cover

ཏཱ་ར་ནཱ་ཐའི་གསུང་འབུམ།

པོད། ཇ༽

ཏཱ་ར་ནཱ་ཐ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བླ་མ་མཆོད་པའི་ཆོ་ག་སྐལ་བ་བཟང་པོའི་འཇུག་ངོགས།


TNT07_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མཆོད་པའི་ཆོ་ག་སྐལ་བ་བཟང་པོའི་འཇུག་ངོགས་ཞེས་བྱ་བ་བཞུགས།


TNT07_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ན་མོ་བཛྲ་དྷ་རཱ་ཡ། བླ་མ་རྡོ་རྗེ་སློབ་དཔོན་མཆོད་པའི་ཆོ་ག་སྐལ་བཟང་འཇུག་ངོགས་ཞེས་བྱ་བ། བླ་མ་དང་དབྱེར་མ་མཆིས་པ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། རབ་རྒྱས་ཨིནྡྲ་ནཱི་ལའི་ལྷུན་པོ་གང༌། །ཉིན་བྱེད་འབུམ་ཕྲག་བརྒྱ་ཡིས་འཁྱུད་པའི་དཔལ། །རྣམ་ཀུན་རིག་མར་ཁ་སྦྱོར་ཡེ་ཤེས་སྐུ། །བདེ་ཆེན་རོལ་པ་རྡོ་རྗེ་འཆང་ཆེན་ལ། །གུས་པས་ཕྱག་འཚལ་གུས་པས་མཆོད་པ་འབུལ། །དང་བའི་ཡིད་ཀྱིས་དང་བས་མཆོད་ཅིང་བསྟོད། །རབ་འབྱམས་མཆོད་སྤྲིན་རབ་འབྱམས་ཞིང་གི་ཚོགས། །ཡོངས་སུ་གང་བས་ཡོངས་སུ་མཆོད་པར་བགྱི། །རབ་མཛེས་མཆོག་ལྡན་བདེ་དཔལ་མཆོག་མཛེས་རབ། །ཕུལ་ཕྱིན་མཆོག་གི་མཆོག་གྱུར་ཕུལ་ཕྱིན་ཕུལ། །མཁྱེན་པས་ཤེས་བྱ་སྟོང་པའི་ཤེས་པས་མཁྱེན། །གུས་པས་འདུད་ཅིང་འདུད་ཅིང་འདུད་པས་གུས། །ཡེ་ཤེས་ཤེས་བྱའི་དཀྱིལ་འཁོར་མཆོག་རྣམ་ཀུན། །རྣམ་ཀུན་ཀུན་ནས་མངོན་གྱུར་ཀུན་ཤེས་རབ། །ཤེས་རབ་རབ་མཆོག་དེ་ཉིད་དངོས་ཀུན་མཁྱེན། །ཀུན་མཁྱེན་མཁྱེན་བརྩེའི་གཏེར་ལ་རབ་བཏུད་དེ། །དངོས་གྲུབ་ཀུན་གྱི་འབྱུང་གནས་ནི། །བླ་མ་རྡོ་རྗེ་སློབ་དཔོན་ལ། །མཆོད་པའི་ཚུལ་ཞིག་འདིར་འབྲི་སྟེ། །རྣལ་འབྱོར་ཅན་རྣམས་


TNT07_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རངས་པར་གྱིས། །འདིར་ཧེ་རུ་ཀ་དཔལ་འཁོར་ལོ་སྡོམ་པའི་ཕྱི་རོལ་མཆོད་པ་ལས་བརྩམས་ཏེ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པར་མཆོད་པའི་ཆོ་ག་ངག་འདོན་ལག་ཏུ་བླང་བ་ནི་འདི་ཡིན་ཏེ། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་ལ། སྡོམ་ནི། རྡོར་དྲིལ་བྱིན་རླབས་སྔོན་འགྲོ་གཏོར་མ་དང༌། །བྱིན་དབབ་ཞུ་འབུལ་སྐྱབས་སེམས་རྡོར་སེམས་བསྒོམ། ནང་མཆོད་བྱིན་གྱིས་བརླབ་དང་བདག་བསྐྱེད་བསྒོམ། །དང་པོ་ནི། ཐལ་མོ་སྦྱར། ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ལག་མཐིལ་གཡས་སུ་ཉི་མ། གཡོན་དུ་ཟླ་བ། རྣམ་ལྔ་འདོད་སྐོར་བྱས་ལ། རྡོ་རྗེ་འདི་ཉིད་རྡོ་རྗེ་སེམས་དཔའ། དྲིལ་བུ་འདི་ཉིད་རྡོ་རྗེ་སྙེམས་མའི་ངོ་བོ་གཉིས་ཀའང་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡ་མི་བཛྲ་རྡོ་རྗེ་མཐེ་བོང་དང་མིང་མེད་ཀྱིས་བཟུང་སཏྭ་ཧཱཾཿཧི་ཧི་ཧི་ཧི་ཧཱུཾ་ཕཊ་སྭཱཧཱ། ཨོཾ་[དྲིལ་བུ་སྙེམས་པ་དང་བཅས་པས་སྟ་ཟུར་གཡོན་དུ་བཟུང༌།]བཛྲ་


TNT07_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

གྷནྜེ་ཧཱུཾ། རྡོ་རྗེ་སེམས་དཔའ་ལ་སོགས་པ་མཉེས་པར་བྱའོ། །ཧཱུཾ་སེམས་ཅན་རྨོངས་པ་ལས་སྒྲོལ་བ། །རྣམ་ཐར་ཆོས་ཀྱི་བྱ་བའི་ཕྱིར། །རྡོ་རྗེ་གསོར་པ་མཛེས་པས་ཏེ། སྤྲོ་དང་བཅས་པས་དྲིལ་བུ་བཟུང༌། །ཧཱུཾ་ཧཱུཾ་ཧཱུཾ། ཧོཿཧོཿཧོཿ ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལཱ་ནི་པྲཛྙ་པཱ་ར་མི་ཏ་ན་ད་སཾ་བྷཱ་ཝེ་བཛྲ་དྷརྨ་ཧྲི་ད་ཡ་ཎི་སནྟོ་ཥ་ཎི། ཧཱུཾ་ཧཱུཾ་ཧཱུཾ། ཧོཿཧོཿཧོཿ ཨཱ་ཁཾ་སྭཱཧཱ། གཉིས་པ་ནི། སྔོན་འགྲོ་གཏོར་མ་དང༌། གསུམ་པ་གནས་ཡོ་བྱིན་རླབས་ནི་སྤྱི་དང་མཐུན་པའོ། །བཞི་པ་ནི། མཎྜལ་བསྐྱེད་བསྡུ་དང་ཐལ་མོ་སྦྱར་ནས། སེམས་ཅན་དོན་དུ་སེམས་དགེ་བས། །རྣལ་འབྱོར་པ་ཡི་ཚོགས་རྣམས་ཀུན། །ཚུལ་བཞིན་ཆོ་གར་ལྡན་པ་ཡི། །རྣལ་འབྱོར་ལ་ནི་ཉེ་གནས་མཛོད། །གལ་ཏེ་ཆོ་གའི་སློབ་དཔོན་ཡོད་ན་ཞུ་བའི་མཎྜལ་འབུལ་ལོ། །ལྔ་པ་སྐྱབས་འགྲོ། དྲུག་པ་སེམས་བསྐྱེད། བདུན་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་རྣམས་ནི་བདེ་མཆོག་ཉིད་ཀྱི་ཆོག་རིམ་བཞིན་ནོ། །བརྒྱད་པ་ནི། ཨོཾ་སུམྦྷ། སོགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པའི་ནང་དུ་ཧཱུཾ་བྷྲུཾ་ཨཾ་ཛྲིཾ་ཁཾ་ལས་ཤ་ལྔ། བཾ་མཾ་ཏཾ་པཾ་ལཾ་ལས་བདུད་རྩི་ལྔ། རླུང་གཡོས་མེ་སྦར་རྫས་བཅུ་ཞུ་ཞིང་བསྐོལ་བས་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿཨོཾ་ཨཱཿཧཱུཾ། དགུ་པ་ནི། མངོན་རྟོགས་རྒྱས་པར་བསྒོམ་པར་བྱ་ལ། དེ་ཙམ་མི་ནུས་ན་བསྙེན་སྒྲུབ་བཞི་ཙམ་བསྒོམ། དེ་ཡང་མི་ནུས་ན་འདི་ལྟར།


TNT07_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་ཧེ་རུ་ཀོ྅་ཧཾ། ཤྲི་ཡིག་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །གསུམ། རང་བདེ་མཆོག་ཧེ་རུ་ཀ་ཕྱག་གཉིས་པ། ཨོཾ་ཨ་ཨཱཿཨི་ཨཱི སོགས་ལན་གསུམ། ལྟེ་བར་ཟླ་བ་ལ་ཨཱ་ལི་ཀཱ་ལི་ལན་གསུམ་དུ་གཡོན་དུ་བསྐོར་བ། དེ་ལས་འཁོར་ལོ་ལྔའི་ལྷ་ཚོགས་དཔག་ཏུ་མེད་པ་བ་སྤུའི་ཁུང་བུ་ནས་སྤྲོས། འགྲོ་བ་ཐམས་ཅད་རྣམ་པར་སྦྱངས། འཁོར་ལོ་ལྔའི་གོ་འཕང་ལ་བཀོད། བགེགས་ཐམས་ཅད་ཚར་བཅད། སླར་འདུས་ལྟེ་བ་ལ་ཐིམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝ་སོགས། ཨོཾ་ཤཱུ་ནྱ་ཏཱ་ཛྙ་ན་བཛྲ་སྭ་བྷ་ཝཱཏྨ་ཀོ྅་ཧཾ། ཨོཾ་ཨཱཿཧཱུཾ། སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱཀྩི་ཏྟ་བཛྲ་སྭ་བྷཱ་ཝཱཏྨ་ཀོ྅་ཧཾ། གསུམ། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅་ཧཾ། རང་སྐད་ཅིག་གིས་བདེ་མཆོག་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། པད་ཉིའི་གདན་ལ་ཞབས་གཡས་བརྐྱང་བའི་སྟབས་ཀྱིས་འཇིགས་བྱེད་དང་དུས་མཚན་མ་མནན་པ། རལ་པའི་ཐོར་ཚུགས་དང༌། སྤྱི་བོའི་ནོར་བུ་དང༌། ཟླ་བ་ཕྱེད་པ་དང༌། སྣ་ཚོགས་རྡོ་རྗེ་དང༌། ཕྱག་རྒྱ་དྲུག་དང༌། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། གར་གྱི་ཉམས་དགུ་དང་ལྡན་པ། མི་བསྐྱོད་པས་དབུ་བརྒྱན་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་རྡོ་རྗེ་དང་ཐོད་པ་འཛིན་པ། ཞབས་


TNT07_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བསྐུམ་གཡོན་བརྐྱང་པས་ཡབ་ལ་འཁྱུད་པ། གཅེར་མོ་ཕྱག་རྒྱ་ལྔ་དང་ལྡན་མ། དབུ་སྐྲ་གྲོལ་བ། བསྐལ་པའི་མེ་ལྟ་བུའི་དབུས་ན་བཞུགས་པའོ། །ཕཻཾ། ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་ཐིམ། ཛཿཧཱུཾ་བཾ་ཧོཿ ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། ཡི་གེ་བདུན་པའམ། ཉེར་གཉིས་པ་ཅི་རིགས་པར་བཟླའོ།། སྐབས་འདིར་རྗེས་གཞིག་གི་ཚུལ་བསྒོམས་ལ་ལྡང་ངོ༌། །གཉིས་པ་དངོས་གཞི་ལ། བསྲུང་འཁོར་མཎྜལ་ལྷར་སྐྱེད་དང༌། །ཐུགས་བསྐུལ་མཆོད་གཏོང་དབང་བསྐུར་བླང༌། བདུན་ལས། དང་པོ་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ། ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པཾ་ལས་པདྨ། རཾ་ལས་ཉི་མ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ལས་སྔགས་ཀྱི་འོད་ཟེར་འཕྲོས། སུམྦྷ་ལན་གཉིས། ཚངས་པའི་འཇིག་རྟེན་ནས་གསེར་གྱི་ས་གཞིའི་བར་ཁྱབ་པའི་སྔགས་ཀྱི་གཟུགས་ལས། རྡོ་རྗེའི་ས་གཞི་རྭ་བ་གུར་བླ་བྲེ་མདའི་དྲ་བ། ཡེ་ཤེས་ཀྱི་མེ་དཔུང་འབར་བ་དང་བཅས་པ་གྲུབ་པར་གྱུར། ཨོཾ་མེ་དྷི་ནི་བཛྲི་བྷ་ཝ་བྷནྡྷ་ཧཱུཾ། གསུམ། ཨོཾ་བཛྲ་པྲ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་པཾ་ཧཱུཾ། ཨོཾ་བཛྲ་ཝི་ཏ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛྭ་ལཱ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། གཉིས་པ་ནི། མཎྜལ་དངོས་སུ་སྔར་བཤམས་གྲུབ་ན་འདིར་ཡིད་ཀྱིས་དམིགས་པ་དང་ཚིག་ཆ་རྣམས་བརྗོད། སྔར་མ་བཤམས་ན་འདི་ཉིད་དུ་དངོས་སུ་མཎྜལ་བྱའོ། །སྐད་ཅིག་གིས་རྩ་བའི་བླ་མ་མདུན་གྱི་


TNT07_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁར་བཞུགས། ཨོཾ་བཛྲོ་ད་ཀེ་ཆུ་བྱིན་རླབས་ཧཱུཾ་སྭཱཧཱ། ཨོཾ་དུང་ཆོས་ལེན་ཧྲིཿསྭཱཧཱ། ཨོཾ་ཝཾ་ཁ་ཁྲུས་སྭཱཧཱ། ཇི་ལྟར་བལྟམས་པ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་གདོང་བཀྲུའོ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། །ཨོཾ་གནས་གསུམ་དུ་རེག་ཨཱཿཧཱུཾ། ཨོཾ་ཏིཥྛ་གདན་ལ་མེ་ཏོག་བཞགབཛྲ་ཨཱ་ས་ན་ཧཱུཾ། ཨོཾ་བཛྲ་པ་བ་ན་བ་ན་ཡ་སྭཱཧཱ། ཨོཾ་ཁཏྟ་རོ་ཧེ་མེ་ཏོག་རྣ་ལྟག་ཏུ་གཟེར་རཀྵ་མཾ། སརྦ་བིགྷན་བྷྱཿ ཨོཾ་བཛྲོ་ཆུ་བྱིན་བརླབས་ད་ཀེ་ཧཱུཾ་སྭཱཧཱ། ཨོཾ་པུཥྤེ། ཀེ་ཏུ་རཱ་ཛ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀ་སམ་བུ་དྡྷ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ། པུཥྤེ། མ་ཧཱ་པུཥྤེ།མེ་ཏོག་བྱིན་རླབས་གུ་པུཥྤེ་པུཥྤ་སཾ་བྷཱ་ཝེ་པུཥྤོ་ཏྦྷ་ཝེ་པུཥྤ་ཀིརྞེ་སྭཱཧཱ། ཨོཾ་གོ་མ་བ་ལྕི་སོགས་བྱིན་རླབས་ཡེ་སྭཱཧཱ། ཨོཾ་བཛྲ་སཏྭ་བགེགས་སྦྱང་བ་ནི་བིགྷྣཾ་ནུ་སཱ་ར་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་རེ་ཁ་སུ་རེ་རེ་ཁ་བྲིས་ཁེ་སྭཱཧཱ། བ་ལྕི་ཆུར་བཅས་སྦྱིན་པ་སྟེ། བྱི་དོར་བྱས་པ་ཚུལ་ཁྲིམས་ཡིན། །གྲོག་སྦུར་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་སྐད་ཅིག་མ། །རི་མོ་ལེགས་འབར་ཤེས་རབ་བོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱི། །ཐུབ་པའི་མཎྜལ་ལེགས་བྱས་པའོ། །འདིར་ནི་ལུས་ཀྱི་ལས་བྱས་ནས། ཁ་དོག་གསེར་ལྟར་འགྱུར་བ་དང༌། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང༌། །ཟླ་བ་ལྟ་བུའི་གཟི་བརྗིད་ཅན། །ནོར་དང་གསེར་ནི་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་པ། །མཆོག་གི་ཁྱིམ་དུ་སྐྱེ་བ་ཉིད། །ཨོཾ་བཛྲ་རེ་ཁེ་སརྦ་བུདྡྷ་ཨ་དྷི་སླར་ཡང་རེ་ཁ་བྱ་ཥྛཱནྟ་སྭཱཧཱ། ཨོཾ་ཝཾབཀྲུའ་ོསྭཱཧཱ། ཨོཾ་ཙནྡྲ་


TNT07_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྐ་བི་མ་ཕྱིའོ་ལ་སྭཱཧཱ། ཨོཾ་བཛྲ་ས་ཏྭ་ས་མ་མེ་ཏོག་བཀྲམ་ཡ། སོགས། ཧཾ་སུ་མེ་སོ་སོའི་ཚོམ་བུ་བྱ་རུ་ན་མཿ ཡཾ་བི་དེ་ཧ་དྭི་པ་ན་མཿ རཾ་ཛམ་བུ་དྭི་པ་ན་མཿ ལཾ་གོ་ད་ནཱི་དྭི་པ་ན་མཿ ཝཾ་ཀུ་རུ་དྭི་པ་ན་མཿ ཡཿཡཿཨུ་པ་དྭི་པ་ན་མཿ རཿརཿ ཨུ་པ་དྭི་པ་ན་མཿ ལཿ ལཿ ཨུ་པ་དྭི་པ་ན་མཿ ཝཿཝཿཨུ་པ་དྭི་པ་ན་མཿ ལཿཏུ་རངྒ་རཏྣཱ་ཡ་ན་མཿ རཿ མནྟི་རཏྣཱ་ཡ་ན་མཿ ཡ་ག་ཛ་རཏྣཱ་ཡ་ན་མཿ ཝཿསྟྲཱི་རཏྣཱ་ཡ་ན་མཿ ཡཿཁཏྒ་རཏྣཱ་ཡ་ན་མཿ ར་མ་ཎི་རཏྣཱ་ཡ་ན་མཿ ཝཿནི་དྷི་རཏྣཱ་ཡ་ན་མཿ ལཿཙཀྲ་རཏྣཱ་ཡ་ན་མཿ ཨོཾ་ཨ་ཙནྡྲ། ཨོཾ་ཨཿསུརྻ། ཨོཾ་ཨོཾ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཞིང་འབྱོར་བ་ཚད་མེད་པ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བ་ལྟ་བུ་མཆོད་པའི་སྤྲིན་རབ་འབྱམས་ཀྱི་ངོ་བོ་ཉིད་ན་མཿ བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་བའི་ཚོགས། །རིན་ཆེན་ཀུན་བཟང་མཎྜལ་བཟང་པོའི་མཆོད་པ་འདི། །བློ་ཡི་བླངས་ནས་དཔལ་ལྡན་རྩ་བའི་བླ་མར་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་རླབ་ཏུ་གསོལ། གསུམ་པ་ནི། ཨོཾ་སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཆོས་འབྱུང་དཀར་པོ་བདེ་བ་ཆེན་པོའི་རང་བཞིན། དེའི་ནང་དུ་ཡཾ་རཾ་བཾ་ལཾ་སུཾ་ལས་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ། བྷྲུཾ་ལས་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་རྫོགས་པ། དུར་ཁྲོད་བརྒྱད་དང་


TNT07_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ། ནང་གི་ལྷ་སྣམ་ཕྱོགས་ཀྱི་མདོག་ཅན་གྱི་དབུས་སུ་སེང་ཁྲི་སྣ་ཚོགས་པདྨ་ཉི་མ་འཇིགས་བྱེད་དང་དུས་མཚན་མའི་གདན། དེའི་སྟེང་དུ། ནམ་མཁར་བཞུགས་པའི་བླ་མ་ཧཱུཾ་གི་རྣམ་པར་བྱོན་པ། དེ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རྩ་བའི་བླ་མ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཞལ་བཞི། ཕྱག་བཅུ་གཉིས་པ། རྩ་ཞལ་དང་སྐུ་ལུས་ཨིནྡྲ་ནཱི་ལ་འབར་བའི་འོད་ཅན། དུས་མཐའི་སྤྲིན་གནག་ལྟར་འཇིགས་པ། གཡས་ཞལ་སྟོན་ཟླ་ལྟར་དཀར་བ། གཡོན་ཞལ་པདྨ་རཱ་ག་ལྟར་དམར་བ། རྒྱབ་ཞལ་ཛམྦུ་ཆུ་བོའི་གསེར་སྦྱངས་བ་ལྟར་ལྷམ་མེ་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང༌། མཆེ་བའི་མྱུ་གུ་བཞི་བཞི་གཙིགས་པ། རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། སྤྱི་བོའི་ནོར་བུ་དང༌། མི་བསྐྱོད་པས་རྣམ་པར་བརྒྱན་པ། ཐོད་སྐམ་ལྔ་ལྔའི་ཅོད་པན་ཟ་ར་ཚགས་དང་བཅས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཉིས་པ་གཉིས་ཀྱིས་གླང་པོ་ཆེའི་པགས་པ། གཡས་ལྷག་མས་ཌཱ་མ་རུ། དགྲ་སྟ། མདུང་རྩེ་གསུམ། གྲི་གུག གཡོན་ལྷག་མས་ཁ་ཊཱཾ་ག ཞགས་པ། ཐོད་པ། ཚངས་པའི་མགོ་བོ་བསྣམས་པ། ཞབས་གཡས་བརྐྱང་པས་དུས་མཚན་མོ་དང༌། གཡོན་བསྐུམས་པས་འཇིགས་བྱེད་མནན་པ། ཕྱག་རྒྱ་དྲུག་དང༌། མགོ་འཕྲེང་དང༌། ཐལ་བ་དང༌། ཉམས་དགུས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ།


TNT07_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་རྡོ་རྗེ་ཕག་མོ། ཐུན་མཚམས་དང་ལི་ཁྲིའི་མདངས་ཅན། རྡོ་རྗེ་དང་མན་ཆད་གོང་བཞིན། གཉིས་ཀའང་བསྐལ་པའི་ནས་པའོ། །ཕཻཾ། རང་བཞིན་གྱི་གནས་ནས་བླ་མ་དང་ཧེ་རུ་ཀ་དབྱེར་མེད་པ། ལུས་ཀྱི་དཀྱིལ་འཁོར་དང་བཅས་པ་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁར་བཞུགས། སུམྦྷ་སོགས། ཨོཾ་གུ་རུ་ཙཀྲ་སམྦྷ་ར་མཎྜལ་ལེ་བྷྱ། ཨརྒྷཾ། པཱ་དྱཾ། པུཥྤེ་ནས། ཤཔྟ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ་དཀོན་མཆོག་གསུམ་ལ་སོགས་བྱ། ཛཿཧཱུཾ་བཾ་ཧོཿ ཨོཾ་ཡོ་ག་ཤུདྡྷ་སོགས། ཡབ་ཀྱི་གནས་སུ། ཨོཾ་ཨོཾ་ཧ། ན་མ་ཏི། སྭཱཧཱ་ཧཱུཾ། བཽ་ཥ་ཊ་ཧེ། ཧཱུཾ་ཧོ། ཕཊ་ཧཾ། ཡུམ་གྱི་གནས་སུ། ཨོཾ་ཨོཾ་བཾ། ཧཾ་ཡོཾ། ཧྲིཾ། མོཾ། ཧྲེཾཧྲེཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། གཟུགས་ཀྱི་ཕུང་པོ་ལ་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ལ་ནི་རྡོ་རྗེ་ཉི་མའོ། །འདུ་ཤེས་ཀྱི་ཕུང་པོ་ལ་ནི་པདྨ་གར་གྱི་དབང་ཕྱུག་གོ །འདུ་བྱེད་ཀྱི་ཕུང་པོ་ལ་ནི། རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ལ་ནི་རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ནི་ཤྲི་ཧེ་རུ་ཀ་རྡོ་རྗེའོ། །མིག་གཉིས་ལ་ནི་གཏི་མུག་རྡོ་རྗེའོ། །རྣ་བ་གཉིས་ལ་ནི་ཞེ་སྡང་རྡོ་རྗེའོ། །སྣ་ལ་ནི་ཕྲག་དོག་རྡོ་རྗེའོ། །ལྕེ་ལ་ནི་འདོད་ཆགས་རྡོ་རྗེའོ། །ལུས་ལ་ནི་སེར་སྣ་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་ནི་དབང་ཕྱུག་རྡོ་རྗེའོ། །སའི་ཁམས་ལ་ནི་ལྟུང་བྱེད་མའོ། །ཆུའི་ཁམས་ནི་གསོད་བྱེད་མའོ། །མེའི་ཁམས་ལ་ནི་འགུགས་བྱེད་མའོ། །རླུང་གི་ཁམས་ལ་ནི་པདྨ་གར་གྱི་དབང་ཕྱུག་


TNT07_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མའོ། །ནམ་མཁའི་ཁམས་ལ་ནི་པདྨ་དྲ་བ་ཅན་ནོ། །རྩ་སུམ་ཅུ་རྩ་དྲུག་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག རྐྱང་མ་རོ་མ་དབུ་མ་བདུད་འབྲལ་མ་གཏུམ་མོ་རྣམས་རྡོ་རྗེ་ཕག་མོ། ཁམས་ཉེར་བཞི་ནི་དཔའ་བོ་ཉེར་བཞི། དཔྱིད་ཀྱི་དཔའ་བོ་མི་ཤིགས་པ་གཞོམ་དུ་མེད་པའི་ཐིག་ལེ་ནི་དཔལ་ཧེ་རུ་ཀའོ། །སྤྲོ་ན་ལུས་དཀྱིལ་ཞལ་ཕྱག་རྫོགས་པར་བསྐྱེད་ན་ལེགས། ལོང་མེད་པ་དང་མི་སྤྲོ་ན་དེ་དང་དེར་མོས་པ་ཙམ་བྱའོ། །ཨོཾ་ཨཱཿཧཱུཾ། སརྦ་བཱི་ར་ཡོ་གི་སོགས་གསུམ། བཛྲ་ཤུདྡྷ་སོགས། བཞི་པ་ནི། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནི་ཛཱ་ལ་སམྦཱ་ར་སྭཱཧཱ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཌཱ་ཀི་ནཱ་ཡེ་ཧཱུཾ་ཧཱུཾ་ཕཊ། ལཱ་མེ༴ ཁཎྚ་རོ་ཧེ༴ རུ་པི་ནཱི་ཡེ༴ ཨོཾ་པུ་ཛ་ཨོ་ཨ་གོ་རཱ་དེ་མ། ཀ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི། པྲེ་གྲི་སོ་སུན་སི་མ་ཀུ་ཧཱུཾ་ཧཱུཾ་ཕཊ། ཀཱ་ཀཱ་སྱ་ཨཱ་ལུ་ཀ་སྱ། ཤྭཱ་ན་སྱ། སཱུ་ཀ་ར་སྱ། ཡ་མ་ཌ་ཌྷཱི༴ ཡ་མ་དུ་ཏཱི་ཡཻ། ཡ་མ་དཾཥྟི་ཎེ༴ ཡ་མ་མ་ཐ་ནཱི༴ རྣལ་འབྱོར་རོ་གཅིག་བདུད་རྩི་འཐུང་བས་རྣམ་པར་དག་པའི་ཐུགས། །གནས་ལ་སོགས་པ་ཡུལ་དུ་བགྲོད་པ་རྣམ་པར་དག་པའི་གསུང༌། །དཔལ་ལྡན་གནས་ཀྱི་དབུས་སུ་འཁོར་ལོའི་དཀྱིལ་འཁོར་མགོན་པོ་མཆོག།བླ་མ་མཆོག་ལ་མགོ་བོས་བཏུད་དེ་རྟག་པར་ཕྱག་བགྱིའོ། །དེ་ནས་ཞེས་སོགས་ངག་ཆེན་པོས། །རྒྱུད་ནི་རྫོགས་པར་གྱུར་པ་གང༌། །འཁོར་ལོ་སྡོམ་པའི་འདྲེན་པ་མོ། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ལྷ་མོ་འཕྲེང་བས་བརྒྱན་པའི་སྐུ་ཡི་རིན་པོ་ཆེ་


TNT07_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀུན་དཔའ་བོའི་དབང་ཕྱུག་མ་ཡིས་རྟག་ཏུ་མཛེས། །འཁོར་ལོ་གནས་ཀྱི་མགོན་པོ་དྲི་མེད་ལྷན་ཅིག་སྐྱེས། །སྡོམ་པའི་རྣལ་འབྱོར་སྙིང་པོ་ལ་ནི་རྟག་ཕྱག་འཚལ། །ཨེ་ཡིག་རྣམ་པའི་སྙིང་པོ་ཁུ་བའི་གནས་གྱུར་པདྨའི་སྦུབས་ནི་དམ་པ་སྟེ། །དེ་ཡི་དབུས་སུ་སྐྱེས་པའི་དང་མོ་དམ་པ་ཀུནྡ་ལྟར་དཀར་ཐམས་ཅད་དག །ཀུན་མཁྱེན་སངས་རྒྱས་ཤིན་ཏུ་རྣམ་པར་དག་པའི་གནས་ཏེ་ལྷ་མོ་མཛེས་མའི་གཞི། །དྲི་མེད་ལྷན་ཅིག་སྐྱེས་པའི་གྲུ་བཞི་འདྲེན་པ་ལ་ནི་བདག་ཕྱག་འཚལ། །སྐྱེ་བ་དང་ནི་འཇིག་པ་དང་བྲལ་མཆོག་གི་ལུས་ཅན་མ། །དམར་བའི་འོད་ཆགས་རྣམ་པར་རྒྱལ་མ་ཁམས་གསུམ་གཟུགས་ཅན་མ། །ཡོན་ཏན་ཚོགས་ཀྱིས་བརྒྱན་པའི་སྐུ་མངའ་རྡོ་རྗེའི་ཡན་ལག་མ། །སངས་རྒྱས་ཀུན་གྱི་བསྐྱེད་མཛད་མ་ལ་རྟག་ཏུ་མངོན་པར་ཕྱག་བགྱིའོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་དང༌། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་རྟག་ཕྱག་འཚལ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེ་དབང་ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་ལ་འདུད་དོ། །རྣམ་པར་རྟོག་མེད་ཡང་དག་རྟོག །ཡིད་ནི་རབ་ཏུ་མི་གནས་པ། །ཡིད་ལ་མེད་ཅིང་དམིགས་པ་མེད། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །སྐབས་འདིར་


TNT07_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ་སོགས་མཆོད་པ་དང༌། རྐང་བརྒྱད་ཀྱི་བསྟོད་པ་ལྟ་བུ་མཆོད་བསྟོད་བསྡུས་པ་ཞིག་བྱས། དཔྱིད་ཀྱི་རྒྱལ་པོའི་གླུ་དབྱངས་བྱ་སྟེ། སྤྲོ་ན། སྤེལ་མར་སྦྱར་བ་བདག་གི་ཟུར་དུ་བཀོད་པ་བཞིན་དང༌། བསྡུ་ན། རྒྱུད་ཚིག་ཁོ་ན་བྱ་སྟེ། ཧཱུཾ་ཁྲོ་བོ་བདེ་བ་དགྱེས་པ་ཡི། །བདེ་བའི་ལོངས་སྤྱོད་ལས་བྱུང་བ། །བདེ་བ་དབབ་པའི་སྦྱོར་བ་ཡིས། །རབ་ཏུ་རྨོངས་པས་སྟེན་པར་བྱེད། །ཨ་ལ་ལ་ལ་ལ་ཧོ། ཨ་ཨི་ཨཱ་ཨཱ་ར་ལི་ཧོ། བདེ་ཆེན་བདེ་བའི་གར་གྱིས་རོལ། །རྣལ་འབྱོར་མ་མཆོག་པདྨའི་བདེ། །ཨ་ལ་ལ་ལ་ལ་ཧོ། དགྱེས་པ་རྣམས་ཀྱིས་བདེ་བ་མཆོག།རྣལ་འབྱོར་མ་མཆོག་མཆོད་པར་མཛོད། །ཨ་ཨི་ཨཱ་ཨཱ་ར་ལི་ཧོ། རབ་དགྱེས་མགོན་པོ་ཁྱོད་བཞུགས་མཛོད། །མཁའ་འགྲོ་དྲ་བའི་བདེ་བ་སྩོལ། །དགྱེས་མའི་བདེ་བ་གསོལ་བར་མཛོད། །ཞི་བའི་གར་གྱི་གར་མཛད་པ། །བདག་ལ་བདེ་ཆེན་བདེ་བ་སྩོལ། །ཐར་བའི་མཚན་ཉིད་ལྡན་པ་ཁྱོད། །ཨ་ལ་ལ་ལ་ལ་ཧོ། ཨ་ཨི་ཨཱ་ཨཱ་ར་ལི་ཧོ། བདེ་བ་སྤངས་པས་གྲོལ་མི་འགྱུར། །བདེ་མེད་སྡུག་བསྔལ་གྱིས་མི་གྲོལ། །བདེ་དེ་ཆུ་སྐྱེས་དབུས་ན་གནས། །ཆགས་པའི་དངོས་པོར་ཁྱོད་མ་གྱུར། །བདེ་བ་ཆེ་ཡིས་གྲོལ་བར་མཛོད། །པདྨ་དགྱེས་པའི་རོ་ཉིད་ཀྱིས། །བུང་བ་ལྟ་བུར་ཚིམ་པར་མཛོད། །དེ་ཡིས་མགོན་པོ་བསྐུལ་ན་ནི། །དཀྱིལ་འཁོར་དུ་ནི་ངེས་པར་འགྲུབ། །སྙན་ཞིང་འཇེབས་པའི་དབྱངས་ཀྱིས་ནི། །དཔྱིད་ཀྱི་རྒྱལ་པོའི་གླུ་བླངས་པས། །དྲི་མེད་མཁའ་འགྲོ་དྲ་བ་ཡི། །གཟིགས་ཤིང་ལས་ཀུན་མཛད་པ་


TNT07_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ཞེས་གསོལ་བ་བཏབ་པས་མཉེས་ནས་དངོས་སུ་མཆོད་པ་བདག་གིར་མཛད་པར་བསམས་ལ། ལྔ་པ་མཆོད་པ་དངོས་ནི། སླར་ཡང་སྙིང་ག་ནས་འོད་འཕྲོས། །བརྒྱུད་པའི་བླ་མ་རྣམས་དང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ་གསང་སྔགས་གྲུབ་པ་རིག་པ་འཛིན་པའི་ཚོགས་དང་མཆོད་པར་འོས་པ་ཐམས་ཅད་བཛྲ་ས་མཱ་ཛཿ སུམྦྷས་བསངས། སྭ་བྷཱས་སྦྱངས། སྟོང་པའི་ངང་ལས། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཞུ་བ་ལས་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་རོལ་མོ་རྣམས་རང་བཞིན་བདེ་སྟོང༌། རྣམ་པ་མཆོད་རྫས་འབྱམས་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ་སོགས། སྙིང་ག་ནས་མཆོད་པའི་ལྷ་མོ་ནམ་མཁའ་གང་བ་སྤྲོས་ནས་མཆོད། སྡོམ་ནི། ༡ ཆུ་དང་༢ ཉེར་སྤྱོད་༣ གཉིས་དང་༤འདོད་ཡོན་༥གཉིས། །༦རིན་ཆེན་༧ཉེ་བའི་རིན་ཆེན་༨བཀྲ་ཤིས་རྟགས། །༩སྒེག་སོགས་༡༠རིག་མ་༡༡བླ་མེད་༡༢ན་བཟའ་༡༣ཟས། །༡༤མཎྜལ་༡༥ཁྲུས་དང་༡༦ཉེར་མཁོ་༡༧ནང་དང་༡༨གསང༌། །༡༩དེ་ཉིད་༢༠བསྟོད་པ་༢༡རྒྱུན་བཤགས་༢༢སྡོམ་བཟུང་དང༌། །༢༣ལག་མཆོད་ཅེས་བྱ་མཆོད་པ་ཉེར་གསུམ་མོ། །དང་པོ་ནི། མཆོད་ཡོན་ཕལ་ཆེར་སོགས་དང༌། རབ་འབྱམས་རྒྱ་མཚོ་སོགས་སམ། ཡང་ན་འདི་ལྟར། རྣམ་དག་ཡིད་འོང་ལྷ་ཡི་རྫས། །ཡན་ལག་བདུན་ལྡན་ཨརྒྷའི་རྒྱུན། །མཆོག་ཏུ་དད་པས་བདག་འབུལ་ན། །ཅི་བདེ་བར་ཡང་བཞེས་སུ་གསོལ། ཨོཾ་ཨཱཿཧྲི་པྲ་ཝ་ར་སཏྐ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། རྣམ་དག་ཡིད་འོང་༴ ཞབས་ཀྱི་པདྨའི་རྙོགས་སེལ་སྤོས་ཀྱི་ཆུ། མཆོག་ཏུ་སོགས། ཨོཾ་ལྷ་ཡི་མེ་ཏོག་ཤིན་ཏུ་འབར། །དྲི་ཞིམ་ཤིན་ཏུ་མཛེས་པ་ཡི། །


TNT07_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་དེ་རིང་བཞེས་ནས་སུ། །འདི་ལ་བྱིན་གྱིས་བརླབས་ཏུ་གསོལ། །ཨོཾ་གུ་རུ་ཤྲཱི་ཧེ་རུ་ཀ་མཎྜ་ལེ་བྷྱཿཔུཥྤེ་པྲ་ཏཱིཙྪ་ཧཱུཾ། ཨོཾ་ཙནྡན་ག་བུར་སྦྱར་བ་ཡི། །དྲི་ཞིམ་བདུག་སྤོས་དགེ་བ་ཡི། །མཐུ་དང་ལྡན་པར་བྱ་བ་འདི། །བཞེས་ནས་བྱིན་གྱིས་རླབས་ཏུ་གསོལ། དྷུ་པེ། ཨོཾ་མར་མེ་འོད་ཟེར་འབར་བ་འདི། །ངན་འགྲོའི་འཇིགས་པ་འཇོམས་པར་བྱེད། །ལྷ་ཡི་མིག་འབྱེད་བཀྲ་ཤིས་པ། །མར་མེ་ཁྱེད་ཀྱི་བཞེས་སུ་གསོལ། ཨཱ་ལོ་ཀེ ཨོཾ་སྣ་ཚོགས་ལྷ་ཡི་དྲི་ཞིམ་པ། །སྣ་ཚོགས་ག་པུར་སོགས་བརྒྱན་པ། །སྣ་ཚོགས་ཡི་གེ་ཧཱུཾ་ལས་བྱུང༌། །དྲི་འདི་འབུལ་གྱི་བཞེས་སུ་གསོལ། གནྡྷེ། ཁ་དོག་དྲི་དང་རོར་ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །འབུལ་གྱི་ཡང་དག་བཞེས་སུ་གསོལ། ནཻ་ཝི་དྱ། པ་ཊ་ཧ་དང་ཅང་ཏེའུ་སོགས། །དུང་དང་རྔ་སོགས་སྒྲ་དབྱངས་དང༌། །ཡིད་འཕྲོག་སིལ་སྙན་སྣ་ཚོགས་པ། །འབུལ་གྱི་ཡང་དག་བཞེས་སུ་གསོལ། ཤཔྟ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པ། །མཛེས་ལྡན་དཀར་མོ་རྡོ་རྗེ་དྲིལ་བུ་དང༌། །མེ་ཏོག་སྤུངས་པའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའ་གང་བས་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཚིག་ཐོག་མཐའ་གཉིས་དང་སྔགས་ཀྱི་ཐོག་མཐའ་འགྲེ ཡིད་འོང་དུད་ཀ་རྡོ་རྗེ་དྲིལ་བུ་དང༌། །བདུག་སྤོས་འཐུལ་བའི་རིན་ཆེན་སྣོད་འཛིན་མ། དྷུ་པེ། ཀུན་སྣང་དམར་སེར༴ མར་མེས་གང་བའི༴ ཨཱ་ལོ་ཀེ གདུང་སེལ་ལྗང་ཁུ༴ དྲི་


TNT07_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བྱུག་པའི༴ གནྡྷེ། ཞལ་ཟས་སྣ་ཚོགས༴ བདུད་རྩིས་གང་བའི༴ ནཻ་ཝི་དྱ༴ ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །སྲིད་པའི་མཚོ་ལས་རྣམ་པར་རྒྱལ། །ཆོས་རྣམས་གཟུགས་བརྙན་ལྟ་བུར་ནི། །སེམས་ཅན་ཀུན་ལ་བསྟན་པར་བགྱི། །ཨོཾ་ཨཱཿབཛྲ་ཨཱ་དརྵེ་ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྒྲ་ཡི་རྗེས་སུ་འགྲོ་བ་ཡིས། །གང་གིས་འཇིག་རྟེན་ཐམས་ཅད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བགྱི། ཝཱི་ནི། གང་གི་སངས་རྒྱས་ཞིང་ཀུན་དང༌། །འཇིག་རྟེན་པ་ཡི་ཁམས་ཀུན་དུ། །བླ་མེད་བསམ་མི་ཁྱབ་པའི་དྲི། །རང་གི་ལུས་ལ་སྤྲོ་བར་བྱ། གནྡྷེ། གང་གིས་སངས་རྒྱས་བྱང་སེམས་དང༌། །སྲོག་ཆགས་གྱུར་པ་ཐམས་ཅད་ལ། །ལྷ་རྫས་དཔེ་མེད་རོ་ཡི་མཆོག །སྤྲུལ་ནས་སུ་ནི་སྦྱིན་པར་བྱ། །རྭ་ས། དེ་བཞིན་གཤེགས་པ་ཀུན་དང་ཡང༌། །བྱང་ཆུབ་སེམས་དཔའ་སོགས་ཀུན་ལ། །ཡང་དག་སྦྱོར་བ་རེག་བྱའི་བདེ། །ངེས་པར་སྦྱར་བ་བྱ་བ་ཡིན། སྤརྴེ། རྒྱལ་བ་རྣམས་ཀྱི་འདོད་འབྱུང་ལྷ་མོའི་ཚུལ། །གཟུགས་སྒྲ་དྲི་རོ་རེག་བྱའི་བདེ་སྟེར་མ། །མེ་ལོང་པི་ཝང་སྤོས་ཁང་བཟའ་བཏུང་སྣོད། །རས་ཕྲན་བཟང་དང་པདྨ་བྷཉྫ་ནཾ། །ཅང་ཏེའི་སྒྲ་སྒྲོགས་ཁ་ཊཱཾ་ལ་བརྟེན་མ། །དཀར་སྔོ་སེར་དང་དམར་དང་ལྗང་བའི་གཟུགས། །གཟུགས་མཛེས་དབྱངས་སྙན་དྲི་ལྡན་བཅུད་ལྡན་དང༌། །བདེ་ལྡན་ལང་ཚོས་དྲེགས་པའི་སྨིན་ལེགས་མ། །ནམ་མཁའ་གང་བས་དཀྱིལ་འཁོར་ལྷ་ཚོགས་མཆོད། པཉྩ་ཀཱ་མ་གུ་ཎ༴ འདོད་ཡོན་གྱི་ཚིགས་


TNT07_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བཅད། ཁ་དོག་དབྱིབས་ལེགས་སོགས་ཀྱང་བྱའོ། །དྲི་མེད་ཛམྦུ་ཆུ་བོའི་གསེར་བཟང་ལས། །བསོད་ནམས་བཟོ་བོས་མཆོག་ཏུ་རྣམ་འཕྲུལ་བ། །ལྷ་མིའི་མཛེས་པ་ཀུན་ལས་ཕུལ་བྱུང་ཞིང༌། །བལྟ་བས་མི་ངོམ་རྫུ་འཕྲུལ་ཤུགས་ཉིད་ལས། །རང་བྱུང་རྩིབས་སྟོང་ཏ་ལ་བདུན་སྲིད་དུ། །བྱུང་ཚེ་ཕྱོགས་ལས་རྒྱལ་བ་མཆོག་ཐོབ་པ། །འཁོར་ལོ་རིན་ཆེན་དམ་པ་འདི་འབུལ་བས། །རྒྱལ་བྱེད་དྲན་པའི་འཁོར་ལོ་ཐོབ་པར་ཤོག །ཨོཾ་སངྒུ་རུ་ཤྲཱི་ཙཀྲ་སམྦྷ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ནཱཾ་ཙཀྲ་རཏྣཱ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཆུ་ཞེང་ཕུན་ཚོགས་ཐལ་ཀར་ཟླ་འོད་ཅན། །མཆེ་བ་དྲུག་ལྡན་དུལ་བའི་སྤྱོད་པས་མཛེས། །སྔོན་ཆད་ལེགས་པར་བྱས་པའི་མཐུ་ཉིད་ལས། །རྫུ་འཕྲུལ་ཤུགས་ཀྱིས་མཁའ་ལ་རབ་འགྲོ་ཞིང༌། །མཁའ་ལྡིང་ས་སྲུངས་བུ་ལྟར་མགྱོགས་པ་ཡིས། །ས་ཆེན་རྒྱ་མཚོ་འཁོར་བཅས་ཀུན་ཏུ་བསྐོར། །གླང་པོ་རིན་ཆེན་ཕུལ་བས་མཚན་མ་རྣམས། །འཇོམས་བྱེད་ཤེས་རབ་གླང་པོ་ཐོབ་པར་ཤོག །ཧསྟི་རཏྣ། རབ་མཛེས་རྨ་བྱའི་མགྲིན་འདྲའི་སྤུ་སྡུག་ཅན། །ཡིད་བཞིན་ནོར་བུ་ལྟ་བུར་འདོད་པ་ཡི། །དོན་ཀུན་རྫོགས་པར་སྒྲུབ་བྱེད་ནམ་མཁའི་ལམ། །གུས་པར་སྤྱོད་པ་གསེར་གྱི་རྒྱལ་མཚན་ཅན། །ཅང་ཤེས་རླུང་ལས་རྒྱལ་བ་སྤྲིན་གྱི་ཤུགས། །ཡིད་ལྟར་མགྱོག་པའི་རྟ་མཆོག་འདི་ཕུལ་བས། །མ་ལུས་ཆོས་ལ་


TNT07_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཤེས་བགྲོད་པ་ཅན། །བརྩོན་འགྲུས་བཞོན་པ་མཆོག་གི་འགྲོ་བར་ཤོག །ཨ་ཤྭ་རཏྣ། ཀུན་ཏུ་སྔོ་བ་མཚུངས་མེད་བཻཌཱུརྱ། །ལེགས་པར་སྦྱངས་པའི་རིན་ཆེན་ཆ་བརྒྱད་པ། །བྱེད་པོ་མེད་ཅིང་ཕུན་ཚོགས་འོད་ཟེར་གྱིས། །མེ་དང་ཉི་མའི་འོད་ཀྱང་རྣམ་པར་གནོན། །དགའ་མགུར་འགྲོ་ཤིང་དགོས་པ་མཆོག་སྟེར་ལ། །འཁོར་ཀུན་ཁྱབ་པའི་འོད་ཟེར་དཔག་ཡས་ཅན། །བསམ་པ་རྫོགས་བྱེད་ནོར་བུ་འདི་འབུལ་བས། །ཆོས་ཀྱི་སྣང་བའི་དགའ་བས་ཚིམ་པར་ཤོག །མ་ཎི་རཏྣ། དགའ་ཚལ་ལྷ་ཡི་བུ་མོའི་གཟུགས་མཛེས་ཅན། །འདུལ་བའི་ཆོ་ག་ཕུན་ཚོགས་བསྟན་བཅོས་དང༌། །བཟོ་དང་སྙན་ངག་སྒྱུ་རྩལ་ཀུན་ཤེས་ཤིང༌། །འཛུམ་ཞིང་སྙན་པར་སྨྲ་མཁས་མཚུངས་པའི་གཟུགས། །རེག་པ་མཆོག་ལྡན་ལུས་སེམས་བདེ་བའི་རྒྱུ། །ཧ་ཅང་ཆེ་ཆུང་གཟུགས་མིན་དྲི་བཟང་སྟེར། །ཕུལ་བས་སྒྲིབ་པ་ཀུན་ལས་རྣམ་ཐར་བའི། །ཤིན་ཏུ་སྦྱངས་པའི་བདེ་བའི་འཚོ་བར་ཤོག།སྟྲཱི་རཏྣ། ལག་ན་རྡོ་རྗེ་སྲེད་མེད་བུ་ཡི་སྟོབས། །འཇམ་ཤིང་ཡིད་འོང་སྙན་པའི་ཚིག་ཀྱང་འབྱིན། །འཛངས་ཤིང་གསལ་ལ་ཡིད་གཞུང་ལྷ་མིག་ལྡན། ཁོར་ཡུག་གཏེར་གྱི་བདག་པོའི་དོན་ཀུན་བྱེད། །བྱམས་དང་སྙིང་རྗེ་མངའ་བ་དགེ་བའི་བདག །འདོད་དགུར་འཛུད་པའི་མི་མཆོག་འདི་ཕུལ་བས། །འཇིག་རྟེན་འཇིག་རྟེན་འདས་པའི་ཕུན་ཚོགས་དོན། །ཀུན་འབྱོར་ཏིང་འཛིན་མཆོག་ལ་དབང་ཐོབ་ཤོག །གྲྀ་ཧསྤ་ཏི་རཏྣ། དཔའ་ཞིང་བརྟུལ་ཕོད་ཡན་ལག་མཆོག་གི་གཟུགས། །


TNT07_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་དཔུང་འཇོམས་མི་མཐུན་མེད་བྱེད་པ། །སྔར་ལྡང་བསམ་པ་དགེ་ཞིང་ལྟ་བས་གོ །མ་སྨད་རྒྱས་ཤིང་རྫོགས་པའི་ལེགས་བྱས་ཅན། །འདོད་དགུར་འགྲོ་བའི་བློན་པོ་རིན་ཆེན་འདི། །ཕུལ་བས་ཇི་ལྟ་ཇི་སྙེད་ཆོས་རྣམས་ལ། །རྣམ་པར་མི་རྟོག་ཡེ་ཤེས་དམ་པ་ཡིས། །རྩོལ་མེད་གནས་པའི་བཏང་སྙོམས་ཐོབ་པར་ཤོག པུ་རུ་ཥ་རཏྣ། དེ་ཙམ་མི་ནུས་ན། ལྷ་རྫས་ལས་གྲུབ་སོགས་སམ། བདེ་བར་གཤེགས་པ་སོགས་བྱ། རལ་གྲི་ལྤགས་པ་སྐྱེད་ཚལ་ཁང་ཁྱིམ་དང༌། །གཟིམས་ཆ་གོས་དང་མཆིལ་ལྷམ་རིན་པོ་ཆེ། །བླ་མ་དཀྱིལ་འཁོར་ལྷ་ཚོགས་བཅས་ལ་འབུལ། །བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཁཊྒ ཏྭ་ཀ བ་ན གྲྀ་ཧ ཤ་སསྱ བསྟྲ མོ་ཙ ཨུ་པ རཏྣ་པདྨ་ཅན་དཀར་དཔལ་བེའུ་འཛིན། །འཇིགས་བྱེད་མ་དཀར་འཁོར་ལོ་བསྣམས། །འོད་ལྡན་སྔོན་མོ་པདྨ་ཐོགས། །རྣམ་རྒྱལ་མ་སྔོན་རྒྱལ་མཚན་ཅན། །མདངས་ལྡན་དམར་མོ་གདུགས་དཀར་འཛིན། །དཀར་ཤམ་དམར་སྐྱ་གཏེར་གྱི་བུམ། །དྲི་མེད་ལྗང་ཁུ་དུང་དཀར་བསྣམས། །ཡིད་གཞུང་ལྗང་ཁུ་གསེར་ཉ་ཐོགས། །བཀྲ་ཤིས་ལྷ་མོ་བརྒྱད་པོ་ཡིས། །རྩ་བརྒྱུད་བླ་མ་མཆོད་པར་བགྱི། །བདེ་ལེགས་ཕུན་ཚོགས་སྩལ་ནས་ཀྱང༌། །ཀུན་ཏུ་ཞི་ཞིང་དགེ་གྱུར་ཅིགའདིར་སྤྲོ་ན། དེང་ནས་བརྩམ་སྟེ་རྫོགས་སངས་རྒྱས། སོགས། སྒེགས་སོགས་བརྒྱད་དང༌། གདན་བཞི་ལས་འབྱུང་མཆོད་པ་ཉི་ཤུ་དང་སྒྱུ་མ་བདེ་མཆོག་གི་ལྷ་མོ་ཉི་ཤུའི་མཆོད་པ་བྱ་སྟེ་ཤིན་ཏུ་


TNT07_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ། །འདིར་ནི་རེ་ཞིག་བཞག་གོ། རང་གི་སྙིང་ག་ནས་ཨཱ་ལི་བཅུ་དྲུག་སྤྲོས། ལྷ་མོ་བཅུ་དྲུག་ཏུ་གྱུར། ཨོཾ་ཝཱི་ནི་བཛྲི་ཎཱི་ཧཱུཾ་ཨཿ རྡོ་རྗེ་ལྷ་མོ་པི་ཝཾ་མ། སོགས་སམ། མཐོན་མཐིང་ལང་ཚོས་དྲེགས་པའི་ཡིད་འཕྲོག་མ། སོགས་གང་རུང་བྱ། དེ་ཙམ་མི་ནུས་ན། བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་གསལ་བ། །པི་ཝཾ་གླིང་བུར་རྔ་ཟླུམ་རྫ་རྔ་ཅན། །རྒོད་དང་སྒེག་དང་གླུ་ལེན་བྲོ་གར་མཁན། །མེ་ཏོག་བདུག་པ་སྣང་གསལ་དྲི་མཆོག་མ། །གཟུགས་མ་རོ་མ་རེག་མ་ཆོས་འབྱུང་མ། །བཅུ་དྲུག་དགའ་བའི་ཆ་ཤས་ཡོངས་རྫོགས་མ། །རྡོ་རྗེ་རིག་མ་དགའ་བའི་རོལ་པ་འདིས། །ཧེ་རུ་ཀ་ཁྱོད་རྡོ་རྗེ་ཡིད་དགེས་མཛོད། ཨོཾ་ཝཱི་ནི་བཛྲི་ཎཱི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཝཾ་སེ་བཛྲི་ཎཱི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེ་བཞིན་དུ། མྲི་ཏཾ་གི མུ་ར་ཛེ ཧ་སེ ལཱ་སེ གཱི་ཏི ནིརྟི པུཥྤེ དྷུ་པེ དཱི་པེ གནྡྷེ ར་ས སྤརྴེ དྷརྨཱ་དྷཱ་ཏུ། འདི་དག་རྒྱས་པ་ལ་དགའ་ན་ཁོ་བོས་ཟུར་དུ་དགོད་པར་བྱའོ། །ཤིན་ཏུ་ཉུང་ངུས་ནི་ཚིགས་བཅད་མེད་ཀྱང་ཆོག་གོ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་གདུང་བ་ཚིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པ་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གི་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་


TNT07_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཆོད། །ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལས། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག ཨོཾ་ལས་བྱུང་བའི་གོས་ཟུང་ཆོས་ཀྱི་དབྱིངས་ཀྱི་རབ་འབྱམས་མཐའ་ཀླས་པར་གྱུར། སྣ་ཚོགས་དབང་པོའི་གཞུ། སོགས། མགོན་ཁྱོད་བཀྲེས་སྐྱེམས་མི་མངའ་ཡང༌། །འོ་ཐུག་བུར་ཁུ་བདུད་རྩིའི་ཆུ། །བཟའ་དང་བཅའ་བ་རྒྱ་ཆེན་པོ། ཁ་དོག་དྲི་དང་རོ་ལྡན་པ། །ཐམས་ཅད་སྦྱར་བའི་བཤོས་ཀྱི་མཆོག།ཀུན་བཟང་བདེ་ཆེན་བཞེས་སུ་གསོལ། ཨ་ཀཱ་རོ། སོགས། མཎྜལ་རྒྱས་པ་འབུལ་བ་དང་བསྡུས་པ་ལན་མང་དུ་བྱ། རི་མཆོག་གསེར་གྱི་རི་དང་རོལ་མཚོ་རྒྱ་ལྡན་ཁོར་ཡུག་བཅས། །གླིང་རྣམས་ལྷ་དང་མི་ཡི་འབྱོར་པ་ཀུན་གྱིས་རྣམ་པར་བརྒྱན། །གཟུགས་མཛེས་ཡན་ལག་མཆོག་ལྡན་ཟག་མེད་བདེ་སྟེར་ལྷ་མོས་སྤྲས། །སངས་རྒྱས་ཀུན་གྱི་རྣམ་དག་ཞིང་དུ་ཡོངས་སུ་བསྔོ་བར་བགྱི། ཇི་ལྟར་ལྟམས་པ་སོགས་ཀྱི་ཁྲུས་གསོལ། སྐུ་ཕྱིས་དང༌། དྲི་དང་ན་བཟའ་འབུལ་བ་ནི་སྤྱི་དང་འདྲའོ། ཁྲུས་ཀྱི་རྫིང་བུ་དམ་པ་དང༌། །རེག་ན་བདེ་བ་ལྷ་ཡིས་གོས། །མཁའ་ལྡིང་ཁྱུ་མཆོག་རྨ་བྱ་དང༌། །གླང་པོ་རྟ་སོགས་ཐེག་པའི་མཆོག །དགོས་འདོད་འབྱུང་བ་འདོད་འཇོའི་བ། །མ་རྨོས་འཁྲུངས་པའི་ལོ་ཐོག་དང༌། །དཔག་བསམ་ཤིང་དང་འབྲས་བུའི་ཚོགས། །བུམ་བཟང་ནམ་མཁའ་གང་བས་མཆོད། །བདག་གིས་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་ཀུན་ཡང་འབུལ། །གསེར་དངུལ་མུ་ཏིག་བཻཌཱུརྱ། །རིན་ཆེན་ཞིང་རྣམས་


TNT07_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་ནས་འབུལ། །དབང་སྔོན་རྡོ་རྗེ་པདྨ་དམར། །མརྐཏ་བྱུ་རུ་ཛམྦུའི་གསེར། །ཟླ་ཤེལ་རིན་ཆེན་བདུན་གྱི་རི། །ཞིང་གི་རྡུལ་སྙེད་དབུལ་བར་བགྱི། །ཨུཏྤལ་པདྨ་ཁ་དོག་ལྔ། །ཛཱ་ཏི་ཁ་དོག་རྣམ་པ་གསུམ། །མེ་ཏོག་ཀརྞི་ཀ་ར་དང༌། །མཱ་ལི་ཀ་དང་ཡུ་ཐིག་ཀ །མེ་ཏོག་ཀཱ་ར་བཱི་ར་ཡང༌། །བསམ་གཏན་སྟོབས་ཀྱིས་ཁྱེད་ལ་འབུལ། །མི་འཇིགས་སེང་གེ་རིན་ཆེན་ཁྲི། །པདྨ་ཉི་ཟླའི་གདན་མཆོག་དང༌། །རྣ་རྒྱན་དང་ནི་གདུབ་བུ་དང༌། །མགུལ་རྒྱན་སོར་གདུབ་དམ་པ་དང༌། །གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས། །དབུ་རྒྱན་དར་དཔྱངས་དོ་ཤལ་བཅས། །རྒྱལ་མཚན་དམར་དང་དེ་བཞིན་སེར། །དཀར་དང་ནག་དང་སེར་སྐྱ་དང༌། །དེ་བཞིན་གོས་ནི་སྣ་ཚོགས་དང༌། །མེ་ཏོག་ཕྲེང་བ་དུ་མ་དང༌། །བླ་བྲེ་དག་དང་དར་དཔྱངས་པའི། །མདའ་དང་ཡོལ་བས་ཤིན་ཏུ་མཛེས། །དེ་བཞིན་བཟའ་བྱ་བཏུང་བ་ཡིས། །རབ་མཉམ་བཞག་པས་མཆོད་པར་བྱ། །གསེར་ནི་བརྒྱ་སྟོང་དུ་མ་དང༌། །རིན་ཆེན་རྣམ་པ་སྣ་ཚོགས་དང༌། །རས་ནི་ཟུང་གྱུར་བརྒྱ་ཉིད་དང༌། །གླང་པོ་རྟ་དང་ཡུལ་འཁོར་དང༌། །ཆུང་མ་བཟང་དང་བུ་མོ་ཉིད། །བྲན་ཕོ་བྲན་མོ་སྲིང་མོ་དང༌། །བློ་ལྡན་ཀུན་ནས་དང་བ་ཡིས། །བདག་ཉིད་ཀྱང་ནི་དབུལ་བར་བགྱི། ཨོཾ་བཛྲ་ཨུ་པསྠ་ན་ནིརྱ་ཏྱ་མི། དེ་ནས་ནང་མཆོད་སྔར་བཞིན་བྱིན་བརླབ་བྱ། བླ་མ་དང་དཀྱིལ་གྱི་འཁོར་ལོ་རབ་འབྱམས་ཀྱི་ཆོས་བདུད་རྩི་བདེ་བ་ཆེན་པོས་མཉེས་པར་གྱུར་ཅིགཨོཾ་ཨཱཿཧཱུཾ། བདུད་རྩི་ལྔ་ཡི་བཟའ་བ་ནི། །དངོས་གྲུབ་ཀུན་གྱི་དེ་ཉིད་མཆོག །


TNT07_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་མ་ལྔ་ཡི་བཟའ་བ་ནི། །སངས་རྒྱས་ཀུན་གྱི་དམ་ཚིག་གཙོ། །ཉེས་བྲལ་ཞི་བའི་བཏུང་བ་མཆོག །སྦྲང་རྩི་བུ་རམ་འབྲུ་དང་ཤིང༌། །བཅོས་པའི་མྱོས་བྱེད་རྣམ་པ་ལྔ། །ཤེས་རབ་རང་བཞིན་དབུལ་བར་བགྱི། ཨོཾ་ཨཱཿཧཱུཾ། ཨོཾ་སརྦ་བཛྲ་གཱ་མི་ནི་སརྦ་བྷ་ཀྵཾ་ཤོདྷ་ཡ་གུཧྱ་བཛྲི་ཎཱི་ཧཱུཾ། རང་གི་སྙིང་ག་ནས་རིག་མའི་ཚོགས་སྤྲོས་ཏེ། བདེ་སྟོང་གིས་མཆོད་པར་གྱུར། ས་ཁམས་དག་པའི་དཔའ་མོ་ཆེ། །ལྟུང་བྱེད་རྡོ་རྗེ་སངས་རྒྱས་སྤྱན། །རྟག་པའི་སངས་རྒྱས་ཤེས་རབ་ཡུམ། །གཏི་མུག་དགའ་མས་དགེས་པར་མཛོད། ཨོཾ་ཨཱཿམོ་ཧ་ར་ཏི་ཧཱུཾ། ཆུ་ཁམས༴ གསོད་བྱེད། མཱ་མ་ཀཱི རྡོ་རྗེ་ཉི་མའི་ཞེ་སྡང་དགའ་མས། དྭེ་ཥ་ར་ཏི མེ་ཁམས༴ འགུགས་བྱེད་གོས་དཀར་མོ། པདྨ་གར་གྱི་འདོད་ཆགས་དགའ་མས། རཱ་ག་ར་ཏི། རླུང་ཁམས༴ གར་དབང་སྒྲོལ་མ་སྟེ། རྟ་ཡི་རྒྱལ་པོའི། རྡོ་རྗེ་དགའ་མས། བཛྲ་ར་ཏི། མཁའ་དབྱིངས་པད་ཅན་དབྱིངས་ཕྱུག་མ་ཁྲག་འཐུང་རྡོ་རྗེ། རྡོ་རྗེ་སེམས་མས༴ ཨོཾ་ཨཱཿསཏྭ་བཛྲི་ཎི་ཧཱུཾ། རིག་ལྔ་ལས་བྱུང་ཕྱག་རྒྱ་མཆོག །གར་མ་ཆོས་མ་རྡོ་རྗེ་མ། །གདོལ་མ་དེ་བཞིན་བྲམ་ཟེ་མོ། །ལྷན་སྐྱེས་གནས་སྐྱེས་རིགས་སྐྱེས་དང༌། །མཐར་སྐྱེས་མ་ཡིས་མཆོད་པར་བགྱི། །གཽ་རཱི་ལ་སོགས་ལྷ་མོ་བརྒྱད། ཁྭ་གདོང་མ་སོགས་མ་མོའི་ཚོགས། །གཟུགས་ཅན་མ་དང་ཙུམྦི་ཀ །ལཱ་མ་ཡོངས་གྱུར་བྱིས་བཅས་མོ། །


