་དགྲ་ངན་སེམས་ཅན། །ཚེ་སྲོག་རྐུས་ལ་ལུས་སེམས་ཕྲོལ། །དབང་པོ་སྡོམས་ལ་གནད་དུ་གཟིར། །ལྷ་དང་ཕྲོལ་ཞིག་བརླག་པར་བགྱིས། །ཧཱུཾ་ཡཱ་འཇིགས་བྱེད་ཆེན་པོའི་བཀའ་བྱུང་གི ། གདུག་བྱེད་གཤིན་རྗེ་ཕོ་མོ་ལས་ལ་ཡཱ། །འདི་ནས་བྱང་ཕྱོགས་རི་རབ་ལྷུན་པོའི་རྨད། །རྒྱ་མཚོ་ཆེན་པོའི་གཏིང་རུམ་ནས། །དཔག་ཚད་བརྒྱ་ཁྲི་འདས་པའི་འོག །རྒྱ་གྲམ་རླུང་གི་བར་དག་ནས། །ཐོད་པ་ལྕགས་ཀྱི་མུན་ཁང་ནས། །ཡ་མ་རཱ་ཛ་གཤེགས་སུ་གསོལ། །བྱེ་བ་གུང་རིང་སུ་མི་བཟློག །སྲིན་མོ་དུག་ཧྲུལ་གཉིས་མེད་རོལ། །སྐུ་མདོག་མཐིང་ནག་འབར་བ་ལ། །རྒྱུ་མ་མགོ་འཕྲེང་ལུས་ལ་དཀྲིས། །མི་ལྤགས་ཤུན་ཆེན་སྣ་ཚོགས་དང༌། །རོ་རས་ནག་པོ་གོས་སུ་གྱོན། །གཡས་ན་གསོད་བྱེད་རལ་གྲི་འཕྱར། །གཡོན་པ་འཁོར་ལོ་ཞགས་པ་འཕེན། ཁ་ནས་མེ་འབར་ཐོག་སེར་འབེབས། །བདུད་པོ་མི་བཟད་སྐྱེ་འགྲོའི་བདུད། ཁྱོད་ནི་གཤིན་རྗེའི་སྡེ་དཔོན་ཏེ། །བམ་ཆེན་ཕུང་པོའི་གདན་ལ་བཞུགས། །གསོད་བྱེད་དྲེགས་པ་ཀུན་


TNT06_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྤྱི་ལ་གནས། །ཕོ་ཉ་གྱད་ཆེན་ཁྱེད་ཀྱི་དགྱེས་བདེ་མོ། །བདུད་མོ་ཁྲག་གི་རལ་པ་ཅན། །སྲིད་གསུམ་ལྟོ་ན་འཆང་བ་མོ། །ཤ་ཁྲག་སྲོག་དབུགས་བདག་མོ་སྟེ། །ལས་ཀྱི་རླུང་དམར་ཞོན་ནས་རྒྱུག །འདུ་བ་རྣམ་བཞིའི་ནད་གཏོང་མ། །ཕྱག་ན་ཐོད་པ་ཐོགས་ཏེ་ཁྲག་ལ་རོལ། །ད་འདྲའི་བཙུན་མོ་སྲས་དང་བློན་པོ་དང༌། །གཡོག་འཁོར་བྱེ་བ་སྟོང་དང་བཅས། །སྡེ་བརྒྱད་མ་ལུས་བྲན་དུ་འཁོལ། །ཡི་དྭགས་མ་མོ་ཕོ་ཉར་འགྱེད། །ཟས་སུ་དགྲ་བགེགས་སྲོག་དབུགས་ཟ། །ལས་སུ་འགུགས་དང་གསོད་ལ་དགའ། ཁྱོད་ལ་འཕྲིན་ལས་བཅོལ་བ་ནི། །བསྟན་པ་འཇིག་པའི་དགྲ་བོ་འདི། །གང་ན་འདུག་ཀྱང་མྱུར་དུ་ཁུག །ཁྲམ་ལ་ཐོབ་ཅིག་ལྟོང་ལ་རྒྱུས། ཁྲག་མདའ་བུ་ཡུག་ཆར་ལྟར་ཕོབ། །ཐར་མེད་ཁྲི་མོན་ཆེན་པོར་ཆུབ། །མྱོས་པར་གྱིས་ཤིག་སྲོག་དང་ཕྲོལ། །འཆི་བདག་གཤིན་རྗེ་ལས་ལ་ཡཱ། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཅེས་བསྐུལ། གཞན་ཡང་ཕྱོགས་སྐྱོང་བ་བཅུ་བསྐུལ་བ་སོགས་བྱས་ནས། སྒྲུབ་པའི་སྐབས་ཡིན་ན། འདྲུབ་ཁུང་བསྐྱེད་ཅིང་ལིང་ག་དགུག་གཞུག་སྒྲོལ་ཆོག་ཞལ་དུ་བསྟབ་པ། སླར་ཡང་མཆོད་པ་བསྟོད་དང༌། འཇིགས་མཛད་ཆེན་པོའི་གཡས་པ་ཡིས། །ཞེས་སོགས་སླར་ཡང་ཕོ་ཉ་བསྐུལ་ལོ། །བསྙེན་པའི་སྐབས་དེ་རྣམས་མི་དགོས་སོ། །བསྙེན་སྒྲུབ་གཉིས་ཀ་ལ་མཐར་ཐུན་གཏོར་གཏོར་སྟེགས་ཀྱི་ཁར་སྐྱེལ་བའམ། །ཟོར་དུ་འཕང་ངོ༌། །བསྙེན་པའི་སྐབས་ལས་ཀྱི་གཤིན་རྗེའི་སྔགས་བཟླ་བ་


TNT06_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་དགོས་པ་མིན་ཡང༌། ཅུང་ཟད་ཙམ་བཟླ་བར་སྤྲོ་ན། གོང་བཟླས་པའི་འཇུག་ཏུའམ་སྐབས་འདིར་བྱ་སྟེ། དེ་ཡང་རྩ་སྔགས་ཀྱི་མཐར་བཏགས་ཏེ་བཟླ་ཞིང༌། དེ་ལ་ཚེ་སྤེལ་སྔགས་བཏགས་ཏེ་ཡང་བཟླའོ། །སླར་ཡང་ཧྲཱྀཿཥྚཱིཿཧཿལ་སོགས་པའི་ཕྱི་མཆོད་དང༌། བདུད་རྩི་ལྔ་ལ་སོགས་པའི་ནང་མཆོད་ཕུལ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ངོ་བོ། དཔལ་ཆེན་པོ་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས་རྣམས་ཀྱིས། བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་སོགས་འདོད་དོན་གསོལ་བ་བཏབ། དེ་ནས་ཡིག་བརྒྱ་བཟོད་གསོལ་བྱ། སྤྲོས་མེད་མཁའ་ལྟར་ཁྱབ་པའི་སྐུ་མཆོག་ནི། །མི་གནས་ཕྱིར་ན་གཤེགས་པ་མི་མངའ་ཡང༌། །སྲིད་ཞུའི་ཚུལ་གྱིས་གཤེགས་སུ་གསོལ་བ་འདིས། །བདག་དང་གཞན་བཅས་སྒྲིབ་པ་བྲལ་གྱུར་ཅིག །ཨོཾ་ཛ་ཡ་ཛ་ཡ་སུ་ཛ་ཡ། བི་ཤྭ་རཱུ་པ་དྷ་རི། གཙྪ་གཙྪ་སྭ་བྷཱ་ཝ་ནཾ། ཀྲི་ཏ་ན་ཏཱེ་ན་ཏ་ཐཱ་གཙྪ་སརྦ་བུདྡྷ་ཤྩ་བི་ས་ཛ་ཡ། མ་མ་ཀརྻཾ་ཀུ་རུ་སྭཱཧཱ། ཞེས་མདུན་བསྐྱེད་དཀྱིལ་འཁོར་གྱི་འདས་མ་འདས་ཀྱི་ལྷ་ཚོགས་གསར་དུ་སྤྱན་དྲངས་པ་རྣམས་གཤེགས་སུ་གསོལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་གྱུར། ཅེས་པ་ནས། གཞལ་ཡས་ཁང་འོད་དུ་ཞུ་སྟེ། མདུན་བསྐྱེད་དམ་ཚིག་པའི་ལྷ་རྣམས་ལ་ཐིམ། ལྷ་མོ་བརྒྱད་གཙོ་བོའི་ཐུགས་ཀར་ཐིམ། མདུན་བསྐྱེད་གཙོ་བོ་ཡང་རང་གི་ཐུགས་ཀར་ཐིམ། དེ་ཡང་རིམ་གྱིས་འོད་གསལ་དུ་ཞུགས་པ་ནས། དགེ་བ་བསྔོ་བའི་


TNT06_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

བར་གོང་བཞིན་ནོ། །འདིའི་སྦྱང་བྱ་སྦྱོང་བྱེད་སྦྱོར་ཚུལ་ནི། གཞན་རྣམས་དཔའ་བོ་གཅིག་པའི་སྐབས་དང་འདྲ། མདུན་བསྐྱེད་དཀྱིལ་འཁོར་ནི་རང་དང་ལས་མཐུན་པའི་གནས་གྲོགས་འཁོར་རྣམས་སྦྱོང་ལ། ཡེ་ཤེས་པ་ལྷན་ཅིག་བསྟིམ་པ་ནི། ཕྱི་དོན་དུ་སྣང་ཡང་རང་སེམས་ཀྱི་རྣམ་འཕྲུལ་ཡིན་པ་མཚོན་ནོ། །གོང་གི་གཏོར་ཆོག་ཉིད་ལ་མདུན་བསྐྱེད་ཀྱི་གཏོར་མ་རྒྱས་པར་འདུས་པས། ཐུན་མཚམས་ཀྱི་གཏོར་མ་ལོགས་པ་མི་དགོས་སོ། །འོན་ཀྱང་འཛིམས་པས་ནི། ཐུན་ནང་དུ་གཏོར་ཆོག་རྒྱས་པ་སྐྱོ་པའི་མན་ངག་ལུགས་དེ་མི་བྱེད་པར། ཐུན་མཚམས་གཏོར་མའི་དུས། ལ་ལི་ཏ་ཆུང་བས་མཛད་པའི་གཏོར་ཆོག་ཞེ་དགུ་མའི་ཆ་ལག་དེ་ཁ་འདིར་སྦྱོར་ལ། ཡང་ཕྱིས་ཀྱི་འགའ་ཞིག །ཨོཾ་ཡ་མ་དུ་ཏཱི་ནཱི་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྟི་ནཱི་ཧཱུཾ་ཕཊ། ཨོཾ་ཡ་མ་དནྜཱི་ནཱི་ཧཱུཾ་ཕཊ། ཨོཾ་ཡ་མ་ཀཱ་ལ་རཱ་ཏྲི་ཧཱུཾ་ཕཊ། ཨོཾ་ཡ་མ་ཨང་གུ་ཤཱ་ཧཱུཾ་ཕཊ། ཨོཾ་ཡ་མ་ཀཱ་ལ་པཱ་ཤཱ་ཧཱུཾ་ཕཊ། ཨོཾ་ཡ་མཱ་ཤྲིཾ་ཁ་ལཱ་ཧཱུཾ་ཕཊ། ཨོཾ་ཡ་མཱ་ཨ་བེ་ཤཱ་ཧཱུཾ་ཕཊ། ཅེས་པའང་གཏོར་མ་དང་མཆོད་སྔགས་ལ་སྦྱོར་བ་གནང་བ་གཞུང་དང་མན་ངག་གི་ཁུངས་ཡོད་ན་ནི་ལེགས་ཀྱང༌། རྒྱ་བོད་ཀྱི་ཡིག་རྙིང་ན་འདུག་པ་བདག་གིས་ནི་མ་མཐོང་ངོ༌། །འཇམ་དཔལ་ཡེ་ཤེས་ཀྱིས་མཛད་པའི་སྒྲོན་མེ་དྲུག་པ་ཞེས་བྱ་བའི་གཞུང་ཞིག་ཡོད་དེ། བསྙེན་པ། སྒྲུབ་པ། སྤོགས་ཆོག །འཇིག་རྟེན་ལྷ། སྒོམ་བཟླས། རྫོགས་པའི་རིམ་པ་སྟེ་ལེའུ་དྲུག་གོ །དེའི་དྲུག་པ་ནི་རྭ་རྩེ་སེམས་འཛིན་སྟོན་བྱེད་ཡིན་ལ། དང་པོ་ནི། རྭ་གཡས་གནས་པ་སྔོ་དང་དམར། །ཞེས་རྭ་ཞལ་གསལ་བ་ཙམ་དང༌། ལྔ་པ་ན་འཁོར་ཞལ་ཡོད་པས། སློབ་དཔོན་དེ་འཁོར་ཞལ་དང་རྭ་ཞལ་གཉིས་ཀ་གདམ་ཀ་བཞེད་པར་མངོན་ལ། དང་པོ་དང་ལྔ་པ་གཉིས་ཀར་ནས་མངོན་རྟོགས་རེ་སྟོན་པ།


TNT06_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་དཀྱིལ་འཁོར་རྒྱས་པ་སྐྱེད་མི་སྐྱེད་ཀྱི་ཁྱད་མ་གཏོགས། ཞི་བ་ཡེ་ཤེས་དང་གུང་འགྲིག་སྟེ། བྲིས་སྐུ་སོགས་ལ་དམིགས་ཤིང༌། བདག་མདུན་ཞལ་སྤྲོད་གྲོགས་པོ་ལྟ་བུའི་ཚུལ་གྱིས་བསྙེན་པ་ཡིན་ནོ། །སྐྱོ་ལུགས་པ་རྣམས་ཀྱི་སྒྲུབ་པའི་ལག་ལེན་རྣམས། འདིའི་ལེའུ་གཉིས་པ་ལ་གཙོ་བོར་བརྟེན་ནས་མཛད་ཅིང༌། རྟོག་བདུན་གྱི་དངོས་བསྟན་ཐུན་མོང་མ་ཡིན་པའི་འཁོར་ལོ། སྙོས་རྭ་སྐྱོ་གསུམ་གྱི་ཕྱག་ལེན་མཛད་པ་འདི་ཡང༌། གཞུང་འདིའི་ལེའུ་གཉིས་པ་ཉིད་ན་གསལ་བར་ཡོད་པས། མཁས་པ་ཆེན་པོར་རློམ་པ་རྣམས་དེ་ལ་ཁུངས་མེད་པས་སེམས་པ་ནི། རྒྱ་གཞུང་ཡིན་ངེས་བསྟན་འགྱུར་དུ་མ་ཆུག་པ་རྣམས་མ་མཐོང་ཞིང༌། རྒྱུད་ཀྱི་ཚིག་དོན་ལ་གོ་བ་མ་རྙེད་པའི་རྣམ་འགྱུར་དུ་སྣང་ལ། འདིའི་ལེའུ་བཞི་པ་འཇིག་རྟེན་པའི་ལྷ་ནི། ལས་གཤིན་གྱི་སྒྲུབ་ཐབས་ཡིན་ཡང༌། སྐྱོ་པ་རྣམས་འདི་ལ་ཕྱག་ལེན་ཆེར་མི་མཛད་ཅིང༌། ཞི་བ་ཡེ་ཤེས་ཀྱི་གཞུང་ན་བསྙེན་པའི་སྐབས་བཀའ་སྡོད་ལ་བསྙེན་པ་མེད། སྐྱོ་ལུགས་ཀྱི་སྒྲུབ་ཐབས་མན་ངག་ལུགས་དཀྱུས་ཉིད་ཡི་དམ་དང་བཀའ་སྡོད་ཆོས་སྐྱོང་སྦགས་སྒྲུབ་ཡིན་པས། འདིའི་ལུགས་ལ་ལས་གཤིན་གྱི་སྒྲུབ་ཐབས་ལོགས་པ་མེད་ཀྱང་ཆ་ལག་མ་ཚང་བར་ནི་མི་འགྱུར་རོ། །ལུགས་འདིའི་སྒྲུབ་པ་དང་ལས་སྦྱོར་རྣམས། རྙིང་མའི་གཤིན་རྗེ་གཤེད་ཁ་ཐུན་ནག་པོ་དང་ཕལ་ཆེར་གུང་མཐུན་ཡང༌། ཕན་ཚུན་བསྲེ་བསླད་ནི་མིན་ཏེ། སེམས་དཔའ་བསྡུས་པ་དང༌། ཞི་དྲག་གི་ལས་བདུན་སོགས་ཉིད་ལས་འབྱུང་བའི་མན་ངག་ལེན་ཡིན་པས་སྐྱོན་མ་ཡིན། ཕན་ཚུན་གཅིག་གི་དཔང་པོ་ཅིག་ཤོས་ཀྱིས་ཐུབ་པའི་ཡོན་ཏན་ཡིན་མོད། དེ་ལྟ་ན་ཡང་དེ་གཉིས་འཕགས་ཡུལ་དུ་སྔོན་བྱུང་བ་མན་ངག་གི་རྩ་བ་གཅིག་ལས་བྱུང་བ་ནི་ཡིན་སྲིད་དོ། །དེས་ན་སྙེམ་མདོ་ཤཱཀྱ་དཔལ་བས་བྱས་པའི་ཞེ་དགུ་མའི་སྒྲུབ་དཀྱིལ་དང༌། ངོར་ལུགས་པ་དང༌། ཕྱིས་


TNT06_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཕྱོགས་སུ་བྱུང་བའི། སེམས་དཔའ་བསྡུས་པའི་རྗེས་འབྲང་གི་སྒྲུབ་ཐབས་ཅི་རིགས་པ་བྱུང་བ་སོགས། སྐྱོ་པའི་ལུགས་དང་མི་མཐུན་པ་ལ་སྐྱོ་ལུགས་སུ་ཁ་གཡར་ནས། ཁུངས་ཆེ་ཆེ་ལྟར་སྒྲོག་ཅིང་ང་ཕོ་འདོན་པའི་རྫུས་མ་རྣམས་སུན་དབྱུང་བའི་ཕྱིར། སྐྱོ་ལུགས་ཀྱི་སྒྲུབ་ཐབས་ཆོག་ཁྲིགས་ཅུང་ཟད་ཞིབ་ཅིང་གསལ་བར་བརྗོད་པ་ཡིན་གྱི། མན་ངག་ནི་ཀུན་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་འདིར་མ་བྲིས་སོ། །ལུགས་འདིའི་དབང་ཆོག་ནི་བླ་མ་གོང་མ་རྣམས་ཀྱིས་མང་དུ་མཛད་ཡོད་ཅིང༌། དེ་ཡང་ཕལ་ཆེར་དོན་ཡོད་རྡོ་རྗེའི་དཀྱིལ་ཆོག་ལ་བརྟེན་པ་ཡིན་ནོ།། །།༈ ད་ནི་ཇོ་བོ་ནཱ་རོ་པ་དང་ཇོ་བོ་ན་རི་པའི་མན་ངག་གུང་སྤྲོས་ཏེ། རྟོག་བདུན་གྱི་དོན་བཤད་པ་ལས་བྱུང་བ་རྒྱུད་རྐྱང་གི་ལུགས། འཇིགས་བྱེད་མལ་ལུགས་སུ་གྲགས་པའི་སྒྲུབ་ཐབས་བཤད་པར་བྱ་ན། འདིའི་ཆིངས་ནི་ཤྲཱི་བྷ་དྲ་དང་བག་ཙམ་མཐུན་མོད་དེའི་ལུགས་ནི་མིན་ནོ། །དེ་ཡང་སྤྱིར་ཞལ་དྲུག་པའི་རྒྱུད་ལ་ནི། བོད་སྐད་ཉིད་ལ་ཡིག་འབྲུ་འཆུགས་པའི་ཚིག་ཟུར་འདྲ་མིན་ཕྲན་ཚེགས་མ་གཏོགས་པ་འགྱུར་མི་གཅིག་པ་མེད་ལ། རོང་ཟོམ་རྭ་སྐྱོ་མལ་སྙོས་སོགས་ལུགས་སོ་སོའི་རྗེས་འབྲང་རྣམས། ལོ་ཙཱ་བ་དེ་དང་དེས་བསྒྱུར་རོ་སྙམ་པ་འགའ་ཞིག་ལ་ཡོད་སྲིད་ནའང༌། རང་རང་གི་འདོད་པ་འཇོ་བ་ཙམ་དུ་ཟད། དེས་ན་འདི་ནི་སྔ་དར་གྱི་དུས་སམ། སྔ་དང་ཕྱི་དར་གྱི་བར་ལ་འགྱུར་བ་ཞིག་ཡིན་ཞེས་འགའ་ཞིག་འཆད་པ་དོན་ལ་གནས་པར་མཐོང༌། དེ་འདྲའི་རྒྱུད་གཞན་ཡང་ཡོད་དེ། ཟླ་གསང་ཐིག་ལེ་དང་རྡོ་རྗེ་བདུད་རྩིའི་རྒྱུད་ད་ལྟ་ཡོད་པ་འདི་ལ་སོགས་པའོ། །སྔ་དར་དུས་རྒྱལ་བློན་ལ་གསངས་ཏེ་བསྒྱུར་བ་འགའ་ཞིག་ཆད་པས་འཇིགས་ཏེ། ལོ་པཎ་གྱི་མིང་འགྱུར་བྱང་མ་སྨོས་པ་


TNT06_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བར་མཚམས་སུ་བསྒྱུར་བ་འགའ་ཞིག་སྔ་དར་བཞིན་དུ་བཀས་བཅད་ཀྱི་སྒྲིགས་མེད་ཅིང༌། ཕྱི་དར་བཞིན་དུ་གཞན་ལ་མིག་ལྟོས་མ་བཅོལ་བས། བསྒྱུར་ངོས་ཤེས་པ་ལ་འགྱུར་བྱང་མེད་པ་དང༌། བརྩམས་རྒྱུད་ལ་འགྱུར་བྱང་བྱས་པ་སོགས་ངེས་པ་མེད་པའོ། །འདིར་གདོང་དྲུག་གི་རྒྱུད་ལ། དཔེ་རྙིང་ཡིད་ཆེས་པའི་འགྱུར་བྱང་མེད་ཅིང༌། འདི་ལ་ཉན་བཤད་བྱེད་པའི་ལོ་ཙཱ་བ་ཐམས་ཅད་ཀྱིས་ཀྱང་འགྱུར་རྙིང་གཅིག་ཁོ་ནའི་སྟེང་ནས་འཆད་དོ། །ནག་འཇིགས་ཀྱི་རྒྱུད་གཉིས་ལ་འགྱུར་མི་གཅིག་པ་མང་སྟེ། མལ་ལུགས་པ་དང༌། དེའི་རྗེས་འབྲངས་ལུགས་རྙིང་པ་ནི། ནག་པོའི་རྒྱུད་ནག་ཚོ་འགྱུར་ལ་ཀློག་སྐྱས་བཅོས་པའི་སྟེང་ནས་འཆད། རྟོག་བདུན་ལ་ཀློག་སྐྱའི་འགྱུར་མེད་པ་ལགས་ཏེ་མཆི། ཡོད་ན་མལ་འགྱུར་ཡང་དེ་ལ་འགྱུར་བཅོས་ཡོང་ཐང་བ་ལ། མལ་ལོ་ཉིད་ཀྱི་འགྱུར་བྱང་ཡོད་པ་འདི། པུ་རངས་པ་ཁྱུང་པོ་ཆོས་བརྩོན་གྱི་འགྱུར་ལ་མལ་ལོས་བཅོས་པ་ཡིན་ཞེས་མཆན་བུ་རྙིང་པ་ལས་འབྱུང་ངོ༌། །མལ་གྱི་ཀྱང་ཕམ་ཐིང་པ་ཆེན་པོ་ནས་བརྒྱུད་པ། དང་པོར་ཀློག་སྐྱ་དང༌། ཕྱིས་ཕམ་ཐིང་པ་ཕྱི་མ་ལ་ཡང་གསན་པར་གྲགས་ལ། ན་རི་པ་ནས་བརྒྱུད་པ་ནི་ཧ་དུ་དཀར་པོར་གྲགས་པའི་བལ་པོའི་པཎྜི་ཏ་བ་རེནྡྲ་རུ་ཙེ་ལ་ཡང་ཞུས་སོ། །མལ་ལོ་ལ་ས་སྐྱ་བླ་ཆེན་གྱིས་གསན་ཏེ། བླ་ཆེན་གྱིས་རྟོག་བདུན་ལ་མཆན་བུ་དང༌། དཀའ་འགྲེལ་དུ་གྲགས་པའི་སྤྱི་དོན་དེ་མཛད་ཅིང༌། སྲས་སྐུ་མཆེད་ཀྱིས་དཀའ་འགྲེལ་ལ་ཆན་བུ་དང༌། བསྟོད་པ་སོགས་མཛད། ནག་པོ་ལ་རྗེ་བཙུན་ཆེན་པོའི་སྒྲུབ་ཐབས་ཡོད་པ་འདི་རྒྱུད་དོན་ལ་ཤིན་ཏུ་འབྱོར་བའི་ཡང་དག་པ་ཞིག་སྣང༌། རྒྱ་གཞུང་དཔལ་འཛིན་གྱི་སྒྲུབ་ཐབས་ཚིག་འབྲུ་ལེགས་ཤིང་བྱིན་རླབས་ལོས་ཀྱང་ཆེ། རྒྱུད་དོན་ལ་འབྱོར་ཚབས་དེ་བས་ཀྱང་འདི་ངོས་ཆེ་ན་ཡང་གྲགས་ནི་ཆུང་ངོ༌། །གཞན་མཛད་བྱང་མེད་པའི་ནག་པོའི་


TNT06_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་མཆན་བུ་དང༌། ས་བཅད་དང༌། ཡིག་སྣ་ཐུང་ཐུང་འགའ་རེ་དང༌། དངོས་ནག་པོའི་དཀྱིལ་ཆོག་ཡིན་པ་ལ། རྡོ་རྗེ་འཇིགས་མཛད་ལ་ཡང་སྦྱོར་རྒྱུའི་དཀྱིལ་ཆོག་གཉིས་ཡོད། གཅིག་ནི་ནཱ་རོ་པ་ནས་ཕམ་ཐང་པ་ལ་བརྒྱུད་པའི་ལུགས་ཏེ། དཀྱིལ་འཁོར་བསྒྲུབ་པའི་སྐབས་སུ་འདོན་པ་སྤོས་པ་མ་གཏོགས། མལ་ལུགས་ཀྱི་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ཇི་ལྟ་བ་བཞིན། གཅིག་ཤོས་ནི་སློབ་དཔོན་ཡེ་ཤེས་ཞབས་ཀྱི་མན་ངག་ཡིན་གསུང་སྟེ། ན་རི་པའི་ལུགས་ཡིན། འདི་ལ་རྡོ་རྗེའི་དབང་གི་དོད་དུ་རལ་གྲིའི་དབང་བསྐུར་བ་སོགས་སྤྱི་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་དུ་ཡོད་པའི་དབང་ཆོག་ངོ་མཚར་ཅན་ཡིད་འཕྲོག་པ་ཅིག་སྣང༌། དབང་ཆོག་དེ་གཉིས་མཛད་བྱང་མེད་ཅིང༌། ས་ཆེན་གྱི་གསུང་འབུམ་ནང་དུ་མ་ཆུག་ཀྱང༌། མཛད་པ་པོ་བླ་ཆེན་རང་ཡིན་པར་གྲགས། ལུགས་འདི་ནི་རྒྱ་བལ་གྱི་པཎྜི་ཏའི་ངག་རྒྱུན་གཙང་མ། བསྲེ་བསླད་ཆུང་ཞིང་གམ་གཙང་བ་ལེགས་པོ་ཅིག་ཡོད་ཅིང༌། སྒྲུབ་དཀྱིལ་དེ་རྣམས་ཤིན་ཏུ་ཡ་མཚན་ཆེ་བར་འདུག །སྤྱི་དོན་དང་ཚིག་དོན་གྱི་བཤད་པ་ནི་རྒྱ་ཆེན་པོ་རང་མེད་ཅིང༌། གདམས་ངག་རྣམ་གྲངས་མང་པོའང་མི་སྣང་ངོ༌། །འོན་ཀྱང་བཤད་པའི་སྐབས་རྒྱུད་ཉིད་མངོན་རྟོགས་སུ་བསླང་བའམ། རྒྱུད་ཀྱི་ཕུར་བུ་འདོན་ཚུལ་གྱི་འཆད་ལུགས་གནད་ཆེ་རབ་ཡང་ཡོད་དོ། །ལས་མཁན་སྨྱོན་པ་འཇིགས་བྱེད་ཁྲའི་གདོང་ཅན་སོགས་མཁའ་འགྲོ་མ་བཞི་སྐོར་གྱི་བསྙེན་སྒྲུབ་ལས་གསུམ་གྱི་གཞུང་ན་རི་པས་མཛད་པ་དང༌། དེའི་གསལ་བྱེད་བླ་ཆེན་གྱིས་མཛད་པ་ཅིག་སྔོན་ཡོད་ངེས་པར་འདུག་ནའང་ཁོ་བོས་མ་མཐོང༌། དེང་སང་དེ་མཐོང་ཐོས་སྐད་པ་ཡོད་ཡོད་མི་འདྲའོ། །གདོང་དྲུག་གི་རྒྱུད་ལའང༌། ལུགས་འདི་ལ་ས་བཅད་དང༌། མཆན་བུ་ཐན་ཐུན་ཙམ་ལས་ཡིག་སྣ་དང་སྒྲུབ་ཐབས་རྙིང་


TNT06_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་མ་མཐོང་ངོ༌། །དེ་དག་ལ་གཞན་ཡི་གེ་རྙིང་པ་དང༌། བར་སྐབས་སུ་བྱུང་བའི་ཡི་གེ་ནི་མང་པོ་མེད་ལ། ཕྱིས་ངོར་ལུགས་པ་རྣམས་ཀྱིས་བརྩམས་པ་འགའ་རེ་ཡོད་ནའང༌། གཞན་ཕལ་ཆེར་ཅལ་ཅོལ་དུ་སྣང༌། སྐྱེད་ལྷས་པ་བདག་པོ་བློ་གྲོས་པས་བརྩམས་པ་ཞིག་ཡིག་རྙིང་དང་མཐུན་པས་ཅུང་ཟད་ལེགས་པ་ཙམ་དུ་གོའོ། །ཡང་ལུགས་འདི་སྐྱོང་བར་ཁས་མཆེ་བའི་ངོར་པ་རྣམས་འདི་སྐད་ཅེས་སྨྲ་སྟེ། མལ་ལུགས་འདི་ལ་དགྲ་ནག་གི་རྒྱུད་ལ། དཔལ་འཛིན་གྱིས་འགྲེལ་པ་བཏབ་པའི་བཤད་པ་རྒྱས་པ་ཡོད་པ་དང༌། སྒྲུབ་དཀྱིལ་ཡང་དཔལ་འཛིན་གྱི་རྗེས་སུ་འབྲང་ཟེར་བ་དང༌། རྒྱུ་མཚན་བླ་ཆེན་གྱི་དཀའ་འགྲེལ་ལས། དཀྱིལ་ཆོག་ནི་ནག་པོའི་དཀྱིལ་ཆོག་ཏུ་ཤེས་པར་བྱ་ཞེས་ཁ་འཕངས་པའི་ནག་པོའི་དཀྱིལ་ཆོག་ནི། དཔལ་འཛིན་གྱི་དགྲ་ནག་དཀྱིལ་ཆོག་ཡིན་པས་སོ། །ཟེར་བ་ནི་ཚོད་དཔོགས་ཙམ་མ་གཏོགས་ཤིན་ཏུ་བླུན་ཏེ། དགྲ་ནག་གི་སྒྲུབ་ཐབས་དཔལ་འཛིན་གྱི་ལུགས་དང༌། ལུགས་འདི་མི་གཅིག་པར་སྒྲུབ་ཐབས་རྗེ་བཙུན་ཆེན་པོས་མཛད་པ་དེ་མཐོང་བ་ཙམ་གྱིས་ཀྱང་གོ་ནུས་ན། སྒྲུབ་ཐབས་དེ་གཞག་འབྲེལ་ཆུག་པོ་ཚར་གཅིག་ཙམ་ཡང་མ་སྒྲགས་པའི་སྐྱོན་དུ་འདུག་ཅིང༌། དབང་ཆོག་དཔལ་འཛིན་གྱི་ལུགས་ཡིན་ཟེར་བ་ནི། འདིའི་རང་ལུགས་ལ་དབང་ཆོག་ཡོད་པ་ཙམ་ཡང་མ་ཚོར་བར། རྫུན་གཏམ་འབའ་ཞིག་སྨྲས་པར་འདུག་ལ། སྤྱིར་དཔལ་འཛིན་གྱི་ལུགས་མལ་དང་བླ་ཆེན་གྱིས་མ་གསན་ནོ་མི་མཁྱེན་ནོ་ཟེར་བ་ཏ་མ་ཡིན་མོད། ལག་ལེན་དུ་འདེབས་ཤིང་བཤད་པ་མཛད་པའི་ལུགས་དེ་ནི། རྒྱུད་རྐྱང་མན་ངག་གི་ལུགས་ཡིན་ཏེ། དཔལ་འཛིན་གྱི་གཞུང་འགྲེལ་ལ་མི་མཛད་དོ། །ལུགས་འདིའི་དགྲ་ནག་གི་མཆན་བུ་དང་ཡིག་སྣ་རྣམས་