TNT07_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྡོག་ཨེ་ཧི་ཀ་ལྷ་མོ། །མཁའ་འགྲོ་མ་རྣམས་བདུན་གྱིས་མཆོད། །རྡོ་རྗེ་པདྨ་བྱིན་བརླབ་ནས། །སྙོམས་འཇུག་འཕོ་མེད་བདེ་ཆེན་ཐོབ། །རང་བཞིན་སྣང་བ་ཡོངས་དག་པ། །ཞུ་བདེས་ཁམས་གསུམ་ཀུན་ཁྱབ་པ། །གསང་བའི་མཆོད་པས་མཉེས་པར་བགྱི། ཨོཾ་ཧྲིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ལན་བདུན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སཱབྷ་ཝཱཏྨ་ཀོ྅ཧཾ། ཡང་དག་དགའ་བའི་མེ་ཏོག་གིས། །རྡོ་རྗེ་ཉི་མ་པདྨར་ཕྱུང༌། །མེ་ཏོག་བདག་ཉིད་ལ་མཆོད་པ། །རྡོ་རྗེ་གསུམ་གྱི་བདག་ཉིད་མཆོག །རྣམ་རྟོག་ཚོགས་ཀྱི་ཡུལ་མིན་ཞིང༌། །ལྟེ་བར་གཏུམ་མོ་འབར་བ་ཡིས། །ངེས་པར་སྲེགས་པ་དེ་ཡི་སྤོས། །ཐུགས་ཀྱི་རྡོ་རྗེ་ལ་ནི་དབུལ། །ཡི་གེ་ཧཱུཾ་ལས་ཡང་དག་བྱུང༌། །སྔགས་ཀྱི་འོད་ཟེར་ཤིན་ཏུ་གསལ། །མར་མེ་འབར་བའི་ཡང་དག་འོད། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །བདེ་ཆེན་པོའི་ནམ་མཁར་གནས། །བྱང་ཆུབ་སེམས་ནི་སད་པ་དང༌། །དེ་ཉིད་ཀྱིས་ཀྱང་བྱུགས་པ་ནི། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །འདིར་ནི་གང་དག་གང་ལོངས་སྤྱོད། །དབང་པོ་ཐམས་ཅད་ཡང་དག་བསྟེན། །དེ་དག་ཐམས་ཅད་ཐུགས་རྡོ་རྗེ། །བཟའ་བའི་མཆོད་པས་མཆོད་པར་བྱ། །འགོག་པའི་རྡོ་རྗེར་ཞུགས་པའི་སེམས། །རང་ཉམས་དཔྱིད་ཀྱི་དཔའ་བོ་གླུ། །གཞོམ་མེད་ན་དའི་སྒྲ་དབྱངས་ཀྱིས། །ཐུགས་ཀྱི་རྡོ་རྗེ་མཆོད་པར་བགྱི། །སྔགས་ནི་སྤྱི་དང་འདྲའོ། །བསྟོད་པ་ནི་སྤྲོ་ཞིང་ལོང་ཡོད་ན། རྒྱུན་ཆགས་དང༌། སྒྱུ་འཕྲུལ་སྦྱིན་པ་ལ་སོགས་པ་བྱ།


TNT07_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཙམ་མི་ཤེས་ན། བསྐལ་པའི་མེ་འབར་སོགས་སམ། རྒྱལ་བ་སྤྲུལ་པ་སོགས་དང༌། མཚན་བརྒྱ་བྱ། དེ་ཡང་མི་ནུས་ན། རྐང་བརྒྱད། རྐང་བརྒྱད་གཉིས་དང་རོལ་མོ་དཀྲོལ་བའམ་ཡང་ན་དྲིལ་བུ་ཙམ་དཀྲོལ། མཆན། གང་གི་དྲིན་གྱིས་སོགས་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་དང༌། སོགས་བྱ། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱི་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཁྲག་འཐུང་བླ་མར་ཕྱག་འཚལ་ལོ། །བདག་མེད་དབང་ཕྱུག་སྐུ་དང་དབྱེར་མེད་ཅིང༌། །བདེ་ཆེན་འོད་གསལ་དག་པའི་དཀྱིལ་འཁོར་ནས། །རྒྱལ་བ་སྲས་བཅས་ལ་སོགས་སྤྲིན་སྤྲོ་བ། །རྡོ་རྗེ་ཕག་མོའི་སྐུ་ལ༴ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འཁོར་འདས་སྟོང་པར་མཛད་པའི་ཐུགས་རྗེ་ཅན། །གདུལ་བྱ་ཀུན་མཁྱེན་ས་ལ་འགོད་མཛད་པའི། །རིགས་ལྔ་བདེ་བར་གཤེགས་ལ༴ །ནམ་མཁའ་ལྟ་བུར་ཐམས་ཅད་ཐོགས་མེད་ཅིང༌། །འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་ཤུགས་དང་ལྡན། །ཐུགས་དམ་དབང་གིས་སྒྲུབ་ལ་རྩེར་དགོངས་པའི། །གནས་གསུམ་མཁའ་འགྲོའི་ཚོགས་ལ༴ །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ་བརྙེས་ཏེ། །སྲིད་པའི་འཁོར་ལོ་མ་ལུས་བཅད་པའི་ཕྱིར། །ཐབས་མཁས་ཐུགས་རྗེས་འགྲོ་བ་འདྲེན་མཛད་པའི། །རྒྱལ་གཉིས་རྡོ་རྗེའི་ཞབས་ཀྱི་པདྨོར་འདུད། །དེ་ནས་བླ་མ་སྤྱི་དང་སྒོས་ཀྱི་བསྟོད་པ་རྣམས་འདི་ལ་དྲིལ་བུ་སོགས་


TNT07_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད། ཅི་རིགས་པར་བྱའོ། །དེ་ནས་ཡན་ལག་བདུན་པ་ནི་ཤེས་ན་བྷུ་བ་རི་པའི་རྒྱུན་བཤགས་བྱ། དེ་མི་ཤེས་ན་དཱ་རི་ཀའི་རྒྱུན་བཤགས་སམ། ཡང་ན་འདི་ལྟར། ཨོཾ་ཨཱཿདཔལ་ལྡན་རྡོ་རྗེ་བླ་མ་དམ་པའི་ཞབས་ཀྱི་པད་མོ་ཡང་དག་པའི་ཡེ་ཤེས་གསལ་བར་བྱེད་པ་དེ་ལ་ཕྱག་འཚལ་ལོ། །ཧཱུཾ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་སངས་རྒྱས་ལ་ཕྱག་འཚལ། །སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་རྗེ་ལ་ཕྱག་འཚལ་ལོ། །ཕྱག་འོས་སངས་རྒྱས་ཐམས་ཅད་དང༌། །རྒྱལ་བས་གསུང་བའི་ཆོས་རྣམས་དང༌། །ཚུལ་ཁྲིམས་བཟང་ལྡན་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །བྱས་དང་བྱེད་དུ་བཅུག་དང་ཡིད་རངས་པའི། །སྡིག་པ་མ་ལུས་སྐྱོན་ཀུན་འཇིག་བྱེད་པའི། །སྤྱན་སྔར་སོ་སོར་བཤགས་ཤིང་སླར་ཡང་ནི། །མི་བྱེད་པ་ཡི་སྡོམ་པ་བླང་བར་བགྱི། །ཉན་ཐོས་རང་རྒྱལ་བླ་མེད་རྒྱལ་བ་དང༌། །རྒྱལ་བའི་སྲས་ཀྱི་དགེ་བ་གང་མཛད་པ། །དེ་དག་ཀུན་ལ་ཡང་དག་ཡིད་རངས་ཤིང༌། །བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱི། །རྒྱལ་བ་དཀོན་མཆོག་ལ་སོགས་གསུམ་པོ་ལ། །དངོས་པོ་ཀུན་གྱི་བདག་ནི་སྐྱབས་སུ་མཆི། །བྱང་ཆུབ་མཆོག་ཏུ་སེམས་སྐྱེད་དེ་བཞིན་དུ། །བླ་ན་མེད་པའི་ལམ་ལ་བརྟེན་པར་བགྱི། །བདག་གི་དུས་གསུམ་དགེ་བ་ཅི་སྤྱད་པས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་རྡོ་རྗེ་ཐེག་པའི་སྣོད་གྱུར་ཏེ། །ཀུན་ཀྱང་རྡོ་རྗེ་འཛིན་པ་མྱུར་ཐོབ་ཤོག །བསྡུ་ན་


TNT07_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཙམ་བྱ། སྤྲོ་ན། སྐྱེ་ཞིང་སྐྱེ་བ་སོགས་ཀྱང་གདོན་ནོ། །དེ་ནས། སྲས་བཅས་སངས་རྒྱས་སོགས་དང༌། སྤྲོ་ན། སངས་རྒྱས་ཆོས་དང་དགེ་འདུན་ལ་སོགས་དང༌། ནངས་པར་སྔར་ལངས་སེམས་དག་ཉིད། སོགས་ཀྱང་བྱ། བསྡུ་ན་རིགས་ལྔའི་སྡོམ་པར་མ་འདུས་པ་མེད་དོ། །བསངས་སྦྱངས། ལག་པ་གཡོན་པའི་མཐེ་བོང་དང་ལག་མཐིལ་གྱི་སྣ་ཚོགས་པདྨའི་འདབ་མ་གཉིས་པར་ཟླ་བ། སོར་མོ་དང་སེན་མོ་རྣམས་དང་འདབ་མ་གཞན་དང་ལྟེ་བར་ཉི་མ། ཨོཾ་ཨཱཿཧཱུཾ། བཅུ་གཉིས། ཨོཾ་ཧ་ན་མ་ཧི་སོགས་དང༌། ཨོཾ་བཾ་ཧཾ་ཡོཾ་སོགས། རྡོ་རྗེ་སེམས་དཔའ་རྣམ་སྣང་མཛད། །པདྨ་གར་དབང་ཧེ་རུ་ཀ །རྡོ་རྗེ་ཉི་མ་རྟ་མཆོག་དང༌། །རྡོ་རྗེ་ཕག་མོ་ཤིན་རྗེ་མ། །རྨོངས་བྱེད་སྦྱོང་བྱེད་སྐྲག་བྱེད་མ། །ཙཎྜི་ཀ་ཡི་ངོ་བོར་གནས། ཕཻཾ། མདུན་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་ལས་ལྷ་ཚོགས་གཉིས་པ་རྣམས་ལག་པའི་མཁྲིག་མར་བྱོན་སྟེ་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར། ཧཱུཾ་བཾ་མཾ་ཏཾ་པཾ་ལཾ་པུཾ་ཛཾ་ཨོཾ་ཨཾ་གོཾ་རཾ་དེཾ་མཾ་ཀཾ་ཨོཾ་ཏྲིཾ་ཀོཾ་ཀཾ་ལཾ་ཀཾ་ཧིཾ། པྲེཾ་གྲེཾ་སཽོཾ་སུཾ་ནཾ་སཾ་མཾ་ཀུཾ་ཧཱུཾ། བརྒྱད་བརྗོད། ལག་པའི་སའི་ཁམས་ལ་ནི་ལྟུང་བྱེད་མའོ། །སོགས་དྲ་བ་ཅན་ནོ། །དེ་ནས། ཨོཾ་ཧ་སོགས་དང་ཧཱུཾ་བཾ་སོགས་ཀྱི་མཐར། ཨོཾ་ཨཱཿཧཱུཾ་ཞེས་དང་པོར་ནང་མཆོད། དེ་ནས་ཁུ་བའི་རྫས་གཞན། དེ་ནས་གོང་བུའི་རྫས། མཐར་མེ་ཏོག་འབུལ་ཏེ། ཨོཾ་བཾ། སོགས་དང༌། ཧཱུཾ་བཾ། སོགས་ཀྱི་མཐར། ཨོཾ་བཛྲ་པུཥྤེ་ཏཱིཙྪ་སྭཱཧཱ། ཞེས་སོ། །ཨརྒྷཾ་སོགས་དང༌། ཝཱི་ནི་བཛྲི་སོགས་དང༌། རྐང་བརྒྱད་ཀྱིས་བསྟོད། ཡི་གེ་བརྒྱ་པ་བརྗོད། མ་འབྱོར་


TNT07_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་སོགས། ཨོཾ་ཡོ་ག་ཤུདྡྷ་སོགས། ཨོཾ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ། དེ་ནས་མདུན་བསྐྱེད་བླ་མ་ཧེ་རུ་ཀ་ལ་མེ་ཏོག་དབུལ་ཏེ། ཨོཾ་མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འདུད། ཛཿཧཱུཾ་བཾ་ཧོཿརབ་ཏུ་གྲུབ་པར་མཛོད། །མགོན་པོ་སྙིམ་པའི་མེ་ཏོག་བཞེས་ཤིག་ཧོ། ཨོཾ་ཤྲི་བཛྲ་ཧཻ་ཧེ་སོགས་ལ། སྔགས་རེ་རེའི་མཐར། ཨོཾ་ཨཱཿཧཱུཾ། པུཥྤཾ་པྲ་ཏིཙྪ་ན་མཿ ཞེས་པ་བཏགས་སོ། །དྲུག་པ་ནི། བསངས་སྦྱངས། སྟོང་པའི་ངང་ལས། ཡཾ་ལས་རླུང་ནས། བདུད་རྩི་ལྔའི་བར་གོང་བཞིན། རླུང་གཡོས་མེ་སྦར། རྫས་རྣམས་ཞུ་ཞིང་ཁོལ། ཉི་མ་འཆར་ཀའི་ཁ་དོག་ལྟར་གྱུར་པའི་རླངས་པ་ལས་གྲུབ་པ་ཧཱུཾ་ལས་ཁ་ཊྭཱཾ་ག་ཧཱུཾ་གིས་མཚན་པ་མགོ་བོ་ཐུར་དུ་བལྟ་བ་བདུད་རྩིའི་རང་བཞིན་ལ་བདུད་རྩི་བབས། དེ་ཉིད་ཞུ་སྟེ་འདྲེས། དེའི་སྟེང་གི་ནམ་མཁའ་ལ། ཨོཾ་ཨ་ཨཱ་ནས། ཀྵ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་ཡོངས་སུ་གྱུར་པས། ཨོཾ་དཀར་པོ། ཨཱ་དམར་པོ། ཧཱུཾ་སྔོན་པོ། དེའི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་ཡི་གེ་འབྲུ་གསུམ་ལ་ཐིམ། དེ་རྣམས་བདུད་རྩིར་ཞུ་སྟེ་གཏོར་མ་ལ་ཐིམ་པས་ཁ་དོག་དང་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲིཿ ཕཻཾ། ཨོཾ་བཛྲ་ཨཱ་རལླི་ཧོ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟཾ་དྲི་ཤྱ་ཧོ། ལན་ལྔ། ཨརྒྷཾ་སོགས་དང་རྐང་བརྒྱད་ཀྱིས་བསྟོད། སྲིད་དང་ཞི་བ་མཉམ་པ་ཆགས་དང་ཀུན་རྟོག་ཆགས་པ་བཅོམ། ཁྱོད་ཀྱི་དངོས་པོ་མཐའ་དག་ནམ་མཁའ་དང་ནི་འདྲ་བར་གཟིགས། །མགོན་པོ་ཤིན་ཏུ་ལྕི་བའི་ཐུགས་རྗེའི་ཆུས་རླན་སེམས་ལ་ནི། །


TNT07_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཅིག་མཛོད་ཅིག་ལྷ་མོ་བདག་ལ་དགེས་པར་མཛོད། ཨོཾ་ཁ་ཁ སོགས་དང༌། ཨོཾ་ཌཱ་ཀི་ནཱི་ཨརྒྷཾ སོགས། གནས་གསུམ་གྱི་རྡོ་རྗེ་མཁའ་འགྲོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། སོགས་སམ། ཨོཾ་འཇིག་རྟེན་ཀུན་གཙོ་མངའ་མཛད་པའི། །འཇིགས་བྱེད་དྲག་པོ་སྟོབས་ལྡན་པ། །བདེ་གཤེགས་སྲས་སོགས་བྲན་མཛད་པའི། །བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན། །དབང་ཕྱུག་ཆེན་པོ་ཆུང་མར་བཅས། །དེ་བཞིན་ཁྱབ་འཇུག་ཚངས་པ་དང༌། །བརྒྱ་བྱིན་འདོད་དགའ་ཆུང་མར་བཅས།།ལྷ་ཆེན་འཁོར་བཅས་ཚོགས་རྣམས་དང༌། །ཕྱོགས་སྐྱོང་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །མཁའ་འགྲོ་དྲག་མོ་བསུས་འཛིན་མ། །དུར་ཁྲོད་མ་མོའི་ཚོགས་དང་བཅས། །གཞན་ཡང་ལྷ་སྲིན་སྡེ་བརྒྱད་དང༌། །འགྲོ་བ་དྲུག་པོ་འཁོར་བཅས་རྣམས། །ལུས་ངག་ཡིད་གསུམ་སྦྱངས་བྱས་ནས། །རང་གི་ལྷ་ཡི་གཟུགས་འཛིན་རྣམས། །གནས་འདིར་འདུས་པའི་དམ་ཚིག་ཅན། །མཆོད་གཏོར་རྒྱན་དང་བཅས་པ་བཞེས། །དམ་ཚིག་སྲུངས་ཤིག་དམ་ཚིག་ཅན། །ལས་ལ་བརྩོན་པའི་མཁའ་འགྲོ་རྣམས། །རྣལ་འབྱོར་སྒྲུབ་པའི་གྲོགས་མཛོད་ཅིག།ལས་མཛད་རྡོ་རྗེ་བྲན་བཅས་པས། །ཞི་རྒྱས་དབང་དྲག་ལས་སྒྲུབ་ཅིང༌། །ཐེག་ཆེན་གསང་སྔགས་བསྲུང་བ་དང༌། །ནད་དང་གདོན་སོགས་ཞི་བ་དང༌། །ཚེ་དབང་བཀྲ་ཤིས་


TNT07_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བ་དང༌། །དགེ་ལེགས་འབྲས་བུ་གྲུབ་པར་མཛོད། འདིར་ནི་ལག་མཆོད་གཏོར་ཆོག་ཤིན་ཏུ་བསྡུས་པ་སྟེ། རྒྱས་འབྲིང་གཞན་དུ་བཙལ་བར་བྱའོ། །སྒོས་ཀྱི་ཆོས་སྐྱོང་ལ་གཏོར་མ་གཏོང་ནའང༌། འདིར་གཏོང་བཟླས་པའང་སྐབས་འདིར་བྱ་སྟེ། ཐུན་མོངས་མ་ཡིན་པའི་གནད་ཞལ་ལས་ཤེས་སོ། །བདུན་པ་ནི། ཆོས་འདི་ཉིད་ཀྱི་རྩ་བརྒྱུད་ཀྱི་བླ་མའི་བསྟོད་པ་དང༌། གསོལ་འདེབས་རྣམས་བྱ། སྔར་བཞིན་དཔྱིད་ཀྱི་རྒྱལ་པོའི་གླུས་གསོལ་བ་བཏབ། མཎྜལ་ཕུལ་ཏེ། དཔལ་ལྡན་བླ་མ་དམ་པ་ལ་དབང་བསྐུར་བ་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ།། སོགས་བྱ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སོགས་གསུམ། དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར། ལན་གསུམ། རྡོ་རྗེ་འདི་ཉིད་རྡོ་རྗེ་སེམས་དཔའ་ཞེས་པ་དང༌། ཧི་ཧི་ཧི་ཧཱུཾ་ཕཊ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམ་ཚུལ་བདག་པོའི་བདག །ཨོཾ་བཛྲ་གྷནྡྷེ་ར་ཎི་ནས། ཨ་ཁཾ་སྭཱཧཱ། སྲིད་པ་ངོ་བོ་ཉིད་ཀྱི་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ཆོག །སྲིད་པ་དམ་པ་བྱེད་པར་འགྱུར། །ཡིད་ཀྱི་ལུས་སུ་བརྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་སྒྲགས། །དབང་བསྐུར་


TNT07_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟཾ་ཨཱ་ཧཾ། དབང་བསྐུར་ཏེ་སྤྱི་བོར་མི་བསྐྱོད་པས་དབུ་བརྒྱན། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཤིག་རྡོ་རྗེ་བྱིན་གྱིས་རློབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཏུ་གྱུར་པ་ལྷན་ཅིག་སྐྱེས་པ་བརྟན་པའི་མཐར་བདག་གི་ལྕེ་ཐོག་ཏུ་བཞགའདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་རིང་བུ་ཁྱོད་དབང་བསྐུར་རོ། ཨོཾ་ཨཱཿཧཱུཾ། ཡེ་ཤེས་ལས་སྤྲུལ་པའི་རིག་མའི་ལྷ་མོ་བདག་ལ་གནང༌། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། ཨོཾ་ཤཱི་ཤཱི་ཤཱིཏ་ཧ་ཧ་ཧ་སྭཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅ཧཾ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། རྡོ་རྗེ་སྙིང་པོ་ནམ་མཁའ་མཚུངས། །རྡུལ་བྲལ་ཐར་སྦྱིན་ཞི་བ་ཉིད། ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །འདི་ནི་རང་ཉིད་མཛེས་མ་སྟེ། །ཕྱི་རོལ་ཡུལ་ནི་སྡངས་པའོ། །རིག་འདི་བོར་ནས་འདི་ལས་ནི། །


TNT07_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པའི་ཐབས་ཀྱི་སངས་རྒྱས་མེད། །རིག་པའི་བརྟུལ་ཞུགས་སྤྱོད་ཅིག་བུ། །བརྟུལ་ཞུགས་ཀུན་གྱི་བླ་མའི་བླ། །དེར་ཅུང་ཟད་མཉམ་པར་བཞགདེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་འདྲར་སེམས་ཅན་ཐམས་ཅད་ཀྱི། །དོན་ནི་བདག་ཉིད་ཀུན་གྱིས་ཀྱཻ། །གཙོ་བོས་ཇི་ལྟར་བཀའ་སྩལ་བ། །དེ་དག་ཐམས་ཅད་བདག་གིས་བགྱི། ལན་གསུམ། དེང་ནས་བརྩམས་ཏེ་བདག་བྲན་དུ། སོགས་བྱ། གལ་ཏེ་ཚོགས་ཀྱི་བྱ་བ་དང་འབྲེལ་ན། སྐབས་འདིར་ཚོགས་མཆོད་བཞིན་བྱ་སྟེ། ལྷག་གཏོར་རྫོགས་ཀྱི་བར་དུ་བཏང་ངོ༌། །གསུམ་པ་རྗེས་ལ། སྔར་བཞིན་མཆོད་པ་བྱིན་རླབས་དང༌། སྔར་ཡེ་ཤེས་པའི་མཆོད་པ་བཞིན་མཆོད་པ་བྱ། རྐང་བརྒྱད་ཀྱིས་བསྟོད། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཧེ་རུ་ཀའི་ཡིག་བརྒྱ་མང་དུ་བརྗོད། བདག་ནི་མི་ཤེས་ནས། བདག་སྐྱབས་མཆི། མ་འབྱོར་པ་དང༴ ལྷག་མ་དང་ནི་སོགས། ཚུལ་ཁྲིམས་ཙནྡན་གྱིས་ལུས་བྱུགས། །བསམ་གཏན་གྱི་ནི་གོས་དག་གྱོན། །བྱང་ཆུབ་ཡན་ལག་མེ་ཏོག་བཀྲམ། །ཇི་ལྟར་བདེ་བར་བཞུགས་སུ་གསོལ། །སོ་སོའི་སྐྱེ་བོར་གྱུར་གང་དང༌། །རྣལ་འབྱོར་མ་ཐོབ་དབང་གིས་དང༌། །ཉེ་བར་མཁོ་བ་མ་ཡིན་དང༌། །བརྗེད་ངད་ཤེས་བཞིན་མ་ཡིན་པས། །ཅུང་ཟད་ཆོ་ག་ཉེར་མ་ཚང༌། །དེ་དག་བཀྲུ་ཞིང་བཟོད་མཛད་རིགས། །ཆོ་གའི་བྱ་བ་མ་ཚང་བ། །རྫོགས་སངས་རྒྱས་དང་


TNT07_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་དང༌། །དེ་སྲས་རྣམས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་རྣམས་བཟོད་མཛད་རིགས། །གནས་དང་ཉེ་བའི་གནས་དང་ཞིང༌། །འདུ་དང་དུར་ཁྲོད་གནས་པ་ཡི། །དཔའ་བོ་དཔའ་མོའི་དབང་ཕྱུག་མ། །ཀུན་ལ་བདག་ནི་གུས་ཕྱག་འཚལ། ལྷ་མོ་ཚད་མ་སོགས། སྲིད་དང་ཞི་བ་མཉམ་པ༴ སོགས་རྣམ་ལྔ་འདོད་སྐོར་དང་འཁྱུད་རྒྱ་བྱ། ཡོ་ག་ཤུདྡྷ་སོགས། གཙྪ་གཙྪ་སྭ་བྷཱ་ཝ་ནཾ། བཛྲ་མུཿ དཀྱིལ་འཁོར་ལ་རེགགཏོར་མགྲོན་རྣམས་གཤེགས། དཔལ་ལྡན་བླ་མ་དམ་པས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་རང་གི་སྤྱི་བོར་བྱོན་འོད་དུ་ཞུ། དཔྲལ་བ་ཡན་ཆད་གང༌། བུམ་དབང་ཐོབ། མགྲིན་པ་ཡན་ཆད་གང༌། གསང་དབང་ཐོབ། སྙིང་ག་ཡན་ཆད་གང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང༌། དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མའི་བག་ཆགས་ཐམས་ཅད་སྦྱངས། བླ་མའི་སྐུ་གསུང་ཐུགས་དང༌། རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་མཉམ་པ་ཉིད་ལ་འཇོག རང་ཧེ་རུ་ཀར་གསལ་བའི་གནས་རྣམས་སུ། ཨོཾ་ཨོཾ་ཧ་སོགས། ཡུམ་གྱི་གནས་རྣམས་སུ། ཨོཾ་ཨོཾ་བཾ་སོགས། སུམྦྷ་ཚར་གཉིས་ཀྱིས་མཚམས་རྔམ་བྱ། བདག་དང་སྣང་བའི་དངོས་པོ་ཐམས་ཅད་འཁོར་ལོ་སྡོམ་པའི་སྐུའི་རང་བཞིན། ཨོཾ་ན་མོ་བྷ་ག་ཝ་ཏེ། སོགས། བརྗོད་པ་དང་གྲགས་པའི་སྒྲ་ཐམས་ཅད་གསུང་གི་རང་བཞིན། དྲན་རིག་དྲན་རྟོག་


TNT07_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཐུགས་བདེ་བ་ཆེན་པོའི་ཆོ་འཕྲུལ་དུ་རྣམ་པར་དག་གོ །བདག་གིས་དུས་གསུམ་དགེ་བ༴ སོགས། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ་ནས། འཁོར་ལོ་སྡོམ་པའི་དམ་ཚིག་ལ་གནས་ཤོག རྡོ་རྗེ་དྲིལ་བུ་ལ་སོགས་རྟག་ཏུ་འཆང་ནས། མཁའ་ལ་སྤྱོད་པའི་གནས་སུ་འཁྲིད་པར་ཤོག ཤེས་ཤིང་སྤྲོ་ན། འཁོར་ལོ་མ་ལུས་འདྲེན་པའི་དཔལ་དུ་ཤོག །གི་བར་ཡང་བྱ། གལ་ཏེ་ཚོགས་འཁོར་དང་འབྲེལ་བ་དང༌། ཡོན་བདག་ཡོད་ན། མཁའ་འགྲོ་མ་རྣམས་འདུས་ལ་གུས་པས་མཆོད་པ་དང༌། དཔའ་བོ་རྣམས་ལ་བཟའ་དང་བཏུང་བ་ཁྱོད་ཀྱིས་དྲངས། ཁྱོད་ལ་རྟག་ཏུ་བསྲུང་བ་མཆོག་གི་སྦྱོར་བ་དང༌། ཡང་ན། ཡིད་ལ་འདོད་པ་ཕུན་སུམ་ཚོགས་པར་ཤོག ཅེས་པའང་བྱའོ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་ནད་མེད་ཅིང༌། གང་གི་ལམ་ནས་གྲོལ་བ་ཡི། །སངས་རྒྱས་ཉིད་དུ་གྲུབ་གྱུར་ཅིག །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །རྣལ་འབྱོར་གཙུག་ལག་བསྟན་བཅོས་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །སྲིད་པ་གསུམ་འབར་སྐུ་སོགས་དང༌། །བདེ་བ་ཕུན་ཚོགས་ཡང་དག་ལྡན། །ནད་མེད་དགེ་བའི་སེམས་དང་ནི། །འདོད་དང་ཐར་སོགས་ཡང་དག་ཐོབ། །ཕུན་སུམ་ཚོགས་པ་འགྲུབ་གྱུར་ཅིག དེ་ནས། དཔའ་བོ་གཉིས་མེད་མཆོད་པས་སྐྱེ་བ་འདི་ལ་ནི། །སྒྲིབ་པ་ཟད་དང་ཕྱག་རྒྱའི་དངོས་གྲུབ་འགྱུར་བར་ཤོག །སྐྱེ་བ་ཀུན་ཏུ་མཆོག་ཏུ་བདེ་བར་གཤེགས་པ་ཡི། །གྲུབ་པའི་འཇིག་རྟེན་དབུས་སུ་


TNT07_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཉིད་གྱུར་ཅིག །ཞིང་དང་ཉེ་བའི་ཞིང་སོགས་བཅུ་གཉིས་སུ། །དམ་ཚིག་བརྡ་དང་བདེ་སྤྱོད་རོལ་བ་ཡིས། །བུ་བཞིན་དགོངས་པས་བདག་སྒྲིབ་དག་གྱུར་ཏེ། །བདེ་བ་མཆོག་གི་ས་ལ་འགོད་པར་ཤོག །བླ་མའི་ཞབས་ལ་རྟག་ཏུ་འདུད་བྱེད་ཅིང༌། །རྡོ་རྗེ་དབང་མོའི་ཞབས་དྲན་གྱུར་ནས་ཀྱང༌། །བཙུན་མོའི་ཤུ་ཀྲའི་ཚོགས་ལ་རྟག་སྤྱོད་ཅིང༌། །གསང་བའི་པདྨོར་རོལ་ཞིང་མཆོད་བྱེད་ཤོག །དཔལ་ལྡན་དཔའ་བོ་དཔའ་མོ་ཉི་ཤུ་བཞིའི། །ཞལ་མཐོང་དེ་ཡི་ངོ་བོར་བདག་གྱུར་ཏེ། །འགྲོ་བ་བདེ་བ་དམ་པས་འཕོངས་རྣམས་ཀྱི། །ཉེར་འཚོ་རིན་ཆེན་ལྟ་བུར་བདག་གྱུར་ཅིག །རྣམ་པ་མང་པོའི་བསོད་ནམས་འདི་དག་ཀྱང༌། །བདག་གཞན་དགེ་བ་མཆོག་ནི་བསྐྱེད་པའི་གཞི། །དེ་ཉིད་གསལ་བྱེད་རྨོངས་པ་རབ་འཇོམས་པ། །འགྲོ་ལ་མི་འཇིགས་སྟེར་བའི་མངའ་བདག་ཤོག །རྣམ་པར་རྟོག་པ་ཀུན་ལས་འདས་པ་ཡི། །བདེ་ཆེན་འཁོར་ལོ་ཟག་པ་མེད་པའི་དབྱིངས། །ཨཱ་ལི་ཀཱ་ལི་རྟོག་མེད་སྙོམས་འཇུག་མར། །བསགས་པའི་དགེ་རྣམས་ཡོངས་སུ་བསྔོ་བར་བགྱི། །བདག་གི་བསོད་ནམས་འདི་ཡིས་ཡང་ཡང་སྐྱེ་བའི་རིམ་པ་རྣམས་སུ་ཡང༌། །ཡུན་རིང་འགྲོ་བའི་དོན་བསྒྲུབ་དོན་ལ་འཇིགས་པ་མེད་པར་དགའ་བ་དང༌། །གཙོ་བོ་སྐུ་ཡི་འོད་ཟེར་ནམ་མཁའ་ཁྱབ་པར་འགྲོ་བས་དབང་བསྐུར་བ། །སྲིད་གསུམ་རྡོ་རྗེ་རོལ་པར་ལྷན་ཅིག་དེ་ཡི་གོ་འཕང་ཐོབ་པར་ཤོག །རྣམ་རྟོག་གཏི་མུག་གྲོང་ཁྱེར་


TNT07_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་བསལ་ནས་ཧེ་རུ་ཀ་གཙོ་མཁའ་འགྲོ་མའི། །འཁོར་ལོས་ཡོངས་བསྐོར་རྒྱལ་བ་བླ་མེད་ཡེ་ཤེས་འབྱུང་གནས་ཐར་པ་དམ་པའི་གྲོང༌། །སྦྱིན་པ་ལ་སོགས་རྣམས་ཀྱིས་འགྲོ་བའི་ཡིད་ལ་རེ་བ་ཡང་དག་རྫོགས་པའི་མཆོག །འདིར་ནི་ཤིན་ཏུ་བརྩེ་བ་ཆེ་ལྡན་འཕགས་པའི་དཔལ་འབྱོར་རྟག་པར་མྱོང་བར་ཤོག །དེ་ནས་བཀྲ་ཤིས་ནི་བླ་མའི་རིམ་པ་རྣམས་ཀྱང་སྤྲོ་ན་བྱ་བ་དང༌། དཀྱིལ་འཁོར་ལྷ་ཚོགས་ལ་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པའི་བཀྲ་ཤིས་དང༌། བདག་གིས་ཀྱང་འབྲི་བར་འགྱུར་བས་དེ་ལྟར་ཡང་བྱ་ལ། དེ་ཙམ་མི་ནུས་ན། རྒྱལ་མཚན་རྩེ་མོ༴ སོགས་དང༌། ཕུན་སུམ་ཚོགས་པ་མངའ་བ༴ སོགས་ཅི་རིགས་བྱས་ལ། མཐར། ཉིན་མོ་བདེ་ལེགས༴ སོགས། སངས་རྒྱས་རྣམས་ཀྱིས་དེང་འདིར་སྩོལ། དེ་བཞིན་དུ་འདོན་པ་སྤྲོས་ལ། དམ་ཆོས་ཚོགས་ཀྱིས༴ དགེ་འདུན་རྣམས་ཀྱིས༴ མེས་པོ་ཡིས་ཀྱང༴ དབང་པོ་ཡིས་ཀྱང༴ འཇིག་རྟེན་སྐྱོང་བས༴ དཀར་ཕྱོགས་སྐྱོང་བས་དེང་འདིར་སྩོལ། ཞེས་བྱའོ། །གང་ལྟར་བཀྲ་ཤིས་དང་སྨོན་ལམ་ཡང་རྒྱལ་བའི་བཀའ་ལས་བྱུང་བ་ཞིག་གིས་ཐོག་དྲངས་ནས་བྱིན་ཆགས་པར་བྱའོ། །ཡི་དམ་སྒྲུབ་མཆོད་ལས་གཞན་དུ་བླ་མ་དང༌། བླ་མ་མཆོད་པ་ལས་གཞན་དུ་ཡི་དམ་མཆོད་པར་སེམས་ན་གནད་ལས་གོལ་བར་འགྱུར་བའི་ཕྱིར་བླ་མ་དང་ལྷན་ཅིག་ཏུ་ཤེས་པས་མཆོད་དོ། །འདི་ལྟར་ཉམས་སུ་བླངས་པས་བླ་མའི་བསྒྲུབ་པར་འགྱུར་བ་དང༌། ཕོ་ཉ་ལྷན་ཅིག་སྐྱེས་གྲུབ་ནི། །མཆོག་དང་འབྲིང་དང་ཐ་མ་སྟེ། །ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པ་ཡི་


TNT07_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དངོས་གྲུབ་བྱ། ཞེས་གསུངས་ཏེ། བདེ་མཆོག་གི་རྒྱུད། གཞུང་མཉམ་པའམ་མཐོང་བས་ལྷག་པར་ཡིད་ཆེས་དང་ངོ་མཚར་སྐྱེའོ། །སློབ་དཔོན་སྟོན་པ་རྡོ་རྗེ་སེམས་དཔའ་ཉིད། །མཆོད་པའི་ཆོ་ག་ཡི་གེར་བྲིས་པ་ལས། །དཔག་ཡས་བསོད་ནམས་ཐོབ་པ་གང་ཡིན་དེས། །ཕན་བདེས་ས་དང་བར་སྣང་གང་བར་ཤོག །དེ་ལྟར་འདི་ནི་འཁོར་ལོ་སྡོམ་པའི་རྒྱུད་ཐམས་ཅད་དང་རྒྱ་གཞུང་ཡིད་ཆེས་པ་མང་པོ་དང༌། ཁྱད་པར་ནཱ་རོ་ཏ་པའི་སྲས་ཀྱི་ཐུ་བོ་པྲཛྙཱ་རཀྵི་ཏིའི་གཞུང་གཞིར་བྱས། ད་རི་ཀ་དང༌། ཨ་བྷ་ཡ་དང༌། མཻ་ཏྲི་པ། ཤུ་བྷཱ་ཀ་ར་གུཔྟ་སོགས་དང༌། བོད་ཀྱི་སྔ་ཕྱིའི་བླ་མ་མང་པོའི་གསུང་གིས་བརྒྱན། བླ་མའི་རྣལ་འབྱོར་དང༌། བླ་མའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་དག་གིས་གནད་ནས་བཟུང་སྟེ། རྒྱུ་མཚན་ཡིད་ཆེས་ཅན་དུ་བྲིས། དེ་ཡང་དང་པོར། སྒྲུབ་པའི་རྒྱལ་མཚན་སྒྲེང་བ་ལ་ལྷོད་པ་མི་མངའ་བ་རིན་པོ་ཆེ་ཀ་བཞི་པས་བདེ་མཆོག་གི་བླ་མཆོད་བསྡུས་པ་ཞིག་གྱིས་ཞེས་བསྐུལ་བས་མཆོད་བརྗོད་ཙམ་འཕྲལ་དུ་བྲིས་པ་ལས། གཞན་དུ་ལེ་ལོས་ཕྱིར་ཤོལ་བ་ལ། བར་དུ་ཡང་དད་ལྡན་མང་པོ་བདག་གིས་བསྐུལ་བ་དང༌། ཕྱིས་བླ་མའི་བཀས་འཕྲལ་དུ་བསྐུལ་བས་འདུས་ཤིང་འཁྱེར་བདེ་བར་ཐུན་གཉིས་ལ་མྱུར་བར་སྦྱར་ཏེ། ཏཱ་ར་ནཱ་ཐས་རང་ལོ་ཉེར་གསུམ་གྱི་དང་པོར་ནག་པའི་ཟླ་བའི་ཚེས་བཅུ་བདུན་ལའོ།། མངྒ་ལཾ་ཀུ་རུ་བནྟུ་ཤུ་བྷ་མ་སྟུ་སརྦ་ཛཱ་ག་ཏཾ། ཞུས་དག། །།བདག་གིས་དགེ་བ་གང་བསགས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། །གནས་སྐབས་མཐར་ཐུགས་ཕན་བདེ་མཆོག་སྤེལ་བའི། །བླ་ན་མེད་པའི་རྒྱ་ཚོགས་ཉིད་གྱུར་ཅིག །ཅེས་པའི་དགེ་བསྔོ་བ་འདི་ཉིས་བྲིས། །


TNT07_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དཔལ་འཁོར་ལོ་སྡོམ་པའི་བརྒྱུད་འདེབས།


TNT07_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པའི་བརྒྱུད་འདེབས་བཞུགས།


TNT07_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཝེ་བཛྲ་ཨཱ་ཙརྱ་ཙ་ར་ཎ་ན་མོ་ན་མ། རྩ་རྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ། བླ་མའི་ཡོན་ཏན་དྲན་པའི་གསོལ་འདེབས་ཅེས་བྱ་བ། བླ་མ་དང་དབྱེར་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ལྷ་དང་བཅས་པའི་འབྱུང་པོ་ཀུན་གྱིས་རབ་ཏུ་གུས་པས་བཏུད་ནས་གང་གི་ཞབས་སེན་སྤྱི་བོས་བསྟེན། །ཡེ་ཤེས་སྣང་བས་ཁམས་གསུམ་ཐམས་ཅད་དུས་རྣམས་ཀུན་ཏུ་ཕྱོགས་ཀྱི་འཁོར་ལོ་གསལ་བར་མཛད་པའི་མགོན། །གཉིས་བྲལ་རིས་མེད་མི་འགྱུར་བདེ་བས་ཐུགས་རྒྱུད་གཏམས་ཤིང་བརྟན་གཡོ་སྲིད་ཞི་ཀུན་གྱི་རང་བཞིན་མཁྱེན། །རྡོ་རྗེ་སློབ་དཔོན་སྟོབས་བཅུ་མངའ་བ་ཡོན་ཏན་རྒྱ་མཚོ་རིགས་ཀྱི་བདག་པོར་གུས་པས་ཕྱག་འཚལ་བྱིན་གྱིས་རློབས། །རྡོ་རྗེ་རྣམ་གསུམ་དབྱེར་མེད་བདེ་ཆེན་སྐུ། །ཀུན་ཏུ་ཆད་མེད་ལེགས་སྦྱར་གཞོམ་མེད་གསུང༌། །གཡོ་མེད་ལྷུན་འགྲུབ་ཟུང་འཇུག་རྡོ་རྗེའི་ཐུགས། །རྒྱལ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་ཟག་མེད་བདེ་བསྐྱེད་མ། །སྤྲོས་བྲལ་མཁའ་ལ་ཡེ་ཤེས་འོད་སྟོང་ཤར། །མཚན་


TNT07_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དཔེས་རབ་སྤྲས་དཔག་ཡས་དཀྱིལ་འཁོར་ཅན། །རྡོ་རྗེ་རྣལ་འབྱོར་མ་ལ༴ རྒྱལ་བ་སྲས་བཅས་ཀུན་གྱི་སྒྲ་འཛིན་དངོས། །རྒྱུད་དང་མདོ་སྡེ་མཐའ་དག་སྡུད་པའོ། །ས་བཅུའི་དབང་ཕྱུག་རྗེ་བཙུན་གསང་བའི་བདག།ཕྱག་ན་རྡོ་རྗེའི་འཛིན་ལ༴ འདོད་པའི་ལྷ་དང་གྲུབ་པས་རྗེས་བཟུང་བས། །སྙིང་པོའི་དོན་གཟིགས་གདོད་མའི་མགོན་པོར་གྱུར། །གྲུབ་བརྙེས་ཀུན་གྱི་གཙོ་བོ་ཟླ་མེད་པ། །ས་ར་ཧ་པའི་ཞབས་ལ༴ སྤྲོས་བྲལ་རིག་པའི་རྡོ་རྗེས་མཐའ་གཉིས་བཅོམ། །རབ་དགའ་ལེགས་གྲུབ་བདེ་བ་ཅན་དུ་གཤེགས། །དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་མཆོག་བརྙེས་པ། །འཕགས་པ་ཀླུ་སྒྲུབ་ཞབས་ལ༴ དེ་ཡིས་རྗེས་བཟུང་བློ་གྲོས་རིན་ཆེན་གྱིས། །ལུང་བསྟན་རྔོན་པའི་སྤྱོད་པས་འགྲོ་བ་འདུལ། །སྐྱེ་འཇིག་བྲལ་བས་ཁྱབ་བདག་གོ་འཕང་བརྙེས། །རི་ཁྲོད་དབང་ཕྱུག་ཞབས་ལ༴ མཁའ་འགྲོས་དངོས་སུ་བྱིན་རླབས་དཀའ་བ་སྤྱད། །སྤྲོས་མེད་སྤྱོད་པས་མཆོག་གི་དངོས་གྲུབ་ཐོབ། །རིག་འཛིན་ཀུན་གྱི་གཙོ་བོ་ལཱུ་ཡི་པ། །ཀུན་ཏུ་


TNT07_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་ཞབས་ལ༴ འཁོར་བའི་གནས་ཚུལ་མཁྱེན་ནས་རྒྱལ་སྲིད་སྤངས། །ཨ་ཝ་དྷུ་ཏཱའི་སྤྱོད་པས་དོན་མཆོག་གྲུབ། ཁྲི་དང་དྲུག་སྟོང་འཁོར་བཅས་མཁའ་ལ་གཤེགས། །དཱ་རི་ཀ་པའི་ཞབས་ལ༴ གནས་ལྔ་རིག་པའི་མཐར་ཐུག་རྒོལ་བ་འཇོམས། །རིམ་ལྔའི་ལམ་ལས་མགོན་ཁྱོད་མངོན་བྱང་ཆུབ། །ངོ་མཚར་ཆོ་འཕྲུལ་བསྟན་པས་འགྲོ་ཀུན་ཏུ། །རྡོ་རྗེ་དྲིལ་བུ་པ་ལ༴ ཨིནྡྲ་བྷུ་ཏི་ལཀྵིཾ་ལ་སོགས་པས། །རྗེས་སུ་བཟུང་ནས་ཚེ་གཅིག་གྲུབ་པ་བརྙེས། །བརྟུལ་ཞུགས་སྤྱོད་པའི་རོལ་པ་མཐའ་ཡས་སྟོན། །ཀཙྪ་ལི་པའི་ཞབས་ལ༴ ངེས་མེད་སྤྱོད་པས་ཟུང་འཇུག་ཆེན་པོ་བརྙེས། །དཔག་ཡས་གྲུབ་པའི་དབང་པོས་ཁྱོད་ཞབས་བསྟེན། །དཔའ་བོ་རྣལ་འབྱོར་མ་ཡིས་ཚོགས་ཀྱིས་མགོན། །ཛ་ལན་དཱ་རའི་ཞབས༴ ཏིང་འཛིན་བརྟན་པས་གཟུང་འཛིན་སྤྲོས་པ་བཅད། །སྤྲོས་བཅས་སྤྱོད་པས་བདུད་དང་མུ་སྟེགས་བཏུལ། །རྒྱལ་བའི་ལུང་བསྟན་བར་དོར་རྫོགས་སངས་རྒྱས། །ནག་པོ་སྤྱོད་པའི་ཞབས་ལ༴ རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་བོར་ནས། །རིམ་གཉིས་བསྒོམས་པས་མཆོག་གི་དངོས་གྲུབ་ཐོབ། །མི་སྲུན་གདུག་པའི་མཁའ་འགྲོ་མ་ཡང་བཏུལ། །གྲུབ་ཆེན་གུ་ཧྱ་པ་ལ༴ དེ་ཡིས་ཞབས་བསྟེན་རྒྱུད་སྡེ་བཞི་ལ་མཁས། །རིམ་བཞིན་མཐར་ཕྱིན་སྤྱོད་པ་གསུམ་ལ་སློབ། །སྡིག་སྤྱོད་རྒྱལ་པོ་འདུལ་མཛད་རྣམ་རྒྱལ་ཞབས། །བར་མའི་སློབ་དཔོན་མཆོག་ལ༴ གཉིས་སྣང་སྤྲིན་ཚོགས་འོད་གསལ་ནམ་མཁར་ཐིམ། །རྣམ་དག་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །


TNT07_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་གཉིས་ཀུན་སྤང་རིག་ངན་ཚུལ་འཛིན་པ། །རྗེ་བཙུན་ཏིལླི་པ་ལ༴ སྨྲ་བའི་དབང་ཕྱུག་རིག་པའི་གནས་ཀུན་མཁྱེན། །བླ་མ་དགེས་ཕྱིར་དཀའ་བ་དཔག་མེད་སྤྱད། །ལས་འཕྲོ་སད་པས་ལྷན་སྐྱེས་ཡེ་ཤེས་བརྙེས། །ན་རོ་ཏ་པའི་ཞབས་ལ༴ སྲོག་རླུང་དབུ་མར་ཐིམ་ཞིང་རྫུ་འཕྲུལ་དང༌། །ལྟ་སྟངས་ཐོགས་མེད་གྲུབ་པས་གཞན་དོན་མཛོད། །གསང་སྔགས་འཛིན་པའི་གཙོ་བོར་ཀུན་གྱིས་བཀུར། །ཕ་ན་ཐིང་གུ་པ་ལ༴ ཧེ་རུ་ཀ་དཔལ་མཆོག་གིས་རྗེས་སུ་གཟུང༌། །མཁས་པའི་ཕུལ་ཕྱིན་བདེ་མཆོག་སྨྲ་བ་ཡིས། །ཕྱོགས་ཀུན་ཁྱབ་མཛད་ཇོ་བོ་སུ་མཱ་ཏི། །བྷ་རནྟ་པའི་ཞབས་ལ༴ བླ་མ་གུས་པར་བསྟེན་པས་གདམས་ངག་ཐོབ། །བརྩོན་པར་བསྒྲུབ་པས་ནུས་མཐུ་མངོན་དུ་གྱུར། །ལྷག་བསམ་རིན་ཆེན་མཆོག་ལྡན་ཤེས་རབ་བརྩེགས། །ཀློག་སྐྱ་ལོ་ཙཱའི་ཞབས་ལ༴ བསོད་ནམས་མཐུ་ཡིས་བླ་མ་དམ་པ་མཇལ། །མོས་གུས་དབང་གིས་ཆོས་ཀུན་ཇི་བཞིན་མཁྱེན། །སྐད་གཉིས་སྨྲ་བ་མལ་གྱོ་ལོ་ཙཱ་བ། །བློ་གྲོས་གྲགས་པའི་ཞབས་ལ༴ མཁྱེན་རབ་འགྲན་ཟླ་བྲལ་བའི་ཆོས་ཀྱི་རྗེ། །འཇམ་པའི་དབྱངས་ཀྱི་དངོས་སུ་བྱིན་གྱིས་རློབས། །བསམ་ཡས་ཏིང་འཛིན་བརྙེས་པའི་ས་སྐྱ་བ། །ཀུན་དགའ་སྙིང་པོའི་ཞབས་ལ༴ སྔོན་བསགས་བསོད་ནམས་ཡེ་ཤེས་རྒྱ་ཆེ་བས། །རྡོ་རྗེ་འཛིན་པ་ཀུན་གྱི་རྩེ་མོར་སོན། །བདེ་བ་ཅན་གྱི་ཞིང་དུ་གཤེགས་པ་ཡི། །བསོད་ནམས་རྩེ་མོའི་ཞབས་ལ༴ ཕྱོགས་འདིར་སྔགས་པར་གྲགས་པ་


TNT07_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་མཆོག །སངས་རྒྱས་བསྟན་པའི་རྒྱལ་མཚན་ལེགས་པར་འཛིན། །མངོན་ཤེས་མཐུ་སྟོབས་ཟད་པ་མི་མངའ་བའི། །རྗེ་བཙུན་ཆེན་པོའི་ཞབས་ལ༴ གཞོན་ནུའི་དུས་ནས་འཇམ་དཔལ་གཉིས་པར་གྲགས། །ལྷ་དང་བླ་མས་བྱིན་རླབས་ལུང་བསྟན་ཐོབ། །རིག་པའི་གནས་ལྔ་མཁྱེན་པའི་པཎྜི་ཏ། །ཀུན་དགའ་རྒྱལ་མཚན་ཞབས་ལ༴ གསུང་རབ་ཐམས་ཅད་གཟིགས་པ་ཙམ་གྱིས་མཁྱེན། །སྨོན་ལམ་མཐུ་ཆེན་རྒྱལ་བའི་སྲས་པོ་ནི། །འགྲོ་ལ་སྙིང་ནས་བརྩེ་བས་གཞན་དོན་མཛད། །ཆོས་རྒྱལ་འཕགས་པའི་ཞབས་ལ༴ གཞུང་ལུགས་དཔག་མེད་མཁྱེན་པའི་རིན་པོ་ཆེ། །འགྲོ་ཀུན་ཕན་བདེ་མཛད་པའི་ཐུགས་རྗེ་ཅན། །བསྟན་པ་རིན་ཆེན་སྒྲོན་མེ་ཕྱོགས་བཅུར་སྦར། །མང་མཁར་ལོ་ཙཱའི་ཞབས་ལ༴ སྐྱེས་བུ་དམ་པ་དུ་མའི་ཞབས་བསྟེན་པས། །དབང་ལུང་མན་ངག་ཐམས་ཅད་ཐུགས་སུ་ཆུད། །དམ་ཆོས་གསལ་མཛད་བཤེས་གཉེན་དམ་པ་སྟེ། །དཔལ་ལྡན་སེང་གེའི་ཞབས་ལ༴ ཤེས་བྱ་ཀུན་ལ་མི་མཁྱེན་གང་ཡང་མེད། །གངས་ཅན་བསྟན་འཛིན་དུས་གསུམ་བྱུང་རྣམས་ཀྱིས། །རབ་མཆོག་གཙོ་བོ་སྐལ་བཟང་སེམས་དཔའ་མཆོག །བུ་སྟོན་ཆོས་རྗེས་ཞབས་ལ༴ སྐྱེ་རྒུའི་གཙུག་རྒྱན་བསམ་པ་ཡེ་ཤེས་ཆེ། །མ་ལུས་ཆོས་རྣམས་ཐམས་ཅད་མཁྱེན་པར་ཆུད། །བསླབ་གསུམ་དྲི་མེད་ཡེ་ཤེས་མུ་མཐའ་ཡས། །བསོད་ནམས་རྒྱལ་མཚན་ཞབས་ལ༴ རྣམ་ཐར་གསུམ་ལ་ཉེས་སྐྱོན་ཐམས་ཅད་སྤངས། །དད་དང་བརྩོན་


TNT07_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་ཤེས་རབ་ཐོས་པ་སོགས། །གང་གི་ཐུགས་ལ་འགྲན་པ་བཞིན་དུ་གནས། །བྱང་ཆུབ་སེང་གེའི་ཞབས་ལ༴ རིགས་རུས་ཆོ་འབྲང་སྐྱོན་མེད་རིགས་སུ་འཁྲུངས། །ཐོས་པ་རྒྱ་མཚོའི་ཕ་རོལ་སོན་ནས་ཀྱང༌། །བརྩེ་བའི་ཕྱག་གིས་འགྲོ་རྣམས་སྐྱོང་མཛད་པ། །ཡེ་ཤེས་རྒྱལ་མཚན་ཞབས་ལ༴ རྡོ་རྗེ་ཐེག་པའི་ཆོས་ཀུན་གསན་ཞིང་མཁྱེན། །ལྷག་པའི་ཚུལ་ཁྲིམས་གསང་གསུམ་ཉེས་ཀུན་བྲལ། །བྱིན་རླབས་སྟོབས་ཀྱིས་རྒྱ་ཆེན་འཕྲིན་ལས་ཅན། །ཀུན་དགའ་བཟང་པོའི་ཞབས་ལ༴ རྩོད་དུས་ཀུན་མཁྱེན་རིན་ཆེན་གྲུབ་ཀྱི་གསུང༌། །དྲི་མེད་ཆོས་ལ་ཐོས་བསམ་རྒྱུད་སྦྱངས་ཤིང༌། །རྡོ་རྗེ་སློབ་དཔོན་གནས་ཐོབ་དུས་འཁོར་བ། །རིན་ཆེན་བཀྲ་ཤིས་ཞབས་ལ༴ བདེན་གཉིས་རྣམ་པར་དབྱེ་བ་འགྲན་ཟླ་བྲལ། །སོ་སོ་ཡང་དག་རིག་པ་བཞི་རྣམས་ཀྱིས། །འགྲོ་ཕན་བསམ་གྱི་མི་ཁྱབ་སྤྱོད་ཡུལ་ཅན། །ཤཱཀྱ་མཆོག་ལྡན་ཞབས་ལ༴ ཐོགས་མེད་དུས་ནས་ཚོགས་གཉིས་བསགས་པའི་མཐུས། །ཐུགས་རྗེའི་དྲི་བསུང་ཕྱོགས་བཅུ་མ་ལུས་ཁྱབ། །ང་རྒྱལ་མི་མངའ་མཁྱེན་པའི་གཏེར་ཆེན་པོ། །བྲག་དཀར་སེམས་དཔའི་ཞབས་ལ༴ རང་བྱུང་ལྷན་སྐྱེས་འོད་གསལ་མངོན་དུ་གྱུར། །གནས་ལུགས་མཁྱེན་པས་སྣང་གྲགས་སྒྱུ་མར་གཟིགས། །རླབས་ཆེན་སྤྱོད་པས་རང་གཞན་ཕན་བདེ་བསྒྲུབས། །བཀྲ་ཤིས་རྣམ་རྒྱལ་ཞབས་ལ༴ །བླ་མ་ལྷག་པའི་ལྷ་ཡིས་བྱིན་གྱིས་རླབས། །བརྟུལ་བཞུགས་དབང་


TNT07_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ངུར་སྨྲིག་འཛིན་པའི་མཆོག །ཡེ་ཤེས་ཐུགས་རྗེས་ཟོལ་མེད་མངའ་བ་ཡིས། །ཀུན་དགའ་གྲོལ་མཆོག་ཞབས་ལ༴ གང་སྣང་ཐམས་ཅད་བདེ་ཆེན་རོལ་པར་གཟིགས། །མཐའ་བྲལ་རྟོགས་པས་སྒྲིབ་གཉིས་རང་སར་གྲོལ། །རྒྱལ་བ་རྒྱལ་སྲས་ཐམས་ཅད་འདུས་པའི་དངོས། །ལྷ་དབང་གྲགས་པའི་ཞབས༴ ཡང་ན། བགྲང་ཡས་མདོ་རྒྱུད་ཀུན་ལ་མཁྱེན་པ་རྒྱས། །ལྷན་སྐྱེས་དགའ་བའི་རོལ་པ་དམ་ཆོས་ཀྱི། །རྒྱལ་མཚན་སྒྲེང་མཛད་རྗེ་བཙུན་རྡོ་རྗེ་འཆང༌། །ཀུན་དགའ་རྒྱལ་མཚན་ཞབས་ལ༴ ཕྱིན་ཆད་བརྒྱུད་པའི་བླ་མ་འདིར་འཇུག།འོག་མ་རྣམས་ཕྱིན་ཆད་ཀྱང་རྩ་བའི་བླ་མའི་གསོལ་འདེབས་སུ་བྱའོ། །རིགས་ཀུན་བདག་པོ་མ་ལུས་འཁོར་ལོའི་མགོན། །གསང་གསུམ་ཟུང་འཇུག་བདེ་ཆེན་རྡོ་རྗེའི་དངོས། །སྐྱབས་གནས་ཐམས་ཅད་གཅིག་ཏུ་འདུས་པའི་རྗེ། །རྩ་བའི་བླ་མའི་ཞབས་ལ༴ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུམ་དངོས། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོའི་མཛོད། །རིག་གྲོལ་གཉིས་ལྡན་འདུས་པ་ཀུན་གྱི་རྗེ། །སྐྱབས་གནས་ཀུན་འདུས་ཁྱེད་ལ༴ སྲིད་དང་ཞི་བའི་ཕུན་སུམ་ཚོགས་པ་ཀུན། །མགོན་པོ་ཁྱེད་ཀྱི་ཐུགས་རྗེའི་སྟོབས་ལས་བྱུང༌། །མཐོ་རིས་ཐར་པའི་ལམ་སྟོན་མཁྱེན་བརྩེའི་གཏེར། །ཆོས་རྗེ་བླ་མའི་ཞབས་ལ༴ སངས་རྒྱས་བྱང་སེམས་རང་རྒྱལ་ཉན་ཐོས་དང༌། །ལྷ་དང་རབ་བྱུང་ཁྱིམ་པ་མུ་སྟེགས་བྱེད། །བརྟན་གཡོའི་དངོས་པོ་ཀུན་གྱི་ཚུལ་བཟུང་ནས། །གང་འདུལ་འགྲོ་དོན་མཛད་ལ༴ འདུས་


TNT07_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཐམས་ཅད་གློག་ལྟར་མི་རྟག་ཅིང༌། །སྲིད་པ་མཐའ་དག་སྡུག་བསྔལ་གསུམ་རང་བཞིན། །དལ་འབྱོར་ཤིན་ཏུ་རྙེད་དཀའ་བསྟན་པ་ཡིས། །དང་པོར་འདྲེན་མཛད་ཁྱོད་ལ༴ བདེ་སྡུག་ཀུན་གྱི་རྒྱུར་གྱུར་དགེ་སྡིག་གི །བླང་དོར་འཁྲུལ་པ་མེད་པར་སྟོན་པ་པོ། །ངེས་པར་འབྱུང་བའི་ཚུལ་ཁྲིམས་ལམ་མཁན་གྱིས། །ཐར་པར་འཁྲིད་མཁས་ཁྱོད་ལ༴ རིན་ཆེན་བྱང་ཆུབ་སེམས་ཀྱི་ནོར་སྦྱིན་ནས། །ཐེག་མཆོག་རབ་ཏུ་ཡངས་པའི་གྲོང་ཁྱེར་དུ། །སྟོང་ཉིད་སྙིང་རྗེའི་དགའ་སྟོན་སྩོལ་མཛད་པ། །རྒྱལ་བའི་ལམ་སྟོན་ཁྱོད་ལ༴ །དྲི་མེད་དབང་སྐུར་རྣམས་ཀྱིས་བྱིན་རླབས་ཤིང༌། །བསྐྱེད་པའི་རིམ་པས་སྐྱེ་འཆི་བར་དོ་ཡི། །བག་ཆགས་སྦྱོང་ཞིང་ཐ་མལ་སྣང་ཞེན་ཟློག །སྨིན་བྱེད་ལམ་སྟོན་ཆོས་རྗེར༴ །ཨ་ཝ་དྷཱུ་ཏཱིར་གནད་དུ་བསྣུན་པ་ལས། །རླུང་དང་ཁམས་ཀྱི་བགྲོད་པ་ཀུན་ཐིམ་པས། །གཏུམ་མོ་རྣམ་གསུམ་འབར་བས་ཞུ་བདེ་ཐོབ། །བདེ་སྟོང་སྟོན་མཛད་ཁྱོད་ལ༴ །བདེ་བའི་རང་བཞིན་མཐའ་བཞི་སྤྲོས་དང་བྲལ། །སེམས་ཉིད་བདེ་བའི་ངོ་བོར་རྣམ་གནས་པ། །རིས་མེད་ངོ་བོར་སྣང་གསུམ་རང་བཞིན་ཐིམ། །བདེ་ཆེན་ལམ་བཟང་གསལ་ལ༴ ཐོག་མཐའ་མེད་པའི་སེམས་ཉིད་བདེ་བའི་དངོས། །ཞུ་བདེའི་རྐྱེན་གྱིས་དྲི་མ་སྦྱངས་པ་ལས། །ཟུང་འཇུག་དཀྱིལ་འཁོར་ཡན་ལག་བདུན་ལྡན་པ། །རྫོགས་རིམ་མཐར་ཐུག་སྟོན་ལ༴ གདོད་ནས་མཐའ་བྲལ་བདེ་ཆེན་མཚན་དཔེས་སྤྲས། །ཐུགས་རྗེ་ཆེན་པོས་འཁོར་བ་མ་སྟོང་