TNT06_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། དཔལ་འཛིན་གྱི་འགྲེལ་བ་དང་བཤད་སྒྲོས་མི་གཅིག་ཅིང༌། འཇིགས་མཛད་ཀྱི་སྒྲུབ་ཐབས་དཔལ་འཛིན་གྱིས་མཛད་པ་དང་ཡང་ལུགས་འདི་ཤིན་ཏུ་མི་འདྲའོ། །དགྲ་ནག་གི་རྒྱུད་ལ་དཔལ་འཛིན་གྱིས་འགྲེལ་པ་བཏབ་པའི་བཤད་པ་རྒྱས་པོ་ཡོད་ཟེར་བའང་ཤབ་ཤོབ་ཁོ་ན་སྟེ། འགྲེལ་པ་དེ་ཁོ་ནས་འཆད་པ་ཡིན་ན། བཤད་པ་རྒྱས་རྒྱུ་ཅང་མེད་ལ། མཐའ་ཆོད་དང་ཁ་སྐོང་རྒྱས་པོ་ཡོད་ན་ནི། དེ་འདྲ་བའི་ཡི་གེ་དེ་ཡང་ངོས་འཛིན་དགོས་ན། དེ་འདྲ་ཅི་ཡང་མེད་པའི་ཕྱིར། སྔོན་བཤད་པ་རྒྱས་པ་བྱུང་བ། ཕྱིས་ཁྱེད་རྣམས་ཀྱི་མངོན་ཤེས་ཀྱི་མཐོང་བ་ཡིན་ལ་རག །མདོར་ན་དབང་ཆོག་གང་ཡིན་ཙམ་ཡང་ཆ་རྒྱུས་མེད་བཞིན་དུ། གཞན་ལས་ཆེས་མཆོག་ཏུ་གྱུར་པའི་རྣམ་གཞག་ཡོད་སྐད་ཤེས་སྐད་བྱེད་ཅིང་རྩལ་དུ་ཐོན་ཐོན་སྐད་དུ་རྒྱ་ཆེར་སྨྲ་བ་ནི། སློབ་མ་རྣམས་བསླུ་བའི་ཐབས་འབའ་ཞིག་དང༌། མཁས་པ་རྣམས་ཞེ་ནས་ཁྲེལ་བའི་རྒྱུ་ཁོ་ནའོ། །དེ་དག་ལས་ཁ་ཅིག །ལུགས་འདིའི་སྒྲུབ་ཐབས་རྩོམ་པ་ན། གཞལ་ཡས་ཁང་གི་དབུས་སུ་གཙོ་རྐྱང་ཁོ་ན་བྱེད་པ་ནི། ལེའུ་བཞི་པའི་སྤྱི་དོན་གྱི་ཐད་ཁོ་ན་ལ་གདོང་འདོད་བྱས་པར་ཟད། ཁ་ཅིག་གིས་རོ་ལངས་གྲི་ཐོད་འཛིན་པར་བྱས། འགའ་ཞིག་ལྷ་དགུ་བསྒོམ་ཀྱང་དཀྱིལ་འཁོར་ལ་ཕྱག་མཚན་མི་འགོད་པ་དང༌། མདུན་བསྐྱེད་ལ་འགོད་བདག་བསྐྱེད་ལ་མི་འགོད་པ་སོགས་ནི། སྤྱི་དོན་དང་རྒྱུད་ཀྱི་མཆན་བུ་ཙམ་ཡང་སྡོམ་མ་ཤེས་པ་དང༌། གོ་རཾ་བསོད་སེང་བ་སོགས་ཁ་ཅིག་དཀྱིལ་ཆོག་དཔལ་འཛིན་གྱི་ལུགས་ལ་བརྟེན་ནས། རིག་པའི་དབང་ལྔ་ལ་ཞལ་དགུ་པ་རིགས་ལྔ་བསྒོམ་པ་སོགས་ནི་རང་བཟོ་འབའ་ཞིག་ཡིན་ཏེ། དེ་འདྲ་དེ་དཔལ་འཛིན་གྱི་ལུགས་དང་ཡང་འགལ། འདིའི་རང་ལུགས་ཀྱི་དཀྱིལ་ཆོག་དང་མི་མཐུན། དཀའ་འགྲེལ་དང་མཆན་བུ་སོགས་ལས་ཀྱང་མ་བཤད།


TNT06_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་གཞན་གྱི་དཀྱིལ་ཆོག་ཚད་ལྡན་གང་ལའང་མེད་པའི་རྫུན་ཆོས་ཡིན་ལ། ད་ལྟ་ན་ཡང་འདི་ནི་བླ་ཆེན་གྱི་དཀའ་འགྲེལ་ན། ལས་ཚོགས་ཀྱི་སྐབས། རྩ་ཞལ་གྱི་ཁ་དོག་བསྒྱུར་བའི་འཇིགས་མཛད་རིགས་ལྔ་ཞིག་བཤད་པ། དེ་ཙམ་ཞིག་མཐོང་ནས་འདི་རིག་དབང་སྦྱར་ན་མཚར་པོ་ཞིག་འོང་ངོ་སྙམ་དྲན་རྐྱེན་བྱས་པའོ། །བདག་བསྐྱེད་ལ་འཁོར་མི་སྐྱེད་པ་དང༌། བདག་མདུན་གྱི་དཀྱིལ་འཁོར་ལ་ཕྱག་མཚན་མི་འགོད་པ་ནི། བླ་ཆེན་གྱི་དཀའ་འགྲེལ་དང་འགལ་ཏེ་དེ་ལས་འདི་སྐད་ཅེས། རྟོག་པ་བཞི་པའི་སྒྲུབ་ཐབས་ལྟར། སྟོང་པ་ནས་དམ་ཚིག་སེམས་དཔའི་བར་དུ་བསྐྱེད། ཡེ་ཤེས་པ་གཞུག །ཅེས་མདུན་བསྐྱེད་དཀྱིལ་འཁོར་དངོས་གཞི་སྒྲུབ་པའི་སྐབས་སུ་བཤད་པས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང༌། བདག་བསྐྱེད་ཀྱི་དཀྱིལ་འཁོར་རྒྱས་བསྡུས་རྣམ་པ་ལ་ཁྱད་མེད་པར་བསྟན། དཀྱིལ་འཁོར་དེ་ཡང་རྟོག་པ་དང་པོའི་དཀྱིལ་འཁོར་གྱི་སྐབས་ཡིན། དེ་ལས་ཕྱག་མཚན་དང་རོ་ལངས་འགོད་པར་གསུངས་པས་སོ། །བོད་འགའ་ཞིག་ཕྱག་མཚན་འགོད་པ་དང་རོ་ལངས་འགོད་པ་སོ་སོར་བྱེད་ཀྱང༌། དེ་འདྲ་དེ་སྤྱིར་ཡང་རྒྱུད་ཀྱི་ཚིག་དོན་དང་འགལ་བས་ཤིན་ཏུ་མི་འཐད། སྒོས་སུ་མལ་ལུགས་པ་རྣམས་མི་འདོད་དེ། རྒྱུད་འདིར་དཀྱིལ་འཁོར་གཅིག་ཁོ་ན་བསྟན་པ་ཡིན་པར་བཞེད་པས་པས་སོ། །དེས་ན་ལུགས་འདི་ལ་རྟོག་པ་དང་པོ་དང༌། བཞི་པ་བསྲེས་པས་བདག་མདུན་གང་ལ་ཡང་ལྷ་དགུའི་དཀྱིལ་འཁོར་ཕྱག་མཚན་གྱིས་བརྒྱན་པ་དེ་ཁོ་ན་ཡིན་པར་ཤེས་སོ། །རོ་ལངས་གྲི་ཐོད་འཛིན་པར་བསྒོམ་པ་ནི་རྡོ་རྗེ་གྲུབ་པ་སོགས་ཀྱིས་བཤད་པས་སྤྱིར་བཟང་ཞིང་འཐད་ནའང་བླ་ཆེན་གྱི་མཆན་བུ་དང་དངོས་སུ་འགལ་བས། ས་ལུགས་ནི་ཡེ་མ་ཡིན་ནོ། །དགྲ་ནག་དཔལ་འཛིན་གྱི་ལུགས་བཞིན་བྱེད་ཟེར་བའི་རྒྱུ་


TNT06_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

ནི། མལ་ལུགས་ཀྱི་རང་བཞིན་ནི་ཡེ་མ་གོ །སྤྱིར་དཔལ་འཛིན་གྲགས་ཆེ། སྒོས་སུ་བུ་སྟོན་ཆེན་པོ་ཙམ་ནས་གཟུང༌། ཕྱིས་ཀྱི་གསར་མའི་གཤིན་རྗེ་གཤེད་པ་ཕལ་ཆེར་ཞིགདཔལ་འཛིན་ཁོ་ན་ལ། ཡིད་བརྟོན་པར་བྱས་པས། དེ་ཐོས་ནས་ལུགས་དེ་གཞན་པས་རྔམས་ཆེ་བ་ཞིག་ཡོད་པར་འདུག་སྙམ་ནས། མཐོ་འགྲོགས་ཀྱི་ལུགས་སུ་བྱས་ཏེ་བརྡོལ་ཐབས་སུ་སྨྲས་པ་ཁོ་ནར་ཟད་དོ། །དེ་དག་ནི་ལུགས་འདི་ལ་བསྙད་ནས་རྫུན་གྱིས་གཞན་མགོ་བསྐོར་བ་རྣམས་ཀྱི་འཚང་ཟུར་ཙམ་སྨོས་པའོ། །ད་ནི་དཀྱུས་ཀྱི་དོན་ལ་འཇུག་པར་བྱ་སྟེ། རྒྱུད་པ་འདི་པའི་ལུགས་ཀྱི་དཀྱིལ་འཁོར་ཀུན་ལ་སྒྲུབ་མཆོད་དམ་མཎྜལ་མཆོད་ཆོག་ཡོད་ན་མ་གཏོགས། མངོན་རྟོགས་གྱི་འགོར་སྔོན་འགྲོ་གཏོར་མ་མི་མཛད་པ་རང་ཤས་ཆེ། བྲིས་སྐུའི་མདུན་དུ་ཕྱི་མཆོད་ནང་མཆོད་གཏོར་མ་གཉིས་བཤམས། སྤྲོ་ན་སྨྱོན་པ་འཇིགས་བྱེད་ཀྱི་གཏོར་མ་ཤ་ཁྲག་གིས་བརྒྱན་པའང་ཟུར་དུ་བཤམས། ཨོཾ་ཡ་མཱན་ཏ་ཀ་ཧཱུཾ་ཕཊ། རང་སྐད་ཅིག་གིས་རྡོ་རྗེ་འཇིགས་བྱེད་དུ་གྱུར། མཆོད་པ་རྣམས་རྩ་སྔགས་ཀྱིས་བསང་བར་བཞེད་མོད་ཀྱི། དེ་ལག་ལེན་མི་བདེ་བས། འདམ་ཁ་ལ་ཡོད་པ་ལྟར། ཧྲཱྀཿཥྚཱིཿས་བསངས། དོན་ལའང་བསང་བ་ཐམས་ཅད་རྩ་སྔགས་ཀྱིས་བྱེད་པ་ཧ་ཅང་ཐལ་ཆེས་སོ། །སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་བདུན་ལས་ཐོད་པའི་སྣོད་བདུན་གྱི་ནང་དུ་ཧཱུཾ་བདུན་ལས། ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་དང༌། གཞན་ཡང་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ། ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་གྱིས་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་བཛྲ་པཱདྱཾ་ཨཱཿཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དྷཱུ་པེ། ཨ་ལོ་


TNT06_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

ཀེ ། གནྡྷེ། ནཻ་ཝི་ཏེ། ཤཔྟ་ཨཱཿཧཱུཾ། ཨོཾ་བཛྲ་གཎྜེ་ར་ཎེ་ཊ་སོགས་བརྗོད། དེ་རྗེས་སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱ་རྣམས་བྱ། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུཾ། ཞེས་གཏོར་མ་ལ་གཏོར་ཏེ་སྲུང་བ་བྱ། ཡང་འབྲུ་གསུམ་གྱིས་བདུད་རྩི་མྱང༌། དེ་ནས་སུམྦྷ་ལན་གཉིས་ཀྱིས་ཚམ་རྔམ་དང༌། ཨོཾ་མེ་དྷི་ནི་བཛྲི་བྷ་ཝ་བནྡྷ་ཧཱུཾ་སོགས། སྔགས་དྲུག་གིས་སྲུང་འཁོར་དགོད། ཨོཾ་གྷ་གྷ་སོགས་དང༌། མུད་ག་ར་སོགས་ཀྱིས་ཕུར་གདབ་བྱ། བསྲུང་འཁོར་འདི་དཀའ་འགྲེལ་དང་མཆན་བུ་ན་མེད་ཀྱང༌། འདི་ཉིད་ཀྱི་དཀྱིལ་མཆོག་ན་ཡོད་ཅིང༌། འོག་ཏུ་སྟོང་པར་སྦྱངས་པའི་དེ་མ་ཐག་ཏུ། སྲུང་འཁོར་བསྒོམ་པ་མེད་པའི་ཕྱིར། འདི་མེད་ན་ལུགས་འདི་ལ་སྲུང་འཁོར་ཆད་པར་འགྱུར་བས་ངེས་པར་དགོས་སོ། །ཕྱིས་རྟེན་བརྟེན་པ་དུས་གཅིག་ཏུ་བསྐྱེད་པའི་སྐབས་འཁོར་ཡོད་སྙམ་ན་དེ་ཙམ་གྱིས་གོ་མི་ཆོད་དེ། རྒྱུའི་འཇམ་དཔལ་སོགས་དངོས་གཞི་སྐྱེད་ཆོག་གལ་ཆེན་མང་པོ་ལ་མ་ཁྱབ་པའི་ཕྱིར་རོ། །ཚོགས་ཞིང་གི་སྐབས་འདིར་ཁྲོ་བོའི་ཐུགས་ཀར་ཧཱུཾ་དང༌། ཞི་བའི་ཐུགས་ཀར་དྷཱིཿབསྒོམ་པ་འདམ་ཁ་ཡིན་ཡང༌། ལག་ལེན་ཁྲོ་བོ་ལ་མཛད། སྐད་ཅིག་གིས་རང་རྡོ་རྗེ་འཇིགས་བྱེད་ཅེས་པ་ནས། ཕྱག་འཚལ་འདུད་ཀྱི་བར་སྒྲུབ་ཐབས་སྙིང་པོ་དང་འདྲ། ཚིག་ཟུར་ཕྲན་བུ་ཙམ་ལ་ངེས་པ་མེད་དེ། གང་ལྟར་བྱས་ཀྱང་འདྲ་བས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་བྷཻ་ར་ཝ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་པཱདྱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་བྷཻ་ར་ཝ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱཧཱ། དེ་བཞིན་དུ་ནཻ་ཝི་ཏེའི་བར་དང༌། རོལ་མོ་ལ་ཡང་སྦྱར། བདུད་བཞི་པོ་ནི་ནས། ལྷ་ཚོགས་རྣམས་ལ་འདུད། །ཅེས་བསྟོད། ཨོཾ་སརྦ་བིད་པཱུ་ར་ནས། ཧོའི་བར་བརྗོད། བདག་གི་སྐྱེ་བ་ཐོགས་མ་མེད་པ་ནས། སྡིག་པ་མི་དགེ་བའི་ལས་བགྱིས་པ་དང༌།


TNT06_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡིད་རང་བ་དེ་དག་སོ་སོར་བཤགས་པར་བགྱིའོ། །བླ་མ་དང་དཔལ་རྡོ་རྗེ་འཇིགས་བྱེད་འཁོར་དང་བཅས་པ་ལ་སྐྱབས་སུ་མཆིའོ། །ཐུན་མོང་དང་ཁྱད་པར་གྱི་དམ་ཚིག་དང་སྡོམ་པ་རྣམས་བླང་ཞིང་བསྐྱང་བར་བགྱིའོ། །སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། རང་སངས་རྒྱས་དང༌། ཉན་ཐོས་དང༌། སོ་སོ་སྐྱེ་བོའི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་བགྱིའོ། །བདག་གིས་སེམས་ཅན་འཁོར་བའི་རྒྱ་མཚོ་ལས། མ་རྒལ་བ་རྣམས་སྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱི། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བར་བགྱིའོ། །འཁོར་བ་མ་སྟོངས་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་གསོལ་བར་བགྱིའོ། །བདག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཟླས་བསྒོམ་གཉིས་ལ་གནས་པར་བྱའོ། །བདག་དང་སེམས་ཅན་ཐམས་ཅད་ཀྱིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་སོ། །དེ་ལྟར་ན། བཤགས་པ་སྐྱབས་འགྲོ་དམ་ཚིག་ཡི་རང་བཞི། །སྨོན་སེམས་བསྐུལ་དང་གསོལ་འདེབས་འཇུག་སེམས་བཞི། །འཇུག་བསྔོ་བ་སྟེ་ཡན་ལག་དགུ་ཡིན་ནོ། །དེ་རྗེས་གནང་བ་མནོས་པ་ནི། དེ་ལྟར་སྒྲུབ་པ་ནི་ལམ་ལེགས་པ་ལ་གནས་པ་ཡིན་ནོ་ཞེས་གསུང་བར་གྱུར། བར་འདིར་ཡིད་ཀྱིས་ཕྱག་དང་མཆོད་པ་ཙམ་བྱ་སྟེ། ངག་ནས་མི་བརྗོད། ཨོཾ་བཛྲ་མུཿ ཞེས་ཚོགས་རྟེན་གཤེགས་སུ་གསོལ། ཚད་མེད་བཞི་ངག་ནས་བརྗོད་ཚུལ་སྤྱི་དང་འདྲ་བ་ལས། དམིགས་པ་ནི།


TNT06_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་མདོག་ཅན་ཕྱོགས་བཞིར་སྤྲོས་པས། བདེ་བ་ལ་བཀོད་པ་སོགས་བྱས་པར་བསམས། འདི་དག་ནས་མི་བརྗོད་ཅེས་དཀའ་འགྲེལ་གྱི་མཆན་བུ་ལས་འབྱུང་མོད། བརྗོད་ཀྱང་ཆོག །དེ་མལ་ལུགས་ཉིད་ཀྱི་ལཱུ་ཡི་པ་དང་འདྲ་བའི་ཕྱིར་རོ། །དེ་ནས་ཐ་མལ་པའི་ཡིད་དང༌། གཟུང་བ་དང་འཛིན་པ་རྣམས་རྣམ་པར་དག་པར་མོས་ཏེ། སྭ་བྷཱ་ཝ་དང༌། བཛྲཱ་ཤུདྡྷ་དང༌། ཡོ་ག་ཤུདྡྷོའི་སྔགས་རྣམས་བརྗོད་དོ། །ཕྱིས་ཀྱི་ས་ལུགས་ཡིན་རློམ་འགའ་ཞིག །སྔགས་བར་པ་མི་བྱེད་པ་ནི། དཀའ་འགྲེལ་གྱི་ཡིག་ཆུང་མ་མཐོང་བར་ཟད་དོ། །སྟོང་པའི་ངང་ལས་ནམ་མཁའི་དབུས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་ཁ་དོག་ཅན་གྱི་སྟེང་དུ་ཨཿལས་ཟླ་བ་ལ། ཞེས་པ་ནས། རྡོ་རྗེའི་གདན་གྱིས་བཞུགས་པ། དེའི་མདུན་དུ་ཨཿལས་ཉི་མའི་དཀྱིལ་འཁོར་རོ། །འདིར་ཉི་མ་མདུན་དང་ཐུགས་ཀར་བསྒོམ་པ་སྐབས་ཐོབ་ཀྱི་འདམ་ཁར་ཡོད་ཀྱང༌། མདུན་དུ་བསྒོམ་པ་གཙོ་ཆེ་སྟེ་དཀྱུས་སུ་བཤད་པའི་ཕྱིར་རོ། །དེ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ནས། འབུམ་དུ་ཁྱབ་པར་གྱུར། ཉི་མ་དེ་ཉིད་ཧཱུཾ་ཡིག་ནག་པོ་འོད་ཟེར་ལྔ་དང་ལྡན་པར་གྱུར། འདིར་དཀའ་འགྲེལ་དུ། ཉི་མ་དེ་ཉིད་ལས་ཧཱུཾ་ནག་པོ་འོད་ཟེར་ལྔ་དང་ལྡན་པར་བསམ། ཞེས་འབྱུང་བའི་དོན་ནི། ཉི་མ་དེ་ཉིད་སླར་ཡང་ཧཱུཾ་དུ་གྱུར་པའི་དོན་ཡིན་ཞིང༌། ཉི་མ་དང་ཧཱུཾ་གི་བར་དུ་འོད་ཟེར་སྤྲོ་བ་སོགས་ཡེ་མ་བཤད་པས། མལ་ལུགས་ཡིན་གྱུ་བ་ངོར་ལུགས་པའི་མངོན་རྟོགས་དང་བཤད་པ་རྣམས་སུ། ཉི་མ་ལས་འོད་ཟེར་མེའི་ཚ་ཚ་ལྟ་བུ་འཕྲོས། སྡང་བ་ཚར་བཅད། ཅེས་ཟེར་བ་དང༌། ཉི་མ་རང་གདན་དུ་བཞག་ནས་ཆུ་ལས་ཆུ་བུར་བརྡོལ་བའི་ཚུལ་དུ་ཧཱུཾ་ནག་པོ་སྟེང་དུ་འཐོན་པ་འདོད་པ་དང༌། བཤད་པའི་སྐབས་སུ་སྐྱོ་ལུགས་དང༌། དགེ་ལུགས་པའི་བཤད་པ་དམ་དུམ་


TNT06_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་བར་བཞག་ནས། མངོན་བྱང་ལྔའི་སྤྲོས་བཤད་བྱེད་ཅིང༌། ལུགས་འདི་མངོན་བྱང་ལྔ་ལས་རྟེན་དང་བརྟེན་པ་དུས་གཅིག་ཏུ་བསྐྱེད་པ་ཡིན་པས་སྒོང་སྐྱེས་སྦྱོང་ཞིང༌། སྒོང་སྐྱེས་སྦྱངས་པས་སྐྱེ་གནས་གཞན་རྣམས་ཀྱང་ཞོར་ལ་འབྱོངས་པའི་ཕྱིར། སྦྱངས་གཞི་ལུགས་འདི་ཁོ་ན་རྒྱ་ཆེའོ་ཞེས་དྲན་རྐྱེན་དང༌། ཁ་མཁས་ཀྱི་སྨྲ་བརྗོད་མང་སྟེ། མལ་ལོས་ཡིད་ལ་མ་དྲན་པའི་མལ་ལུགས་དང༌། ས་སྐྱ་གོང་མ་ལྔས་རྣ་བར་མ་ཚོར་བའི་ས་ལུགས་གཙང་མ་འདྲེས་མེད་དེ་འདྲ་ངོ་མཚར་ཅན་རང་ཡིན་པར་སྣང་ངོ༌། །ཧཱུཾ་ལས་འོད་འཕྲོས། སླར་འདུས་ཡོངས་སུ་གྱུར་པ་ལས། ཧཱུཾ་ཡིག་དེ་ཉིད་རྡོ་རྗེ་ཆེན་པོ་མཐིང་ནག་རྩེ་ལྔ་པ། རྭ་གདེངས་པ། ལྟེ་བ་ལ་ཧཱུཾ་གིས་མཚན་པར་གྱུར། དེ་ལས་དེ་བཞིན་གཤེགས་པ་ལ་སོགས་པ་དང་རྡོ་རྗེ་ཕྲ་མོ་མཐའ་ཡས་པ་སྤྲོས། སྡང་བ་དང༌། གདུག་པ་རྣམས་ཚར་བཅད། སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད། ཞིང་ཁམས་དག་པར་བྱས། ཉི་མའི་དཀྱིལ་འཁོར་ལ་བཞུགས་པའི་སངས་རྒྱས་དེ་རྣམས་དང༌། འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཚད་མེད་པ་སྤྱན་དྲངས་ཏེ། དེ་དག་ཐམས་ཅད་གཅིག་ཏུ་གྱུར་པ་ལས། དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་གྱུར་པ་ནི། རྡོ་རྗེའི་ས་གཞི། ར་བ། དྲ་བ། གུར། བླ་རེ། ཕྱི་རོལ་རྡོ་རྗེའི་མེས་གཏམས་པའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བ། དེའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི། གཞལ་མེད་ཁང་གྲུ་བཞི་སྒོ་བཞི་པ་ཞེས་པ་ནས། སྣ་ཚོགས་པས་གང་བའོ། །ཞེས་པའི་བར་ཞེ་དགུ་མའི་སྐབས་བཞིན། རེ་མིག་དབུས་མའི་གནས་སུ་བདག་ཉིད་


TNT06_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཅེས་པ་ནས། མི་བཟོད་པའི་བདག་ཉིད་དུ་གྱུར། ཅེས་པའི་བར་བརྗོད། ལུགས་འདི་ལའང་གཡས་གཡོན་གྱི་ཞལ་དྲུག་འཁོར་ཞལ་སྤྱི་དང་མཐུན་པ་ཁོ་ན་ཡིན་ཞིང༌། ཞབས་འོག་ཏུ་བདུད་བཞི་ཁོ་ན་བྱེད་པ་སྐྱོ་ལུགས་ལྷ་དགུ་དང་འདྲ། སྤྱིར་ནི་བདུད་བཞི་ནི་མཚོན་བྱེད་དེ། ལྷ་ཆེན་པོ་རྣམས་གནོན་པ་ཡིན་པས། ལུགས་ཐམས་ཅད་ལ་གང་ལྟར་བྱས་ཀྱང་མི་འགལ་ཞིང༌། ཡང་ཅིག་ཏུ་ན་སྲོག་ཆགས་བཅུ་དྲུག་ཉིད་ལྷ་ཆེན་ཕོ་མོ་རྣམས་ཀྱི་ངོ་བོ་ཡིན་པས། བྱོལ་སོང་བཅུ་དྲུག་ཁོ་ན་ཞབས་འོག་ཏུ་མནན་པའི་ཆོག་པའི་སྐབས་ཀྱང་ཡོད་དོ། །དེ་ལྟར་ན་ཡང་དོན་ཡོད་རྡོ་རྗེ་མཛད་པའི་མངོན་རྟོགས་བསྟོད་པ་ལས། གཡས་སུ་བརྒྱ་བྱིན་ཚངས་པ་དང༌། གཡོན་དུ་ཁྱབ་འཇུག་དྲག་པོ་མནན་པ་དང༌། ཕྱག་གཡོན་གྱི་དང་པོ་ན་ཚངས་མགོ་འཛིན་པར་བཤད་པ་འདི། བོད་ཀྱི་འཇིག་བྱེད་མཁན་པོ་ཀུན་ལ་གྲགས་ཆེ་བར་འདུག་གོ །རེ་མིག་བརྒྱད་ལ་ཤར་དུ་ཚངས་པའི་མགོ་བོ་ཞེས་པ་ནས། མེ་ཐབ་རྣམས་གནས་པར་གྱུར་གྱི་བར་ཡང་གོང་སྐྱོ་ལུགས་བཞིན། སྒོ་མཚམས་བརྒྱད་དུ་རོ་ལངས་ཆེན་པོ་བརྒྱད། སྐུ་མདོག་ནག་པོ་རང་གི་མགོ་བོ་བཅད་དེ་ལག་པ་གཡོན་དུ་བཟུང་བ། རྒྱུ་མས་བརྒྱན་ཏེ་གར་བྱེད་པ། པདྨ་དང་ཉི་མའི་གདན་ལ་གནས་ཤིང༌། འབར་བའི་འཕྲེང་བ་འཁྲུགས་པ་རྣམས་སུ་གྱུར། རང་གི་ཐུགས་ཀར་ཧྲཱིཿལས་པདྨ་དམར་པོ་དང༌། ཨཱཿལས་ཉི་མ་ལ་ས་བོན་ཧཱུཾ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཡེ་ཤེས་པའི་དཀྱིལ་འཁོར། རྒྱལ་བ་སྲས་བཅས་ཀུན་འདུས་པའི་བདག་ཉིད་ཨོཾ་བཛྲ་ས་མཱ་ཛཿ བདུད་བཞི་པོ་ནི་སོགས་དང༌། ཚོགས་ཞིང་གི་སྐབས་ལྟར་མཆོད།


TNT06_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཧཱུཾ་བཾ་ཧོཿ མང་དུ་བརྗོད། རང་གི་དཔྲལ་བར་ཟླ་བ་ལ་ཨོཾ་དཀར་པོ་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ། མགྲིན་པར་པདྨ་ལ་ཨཱཿདམར་པོ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ངོ་བོ། སྙིང་ཁར་ཉི་མ་ལ་ཧཱུཾ་ནག་པོ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོའོ། །འདིར་ཡང་ངོར་ལུགས་པ་རྣམས་དམ་ཚིག་པ་བསྐྱེད་པ་བསྙེན་པ། སྐུ་གསུང་ཐུགས་བྱིན་རླབས་ཉེ་བསྙེན། ཡེ་ཤེས་པ་གཞུག་པ་སྒྲུབ་པ་ཞེས་ཐ་སྙད་སྦྱོར་བ་ནི། གཤིན་རྗེ་གཤེད་ཀྱི་སྐབས་འདིར། ས་སྐྱ་གོང་མ་རྣམས་ཀྱང་དེ་འདྲ་མི་བཞེད་དེ། འདི་ནི་ཀྱཻ་རྡོར་གྱི་བཤད་ཡ་མས་ཅིག་གིས་འདྲེས་ཡིན་ལ། རྟོག་བདུན་དཀའ་འགྲེལ་གྱི་མཆན་བུའི་ཀ་ཀ་མཐོ་མ་མཐོང་བར་ཟད་དེ། ཇི་སྐད་དུ། དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབས། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཤིང་གཞུག །ཅེས་དཀྱུས་ལ་བྱུང་ཡང༌། དེ་གཉིས་ཀ་ཀ་མཐོས་གོང་འོག་བསྒྱུར་ཡོད་པ་དང༌། ཡེ་ཤེས་སེམས་དཔའ་ཞེས་པའི་གོང་དུ། ས་བོན་གྱི་འོད་ཀྱིས་ཞེས་མཆན་བུ་བཏབ་ཡོད་པའི་ཕྱིར། གནས་གསུམ་བྱིན་རླབས་སྔོན་དུ་སོང་ན། དེའི་ཧཱུཾ་ལས་འོད་སྤྲོས་པས་ཆོག་པའི་ཕྱིར། ས་བོན་གྱི་ཞེས་པ་སྨོས་མི་དགོས་བས་སོ། །དེས་ན་དམ་ཡེ་བསྲེས་པ་བརྟན་བྱེད་དུ་གནས་གསུམ་བྱིན་གྱིས་རློབ་པ་ཡིན་ནོ། །ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ན་མོ་པཉྩ་ཀུ་ལ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་ར་བྷྱཿ ཞེས་ཕྱག་འཚལ། ཨོཾ་བཛྲ་ཨརྒྷཾ་སོགས་ནས། ནཻ་ཝེ་ཏེའི་བར་གྱིས་མཆོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །སོགས་ཀྱིས་གསོལ་བ་བཏབ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། འདིར་ཡང་ངོར་བ་རྣམས་བཛྲ་ཨུ་ཏ་


TNT06_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་སྔགས་བྱེད་པ་ནི། དཀའ་འགྲེལ་གྱི་མཆན་བུ་མ་མཐོང་བའི་འོལ་ཚོད་དོ། །གོང་གི་འཕྲོས་ལས། འདི་སྐད་ཅེས་ཞེས་གསུངས་ཤིང༌། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། རྡོ་རྗེ་མ་རྣམས་ཀྱིས་མཆོད་པ་ཕུལ། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། དབང་གི་ཆུ་རྒྱུན་གྱིས་ལུས་ཐམས་ཅད་གང༌། སྡིག་སྒྲིབ་ཐམས་ཅད་སྦྱངས་ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན། སྐབས་འདིར་མཆོད་བསྟོད་བྱས་ན་བཟླས་པའི་རྗེས་ལ་མི་དགོས་ཤིང༌། བཟླས་པའི་རྗེས་ལ་མཆོད་བསྟོད་བྱེད་ན་སྐབས་འདིར་མི་དགོས་ཞེས་གསུང་པས་སྤྱིར་གང་རུང་ཅིག་གིས་ཆོག་ནའང་སྐབས་འདིར་བྱེད་པ་གཙོ་ཆེའོ། །དེས་ན་གོང་བཞིན་མཆོད་པ་བྱིན་གྱིས་བརླབས། དང་པོར་སྔགས་མཆོད་ནི། རྩ་སྔགས་སྙིང་པོ་ཉེ་སྙིང་སོགས་སྔགས་གསུམ་བརྗོད་པས་གཙོ་བོ་དང༌། སྤྲོས་པ་ལ་དགའ་ན་ཡ་མཱན་ཏ་ཀ་ཚར་བརྒྱད་ཀྱིས་རོ་ལངས་བརྒྱད་ལ་མཆོད། བསྡུ་ན་གཙོ་བོ་ཁོ་ནས་ཆོག་གོ། ཚོགས་ཞིང་གི་སྐབས་ལྟར་ཕྱི་མཆོད་ཕུལ་བའི་རྗེས་ལ། སྔགས་ཀྱི་མགོ་འདྲ་བ་ལས། རཱུ་པ་ཀཱ་མ་གུ་ཎ་པུ་ཛི་ཏ་ཧཱུཾ། དེ་བཞིན་དུ། པར་ཤེའི་བར་དུ་སྦྱར། སྔགས་གསུམ་གྱི་ཐ་མར་འབྲུ་གསུམ་བཏགས་པས་ནང་མཆོད་ཕུལ། དུར་ཁྲོད་རྒྱན་གྱིས་སོགས་དང༌། སྤྲོ་ན་མི་ཐུང་སྒེག་པོ་སོགས་ཀྱིས་ཀྱང་བསྟོད་དོ། །བཟླས་པ་དངོས་ནི། འཇིགས་མཛད་ཀྱི་སྒྲུབ་ཐབས་སྤྱི་དང་འདྲ། གཙོ་བོར་ཡི་གེ་བཅུ་པ་ཉིད་བཟླ། ཐུན་གྱི་འཇུག་ཏུ་ཧཱུཾ་དང་ཡི་གེ་བཅུ་པ་མི་དམིགས་པར་བྱས་ལ། ཡའམ་མའི་མཐར་རྩ་སྔགས་ཀྱིས་བསྐོར་བར་བསྒོམ་སྟེ།