TNT07_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པར། །འགྲོ་ལ་ཕན་བདེའི་མཐར་ཐུག་འབྲས་རབ་སྩོལ། །སྐུ་གསུམ་མངོན་གྱུར་ཁྱོད་ལ་གསོལ་བ་འདེབས། །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པ་ཡིས། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །ཚེ་འདིར་བླ་མེད་བྱང་ཆུབ་ཐོབ་པ་དང༌། །འཕྲིན་ལས་ལྷུན་གྲུབ་རྒྱུན་མི་འཆད་པར་ཤོག། །། འདི་ལ་གཞི་བྱས་ལ་གང་མོས་ཀྱི་སྒོ་ནས་བརྒྱུད་པ་གཞན་ཡང་འདོར་ལེན་ཤེས་པར་བྱའོ། །ཞེས་པའང་ཏཱ་ར་ནཱ་ཐས་རང་ལོ་ཉེར་གསུམ་སྣྲོན་གྱི་ཚེས་ལྔ་ལ་བསམ་གཏན་སྡིངས་སུ་སྦྱར་བའོ། །མངྒ་ལཾ། །

འཁོར་ལོ་སྡོམ་པ་ནག་པོ་ཞབས་ལུགས་ཀྱི་སྒྲུབ་ཐབས་བདེ་བ་ཆེན་པོའི་ཆར་ཡངས།


TNT07_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྡོམ་པ་ནག་པོ་ཞབས་ལུགས་ཀྱི་སྒྲུབ་ཐབས་བདེ་བ་ཆེན་པོའི་ཆར་ཡངས་ཞེས་བྱ་བ་བཞུགས།


TNT07_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་སྤྱོད་པ་པའི་རྗེས་སུ་འབྲང་བ། བདེ་བ་ཆེན་པོའི་ཆར་ཡངས་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྲིད་གསུམ་གཙོ་བོ་བདུད་བཞིའི་དགྲ་འཇོམས་དྲག་པོ་ཆེ། །ཕྱུགས་བདག་གཽ་རཱིས་མཉམ་པར་བདུད་པ་ཧེ་རུ་ཀ །ཁྱོད་ནི་རྟག་དང་ཆད་མཐའ་ལས་གྲོལ་དབུ་མ་སྟེ། །མཁའ་འགྲོ་དྲྭ་བའི་སྡོམ་པ་མཆོག་ལ་གུས་པས་འདུད། །རིག་འཛིན་འཁོར་ལོས་སྒྱུར་བ་བརྟུལ་ཞུགས་ཀྱི། །སྤྱོད་པའི་རོལ་སྒེག་འཆང་བ་ནག་པོའི་གསུང༌། །ཤིན་ཏུ་རྟོགས་དཀའ་རྟོགས་ན་དོན་ཆེ་བ། །འདི་དོན་འཁྲུལ་མེད་རབ་ཏུ་གསལ་བར་བྱ། །བྱིན་རླབས་དལ་འབབ་ཆུ་བོའི་རྒྱུན། །དངོས་གྲུབ་རླབས་འཕྲེང་གཡོ་བ་ཅན། །སྔགས་རིག་བྱེ་བའི་འབབ་སྟེགས་འདིར། །སྐལ་ལྡན་གེགས་མེད་འདུ་བར་ཤོག །དེ་ལ་འདིར་སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱ་རྣམས་སྔོན་དུ་འགྲོ་བར་བྱ་སྟེ། དེ་ཡང་འདི་ལྟར། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་


TNT07_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདགརྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའཽ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ།། ལན་གསུམ་མམ་བདུན་སོགས་བརྗོད་ནས། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་རླབས་ཏུ་གསོལ། ལན་གསུམ། ཀྱེ་མ་སེམས་ཅན་སྡུག་བསྔལ་ཞིང༌། །ཀུན་རྟོག་ལ་ནི་མངོན་པར་ཞེན། །དེ་ཡི་རྟོག་པ་གཞོམ་ཕྱིར་བདག །དཔལ་ལྡན་ཧེ་རུ་ཀར་བསྒོམ་བྱ། ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་


TNT07_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པ་སངས་རྒྱས་འཁོར་ལོ་བདེ་མཆོག་གི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ལམ་ཟབ་མོ་བསྒོམ་པར་བགྱིའོ།། ལན་གསུམ། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། ཕྱག་རྒྱ་ལྔས་བརྒྱན་པ། ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་དཀར་པོ་དེ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ཧཱུཾ་ལ་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཨོཾ་ཤྲི་བཛྲ་ཧེ་རུ་ཀ །ས་མཱ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏེ་ནོ་པ་ཏིཥྛ། ཌཱི་ཌྡྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲིཿཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀོ྅་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུཾ་ཕཊ། ཅེས་ཅི་ལྟར་རིགས་པ་བཟླས་པའི་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་


TNT07_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱོབ་མཛོད་ཅིག །གཙོ་བོར་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་མོ།། སྒྲུབ་ཐབས་དངོས་ལ་གཉིས། མཉམ་བཞག་གི་རྣལ་འབྱོར་དང་མཉམ་ལང་གི་རྣལ་འབྱོར་རོ། །དང་པོ་ལ་གཉིས་ཏེ། སྔོན་དུ་བྱ་བ་འཇུག་ལྡོག་གི་སྦྱོར་བ་དང༌། དཀྱིལ་འཁོར་གྱི་འཁོར་ལོ་དངོས་གཞི་སྒོམ་པའོ། །དང་པོ་ལ་མཐུན་རྐྱེན་སྒྲུབ་པ་དང༌། འགལ་རྐྱེན་སྤོང་བ་གཉིས་སོ། །དང་པོ་ལ་རྐྱེན་བསོད་ནམས་ཚོགས་སོགས་དང༌། རྒྱུ་ལམ་ཁྱེར་གཉིས་སོ། །དེའི་དང་པོ་རྐྱེན་བསོད་ནམས་ཚོགས་བསག་ནི། རང་ཉིད་གང་དུ་གནས་པའི་ཕྱོགས་དེ་ཁོར་ར་ཁོར་ཡུག་ཏུ་མི་བཟད་ཅིང་འཇིགས་སུ་རུང་བའི་དུར་ཁྲོད་ཆེན་པོ་བདག་མེད་པའི་ངོ་བོས་ཁྱབ་ཅིང༌། དབུས་སུ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་རོའི་གདན་ལ་ཡང་དག་པར་གནས་པའི་སྒྲུབ་པ་པོ་རང་ཉིད་ཕྱག་གཉིས་པའི་རྣམ་པ་ཕྱག་རྒྱ་ལྔས་བརྒྱན་པ་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རིག་མ་གཡོན་གྱི་ཆ་ནས་ཉེ་བར་བསྟེན་པར་མོས་ཏེ། བདུད་རྩི་རིལ་བུ་ཁར་སྟེན་པའམ། ནང་མཆོད་བྱིན་གྱི་རླབས་ཏེ་མྱངས་ལ། ཤྲཱི་ཧེ་རུ་ཀོ྅་ཧཾ། སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་དུ། ཧཱུཾ་སྔོན་པོ་ཡེ་ཤེས་


TNT07_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་བདག་ཉིད་ཅན། ཧཱུཾ་ལས་འོད་འཕྲོས་ལུས་ཐམས་ཅད་གང༌། སྡིག་སྒྲིབ་ཐམས་ཅད་སྦྱངས་ཏེ། དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་དུ་གྱུར། སླར་ཧཱུཾ་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁའ་སྟེང་གི་ཆ་ལ་རྩ་བའི་བླ་མ་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། འོག་གི་ཆ་ལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ཞེས་དང༌། ན་མཿཤྲི་ཙཀྲ་སམྦྷ་ར་མཎྜལ་བྷྱཿ ཞེས་པའི་ཕྱག་བྱ། ཨོཾ་སརྦ་ཏ་ཐ་ག་ཏ་ཤྲི་ཙཀྲ་སམྦར་མཎྜལ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི། ཞེས་པ་རེ་རེའི་མགོར་སྦྱར་བའི། བཛྲ་ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། བཛྲ་པཱ་དྱཾ་པྲ་ཏཱི་ཙྪ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ། དྷུ་པེ། ཨ་ལོ་ཀེ གནྡྷེ་ནི་ཝི་དྱ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། གི་བར་དུ་སྦྱར་བའི་མཆོད་པ་སྔོན་དུ་འགྲོ་བས་རྒྱུན་བཤགས་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་པའོ།། དེ་ནས། སེམས་


TNT07_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག ཅེས་ཚད་མེད་བཞི་ཡང་སྒོམ་མོ། །གཉིས་པ་རྒྱུ་ལམ་ཁྱེར་གཉིས་ནི། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ཅིང་དོན་སྒོམ་པ་ནི་ཆོས་སྐུ་ལམ་ཁྱེར་རོ། །སྟོང་པའི་ངང་ལས་རང་གི་བར་དོའི་རྣམ་ཤེས་ཀྱི་ངོ་བོ་ནཱ་ད་དཀར་ལ་དམར་བའི་མདངས་ཆགས་པ་རྩ་སྔགས་ཀྱི་སྒྲ་སྒྲོག་པའོ། །ཞེས་པ་ནི་ལོངས་སྐུ་ལམ་ཁྱེར་ཏེ། ཡང་ན་ཧཱུཾ་ཆ་ལྔ་པ་བསྒོམས་ཀྱང་ལེགས་པ་ཡིན་ནོ། །གཉིས་པ་འགལ་རྐྱེན་འགོག་པ་བསྲུང་བའི་འཁོར་ལོ་ནི། དེ་ལས་འོག་ཏུ་བཾ་འཕྲོས་པ་ལས་སྣ་ཚོགས་པད་མ་རཾ་འཕྲོས་པ་ལས་ཉི་མའི་དཀྱིལ་འཁོར། ཧཱུཾ་འཕྲོས་པ་ལས་སྣ་ཚོགས་རྡོ་རྗེའི་རྭ་རྣམས་ཤར་སྔོ། བྱང་ལྗང་ནུབ་དམར་ལྷོ་སེར། ལྟེ་བ་ཧཱུཾ་གིས་མཚན་པར་བསམ། རྡོ་རྗེའི་ལྟེ་བའི་ཧཱུཾ་ལས་སྒོ་མཚམས་མ་བརྒྱད། ཁ་གདོང་མ་ལས་སྟེང་དུ་ཁྭ་གདོང་མ་དང་ཁྱི་གདོང་མ་ལས་འོག་ཏུ་ཁྱི་གདོང་མ་རྣམས་དམར་མོ་ཞགས་པ་དང་ལྕགས་ཀྱུ་ཐོགས་པ་ཕྱོགས་བཅུར་སྤྲོས། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཕྱོགས་གཡོན་


TNT07_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་དང༌། མཚམས་གཡས་བསྐོར་དུ་ཏེ་ལན་གཉིས་བརྗོད། གཡོན་པའི་སྡིགས་འཛུབ་ཕྱོགས་བཅུར་བསྟན་ཞིང༌། སེ་གོལ་གདབ་པའོ།། ཡང་སུམྦྷ། ཚར་གཅིག་བརྗོད་ནས། ཕྱོགས་བཅུའི་བགེགས་ཐམས་ཅད་ཚར་གཅོད་པའི་འཕྲིན་ལས་མཛོད་ཅིགཅེས་བཀའ་བསྒོས་པས། ཕོ་ཉ་རྣམས་ཀྱིས་བགེགས་ཁ་ཅིག་ནི་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་ལ་བཀོད། ནག་པོའི་རིག་ཅན་ཁ་ཅིག་ནི་བསྒྲལ་ཏེ་བདེ་བ་ཅན་ལ་སོགས་པའི་ཞིང་དུ་གནས་སྤར། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་ནི་བཀུག་སྟེ་འོངས་པ་ཕྱོགས་བཅུར་འཁོད་པ། ཧཱུཾ་བཅུ་ལས་བྱུང་བའི་ཁྲོན་པ་གྲུ་གསུམ་ཟབ་ཅིང་རྒྱ་ཆེ་བ་བཅུའི་ནང་དུ་བཅུག ཡང་ཧཱུཾ་ལས་ཕུར་བུ་བཅུ་སྤྲོས་ཕོ་ཉ་རྣམས་ཀྱི་ལག་པར་གཏད། བགེགས་རྣམས་ཀྱི་སྤྱི་བོར་བཙུགས། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྟཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ། བཛྲ་དྷ་རོ་ཨཛྙཱ་པཱ་ཡ་ཏི་སརྦ་བིགྷྣཾ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་བརྗོད། ཡང་ཧཱུཾ་ལས་ཐོད་པ་བཅུ་སྤྲོས། ཕོ་ཉ་རྣམས་ཀྱི་ལག་པ་གཡས་པར་གཏད། ཕུར་བུའི་སྤྱི་བོར་བརྡུངས། ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། བགེགས་རྣམས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐལ་ཕྱུང་ནས་དེ་དག་གི་ལུས་གཡོ་བ་མེད། ངག་རླུང་རྒྱུ་བ་མེད། སེམས་རྣམ་པར་རྟོགས་པ་ཐམས་ཅད་བཅོམ་ནས་འོད་གསལ་གྱི་ངོ་བོར་གྱུར་ཞིང༌། སྨོན་ལམ་གྱི་མཐུ་ལས་རྣམ་པར་ཤེས་


TNT07_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་བསྐྱོད་པའི་ཞིང་དུ་སྐྱེས་པར་གྱུར། སྣ་ཚོགས་རྡོ་རྗེ་ལས་འོག་ཏུ་སྣ་ཚོགས་རྡོ་རྗེ་དཔག་ཏུ་མེད་པ་སྤྲོས། དེ་ལས་རྡོ་རྗེའི་ས་གཞིར་བསམ་ལ། ཨོཾ་མེ་དྷི་ནི་བཛྲི་བྷ་བ་བནྡྷ་ཧཱུཾ། དེ་ལས་ཕྱོགས་མཚམས་སུ་འཕྲོས་པ་ལས་རྡོ་རྗེ་ནག་པོ་གདེངས་པ་འགྲེང་བུར་གྱུར་པའི་རྭ་བ་དང༌། རྡོ་རྗེ་འཕྲེང་ལ་སོང་བའི་རྭ་བར་བསམ་ལ། ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་བཾ་ཧཱུཾ། སྟེང་དུ་འཕྲོས་པ་ལས་རྡོ་རྗེ་རྭ་བ་དང་དྲྭ་བའི་གུར་དུ་བསམ་ལ། ཨོཾ་བཛྲ་པཉྫ་ར་ཧཱུཾ་པཾ་ཧཱུཾ། དེའི་འོག་ཏུ་རྡོ་རྗེའི་བླ་རེར་བསམ་ལ། ཨོཾ་བཛྲ་བི་ཏ་ན་ཧཱུཾ་ཁཾ་ཧཱུཾ། དེའི་ཕྱིར་རོལ་དུ་འོབས་དང་བཅས་པའི་མདའི་དྲྭ་བ་མདེའུ་བསྣོལ་བ་ཕྱིར་བསྟན་པ་སྲིད་པའི་རྩེ་མོ་ལ་ཐུག་པར་བསམ་ལ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ། དེ་ཐམས་ཅད་ཀྱི་ཕྱི་རོལ་ཏུ་བསྐལ་པའི་མེ་ལྟ་བུའི་མེ་རི་འབར་བ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལརྐ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་པ་སྟེ། སྔགས་རྣམས་ལན་གསུམ་གསུམ་བརྗོད་དོ། །ཕོ་ཉ་རྣམས་ལས་རང་འདྲ་བ་དཔག་ཏུ་མེད་པ་སྤྲུལ་ཏེ་མཚོན་ཆ་སྣ་ཚོགས་ཐོགས། རྡོ་རྗེ་དྲ་མིག་ནས་ཕར་རོ་སྟོད་ཐོན་ནས། བསྒྲུབ་པ་པོས་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ། བར་དུ་གཅོད་པ་ཐམས་ཅད་བསྲུང་བར་མཛད། གཉིས་པ་དཀྱིལ་འཁོར་གྱི་འཁོར་ལོ་དངོས་གཞི་སྒོམ་པ་ལ་རྟེན་གྱི་དཀྱིལ་འཁོར་སྒོམས་པ་དང༌། བརྟེན་པའི་དཀྱིལ་འཁོར་བསྒོམ་པའོ།། དང་པོ་ནི། བསྲུང་བའི་འཁོར་ལོའི་དབུས་སུ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་གྲྭ་བཞིར་རྡོ་རྗེ་རྩེ་མོ་གསུམ་པས་


TNT07_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། དེའི་སྟེང་དུ་སུཾ་ལས་རིའི་རྒྱལ་པོ་རི་རབ་ཟུར་བཞི་པ། ཤར་ཤེལ། བྱང་གསེར། ནུབ་པདྨ་རཱ་གལྷོ་བཻཌཱུརྱ་ལས་གྲུབ་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། ལྕོགས་བརྒྱད་དང་ལྡན་པ། ཐིག་ལེ་སེར་པོ་དང་བཅས་པ། དེ་རྣམས་ཡོངས་སུ་གྱུར་པ་ལས་འོག་ཏུ་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། དེའི་སྟེང་དུ་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་གྲྭ་བཞིར་རྡོ་རྗེ་རྩེ་མོ་གསུམ་པས་མཚན་པ། དེའི་སྟེང་དུ་རིའི་རྒྱལ་པོ་རི་རབ་ཟུར་བཞི་པ། ཤར་ཤེལ། བྱང་གསེར། ནུབ་པདྨ་རཱ་ག །ལྷོ་བཻཌཱུརྱ་ལས་གྲུབ་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། ལྕོག་བརྒྱད་དང་ལྡན་པ། ཐིག་ལེ་སེར་པོ་དང་བཅས་པ། དེའི་སྟེང་དུ་བསྲུང་བའི་འཁོར་ལོའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་པ། སྒོ་བཞི་པ། ནང་ནས་རིམ་པ་བཞིན་ནག་པོ། ལྗང་ཁུ། དམར་པོ། སེར་པོ། དཀར་བའི་བརྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་དུ། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པ། དེའི་སྟེང་དུ་


TNT07_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དྲ་བ་དང་དྲ་བ་ཕྱེད་པ་དང༌། དྲིལ་བུ་གཡེར་ཁའི་ཕྲེང་བ་དང༌། དར་གྱི་ཆུན་འཕྱང་དང༌། ཟླ་བ་རླུང་གིས་བསྐྱོད་པ་དང༌། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པས་བརྒྱན་པ། དེའི་སྟེང་དུ་བྱ་འདབ་ལས་ཐུར་དུ་འཕྱང་བའི་བ་ཀུ་ལི་དང༌། དེའི་སྟེང་དུ་རིན་པོ་ཆེའི་དྲ་བ་གསེར་མའི་མདའ་ཡབ་ཀྱིས་བརྒྱན་པ། གཞལ་ཡས་ཁང་གི་དབུས་ན་ཨིནྡྲ་ནི་ལའི་ས་གཞི་ལ་གནས་པའི་འཁོར་ལོ་རིམ་པ་བཞི། མཆོད་རྟེན་ཟླུམ་པའི་བང་རིམ་གྱི་དབྱིབས་ལྟར་ཅུང་ཟད་ཇེ་མཐོ་ཇེ་མཐོར་གྱུར་པའི་ལྟེ་བར་བདེ་བ་ཆེན་པོའི་འཁོར་ལོ། གཙོ་བོའི་གདན་སྣ་ཚོགས་པདྨས་དབུས་སུ་བརྒྱན་པའི་ཆུ་སྐྱེས་སེར་པོ་འདབ་མ་བརྒྱད་པའི་ཕྱི་རོལ་དུ་རྡོ་རྗེའམ་གྲི་གུག་གིས་མཚན་པའི་རྭ་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབ་ཀྱིས་མཛེས་པར་བྱས་པ། དེ་ལས་ཅུང་ཟད་ཀྱིས་དམའ་བར་ཐུགས་ཀྱི་འཁོར་ལོ་སྔོ་ནག་རྩིབས་བརྒྱད་པ། རྡོ་རྗེས་མཚན་པའི་ར་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབ་ཀྱིས་མཛེས་པར་བྱས་པ། དེ་ལས་ཅུང་ཟད་ཀྱིས་དམའ་བར་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པ། པདྨས་མཚན་པའི་ར་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབ་ཀྱིས་མཛེས་པར་བྱས་པ། དེ་ལས་ཅུང་ཟད་ཀྱིས་དམའ་བར་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། འཁོར་ལོས་མཚན་པའི་ར་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབ་ཀྱིས་མཛེས་པར་བྱས་པ། དམ་ཚིག་གི་འཁོར་ལོའི་ལྷ་སྣམ་ཤར་སྔོ། བྱང་ལྗང་


TNT07_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་དམར། ལྷོ་སེར་བ། མཚམས་རྣམས་སུ་བུམ་པ་གཉིས་གཉིས་ཏེ་བརྒྱད་དང་ལྡན་པ། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་དང་ནོར་བུའི་ཏོག་གིས་སྤྲས་པ། རྩིག་པའི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་དམར་པོའི་སྟེང་ན་མཆོད་པའི་ལྷ་མོ་བཅུ་དྲུག་གི་མཆོད་རྫས་དུ་མ་ཐོགས་ནས་འཁོད་པ། སྒོ་ཁང་བཞིའི་སྟེང་གི་ཐད་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང༌། གཡས་གཡོན་དུ་རི་དྭགས་ཕོ་མོ་དང༌། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང༌། བ་དན་ལ་སོགས་པས་བརྒྱན་པའོ། །དེའི་ཕྱི་རོལ་ཏུ་དུར་ཁྲོད་བརྒྱད་ནི། ཤར་དུ་དྲག་ཏུ་གཏུམ་པ། བྱང་དུ་ཚང་ཚིང་འཁྲིགས་པ། ནུབ་ཏུ་འུར་འུར་འབར་བ། ལྷོར་འཇིགས་སུ་རུང་བ། མེར་ནགས་ཚལ་ཕུན་སུམ་ཚོགས་པ། བདེན་བྲལ་དུ་མུན་པ་མི་ཟད་པ། རླུང་དུ་ཀི་ལི་ཀི་ལིའི་སྒྲ་རབ་ཏུ་སྒྲོག་པ། དབང་ལྡན་དུ་ཧ་ཧ་དགོད་པའོ། །ཤིང་བརྒྱད་ནི། ཤར་དུ་ཤི་རི་ཤ །བྱང་དུ་ཨ་ཤྭོ་ཐ། ནུབ་ཏུ་ཀ་ཀོ་ལ། ལྷོ་རུ་ཙུ་ཏ། མེར་ཀ་རཉྫ། བདེན་བྲལ་དུ་ལ་ཏ་པརྐ་ཏི། རླུང་དུ་པར་ཏི་པ་ཏ། དབང་ལྡན་དུ་བྷ་ཊའོ། །ཕྱོགས་སྐྱོང་བརྒྱད་ནི། ཤར་དུ་དབང་པོ། བྱང་དུ་གནོད་སྦྱིན། ནུབ་ཏུ་ཆུ་ལྷ། ལྷོར་གཤིན་རྗེ། མེར་བྱིན་ཟ། བདེན་བྲལ་དུ་སྲིན་པོ། རླུང་དུ་རླུང་བདགདབང་ལྡན་དུ་འབྱུང་པོའོ། །ཀླུ་བརྒྱད་ནི། ཤར་དུ་ནོར་རྒྱས། བྱང་དུ་འཇོག་པོ། ནུབ་ཏུ་སྟོབས་ཀྱི་རྒྱུ། ལྷོར་པདྨ། མེར་ཧཱུ་ལུན་ཏ།


TNT07_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་བྲལ་དུ་རིག་ལྡན། རླུང་དུ་དུང་སྐྱོང༌། དབང་ལྡན་དུ་པདྨ་ཆེན་པོའོ། །སྤྲིན་གྱི་བདག་པོ་བརྒྱད་ནི། ཤར་དུ་སྒྲ་སྒྲོགས་པ། བྱང་དུ་རྨུགས་པ། ནུབ་ཏུ་མུན་པ་ཅན། ལྷོར་ཀུན་ཏུ་འཁྱིལ། མེར་གང་བ། བདེན་བྲལ་དུ་འབབ་པ། རླུང་དུ་དྲག་པོ། དབང་ལྡན་དུ་འཁྲིགས་པའོ། །ཤིང་རྣམས་ལ་བརྟེན་པའི་ཞིང་སྐྱོང་རྣམས་ནི་སྒོ་མཚམས་མ་བརྒྱད་ཀྱི་གཟུགས་འཛིན་པའོ། །དུར་ཁྲོད་དེ་དག་ཏུ་ཆུ་ཆེན་པོ་བརྒྱད་དང༌། མེ་ཆེན་པོ་བརྒྱད་དང༌། མཆོད་རྟེན་བརྒྱད་ལ་སོགས་པས་ཡོངས་སུ་གང་བ་སྟེ། གཞན་ཡང་རོ་དང་ཀེང་རུས་དང༌། གསལ་ཤིང་གིས་ཕུག་པ་དང༌། དཔྱངས་པ་དང༌། དུམ་བུ་དང༌། འཐོར་བ་ལ་སོགས་པས་གང་བ། བྱ་དང་གཅན་གཟན་སྣ་ཚོགས་པ་ལང་ལོང་རྒྱུ་ཞིང༌། ལྕེ་སྤྱང་གི་སྒྲས་ཁྱབ་པ། གྲུབ་ཆེན་རྫུ་འཕྲུལ་དང་ལྡན་པའི་སློབ་དཔོན་དང་དཔའ་བོ་དང༌། རྣལ་འབྱོར་མ་དང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་དང༌། འཇིགས་པའི་གཟུགས་ཅན་དང་རོ་ལངས་དང་འབྱུང་པོ་དང་སྲིན་མོ་དག་ཤ་ཟ་དུ་མས་ཁྱབ་པ། དངོས་གྲུབ་ཀྱི་རྫས་དང་མཆོད་པ་སྣ་ཚོགས་པས་གང་བའོ། །ནང་གི་ལྷའི་གནས་རྣམས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། དབུས་སུ་འཇིགས་བྱེད་དང་དུས་མཚན་མ། བདེ་ཆེན་འཁོར་ལོའི་མཚམས་བཞིར་ཟླ་བའི་གདན། འཁོར་རྣམས་ལ་མི་རོའི་གདན་རེ་རེའོ། །གཉིས་པ་བརྟེན་པའི་དཀྱིལ་འཁོར་སྒོམ་པ་ལ། དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་སྟེ་གསུམ་ལས། དང་པོ་ལ་


TNT07_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་དང་ཉེར་སྒྲུབ་དང༌། བསྒྲུབ་པ་དང༌། བསྒྲུབ་ཆེན་ཏེ་བཞི་ལས། དང་པོ་ལ། སྔོན་འགྲོ་རྒྱུ་རྡོ་རྗེ་འཛིན་པ་མཛད་པ་དང་བཅས་པ། དངོས་བཞི་འབྲས་བུ་རྡོ་རྗེ་འཛིན་པ་བྱིན་རླབས་དང་བཅས་པའོ། དང་པོ་ནི། དབུས་ཀྱི་གདན་གྱི་སྟེང་དུ་གཡོན་བསྐོར་གྱི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཕྲག་གཉིས་འཁོད། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ་གཡས་བསྐོར་གྱི། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པཱ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ་ཕྲག་གཉིས་བཀོད། དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ། དེ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས། དེའི་བར་དུ་ཧཱུཾ་དང་ཨཾ་ལས་རྡོ་རྗེ་དང་ཐོད་པ་ཧཱུཾ་དང་ཨཾ་གིས་མཚན་པ། སོ་སོར་རྟོག་པའི་ཡེ་ཤེས། དེ་རྣམས་གཅིག་ཏུ་འདྲེས་པར་བྱ་བ་གྲུབ་པའི་ཡེ་ཤེས། དེ་ལས་སྐུ་ཡོངས་སུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་རྒྱུ་རྡོ་རྗེ་འཛིན་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་འཁོར་ལོ་བདེ་མཆོག་སྐུ་མདོག་དཀར་པོ་ཁྲོ་བོ་ཆེན་པོ་ཞལ་བཞི་ཕྱག་བཞི། རྩ་བའི་ཞལ་དཀར། གཡས་ནག གཡོན་དམར། རྒྱབ་སེར་བ། ཞལ་ཐམས་ཅད་རྣམ་པར་འགྱུར་བ། སྤྱན་གསུམ་པ་མཆེ་བ་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་ཐོད་པ་བདུད་རྩིས་གང་བ་དང༌། བདུད་རྩིའི་རང་བཞིན་གྱི་


TNT07_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཊཱཾ་ག་བསྣམས་པ། པདྨ་དང་ཉི་མའི་གདན་གྱི་སྟེང་ན་ཞབས་གཡས་བརྐྱང་པས་དུས་མཚན་མ་དམར་མོའི་ལྟེ་བ་དང་སྐྱེ་གནས་མནན་པ། ཞབས་གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་ཁ་བུབ་ཏུ་བསྒྱེལ་བའི་མགོ་བོ་དང་སྙིང་ག་བརྫིས་པ། རལ་བའི་ཐོར་ཚུགས་དང༌། སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། གཙུག་གི་ནོར་བུ་རིན་པོ་ཆེ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། ཕྱག་གི་གདུ་བུ་དང༌། ཚངས་པའི་སྐུད་པ་དང༌། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་དང༌། སྤྱི་བོའི་འཁོར་ལོ་དང༌། སྐ་རགས་དང༌། ཞབས་གདུབ་གཡེར་ཁའི་འཕྲེང་བ་དང་བཅས་པ། དཔུང་རྒྱན་དང་སོར་གདུབ་སྟེ་ཉེ་བའི་ཕྱག་རྒྱ་ལྔས་སྐུ་ལ་བརྒྱན་པ། མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་དང༌། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། སྒེག་པ་ལ་སོགས་པའི་གར་གུ་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་མ། དྲག་མོ་ཆེན་མོ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། ཕྱག་གཡོན་པའི་བདུད་དང་གདུག་པའི་ཁྲག་དང་མིའི་རྒྱུ་མའི་གང་བའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པའི་ཚུལ་གྱིས་སྟོབས་པ། གཡས་པས་རྡོ་རྗེ་དང་སྡིགས་འཛུབ་ཀྱིས་ཕྱོགས་ཐམས་ཅད་དུ་བསྡིགས་པ། དབུ་སྐྲ་གྲོལ་བ། ཞབས་གཡོན་བརྐྱངས་ཤིང་གཡས་བསྐུམ་པས་བཅོམ་ལྡན་འདས་ལ་ལེགས་པར་འཁྱུད་པ་གཅེར་བུའི་མཆོག་མི་མགོ་


TNT07_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། འཁོར་ལོ་སྙན་རྒྱན་མགུར་ཆུ་གདུབ་བུའི་ཚོགས་དང་འོག་པག་སྟེ། རུས་པའི་རྒྱན་ལྔས་བརྒྱན་པ། ཁྲག་གསོལ་བ་ལ་དགེས་ཤིང༌། བྷ་ག་ནས་ཁྲག་འཛག་པའོ། །སྣང་བ་དང་ལྷག་མཐོང་དང་ཐུགས་རྗེ་ཆེན་པོའི་ངོ་བོ་ནི་ཡབ་ཡིན་ལ། སྟོང་པ་དང་ཞི་གནས་དང་བདེ་བ་ཆེན་པོའི་ངོ་བོ་ནི་ཡུམ་ཡིན་ཞིང༌། གཉིས་ཀའང་བསྐལ་པའི་མེ་ལྟ་བུའི་དབུས་ན་བཞུགས་པའོ། །དེ་ནས་ཡུམ་གྱི་མངལ་གནས་སུ་སྐད་ཅིག་གིས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གཞལ་ཡས་ཁང་དང་བཅས་པ་གྲུབ་པར་གྱུར། གཙོ་བོ་ཡབ་ཡུམ་རྗེས་སུ་ཆགས་པས་ཁ་སྦྱོར་ནང་གི་འདོད་པའི་ཡོན་ཏན་ལྔའི་བདེ་བ་སྐུ་ཉམས་སུ་སྟར་ཞིང་རྡོ་རྗེ་དང་པདྨའི་འཁོར་ལོའི་ལྟེ་བ་ལུ་གུར་རྒྱུད་དུ་བཅིངས་པའི་སྦྱོར་བས་འདོད་ཆགས་ཆེན་པོའི་འོད་ཟེར་ཐུགས་ཀ་ནས་སྤྲོས་སེམས་ཅན་གྱི་ཁམས་མ་ལུས་པ་བཀུག་ནས་ནང་གི་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་བ་ནས་ཞུགས། བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་བས་སྒྲིབ་པ་གསུམ་དགཡེ་ཤེས་ཡོངས་སུ་རྫོགས། དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱིས་སྐུར་གྱུར་ནས་ཕྱིར་སྤྲོས་ཏེ་སྐད་ཅིག་དེ་ཉིད་ལ་རང་རང་གི་ཞིང་དུ་གཤེགས་པར་གྱུར། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་སྙོམས་པར་ཞུགས། དགའ་བའི་སྒྲས་ནམ་མཁའི་ནཱ་དའམ་ཧཱུཾ་ཡིག་དང་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། བདག་གི་ཞལ་ནས་ཞུགས། སྙིང་གར་འོད་དུ་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ་ལས་ཡབ་ཡུམ་


TNT07_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འོད་དུ་ཞུ་ནས། ཐིག་ལེའི་རང་བཞིན་འོད་ཀྱི་ཕུང་པོ་དཀར་ལ་དམར་བའི་མདངས་ཅན་དུ་གྱུར། གཉིས་པ་ནི། དེ་ནས་རང་བཞིན་གྱི་གནས་ནས་སངས་རྒྱས་ཐམས་ཅད་འདུས་པ་དང༌། ཐིག་ལེ་ལས་བྱུང་བའི་སངས་རྒྱས་རྣམས་ཀྱིས། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛ་ཧཱུཾ་བཾ་ཧོཿ སུ་ར་ཏ་སྟྭཾ་དྲཾ་ཤྱ་ཧོ། ཞེས་བསྐུལ། སངས་རྒྱས་རྣམས་ཐིག་ལེ་ལ་ཐིམ་ཏེ། ཐིག་ལེ་དེ་ཧཱུཾ་དང་ཨཾ་གཉིས་སུ་གྱུར། དེ་ལས་འབྲས་བུ་རྡོ་རྗེ་འཛིན་པ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ནག ཆེས་ཆེར་ཁྲོས་པ་དྲག་ཤུལ་ཆེན་པོ་ཆགས་པའི་ཉམས་དང་འདྲེས་པ། ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་བའི་ཞལ་ཤིན་ཏུ་གནག་པ། གཡས་ཞལ་ཀུནྡ་ལྟར་དཀར་བ་གཡོན་ཞལ་པདྨ་རཱ་ག་ལྟར་དམར་བ། རྒྱབ་ཞལ་སེར་པོ་གསེར་ལྟར་འབར་བ། ཞལ་ཐམས་ཅད་རྣམ་པར་འགྱུར་བ། སྤྱན་གསུམ་པ། མཆེ་བ་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་བརྒྱངས་ཏེ་འཛིན་པ། གསུམ་པ་གཉིས་ན་ཌ་མ་རུ་དང་ཁ་ཊྭཱཾ་ག བཞི་པ་གཉིས་ན་དགྲ་སྟ་དང་ཞགས་པ། ལྔ་པ་གཉིས་ན་མདུང་རྩེ་གསུམ་པ་དང༌། ཁྲག་གིས་གང་བའི་ཐོད་པ། དྲུག་པ་གཉིས་ཀྱིས་གྲི་གུག་དང་ཚངས་པའི་མགོ་བོ་བསྣམས་པ། པདྨ་དང་ཉི་མའི་གདན་གྱི་སྟེང་ན་ཞབས་གཡས་བརྐྱང་པས་དུས་མཚན་མ་དམར་མོའི་ལྟེ་བ་དང་སྐྱེ་གནས་མནན་པ་


TNT07_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཡོན་བསྐུམ་པས་འཇིགས་བྱེད་ནག་པོ་ཁ་བུབ་ཏུ་བསྐྱེལ་བའི་མགོ་བོ་དང་སྙིང་ག་བརྫིས་པ། རལ་པའི་ཐོར་ཚུགས་དང༌། སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། ཐོད་པ་སྐམ་པོ་ལྔས་དབུ་རྒྱན་པ། གཙུག་གི་ནོར་བུ་རིན་པོ་ཆེ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། ཕྱག་གི་གདུ་བུ་དང༌། ཚངས་པའི་སྐུད་པ་དང༌། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་དང༌། སྤྱི་བོའི་འཁོར་ལོ་དང༌། སྐ་རགས་དང༌། ཞབས་གདུབ་གཡེར་ཁའི་འཕྲེང་བ་དང་བཅས་པ་དང༌། དཔུང་རྒྱན་དང་སོར་གདུབ་སྟེ་ཉེ་བའི་ཕྱག་རྒྱ་ལྔས་སྐུ་ལ་བརྒྱན་པ། མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་དང༌། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། སྒེགས་པ་ལ་སོགས་པའི་ཀར་དགུ་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། དྲག་མོ་ཆེན་མོ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། ཕྱག་གཡོན་པས་བདུད་དང་གདུག་པའི་ཁྲག་དང་མིའི་རྒྱུ་མས་གང་བའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པའི་ཚུལ་གྱིས་སྟོབས་པ། གཡས་པས་རྡོ་རྗེ་དང་སྡིགས་འཛུབ་ཀྱིས་ཕྱོགས་ཐམས་ཅད་དུ་བསྡིགས་པ། དབུ་སྐྲ་གྲོལ་བ། ཞབས་གཡོན་བརྐྱངས་ཤིང་གཡས་བསྐུམས་པས་བཅོམ་ལྡན་འདས་ལ་ལེགས་པར་འཁྱུད་པ། །གཅེར་བུའི་མཆོག་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤེལ་ཅན། འཁོར་ལོ་སྙན་རྒྱན་མགུར་ཆུ་གདུ་བུའི་ཚོགས་དང་འོག་པག་སྟེ། རུས་པའི་རྒྱན་ལྔས་བརྒྱན་པ། ཁྲག་གསོལ་བ་ལ་དགེས་


TNT07_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། བྷ་ག་ནས་ཁྲག་འཛག་པའོ། །སྣང་བ་དང་ལྷག་མཐོང་དང་ཐུགས་རྗེ་ཆེན་པོའི་ངོ་བོ་ནི་ཡབ་ཡིན་ལ། སྟོང་པ་དང་ཞི་གནས་དང་བདེ་བ་ཆེན་པོའི་ངོ་བོ་ནི་ཡུམ་ཡིན་ཞིང༌། གཉིས་ཀའང་བསྐལ་པའི་མེ་ལྟ་བུའི་དབུས་ན་བཞུགས་པའོ། །ཞེས་པའི་བར་སྔར་བཞིན་ནོ། །སུམྦྷ་བརྗོད་པའི་ཞལ་བཞི་བྱིན་གྱིས་རླབས་པ་དང༌། ཨོཾ་དྷརྨ་དྷ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་བཟུང་ངོ་། །གཉིས་པ་ཉེར་བསྒྲུབ་ནི་གོ་ཆ་འགོད་པ་སྟེ། སྙིང་ཁར་ཨོཾ་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ་འམ། མགོ་བོར་ཨོཾ་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་ཨོཾ་སྭཱཧཱ་ཧཱུཾ་དམར་པོ་པདྨ་གར་གྱི་དབང་ཕྱུགཕྲག་པ་གཉིས་སུ་ཨོཾ་བཽ་ཥཊ་ཧེ་ནག་པོ་དཔལ་ཧེ་རུ་ཀ མིག་གཉིས་སུ་ཨོཾ་ཧཱུཾ་ཧཱུཾ་ཧོ་དམར་སེར་རྡོ་རྗེ་ཉི་མ། ཚིགས་ཆེན་བརྒྱད་ལ་ཨོཾ་ཕཊ་ཧཾ་ལྗང་ཁུ་རྟ་མཆོག་གི་ངོ་བོ། ལྟེ་བར་ཨོཾ་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་ཁར་ཨོཾ་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཨོཾ་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཨོཾ་ཧྲིཾ་ཧྲིཾ་སེར་མོ་བསྐྱོད་བྱེད་མ། སྤྱི་གཙུག་ཏུ་ཨོཾ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཚིགས་ཆེན་བརྒྱད་ལ་ཨོཾ་ཕཊ་ཕཊ་དུད་ཁ་ཙཎྜི་ཀཱའི་ངོ་བོ། རྡོ་རྗེ་སེམས་དཔའ་དང་རྨོངས་བྱེད་མ་ཟླ་བའི་གདན། གཞན་རྣམས་ཉི་མའི་གདན་ལ་གནས་པ་སྟེ་ཡབ་ཀྱི་གནས་སུ་ཡང་ཡུམ་དང༌། ཡུམ་གྱི་གནས་ཡང་ཡབ་གཉིས་སུ་མེད་པར་གྱུར། གསུམ་པ་བསྒྲུབ་པ་ལ་རྡོ་རྗེ་གསུམ་བྱིན་གྱིས་རླབས་པ་ནི། ཡབ་ཀྱི་སྙིང་ཁར་ཟླ་བ་ལ་གནས་པའི་ཧཱུཾ་སྔོན་པོ་ཐུགས་རྡོ་རྗེ། ལྐོག་མར་ཨོཾ་ཧྲི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་དམར་པོ་གསུང་


TNT07_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ། དཔྲལ་པར་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀཱི་ནཱི་ཛྭ་ལ་སཾ་པ་རཾ་སྭཱཧཱ། དཀར་པོ་སྐུ་རྡོ་རྗེའོ། །ཡུམ་གྱི་སྙིང་ཁར་ཨོཾ་སརྦ་བུདྡྷ་ཌཱ་ཀཱི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་ནག་པོ་ཐུགས་རྡོ་རྗེ་མ་ལྐོག་མར་ཨོཾ་ཙཽ་རཱི་ཧཱུཾ་ཧཱུཾ་ཕཊ། དམར་པོ་གསུང་རྡོ་རྗེ་མ། དཔྲལ་བར་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དཀར་པོ་སྐུ་རྡོ་རྗེ་མའོ། །གནས་ལྔ་བྱིན་གྱིས་བརླབ་པ་ནི། གཉིས་ཀའི་སྤྱི་བོར་ཨོཾ་དཀར་པོ་རྣམ་པར་སྣང་མཛད། སྙིང་གར་ཧཱུཾ་སྔོན་པོ་མི་བསྐྱོད་པ། ཟེའུ་འབྲུ་ལ་ཨཱཿདམར་པོ་སྣང་བ་མཐའ་ཡས། ལྟེ་བར་སྭ་སེར་པོ་རིན་ཆེན་འབྱུང་ལྡན། བརླར་ཧཱ་ལྗང་ཁུ་དོན་ཡོད་གྲུབ་པའི་ངོ་བོར་གྱུར། བཞི་པ་སྒྲུབ་ཆེན་ལ་བཞི་ལས། དང་པོ་ཡེ་ཤེས་པ་དགུག་པ་ནི། སྙིང་གའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས། འཁོར་ལོ་བདེ་མཆོག་ཡབ་ཡུམ་སྤྱན་དྲངས། ཕཻཾ། ཞེས་བརྗོད་ཅིང༌། འབར་བའི་ཕྱག་རྒྱ་དཔྲལ་བར་བཞག་ལ་གཡོན་དུ་བསྒྱུར་ཞིང་མིག་གྱེན་དུ་བལྟ། རྐང་པ་གཡོན་པས་གཡས་པ་གནོན་ནོ།། དེ་ནས། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་དེ་དམ་ཚིག་པ་ལ་བསྟིམ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ་྅་ཧཾ། ཞེས་བརྗོད། གཉིས་པ་དབང་བསྐུར་བ་ནི། སླར་ཡང་སྙིང་གའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུའི་འཕྲོས་པས། དབང་གི་ལྷ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཕཻཾ། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ལྷ་མོའི་ཚོགས་དང་བཅས་པ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་


TNT07_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཁྲུས་བྱའོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་བརྗོད་ཅིང༌། དབང་བསྐུར་བས་ལུས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་གང་སྟེ། ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་ནས་ཆུའི་ལྷག་མ་ཡར་ལུད་པ་ལས་ཡབ་ཡུམ་གཉིས་ཀ་ལ་མི་བསྐྱོད་པས་དབུ་བརྒྱན། གསུམ་པ་མཆོད་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བ་ར། ཞེས་པ་སྔོན་དུ་འགྲོ་བའི་ཆུ་གཉིས་དང་ཉེར་སྤྱོད་ལྔས་མཆོད། ཡབ་ཡུམ་གྱི་སྙིང་པོ་བརྗོད་ཅིང་ནང་མཆོད་འབུལ་ལོ།། བཞི་པ་རྗེས་ཆགས་ཀྱི་རྒྱས་གདབ་ནི། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་མ་གསུམ་པ་ཟེའུ་འབྲུའི་ནང་དུ་ཡི་གེ་དྱཱ་དམར་པོ། ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ནོར་བུའི་ནང་དུ་ཡི་གེ་བྱཱ་དཀར་པོའོ། །ཡབ་ཡུམ་གཉིས་རྗེས་སུ་ཆགས་པ་སྙོམས་པར་ཞུགས་པས་ཟག་པ་མེད་པའི་བདེ་བ་ཆེན་པོས་རྒྱུད་གང་བར་གྱུར། གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ལ། རྒྱུ་ཐིག་ལེ་སྒྲུབ་པ། འབྲས་བུ་དཀྱིལ་འཁོར་བསྐྱེད་དེ་སྤྲོ་བ། ཡང་དག་བྱིན་གྱིས་རླབས་པ། མཆོད་ཅིང་བསྟོད་པར་བྱ་བ་སྟེ་ལྔ་ལས། དང་པོ་ནི་སླར་ཡང་ཡབ་ཡུམ་སྙོམས་པར་ཞུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། གཙོ་བོའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བདེ་བར་གཤེགས་པ་རྣམས་སྤྱན་དྲངས། སྨིན་མཚམས་ནས་ཞུགས་ཨ་ཝ་དྷུ་ཏཱིའི་ལམ་ནས་སྙིང་ཁར་བབས། ལྟེ་བའི་ཨཾ་གི་འོད་ཀྱིས་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པར་གྱུར། གཉིས་པ་ནི། ཐིག་ལེ་དཀར་དམར་འདྲེས་པ་དེ་ལས་རྟེན་དང་བརྟེན་པའི་


TNT07_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དུས་གཅིག་ཏུ་གྲུབ་པ་ནི། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་འཁོར་ལོའི་རིམ་པ་བཞི་ལྷའི་གདན་དང་བཅས་པ། དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ནག་ཆེས་ཆེར་ཁྲོས་པ་དྲག་ཤུལ་ཆེན་པོ་ཆགས་པའི་ཉམས་དང་འདྲེས་པ། ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་བའི་ཞལ་ཤིན་ཏུ་གནག་པ། གཡས་ཞལ་ཀུན་ལྟར་དཀར་བ་གཡོན་ཞལ་པདྨ་རཱ་ག་ལྟར་དམར་བ། རྒྱབ་ཞལ་སེར་པོ་གསེར་ལྟར་འབར་བ། ཞལ་ཐམས་ཅད་རྣམ་པར་འགྱུར་བ། སྤྱན་གསུམ་པ་མཆེ་བ་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་བརྒྱངས་ཏེ་འཛིན་པ། གསུམ་པ་གཉིས་ན་ཌ་མ་རུ་དང་ཁ་ཊཱཾ་གབཞི་པ་གཉིས་ན་དགྲ་སྟ་དང་ཞགས་པ། ལྔ་པ་གཉིས་ན་མདུང་རྩེ་གསུམ་པ་དང་ཁྲག་གིས་གང་བའི་ཐོད་པ། དྲུག་པ་གཉིས་ཀྱིས་གྲི་གུག་དང་ཚངས་པའི་མགོ་བོ་བསྣམས་པ། པདྨ་དང་ཉི་མའི་གདན་གྱི་སྟེང་ན་ཞབས་གཡས་བརྐྱང་པས་དུས་མཚན་མ་དམར་པོའི་ལྟེ་བ་དང་སྐྱེ་གནས་མནན་པ། ཞབས་གཡོན་བསྐུམ་པས། འཇིགས་བྱེད་ནག་པོ་ཁ་བུབ་ཏུ་བརྒྱལ་བའི་མགོ་བོ་དང་སྙིང་ག་བརྫིས་པ། རལ་པའི་ཐོར་ཚུགས་དང༌། སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། ཐོད་པ་སྐམ་པོ་ལྔས་དབུ་རྒྱན་པ། གཙུག་གི་ནོར་བུ་རིན་པོ་ཆེ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། ཕྱག་གི་གདུ་བུ་དང༌། ཚངས་པའི་སྐུད་པ་དང༌།


TNT07_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་དང༌། སྤྱི་བོའི་འཁོར་ལོ་དང༌། སྐ་རགས་དང༌། ཞབས་གདུབ་གཡེར་ཁའི་འཕྲེང་བ་དང་བཅས་པ། དཔུང་རྒྱན་དང་སོར་གདུབ་སྟེ་ཉེ་བའི་ཕྱག་རྒྱ་ལྔས་སྐུ་ལ་བརྒྱན་པ། མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་དང༌། སྟག་གི་པགས་པའི་ཤ་ཐབས་གྲོལ་བ། སྒེག་པ་ལ་སོགས་པའི་གར་དགུ་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་མ། དྲག་མོ་ཆེན་མོ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། ཕྱག་གཡོན་པས་བདུད་དང་གདུག་པའི་ཁྲག་དང་མིའི་རྒྱུ་མས་གང་བའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པའི་ཚུལ་གྱིས་སྟོབ་པ། གཡས་པས་རྡོ་རྗེ་དང་སྡིགས་འཛུབ་ཀྱིས་ཕྱོགས་ཐམས་ཅད་བསྡིགས་པ། དབུ་སྐྲ་གྲོལ་བ། ཞབས་གཡོན་བརྐྱངས་ཤིང་གཡས་བསྐུམས་པས་བཅོམ་ལྡན་འདས་ལ་ལེགས་པར་འཁྱུད་པ། གཅེར་བུའི་མཆོག་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། འཁོར་ལོ་སྙན་རྒྱན་མགུར་ཆུ་གདུ་བུའི་ཚོགས་དང་འོག་པག་སྟེ། རུས་པའི་རྒྱན་ལྔས་བརྒྱན་ལ། ཁྲག་གསོལ་བ་ལ་དགེས་ཤིང༌། བྷ་ག་ནས་ཁྲག་འཛག་པའོ། །སྣང་བ་དང་ལྷག་མཐོང་དང་ཐུགས་རྗེ་ཆེན་པོའི་ངོ་བོ་ནི་ཡབ་ཡིན་ལ། སྟོང་པ་དང་ཞི་གནས་དང་བདེ་བ་ཆེན་པོའི་ངོ་བོ་ནི་ཡུམ་ཡིན་ཞིང༌། གཉིས་ཀའང་བསྐལ་པའི་མེ་ལྟ་བུའི་དབུས་ན་བཞུགས་པའོ། །ཤར་དུ་མཁའ་འགྲོ་མ་སྔོ་སྐྱ། བྱང་དུ་ལཱ་མ་ལྗང་


TNT07_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ། ནུབ་ཏུ་ཁཎྜ་རོ་ཧཱ་དམར་སྐྱ། ལྷོར་གཟུགས་ཅན་མ་སེར་སྐྱ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡས་གྲི་གུག །གཡོན་པ་རྣམས་བདུད་རྩིས་གང་བའི་ཐོད་པ་ལ་རིམ་པས། གླང་པོ་ཆེ། ཅེ་སྤྱང་སྐྱེས་པ། བ་ལང་རྣམས་ཀྱིས་མཚན་པ་བསྣམས་པ། སྐྲ་གྲོལ་བ། ཕྱག་རྒྱ་ལྔ་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། །མི་རོའི་སྟེང་དུ་གཡས་བརྐྱང་བའི་གར་གྱིས་བཞུགས་པའོ། །མཚམས་བཞིར་མ་དང་ཕ་དང་རྒྱལ་པོ་དང༌། རྒྱལ་རིགས་གཉིས་ཀྱི་གང་བའི་ཐོད་པ་བཞི་སངས་རྒྱས་ཀྱི་གཟུགས་ཀྱིས་མཚན་པའོ། །དེའི་ཕྱི་རོལ་ཏུ་ཐུགས་ཀྱི་འཁོར་ལོའི་ཤར་ཕྱོགས་པུ་ལི་ར་མ་ལ་ཡ་ར་ཁཎྜ་ཀ་པཱ་ལ་དང༌། རབ་གཏུམ་མོ། བྱང་ཕྱོགས་ཛཱ་ལན་ད་རར་མ་ཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མ། ནུབ་ཕྱོགས་ཨོ་ཊི་ཡ་ནར་ཀཾ་ཀཱ་ལ་དང་འོད་ལྡན་མ། ལྷོ་ཕྱོགས་ཨརྦུ་ཏ་ར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། ཤར་ལྷོ་གཽ་དཱ་ཝ་རེར་སུ་ར་བཻ་རི་དང་བརྟན་པའི་བློ་ཅན་མ། ལྷོ་ནུབ་རསྨཱི་ཤྭ་རར་འོད་དཔག་མེད་དང་མིའུ་ཐུང་མ། ནུབ་བྱང་དེ་བཱི་ཀོ་ཊར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། བྱང་ཤར་མཱ་ལ་བར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཁ་དོག་ནག་པོའོ། །དེའི་ཕྱི་རོལ་ཏུ། གསུང་གི་འཁོར་ལོའི་ཤར་ཕྱོགས་ཀཱ་མ་རཱུ་པར་ཨཾ་ཀུ་རི་དང་ཨེ་ར་བ་ཏཱི། བྱང་ཕྱོགས་ཨོ་ཏྲེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ནུབ་ཕྱོགས་དྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་


TNT07_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མ་ལྷོ་ཕྱོགས་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ། ཤར་ལྷོར་ཀ་ལིངྐར་རབ་ཏུ་བཟང་པོ་དང་ཤྱཱ་མ་དེ་ཝཱི། ལྷོ་ནུབ་ལཾ་བ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། །ནུབ་བྱང་ཀཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣམ། བྱང་ཤར་ཧི་མ་ལ་ཡར་མིག་མི་བཟང་དང་ཁ་གཱ་ན་ན་སྟེ་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཁ་དོག་དམར་པོའོ། །དེའི་ཕྱི་རོལ་ཏུ་སྐུའི་འཁོར་ལོའི་ཤར་ཕྱོགས་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང༌། འཁོར་ལོའི་ཤུགས་ཅན་མ། བྱང་ཕྱོགས་གྲི་ཧ་དེ་བར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧི། ནུབ་ཕྱོགས་སཽ་རཥྟར་རྟ་མགྲིན་དང་ཤཽནྚི་ནཱི། ལྷོ་ཕྱོགས་སུ་ཝརྞ་དཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། ཤར་ལྷོ་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། ལྷོ་ནུབ་སིདྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། ནུབ་བྱང་མ་རུ་ར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། བྱང་ཤར་ཀུ་ལུ་སྟ་ར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཁ་དོག་དཀར་པོའོ། ཁཎྜ་ཀ་པཱ་ལ་ལ་སོགས་པའི་དཔའ་བོ་ཉེར་བཞི་ཐམས་ཅད་དཔལ་ཧེ་རུ་ཀའི་རིགས་ལས་བྱུང་བ། ཧེ་རུ་ཀ་ཉིད་དང་མཚུངས་པ་ལས་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དབུགས་བྲལ་གྱི་གདན་ལ་གནས་པའོ། །རབ་གཏུམ་མ་ལ་སོགས་པའི་ལྷ་མོ་ཉེར་བཞི་རྣམས་རྡོ་རྗེ་ཕག་མོའི་རིགས་ལས་བྱུང་བ་ཕག་མོ་ཉིད་དང་མཚུངས་པ་ལས། ཕྱག་གཡས་རྡོ་རྗེས་མཚན་པའི་


TNT07_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གུག་དང༌། གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་པའོ། །དེའི་ཕྱི་རོལ་དམ་ཚིག་གི་འཁོར་ལོའི་ཤར་དུ་ཁྭ་གདོང་མ་སྔོ་སྐྱ། བྱང་དུ་འུག་གདོང་མ་ལྗང་སྐྱ། ནུབ་ཏུ་ཁྱི་གདོང་མ་དམར་སྐྱ། ལྷོར་ཕག་གདོང་མ་སེར་སྐྱ། ཤར་ལྷོ་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། བརྒྱད་པོ་ཐམས་ཅད་ཀྱང་ཆེས་ཆེར་ཁྲོས་པ་འོད་ཟེར་འབར་བ་བཞིན་ཤིན་ཏུ་འགྱུར་ཞིང་སྣ་ཚོགས་སུ་རྣམ་པར་བསྒྱུར་བ། སྟག་གི་པགས་པའི་ཤམ་ཐབས་ཅན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐྲ་གྲོལ་བ་གཡས་གྲི་གུག །གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་པ། ཐོར་ཚུགས་ཀྱི་ནོར་བུ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུ་དང༌། རྡོ་རྗེའི་སྐ་རགས་དང་ཐོད་པའི་འཕྲེང་བས་མགུལ་བ་བརྒྱན་པ། རྐང་པ་གཉིས་ལ་དྲིལ་བུ་གཡེར་ཁས་སྤྲས་པ། ཤིན་ཏུ་གཡོན་བརྐྱང་བས་རོ་གདན་ལ་བཞུགས་པ་སྟེ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དཔྲལ་བར་ཐོད་པའི་སྟེང་དུ་རྡོ་རྗེའི་འཕྲེང་བས་མཚན་པའོ།། གསུམ་པ་ནི། བྷ་གའི་གཙོ་བོ་ཡབ་ཡུམ་རྡོ་རྗེའི་ལམ་ནས་ཡར་དྲངས་ཐུགས་ཀ་ནས་ཕྱིར་སྤྲོས། སངས་རྒྱས་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་སླར་འདུས་གཅིག་ཏུ་འདྲེས་ཡབ་དཔལ་ཧེ་རུ་ཀ་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ན་རྩ་ཨ་བ་དྷུ་ཏཱི་ཧཱུཾ་གི་དབྱིབས་ཅན་ཁམས་


TNT07_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱིད་དང་བཅས་པ་ལ་ཐིམ་པའི་བཅོམ་ལྡན་འདས་དང༌། ཡུམ་རྡོ་རྗེ་ཕག་མོ་ལྟེ་བའི་ཨཾ་ཡིག་དང་རྩའི་གཙོ་མོ་བཞི་ལ་ཐིམས་པས་རྡོ་རྗེ་ཕག་མོར་གྱུར་ཏེ། སྙིང་གར་མཉམ་པར་སྦྱོར་བ་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ནག་ཆེས་ཆེར་ཁྲོས་པ། དྲག་ཤུལ་ཆེན་པོ་ཆགས་པའི་ཉམས་དང་འདྲེས་པ། ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་བའི་ཞལ་ཤིན་ཏུ་གནག་པ། གཡས་ཞལ་ཀུནྡ་ལྟར་དཀར་བ། གཡོན་ཞལ་པདྨ་རཱ་ག་ལྟར་དམར་བ། རྒྱབ་ཞལ་སེར་པོ་གསེར་ལྟར་འབར་བ། ཞལ་ཐམས་ཅད་རྣམ་པར་འགྱུར་བ། སྤྱན་གསུམ་པ་མཆེ་བ་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་བརྒྱངས་ཏེ་འཛིན་པ། གསུམ་པ་གཉིས་ན་ཌ་མ་རུ་དང་ཁ་ཊྭཱཾ་ག བཞི་པ་གཉིས་ན་དགྲ་སྟ་དང་ཞགས་པ། ལྔ་པ་གཉིས་ན་མདུང་རྩེ་གསུམ་པ་དང་ཁྲག་གིས་གང་བའི་ཐོད་པ། དྲུག་པ་གཉིས་ཀྱིས་གྲི་གུག་དང་ཚངས་པའི་མགོ་བོ་བསྣམས་པ། པདྨ་དང་ཉི་མའི་གདན་གྱི་སྟེང་ན་ཞབས་གཡས་བརྐྱང་པས་དུས་མཚན་མ་དམར་མོའི་ལྟེ་བ་དང་སྐྱེ་གནས་མནན་པ། ཞབས་གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་ཁ་བུབ་ཏུ་བསྒྱེལ་བའི་མགོ་བོ་དང་སྙིང་ག་བརྫིས་པ། རལ་པའི་ཐོར་ཚུགས་དང་སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། ཐོད་པ་སྐམ་པོ་ལྔས་དབུ་རྒྱན་པ། གཙུག་གི་ནོར་བུ་རིན་པོ་ཆེ་དང༌།


TNT07_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་ཆ་དང༌། མགུལ་རྒྱན་དང༌། ཕྱག་གི་གདུ་བུ་དང༌། ཚངས་པའི་སྐུད་པ་དང༌། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་དང༌། སྤྱི་བོའི་འཁོར་ལོ་དང༌། སྐ་རགས་དང༌། ཞབས་གདུབ་གཡེར་ཁའི་འཕྲེང་བ་དང་བཅས་པ་དང༌། དཔུང་རྒྱན་དང་སོར་གདུབ་སྟེ་ཉེ་བའི་ཕྱག་རྒྱ་ལྔས་སྐུ་ལ་བརྒྱན་པ། །མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་དང༌། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ་སྒེག་པ་ལ་སོགས་པའི་གར་དགུ་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་མ། དྲག་མོ་ཆེན་མོ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། ཕྱག་གཡོན་པས་བདུད་དང་གདུག་པའི་ཁྲག་དང་མིའི་རྒྱུ་མས་གང་བའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པའི་ཚུལ་གྱིས་སྟོབ་པ་གཡས་པས་རྡོ་རྗེ་དང་སྡིག་མཛུབ་ཀྱི་ཕྱོགས་ཐམས་ཅད་དུ་བསྡིགས་པ། དབུ་སྐྲ་གྲོལ་བ། ཞབས་གཡོན་བརྐྱངས་ཤིང་གཡས་བསྐུམས་པས་བཅོམ་ལྡན་འདས་ལ་ལེགས་པར་འཁྱུད་པ། གཅེར་བུའི་མཆོག་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན་འཁོར་ལོ་སྙན་རྒྱན། མགུར་ཆུ་གདུ་བུའི་ཚོགས་དང་འོག་པག་སྟེ། རུས་པའི་རྒྱན་ལྔས་བརྒྱན་པ། ཁྲག་གསོལ་བ་ལ་དགེས་ཤིང༌། བྷ་ག་ནས་ཁྲག་འཛག་པའོ། སྣང་བ་དང་ལྷག་མཐོང་དང་ཐུགས་རྗེ་ཆེན་པོའི་ངོ་བོ་ནི་ཡབ་ཡིན་ལ། སྟོང་པ་དང་ཞི་གནས་དང་བདེ་བ་ཆེན་པོའི་ངོ་བོ་ནི་ཡུམ་ཡིན་ཞིང༌། གཉིས་ཀའང་བསྐལ་པའི་མེ་ལྟ་བུའི་དབུས་ན་བཞུགས་པའོ། །དེ་ལྟ་བུའི་