TNT06_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་སྔགས་བརྒྱ་རྩ་སོགས་བཟླ། དེ་ཡང་མི་དམིགས་པའི་ཤུལ་དུ། ཡའམ་མ་ལ་ཉེ་སྙིང་གིས་བསྐོར་བར་བསྒོམ། ཉེ་སྙིང་ཡང་བརྒྱ་སོགས་ཇི་ལྟར་འོས་པ་བཟླ། མཐར། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས་རྣམས་ཀྱིས། བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་འཇམ་དཔལ་མཆོག་རྡོ་རྗེ་འཇིགས་བྱེད་ཆེན་པོའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཡིག་བརྒྱ་ལན་གསུམ། མ་འབྱོར་བ་དང་སོགས། དེ་རྗེས་དཀྱིལ་འཁོར་བསྡུ་ཞིང་ཐུན་མཚམས་སུ་ལྡང་བ་ནི། གོང་མ་རྣམས་དང་འདྲའོ། །སྒྲུབ་ཐབས་འདིར་སྦྱང་བྱ་སྦྱོང་བྱེད་ཀྱི་རྣམ་བཞག་ནི། རྭ་ལུགས་དཔའ་རྐྱང་གི་ཞོར་ལ་རྟོགས་པར་འགྱུར་ལ། གཞལ་ཡས་ཁང་འཁོར་དང་བཅས་པ་བསྐྱེད་པ་ནི། སྐྱེ་བ་བླངས་པ་ན་ལས་མཐུན་པའི་གནས་འཁོར་ལོངས་སྤྱོད་རྣམས་གྲུབ་པ་མཚོན་ནོ། །དེ་ནས་ཐུན་མཚམས་སུ་གཏོར་མ་འབུལ་བའམ། ཡང་ན་གོང་དུ་བཟླས་པའི་རྗེས་ལ་མཆོད་བསྟོད་བྱེད་ན་དེའི་རྗེས་དང༌། མི་བྱེད་ན་བཟླས་པ་གྲུབ་མ་ཐག་ཏུ། གཏོར་མ་ཕུལ་ན་ཡང་ཤིན་ཏུ་ལེགས་སོ། །གཏོར་མ་རྩ་སྔགས་སམ་སྙིང་པོས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡཾ་ལས་རླུང་རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་ན་ལས་མིའི་ཤ་སོགས། དེ་རྣམས་ཀྱི་སྟེང་དུ་དབུས་སུ་མུ་ལས་དྲི་ཆུ་སོགས། དེ་རྣམས་ཀྱི་སྟེང་དུ་དབུས་སུ་ཧཱུཾ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཤར་དུ་ཨོཾ་མེ་ལོང༌། ལྷོར་ཏྲཱཾ་མཉམ་པ། ནུབ་ཏུ་ཛྲིཾ་སོ་སོར། བྱང་དུ་ཁཾ་བྱ་བ་སྒྲུབ་པའི་ཡེ་ཤེས། འདི་གཉིས་ལ་ཧྲཱིཿདང་ཨཿཡོང་ཤིང་ཡང་མི་གསུང༌། དེ་རྣམས་


TNT06_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྟེང་གི་ནམ་མཁའ་ལ་ཨོཾ་དཀར་པོ་མགོ་བོ་ཐུར་དུ་ལྟ་བ། དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས། མེ་སྦར་རྫས་རྣམས་ཞུ་ཞིང་ཁོལ་བའི་རླངས་པ་སྟེང་དུ་སོང་བ། ཨོཾ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཧཱུཾ་ལ་ཕོག །དེ་དག་ལས་བདུད་རྩིའི་རྒྱུན་བབས། ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཐོད་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་དུ་མ་སྤྱན་དྲངས་ཏེ། མདུན་གྱི་ཐོད་པ་ལ་ཐོད་པ་ཐིམ། བདུད་རྩི་ལ་བདུད་རྩི་ཐིམ། ཡེ་ཤེས་ཀྱི་བདུད་རྩི་དང་གཉིས་སུ་མེད་པར་གྱུར་ཏེ། ཁ་དོག་དྲི་རོ་ནུས་པའི་མཐུ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་མང་དུ་བརྗོད། ཡི་གེ་བཅུ་པ་བརྗོད་ལ་བདག་ཉིད་ལྷའི་ང་རྒྱལ་གསལ་བཏབ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ནས། བདག་ཉིད་དུ་གྱུར། སྔར་དཀྱིལ་འཁོར་བསྡུས་ཟིན་པའི་ཐུན་མཚམས་ཡིན་ན། སྐུའི་མཐའ་སྐོར་དུ་དུར་ཁྲོད་ཆེན་པོ་བརྒྱད། རོ་ལངས་ཆེན་པོ་ལ་སོགས་པ་བཀའ་སྡོད་སྲུངས་མའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་དང༌། གཙོ་བོའི་གཡོན་གྱི་ཕྱོགས་སུ་སྨྱོན་པ་འཇིགས་བྱེད་སྐུ་མདོག་དམར་པོ། ཕྱག་གཡས་རལ་གྲི་འཕྱར་ཞིང༌། གཡོན་ཐོད་ཁྲག་གམ་ཞགས་པ་འཛིན་པ། འཁོར་མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་བསྐོར་བ། བཅོམ་ལྡན་འདས་ཀྱི་བཀའ་ནོད་པའི་ཚུལ་དུ་བཞུགས་ཤིང༌། ཞིང་སྐྱོང་བ་སོགས་དུར་ཁྲོད་ཀྱི་བདག་པོ་རྣམས་ཀྱང་གསལ་བར་


TNT06_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

འཁོད་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལས་བྱེད་དཔག་ཏུ་མེད་པས་བསྐོར་བ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨོཾ་ཡ་མཱན་ཏ་ཀ་བཛྲ་བྷཻ་ར་ཝ། པདྨ་ཀ་ལ་མ་ཡ་སྟྭཾ། ཨུནྨཱནྟ་བྷཻ་ར་ཝ་ཨ་གྲ་ཏིཥྛ་ཏིཥྛ། བཛྲ་བྷཻ་ར་ཝ་ཨ་གྲ་ཏིཥྛ་ཏིཥྛ། ཤྨ་ཤ་ན་ཨ་དྷི་པ་ཏི་ཨ་གྲ་ཏིཥྛ་ཏིཥྛ། དེ་ནས་སྔགས་གསུམ་ཅུང་ཟད་བཟླས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་འཁོར་དང་བཅས་པ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུའི་འོད་ཀྱིས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། རྩ་སྔགས་ཀྱི་རྗེས་སུ། ཨོཾ་བྷཻ་ར་ཝ་གྲྀཧྞ་ཨི་དཾ་བ་ལིཾ་མ་མ་ཀརྱཾ་སཱ་དྷ་ཡ་སྭཱཧཱ། ལན་གསུམ་སོགས་ཀྱིས་བཅོམ་ལྡན་འདས་ལ་ཕུལ། ཨོཾ་ཨུནྨཱནྟ་བྷཻ་ར་ཝ་ར་བ་ལིཾ་གྲྀཧྞ་གྲྀཧྞ་མ་མ་ཀརྱ་སཱ་དྷ་ཡ་སྭཱཧཱ། ཞེས་ལན་གསུམ་གྱིས་སྨྱོན་པ་འཇིགས་བྱེད་དང༌། ཨཥྟ་སྨ་ཤ་ན་ཏིཥྛ་བུདྡྷ་ཤཱ་ས་ན་རཀྵནྟུ་སརྦ་གྲྀཧྞ་གྲྀཧྞ་ཨི་དཾ་བ་ལིཾ་མ་མ་སརྦ་ཀརྱཾ་སཱ་དྷ་ནི་སྭཱཧཱ། ཞེས་ལན་གསུམ་གྱིས་དུར་ཁྲོད་ཀྱི་བདག་པོ་རྣམས་ལ་འབུལ། དེ་ནས་གོང་བཞིན་ཕྱི་མཆོད་ནང་མཆོད་བསྟོད་པ་རྣམས་བྱ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་དང༌། གོང་བཞིན་འདོད་དོན་གསོལ་བཏབ། ཡིག་བརྒྱ་བཟོད་གསོལ་རྣམས་བྱ། ཨོཾ་ཁྱོད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས་གསོལ་དང༌། ཐུན་མཚམས་ཀྱི་སྐབས་ཡིན་ན། གནས་གསུམ་དུ་འབྲུ་གསུམ་གྱི་བདུད་རྩིའི་ཐིག་ལེ་བྱ། སྨོན་ལམ་དང་བཀྲ་ཤིས་ཙམ་བརྗོད། བདག་བསྐྱེད་མ་བསྡུས་པའི་སྐབས་ཡིན་ན། ཡེ་ཤེས་པ་གཤེགས་གསོལ་བྱས་མ་ཐག་ཏུ། མདུན་བསྐྱེད་ཀྱི་དམ་ཚིག་པ་དང༌། དཀྱིལ་འཁོར་ལྷན་ཅིག་ཏུ་བདག་ལ་བསྡུ། ཐུན་མཚམས་ཀྱི་ལྷ་སྐུར་


TNT06_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་པའི་རྗེས་སུ་སྨོན་ལམ་དང་བཀྲ་ཤིས་བྱའོ། །ལུགས་འདིའི་དབང་ཆོག་ནི། བར་སྐབས་སུ་དཔལ་འཛིན་གྱི་ཆོ་ག་ལ་བརྟེན་པ་མ་གཏོགས། རང་ལུགས་མ་རྙེད་པར་སྣང་ཡང་ད་ལྟ་རབ་ལུགས་གཉིས་པོ་དེ་རྙེད་པས་གཉིས་པོའི་ནང་ནས་ན་རི་པའི་ལུགས་ལ་བྱའོ།། །།ལྷ་བཅུ་གསུམ་མར་གྲགས་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས། ༈ དཔལ་རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་པ་ལ་ཕྱག་འཚལ་ལོ། །ལྷ་བཅུ་གསུམ་མར་གྲགས་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བསྒོམ་པར་འདོད་པས། འདི་ལྟར་ཤེས་དགོས་ཏེ། དེ་ལ་ངོར་པ་རྣམས་ན་རེ། འཇིགས་བྱེད་བཅུ་གསུམ་མ་ལ་རྒྱ་གཞུང་གི་ཁུངས་མེད། ཅེས་དང༌། འདི་རྭ་ལོ་ཁོ་ནའི་རྟོག་བཟོ་ཡིན་གྱི་གཞན་ལ་མ་གྲགས་ཞེས་པ་དང༌། རྗེ་བཙུན་ཙོང་ཁ་པས། རྭ་ལོ་དང་གཉོས་ལོས་བཅུ་གསུམ་ཅན་མཛད་དོ་ཞེས་བཤད་པ་ལ། དེ་ཁྱེད་གཟིགས་རྒྱ་ཆེས་བ་ཁ་ཐལ་བ་ཡིན་ཞེས་བཏིངས་ཚིག་སྨྲ་ཞིག་གཉོས་ལུགས་ལ་ལྷ་དགུ་ལས་མེད་དོ་ཞེས་དང༌། འབྲོག་མི་ལོ་ཙཱ་བས་ཀྱང་གཤེད་སྐོར་མང་དུ་བསྒྱུར་རོ་ཞེས་སྨྲའོ། །དེ་ནི་ཤིན་ཏུ་མི་འཐད་དེ། ཁུངས་མེད་ཅེས་པ་འདི་རྟོག་བདུན་གྱི་དངོས་བསྟན་མ་ཡིན་པ་ཙམ་ལ་ཟེར་ན་ནི། ཞེ་དགུ་མ་དང་ཁྱེད་རང་རྣམས་བཅུ་བདུན་མར་འདོད་པའི་དཀྱིལ་འཁོར་དེ་ཡང་ཁུངས་མེད་དུ་ཐལ་ཏེ་རྒྱུད་ཀྱི་དངོས་བསྟན་མ་ཡིན་པའི་ཕྱིར་རོ། །དགོངས་འགྲེལ་རྒྱ་གཞུང་གི་ཁུངས་མེད་དོ་སྙམ་ན། མཐོང་རྒྱ་ཤིན་ཏུ་ཆུང་སྟེ། སློབ་དཔོན་པདྨ་སྲུང་བ་སྟེ་ཀ་མ་ལ་རཀྵི་ཏའི་སྒྲུབ་ཐབས་བསྡུས་པ་དང༌། རྣམ་སྣང་སྲུང་བ་སྟེ་བཻ་རོ་ཙ་ན་རཀྵི་ཏིའི་སྒྲུབ་ཐབས་རྒྱས་པ་སྟེ་སྒྲུབ་ཐབས་རྒྱ་གཞུང་གཉིས་ཡོད་ལ། རྟོག་བདུན་གྱི་འགྲེལ་བ་སཽ་ན་ཤྲཱི་འམ། རྡོ་རྗེ་གྲུབ་པས་


TNT06_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ལས་ཀྱང་ཤིན་ཏུ་གསལ་ཞིང༌། དེ་ཡང་དཔལ་འཛིན་གྱི་མན་ངག་ཡིན་པར་འཆད་པས། རྡོ་རྗེ་སློབ་དཔོན་ཆེན་པོ་དཔལ་འཛིན་ཡང་འཇིགས་བྱེད་བཅུ་གསུམ་མ་བཞེད་པར་གསལ་ལོ། །སྤྱིར་ནི་རྭ་ལོ་རྡོ་རྗེ་གྲགས་པ་ཡང༌། རྒྱ་བལ་གྱི་པཎ་གྲུབ་མང་པོའི་ཐུགས་བཅུད་མན་ངག་ལོངས་ཤིང༌། ཁོང་གི་བཤད་སྒྲོས་དང་མན་ངག་ལ་བོད་ཀྱི་བསྲེ་བསླད་མེད་ཅེས་དུས་མཉམ་གྱི་མཁས་པ་ཆེན་པོ་ཉི་ཟླ་ལྟར་གྲགས་པ་རྣམས་ཀྱིས་བསྔགས་པའི་ཕྱིར། མན་ངག་ཁུངས་ལྡན་དུ་གྲུབ་པ་ཁོ་ནས་ཀྱང༌། རྒྱ་གཞུང་གི་ཁུངས་ཐན་ཐུན་ཡོད་མེད་ལ་རག་མ་ལུས་ལ། དེ་བས་ཀྱང་ཆེས་ལྷག་པ། ཁོང་ཉིད་རྡོ་རྗེ་སློབ་དཔོན་ཆེན་པོའི་གནས་ཐོབ་སྟེ། ཏིང་ངེ་འཛིན་ལ་བརྟན་པ་བརྙེས། ཡི་དམ་ལྷག་པའི་ལྷ་ཞལ་གཟིགས་དཔལ་ནག་པོ་ཆེན་པོ་དང༌། ལྷ་མོ་རེ་མ་ཏི་དང༌། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང༌། ལང་ཀའི་བདག་པོ་ལ་སོགས་པ། ཆེས་ཆེ་བའི་ལྷ་རྣམས་བྲན་དུ་འཁོར་ལ་མི་དང་མི་མ་ཡིན་རྣམས་ལ་ལས་བཞི་ཐོགས་མེད་དུ་འགྲུབ་པའི་སྒྲུབ་པ་པོ་རྣལ་འབྱོར་ཅན་གྱི་དབང་ཕྱུག་ཡིན་པའི་ཕྱིར། ཁུངས་གཞན་ལས་འཚོལ་མི་དགོས་སོ། །དེ་ལྟར་ན་རྭ་ལོ་ཆེན་པོ་དེ་ནི། མཁས་པའི་ཕྱོགས་ནས་ཀྱང་བོད་ཁམས་ཀྱི་དགེ་བཤེས་ཐམས་ཅད་སློབ་མར་འདུ་བ་དང༌། ནུས་མཐུའི་སྒོ་ནས་རྒྱལ་ཁམས་ཐམས་ཅད་འདར་བར་བྱེད་པ་ཞིག་ཡིན་ནོ། །མལ་འབྲོག་མི་སྐྱོ་ལ་སོགས་པ་ནི། སྤྱིར་མཁས་གྲུབ་རྨད་དུ་བྱུང་པ་ཡིན་མོད་ཀྱང༌། རྭ་ལོ་ལ་ལྟོས་ན་ནི། དེ་དག་ཕག་ཕུག་གི་སྔགས་པ་ཆུང་ངུ་ཙམ་དུ་ཟད་ན། ཕྱིས་བྱུང་བ་ཐ་ན་ཆོས་རྒྱུས་ཙམ་ལ་ཡང་མི་མཁས་ཤིང་ནུས་པ་ཕྲ་མོ་ཙམ་ཡང་མེད་པ་ཁྱེད་དག་གིས། སྐྱེས་ཆེན་དེ་འདྲ་བ་འགོག་པ་ལ་ཞུགས་པ་ན། ཁྱི་ལྟོགས་རྒྱགས་པས་སེང་གེའི་གཉའ་རལ་ལ་འཇུ་ཞེས་སྐྱེ་བོ་རྣམས་ལ་གྲགས་པ་དེ་ཁོ་ན་སྟེ། ཤིན་ཏུ་བླུན་ཅིང་ཆོས་ཀྱི་


TNT06_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཟད་པའི་བནྡྷེ་དང་མི་དཔོན་མང་རབ་ཀྱིས་ལས་ཀྱི་དབང་གིས་ཁྱེད་དག་ལ་བཏུད་པ་ན། ཁྱེད་ཅག་ང་རྒྱལ་གྱིས་དྲེགས་ནས་བག་མེད་དུ་ཡན་ཏེ། གླེན་པའི་རང་འཚང་རྒྱུད་མ་ནས་རྒྱུད་མར་སྟོན་པའོ། །རྗེ་འབྲོག་གིས་གཤེད་སྐོར་བསྒྱུར་བའི་ལོ་རྒྱུས། སྔོན་མཁས་རྨོངས་སུ་ལའང་མ་གྲགས་མོད། ཁྱེད་འགའ་ཞིག་གིས་བསྟན་འགྱུར་བལྟས་པ་ན། འཇུག་མཛད་ཀྱི་སྒྲུབ་ཐབས་ཛྙཱ་ན་ཀ་རས་མཛད་པ་དེ་ལ། འགྱུར་བྱང་མེད་པར་མཐོང་བ་ན། འབྲོག་མིའི་ཞེན་དུ་བསམས་ནས། འདི་རྗེ་འབྲོག་གིས་བསྒྱུར་རོ་ཞེས། མི་ཤེས་པ་རྣམས་ཀྱི་མགོ་བོ་བརྫུན་གྱི་སྐོར་བར་བྱེད་དོ། །གཞུང་དེ་ལེགས་རབ་ཡོད་ཀྱང་བདག་པོ་མེད་པར་འཁྱམས་པས་ཐ་ན་མཛད་པ་པོ་རང་ཡང་ཆ་རྒྱུས་སུ་ལའང་མེད་དེ། ཛྙཱ་ན་ཀ་ར་ཡིན་ནམ། ཛྙཱ་ནཱ་ཀ་ར་ཡིན་ཡང་བཤད་རྒྱུ་མེད་ལ། གཞན་ཡང་འབྲོག་གཤེད་སྐོར་མི་མཛད་པའི་རྒྱུ་མཚན་མང་དུ་ཡོད་དོ། །འཇིགས་བྱེད་བཅུ་གསུམ་མ་རྭ་ལོ་མིན་པ་གཞན་ལ་མེད་པའང་མིན་ཏེ། ཁྱུང་པོ་རྣལ་འབྱོར་པའི་ལུགས་ལའང་ཤིན་ཏུ་གྲགས་ཆེ་བ་དང༌། གྱི་ཇོ་ལ་སོགས་པ་གཞན་ལའང་ཡོད་པར་གྲགས་པའི་ཕྱིར་རོ། །གཉོས་པ་ལ་རིགས་བཞི་ཡུམ་བཞིས་བསྐོར་བའི་ལྷ་དགུ་མ་གཏོགས་བཅུ་གསུམ་མ་མེད་ཟེར་བ་ནི། ཁྱེད་ཀྱི་རྗེ་ཀུན་བཟང་བས། དཔེ་མཛོད་རྙིང་པ་འདྲ་གཡེངས་པ་ན། སློབ་དཔོན་བསོད་ནམས་རྒྱལ་པོས་བྱས་པའི། གཉོས་ལུགས་ལྷ་དགུའི་སྒྲུབ་ཐབས་དེ་རྙེད་ཡོད་པར་འདུག །གཞན་གཉོས་ལུགས་ཀྱི་ཡི་གེ་ཆ་ཚང་བ་མ་མཐོང་མོད། དེ་མ་ཐག་གཉོས་ལུགས་ནི་ལྷ་དགུ་ཁོ་ན་ཡིན་ནོ་སྙམ་ནས། ཡི་གེ་གཞན་ཚོལ་ལོང་དང་བལྟ་ལོག་མེད་པར་ཏབ་ཏོབ་ཏུ་གཞན་ལ་འཕྱ་བར་ཟད་དོ། །གཉོས་ལུགས་བཅུ་གསུམ་མ་ནི། སློབ་དཔོན་དཔལ་སེང་དང༌། འབྲི་ཕྱུག་པའི་སྒྲུབ་ཐབས་ཀྱང་ཡོད་པར་འདུག་ཅིང༌། རྒྱལ་བ་ལྷ་ནང་བའི་སློབ་མ། འགར་ཆོས་སྡིངས་པའི་སྒྲུབ་དཀྱིལ་ནི་ཁོ་བོས་ཀྱང་


TNT06_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ངོ༌། །དེར་མ་ཟད་གཉོས་ལུགས་ལ་རོ་ལངས་བརྒྱད་སྐོར་ཡང་སྣང་བས་བག་ཡོད་པར་བྱའོ། །ཡང་རྭ་ལོ་སྐྱེས་བུ་བཟང་ཞིང་བླ་མའི་མན་ངག་དང་ལྡན་དུ་ཆུག་ཀྱང༌། རྒྱ་གཞུང་གི་ཁུངས་མེད་ན་ཡིད་མི་ཆེས་སོ་སྙམ་ན། བཅུ་གསུམ་མ་ལ་ཏ་རྒྱ་གཞུང་གི་ཁུངས་ཀྱང་གོང་དུ་བསྟན་པ་ལྟར་ཡིན་མོད། སྤྱིར་དེ་ལྟར་འདོད་ན་ཁྱེད་རང་རྣམས་མི་ཚེ་ཧྲིལ་པོར་སྒྲིལ་བའི་ཀྱཻ་རྡོར་མན་ངག་ལུགས་དེ་ཇི་ལྟར་ཡིན། རྫའི་དོས་ཁུར་ནས་རྡོ་འཐབ་མ་བྱེད་ཅིག །ཁྱེད་རྣམས་ཤིན་ཏུ་མི་མཁས་པའི་སྟེང་དུ། ཕྱོགས་འཛིན་ཕྲག་དོག་གི་གདོན་ཞུད་ཆེན་པོ་བཏབ་ནས་སྨྱོན་པའི་བརྟུལ་ཞུགས་འཛིན་པ་འདི་ལ། ཁོ་བོས་སྙིང་བརྩེ་བའི་བསླབ་སྟོན་བྱས་པ་ཡིན་ནོ། །བུ་སྟོན་སོགས་པ་མཁས་པ་འགའ་ཞིག་གིས། བསྟན་འགྱུར་གཟིགས་ནས་སྒྲུབ་ཐབས་སོ་སོ་ལ་ཁུངས་འཚོར་བ་དང་དཔྱད་པའི་སྒོ་མང་དུ་བྱས་པ་དེ། ཁྱེད་རྣམས་ལ་ཐན་ཆེན་པོར་བྱུང་འདུག་སྟེ། དེ་དག་གིས་དེ་ལྟར་བྱས་པ་ན། ཁྱེད་ཀྱི་བླ་མ་འགྲམ་ཆུ་ལངས་བརྡབས་ཞོགས་འཕྲོད་དེ་བསྟན་འགྱུར་ཅི་རིགས་པ་བལྟས་པ་ན། ཟ་ཟི་ལངས་ན་ཉེས་བཤད་དང་ལོག་པར་བཤད་པའི་སེར་བ་དྲག་པོ་ཟད་པ་མེད་པ་ཁྱེད་སློབ་མ་རྣམས་ཀྱི་བློ་གྲོས་ལ་བདུད་དུ་གཅེར་གྱིས་བབས་པའི་ཕྱིར་རོ། །འདིར་སྨྲས་པ། ལ་ལའི་མཐོང་རྒྱ་རྒྱན་ཡིན་ཏེ། །ལ་ལའི་མཐོང་རྒྱ་བྱུར་ཆགས་ཡིན། །མཁས་པ་མཐོང་རྒྱ་ཆེ་ན་བཟང༌། །ངོར་པའི་མཐོང་རྒྱས་རང་ཉིད་བརླག །ཅེས་སོ། །ངོར་པ་ཟིན་བྲིས་ཀྱིས་ཕུང་ངོ་ཞེས། དུས་དེ་ཉིད་ནས་ཕྱོགས་ཀུན་ཏུ་གྲགས་སོ། །གཞན་ཡང་ཁོ་བོ་ཅག་ནི། འདི་སྐད་ཅེས། དགྲ་གདོང་འཇིགས་གསུམ་ཕན་ཚུན་ཕྱོགས་མཐུན་གྱི་རྒྱུད་ཡིན་ཡང༌། དངོས་པོ་ལ་རྩ་བཤད་ཀྱི་རྒྱུད་དུ་གནས་པ་མིན། ཆ་མཐུན་ཡིན་པའི་ཕྱིར། ཕན་ཚུན་ཁ་སྐོང་བའི་དོན་དུ།


TNT06_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་མན་ངག་གི་སྒོ་ནས། རྩ་བཤད་དུ་སྦྱོར་བའི་ལུགས་མང་དུ་བྱུང༌། དེ་ཡང་འོས་ཤིང་རིགས་པ་ཡིན་གྱི་ནོར་བ་ནི་མིན་ཞེས་སྨྲའོ། ཁྱེད་རྣམས་ནི་དགྲ་གདོང་འཇིགས་གསུམ་དངོས་པོའི་སྟེང་ནས་རྩ་བཤད་ཀྱི་རྒྱུད་ཡིན་པར་ཁས་བླང་ནས། ཕན་ཚུན་དུ་ཁ་སྐོང་བར་འདོད་བཞིན་དུ། འཇིགས་མཛད་ལ་ནག་པོའི་འཁོར་མི་རུང་བར་འདོད་པ་ནི། ཤིན་ཏུ་ནང་འགལ་བའང་ཡིན་ནོ། །ད་ནི་འདི་དཔྱད་དེ། འདིར་མང་པོ་ཞིག་འཇིགས་མཛད་ཀྱི་སྒྲུབ་ཐབས་ཡིད་བཞིན་གྱི་གཏེར་མཛོད་དང༌། དེའི་དཀྱིལ་ཆོག་དང༌། སྒྲུབ་ཐབས་ཆུང་བ་བཞི་ལ་སོགས་པ་ནི། རྭ་ལོ་ཆེན་པོའི་གསུང་དུ་འདོད་ཅིང༌། དེ་ལ་བསམས་ནས་དགག་པའང་གཏོང་བ་མང་མོད་ཀྱི། ཁུངས་དང་ལྡན་པའི་གཏམ་ལས། རྭ་ཤར་བ་དཀོན་མཆོག་སེང་གེས་མཛད་དོ། །ཞེས་འབྱུང་བ་ཉིད་འཐད་དེ། རྒྱུ་མཚན་ལར་མང་མོད་གཅིག་དཔེ་ཙམ་དུ་སྨྲོས་ན། སྒྲུབ་དཀྱིལ་འདི་དག་ཏུ། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །སོགས་དང༌། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ཞེས་སོགས་འབྱུང་ན། ཚིག་བཅད་འདི་ནི་འབྲོག་འགྱུར་ཡིན་གྱི་རྭ་འགྱུར་མ་ཡིན་ནོ། །རྭ་འགྱུར་ལས་ནི། གསང་གསུམ་གནས་ལས་བྱུང་བ་ཡི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །དབང་བསྐུར་རྡོ་རྗེ་ཆེན་པོ་འདི། །བྱིན་ཅིག་སངས་རྒྱས་ཐམས་ཅད་ཀྱི། །ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟ་ན་ཡང་ངག་སྒྲོས་འཆུགས་པ་རེ་རེ་ཙམ་མ་གཏོགས། ཕལ་ཆེར་རྭ་ལོའི་མན་ངག་མ་ནོར་བ་ནི་ཡིན་ནོ། །དེ་ལྟར་གོ་ནའང་མི་མང་པོ་ཞིག་ལ་སྐུར་འདེབས་དང་མུན་ནག་ཆེ་ཚད་ཞིག་སངས་འགྲོ་བར་གདོག་གོ །དཀྱིལ་འཁོར་འདི་ལ་སྒྲུབ་ཐབས་འཁྱེར་བདེ་བ་ཁོ་བོས་སྔར་སྦྱར་བ་ཞིག་ཡོད་ནའང་ད་ལྟ་མ་རྙེད་པས། ད་ནི་འདིར་སྒྲུབས་ཐབས་སྙིང་པོ་ལ་འདོན་པ་


TNT06_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་ན་འགྲུབ་སྟེ། སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་བསྒོམ་བཟླས། ཚོགས་ཞིང་སྤྱན་འདྲེན། ཕྱག་མཆོད། རྒྱུན་བཤགས། སྡོམ་བཟུང༌། ཚད་མེད་བཞི། སྟོང་པར་སྦྱང་བ། སྲུང་འཁོར་སྒོམ་པ་རྣམས་སྒྲུབ་ཐབས་སྙིང་པོ་བཞིན་བྱ་བ་ལས་འདིར་ཆོས་འབྱུང་གི་ཚིག་བོར་ཏེ། སྟོང་པའི་ངང་ལས་ཧཱུཾ་ལས་སྣ་ཚོགས་ཞེས་སྦྲེལ་ལོ། །དེ་ནས་ཕཊ་སྭཱཧཱ། སྲུང་བའི་འཁོར་ལོའི་ནང་དུ་པད་ཟླའི་སྟེང་དུ། སཾ་ལས་ཀུན་ཏུ་བཟང་པོ་དཀར་པོ། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པ། དེ་ཞུ་བ་ལས་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ། གདེངས་ཀ་གྱེན་དུ་ཕྱོགས་པ། དེའི་ནང་དུ་པཾ་ལས་པདྨ་དང༌། ཨ་ལས་ཟླ་བ་ལ་གནས་པའི་བྷྲུཾ་ལས་འཁོར་ལོ་དཀར་པོ་རྩིབས་བཅུ་གཉིས་པ་བྷྲུཾ་གྱིས་མཚན་པ། དེ་ལས་བྱུང་བའི་རྣམ་སྣང་དཀར་པོ། ཞལ་གཅིག་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་འཁོར་ལོ་འཛིན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེས་བརྒྱན་པ། དེ་ཞུ་བ་ལས་བྱུང་བའི་གཞལ་མེད་ཁང༌། གྲུ་བཞི། སྒོ་བཞི་པ། རིན་པོ་སྣ་ལྔ་ལས་གྲུབ་པ། ནང་ནས་རིམ་པ་བཞིན་དུ། ནག་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་ཕ་གུ་སེར་པོ་དང༌། དྲ་བ་དྲ་ཕྱེད་འཕྱང་བ། རིན་པོ་ཆེའི་འཕྲེང་བ་དང་བཅས་པ། སྟེང་མདའ་ཡབ་མཆོད་རྟེན་གྱི་རྣམ་པར་མཛེས་པ། པུ་ཤུའི་ཁོར་ཡུག་ལ་གདུགས་དང༌། རྒྱལ་མཚན་དང༌། བ་དན་བསྒྲེང་བ། ནང་གི་ལྷ་


TNT06_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་བ། དབུས་ཀྱི་གྲུ་ཆད་ཀྱི་འོག་གཞི་རྡོ་རྗེའི་གཞི་ལ། སྟེང་དུ་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག་པ། ནང་ཀ་བ་བརྒྱད་དང་ལྡན་པ། དེའི་དབུས་སུ་མི་མགོ་སྐམ་པོའི་ར་བ་ཟླུམ་པོ་སྒོ་གཅིག་པ། ཕྱི་ནང་གི་ས་གཞི་ཐམས་ཅད་ཁྲག་ཞག་འཁྲུག་པ། སྟེང་རྡོ་རྗེའི་གདུང་བཞིས་མིང་མངས་རིས་སུ་བྲིས་པ། ནང་རེ་མིག་དགུར་གྱུར་པའི་སྟེང་ཕྱོགས་ཀེང་རུས་ཀྱི་ཀ་གདུང་གིས་ཕུག་པ། གཡས་གཞིའི་བླ་བྲེ་དང༌། རྒྱུ་རློན་གྱི་ལྡ་ལྡི་ལ་སོགས་པས་བརྒྱན་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་དང་རིན་པོ་ཆེའི་ཏོག་གིས་མཚན་པ། རྩིག་པའི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་ལ་མཆོད་པའི་གཟུངས་མ་རྣམས་དང༌། སྒོ་བཞིའི་ཐད་ཀ་ནས་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་རྣམས་ཀྱི་རྩེ་མོར། པདྨ་ལ་གནས་པའི་འཁོར་ལོ་དང༌། རི་དྭགས་དང༌། གདུགས་ཀྱིས་མཚན་པ། འཁྱམས་ལ་མཆོད་པའི་ཚོགས་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་ཕྱི་རོལ་ཏུ་གཏུམ་དྲག་སོགས་པ་ནས། སྣ་ཚོགས་པས་གང་བའོ། །ཞེས་བྱའོ། །རྭ་ལུགས་ཀྱི་མན་ངག་རྣམས་ལ་ཡང་དཀྱིལ་འཁོར་ནང་མ་རིལ་གྱི་ཐོད་མཁར་དུ་བྱེད་པ་དང༌། རེ་མིག་དབུས་མའི་ནང་དུ་ཐོད་མཁར་བྱེད་པ་ལུགས་གཉིས་བྱུང་ངོ༌། །དེ་གཉིས་འདམ་ཁ་ཡིན་ཡང་ནང་གི་དཀྱིལ་འཁོར་ཟླུམ་པོ་རིལ་གྱི་ཐོད་མཁར་དུ་བྱད་པ་འདི་ངོས་སྒོམ་སྟབས་བདེ་བར་སྣང་ངོ༌། །འདིར་ངོར་པ་དག་ན་རེ་ཐོད་མཁར་ལས་སྤྲ་ཁོག་བླང་བ་མ་གཏོགས། གསར་བའི་རྒྱུད་གཞུང་གི་ཁུངས་མེད་ཟེར་ཞིང༌། གཞན་མང་པོ་ཞིག་ཀྱང་དེ་ལྟར་སེམས་པར་སྣང་མོད། གསང་འདུས་ཀྱི་འགྲེལ་པ་རབ་ཞི་ཡེ་ཤེས་ཀྱིས་མཛད་པ་དང༌། རྒྱ་འགྲེལ་མཛད་བྱང་མེད་པ་ཞིག་དང༌། མཉམ་སྦྱོར་