TNT07_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཀྱི་ཐུགས་ཀར་ཧཱུཾ། ཡུམ་གྱི་ཐུགས་ཀར་བཾ་གནས་པའོ། །མཁའ་ནང་གི་སྙིང་པོའི་རྣལ་འབྱོར་མ་བཞི་རྡོ་རྗེའི་ལམ་ནས་ཡར་དྲངས། སྙིང་ག་ནས་རྒྱུད་སོ་སོའི་གནས་ནས་ཕྱིར་སྤྲོས་རྣམ་པར་དག་པའི་ཁམས་བཞི་ལ་བཞག་སྟེ་ཕྱིའི་བདེ་ཆེན་འཁོར་ལོའི་ཕྱོགས་བཞིར་འཁོད། སྙིང་གའི་ནང་བསྐོར་གྱི་ཕྱོགས་བཞིའི་མཾ་ཏཾ་པཾ་ལཾ་རྣམས་ཀྱང་རྣལ་འབྱོར་མ་བཞིར་གྱུར་ཏེ། དེ་ཡང་ནང་དང་ཕྱིའི་ཤར་དུ་མཁའ་འགྲོ་མ་སྔོ་སྐྱ། བྱང་དུ་ལཱ་མ་ལྗང་སྐྱ། ནུབ་ཏུ་ཁནྜ་རོ་ཧ་དམར་སྐྱ། ལྷོར་གཟུགས་ཅན་མ་སེར་སྐྱ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡས་གྲི་གུག གཡོན་པ་རྣམས་བདུད་རྩིས་གང་བའི་ཐོད་པ་ལ་རིམ་པས། གླང་པོ་ཆེ། ཅེ་སྤྱང༌། སྐྱེས་པ། བ་ལང་རྣམས་ཀྱིས་མཚན་པ་བསྣམས་པ། སྐྲ་སྒྲོལ་བ། ཕྱག་རྒྱ་ལྔ་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མི་རོའི་སྟེང་དུ་གཡས་བརྐྱང་བའི་གར་གྱིས་བཞུགས་པའོ། །མཁའ་ནང་གི་ཐོད་པ་བཞི་རྡོ་རྗེའི་ལམ་ནས་ཡར་དྲངས། སྙིང་ག་ནས་རྒྱུད་སོ་སོའི་གནས་ནས་ཕྱིར་སྤྲོས། རྣམ་པར་དག་པའི་ཕུང་པོ་ལྔ་ལ་བཞག་སྟེ་ཕྱིའི་བདེ་ཆེན་འཁོར་ལོའི་མཚམས་བཞིར་འཁོད། སྙིང་གའི་མཚམས་ཀྱི་བདུད་རྩི་ལྔ་འབབ་པའི་རྩ་རྣམས་ཀྱང་ཐོད་པ་བཞིར་གྱུར། དེ་ཡང་ནང་དང་ཕྱིའི་མཚམས་བཞིར་མ་དང་ཕ་དང་རྒྱལ་པོ་དང༌། རྒྱལ་རིག་གཉིས་ཀྱིས་གང་བའི་ཐོད་པ་བཞི་སངས་རྒྱས་ཀྱི་གཟུགས་ཀྱིས་མཚན་པའོ། །


TNT07_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ནང་གི་འཁོར་ལོ་གསུམ་གྱི་ལྷ་རྣམས་རྡོ་རྗེའི་ལམ་ནས་ཡར་དྲངས། སྙིང་ཁ་ནས་རྒྱུད་སོ་སོའི་གནས་ནས་ཕྱིར་སྤྲོས། རྣམ་པར་དག་པའི་ཡུལ་དང་ཡུལ་ཅན་ལ་བཞག་སྟེ་ཕྱིའི་འཁོར་ལོ་གསུམ་ལ་འཁོད། སྤྱི་བོ་ལ་སོགས་པའི་གནས་སོ་སོར། པུ་ཛ་ཨོ་ཨ་གོ་ར་དེ་མཱ། ཀ་ཨོ་ཏྲི་ཀོ་ལ་ཀཱ་ཧི། པྲེ་གྲི་སཽ་སུན་སི་མ་ཀུ་སྟེ། གནས་རྣམས་ཡུལ་ཉི་ཤུ་རྩ་བཞི་དང༌། ཁམས་རྣམས་དཔའ་བོ་ཉེར་བཞི་དང༌། རྩ་རྣམས་དཔའ་མོ་ཉེར་བཞིར་གྱུར། དེ་ཡང་སྤྱི་བོ་དང་ཐུགས་ཀྱི་འཁོར་ལོའི་ཤར་རྩིབས་པུ་ལཱི་ར་མ་ལ་ཡར་ཁནྜ་ཀ་པཱ་དང་རབ་གཏུམ་མོ། སྤྱི་གཙུག་དང་བྱང་རྩིབས་ཛཱ་ལནྡྷ་རར་མ་ཧཱ་ཀཾ་ཀཱ་ལ་དང་གཏུམ་པའི་མིག་ཅན་མ་རྣ་བ་གཡས་དང་ནུབ་རྩིབས་ཨོ་ཌི་ཡ་ནར་ཀཾ་ཀ་ལ་དང་འོད་ལྡན་མ། ལྟག་པ་དང་ལྷོ་རྩིབས་ཨརྦུ་ཏར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ་གནས་སོ། །རྣ་བ་གཡོན་དང་ཤར་ལྷོ་གོ་ད་ཝ་རིར་སུ་ར་བཻ་རི་དང་བརྟན་པའི་བློ་ཅན་མ། སྨིན་མའི་དབུས་དང་ལྷོ་ནུབ་རསྨི་ཤྭ་རར་འོད་དཔག་མེད་དང་མིའུ་ཐུང་མ། མིག་གཉིས་དང་ནུབ་བྱང་དེ་ཝཱི་ཀོ་ཊར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། ཕྲག་པ་གཉིས་དང་བྱང་ཤར་མཱ་ལ་བར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཉེ་བའི་གནས་སོ། །ཐུགས་ཀྱི་གསང་བ་བསམ་གྱི་མི་ཁྱབ་པའི་ངོ་བོ་ཁ་དོག་ནག་པོའོ། །མཆན་ཁུང་གཉིས་དང་གསུང་འཁོར་གྱི་ཤར་རྩིབས་ཀཱ་མ་རཱུ་པར་ཨཾ་ཀུ་རི་དང་ཨེ་ར་བ་ཏི། ནུ་མ་གཉིས་དང་བྱང་རྩིབས་


TNT07_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་ཏྲེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ༌། །ལྟེ་བ་དང་ནུབ་རྩིབས་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་དང་ལྷོ་རྩིབས་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ༌། ཁ་དང་ཤར་ལྷོ་ཀ་ལིངྐར་རབ་ཏུ་བཟང་པོ་དང་ཤྱཱ་མ་དེ་ཝཾ། མགྲིན་པར་དང་ལྷོ་ནུབ་ལཾ་པ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ་ཚནྡྷོ་ཧའོ། །སྙིང་ཁ་དང་ནུབ་བྱང་ཀཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་སྣ མ། འབྲས་བུ་དང་བྱང་ཤར་ཧི་མ་ལ་ཡར་མིག་མི་བཟང་དང་ཁ་གཱ་ན་ན་སྟེ་ཉེ་བའི་ཚནྡྷོ་ཧའོ། །གསུང་གིས་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཁ་དོག་དམར་པོའོ། །མཚན་མ་དང་སྐུ་འཁོར་གྱི་ཤར་རྩིབས་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བཤང་ལམ་དང་བྱང་རྩིབས་གྲྀ་ཧ་དེ་བར་རིན་ཆེན་རྡོ་རྗེ་དང་ཁནྜ་རོ་ཧི་སྟེ་འདུ་བའོ། །བརླ་གཉིས་དང་ནུབ་རྩིབས་སཽ་རཥྟར་རྟ་མགྲིན་དང་ཤཽནྚི་ནཱི། བྱིན་པ་གཉིས་དང་ལྷོ་རྩིབས་སུ་ཝརྞ་དྭི་པར། ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་འདུ་བའོ། །སོར་མོ་བརྒྱད་དང་ཤར་ལྷོ་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བོལ་གོང་གཉིས་དང་ལྷོ་ནུབ་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་ཏེ་དུར་ཁྲོད་དོ། །མཐེ་བོང་གཉིས་དང་ནུབ་བྱང་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོས་བསྒྱུར་མ། པུས་མོ་གཉིས་དང་བྱང་ཤར་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་


TNT07_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་ཆེན་མོ་སྟེ་ཉེ་བའི་དུར་ཁྲོད་དོ། །སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཁ་དོག་དཀར་པོའོ། ཁཎྜ་ཀ་པཱ་ལ་ལ་སོགས་པའི་དཔའ་བོ་ཉེར་བཞི་ཐམས་ཅད་དཔལ་ཧེ་རུ་ཀའི་རིགས་ལས་བྱུང་བ། ཧེ་རུ་ཀ་ཉིད་དང་མཚུངས་པ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དབུགས་བྲལ་གྱི་གདན་ལ་གནས་པའོ། །རབ་གཏུམ་མ་ལ་སོགས་པའི་ལྷ་མོ་ཉེར་བཞི་རྣམས་རྡོ་རྗེ་ཕག་མོའི་རིགས་ལས་བྱུང་བ་ཕག་མོ་ཉིད་དང་མཚུངས་པ་ལས། ཕྱག་གཡས་རྡོ་རྗེ་མཚན་པའི་གྲི་གུག་དང༌། གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་པའོ། །མཁའ་ནང་གི་སྒོ་མཚམས་མ་བརྒྱད་རྡོ་རྗེའི་ལམ་ནས་ཡར་དྲངས། སྙིང་ག་ནས་རྒྱུད་སོ་སོའི་གནས་ནས་ཕྱིར་སྤྲོས་རྣམ་པར་དག་པའི་ལས་དང་བྱེད་པ་ལ་བཞག་སྟེ་དམ་ཚིག་འཁོར་ལོའི་སྒོ་མཚམས་བརྒྱད་དུ་འཁོད། སྙིང་ཁའི་ཕྱི་བསྐོར་དང་འབྲེལ་བའི་བུ་ག་བརྒྱད་ཀྱི་རྩ་རྣམས་ཀྱང་སྒོ་མཚམས་མ་བརྒྱད་དུ་གྱུར། དེ་ཡང་ཁ་དང་ཤར་སྒོར་ཁྭ་གདོང་མ་སྔོ་སྐྱ། ཆུ་ལམ་དང་བྱང་སྒོར་འུག་གདོང་མ་ལྗང་སྐྱ། བཤང་ལམ་དང་ནུབ་སྒོར་ཁྱི་གདོང་མ་དམར་སྐྱ། སྣ་བུག་གཉིས་ཀྱི་འདོམ་སོ་དང་ལྷོ་སྒོར་ཕག་གདོང་མ་སེར་སྐྱ། རྣ་བ་གཡས་དང་ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། རྣ་བ་གཡོན་དང་ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར་བ། མིག་གཡས་དང་ནུབ་


TNT07_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། མིག་གཡོན་དང་བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། བརྒྱད་པོ་ཐམས་ཅད་ཀྱང་ཆེས་ཆེར་ཁྲོས་པ་འོད་ཟེར་འབར་བ་བཞིན་ཤིན་ཏུ་འགྱུར་ཞིང་སྣ་ཚོགས་སུ་རྣམ་པར་བསྒྱུར་བ་སྟག་གི་པགས་པའི་ཤམས་ཐབས་ཅན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐྲ་གྲོལ་བ་གཡས་གྲི་གུག གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་པ་ཐོར་ཚུགས་ཀྱི་ནོར་བུ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུ་དང༌། རྡོ་རྗེའི་སྐ་རགས་དང་ཐོད་པའི་འཕྲེང་བས་མགུལ་བ་བརྒྱན་པ། རྐང་པ་གཉིས་ལ་དྲིལ་བུ་གཡེར་ཁས་སྤྲས་པ། ཤིན་ཏུ་གཡོན་བརྐྱང་བས་རོ་གདན་ལ་བཞུགས་པ་སྟེ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དཔྲལ་བར་ཐོད་པའི་སྟེང་དུ་རྡོ་རྗེའི་འཕྲེང་བས་མཚན་པའོ། །མཁའ་ནང་གི་རྟེན་གྱི་དཀྱིལ་འཁོར་རྡོ་རྗེའི་ལམ་ནས་ཡར་དྲངས། སྙིང་ཁ་ནས་ཕྱིར་སྤྲོས་རྣམ་པར་དག་པའི་ཞིང་ཁམས་ལ་བཞག་སྟེ་ཕྱིའི་རྟེན་གྱི་དཀྱིལ་འཁོར་ལ་ཐིམ། རང་ལུས་ཀྱི་སྐྲ་སེན་པགས་པ་རུས་ཚིགས་རྣམས་བསྲུང་བའི་འཁོར་ལོ་བུ་ག་བརྒྱད་ནི་དུར་ཁྲོད་བརྒྱད་རྐང་མཐིལ་རླུང་གི་དཀྱིལ་འཁོར། གསུམ་མདོ་མེ། ལྟོ་བ་ཆུ། སྙིང་ཁ་ས། སྒལ་ཚིགས་རིའི་རྒྱལ་པོ་རི་རབ། མགོ་བོ་རི་རབ་ཀྱི་སྟོད་ཀྱི་ཆ། ལུས་མི་མཉམ་པ་མེད་པ་གྲུ་བཞི་ནི་གཞལ་ཡས་ཁང་གྲུ་བཞི་ལུས་ངག་


TNT07_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གསུམ་འཁོར་ལོ་གསུམ། སྙིང་ག་ཆོས་ཀྱི་འཁོར་ལོ་ནི་བདེ་བ་ཆེན་པོའི་འཁོར་ལོ། འབྱུང་བ་བཞིའི་རླུང་རྒྱུ་བ་ནི་སྒོ་བཞི། རྐང་བརྒྱད་ནི་ཀ་བ་བརྒྱད། མིག་དང་རྣ་བ་དང༌། སྣ་དང་ལྕེ་དང་མཆུ་དང་རྒྱུ་ལོང་ལ་སོགས་པ་ནི་གཞལ་ཡས་ཁང་གི་རྒྱན་དུ་གྱུར། བཞི་པ་ལ། དག་པའི་རྣལ་འབྱོར། ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་གདབ་སྟེ་གསུམ་མོ། །དང་པོ་ལ་གཉིས་ལས་ཕོ་ཉ་གསུམ་བསྲེ་ནི། ཨོཾ་ཨཱཿཧཱུཾ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱཀྩིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དེ་དོན་བསམ། རྡོ་རྗེའི་དག་པ་ནི། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅་ཧཾ། ཞེས་བརྗོད། གཉིས་པ་ནི། རང་གི་སྙིང་ཁའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་སྤྱན་དྲངས། ཕཻཾ། ཞེས་བརྗོད་ཅིང༌། ཛཿཧཱུཾ་བཾ་ཧོ། ལན་ལྔ་བརྗོད། གཉིས་སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤུདྡྷ༴ སོགས་བརྗོད་ཅིང༌། རྣམ་ལྔ་འདོད་བསྐོར་དང་འཁྱུད་རྒྱ་བྱ། གསུམ་པ་ནི། སླར་ཡང་སྙིང་ཁའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། དབང་གི་ལྷ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཕཻཾ། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ལྷ་མོའི་ཚོགས་དང་བཅས་པ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་བཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ།


TNT07_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུཾ། ཞེས་བརྗོད་ཅིང༌། དབང་བསྐུར་བས་ལུས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་གང་སྟེ། ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་ནས་ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ཡབ་ཡུམ་གྱི་རིགས་བདག་རྡོ་རྗེ་སེམས་དཔར་གྱུར་ཞིང༌། བདེ་ཆེན་འཁོར་ལོའི་ལྷ་མོ་བཞི་ལ་རིན་ཆེན་འབྱུང་ལྡན། ཐུགས་འཁོར་བ་རྣམས་ལ་མི་བསྐྱོད་པ། གསུང་འཁོར་བ་རྣམས་ལ་འདོ་དཔག་མེད། སྐུ་འཁོར་བ་རྣམས་ལ་རྣམ་པར་སྣང་མཛད། དམ་ཚིག་འཁོར་ལོ་པ་རྣམས་ལ་དོན་ཡོད་གྲུབ་པ་རྣམས་ཀྱིས་དབུ་རྒྱན་པར་བསམ། བཞི་པ་ལ་དང་པོར་སྔགས་མཆོད་ནི། ཡབ་ཡུམ་གྱི་སྙིང་པོ་དང་མཁའ་འགྲོ་མ་ནས་གཤིན་རྗེ་འཇོམས་མའི་བར་གྱི་སྔགས་རྣམས་ལན་རེ་བརྗོད་པའོ།། ཕྱི་མཆོད་ནི། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་བདུན་ལས་ཐོད་པའི་སྣོད་བདུན་གྱི་ནང་དུ་ཧཱུཾ་བདུན་ལས་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས་དང་གཞན་ཡང་མཆོད་རྫས་རྣམས་དྭངས་ཤིང༌། ཐོགས་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་གྱིས་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ། ནས། ཤཔྟའི་བར་གྱིས་བྱིན་གྱིས་རླབས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནི། བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པ་དྱཾ་


TNT07_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་ལྟར་སྦྱར་ཏེ། བཛྲ་པུཥྤེ་ཨཱཿཧཱུཾ། སོགས་ཀྱིས་ཉེར་སྤྱོད་རོལ་མོ་དང་བཅས་པ་དང༌། ཨོཾ་བཛྲ་གྷཎྜེ་ར་ཎི་ཏཱ་པྲ་ཎི་ཏ། སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་དྲ་པྲ་ཙ་ལི་ཏེ། པྲཛྙཱ་པ་ར་མི་ཏ་ན་ད་སཾ་བྷ་ཝེ་ཏ། བཛྲ་དྷརྨཱ་ཧྲི་ད་ཡ་ནི་སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨ་ཁཾ་སྭཱཧཱ། དེ་ནས་ནང་མཆོད་ནི་གཏོར་མ་བཞིན་བྱིན་གྱིས་བརླབས་ལ། གཡོན་པའི་མཐེབ་སྲིན་གྱིས་འཐོར་ཞིང༌། རྡོ་རྗེ་འཆང་ཆེན་རང་བཞིན་སྐུ། །ཐུགས་རྗེ་འགྲོ་ཀུན་གདུངས་སེལ་ཞིང༌། །བདག་བློའི་ཀུ་མུད་ཁ་འབྱེད་པ། །རྗེ་བཙུན་དཔལ་ལྡན་བླ་མ་མཆོད། ཨོཾ་ཨཱཿཧཱུཾ། ཧེ་རུ་ཀ་དཔལ་རྡོ་རྗེ་ཕག་མོ་དང༌། །ནག་པོ་སྤྱོད་པ་གུ་ཧྱ་ཨནྟར་པ། །ཏེ་ལོ་ན་རོ་ཕམ་ཏིང་སྐུ་མཆེད་མལ། །རྣམ་དག་བདུད་རྩིའི་མཉེས་མཆོད་དམ་པ་འབུལ། །ཨོཾ་ཨཱཿཧཱུཾ། ས་ཆེན་བསོད་རྩེ་རྗེ་བཙུན་གྲགས་པའི་མཚན། །ས་པཎ་ཡོན་ཏན་དཔལ་དང་ལ་རུ་པ། །གངས་ཁྲོད་པ་དང་ཐེག་ཆེན་ཆོས་རྒྱལ་ལ། །རྣམ་དག་བདུད་རྩིའི༴ ཀཾ་དགོན་པ་དང་པཎ་ཆེན་ཤཱཀྱའི་མཚན། །བྲག་དཀར་སེམས་དཔའ་མཁན་ཆེན་བཀྲས་རྣམ་པ། །གྲོལ་མཆོག་ཞབས་དང་རྗེ་བཙུན་རྡོ་རིང་དབོན། །རྣམ་དག་བདུད་རྩིའི༴ ཡང་ན། ས་པཎ་འཕགས་པ་མང་མཁར་ལོ་ཙཱ་བ། དཔལ་ལྡན་སེང་གེ་བུ་སྟོན་རིན་ཆེན་གྲུབ། །བསོད་ནམས་རྒྱལ་མཚན་བྱང་ཆུབ་སེང་གེ་དང༌། །ཤར་པ་ཡེ་རྒྱལ་ཆོས་རྗེ་ཀུན་བཟང་པ། །རིན་ཆེན་བཀྲ་ཤིས་པཎ་ཆེན་ཤཱཀྱའི་མཚན། ཞེས་དང༌། གྲོལ་


TNT07_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཞབས་དང་རྗེ་བཙུན་ལྷ་དབང་གྲགས། ཞེས་ཏེ་འདོན་པ་སྤོ། ས་ལུགས་ཀྱི་བརྒྱུད་པའོ། །འདི་ལ་ཚོགས་སྒོམ་པ་ནས་བརྒྱུད་པའང༌། གཡག་སྡེ་ལོ་ཙཱ་བ་དང༌། དགའ་ལྡན་པ་བཀྲ་ཤིས་དཔལ་ནས་བརྒྱུད་པ་སོགས་ས་པཎ་མན་ཆད་བརྒྱུད་ལུགས་མི་འདྲ་བ་སྔ་ཕྱིར་མང་དུ་ཡོད་དོ། ཡང༌། རྡོ་རྗེ་འཆང་དང་རྡོ་རྗེ་རྣལ་འབྱོར་མ། །ཛ་ལནྡྷ་ར་ནག་པོ་སྤྱོད་པ་བ། དགེ་བའི་མགོན་པོ་ཏིལླི་ནཱ་རོ་དང༌། ཤེས་རབ་སྲུང་བ་ཀ་ན་ཀ་ཤྲི །མེ་ཛ་ལིང་པ་རཱ་ལོ་ཆེན་པོ་དང༌། །ཆོས་རབ་ཡེ་ཤེས་སེང་གེ་འབུམ་སེང་དང༌། །རོང་པ་རྒ་ལོ་རོང་པ་ཤེར་སེང་དང༌། །བླ་ཆེན་གྲགས་རྒྱལ་དར་མ་བཟང་པོ་དང༌། །ཆོས་རྗེ་རི་པ་གཉལ་པ་བདེ་ལེགས་དཔལ། །རིན་ཆེན་རྒྱལ་མཚན་གྲགས་པ་རིན་ཆེན་དང༌། །ནམ་མཁའ་རྒྱལ་མཚན་བློ་གྲོས་རྒྱ་མཚོ་དང༌། །དོན་གྲུབ་ལེགས་པ་རྣམས་ལ་མཆོད་པ་འབུལ། ཨོཾ་ཨཱཿཧཱུཾ། རྭ་ལུགས་ཀྱི་བརྒྱུད་པའོ།། མར་དོ་ལུགས་ཀྱང་ཡོད་དེ་འདིར་རེ་ཞིག་མ་བྲིས་སོ། །དེ་ནས་བསྡུ་ན་གཙོ་བོ་ཡབ་ཡུམ་གྱི་སྙིང་པོའི་མཐར་འབྲུ་གསུམ་བཏགས་པའམ། སྤྲོ་ན་ལྷ་ཐམས་ཅད་ཀྱི་སྙིང་པོའི་མཐར་འབྲུ་གསུམ་བཏགས་པའི་ཀྱང་ནང་མཆོད་འབུལ། ཨོཾ་སརྦ་བཛྲ་གཱ་མི་ནི་སརྦ་བྷ་ཀྵཾ་ཤོ་དྷ་ཡ་གུ་ཧྱ་བཛྲི་ཎི་སྭཱཧཱ། ཞེས་ང་རྒྱལ་བཟུང་ངོ༌། །དེ་ནས་གསང་བའི་མཆོད་པ་ནི་ཕྱི་ནང་གི་ལྷ་ཐམས་ཅད་མཉེས་པར་གྱུར་ནས་རྗེས་ཆགས་མཛད་པར་བསམ་ཏེ། ཨོཾ་ཧྲིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ལན་ལྔའི་མཐར། ཨ་ནུ་རཱ་གའི་སྔགས་བརྗོད་ཅིང༌། རྣམ་ལྔ་འདོད་བསྐོར་དང༌།


TNT07_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་འཁྱུད་པའི་ཕྱག་རྒྱ་བྱའོ།། ཡིད་མཆོད་ནི། སྤྱི་བོར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ངག་ཏུ་ནི། ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང༌། གསང་སྔགས་དང་ཕྱག་རྒྱའི་མཐུ་དང༌། བདག་གི་མོས་པ་དང་ཏིང་ངེ་འཛིན་དང༌། སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་བ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུར་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཅེས་སེ་གོལ་གདབ། ཡང་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝཱརྟཱ་ཡ་ཨཱ་ཝཱརྟཱ་ཡ་ཧོ། ན་མཿས་མནྟ་བུདྡྷ་ནཾ། ཨ་བྷིསྨ་རེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་དྷཱརྨཱ་དྷཱ་ཏུ་ཨཱ་ཀ་ཤ་ས་མནྟ་མཾ། སརྦ་ཏ་ཐཱ་ག་ཏ་ཨ་པ་རི་ཤོ་དྷ་ལེ་མཎྜ་ལེ། མ་མ་པྲི་ཎི་དྷ་ན། པུཎྱ་ཛྙཱ་ན་བ་ལེ་ན། སརྦ་ཏ་ཐཱ་ག་ཏ་བ་ལེ་ན་སབྟ་སྭ་སྠཱ་ན་བ་ལེ་ན་ཙ་སྭཱཧཱ། ཞེས་བརྗོད་ལ་སེ་གོལ་གདབ་བོ།། དེ་ནས་བསྟོད་པ་ནི་ཅང་ཏེའུ་བརྡུང་ཞིང༌། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་ཀལྤཱགྣི་སན་ནི་བྷ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊཱ་མུ་ཀུ་ཊོ་རྐ་ཊཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དཾཥྟ་ཀ་རཱ་ལོ་གྲ་བྷི་ཥ་ཎ་མུ་ཁཱ་ཡ་


TNT07_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷ་སུ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤུ་ལ་ཁ་ཊྭཱཾ་ག་དྷ་རི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྱཱ་གྷྲཱ་ཛི་ནཱམྦ་ར་དྷ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དྷུ་མྲཱནྡྷ་ཀ་ར་ཝ་པུ་ཥཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་ཡབ་ཀྱི་རྐང་བརྒྱད་དང༌། ཨོཾ་ན་མོ་བྷ་ཝ་ག་ཏེ་བཛྲ་བཱ་རཱ་ཧཱི་ཝཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་ཨཱརྱ་ཨ་པ་ར་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མཧཱ་བིདྱ་ཤྭ་རེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མཿ་སརྦྦ་བྷུ་ཏ་བྷ་ཡཱཾ་ཝ་ཧ་མཧཱ་བཛྲེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་ས་ནེ་ཨ་ཛི་དེ་ཨ་པ་ར་ཛི་ཏེ་བཱ་ཤཾ་ཀཱ་རི་ནི་ཏྲ་བྷྲ་མ་ཎེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མཿཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ནི་ཀ་རཱ་ལི་ནེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མསྟྲཱ་ས་ནི་མཱ་ར་ཎི་པྲ་བྷེ་ད་ནི་ཨ་པཱ་རཱ་ཛ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་བཱ་རཱ་ཧཱི་མཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རཱི་ཁ་གེ་ཧཱུཾ་ཧཱུཾ་ཕཊ། ཅེས་ཡུམ་གྱི་རྐང་བརྒྱད་དོ།། གསུམ་པ་ལས་རྒྱལ་མཆོག་ལ་གཉིས་ལས། དག་པ་དྲན་པ་ནི། ལུས་དང་ཚོར་བ་དང་ཆོས་དང་སེམས་རྗེས་སུ་དྲན་པ་ཉེ་བར་བཞག་པ་བཞི་ནི། མཁའ་འགྲོ་མ། ལཱ་མ། ཁནྚ་རོ་ཧཱ། གཟུགས་ཅན་མ་བཞིའོ། །འདུན་པ་དང་བརྩོན་འགྲུས་དང་སྤྱོད་པ་དང་སེམས་ཏེ། རྫུ་འཕྲུལ་གྱི་རྐང་པ་བཞི་ནི། རབ་གཏུམ་མ། གཏུམ་པའི་མིག་ཅན་མ། འོད་ལྡན་མ། སྣ་ཆེན་མ་རྣམས་སོ། །དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོ་ལྔ་ནི་བརྟན་བློ་མ། མིའུ་ཐུང་མ། ལངྐའི་དབང་ཕྱུག་མ། ཤིང་གྲིབ་


TNT07_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མ། ས་སྲུངས་མ་རྣམས་སོ། །དད་སོགས་ཀྱི་སྟོབས་ལྔ་ནི། འཇིགས་བྱེད་མ། རླུང་ཤུགས་མ། ཆང་འཐུང་མ། ལྗང་ལྷ་མོ། རབ་བཟང་མ་རྣམས་སོ། །ཏིང་ངེ་འཛིན་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། རྣམ་འབྱེད་དང༌། དྲན་པ་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བདུན་ནི། རྟ་རྣ་མ། བྱ་གདོང་མ། འཁོར་ཤུགས་མ། དུམ་སྐྱེས་མ། གླང་སྣ་མ། གོ་ཆ་མ། ཤིན་ཏུ་དཔའ་མོ་རྣམས་སོ། །ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ་རྣམས་ནི་སྟོབས་ཆེན་མ། འཁོར་སྒྱུར་མ། བརྩོན་ཆེན་མ། ཁྭ་གདོང་མ། འུག་གདོང་མ། ཁྱི་གདོང་མ། ཕག་གདོང་མ་རྣམས་སོ། །ཡང་དག་པའི་ཏིང་ངེ་འཛིན་ནི། དཔལ་ཧེ་རུ་ཀའོ། །དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པ་དང༌། སྐྱེས་པ་བསྲུང་བ་དང༌། མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང༌། སྐྱེས་པ་སྤོང་བ་བཞི་ནི། གཤིན་རྗེ་བརྟན་མ། ཕོ་ཉ་མ། མཆེ་བ་མ། འཇོམས་མ་བཞིའོ། །གཉིས་པ་ཕྲ་ཐིག་གི་རྣལ་འབྱོར་ནི། རྣམ་པ་མང་པོ་ཞིག་ཡོད་པ་ལས་སྐབས་འདིར་འཁོར་ལོ་བཞིའི་གཏུམ་མོ་འབར་འཛག་དམིགས་བཅས་ཀྱི་མཐར་དཀྱིལ་འཁོར་གྱི་འཁོར་ལོ་དཔག་ཏུ་མེད་པ་སྤྲོ་བ་སྒྱུ་མ་ལྟ་བུར་ཤེས་པའི་རིམ་པ་ཅན་ནོ། །གཉིས་པ་མཉམ་ལངས་ཀྱི་རྣལ་འབྱོར་ལ་འདིར་སྨོས་པ་བཞི་ལས། དང་པོ་བཟླས་པའི་རྣལ་འབྱོར་ནི། མཆོག་སྒྲུབ་པའམ་རྩ་བའི་བསྙེན་པ་ལ་ཁ་དོག་


TNT07_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོའམ། དམར་པོ་འོད་ཟེར་སྣ་ཚོགས་འཕྲོ་བ་བསྒོམ་དགོས་ལ། ཞི་བ་ལ་དཀར་པོ་མེ་ཏོག་འཕྲེང་བ་ལྟ་བུ་དལ་ཤིང་ལྷོད་པས་འགྲོ་བ་དང༌། རྒྱས་པ་ལ་སེར་པོ་སྒྲོའི་ཆུན་པོའི་ཚུལ་དང༌། དབང་ལ་དམར་པོ་ལྕགས་སྒྲོག་གི་ཚུལ་དང༌། དྲག་པོ་ལ་ནག་པོ་སྲད་བུའི་ཚུལ་གྱིས་འགྲོ་བར་བསམ་ལ་བཟླའོ། །བཟླ་བྱའི་སྔགས་ནི། ཨོཾ་ན་མོ་བྷ་ག་བ་ཏི་བཱི་རཱེ་ཤཱ་ཡ། མཧཱ་ཀལྤཱགྣི་སནྣ་བྷཱ་ཡ། ཛ་ནཱ་མུ་ཀུ་ཊོཏྐ་ཊཱ་ཡ། དཾཥྟཱ་ཀ་རཱ་ལོ་གྲ་བྷི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱ་སུ་ར་ཡ། པ་ར་ཤུ་པཱ་ཤོ་དྱ་ཏ་ཤུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ། བྱཱ་གྷྲཱ་ཛི་ནཱཾ་བ་ར་དྷཱ་རཱ་ཡ། མ་ཧཱ་དྷུ་མྲཱནྡྷ་ཀ་ར་བ་པུ་ཥཱ་ཡ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿཧྲཿ ཕཻཾ་ཕཻཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷ་ཀྵ་བྷ་ཀྵ། བ་ས་རུ་དྷི་རཱནྟ་མཱ་ལཱ་བ་ལམྦི་ནི། གྲྀཧྞ་གྲྀཧྞ། སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་གསརྦཾ་བ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀ་ཌྷྱ་ཨཱ་ཀ་ཌྷྱ། ཧྲིཾ་ཧྲིཾ། ཛྙཽཾ་ཛྙཽཾ༌། ཀྵྨཾ་ཀྵྨཾ། ཧཾ་ཧཾ། ཧིཾ་ཧིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི་ཧཱུཾ་ཧཱུཾ་ཕཊ། ཡབ་ཀྱི་རྩ་སྔགས་དང༌། ཨོཾ་ན་མོ་བྷ་ག་བ་ཏཱཻ་བཛྲ་བཱ་རཱ་ཧཱི་བཾ། ཨཱརྱཱ་ཨ་པ་རཱ་ཛི་ཏེ། ཏྲཻ་ལོ་ཀྱ་མཱ་ཏེ་མཧཱ་བི་དྱེ་ཤྭ་རཱི། སརྦ་བྷུ་ཏ་བྷ་ཡཱ་མ་ཧེ་མཧཱ་བཛྲེ། བཛྲ་ཨ་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བ་ཤཾ་ཀ་རི་ནཻ་དྲ་བྷྲ་མ་ཎི་ཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ནི་ཀ་རཱ་ལི་ནཱི། ཏྲཱ་ས་ནི་མཱ་ར་ཎི་པྲ་བྷེ་ད་ནི། ཨ་པ་རཱ་ཛ་ཡེ། བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི། བཛྲ་བཱ་རཱ་ཧི་མཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་


TNT07_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རཱི་ཁ་གེ ཏདྱ་ཐཱ། པྲོ་ཏངྒེ་པྲོ་ཏངྒེ། ཧ་ན་ཧ་ན། པྲཱ་ཎཱ་ན། ཀིཾ་ཀི་ནི། ཁིཾ་ཁི་ནི། དྷུ་ན་དྷུ་ན། བཛྲ་ཧ་སྟེ། ཤོ་ཥ་ཡ་ཤོ་ཥ་ཡ། བཛྲ་ཁ་ཊྭཱཾ་གཀ་པཱ་ལ་དྷཱ་རི་ཎི། མཧཱ་པི་ཤ་ཏ། མཱཾ་སཱ་ཤ་ནི། མ་ནུ་ཥྱཱནྟ་པྲཱ་བྲྀ་ཏེ། སནྣི་དྷྱཱཾ་ན་ར་ཤི་རོ། མཱ་ལཱ་གྲན་ཐི་ཏ་དྷཱ་རི་ཎི། སུམྦྷ་ནི་སུམྦྷ། ཧ་ན་ཧ་ན། པྲཱ་ཎཱཾ། སརྦཱ་པཱ་པཾ་ས་ཏྭཱ་ནཱཾ། སརྦཱ་པཱ་ཤུ་ནཾ། མཧཱ་མཱཾ་ས་ཙྪེ་ད་ནི། ཀྲོདྷཱ་མུརྟི། དཾཥྟཱ་ཀ་རཱ་ལི་ནཱ། མཧཱ་མུ་དྲེ། ཤྲཱི་ཧེ་རུ་ཀ །དེ་བ་སྱ་ཨ་གྲ་མ་ཧི་ཥི། ས་ཧ་སྲ་ཤི་རེ། ས་ཧ་སྲ་བཱ་ཧ་བེ། ཤ་ཏ་ས་ཧ་སྲ་ཨ་ན་ནེ། ཛྭ་ལི་ཏ་ཏེ་ཛ་སེ། ཛྭ་ལ་མུ་ཁེ། པིཾ་ག་ལ་ལོ་ཙ་ནི། བཛྲ་ཤ་རཱི་རེ། བཛྲ་ཨཱ་ས་ནི། མི་ལི་མི་ལི། ཏི་མི་ལི་ཏི་མི་ལི། ཧེ་ཧེ། ཧཱུཾ་ཧཱུཾ། ཁ་ཁ། དྷུ་དྷུ། དྷུ་རུ་དྷུ་རུ། མུ་རུ་མུ་རུ། ཨ་དྭཻ་ཏེ། མཧཱ་ཡོ་གི་ནཱི། པ་ཋི་ཏ། སིདྡྷི་དྲཻཾ་དྷཾ་དྲཻཾ་དྷཾ། གྲཾ་གྲཾ། ཧེ་ཧེ། ཧ་ཧ། བྷཱི་མེ། ཧ་ས་ཧ་ས། བྷི་མེ། ཧ་ས་ཧ་ས། བཱི་རེ། ཧ་ཧ། ཧོཿཧོཿ ཧཱུཾ་ཧཱུཾ། ཏྲཻ་ལོ་ཀྱ་བི་ནཱ་ཤ་ན། ཤ་ཏ་ས་ཧ་སྲ། ཀོ་ཊི་ཏ་ཐཱ་ག་ཏ་པ་རི་བཱ་རེ་ཧཱུཾ་ཧཱུཾ་ཕཊ། སིཾ་ཧ་རཱུ་པེ་ཁཿ ག་ཛ་རཱུ་པེ་གཿ ཏྲཻ་ལོ་ཀྱ་ཨུ་ད་རི་ས་མུ་དྲ། མེ་ཁ་ལེ། གྲ་ས་གྲ་ས། ཧཱུཾ་ཧཱུཾ་ཕཊ། བཱི་རཱ་དྭཻ་ཏེ། ཧཱུཾ་ཧཱུཾ། ཧཱ་ཧཱ། མ་ཧཱ་པ་ཤུ་མོ་ཧ་ནི། མཧཱ་ཡོ་གཱི་ཤྭ་རཱི་ཏཱཾ། ཌཱ་ཀི་ནཱི་སརྦ་ལོ་ཀཱ་ནཱཾ་བནྡྷ་ནཾ་ས་དྱཿཔྲ་དྱ་ཀཱ་རི་ཎེ་ཧཱུཾ་ཧཱུཾ་ཕཊ། བྷཱུ་ཏ་ཏྲཱ་ས་ནི། མཧཱ་བཱི་རེ་པ་ར་མ་སིདྡྷི་ཡོ་གི་ཤྭ་རཱི་ཕཊ། ཧཱུཾ་ཧཱུཾ་ཕཊ་ཧཱུཾ་ཧཱུཾ་ཕཊ། ཡུམ་གྱི་རྩ་སྔགས་དང༌། ཨོཾ་


TNT07_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛྭ་ལ་སམྦ་རཾ་སྭཱཧཱ། ཡབ་ཀྱི་སྙིང་པོ་དང༌། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡུམ་གྱི་སྙིང་པོ་དང༌། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཡབ་ཀྱི་ཉེ་སྙིང་དང༌། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡུམ་གྱི་ཉེ་སྙིང་དང༌། ཨོཾ་སུམྦྷ་ནི་སུམྦྷཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པ་ཡ་གྲིཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝན་བཛྲ་རཱ་ཛཱ་ཧཱུཾ་ཧཱུཾ་ཕཊ། ཡབ་ཀྱི་ཉེ་བའི་སྙིང་པོའི་སྙིང་པོ་དང༌། ཨོཾ་ཙཽ་རཱི་ཧཱུཾ་ཧཱུཾ་ཕཊ། ཡུམ་གྱི་ཉེ་བའི་སྙིང་པོའི་སྙིང་པོ་དང༌། ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁནྚ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ། སྙིང་པོའི་རྣལ་འབྱོར་མ་བཞིའི་སྔགས་དང༌། ཨོཾ་ཀ་ར་ཀ་ར་ཧཱུཾ་ཧཱུཾ་ཕཊ། ཨོཾ་པྲ་ཙནྚེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙནྚ་ཀྵི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྷནྡྷ་བྷནྡྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པྲ་བྷ་བ་ཏཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཏྲ་ས་ཡ་ཏྲ་ས་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ནཱ་སེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཱི་རཱ་མ་ཏཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲཽཾ་ཧྲཽཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁརྦ་རི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲཿཧྲཿཧཱུཾ་ཧཱུཾ་ཕཊ། ཨོཾ་ལངྐེ་ཤྭ་རི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཕེཾ་ཕེཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དྲུ་མ་ཙྪ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཕཊ་ཕཊ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨེ་རཱ་བ་ཏཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བ་ར་བཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཱ་ཡཱུ་བེ་གེ་ཧཱུཾ་


TNT07_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཕཊ། ཨོཾ་བྷཀྵ་བྷཀྵ་བ་ས་རུ་དྷི་རཱནྟྲ་མཱ་ལཱ་བ་ལམྦི་ནེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སུ་ར་བྷ་ཀྵི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་སརྦ་བཱ་ཏརྫ་ཡ་ཏརྫ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤྱཱ་མཱ་དེ་བཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀ་ཌྷྱཨཱ་ཀ་ཌྷྱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སུ་བྷ་དྲེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲཱིཾ་ཧྲཱིཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧ་ཡ་ཀརྞེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཛྙཽཾ་ཛྙཽཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁ་གཱ་ན་ན་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀྵྨཱཾཀྵྨཱཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བེ་གེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧཱཾ་ཧཱཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁཎྞ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧཱིཾ་ཧཱིཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤོནྟི་ནི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཙཀྲ་ཝརྨི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ཀི་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སུ་བཱི་རེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སི་ལི་སི་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བ་ལེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧི་ལི་ཧི་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་ཝརྟི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དྷི་ལི་དྷི་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བི་དྱེ་ཧཱུཾ་ཧཱུཾ་ཕཊ། འཁོར་ལོ་གསུམ་གྱི་སྔགས་དང༌། ཨོཾ་ཀཱ་ཀཱ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལུ་ཀཱ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤྭ་ནཱ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀཱ་རཱ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཌྷཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དུ་ཏི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྟི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། སྒོ་མཚམས་མ་བརྒྱད་ཀྱི་སྔགས་དང༌། ཨོཾ་ཨོཾ་ཧ། ཨོཾ་ན་མ་ཧི། ཨོཾ་སྭཱཧཱ་ཧཱུཾ། ཨོཾ་བཽ་ཥཊ་ཧེ། ཨོཾ་ཧཱུཾ་ཧཱུཾ་ཧོ། ཨོཾ་ཕཊ་ཧཾ། ཨོཾ་ཨོཾ་བཾ། ཨོཾ་ཧཱཾ་ཡོཾ། ཨོཾ་ཧྲིཾ་མོཾ། ཨོཾ་ཧྲིཾ་ཧྲཱིཾ། ཨོཾ་ཧཱུཾ་ཧཱུཾ། ཨོཾ་ཕཊ་ཕཊ། ཅེས་པ་ནྀ་གོ་ཆ་གཉིས་སོ། །


TNT07_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཉེར་བསྡུའི་རྣལ་འབྱོར་ནི། རང་གི་སྙིང་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས་ཏེ། ཁམས་གསུམ་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་ལྷའི་དཀྱིལ་འཁོར་དུ་གྱུར། དེ་བསྲུང་བའི་འཁོར་ལོ་ལ་ཐིམ། དེ་དུར་ཁྲོད་བརྒྱད་ལ་ཐིམ། དེ་གཞལ་ཡས་ཁང་ལ་ཐིམ། དེ་དམ་ཚིག་གི་འཁོར་ལོ་ལ། དེ་ཡང་སྐུའི་འཁོར་ལོ་ལ། དེ་ཡང་གསུང་གི་འཁོར་ལོ་ལ། དེ་ཡང་ཐུགས་ཀྱི་འཁོར་ལོ་ལ། དེ་ཡང་བདེ་བ་ཆེན་པོའི་འཁོར་ལོ་ལ། དེ་རང་ཉིད་ལ་ཐིམ། ལྷ་རྣམས་ཕྱོགས་གཡོན་བསྐོར་དང༌། མཚམས་གཡས་བསྐོར་གྱི་སྣ་བུག་ནས་སྙིང་གར་བསྡུའོ།། གསུམ་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི། རང་ཉིད་ཧེ་རུ་ཀ་ཕྱག་གཉིས་པར་གྱུར། སྙིང་ཁར་ཨོཾ་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ། མགོ་བོར་ཨོཾ་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་ཨོཾ་སྭཱཧཱ་ཧཱུཾ་དམར་པོ་པདྨ་གར་གྱི་དབང་ཕྱུག །ཕྲག་པ་གཉིས་སུ་ཨོཾ་བོ་ཥ་ཊ་ཧེ་ནག་པོ་དཔལ་ཧེ་རུ་ཀ །མིག་གཉིས་སུ་ཨོཾ་ཧཱུཾ་ཧཱུཾ་ཧོཿདམར་སེར་རྡོ་རྗེ་ཉི་མ། ཚིགས་ཆེན་བརྒྱད་ལ་ཨོཾ་ཕཊ་ཧཾ་ལྗང་ཁུ་རྟ་མཆོག་གི་ངོ་བོ། ལྟེ་བར་ཨོཾ་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་ཁར་ཨོཾ་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཨོཾ་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་པར་ཨོཾ་ཧྲིཾ་ཧྲིཾ་སེར་མོ་བསྐྱོད་བྱེད་མ། སྤྱི་གཙུག་ཏུ་ཨོཾ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཚིགས་ཆེན་བརྒྱད་ལ་ཨོཾ་ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོ། རྡོ་རྗེ་སེམས་


TNT07_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དང་རྨོངས་བྱེད་མ་ཟླ་བའི་གདན། གཞན་རྣམས་ཉི་མའི་གདན་ལ་གནས་པ་སྟེ་ཡབ་ཀྱི་གནས་སུ་ཡང་ཡུམ་དང༌། ཡུམ་གྱི་གནས་སུ་ཡང་ཡབ་གཉིས་སུ་མེད་པར་གྱུར། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་པུ་ཛ་ཨོ་ཨ་གོ་ར་དེ་མ། ཀ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། པྲེ་གྲི་སཽ་སུ་ན་སི་མ་ཀུ། སུམྦྷ་ལན་གཉིས་ཀྱིས་ཕྱོགས་བཅིངས་ཡབ་ཀྱི་རྐང་བརྒྱད་ཚར་གཅིག་བརྗོད། བདག་དང་སྣང་བའི་དངོས་པོ་ཐམས་ཅད་འཁོར་ལོ་སྡོམ་པའི་སྐུའི་རང་བཞིན། བརྗོད་པ་དང་གྲགས་པའི་སྒྲ་ཐམས་ཅད་གསུང་གི་རང་བཞིན། དྲན་རིག་རྣམ་རྟོག་ཐམས་ཅད་ཐུགས་བདེ་བ་ཆེན་པོའི་རང་བཞིན་དུ་རྣམ་པར་དག་གོ །བདག་གིས་དུས་གསུམ་དགེ་བ་སོགས་དང༌། ལྷ་མོ་ཚད་མ་སོགས་དང༌། སྲིད་པ་གསུམ་འབར་སོགས། སྨོན་ལམ་ཅི་རིགས་པ་བཏབ་ནས་སྤྱོད་ལམ་འཇུག་སྟེ་དག་པ་རྣམ་པ་གསུམ་དང་མ་བྲལ་བས་སོ། །བཞི་པ་གཏོར་མའི་རྣལ་འབྱོར་ནི། གཏོར་མ་གཉིས་སམ། གཅིག་གིས་ཀྱང་རུང་སྟེ། ཆང་ཆུ་ནང་མཆོད་ཀྱིས་སྦྱངས། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པ་ལྟ་བུ། ཁ་དོག་སྔོན་པོ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་ཟུར་གསུམ་པ། ཁ་དོག་དམར་པོ་འབར་བས་མཚན་པ། དེའི་སྟེང་དུ་ཨཱཿལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་པ་རང་ལ་བསྟན་པ་ཤིན་ཏུ་རྒྱ་ཆེ་བ་ཨས་མཚན་པ། དེའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་དབུས་


TNT07_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ན་ལས་མིའི་ཤ ཤར་དུ་གོ་ལས་བ་གླང་གི་ཤ བྱང་དུ་ད་ལས་གླང་པོ་ཆེའི་ཤ ནུབ་ཏུ་ཧ་ལས་ཏའི་ཤ ལྷོར་ཀུ་ལས་ཁྱིའི་ཤ ཤ་རེ་རེའི་སྟེང་དུ། དབུས་སུ་མུ་ལས་དྲི་ཆུ། ཤར་དུ་བི་ལས་དྲི་ཆེན། བྱང་དུ་མ་ལས་ཤ་ཆེན་གྱི་དྭངས་མ། ནུབ་ཏུ་ཤུ་ལས་བྱང་སེམས། ལྷོར་ར་ལས་རཀྟ། དེ་རྣམས་ཀྱི་སྟེང་དུ་དབུས་སུ་ཧཱུཾ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཤར་དུ་བྲུཾ་མེ་ལོང་ལྟ་བུའི་ཡེ་ཤེས། བྱང་དུ་ཁཾ་བྱ་བ་གྲུབ་པའི་ཡེ་ཤེས། ནུབ་ཏུ་ཛྲིཾ་སོ་སོར་རྟོགས་པའི་ཡེ་ཤེས། ལྷོར་ཨཾ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས། དེའི་སྟེང་གི་ནམ་མཁའ་ལ་ཨོཾ་དཀར་པོ་མགོ་བོ་ཐུར་དུ་ལྟ་བ། དེའི་སྟེང་དུ་ཨཱཿལས་ཟླ་བའི་དཀྱིལ་འཁོར་ཨཱཿཡིས་བརྒྱན་པ། དེའི་སྟེང་དུ་ཧཱུཾ་ལས་བདུད་རྩིའི་རང་བཞིན་གྱི་ཁ་ཊྭཾ་ག་དཀར་པོ་མགོ་བོ་ཐུར་དུ་བསྟན་པའམ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ། ཧཱུཾ་དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གི་བ་དན་ལ་ཕོག།རླུང་གཡོས། མེ་སྦར། ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་འོད་དུ་བཞུ་ཞིང་བསྐོལ་ཏེ་ཐ་མལ་པ་སྦྱངས། དེའི་རླངས་ཀྱི་འོད་ཟེར་སྟེང་དུ་འཕྲོས་པས་ཨོཾ་མགོ་བོ་ཐུར་དུ་ལྟ་བ་དང༌། ཟླ་བ་དང་ཁ་ཊྭཾ་གའམ་རྡོ་རྗེའི་ལྟེ་བའི་ཧཱུཾ་ལས་བདུད་རྩྀའི་རྒྱུན་འཛག་པ་དང་འདྲེས་པས་བདུད་རྩིར་རྟོགས་པར་བྱ། ཁ་ཊྭཾ་གའམ་རྡོ་རྗེ་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་


TNT07_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཐོད་པ་བདུད་རྩི་བཀང་བ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། མདུན་གྱི་བདུད་རྩི་ལ་ཐིམ་སྟེ་ཡེ་ཤེས་ཀྱི་བདུད་རྩི་དང་གཉིས་སུ་མེད་པར་གྱུར་པས་མཐའ་མེད་དུ་སྦར། ཁ་ཊྭཱཾ་གའམ་རྡོ་རྗེ་དང་ཟླ་བ་དང་ཨོཾ་ཡང་ལྷུང་སྟེ། ཞུ་ནས་ཁ་དོག་དང་དྲི་དང་རོ་དང་ནུས་པའི་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲིཿ ཡང་ཡང་བརྗོད་དོ། །འཇིག་རྟེན་འདས་པའི་གཏོར་ཆོག་ལ། མགྲོན་བསྐྱེད་པ་ནི། མདུན་གྱི་ནམ་མཁར་སྐད་ཅིག་གིས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུར་ཁྲོད་བརྒྱད་དང་བཅས་པ་བཞུགས་པར་གྱུར། ཞེས་པའོ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་པར་བསམ་སྟེ། འབར་བའི་ཕྱག་རྒྱ་དང་བཅས་ལ། ཕཻཾ། ཞེས་བརྗོད། ཛཿཧཱུཾ་བཾ་ཧོཿ དགུགས་གཞུག་བཅིང་དབང་དུ་བྱའོ། །ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱཿཡོ་ག་ཤུདྡྷོ྅་ཧཾ། ཞེས་བརྗོད། འཁྱུད་རྒྱ་བྱ། ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་འོད་ཀྱི་སྦུ་གུ་ཅན་ཧཱུཾ་གིས་མཚན་པས་གསོལ་བར་བསམ་ཞིང༌། ཨོཾ་ཨར་ལླི་ཧོཿ ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭམ་དྲི་ཤྱ་ཧོ། བཛྲ་ཌཱ་ཀི་ནཱི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨི་མཾ་བ་ལིཾ་བྷུ་ཛ་ཐཱ་བི་པ་ཐ། མ་མ་ཀཱརྻ་སཱ་དྷ་ཡ། ཨོཾ་ཨཱཿཧཱུཾ་ཕཻཾ་ཕཻཾ་སྭཱཧཱ། ཞེས་ལན་བདུན་སོགས་བརྗོད། ཨརྒྷཾ ལ་སོགས་པས་མཆོད། ཧཱུཾ་ཨཾ་མཾ་ཏཾ་པཾ་ལཾ། པུ་ཛ་ཨོ་ཨ། གོ་ར་དེ་མ། ཀཱ་ཨོ་ཏྲི་ཀོ །ཀ་ལ་ཀ་ཧི། པྲེ་གྲི་སོ་སུ་ན་སི་མ་ཀུ། ཧཱུཾ་བརྒྱད་ཀྱི་མཐར། ཨོཾ་ཨཱཿཧཱུཾ། གིས་ནང་མཆོད་འབུལ། རྐང་བརྒྱད་གཉིས་ཀྱིས་བསྟོད། སྲིད་དང་ཞི་བ་མཉམ་


TNT07_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆགས་དང་ཀུན་རྟོག་ཆགས་པ་བཅོམ། ཁྱོད་ཀྱིས་དངོས་ཀུན་རང་བཞིན་ནམ་མཁའ་དང་ནི་འདྲར་གཟུགས་ཀྱང༌། །མགོན་པོ་ཤིན་ཏུ་ལྕི་བའི་ཐུགས་རྗེའི་ཆུས་རྒྱས་སེམས་ལ་ནི། །མཛོད་ཅིག་ལྷ་མོ་རྣམས་ཀྱིས་བདག་ལ་རྗེས་བརྩེར་མཛད་དུ་གསོལ། །བདག་ལ་འཕྲིན་ལས་དང་དངོས་གྲུབ་ཐམས་ཅད་གེགས་མེད་པར་སྩལ་བ་དང༌། མྱུར་དུ་དཔལ་ཧེ་རུ་ཀ་ཉིད་ཀྱི་གོ་འཕང་ཐོབ་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་པའོ། །འཇིག་རྟེན་པའི་གཏོར་ཆོག་ནི། འབར་བའི་ཕྱག་རྒྱ་སྔོན་དུ་འགྲོ་བའི་པད་ཀོར་དང༌། ཕཻཾ་བཛྲ་ཨ་རལླྀ་ཧོཿ ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭམ་དྲི་ཤྱ་ཧོཿ རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བས། ཨོཾ་ཁ་ཁ། ཁ་ཧཱི་ཁ་ཧཱི། སརྦ་ཡཀྵ། རཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུནྨཱ་དཱ། ཨ་པ་སྨ་ར། ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞཱནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མ་པྲ་ཡ་ཙྪན་ཏུ་ཡ་ཐཻ་བཾ། ཡ་ཐཻཥྟཾ། བྷུཉྫ་ཐཱ། པི་པ་ཐ། ཛི་གྷྭ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦཱ་ཀཱ་ར་ཏ་ཡ་སདྶུ་ཁཾ་བི་ཤུདྡྷ་ཡེ། ས་ཧཱ་ཡི་ཀཱ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་ལན་གསུམ་མོ། །རྡོ་རྗེ་དྲིལ་ཐབས་དང་བཅས་པས། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། གནོད་སྦྱིན༴ སྲིན་པོའི་ཚོགས༴ འབྱུང་པོའི༴ ཡི་དྭགས༴ ཤ་ཟའི༴ སྨྱོ་བྱེད༴ བརྗེད་བྱེད༴ མཁའ་འགྲོའི་ཚོགས༴ མ་མོའི་ཚོགས་རྣམས་མ་ལུས་དང༌། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་


TNT07_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་འཆེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་ཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཚོགས་རྣམས་འཇོམས། །རྣལ་འབྱོར་ལས་ལས་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་རྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་པ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་རྩོལ། །དམ་ཚིག་ཅན་གྱིས་བདག་ལ་བསྲུང༌། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་བརྗོད་ཅིང་འཕྲིན་ལས་གཞོལ། ཡིག་བརྒྱ་དང་བཟོད་གསོལ་སྔོན་དུ་འགྲོ་བས། ཨོཾ་ཁྱོད་ཀྱི་


TNT07_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དང་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། ཨོཾ་ཡོ་ག་ཤུདྡྷོ སོགས། ཡེ་ཤེས་ཀྱི་འཁོར་ལོ་རང་གི་ལུས་ལ་བསྡུ་སྨོན་ལམ་དང་བཀྲ་ཤིས་བྱའོ། །ལྔ་པ་ཁ་ཟས་ཀྱི་རྣལ་འབྱོར་དང༌། དྲུག་པ་བྱ་སྤྱོད་ཀྱི་རྣལ་འབྱོར་དང༌། བདུན་པ་རྗེས་ཆགས་ཀྱི་རྣལ་འབྱོར་དང༌། བརྒྱད་པ་གཉིད་ཀྱི་རྣལ་འབྱོར་དང༌། དགུ་པ་ལྡང་བའི་རྣལ་འབྱོར་དང༌། བཅུ་པ་ཁྲུས་ཀྱི་རྣལ་འབྱོར་རྣམས་ཀྱང་ཕལ་ཆེར་སྤྱི་དང་མཚུངས་ཤིང༌། ཁྱད་ཆོས་ཅི་རིགས་པ་དང་བཅས་པ་ཡང་གཞུང་དང་མན་ངག་གི་རིམ་པས་རྟོགས་པར་བྱའོ། །འདིར་སྨྲས་པ། བརྟུལ་ཞུགས་ཞལ་སྔའི་བཞེད་དོན་ཤིན་ཏུ་རྟོགས་པར་དཀའ། །དེ་ཕྱིར་བློ་དམན་བདག་ལྟས་གསལ་བར་མི་ནུས་མོད། །བླ་མའི་མན་ངག་ཀུན་རིག་བྱིན་རླབས་ཞུགས་གྱུར་པས། །རྒྱུད་གཞུང་དོན་ལ་ངེས་པ་རྙེད་དེ་འདི་བྲིས་སོ། །མངོན་ཤེས་མེད་པར་རྒྱུད་དོན་རྒྱ་མཚོའི་སྤངས་རྣམས་ལ། །གཞུང་བཟང་འདི་དོན་ས་འོག་གནས་པའི་གཏེར་བཞིན་གྱུར། །རྒྱུད་རིམ་མན་ངག་ཤེས་པའི་ལྟས་ན་གསལ་འགྱུར་མོད། །འོན་ཀྱང་རྡོ་རྗེ་ཐེག་འདི་བྱིན་རླབས་རྗེས་སུ་འབྲངས། །འདི་ལས་ལེགས་བྱས་ཅི་ཡོད་པ། །དེས་ནི་འགྲོ་ཀུན་དོན་གཉིས་མཆོག། དཔལ་ལྡན་ཧེ་རུ་ཀར་གྱུར་ནས། །ཆོས་དབྱིངས་རྒྱ་མཚོར་མཉམ་གྱུར་ཅིག །ཅེས་པ་འདི་ཡང་རྒྱལ་ཁམས་པ་ཏྭ་ར་ནཱ་ཐས་གྲུབ་ཆེན་ནག་པོ་སྤྱོད་པའི་གཞུང་གི་དགོངས་དོན་ཇི་ལྟ་བ་བཞིན་དུ་ངེས་པར་བརྗོད་པ་སྟེ་རང་ལོ་ཞེ་གཅིག་པ་ལ་རི་ཁྲོད་ཇོ་ནང་དུའོ། །བཀྲ་ཤིས། དགེའོ། །ཤུམྦྷ། །


TNT07_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།


TNT07_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས་བཞུགས།


TNT07_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཆེན་པོ་སྤྱོད་པ་པའི་ལུགས་ཀྱི་ལག་ལེན་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷན་ཅིག་སྐྱེས་པའི་གཞལ་མེད་ཁང་ན་མཆོག་ཏུ་དགའ་བའི་འབར་འཕྲེང་མེ་ཆེན་རྟག་ཏུ་འཁྲུགས། །མ་ལུས་བདུད་སྡེའི་སྙིང་ཁྲག་རྒྱ་མཚོ་ཞལ་དུ་རྔུབས་ཤིང་དྲག་པོ་སྡེར་བཅས་རྡུལ་ཕྲན་ཕུང་པོར་བཤིག །ཞིང་གི་རྡུལ་སྙེད་རྡོ་རྗེ་མཁའ་འགྲོ་མ་ཚོགས་ཀྱིས་བསྐོར་བདེ་ཆེན་རྩེ་དགའ་བྱེད་པའི་རོལ་པ་འཛིན། །བདག་མེད་མི་ཟད་དུར་ཁྲོད་ཆེན་པོར་ཤེས་རབ་མཚན་རྒྱུའི་ཚོགས་པས་ལེགས་བཏུད་ཧེ་རུ་ཀ་དཔལ་ལ་ཕྱག་འཚལ། །གང་ཞིག་སྒོམས་ན་མཆོག་དང་ཐུན་མོང་གི །དངོས་གྲུབ་ཚེ་འདི་ཉིད་ལ་འབད་མེད་པར། །འགྲུབ་འགྱུར་འདི་ལ་ངོ་མཚར་ཆེར་སྐྱེས་ནས། །བློ་རྨོངས་བདག་ཀྱང་གནས་འདིར་རྩོལ་བར་གྱུར། །ནག་པོ་སྤྱོད་པའི་བཞེད་གཞུང་རྡོ་རྗེའི་ཚིག ། གྲུབ་པའི་གནས་ཐོབ་བྱེ་བས་མངོན་སྒྲོད་པ། །ལམ་འདི་མ་ནོར་གསལ་བར་རྟོགས་པ་འགའ། །དུས་མཐར་


TNT07_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་འདི་ཡང་རྒྱལ་བའི་མཐུ། །འགྲེལ་བཤད་འཁྱམ་པོ་བལྟས་པའི་བློ་གྲོས་ཀྱིས། །གྲུབ་པའི་ཐུགས་བཅུད་ལོངས་པ་ག་ལ་ཞིག །རྒྱ་གཞུང་ཡིན་ཞེས་པཎ་ཆུང་འགའ་ཞིག་གི། གཞུང་ལ་མཆོག་འཛིན་བྱེད་པའང་བྱིས་པའི་ཚུལ། །བླུན་པོ་རང་གི་དེ་ཉིད་རྟོན་པ་ལ། །ཟབ་དོན་མཐར་ཐུག་ཡིན་ཞེས་སྐལ་དམན་འཁྲུལ། །གྲུབ་པའི་དགོངས་བཞེད་རྡོ་རྗེ་འཆང་གི་ལམ། །སྨིན་བྱེད་དབང་གི་ཆུ་བོ་འདི་ན་ཀོ །དེ་ལ་འདིར་དེ་ཁོ་ན་ཉིད་བཅུ་སྟེ། སྙེན་པ་གསོལ་གདབས་ས་ཆོག་དང༌། །སྟ་གོན་དཀྱིལ་འཁོར་དྲི་བ་དང༌། །དཀྱིལ་འཁོར་སྒྲུབ་དང་མཆོད་བདག་འཇུག །དབང་བསྐུར་རྗེས་ཀྱི་བྱ་བའོ། །དེ་ལྟར་ན་སྔོན་དུ་བསྙེན་པའི་བྱ་བ། གསོལ་བ་གདབ་པའི་རིམ་པ། ས་གཞི་ལྷག་པར་གནས་པ། ལྷ་སློབ་སྟ་གོན་གནས་པ། གཟུགས་བརྙན་འདྲི་བའི་རྣམ་གཞག །དཀྱིལ་འཁོར་རྣམ་གསུམ་སྒྲུབ་པ་མཆོད་པ་རྒྱས་པའི་ཆོ་ག །འཇུག་ཅིང་དབང་བླང་བ། གཞུག་ཅིང་དབང་བསྐུར་བ། ཉེར་བསྡུ་རྗེས་ཀྱི་ལག་ལེན་ནོ། །དང་པོ་བསྙེན་པའི་བྱ་བ་ནི། མཚན་ཉིད་དང་ལྡན་པའི་སློབ་དཔོན་དུ་འགྱུར་བས་