TNT06_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀའི་སྒྲུབ་ཐབས་འགའ་རེ་ན་ཡང་ཡོད་ལ། འདིར་རྟོག་བདུན་ལས། དཔའ་བོའི་གནས་ལ་གནས་པས་ཞེས་དང༌། དཀྱིལ་འཁོར་གྱི་གྲྭར་ཁྲག་གིས་ཆག་ཆག་གདབ་ཅེས་གསུངས་པས་གསལ་བར་བསྟན་ཅིང༌། ཞང་འགྱུར་ལྟར་ན། ཐོད་པ་བརྩེགས་པའི་རྩེ་མོ་མཐོན་པོ་འཇིགས་སུ་རུང་བ། ཞེས་པས་ཀྱང་བསྟན་ཏོ། ཁོ་བོས་ནི་མ་མཐོང་ཡང་དམ་པ་འགའ་ཞིག་གིས་གཟིགས་པ། ལཱི་ལ་བཛྲ་གྱི་དཀྱིལ་ཆོག་ལས་ཀྱང༌། ཟླུམ་པོ་རེ་མིག་དགུ་པ་སྟེ། །ཐོད་པ་སྐམ་རློན་འཕྲེང་གིས་བརྒྱན། །ཞེས་ཡོད་པར་གྲགས་སོ། །ཡང་ཁྱེད་སྤྲ་ཁོག་བླང་བ་ཞེས་པ་ཁྲོ་བོ་རྣམ་རྒྱལ་གྱི་རྒྱུད་ལ་ཟེར་ན་ནི། དེ་ལས་ནི་ཐོད་མཁར་སྟོན་བྱེད་ཀྱི་ཚིག་ཡེ་མེད་ན། ཁྱེད་ཀྱི་མནལ་ལམ་ལ་བྱུང་བ་ལགས་སམ་ཅི། ཡོད་པ་དག་མི་མཐོང་ལ་མེད་པ་དག་མཐོང་ཨ་རེ་རེ་ཞེས་བྱའོ། །དབུས་ཀྱི་རེ་མིག་ཏུ། རླུང་གི་དཀྱིལ་འཁོར་ལ་མི་རོ་མགོ་དང་རྐང་ལག་བྲལ་བ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པ་དང༌། རེ་མིག་བརྒྱད་ལ། ཤར་དུ་མགོ་བོ། ལྷོར་ལག་པ་གཉིས། ནུབ་ཏུ་རྒྱུ་མ། བྱང་དུ་རྐང་པ་གཉིས། ཤར་ལྷོར་ཐོད་པ། ལྷོ་ནུབ་ཏུ་ཐོད་ཚལ། ནུབ་བྱང་དུ་རོ་རས། བྱང་ཤར་དུ་སྐྱེས་བུ་གསལ་ཤིང་གིས་ཕུག་པའོ། །དེ་རྣམས་ཀྱི་སྟེང་དུ། ཤར་དུ་པད་ཟླ། ལྷོར་པད་ཉི། ནུབ་ཏུ་པད་མའི་སྟེང་དུ་ཉི་མ་འོད་དང་བྲལ་བ། བྱང་དུ་པདྨ་ལ་རླུང་དཀྱིལ། མཚམས་བཞིར་པད་ཟླའི་གདན། ཤར་གྱི་ལྷ་སྣམ་ལ། སྒོའི་གཡས་སུ་གྲི་གུག །འཕང་ཐུང༌། གཏུན་ཤིང༌། གཡོན་དུ་ཆུ་གྲི། ཀ་ཎ་ཡ། ལྕགས་ཀྱུ། ལྷོའི་ལྷ་སྣམ་ལ། གཡས་སུ་སྟ་རེ། མདའ། ཁ་ཊཱཾ་ག །གཡོན་དུ་དབྱུག་པ། འཁོར་ལོ། ཞགས་པ། ནུབ་ཀྱི་ལྷ་སྣམ་ལ།


TNT06_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་རྡོ་རྗེ། ཅང་ཏེའུ། ཕུབ། གཡོན་དུ་གཞུ། དྲིལ་བུ། རླུང་རས། བྱང་སྒོའི་གཡས་སུ་སྡིགས་འཛུབ། འཕན་རྩེ་གསུམ་པ། གླང་ལྤགས། གཡོན་དུ་ཐོ་བ། མདུང༌། མེ་ཐབ་བོ། །ཤར་སྒོར་ཐོ་བ། ལྷོ་སྒོར་དབྱུག་པ། ནུབ་སྒོར་པདྨ། བྱང་སྒོར་རལ་གྲི་རྣམས་ཉལ་ཐབས་སུ་གནས་པ་བཞི་པོ་དེའི་སྟེང་དུ་པདྨ་དང་ཉི་མའི་གདན་རེ་རེ། གྲྭ་བཞིར། རོ་ལངས་ནག་པོ་མགོ་གསུམ། ལག་པ་གསུམ། རྐང་པ་གསུམ་གར་བྱེད་པའམ། ཕྱག་གཉིས་གཡས་ཐལ་མོ་འཕྱར་ཞིང༌། གཡོན་ཐུགས་ཀར་ཐལ་མོ་བྱེད་པ་བསྒོམས་ཀྱང་རུང་ངོ༌། །དབུས་ཀྱི་གདན་གྱི་སྟེང་དུ། ཨ་ལས་ཟླ་བ་ལ་དྷཱིཿལས་རལ་གྲི་ཞེས་པ་ནས། རྩེ་དགུ་པ། རྭ་གདེངས་པ། འོད་འབར་བ། ལྟེ་བ་ལ་ཧཱུཾ་གིས་མཚན་པར་གྱུར། དེ་ལས་དེ་བཞིན་གཤེགས་པ་ཞེས་པ་ནས། རྡོ་རྗེས་མཚན་པའི་གྲི་གུག་གདེངས་ཤིང༌། ཐོད་པ་ཁྲག་གིས་གང་བ་ཐུགས་ཀའི་ཐད་ཀར་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ལྷག་མ་ཞེས་པ་ནས། ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ། རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ལ་ཧཱུཾ་ནག་པོ་འོད་ཟེར་འབར་བའོ། །ཞེས་སོ། །རྭ་ལུགས་ལ་གཡས་གཡོན་གྱི་ཞལ་དྲུག་པོ་རྭ་ཞལ་དུ་བཞེད་པ་དང༌། བརྩེགས་ཞལ་དུ་བཞེད་པ་དང༌། འདམ་ཁར་བཞེད་པ་གསུམ་ཡོད་པ། སྤྱིར་འདམ་ཁ་ཡིན་མོད་ཀྱང༌། རྭ་ལོ་ཆེན་པོའི་བཞེད་པ་རྭ་ཞལ་གཙོ་ཆེའོ། །བཅོམ་ལྡན་འདས་དེའི་སྐུ་ལ་འཁྱུད་པའི་ཡུམ་ཁྲོ་མོའི་དབང་ཕྱུག་རྡོ་རྗེ་རོ་ལངས་མ། གཅེར་བུ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས། གཡས་གྲི་


TNT06_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

གུར་འཕྱར་ཞིང༌། གཡོན་ཐོད་ཁྲག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། ཁྲོ་སྒེག་ལང་ཚོ་ལ་བབ་ཅིང༌། དབུ་སྐྲ་གྱེན་དུ་བརྫཻས་པ། ཕྱག་རྒྱ་ལྔ་དང་སྦྲུལ་གྱིས་བརྒྱན་པ། ཐོད་པ་སྐམ་པོའི་དབུ་རྒྱན་དང༌། དོ་ཤལ་ཅན། ཞབས་གཡོན་བསྐུམ་གཡས་བརྐྱང་པའི་སྟབས་ཀྱིས་བཅོམ་ལྡན་འདས་དང་མཉམ་པར་སྦྱོར་བའོ། །དེ་ཡན་ཆད་ནི་རྣལ་འབྱོར་བཞིའི་དབང་དུ་བྱས་ནས། རྣལ་འབྱོར་དང་པོ་དང་རྗེས་སུ་རྣལ་འབྱོར་ཡིན་ཡང་ནག་པོའི་རྒྱུད་ནས་གསུངས་པའི་རྣལ་འབྱོར་དང་པོ་གཉིས་ཇི་ལྟ་བ་བཞིན་འདི་ལ་འགྲིག་དཀའ་བས། ཏིང་འཛིན་གསུམ་དང་སྦྱར་ནས། དེ་ཡན་ཆད་དང་པོ་སྦྱོར་བའི་ཏིང་ངེ་འཛིན་དུ་བྱ་ལ། ལུགས་འདི་ལ་མཁའ་ནང་ནས་དཀྱིལ་འཁོར་སྤྲོ་དགོས་པའི་ཕྱིར། འཇིགས་མཛད་ཡབ་ཡུམ་ཁ་སྦྱོར་གྱི་སྐུ་ཅན་ངེས་པར་བསྒོམ་དགོས་ལ། ཁ་ཅིག་ཡུམ་ཅན་བྲིས་སྐུ་ལ་བྲིར་མི་རུང་ཟེར་བ་ཏོམ་ཚོལ་ཙམ་ཡིན་པས། རང་གང་ལ་ཡི་དམ་དུ་བྱེད་པ་དེ་ཉིད་བྲིར་རུང་ཞིང༌། ཁྱུང་པོ་རྣལ་འབྱོར་པའི་ཡིན་ཐང་ལ་ཡང་ཡུམ་ཅན་དུ་བྲིས་ཡོད་ལ། འོན་ཀྱང་ལུགས་དེ་ལ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཡིན་ཞིང༌། འདིར་རོ་ལངས་མ་ནག་མོ་ཕྱག་གཉིས་པ་མཛད་པ་ནི། གདོང་དྲུག་དང་རྗེས་སུ་མཐུན་པ་ཡིན་ནོ། །ཡབ་ཀྱི་གསང་གནས་མི་དམིགས་ཏེ་སྟོང་པའི་ངང་ལས། ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་དང༌། ཡུམ་གྱི་མཁའ་མི་དམིགས་ཏེ་སྟོང་པའི་ངང་ལས། ཨཱཿལས་པདྨ་དམར་པོ་ཟེ་འབྲུ་ལ་ཨཱཿས་མཚན་པ། གཉིས་པའི་བུ་ག་ཕཊ་ཡིག་གིས་བཀག་པའོ། །ཡབ་ཡུམ་སྙོམས་པར་འཇུག་པའི་དགའ་བའི་སྒྲས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས་


TNT06_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། སྲོག་དག་པའི་ལམ་ནས་ཡུམ་གྱི་མཁར་བབས་པ་ཐིག་ལེ་བཅུ་བདུན་དུ་གྱུར། དེ་རྣམས་ལྷ་སོ་སོའི་ས་བོན་དུ་གྱུར། དབུས་སུ་ཡ་ལས་རྡོ་རྗེ་ཡས་མཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ནས། མི་བཟོད་པའི་བདག་ཉིད་དུ་གྱུར། འདིར་ཡུམ་མ་བསྐྱེད་ཀྱང་ཆོག །བསྐྱེད་པར་སྤྲོ་ན་བཅོམ་ལྡན་འདས་དེའི་སོགས་གོང་བཞིན་བྱ། ཤར་དུ་ཀྵེ་ལས་འཁོར་ལོ་ཀྵེས་མཚན་པ་ལས། གཏི་མུག་གཤིན་རྗེ་གཤེད་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གིས། དང་པོ་གཉིས་གྲི་གུག་དང་ཐོད་པ་འཛིན་པས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་འཁོར་ལོ་དང་རལ་གྲི། གཡོན་གཉིས་ཀྱིས་ནོར་བུ་དང་པདྨ་འཛིན་པ། ལྷོར་མ་ལས་རིན་པོ་ཆེ་མས་མཚན་པ་ལས། ཕྲ་མ་གཤིན་རྗེ་གཤེད་སེར་པོ་སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག །དང་པོ་གཉིས་གོང་དང་འདྲ། ལྷག་མ་གཡས་གཉིས་ཀྱིས་རིན་པོ་ཆེ་དང་རལ་གྲི། གཡོན་གཉིས་ཀྱིས་འཁོར་ལོ་དང་པདྨ་འཛིན་པ། ནུབ་ཏུ་མེ་ཡིག་ལས་པདྨ་མེ་ཡིག་གིས་མཚན་པ་ཡོངས་སུ་གྱུར་པ་ལས། འདོད་ཆགས་གཤིན་རྗེ་གཤེད་དམར་པོ། དམར་ནག་དཀར་བའི༴ ཕྱག་དང་པོ་གཉིས་འདྲ། གཡས་གཉིས་ཀྱིས་པདྨ་དང་རལ་གྲི། གཡོན་གཉིས་ཀྱིས་འཁོར་ལོ་དང་ནོར་བུ། བྱང་དུ་ད་ཡིག་ལས་རལ་གྲི་ད་ཡིག་གིས་མཚན་པ་ཡོངས་སུ་གྱུར་པ་ལས། ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ། ལྗང་ནག་དཀར་བའི༴ ལྷག་མ་གཡས་གཉིས་ཀྱིས་རལ་གྲི་དང་འཁོར་ལོ། གཡོན་གཉིས་ཀྱིས་རིན་པོ་ཆེ་དང་པདྨ་འཛིན་པ། ཤར་ལྷོར་ཛ་


TNT06_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཁོར་ལོ་ཛས་མཚན་པ་ལས་རྡོ་རྗེ་ཙརྩི་ཀཱ་དཀར་མོ། དཀར་ནག་དམར་བ་སོགས་གཏི་མུག་གཤིན་རྗེ་གཤེད་དང་འདྲ་བ་ལས། གྲི་གུག་དང་ཐོད་པ་འཛིན་པས་རང་གི་ཐབས་ལ་འཁྱུད་པ། ཞེས་བརྗོད། ལྷ་མོ་གཞན་གསུམ་ལའང་ཕྱག་དང་པོ་གཉིས་རིགས་འགྲེའོ། །ལྷོ་ནུབ་ཏུ་ས་ལས་རྡོ་རྗེས་སས་མཚན་པ་ལས། རྡོ་རྗེ་ཕག་མོ་སྔོན་མོ་སྔོ་དཀར་དམར་བའི་ཞལ་གསུམ་རྩ་ཞལ་གྱི་སྟེང་དུ་ཕག་གདོང་ཅན། གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་པདྨ། ནུབ་བྱང་དུ་དོ་ལས་པདྨ་དོ་ཡིག་གིས་མཚན་པ་ལས། རྡོ་རྗེ་དབྱངས་ཅན་མ་དམར་མོ་དམར་ནག །སོགས་འདོད་ཆགས་གཤིན་རྗེ་གཤེད་དང་འདྲ། བྱང་ཤར་དུ་རུ་ལས་རལ་གྲི་རུ་ཡིག་གིས་མཚན་པ་ལས། གཽ་རི་ལྗང་ཁུ་སོགས་ཕྲག་དོག་གཤིན་རྗེ་གཤེད་དང༌། དེ་དག་གི་ཕྱི་ངོས་ཤར་ཕྱོགས་སུ་ཡ་ལས་ཐོ་བ་ཡས་མཚན་པ་ལས། ཐོ་བ་གཤིན་རྗེ་གཤེད་ནག་དཀར་དམར། སོགས། རིག་མ་དང་མཉམ་པར་སྦྱོར་བ། གཡས་གཉིས་ན་ཐོ་བ་རྭ་ཉི་ཤུ་པ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ། ལྷོར་ཙ་ལ་དབྱུག་པ་ཙ་ཡིག་གིས་མཚན་པ་ལས། དབྱུག་པ་གཤིན་རྗེ་གཤེད་དཀར་པོ་དཀར་ནག་དམར་བའི། སོགས། གཡས་གཉིས་ན་དབྱུག་པ་དང་རལ་གྲི གཡོན་གཉིས་ན་འཁོར་ལོ་དང་པདྨ། ནུབ་ཏུ་ནི་ལས་པདྨ་ནི་ཡིག་གིས་མཚན་པ་ལས། པདྨ་གཤིན་རྗེ་གཤེད་དམར་པོ་སོགས་འདོད་ཆགས་གཤིན་རྗེ་གཤེད་དང་འདྲ། བྱང་དུ་ར་ལས་རལ་གྲི་ར་ཡིག་གིས་མཚན་པ་ལས། རལ་གྲི་གཤིན་རྗེ་གཤེད་ལྗང་ཁུ་སོགས་ཕྲག་དོག་གཤིན་རྗེ་གཤེད་དང་འདྲ། ལྷ་མོ་བཞི་རྣམས་


TNT06_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཕྱིར་ཐོགས་སྤངས་ཤིང་བུད་མེད་ཀྱི་མཚན་ཉིད་ཅན། ཁྲོ་བོ་བརྒྱད་སེ་རལ་ཁ་དང་བཅས་པ། ཐམས་ཅད་ཀྱང་སྤྱན་གསུམ་མཆེ་གཙིགས་དབུ་སྐྲ་གྱེན་དུ་བརྫེས་པ། སྟག་ལྤགས་དང་མགོ་འཕྲེང་དུ་རུས་པ་དང་སྦྲུལ་གྱིས་བརྒྱན་པ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། ཆ་བྱད་ཐམས་ཅད་བཅོམ་ལྡན་འདས་ཡབ་ཡུམ་དང་མཚུངས་ཤིང༌། གཏི་མུག་གཤིན་རྗེ་གཤེད་དང་ལྷ་མོ་བཞི་ཟླ་བའི་འོད་ཅན་དང༌། གཞན་རྣམས་ཉི་མའི་འོད་ཅན། ཐམས་ཅད་ཀྱང་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །མཚམས་བཞིར། ཎ་ཡོ་ནི་ར་རྣམས་ལས་ཐོད་པ་ཁྲག་གིས་གང་བ་བཞི་པོ་རྣམས་ཀྱང་འཁོད་པར་གྱུར། མངོན་རྟོགས་ཡིད་བཞིན་གཏེར་མཛོད་ན། ཐོད་པ་བཞིའི་གསལ་ཁ་མེད་ཀྱང༌། བཅུ་གསུམ་མའི་ཕྱོགས་ལ་ངེས་པར་དགོས་སོ། །ཨོཾ་ཧྲཱྀཿཥྚཱིཿབི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། མཁའ་ནང་གི་གཙོ་བོ་ཡབ་ཡུམ་དཔག་ཏུ་མེད་པ་སྤྲོས། བཅོམ་ལྡན་འདས་མ་གཙོ་བོ་དང་བཅས་པའི་བ་སྤུའི་བུ་ག་ནས་ཕྱིར་བྱུང༌། མཁའ་དབྱིངས་ཐམས་ཅད་ཡོངས་སུ་གང་བར་བྱས། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅིང༌། ཁྱད་པར་དུ་ཡང་ཉོན་མོངས་པ་ཞེ་སྡང་སྦྱངས། ཞེ་སྡང་གཤིན་རྗེ་གཤེད་པོ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་གཅིག་ཏུ་འདྲེས། དཀྱིལ་འཁོར་གྱི་གཙོ་བོ་རང་ཉིད་ཀྱི་ཐུགས་ཀར་ཐིམ། བདེ་སྟོང་གཉིས་སུ་མེད་པ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་དུ་གྱུར། ཨོཾ་ཛི་ན་ཛིཀ་ཧཱུཾ་ཕཊ། མཁའ་ནང་གི་གཏི་མུག་གཤིན་རྗེ་གཤེད་དཔག་ཏུ་མེད་པ་སྤྲོས། བཅོམ་ལྡན་འདས་མ་གཙོ་བོ་དང་བཅས་པའི་


TNT06_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྤུའི་བུ་ག་ནས་ཕྱིར་བྱུང༌། མཁའ་དབྱིངས་ཐམས་ཅད་ཡོངས་སུ་གང་བར་བྱས། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅིང༌། ཁྱད་པར་དུ་ཡང་གཏི་མུག་སྦྱངས། གཏི་མུག་གཤིན་རྗེ་གཤེད་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་གཅིག་ཏུ་འདྲེས། ཤར་གྱི་རེ་མིག་ཏུ་པད་ཟླའི་གདན་ལ་འཁོད་པར་གྱུར། ཨོཾ་རཏྣ་དྷྲྀཀ་ཧཱུཾ་ཕཊ། ཕྲ་མ་གཤིན་རྗེ་གཤེད༴ ཁྱད་པར་དུ་ཉོན་མོངས་པ་ང་རྒྱལ་དང་སེར་སྣ༴ ཕྲ་མ་གཤིན་རྗེ་གཤེད་ཀྱིས། ལྷོའི་རེ་མིག་ཏུ་པད་ཉི་ལ༴ ཨོཾ་ཨ་རོ་ལིཀ་ཧཱུཾ་ཕཊ། འདོད་ཆགས་གཤིན་རྗེ་བཤེད༴ ཉོན་མོངས་པ་འདོད་ཆགས་ཀྱི་རྣམ་རྟོག༴ འདོད་ཆགས་གཤིན་རྗེ་གཤེད་ཀྱི༴ ནུབ་ཀྱི་རེག་མིག་ཏུ་པདྨའི་སྟེང་དུ་ཉི་མ་འོད་དང་བྲལ་བའི་གདན་ལ༴ ཨོཾ་པྲཛྙཱ་དྷྲྀཀ་ཧཱུཾ་ཕཊ། ཕྲག་དོག་གཤིན་རྗེ་གཤེད༴ ཉོན་མོངས་པ་ཕྲག་དོག་གི་ཉེས་པ༴ ཕྲག་དོག་གཤིན་རྗེ་གཤེད་ཀྱི༴ བྱང་གི་རེ་མིག་ཏུ་པདྨ་དང་རླུང་དཀྱིལ་གྱི་གདན་ལ༴ ཨོཾ་མོ་ཧཱ་ར་ཏི་ཧཱུཾ་ཕཊ། ལྷ་མོ་རྡོ་རྗེ་ཙརྩི་ཀཱ༴ ཁྱད་པར་དུ་སའི་ཁམས་སྦྱངས། བྱམས་པ་ཆེན་པོ་ལ་བཀོད། ཤར་ལྷོའི་རེ་མིག་ཏུ་པད་ཟླའི་གདན་ལ་འཁོད༴ ཨོཾ་དྭེ་ཥ་ར་ཏི་ཧཱུཾ་ཕཊ། ལྷ་མོ་རྡོ་རྗེ་ཕག་མོ༴ ཆུའི་ཁམས༴ སྙིང་རྗེ་ཆེན་པོ༴ ལྷོ་ནུབ་ཀྱི་རེག་མིག་གི་པད་ཟླ༴ ཨོཾ་རཱ་གར་ཏི་ཧཱུཾ་ཕཊ། ལྷ་མོ་རྡོ་རྗེ་དབྱངས་ཅན༴ མེའི་ཁམས༴ དགའ་བ་ཆེན་པོ༴ ནུབ་བྱང་གི་རེ་མིག་ཏུ་པད་ཟླ༴ ཨོཾ་བཛྲ་ར་ཏཱི་ཧཱུཾ་ཕཊ། ལྷ་མོ་རྡོ་རྗེ་གཽ་རཱི༴ རླུང་གི་ཁམས༴ བཏང་སྙོམས་ཆེན་པོ༴ བྱང་ཤར་གྱི་རེ་མིག་ཏུ་པད་ཟླ༴ ཨོཾ་མུད་ག་ར་དྷྲྀཀ་ཧཱུཾ་ཕཊ། ཐོ་བ་གཤིན་རྗེ་གཤེད༴ ཕུང་པོའི་བདུད་བཅོམ། དད་པའི་


TNT06_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ལ་བཀོད། ཤར་སྒོར་པད་ཉིའི་གདན་ལ་འཁོད་པར་གྱུར། ཨོཾ་དཎྜ་དྷྲྀཀ་ཧཱུཾ་ཕཊ། དབྱུག་པ་གཤིན་རྗེ་གཤེད༴ ཉོན་མོངས་པའི་བདུད༴ བརྩོན་འགྲུས་ཀྱི་སྟོབས༴ ལྷོ་སྒོར་པད་ཉི༴ ཨོཾ་པདྨ་དྷྲྀཀ་ཧཱུཾ་ཕཊ། པདྨ་གཤིན་རྗེ་གཤེད༴ འཆི་བདག་གི་བདུད༴ དྲན་པའི་སྟོབས༴ ནུབ་སྒོར་པད་ཉི༴ ཨོཾ་ཁད་ག་དྷྲྀཀ་ཧཱུཾ་ཕཊ། རལ་གྲི་གཤིན་རྗེ་གཤེད༴ ལྷའི་བུའི་བདུད༴ ཏིང་ངེ་འཛིན་གྱི་སྟོབས༴ དཀྱིལ་འཁོར་ཆེན་པོའི་བྱང་སྒོར་པད་ཉི་ལ་འཁོད་པར་གྱུར། ཨོཾ་ཨཱཿཧཱུཾ། ལན་བཞི། ཐོད་པ་བཞི་གདན་དང་བཅས་པ༴ ཁྱད་པར་དུ་ཡུལ་དྲུག་གི་དྲི་མ་སྦྱངས། མངོན་པར་ཤེས་པ་དྲུག་ལ་བཀོད། ལྷ་སྣམ་ཀྱི་གྲྭ་བཞི་ལ། རྡོ་རྗེ་རོ་ལངས་བཞིའི་མདུན་དུ་པདྨའི་གདན་རེ་རེ་ལ་འཁོད་པར་གྱུར། འདིར་ཡིད་བཞིན་གཏེར་མཛོད་ལས། མཁའ་ནང་དུ་གཙོ་བོ་མི་སྐྱེད་པར། ཕྱི་དཀྱིལ་གྱི་གཙོ་བོ་སྤྲོ་བསྡུ་བྱས་པ་ནི། གསུང་བགྲོས་འཆུགས་པའི་དོན་ལ་ནོར་བ་ཡིན་ལ། མཁའ་ནང་དུ་ཐོག་མར་གཞལ་ཡས་ཁང་མི་སྐྱེད་པའི་ལུགས་སུ་བྱས་ཀྱང༌། སྒོ་སྐྱོང་བཞི་སྐྱེད་པའི་སྐབས་སུ། ཤར་སྒོར་ཞེས་སོགས་སྨྲོས་པ་ནི་ཡི་གེ་འཆུགས་པར་གསལ་ལོ། །སྤྱིར་མཁའ་ནང་དུ་གཞལ་ཡང་ཁང་སྐྱེད་ཅིང་སྤྲོ་བ་ལ་འགལ་བ་མེད་མོད་ཀྱི། ཅུང་ཟད་བསྡུས་པའི་དབང་དུ་བྱས་ཏེ་གཞལ་ཡས་ཁང་མི་བསྐྱེད་པ་ཉིད་རང་ལུགས་སོ། །སྒྲུབ་ཐབས་དེ་ལས། ལྷ་བཅུ་གསུམ་མ་གཏོགས་ཐོད་པ་བཞི་མེད་ནའང༌། ཡི་གེ་བཅུ་བདུན་གྱི་ངེས་པས་ཐོད་པ་བཞི་དགོས་ཤིང༌། ངེས་པར་དེ་མི་བྱེད་ན། རོ་ལངས་བཞི་ཐོག་མར་མི་བསྐྱེད་པ་སྐབས་འདིར་ཎ་ཡོ་ནི་ར་ལས་སྐྱེད་དེ་དབྱུང་དགོས་སོ། །


TNT06_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཐམས་ཅད་ཀྱི་མིག་ཏུ་ཀྵིཾ་ལས་འཁོར་ལོ་ཀྵིཾ་གིས་མཚན་པ་ལས་སའི་སྙིང་པོ། གཏི་མུག་གཤིན་རྗེ་གཤེད་ལྟ་བུ། རྣ་བར་ཛྲིཾ་ལས་རྡོ་རྗེ་ཛྲིཾ་གིས་མཚན་པ་ལས། ཕྱག་ན་རྡོ་རྗེ་སྟེང་ཞལ་སྤངས་པའི་རྡོ་རྗེ་ཕག་མོ་ལྟ་བུ། སྣར་ཁཾ་ལས་རིན་པོ་ཆེས་ཁཾ་གིས་མཚན་པ་ལས། ནམ་མཁའི་སྙིང་པོ་ཕྲ་མ་གཤིན་རྗེ་གཤེད་ལྟ་བུ། ལྕེ་ལ་གཾ་ལས་པདྨ་གཾ་གིས་མཚན་པ་ལས། སྤྱན་རས་གཟིགས་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུ། དཔྲལ་བར་སྐཾ་ལས་རལ་གྲི་སྐཾ་གིས་མཚན་པ་ལས། སྒྲིབ་པ་རྣམ་སེལ་ཕྲག་དོག་གཤིན་རྗེ་གཤེད་ལྟ་བུ། ལྟེ་བར་སཾ་ལས་རྡོ་རྗེ་སཾ་གིས་མཚན་པ་ལས། ཀུན་ཏུ་བཟང་པོ་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་ཕྱག་མཚན་རྡོ་རྗེ་ཕག་མོ་ལྟ་བུའོ། །སྤྱི་བོར་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས། སྐུ་རྡོ་རྗེ་གཏི་མུག་གཤིན་རྗེ་གཤེད་ལྟ་བུ། མགྲིན་པར་ཨཱཿལས་པདྨ་ཨཱཿས་མཚན་པ་ལས། གསུང་རྡོ་རྗེ་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུ། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། ཐུགས་རྡོ་རྗེ་སྟེང་ཞལ་སྤངས་པའི་རྡོ་རྗེ་ཕག་མོ་ལྟ་བུ་སྟེ་སྐྱེ་མཆེད་དྲུག་དང་རྡོ་རྗེ་གསུམ་སྟེ། ལྷ་དགུ་པོ་རྣམས་ཀྱི་ཐུགས་ཀར་ཡང༌། རང་རང་གི་ས་བོན་གྱིས་མཚན་པའོ། །དེ་ནས་དབང་བསྐུར་བ་དང༌། ཡེ་ཤེས་པ་གཞུག་པ་བསྡུས་པ་ལྟར་ན། མངོན་རྟོགས་སྙིང་པོར་བཤད་པ་བཞིན་བྱ། ཅུང་ཟད་སྤྲོས་པ་ལ་མོས་ན། རང་གི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལྷ་བཅུ་གསུམ་གྱི་བདག་ཉིད། དཀྱིལ་འཁོར་གྱི་འཁོར་ལོ་


TNT06_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་པུཥྤེ་ནས། ནཻ་ཝི་ཏེ་ཨཱཿཧཱུཾ། ཨོཾ་བཛྲ་མུད་ག་ར་ཛཿ ཨོཾ་བཛྲ་དཎྜ་ཧཱུཾ། ཨོཾ་བཛྲ་པདྨ་བཾ། ཨོཾ་བཛྲ་ཁཏྒ་ཧོཿ ཡང་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དབང་གི་ལྷ། དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོའི་རྒྱལ་པོ་རྣམས་རང་རང་གི་རིགས་ཀྱི་བཙུན་མོའི་ཚོགས་དང་བཅས་པ། དབང་གི་དོན་དུ་བཛྲ་ས་མཱ་ཛཿ ཨརྒྷཾཾ་ནས་ཤཔྟའི་བར་གྱིས་མཆོད། སངས་རྒྱས་རྣམས་ལ་རྡོར་འཆང་གིས། །དབང་བསྐུར་བཞིན་དུ་འགྲོ་བ་རྣམས། །བསྒྲལ་ཕྱིར་ཡོན་ཏན་འབྱུང་བའི་གནས། །དེ་བཞིན་བདག་ལ་གནང་བ་ཞུ། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །དབང་བསྐུར་རྡོ་རྗེ་ཆེན་པོ་འདི། །བྱིན་ཅིག་སངས་རྒྱས་ཐམས་ཅད་ཀྱི། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཨ་བྷི་ཥེ་ཀ་ཡ་ས་མ་ཡ་ཤྲི་ཧཱུཾ། ཞེས་གསུངས་ཤིང༌། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར། ཙར་ཙི་ཀཱ་ལ་སོགས་པས་རྡོ་རྗེའི་གླུ་ལེན། གཟུགས་རྡོ་རྗེ་མ་ལ་སོགས་པས་ཡང་དག་པར་མཆོད། གུར་གུམ་ལ་སོགས་པ་མེ་ཏོག་གི་ཆར་དང༌། རྔ་བོ་ཆེ་ལ་སོགས་པ་རོལ་མོའི་སྒྲ་བསྒྲགས་ཏེ་དབང་བསྐུར་བས། ལྷ་རྣམས་ཀྱི་སྐུ་ལུས་བདུད་རྩིའི་ཆུ་རྒྱུན་གྱིས་ཁྱབ་སྟེ། ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས།


TNT06_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ལྷ་རྣམས་ཀྱང་སྤྱི་བོ་ནས་ཞུགས། བདག་ཉིད་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱས། གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པས་དབུ་བརྒྱན། གཏི་མུག་རྡོ་རྗེ་ཙར་ཙི་ཀཱ། །ཐོ་བ་གཤིན་རྗེ་གཤེད་རྣམས་ལ་རྣམ་སྣང༌། སེར་སྣ་རྡོ་རྗེ། ཕག་མོ་དབྱུག་པ་གཤིན་རྗེ་གཤེད་རྣམས་ལ་རིན་འབྱུང༌། འདོད་ཆགས་རྡོ་རྗེ། དབྱངས་ཅན་མ། པདྨ་གཤིན་རྗེ་གཤེད་རྣམས་ལ་སྣང་མཐའ། ཕྲག་དོག་རྡོ་རྗེ། གཽ་རཱི། རལ་གྲི་གཤིན་རྗེ་གཤེད་རྣམས་ལ་དོན་ཡོད་གྲུབ་པས་དབུ་བརྒྱན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། བཱཀ་དང༌། ཙིཏྟ་ལ་ཡང་སྦྱར། དེ་རྗེས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་གནས་གསུམ་དུ་གཏུགས་པ་ནས། བསྟོད་པའི་ང་རྒྱལ་གཟུང་བའི་བར་སྙིང་པོ་བཞིན་བྱ་ལ། དེ་ནས། མི་ཐུང་སྒེག་པོ་སོགས་ཀྱིས་བསྟོད་པར་འདོད་ཀྱང༌། ངེས་པར་དགོས་པ་མིན་ལ། འཁོར་གྱི་བསྟོད་པ་ནི། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །སོགས་ཤླཽ་ཀ་བཞི་དང༌། འབྱུང་བཞི་རྣམ་དག་ཚད་མེད་བཞི། །འཕྲིན་ལས་བཞི་ལྡན་སྐུ་བཞིར་ལྡན། །འགྱིང་བག་ལྡན་པ་ལྷ་ཡི་ཚོགས། །བརྙེས་མཛད་ཡུམ་བཞིའི་སྐུ་ལ་འདུད། །བདུད་བཞི་སྒྲིབ་པ་བཞི་སྦྱོང་ཞིང༌། །ལྟ་བ་བཞི་ལས་རྣལ་གྲོལ་བ། །དགུག་འཛིན་འཆིང་སྡོམ་གཟིར་བྱེད་པ། །སྒོ་སྐྱོང་བཞི་ལ་ཕྱག་འཚལ་བསྟོད། །ཅེས་པ་རྣམས་ཁ་བསྐང༌། ཨོཾ་ཨཱཿཧཱུཾ་ཨོཾ་སརྦ་ནས། དགེ་བ་བྱང་ཆུབ་ཏུ་བསྔོ་བའི་བར་འདྲ་བ་ལས། གཞལ་ཡས་ཁང་ལ་ཐིམ། དེ་འོད་དུ་ཞུ། ལྷ་རྣམས་ལ་ཐིམ། འཁོར་བཅུ་གཉིས་པོ་དང་ཡུམ་ཡང་རང་ཉིད་ལ་ཐིམ། ཞེས་བརྗོད། བདུད་རྩི་མྱང་བ་ཡན་ཆད་དཀྱིལ་འཁོར་རྒྱལ་མཆོག་ཡིན་ལ།


TNT06_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱལ་མཆོག་ནི་གདོང་དྲུག་གི་སྐབས་སུ་བཤད་པ་དང་འདྲའོ། །འཁོར་གྱི་བཟླས་པ་བྱེད་པར་སྤྲོ་ན་ཡུམ་ལ། ཨོཾ་བཛྲ་བཻ་ཏ་ལཱི་ཨཱ་གཙྪ་ཨཱ་གཙྪ་ཧཱུཾ་ཛ་སྭཱཧཱ། ཞེས་པ་དང༌། འཁོར་གྱི་འབྱིན་སྔགས་རྣམས་བཟླའོ། །གཏོར་མའི་ཆོ་ག་ཡང༌། སྒྲུབ་ཐབས་སྙིང་པོར་བཤད་པ་དེ་ཁོ་ནས་ཆོག་པ་ལས། བལྟ་བར་མི་བཟོད་པའི་བདག་ཉིད། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་འཁོར་གྱིས་བསྐོར་བར་གྱུར། ཅེས་དང༌། མི་བསྐྱོད་པ་དང༌། འཁོར་རྣམས་ལ། གཙོ་བོ་ཉིད་ཀྱིས་དབུ་བརྒྱན། ཅེས་འདོན་པ་སྤོ། ལྷ་སོ་སོ་ལ་གཏོར་སྔགས་ལོགས་པར་དགོས་པ་ནི་མིན། བྱེད་པར་སྤྲོ་ན་རེ་རེའི་སྔགས་ཀྱི་མཐར། སརྦ་བིགྷྣཱན་སོགས་བཏགས་པས་འབུལ། སྤྲོས་པ་ལ་དགའ་ན། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཞེས་པའི་རྗེས་སུ་མཆོད་པ་བྱིན་གྱིས་བརླབས། མཆོད་བསྟོད་རྒྱས་བསྡུས་ཇི་ལྟར་འོས་པ། དཀྱིལ་ཆོག་དང་དྲུག་ཅུ་རྩ་བཞིའི་གཏོར་ཆོག་ལས་དྲངས་ཏེ་བྱས་ཀྱང་མི་རུང་བ་མེད་དོ། །རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་རིགས་ལ། རྒྱ་གཞུང་གཉིས་ན་དཀྱིལ་འཁོར་གཞལ་ཡས་ཁང་ལྷའི་གདན་དང་བཅས་པ་དགྲ་ནག་ཇི་བཞིན་དུ་མཛད་དོ། །དེ་ལས་པདྨ་སྲུང་བའི་ལུགས་འདི་ལའང་རེ་མིག་དགུ་དང་ཕྱག་མཚན་འགོད་པ་བྱས་ན་ལེགས་ཏེ། གཞན་དུ་ན་འདི་རྟོག་བདུན་གྱི་རྗེས་འབྲང་ཡིན་པ་ལ་རྟོག་བདུན་ཉིད་ལས་བཤད་པ་དང་ཅུང་ཟད་འགལ་བའི་ཕྱིར་རོ། །ཏིང་ངེ་འཛིན་ཆོ་གའི་རིམ་པ་ལ། བཻ་རོ་ཙ་ན་རཀྵི་ཏའི་དེ་འབྲས་བུ་རྡོ་རྗེ་འཛིན་པའི་སྐབས་ཞལ་གསུམ་ཕྱག་དྲུག་རྩ་ཞལ་མ་ཧེའི་ཞལ་ཅན་དུ་བྱེད་པ་དང༌། དཀྱིལ་འཁོར་རྒྱལ་མཆོག་གི་མཁའ་ནང་གི་གཙོ་བོ་ཞལ་དགུ་པ་བསྒོམས་ནས། དེ་སྤྲོས་ཏེ་རང་ལ་བསྟིམ་པས་རང་ཉིད་རྡོ་རྗེ་འཇིགས་བྱེད་ཕྱག་མང་དུ་འགྱུར་བར་བཞེད། རྒྱུ་རྡོར་


TNT06_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་སྐབས་རྣམས་མ་གཏོགས། གཞན་ཆོ་ག་ཐམས་ཅད་དགྲ་ནག་བཅུ་གསུམ་མ་སྒྲ་ཇི་བཞིན་ཡིན་པས་འདི་ནི་ལྷ་འཇིགས་མཛད་ཡིན་པ་ཁོ་ན་ལས་རྟོག་བདུན་དང་བསྟུན་པ་མ་ཡིན་པས་རེ་མིག་དང་ཕྱག་མཚན་མེད་པར་དགྲ་ནག་ཁོ་ན་ལྟར་བྱས་ན་དེའི་ལུགས་ཡིན་པས་སྐྱོན་མེད་དོ། །ཀ་མ་ལ་རཀྵི་ཏའི་དེ་ཡང་ཕལ་ཆེར་དེ་དང་འདྲ་བ་ལས་གླུས་བསྐུལ་ལྷག་པོར་ཡོད་གཞན་རྒྱུའི་འཇམ་དཔལ་ལས་འབྲས་བུ་རྡོ་རྗེ་འཇིགས་བྱེད་དུ་བསྐྱེད་པའི་བར་རྟོག་བདུན་དང་བསྟུན། དེ་མན་ཆད་དགྲ་ནག་ནས་ཁ་བསྐང་བ་ཡིན་པས་རྭ་བའི་ལུགས་འདི་དང་མཐུན་ཤས་ཆེའོ། །རྒྱ་མཁར་བཀའ་བཅུ་པ་སོགས་ཁ་ཅིག་བཅུ་གསུམ་མ་ལ་གཞལ་ཡས་ཁང་དང་འཁོར་ཚོགས་དགྲ་ནག་ཁོ་ན་དང་མ་བསྟུན་ན་ཁུངས་མེད་པར་འགྱུར་བས། ངེས་པར་མཐུན་དགོས། དེའི་ཚེ་ཕྱག་མཚན་འགོག་པ་མི་དགོས་ཤིང༌། གྲྭ་བཞིར་རོ་ལངས་ཀྱང་མི་དགོས་ཞེས་ཟེར་ཞིང༌། རྭ་ལུགས་འགོག་སྟེ་འདི་སྐད་ཅེས། མགོ་བོ་ལ་སོགས་པ་ཕྱག་མཚན་གྱི་སྟེ། སླར་ལྷ་འགོད་པ་མི་རིགས་ཏེ། མགོ་བོ་ལ་སོགས་པ་འགོད་པ་ནི། ཕྱག་མཚན་དེ་དང་དེ་འཛིན་པའི་ལྷ་མགོད་པའི་དོན་ཡིན་གྱི། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་བཀོད་ནས། མགོ་བོ་སོགས་ཡོད་དོན་མེད་དེ། དེ་དག་ལྷ་མཚན་ཡིན་པའི་ཕྱིར་རོ། །ཞེས་སེམས་ཀྱང་སྨྲའོ། །འདི་ནི་གསང་སྔགས་སྤྱི་འགྲོས་ལ་བསྒོམ་རྒྱུ་ཕྱག་མཚན་དེ་དག་འཛིན་པའི་ལྷ་ཡིན་ཡང༌། བྲི་བའི་དཀྱིལ་འཁོར་ལ་ཕྱག་མཚན་ཙམ་འབྲི་བའི་སྤྱིར་གཏང་ཙམ་ཕྱོགས་མཐོང་གོ་ཡང༌། རྒྱུད་སྡེ་འོག་མ་མང་པོ་དང་མཉམ་སྦྱོར་སོགས་བླ་མེད་ལ་ཡང༌། ཕྱག་མཚན་ཁོ་ནས་ལྷའི་གོ་ཆོད་པའི་གནས་སྐབས་མང་དུ་ཡོད་པ་དང༌། ཁྱད་པར་གཤིན་རྗེ་གཤེད་ལ་ཕྱག་རྒྱའི་དཀྱིལ་འཁོར་རྩལ་དུ་


TNT06_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་པའི་སྐབས་མང་དུ་ཡོད་པའི། རང་ལུགས་ཀྱི་དམིགས་བསལ་རྣམས་མགོ་བའི་སྐྱོན་ཏེ། རྒྱུད་ལས། འཁོར་ལོའི་དབུས་སུ་ཕྱག་རྒྱའི་མཚན་མའོ། །ཞེས་གསུངས། ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ། ལྷ་ཉིད་ཡིན་ལ། མཚན་མ་ནི་གཙོ་བོའི་ཕྱག་མཚན་ཏེ། ཕྱག་མཚན་ཉིད་ལྷ་སྐུ་ཕྱག་རྒྱ་ཆེན་པོའོ། །ཞེས་པའི་དོན་ཡིན་ནོ། །གཞན་ཕལ་ཆེར་དུ་ཡང༌། ལྷ་རྣམས་ཀྱི་ཕྱག་མཚན་ལྷའི་ངོ་བོ་ཙམ་ཡིན་མོད་དེ། ལྷ་སྐུ་ཕྱག་རྒྱ་ཆེན་པོ་ནི་ཞལ་ཕྱག་གི་རྣམ་པ་ཅན་ཁོ་ན་ལ་ཟེར་བ་མང་ཡང༌། འདིར་ཕྱག་མཚན་ཉིད་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཡིན་པར་སྟོན་ལ། གཞན་དུ་ན་གཤིན་རྗེ་གཤེད་རྣམ་པར་རྒྱལ་བའི་ཕྱག་རྒྱའི་ལྷ་ཚོགས་རྣམས་ལ། དེ་དག་ཕྱག་ཏུ་འཛིན་པའི་ལྷ་གཞན་གང་ཞིག་སྐྱེད་བསམ་དགོས་སོ། །གཞན་ཡང་འཇིགས་བྱེད་ལ་མགོ་བོ་སོགས་ཕྱག་མཚན་བཀོད་པ་ནི། ཞེ་དགུ་མའི་དཀྱིལ་འཁོར་ཁོ་ནའི་དབང་དུ་བྱས་པ་ཡིན། རོ་ལངས་བརྒྱད་བསྐོར་ནི་ཕྱག་མཚན་མེད་པའི་དཀྱིལ་འཁོར་གཞན་ཡིན་ལ། བཅུ་གསུམ་མ་ནི་དེ་གཉིས་ཀ་མ་ཡིན་པར། འཁོར་ཚོགས་རྣམས་དགྲ་ནག་ནས་ཁ་བསྐང་ཕྱིན། ལྷའི་གདན་སོགས་ཀྱང་དགྲ་ནག་ཁོ་ན་དང་བསྟུན་དགོས་ཤིང༌། དེའི་ཡང་གཞུང་དག་ཤོས་དཔལ་འཛིན་གྱི་གཞུང་ཡིན། གཞན་རྣམས་ལ་ནི་ཡིད་བརྟན་མི་ཐུབ་པོ་སྙམ་དུ་སེམས་པར་འདུག་ན། འདི་ནི་དགྲ་ནག་དང་ཕྱོགས་མཚུངས་པ་ཡིན་གྱི། དགྲ་ནག་ཇི་ལྟ་བ་ཡིན་པར་མ་ངེས་མོད། གལ་ཏེ་འཁོར་ཚོགས་ནག་པོའི་རྒྱུད་ཇི་བཞིན་དུ་བྱེད་པ་ཡིན་དུ་བཅུག་ནས། དེ་ཡིན་ན། གདན་ཡང་དེ་ཁོ་ན་ལས་གཞན་དུ་འཁྱོགས་པར་མི་རུང་ན། བཞུགས་གནས་གཞལ་ཡས་ཁང་ཡང་དེ་ཁོ་ན་ལྟར་བྱེད་དགོས་པར་འགྱུར་བས། འཇིགས་བྱེད་བཅུ་གསུམ་མ་ལ་རེ་མིག་དགུ་མེད་པར། དབུས་ཀྱི་ལྷ་དགུ་སྣ་ཚོགས་རྡོ་རྗེ་ལ་


TNT06_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

མགོད་དགོས་པར་འགྱུར་ཞིང༌། ཡང་ན་འཇིགས་བྱེད་ལ་རེ་མིག་དགུ་ཡོད་པ་ལྟར། ནག་པོ་ལ་ཡང་རེ་མིག་དགུ་པ་བྱེད་དགོས་པར་ཐལ་བར་འགྱུར་རོ། །པདྨ་སྲུང་བ་དང༌། རྣམ་སྣང་སྲུང་བ་འཇིགས་བྱེད་ལ་ཡང་གདན་སྣ་ཚོགས་རྡོ་རྗེ་འདོད་ཅིང༌། ཞང་ལུགས་པ་རྣམས་དགྲ་ནག་ལ་ཡང་རེ་མིག་དགུ་འདོད་མོད་ཀྱི། ཁྱེད་ནི་དེ་ལྟ་བུ་ནམ་ཡང་མི་འདོད་པས་སོ། །རྒྱུད་ལས་དབུས་ཀྱི་རེ་མིག་ལ་མགོ་བོ་སོགས་འགོད་པར་བཤད་ཀྱི། གཏི་མུག་སོགས་མ་གསུངས་ལ། དེར་མགོ་བོ་སོགས་མ་བཀོད་ན། རྒྱུད་ལས་གསུངས་པ་ཆད་པའི་སྐྱོན་དུ་འགྱུར་ཞིང༌། རྒྱུད་ལས་གསུངས་པ་མ་ཆད་པའི་སྟེང་དུ། གྲུབ་ཐོབ་རྒྱུན་མ་ཆད་པའི་མན་ངག་གི་ལྷག་པོ་སྣོན་པ་མི་འགལ་ཡང༌། རང་གི་རྒྱུད་ནས་གསུངས་ངེས་ཤེས་པ་ཆད་ནས། མ་བཤད་པའི་ལྷག་པོའི་ཁ་སྐོང་གིས་ཅི་ཞིག་བྱ། དེ་བཞིན་དུ་ཁྱེད་ཀྱི་ལུགས་ལ་གཞལ་ཡང་ཁང་རྟོག་བདུན་གྱི་རྒྱུད་དང་མཐུན་པར་བསྒོམ་ན་ནི་ལྷ་སྣམ་ཡོད་ཅིང་ཕྱག་མཚན་ཡང་འགོད་དགོས་སོ། །ལྷ་སྣམ་ལ་དོན་ཀྱང་གྲི་གུག་སོགས་ཞེ་དགུའི་སྐབས་ཡིན་གྱི་གཞན་ལ་མི་དགོས་སྙམ་ན། ལྷ་སྣམ་སྟོང་པའི་འཁོར་ཡུག་གི་ཅི་ཞིག་བྱ། དཔའ་བོ་གཅིག་པ་ལྟ་བུ་ལྷ་གཅིག་ཡིན་ན་མ་གཏོགས། ལྷ་ཚོགས་རྣམས་དབུས་སུ་སྤུངས། འཁོར་ས་སྟོང་པར་བཞག་པ་ཤིན་ཏུ་མི་མཛེས་པས་སོ། །གལ་ཏེ་ལྷ་སྣམ་ལ་གྲི་གུག་སོགས་འགོད་ན། རེ་མིག་ལ་མགོ་སོགས་མ་བཀོད་པས། རྒྱུད་ལས་གསུངས་པའི་ཕྱག་མཚན་ཚང་བ་མི་འགོད་པར་ཐོ་རེ་ལོང་ངེ་བ་བཀོད་པར་འགྱུར་བས། ལ་ལ་འགོད་ལ། ལ་ལ་མི་འགོད་པ་རང་བཟོ་ཁོ་ནར་འགྱུར་རོ། །རྒྱུ་མཚན་དེའི་ཕྱིར་ན། ཕྱག་མཚན་མི་དགོད་ཅིང༌། རེ་མིག་དགུ་པ་བྱས་པ་འདི་ནི་དགྲ་ནག་ལུགས་ཀྱི་གཞལ་ཡས་ཁང་ཡང་མ་ཡིན་ལ། རྟོག་བདུན་ལུགས་ཀྱང་མ་ཡིན་པའི་འདྲ་མེན་བོང་ལྟོ་ཡིན་ནོ། །དེས་ན་རང་


TNT06_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ནི། སློབ་དཔོན་སོ་སོའི་འདོད་ཚུལ་གྱི་རྗེས་མ་དེད། མན་ངག་ཡིན་ཟེར་བ་ལ་སྐྱབས་སུ་མ་སོང་བར། རྟོག་བདུན་གྱི་རྟོག་པ་དང་པོའི་དཀྱིལ་འཁོར་བྲི་བའི་སྐབས་སུ་གསུངས་པའི་སྒྲ་དོན་ཇི་ལྟ་བའི་དངོས་བསྟན་གྱི་དཀྱིལ་འཁོར་ནི་གཅིག་ཁོ་ན་ཡིན་ཏེ། དཀྱིལ་འཁོར་གཉིས་པ་སྟོན་པའི་ཚིག་ཅུང་ཟད་ཀྱང་མེད་པས་སོ། །དེས་ན་རེ་མིག་དགུ་དང་ལྷ་སྣམ་དང་བཅས་པའི་དཀྱིལ་འཁོར་ལ། དངོས་སུ་བཤད་པའི་ཕྱག་མཚན་སོ་གཉིས་འགོད། རོ་ལངས་བརྒྱད་ཀྱང་དཀྱིལ་འཁོར་དེ་ཁོ་ན་ལ་འགོད་དེ། དངོས་སུ་བཤད་པའི་དཀྱིལ་འཁོར་འདི་ཁོ་ན་ཡིན། རོ་ལངས་དང་མི་རོ་འདམ་ཁའམ་དོན་གཅིག་པར་གཞོན་ནུ་ཟླ་བས་བཤད་པ་སོགས་ཀྱང་འགལ་བ་མེད་ལ། གང་ལྟར་ནའང་ཞེ་དགུ་མ་དང༌། ལྷ་དགུའི་དཀྱིལ་འཁོར་ཀུན་རྟོག་བདུན་ཁོ་ན་ལ་བརྟེན་པས་ན་འདི་སྐབས་ཀྱང་རྒྱུད་དང་མ་འགལ་བ་དགོས་ཤིང༌། བཅུ་གསུམ་ཡང་རྟོག་བདུན་གྱི་རྗེས་འབྲང་དུ་བྱེད་ན། སྔར་བཤད་པའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྟེང་དུ། ལྷག་པོ་སྣོད་ཁ་རྒྱབ་ན་དག་པར་འགྱུར་གྱི། རྟོག་བདུན་གྱི་རྗེས་འབྲང་དུ་རློམ་བཞིན་དུ་རྟོག་བདུན་དང་འགལ་ན་ཅིར་ཡང་མི་རུང་ངོ༌། །ཅི་སྟེ་གཞན་དུ་ན་གཙོ་བོ་ཁོ་ན་འཕོས་པ་མ་གཏོགས་ནག་པོའི་དཀྱིལ་འཁོར་བཞིན་དུ་བྱས་ཏེ། རེ་མིག་དགུ་མེད་པར་སྣ་ཚོགས་རྡོ་རྗེ་བཀོད་ན་རྒྱུད་གཞན་གྱི་ཆོ་གས་བསྒྲུབས་པས་ལུགས་སུ་འགྱུར་ལ། དེ་འདྲ་ནི་རྟོག་བདུན་གྱི་དགོངས་པ་མིན་ཡང་མན་ངག་དང་ལྡན་ན་སྤྱི་ཙམ་ནས་མི་འགལ་ལོ། །དེས་ན་འདིར་རྭ་བའི་བཞེད་པས། རེའི་མིག་ཕྱག་མཚན་རྒྱུད་ནས་གསུངས་པ་ལྟར་མ་ཆད་པའི་སྟེང་དུ། ནག་པོ་ནས་འབྱུང་བ་དང་མཐུན་པར་རིགས་ལྔ་ཡུམ་བཞི་བཀོད། རོ་ལངས་ཆེན་པོ་བརྒྱད་ནི། རྒྱུད་ལས་རོ་ལངས་ཞེས་པ་ཙམ་མ་གཏོགས་གསལ་ཁ་མེད་པས། ལུགས་གཅིག་ལ་ལྷའི་གདན་དུ་


TNT06_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པ་དང༌། དེ་དང་བརྟུན་པའི་མན་ངག་ཟབ་མོ་ཡང་ཡོད་ཅིང༌། ཡང་རོ་ལངས་ཞེས་པ་རོ་ལངས་ཀྱི་ལྷ་ལ་འཆད་པ་ཤས་ཆེ་བས་དེའི་ལུགས་ཀྱང་ཡོད་པ། རྒྱུད་ཀྱི་རྡོ་རྗེའི་ཚིགས་གཅིག་ལ་བཤད་རྒྱུད་ཀྱིས་བཀྲལ་བའམ་གྲུབ་ཐོབ་ཀྱི་མན་ངག་དང་ལྡན་ན། དོན་གྱི་རྣམ་གྲངས་དུ་མ་འགལ་མེད་དུ་འབྱུང་བས། བཤད་ཚུལ་གཉིས་ཀ་རྣམ་གྲངས་མི་འདྲ་བ་ཙམ་མ་གཏོགས་འགལ་བ་མ་ཡིན་ལ། སྐབས་འདིར་རོ་ལངས་ཀྱི་ལྷའི་དབང་དུ་བྱས་ཏེ། བཅུ་གསུམ་མའི་སྐབས་དང་སྦྱོར་ན། ལྷ་དེ་ཡང་འདས་མ་འདས་གཉིས་སུ་འགྱུར་བ་ལས། མ་འདས་པ་བཞི་ནི་ཟུར་དུ་འགོད་ལ། འདས་པ་ནི་ཐོ་བ་གཤིན་རྗེ་གཤེད་ལ་སོགས་པ་བཞི་སྟེ། སྐབས་འདིར་འདི་དག་རོ་ལངས་ཀྱི་དངོས་གྲུབ་སྩོལ་བ་པོའི་ལྷ་ཡིན་པས། རོ་ལངས་ཉིད་ཡིན་གྱི་རོ་ལངས་ཀྱི་དོད་ཙམ་མ་ཡིན་ནོ། །དེའི་ཕྱིར་ཞལ་ཕྱག་གི་རྣམ་པ་ཅན་གྱི་ལྷའི་སྐུ་ལ། ལྷ་ཞེས་ཀུན་ལ་ཐུན་མོང་དུ་གྲགས་ཤིང༌། ཕྱག་མཚན་ནི་ལྷ་ཡིན་པར་གསང་སྔགས་པ་ནང་ཕན་ཚུན་དུ་ཅི་རིགས་པར་གྲགས་མོད་ཀྱང༌། ཀུན་ལ་ཐུན་མོང་དུ་མ་གྲགས་པ་དང༌། ཡང་རིམས་ཀྱི་བདག་པོའི་རོ་ལངས་ཀྱང་ཞལ་ཕྱག་ཅན་ཡིན་མོད། ཡེ་ཤེས་ལྷ་རྣམས་དང་དོད་མ་སྙོམས་པས་འཇིག་རྟེན་གྲགས་པའི་དབང་དུ་བྱས་ནས་དངོས་སུ་འདས་པའི་ལྷ་བཅུ་གསུམ་ཡོད་པས་ལྷ་བཅུ་གསུམ་མ་ཞེས་བརྗོད་དོ། །གཤིན་རྗེ་མོ་བརྒྱད་སྐོར་ཡང་རོ་ལངས་ཀྱི་ལྷ་ཉིད་ཡིན་པའི་ཕྱིར། རོ་ལངས་བརྒྱད་སྐོར་ཉིད་ཡིན་ཞིང༌། རྒྱུད་ལས། རོ་ལངས་ཞེས་པ་མ་གཏོགས་ཕོ་མོའི་དབྱེ་བ་མ་གསུངས་པས། གཉིས་ཀ་འབྱུང་དུ་རུང་ངོ༌། །གཞན་ཡང་རྒྱ་མཁར་བ་སོགས་རྭ་ལུགས་བཅུ་གསུམ་མ་ལ་འདོད་ཆགས་རྡོ་རྗེའི་གདན་ཉི་མ་འོད་དང་བྲལ་བ་དང༌། ཕྲག་དོག་རྡོ་རྗེའི་གདན་རླུང་དཀྱིལ་སོགས་དགྲ་ནག་ལ་མེད་པས་མ་དག་ཟེར་བ་ཡང༌། མན་ངག་མི་ཤེས་པའི་གཏམ་སྟེ། འདིར་བཤད་པའི་འཁོར་གྱི་ལྷ་བཅུ་


TNT06_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པོ་རྣམས་ནི། ནག་པོའི་རྒྱུད་ལས་འབྱུང་བ་དང་ཕལ་ཆེར་འདྲ་བའི་དབང་དུ་བྱས་ནས། རྡོ་རྗེ་འཇིགས་བྱེད་ལ་དགྲ་ནག་གི་འཁོར་གྱིས་བསྐོར་བ་ཞེས་གོ་བདེ་བའི་ཚིག་ཉུང་ངུར་བརྗོད་པ་ཡིན་གྱི། དོན་ལ་འཁོར་བཅུ་གཉིས་པོ་རྣམས་རྟོག་བདུན་ལས་མ་བཤད་ཀྱང་འཇིགས་མཛད་ཉིད་ཀྱི་འཁོར་ཡིན་པས། དགྲ་ནག་ལས་བླངས་པ་ཁོ་ན་རང་ཡང་མིན་ནོ། །འཕགས་ཡུལ་དུ་བཅུ་གསུམ་མ་ཐོག་མར་བྱེད་པ་པོའི་གྲུབ་ཐོབ་རྣམས་ཀྱིས་ཀྱང༌། འཇིགས་མཛད་ཆེན་པོའི་འཁོར་དེ་ལྟར་འདུག་པར་མངོན་སུམ་གྱིས་གཟིགས་པའམ། རྒྱུད་རྒྱས་པ་མཁའ་འགྲོའི་ཕྱག་ན་བཞུགས་པ་རྣམས་ཀྱི་དོན་རྟོགས་ནས་གསུངས་པའམ། ལྷག་པའི་ལྷས་འཁོར་རྣམས་ཞལ་ཕྱག་འདི་དང་འདི་ལྟ་བུ་སྒོམས་ཤིག་ཅེས། ལུང་བསྟན་པ་ལ་བརྟེན་ནས་བརྩམས་པ་ཡིན་གྱི། ཁྱེད་རྣམས་ཀྱི་གོ་ཡུལ་ལྟར་ན། འཇིགས་བྱེད་མཁན་པོ་སྔར་རྟོག་བདུན་ལག་ན་ཡོད་པ་ཅིག་གིས། ཕྱིས་དགྲ་ནག་གི་རྒྱུད་རྙཻད་པ་ན། སྔར་འཇིགས་བྱེད་འཁོར་གྱིས་འཕོངས་ནས། ཁས་མ་ཆད་པ་ཞིག་པ་ཡོད་པ་དེ་སྐབས་དེར་སྲོག་སྟོར་བ་རྙེད་པ་བཞིན། འདི་སྙམ་དུ་དགྲ་ནག་འདི་རྒྱུད་ཁུངས་མ་ཡིན་པར་འདུག་པས། དེའི་འཁོར་རྣམས་འདིར་སྦྱར་ན་ཤིན་ཏུ་འཛེམ་མོ་སྙམ་སྟེ་བཅུ་གསུམ་མ་བརྩམས་པ་ལྟ་བུའི་གོ་བ་ཅིག་ཤར་འདུག་སྟེ་དེ་འདྲ་ག་ལ་ཡིན། ཡང་དེར་མ་ཟད་ཡི་དམ་མམ་གྲུབ་ཐོབ་ཅིག་གིས་སློབ་མ་ལ་སྟོན་པ་ན། རྟོག་བདུན་གྱི་སྒྲུབ་ཐབས་འཆད་འཕྲོ་ལ། དགྲ་ནག་གི་རྒྱུད་དཔེ་ལ་འཛུབ་མོ་བཙུགས་ནས། འདིའི་འཁོར་རྣམས་འདི་ནས་ཡོང་བ་ལགས་སོ་ཟེར་གྱིན། ལུང་འདྲེན་ནར་ཙམ་ནར་ཙམ་བྱེད་པའི་གོ་བ་ཅིག་ཀྱང་ཁྱེད་རྣམས་ལ་ཤར་འདུག་སྟེ། སོ་སོ་སྐྱེ་བོ་ཕལ་བའི་རྒྱས་འགེབས་འཕགས་པ་ལ་བྱེད་པ་འདི་ག་སྐྱོན་ཆེ་བར་གདའ་འོ། །ཡང་ཞལ་གཟིགས་དང་ལུང་བསྟན་དང༌། རྒྱུད་རྒྱས་པ་ལ་བརྟེན་པ་སོགས་ལ་


TNT06_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཛིན་གྱི་ལུགས་ཀྱི་དགྲ་ནག་ཇི་བཞིན་དུ་ཡོང་བའི་རྒྱུ་མཚན་མེད་ཅིང༌། ཅི་སྟེ་དགྲ་ནག་གི་རྒྱུད་ལས་གསུངས་པ་ཡིན་དུ་ཆུག་ཀྱང༌། དཔལ་འཛིན་གྱི་རྗེས་འབྲངས་མ་ཡིན་པ་རྣམས་ལ། དཔལ་འཛིན་གྱི་གཞུང་ཁོ་ནས་ཞུས་དག་བྱེད་པ་ནི། བློ་གྲོས་ཀྱི་འཇུག་པ་གུ་དོག་པ་ལས་ཀྱང་ཆེས་དོག་པའི་ཨུ་ཚུགས་ཐབས་རྡུགས་སུ་སོང༌། དེས་ན་འདིར་དཔལ་འཛིན་མི་བཞེད་པའི་གདན་གྱི་ཁྱད་པར་མི་འདྲ་བ་དེ་ག་དང་ཕག་མོའི་ཕག་ཞལ་སྟེང་ཞལ་དུ་བྱེད་པ་དང༌། དཔལ་འཛིན་འདོད་པའི་ཙར་ཙི་ཀཱ་སྐེམ་ཁྲོས་དང༌། དབྱངས་ཅན་མ་ཞི་བ་དང༌། རལ་གྲི་གཤིན་རྗེ་གཤེད་ལྗང་ནག་སོགས་མི་བྱེད་པར་ཐམས་ཅད་ཀྱང་ཉམས་མཚུངས་པར་བྱེད་པ་སོགས་འདི་ཉིད་ཀྱི་རང་ལུགས་ཡིན་པས། ལུགས་གཞན་གྱི་ཞུས་དག་ག་ལ་དགོས། དཔེར་ན་པདྨ་སྲུང་བ་དང༌། རྣམ་སྣང་སྲུང་བ་གཉིས་ཀས། ཕག་མོ་སེར་མོ་བཤད་པའང༌། དགྲ་ནག་གི་རྒྱུད་དང་མི་མཐུན་མོད། དེ་གཉིས་ཀྱིས་དགྲ་ནག་གི་རྒྱུད་གཞུང་མ་མཐོང་བར། དགྲ་ནག་དང་འདྲ་བ་རྩོམ་མ་ཤེས་པ་ག་ལ་ཡིན། དེ་རྣམས་ཉིད་ཀྱི་རང་ལུགས་ཡིན་ནོ་ཞེས་གོ་དགོས་སོ། །ད་ནི་འདི་ལྟར། འདི་ལ་དག་སྦྱོར་ནི། བླ་མ་སྔ་རབས་པ་རྣམས་ཀྱིས་གསལ་བར་བཤད་པ་མེད་ལ། བར་སྐབས་པ་རྣམས་འདི་ལྟར་འཆད་དེ་གཞལ་ཡང་ཁང་བསྐྱེད་པ་མན་ཆད་སྤྱི་དང་འདྲ། རྒྱུའི་འཇམ་དཔལ་ནས་འབྲས་བུ་འཇིགས་བྱེད་དུ་བཞེངས་པའི་བར་གྱིས་བར་དོ་དང་མངལ་གྱི་གནས་སྐབས་སྦྱོང་ཞིང༌། སྐུའི་དག་སྦྱོར་གྱིས་མངལ་གྱི་གནས་སྐབས་འཕེལ་བ་སྦྱོར་ཚུལ་ཡང༌། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སྤྱི་དང་མཚུངས། སེམས་དཔའ་གསུམ་སེམས་ཀྱི་མཐུ་རྫོགས་པ་དང༌། མཁའ་གསང་བྱིན་རླབས་ནི་བདེ་བ་རྫོགས་པ་དང༌། སངས་རྒྱས་རྣམས་ཞལ་དུ་འཇུག་པ་ནི་ཁམས་ཀྱི་འཕེལ་འགྲིབ་དང༌། འཁོར་གྱི་བར་དོར་སྦྱོང༌། འཁོར་ཚོགས་སྤྲོ་བ་ནི་རིགས་