TNT07_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་བདག་ཉིད་བྱིན་གྱིས་རླབས་པའི་དོན་དུ་རྩ་བའི་བསྙེན་པ་བྱ་སྟེ། ལྷའི་རྣལ་འབྱོར་ལ་ཅུང་ཟད་སེམས་བརྟན་པ་དང༌། རྣམ་པར་གཡེང་བ་སྤངས་པའི་སྒོ་ནས། ཇི་སྐད་དུ་མངོན་བརྗོད་ལས། སྔོན་དུ་བསྙེན་པ་བྱ་བ་ནི། །ཆོ་ག་བཞིན་དུ་འབུམ་དུ་བཟླ། །འཁོར་ལོའི་གསང་སྔགས་འབུམ་བཟླས་ཞིང༌། །གཞན་ནི་ཁྲི་རུ་བཟླས་པར་བྱ། །ཞེས་གསུངས་ཤིང༌། རྒྱུད་གཞན་ལས་ཀྱང་དེ་ལྟར་གསུངས་པ་དང་དབང་པོ་རྣོན་པོས་ཁྲི་ཕྲག་གིས་ཀྱང་འགྲུབ་པར་འགྱུར་ལ། བཞི་འགྱུར་གྱི་བསྙེན་པ་ལན་གསུམ་རྩོམ་པ་སོགས་བྱ་ཞིང༌། ཡེ་ཤེས་འབེབས་པའི་སྔགས་གཉིས་ཀྱང་སྔ་མའི་བཅུ་ཆ་བཟླ་སྟེ། བཟླས་པའི་བཅུ་ཆ་སྦྱིན་སྲེག་ཀྱང་བྱའོ། །ད་ལྟར་རྩོད་པའི་དུས་ཀྱི་ཐ་མ་སྟེ། གནས་སྐབས་འདི་དག་ཏུ་ཡང་བྱེ་བའམ་བྱེ་བ་ལྔ་བཟླས་ཤིང༌། སྦྱིན་སྲེག་འབུམ་ཕྲག་བཅུ་བྱས་པས་ནི། ངེས་པར་བྱིན་གྱིས་བརླབས་པས་ནུས་པ་ཐོབ་པར་འགྱུར་རོ། །ཕྱིས་སློབ་མ་ལ་དབང་བསྐུར་བའི་དུས་ན། ལྷ་ལ་གནང་བ་ཞུ་བའི་དོན་གྱི་བསྙེན་པ་ལ་ནི། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ཁྲི་ཕྲག་གསུམ། འཁོར་ལོ་གསུམ་ལ་ཁྲི་ཕྲག་གཉིས་ཏེ། མ་མོ་བཅུ་གཉིས་ལ་ལྔ་སྟོང་ལྔ་བརྒྱ་རེ་བཟླ་བ་རྒྱས་པ་དང༌། དེ་ལས་འཁོར་ལོ་གསུམ་གྱི་བཟླས་པ་སྤངས་པའི་འབྲིང་པོ་དང༌། གཙོ་བོ་ཡབ་ཡུམ་ཁོ་ན་བཟླས་པ་བསྡུས་པའོ། །དེ་དག་ཏུ་གཏོར་མ་དང་མཆོད་པ་ཡང་ནས་ཡང་དུ་ཕུལ་ཏེ། སློབ་མའི་དོན་དུ་གསོལ་བ་བཏབ་པས། རྨི་ལམ་ལ་སོགས་པར་སྣང་བ་རྙེད་པར་འགྱུར་རོ། །གནང་བ་ཐོབ་ན་ཡེ་ཤེས་དབབ་པའི་རྫས་བྱིན་གྱིས་བརླབ་པའི་བསྙེན་པ་ཡང་བྱའོ། །གཉིས་པ་གསོལ་བ་གདབ་པའི་རིམ་པ་ནི་སློབ་མས་མཎྜལ་ཕུལ་ཏེ། རྡོ་རྗེ་འཛིན་པ་བདག་ལ་དགོངས་སུ་གསོལ། ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཐབས་དང་ཤེས་རབ་བདག་ཉིད་ཅན། །སྟོན་པའི་


TNT07_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ལེགས་གནས་པ། །བདེ་མཆོག་ཆོ་ག་བཤད་དུ་གསོལ། །ཞེས་ལན་གསུམ་གསོལ་བཏབ། སློབ་དཔོན་གྱིས། འཁོར་ལོ་མཆོད་པའི་རིམ་ཇི་བཞིན། ཁྱོད་ཀྱི་ཐམས་ཅད་འབྱོར་གྱུར་རམ། །རྣལ་འབྱོར་མ་དང་རྣལ་འབྱོར་པ། །གུས་པས་དགའ་བར་བྱེད་ནུས་སམ། ཞེས་དྲིས་པ་ལ། འབྱོར་གྱུར་ཏེ། ཞེས་དང༌། བྱེད་ནུས་སོ། །ཞེས་ལན་གདབ་བོ། ཡང་འདི་སྐད་དུ། དམ་ཚིག་སྐྱོང་ཞིང་བརྟན་བྱེད་པ། །བུ་ཁྱོད་ཀྱིས་ནི་སྤྲོ་གྱུར་ཏམ། ཞེས་པ་ལ། བདག་ནི་རབ་ཏུ་སྤྲོ་གྱུར་ཏོ། །ཞེས་ལན་བཏབ་བོ། སྐབས་འདིར་སློབ་མ་ལ་བགེགས་སྦྱང་བ་དང༌། སྡིག་པ་སྦྱངས་པ་བྱས་པའི་རྗེས་སུ་སྒྲུབ་ཐབས་ནས་འབྱུང་བ་ལྟར་སྲུང་འཁོར་སྒོམ། ཞལ་བཞི་པ་བཟླས་པའི་སྲུང་སྐུད་མགུལ་བར་བཏགས། སྨོན་ལམ་དང་ཤིས་བརྗོད་བྱའོ། །གསུམ་པ་ས་གཞི་ལྷག་པར་གནས་པ་ལ། ས་གཞིའི་མཚན་ཉིད། ས་སྦྱང་བ། ས་བསླང་བ། ས་བཟུང་བ་སྟེ་བཞི་ལས། དང་པོ་ནི་སྤྱི་དང་འདྲ་ཞིང་གཞུང་དུའང་ལྟའོ། །གཉིས་པ་ནི། རྐོ་སྦྱང་དང་སྟེགས་བུ་བྱ་བ་ཡིན་ལ། དེ་ལྟར་མ་གྲུབ་ན། ཨོཾ་བྷུ་ཁཱཾ། ཞེས་སོགས་ཏེ་སྤྱི་དང་འདྲའོ། །གསུམ་པ་ནི། སྔོན་འགྲོ་གཏོར་མ་དང་གནས་དང་ཡོ་བྱད་བྱིན་གྱིས་རླབས་པ་སྔོན་དུ་བཏང་ནས། སྐྱབས་འགྲོ་སེམས་བསྐྱེད་ནས་བརྩམས་ཏེ། ཐུན་མཚམས་དག་པ་གསུམ་དྲན་པའི་བར་བདག་བསྐྱེད་སྒྲུབ་ཐབས་ལྟར་རྫོགས་པར་སྒོམ། ས་གནོན་གྱིས་ཕྱག་རྒྱས་སོར་མོ་དབུས་མ་གསུམ་ས་ལ་རེག་སྟེ། ཌཱཀྐི་ནི་ཧཱུཾ་ཛ་ཨོཾ་ཧཾ། ལན་གསུམ། ཧཾ་གི་སྒྲ་དང་ཧཱུཾ་གི་འོད་ཀྱིས་བསྐུལ་ནས། ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་བྱུང༌། ཚོམ་བུའི་སྟེང་དུ་


TNT07_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་པ་ནི། སའི་ལྷ་མོ་གསེར་གྱི་མདོག་ཅན་ཞི་བའི་ཉམས་དང་ལྡན་པ། ཕྱག་གཉིས་ཀྱི་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་བསྣམས་པ། རྒྱན་དང་ན་བཟའ་དཀར་པོ་ཅན། ཀྱེ་རིག་པ་འཛིན་པ་བདག་གིས་དཀྱིལ་འཁོར་གྱི་ལས་ཅི་བགྱི་བ་བཀའ་སྩལ་དུ་གསོལ། ཞེས་གསུངས་པར་གྱུར། བདག་བསྐྱེད་ལྟར་མཆོད་པ་བྱིན་གྱིས་རླབས། ཨོཾ་པྲཾ་ཐི་ཝཱི་དེ་ཝཱི་བྷྱཿ ཨརྒྷཾ་པྲ་ཏི་ཙྪ་སྭཱཧཱ། མཚན་སྔགས་ཏེ་སྔོན་དུ་འགྲོ་བའི། པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྟ། གྷནྜེ། སོགས་རོལ་མོ། གཏོར་མ། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཨོཾ་པྲི་ཐི་ཝཱི་དེ་ཝཱི་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུད་ག་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། གྲྀཧྞ་དཾ་བ་ལིཾ་ཏ་ཡེ་སྭཱཧཱ། ལན་གསུམ། ཨོཾ་ཚུར་བྱོན་ཚུར་བྱོན་ས་ཡི་ནི། །ལྷ་མོ་ཆེན་མོ་འཇིག་རྟེན་ཡུམ། །རིན་ཆེན་ཀུན་གྱིས་རབ་གང་མ། །བཟང་པོའི་རྒྱན་གྱིས་རྣམ་བརྒྱན་མ། །དོ་ཤལ་རྐང་གདུབ་སྒྲ་ལྡན་མ། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་གཏོར་འདི་དག་མཆོད་ནས་སུ། །དཀྱིལ་འཁོར་ལས་ནི་ལེགས་གྲུབ་མཛོད། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་


TNT07_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ནི་དཔང་དུ་གསོལ། །ཧེ་རུ་ཀ་དཔལ་དཔའ་བོ་ཡི། །ཇི་ལྟར་བདུད་ཀྱི་སྟོབས་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ནས་དཀྱིལ་འཁོར་བྲི། ལན་གསུམ། སའི་ལྷ་མོ་འཁོར་དང་བཅས་པ་རྣམས་མཆོད་གཏོར་དམ་པ་འདིས་ཚིམ་པར་མཛོད་ལ། བདག་གི་བསྙེན་པ་རྫོགས་པའི་དཔང་པོ་མཛད་ཅིང༌། དཀྱིལ་འཁོར་འདྲི་བའི་དོན་དུ་སའི་ཕྱོགས་འདི་བདག་ལ་གནང་བར་མཛད་དུ་གསོལ། ཀྱེ་རིག་པ་འཛིན་པ་ས་གཞི་བགེགས་མེད་ཅིང་དག་པར་བྱ་བའི་ལས་ཅི་བདེ་བར་མཛོད་ཅིག ཨོཾ་པྲི་ཐི་ཝཱི་དེ་ཝཱི་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། སའི་ལྷ་མོ་སླར་ཡང་ས་དེ་ཉིད་ལ་ཐིམ་པར་གྱུར། བཞི་པ་ནི། བདག་ཉིད་དཔལ་ཧེ་རུ་ཀ ཐུགས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ། བགེགས་དང་ལོག་པར་འདྲེན་པ་དང༌། བདུད་ཀྱི་སྡེ་ལ་སོགས་པ་སྡང་བ་དང་གདུག་པ་ཅན་དང་གདུལ་དཀའ་བའི་སེམས་ཅན་རྣམས་རབ་ཏུ་སྡིགས་པར་མཛད་པ་རབ་ཏུ་འཁྲུགས་ཤིང་ཆེར་ཁྲོས་ལ་བཞད་པའི་ཉམས་ཅན། སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་སྤྲོ་བ་དང་བཅས་པར་གྱུར། མིག་གཡས་གཡོན་མ་དང་ཊ་ལས་ཉི་མ་དང་ཟླ་བར་གྱུར། མིག་འབྲས་ཧཱུཾ་ལས་རྡོ་རྗེ་ནག་པོ་ཁྲོ་བོའི་ཚོགས་ཀྱི་འོད་ཟེར་འཕྲོ་བ་དང༌། རྐང་མཐིལ་གཉིས་སུ་ཨཱཿལས་སྣ་ཚོགས་རྡོ་རྗེ་འོད་ཟེར་འཕྲོ་བའོ། །བ་ཛྲ་དྲིཥྟ་མ་ཊ། རྡོ་རྗེ་ལྟ་བས་གཡས་གཡོན་དུ་བསྐོས་ཏེ་བལྟས་པས་


TNT07_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་བསྐྲད། དཀྱིལ་འཁོར་གྱི་དབུས་སུ་འགྱིང་བ་དང་བཅས་པས་འདི་སྐད་ཅེས། སའི་ཕྱོགས་འདིར་སེམས་ཅན་གྱི་དོན་རྩོམ་གྱི། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དངོ་སྲིན་པོ་དང་སྲིན་མོ་ལ་སོགས་པ། གང་དག་གནས་པའི་སའི་བདག་པོ་མྱུར་དུ་སོང་ཤིག །འདིར་དཔལ་ཧེ་རུ་ཀའི་བཀའ་ནོས་ལ་མྱུར་བ་ཉིད་སོང་ཤིག །གང་དག་མི་འགྲོ་བ་དེ་ལ་ངའི་ཡེ་ཤེས་ཀྱི་རྡོ་རྗེ་དང་ཁ་ཊྭཾ་ག་འདིས། སྤྱི་བོ་ནས་རྣམ་པ་བརྒྱར་འགས་པར་བྱའོ། །ལན་གསུམ། རེ་རེའིམཐར་སུམྦྷ་བཟླས་ཤིང༌། འབུད་དཀྲོལ་བྱ། ཉུང་དཀར་གྱིས་ས་གཞི་ལ་གཏོར་རོ། །དེ་ནས་ཧཱུཾ་གླུར་ལེན་ཞིང་དབང་ལྡན་དུ་སོང་ལ། རྡོ་རྗེ་རྩེ་གཅིག་པ་དང༌། རྩེ་གསུམ་པ་དང༌། རྩེ་ལྔ་པའི་འགྲོས་ཀྱིས་བསྐོར་བ་དང༌། རོལ་པའི་སྐྱོང་བ་དང་བསྟུན་ནས། དབུས་སུ་སྣ་ཚོགས་རྡོ་རྗེ་འབྲི་ཤིང་མཉམ་པའི་རྐང་སྟབས་དང༌། ཤར་དུ་གཡོན་རྐྱང༌། བྱང་དུ་ས་ག། ནུབ་ཏུ་ཟླུམ་པོ། ལྷོར་གཡས་བརྐྱང་རྣམས་ཐབས་ཤེས་ཀྱི་དབྱེ་བས་བརྒྱད་དམ་བཅུར་འགྱུར་བ་དང༌། གྱེན་དུ་འདེགས་པ་དང༌། ཐུར་དུ་སྐྱོད་པ་དང༌། ཐད་དཀར་སྐྱོད་པ་གསུམ་གྱིས་བསྐོར་ཞིང༌། གཡས་དང་གཡོན་དུ་བསྐོར་བ་དང༌། འཁྱུད་དང་ཀུ་ཙ་ཉེད་པ་དང༌། ན་ག་གྲ་ཧ་ད་ན་ད་ཀ་དང༌། ཙཱུ་ཤ་ན་དང་སྐྲ་གྲོལ་བ། ཞེས་བརྒྱད་དང༌། རྐང་པ་སྐྱོད་དང་ལག་པ་སྐྱོད། །སྨིན་མ་ལྡེག་དང་རབ་རྒྱས་བྲང༌། །ཅུང་ཟད་ངོ་ཚའི་ཟུར་མིག་དང༌། །རླ་རྒྱུས་བལྟ་ན་སྡུག་པ་དང༌། །མིག་ཡངས་གར་ནི་བྱེད་འགྱུར་ཞིང༌། །ཁ་ཡི་པདྨ་འཛུམ་པ་དང༌། །ཅུང་ཟད་དམར་བའི་མཆེ་བ་འཆང༌། །ཀུན་ད་ལྟར་དཀར་སོ་ཡི་འཕྲེང༌། །ཞེས་པ་ལྟར་གར་གྱི་རྣམ་པར་རོལ་པ་རྣམས་བྱ་ཞིང༌། སྟངས་སྟབས་ཀྱི་སྤྲོས་པ་ལ་མི་དགའ་ན། ཇི་ལྟར་རིགས་པའི་སྐོར་བ་གསུམ་བྱའོ། །སྲུང་བ་ནི།


TNT07_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་ཕུར་བུ་མེད་ན་ཡིད་ཀྱིས་བཏབ་པས་ཀྱང་རུང་ལ། དངོས་སུ་ཡོད་ན། ཕུར་པ་བཅུ་འམ་ལྔ་གདབ་པ་གང་རིགས་པས་བཅུའི་ཕྱོགས་ལ་བསངས་སྦྱངས། སྟོང་པའི་ངང་ལས། སྟེང་དང་ཤར་གྱི་ཕུར་བུ་ཁྭ་གདོང་མ་སྔོ་སེར། བྱང་གི་ཕུར་བུ་འུག་གདོང་མ་ལྗང་སེར། ནུབ་དང་འོག་གི་ཕུར་བུ་ཁྱི་གདོང་མ་དམར་སེར། ཞེས་པ་ནས། བྱང་ཤར་གྱི་ཕུར་བུ་གཤིན་རྗེ་འཇོམ་པ་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་དྲག་མོ་ཆེན་མོ་གྲི་གུག་དང་ཐོད་པ་འཛིན་པ། ལྟེ་བ་མན་ཆད་ཕུར་བུའི་དབྱིབས་ཅན་ནོ། །རང་འདྲའི་ཡེ་ཤེས་སེམས་དཔའི་ཕཻཾ་ཛཿཧཱུཾ་བཾ་ཧོཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སུམྦྷ་མང་དུ་བཟླའོ། །མཐར་ཡི་གེ་བརྒྱ་པ་དང་བརྟན་བཞུགས་བྱ། དེ་ནས་ཞལ་བཞི་པའི་སྔགས་ཚར་གཅིག་བརྗོད། སྔགས་ཀྱི་འོད་ཟེར་ལས་བྱུང་བའི་སྒོ་མཚམས་མ་བརྒྱད་སྤྲུལ། ཁྭ་གདོང་མ་ལས་སྟེང་དུ་ཁཱ་གདོང་མ། ཞེས་པ་ནས། མི་བསྐྱོད་པའི་ཞིང་དུ་སྐྱེས་པར་གྱུར། གྱི་བར་སྒྲུབ་ཐབས་བཞིན་བརྗོད་པ་ལས། ཕུར་གདབ་དང་ཕུར་བུ་བརྡུངས་བའི་སྔགས་ཚར་བཅུ་བཅུ་བརྗོད། ཕུར་བུ་ཡོད་ན་དངོས་སུ་ཡང་གདབ་བརྡུང་བྱའོ། །ཨོཾ་བཛྲ་ཨཱཿཧཱུཾ། རྡོ་རྗེ་སྡམས་པ་ས་ལ་བཞགཨཿ ཡིག་ལས་སྐྱེས་པའི་ས་གཞི་སྣ་ཚོགས་རྡོ་རྗེར་གྱུར། ཨོཾ་བཛྲ་དྲིཥྟི་མ་ཊ། རྡོ་རྗེའི་ལྟ་བས་གཡས་གཡོན་དུ་སྐོར་ཞིང་ལྟས་པས། རྡོ་རྗེའི་བླ་བྲེ་གུར་མདའི་དྲ་བ་མེ་དཔུང་འབར་བ་དང་བཅས་པར་གྱུར། ཨོཾ་མེ་དྷི་ནི་བཛྲི་བྷ་ཝ་བནྡྷ་ཧཱུཾ། སོགས། སྔགས་དྲུག་པོ་ཚར་གསུམ་གསུམ་བརྗོད། སུམ་ཚན་རེ་རེའི་མཐར།


TNT07_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ལན་བཅུའམ་བཞི་ལ་སོགས་པ་བརྗོད། ཕུར་བུ་དང་དེ་སྲུང་བའི་ཕོ་ཉ་རྣམས་ལ། ཨརྒྷ་ལ་སོགས་པས་མཆོད། ཕུར་བུ་ལ་དྲིའི་བྱུགས་པས་བྱུགས་མེ་ཏོག་འཕྲེང་བ་དམར་པོ་དང་མགུལ་བཅིངས་དམར་པོ་དང༌། ཡུངས་དཀར་གྱི་ཐུམ་བུ་རྣམས་མགུལ་དུ་བཏགས་གུ་གུལ་གྱིས་བདུགས་ཏེ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། དེ་བཞིན་དུ། པུཥྤེ་མཱ་ལི། བསྟྲ། སརྒ་པ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། ཇི་སྲིད་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་ཐམས་ཅད་བཟློག་པའི་འཕྲིན་ལས་མཛོད་ཅིག ཅེས་གསོལ་བ་བཏབ། དེ་དག་གི་མཐར་སྨོན་ལམ་དང་བཀྲ་ཤིས་བྱའོ། །ཕུར་བུ་ལྔ་པའི་ཕྱོགས་ལ་ཧཱུཾ་ལྔ་ལས། དབུས་ཀྱི་ཕུར་བུ་གནོད་མཛེས་ནག་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཨོཾ་སུམྦྷ་ར་ཛ་བཛྲ་ཀྲོ་དྷ་མཎྜལ་ལ་ཙཀྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ། ཤར་ལྷོའི་ཕུར་བུ་མི་གཡོ་བ་ནག་པོ་རལ་གྲི་དང་སྡིགས་མཛུབ་མཛད་པ། ཨོཾ་ཀ་ནཱི་དྷུ་ནི་བཛྲ་ཀྲོ་དྷ་མཎྜ་ལ་ཙཀྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ། ལྷོ་ནུབ་ཀྱི་ཕུར་བུ་དབྱུག་སྔོན་ཅན་དབྱུག་པ་སྔོན་པོ་དང་སྡིགས་མཛུབ་མཛད་པ། ཨོཾ་ནཱི་ལ་དཎྜ་བཛྲ་ཀྲོ་དྷཱ་མཎྜལ་ཙཀྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ། ནུབ་བྱང་གི་ཕུར་བུ་རྟ་མགྲིན་དམར་པོ་དབྱུག་པ་དང་སྡིགས་མཛུབ་མཛད་པ། ཨོཾ་ཧ་ཡ་གྲཱྀ་བ་བཛྲ་ཀྲོ་དྷ་མཎྜ་ལ་ཙཀྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ། བྱང་ཤར་གྱི་ཕུར་བུ་བདུད་རྩི་འཁྱིལ་བ་ནག་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཨོཾ་ཨ་མྲྀ་ཏ་ཀུཌ་ལི་བཛྲ་ཀྲོ་དྷ་མཎྜ་ལ་ཙཀྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ། ཐམས་ཅད་ཀྱང་ལྟེ་བ་མན་ཆད་ཕུར་བུ་རྩེ་གཅིག་པ་འབར་བའི་རྣམ་


TNT07_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

པས། བགེགས་ཐམས་ཅད་འཇོམས་པར་མཛད་པ་ཁྲོ་བོའི་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པའོ། །ཞེས་བསྐྱེད་པ་དང༌། ཕུར་གདབ་དངོས་ཀྱི་སྐབས། མཚམས་མ་བཞི་པོས་ཕུར་བུས་གདབ་པ་དང༌། སྒོ་མ་བཞི་པོས་ཐོ་བས་བརྡུངས་པར་བསམ། དབུས་ཀྱི་ཕུར་བུ་ནི་སྟེགས་བུའི་དཀྱིལ་འཁོར་གྱི་སའི་ནང་ངམ། ཁང་སྟེང་དུ་དཀྱིལ་འཁོར་འབྲི་ན་དེའི་ཐད་ཀའི་འོག་ཏུ་འདེབས་པ་ཡིན་ཀྱང༌། ཕལ་ཆེར་དབུས་སུ་བཏབ་པར་མོས་ནས། དཀྱིལ་འཁོར་གྱི་ཤར་ཕྱོགས་ཐག་ཉེ་བར་འདེབས། སྟེང་འོག་གི་བགེགས་ལ་དབུས་ཀྱི་ཕུར་བུས་འདེབས་ཤིང༌། ཤར་དང་ཤར་ལྷོའི་བགེགས་སྡོམས་ནས་ཤར་ལྷོར་ཕུར་བུ་འདེབས་པ་སོགས་ཡིན་པས། ཧཱུཾ་ལས་བྱུང་བའི་ཁྲོན་པ་ལྔར་གྱུར། ཞེས་འདོན་པ་སྤོ་དགོས་ལ། ཆོ་ག་ལྷག་མ་ཐམས་ཅད་སྔ་མ་བཞིན་ནོ། །གྲུབ་ཆེན་གྱི་དཀྱིལ་ཆོག་ལས་ཕུར་གདབ་ཙམ་ཞིག་གསུང་པ་མ་གཏོགས་ཕུར་བུའི་ལྷ་གང་ཡིན་དངོས་སུ་མི་གསལ་ཡང་མཁའ་འགྲོ་མ་བརྒྱད་དོན་གྱི་ཐོབ་ལ། ཁྲོ་བོ་ལྔ་ནི་གཞུང་ཚིག་གི་དངོས་ཤུགས་གང་ལའང་མི་གསལ་མོད་སློབ་དཔོན་འདིའི་བཞེད་པའི་རྣམ་གྲངས་སུ་ཡོད་པའི་རྒྱུ་མཚན་གཞན་ཞིག་སྣང་ངོ༌། །བཞི་པ་ལྷ་སློབ་སྟ་གོན་གནས་པ་ལ། སྟ་གོན་གྱི་སྔ་རོལ་དུ་སྒྲུབ་དགོས་པའི་ཆོ་ག་དང༌། སྟ་གོན་དངོས་སོ། །དང་པོ་ནི་སྔོན་འགྲོ་གཏོར་མ། གནས་ཡོ་བྱིན་རླབས། ཞུ་འབུལ་དཀྱིལ་འཁོར་ཆེན་པོའི་ཏིང་ངེ་འཛིན་རྣམས་སོ། །དེ་ཡང་སྔོན་འགྲོ་གཏོར་མ། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཞེས་བྱིན་གྱིས་རླབས། ཕཻཾ། ཞེས་མགྲོན་རྣམས་སྤྱན་དྲངས། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ནས། བྷ་ཝཱནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ལན་གསུམ། ཨརྒྷཾ་ནས། ཤཔྟའི་བར་གྱི་མཆོད། ལྷ་ཡི་ཚོགས་རྣམས་ནས། འདོད་པ་


TNT07_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྲུབ་ཤོགདཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པའི་ཕྱིར་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་ཏེ། བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བར་འཚལ་ན། དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ཕྱོགས་སྐྱོང་བའི་སྲུང་མ་ལ་སོགས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་ཇི་སྲིད་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་རྣམས་བཟློག་ཅིང་འདོད་པའི་དོན་ཐམས་ཅད་སྒྲུབ་པའི་འཕྲིན་ལས་མཛོད་ཅིག གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་བ་གསང་སྤྱོད་ལྟ་བར་མི་དབང་བ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །སུམ་བྷ་བཟླས་དྲག་རོལ་བྱ་གཏོར་མ་ཕྱིར་དོར་རོ། །དེ་ནས་གནས་དང་ཡོ་བྱད་བྱིན་གྱིས་རླབས་པ་ནི། སུམ་བྷས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་ཧཱུཾ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་དུ། བྷྲུཾ་ལས་བྱུང་བའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿ


TNT07_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་པ་རྣམས་རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྲུབ་པ། ངོ་བོ་བཟང་ཞིང་རྒྱ་ཆེ་བ། ཡུལ་ནམ་མཁའི་མཐས་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། དེ་བཞིན་དུ། པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ་དྷཱུ་པེ། ཨཱ་ལོ་ཀེ གན་དྷེ། ནཻ་ཝེ་ཏེ། ཤཔྟ་ཨཱཿཧཱུཾ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ། ཨོཾ་བཛྲ་སྥཱ་ར་ཎ་ཁཾ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ཏེ། པྲཱ་ཛྙཱ་པ་ར་མི་ཏ། ན་ད་སམ་བྷ་ཝེ་ཏ། བཛྲ་དྷརྨཱ་ཧྲི་ད་ཡ་ནི་སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨ་ཁཾ་སྭཱཧཱ། ཞེས་རོལ་མོ་བྱིན་འབེབས་ཀྱི་སྔགས་དང༌། གཞན་ཡང་མཆོད་པའི་སྤྲིན་གྱི་གཟུངས་ལ་སོགས་པ་ཅི་རིགས་པ་བཟླས་ཤིང་བྱིན་དབབ་བོ། །ཞུ་འབུལ་ནི། ཚོགས་པ་ཡོད་ན་ཚོགས་ཀྱི་གཙོ་བོ་ལ་གསོལ་བ་གདབ་པའི་དོན་ཡིན་པས་བྱས་ན་ལེགས་པར་འགྱུར་ཏེ། བྱེད་ཚུལ་ནི་སྤྱི་དང་འདྲའོ། །


TNT07_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཆེན་པོའི་ཏིང་ངེ་འཛིན་ནི། སྐྱབས་འགྲོ་ནས་བརྩམས་ཏེ། ཞིང་སྦྱོངས་དག་པ་གསུམ་གྱི་བར་དུ་བདག་བསྐྱེད་ཀྱི་རྣལ་འབྱོར་རྒྱས་པ་ཉིད་རྫོགས་པར་བསྒོམ་པ་ཡིན་ནོ། །གཉིས་པ་སྟ་གོན་དངོས་ལ། གོང་དུ་བཤད་པ་ལྟར་གྱིས་ཆོ་ག་བྱས་ཟིན་ན། སའི་ལྷ་མོའི་སྟ་གོན་ནི་མི་དགོས་ཏེ། གཞུང་ལས་མི་འབྱུང་བའི་ཕྱིར་རོ། །འོན་ཀྱང་རས་བྲིས་ལ་བརྟེན་པའི་ཕྱོགས་སམ། རྡུལ་ཚོན་ལ་བརྟེན་པ་ཡིན་ཀྱང་རུང་སྟེ། ས་ཆོག་མ་བྱས་ན་འདིར་བྱེད་དགོས་ཏེ། གཞན་རྣམས་གོང་དང་འདྲ་བ་ལས། གསོལ་གདབ་ཚིག་ལྷུག་པ་དེ་བོར། ཀྱེ་རིག་པ་འཛིན་པ་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་མཛོད་ཅིག ཅེས་སྣང་བ་སྦྱིན་པར་བསམས་པ་ནི་ཁྱད་པར་རོ། དཀྱིལ་འཁོར་ཁང་པ་རྙིང་པར་རྡུལ་ཚོན་ལ་བརྟེན་པ་ལ་ཡང་ས་ཆོག་མེད་པའི་ཆོ་ག་ལ། གནས་གསར་རབ་རས་བྲིས་ལ་ཡང་ས་ཆོག་བྱུང་ན་ལེགས་ཏེ། དེ་ནི་ས་གཞི་ལ་དཀྱིལ་འཁོར་བྲི་བ་ཁོ་ནའི་ཕྱིར་མ་ཡིན་གྱི། ཕྱི་ནང་གི་བདུད་དང་བར་ཆད་གཞོམ་པའི་ཕྱིར་ཡིན་པས་སོ། །ཞེས་པ་ནི་བདག་གི་རྣམ་པར་རྟོག་པ་སྟེ་བོད་ཀྱི་བླ་མ་རྣམས་རས་བྲིས་ཀྱི་ཕྱོགས་ལ་ས་ཆོག་མི་བྱེད་ཅིང་ཕྱིས་བྱུང་མང་པོ་ཞིག་ནི་ལྷ་གནས་ཀྱང་མི་བྱེད་པར་སྣང་ངོ༌། །འདིར་སྟ་གོན་ནི་རྣམ་པ་གཉིས་ཏེ། ལྷའམ་དཀྱིལ་འཁོར་ལྷག་པར་གནས་པ་དང༌། སློབ་མ་ལྷག་པར་གནས་པའོ། །དང་པོ་ནི། ཤར་དང་སྟེང་གི་ཕུར་བུ་ཁཱ་གདོང་མ། ནས། ཕུར་བུའི་དབྱིབས་ཅན་དུ་གྱུར། ཨོཾ་བཛྲ་གནྡྷེ་ནས། བཟློག་པའི་འཕྲིན་ལས་མཛོད་ཅིག གི་བར་གོང་བཞིན་ནམ་ཡང་ཁྲོ་བོའི་ཕུར་བུ་ལྔ་པ་དང་ཡོད་ན། དབུས་ཀྱི་ཕུར་བུ་གནོད་མཛེས་ནག་པོ། ནས། ཡོངས་སུ་རྫོགས་པའོ། །ཨོཾ་བཛྲ་གནྡྷེ་ནས། མཛོད་ཅིག གི་བར་གོང་བཞིན་ནོ། །ཕུར་བུ་སྐྱེད་ཅིང་མཆོད་པ་ནི། ས་ཆོག་མ་བྱས་ན་ལྷ་སྟ་གོན་གྱི་གོང་དུ་ངེས་པར་བྱ་ལ། ས་ཆོག་


TNT07_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་སླར་སྐྱེད་ཆོག་མི་དགོས་པར་གུ་གུལ་གྱིས་བདུགས་ཕྱི་མཆོད་ཅི་ནུས་རེ་ཕུལ་ནས་གསོལ་བ་བཏབ། གཏོར་བསྔོའི་ཞོར་ལ་གཏོར་མ་ཕུལ་བ་ཙམ་གྱིས་ཆོག་པར་མངོན་ནོ། །དེ་ནས་རྡུལ་ཚོན་གྱི་ཕྱོགས་ལ་ཐིག་རགས་པ་ཙམ་འོལ་སྤྱི་ཙམ་སྐམ་ཐིག་གི་ཚུལ་དུ་བཏབ་ལ། དྲི་བཟང་དང་ཁྲག་ཆེར་སྦྱར་བས། གཙོ་བོའི་གནས་སུ་གྲུ་བཞི་ཆེ་བ་དང༌། འཁོར་གྱི་གནས་སུ་ཟླུམ་པོ་ཆུང་བ་རེ་བྱུགས་དགོས་ཤིང༌། རས་བྲིས་ལ་ནི་སྟེགས་བུའམ་མཎྜལ་ལ་ཚོམ་བུ་བཀོད་པ་ཙམ་གྱིས་ཆོག་གོ །དེའི་མཐའ་མཆོད་གཏོར་གྱིས་སྐོར། པུ་ཛ་ཨོ་ཨ་གོ་རཱ་དེ་མཱ། ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི། པྲི་གྲི་སཽ་སུ་ན་སི་མ་ཀུ། ཞེས་ལན་གསུམ་བརྗོད་སྐབས་རྡོ་རྗེ་སྡམས་པས་སྟེངས་ནས་ཁ་སྦུབ། ཡུལ་ཉི་ཤུ་རྩ་བཞི་དུར་ཁྲོད་བརྒྱད་དང་བཅས་པ་རང་བཞིན་གྱི་གྲུབ་པའི་ངོ་བོར་གྱུར། ལྷ་ཐམས་ཅད་ཀྱི་སྙིང་པོ་ཚར་གསུམ་གསུམ་དང༌། ཐོད་པ་བཞི་དུར་ཁྲོད་བརྒྱད་དང་བཅས་པ་ལ་དམིགས་ནས། ཨོཾ་ཨཱཿཧཱུཾ། ལན་སུམ་ཅུ་སོ་དྲུག་བརྗོད་དེ་ས་གཞི་བྱིན་རླབས་དང་ཚོམ་བུ་དགོད་པའི་ཆོ་གའོ། །དེ་ནས་དེ་རྣམས་སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ། ནཱ་ད་ལས་བྱུང་བའི་ཧཱུཾ་ཡིག་ནམ་མཁར་གནས་པར་གྱུར། དེ་ལས་བྱུང་བའི་སྲུང་འཁོར་གཞལ་ཡས་ཁང་ཉི་ཟླ་དང་བཅས་པ་རིམ་གྱི་གྲུབ་པར་གྱུར་པ་ནི། འོག་ཏུ་པཾ་ལས་སྣ་ཚོགས་པདྨ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་ལ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་རྭ་རྣམས༴ནས། བར་དུ་གཅོད་པ་ཐམས་ཅད་སྲུང་བར་མཛད་ཀྱི། བར་སྒྲུབས་ཐབས་བཞིན། སྲུང་བའི་འཁོར་ལོའི་ནང་དུ༴ ནས།


TNT07_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དབུས་སུ་ལུང་གི་དཀྱིལ་འཁོར་སྔོན་པོ་ནས། ཐིག་ལེ་སེར་པོ་དང་བཅས་པ། དེའི་སྟེང་དུ། བྷྲུཾ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་པ་གྲུ་བཞི་པ། སྒོ་བཞི་པ། ནང་ནས་རིམ་པ་བཞིན་ནས། འཁོར་རྣམས་ལ་མི་རོའི་གདན་རྣམས་སུ་གྱུར། དབུས་ཀྱི་གདན་གྱི་སྟེང་དུ་གཡོན་བསྐོར་གྱི་ཨ་ཨཱ། ནས། མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་གཉིས་ཀྱི་བར་དུ་ནམ་མཁའི་ཧཱུཾ་ཡིག་ཞུགས། ཧཱུཾ་དང་ཨཾ་ལས་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ། ལྷ་སུམ་ཅུ་རྩ་བདུན་ཐོད་པ་བཞི་དང་བཅས་པ་སྐད་ཅིག་གིས་གྲུབ་པར་གྱུར་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་ནས། དབུས་ན་བཞུགས་པའོ། །བདེ་བ་ཆེན་པོའི་འདབ་མ་བརྒྱད་ལ། ཤར་དུ་མཁའ་འགྲོ་མ་ནས། རྡོ་རྗེའི་འཕྲེང་བས་མཚན་པའོ། །ཞེས་པའི་བར་མཁའ་ནང་དུ་དཀྱིལ་འཁོར་བསྐྱེད་པ་བཞིན་ནོ། །རང་གི་སྙིང་གིས་ཧཱུཾ་ཡིག ནས ཕཻཾ། གྱི་བར་དཀྱིལ་འཁོར་རྒྱལ་མཆོག་གི་ཡེ་ཤེས་སྤྱན་འདྲེན་བཞིན་དང༌། ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པའི་ཕྱི་མཆོད་ཕུལ། སྙིང་པོའི་མཐར་འབྲུ་གསུམ་བཏགས་པའི་ནང་མཆོད་ཕུལ། རྐང་བརྒྱད་གཉིས་ཀྱིས་བསྟོད། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཡོ་ག་ཤུདྡྷའི་སྔགས་དང་ཕྱག་རྒྱ་བྱ་དེ་ཉིད་བྱིན་གྱིས་རླབས་པའི་དོན་དུ། ལྷ་ཐམས་ཅད་ཀྱི་སྙིང་པོ་ཚར་གཅིག་བརྗོད། དེ་ནས་དབང་ལྷ་སྤྱན་དྲངས་ཏེ་དབང་བསྐུར་བ་ཡང་དཀྱིལ་འཁོར་རྒྱལ་མཆོག་དང་འདྲ་བ་ལས་བདག་ལ་ཞེས་འདོན་པ་སྤོའོ། །དེ་ནས་མཆོད་པ་ནི་ལྷ་སོ་སོའི་སྙིང་པོ་རེ་རེའི་མཐར་མཆོད་སྔགས་རེ་


TNT07_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བཞིན་བཏགས་ནས། མཆོད་པ་འབུལ་བ་གཞུང་གི་བཤད་ཚོད་ཡིན་ཞིང༌། དོན་ལའང་དེ་བཞིན་དགོས་པས་འགྲུབ་ན་དེ་ལྟར་བྱ་ལ་དེ་ལྟར་མི་ལྕོགས་ན། ཐོག་མར་སྔགས་མཆོད་ཙམ་སོང་བའི་རྗེས་སུ། མཆོད་པ་རྣམས་སྤྱི་མཐུན་དུ་ཕུལ་ན་རུང་ཙམ་གྱི་དབང་དུ་བྱས་ནས། དེང་སང་གི་ལག་ལེན་ལྟར་ན། སྒྲུབ་ཐབས་ལྟར་མཆོད་པ་བྱིན་གྱིས་རླབས་ལ། འོག་དངོས་གཞིའི་སྐབས་སུ་འཆད་པར་འགྱུར་བ་ལྟར་འབུལ་བ་ལས། མཆོད་ཡོན་ནས་རོལ་མོའི་བར་གྱི་ཕྱི་མཆོད་དང༌། རིག་མ་བཅུ་དྲུག་ནང་མཆོད་དང༌། གསང་བའི་མཆོད་པ་དང༌། བསྟོད་པ་རྣམས་ཆད་ན་མི་རུང་ལ། གཞན་རྣམས་རྒྱས་བསྡུས་སྐབས་དང་མཚམས་པར་བྱ་ཞིང༌། གཏོར་མ་གསོལ་གདབ་ཀྱི་རྗེས་སུ་འབུལ་བ་དང༌། འཇིག་རྟེན་འདས་གཏོར་སྐབས་འདིར་ཕུལ། འཇིག་རྟེན་པའི་གཏོར་མ་སྙན་གསན་དབབ་པའི་རྗེས་སུ་འབུལ་བའི་ལུགས་དང༌། གཏོར་ཆོག་ཡོངས་རྫོགས་སྐབས་འདིར་བྱེད་པའི་ལུགས་ཏེ། གསུམ་པོ་གང་ལྟར་བྱས་ཀྱང་དོན་གྱི་གཙོ་བོ་འགྲུབ་པ་ལ་ཁྱད་མེད་ཀྱང༌། གཞུང་གི་དགོངས་པ་ཕྱི་མ་ལྟར་ཡིན་པས་སྐབས་འདིར་བྱ་སྟེ། སྒྲུབ་ཐབས་བཞིན་གཏོར་མ་བྱིན་གྱིས་རླབས། དཀྱིལ་འཁོར་སྤྱན་འདྲེན་མི་དགོས་པས་ཕཻཾ་ཞེས་མགྲོན་རྣམས་སྤྱན་འདྲེན་ལྷག་མ་འདོད་དོན་གསོལ་འདེབས་ཀྱི་བར་སྒྲུབ་ཐབས་བཞིན་ཡིན་པ་ལས། འཇིག་རྟེན་འདས་གཏོར་གྱི་འཇུག་ཏུ་ཕུར་བུའི་ལྷ་ལ་དམིགས་ནས། སུམྦྷའི་མཐར། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་འབུལ། ནག་པོ་ཆེན་པོ་སོགས་སྒོས་ཀྱི་ཆོས་སྐྱོང་འགའ་ལ་གཏོར་མ་འབུལ་བ་སྤྲོ་ནའང་འཇིག་རྟེན་འཇིག་རྟེན་འདས་པའི་གཏོར་ཆོག་གཉིས་ཀྱི་བར་དུ་འབུལ། དེ་ནས་སྙན་གསན་དབབ་པའི་གསོལ་བ་འདེབས་པ་ནི། བདུད་རྩི་ལྔ་དང་ཤ་ཆེན་སྦྱར་བའི་བདུག་སྤོས་སྣོད་དང་བཅས་པ་ཐོགས་ཏེ། གཉིས་མེད་ཡེ་ཤེས་ལས་བྱུང་བའི། །ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །


TNT07_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མོ་ལྷན་ཅིག་ཡང་དག་ལྡན། །གང་ཞིག་ཕྱོགས་བཅུའི་དཔའ་བོ་དང༌། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་དག་འདི་ཞེས་པས། །ནང་པར་དཀྱིལ་འཁོར་བྲི་བར་བགྱི། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་རླབས་ཏུ་གསོལ། །ལན་གསུམ། དེ་ནས་མཆོད་པ་ཁ་གསོས་ལ། སྒྲུབ་ཐབས་ལྟར་བྱིན་གྱིས་རླབས། ཕྱི་མཆོད། ནང་མཆོད། གསང་མཆོད། ཡིད་བྱུང་རྣམས་ཀྱིས་མཆོད། རྐང་བརྒྱད་གཉིས་ཀྱིས་བསྟོད། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་སོགས་ཀྱི་བཟོད་པར་གསོལ། བདག་ལ་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། སླར་ཡང་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། རྐང་བརྒྱད་གཉིས་ཀྱི་བསྟོད། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་རྣམས་བདག་གི་སྙིང་གར་བཞུགས་ལ། བདག་དང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོ་མཛད་དེ། ནང་པར་དཀྱིལ་འཁོར་བྱིན་གྱིས་རླབས་པར་མཛད་དུ་གསོལ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད། རང་རང་གི་སྣ་བུག་གཡོན་ནས་ཞུགས་ཏེ་སྙིང་ཁར་ཐིམ། གོ་ཆ་གསུམ་གྱིས་རྒྱས་བཏབ། སུམྦྷ ལན་གཉིས་ཀྱིས་ཕྱོགས་བཅིངས། ཞིང་སྦྱོང་དག་པ་གསུམ་དྲན་པར་བྱ། སྨོན་ལམ་དང་བཀྲ་ཤིས་བྱའོ། །འོན་ཀྱང་གཞུང་གི་དགོངས་པ་ནི། སྙན་གསན་དབབ་པ་གྲུབ་པ་ན། སྨོན་ལམ་དང་བཀྲ་ཤིས་བྱས་ནས།


TNT07_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་རྗེས་ཆོག་མ་བྱས་པར། ཉི་མ་དེ་ཉིད་ཀྱི་འཕྲོས་དང་དེའི་མཚན་མོ་ལ། མཆོད་པ་རྒྱ་ཆེར་ཕུལ། ཡོལ་བ་ལ་སོགས་པས་སྒྲིབས་ཏེ་བཞག་གོ །ནང་པར་ཐིག་ཚོན་བྱིན་རླབས་བྱེད་ཁར། རྗེས་ཆོག་རྣམས་བྱེད་པ་ཡིན་ཏེ། གཞུང་གཞན་ཕལ་ཆེར་ལས་ཀྱང་འདི་བཞིན་ཏུ་འབྱུང་ངོ༌། །མཚན་མོ་མཆོད་པའི་རྒྱུན་སོགས་མི་ལྕོགས་ན། ཕྱིས་བོད་རྣམས་ལག་ལེན་བྱེད་པ། ལྷ་སྟ་གོན་གྱི་ཆོ་ག་གྲུབ་མ་ཐག་ཏུ་རྗེས་ཆོག་བྱེད་པ་འདི་ཉིད་ལེགས་སོ། །གཉིས་པ་སློབ་མ་སྟ་གོན་ནི། ཞི་བས་སྦྱང་བ་དང༌། ཞི་དྲག་ཕྱེད་མས་སྦྱང་བ་དང་དྲག་པོའི་སྦྱང་བ་སྟེ། བགེགས་སྦྱང་བ་དང༌། ཏིལ་སྦྱང་གི་སྡིག་པ་སྦྱང་བ་གཉིས། སྔོན་དུ་འགྲོ་བའི་སྒོ་ནས་སྟ་གོན་གྱི་ཆོས་བཅུ་གསུམ་བྱ་སྟེ། བསམ་པ་བརྟན་དང་བུ་རུ་སྒྲུབ། །གསོལ་གདབ་སྔགས་ཀྱི་ཆེ་བ་བརྗོད། །སྡོམ་བཟུང་ལྷར་བསྐྱེད་མཆོད་པ་འབུལ། །སྲུང་སྐུད་ཁྱོར་ཆུ་སོ་ཤིང་དང༌། ཀུ་ཤ་ཟབ་མོའི་ཆོས་བཤད་ཅིང༌། །རྨི་ལམ་བརྟགས་ཏེ་ངན་ན་སྲུང༌། །ཞེས་བྱ་སྟེ། དེ་ཡང་སློབ་མ་རྣམས་འདུས་པ་ལ། སེམས་བསྐྱེད་གསལ་བཏབ། སློབ་མ་རྣམས་ཀྱིས་མཎྜལ་འབུལ། དེ་ནས་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་བསྐྱེད་པ། སློབ་མ་བུར་སྒྲུབ་པས། གསོལ་བ་བཏབ་པ། གསང་སྔགས་ལ་སྤྲོ་བ་སྐྱེད་པ། སྡོམ་པ་བཟུང་བ། ལྷར་བསྐྱེད་པ། མཆོད་པ་འབུལ་བ། སྲུང་སྐུད་བཅིང་བ། ཁྱོར་ཆུ་སོ་ཤིང༌། ཀུ་ཤ་སྦྱིན་པ། ཟབ་མོའི་ཆོས་བཤད་པས་སྤྲོ་བ་བསྐྱེད་པ། རྨི་ལམ་བརྟགས་ཅིང་ངན་ན་སྲུང་བ་སྟེ། ཆོས་བཅུ་གསུམ་ལས། དང་པོ་ནི། སློབ་དཔོན་གྱིས་འདི་སྐད་ཅེས། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། །བསོད་ནམས་འདོད་པའི་དེ་ལས་གཞན། །གཞན་དག་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་


TNT07_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་བརྗོད་དེ་དོན་ཡང་བཤད་དོ། །གཉིས་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་འོད་ཀྱི་གོང་བུར་གྱུར། སློབ་དཔོན་གྱི་ཞལ་དུ་བཅུག སྐུའི་དབྱིབས་རྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་ནང་དུ་གནས་པར་གྱུར། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་སྤྱན་དྲངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ། རྡོ་རྗེའི་ལམ་ནས་བྱུང་སྟེ་ཁྱེད་རང་རྣམས་ལ་དབང་བསྐུར་བས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས་ཏེ་དག་པའི་ཤེལ་ལྟར་གྱུར་པ། མཁའ་ནང་ནས་ཕྱིར་འཕྲོས་ཏེ། པདྨའི་གདན་ལ་འཁོད་པར་གྱུར། ཞེས་བརྗོད། གསུམ་པ་ནི། རྡོ་རྗེ་ཕག་མོས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་


TNT07_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་སློབ་མས་ལན་གསུམ་གསོལ་བ་གདབ། བཞི་པ་ནི། བུ་ཚུར་ཐེག་པ་ཆེན་པོ་ལ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱེད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་འབྱུང་བ་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིན་བཞུགས་པ་ཀུན། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ཀྱང་དོན་བཤད། ལྔ་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ་རྗེས་བཟློགས་བྱར་བཅུག་སྟེ། ཐུན་མོང་གི་སྡོམ་པ་བཟུང་བའོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་བདག་ནི་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་


TNT07_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་སྟེ། ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་སྲུང༌། ཞེས་ལན་གསུམ་རྗེས་བཟློས་ཀྱིས་ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་ངོ༌། །དྲུག་པ་ནི། སློབ་མ་ཧེ་རུ་ཀ་ཕྱག་གཉིས་པར་གསལ་བའི་གནས་གསུམ་དུ། སློབ་དཔོན་གྱི་སྲིན་ལག་གཡོན་གྱིས་ཁྲག་གམ། དེ་སྦྱར་དུ་མི་འདོད་ན་ཁྲག་ཆེན་པོ་གཉིས་དང་བདུད་རྩི་ལྔ་སོགས་བྱིན་གྱིས་བརླབ་པའི་ནང་མཆོད་དང་བསྲེས་པས་དཔྲལ་བ་མགྲིན་པ་སྙིང་ག་རྣམས་སུ་ཐིག་ལེ་བྱས་ཏེ། ཨོཾ་ཨཱཿཧཱུཾ། གནས་གསུམ་དུ་ཡི་གེ་འབྲུ་གསུམ་བྱུང༌། ཡང་སྙིང་མགྲིན་དཔྲལ་བ་རྣམས་སུ་རེག་སྟེ་ཧཱུཾ་ཨཱཿཨོཾ། སྙིང་གར་ཐུགས་རྡོ་རྗེ། མགྲིན་པར་གསུང་རྡོ་རྗེ། དཔྲལ་པར་སྐུ་རྡོ་རྗེ་རྣམས་སུ་གྱུར། ཡང་དཔྲལ་བ་ནས་མར་རེག་སྟེ། ཨོཾ་ཨཱཿཧཱུཾ། སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་སྤྱན་དྲངས་ནས། སློབ་མའི་གནས་གསུམ་གྱི་སྐུ་གསུམ་ཐུགས་རྡོ་རྗེ་ལ་ཐིམ་པས། ལུས་ངག་ཡིད་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གྱུར། ཡི་གེ་བདུན་པ་མང་དུ་བཟླས་ཏེ། སློབ་མའི་ལུས་ཀྱི་ཆ་ཐམས་ཅད་ལ་གཏོར་


TNT07_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། མིག་ལ་སོགས་པ་དབང་པོའི་སྒོ་ཐམས་ཅད་ལ་ཡང༌། སློབ་དཔོན་གྱི་ལག་པ་གཡོན་བདུད་རྩི་དང་བཅས་པ་དེ་ཉིད་ཀྱིས་རེག་ཅིང་སྲུང་བར་བྱའོ། །ལུས་ཀྱི་ཆ་ཐམས་ཅད་ལྷའི་རྡུལ་ཕྲ་རབ་ཏུ་གྱུར་པས་སྲུང་བ་བྱས་པར་མོས། བདུན་པ་ནི། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། སོགས་ཉེར་སྤྱོད་ལྔས་སློབ་མ་ལ་མཆོད། བརྒྱད་པ་ནི་བསྲུང་སྐུད་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་སྲད་བུ་དམར་པོ། རྡོ་རྗེའི་མདུད་པ་གསུམ་དང་བཅས་པ། བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་གྱུར། ཡེ་ཤེས་ཀྱི་སྲད་བུ་ཕཻཾ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཡི་གེ་བརྒྱ་པ་དང་སུམྦྷ་སྤེལ་བ་བཟླ་ཞིང༌། སྐྱེས་པའི་དཔུང་པ་གཡོན་དང༌། བུད་མེད་ཀྱི་གཡས་སུ་བཅིང་ངོ༌། །ནང་མཆོད་ནས་ཀྱང་གཏོར་ལ་རྡོ་རྗེ་རྒྱ་གྲམ་དུ་རེག་པས། གོ་བསྐོན་པར་མོས། དགུ་པ་ནི། ཨོཾ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཱ་སརྦ་པཱ་པཾ་ནི་ཙ་ཨ་སྱེ་སཾ་ཤོ་དྷ་ཡ་སརྦ་བི་ཀལྤཱ་ན་ཨ་པ་ནཱ་ཡ་ཧཱུཾ། ཅེས་པས་ལན་གསུམ་གྱིས་ཁྱོར་ཆུ་བླུད། བཅུ་པ་ནི། ཧཱུཾ་ལས་བྱུང་བའི་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་སོ་ཤིང་དང་རྩེ་མོ་ལ་སྲད་བུ་དམར་པོ་དང་མེ་ཏོག་གི་ཕྲེང་བ་བཅིངས་པ། དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། སུམྦྷ་བཟླ་བཞིན་དུ་སྦྱིན། དེས་ཀྱང༌། ཨོཾ་བཛྲ་ཧ་ས་ཧ། ཞེས་དྲང་པོར་དོར་ལ། སློབ་དཔོན་གྱིས་དངོས་གྲུབ་ལུང་སྟོན་ནོ། །བཅུ་གཅིག་པ་ནི། ཧཱུཾ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ། རྨི་ལམ་མི་འཁྲུགས་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ལན་གསུམ། དྷཱིཿ ཞེས་ཀུ་ཤ་ཆུང་བ་གཡས་དང༌། ཧཱ་ཞེས་


TNT07_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་གཡོན་དུ་གཏད། བཅུ་གཉིས་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །རྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་བ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པས་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་བརྟན་ཞིང་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་པ་ཆེན་པོ་ལ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཅེས་བརྗོད་ཅིང་དོན་བཤད། བཅུ་གསུམ་པ་ནི། རྨི་ལམ་


TNT07_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའམ་མི་དགེ་བ། །ནང་པར་ང་ལ་རབ་ཏུ་སྨྲོས། ཅེས་དང༌། དོ་ནུབ་ཀུ་ཤའི་སྔས་གདན་ལ། སེང་གེའི་ཉལ་སྟབས་དང༌། དགེ་བའི་སེམས་ཀྱིས་ཉོལ་ཞིག་དེ་ལས་རྨི་ལམ་གྱི་མཚན་མ་བཟང་ངན་དག་མཐོང་བར་འགྱུར་རོ། །ཞེས་བརྗོད། སློབ་མ་རྣམས་ཀྱི་ལུས་ལ་གོ་ཆ་གཉིས་དགོད་པའི་དམིགས་པ་ཙམ་སློབ་དཔོན་གྱིས་བྱས་ཏེ། དགེ་བ་བསྔོས་ལ་སློབ་མ་རྣམས་རང་གནས་སུ་བཏང་ངོ༌། །སློབ་མའམ་སློབ་དཔོན་ལ་རྨི་ལམ་མི་དགེ་བ་དག་བྱུང་ན་ཟློག་པའི་ཐབས་ནི། བགེགས་ལ་ཕུར་བུས་གདབ་པ་དང༌། ཞི་བའམ་དྲག་པོའི་སྦྱིན་སྲེག་དང༌། གཏོར་མ་ཆེན་པོའི་ཆོ་ག་ལ་སོགས་པ་བྱ་སྟེ། ཅི་སྟེ་དེ་དག་བྱ་བར་མ་ལྕོགས་ན། སྒྱུ་མ་ལྟ་བུར་ཤེས་པས་བཟློག་པར་བྱའོ། །འདིའི་ལུགས་ལ་བུམ་པ་སྟ་གོན་ནི། བུམ་པའི་ཡོ་བྱད་ཚོགས་པར་བྱས་པ་ཙམ་ཞིག་ཡིན་པས། ཆོ་ག་སོགས་པ་མི་བཞེད་དོ། །ལྔ་པ་གཟུགས་བརྙན་འབྲི་བ་ནི། དཀྱིལ་འཁོར་གྱི་ཞག་གི་བྱ་བ་ཞེས་ཀྱང་བྱ་སྟེ། འདི་ལ་གསུམ་ཐིག་གདབ་པ་དང༌། ཚོན་དབྱེ་བ་དང༌། རྒྱན་དང་ཡོ་བྱད་དགོད་པའོ། །དང་པོ་ནི། སྟ་གོན་གྱི་ཉི་མའི་འཇུག་དེ་ཉིད་ལ། འདི་བྱེད་ན་བདག་བསྐྱེད་གསར་དུ་ལེན་མི་དགོས་མོད། དཀྱིལ་ཆོག་ཐམས་ཅད་ཀྱི་དགོངས་པས་ཉིན་ཞག་སོ་སོར་བྱེད་པ་ཡིན་པས་འདིར་ལུས་དཀྱིལ་དང་བཅས་པའི་བདག་བསྐྱེད་རྒྱས་བསྡུས་གང་རུང་ཞིག་སྒོམ་མོ། །དཀྱིལ་འཁོར་གྱི་ས་ལ་སུམྦྷ་བཟླས་པའི་དྲི་བཟང་གི་ཆུས་གཏོར་རང་དང་གྲོགས་གཙོ་བོ་ཡབ་ཡུམ་དུ་གསལ་བས། ལྔ་ལྔ་ཉི་ཤུ་རྩ་ལྔ་དང་ལྡན་པའི་ཐིག་སྐུད་འདུ་བྱས་ལ། མཆོད་གཏོར་གྱིས་བསྐོར། མཆོད་པ་བྱིན་གྱིས་རླབས། ཐུགས་སྐུད་བསངས་སྦྱངས། སྟོང་པའི་ངང་ལས། དབུས་སུ་ཧཱུཾ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་


TNT07_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བུ་འཛིན་པས་ཡུམ་མཱ་མ་ཀཱི་ལ་འཁྱུད་པ། ཤར་དུ་བྲུཾ་ལས་རྣམ་པར་སྣང་མཛད་དཀར་པོ། འཁོར་ལོ་དང་དྲིལ་བུ་འཛིན་པ། ཡུམ་སངས་རྒྱས་སྤྱན་མ་ལ་འཁྱུད་པ། བྱང་དུ་ཨཾ་ལས་རིན་ཆེན་འབྱུང་ལྡན་སེར་པོ། རིན་པོ་ཆེ་དང་དྲིལ་བུ་འཛིན་པ། ཡུམ་རིན་ཆེན་སྒྲོལ་མ་ལ་འཁྱུད་པ། ནུབ་ཏུ་ཛྲིཾ་ལས་འོད་དཔག་མེད་དམར་མོ། པདྨ་དང་དྲིལ་བུ་འཛིན་པས་ཡུམ་གོས་དཀར་མོ་ལ་འཁྱུད་པ། ལྷོར་ཁཾཾ་ལས་དོན་ཡོད་གྲུབ་པ་ལྗང་ཁུ་རལ་གྲི་དང་དྲིལ་བུ་འཛིན་པས་ཡུམ་དམ་ཚིག་སྒྲོལ་མ་ལ་འཁྱུད་པ་རྣམ་སྣང་ཟླ་བ་དང༌། གཞན་རྣམས་ཉི་མའི་གདན་ལ་བཞུགས་པ། རིགས་ལྔ་ནི་སྟག་གི་པགས་པའི་སྨད་དཀྲིས་ཅན། རལ་པའི་ཐོར་ཚུགས་དང་ལྡན་པ། ཡུམ་རྣམས་སྐུ་མདོག་ཡབ་དང་མཚུངས་ཤིང་གྲི་ཁུག་དང་ཐོད་པ་འཛིན་པ་དབུ་སྐྲ་གྲོལ་བ། ཐམས་ཅད་ཀྱང་རུས་པའི་རྒྱན་གྱིས་བརྒྱན་པའོ། །དཔྲལ་པར་ཨོཾ་མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་གའི་ཧཱུཾ་ཡིག་གི་འོད་ཟེར་གྱིས་ནས། ཡེ་ཤེས་སེམས་དཔའ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་ཕཻཾ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ཧཱུཾ་བྷྲུཾ་ཨཾ་ཛྲིཾ་ཁཾ། ཨོཾ་ཨ་ཀཱ་རོ་སོགས་ཀྱི་གཏོར་མ་ཕུལ། ཨརྒྷཾ། ནས། ཤཔྟའི་བར་གྱིས་མཆོད། དེ་ཉིད་ལྔ་པའམ། རིགས་ལྔའི་བསྟོད་པ་གང་ཡང་རུང་བས་བསྟོད། དེ་ལ་དེ་ཉིད་ལྔ་པ་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་


TNT07_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མེད་མཁའ། །རང་བཞིན་དག་པ་གོས་པ་མེད། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། ཅེས་པའོ། །རིགས་ལྔ་ཡབ་ཡུམ་ཞུ་བ་ལས་བྱུང་བའི་ཐིག་སྐུད་རྣམ་པ་ལྔར་གྱུར། དེ་རིན་པོ་ཆེའི་སྣོད་དུ་བཞག སངས་རྒྱས་ཐམས་ཅད་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་རྣམ་པར་སྤྱན་དྲངས་ཏེ་ཐིག་སྐུད་ལ་ཡང་ཡང་སྟིམ་ཞིང༌། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་མང་དུ་བཟླས་ལ་བྱིན་གྱིས་རླབས་ཅིང༌། ཁྲག་ཆེན་དང༌། གཞོན་ནུ་མའི་རྔུལ་དང་བདུད་རྩི་ལྔ་དང་ཙནྡ་ལ་སོགས་པས་བྱུག ཡབ་ཡུམ་གྱི་རྩ་སྔགས་བཟླ་བཞིན་དུ་བསྐྱངས་ལ། སྐུ་གསུང་ཐུགས་ཀྱི་དཔའ་བོ་དཔའ་མོའི་སྔགས་བཟླ་བཞིན་དུ་ལྔ་ཚན་ལྔ་ཚན་ལས་མཐར་གཅིག་ཏུ་སྒྲིལ། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏཱཿསརྦ་དྷརྨཱཿཔ་ར་སྥ་ར་ཨ་ནུ་པྲ་བིཥྟཿསརྦ་དྷརྨཱ་ཨཏྱན་ཏ་


TNT07_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ནུ་པྲ་བིཥྟཿསརྦ་དྷརྨཱཿཧཱུཾ། ཞེས་པའང་ལག་ལེན་ལ་བཟླ་བར་སྣང་བས་ཅུང་ཟད་བཟླ། ཨོཾ་བཛྲ་ས་མ་ཡ་སུ་པྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་བཟླ་བཞིན་དུ་གྲོགས་ལ་གཏད་ལ། ཛྫཿཛྫཿཛྫཿ ཞེས་བརྗོད། འཇིག་རྟེན་གྱི་ཁམས་མ་ལུས་པ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་འགྲོ་བའི་དོན་མཛད་པའི་དུས་ནི་འདི་ཡིན་ནོ། །ཅེས་དང་པོ་ནམ་མཁའ་དང་དེ་ནས་ས་ལ་གདབ་བོ། དེ་ཡང་བྱང་ལྷོ་ནུབ་ཤར་ཚངས་ཐིག་སྟེ། མེ་རླུང་སྲིན་དབང་ཟུར་ཐིག་གོ །རྩེ་མོ་ཅན་དང་འབྱུང་པོས་ཤར། གཙུག་ཕུད་ཅན་དང་མཚན་རྒྱུའི་ལྷོ། །གཡོ་བྱེད་སྲུང་བས་ནུབ་ཀྱི་སྟེ། །རྟ་དམར་གྲགས་པོའི་བྱང་དུའོ། །དང་པོ་སློབ་དཔོན་ཕྱི་མ་གྲོགས་གཡོན་ནས་བསྐོར་བའི་རིམ་པ་བྱ། རྡུལ་ཚོན་གྱིས་དཀྱིལ་འཁོར་ལ་ནི། ཤིན་ཏུ་གོ་སྐབས་མི་བདེན་མ་གཏོགས། འཇིག་རྟེན་པའི་ལྷོ་ལ་དཀྱིལ་འཁོར་གྱི་ཤར་ལྟ་བར་བྱ་ལ། རས་བྲིས་ཀྱི་དཀྱིལ་འཁོར་ལ་ནི་ངེས་པ་མེད་དོ། །དེ་ནས་ཕྱོགས་ཐམས་ཅད་རང་བཞིན་མཉམ་པ་ཉིད་དུ་ཤེས་པར་བྱས་ནས། དེའི་རྗེས་སུ་ལས་ཐིག་གདབ་སྟེ། ཇི་སྐད་དུ་གཞུང་ལས། སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །ཁྱམས་ནི་དེ་ཡི་ཕྱེད་དུ་བྱ། །སྒོ་འཁྱུད་དག་ནི་སྒོ་ཡི་ཚད། །ལྷ་ཡི་སྣམ་བུའི་ཚད་དེ་བཞིན། །མཚམས་ཀྱི་ཐིག་ནི་བསྐོར་བ་དག །རྟ་བབས་ཀྱི་ནི་གནས་སུ་བཤད། ཅེས་འབྱུང་ངོ༌། །ཕྱིའི་ཁོར་ཡུག་བསྐོར་ཚུལ་ནི། འོད་ཀྱི་དཀྱིལ་འཁོར་ནང་དུ་ནི། །རིམ་གཉིས་ཐིག་ནི་གདབ་པར་བྱ། ཞེས་སྒྱུར་བ་ལྟར་ན། རྡོ་རྗེའི་རྭ་བ་ཆེན་པོ་དང༌། འཁོར་ལོ་པདྨ་རྡོ་རྗེ་སྟེ་རྭ་བ་ཆུང་ངུ་གསུམ་གྱི་ཐིག་གདབ་པ་སྟོན་པར་འགྲོ་ཡང༌། མར་པ་དོ་བའི་འགྱུར་ལས། ཁོར་ཡུག་གི་ནི་མཐར་ཐུག་པར། །རྡོ་རྗེའི་འཕྲེང་བས་སྔོན་བསྐོར་ཏེ། འོད་ཀྱི་དཀྱིལ་འཁོར་མཐའ་མ་སྟེ། །སློབ་དཔོན་གཉིས་འགྱུར་ཐིག་གདབ་བྱ། །ཚོན་གྱི་ས་ནི་དེ་


TNT07_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཕྱེད། །རྩ་བའི་ཐིག་གི་ཕྱོགས་གནས་སུའོ། །ཞེས་འབྱུང་བ་དག་པར་མངོན་པས། རྡོ་རྗེའི་རྭ་བ་དང༌། དུར་ཁྲོད་དང་འོད་ཀྱི་དཀྱིལ་འཁོར་ལ་དགོངས་པར་གསལ་ལོ། །ནང་གི་ཐིག་ནི། དེ་ཡི་ནང་དུ་པདྨ་སྟེ། །པདྨའི་རྒྱབ་ཏུ་འཁོར་ལོ་བྱ། །རྡོ་རྗེའི་ཐིག་ནི་གཉིས་པོ་དེར། །རྡོ་རྗེ་འཕྲེང་བའི་བསྐོར་བར་བྱ། །འཁོར་ལོ་གསུམ་ནི་ཆ་ཆེན་པོར། །རྡོ་རྗེའི་ཐིག་གིས་བསྐོར་བར་བྱ། །གེ་སར་དང་བཅས་པདྨ་ནི། །འདབ་མ་བཅུ་དྲུག་དག་ཏུ་གནས། ཞེས་གསུངས་ཏེ། རྩ་ཐིག་གི་ནང་དུ་ཕྱོགས་རེ་རེར་ཆ་ཆེན་བཞི་བཞི་ཡོད་པ་ལས། བཞི་པ་རང་སོར་བཞག་ན་འདབ་མ་གསུམ་པོ་ཆ་གསུམ་དུ་བགོས་པས་དགུར་འགྱུར་བ་ལས། དང་པོ་བསྐོར་བས་པདྨའི་ལྟེ་བ། གཉིས་པས་གཙོ་བོའི་གནས་ཀྱི་པད་འདབ་གསུམ་པས་མཁའ་འགྲོ་མ་བཞིའི་པད་འདབ། ལྔ་པ་བདུན་པ་དགུ་པ་རྣམས་བསྐོར་བས། འཁོར་ལོ་གསུམ་གྱི་ཕྱི་མཐའ། དང་པོ། གསུམ་པ། ལྔ་པ། བདུན་པ། དགུ་པ་རྣམས་ཀྱི་ནང་དུ་རང་རང་གི་དྲུག་ཆ་བསྐོར་བས་གེ་སར་དང་མུ་ཁྱུད་བཞིའོ། །འཁོར་ལོ་གསུམ་གྱི་རྩིབས་རྣམས་ཞིང་ཆེ་སར་ཡང་དཀྱུས་དང་མཉམ་མོ། །ཐིག་གི་བྱ་བ་སྤྱི་ནི་གཞན་དུ་ཤེས་པར་བྱའོ། །ཡང་འདི་སྐད་དུ། དང་པོར་རྡོ་རྒྱུས་ཐིག་སོགས་ཏེ། །ཐིག་རྣམས་ཐམས་ཅད་ངེས་པར་བྱ། །དེ་ཡི་སྟེང་དུ་ཡེ་ཤེས་ཐིག །ཀུན་ནས་ཡོངས་སུ་རྐྱང་བར་བྱ། །ཞེས་པ་ལྟར་ན། དང་པོར་ལས་ཐིག་བཏབ་ལ་དེ་བྱིན་གྱིས་བརླབ་པའི་དོན་དུ་ཡེ་ཐིག་འདེབས་པའོ། །དེ་ཡང་རྒྱས་བཤད་ཀྱི་སྐབས་སུ་ཡེ་ཐིག་སྔོན་ལ་གསུངས་ལ། དོན་བསྡུས་སྐབས་སུ་ལས་ཐིག་ཐོག་མར་གསུངས་པ་ནི། འདམ་ཁར་དགོངས་པ་ཡིན་ཞིང༌། ཡེ་ཐིག་དེ་ཉིད་ཀྱིས་ལས་ཐིག་འདེབས་པར་བྱེད་ན་ནི། བྱིན་རླབས་ལ་སོགས་པ་མི་དགོས་ལ། གཞན་དུ་ན་འདི་ལ་ཡང་དགོས་ཏེ་ལས་


TNT07_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཧེ་རུ་ཀ་ཕྱག་གཉིས་པའམ། བདུད་རྩི་འཁྱིལ་བའམ། ཧཱུཾ་མཛད་ཁམས་གསུམ་རྣམ་རྒྱལ་གང་རུང་དུ་བསྐྱེད་ལ། ཡེ་ཤེས་པ་སྟིམ། མཆོད་ཅིང་བསྟོད། ཐིག་སྐུད་དུ་བསྒྱུར་ནས། འབྲུ་གསུམ་དང་ཧཱུཾ་ཡིག་དང་རང་སྔགས་བཟླས་པས་བྱིན་གྱིས་བརླབས་སོ། །ཐིག་གི་བྱ་བ་རྫོགས་ནས། ཐིག་སྐུད་ཀྱི་ལྷ་ལ་མཆོད་བསྟོད་ཕུལ། ཨོཾ་ཨཱཿཧཱུཾ་བཛྲ་མུཿ ཞེས་གཤེགས་སུ་གསོལ། གཉིས་པ་ཚོན་དབྱེ་བ་ནི་ཐིག་བཏབ་པའི་ནང་བར་ཡིན་ན། མངོན་རྟོགས་རྫོགས་པར་སྒོམ་པའམ་དག་པ་གསུམ་ནས་སྒྲུབ་པ་ཆེན་པོའི་བར་དུ་སྒོམ། ལུས་ཀྱི་དཀྱིལ་འཁོར་གསལ་བཏབ་ནས་བཟླས་པ་ཅུང་ཟད་བྱའོ། །ཐིག་བཏབ་པའི་ཉི་མ་དེ་ཉིད་ལ་ཚོན་དབྱེ་ཞིང༌། དེའི་ནུབ་མོ་ཉིད་ཟིན་པར་འགྱུར་ན་ཐིག་འདེབས་པའི་སྔོན་གྱི་བདག་བསྐྱེད་ཁོ་ནས་ཆོག་ལ། ཉི་མ་དེ་ཉིད་ལ་ཚོན་འགྱེད་པའི་མགོ་རྩམས་ཀྱང༌། ཉི་མ་དེ་ཉིད་ལ་མི་འགྲུབ་ན། སྐབས་འདིར་བདག་བསྐྱེད་མི་དགོས་ཀྱང༌། ནང་པར་བདག་བསྐྱེད་བྱས་ཏེ་དཀྱིལ་འཁོར་འདྲི་བའི་འཕྲོ་ལ་འཇུག་གོ །རྡུལ་ཚོན་གྱི་རྒྱུ་ནི་དུར་ཁྲོད་ཀྱི་རུས་པས་དཀར་པོ། དེའི་སོལ་བས་ནག་པོ། དེར་སྐྱེས་པའི་ཤིང་ལོས་ཁ་བསྒྱུར་བས་ལྗང་ཁུ། དེའི་སོ་ཕག་གི་ཕྱེ་མས་དམར་པོ། དེ་དང་བབ་ལ་སྲེས་པས་སེར་པོའམ། ཡང་ན་རྡུལ་ཚོན་ཕལ་པའམ། རིན་པོ་ཆེའི་ཕྱེ་མ་ལ་ཐལ་ཆེན་སྲེས་པ་དགོས་པར་བཤད་དོ། །གང་ལྟར་ཡང་རྡུལ་ཚོན་ལྔའམ། ཉི་ཤུ་རྩ་ལྔ་འདུས་བྱས་ལ། མཆོད་གཏོར་གྱི་བསྐོར། མཆོད་པ་བྱིན་གྱིས་རླབས་ནས། གཙོ་བོ་ཡབ་ཡུམ་གྱི་སྙིང་པོས་བྱིན་གྱིས་རླབས་པའི་བར། ཐིག་སྐུད་བྱིན་རླབས་དང་འདྲ་བ་ལས། རྡུལ་ཚོན་རྣམ་པ་ལྔར་གྱུར། ཞེས་འདོན་པ་སྤོས། ཨོཾ་བཛྲ་ཙི་ཏྲ་ས་མ་


TNT07_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཧཱུཾ། ཞེས་ལན་བརྒྱ་རྩ་བརྒྱད་ཀྱི་བྱིན་གྱིས་རླབས། སློབ་དཔོན་དཀྱིལ་འཁོར་དབུས་སུ་ཁ་ལྷོར་ཕྱོགས་པས་གནས་ཏེ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་བྱེད་པ། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །ཚོན་གྱི་ལས་ནི་ཡང་དག་རྩམ། ཞེས་བརྗོད། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་གི་སྔགས་བཟླ་ཞིང་རྩིག་པ་དཀར་པོ་ནས་རྩམས་ཏེ་བྲི་བར་བྱའོ། །ཚོན་གྱི་ཁ་དོག་ནི་ཕལ་ཆེར་དཀྱིལ་འཁོར་སྤྱིའི་མཚན་ཉིད་རྟོགས་པས་ཤེས་པར་འགྱུར་ལ། ལྷ་རྣམས་གྱི་ཕྱོགས་མདོག །ཤར་སྔོ་ལྷོ་སེར་སོགས་ཡིན་ཞིང༌། དབུས་ཨིནྡྲ་ནཱི་ལའི་ས་གཞི་གྲུ་བཞི་སྔོན་པོ། སྐུ་གསུང་ཐུགས་ཀྱི་འཁོར་ལོའི་རྩིབས་བར་རྣམས་སྔོ་དཀར་དམར་བ། བདེ་ཆེན་འཁོར་ལོའི་མུ་ཁྱུད་སེར་པོ་ལ། གྲི་གུག་གི་འཕྲེང་བ་ནག་པོའམ། རྡོ་རྗེའི་འཕྲེང་བ་བྲིས་ཀྱང་རུང་ལ། གཙོ་བོའི་གནས་ཀྱི་པད་འདབ་བརྒྱད་ནི། སྣ་ཚོགས་པདྨ་དང༌། སྙིང་པོའི་རྣལ་འབྱོར་མའི་གནས་འདབ་མ་བརྒྱད་ནི་སེར་པོ་སྟེ། ཕྱི་ནང་སྡོམས་པས་བདེ་ཆེན་འཁོར་ལོ་ལ་འདབ་མ་བཅུ་དྲུག་ཡིན་ཞིང༌། གཙོ་བོའི་གནས་ཀྱི་གེ་སར་ཡང་སེར་པོ་བྱ་ལ། དེའི་སྣ་ཚོགས་པདྨ་ཡང་ལྗང་ཁུ་བྱས་ན་འཐད་དམ་སྙམ་པ་ནི་རྣམ་པར་རྟོག་པའོ། །རྡོ་རྗེའི་རྭ་བ་ཡང་གཞི་སྔོན་པོ་ལ་རྡོ་རྗེ་ལྗང་ཁུའི་འཕྲེང་བར་བྱ་ལ། ལྷའི་མཚོན་མ་ཐམས་ཅད་ནི་ཉི་མའི་དཀྱིལ་འཁོར་ལ་འཁོད་དེ། ཕྱོགས་ཀྱི་འདབ་མ་བཞི་དང་སྒོ་མཚམས་མ་བརྒྱད་ལ། གྲི་གུག་ཁོ་ནའམ། ཡང་ན་འདབ་མ་བཞི་ལ་རིགས་བཞིའི་ཕྱག་མཚན་གྱི་མཚན་པའི་ཁ་ཊྭཱཾ་ག་རེའོ། །ཐུགས་འཁོར་བ་ལ་རྡོ་རྗེ། གསུང་འཁོར་བ་ལ་པདྨ།


TNT07_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་འཁོར་བ་ལ་འཁོར་ལོའོ། །གཞན་ཡང་ས་བོན་དང་སྔགས་ཀྱི་ཡི་གེ་འབྲི་བ་དང༌། རྐོས་མའམ་ལུགས་སུ་བྱས་པ་དང་རི་མོར་བྱས་པའི་སྐུ་གཟུགས་འཇོག་པ་དང༌། རྡུལ་ཚོན་གྱི་ཚོམ་བུ་དགོད་པ་སོགས་ཇི་ལྟར་སྐབས་སུ་བབ་པ་དག་བྱའོ། །དེ་ནས་སློབ་དཔོན་གྱི་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ལ། དཀྱིལ་འཁོར་ལ་གཡོན་ནས་ལན་གསུམ་དུ་བསྐོར་ནས། ཤར་ལྷོར་ཡི་གེ་བརྒྱ་པ་དང༌། ཞལ་བཞི་པའི་སྔགས་བཟླས་ཏེ། བྲིས་པའི་སྐྱོན་དག་པར་བསམ། རྡུལ་ཚོན་གྱི་ལྷག་མ་མཆོད་བསྟོད་གཤེགས་གསོལ་བྱ། ལྷག་མའི་ཐིག་ཚོན་དེ་དག་དབེན་པའི་གནས་སུ་བཞག་གོ །གསུམ་པ་རྒྱན་དང་ཡོ་བྱད་དགོད་པ་ནི། གཞུང་ལས་བུམ་པ་བཀོད་ཟིན་པའི་རྗེས་སུ་གསུངས་ཤིང༌། དོན་ཐོབ་ཀྱང་དེ་བཞིན་ཡིན་མོད་ཀྱི། ད་ལྟ་དེ་སྐབས་བྱེད་པ་ལག་ལེན་མི་བདེ་བས་བུམ་པ་འགོད་པའི་གནས་བཞག་ལ་སྐབས་འདི་ཉིད་དུ་བྱེད་དེ། འགལ་བ་ཅུང་ཟད་ཀྱང་མེད་དོ། །དེ་ཡང་གཞུང་ལས་ཇི་སྐད་དུ། བླ་རེ་དག་ནི་བྲེ་བྱ་ཞིང༌། །སྣ་ཚོགས་པ་ཡིས་གོས་ཀྱིས་བྲེ། །རྒྱལ་མཚན་གདུགས་སོགས་དར་རྣམས་ཀྱིས། །གནས་དང་གནས་སུ་རྣམ་པར་རྒྱན། །བུམ་པ་བཞག་ནས་མཆོད་པ་ནི། །ཇི་སྐད་བཤད་པ་བཞིན་དུ་བྱ། །རིན་ཆེན་གསེར་གྱི་མཛེས་པར་ནི། །དཀྱིལ་འཁོར་ཀུན་ཏུ་གཏོར་བར་བྱ། །སྤོས་སྣོད་དག་ནི་བརྒྱད་པོ་དང༌། །མར་མེའི་སྡོང་བུའང་དེ་མཉམ་བྱ། །ཏིལ་མར་ཆེན་པོས་རབ་སྦར་ལ། །སྤོས་ནི་ལྔ་པོ་སྔོན་འགྲོ་བའོ། །སྣ་ཚོགས་མེ་ཏོག་འཕྱང་བ་དང༌། །སྣ་ཚོགས་ཆང་དང་ཁུ་བ་ཀུན། །སྣ་ཚོགས་རོལ་མོའི་རབ་དགའ་ཞིང༌། །སྣ་ཚོགས་ཞལ་ཟས་ལྷ་བཤོས་དང༌། །སྣ་ཚོགས་རྣལ་འབྱོར་མ་པད་ན། །དྲི་བཟང་མེ་ཏོག་སྣ་ཚོགས་ལྡན། །སྣ་ཚོགས་པ་ཡི་གླུ་ལེན་ཞིང༌། །སྣ་ཚོགས་གར་གྱི་གར་བཟང་བྱེད། །བཀྲ་ཤིས་


TNT07_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ནི་སྣ་ཚོགས་པ། །དགེ་སྟོན་ཤྲཱི་ཧེ་རུ་ཀའི། །སྤྱོད་པ་དང་ནི་གྲོལ་བའི་གནས། །འདོད་པ་རྣལ་འབྱོར་མ་ཡི་ལམ། །ཞེས་གསུངས་ཤིང༌། རྒྱུད་ལས་ཀྱང༌། སྒྲུབ་པོ་དངོས་གྲུབ་གང་འདོད་ཀྱང༌། །སྒྲོན་མེ་བརྒྱ་རྣམས་དབུལ་བར་བྱ། །ཞེས་ཤ་ཆེན་པོའི་མཆོད་པ་དང༌། སྒྲུབ་པོ་དངོས་གྲུབ་གང་འདོད་ཀྱང༌། །དྲི་དང་མེ་ཏོག་བདུག་སྤོས་དང༌། །མར་མེ་བརྒྱ་ནི་དབུལ་བར་བྱ། །རྒྱལ་མཚན་དམར་དང་དེ་བཞིན་སེར། །དཀར་དང་ནག་དང་སེར་སྐྱ་དང༌། །དེ་བཞིན་གོས་ནི་སྣ་ཚོགས་དང༌། །མེ་ཏོག་ཕྲེང་བ་དུ་མ་དང༌། །བླ་བྲེ་དག་དང་དར་དཔྱངས་པའི། །མདའ་དང་ཡོལ་བས་ཤིན་ཏུ་མཛེས། །དེ་བཞིན་བཟའ་བཅའ་བཏུང་བ་ཡིས། །རབ་མཉམ་བཞག་པས་མཆོད་པར་བྱ། ཞེས་དང༌། གསེར་དང་དངུལ་ལམ་རིན་ཆེན་དང༌། །མུ་ཏིག་རྣམས་ཀྱིས་མཛེས་པར་བྱ། །དཀྱིལ་འཁོར་ཀུན་ཏུ་རིན་ཆེན་དང༌། །གསེར་རྣམས་ཀྱིས་ནི་མཛེས་པར་སྤྲས། །གྲོགས་མཆོག་ཡིད་འོང་མཆོད་ན་ནི། །འགྲུབ་པ་ཉིད་དུ་ཐེ་ཚོམ་མེད། །བདག་ཉིད་ཐུན་ནས་སྒོ་ཡི་ནི། །དྲྀ་ཡི་ཆུ་ཡི་ལེགས་པར་གདབ། ཅེས་པ་དང༌། དྲིལ་དཔྱངས་མེ་ཏོག་སྤོས་ཀྱིས་བརྒྱན། །ཤིན་ཏུ་སྒྲ་སྙན་དྲིལ་བུ་འཁྲོལ། །སྒྲུབ་པ་པོ་ཡི་རྔ་བརྡུང་ཞིང༌། །ཧ་ཧ་ཞེས་ནི་བརྗོད་པར་བྱ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཐིག་གདབ་པ་ནས་བཟུང་སྟེ། འདི་དག་གི་བར་གྱི་ཉི་མ་རྣམས་ལ། སྔ་ཕྱི་གང་ཡང་རུང་བར། ཕུར་བུ་རྣམས་ལ་མཆོད་བསྟོད་དང༌། ཨཱ་ཀཱ་རོའི་སྔགས་ཀྱིས་གཏོར་མ་འབུལ་བར་བྱ་ལ། དངོས་གཞིའི་ཉི་མ་རྣམས་ལ་ནི་དཀྱིལ་འཁོར་གྱི་ཞོར་ལ་མཆོད་བསྟོད་གཏོར་མ་ཕུལ་བར་དམིགས་པས་ཆོག་གའོ། །དྲུག་པ་དཀྱིལ་འཁོར་སྒྲུབ་པ་ལ་དཀྱིལ་འཁོར་སྒྲུབ་པའི་སྔོན་འགྲོ་དང༌། དཀྱིལ་འཁོར་སྒྲུབ་པ་དངོས་གཉིས་ལས། དང་པོ་ནི། སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་རླབས་དང༌། ཞུ་འབུལ་དང༌། སྐྱབས་འགྲོ་སེམས་


TNT07_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ནས་བརྩམས་ཏེ། རྒྱུན་བཤགས་ཡན་ཆད་བྱས་ལ། ཚོགས་ཞིང་རྣམས་རང་ལ་སྟིམ། ཚད་མེད་བཞི་སྒོམ་པ་ཡན་ཆད་བྱའོ། །དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་སྦྱང་བ་ནི། བགེགས་གཏོར་རྣམས་བཤམས། བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་རླབས། གཏོར་མའམ་འཐེབ་ཀྱུ་གསུམ་པོ་རིམ་གྱིས་སྐོར་ལ། ཨོཾ་སརྦ་བིགྷྣ་བྷྱཿན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུད་ག་ཏེ་སྥཱ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏེ་སྭཱཧཱ། ཞེས་ལན་གསུམ། འདིར་བགེགས་ཀྱི་ཚོགས་གང་ཡིན་པ་དེ་ཐམས་ཅད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་ནས། ཕན་པ་དང་བདེ་བའི་སེམས་དང་ལྡན་པས་གཞན་དུ་དེངས་ཤིག ཞི་བས་སྦྱངས་པའོ། །ཨོཾ་སུམྦྷ་སོགས་ལན་གསུམ་བཟླས་ཤིང་རྡོ་རྗེ་གསོར་ལ། ཏིང་ལོའམ་ཆང་བུ་བསྐོར། འདིར་བགེགས་ཀྱི་ཚོགས་གང་ཡིན་པ་དེ་ཐམས་ཅད། གཏོར་མ་ལམ་རྔན། ཏིང་ལོ་ལམ་སྒྲོན་ཆང་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག ཅེས་པ་ནི། ཞི་དྲག་ཕྱེད་མས་སྦྱང་བའོ། །ཧཱུཾ་མཛད་ཀྱི་ཕྱག་རྒྱ་བྱས་ནས་བདེན་སྟོབས་བརྗོད་ལ། མཐར་དྲག་པོའི་མཚམས་རྔམ་རོལ་ཆེན་དང་བཅས་པས་སྤྲད་པ་ནི། འདི་ལྟར། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ དཔལ་མགོན་དམ་པ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི༴ སངས་རྒྱས་ཀྱི༴


TNT07_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི༴ དགེ་འདུན་གྱི་བཀའ་བདེན་པ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་བདེན་པ་དང༌། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབ་ཀྱིས། འདིར་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང༌། དབང་གི་ལས་རིམ་ལ་འཇུག་པ་ལ། བར་དུ་གཅོད་པར་བྱེད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་གང་ཡིན་པ་དེ་དགདེང་དཔལ་ཧེ་རུ་ཀའི་བཀའ་ཐོས་པས། སའི་ཕྱོགས་འདིར་མ་གནས་པར་མྱུར་བ་ཉིད་དུ་སོང་ཤིག གང་དག་མི་འགྲོ་བ་དེ་དག་ཐམས་ཅད། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་རྡོ་རྗེ་དང་རྡོ་རྗེ་ཁ་ཊཾ་ག་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱིས་མགོ་བོ་ཚལ་པ་བརྒྱར་དགས་པར་བྱའོ། །ཅེས་དང༌། སུམྦྷ་བཟླས་པས་བགེགས་བསྐྲད་ཞིང་གཏོར་མ་ཕྱི་རོལ་ཏུ་དོར་ཏེ། དྲག་པོས་སྦྱང་བའོ། །བསྡུས་པ་ལ་མོས་ན། བཀའ་བསྒོ་བ་ཡིད་ཀྱིས་བྱས་ནས་སྔགས་ཙམ་བརྗོད་དེ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་བཾ་གྱི་རྣམ་པར་གནས་པ། ལྟེ་བའི་གཏུམ་མོ་འབར་བའི་འོད་ཟེར་གྱིས་དེང་སྟེ། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་པ་མདུན་གྱི་ཏིལ་ལ་ཐིམ། བསངས་སྦྱངས། འབར་བའི་མེའི་ནང་དུ་ཁྲོ་བོ་རྡོ་རྗེ་མཁའ་འགྲོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞལ་གདངས་པའོ། །


TNT07_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པ་པཱཾ་ད་ཧ་ན་བྷསྨྀ་ཀུ་རུ་སྭཱཧཱ། ལན་གསུམ་བརྗོད་ལས་ཀྱི་རྡོ་རྗེས་ཏིལ་གཡས་གཡོན་དུ་བསྐོར་ནས། གཡས་སུ་མེ་དང་གཡོན་དུ་ཆུ་དོར་བས། རྡོ་རྗེ་མཁའ་འགྲོའི་ཞལ་དུ་གསོལ་བ་དང༌། རྒྱ་མཚོ་ཆེན་པོར་སྐྱུར་བར་བསམ། མཐར་མེ་ཡང་ཆུ་ནང་ལྡུགས་སོ། །སྡིག་པ་སྦྱང་བའོ། །དེ་ནས་མེ་ལོང་བསྟན་ཏེ། ལས་བུམ་བླངས་ནས་ཁྲུས་གསོལ་བྱ་སྟེ། ཇི་ལྟར་བལྟམས་པ༴ ནས། ཤྲཱི་ཡེ་ཧཱུཾ། འདི་ནི་ཁྲུས་མཆོག༴ སོགས་དང༌། དེ་བཞིན་གཤེགས་དང༌། སོགས་ཀྱི་རོལ་ཆེན་དང་བཅས་པས་ཀྱང་ཁྲུས་གསོལ། དེ་དག་སྐུ་ལ༴ ནས། ཨོཾ་ཧཱུཾ་ཏྲཾ་ཧྲཱིཿཨཿཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱཧཱ། ཞེས་སྐུ་ཕྱིས་ཕུལ། སྤྲོ་ན་དྲིའི་བྱུག་པ་དང༌། གོས་དང་རྒྱན་ཡང་འབུལ་ཏེ་དྲི་མ་སྦྱང་བའོ། །དེ་དག་ནི་དཀྱིལ་འཁོར་སྒྲུབ་པའི་སྔོན་དུ་འགྲོ་བའི་བྱ་བའོ། གཉིས་པ་ལ། སྡོམས་ནི། གཟུགས་བརྙན་བསྐྱེད་དང་བདག་ཉིད་རྫོགས། །བདག་མདུན་བསྲེ་དང་བུམ་པ་སྒྲུབ། །ཐུན་མོང་བྱིན་རླབས་རྣལ་འབྱོར་སྒོམ། །དཀྱིལ་འཁོར་སྒྲུབ་ཚུལ་རྣམ་ལྔའོ། །བསྐྱེད་དང་བདག་དྲན་མཆོད་བསྟོད་གསུམ། །གཟུགས་བརྙན་བསྐྱེད་པའི་ལག་ལེན་ཡིན། །སྒོམ་དང་བཟླས་པ་མཆོད་པ་གསུམ། །བདག་བསྐྱེད་དཀྱིལ་འཁོར་སྒྲུབ་ཚུལ་ཡིན། །གོ་བགོས་བསྲེ་ཞིང་མཆོད་བསྟོད་བྱ། །བདག་མདུན་བསྲེ་བའི་མན་ངག་ཡིན། །བུམ་སྒྲུབ་འགོད་དང་སྐྱོང་བ་འགོད། །བུམ་པའི་དཀྱིལ་འཁོར་སྒྲུབ་པར་འདོད། །བསྲེ་དང་གོ་ཆ་དག་དྲན་དང༌། །སྟ་གོན་ཡེ་ཤེས་དབང་བསྐུར་ནི། །ཀུན་གྱི་ཐུན་མོང་ཆོ་གའོ། །དེ་ཡང་གཟུགས་བརྙན་གྱི་དཀྱིལ་འཁོར་བསྐྱེད་པ། བདག་ཉིད་ཀྱི་དཀྱིལ་འཁོར་རྫོགས་པ། བདག་མདུན་གཅིག་ཏུ་བསྲེ་བ་


TNT07_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པའི་དཀྱིལ་འཁོར་སྒྲུབ་པ། ཐུན་མོང་དུ་བྱིན་གྱིས་བརླབ་པའི་ཆོ་ག་སྟེ་ལྔ་ལས། དང་པོ་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་སངས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་བྲེ། མདའི་དྲ་བ་ཡེ་ཤེས་ཀྱི་མེ་དཔུང་འབར་བ་དང་བཅས་པའི་དབུས་སུ་ཆོས་ཀྱི་འབྱུང་གནས། ནས། རྡོ་རྗེའི་འཕྲེང་བས་མཚན་པའི་བར། ལྷ་སྟ་གོན་གྱི་སྐབས་དང་འདྲའོ། །འོན་ཀྱང་འདིར་འདམ་ཁའི་རྣམ་གྲངས་གསུངས་པ་ནི། དཀྱིལ་འཁོར་གྱི་གཙོ་བོ་གཡོན་ལྗང་རྒྱབ་དམར་གཡས་སེར་བའི་ཞལ་དང༌། ཕྱག་མཚན་གྱི་གོ་རིམ་ཀྱང་ལཱུ་དྲིལ་གཉིས་དང་མཐུན་པ་དང༌། སྙིང་པོའི་རྣལ་འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་པོ་ཕྱག་བཞི་གྲི་གུག་ཐོད་པ་ཌཱ་མ་རུ་ཁ་ཊྭཱཾཾ་ག་རྣམས་འཛིན་པར་དཀྱིལ་ཆོག་ལས་གསུངས་ཏེ། སྒྲུབ་ཐབས་ལས་བཤད་པ་དང་མི་འདྲ་ཡང༌། འདམ་ཁར་དགོངས་པ་ཡིན་ལ། དེས་ན་བདག་བསྐྱེད་ལའང་འདི་བཞིན་སྒོམ་དུ་རུང་བ་ནི་ཡིན་ཞིང༌། བདག་མདུན་གཉིས་པོ་རྣམ་པ་གཅིག་ཁོ་ནར་མཚུངས་པ་དགོས་པའང་མིན་པས། ཇི་ལྟར་བདེ་བར་སྦྱོར་ཏེ། དེས་ན་བདག་མདུན་གཉིས་ཀ་ལ། མ་མོ་བཅུ་གཉིས་ཕྱག་བཞི་པར་མཚུངས་པའམ། གཉིས་པར་མཚུངས་པར་བྱས་ཀྱང་རུང་ལ། སྒྲུབ་དཀྱིལ་གྱི་གཞུང་གི་དངོས་བསྟན་ལྟར། བདག་བསྐྱེད་ཕྱག་གཉིས་པ་དང༌། མདུན་བསྐྱེད་ལ་བཞི་པའམ། དེ་གཉིས་གོ་བཟློག་ཀྱང་རུང་སྟེ། གཙོ་བོའི་ཞལ་ཕྱག་ལའང་དེས་རིགས་འགྲེའོ།། གང་ལྟར་ཡང་དེ་ནས་ལུས་དང་ཚོར་བ་ཞེས་སོགས་བྱང་ཕྱོགས་ཀྱི་དག་དྲན་བྱ། གཟུགས་བརྙན་གྱི་དཀྱིལ་འཁོར་ལ་མཆོད་ཡོན་ནས་རོལ་མོའི་བར་གྱིས་མཆོད་རྐང་བརྒྱད་གཉིས་ཀྱི་བསྟོད་དོ། །གཉིས་པ་ནི་སློབ་དཔོན་


TNT07_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཆས་སུ་ཞུགས་ཏེ། དེ་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས། ཨོཾ་སྭ་བྷཱ་ཝ་སོགས་ཡེ་ཤེས་ཚོགས་གསོག་ནས་བཟུང་སྟེ་བཟླས་པ་རྫོགས་ཀྱི་བར་དུ་མངོན་རྟོགས་བཞིན་བདག་བསྐྱེད་རྫོགས་པར་སྒོམ། དེ་ནས་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། རྐང་བརྒྱད་གཉིས་ཀྱིས་བསྟོད། གསུམ་པ་ནི། གཟུགས་བརྙན་གྱི་དཀྱིལ་འཁོར་སྔོན་བཞིན་དུ་ཡིད་ཀྱིས་དམིགས་ནས། བདག་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། གཟུགས་བརྙན་གྱི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་སྙིང་ཁར་ཨོཾ་ཨོཾ་ཧ། སོགས་གོ་ཆ་གསུམ་གྱིས་རྒྱས་གདབ། བདག་གིས་བསྒོམ་པའི་ལྷ་དྲུག་ཅུ་རྩ་གཉིས་དང༌། གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལྷ་དྲུག་ཅུ་རྩ་གཉིས་གཉིས་སུ་མེད་པར་གྱུར། བདག་གིས་སྒོམས་པའི་ཐོད་པ་བཞི་གཞལ་ཡས་ཁང་ལྷའི་གདན་ཕྱི་རོལ་དུར་ཁྲོད་དང་བཅས་པ་དང༌། མདུན་བསྐྱེད་ཀྱི་ཐོད་པ་བཞི་གཞལ་ཡས་ཁང་ལྷའི་གདན་ཕྱི་རོལ་དུར་ཁྲོད་དང་བཅས་པ་གཉིས་སུ་མེད་པར་གྱུར། ཨོཾ་ཨཱ་ཧཱུཾ། ལན་སུམ་ཅུ་སོ་དགུ་བརྗོད། བདག་གིས་སྒོམ་པའི་འབྱུང་བཞི་རི་རབ་ཆོས་འབྱུང་སྲུང་འཁོར་དང་བཅས་པ་དང༌། མདུན་བསྐྱེད་ཀྱི་འབྱུང་བཞི་རི་རབ་ཆོས་འབྱུང་སྲུང་འཁོར་དང་བཅས་པ་གཅིག་ཏུ་འདྲེས་པར་གྱུར། སུམྦྷ་ལན་གསུམ་བཟླའོ། །ཨརྒྷ྄ཾ་ནས་ཤཔྟའི་བར་གྱིས་མཆོད། རྐང་བརྒྱད་གཉིས་ཀྱིས་བསྟོད། བཞི་པ་ནི། བུམ་པ་རྒྱས་པ་ལྟར་ན། ལྷ་བུམ་སུམ་ཅུ་སོ་བདུན། བཀྲ་ཤིས་ཀྱི་བུམ་པ་བརྒྱད། ལས་བུམ་སྟེ་བཞི་བཅུ་རྩ་དྲུག་གོ །འབྲིང་པོ་ནི། གཙོ་བོ་ཡབ་


TNT07_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་དང་འཁོར་ལོ་ལྔ་ལ་རེ་རེ། བཀྲ་ཤིས་ཀྱི་བུམ་པ་བརྒྱད་དང་ལས་བུམ་སྟེ་བཅོ་ལྔའོ། །ཅུང་ཟད་བསྡུས་པ་ནི། རྣམ་རྒྱལ་བུམ་པ་དང་བཀྲ་ཤིས་ཀྱི་བུམ་པ་བརྒྱད། ལས་བུམ་སྟེ་བཅུའོ། །ཤིན་ཏུ་བསྡུ་ན་རྣམ་རྒྱལ་དང་ལས་བུམ་མོ། །རྣམ་རྒྱལ་བུམ་པ་ལ་རིགས་ལྔའི་ཕྱག་མཚན་དང༌། ལས་བུམ་ལ་གྲི་གུག་འགོད། བཀྲ་ཤིས་བུམ་པ་བརྒྱད་ལ་ནི། ལྷའི་མཚན་མ་མ་བཀོད་ཀྱང་ཆོག་སྟེ། ཕྱོགས་མཚམས་མི་ནོར་བའི་རྟགས་ཙམ་ནི་བྱའོ། །བུམ་པ་རྣམས་གོས་ཟུང་གིས་གཡོགས། མགྲིན་པར་སྲད་བུ་དཀར་པོ་སྐོར་བདུན་དཀྲི། སོ་བ། མོན་སྲན། ནས། གྲོ། ཏིལ་དཀར་ཏེ་འབྲུ་ལྔ་དང༌། མུ་ཏིག གསེར། མུ་མེན། བྱུ་རུ་དངུལ་ཏེ་རིན་པོ་ཆེ་ལྔ་དང༌། ཀཎྜ་ཀ་རི་སླེ་ཏྲེས་དབང་ལག ཆུ་སྲིན་སྡེར་མོ། ཤུ་ཐག་དཀར་པོ་སྟེ་སྨན་ལྔ་དང༌། གུར་གུམ། ག་པུར། ཙནྡན། ཨ་ཀར། གླ་རྩི་སྟེ་དྲི་ལྔ་དང༌། འོ་མ། མར། སྦྲང་རྩི། བུར་རམ། ལན་ཚྭ་སྟེ་སྙིང་པོ་ལྔའམ། ཁྱད་པར་དུ་མེ་ཏོག་མཐིང་དཀར་སེར་དམར་སྔོ་སངས་ཏེ་མེ་ཏོག་ལྔ་དང༌། ཤ་ལྔ་བདུད་རྩི་ལྔ་རྣམས་ཨོཾ་ཨཱཿཧཱུཾ་བཟླ་བཞིན་དུ་བུམ་པར་གཞུག དགེ་བས་ཤིང་གི་ཡལ་གས་ཁ་བརྒྱན་པར་བྱའོ། །དེང་སང་ལག་ལེན་ལ། བུམ་པ་བཅུའམ་གཉིས་གཙོ་བོར་བྱེད་པས། བཅུ་ཡོད་ན་རྣམ་རྒྱལ་བུམ་པ་ལ་བཀྲ་ཤིས་བུམ་པ་བརྒྱད་ཀྱིས་ཕྱོགས་མཚམས་ནས་བསྐོར། ལས་བུམ་ལོགས་སུ་བཞག །རྣམ་རྒྱལ་གྱི་སྟེང་ཐོད་པའམ། དུང་ཆོས་མཆོད་ཡོན་གྱིས་གང་བ་དང་གཟུང་ཐག་རྡོ་རྗེ་ཡང་བཞག་གོ །གང་ལྟར་ཡང་མཐའ་མཆོད་གཏོར་གྱིས་བསྐོར། མཆོད་པ་བྱིན་རླབས་བྱ། བུམ་པ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས། པཾ་ལས་སྣ་ཚོགས་པདྨ་བཅུའི་


TNT07_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ། ཨ་ལས་ཟླ་བའི་གདན་རེ་རེ། དེ་རྣམས་ཀྱི་སྟེང་དུ་བྷྲུཾ་རྣམས་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་ཞིང༌། མགྲིན་པ་ཕྲ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱི་མགུལ་བཅིངས་དང༌། དཔག་བསམ་གྱི་ཤིང་གི་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བ། དབུས་ཀྱི་བུམ་པའི་ནང་དུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་ནས་བསྐལ་པའི་མེ་ལྟ་བུའི་དབུས་ན་བཞུགས་པའོ། །དེའི་ཤར་དུ་མཁའ་འགྲོ་མ་ནས་གཟུགས་ཀྱིས་མཚན་པའོ། །དེའི་ཕྱི་རོལ་ཤར་ཕྱོགས་པུལླྀ་རཱ་མ་ནས་ནག་པོའོ། །དེའི་ཕྱི་རོལ་ཤར༴ སོགས་གསུང་དང་སྐུ་ལའང་འགྲེ་སྟེ། ཐོད་པ་ཁྲག་གིས་གང་བ་བསྣམས་པའོ། །ཞེས་པའི་བར་དང༌། དེའི་ཕྱི་རོལ་ཤར་དུ་ཁྭ་གདོང་མ་སོགས་འཕྲེང་བས་མཚན་པའོ། །ཤར་གྱི་སྟེང་གི་མཚན་མ་ཧཱུཾ་ལས་ཧེ་རུ་ཀ་ནག་པོ། དེའི་འོག་གིས་མཚན་མ་མཾ་ལས་མཁའ་འགྲོ་མ་སྔོ་སྐྱ། བྱང་གི་མཚན་མ་ཏཾ་ལས་ལཱ་མ་ལྗང་སྐྱ། ནུབ་ཀྱི་མཚན་མ་པཾ་ལས་ཁཎྜ་རོ་ཧཱ་དམར་སྐྱ། ལྷོའི་མཚན་མ་ལཾ་ལས་གཟུགས་ཅན་མ་སེར་སྐྱ། ལས་བུམ་གྱི་ནང་དང༌། མཚན་མའི་གནས་སུ་ཁཎྜ་རོ་ཧ། སྐུ་མདོག་དམར་མོ་དྲེགས་ཤིང་ཁྲོས་པ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་གཡོན་ཐོད་པ་བསྣམས་པ། གཡས་བརྐྱང་གི་རོ་ལ་གནས་པའོ། །དེ་ནས་གོ་ཆ་དགོད་པ་དང༌། ཡེ་ཤེས་པ་གཞུག་པ་དང༌།


TNT07_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་རྒྱས་བཏབ་རྣམས་སྒྲུབ་ཐབས་བཞིན་དུ་བྱ་བ་ལས། ཁཎྜ་རོ་ཧ་ལ་འོད་དཔག་མེད་པས་དབུ་བརྒྱན། ཞེས་བརྗོད་པའམ། དེ་ནི་བདེ་ཆེན་འཁོར་ལོ་པའི་ནང་དུ་ཚང་བས་མ་བརྗོད་ཀྱང་ཆོག་གོ །སྤྲོས་པ་ལ་དགའ་བས་བཀྲ་ཤིས་བུམ་པ་བརྒྱད་ལ་ལྷ་བསྐྱེད་པར་འདོད་ན། སྒོ་མཚམས་མ་བརྒྱད་བསྐྱེད་པར་འོས་ཀྱང༌། སྐབས་འདིར་ངེས་པར་དགོས་པ་ནི་མ་ཡིན་ནོ། །དེ་ནས་ཕྱི་མཆོད། ནང་མཆོད། རྐང་བརྒྱད་ཀྱི་བསྟོད་པ་རྣམས། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་བཞིན་དུ་བྱ་སྟེ། འོན་ཀྱང་ནང་མཆོད་བྱིན་རླབས་དང༌། བླ་མ་རྣམས་ཀྱི་མཚན་སྨོས་པ་དག་མི་དགོས་སོ། །དེ་ནས་རྡོ་རྗེ་དང་འབྲེལ་བའི་མེ་ཏོག་ཕྲེང་བ་ནས་བཟུང་སྟེ། འདི་སྐད་ཅེས། རང་གི་སྙིང་ཁ་ནས་སྔགས་ཀྱི་ཕྲེང་བ་རྣམས་ཁ་དོག་དམར་པོའི་ཚུལ་གྱིས་སྤྲོས་པ་རྣམས། གཟུང་ཐག་ལ་འཁྲིལ་ནས་སོང་བ། ལྷ་རྣམས་ཀྱི་ཐུགས་ཀར་རེག་པས་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། གཙོ་བོ་ཡབ་ཡུམ་གྱི་སྔགས་བརྒྱ་རྩ་བརྒྱད་ལས་མི་ཉུང་བ་དང༌། འཁོར་རྣམས་ལ་བདུན་ལས་མི་ཉུང་བ་བཟླས་ཏེ་རྣམ་རྒྱལ་བུམ་པ་ལའོ། །སུམྦྷ་མང་དུ་བཟླ་སྟེ་ལས་བུམ་ལའོ། །སྒོ་མཚམས་མ་བརྒྱད་ཀྱི་སྔགས་དང་ཡི་གེ་བདུན་པ་བཟླ་སྟེ། བཀྲ་ཤིས་ཀྱི་བུམ་པ་བརྒྱད་ལའོ། །ཐོག་མ་དང་ཐ་མར་ཡུམ་གྱི་སྙིང་པོ་མང་དུ་བཟླ་ཞིང༌། ཐམས་ཅད་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཾ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་པའང་ཅི་རིགས་པར་བཟླ་སྟེ་བུམ་པ་ཐམས་ཅད་ལའོ། །དེ་ནས་ལྷ་སྟ་གོན་གྱི་སྐབས་སུ་འཇིག་རྟེན་ལས་འདས་པའི་ལྷ་ལ་གཏོར་མ་འབུལ་བ་ལྟར། བུམ་པའི་ལྷ་ལ་ཡང་གཏོར་མ་འབུལ།


TNT07_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གོང་བཞིན་མཆོད་བསྟོད་བྱ། ཡིག་བརྒྱ་ཚར་གསུམ། མ་འབྱོར་པ་དང༌། ཞེས་སོགས་ཀྱིས། བཟོད་པར་གསོལ་མཆོད་ཡོན་བུམ་པ་རྣམས་སུ་ཕུལ་ཏེ། ཨོཾ་ཨཱཿཧཱུཾ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ལྷ་རྣམས་འདོད་ཆགས་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར། དེ་ནས་བུམ་པ་ལ་མེ་ཏོག་གཏོར་ཞིང་བཀྲ་ཤིས་བརྗོད། བདུག་སྤོས་ཀྱི་སྣ་དྲངས་རོལ་མོའི་སྒྲ་དང་བཅས་ནས། དཀྱིལ་འཁོར་ལ་གཡོན་བསྐོར་ལན་གསུམ་དུ་བྱས་ནས་དཀྱིལ་འཁོར་གྱི་དབུས་སུ་མཉྫི་ལ་སོགས་པའི་སྟེང་དུ་རྣམ་རྒྱལ་བུམ་པ་འགོད། སྒོ་མཚམས་བརྒྱད་དུ་བཀྲ་ཤིས་ཀྱི་བུམ་པ་དང༌། དཀྱིལ་འཁོར་གྱི་ཤར་སྒོའི་གཡས་ཀྱི་ཁྱམས་ལ་ལས་བུམ་འགོད་དོ། །དེ་ལྟར་མི་བདེ་ན། གཞན་རྣམས་རྡོ་རྗེའི་ར་བའི་ནང་ཙམ་དུ་འགོད་ཅིང༌། རྣམ་རྒྱལ་བུམ་པ་ཤར་སྒོར་བཞག།བུམ་པ་རྣམས་ཀྱི་སྟེང་དུ་ཆང་དང་བདུད་རྩི་ལྔ་དང་བཟའ་བ་དང་བཅའ་བ་དང་རོ་སྣ་ཚོགས་ཀྱིས་གང་བའི་ཐོད་པ་དག་བཞག་པར་བྱའོ། །དེ་ནས་ཇི་སྐད་དུ། སྒོ་བཞི་དག་ནི་རྣལ་འབྱོར་མ། །དཔའ་བོ་གཉིས་མེད་དག་གིས་མཚན། །ཚོན་ཆེན་སོགས་ཀྱིས་གོས་དག་གམ། །དར་ལ་སོགས་པ་དག་གིས་བརྒྱན། །ཕྱག་རྒྱ་ལྔ་ལ་སོགས་པའི་ལུས། །རྩེ་བྲན་ལྔས་ནི་རྣམ་པར་བརྒྱན། །རྡོ་རྗེ་དྲིལ་བུས་ཡང་དག་འཁྱུད། །སྒོ་བརྒྱད་དག་ཏུ་ཁ་སྦྱོར་རོ། །ཚོགས་ཀྱི་གཙོ་བོ་བདག་པོ་ཀུན། །འཁོར་ལོས་བསྒྱུར་བའི་རྣམ་རོལ་ཡིན། །ཞེས་གསུངས་པ་ལྟར། བུམ་པ་སྐྱོང་བ་དང༌། སྦྱིན་སྲེག་ལ་སོགས་པ་མཆོད་པའི་དོན་དུ་ཆས་སུ་ཞུགས་པའི་དཔའ་བོ་རྣལ་འབྱོར་མ་བརྒྱད་པོ་དག་ཀྱང་དགོད་དགོས་མོད་ཀྱི། དངོས་སུ་མེད་ན་ཡིད་ཀྱི་བསམ་མོ། །ལྔ་པ་ནི། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང༌། བུམ་པ་ལ་གནས་པའི་ཡེ་ཤེས་ཀྱི་ལྷ་རྣམས་མཉམ་པ་ཉིད་ཀྱིས་རང་བཞིན་གཉིས་སུ་


TNT07_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་བདག་ཉིད་དུ་གྱུར། ཨོཾ་ཨཱཿཧཱུཾ། སརྦ་བཱི་ར་ཡོ་གི་ནཱི། སོགས་སྐད་ཅིག་རྣམ་པའི་སྔགས་རིམ་པ་གཉིས་ཀ་ལན་གསུམ་གསུམ་བརྗོད། ལྷ་ཐམས་ཅད་ཀྱི་སྙིང་ཁར་ཨོཾ་ཨོཾ་ཧ་ནས། ཙན་ཌི་ཀའི་ངོ་བོའི་བར་གྱིས་གོ་ཆ་བཀོད། སྐབས་འདིར་ཡང་བྱང་ཕྱོགས་སོ་བདུན་གྱི་དག་པ་དྲན་པར་བྱའོ། །དེ་ནས་བླ་མ་གོང་མ་རྣམས་ཀྱི་བཞེད་པས། རང་གི་སྙིང་ག་ནས་སྟ་གོན་གྱི་དཀྱིལ་འཁོར་སྤྱན་དྲངས་ཕཻཾ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། རྐང་བརྒྱད་ཀྱིས་བསྟོད། ཛཿཧཱུཾ་བཾ་ཧོཿ ཡོ་ག་ཤུདྡྷོ། སོགས་ཏེ་སྟ་གོན་གྱི་ལྷ་བསྲེ་བའོ། །སླར་ཡང་ཡེ་ཤེས་པ་གཞུག་པ་དང༌། དབང་བསྐུར་བ་ནི་སྟ་གོན་གྱི་སྐབས་ལྟར་བྱ་སྟེ་ཕལ་ཆེར་སྒྲུབ་ཐབས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་ལྟར་བྱའོ། །སྐབས་འདིར་འདི་ལྟར་ཤེས་དགོས་ཏེ། སྟ་གོན་གྱི་དཀྱིལ་འཁོར་སྙིང་ཁར་བསྡུས་པའི་ཕྱོགས་འདི་རིགས་ལ། སྙིང་ཁ་ནས་སྟ་གོན་གྱི་དཀྱིལ་འཁོར་སྤྲོ་བ་བྱས་ཀྱང་ལྷག་པའི་སྐྱོན་དུ་མི་འགྱུར་ལ་མེད་ཀྱང་ཆོག་སྟེ། གོང་དུ་བདག་མདུན་བསྲེས་པ་ཉིད་ཀྱིས་དེའི་དོན་གྲུབ་པའི་ཕྱིར་རོ། །གཞུང་ནས་སྟ་གོན་དང་དངོས་གཞིའི་དཀྱིལ་འཁོར་སྒྲུབ་པའི་སྐབས་གཉིས་ཀར་དུ། མདུན་བསྐྱེད་ལ་དབང་བསྐུར་བྱེད་ཚུལ་གསལ་བར་མ་གསུངས་པས་བྱས་ཀྱང་རུང་བ་ཙམ་ཡིན་མོད། ཆོ་ག་སྤྱི་འགྲོས་ལས་དོན་གྱི་ཐོབ་པས་ན་བྱས་ན་ལེགས་པ་ཡིན་ནོ། །བདུན་པ་མཆོད་པ་རྒྱས་པ་ནི་མཆོད་པ་སྤྱི་དང་ཁྱད་པར་གྱི་མཆོད་པའོ། །དང་པོ་ནི། སྒྲུབ་ཐབས་ལྟར་བྱིན་གྱིས་བརླབ་ནས་མཆོད་པ་འབུལ་བ་ལ། སྡོམས་ནི། ཆུར་བཅས་ཉེར་སྤྱོད་དགོས་ཟུང་དང༌། །རིག་མ་བཅུ་དྲུག་རིན་ཆེན་བདུན། །འདོད་ཡོན་ནང་མཆོད་གསང་མཆོད་དང༌། །ཡིད་མཆོད་བསྟོད་པ་ཉེར་མཁོ་དང༌། །གསོལ་གདབ་རྡོ་རྗེའི་གླུ་ཞེས་པ། །


TNT07_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་སྡེ་ཚན་བཅུ་གཉིས་སོ། །དང་པོ་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་ནི། དྭངས་ཤིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །མཆོག་ཏུ་གུས་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦྷ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དྭངས་ཤིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཞབས་བསིལ་མཆོག་འདི་དག །མཆོག་ཏུ་གུས་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ནས་བཛྲ་པཱདྱཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་ལྷ་ཡི་མེ་ཏོག་ཤིན་ཏུ་དམར། །དྲི་ཞིམ་ཤིན་ཏུ་མཛེས་པ་ཡི། །མེ་ཏོག་དེ་རིང་བཞེས་ནས་སུ། །འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་སརྦ་ནས་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱཧཱ། ཨོཾ་ཙནྡན་ག་བུར་དང་བཅས་པའི། །དྲི་ཞིམ་སྤོས་མེ་དགེ་བ་ཡི། །མཐུ་དང་ལྡན་པར་བྱ་བ་འདི། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་སརྦ་ནས་བཛྲ་དྷུ་པཾ་ཨཱཿཧཱུཾ་སྭཱཧཱ། ཨོཾ་མར་མེ་འོད་ཟེར་འབར་བ་འདི། །ངན་འགྲོའི་མུན་པ་འཇོམས་པར་བྱེད། །ལྷ་ཡི་མིག་འབྱེད་བཀྲ་ཤིས་པ། །མར་མེ་ཁྱེད་ཀྱིས་བཞེས་སུ་གསོལ། །ཨོཾ་སརྦ་ནས་བཛྲ་དཱི་པཾ་པྲ་ཏཱིཙྪ་ཨཱཿཧཱུཾ་སྭཱཧཱ། ཨོཾ་སྣ་ཚོགས་ལྷ་ཡི་དྲི་ཞིམ་པ། །སྣ་ཚོགས་ག་པུར་རྣམ་རྒྱན་པ། །སྣ་ཚོགས་ཡི་གེ་ཧཱུཾ་ལས་བྱུང༌། །དྲི་འདི་འབུལ་གྱི་བཞེས་སུ་གསོལ། །ཨོཾ་སརྦ་ནས་བཛྲ་གནྡྷེ་པྲ་ཏཱིཙྪ་ཨཱཿཧཱུཾ་སྭཱཧཱ། ཨོཾ་ཁ་དོག་དྲི་དང་རོ་


TNT07_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །འབུལ་གྱི་ཡང་དག་བཞེས་སུ་གསོལ། །ཨོཾ་སརྦ་ནས་བཛྲ་ནཻ་ཝེ་ཏྱ་པྲ་ཏཱིཙྪ་ཨཱཿཧཱུཾ་སྭཱཧཱ། ཨོཾ་པ་ཊ་ཧ་དང་ཅང་ཏེའུ་སོགས། །དུང་དང་རྔ་སོགས་སྒྲ་དབྱངས་དང༌། །ཡིད་འཕྲོག་སིལ་སྙན་སྣ་ཚོགས་རྣམས། །འབུལ་གྱི་ཡང་དག་བཞེས་སུ་གསོལ། །ཨོཾ་སརྦ་ནས་བཛྲ་ཤཔྟ་པྲ་ཏཱིཙྪ་ཨཱཿཧཱུཾ་སྭཱཧཱ། གཉིས་པ་གོས་ཟུང་འབུལ་བ་ནི། སུམྦྷས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་གོས་སྲབ་པ། འཇམ་པ་ཡང་བ་དྭངས་ཤིང་ཐོགས་པ་མེད་པ་ལྷ་རེ་རེ་ལ་ཡང་ཟུང་དུ་སྦྱར་བ་དང་ལྡན་པར་གྱུར། སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་སརྦ་ཏཱ་ཐ་ག་ཏ་ཤྲཱི་ཙཀྲ་ནས། ཝཱི་ར་ཡོ་གི་ནཱ་བཛྲ་ཝསྟ་སྱ་ཨཱཿཧཱུཾ་སྭཱཧཱ། གསུམ་པ་རིགས་མ་བཅུ་དྲུག་ནི། ཨོཾ་ཝ་ནཱི་བཛྲཱི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་པི་ཝཾ་མ། །སྟོན་ཁའི་མདོག་མཚུངས་པི་ཝཾ་ལག །པི་ཝཾ་སྒྲ་དང་དབྱངས་ལྡན་པ། ནམ་མཁའ་ཁྱབ་པའི་མཆོད་པར་བགྱི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་ནས་ཝི་ནཱི་ཎི་པཱུ་ཛི་ཏི་ཨཱཿཧཱུཾ། ཨོཾ་ཝཾ་སེ་བཛྲི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་གླིང་བུ་མ། །གསེར་གྱི་མདོག་མཚུངས་གླིང་བུའི་ལག །གླིང་བུའི་སྒྲ་དང་དབྱངས་ལྡན་པ། །ནམ་མཁའ་ཁྱབ་པས༴ ཨོཾ་སརྦ་ནས་ཝཾ་སེ་བཛྲཱི་ཎི་པཱུ་ཛི་ཏེ་ཨཱཿཧཱུཾ།


TNT07_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མྲྀ་ཏཾ་བཛྲཱི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་རྔ་ཟླུམ་མ། །བནྡྷུའི་མདོག་ཅན་རྔ་ཟླུམ་ལག །རྔ་ཟླུམ་སྒྲ་དང་༴ ནམ་མཁའ༴ །མྲྀ་ཏཾ་ག༴ ཨོཾ་མུ་ར་ཛེ་བཛྲཱི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་རྫ་རྔ་མ། །མར་གད་མདོག་མཚུངས་རྫ་རྔའི་ལག །རྫ་རྔའི་སྒྲ་དང་༴ ནམ་མཁའ༴ མུ་ར་ཛྲེ༴ ཨོཾ་ཧ་སྱེ་བཛྲཱི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་བཞད་པ་མོ། །ཀིང་ཤུའི་མདོག་མཚུངས་བཞད་པའི་ཞལ། །འཛུམ་པའི་གཞིན་དང་དབྱངས༴ ནམ་མཁའ༴ ཧ་སྱ༴ ཨོཾ་ལཱ་སྱེ་བཛྲཱི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་སྒེག་པ་མོ། །དབང་སྔོན་མདོག་མཚུངས་སྒེག་པའི་ཚུལ། །སྙེམས་པའི་ལུས་དང་གླུར་ལྡན་པས། །ནམ་མཁའ༴ ལཱ་སྱེ། ཨོཾ་གིརྟི་བཛྲཱི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་གླུ་དབྱངས་མ།།འཆར་ཀའི་མདོག་མཚུངས་གླུ་ལེན་མ། །གླུ་དང་རོལ་མོའི་སྒྲ་ལྡན་པ། །ནམ་མཁའ༴ གིརྟི༴ ཨོཾ་ནྲི་ཏི་བཛྲི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་གར་མཁན་མ། །མར་གད་མདོག་མཚུངས་གར་མཛད་མ། །ལག་པ་གར་བྱེད་རྐང་སྟབས་བསྒྱུར། །ནམ་མཁའ༴ ནྲྀ་ཏེ༴ །ཨོཾ་པུཥྤེ་བཛྲཱི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་མེ་ཏོག་མ། །གུར་གུམ་མདོག་མཚུངས་མེ་ཏོག་ལག །མེ་ཏོག་ཆར་དང་རོལ་མོ་བཅས། །ནམ་མཁའ༴ པུཥྤེ༴ ཨོཾ་དྷུ་པེ་བཛྲཱི་ནི་ཧཱུཾ་ཨཱཿ །རྡོ་རྗེ་ལྷ་མོ་བདུག་སྤོས་མ། །དུ་བའི་མདོག་མཚུངས་བདུག་སྤོས་ལག །བདུག་པའི་སྤྲིན་དང་རོལ་མོ་བཅས། །ནམ་མཁའ༴ །དྷུ་པ༴ ཨོཾ་དཱི་པེ་བཛྲཱི་ཎི་ཧཱུཾ་