TNT06_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྤྲོ་བ་དང༌། སྤྲོ་བསྡུ་ནི་དེ་རྣམས་ཉིད་ཀྱི་མངལ་གྱི་གནས་སྐབས་དང༌། སྐྱེ་མཆེད་བྱིན་རླབས་མན་ཆད་ཞབས་ལུགས་དང་མཐུན་རུང་སྔར་ལྟར་འདོད་མོད། སེམས་དཔའ་གསུམ་བརྩེག་མན་ཆད་ནག་པོའི་སྐབས་རང་ལུགས་བཤད་པ་ལྟར་སྦྱར་ན་ལེགས་སོ་སྙམ་མོ། །དེ་ལ་རྭ་པ་རྣམས་ལས་རབ་འབྱམས་སྒྲུབ་པ་ལ་རྣོ་ཞིང་མྱུར་བ་དང༌། རོ་ལངས་སོགས་ཀྱི་དངོས་གྲུབ་ལ་རོ་ལངས་ཀྱིས་བསྐོར་བ་ཉིད་རྣོ་ཞིང་ཟབ་ལ། རྒྱུད་ལས་གསུངས་ཚོད་ཀྱི་རྩ་དཀྱིལ་ཡང་རོ་ལངས་བརྒྱད་བསྐོར་ཡིན་མོད། དང་པོར་སྨིན་བྱེད་ཀྱི་དབང་དང༌། རབ་གནས་ཆེན་མོ་སོགས་འཇིགས་མཛད་ཉིད་ལ་བརྟེན་ནས་སྒྲུབ་ཕྱིན། བཅུ་གསུམ་མ་ཉིད་དགེ་ཞིང་བཀྲ་ཤིས་ལ། རྒྱུད་སྨིན་ཚབས་ཆེ་བ་ཡིན་ཞེས་འདི་ལ་གཙོ་བོར་མཛད་ལ། བར་སྐབས་ཀྱི་རྭ་པ་རྣམས་ཆོག་སྒྲིགས་ལའང་བཅུ་གསུམ་མ་གཙོ་བོར་མཛད་ཅིང༌། དག་སྦྱོར་རྒྱ་ཆེ་བའི་ཕྱིར། མཆོག་སྒྲུབ་པ་ལའང་འདི་ཟབ་ཅེས་རྡོ་རྗེ་འཇིགས་བྱེད་ཉིད་ཀྱི་རྩ་དཀྱིལ་རང་ཡིན་པ་ལྟ་བུར་ལག་ལེན་ལ་འདེབས་རྒྱུའི་གཙོ་བོ་བཅུ་གསུམ་མ་ལ་མཛད་པ་ཤས་ཆེ་ཞིང༌། དོན་ལ་གནས་པ་ལ་ཡང་རྒྱུད་ཀྱིས་བསྟན་ཚོད་ཀྱི་རྩ་དཀྱིལ་རང་ནི་མིན་ཡང་ད་ལྟའི་བར་དུ་བྱིན་རླབས་ཀྱི་འཇུག་སྒོ་ཆེན་པོ་དང་ལྡན་པ་ཞིག་གོ །ངོར་བ་རྣམས་དགེ་ལྡན་པའི་བཅུ་གསུམ་མ་ལ་ཚིག་པ་ཟོས་པས་རྭ་ལོ་ཙཱ་བ་ལ་སྐུར་པ་འདེབས་པ་ནི། སྦྲང་བུ་བསད་པར་འདོད་པས་ཕའི་ཀླད་སྐོར་རྡོ་བས་བཅོམ་པའི་དཔེ་དང་འདྲའོ། །རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་ལ། མན་ངག་སྣ་རེ་དང་བཤད་སྒྲོས་སྣ་རེ་ཙམ་ཤིན་ཏུ་ལེགས་པ་གཞན་ཅི་རིགས་ཡོད་སྲིད་ཀྱང༌། བྱིན་རླབས་ཀྱིས་བཀའ་བབས་དང་ལག་ལེན་འགྲན་ཟླ་མེད་པ་རྭ་ལུགས་ཡིན་ལ། རྭ་ལུགས་ལ་མོས་ཤིང་དཀྱིལ་འཁོར་ཡང་རྒྱས་པར་བསྒོམ་པར་འདོད་ན། དཀྱིལ་འཁོར་འདི་ལ་འཇུག་པར་བྱའོ། །དཀྱིལ་འཁོར་འདིར་བློར་མ་ཆུག་པའམ། དབང་ནི་མ་ཐོབ་བསྡུས་


TNT06_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡིད་མ་ཚིམ་པའམ་གཞན་ལ་ངོམས་པའི་ཕྱིར་རྒྱས་པ་དགོས་པ་བྱུང་ན། རྐངས་དེ་རྭ་ལུགས་ལ་བཅོལ་ནས་བདག་བསྐྱེད་ལ་ཡང་གཞལ་ཡས་ཁང་རྒྱས་པ་ལ་རོ་ལངས་བརྒྱད་དང༌། ཕྱག་མཚན་འགོད་པའི་སྒྲུབ་ཐབས་རྒྱས་པ་བྱེད་ཅིང༌། ཨུཥྞི་ཥ་རྭ་ལུགས་སོགས་ཀྱང་སྒྲུབ་ཐབས་ཀྱི་ནང་དུ་འདེབས་པ་དག་ཡོད་དེ། དེ་དག་ནི་བསྲེ་བསླད་ཡིན་པའི་ཕྱིར་མི་བྱ་སྟེ། ཨུཥྞ་ཥ་སོགས་ཐུན་མཚམས་སུ་བསྒོམ་པར་བྱ་ཡི། རྡོ་རྗེ་འཇིགས་བྱེད་ཀྱི་ཆོ་གའི་ཡན་ལག་མ་ཡིན་པས་མངོན་རྟོགས་ཀྱི་དཀྱིལ་དུ་བཅུག་ན་ཟབ་ཏུ་འགྲོ་བ་དཀའ་ཞིང༌། གཞན་འགའ་སེམས་དཔའ་བསྡུས་པའི་བསྲུང་འཁོར་རྟོག་བདུན་ལུགས་ཀྱི་ཆོ་གའི་གསེབ་ཏུ་འདེབས་པ་ཡང་དེ་དང་འདྲ་བས། དེ་བསྒོམ་ན་ཐོབ་ཐང་ལ་སེམས་དཔའ་བསྡུས་པ་རང་བསྒོམ་དགོས་ཀྱང༌། དེ་ལ་དབང་རྒྱུན་དང་ལག་ལེན་གྱི་རྒྱུ་ན་ལོགས་པ་མེད་པས། སྲུང་བཟློག་དགོས་པ་ལ་དེ་ཉིད་ལོགས་སུ་བསྒོམ་ན་བཟང་ངོ༌། །གཤིན་རྗེ་གཤེད་དམར་པོ་ལྷ་བཅུ་གསུམ་མའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་དཔལ་འཛིན། ཨ་ནུ་པ་མ་རཀྵི་ཏ། རཏྣ་ཨཱ་ཀ་ར་ཤཱནྟི། དྷརྨ་ཨཱ་ཀ་ར་ཤཱནྟི། རྡོ་རྗེ་གདན་གྱི་མཁན་པོ་ན་ཡ་ཀ་པ། བིཀྵྱ་ཏ་དེ་བ། དཱ་ན་ཤི་ལ། གཡག་སྡེ་ལོ་ཙཱ་བ། རོང་པ་རྒ་ལོ། རོང་པ་ཤེར་སེང༌། སྐྱི་སྟོན་གྲགས་རྒྱལ། ཀུན་མཁྱེན་ཆེན་པོ། ས་བཟང་པཎ་ཆེན། ཐེག་ཆེན་ཆོས་རྗེ། དྲག་ཐོག་པ་བསོད་བཟང༌། རྗེ་ཀུན་དགའ་རྣམ་རྒྱལ་བ། རིག་པའི་གློག་འཕྲེང༌། རྒྱ་སྟོནབྱང་དབང༌། ཤཱཀྱ་ཀུན་དགའ། བླ་མ་དམ་པ་ཡེ་ཤེས་དབང་པོ། དེ་ལ་བདག་གིས་ནོད་པ་ལགས་སོ། །ཡང་ན། འཇམ་དབྱངས་གཤིན་རྗེ་གཤེད་པོ་བིརྺ་པ། །ཌོཾ་བི་པ་དང་བྲམ་ཟེ་དཔལ་འཛིན་དང༌། །བི་ར་ཌི་པ་བློ་གྲོས་བཟང་པོ་དང༌། །ནིསྐ་ལངྒ་ར་བནྡེ་པ་དང༌། །གློ་བོ་ལོ་ཙཱ་བླ་ཆེན་འཕགས་པ་དང༌། །དཀོན་མཆོག་དཔལ་དང་ཆོས་རྗེ་བྲག་ཕུག་པ། །


TNT06_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་མཚན་དང་ཐེག་ཆེན་ཆོས་རྗེའོ། །དེ་མན་ཆད་གོང་དང་འདྲ་མོད། གློ་བོ་ལོ་ཙཱ་བས་དར་བན་ལ་གསན་ནམ་བརྟག་དགོས་སོ། །འདི་གློ་བོ་ལོ་ཙཱ་བ་ནས་བརྒྱུད་པ་སྟེ། བིརྺ་ཌོཾ་བི་གཉིས་འཇུག་པ་ནི། ལྷ་ལྔ་དང་བཅུ་གསུམ་མ་གཉིས་ཀའི་བརྒྱུད་ལ་ཚང་པའི་དབང་དུ་བྱས་པ་འདྲ་ཞིང༌། དཔལ་འཛིན་ལུགས་ཀྱི་ཕྱིར་ཟློག་སྲུང་འཁོར་གྱི་བརྒྱུད་པ་ནི་རྣལ་འབྱོར་བཞི་རིམ་དང་འདྲའོ། །ཡང་ཆག་ལུགས་ཀྱི་བརྒྱུད་པ་ནི། ར་བེན་དྲ་པ་ཡན་ཆད་དེ་དང་འདྲ་བ་ལས། ཆོས་རྗེ་དཔལ་དང་རྒྱལ་མཚན་དགེ་བ་དང༌། །ཤོང་ལོ་བློ་བརྟན་མང་མཁར་ལོ་ཙཱ་དང༌། །དཔལ་ལྡན་སེང་གེ་བུ་སྟོན་ཆོས་རྗེ་དང༌། །སྒྲ་ཚད་པ་དང་ནམ་མཁའ་མཆོག་གྲུབ་དང༌། །རིན་ཆེན་དཔལ་གྲུབ་མཁྱེན་རབ་ཆོས་རྗེ་དང༌། །རིག་འཛིན་རྒྱལ་པོ་ཆོས་རིག་རྒྱལ་མཚན་དང༌། །བསོད་ནམས་དཔལ་འབྱོར་བཀྲ་ཤིས་རྒྱལ་མཚན་དང༌། དཔལ་ལྡན་ཆོས་བཟང་ཞབས་ལས་བདག་གིས་འཁུམས། དཱ་ན་ཤཱི་ཀའི་ལུགས་ལ་ནི། གཡག་སྡེ་ལོ་ཙཱ་བ་བསོད་སེང༌། ཟེ་དམར་བ་སངས་རྒྱས་ཡེ་ཤེས། དེ་ལ་ཀུན་མཁྱེན་ཆེན་པོ་དང་བུ་སྟོན་ཆེན་པོ་གཉིས་ཀར་གྱིས་གསན་འདུག་པས་དེ་བཞིན་དུ་དེད་ཀྱང་ཆོག་གོ །གཤིན་རྗེ་གཤེད་ནག་པོའི་དབང་གི་བརྒྱུད་པ་ལས། རྭ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ་མ། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། དཱི་པཾ་ཀ་ར་རཀྵི་ཏ། རྭ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ ། རྭ་འབུམ་སེང༌། རྗེ་བཙུན་རྒ་ལོ། རོང་པ་ཤེར་སེང༌། དཔལ་ལྡན་སེང་གེ ། བུ་སྟོན་ཆེན་པོ་མན་ཆད། རྗེ་བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན་པའི་བར་དུ་དམར་པོ་ཆག་ལུགས་ཀྱི་སྐབས་དང་འདྲ་བ་ལས། མཁས་མཆོག་བྱམས་པ་ལྷུན་གྲུབ། དེས་བདག་ལའོ། །འདི་དང་གདོང་དྲུག་ལ་མལ་ལུགས་དང་ཞང་ལུགས་དང་སྐྱོ་ལུགས་ཀྱི་བརྒྱུད་པའང་འདུས་པ་ཡིན་མོད་ཀྱི་འདིར་མ་བྲིས་སོ། །འདིར་རྭ་བ་རྣམས་དགྲ་ནག་གི་ལ། ཏི་ལི་པ། ནཱ་རོ་པ། པྲཛྙཱ་རཀྵི་ཏ།


TNT06_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

བལ་བོ་ཐུགས་རྗེ་ཆེན་པོ་ཞེས་བརྒྱུད་པ་འདེད་པ་དང༌། གདོང་དྲུག་ལ་ཡེ་ཤེས་མཁའ་འགྲོ་མ། ནག་པོ་སྤྱོད་པ་པ། བྷ་དྲ་པ། དྷ་མ་པ། དེ་བ་པ། ཛེ་ཏཱ་རི་པ། ཨ་ནང་ག་པ། དྷརྨ་ཨ་ཀ་ར་མ་ཏི། བལ་པོ་ཐུགས་རྗེ་ཆེན་པོ་ཞེས་བརྒྱུད་པ་འདེད་པ་ནི། རྭ་ལུགས་ཀྱི་དགྲ་གདོང་འཇིགས་གསུམ་ཚང་མ་ལ་འདམ་ཁའི་ཚུལ་དུ་སྦྱོར་རྒྱུ་ཡིན་གྱི་སོ་སོ་ལ་ངེས་ཅན་སྦྱོར་བ་ལྟར་བྱེད་པ་ནི། སྔོན་ཅིག་གིས་མཁས་ཁྱད་དུ་བྱས་པ་དེ། དཔྱད་པ་མེད་པར་ཕྱིས་མཁས་རྨོངས་ཀུན་ལ་ཁྱབ་པ་ཡིན་ནོ། །སྤྱིར་རྒྱ་གར་ན་རྩ་བའི་བླ་མ་བྱིན་རླབས་དང་ནུས་མཐུར་ལྡན་པ་དང་ཐོག་མའི་སྲོལ་འབྱེད་ཀྱི་གཞུང་བཟང་བ་ལ་འདམ་གྱི། བར་སྐབས་ཀྱི་བརྒྱུད་པ་ལ་རྩད་གཅོད་ཆུང་བས་བརྒྱུད་ཡིག་སོ་སོ་ན་འཁོད་པ་རྣམས་ལའང༌། པཎ་གྲུབ་གཅིག་ནས་བརྒྱུད་པའི་ཆོས་གཅིག་ལའང་ལོ་ཙཱ་བ་སོ་སོའི་འདོད་པས་དེ་གོང་གི་བརྒྱུད་པ་མི་འདྲ་བ་དུ་མ་བྱུང་བ་ཡིན་ནོ། །འདི་བོད་མཁས་རྨོངས་ཀུན་གྱིས་ནན་ཏན་དུ་གོ་དགོས་སོ། །རྡོ་རྗེ་འཇིགས་བྱེད་ཞེ་དགུ་མ་དང༌། ཁྲོ་མོ་བརྒྱད་སྐོར་གཉིས་ཀ་ལ། དེང་སང་ཕལ་ཆེར་བརྒྱུད་པ་འདེད་ལུགས་འདྲ་བར་བྱེད་དེ། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། འཇམ་དཔལ་བཤེས་གཉེན། ཨ་མོ་གྷ་བཛྲ་ཆེ་བ། ཨ་མོ་གྷ་བཛྲ་ཆུང་པ། དེ་ལ་སྔོན་སྐྱོ་ནག་འབྲོམ་སྟོན་ཞེས་བྱ་བ་ཕྱིས་སྐྱོ་འོད་འབྱུང་དུ་མཚན་གྲགས་པའི་སྐྱོ་ཆེན་པོས་གསན། དེ་ལ་སྲས་སྐུ་མཆེད་གཉིས་ཏེ། ཆེ་བ་འཇམ་དཔལ་དང༌། ཆུང་བ་པདྨ་ཞེས་བྱ་བ་ལ། མགྱོགས་མིང་དུ་སྐྱོ་འཇམ་མེ་དང༌། སྐྱོ་བའང་དེར་གྲགས་སོ། །མཆེད་དེ་གཉིས་ལ་འཇམ་མེའི་སྲས་སྐྱོ་ཁམ་པས་གསན། དེ་ནས་གཉན་རིན་ཆེན་བརྟན་པ། གཉན་འོད་སྲུང༌། གཉན་ཆོས་རྒྱལ། འཛིམས་པ་རིན་ཤེ ། ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན། ལ་རུ་བ་བསོད་ནམས་སེང་གེ ། ཀློག་སྐྱ་གྲགས་ཆེན། སྤང་ཁང་པ་གྲགས་པ་དཔལ། ས་བཟང་པཎ་ཆེན། ས་བཟང་འཕགས་པ།


TNT06_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

ས་བཟང་པ་སློབ་དཔོན་ཟླ་བ་རྒྱལ་མཚན། བློ་གྲོས་གྲགས་པ། བྱམས་པ་རྡོ་རྗེ་རྒྱལ་མཚན། ཤེས་རབ་རིན་ཆེན་པ། རྗེ་བཙུན་རྡོ་རྗེ་འཆང་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཀུན་དགའ་རྒྱལ་མཚན། དེས་བདག་ལ་སྩལ་ལོ། །དེ་ལྟ་ན་ཡང་ཁྲོ་མོ་བརྒྱད་སྐོར་གྱི་བརྒྱུད་པ་ནི་དེ་ཡང་ཡིན་ལ། ཡང་ན། སྐྱོ་ཆེན་པོ། ཉི་མ་ཤེས་རབ། ལྷོ་ནག་སྨོན་ལམ་ཚུལ་ཁྲིམས། ལྷོ་བ་ཀུན་མཁྱེན། རིན་ཆེན་བཟང་པོ། རྔོག་སེང་གེ་གྲགས། རྔོག་ཚ་བྱང་ཆུབ་བསོད་ནམས། མཁས་གྲུབ་རྡོ་རྗེ་བཟང་པོ། ཐར་པ་གླིང་པ་ཨཱརྱ་དེ་བ། གྲུབ་ཆེན་ཀུན་བློ། དགེ་བ་རྒྱལ་མཚན་པ། སྐྱེས་མཆོག་རྒྱལ་མཚན། སྐྱེས་མཆོག་རིན་ཆེན། ཡེ་ཤེས་རིན་ཆེན། ལྷ་ཆུང་བ། རྗེ་བྱམས་པ་ལྷུན་གྲུབ། དེས་བདག་ལའོ། །སེམས་དཔའ་བསྡུས་པའི་སྲུང་ཟློག་གི་བརྒྱུད་པའང་དེ་དང་འདྲའོ། །ཞེ་དགུ་མ་ནི། ཞང་དགེ་འདུན་བཟང་པོ་ལ་སྐྱོས་ཞུས་པར་སྣང་བས། དེ་ཡན་ཆད་དགྲ་ནག་ཞང་ལུགས་བཞིན་བརྒྱུད་པ་དེད་ན་ལེགས་སོ། །ཞེ་དགུ་མ་ཞང་ལུགས་ཀྱི་བརྒྱུད་པ་ནི། འཇམ་དཔལ་ཡེ་ཤེས་ཞབས་དང་མར་མེ་མཛད། །ལ་ལི་ཏ་དང་སོ་སུ་ར་པ་དང༌། །ཤེ་ན་པ་དང་ཨ་བ་ལི་ན་པ། །གུ་ཎ་བྷ་དྲ་ངག་དབང་གྲགས་པ་དང༌། །ལྷ་འབྱུང་ཟླ་བ་ཅོ་གྲུ་ཤེས་རབ་བླ། །དགེ་འདུན་བཟང་པོ་དབང་བསོད་རྡོ་རྗེ་རྩེ། །ཉི་མ་འོད་དང་རིན་ཆེན་གྲགས་པ་དང༌། །བསམ་གླིང་རྡོར་འོད་འཛིམ་པ་རིན་ཤེ་དང༌། །ཉི་མ་བཤེས་གཉེན་ཨེ་བ་མཁོན་སྟོན་དང༌། །དཀོན་མཆོག་བཟང་པོ་ནམ་མཁའ་སྨོན་ལམ་དང༌། །ནམ་མཁའ་བཟང་པོ་མཁས་གྲུབ་ཆོས་བཟང་དང༌། །སངས་རྒྱས་དར་དང་བློ་གྲོས་རིན་ཆེན་དང༌། །དངོས་གྲུབ་རྒྱ་མཚོ་ཤེས་རབ་རྒྱ་མཚོ་དང༌། །རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་ཏེ། །བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་འཇིགས་བྱེད་མལ་ལུགས་ཀྱི་བརྒྱུད་པ་ནི། ཕམ་ཐིང་པའི་ལུགས་ལྟར་ན། རྒྱ་བལ་གྱི་བླ་མ་རྣམས་བདེ་མཆོག་ལཱུ་ཡི་པའི་བརྒྱུད་པ་


TNT06_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཇི་བཞིན་དུ་འདེད། བརྒྱུད་པ་གཉིས་པ་ནི། འཇམ་དཔལ་ཡེ་ཤེས་ཞབས་དང་མར་མེ་མཛད། །ཛ་མ་རི་པ་རྣལ་འབྱོར་ན་རི་པ། །མི་མཉམ་རྡོ་རྗེའི་ཁོལ་དང་ཡི་རང་པ། །བློ་གྲོས་གྲགས་དང་སྙིང་པོ་རྩེ་མོ་དང༌། །གྲགས་པའི་མཚན་དང་པཎ་ཆེན་ཁུ་དབོན་དང༌། །ཨ་སྙན་དམ་པ་དགའ་ལྡན་ཀུན་བསོད་དང༌། །རྡོ་རྗེ་དཔའ་དང་ཀིརྟི་གསང་ཆེན་པ། །མ་ཏི་པཎ་ཆེན་ཐེག་ཆེན་ཆོས་རྗེ་དང༌། །གྲགས་པ་རིན་ཆེན་གྲུབ་ཆེན་ཀུན་བློ་དང༌། །དགེ་བ་རྒྱལ་མཚན་ཤེས་རབ་ཟླ་བ་དང༌། །ཀུན་སྤངས་ཆོས་རྗེ་འཇམ་དབྱངས་ཀུན་དགའི་མཚན། །བརྒྱུད་པའི་རིམ་པ་དེ་ལས་བདག་གིས་མནོས། །ཡང་ས་པཎ། གན་པ་ཆོས་རྒྱལ་ཆོས་རིན། རིན་རྒྱལ་ཏེ་གསུམ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། རྒོད་ཕྲུག་གྲགས་པ་འབྱུང་གནས། དམར་སྟོན་རྒྱལ་མཚན་པ། སྐྱེས་མཆོག་རྒྱལ་མཚན་མན་ཆད་སྐྱོ་ལུགས་བཞིན་ནོ། །རྭ་ལུགས་འཇིགས་མཛད་བཅུ་གསུམ་མའི་བརྒྱུད་པ་ནི། རོ་ལངས་བརྒྱད་སྐོར་གྱི་ཐུན་མོང་མ་ཡིན་པའི་བརྒྱུད་པ་དང་འདྲ་བར་བྱས་ཀྱང་རུང་ལ། རྭ་ཆོས་རབ། རྭ་དཀོན་མཆོག་སེང་གེ ། དྷརྨ་སེངྒེ། ཤེས་རབ་རྒྱལ་མཚན། རྒྱ་དབང་ཕྱུག་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། དྭངས་མ་བ་བརྩོན་འགྲུས་བྱང་ཆུབ། ཆོས་རྗེ་བསོད་ནམས་ཡོན་ཏན། བླ་མ་གྲགས་པ་རྒྱལ་མཚན། བླ་མ་དཀོན་མཆོག་དཔལ་བ། འཕགས་པ་བདེ་འབྱོར་པ། རྭ་པཎ་ཆེན་པ། རྩ་བའི་བླ་མ་རྭ་ཚུལ་ཁྲིགས་རྣམས་རྒྱལ། དེས་བདག་ལའོ། །ཡང་བསོད་ནམས་ཡོན་ཏན། དགེ་ལེགས་བཟང་པོ་པ། འཕགས་པ་བདེ་འབྱོར་པ་བྱས་ཀྱང་ཆོག་གོ །ཡང་ན་རྭ་ཤེས་རྒྱལ། ཁམ་པ་དཀོན་མཆོག་རིན་ཆེན། བླ་མ་འབྲོ་མཁར་བ། བླ་མ་གཟི་བརྗིད་པ། བླ་མ་རིན་ཆེན་རྒྱ་མཚོ། ཡང་བརྒྱུད་པ་ལུགས་གཅིག་ལ། རོང་པ་ཤེར་སོང༌། འཇམ་དབྱངས་ཉག་གཅིག །བླ་མ་དཀོན་བཟང་བ། ཡང་ན། བཞི་ཐོག་རིན་རྒྱལ། དགུ་རུམ་དཀོན་རྒྱལ། བག་སྟོན་པ། ཚུལ་རྒྱལ་པ། དཀོན་བཟང་ཚུལ་རྒྱལ་གཉིས་ལ་འཇམ་རལ་གྱིས་ཞུས། དེ་རྗེས་


TNT06_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་གླིང་ཉི་མ། རྭ་ཀུན་དགའ་སེང་གེ ། པཎ་ཆེན་པ་མན་ཆད་སྔར་བཞིན། ཡང་རྒྱ་སྟོན། ཁམས་པ་ཡོན་ཏན་འདུམ། མཆོད་རྟེན་དཀར་པོ་པ་སངས་རྒྱས་སྐྱབས། ལྷ་བསོད་ནམས་རིན་ཆེན། སློབ་དཔོན་བསོད་ནམས་རྒྱལ་མཆོག །རྗེ་བསམ་རིན། རྭ་ཀུན་དགའ་སེང་གེ་སོགས་གོང་བཞིན་དུ་ཤེས་པར་བྱའོ། །བཅུ་གསུམ་མའི་དབང་བསྐུར་བ་ཇོ་གདན་ཚོགས་པ་ཆོས་ལུང་བའི་མཁན་ཆེན་འཇམ་དབྱངས་རིན་རྒྱལ་བའི་དབང་ཆོག་སྟེང་ནས་ཕྱག་ལེན་རྒྱས་པ་དང༌། ཁྲོམ་ཡོན་པའི་ཊཱི་ཀའི་ལུང་སོགས་ལུང་བཀའ་མང་རབ་དང་བཅས་པ་མཁན་ཆེན་རིན་པོ་ཆེ་ལུང་རིགས་རྒྱ་མཚོའི་དྲུང་དུའང་ཐོབ་མོད། བརྒྱུད་པ་ཞུ་བ་མ་བྱུང་ངོ༌། །ཡང་བླ་མ་མཉམ་མེད་གྲགས་རྒྱལ། གཟུངས་ཀྱི་དཔལ་བ། དགེ་བཟང་བ་ཞེས་དེད་ཀྱང་ཆོག་གོ །རྗེ་གྲོལ་མཆོག་གི་གསན་ཡིག་ན། མཉམ་མེད་པ། གཟུངས་པ། དགེ་བཟང་བ། བླ་ཆེན་ཆོས་དཔལ་བ། བླ་མ་ནམ་མཁའ་རྡོ་རྗེ། རྭ་སྟོན་པ། རྗེ་བྱམས་གླིང་པ་དཔལ་ལྡན་ཚུལ་ཁྲིམས་ལ། རྗེ་གྲོལ་མཆོག་གིས་གསན་གསུང་བ་དེ་དངོས་སུ་རོ་ལངས་བརྒྱད་བསྐོར་ཡིན་རྒྱུ་གཅིག་བྱུང་ན་ཡང༌། བུ་སྟོན་གྱི་རོ་ལངས་བརྒྱད་བསྐོར་ཆེར་མ་མཛད་པ་འདྲ་བས་བཅུ་གསུམ་མའི་བརྒྱུད་པ་ཡིན་ནམ་སེམས། དེ་ལྟ་ན་རྗེ་དཔལ་ཚུལ་པ་ལ་གྲུབ་མཆོག་རྡོ་རྗེ་འཆང་རྩ་བའི་བླ་མས་གསན་འདུག །བདག་གིས་ཀྱང་བཀླགས་ཆོག་གི་དབང་ཐོབ་པ། བརྒྱུད་པ་རྩད་གཅོད་གནང་བ་མ་བྱུང་བཀའ་སྩོལ་ཡོད་ཀྱང་དེ་ལྟར་བྱས་པས་ཆོག་གམ་སྙམ་མོ། །ཡང་སྔགས་འཆང་ཀུན་དགའ་ཟླ་བས་ཀྱང་རོ་ལངས་བརྒྱད་བསྐོར་བདག་བསྐྱེད་ལ་ཡོད་པ། དཀྱིལ་འཁོར་སྒོ་བཞི་པའི་སྒྲུབ་ཐབས་བྱས་པ་ན། ཁོང་གིས་དགེ་བཟང་པ་ལ་ཞུས་པ་རྒྱ་སྟོན་ལ་བརྒྱུད་པ་དེད་འདུག་སྟེ། དགེ་བཟང་པ་ལ་བཅུ་གསུམ་མ་དང༌། རོ་ལངས་བརྒྱད་བསྐོར་བརྒྱུད་པ་ཐ་དད་ནས་བརྒྱུད་པ་ཡོད་ཀྱང་ཁོང་གིས་འདྲེས་པ་འདྲའོ། །


TNT06_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

མལ་ལུགས་ངོར་པ་ནས་བརྒྱུད་པའང༌། རྗེ་དཀོན་མཆོག་ལྷུན་གྲུབ་ལ། མཁས་མཆོག་བྱམས་པའི་མཚན་ཅན་གྱིས་གསན་འདུག །སྤྱིར་དེ་འདྲའང་ཡོད་མོད་འདིར་མི་འདོད་དོ། །ཡང་བཅུ་གསུམ་མ་ལ་རྭ་འབུར་སེང༌། རྒ་ལོ། གྲུ་གུ་མཁར་སྔོན་པ། རྭ་བན་ཆོས་དབྱིངས་པ། ཆོས་བསམ་འགྲུབ། ཆོས་བཀྲ་ཤིས། ཤེས་རབ་སེང་གེ ། ཀུན་དགའ་སེང་གེ ། ཆོས་ཀྱི་སེང་གེ ། འཇམ་དབྱངས་བློ་གྲོས། ཚུལ་ཁྲིམས་རྣམ་རྒྱལ། ཞེས་བརྒྱུད་པ་དེད་ནའང་བྱིན་རླབས་བརྒྱུད་པ་ཡིན་པས་ལེགས་སོ། །བརྒྱུད་པའི་རིམ་པ་བསྟན་པའི་སྐབས་སོ།། །།༈ ད་ནི་ཉེར་མཁོ་ཡན་ལག་ཕྲ་མོ་དག་བརྗོད་པར་བྱ་སྟེ། སློབ་དཔོན་ལི་ལ་བཛྲ་གྱིས་མཛད་པའི་རོ་ལངས་བརྒྱད་བསྐོར་གྱི་སྒྲུབ་ཐབས་ལས། ཁྲོ་བཅུ་ཞལ་གསུམ་ཕྱག་དྲུག་པའི་སྲུང་འཁོར་ཅིག་བཤད་ཀྱང༌། དེང་སང་དེ་ལ་རྒྱུན་དང་མན་ངག་མེད་ཅིང༌། ལར་ཡང་དེ་འདུས་པ་ཡེ་ཤེས་ཞབས་ལུགས་ལས་བླངས་པ་ཡིན་གྱི། གཤེད་སྐོར་རང་ལུགས་མིན་ནོ། །ཞབས་ལུགས་ལ་བྱེད་ཕྱིན་ཨུཥྞི་ཥ་གཉན་ལུགས་ཀྱི་མན་ངག་ཟབ་ལ་རྒྱ་ཆེ་བ་ཡོད་པས་དེ་སྒོམ་པ་མཆོག་ཡིན་ཞིང༌། དེ་ཡང་དམར་ནག་འཇིགས་གསུམ་གྱི་མངོན་རྟོག་ཀྱི་གསེབ་ཚགས་སུ་འདེབས་ན་མི་རུང་གི་ལོགས་སུ་བསྒོམ་པར་བྱའོ། །ཨུཥྞི་ཥ་རྭ་ལུགས་ཀྱང་འདུས་པ་ཞབས་ལུགས་དང༌། རྡོ་རྗེ་གུར་གྱི་མན་ངག་གུང་སྤྲོས་པ། བཟློག་པ་ཟབ་ལ་རྒྱས་པ་ཡིན་ཡང༌། གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་ལ་དཀྱུས་སུ་འཇུག་རྒྱུ་མིན། ལོགས་སུ་བསྒོམ་པར་བྱ་བ་ཡིན་མོད་ཀྱི་ངག་འདོན་ཞིག་ལོགས་སུ་བཤད་ཟིན་ལ། ཨུཥྞི་ཥ་ལུགས་གཉིས་ནི་རྟགས་ཐོན་ཐོན་པ་བྱ་བ་བྱས་བྱས་པ་ཡིན་པར་གྲགས་པ་དོན་ལའང་དེ་ཀའི་ཚུལ་དུ་སྣང་བ་དེའི་མན་ངག་ནི་ཡིག་རྙིང་ལས་ཤེས་པར་བྱའོ། །ད་ནི་རྡོ་རྗེ་འཇིགས་བྱེད་ཀྱི་


TNT06_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་བྱ་བའི་རིམ་པ་སེམས་དཔའ་བསྡུས་པ་ལས་འབྱུང་བ། སྲུང་འཁོར་གྱི་ཆོ་ག་ནི་འདི་ཡིན་ཏེ། སྤྲོས་པ་ལ་དགའ་ན། སྐྱབས་སེམས་ཡིག་བརྒྱ་ཚོགས་ཞིང་རྒྱུན་བཤགས་སྡོམ་བཟུང་ཚད་མེད་བཞི་རྣམས་སྔོན་དུ་བཏང༌། མདོར་བསྡུས་ན་སྐྱབས་སེམས་ཙམ་སྔོན་དུ་བཏང་ནས། དངོས་གཞི་ནི། ཨོཾ་སྭ་བྷཱ་ཝ༴ ཨོཾ་ཤཱུ་ནྱ་ཏ༴ སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མིའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེས་མཚན་པ། དེའི་སྟེང་དུ་སུཾ་ལས་རིའི་རྒྱལ་པོ་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། ཁོར་ཡུག་ཐམས་ཅད་རྡོ་རྗེའི་ར་བ། སྟེང་དུ་གུར་དང་བླ་རེ། ཕྱི་རོལ་ཏུ་མདའི་དྲ་བ་དང༌། མེ་རི་འབར་བར་གྱུར། ཨོཾ་མེ་དྷི་ནི་བཛྲི་བྷ་ཝ་བཛྲ་བནྡྷ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། སྲུང་བའི་འཁོར་ལོའི་ནང་དུ་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲུཾ་ལས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་གནས་འཁོར་ལོ་སེར་པོ་རྩིབས་བརྒྱད་པ། རྩེ་མོ་རྣོ་བ། གཡས་སྐོར་དུ་བར་མེད་དུ་འཁོར་བ། འཁོར་ལོའི་ལྟེ་བར་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ་བདུད་བཞིའི་