TNT07_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿ རྡོ་རྗེ་ལྷ་མོ་མར་མེ་མ། གློག་འོད་མདོག་མཚུངས་མར་མེའི་ལག །མར་མེའི་འོད་དང་རོལ་མོར་བཅས། །ནམ་མཁའ༴ དཱི་པེ། ཨོཾ་གནྡྷེ་བཛྲཱི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་དྲི་ཆབ་མ། །པྲི་ཡང་མདོག་མཚུངས་དུང་ཆོས་ལག།དྲི་ཡི་ཆར་དང་རོལ་མོར་བཅས། །ནམ་མཁའ༴ གནྡྷེ༴ ཨོཾ་རཱུ་པ་བཛྲཱི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་གཟུགས་མཛེས་མ། །སྟོན་ཟླའི་མདོག་མཚུངས་མེ་ལོང་ལག །ཡིད་འོང་གཟུགས་དང་རྒྱན་ལྡན་མ། །ནམ་མཁའ༴ རཱུ་པ། ཨོཾ་ར་ས་བཛྲཱི་ཎི་ཧཱུཾ་ཨཿ རྡོ་རྗེ་ལྷ་མོ་ཞལ་ཟས་མ། །ཛ་བའི་མདོག་མཚུངས་ཞལ་ཟས་ལག །ཞལ་ཟས་བདུད་རྩིའི་ཆར་འབེབས་མ། །ནམ་མཁའ༴ ར་ས༴ ཨོཾ་སྤརྴ་ཎི་ཧཱུཾ་ཨཿ རྡོ་རྗེ་ལྷ་མོ་ན་བཟའ་མ། །མར་གད་མདོག་མཚུངས་ན་བཟའི་ལག །གོས་དང་རེག་དང་འཁྱུད་པར་ལྡན། །ནམ་མཁའ༴ སྤརྴ་ཨོཾ་དྷརྨཱ་དུ་བཛྲཱི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་ཆོས་དབྱིངས་མ། ཀུནྡའི་མདོག་མཚུངས་ཆོས་འབྱུང་ལག།ཟག་པ་མེད་པའི་བདེ་སྟེར་མ། །ནམ་མཁའ་ཁྱབ་པའི་མཆོད་པར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་ནས་ཝཱི་ར་ཡོ་གི་ནི་དྷརྨཱ་དྷཱཏུ་བཛྲཱི་ཎི་པཱུ་ཛི་ཏེ་ཨཱཿཧཱུཾ། བཞི་པ་རྒྱལ་སྲིད་སྣ་བདུན་ནི། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་འབུལ་བས། །སྲིད་པའི་


TNT07_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་རྒྱུན་བཅད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཤྲཱི་ཙཀྲ་སམྦྷ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཙཀྲ་རནྟ་པཱུ་ཛི་ཏེ་ཨཱཿཧཱུཾ། ཞེས་སོགས་སྦྱར་ཏེ། རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ནོར་བུ་རིན་ཆེན་འདི་འབུལ༴ དབུལ་ཞིང་འཕོངས་པ་རྒྱུན་བཅད་ནས། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ཨོཾ་མ་ཎི༴ བཙུན་མོ་རིན་ཆེན༴ མ་རིག་མུན་པ་རྒྱུན་བཅད་ནས། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ཏེ། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཝ་སྟི༴ བློན་པོ༴ ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པར་རབ་འཛིན་ཞིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །མཧཱ་སྟ༴ གླང་པོ༴ ལྟ་ངན་རྣམས་ནི་རབ་གསལ་ཞིང༌། །བླ་མེད་ཐེག་པ་རབ་བཞོན་ནས། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཧཱསྟི༴ རྟ་མཆོག༴ སྲིད་པའི་གཟེབ་ལས་ངེས་གྲོལ་ནས། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་སྟེ། །སངས་རྒྱས་ཞིང་ཀུན་བགྲོད་པར་ཤོག །ཏུ་རཾ་ག་ཨ་ཤྭ༴ དམག་དཔོན༴ ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཨོཾ་སརྦ༴ ཁཏྒ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུཾ། ལྔ་པ་འདོད་ཡོན་ལྔ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་འཕྲེང་ལྡན། །ཕྱོགས་དུས་ཀུན་ནས་


TNT07_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མཆོག་ཅི་མཆིས་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་༴ ནས་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུཾ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་དབྱངས་ཅི་མཆིས་རྣམས། །མོས་བློས༴ བཞེས་ཤིག༴ ཤཔྟ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང༌། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས༴ །བཞེས་ཤིག༴ གནྡྷེ༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བལྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་བློས༴ བཞེས་ཤིག༴ ར་ས༴ ཕྱོགས་དུས་ཀུན་ན་འཇམ་གཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །མོས་བློས༴ །བཞེས་ཤིག༴ ཨོཾ་སརྦ་ཏ་ཐཱ་ག་ཏ༴ ནས་སྤརྴེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུཾ། དྲུག་པ་ནང་མཆོད་ནི། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ རྡོ་རྗེ་འཆང་ཆེན་རང་བཞིན་སྐུ། ཞེས་སོགས། རྩ་བརྒྱུད་ཀྱི་བླ་མ་མངོན་རྟོགས་ལྟར་ཕུལ། གཞན་ཡང་རྩ་བའི་བླ་མ་བརྒྱུད་པའི་བླ་མ་དབང་བསྐུར། རྒྱུད་བཤད། མན་ངག་ནོས། ཆོས་ཀྱི་འབྲེལ་བ་ཐོབ་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་སོགས་སྙིང་པོའི་མཐར་འབྲུ་གསུམ་བཏགས་པའི་གཙོ་བོ་ཡབ་ཡུམ་དང༌། དཀྱིལ་འཁོར་གྱི་ལྷ་རང་རང་སོ་སོའི་སྔགས་ཀྱི་སོ་སོར་ནང་མཆོད་ཕུལ་བའི་


TNT07_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡིད་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ་ཨོཾ་ཨཱཿཧཱུཾ། བར་འདིར་ཆོས་སྐྱོང་གང་བྱེད་ཀྱི་སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་ཕུལ། གཞན་ཡང་ཆོས་འཁོར་སྲུང་ཞིང་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང༌། ཙྪནྡོ་དང་ཉེ་བའི་ཙྪནྡོ། འདུ་བ་དང་ཉེ་བའི་འདུ་བ། མཐུང་སྤྱོད་དང་ཉེ་བའི་མཐུང་སྤྱོད། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་རྩ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་སྤྲུལ་པའི་སྐུ་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་རྣམས་ཀྱི་ཞལ་དུ༴ གཞན་ཡང་ཞིང་སྐྱོང་བཞི་བཅུ་ཞེ་བརྒྱད། ཕོ་ཉ་གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པ། གནས་གསུམ་གྱི་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་ཞལ་དུ༴ གཞན་ཡང་གནོད་སྦྱིན་སྲིན་པོ། འབྱུང་པོ། ཡི་དྭགས། ཤ་ཟ། སྨྱོ་བྱེད། བརྗེད་བྱེད་མ་མོ། ཞིང་སྐྱོང༌། ཕོ་ཉ། འཕྲོག་མ། གྲུབ་པ་རྣམས་ཀྱི་ཞལ་དུ༴ གཞན་ཡང་བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ༴ གནས་བདག་


TNT07_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་བདག གཞི་བདག་གཉུག་པར་གནས་པ་རྣམས་ཀྱི་ཞལ་དུ། འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བས་རྒྱུད་ཚིམ་ནས། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག དེ་ནས་བདུད་རྩི་མྱངས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲི་ཏ་སྭཱ་ད་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། བདུན་པ་གསང་བའི་མཆོད་པ་ནི། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། རྣམ་ལྔ་འདོད་བསྐོར་དང་བཅས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ། ཨ་ནུ་རཱ་གཱ་ཎ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཞེས་འཁྱུད་རྒྱ་བྱ། ལྷ་རྣམས་བདེ་བ་ཆེན་པོས་དགེས་པར་བསམ། བརྒྱད་པ་ཡིད་བྱུང་གི་མཆོད་པ་ནི། ན་མོ་ཆོས་ཀྱི་དབྱིངས་ཀྱི། ཞེས་པ་ནས། བཱ་ལེན་ཙ་སྭཱཧཱའི་བར་མངོན་རྟོགས་བཞིན་ནོ། །དེ་ནས་དགུ་པ་བསྟོད་པས་མཆོད་པ་ནི། འབུད་དཀྲོལ་སྣ་ཚོགས་ཀྱི་སྒྲ་དང་བཅས་ཏེ་མངོན་རྟོགས་བཞིན་རྐང་བརྒྱད་གཉིས་བརྗོད་པའི་མཐར། རྡོར་དྲིལ་འཛིན་པས་དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། ཁྱེད་ཀྱི་ཞབས་གཉིས་མཉམ་པར་མནན་ན་འོག་གི་ཀླུ་ཡང་འཇིགས་འགྱུར་ཞེས་ཏེ་ཐུགས་རྗེས་ཞབས་གཡོན་བསྐུམ་པར་མཛད། །དབུ་ཡི་གཙུག་ཏོར་དྲང་པོར་བསྲངས་ན་ཚངས་པའི་འཇིག་རྟེན་འཇིགས་འགྱུར་ཞེས་ཏེ་དབུ་ནི་ཅུང་ཟད་ཡོ་བར་མཛད། ཁྱོད་ཀྱི་ཕྱག་རྣམས་དྲངས་པོར་བརྐྱངས་ན་ཕྱོགས་སྐྱོང་རྣམས་ཀྱང་སྐྲག་འགྱུར་ཞེས་ཏེ་ཐུགས་རྗེས་ཕྱག་རྣམས་ཅུང་ཟད་བསྐུམ། །རྗེ་བཙུན་ཁྱོད་ཀྱི་སྐུ་ཡི་གར་ནི་དགོས་པ་


TNT07_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་མཐོང་བས་དད་དེ་མཆོག་ཏུ་གུས་པས་འདུད། །བསྐལ་པའི་མེ་ལྟར་འབར་བ་འཇིགས་པའི་གཟུགས་ལྡན་པ། ཁྲོས་པས་འཇིགས་མཛད་མཚོ་སྐྱེས་སྔོན་པོའི་སྐུ་མདོག་བཞིན། །ཉི་མའི་དཀྱིལ་འཁོར་སྟེང་བཞུགས་ཁ་ཊཱཾ་ག་དང་ནི། །རྡོ་རྗེ་བསྣམས་ཤིང་ཨོཾ་ཨོཾ་ཡི་གེ་དག་པ་ཡིས། །ཚངས་པ་དང་ནི་ཁྱབ་འཇུག་དྲག་པོའི་ལྷ་དག་གི །མགོ་རྣམས་བཅད་མཛད་ནས་ནི་དབུ་ལ་རྣམ་རྒྱན་པ། །ཧཱུཾ་ཧཱུཾ་ཕཊ་ཕཊ་ཊ་ཊའི་ཡི་གེ་འཁོར་ལྡན་པ། །མི་ཡི་སེང་གེ་ཟིལ་མནན་ནས་ནི་འཇིགས་མཛད་པ། །ཐུགས་རྗེ་ཆེན་པོས་སྤྲུལ་པའི་འཁོར་ལོའི་ཚུལ་བསྐྱེད་པ། །ཛཿཧཱུཾ་བཾ་ཧོཿདཔལ་མོའི་ནུ་མར་རབ་ཏུ་མནན། །བདེ་བར་གཤེགས་པའི་དབུ་གཙུག་ལ་ནི་རྣམ་རྒྱན་པ། །ལྷ་རྣམས་ཀུན་གྱི་དབུ་གཙུག་ཞབས་ཀྱིས་མནན་བཞུགས་པ། །ཨ་ལ་ལ་ཡི་སྒྲས་ནི་བགེགས་རྣམས་སྐྲག་མཛད་པ། །ཅང་ཏེའུ་ཁྲོལ་ཞིང་ཁྱབ་འཇུག་དྲག་པོའི་ལྤགས་པ་བསྣམས། །རྡོ་རྗེ་ལྷ་མོ་རྣམས་ཀྱིས་འཁོར་ལོ་སྒྱུར་མཛད་པ། །ཧུ་ལུ་ཧུ་ལུ་ཛྲིཾ་ཛིཾ་ཏྲཾ་ཏྲཾ་ཛཾ་ཛཾ་སྒྲོགས། །རྒྱུ་མས་བརྒྱུས་པའི་མགོ་བོའི་ཕྲེང་བའི་རྒྱན་ལྡན་པ། །རྡོ་རྗེ་མཁའ་འགྲོའི་གཟུགས་ཀྱིས་འཇིགས་བྱེད་གླུར་ལེན་པ། །ཀྲུཾ་ཀྲུཾ་དང་ནི་ཧུ་ལུ་ཧུ་ལུས་མྱོས་མཛད་པ། །རྡོ་རྗེ་མཁའ་འགྲོས་སྐུ་ལ་རྣམ་པར་བརྒྱན་པ་ཡི། །དུར་ཁྲོད་དུ་ནི་གར་དང་ཧ་ལ་ཧ་ལའི་སྒྲས། །གནོད་སྦྱིན་རྣམས་ནི་རེངས་ཤིང་སྐྲག་པར་མཛད་པ་དེ། །རྡོ་རྗེ་མཁའ་


TNT07_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མ་ཡིས་གླུས་ནི་རབ་བསྐུལ་བ། །ཤ་དང་ཁྲག་དང་རྒྱུ་མ་ནང་ཁྲོལ་གསོལ་བར་མཛད། །ཧཾ་ཧཾ་ཨ་ཨའི་སྒྲས་ནི་ལྷ་རྣམས་གསལ་མཛད་པ། །ཐོད་པ་ཀླད་པས་བཀང་ནས་གསོལ་ཕྱིར་ཕྱག་ན་བསྣམས། །ཀ་ཧ་ཀ་ཧའི་བཞད་སྒྲས་འཁོར་བ་འཇིག་མཛད་པ། །མི་བཟད་དུར་ཁྲོད་རྣམས་ཀྱི་རུས་པའི་རྒྱན་ལྡན་པ། །རྡོ་རྗེ་ཧ་ཧར་བཞད་པས་ཁམས་གསུམ་བརྒྱལ་མཛད་པ། །ཧ་ཧ་ཧི་ཧི་ཛ་ཛའི་ཡི་གེ་སྡིགས་མཛུབ་མཛད། །ཧ་ཧ་བཞད་པས་རི་བོའི་རྩེ་ནས་བསྒྱེལ་མཛད་པ། །རྣལ་འབྱོར་མ་དང་དཔའ་རྣམས་ཧྲི་ཧྲི་སྒྲོགས་པས་འབོད། །མི་ཡི་སེང་གེ་རྩེ་གསུམ་གྱིས་འགུགས་སེམས་ཅན་དོན་མཛད་པ། །མཆེ་བ་གཙིགས་པའི་ཞལ་བཞི་སྐུ་མདོག་སྔོན་པོར་ལྡན། །བྲུཾ་བྲུཾ་སྒྲོགས་ཤིང་ཕྱག་རྒྱ་ཆེན་པོར་བསྐྱེད་མཛད་པ། །རྡོ་རྗེ་གློ་སྟོང་འགྱུ་བའི་ལྗགས་ནི་ཕྱུང་ནས་ཀྱང༌། །རྡོ་རྗེ་དྲིལ་བུ་མདའ་དང་གཞུ་ལ་ཀྲཾ་ཀྲཾ་སྒྲོག །གཡོན་བརྐྱང་པ་དང་སྦྲུལ་རྣམས་ཀྱིས་ནི་དབུ་བརྒྱན་ཞིང༌། །བསྐལ་པ་གྲངས་མེད་སེམས་ཅན་དོན་བྱེད་མི་འདོར་བ། །ཧ་ན་ཧ་ན་ཕཊ་ཕཊ་སྒྲོགས་ཤིང་སྐྲོད་མཛད་པ། །རྣལ་འབྱོར་སྟོབས་ཀྱིས་རྒྱལ་བའི་མཛད་པ་རྣམས་མཛད་པ། །དངོས་དང་དངོས་མེད་མིན་ཞིང་སྒོམ་དང་རྡོ་རྗེ་ཅན། །ཙ་ཊ་ཙ་ཊ་གྲཾ་གྲཾ་ཁཾ་ཁཾ་སྒྲོག་མཛད་པ། །སངས་རྒྱས་སྐུ་གསུང་ཐུགས་ཀྱི་སྤྲོས་པ་སྟོང་པ་ཉིད། །རོལ་པའི་


TNT07_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བས་དྲི་མ་མ་ལུས་བྲལ་བ་དང༌། གོ་ལུ་གོ་ལུ་ཛཾ་ཛཾ་ཡཾ་ཡཾ་སྒྲོག་པས་ཞི་བ་དང༌། །མཁའ་དང་མཉམ་པའི་ཏིང་འཛིན་བཞུགས་པའི་ཐུགས་མངའ་བ། །མཾ་མཾ་སྒྲས་ནི་བདེ་བ་ཆེན་པོའི་བདག་ཉིད་ཅན། །ཐུགས་རྗེ་ཆེན་པོས་རྗེས་འབྲེལ་སེམས་ཅན་མི་གཏོང་བ། །བརྟན་གཡོའི་རང་བཞིན་ཧེ་རུ་ཀ་དཔལ་ཕྱག་འཚལ་བསྟོད། །མཁའ་འགྲོའི་དམ་ཚིག་ཨ་ལི་ཀཱ་ལི་སྦྱོར་བ་སྟེ། །རིགས་ལྔའི་བདེ་གཤེགས་བཅོམ་ལྡན་འདས་ཀྱི་བཤད་དུ་གསོལ། །ལྷ་དང་དྲང་སྲོང་རྣམས་ནི་ཕྱག་འཚལ་མཆོད་པ་ཡིན། །ཧེ་རུ་ཀ་དཔལ་གསང་བའི་སྐུ་འཛིན་དེར་ངེས་འགྱུར། ཅེས་དང༌། ཧཱུཾ་ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱི་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བདག་མེད་དབང་ཕྱུག་སྐུ་ལ་དབྱེར་མེད་ཅིང༌། །བདེ་ཆེན་འོད་གསལ་དག་པའི་དཀྱིལ་འཁོར་ནས། །རྒྱལ་བ་སྲས་བཅས་ལ་སོགས་སྤྲིན་སྤྲོ་བ། །རྡོ་རྗེ་ཕག་མོའི་སྐུ་ལ༴ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འཁོར་འདས་སྟོང་པར་མཛད་པའི་ཐུགས་རྗེ་ཅན། །གདུལ་བྱ་ཀུན་མཁྱེན་ས་ལ་འགོད་མཛད་པའི། །རིགས་ལྔ་བདེ་བར་གཤེགས་ལ༴ ནམ་མཁའ་ལྟ་བུར་ཐམས་ཅད་ཐོགས་མེད་ཅིང༌། །འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་ཤུགས་དང་ལྡན། །ཐུགས་དམ་དབང་གིས་སྒྲུབ་ལ་བརྩེར་དགོངས་པའི། །


TNT07_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་མཁའ་འགྲོའི་ཚོགས་ལ༴ ཉོན་མོངས་རྣམ་དག་ཡེ་ཤེས་སྐུ་བརྙེས་ཏེ། །སྲིད་པའི་འཁོར་ལོ་མ་ལུས་བཅད་པའི་ཕྱིར། །ཐབས་མཁས་ཐུགས་རྗེས་འགྲོ་བ་འདྲེན་མཛད་པའི། །རྒྱལ་གཉིས་རྡོ་རྗེའི་ཞབས་ཀྱི་པདྨོར་འདུད། །འཇིག་རྟེན་མགོན་པོ་ཀུན་གྱི་བརྟེན་འགྱུར་ཅིང༌། །ཡེ་ཤེས་ལས་གྲུབ་མཆོད་པ་ཀུན་དང་ལྡན། །རྡོ་རྗེའི་ས་གཞི་ལ་གནས་གཞལ་མེད་ཁང༌། །བསྲུང་བའི་འཁོར་ལོར་བཅས་ལ་ཕྱག་འཚལ་ལོ། །འཁོར་བ་གནས་འགྱུར་མི་གནས་མྱ་ངན་འདས། །དངོས་གྲུབ་ཀུན་འབྱུང་དུར་ཁྲོད་བརྒྱད་པོ་ལ། །རབ་གནས་དཀྱིལ་འཁོར་པ་ཀུན་མཆོད་བྱེད་དང༌། །དེ་དག་རྣམས་ལ་རྟག་ཏུ་ཕྱག་འཚལ་ལོ། །དེ་ནས་བཅུ་པ་ཉེར་མཁོ་འབུལ་བ་ནི། ཁྲུས་ཀྱི་རྫིང་བུ་དམ་པ་དང༌། །རེག་ན་བདེ་བ་ལྷ་ཡི་གོས། །མཁའ་ལྡིང་ཁྱུ་མཆོག་རྨ་བྱ་དང༌། །གླང་པོ་རྟ་སོགས་ཐེག་པའི་མཆོག །དགོས་འདོད་འབྱུང་བ་འདོད་འཇོའི་བ། །མ་རྨོས་འཁྲུངས་པའི་ལོ་ཐོག་དང༌། །དཔག་བསམ་ཤིང་དང་འབྲས་བུའི་ཚོགས། །བུམ་བཟང་ནམ་མཁའ་གང་བས་མཆོད། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་ཀུན་ཡང་འབུལ། །མི་འཇིགས་སེང་གེའི་རིན་ཆེན་ཁྲི། །པདྨ་ཉི་ཟླའི་གདན་མཆོག་དང༌། །རྣ་རྒྱན་དང་ནི་གདུབ་བུ་འམ། །མགུལ་རྒྱན་སོར་གདུབ་དམ་པ་དང༌། །གསེར་ལས་བྱས་པའི་མཆོད་ཕྱིར་ཐོག །དབུ་རྒྱན་དར་དཔྱངས་དོ་ཤལ་བཅས། །རྒྱལ་མཚན་དམར་དང་དེ་བཞིན་


TNT07_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སེར། །དཀར་དང་གནག་དང་སེར་སྐྱ་དང༌། །དེ་བཞིན་གོས་ནི་སྣ་ཚོགས་དང༌། །མེ་ཏོག་ཕྲེང་བ་དུ་མ་དང༌། །བླ་རེ་དག་དང་དར་དཔྱངས་པའི། །མདའ་དང་ཡོལ་བས་ཤིན་ཏུ་མཛེས། །དེ་བཞིན་བཟའ་བཅའ་བཏུང་བ་ཡིས། །རབ་མཉམ་གཞག་པའི་མཆོད་པར་བྱ། །གསེར་ནི་བརྒྱ་སྟོང་དུ་མ་དང༌། །རིན་ཆེན་རྣམ་པ་སྣ་ཚོགས་དང༌། །རས་ནི་ཟུང་གྱུར་བརྒྱ་ཉིད་དང༌། །གླང་པོ་རྟ་དང་ཡུལ་འཁོར་དང༌། །ཆུང་མ་བཟང་དང་བུ་མོ་ཉིད། །བྲན་ཕོ་བྲན་མོ་སྲིང་མོ་དང༌། །བློ་ལྡན་ཀུན་ནས་དང་བ་ཡིས། །བདག་ཉིད་ཀྱང་ནི་དབུལ་བར་བགྱི། །ཨོཾ་བཛྲ་ཨུ་པ་སྠ་ན་ནི་རྱ་ཏདྱ་མི། བཅུ་གཅིག་པ་གསོལ་བ་གདབ་པ་ནི། རྣལ་འབྱོར་རོ་གཅིག་བདུད་རྩི་འཐུང་བས་རྣམ་པར་དག་པའི་ཐུགས། །གནས་ལ་སོགས་པའི་ཡུལ་དུ་བགྲོད་པ་རྣམ་པར་དག་པའི་གསུང༌། །དཔལ་ལྡན་གནས་ཀྱི་དབུས་སུ་འཁོར་ལོའི་དཀྱིལ་འཁོར་མགོན་པོ་མཆོག །བླ་མ་མཆོག་ལ་མགོ་བོས་བཏུད་ཏེ་རྟག་པར་ཕྱག་བགྱིའོ། །དེ་ནས་ཞེས་སོགས་དག་ཆེན་པོས། །རྒྱུད་ནི་རྫོགས་པར་གྱུར་པ་གང༌། །འཁོར་ལོ་སྡོམ་པའི་འདྲེན་པ་མོ། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ལྷ་མོ་ཕྲེང་བས་བརྒྱན་པའི་སྐུ་ཡི་རིན་པོ་ཆེ། །ལུས་ཀུན་དཔའ་བོའི་དབང་ཕྱུག་མ་ཡིས་རྟག་ཏུ་མཛེས། །འཁོར་ལོའི་གནས་ཀྱི་མགོན་པོ་དྲི་མེད་ལྷན་ཅིག་སྐྱེས། །སྡོམ་པའི་རྣལ་འབྱོར་སྙིང་པོ་ལ་ནི་རྟག་ཕྱག་འཚལ། །ཨེ་ཡིག་རྣམ་པའི་སྙིང་པོ་ཁུ་བའི་གནས་གྱུར་པདྨའི་སྦུབས་ནི་དམ་པ་སྟེ། །དེ་ཡི་


TNT07_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་སྐྱེས་པའི་ངང་མོ་དམ་པ་ཀུནྡ་ལྟར་དཀར་ཐམས་ཅད་དག །ཀུན་མཁྱེན་སངས་རྒྱས་ཤིན་ཏུ་རྣམ་པར་དག་པའི་གནས་ཏེ་ལྷ་མོ་མཛེས་མའི་གཞི། །དྲི་མེད་ལྷན་ཅིག་སྐྱེས་པའི་གྲུ་བཞི་འདྲེན་པ་ལ་ནི་བདག་ཕྱག་འཚལ། །སྐྱེ་བ་དང་ནི་འཇིག་པ་དང་བྲལ་མཆོག་གི་ལུས་ཅན་མ། །དམར་བའི་འོད་ཆགས་རྣམ་པར་རྒྱལ་མ་ཁམས་གསུམ་གཟུགས་ཅན་མ། །ཡོན་ཏན་ཚོགས་ཀྱིས་བརྒྱན་པའི་སྐུ་མངའ་རྡོ་རྗེའི་ཡན་ལག་མ། །སངས་རྒྱས་ཀུན་གྱི་བསྐྱེད་མཛད་མ་ལ་རྟག་ཏུ་མངོན་པར་ཕྱག་བགྱིའོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་དང༌། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེ་དབང་ཕྱུག་དང༌། །རྗེས་སུ་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་ལ་འདུད་དོ། །རྣམ་པར་རྟོག་མེད་ཡང་དག་རྟོག །ཡིད་ནི་རབ་ཏུ་མི་གནས་པ། །ཡིད་ལ་མེད་ཅིང་དམིགས་པ་མེད། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །བཅུ་གཉིས་པ། དཔྱིད་ཀྱི་རྒྱལ་པོའི་གླུ་དབྱངསཀྱིས་མཆོད་པ་ནི། ཧཱུཾ་ཁྲོ་བོ་བདེ་བ་དགྱེས་པ་ཡི། །བདེ་བའི་ལོངས་སྤྱོད་ལས་བྱུང་བ། །བདེ་བ་དབབ་པའི་སྦྱོར་བ་ཡི། །རབ་ཏུ་རྨོངས་


TNT07_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྟེན་པར་བྱེད། །ཨ་ལ་ལ་ལ་ལ་ཧོ། ཨ་ཨི་ཨཱ། ཨ་ར་ལཱི་ཧོ། བདེ་ཆེན་བདེ་བའི་གར་གྱིས་རོལ། །རྣལ་འབྱོར་མ་མཆོག་པདྨའི་བདེ། །ཨ་ལ་ལ་ལ་ལ་ཧོ། དགྱེས་པ་རྣམས་ཀྱི་བདེ་བ་མཆོག །རྣལ་འབྱོར་མ་མཆོག་མཆོད་པར་མཛོད། །ཨ་ཨི་ཨཱ་ཨ་རལླཱི་ཧོ། རབ་དགྱེས་མགོན་པོ་ཁྱེད་བཞུགས་མཛོད། །མཁའ་འགྲོ་དྲ་བའི་བདེ་བ་སྩོལ། །དགྱེས་པའི་བདེ་བ་གསོལ་བར་མཛོད། །ཞི་བའི་གར་གྱི་གར་མཛད་པ། །བདག་ལ་བདེ་ཆེན་བདེ་བ་སྩོལ། །ཐར་བའི་མཚན་ཉིད་ལྡན་པ་ཁྱོད། །ཨ་ལ་ལ་ལ་ལ་ཧོ། །ཨ་ཨི་ཨཱ་ཨ་རལླཱི་ཧོ། །བདེ་བ་སྤངས་པས་གྲོལ་མི་འགྱུར།།བདེ་མེད་སྡུག་བསྔལ་གྱིས་མི་གྲོལ། །བདེ་དེ་ཆུ་སྐྱེས་དབུས་ན་གནས། །ཆགས་པའི་དངོས་པོར་ཁྱོད་མ་གྱུར། །བདེ་བ་ཆེ་ཡིས་གྲོལ་བར་མཛོད། །པདྨ་རྒྱས་པའི་རོ་ཉིད་ཀྱིས། །བུང་བ་ལྟ་བུར་ཚིམ་པར་མཛོད། །འདི་ཡིས་མགོན་པོ་བསྐུལ་ན་ནི། །དཀྱིལ་འཁོར་དུ་ནི་ངེས་པར་འགྲུབ། །སྙན་ཞིང་འཇེབས་པའི་དབྱངས་ཀྱིས་ནི། །དཔྱིད་ཀྱི་རྒྱལ་པོའི་གླུ་བླངས་པས། །དྲི་མེད་མཁའ་འགྲོ་དྲ་བ་ཡིས། །གཟིགས་ཤིང་ལས་ཀུན་མཛད་པ་ཡིན། ཞེས་གླུར་བླངས་པས་དཀྱིལ་འཁོར་གྱི་ལྷ་རྣམས་མཉེས་པར་བསམ་མོ། །དེ་ལྟར་ན་ཐུན་མོང་གྱི་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དོ། །ཅི་སྟེ་བསྡུས་པ་ལ་མངོན་པར་དགའ་བས་ཀྱང༌། བསྟོད་པ་མ་གཏོགས་ཚིག་བཅད་རྣམས་དོར་ཏེ། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གསུམ་འཛོམ་པའི་སྒོ་


TNT07_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ནས། མཐའ་དག་མ་ཚང་བ་མེད་པར་བྱའོ། །གཉིས་པ་ཁྱད་པར་གྱི་མཆོད་པ་ལ་བཞི། བཟླས་པའི་མཆོད་པ། བྱ་བའི་མཆོད་པ། ཚོགས་ཀྱི་མཆོད་པ། གཏོར་མའི་མཆོད་པའོ། །དང་པོ་ནི། ལས་ཀྱི་རྡོ་རྗེ་ལྷོ་ཕྱོགས་སུ་འདུག་ལ། དབྱུག་གུའི་སྣེ་ལ་རྡོ་རྗེ་བཏགས་པས། ལྷ་སོ་སོའི་གནས་སུ་གནོད་པ་མེད་པར་རེག་ཅིང༌། སྔགས་མཆོད་བཞིན་ལྷ་ཐམས་ཅད་ཀྱི་སྙིང་པོ་ཚར་གཅིག་བརྗོད། ཐོད་པ་བཞིའི་གནས་སུ་འབྲུ་གསུམ་ཚར་རེ་བརྗོད་དེ་དང་པོའོ། །འདི་ནི་རེ་རེ་བཞིན་མང་དུ་བཟླས་ནའང་ལེགས་སོ། །དེ་ནས་ལྷ་ཐམས་ཅད་ལ་ཡུམ་གྱི་སྙིང་པོ་བཟླ་སྟེ་གཉིས་པའོ། །ཨོཾ་ཀཱ་ཀ་སྱཱ། ཨ་ལུ་ཀ་སྱཱ་ཤྭ་ན་སྱཱ། སུ་ཀ་ར་སྱཱ་ཧཱུཾ་ཧཱུཾ་ཕཊ། ཅེས་པའམ། སྒོ་མཚམས་མ་བརྒྱད་ཅར་གྱི་སྔགས་བཟླ་སྟེ་གསུམ་པའོ། །ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཱཻ་ཨོ་ཨཽ་ཨཾ་ཨཿཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླས་ཏེ་བཞི་པའོ། །ཨོཾ་ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧཀྵ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཅེས་པ་བཟླ་སྟེ་ལྔ་པའོ། །ལྷ་སོ་སོའི་མཚན་དང་སྤེལ་བའི་ཡི་གེ་བརྒྱ་པའམ། དེ་ཙམ་མ་ལྕོགས་ན་ཧེ་རུ་ཀའི་ཡི་གེ་བརྒྱ་པ་ཉིད། ལྷ་དྲུག་ཅུ་རྩ་གཉིས་ཀྱི་གནས་སུ་སྦྱར་བས་ཆོག་སྟེ་དྲུག་པའོ། །བྱིན་རླབས་བཟླས་པས་འདིའི་མཐར་ཡང༌། ཨརྒྷཾ༴ ནས། ཤཔྟའི་བར་གྱིས་མཆོད། རྐང་བརྒྱད་ཀྱིས་བསྟོད། མཐར། བཅོམ་ལྡན་འདས་ཧེ་རུ་ཀ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པ་ཐམས་ཅད་ཀྱི་བདག་ལ་དངོས་གྲུབ་མ་ལུས་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ལ་མེ་ཏོག་དོར་རོ། །གཉིས་པ་ནི། རྗེས་ཆགས་ཀྱི་གར་དང་མཆོད་པའི་གར་སྣ་ཚོགས་པ་རྣམས་དང༌།


TNT07_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། བཤད་པའི་རྡོ་རྗེ་གླུ་དང༌། རོལ་མོའི་ཁྱད་པར་ཇི་སྙེད་པ་དག་གིས་མཆོད་པའོ། །གསུམ་པ་ལ་ནང་དང་ཕྱི་རོལ་གྱི་སྦྱིན་སྲེག་གཉིས་སུ་འགྱུར་བ་ལས། ནང་གི་སྦྱིན་སྲེག་ནི་འཁོར་ལོའི་མཆོད་པ་ཡིན་ལ། ཕྱི་རོལ་གྱི་ཡང་ཞི་བ་དང་རྒྱས་པ་གང་རུང་གི་སྦྱིན་སྲེག་གོ །ཕྱི་ནང་གཉིས་ཀར་ལ་རྫས་བྱིན་གྱིས་བརློབ་པའི་སྔགས་ལྷག་པོར་སྔགས་པ་ནི། ཨོཾ་སརྦ་བཛྲ་ག་མི་ནི། སརྦ་བྷ་ཀྵཾ་ཤོ་དྷཱ་ཡ། གུ་ཧྱ་བཛྲ་ཎི་ཧཱུཾ་སྭཱཧཱ། ཞེས་བྱ་བས་སོ། །སྦྱིན་སྲེག་དང་ཚོགས་འཁོར་ནི་གཞན་དུ་ཤེས་པར་བྱའོ། །བཞི་པ་ནི། སྒྲུབ་ཐབས་དང༌། སྟ་གོན་གྱི་སྐབས་སུ་བསྟན་པ་ལྟར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་གཏོར་མ་འབུལ། གཞན་ཡང་སྤྲོ་ཞིང་ནུས་ན་འབྱུང་པོ་སྤྱི་གཏོར་ཆེན་མོ་དང༌། ཞིང་སྐྱོང་གི་གཏོར་མ་ཆེན་མོ་དག་འབུལ་ལོ། །དེ་ལ་ཞིང་སྐྱོང་གི་གཏོར་མ་ཡང༌། རྡོ་རྗེ་མཁའ་འགྲོ་དང༌། མཁའ་འགྲོ་རྒྱ་མཚོ་གཉིས་ལས་གསུངས་ཏེ། འདིར་ནི་རྡོ་རྗེ་མཁའ་འགྲོ་བཞིན་སྦྱར་ན་ལེགས་པར་མཐོང་ངོ༌། །བརྒྱད་པ་བདག་འཇུག་ནི། རང་ཉིད་གཙོ་བོའི་མདུན་ཞལ་གྱི་སྒོ་དང་ཉེ་བར་འདུག་ཅིང༌། གཙོ་བོའི་ཐུགས་ཀ་ནས་སྤྲུལ་པ་ཧེ་རུ་ཀ་ཕྱག་གཉིས་པས་ལས་མཛད་པར་དམིགས་ལ།འཇུག་པའི་ཆོ་ག་རྣམས་ལེན་ཞིང༌། དངོས་གཞི་རྣམས་དཀྱིལ་འཁོར་གྱི་གཙོ་བོ་ཁོ་ན་ལ་དམིགས་ནས་སོ། །འཇུག་པའི་ཆོས་ལ་ཐོག་མར་དཀྱིལ་ཆོག་གཞན་དང་མཐུན་པའི་ཁ་སྐོང་ནི། མཎྜལ་ཕུལ་ལ་བདེན་སྟོབས་བརྗོད། །གསོལ་གདབ་མིག་དར་མེ་ཏོག་བཟུང༌། །གསང་གཏོར་བསྲུང་བ་དྲིས་ལན་གཉིས། །སེམས་བསྐྱེད་གསང་གདམས་ནང་དུ་བཞུག །ཅེས་སྡོམ་ཚིག་བློ་ལ་ངེས་པར་བྱའོ། །དེ་དག་ཀྱང༌། དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། བདག་ཉིད་རྣམ་པར་སྣང་མཛད་དུ་གྱུར། ཆོས་རྣམས་གཟུགས་བརྙན་


TNT07_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་བཞིན་དེ་ཉིད་ངེས་པར་བྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་མཐོང་བར་ཤོག ལན་གསུམ། རྡོ་རྗེ་ཕག་མོས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སོགས་ལན་གསུམ་གྱི་གསོལ་བ་བཏབ། ཨོཾ་ཙཀྵུར་བནྡྷ་བ་ར་མ་ན་ཡ་ཧཱུཾ། གིས་མིག་དར་བཅིངས། ཨཱ་ཁཾ་བཱི་ར་ཧཱུཾ་གིས་མེ་ཏོག་བཟུང༌། ལས་བུམ་གྱི་ཆུས་གཏོར་ལ། སུམྦྷས་བགེགས་བསྐྲད། དཔྲལ་པར་ཨོཾ། མགྲིན་པར་ཨཱཿ སྙིང་ག་ཧཱུཾ་གིས་སྲུང་བར་བྱ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། ཞེས་དྲིས་པ་ལ། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་ལན་བཏབ། སླར་ཡང༌། དེ་ཡིས་བུ་ལ་ཅི་ཞིག་བྱ། །ཞེས་དྲིས་པ་ལ། སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་ལན་བཏབ། རང་གི་སྙིང་གར་ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་འཕྲོ་བ། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་བདག་ཉིད་དོ། །ཨོཾ་བཛྲ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི། རྡོ་རྗེ་སྙིང་ཁར་གཏད། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པར་འགྱུར་གྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ།


TNT07_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །དཀྱིལ་འཁོར་ཁང་པའམ་ཡོལ་བའི་ནང་དུ་བཅུག་པར་མོས་ལ། ཧཱུཾ་ཛཿཧཱུཾ ཞེས་བརྗོད། དེ་དག་ནི། བླ་མ་གོང་མ་རྣམས་ཀྱི་ཕྱག་བཞེས་མན་ངག་སྤྱི་དང་མཐུན་པའི་ཁ་སྐོང་ཡིན་ལ་གཞུང་ན་མེད་པས་བསྡུ་ན་མེད་ཀྱང་ཆོག་པ་འགའ་ཞིག་ཡོད་དོ། །དེ་ནི་དཀྱིལ་ཆོག་འདི་ཉིད་ལས་བྱུང་བའི་འཇུག་པ་ལ་སྡོམ་ནི། སྡོམ་པ་མདོར་བསྟན་དམ་རྫས་སྦྱིན། །སྲུང་བ་དཔའ་བོ་སྐུལ་བ་དང༌། །གསོལ་བ་གདབ་ཅིང་གནང་བ་ཞུ། །ཕྱག་འཚལ་སྡོམ་པ་སྦྱིན་པ་དང༌། །དམ་ལ་བཞག་ཅིང་ཡེ་ཤེས་ཕབ། །ནམ་མཁའི་མདོག་འདྲི་མེ་ཏོག་ཕུལ། །མིག་དར་ཕྱེ་ལ་ལྟ་བར་བསྐུལ། །ལྷ་ངོ་བསྟན་ཞིང་དེ་ཉིད་བརྗོད། །ཅེས་བྱའོ། །དེ་ལྟར་དོན་ཚན་བཅུ་དྲུག་ལས། དང་པོ་སྡོམ་པ་མདོར་བསྟན་ནི། གོང་ནས་གོང་མའི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་བཟུང་བྱ་སྟེ། །གྲོལ་བའི་རྒྱུན་ནི་དེ་ལས་གཞན། །ཐབས་ནི་ཅི་ཡང་ཡོད་མ་ཡིན། ཞེས་སོ། །གཉིས་པ་དམ་རྫས་བྱིན་པ་ནི། ཨོཾ་ཧྲཱིཿ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ལན་གསུམ་སོགས་བཟླ་བཞིན་དུ། བདུད་རྩི་མྱང་ཞིང་ལུས་ལ་གཏོར། གསུམ་པ་སྲུང་བ་ནི། རང་ཉིད་འཁོར་ལོ་བདེ་མཆོག་ཞལ་གཅིག་ཕྱག་གཉིས་པའི་སྐུར་གསལ་བའི། སྙིང་གར་ཨོཾ་ཨོཾ་ཧ་དཀར་པོ༴ ནས། ཉི་མའི་འོད་ཅན་ནོ། །སྤྱི་བོ་ལ་སོགས་པའི་ནས། སི་མ་ཀུ་ཁམས་རྣམས་དཔའ་བོ་དང་རྩ་རྣམས་དཔའ་མོའི་བདག་ཉིད་དུ་གྱུར། བཞི་པ་དཔའ་བོ་བསྐུལ་བ་ནི། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ཧེ་རུ་ཀའི་རྣམ་པར་སྤྱན་དྲངས། རང་གི་སྙིང་གར་ཐིམ་པས། མི་ཤིགས་པ་དཔྱིད་ཀྱི་རྩ་ཐིག་དཔལ་ཧེ་རུ་ཀ་ཞལ་ཕྱག་ཡོངས་སུ་རྫོགས་པར་གྱུར།


TNT07_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བིད་མ་ཧེ་བི་དྱཱ་རཱ་ཛཱ་ཡ། དྷཱི་མ་ཧེ་སྭཱཧཱ། ཞེས་ལན་ལྔའམ་བདུན་ནོ། །ལྔ་པ་གསོལ་གདབ་པ་ནི། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་གནས་ལ་བདག་ཕྱག་འཚལ། །དོན་དམ་སྨྲ་བའི་སེངྒེ་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་སྐྱེད་རྩ་ཉོན་མོངས་ཆོམ་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་གྲུབ་པར་མཛོད། ཅེས་ལན་གསུམ། དྲུག་པ་གནང་བ་ཞུ་བ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། ལན་གསུམ། བདུན་པ་ཕྱག་འཚལ་བ་ནི། གནས་གསུམ་དུ་ཐལ་མོ་སྦྱོར་བཞིན་པས། ཨོཾ་ན་མ་ཏེ་ཧཱུཾ། ན་མ་མེ་ཧཱུཾ། ན་མོ་ན་མཿཧཱུཾ་སྭཱཧཱ། ཞེས་ལན་གསུམ་མོ། །དཀྱིལ་འཁོར་གྱི་ཤར་སྒོ་ནས་ལུས་ཐམས་ཅད་ཀྱིས་ཕྱག་བཙལ་བར་མོས། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛ་ཨུ་པསྠ་ན་ཨཱཏྨ་ནཾ་ནིརྱ་ཏདྱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི་ཨཱཏྨ་ཌཱ་ཀི་ནཱི་ཨ་དྷི་ཏིཥྛ་སྭཱ་མཾ། བྱང་སྒོ་ནས་ཐལ་མོ་སྙིང་གའི་གཡོན་ཕྱོགས་སུ་སྦྱར་ཏེ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛ་ཨ་བྷི་ཥེ་ཀ་ཡ། ཨཱཏྨ་ནཾ་ནིརྱ་ཏདྱ་མི་སརྦ་ཐཱ་ག་ཏ་བཱི་ར་ཡོ་ག་ནཱི་


TNT07_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཏྨ་ལ་མཱ་ཡེ་ཨ་བྷི་ཥིཉྩནྟུ་མཾ། ནུབ་སྒོ་ནས་ཐལ་མོ་དཔྲལ་བར་བཞག་སྟེ། ཨོཾ་སརྦ་བཱི་ར་ཡོ་གི་པཱུ་ཛ་པྲ་པརྟ་ན་ཡ་ཨཱཏྨ་ནཾ་ནིརྱ་ཏ་ཡ་མི་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི་ཨཱཏྨ་ཁཎྜ་རོ་ཧཱ་དྷརྨཱ་པྲ་བརྟ་ཡ་མི། ལྷོ་སྒོ་ནས་ཐལ་མོ་མགོ་བོར་བཞག་སྟེ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛ་ཀརྨ་ཎཾ་ཨཱཏྨ་ནཾ་ནིརྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི་ཨཱཏྨ་རཱུ་པི་ནི་ཀརྨ་ཀུ་རུ་མཾ། ཞེས་སོ། །བརྒྱད་པ་སྡོམ་པ་སྦྱིན་པ་ལ། སྒྲགས་བཟུང་གཉིས་ལས། སྒྲགས་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་ཡིད་འོང༌། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བསྒྲགས་སོ། །སློབ་དཔོན་ཁྱོད་ཀྱིས་བཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་


TNT07_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། ཞེས་སོ། །གཉིས་པ་སྡོམ་པ་བཟུང་བ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ་གྱི་ཐུན་མོང་གི་སྡོམ་པ་བཟུང༌། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བས་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་


TNT07_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ནི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་དག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་རྒལ་བ་རྣམས་སྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་བགྲོལ། །དབུགས་མ་འབྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། ཅེས་པ་ལན་གསུམ་གྱིས་རིགས་ལྔའི་སྡོམ་པ་བཟུང༌། སངས་རྒྱས་ཆོས་དང་དགེ་འདུན་ལ། ཞེས་པ་ནས། ཉི་ཤུ་རྩ་གཉིས་ལེགས་པར་བཟུང་གིས་བར་ལན་གསུམ་གྱིས་ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་ངོ༌། །དགུ་པ་དམ་ལ་བཞག་པ་ནི། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང༌། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། །ཁྱོད་ཀྱི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ཉམས་པར་འགྱུར་ཏ་རེ།


TNT07_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་ལ། རྡོ་རྗེ་སྙིང་གར་རེག་སྟེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། ཐོད་པ་ནས་བདུད་རྩིའི་ཆུ་བཏུངས་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་ཐོབ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ཏ་ཀ་ཋཿཐཿཐཿཧཱུཾ། ཞེས་དམ་ཚིག་སྲུང་བའི་ཕན་ཡོན་དང༌། མ་སྲུངས་པའི་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག དེང་ནས་རྩམས་ཏེ་བུ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི། གང་ངས་འདི་བྱོས་ཤིག་ཅེས་བསྒོ་བ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མ་བྱེད་ཅིག །ཁྱོད་མི་བདེ་བ་མ་སྤང་པར་དུས་བྱས་ནས་དམྱལ་བར་ལྷུང་བར་གྱུར་ཏ་རེ། ཞེས་སློབ་དཔོན་གྱིས་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་གོ བཅུ་པ་ཡེ་ཤེས་དབབ་པ་ནི། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག།དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛད་དུ་གསོལ། ལན་གསུམ། རང་ཉིད་ཧེ་རུ་ཀ་ཕྱག་གཉིས་པ་ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པར་གྱུར། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པའི་ལྟེ་བ་ལ། རྩ་ཨ་ཝ་དྷུ་ཏཱི་ཆུ་ཤིང་གི་མེ་ཏོག་ལྟ་བུའི་ནང་ན། དཔྱིད་དང་ཐིག་ལེ་ཁ་སྦྱོར་བར་གནས་པ་ནི། དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ། ཡུམ་རྡོ་རྗེ་ཕག་མོས་འཁྱུད་པ།


TNT07_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོ་འབར་བའི་འོད་ཟེར་དུ་མ་འཕྲོ་བ། ཕྱོགས་བཞི་མཾ་ཏཾ་བཾ་ལཾ་ཡུམ་བཞི། མཚམས་བཞིར་ཨོཾ་ཡིག་བཞི་ཐོད་པ་བཞིའི་ངོ་བོ། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ། པུ་ཛ་ཨོ་ཨ་གོ་ར་དེ་མ། ཀ་ཨོ་ཏྲི་ཀོ་ལ་ཀ་ཧི། པྲེ་གྲི་སོ་སུ་ན་སི་མ་ཀུ་རྣམས་དཔའ་བོ་ཉེར་བཞི་ཡུམ་དང་བཅས་པའི་ངོ་བོ། བུ་ག་བརྒྱད་ལ་ཧཱུཾ་རིང་པོ་བརྒྱད་སྒོ་མཚམས་མ་བརྒྱད་ཀྱི་ངོ་བོ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་དཔལ་ཧེ་རུ་ཀ་རིག་མའི་ཚོགས་དང་བཅས་པ་དང༌། འཁོར་ལོ་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མའི་རྣམ་པར་སྤྱན་དྲངས་ཏེ། ལུས་ཀྱི་སྟོད་ཀྱི་ཆ་ལ་ཐུགས་ཀྱི་འཁོར་ལོ་པ་རྣམས་ནག་པོའི་རྣམ་པས་ཐིམ། བར་གྱི་ཆ་ལ་གསུང་གི་འཁོར་ལོ་པ་རྣམས་དམར་པོའི་རྣམ་པས་ཐིམ། སྨད་ཀྱི་ཆ་ལ་སྐུའི་འཁོར་ལོ་པ་རྣམས་དཀར་པོའི་རྣམ་པས་འཇུག་ཅིང༌། གཙོ་བོ་རིགས་མར་བཅས་པ་དང༌། དེ་མ་ཡིན་པའི་དཔའ་བོ་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་ཡང་བ་སྤུའི་བུ་ག་ནས་ཞུགས་ཤིང་སྙིང་གར་ཐིམ་པའི་རྐྱེན་གྱིས། སྙིང་གའི་དཔའ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་འཕྲོས་པས། ལུས་ཐམས་ཅད་བདེ་བ་


TNT07_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་གང༌། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་ལྷ་ཚོགས་དཔག་ཏུ་མེད་པ་ཆར་བབས་པ་བཞིན་ཏུ་བྱུང་སྟེ་སྙིང་གར་ཐིམ། ཨོཾ་ཏིཥྛ་མཧཱ་ཀྲོ་དྷཱ་ཨཱ་བེ་ཤ་ཡ་ཧཱུཾ། ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བིད་མ་ཧེ་བིདྱ་རཱ་ཛ་ཡ་དྷཱི་མ་ཧེ་སྭཱཧཱ། ཞེས་པ་དང༌། གཙོ་བོ་ཡབ་ཡུམ་གྱི་སྔགས་ཀྱང་བཟླ་བཞིན་དུ། རོལ་མོ་སྣ་ཚོགས་པའི་སྒྲ་དང་རྫས་ཀྱི་བདུག་སྤོས་དང་བཅས་པས་དབབ་བོ། ཏིཥྛ་བཛྲ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞགབཅུ་གཅིག་པ་ནམ་མཁའི་ཁ་དོག་བྲི་བ་ནི་བདག་འཇུག་གི་སྐབས་འདིར་མི་དགོས་སོ། །བཅུ་གཉིས་པ་མེ་ཏོག་འབུལ་སྦྱིན་ནི། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། ཞེས་གཙོ་བོ་འམ་རིགས་མཐུན་པའི་ལྷ་ལ་མེ་ཏོག་ཕུལ། སྐབས་འདིར། པྲ་ཏི་གྲྀཧྞ། སོགས་ཀྱིས་མེ་ཏོག་སྤྱི་བོར་བཅིང་བ། འདི་ནི་དཀྱིལ་ཆོག་སྤྱི་དང་མཐུན་པའི་ཁ་སྐོང་སྟེ་འདིར་མེད་ཀྱང་ཆོག་གོ །བཅུ་གསུམ་པ་མིག་དར་དབྱེ་བ་ནི། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་པ། །རྡོ་རྗེ་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནཻ་ཏྲ་པ་ཊ་ལཾ་ཧྲཱིཿ བཅུ་བཞི་པ་ལྟ་བར་བསྐུལ་བ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དང་བ་རབ་ཏུ་བསྐྱེད། །ཁྱེད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང༌། །དངོས་གྲུབ་ཀུན་ཁྱོད་མངོན་དུ་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། ཞེས་སྤྲོ་བ་བསྐྱེད། བཅོ་ལྔ་པ་ལྷ་ངོ་བསྟན་པ་ནི། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་


TNT07_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མངོན་སུམ་བཞིན་དུ་གསལ་བར་གྱུར། ཞེས་བརྗོད་ཅིང་ཡིད་ཀྱི་དཀྱིལ་འཁོར་གསལ་གདབ་བོ། །བཅུ་དྲུག་པ་དེ་ཁོ་ན་ཉིད་བརྗོད་པ་ནི། གཞལ་མེད་ཁང་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡིན་ལ། ལྷ་སུམ་ཅུ་རྩ་བདུན་ཡང་དེ་རྣམས་རྣམ་པར་དག་པའོ། །སྣ་ཚོགས་པདྨའི་ལྟེ་བར་བཞུགས། །གཉིས་མེད་གཉིས་མེད་པང་ན་གནས། །བརྟན་གཡོ་ཀུན་གྱི་བདག་ཉིད་ཅན། །སྤྱོད་དང་གྲོལ་བ་རབ་རྩོལ་བ། །ཀུན་མཁྱེན་ཀུན་མཛད་གཙོ་བོ་སྟེ། །དཔའ་བོ་ཆེ་ལ་བུ་ཁྱོད་ལྟོས། །མཁའ་འགྲོ་མ་ལ་སོགས་པའི་ཚོགས། །གྲུབ་པའི་རྣལ་འབྱོར་མ་ལྔ་པོ། །ཐོད་པའི་དུམ་བུ་ལ་སོགས་ཀུན། །འཁོར་ལོ་མཁའ་ལ་སྤྱོད་པས་བསྐོར། །རབ་གཏུམ་ལ་སོགས་ཡང་དག་འཁྱུད། །གཉིས་པོ་ཐུགས་ཀྱི་སྤྲུལ་པ་ཡིན། །མྱུ་གུ་ཅན་ལ་སོགས་པ་ཀུན། །རྣལ་འབྱོར་མ་བརྒྱད་གཉིས་སུ་མེད། །གསུང་གི་རྣམ་དག་ངོ་བོ་ཡིས། །མི་ཡི་འཇིག་རྟེན་དག་ཏུ་ཁྱབ། །སྟོབས་པོ་ཆེ་སོགས་པད་གནས་པ། །གྲུབ་པ་ས་འོག་གནས་པ་ཡིན། །སྐུ་ཡི་སྤྲུལ་པར་བཤད་པ་སྟེ། །ཆགས་པ་ཀུན་གྱིས་རྗེས་སུ་ཆགས། །ཧེ་རུ་ཀ་དཔལ་སོགས་འཁོར་ལོ། །གཡོན་ནས་འཁྱུད་ཅིང་ནུ་མ་འཛིན། །སྐུ་གསུམ་ཞེས་བྱས་སྤྲུལ་པ་སྟེ། །མཆོག་དང་འབྲིང་དང་ཐ་མའོ། ཁ་ལ་སོགས་པ་བརྒྱད་པོ་ཡི། །གཟུགས་ནི་རྒྱུ་ཡིས་ཡང་དག་བསྟན། །ཁྲོ་བོ་རྣམ་རྒྱལ་ལ་སོགས་བརྒྱད། །


TNT07_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སུམ་ཅུ་བདུན་དུ་སྤྲུལ། །མཁའ་ལ་སྤྱོད་དང་ས་ལ་སྤྱོད། །ས་འོག་དག་གི་མ་མོ་དང༌། །བཞི་པོ་མཆོད་པ་བཞི་ཡིན་ཏེ། །ལྷ་རྣམས་དེ་ཉིད་མཚོན་པ་ཡིན། ཞེས་བརྗོད་དོ། །གཉིས་པ་དབང་གི་ངོས་བཞི་ལ། བུམ་དབང༌། གསང་དབང༌། ཤེས་རབ་ཡེ་ཤེས། དབང་བཞི་པ་སྟེ་བཞི་ལས། དང་པོ་ལ་རང་ལུགས་གཞུང་དོན་གཙང་མ་ཞིབ་མོར་བསྟན་པ་དང༌། རྣམ་གྲངས་སུ་བསྟན་པ་རྒྱ་བོད་ཀྱི་བླ་མ་འགའ་ཞིག་འདོད་པའི་མན་ངག་གིས་ཁ་འགེངས་ཚུལ་གཉིས་ལས། དང་པོ་དབང་གི་སྔོན་འགྲོ་དང༌། དབང་དངོས་གཞི་དང༌། མཐའ་བརྟེན་ཏེ་གསུམ་ལས། དང་པོ་ནི། ཐོག་མར་སློབ་དཔོན་གྱི་དབང་ཞེས་ཀྱང་བྱ་བ་བུམ་དབང་གི་དོན་དུ་མཎྜལ་ཕུལ་ནས། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་རྩལ། །དེ་བཞིན་བདག་ལ་དེང་སྩོལ་ཞིག །དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར། ཞེས་ལན་གསུམ་གྱིས་གསོལ་བ་གདབ། དཀྱིལ་འཁོར་གྱི་གཙོ་བོའི་སྐུ་ལ་ལུས་དཀྱིལ་གྱི་ལྷ་ཚོགས་ཡོངས་རྫོགས་གསལ་བར་གྱུར། གཞུང་ལས། ཧེ་རུ་ཀ་དཔལ་བདག་ཉིད་སེམས། དཀྱིལ་འཁོར་ལུས་ནང་ཆུད་བྱས་ལ། །པདྨ་འདབ་བརྒྱད་སྟེང་དུ་ནི། །ཞེས་སོགས་ཀྱི་དོན་ནོ། །རང་ཉིད་དབང་སྟེགས་ཀྱི་སྟེང་དུ་ཧེ་རུ་ཀ་ཕྱག་གཉིས་པའི་སྐུར་གསལ་བའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་


TNT07_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། གཡས་སུ་རྒྱལ་མཚན་གཡོན་དུ་བ་དན། མཐའ་བསྐོར་དུ་མཆོད་པའི་སྤྲིན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པས་ཡོངས་སུ་བསྐོར་བ་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གྀ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཕེཾ། པུཥྤེ་སོགས་ཀྱིས་མཆོད། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་བཞིན་འདི་ལ་གནང་བར་མཛོད། ཅེས་ལན་གསུམ་གྱིས་གསོལ་བ་བཏབ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། དབང་གི་ལྷ་རྣམས་ཀྱི་ཐུགས་ཀ་ནས། སྒོ་མཚམས་མ་བརྒྱད་ལ་སོགས་པ་ཁྲོ་བོ་དང་ཁྲོ་མོ་དཔག་ཏུ་མེད་པ་སྤྲོས་ནས། བགེགས་བསྐྲད་ཅིང་མི་ཤིས་པ་སྦྱངས་པར་གྱུར། ཡབ་ཀྱི་སྙིང་པོ་དང༌། སུམྦྷ་བཟླས་ཤིང་རོལ་མོའི་སྒྲ་སྒྲགས། དབང་རྫས་དང་གང་ཟག་ལ་ཉུང་དཀར་རྡེག་ཅིང་ལས་བུམ་གྱི་ཆུས་བསངས། སྤོས་ཀྱི་བདུགས་ཏེ་བྱུར་བསལ་བའོ། །སྐབས་འདིར་གཞུང་ལས། ཡང་ན་ནུས་པ་མེད་གྱུར་ན། །ཞེས་སོགས་ཀྱི་དོན་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དངོས་སུ་སྤྲུལ་ནུས་པའམ་ཚོགས་ཀྱི་དཀྱིལ་དང་ཡོ་བྱད་མཐའ་དག་ཚང་ཞིང་བཤམས་ཡོད་ན་དབང་ལྷ་སྤྱན་འདྲེན་མི་དགོས་ཏེ། རྡུལ་ཚོན་ལ་སོགས་པའི་གནས་སུ་སྤྲུལ་པའི་དཀྱིལ་འཁོར་རམ་ཚོགས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཉིད་ཀྱིས་བྱུར་བསལ། ཤིས་བརྗོད། དབང་བསྐུར་རྣམས་


TNT07_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་མི་ནུས་པའམ་ཡོ་བྱད་མེད་པར་མོས་སྒོམ་ཙམ་གྱི་བྱེད་པ་ལ་ནི་དབང་ལྷ་སྤྱན་འདྲེན་པ་ཡང་དགོས་ཤིང༌། །དམིགས་པའི་རྩོལ་བ་ལ་འབད་པར་བྱའོ། །ཞེས་པའི་དོན་ཡིན་ནོ། །དེ་ལྟར་ན་དཀྱིལ་འཁོར་པ་རྣམས་དང༌། དབང་གི་ལྷའི་གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། རྡོ་རྗེ་ཕག་མོ་དང་ཡུམ་བཞིས་རྡོ་རྗེའི་གླུ་བླངས། དཔའ་བོ་དང་དཔའ་མོ་རྣམས་ཀྱིས་མཆོད་པ་ཕུལ། ནམ་མཁའི་དབྱིངས་གང་བའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རོལ་མོའི་སྒྲ་སྒྲགས། མེ་ཏོག་གི་ཆར་ཕབ་སྟེ་ཤིས་པ་བརྗོད་པར་གྱུར། ཅུང་ཟད་སྤྲོས་པ་ལ་དགའ་ན་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པས་དཀྱིལ་འཁོར་གྱི་བཀྲ་ཤིས་བརྗོད། བསྡུ་ན་དེ་མ་བྱས་ཀྱང་ཆོག་ཅིང་དེའི་ཤོ་ལོ་ཀ་དང་པོ་ཙམ་བརྗོད་ཀྱང་རུང་ངོ༌། །མཐར་ཨོཾ་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི༴ ཞེས་སོགས་ཀྱི་དཀོན་མཆོག་གསུམ་གྱི་བཀྲ་ཤིས་དང༌། ཉིན་མོ་བདེ་ལེགས་སོགས་བརྗོད་ཅིང༌། ཡབ་ཀྱི་སྙིང་པོ་མང་དུ་བཟླས་ལ་མེ་ཏོག་གཏོར། རོལ་ཆེན་བྱ་སྟེ་ཤིས་པ་བརྗོད་པའོ། །མེ་ཏོག་འཕྲེང་བའི་དབང་བསྐུར་བ་ནི་གཞུང་གི་འགྱུར་དང་དཔེ་ཕལ་ཆེར་ལས། ལྷ་ཡི་རིགས་ཀྱི་མཚན་མ་ཡི། །མེ་ཏོག་ཇི་བཞིན་གཏོར་བར་བྱ། །ཞེས་འབྱུང་ཞིང་རིམ་པ་གསལ་བ་དང་ནས་གླིང་མ་སོགས་ཆོ་ག་སྒྲོས་འདི་དང་མཐུན་རུང་འགའ་ཞིག་ལས་ཀྱང་བཤད་པས་ན། སྐབས་འདིར་མེ་ཏོག་འབུལ་བ་ངེས་པར་དགོས་པས། འདིའི་འགྱུར་འགའ་ཞིག་ལས་ཚིག་དེ་མེད་པ་ནི་མ་དག་པར་


TNT07_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ལ། འདི་དག་གིས་སྔགས་དབང་བསྟན་པར་འདོད་པ་ནི་མི་ལེགས་སོ། །དེ་ཡང་མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་ལྷ་ངེས་པ་ཅན་ཡོད་ན། དེར་བསྐྱེད་དགོས་པ་ཡིན་ཀྱང༌། དེ་བཞིན་མེད་ན་རིགས་ཐམས་ཅད་ཀྱང་ཁྱབ་བདག་ཡིན་པའི་ཕྱིར། གཙོ་བོ་ཉིད་དུ་སྒོམ་པས་ཆོག་སྟེ། དེས་ན། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བདག་ཉིད་དཔལ་ཧེ་རུ་ཀ་ཕྱག་གཉིས་པའི་སྐུར་གྱུར། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་མེ་ཏོག་ཕུལ། དཀྱིལ་འཁོར་གྱི་ལྷ་ལ་ཕུལ་བའི་མེ་ཏོག་དེ་ཉིད་ལ། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ལན་བདུན་སོགས་མང་དུ་བཟླས་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་བུདྡྷ་ཌ་ཀི་ནཱི་སོགས་དང༌། ཨོཾ་དྷརྨཱ་ཀུན་ད་ཨ་བྷི་ཥིཉྩ་ཧཱུཾ། ཞེས་མེ་ཏོག་སྤྱི་བོར་བཅིངས། ཨོཾ་པྲ་ཏི་གྲྀཧྞ་སྟཾ་ཨི་མཾ་ས་ཏྭ་མ་ཧཱ་པ་ལ། ཞེས་བདག་གི་སློབ་མ་རིགས་ཀྱི་ལྷ་ལ་གཏད་པར་མོས། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས། གཙོ་བོ་ཧེ་རུ་ཀ་ཡབ་ཡུམ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། བ་སྤུའི་བུ་ག་ནས་ཞུགས་པས། ལུས་ཐམས་ཅད་རང་རིགས་ཀྱི་ལྷའི་རྡུལ་ཕྲ་རབ་ཀྱིས་གང་བར་གྱུར། ཞེས་སོ། །སྐབས་འདིར་བ་སྤུའི་བུ་ག་ནས་སངས་རྒྱས་རྣམས་སྟིམ་སྟེ་ལུས་ནང་གང་བར་བྱེད་པ་འདི། གཞུང་ལས་མེ་ཏོག་དབང་བསྐུར་ལ་སོགས་པ་ཐམས་ཅད་ཆོ་ག་བཞིན་སྦྱིན་ཞིང༌། དཀྱིལ་འཁོར་ལུས་ནང་ཆུད་པར་བྱ། ཞེས་གསུངས་པས་བསྟན་ཏེ། བླ་མ་གོང་མ་