TNT06_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

གདན། རྩིབས་བརྒྱད་ལ་པདྨ་དང་ཉི་མའི་གདན་ལ། ཤར་དུ་དབང་པོ། ལྷོར་གཤིན་རྗེ། ནུབ་ཏུ་ཆུ་ལྷ། བྱང་དུ་གནོད་སྦྱིན། བྱང་ཤར་དུ་འབྱུང་པོ། ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་སྲིན་པོ། ནུབ་བྱང་དུ་རླུང་ལྷ་རྣམས་བསྒྱེལ་བའི་བཾ་ཆེན་གྱི་གདན་རེ་རེར་གྱུར། དབུས་ཀྱི་གདན་གྱི་སྟེང་དུ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ཡེ་ཤེས། དེའི་སྟེང་དུ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵཿ རྣམས་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་གཉིས་ཀྱི་བར་དུ་ཧཱུཾ་ལས་ཐོ་བ་ཧཱུཾ་གིས་མཚན་པ་དང༌། པཾ་ལས་གྲི་གུག་པཾ་ཀྱིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས། དེ་རྣམས་གཅིག་ཏུ་འདྲེས་པ་བྱ་བ་སྒྲུབ་པའི་ཡེ་ཤེས། དེ་ལས་སྐུ་ཡོངས་སུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། བདག་ཉིད་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་ཐམས་ཅད་མཐར་བྱེད་པ། སྐུ་མདོག་དུས་ཀྱི་མུན་པ་ལྟར་གནག་ཅིང༌། ཆར་སྤྲིན་ལྟར་ངམ་ཟ་བ། ཉི་མ་འབུམ་དང་མཉམ་པའི་གཟི་བརྗིད་འབར་བས་འཇིགས་པའང་འཇིགས་པར་བྱེད་པ། ཞལ་དྲུག །ཕྱག་དྲུག །ཞབས་དྲུག་པ། རྩ་ཞལ་ནག་པོ་རབ་ཏུ་ཁྲོས་ཤིང་རྒྱ་ཆེར་བཞད་པ། གཡས་ཞལ་དང་པོ་དཀར་ཞིང༌། གཉིས་པ་ལྗང་ཁུ། གཡོན་ཞལ་དང་པོ་དམར་ཞིང་གཉིས་པ་སེར་པོ། སྟེང་ཞལ་སྔོན་པོ་རབ་ཏུ་གདངས་ཤིང་སྟེང་དུ་ཕྱོགས་པས་གནམ་དུ་གཟིགས་པའོ། །ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ་ཐོ་བ། གཉིས་པ་ན་འཁོར་ལོ། གསུམ་པ་ན་བེ་ཅོན་


TNT06_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ། གཡོན་གྱི་དང་པོ་ན་པད་མ། གཉིས་པ་ན་རིན་པོ་ཆེ། གསུམ་པ་ན་རལ་གྲི་བསྣམ་པ། ཐོད་སྐམ་གྱི་དབུ་རྒྱན་དང༌། མགོ་རློན་གྱི་དོ་ཤལ་དང༌། གདུག་པའི་སྦྲུལ་གྱིས་སྐུ་ལ་བརྒྱན་པ། སྟག་ལྤགས་ཀྱི་སྨད་དཀྲིས་ཅན། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། ལྗགས་འགྲིལ་ཞིང་མཆེ་བ་གཙིགས་པ། སྨ་ར་སྨིན་མ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཚངས་པ་དང༌། དབང་པོ་དང༌། ཉེ་དབང་དང༌། དྲག་པོ་སྟེ་བདུད་བཞི་བརྫིས་པའི་མ་ཧེ་ནག་པོ་དྲེགས་ཤིང་ཁྲོས་པའི་སྟེང་ན། ཞབས་གཡས་གསུམ་བསྐུམ་ཞིང་གཡོན་གསུམ་བརྐྱང་བའི་སྟབས་ཀྱིས་བཞུགས་པ། དེ་ལ་འཁྱུད་པའི་ཡུམ་བཅོམ་ལྡན་འདས་མ་གཤིན་རྗེ་མཐར་བྱེད་མ་ཡང༌། བཅོམ་ལྡན་འདས་དང་མཚུངས་པ་ལས། ཕྱག་དང་པོ་གཉིས་དང་ཞབས་དང་པོ་གཉིས་ཀྱིས་ཡབ་ལ་འཁྱུད་པའོ། །རང་གི་སྙིང་གར་རྡོ་རྗེའི་ལྟེ་བར་ཧཱུཾ། དེ་ལས་འོད་ཟེར་འཕྲོས། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་བཛྲ་ས་མཱ་ཛཿ ཨོཾ་ཧྲཱི་ཧ་བྷོ་ནས། ཀུ་རུ་སྭཱཧཱ། ཛཿཧཱུཾ་བཾ་ཧོཿ རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་སྐྱོང་གཤིན་རྗེ་བརྒྱད་བཀུག །ཕྱོགས་མཚམས་ཀྱི་གདན་བརྒྱད་ལ་མཁོད་པ་ནི། ཤར་དུ་ཡ་བ་ཏི་ལྕགས་ཀྱུ་དང་རལ་གྲི་འཛིན་པ། ལྷོར་ཆོས་ཀྱི་རྒྱལ་པོ་རྩིས་བྱང་དང་རྡོ་རྗེ་འཛིན་པ། ནུབ་ཏུ་ཏེལ་པ་ནག་པོ་སྤུ་གྲི་དང་ཐོད་ཁྲག་འཛིན་པ། བྱང་དུ་གླང་མགོ་ཅན་ལྕགས་ཀྱུ་དང་རྒྱུ་ཞགས་འཛིན་པ། བྱང་ཤར་དུ་རལ་པ་ཚར་དགུ་མེའི་འཁོར་ལོ་དང༌། ཞིང་དབྱུག་འཛིན་པ། ཤར་ལྷོར་གཤིན་རྗེ་མིག་དམར་རལ་གྲི་དང༌། ཞིང་ཆུ་འཛིན་པ། ལྷོ་ནུབ་ཏུ་ཕྱ་


TNT06_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྩེ་གསུམ་དང༌། བུམ་པ་འཛིན་པ། ནུབ་བྱང་དུ་སྨིགས་པ་ལྕགས་སྒྲོག་དང་ཐོད་ཁྲག་འཛིན་པ། ཐམས་ཅད་ཀྱང་སྐུ་མདོག་མཐིང་ནག་ཕོ་ཉ་དྲག་གཏུམ་གྱི་ཆ་བྱད་འཛིན་པའོ། །ཨོཾ་ཡ་མ་རཱ་ཛ་ཨཱ་གཙྪ་ཡ་ཧཱུཾ་ཛཿ ཞེས་ལན་མང་དུ་བརྗོད། རང་གི་བ་སྤུའི་བུ་ག་ནས་འཕྲོས་པའི་འོད་ཟེར་གྱི་རྩེ་ལ། རྡོ་རྗེ་ཕུར་བུ་རྣམས་སྤྲོས་ཏེ། ཕྱོགས་སྐྱོང་གཤིན་རྗེ་རྣམས་ལ་རེག་པ་ཙམ་གྱིས་གཅིག་ཏུ་འདྲེས་ནས། ཐམས་ཅད་ཀྱང་གཤིན་རྗེ་གཤེད་པོའི་ལྷ་ཚོགས་སུ་གནས་གྱུར། ཨོཾ་ཧྲཱྀཿཥྟཱྀཿབི་ཀྲི་ཏཱ་ན་ན་ཡ་མ་རཱ་ཛ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ལན་བརྒྱད་བརྗོད། ཤར་དུ་གཏི་མུག་ཡ་མཱནྟ་ཀ་དཀར་པོ་འཁོར་ལོ་འཛིན་པ། ལྷོར་སེར་སྣ་ཡ་མཱནྟ་ཀ་སེར་པོ་རིན་པོ་ཆེ་འཛིན་པ། ནུབ་ཏུ་འདོད་ཆགས་ཡ་མཱནྟ་ཀ་དམར་པོ་པདྨ་འཛིན་པ། བྱང་དུ་ཕྲག་དོག་ཡ་མཱནྟ་ཀ་ལྗང་ཁུ་རྡོ་རྗེ་རྒྱ་གྲམ་འཛིན་པ། བྱང་ཤར་དུ་རལ་གྲི་ཡ་མཱནྟ་ཀ་ལྗང་ཁུ། ཤར་ལྷོར་ཐོ་བ་ཡ་མཱནྟ་ཀ་ནག་པོ། ལྷོ་ནུབ་ཏུ་དབྱུག་པ་ཡ་མཱནྟ་ཀ་དཀར་པོའམ་སེར་པོ། ནུབ་བྱང་དུ་པདྨ་ཡ་མཱནྟ་ཀ་དམར་པོ། དེ་བཞི་པོ་ཕྱག་གཡས་རང་མིང་གི་ཕྱག་མཚན་འཛིན་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་གཡོན་བརྐྱང་གི་སྟབས་ཅན། གཡས་རང་རང་གི་ཕྱག་མཚན་འཕྱར་ཞིང༌། གཡོན་སྡིགས་འཛུབ་དང་བཅས་པའི་སྦྲུལ་ཞགས་འཛིན་པས། གདུག་པ་ཅན་མ་ལུས་པ་སྡིགས་ཤིང་འཆིང་བར་མཛད་པ། གཙོ་བོ་བཞིན་དུ་ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པ། ཕྱོགས་མཚམས་སྐྱོང་བ་རྣམས་བསྒྲལ་བའི་སྟེང་དུ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །བདག་ཉིད་གཤིན་རྗེ་གཤེད་པོའི་ཐུགས་ཀ་ནས་


TNT06_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་འཕྲོས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད། ཡེ་ཤེས་སེམས་དཔའི་དོན་དུ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཧྲཱིཿཧ་བྷོ་ནས། མེ་དྷི་མཱ་ན་ཀུ་རུ་ཀུ་རུ་སྭཱ་ཧཱའི་བར་ལན་གསུམ་བརྗོད་པས་སྤྱན་དྲངས། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དེ་ཐམས་ཅད་གཙོ་བོའི་ཞལ་དུ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨར་སྤྲོས་ཏེ། མཐར་བྱེད་ཆེན་པོ་བརྒྱད་ཀྱི་རྣམ་པ་ཅན་དུ་གྱུར། མཁའ་ནང་ནས་ཕྱིར་སྤྲོས་ཏེ་རྩིབས་ཀྱི་ལྷ་ཚོགས་རྣམས་ལ་ཐིམ། ཨོཾ་བཛྲ་ཨང་གུ་ཤ་ཛཿ སོགས་དང༌། ཛཿཧཱུཾ་བཾ་ཧོཿ མང་དུ་བརྗོད། འདིར་གོང་མ་རྣམས་ཡེ་ཤེས་པ་རྣམས་དམ་ཚིག་པ་སོ་སོའི་སྤྱི་བོ་ནས་ཐིམ་པར་བསྒོམ་པ་རྒྱ་གཞུང་གི་དོན་དུ་མཛད། ཡང༌། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མ་ཛཿ ཨོཾ་པཉྩ་ཀུ་ལ་ས་པཱ་རི་ཝཱ་ར་བྷྱཿ སྔོན་དུ་འགྲོ་བ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་མི་བསྐྱོད་པ་དང༌། འཁོར་རྣམས་ལ་གཤིན་རྗེ་གཤེད་ཕྱག་གཉིས་པ་རེས་དབུ་བརྒྱན་པར་གྱུར། དངོས་སུ་བཤམས་པའི་མཆོད་པ་ཡོད་ན་སྐབས་འདིར་བྱིན་གྱིས་བརླབས། ཨོཾ་ཧྲཱིཿཧིཿ སོགས་ཀྱིས་འབུལ་དགོས་པ་ལས། འདི་ཉིད་ཀྱི་གཞུང་ལས། མཆོད་ཡོན་གསང་གཏོར་དྲི་ཆབ་མེ་ཏོག་བདུག་སྤོས་གཏོར་མ་མར་མེ་ཞེས་འབྱུང་བ། ཞལ་ཟས་གཏོར་མའི་ནང་དུ་འདུས་པས་ལོགས་སུ་མི་དགོས་པའི་དབང་དུ་མཛད་པ་ཡིན། འོན་ཀྱང༌། རྒྱལ་བ་རྣམས་


TNT06_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཙང་གྱུར་ཅིང༌། །ཞེས་པ་ནས། ནཻ་ཝེ་ཏེ་པུ་ཛ་ཡ་སྭཱཧཱའི་བར་གྱིས་མཆོད་པ་འབུལ་ཚུལ་འཇིགས་མཛད་ཁྲོ་མོ་བརྒྱད་བསྐོར་གྱི་སྐབས་དང་འདྲ། གདུག་པ་སྐྲག་བྱེད་འཁོར་ལོ་མེ་ལྟར་འབར། །དུས་གསུམ་ཁྲོ་རྒྱལ་ཧེ་རུ་ཀ་ཡི་ཐུགས། །ལས་རྣམས་ཀུན་བྱེད་ཕྲག་དོག་རྡོ་རྗེ་སྟེ། །མ་ལུས་ཚེམས་གཅོད་གསོལ་བ་སྐུ་ཡི་ངང༌། །ཧཱུཾ་དང་ཕཊ་གྱི་གདུག་རྩུབ་སྦྱོར་བའི་གསུང༌། །ཀུན་གྱི་རང་བཞིན་ཁྱོད་ཀྱི་གཤིན་རྗེ་ཡི། །ལྟོར་འཛུད་ངེས་ཀྱང་བཀའ་ལས་མི་འདའ་ཞིང༌། །ཕྱོགས་བཅུར་སྤྲུལ་པས་མ་ལུས་གནས་ནས་འགུགས། །མ་ལུས་ཀུན་བྱེད་འཁོར་ལོ་ཆེ་མཆོག་ལ། །བདག་ནི་གཞན་གྱི་དོན་ཕྱིར་ཕྱག་འཚལ་ལོ། །ཁྱོད་ནི་དཔའ་བོ་མཐུ་ཆེན་ཀུན་གྱི་བདུད། །ང་ཡི་ལམ་བསྟན་བདུད་རྣམས་མི་བྱེད་ཀྱང༌། །དམ་ལས་འདའ་ཞིང་ལོག་པ་ཀུན་སྐྱེད་པ། ཁྱོད་ཀྱང་བཀའ་ལས་མ་འདའ་ལས་རྣམས་སྒྲུབས། །ཚེ་དང་སྲོག་བསྡུས་ཡན་ལག་རྣམ་པར་ཆིངས། །བདུད་རྩིའི་རྒྱུན་གྱིས་རྣལ་འབྱོར་ང་ལ་འདོད་སྒྲུབ་ན། །ངས་ནི་སྦྱིན་བྱ་ཁྱོད་ནི་དམ་ལས་མ་འདའ་ཅིག །ཅེས་པས་བསྟོད། འཁོར་ལོ་གཡོན་བསྐོར་དུ་འཁོར་བ་དང༌། དགྲ་བགེགས་བྱད་མ་གཏུབ་པའི་དམིགས་པ་མན་ངག་བཞིན་བྱས་ལ། ཨོཾ་ཧྲཱྀཿཥྚཱིཿབི་ཀྲི་ཏཱ་ནཱ་ན་ཧཱུཾ། སརྦ་ཤ་ཏྲུན་ནཱ་ཤ་ཡ་སྟཾ་བྷ་ཡ་ཕཊ་ཕཊ་སྭཱཧཱ། ཞེས་པ་ཉིད་དྲག་ཏུ་བཟླ། འདི་སྙིང་པོའི་སྔགས་སུ་གསུངས་ཏེ། རྒྱུན་གྱི་བཟླས་པ་དང་སྲུང་བཟློག་གཉིས་ཀར་བྱེད། རྩ་སྔགས་ཡི་གེ་སོ་གཉིས་པའི་སྒོ་ནས་བཟློག་པ་བྱེད་ན། ཨོཾ་ཡ་མ་རཱ་ཛ་དགྲ་དང་བགེགས་དང་བྱད་མ་ཞེས་པའམ། ཆྒཻ་མོ་ནཱ་ཤ་ཡ་སྟཾ་བྷ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ས་དོ་མེ་ཡ་ནས། ནི་ར་


TNT06_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡའི་བར་ལའང་དེ་བཞིན་དུ་སྦྱར། འདི་འདི་ཉིད་ཀྱི་གཞུང་དུ་གབ་པའི་མན་ངག་ཡིན། ཨོཾ་ཧྲཱིཿཀཱ་ལའི་སྔགས་ནི་ཉེ་སྙིང་དང༌། ཨོཾ་ཧྲཱིཿཀྲུཾ་ནི་མཆོག་གི་སྙིང་པོར་བཤད། སྔགས་འདི་གཉིས་ནི་གཙོ་བོའི་ཐུགས་རྒྱུད་བསྐུལ་བ་དང་སྲུང་བ་ཡིན་གྱི་བཟློག་བསད་གཙོ་མི་ཆེའོ། །བཟླས་པའི་མཐར་གཏོར་མ་བྱིན་གྱིས་རློབ་སྟེ། ཁྲོ་མོ་བརྒྱད་བསྐོར་ཀྱི་སྐབས་བཞིན། ཨོཾ་ཀཱ་ལ་རུ་པ་སརྦ་དུཥྟའི་སྔགས་ཀྱིས་གཙོ་འཁོར་ཐམས་ཅད་ལ་དུས་གཅིག་ཏུ་ཕུལ། བསྡུ་ན་གོང་བཞིན་བསྟོད་པ་གཅིག་པུས་ཆོགདེ་རྗེས་ཐལ་མོ་བརྡབ་ཅིང་དམོད་པ་བྱའོ། །སྤྲོས་པ་ལ་དགའ་ན་བསྟོད་པ་རྒྱས་བསྡུས་ཇི་ལྟར་འོས་པ་བྱས་ནས་བསྐུལ་ཏེ། བཅོམ་ལྡན་དཔལ་ཆེན་ཁྲོ་རྒྱལ་གཤིན་རྗེ་གཤེད། །འཇམ་དཔལ་རྡོ་རྗེ་འཇིགས་མཛད་སྤྲུལ་པ་ནི། །དམ་ཉམས་དགྲ་བོ་མནའ་ཟན་བསྒྲལ་བའི་ཕྱིར། །ཉི་མ་བཞི་པའི་སྤྲུལ་པ་ལས་ལ་ཡ། །ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །བརྒྱ་བྱིན་དྲི་ཟ་བསྒྲལ་བའི་གདན་སྟེང་ནས། །འཁོར་བྱེད་ཆེན་པོ་གཤིན་རྗེ་ཡ་བ་ཏི། །གཡས་པ་རྡོ་རྗེ་ལྕགས་ཀྱུ་འབར་བ་ཡིས། །དམ་ཉམས་དགྲ་བོའི་སྲོག་རྩ་དམར་ནས་དྲོངས། །གཡོན་པ་རྡོ་རྗེ་རལ་གྲི་འབར་བ་ཡིས། །དགྲ་བགེགས་གནོད་བྱེད་མགོ་ལུས་དུམ་བུར་གཏུབས། །ཐོད་ཚལ་དུམ་བུ་མང་པོ་ཀྲ་ལ་ལ། །སྡང་བྱེད་དགྲ་བོའི་ཀླད་པ་འཁོར་དུ་ཆུག །ཉི་མ་བཞི་པའི་སྤྲུལ་པ་ལས་ལ་ཡ། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །འཇམ་པའི་དབྱངས་དང་དཀོན་མཆོག་གསུམ་གྱི་བཀའ། །བསྒྲུབ་ཕྱིར་གཤིན་རྗེའི་རྒྱལ་པོ་དགྲ་ལ་ཡ། །ཤླཽ་ཀ་རྟིང་མ་འདི་ཀུན་གྱི་འཇུག་ཏུ་སྦྱར། ལྷོ་ཕྱོགས་འཁོར་ལོ༴ ཡི་དྭགས་གཤིན་


TNT06_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བསྒྲལ་བའི༴ ཁྲག་འཐུང་ཆེན་པོ་ཆོས་ཀྱི་རྒྱལ་པོ་ནི། །གཡས་པའི་ཕྱག་ན་སྐྱེ་འགྲོའི་རྩིས་བྱང་བསྣམས། །དམ་ཉམས་དགྲ་བོ་ཐུས་ལ་འཇུག་པར་མཛད། །གཡོན་པ་རྡོ་རྗེ་རྩེ་ལྔ་འབར་བ་བསྣམས། །དགྲ་བགེགས་གནོད་བྱེད་དབང་པོ་སྣ་ལྔ་འདོན། །བུ་ག་དགུ་ནས་ཁྲག་རྒྱུན་ཅུར་རུ་རུ། །སྡང་བྱེད་དགྲ་བོ་ཁོང་ཁྲག་སྐྱུག་ཏུ་ཆུག །ཉི་མ་བཞི་པའི་སོགས། ནུབ་ཕྱོགས༴ ཀླུ་གཉན་ཆུ་བདག༴ ཁྲག་འཐུང་ཆེན་པོ་གཤིན་རྗེ་ཏེལ་པ་ནི། །གཡས་པ་སྤུ་གྲི་མེ་ལྟར་འབར་བ་ཡིས། །དམ་ཉམས་དགྲ་བོའི་སྲོག་གཅོད་ཉལ་ལ་ལ། །གཡོན་པ་ཐོད་ཁྲག་ཁོལ་ཞིང་འབར་བ་བསྣམས། ཁྲག་རྒྱུན་དྲོན་མོ་ཞལ་དུ་གསོལ་བར་མཛད། །སྡང་བྱེད་དགྲ་བོ་ཁོང་ཁྲག་སྐྱུག་ཏུ་ཆུག །ཉི་མ་བཞི་པའི་སོགས། བྱང་ཕྱོགས༴ གནོད་སྦྱིན་བདུད་ཚོགས༴ མྱོས་བྱེད་ཆེན་པོ་གཤིན་རྗེ་གླང་མགོ་ཅན། །གཡས་པ་འགུགས་བྱེད་མི་ཟད་ལྕགས་ཀྱུ་ཐོགས། །དམ་ཉམས་དགྲ་བོའི་སྙིང་གི་དཀྱིལ་ནས་དྲོངས། །གཡོན་པ་རྡོ་རྗེ་རྒྱུ་ཞགས་འཕེན་ཅིང་རྡོག །དགྲ་བགེགས་གནོད་བྱེད་དབང་པོ་ཡན་ལག་ཆིངས། །མྱོས་ཤིང་དྲག་ཏུ་བརྒྱལ་བའི་ལས་མཛོད་ཅིག །སྡང་བྱེད་དགྲ་བོ་སྨྱོ་བའི་འཕྲིན་ལས་མཛོད། །ཉི་མ་བཞི་པའི་སོགས། བྱང་ཤར༴ བགེགས་རྒྱལ་འབྱུང་པོ་བསྒྲལ་བའི་གདན་སྟེང་དུ། །གསོད་བྱེད་ཆེན་པོ་རལ་པ་ཚར་དགུ་ནི། །གཡས་པ་མེ་ལྕེའྀ་འཁོར་ལོ་དྲག་ཏུ་འཁོར། །དམ་ཉམས་དགྲ་བོའི་མགོ་ལུས་དུམ་བུར་གཅོད། །གཡོན་པ་རོ་ལངས་ཞིང་གི་དབྱུག་ཐོ་བསྣམས། །དགྲ་བགེགས་གནོད་བྱེད་ལུས་ཀུན་ཐལ་བར་རློག །


TNT06_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ནས་བཀས་ཤིང་ཤ་ཁྲག་དུམ་བུར་འཐོར། །སྡང་བྱེད་དགྲ་བོ་བསད་པའི་ལས་མཛོད་ཅིག །ཉི་མ་བཞི་པའི་སོགས། ཤར་ལྷོར༴ མེ་ལྷ་དྲང་སྲོང་༴ གསོད་བྱེད་ཆེན་པོ་གཤིན་རྗེ་མིག་དམར་ནི། །གཡས་པ་རྡོ་རྗེ་ཆུ་གྲི་འབར་བ་ཡིས། །དམ་ཉམས་དགྲ་བོ་བརྒྱ་སྟོང་དུམ་བུར་གཏུབས། །གཡོན་པ་ཞིང་དབྱུག་ཀེང་རུས་འབར་བ་ཡིས། །དགྲ་བགེགས་གནོད་བྱེད་ལུས་སེམས་འབྲེལ་བར་མཛད། །མི་རོ་རྟ་རོ་མང་པོ་རྫ་ལྟར་བསྙིལ། །སྡང་བྱེད་དགྲ་བོ་རྩད་ནས་ཆོད་ལ་ཤོག །ཉི་མ་བཞི་པའི་སོགས། ལྷོ་ནུབ༴ ཤ་ཟ་སྲིན་པོ༴ འཁོར་བྱེད་ཆེན་པོ་གཤིན་རྗེ་ཕྱ་སངས་ནི། །གཡས་པ་རྡོ་རྗེ་ཏྲི་ཤུ་འབར་པ་ཡིས། །དམ་ཉམས་དགྲ་བགེགས་ལུས་ངག་ཡིད་གསུམ་ཆོམས། །གཡོན་པ་ཚེ་སྲོག་བསྡུད་པའི་བུམ་པ་བསྣམས། །དགྲ་བགེགས་གནོད་བྱེད་བླ་སྲོག་སྦར་གྱིས་ཐོབ། །སྡང་བྱེད་དགྲ་བོ་འཁྲུལ་ཞིང་འཁོར་བར་མཛོད། །ཉི་མ་བཞི་པའི་སོགས། ནུབ་བྱང་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །དཀྲུགས་བྱེད་རླུང་ལྷ་བསྒྲལ་བའི་གདན་སྟེང་ནས། །སྨྱོ་བྱེད་ཆེན་པོ་གཤིན་རྗེ་སྨིགས་པ་ནི། །གཡས་པ་ཐོད་རློན་འབར་བ་བསྣམས་པ་ཡིས། །དམ་ཉམས་དགྲ་བོའི་དབང་ལྔ་ཞལ་དུ་སྟོབས། །གཡོན་པ་རྡོ་རྗེ་ལྕགས་སྒྲོག་འདེབས་མཛད་ཅིང༌། །དགྲ་བགེགས་གནོད་བྱེད་ལུས་ཀུན་སྡོམ་པར་མཛོད། །དྲན་རིག་ཤེས་པ་མེད་པ་མུན་ལྟར་འཁྱམས། །སྡང་བྱེད་དགྲ་བོ་སྨྱོ་ཤིང་འབག་ཏུ་ཆུག །ཉི་མ་བཞི་པའི་སྤྲུལ་པ་ལས་ལ་ཡ། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །འཇམ་པའི་དབྱངས་དང་དཀོན་མཆོག་


TNT06_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་བཀའ། །བསྒྲུབ་ཕྱིར་གཤིན་རྗེའི་རྒྱལ་པོ་དགྲ་ལ་ཡ། །ཞེས་དྲག་ཏུ་བསྐལ་ལོ། །ལས་ཚོགས་དྲག་པོ་སྒྲུབ་པའི་སྐབས། ལིང་ག་འགུགས་འདྲེན་བསྒྲལ་ཆོག །ཞལ་དུ་སྟོབ་པའི་བར་བྱ། དཀྱུས་ཀྱི་རིམ་པ་ལ་དེ་དག་མི་དགོས་ཏེ། གཏོར་མ་ཟོར་དུ་འཕངས། ཨུཥྞི་ཥ་རྭ་ལུགས་སུ་བཤད་པ་ལྟར་དམོད་པ་དྲག་ཏུ་འདེབས་ཤིང༌། ཐལ་མོ་གདབ་བོ། །ཡི་གེ་བརྒྱ་པ་དང་བཟོད་གསོལ་གྱི་མཐར། ཨོཾ་ཛ་ཡ་ཛ་ཡ་སུ་ཛ་ཡ། སོགས་བརྗོད་དེ། ཡེ་ཤེས་པ་རྣམས་གཤེགས། དམ་ཚིག་པ་རྣམས་རང་གི་སྙིང་གར་བསྡུ། རང་ཉིད་ཕྱག་གཉིས་པའི་ང་རྒྱལ་གྱིས་དགེ་བ་བསྔོ། འདིའི་གཤིན་རྗེ་བརྒྱད་པོའི་ཕྱག་མཚན་ནི་སྐྱོ་པའི་མན་ངག་གི་ནང་ནས། སེམས་དཔའ་བསྡུས་པའི་གཞུང་གི་མན་ངག་ལྟར་ཡིན་ལ། ཡང་ཞི་བ་ཡེ་ཤེས་ཀྱི་གཞུང་དང་འབྲེལ་བའི་སྐྱོ་ལུགས་ཀྱི་མན་ངག་རྒྱུན་འཁྱེར་གྱི་ལུགས་ནི། གོང་ཁྲོ་མོ་བརྒྱད་བསྐོར་གྱི་སྐབས་ཀྱི་བསྐལ་དུ་བཤད་པ་བཞིན་ནོ། །ཡང་དེ་གཉིས་ཀ་ལ་མདོར་བསྡུས་ལ་དགའ་བའི་ངོར། གཤིན་རྗེ་ཕོ་མོ་ཐམས་ཅད་བཞོན་པ་སྤངས་ཤིང༌། སྐུ་མདོག་མཐིང་ནག་ཤ་སྟག །ཕོ་རྣམས་དབྱུག་པ་དང་ཐོད་ཁྲག་གམ། དབྱུག་པ་དང་ཞགས་པ་འཛིན་པ། མོ་རྣམས་རལ་གྲི་ཐོད་ཁྲག་གམ། རལ་གྲི་ཞགས་པ་འཛིན་པ། ཡང་ཕོ་བརྒྱད་ནག་པོ་དང་མོ་བརྒྱུད་དམར་མོར་བྱས་ཀྱང་རུང༌། ཕོ་བརྒྱད་སྔོ་སྐྱ་ཐལ་མདོག་དང༌། མོ་བརྒྱད་ནག་མོར་བྱེད་པའང་ཡོད། དེ་དག་ཇི་ལྟར་བདེ་བས་ཆོག་གོ །གོང་དུ་སྨོས་པ་བཞིན་སྲུང་བཟློག་གི་ཆོ་ག་འདི། སེམས་དཔའ་བསྡུས་པའི་ཆོ་གའི་ཡན་ལག་ཡིན་ཞིང༌། དེའི་ལུགས་ལྟར་འཇིགས་མཛད་ཀྱི་མངོན་རྟོགས་བསྒོམས་ན། ཚོགས་གསོག་དང་གཞལ་ཡང་ཁང་གི་བར་དུ་བསྒོམ་རྒྱུའི་སྲུང་འཁོར་དེ་འདི་ཡིན་ཡང༌། སེམས་དཔའ་བསྡུས་པའི་ལུགས་མི་བསྒོམ་ཕྱིན། དགྲ་


TNT06_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་འཇིགས་གསུམ་གྱི་སྒྲུབ་ཐབས་གཞན་རྣམས་ཀྱི་ནང་གི་སྲུང་འཁོར་གྱི་སྐབས་སུ། འདི་བཅུག་སྟེ་བསྒོམས་ཀྱང་བསྲེ་བསླད་དང་རང་བཟོར་འགྱུར་བའི་ཕྱིར། དེ་ལྟར་མི་བྱེད་པར་ལོགས་སུ་བསྒོམ་པ་ཉིད་བཟང་ལ། འོན་ཀྱང་སྤྲོས་པ་ལ་དགའ་བས། སྐྱོ་ལུགས་དང་སྡེབ་ན་སྐྱབས་སེམས་ཡིག་བརྒྱ་སོང་མཚམས་ཚོགས་ཞིང་སྤྱན་འདྲེན་མ་བྱས་པའི་གོང་དེར། འདི་ཡོངས་རྫོགས་བསྒོམས་ནས་ཐུན་མཚམས་ཀྱི་ལྷ་སྐུ་ལངས། སླར་སོ་སོའི་ཚོགས་ཞིང་མན་ཆད་ལ་ཞུགས་ན། སྔ་ཕྱིར་དཀྱིལ་འཁོར་མི་འདྲ་བ་གཉིས་སོ་སོར་བསྒོམ་པའི་ལུགས་དང་ཁྱད་མེད་པས། བསྲེ་བསླད་དུ་མི་འགྲོ་ཞིང་མ་འབྲེལ་བ་ཡང་མིན་ལ། ཆོག་ཁྲིགས་སྤྲོས་པ་ལ་དགའ་བ་རྣམས་ཀྱི་བློ་ཚིམས་པ་ཞིག་ཀྱང་འོང་བར་སྣང་ངོ༌། །དེའི་ཚེ་ཧཱུཾ་བཞི་པའི་སྔོན་དུ་འདིའི་དམོད་པ་ཡན་ཆད་རྫོགས་པར་བྱའོ། །སྲུང་བཟློག་འདི་སྤྱིར་གཤེད་སྐོར་ཀུན་གྱི་ཡང་ཆ་ལག་ཏུ་འབྲེལ་བ་ཙམ་ཡིན་མོད་ཀྱི། འཇིགས་མཛད་སྐྱོ་ལུགས་དང་ལྷག་པར་འབྲེལ་ཆེ་བ་ཡིན་ནོ།། །།༈ སློབ་དཔོན་དཔལ་འཛིན་གྱི་ཕྱིར་བཟློག་མན་ངག་དྲུག་གི་ནང་ནས། ཕྱིའི་བྱད་མ་སྔགས་ཀྱིས་བཟློག་པ་ཞེས་བྱ་བ། བསྒོམ་བཟླས་ཀྱི་བསྲུང་བཟློག་འདི་ལྟ་བུ་ཞིག་ཀྱང་གསུངས་ཏེ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྔོན་དུ་བཏང༌། སྭ་བྷཱ་ཝ་དང༌། ཡོ་ག་ཤུད་དྷ་དང༌། ཤཱུ་ནྱ་ཏ་སྟེ་སྔགས་གསུམ་གྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨེ་ཡིག་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། དཀྱུས་ཀྱི་ལས་ཚོགས་ལ་དཀར་དམར་དང་དྲག་པོའི་ལས་ལ་མཐིང་ནག་ཏུ་བྱ། གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པའི་ནང་དུ་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པ། ཤར་དཀར། ལྷོ་སེར། ནུབ་


TNT06_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

དམར། བྱང་ལྗང༌། དབུས་སྔོ་བ། ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། འོག་ཐམས་ཅད་རྡོ་རྗེའི་ས་གཞི། འཁོར་ཡུག་ཐམས་ཅད་རྡོ་རྗེ་རྭ་བ་དང་དྲ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་རེ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་འབར་བས་གང་བར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། སྲུང་བའི་འཁོར་ལོའི་ནང་དུ། བྷྲུཾ་སེར་པོའམ་སྔོན་པོ་ལས་འཁོར་ལོ་སེར་པོའམ་སྔོན་པོ་རྩིབས་བཅུ་པ། རྩེ་མོ་རྣོ་བ་ཁོག་པ་སྟོང་པ་ཡངས་ཤིང་རྒྱ་ཆེ་བ། གོ་སྐབས་མེད་པར་གྱུར། ཨོཾ་བཛྲ་ཙཀྲ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ། འཁོར་ལོའི་ལྟེ་བར་པཾ་ལས་པདྨ་རཾ་ལས་ཉི་མ། མཾ་ལས་མ་ཧེ་ནག་པོ་དྲེགས་ཤིང་ཁྲོས་པའི་སྟེང་དུ། ཡ་ལས་གཤིན་རྗེ་བསྒྱེལ་བའི་གདན་ལ། རང་སེམས་ཧཱུཾ་ལས་འོད་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། དགྲ་བགེགས་བྱད་མ་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། དབུས་སུ་རང་ཉིད་ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་རྒྱལ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་སྐུ་མདོག་མཐིང་ནག །ཕྱག་གཡས་པས་རྡོ་རྗེས་མཚན་པའི་ཐོད་དབྱུག་འཕྱར་ཞིང༌། གཡོན་དུས་ཀྱི་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། ཐུགས་ཀ་ནས་ཧཱཾ་བཅུ་སྤྲོས་ཏེ། འཁོར་ལོའི་རྩིབས་བཅུ་ལ་འཁོད་པ་ནི། ཤར་དུ་གཤིན་རྗེ་མཐར་བྱེད་ནག་པོ་ཐོ་བ་འཛིན་པ་རྣམ་སྣང་གི་དབུ་རྒྱན་ཅན། ལྷོར་ཤེས་རབ་མཐར་བྱེད་དཀར་པོ་བེ་ཅོན་འཛིན་པ་རིན་འབྱུང་གི་དབུ་རྒྱན་ཅན། ནུབ་ཏུ་པདྨ་


TNT06_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བྱེད་དམར་པོ་པདྨ་འཛིན་པ་འོད་དཔག་མེད་པའི་དབུ་རྒྱན་ཅན། བྱང་དུ་བགེགས་མཐར་བྱེད་ལྗང་ཁུ་རྡོ་རྗེ་འཛིན་པ་དོན་ཡོད་གྲུབ་པའི་དབུ་རྒྱན་ཅན། ཤར་ལྷོར་མི་གཡོ་བ་སྔོ་སྐྱ་རལ་གྲི་འཛིན་པ་རྣམ་སྣང་གི་དབུ་རྒྱན་ཅན། ལྷོ་ནུབ་ཏུ་འདོད་རྒྱལ་སྔོ་དམར་ལྕགས་ཀྱུ་འཛིན་པ་སྣང་མཐའི་དབུ་རྒྱན་ཅན། ནུབ་བྱང་དུ་དབྱུག་སྔོན་ཅན་སྔོན་པོ་དབྱུག་པ་འཛིན་པ་མི་བསྐྱོད་པའི་དབུ་རྒྱན་ཅན། བྱང་ཤར་དུ་སྟོབས་པོ་ཆེ་དུད་ནག་རྩེ་གསུམ་འཛིན་པ་རྔ་སྒྲའི་དབུ་རྒྱན་ཅན། སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་པ་སེར་པོ་འཁོར་ལོ་འཛིན་པ་རྣམ་སྣང་གི་དབུ་རྒྱན་ཅན། འོག་ཏུ་གནོད་མཛེས་རྒྱལ་པོ་ནག་པོ་གཏུན་ཤིང་འཛིན་པ་མི་བསྐྱོད་པའི་དབུ་རྒྱན་ཅན། ཡང་ན་ཐམས་ཅད་མི་བསྐྱོད་པའི་དབུ་རྒྱན་ཅན་དུ་བྱས་ཀྱང་རུང་ངོ༌། །གཙོ་འཁོར་ཐམས་ཅད་ཀྱང་སྤྱན་གསུམ་པ། མཆེ་བ་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫཻས་པ། སྨ་ར་སྨིན་མ་རབ་ཏུ་འབར་བ། ཕྱག་རྒྱ་དྲུག་དང་ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། སྟག་གི་པགས་པའི་སྨད་དཀྲིས་ཅན། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། ཕྱོགས་བཅུའི་བགེགས་ཐམས་ཅད་ཚར་གཅོད་པར་མཛད་པའོ། །ལྷ་ཐམས་ཅད་གྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཁྲོ་བོ་བཅུ་གཅིག་སྲུང་བའི་འཁོར་ལོ་དང་བཅས་པ་ལ། རྒྱལ་བ་སྲས་བཅས་ཐམས་ཅད་ཁྲོ་བོ་བཅུ་གཅིག་གི་རྣམ་པ་དཔག་ཏུ་མེད་པས་བསྐོར་བ་བཛྲ་ས་མཱ་ཛཿ ཨོཾ་མུད་ག་ར་ཛཿ ཨོཾ་དཎྜ་ཧཱུཾ། ཨོཾ་པདྨ་བཾ། ཨོཾ་ཁད་ག་ཧོཿ སྤྲོ་ན་རིགས་བདག་རང་བཅས་མི་བྱེད་པར་དབང་བསྐུར་བྱ། བསྡུ་ན། གོང་དུ་བཤད་


TNT06_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་དབུ་རྒྱན་རང་ཆས་ཁོ་ནས་ཆོག་གོ །གཙོ་བོའི་ཐུགས་ཀ་ནས་འདོད་པའི་རྒྱལ་པོ་གྲངས་མེད་པ་སྤྲུལ། ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ། ཨོཾ་ཊཀྐི་ཧཱུཾ་ཛཿ ཕྱོགས་བཅུའི་བགེགས་ཐམས་ཅད་བཀུག་སྟེ། ཧཱུཾ་ལས་བྱུང་བའི་འདྲུབ་ཁུང་རྣམས་སུ་བཅུག་པར་གྱུར། ཨོཾ་གྷ་གྷ་སོགས་ལན་གསུམ་གྱིས་ཕུར་བུས་བཏབ། ཨོཾ་བཛྲ་མུད་ག་ར་སོགས་ཀྱིས་ཐོ་བས་བརྡུངས། ཕོ་ཉ་རྣམས་རང་ཉིད་ལ་ཐིམ། རང་གི་སྙིང་གར་ཧཱུཾ་ལས་ཞེ་སྡང་གཤིན་རྗེ་གཤེད། སྤྱི་བོར་ཀྵེ་ལས་གཏི་མུག་གཤིན་རྗེ་གཤེད། ལྟེ་བར་མ་ལས་ཕྲ་མ་གཤིན་རྗེ་གཤེད། མགྲིན་པར་མེ་ལས་འདོད་ཆགས་གཤིན་རྗེ་གཤེད། གསང་བར་ད་ལས་ཕྲག་དོག་གཤིན་རྗེ་གཤེད་རྣམས་རང་སྣང་གི་ཡུམ་དང་བཅས་པའོ། །ཚོགས་མར་ཛ་ལས་ཙར་ཙི་ཀཱ། ཕོ་བར་ས་ལས་ཕག་མོ། རྐང་མཐིལ་གཡས་སུ་དོ་ལས་དབྱངས་ཅན་མ། རྐང་མཐིལ་གཡོན་དུ་རུ་ལས་གཽ་རཱི། ལག་མཐིལ་གཡས་སུ་ཡ་ལས་ཐོ་བ་གཤིན་རྗེ་གཤེད། གཡོན་དུ་མ་ལས་དབྱུག་པ་གཤིན་རྗེ་གཤེད། པུས་མོ་གཡོན་དུ་ནི་ལས་པདྨ་གཤིན་རྗེ་གཤེད། གཡས་སུ་ར་ལས་རལ་གྲི་གཤིན་རྗེ་གཤེད་དོ། །དེ་ལྟར་སྒོ་སྐྱོང་བཞིའི་མདུན་དུ། ཎ་ཡོ་ནི་ར་ལས་ཐོད་པ་བཞིའོ། །སྙིང་གར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཉི་མ་ལ་གནས་པའི་ཧཱུཾ་ཡིག་གོ །དེ་ལ་བསྲུང་བྱ་རྣམ་མན་ངག་བཞིན་དུ་བཀོད། སྐབས་འདིར་མཆོད་བསྟོད་བྱ། དེ་ནས་འཁོར་ལོ་བསྐོར་བ་སོགས་སྤྱི་དང་མཚུངས། ཧྲཱྀཿཥྚཱིཿཡི་གེ་བཅུ་བཞི་པའི་སྔགས་དང༌། སུམྦྷ་བཟླ་སྟེ་གཙོ་བོའི་སྔགས་ཡིན། ཨོཾ་ཨཱཿཡ་མཱན་ཏ་ཀྲི་ཏ་


TNT06_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། སོགས་ཁྲོ་བོ་བཅུའི་མཚན་སྔགས་བཟླ་སྟེ། སྲུང་བའོ། །འདིའི་བཟློག་པ་དང་བསད་པ་ལ་གཙོ་བོ་འཕོ་བ་མི་དགོས། ཧྲཱྀཿཥྚཱིཿལ་དགྲ་བགེགས་བྱད་མ་ཐམས་ཅད་ནཱ་ཤ་ཡ་སྟཾ་བྷ་ཡ། ཞེས་སྤེལ་བ་ཉིད་གཙོ་བོར་བཟླ། སྤྲོ་ཞིང་ནུས་ན། རྡོ་རྗེ་གུར་ལས་འབྱུང་བའི་ཁྲོ་བོ་བཅུའི་འཕྲེང་སྔགས་ཀྱང་བཟླ་ཞེས་སྔ་མ་རྣམས་བཞེད། ཁྱད་པར་བཟློག་པའི་སྐབས་ཨུཥྞི་ཥ་དང༌། བསད་པ་ལ་དབྱུག་སྔོན་གྱི་འཕྲེང་སྔགས་གཙོ་བོར་བཟླ་ཞེས་གསུང་ངོ༌། །དེ་ནས་སླར་ཡང་གོང་བཞིན་མཆོད་བསྟོད་བྱས་ལ། ཨུཥྞི་ཥ་རྭ་ལུགས་ནས་འབྱུང་བ་ལྟར་དམོད་པ་དྲག་ཏུ་གདབ། གལ་ཏེ་གཏོར་མ་འབུལ་ན། བཟླས་པ་དང་མཆོད་བསྟོད་ཀྱི་བར་དེར་བྱའོ། །སྐབས་འདིའི་ཁྲོ་བོ་བཅུ་ཞལ་གསུམ་ཕྱག་དྲུག་ཏུ་མཛད་པ་ཡང་ཡོད་མོད། གཞུང་གི་མཆན་བུར་རྡོ་རྗེ་གུར་བཞིན་དུ་བྱེད་གསུང་བ་ལྟར་དང༌། གཙོ་བོ་ཕྱག་གཉིས་པ་ཡིན་པའི་ཕྱིར། འཁོར་རྣམས་ཀྱང་ཕྱག་གཉིས་པ་འོས་པ་ལྟར་བཀོད་པ་ཡིན་ནོ། །གལ་ཏེ་ཕྱག་མངས་སུ་བྱེད་ན་ཡང༌། ཕྱོགས་གླང་གསར་མའི་ཡི་གེ་ན་ཡོད་པ་དེ་མི་ལེགས་ཀྱི་འདུས་པ་ཞབས་ལུགས་དང་བཏུན་ན་ལེགས་ཤིང་གོང་དུ་སྨོས་པའི་གཞུང་གི་མཆན་བུ་དེ་ཡང་གློ་བོ་ལོ་ཙཱ་བ་ཉིད་ཀྱི་མཆན་བུ་ཡིན་ཞེས་གྲགས་པས་གུར་དང་མཐུན་པར་ལེགས། གཏོར་མ་བྱིན་རླབས་གཤེད་དམར་ལྷ་ལྔ་དང༌། བཅུ་གསུམ་མ་གང་ལྟར་བྱས་ཀྱང་འདྲ། ཐུན་ཀྱི་སྐབས་བདག་བསྐྱེད་ལ་འབུལ་བ་ཡིན་ན་དེ་མ་ཐག་ཕུལ་བས་ཆོག །ཐུན་མཚམས་མདུན་བསྐྱེད་ལ་འབུལ་བ་ཡིན་ན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། བསྲུང་བའི་འཁོར་ལོ་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཡབ་ཡུམ། ལུས་དཀྱིལ་ལྷ་བཅུ་གསུམ། ཁྲོ་བོ་བཅུ་དང་བཅས་པ་བཛྲ་ས་མཱ་ཛཿ ཧྲཱྀཿཥྚཱིཿའི་ཧཱུཾ་གི་གོང་དུ། ཨི་དཾ་བ་ལིང་


TNT06_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

གྲྀཧྞ་གྲྀཧྞ་སརྦ་དུཥྟན་ས་མ་ཡ་མུ་དྲ་པྲ་བྷཉྫ་ཀ ། མ་མ་ཤཱནྟིཾ་རཀྵཉྩ་ཀུ་རུ་ཀུ་རུ། ཞེས་བཅུག་པ་ལན་གསུམ་མམ་བདུན་གྱིས་གཙོ་བོ་ལ་ཕུལ། ཡ་མ་མེ་ད་ཀྵེ་རཱ་ཛ་ས་དོ་རུ་ཎ་ཡོ་ནི་ར་ཡ་ཙ་ནིའི་མཐར་གོང་བཞིན་སྤེལ་ཚིགས་དང༌། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། སྦྱར་བས་སྐུ་ལུས་ཀྱི་ལྷ་རྣམས་དང༌། ཨོཾ་ཨཱ་ཡ་མཱནྟ་ཀྲྀ་ཏ་ཨི་དཾ། སོགས་སྤེལ་ཚིག་གི་མཐར། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། སྦྱར་བས། གཤིན་རྗེ་མཐར་བྱེད་སོགས་ཁྲོ་བོ་བཅུ་ལ་འབུལ་བ་རིགས་འགྲེ། མཐར་ཨརྒྷཾ་ལ་སོགས་པས་མཆོད། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། སྨོན་ལམ། བཀྲ་ཤིས་རྣམས་བྱའོ། ཁྲོ་བོ་བཅུ་གཅིག་ལུས་དཀྱིལ་དང་བཅས་པ་ལ། སྦྱིན་བསྲེག་ཕུལ་བས་ཀྱང་སྤྱིར་ལས་ཐམས་ཅད་དང༌། སྒོས་སུ་སྲུང་བཟློག་བསད་གསུམ་ཐོགས་པ་མེད་པར་འགྲུབ་སྟེ། འདིའི་ཆོ་ག་ནི་སློབ་དཔོན་ཆེན་པོ་དཔལ་འཛིན་ཉིད་ཀྱིས། དམར་ནག་གི་དཀྱིལ་ཆོག་གམ། དམར་པོའི་སྦྱིན་བསྲེག་བཞིན་དུ་བྱའོ། །འདིར་གཞུང་ལས། རྫས་ཀྱི་ཕྱིར་བཟློག་གི་སྐབས་སུ། ས་བོན་སྔགས་ལས་བཅུ་གསུམ་ལྷར་བསྐྱེད་ནས། བཅུ་གསུམ་གནས་སུ་བཞག །ཧཱུཾ་ཀྵེ་མ་མེ་ད། ཛ་ས་དོ་རུ་ཎ་ཡོ་ནི་ར། ཡ་ཙ་ནི་ར། སྙིང་ག་མིག་དང་རྣ་བ་སྣ། ཁ་དང་ལྟེ་བ་འོག་སྒོ་གཉིས། །བརླ་གཉིས་ཕྲག་པ་གཉིས་དང་ནི། །དེ་བཞིན་སྤྱི་བོའི་གཙུག་ལ་རེག །ཅེས་གསུངས་པའི་ས་བོན་བཅུ་གཉིས་དང༌། ལུས་ཀྱི་གནས་བཅུ་གསུམ་གྱི་གོ་རིམ་སྦྱོར་ཚུལ་དེ་ནི་རྫས་ཀྱི་བསྲུང་བའི་སྐབས་ཡིན་ཞིང༌། དེ་དང་འདིར་ལྷ་དགོད་ཚུལ་ཅུང་ཟད་མི་མཐུན་ཡང༌། གནས་སྐབས་ཐ་དད་པ་


TNT06_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་འགལ་བ་མ་ཡིན་ནོ། །བསྲུང་བཟློག་གི་མན་ངག་འདི་ཡང༌། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ཐམས་ཅད་དང་འབྲེལ་བ་ཡིན་མོད་ཀྱི། དཔལ་འཛིན་གྱི་མན་ངག་ཏུ་མཚུངས་པའི་ཕྱིར། དམར་ནག་བཅུ་གསུམ་མ་གང་རིགས་གཅིག་དང་སྦྲེལ་ནས་བསྒོམ་ན་འབྲེལ་ཆེའོ། །ད་ལྟའི་ཕྱིར་བཟློག་དྲུག་གི་གཞུང་འདི་གློ་བོ་ལོ་ཙཱ་ཁོ་ནས་བསྒྱུར་བ་ཡིན། ཁོང་ནག་པོ་ལ་ལག་ལེན་མི་མཛད་པས་དེའི་ཤུགས་བརྡས་ཏེ། གཞན་ཆོས་ཀྱང་གཤེད་དམར་འབའ་ཞིག་གི་ཆ་ལག་ཏུ་སྦྱོར་གྱིན་འདུག་ཀྱང༌། དམར་པོ་ཁོ་ནའི་ཁྱད་ཆོས་ཡིན་པར་མ་ངེས་སོ། །འདིར་གཙོ་བོ་སྐུ་མདོག་ནག་པོ་ཕྱག་གཉིས་པར་གསུངས། དེ་ལ་བླ་མ་སྔ་མ་མང་པོ་སྐུ་མདོག་མ་གཏོགས། གཤེད་དམར་བཅུ་གསུམ་མའི་གཙོ་བོ་ཡབ་ཡུམ་སྒྲ་ཇི་བཞིན་དུ་བཞེད་མོད། འོན་ཀྱང་གཞུང་དེ་དམར་ནག་གཉིས་ཀའི་ཐུན་མོང་ཡིན་པས་འདི་ལྟར་ཤེས་དགོས་ཏེ། ནག་པོ་ལ་བརྟེན་ནས་བྱེད་ན། གཙོ་བོ་གཤེད་ནག་ཞལ་གསུམ་ཕྱག་དྲུག་པ་བསྒོམ་པ་དང༌། དེའི་ཚེ་འཁོར་རྣམས་ཕྱག་གཉིས་པའང་རུང་ལ། སྤྲོ་ན་ཞལ་གསུམ་ཕྱག་དྲུག་པ་གསང་འདུས་ཞབས་ལུགས་དང་མཐུན་པའི་ཁྲོ་བཅུར་བྱས་ཀྱང་ཆོག །ཁྲོ་བཅུའི་སྔགས་ཀྱང་གསང་འདུས་ལྟར་བྱས་ན་ལེགས། གཤེད་དམར་དང་སྦྲེལ་ན་གཙོ་བོའི་སྐུའི་དབྱིབས་བཅུ་གསུམ་མའི་གཙོ་བོ་ཇི་བཞིན་དུ་བྱས་ཕྱིན། དྲག་པོའི་ལས་ཡིན་ཡང་སྐུ་མདོག་ནག་པོར་བསྒྱུར་མི་དགོས་ཏེ། གཤེད་དམར་གྱི་སྐུ་མདོག་དམར་པོ་ནི་རྩ་བའི་སྐུ་མདོག་ཡིན་གྱི། དབང་གི་ལས་མཚོན་བྱེད་མ་ཡིན་པའི་ཕྱིར། བཟློག་བསད་ཀྱི་ལས་དང་སྐུ་མདོག་དམར་པོ་མི་འགལ་ལོ། །བླ་མ་སྔ་མ་རྣམས་ཀྱི་བཞེད་པ་དེ་ཡང་སྤྱིར་མི་འགལ་མོད། གཞུང་གི་དངོས་བསྟན་སྐུ་མདོག་ནག་པོ་ནི། གཤེད་དམར་སྐུ་མདོག་ནག་པོ་བསྒྱུར་བ་མ་ཡིན་གྱི། གཤིན་རྗེ་གཤེད་གང་ལ་སྦྱར་ཀྱང་འཇུག་པའི་དབང་དུ་མཛད་ནས། རྩ་བའི་གཤིན་རྗེ་གཤེད་དུ་གྲགས་པའི་སྐུར་བསྒོམ་པའི་དབང་དུ་བྱས་པར་གསལ་ཏེ་རྣམ་པ་ནི་གོང་དུ་བཤད་པ་ཉིད་དོ། །གཞུང་


TNT06_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དབུས་སུ་རང་ཉིད་གཤིན་རྗེ་གཤེད། །མདོག་ནག་ཁྲོས་པ་མ་ཧེའི་སྟེང༌། །ཞེས་པའི་ཐད་ཀྱི་མཆན་བུ་ལས། སྒྲུབ་ཐབས་རྒྱ་མཚོར་བཤད་པ་ལྟར་གྱི་ཞེས་འབྱུང་སྟེ། གཤེད་དམར་དུ་སྒོམ་ན། རང་གཞུང་རྒྱས་པ་ཡོད་ཕྱིན། སྒྲུབ་ཐབས་རྒྱ་མཚོར་ཁ་འཕང་མི་དགོས་ལ། དབྱིབས་གཤེད་དམར་དང་འདྲ་བ་ལ། སྐུ་མདོག་ནག་པོ་རྒྱ་མཚོ་ན་མེད་པས། གོང་དུ་བཤད་པའི་ཕྱག་གཉིས་པ་དེ་ཁ་དང་འདྲ་བ། རྒྱ་མཚོ་ན་ཡོད་པ་དེ་ལ་ཁ་འཕངས་པའོ། །དེ་ལྟར་ན་སྐབས་འདིར་དཔལ་འཛིན་ལུགས་ཀྱི་གཤིན་རྗེ་གཤེད་དམར་ནག་གཉིས་དང༌། ཞལ་དྲུག་པ་དང༌། རྡོ་རྗེ་འཇིགས་བྱེད་ལྷ་ཞེ་དགུ་མ་དང༌། འཇིགས་མཛད་ཁྲོ་མོ་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་དང༌། རོ་ལངས་བརྒྱད་བསྐོར་གྱི་རིགས་མལ་ལུགས་སུ་གྲགས་པ་དང༌། འཇིགས་མཛད་བཅུ་གསུམ་མ་སྟེ། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས་བདུན། བསྲུང་འཁོར་གྱི་སྒྲུབ་ཐབས་གཉིས་ཏེ་རིམ་པ་དགུ་བཤད་ཟིན་ཏོ། །བཟློག་པའི་དཀྱིལ་འཁོར་འདི་གཉིས་གཤིན་རྗེ་གཤེད་ཀྱི་དབང་ཐོབ་པ་ཁོ་ནས་བསྒོམ་དུ་རུང་བས། བཀའ་ལོགས་པ་མི་དགོས་མོད། དེ་ལྟ་ན་ཡང་བླ་མའི་ཞལ་ལུང་ངམ་ཀློག་ལུང་གང་རུང་ཞིག་ཐོབ་པར་བྱའོ། །དེ་དག་ལས་གཞན་རྣམས་ལ། བཀའ་སྡོད་ཆོས་སྐྱོང་འདི་ལྟ་བུའོ་ཞེས་པའི་དམིགས་བསལ་མེད་ལ། གདུལ་བྱའི་གཙོ་བོ་ཡིན་པའི་རྒྱུ་མཚན་གྱིས། ཆོས་ཀྱི་རྒྱལ་པོའི་རྟོག་པ་ལོགས་སུ་ཡོད་པ་ཉིད་ཆ་ལག་ཏུ་སྦྱོར་བའི་སྲོལ་ནི་མལ་ལུགས་མ་གཏོགས་གཞན་ཀུན་ལ་བྱུང་བར་སྣང༌། མལ་ལུགས་ལ་སྨྱོན་པ་འཇིགས་བྱེད་ཡིན་པར་འཆད་ཀྱང་ད་ལྟ་དེར་ཟད་ལ། སྐྱོ་ལུགས་ནི་ཡི་དམ་ཆོས་སྐྱོང་སྦགས་སྒྲུབ་ཡིན་ཏེ། དེ་ཡང་ལས་བྱེད་ཀྱི་གཙོ་བོ་མ་མོ་དང་གཤིན་རྗེ་ཁོ་ན་ཡིན་ནོ། །རྭ་ལུགས་ལ་ནི་ཐོག་མ་


TNT06_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡི་དམ་བཀའ་སྲུང་སྦགས་ཏེ་མི་སྒྲུབ་པར་དང་པོར་ཆོས་ཀྱི་རྒྱལ་པོའི་རྟོག་པ་ལ་སོགས་པ་ཕྱག་བརྙན་གྱི་སྒྲུབ་ཐབས་རྣམས་ལོགས་སུ་གཏན་ལ་ཕབ་ནས། བླ་མའི་མན་ངག་ལ་བརྟེན་ནས་ཡེ་ཤེས་ལྷ་དང་སྦྲེལ་ལུགས་ནི་དགོས་ཤིང༌། བཀའ་ཉན་གྱི་གཙོ་བོ་ནི་ལས་ཀྱི་གཤིན་རྗེ་དང༌། ནག་པོ་ཆེན་པོ་དང༌། མ་མོ་དང༌། དྲག་པོ་དབང་ཕྱུག་ཆེན་པོ་སྟེ་དྲེགས་པ་གཙོ་བོ་བཞི་པོ་འདི་དག་ཡིན་ལ། ཆ་ལག་ཏུ་གཤིན་རྗེ་དམར་ནག་གཞན་རྣམས་ཀྱང་སྦྱོར་བར་མཛད་དོ། །མགོན་པོ་ལས་མཁན་དུ་སྦྱོར་བ། སློབ་དཔོན་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་ལས་ཀྱང་བཤད། དོན་ལ་ནག་པོ་ཆེན་པོ་ནི། རོ་ལངས་བརྒྱད་པོ་གང་རུང་ཅིག་དང་གཅིག་པ་དང༌། འཇིགས་མཛད་ཆེན་པོའི་གདུལ་བྱའི་གཙོ་བོ་དྲག་པོ་དབང་ཕྱུག་ཆེན་པོ་ཁྲོས་པ་ནི་འཇིག་རྟེན་ལས་མ་འདས་པའི་འཇིགས་བྱེད་ཆེན་པོ་ཉིད་ཡིན་པས། ལས་བྱེད་མཆོག་ཏུ་འགྱུར་ཞིང༌། ལྷ་མོ་ནག་མོ་རྗེ་ཁོལ་འདི་རྣམས། དངོས་སུ་གཤིན་རྗེའི་ལྕམ་ལ། ནག་པོ་ཆེན་པོའི་ཡུམ་ཡིན་ཞིང༌། རེས་འགའ་འགོ་བཟློག་པ་སྒྲུབ་ཚུལ་ཡང་ཡོད་པ་ལྟར། གཤིན་རྗེ་མགོན་པོ་གཉིས་ཀ་དང་འབྲེལ་བས། གཤིན་རྗེ་གཤེད་པོའི་དབང་དྲག་གཙོ་བོར་གྱུར་པའི་འཕྲིན་ལས་ཀྱི་རྣོ་ཁྱད་ཐམས་ཅད། དུས་ཀྱིས་མཚན་མོ་དང་གཉིས་སུ་མེད་པའི་ལྷ་མོ་རི་མ་ཏཱི་ལ་རག་ལས་པ་ལྟ་བུར་ཡོད་དོ། །དེ་ལྟར་ན་མགོན་པོ་མ་མོ་དབང་ཕྱུག་གསུམ་པོ་ནི། གཤིན་རྗེ་གཤེད་གཞན་པས་ཀྱང་འདི་ལ་ལྷག་པར་འབྲེལ་ཆེ་སྟེ། རྡོ་རྗེ་འཇིགས་བྱེད་ཀྱི་ལས་མཁན་མཆོག་རེ་རེ་ཡིན་པར་རྭ་ལོ་ཆེན་པོ་ཡབ་སྲས་བཞེད་ཅིང༌། དོན་ཐོག་ཏུ་ཁེལ་བའི་གནད་ཆེན་པོ་ཡིན་ཡང༌། བོད་ཀྱི་རྡོ་རྗེ་འཇིགས་བྱེད་མཁན་པོར་རློམ་པ། ཕྱིས་བྱུང་གཞན་རྣམས་ལྟ་ཞོག །རྭ་ལུགས་པ་ཡིན་པ་ང་རྒྱལ་བ་རྣམས་ཀྱིས་ཀྱང་མ་གོ་སྟེ། དེ་ཐམས་ཅད་ཆོས་རྒྱལ་གྱི་རྟོག་པ་ཙམ་མམ། འགའ་ཞིག་དེ་བས་ཀྱང་འགངས་ཆུང་བའི། ཉེ་བརྒྱུད་ཡིན་ཟེར་


TNT06_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

བ་རེ་ཙམ་ལ་ཡིད་བརྟན་འཆའ་སྟེ། ད་དུང་མན་ངག་རིག་པ་རྣམས་ཡུན་རིང་དུ་བསྟེན་དགོས་པ་ཡིན་ནོ། །དེ་ལྟར་ན་སྒྲུབ་པའི་ཐབས་འདི་དང་འདི་ལྟ་བུ་དག་བླ་མ་དམ་པ་ལས་ཐོབ་པར་བྱས་ནས། དེའི་རྗེས་སུ་ལེགས་པར་བརྟགས་ལ། བློ་སྣ་མང་པོའི་སྣ་ཚོགས་སྒྲུབ་འདོད་སྤངས་ནས། རང་ཉིད་མོས་ཤིང་སྐལ་བ་དང་འཚམ་པ་གཅིག །དམ་ཚིག་མ་ཉམས་ཤིང་རབ་ཏུ་གསང་བའི་སྒོ་ནས་བསྒྲུབས་ན། གནས་སྐབས་དང་མཐར་ཐུག་གི་འདོད་དོན་ཐམས་ཅད་དང༌། འཕྲིན་ལས་རབ་འབྱམས་ཐུན་མོང་དང་མཆོག་གི་དངོས་གྲུབ་དང་བཅས་པ། བདེ་བ་དམ་པས་ཐོབ་པར་འགྱུར་རོ། །དཔལ་ལྡན་གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་གྱི། །སྒྲུབ་ཐབས་རབ་འབྱམས་དེ་དག་གཞུང་དོན་དང༌། །སྦྲེལ་ཕྱིར་གོ་དོན་མཐའ་ཆོད་ཅི་རིགས་པའང༌། །ལེགས་པར་འགོད་འདི་སྔོན་མེད་དགེ་བ་ཡིན། །ནག་པོ་ཞང་ལུགས་གཤེད་དམར་ལྷ་ལྔ་དང༌། །རྟོག་བདུན་དངོས་བསྟན་རྭ་ལུགས་གཙོ་རྐྱང་གི ། སྒྲུབ་ཐབས་དཀྱིལ་ཆོག་གཞན་དུ་བཤད་ཟིན་ཅིང༌། །འདིར་བཤད་དགུ་སྟེ་འདི་ཙམ་ཁོ་ནས་ཀྱང༌། །རྣལ་འབྱོར་བླ་མེད་གཤིན་རྗེ་གཤེད་རྒྱུད་ཀྱི། །དབང་དང་སྒྲུབ་ཐབས་བཀའ་ཡོད་ལྷད་མེད་པ། །གངས་ཅན་འདི་ན་ད་ལྟ་ཡོད་པ་ཀུན། །མ་འདྲེས་ཇི་བཞིན་གསལ་བར་རྟོགས་པ་ནུས། །དེ་སྐད་སྨྲ་བ་ཏཱ་ར་ནཱ་ཐ་སྟེ། །བླུན་པོ་གྲགས་པའི་རྗེས་འབྲང་མི་མགུ་ཡང༌། །རིག་འཛིན་མཁས་པ་ཀུན་གྱི་དགའ་སྟོན་འདིས། །རྣམ་དཔྱོད་བཞིན་གྱི་དཀྱིལ་འཁོར་གསལ་བར་བྱས། །ཞེས་པ་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་རབ་འབྱམས་ཀྱི་སྒྲུབ་ཐབས། འཕྲིན་ལས་ཀྱི་ཉི་མ་འབུམ་གྱི་གཟི་བརྗིད་ཅན་ཞེས་བྱ་བ་འདི་ཡང༌། ཡོན་ཏན་མངོན་པར་མཐོ་བ་དུ་མ་དང་བཅས་པའི་བླ་ཆེན་ཡེ་ཤེས་རྒྱ་མཚོ་བ་སོགས། བཤེས་གཉེན་གསང་སྔགས་རིག་པ་འགའ་ཞིག་གིས་བསྐུལ་ནས། ཀུན་དགའ་སྙིང་པོས་མེ་ཕོ་སྟག་དགྲ་བགེགས་བདུད་སྡེ་ཉེས་སྐྱོན་མི་མཐུན་པའི་ཕྱོགས་ཐམས་ཅད་ཟད་པའི་ལོ། དཔྱིད་ཟླ་ར་བ་མཁའ་འགྲོ་འདུ་བའི་ཚེས་ལ་སྦྱར་བའོ།། །།དགེ་ལེགས་འཕེལ། །མངྒ་ལཾ།། །