TNT07_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་ནཱ་རོ་པའི་མན་ངག་འཛིན་པར་གྲགས་པའི་ལོ་ཙཱ་བ་རྣམས་འདི་ལ་ནང་དབང་གི་ཐ་སྙད་མཛད་ལ། འོན་ཀྱང་སྤྱི་སྐད་ལ་སློབ་མ་བུར་བྱ་བ་ལ་ནང་དབང་དུ་གྲགས་ཆེས་པ་དང༌། འཁྲུལ་གཞི་འབྱུང་ཉེ་བའི་ཕྱིར། ལུས་ནང་བྱིན་གྱིས་བརློབས་པའི་དབང་བསྐུར་ཞེས་བྱ་ཡི་ནང་དབང་གི་ཐ་སྙད་སྦྱར་བར་མི་བྱའོ། །འདི་ཆུ་དབང་སོགས་རེ་རེ་བཞིན་ལ་ཡོད་པར་ཐམས་ཅད་མཐུན་ལ། འོན་ཀྱང་མལ་ལུགས་པ་དང༌། རྭ་ལུགས་པ་རྣམས་དབང་སོ་སོའི་རྗེས་ལ་བྱེད་ཅིང༌། མར་དོ་དང་ལོ་ཆུང་ཕྱོགས་རྣམས། དེ་འོག་རྣམ་རྒྱལ་བུམ་པ་དང༌། ཞེས་སོགས་གཞུང་ཚིག་གི་དོན་དུ་བསམས་ནས། །ཐོག་མར་འདི་སྦྱིན་ནས་དེའི་རྐྱེན་གྱིས་སློབ་མ་ལྷར་བསྐྱེད་པར་འདོད་དེ་ལུགས་སྔ་མ་དེ་ལེགས་སོ། །འོན་ཀྱང་ལུས་ནང་གཏོགས་པའི་དཀྱིལ་འཁོར་ནི། མཁས་པའི་ཆོ་ག་བཞིན་དབང་བསྐུར། །ཞེས་པས་ནི། སློབ་མ་བུར་བྱ་བའི་ནང་དབང་ཉིད་བསྟན་གྱི་ཅིག་ཤོས་མིན་པས། དཀྱིལ་འཁོར་ལུས་ནང་ཆུད་པར་བྱ། །ཞེས་པ་དང་དོན་མི་གཅིག་གོ །དེ་ནས་ཆུ་དབང་ནི། །སྭ་བྷ་ཝས་སྦྱངས། དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་མི་བསྐྱོད་པ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རལ་པའི་ཐོར་ཚུགས་དང༌། ཐོད་པའི་ཕྲེང་བའི་ཅོད་པན་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཡུམ་མཱ་མ་ཀི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དཔྲལ་པར་


TNT07_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་མི་བསྐྱོད་པ་ཡབ་ཡུམ་སྤྱན་དྲངས། ཕཻཾ་ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། །དེ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་གྱུར། སྐབས་འདིར་རྒྱས་པ་ལ་སྤྲོ་ན་དབང་རྫས་དབང་བསྐུར་བ་དང༌། མཆོད་བསྟོད་བཟླས་པ་སོགས་ཀྱང་བྱ་ལ། བསྡུ་ན་ཡེ་ཤེས་པ་སྤྱན་འདྲེན་པ་ཡང་མ་བྱས་པས་ཆོག་སྟེ། དཀྱུས་སུ་བསྟན་པ་ནི་འབྲིང་པོའི་དབང་དུ་བྱས་པའོ། །གཙོ་བོའི་ཐུགས་ཀ་ནས་སྒོ་མཚམས་མ་བརྒྱད་སྤྲུལ། བཀྲ་ཤིས་ཀྱི་བུམ་པའི་ཆུས་དབང་བསྐུར། ཇི་ལྟར་བལྟམས་པ་ཙམ་གྱི༴ ནས། ཁྲུས་བགྱིའོ། །ཨོཾ་ཀ་ཀ་སྱཻ། ཨུ་ལུ་ཀཱ་སྱཻ། ཤྭ་ན་སྱཻ། སུ་ཀཱ་ར་སྱཻ། ཡ་མ་དན་ཌྷི། ཡ་མ་དུ་ཏི། ཡ་མ་དཾཥྟི་ནི་ཡ་མ་མ་ཐ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲི་བྷཱ་ཝ་ཨ་བྷི་ཥིཉྩ་ཧཱུཾ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་གི་ལུས་ལ་ཕོག །ལུས་འོད་ཀྱི་གོང་བུར་གྱུར། གཙོ་བོའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དྲངས་ཏེ་ཞལ་དུ་ཞུགས། སྐུའི་དབྱིབས་རྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་ནང་དུ་བབས། ཨོཾ་སྭ་བྷཱ་ཝ༴ སོགས། སྟོང་པའི་ངང་ལས་པདྨ་ཉི་མ་འཇིགས་བྱེད་དུས་མཚན་གྱི་སྟེང་དུ་རང་ཉིད་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་བའི་ཡུམ་ལ་


TNT07_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་པ། རྒྱན་དང་ཆ་བྱད་ཡོངས་སུ་རྫོགས་པ། ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་དྲུག་ཅུ་རྩ་གཉིས་དང་བཅས་པ་སྐད་ཅིག་གི་གྲུབ་པར་གྱུར། དཔྲལ་པར་ཨོཾ་ནས། ཐུགས་ཀར་ཧཱུཾ་གི་བར་གོང་བཞིན། གཙོ་བོའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེའི་ལམ་ནས་བྱུང་སྟེ། རང་ལ་གཉིས་སུ་མེད་པར་ཐིམ་པའི་ཚུལ་གྱིས་དབང་བསྐུར། ཧུཾ་ཞེས་མཁའ་ནང་ནས་ཕྱིར་སྤྲོས་ཏེ་དབང་སྟེགས་ལ་འཁོད་པར་གྱུར། དཀྱིལ་འཁོར་དང་དབང་གི་ལྷ་རྣམས་ལ་དམིགས་ནས། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། རྡོ་རྗེ་ཕག་མོ་ལ་སོགས་པའི་ལྷ་ཐམས་ཅད་ཀྱིས། ཐོད་པར་རྣམ་རྒྱལ་བུམ་པའི་ཆུ་བླུག་པ་ཐོགས་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། ཡབ་ཡུམ་གྱི་སྙིང་པོའི་མཐར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུཾ། ཞེས་པའི་དབང་བསྐུར། བཀྲ་ཤིས་ཀྱི་བུམ་པ་ལོགས་སུ་མེད་ན། སྔ་མ་ལ་རྣམ་རྒྱལ་ནས་བུམ་ཆུས་གཏོར་བ་ཙམ་བྱའོ། །དེ་ལྟར་ན་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་མི་སྐྱོད་པའི་དབུ་བརྒྱན། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་མི་བསྐྱོད་


TNT07_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཔག་ཏུ་མེད་པ་སྤྱན་དྲངས། བ་སྤུའི་བུ་ག་ནས་ཞུགས་པས། ལུས་ཐམས་ཅད་མི་བསྐྱོད་པའི་རྡུལ་ཕྲ་རབ་ཀྱིས་གང་བར་གྱུར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། སོགས། ཉེར་སྤྱོད་ལྔས་མཆོད། དེ་ལྟར་ན་ཆུའི་དབང་ཐོབ། ཞེ་སྡང་དགརྣམ་ཤེས་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །མི་བསྐྱོད་པའི་གོ་འཕང་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །སྐབས་འདིར་གཞུང་ལས། ཧེ་རུ་ཀ་དཔལ་བདག་ཉིད་སྤྲུལ། །སྤྱོད་དང་བརྟུལ་ཞུགས་བརྟན་པ་དང༌། །དེ་བཞིན་གཉིས་མེད་ཚངས་སྤྱོད་བརྟན། །ཞེས་དང༌། དཔའ་བོ་རྣལ་འབྱོར་རྣམས་ཀུན། །སྒོམས་ནས་ཐམས་ཅད་དབང་བསྐུར་རོ། །ཞེས་གསུངས་པས་དབང་རྫས་རིགས་ལྔ་སོ་སོར་དམིགས་པ་འཕོ་བ་ཡིན་གྱི། སློབ་མའམ་བདག་འཇུག་ལ་རང་ཉིད་ཧེ་རུ་ཀའི་ང་རྒྱལ་ཁོ་ན་ལ་གནས་དགོས་པ་དང༌། ཐམས་ཅད་དབང་བསྐུར་ཞེས་པས་ལུས་དཀྱིལ་འཁོར་ལྷ་ཐམས་ཅད་ལ་དབང་བསྐུར་བ་གསལ་བའི་ཕྱིར། ལུས་དཀྱིལ་གྱི་མོས་པ་ཙམ་བསྒོམ་དགོས་པའང་ཡིན་ནོ། །ཅོད་པན་གྱི་དབང་ནི། སྭ་བྷཱ་ཝ། དབང་རྫས་རིན་པོ་ཆེའི་དབུ་རྒྱན་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ། རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ། གཡས་རིན་པོ་ཆེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ༴ ནས། དྲུག་གིས་བརྒྱན་པ། ཡུམ་རིན་ཆེན་སྒྲོལ་མ་སེར་མོ་གྲི་གུག་དང༴ ནས། འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྤྱན་དྲངས༴ནས། ཞུ་བ་ལས་བྱུང་བའི་དབུ་རྒྱན་དུ་གྱུར།


TNT07_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དབུ་རྒྱན་དམ་པ་དང༌། །དར་དཔྱངས་དབང་བསྐུར་བྱིན་པར་བྱ། ཞེས་སོ། སྤྱི་བོར་སྣ་ཚོགས་རྡོ་རྗེ་ཡང་དངོས་སུ་སྦྱིན་པའམ་ཡིད་ཀྱིས་བསམ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི། སོགས་ཡུམ་གྱི་སྙིང་པོས་དབུ་རྒྱན་དང་དར་དཔྱངས་བཅིངས། ཨོཾ་ཀ་ར་ཀ་ར་ཀུ་རུ་ཀུ་རུ། ནས། དྷི་ལི་ཧཱུཾ་ཧཱུཾ་ཕཊ། ཀྱིས་དཔའ་བོའི་དར་དཔྱངས་བཅིངས། ཨོཾ་ཀཱ་ཀ་སྱ། སོགས་དང༌། གཙོ་བོའི་སྙིང་པོ་བརྗོད་ལ། བུམ་པའི་ཆུས་དབང་བསྐུར༴ནས། ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། དེ་ནས་ལུས་ནང་བྱིན་གྱིས་བརློབ་པའི་དབང་བསྐུར་ནི། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས། རིན་ཆེན་འབྱུང་ལྡན་དཔག་ཏུ་མེད་པ་སྤྱན་དྲངས། བ་སྤུའི་བུ་ག་ནས་ཞུགས་པས་ལུས་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་རྡུལ་ཕྲ་རབ་ཀྱིས་གང་བར་གྱུར། པུཥྤེ་སོགས་ཀྱིས་མཆོད། དེ་ལྟར་ན་དབུ་རྒྱན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག །ཚོར་བ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་གྱི་གོ་འཕང་མངོན་དུ་གྱུར་པའི་སྐལ་ཅན་དུ་བྱས་པ་ཡིན་ནོ། །དེ་ལྟར་ན་ཆུ་ཅོད་གཉིས་ལས་དཔག་ཏེ་


TNT07_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མ་གསུམ་ལ་རིགས་འགྲེ་བ་ནི། ཡེ་ཤེས་སེམས་དཔའ་སྤྱན་འདྲེན་དང༌། དབང་རྫས་ཀྱི་ལྷ་ཞུ་བ་དང༌། རིགས་བདག་རྒྱས་འདེབས་དང༌། ལུས་ནང་བྱིན་གྱིས་བརློབ་པའི་དབང་བསྐུར་གྱི་སྐབས་རྣམས་སུ། མི་བསྐྱོད་པའམ་རིན་ཆེན་འབྱུང་ལྡན་དཔག་ཏུ་མེད་པ་ཞེས་དང༌། མི་བསྐྱོད་པའི་རྡུལ་ཕྲ་རབ་ཞེས་དང༌། དབང་གི་དག་པའི་སྐབས་ཀྱི། མི་བསྐྱོད་པའམ་རིན་ཆེན་འབྱུང་ལྡན་གྱི་བག་ཆགས་ཞེས་པའི་གནས་སུ། འོད་དཔག་མེད་སོགས་ཀྱི་མཚན་འཇུག་ཅིང༌། ལྷག་མཐོང་གོ་རིམ་ཐམས་ཅད་སྔ་མ་བཞིན་དུ་བྱ་བ་ཡིན་ནོ། །དེ་ལ་རྡོ་རྗེའི་དབང་ནི་འདི་ལྟར། དབང་རྫས་རྡོ་རྗེ་འོད་དཔག་མེད་དམར་པོ། པདྨ་དང་ཡུམ་གོས་དཀར་མོ་དམར་མོ། དབང་གི་ལྷ་རྣམས་ཀྱིས། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱིས། །ཧེ་རུ་ཀ་དཔལ་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ལོང༌། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། ཏིཥྛ་བཱི་ར་ས་མ་ཡ་སྟྭཾ། ཞེས་རྡོ་རྗེ་ལག་ཏུ་བཟུང་བའམ་གཏོད་ཅིང༌། སློབ་མ་དབང་བསྐུར་ན་གཞན་ཡང་གྲི་གུག་དང་འཁོར་ལོ་ལ་སོགས་པ། མཚན་མ་རྣམ་པ་དུ་མ་སྦྱིན་པར་བཤད་དོ། །དེ་ནས་རྡོ་རྗེ་དེ་ཉིད་ལན་གསུམ་དུ་གསོར་ནས་སྙིང་གར་གཏོད་དེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའི་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག ཅེས་བརྗོད་ཅིང༌། སེམས་ཉིད་མི་


TNT07_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་བདེ་བ་ཆེན་པོར་ཤེས་པ་ནི། རྡོ་རྗེའི་དེ་ཁོ་ན་ཉིད་འཛིན་པའོ། །དེ་ནས་སྔར་བཞིན་བརྟན་བྱེད་ཆུ་དབང་བསྐུར་བ་སོགས་བྱ། རྡོ་རྗེའི་དབང༌། འདོད་ཆགས། འདུ་ཤེས། སོ་སོར་རྟོག་པའི། ཞེས་སོགས་འདོན་པ་སྤོ། དྲིལ་བུའི་དབང་ནི་འདི་ལྟར། དབང་རྫས་དྲིལ་བུ། དོན་ཡོད་གྲུབ་པ་ལྗང་ཁུ། རལ་གྲི་དང༌། ཡུམ་དམ་ཚིག་སྒྲོལ་མ་ལྗང་ཁུ། དབང་གི་ལྷ་རྣམས་ཀྱིས། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་དྲིལ་བུ་ལག་ཏུ་གཏད། ལན་གསུམ་མམ་བརྒྱད་དུ་དཀྲོལ། ཁང་ནང་དུ་བསྟན་ཏེ་དཀུ་གཡོན་པའི་ཐད་དུ་བཟུང་བའམ་བཟུང་དུ་གཞུག །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་དམ་པ་བྱེད་པར་གྱུར། ཞེས་བརྗོད་ཅིང༌། ངག་ཆོས་ཉིད་དོན་གྱི་སྒྲ། གཞོམ་མེད་ཀྱི་ནཱ་དར་ཤེས་པར་བྱེད་པ་ནི། དྲིལ་བུའི་དེ་ཁོ་ན་ཉིད་དོ། །བསྟན་བྱེད་སོགས་གོང་བཞིན་ལས། དྲིལ་བུའི་དབང༌། ཕྲག་དོག་འདུ་བྱེད། བྱ་བ་གྲུབ་པའི་ཞེས་འདོན་པ་སྤོའོ། །དེ་ནས་ཕྱག་རྒྱའི་དབང་བསྐུར་བ་ནི། བདག་ཉིད་དཔལ་ཧེ་རུ་ཀ ཞལ་གཅིག་ཕྱག་གཉིས་པ་ཐབས་དང་ཤེས་རབ་ཀུན་འདུས་པའི་


TNT07_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ། རྡོ་རྗེ་དང་དྲིལ་བུ་འཛིན་པས། རང་སྣང་བས་ཡུམ་རྡོ་རྗེ་ཕག་མོ་ལོ་བཅུ་དྲུག་ལོན་པ་ལྟ་བུ་ལ་ཡང་དག་པར་འཁྱུད་པ། ལུས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པ་སྟེ། རྩ་བའི་གཙོ་མོ་བཞི་དང༌། ཐིག་ལེ་ནི་རྡོ་རྗེ་ཕག་མོ། དཔྱིད་ཀྱི་རྩ་ཁམས་ནི་དཔལ་ཧེ་རུ་ཀ རྩ་སུམ་ཅུ་རྩ་བདུན་ནི་རྣལ་འབྱོར་མ་སུམ་ཅུ་སོ་བདུན། ཁམས་ཉི་ཤུ་རྩ་བཞི་ནི་དཔའ་བོ་ཉི་ཤུ་རྩ་བཞི། ཐམས་ཅད་ཀྱང་གསལ་ཞིང་དྭངས་ལ་བདེ་བ་ཆེན་པོའི་རང་བཞིན། ཁ་སྦྱོར་དང་འཁྱུད་པ་དང་བཞད་པ་ལས་བྱུང་བའི་དགའ་བའི་ཡེ་ཤེས་ཀྱི་བདག་ཉིད་དོ། །ཡིད་ཀྱི་ལུས་བརྟེན་དེ་ཉིད་ནི། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་སྒྲགས། །ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་བརྗོད། །རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཅིག་རྡོ་རྗེར་བྱིན་གྱིས་བརློབ། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུད་པར་གྱིས། ལུས་རྣམ་པ་ཐམས་ཅད་པ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་ཤེས་པ་ནི། ཕྱག་རྒྱ་སྐུའི་དམ་ཚིག་གོ །ཞེས་དང༌། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་མང་དུ་བཟླས་ཏེ་བྱིན་གྱིས་བརླབ་བོ། །འདི་ནི་དྲིལ་བུའི་དབང་གི་རྗེས་འབྲང་མ་ཡིན། དྲིལ་


TNT07_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་དབང་དང་འདི་སྡོམ་པ་ལ་བདག་པོའི་དབང་ཞེས་བྱ་བ་དབང་གཅིག་ཏུ་བྱས་པ་ཡིན་ཞིང༌། མིང་གི་དབང་ནི་སྐུ་བྱིན་གྱིས་བརླབ་པ་འདི་བརྟན་བྱེད་ཀྱི་ཚུལ་དུ་འགྱུར་བ་ཡིན་ནོ། །དེ་ནས་མིང་གི་དབང་བསྐུར་བ་ནི་འདི་ལྟར། དབང་རྫས་རྡོ་རྗེ་དང་དྲིལ་བུ། རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང༌། ཡུམ་སངས་རྒྱས་སྤྱན་མ་དཀར་མོ། དབང་གི་ལྷ་རྣམས་ཀྱིས། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མཾ། ཤྲཱི་ཧེ་རུ་ཀ་ནཱ་མ། ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་གསང་མཚན་དྲན་པར་བྱ། སྔགས་བརྗོད་སྐབས་རྡོ་རྗེ་དྲིལ་བུ་སྤྱི་བོར་འཇོག །དེའི་སྐབས་སུ་རྣམ་སྣང་སྤྱི་བོར་བྱོན་ཏེ། ཡབ་ཡུམ་སྙོམ་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི། ཡེ་ཤེས་ཆེན་པོའི་འོད་ཟེར་གྱིས། ལུས་ཐམས་ཅད་གང་བར་མོས་དགོས་པ་ཡིན་ནོ། །བརྟན་བྱེད་སོགས་གོང་བཞིན་ལས། མིང་གི་དབང༌། གཏི་མུག །གཟུགས་ཕུང༌། ཆོས་དབྱིངས་ཀྱི། སོགས་འདོན་པ་སྤོ། དེ་ནས་སྔགས་དབང་ནི། མདུན་བསྐྱེད་ཀྱི་གཙོ་བོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང༌། བདག་གི་སྙིང་གར་ཐིམ། ཞེས་དང་གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ཚར་གསུམ་བཟླས་ཏེ་རྗེས་བཟློས་བྱས་པར་མོས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། ལན་གསུམ་བརྗོད་ཅིང་མེ་ཏོག་གཏོར། རང་གི་སྤྱི་བོར་མེ་ཏོག་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབ། མེ་ཏོག་གཏོར་ལ།


TNT07_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། ཞེས་བརྗོད། སྔགས་དབང་འདི་གཞུང་ལས་རྒྱས་བཤད་ཀྱི་སྐབས་སུ། ཕྱག་རྒྱའི་དམ་ཚིག་དང༌། མིང་དབང་གི་བར་དུ་གསུངས། དོན་བསྡུའི་སྐབས་སུ་མིང་དབང་གི་རྗེས་སུ་གསུངས་པས་གནས་སྐབས་གཉིས་པོ་གང་རུང་བྱས་ཀྱང་འདྲའོ། །བརྟུལ་ཞུགས་ལ་གཉིས་ལས། ཐུན་མོང་བ་རྡོ་རྗེའི་བརྟུལ་ཞུགས་ནི། སྭ་བྷ་ཝ། དབང་རྫས་དང་པོའི་རྡོ་རྗེ། རྡོ་རྗེ་སེམས་དཔའ་དཀར་པོ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ། དབང་གི་ལྷ་རྣམས་ཀྱིས། འདི་ནི་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་ཕྱག་ན་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ། དྷ་ར་ཡ་མི་ཧཱུཾ་ཧ་ཧ་ཧ་ཧ་ཧོ་ཧི། རང་གི་སྙིང་གར་རང་དང་འདྲ་བའི་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་བཞུགས་པར་གྱུར། དེང་ཕྱིན་ཆད་ཐ་མལ་གྱི་སྤྱོད་པ་བརྟུལ་ལ་རྡོ་རྗེ་སེམས་དཔའི་ཚུལ་ལ་ཞུགས་ཤིང༌། རྡོ་རྗེ་ལག་ཏུ་གཏད་ལ་སྙིང་གར་གཏུགས། ཐུན་མོང་མ་ཡིན་པའི་སྤྱོད་པའི་བརྟུལ་ཞུགས་ནི། རང་ཉིད་སྐད་ཅིག་གི་འཁོར་ལོ་བདེ་མཆོག །ཞལ་བཞི་ཕྱག་བཅུ་གཉིས་པའི་སྐུར་གྱུར། རང་གི་སྙིང་གར་ཡང་རང་དང་འདྲ་བའི་ཧེ་རུ་ཀ ཧཱུཾ་ལས་བྱུང་བའི་ཅང་ཏེའུ། ཐོད་པ་ཁ་ཊྭཾ་ག །ཚངས་སྐུད་རྣམས་སུ་གྱུར། ཧེ་རུ་ཀ་དཔལ་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། ཁ་ཊྭཾ་ཅང་ཏེའུ་ལྷུང་བཟེད་དག །


TNT07_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་པ་དཔའ་བོའི་བཟུང་བར་གྱིས། ཁ་ཊྭཾ་ག་དང་ཌ་མ་རུ། ཧེ་རུ་ཀ་དཔལ་ཁ་ཊྭཾ་ག །རྣལ་འབྱོར་མ་ནི་ཌ་མ་རུ། །རྡོ་རྗེ་ཁ་ཊྭཾ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང༌། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག ཁ་ཊྭཾ་ག་དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་གྱིས། ཌ་མ་རུ་ནི་ཤེས་རབ་སྟོང་པ་ཉིད་ཀྱི་སྒྲ་སྒྲོག་པ། ཁ་ཊྭཾ་ག་ནི་ཐབས་རིག་པ་བྱང་ཆུབ་ཀྱི་སེམས་ལྷའི་སྐུ། ཐོད་པ་བདེ་བ་སྐྱོང་བ། ཚངས་པའི་སྐུད་པ་རྣམ་པར་མི་རྟོག་པ་ཐབས་ཤེས་ཟུང་དུ་འབྲེལ་བ་ཡིན་པས་ན། དེ་ལྟར་ཤེས་པར་གྱིས་ལ་སེམས་ཅན་གྱི་དོན་གྱིས་ཤིག ཅེས་པའོ། ནམ་མཁར་བཞུགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད། བདག་ཉིད་ལ་གཉིས་སུ་མེད་པར་ཐིམ། ཨོཾ་ཀཱ་ཀ་སྱ་ཧཱུཾ་ཧཱུཾ་ཕཊ། ཞེས་སོགས་ཀྱི་མཐར། ཛཿཧཱུཾ་བཾ་ཧོཿ ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱཧཱ། ཞེས་མེ་ཏོག་གཏོར་ཞིང་རོལ་མོ་སྒྲགས་ཏེ་བརྟན་བཞུགས་བྱ། གོང་བཞིན་མཆོད་པའམ། ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་བདག་ཉིད་ལ་མཆོད་དོ། །དེ་ལྟར་ན་ཇི་སྐད་དུ། མེ་ཏོག་ཆུ་ཡི་དབང་བསྐུར་དང༌། །ཅོད་པན་རྡོ་རྗེ་བདག་པོ་དང༌། །མིང་དང་སྔགས་དང་བརྟུལ་ཞུགས་དང༌། །ཞེས་པ་ལྟར་དབང་བརྒྱད་པོ་དེ་དག་ནི། བུམ་དབང་གི་དངོས་གཞི་ཡིན་ལ། འདི་རྣམས་མཐའ་བརྟེན་གྱིས་དབང་དང་བཅས་པ་ནི། རྡོ་རྗེ་སློབ་དཔོན་གྱི་དབང་སྟེ། དབང་འདི་དག་ལས། དམ་ཚིག་གསུམ་སྦྱིན་པ་བོར་ནས། རིགས་པའི་དབང་ལྔའི་མཐར། རྗེས་གནང་གི་ཁྱད་པར་འགའ་


TNT07_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དང༌། དམ་ཚིག་སྦྱིན་པ་ཅི་རིགས་པ་ཙམ་བྱེད་པ་ནི། སློབ་མ་ཁ་ཅིག་སྐྱེ་བ་འདི་ལ་རྡོ་རྗེ་སློབ་དཔོན་གྱི་གནས་ཐོབ་པར་མི་འགྱུར་བ་དག་ལ་སྦྱིན་པར་བྱ་སྟེ། དེ་ལྟར་ན་དེ་ཙམ་ཞིག་རྡོ་རྗེ་སློབ་མའི་དབང་དུ་འགྱུར་གྱི། བུམ་དབང་གི་ཆོ་ག་ཡོངས་སུ་རྫོགས་པ་གཅིག་གི་ཆོ་གའི་སྟོད་སྨད་ལ་སློབ་མ་དང་སློབ་དཔོན་གྱི་དབང་དུམ་བུ་གཉིས་སུ་དབྱེ་བ་ནི། གཞུང་འདིའི་དགོངས་པ་མ་ཡིནཞིང༌། འདི་དང་ཆོ་ག་སྒྲོས་མཐུན་པའི་དཀྱིལ་འཁོར་གྱི་ཆོ་ག་གྲུབ་པའི་སློབ་དཔོན་གཞན་གྱིས་མཛད་པ་མང་པོ་ལས་ཀྱང་མི་འབྱུང་ངོ༌། །དེས་ན་སྐབས་འདིར་སློབ་དཔོན་གྱི་དབང་ཞེས་བྱ་བ་ནི། སློབ་དཔོན་དུ་འགྱུར་བ་ལ་བསྐུར་བར་བྱ་རྒྱུའི་བུམ་དབང་སྤྱིའི་མིང་དུ་བཞེད་ཀྱི། སློབ་མ་དང་སློབ་དཔོན་གྱིས་དབང་ཞེས་སློབ་མ་གཅིག་ལ་བསྐུར་བྱ་ལ་སོ་སོར་ཕྱེ་བའི་ནང་གི་སློབ་དཔོན་གྱི་དབང་ནི་མ་ཡིན་ནོ། །མཐའ་བརྟེན་གྱི་དབང་ནི་ཇི་སྐད་དུ། གནང་དང་དམ་ཚིག་གཟེངས་བསྟོད་དང༌། །དེ་བཞིན་ལུང་བསྟན་དབུགས་དབྱུང་དང༌། །ཞེས་པ་ལྟར་བཞི་ལས། དང་པོ་རྗེས་གནང་གི་དབང་ལ་ལྷ་མཆོད་པའི་རྗེས་གནང་དེ་ཁོ་ན་ཉིད་ཀྱི་རྗེས་གནང༌། སེམས་ཅན་གྱི་དོན་གྱི་རྒྱུའི་རྗེས་གནང༌། ཆོས་བཤད་པའི་རྗེས་གནང༌། ལས་དང་དངོས་གྲུབ་སྒྲུབ་པའི་རྗེས་གནང་དང་ལྔའོ། །དེ་ལ་ལྷ་མཆོད་པའི་རྗེས་སུ་གནང་བ་ནི། དེང་ནས་རྩམས་ཏེ་རྫོགས་སངས་རྒྱས། །རྣལ་འབྱོར་མ་དང་དཔའ་ཚོགས་དང༌། །ཤེས་རབ་ཐབས་བཅས་སྙེམས་ཅན་གྱིས། །གར་མཆོད་བདེ་བའི་དགའ་སྟོན་གྱིས། ཨ། སྒེག་དང་བཅས་པས་ཕྲེང་བ་འཕངས། །སངས་རྒྱས་ཀུན་ཚོགས་རྣལ་འབྱོར་མ། །དེ་ནི་འབྲལ་བར་མི་འགྱུར་ཏེ། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། ཨོཾ། །ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་བྱ། །དེའི་ནི་རྣལ་འབྱོར་


TNT07_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མ་དེ་དང༌། །མྱུར་དུ་བདེ་བ་མྱོང་བར་འགྱུར། གཱི། །དེ་ཉིད་ཐལ་མོའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །སངས་རྒྱས་འདུལ་བའི་འཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། ཧོ། སངས་རྒྱས་ཀུན་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པ། །མཚན་དང་དཔེ་བྱད་ལྡན་པ་ཡིས། །བདེ་གཤེགས་སྐུ་ནི་ཐོབ་པར་འགྱུར། བྷྲུཾ། རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་འགྱུར། ཨ། ཆོས་ཀྱི་མེ་ནི་ལེགས་སྦར་བས། །པདྨ་གར་དབང་རང་ཉིད་དེ། །སེམས་ཅན་མ་རིག་ལྡོངས་རྣམས་ལ། །ཡེ་ཤེས་སྒྲོན་མེ་སྦར་བར་གྱིས། པྲ། ཁྱོད་ཀྱིས་རྒྱལ་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣལ་གྲོལ་ཡེ་ཤེས་མཐོང་བ་ཡིས། །བྱང་ཆུབ་ལུས་ཅན་རྣམས་ལ་བགོས། ག །དེ་ཁོ་ན་ཉིད་ཀྱིས་རྗེས་གནང་ནི། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲི། སེམས་ཅན་གྱི་དོན་གྱི་རྒྱུའི་རྗེས་གནང་ནི་མེ་མོང་བསྟན་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །


TNT07_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་རྣལ་འབྱོར་མ་སྲས་སྐྱེས། ཆོས་བཤད་པའི་རྗེས་སུ་གནང་བ་ནི། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་སྐོར་བར་གྱིས། །ཁྱེད་ཀྱི་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། ལས་སྒྲུབ་པའི་རྗེས་གནང་ནི། ཞི་དང་རྒྱས་དང་དབང་དང་དགུག །སྡང་བར་བྱ་དང་གནོད་སོགས་དང༌། །གསད་དང་བསྐྲད་པ་ཐམས་ཅད་དེ། །ལས་དེ་རྣམས་ནི་སྒྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང༌། །མཆིལ་ལྷམ་དེ་བཞིན་རིལ་བུ་སྟེ། །རྣལ་འབྱོར་མ་ཡིས་དངོས་གྲུབ་ནི། །དེ་ནི་ཅི་དགར་སྒྲུབ་པར་གྱིས། གཉིས་པ་དམ་ཚིག་དང་སྡོམ་པ་སྦྱིན་པ་ནི། ནང་པར་སྔར་ལངས་སེམས་དག་ཉིད། །མ་ལུས་ལས་ནི་བྱས་ནས་ཀྱང༌། །བསྲུང་དང་བཟའ་བ་ལ་སོགས་པ། །སྡོམ་པའི་བདག་ཉིད་ཀྱིས་བསྲུང་ངོ༌། །ལུས་དང་སྲོག་ལ་ལྟོས་མེད་པར། །དམ་ཚིག་དང་ནི་སྡོམ་པ་སྲུང༌། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བཟླས་པར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། ཁ་ན་མ་ཐོ་སྦོམ་པོར་འགྱུར། །དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཟླ་བ་རེ་རེ་སྲུང་བ་ནི། །གཉིས་མེད་གཉིས་མེད་འཁོར་ལོར་གནས། །ཚེས་བཅུ་ལ་ནི་དེ་རབ་མཆོད། །ཆང་དང་ཤ་སོགས་གང་ཅིའང་རུང༌། །དཔའ་བོ་རྣལ་འབྱོར་མ་ཡི་


TNT07_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །ཐམས་ཅད་གཉིས་མེད་པང་ན་གནས། །ཧེ་རུ་ཀ་དཔལ་རབ་ཏུ་མཆོད། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་ལ་ཡང་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་མི་སྤོང་ཞིང༌། །མྱ་ངན་འདས་ལ་དགར་མི་འགྲོ། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །ཁྱེད་ཀྱིས་བརྙེས་པར་མི་བྱ་སྟེ། །ཕྱག་རྒྱ་གཞོན་པ་མཚོན་ཆ་དང༌། །མཚན་མ་འགོད་པར་མི་བྱའོ། །དམ་ཚིག་རབ་སྲུང་བསོད་ནམས་ཀྱིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །བུད་མེད་ཐམས་ཅད་མཐོང་བ་ན། །གཡོན་ནས་ལན་གསུམ་བསྐོར་བྱ་ཞིང༌། །སྤྱི་བོས་ཕྱག་ནི་བྱས་ནས་ཀྱང༌། །ལན་གསུམ་བར་དུ་གསོལ་བ་གདབ། བདག་བུ་ཁྱོད་ནི་མ་ཡིན་ཏེ། །ཇི་སྲིད་བྱང་ཆུབ་འབྱུང་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གིས་འོ་མས་སྐྱོངས། །གཉིས་མེད་ཡེ་ཤེས་སྤྱོད་ལྡན་པའི། །བསླབ་པ་བླངས་པ་སྔོན་འགྲོ་བས། །སྒྲ་སོགས་སྟོང་པ་སྔོན་འགྲོ་བའི། །ཚངས་པར་སྤྱོད་པ་ཤིན་ཏུ་སྲུང༌། །དམ་ཚིག་དེ་ལ་རྟག་གནས་ཏེ། །དེ་སྔོན་འགྲོ་བ་སྦས་པའི་ཡིད། །སྤྱོད་དང་གྲོལ་བའི་གནས་འདོད་པའི། །ཡིད་ལ་འདོད་པ་ཀུན་འགྲུབ་འགྱུར། ཞེས་སྒྲགས་པ་ལ། གཙོ་བོའི་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིད་པར་འཚལ། ཞེས་ལན་གསུམ་བརྗོད། གསུམ་པ་གཟེངས་བསྟོད་པ་ནི། གཉིས་མེད་ཡེ་ཤེས་སེམས་


TNT07_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པས། །མི་བྱ་བ་ནི་ཅི་ཡང་མེད། །ཚངས་པར་སྤྱོད་པ་རྟག་མནོས་ལ། །འདོད་པ་ལྔ་ལ་སྤྱད་པར་གྱིས། །གཉིས་མེད་ལ་གནས་ཟས་ལ་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་བརྡས། །གཉིས་མེད་པ་དང་ཐོགས་མེད་པར། །དམ་ཚིག་སྤྱད་པ་སྤྱོད་པར་གྱིས། །སྣ་ཚོགས་དབང་ཕྱུག་ལེགས་སྤྱད་ཅིང༌། །ཚངས་སྤྱོད་བསམ་གཏན་དེ་བཞིན་ནོ། །ཁྲོ་བ་མེད་པའི་རྒྱུན་གཅོད་པ། །སྒྲུབ་པ་པོ་ནི་ཡོངས་སུ་སྲུང༌། །རྟག་ཏུ་སྒྲུབ་ལ་གནས་ནས་ནི། །ཡུལ་ཀུན་ཏུ་ནི་རྣམ་རོལ་བ། །གཉིས་མེད་སྒྲུབ་པའི་རྣལ་འབྱོར་མ། །མི་བརྟན་སྲོག་ནི་ཇི་སྲིད་བར། །བུ་ཁྱོད་ཀྱིས་ནི་སྒྲུབ་པར་བྱ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་དགར་བར་ནི་ལོངས་སྤྱོད་ཅིག །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །བསམ་ནས་ཐམས་ཅད་རབ་ཏུ་བརྟག །བདག་ཉིད་སངས་རྒྱས་ཐམས་ཅད་དང༌། །རྣལ་འབྱོར་མ་ནི་ཀུན་གྱི་དངོས། །དེ་བས་འབད་པ་ཐམས་ཅད་ཀྱིས། །ཧེ་རུ་ཀ་དཔལ་བདག་མཆོད་དོ། །འདོད་ཆགས་བྲལ་བ་ལྟ་བུ་ཡི། ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །ཞེས་སོ། འདིར་བསྲུང་བའི་དམ་ཚིག་གོ །ཞེས་འབྱུང་བའི་སྲུང་བ་ནི་སྐྱོང་བའི་དོན་ཏེ། རིག་བརྟུལ་གྱི་སྤྱོད་པའི་དམ་ཚིག་དང༌། ཐུན་མོང་མ་ཡིན་པའི་དམ་ཚིག་དང༌། གསང་བའི་དམ་ཚིག་གི་སྒོ་ནས། རྣལ་འབྱོར་ཆེན་པོར་སྔགས་པ་


TNT07_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་འདི་ཉིད་ཁོ་ན་གཟེངས་བསྟོད་ཀྱི་དོན་ནི། བཞི་པ་ལུང་བསྟན་པའི་དབུགས་དབྱུང་བ་ནི། ཧེ་རུ་ཀ་དཔལ་ལུང་སྟོན་བཞིན། །མགྲིན་གཅིག་ཏུ་ནི་ཐམས་ཅད་ཀྱིས། །འདི་ལྟར་ང་ཡིས་ལུང་བསྟན་ཏེ། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཧེ་བཛྲ་ཨཾ་ཀུ་རི་ཤྲཱི་ཧེ་རུ་ཀ་ནཱ་མ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མཱ་ཡ་སྟྭཾ་བྷུར་བྷུ་བ་སྭ། གང་ལ་ཚིགས་སུ་བཅད་པ་འདིས་དོན་གྲུབ་པའི་ཕྱག་རྒྱར་གནས་པ་ལ། མཆོག་ཏུ་གྲུབ་པའི་ཚོགས་རྣམས་མགྲིན་གཅིག་ཏུ་རྒྱལ་བ་ཐམས་ཅད་ཀྱི་ལུང་བསྟན་པར་མཛད་དོ། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་གནས་པ་དང༌། །དེར་ནི་བདུད་ལས་རྣམ་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །དེར་ནི་སངས་རྒྱས་ཉིད་ཐོབ་པར། །ཁྱེད་རྣམས་ཐེ་ཚོ་མེད་པ་ཡིན། །དབང་འདི་བསྐུར་བ་ཙམ་གྱིས་ནི། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སློབ་དཔོན་ཉིད་ཀྱི་བདེ་བ་ཡིས། །བརྟན་གཡོ་ཀུན་གྱི་དམ་ཚིག་ཡིན། ཞེས་པའོ། དེ་རྣམས་ཀྱིས་ནི་དཀྱིལ་འཁོར་ལས་རྡུལ་ཚོན་ནམ། རས་བྲིས་ཀྱི་དཀྱིལ་འཁོར་དུ་ཞུགས། བུམ་པའི་དབང་ཐོབ་པས་ལུས་ཀྱི་དྲི་མ་དག་ལམ་བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །


TNT07_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དག་པ་དྲན་པར་བྱའོ། །གཉིས་པ་བླ་མའི་མན་ངག་གིས་ཁ་འགེང་བའི་ལུགས་ལྟར་ན། རིག་པའི་དབང་གི་སྐབས་སུ་དམ་ཚིག་གསུམ་མི་སྦྱིན། སྤྱོད་པའི་བརྟུལ་ཞུགས་ཀྱི་མཐར། བརྟན་བཞུགས་མཆོད་པ་རྣམས་སྤང༌། སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ནས། རྡོ་རྗེ་ཧཱུཾ་ལས་བྱུང་བའི་རྡོར་སེམས་ཀྱི་ངོ་བོར་མོས། འདི་སྟེ་སངས་རྒྱས་སོགས་དང༌། ཐོག་མཐའ་མེད་པའི༴ སོགས་ཀྱིས་རྡོ་རྗེ་ཐུགས་ཀྱི་དམ་ཚིག་བཟུང༌། དྲིལ་བུ་ཨ་ལས་བྱུང་བའི་སྙེམས་མའི་ངོ་བོ། མོས། འདི་ནི་རྣལ་འབྱོར་མ་ཀུན༴ སོགས་བརྗོད། རང་ཉིད་རྡོར་སེམས་ཡབ་ཡུམ་དུ་བསྒོམ་ནས། ཡིད་ཀྱི་ལུས་བརྟན། སོགས་ཆུ་དབང་བསྐུར། རྡོ་རྗེ་འཆང་ཆེན་པོས་དབུ་བརྒྱན། དབང་ལྷ་སྟིམ། མཆོད་ཅིང་བརྟན་བཞུགས་བྱས་ནས། དེ་རིང་རྡོ་རྗེ་སློབ་དཔོན་གྱུར། ཞེས་སོགས་བཀའི་གནང་བ་སྦྱིན་པ་སྟེ། ལཱུ་ཡི་པའི་དཀྱིལ་ཆོག་ཏུ་རྣམ་པར་ཕྱེ་ཟིན་པ་བཞིན་ནོ། །འོན་ཀྱང་འདི་ནི་གཞུང་དོན་དང་ཅུང་ཟད་མི་འགྲིག་པས་དཀྱུས་སུ་བཤད་པ་ཉིད་བྱའོ། །གཞན་ཡང་ཕམ་ཐིང་བ་དང་རྭ་ལོའི་མན་ངག་ལ། རིག་པའི་དབང་གི་ལུས་ནང་བྱིན་གྱིས་བརློབ་པའི་དབང་གི་སྐབས། སངས་རྒྱས་རྣམས་གང་ལ་སྟིམ་པའི་གཞི་ནི། ཆུ་དང་མིང་ལ་སྤྱི་བོར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨོཾ་དང༌། ཨུ་རྒྱན་དང་དྲིལ་བུ་ལ་སྤྱི་བོར་སྣ་ཚོགས་རྡོ་རྗེ་དང༌། རྡོ་རྗེའི་དབང་ལ། མགྲིན་པར་པདྨ་འདབ་མ་བཅུ་དྲུག་པ་སོགས་བཞེད་དེ། མན་ངག་ཡིན་པའི་ཕྱིར་དེ་ལྟར་ཡང་མི་འགལ་མོད། གཞུང་གི་དགོངས་པ་ནི་དཀྱུས་སུ་བསྟན་པ་ཉིད་དོ། །གཉིས་པ་གསང་བའི་དབང་ནི། མཎྜལ་ཕུལ། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་མཆོད་པ་རྒྱ་ཆེན་པོ་དང་བཅས་ཏེ། གསོལ་བ་བཏབ་པར་མོས།


TNT07_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་བསངས་སྦྱངས་འབྲུ་གསུམ་གྱི་བྱིན་གྱིས་བརླབ། སྔགས་དང་ཕྱག་རྒྱ་ཕུལ་ནས། ཀུན་རྟོག་ཐམས་ཅད་རྣམ་སྤངས་པ། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །ཡེ་ཤེས་སྐུ་ཁྱོད་ཕྱག་འཚལ་བསྟོད། །འགྲོ་བའི་མི་ཤེས་བཅད་ནས་སུ། །དེ་ཉིད་དག་པའི་དོན་སྟོན་མཛད། །བདག་མེད་ཆོས་ལས་ཀུན་ཏུ་བྱུང༌། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །ཕ་རོལ་ཕྱིན་པའི་ཡོན་ཏན་དག །མགོན་པོ་ཁྱོད་ལས་བྱུང་བ་སྟེ། །བྱང་ཆུབ་སེམས་ལ་ཕྱག་འཚལ་བསྟོད། །དཀོན་མཆོག་གསུམ་དང་ཐེག་པ་ཆེ། ཁམས་གསུམ་འདི་དག་ཐམས་ཅད་ཀྱི། །བརྟན་དང་གཡོ་བ་ཁྱོད་ལས་བྱུང༌། །འགྲོ་བའི་དཔའ་བོ་ཕྱག་འཚལ་བསྟོད། །འགྲོ་བའི་འདོད་དོན་དངོས་གྲུབ་རྣམས། །ཡིད་བཞིན་ནོར་བུ་ལྟར་འབྱུང་ཞིང༌། །དཔལ་ལྡན་བདེ་གཤེགས་ཡེ་ཤེས་གནས། །སངས་རྒྱས་སྲས་ལ་ཕྱག་འཚལ་འདུད། ཅེས་ལན་གཅིག་གིས་བསྟོད། བདག་འཇུག་ཁོ་ན་ལ་འདི་མ་བྱས་ཀྱང་ཆོག་གོ །དེ་ནས་འདི་སྐད་ཅེས། ཡོན་ཏན་རྒྱ་མཚོ་ཁྱོད་མཐུ་ཡིས། །དེ་ཉིད་བླ་མེད་ཤེས་པར་འཚལ། །རྡོ་རྗེ་དབང་བསྐུར་ཀུན་མཁྱེན་གྱིས། །བཀའ་དྲིན་དེ་རིང་བདག་ལ་གསོལ། །བཅོམ་ལྡན་ཁྱོད་ཞབས་པདྨ་ནི། །སྤངས་ནས་གཞན་ན་སྐྱབས་མ་མཆིས། །འཁོར་བའི་འགྲོ་བ་སྤང་པའི་ཕྱིར། །དེ་བས་མགོན་པོས་བརྩེ་བར་མཛོད། །སངས་རྒྱས་


TNT07_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་གསང་བ་ཆེ། །ཇི་ལྟར་དཔལ་ལྡན་ཐུགས་རྡོ་རྗེས། །རྡོ་རྗེ་ཆོས་ནི་བསྟན་པ་བཞིན། །མགོན་པོས་བདག་ལ་བཀའ་དྲིན་སྩོལ། ཞེས་ལན་གསུམ་གསོལ་བ་བཏབ་བོ། མིག་དར་བཅིངས་འབྲུ་གསུམ་གྱིས་བདུད་རྩི་གཏོར་ལ་སྲུང་བ་བྱ། སློབ་དཔོན་རིག་མ་དང་བཅས་པ་དཔལ་ཧེ་རུ་ཀ་ཡབ་ཡུམ་དུ་གྱུར་པས། འདི་སྐད་ཅེས། བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང༌། །དམང་རིགས་མཐར་སྐྱེས་བུད་མེད་ཀུན། །གུས་དང་བཅས་པས་མཆོད་པ་དང༌། །གཉིས་མེད་ཚུལ་གྱིས་ཙུམ་པ་ནི། །དཔའ་བོ་ཁྱོད་ནི་སྤྲོ་གྱུར་ཏམ། ཞེས་དྲིས་པ་ལ། ཅི་གསུངས་དམ་ཚིག་བསྟེན་པར་ནི། །ལྷ་མོ་བདག་གིས་བྱེད་པར་ནུས། །ཞེས་ལན་བཏབ་པར་མོས། སློབ་དཔོན་གྱི་ཕྱག་གཡས་ཀྱི་རྡོ་རྗེ་དང༌། རིག་མའི་ཞབས་གཡོན་རང་གི་སྤྱི་བོར་བཞག་སྟེ། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས། བརྟུལ་ཞུགས་བཟང་པོས་འགྲོ་དོན་གྱིས། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང༌། །དམངས་རིགས་ཐ་མ་དག་སྤྱད་ཅིང༌། །པདྨའི་བྷ་གར་ཙུམ་པ་དང༌། །བདུད་རྩི་རྣམས་ནི་སྒྲུབ་པར་གྱིས། ཞེས་བཀའ་བགོས། བདུད་རྩི་གཏོར་ནས་སྲུང་བ་བྱ། བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་ཐུགས་རྗེའི་འོད་ཟེར་གྱིས། སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས། ཡབ་ཡུམ་གྱི་སྐུ་ལ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། གསང་བར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྟན་པར་བྱས་པའི་བྱང་ཆུབ་ཀྱི་སེམས་བདག་གི་


TNT07_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེ་ཐོག་ཏུ་བཞག ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གིས་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །ཡབ་ཡུམ་གྱི་སྙིང་པོའི་མཐར། ཨོཾ་ཨཱཿཧཱུཾ། བདུད་རྩི་མྱང༌། ཡུམ་གྱི་བྱང་སེམས་མྱངས་པར་མོས་ལ། གོང་བཞིན་བརྗོད་ལ་བདུད་རྩི་མྱང༌། ཨཱ་ཧོ་མཧཱ་སུ་ཁཾ། ཞེས་བརྗོད། འབྲུ་གསུམ་གྱིས་གདོང་གཡོགས་བསལ། དམ་ཚིག་སྒྲགས་པ་ནི། ཁྲག་ཆེན་པོ་ནི་ག་བུར་བཅས། །ཙནྡན་དམར་དང་ཡང་དག་སྦྱར། །དེ་བཞིན་རྡོ་རྗེའི་ཆུ་དང་བཅས། །ལྔ་པ་སེམས་ལས་བྱུང་བར་བཤད། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་ཚིག་འདི་ནི་བླ་ན་མེད། །བཟང་པོ་ཁྱོད་ཀྱིས་བསྐྱར་བར་བྱ། ཞེས་སོ། དེ་ལྟ་ན་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ་པས་ངག་གི་དྲི་མ་དག ལམ་བཟླས་པ་དང་རླུང་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། བཅོམ་ལྡན་ཞི་བ་ཆེན་པོ་ཀྱཻ། རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་བསྒྲུབས་པ་པོ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༌། །བདག་ཉིད་ཆེན་པོ་ཁྱོད་ཇི་བཞིན། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབ། ལན་གསུམ་གྱིས་གསོལ་བ་བཏབ། ཨོཾ་ཨཱཿཧཱུཾ། མིག་དར་བཅིངས་


TNT07_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རིག་དང་མཐུན་པའི་ཕྱག་རྒྱ་གཏད། འདི་ནི་བྱང་ཆུབ་སྒྲུབ་རྣལ་འབྱོར། ཁམས་ལྔ་བཅུད་ཀྱི་བདག་ཉིད་ཅན། །ཧེ་རུ་ཀ་དཔལ་རྣལ་འབྱོར་པས། །ཡང་དག་བདེ་བ་མྱང་བར་གྱིས། །བདག་ཉིད་ཧེ་རུ་ཀ་ཕྱག་གཉིས་པ་དང༌། ཕྱག་རྒྱ་རྡོ་རྗེ་ཕག་མོར་གྱུར། སྒྲུབ་ཐབས་བཞིན་མཁའ་གསང་བྱིན་རླབས་དང༌། ཡབ་ཡུམ་གཉིས་ཀྱིས་གནས་གསུམ་བྱིན་རླབས་དང༌། གནས་ལྔ་བྱིན་རླབས་རྣམས་བྱ། སངས་རྒྱས་ཐམས་ཅད་བཀུག་ནས། བདག་ཉིད་རིག་མར་བཅས་པ་ལ་ཐིམ། ཡབ་ཡུམ་སྙོམ་བར་ཞུགས་པའི་དགའ་བ་བཞིའི་ཡེ་ཤེས་བརྟན་པར་བྱས། དང་པོ་ཀུན་དགའ་དཔའ་བོ་སྟེ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །རབ་ཏུ་དགའ་བ་མ་ལུས་ཉིད། །དེ་བདེ་ཐབས་ལས་ཐམས་ཅད་རིག །ཨོཾ་ཨཱཿཧཱུཾ། གདོང་གཡོགས་དཀྲོལ། སྲོག་ཆགས་བསད་པར་མི་བྱ་སྟེ། །བུད་མེད་རིན་ཆེན་སྨད་མི་བྱ། །སློབ་དཔོན་སྨད་པར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། ཞེས་སོ། དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས། སེམས་ཀྱི་དྲི་མ་དག ལམ་དངོས་སམ་ཡེ་ཤེས་ཀྱི་རིག་མ་བསྟེན་པ་ལ་དབང༌། འབྲས་བུ་ཆོས་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དབང་བཞི་པའི་དོན་དུ་མཎྜལ་ཕུལ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བདག་ལ་བཀའ་དྲིན་སྐྱབས་དུ་གསོལ།


TNT07_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ། དེ་ལྟར་ཡང༌། ཟབ་ཅིང་རྒྱ་ཆེ་ལ་མོས་ན། ཚིག་གིས་རིན་ཆེན་དབང་བསྐུར་བྱ། །ཞེས་གསུངས་པས། བཞི་པའི་ཡེ་ཤེས་ནི། དཔལ་འཁོར་ལོ་སྡོམ་པ་ལས། ཕོ་ཉ་ལྷན་ཅིག་སྐྱེས་གྲུབ་ནི། །མཆོག་དང་འབྲིང་དང་ཐ་མ་སྟེ། །ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་སྒོམ་པར་བྱ། ཅེས་དང༌། བཤད་པའི་རྒྱུད་ལས་ཀྱང༌། དངོས་དང་དངོས་མེད་བྲལ་བ་ཡི། །དེ་ཉིད་རྣལ་འབྱོར་པས་སྒོམ་བྱ། །དངོས་དང་དངོས་མེད་ལས་གྲོལ་བ། །སྒོམ་ན་མྱུར་དུ་འགྲུབ་པར་འགྱུར། ཞེས་དང༌། རྒྱུད་གཞན་ལས་ཀྱང༌། ཡེ་ཤེས་འདི་ནི་ཆེ་ཕྲ་ཞིང༌། །རྡོ་རྗེ་སྙིང་པོ་མཁའ་དང་མཚུངས། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། ཁྱོད་ཀྱིས་ཕ་ནི་ཁྱོད་ཉིད་དོ། །ཞེས་བསམ་གྱིས་མི་ཁྱབ་པ་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད། སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་ནི་དབང་བཞི་པ་སྟེ། གཉིས་མེད་ཡེ་ཤེས་དབང་བསྐུར་ནི། །གསང་བ་ཀུན་ལ་སོགས་པར་བཤད། །ཅེས་གཞུང་ལས་གསུངས་ཤིང༌། དེ་མཚོན་པར་བྱེད་པ་ནི་ཕྱག་རྒྱ་གཏད་པའི་དབང་བསྐུར་ཤེས་རབ་ཡེ་ཤེས་སོ། །དམ་ཚིག་སྒྲགས་པ་ནི། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོང༌། །ཕ་རོལ་བུད་མེད་བསྟེན་པར་བྱ། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ་པས། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག སྒོ་གསུམ་མི་ཕྱེད་པ་རྡོ་རྗེ་ལྟ་བུར་གྱུར། ལམ་བསམ་མི་ཁྱབ་ཀྱི་རིམ་པ་སྒོམ་པ་ལ་དབང་


TNT07_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དབང་རྣམས་ཀྱི་ཐུན་མོང་དུ་རྗེས་གནང་སྦྱིན་པ་ནི། བྱང་ཆུབ་སྙིང་པོའི་མཐར་ཐུག་པར། །ཆོས་ཀྱི་འཁོར་ལོ་ཀུན་ཏུ་ནི། །ཆོས་ཀྱི་འཁོར་ལོ་བླ་མེད་པ། །ཀུན་ནས་རབ་ཏུ་སྐོར་བར་གྱིས། །ཤེས་རབ་ཐབས་ཀྱི་རང་བཞིན་བདག །ཡིད་བཞིན་ནོར་བུ་ཇི་བཞིན་དུ། །སྐྱེ་མེད་དགོས་དང་བྲལ་བ་ཡིས། །ད་ནི་སེམས་ཅན་དོན་རྣམས་ཀྱིས། ཞེས་སོ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། སོགས་ལན་གསུམ། བཀའ་དྲིན་གཏང་རག་གི་མཎྜལ་ཕུལ་ཏེ། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་འགྱུར་ཏོ། །ཞེས་དང༌། དེང་ནས་བརྩམ་ཏེ། སོགས་དགེ་བ་བསྔོའོ། །དགུ་པ་སློབ་མ་ལ་དབང་བསྐུར་བ་ནི། ཕལ་ཆེར་བདག་འཇུག་གིས་རིགས་འགྲེ་བ་ཡིན་ལ། སློབ་མ་རྣམས་གྲལ་དུ་འདུས་མ་ཐག་ཏུ། དཀྱིལ་འཁོར་ལ་བྱེད་པ་བཞིན་བགེགས་སྦྱང་རྒྱས་པ་དེ་བྱ། དཀྱིལ་འཁོར་དུ་འཇུག་པའི་སྐབས་ཀྱི་སྡོམ་པ་མདོར་བསྟན་དང༌། དམ་རྫས་སྦྱིན་པ་སོང་མཚམས་སུ། བུ་ཚུར་ཐེག་པ་ཆེན་པོ་ཡི་སོགས་བརྗོད། ཕྱོགས་བཞི་ཕྱག་འཚལ་གྱིས་སྐབས། མཁའ་འགྲོ་མ་བཞིའི་སྔགས་ཀྱིས་ཁྲིད་ནས་སྒོ་ཕྱེ་བ་ཡིན་ཏེ། དང་པོར། ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཅེས་ཕྱི་རོལ་ནས་སློབ་མ་ཁྲིད་པར་མོས། སྔགས་དེ་ཉིད་དམ་བཛྲ་ཨུད་གྷ་ཊའི་སྔགས་ཀྱི་སྒོ་ཕྱེ་ནས། ཤར་སྒོའི་ཕྱག་འཚལ་བྱེད་པ་སོགས་ཏེ་གཞན་ལའང་རིགས་འགྲེ། ཡེ་ཤེས་འབེབས་པའི་སྦོག་ཆོག་ནི། སློབ་དཔོན་གྱི་ཐུགས་ཀ་ནས་རྡོ་རྗེ་རྒྱ་གྲམ་དམར་པོ་ལས་འོད་འཕྲོས་


TNT07_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཤངས་བུག་གཡས་ནས་ཐོན་སློབ་མའི་སྣ་བུག་གཡས་ནས་ཞུགས། དཔྲལ་པར་རྡོ་རྗེ་རྒྱ་གྲམ་དམར་པོ་འོད་འཕྲོ་བར་གྱུར། ཡེ་ཤེས་སེམས་དཔའ་ཨཱ་ལི་ཀཱ་ལིའི་རྣམ་པར་སྤྱན་དྲངས་ཏེ་སྟིམ་པས། ལུས་ཀྱི་ནང་སྔགས་ཀྱི་ཡིག་འབྲུས་གང་བ་ལ་སེམས་གཏད་དེ། རོལ་མོའི་སྒྲ་བྱ། དེས་ཀྱང་མ་ཕེབས་ན་སྤྱི་བོར་བླ་མ་རྡོ་རྗེ་སེམས་དཔའ་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པའི་འོད་ཟེར་གྱིས་ལུས་ཀྱིས་ནང་གང་བར་བསམ་པའོ། །ཞེས་པ་བླ་མ་རྣམས་ཀྱིས་མན་ངག་གོ །ཡེ་ཤེས་ཕབ་པ་བརྟན་བྱེད་བྱས་མ་ཐག་ཏུ་ནམ་མཁའི་ཁ་དོག་དྲིས་ནས། ཁ་ཏོག་དང་མཐུན་པའི་ལས་དང་དངོས་གྲུབ་ཀྱང་ལུང་སྟོན་པ་དགོས་སོ། །ལྷ་ངོ་བསྟན་པ་ལ་ངེས་པར་མངོན་རྟོགས་རྒྱས་པར་སྟོན་དགོས་ལ། བྱུར་བསལ་བའི་སྔོན་དུ། བགེགས་སྦྱང་བ་བྱས་ཀྱང་རུང་ཞིང་ལེགས་ལ། འདིར་བྱས་ན་གོང་དུ་བགེགས་སྦྱར་བ་མི་དགོས་སོ། །གང་ལྟར་ཡང་བདག་འཇུག་གི་སྐབས་སུ་བཤད་པའི་བྱུར་བསལ་བ་དེ་སོང་མ་ཐག་ཏུ། ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྡིག་པ་སྦྱང་བ་ངེས་པར་བྱེད་དགོས་སོ། །ཤིས་བརྗོད་ཀྱི་སྐབས་སུ་འགྲུབ་ན། ཤ་དང༌། ཆང་དང༌། གོང་བུ་དང་ཁུ་བའི་རྫས་སྣ་ཚོགས་པ་བྱིན་གྱིས་རླབས་ཏེ། སློབ་མའི་མཐའ་ཡང་བསྐོར། དབང་གི་ལྷ་རྣམས་ལ་གཏོར་མའི་ཚུལ་དུ་འབུལ་བ་ཡང་བྱ་ཞིང༌། གང་ལྟར་ཡང་རྣམ་རྒྱལ་བུམ་པ་བཏེག་ཅིང་མཆོད་པ་སྣ་ཚོགས་དང་བཅས་ནས་བྱའོ། །སྤྲོ་ཞིང་ནུས་ན་སློབ་དཔོན་དང་སློབ་མའི་ལུས་དཀྱིལ་གསལ་འདེབས་པའི་སྐབས་ཀྱང་རྒྱས་པར་བརྗོད་ན་ལེགས་སོ། །འདི་དག་ཞིབ་མོར་ལག་ལེན་དང་ངག་རྒྱུན་ལས་ཤེས་པར་བྱའོ། །ཁྱད་པར་དངོས་སུ་དབང་སྟེགས་འཆའ་ཐུབ་ན་ཤིན་ཏུ་ལེགས་ཏེ་དཀྱིལ་ཆོག་ཐམས་ཅད་ཀྱི་དགོངས་པ་ཡིན་ལ། ཁྱད་པར་གཞུང་འདི་ལས་སློབ་མའང་རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་པ་སོགས་ཆས་སུ་འཇུག་པར་བཤད་དོ། །མིང་དབང་སྐབས་མིང་འདོགས་པ་ལ། བཞད་དང་


TNT07_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྒེག་རོལ་ངོ་མཚར་ཞེ་སྡང་དང༌། །རྡོ་རྗེ་སེམས་དཔའ་རང་བྱུང་རྡོ་རྗེ་སོགས། རྡོ་རྗེའི་རིགས་མེད་དེ་ཉིད་བུད་མེད་ལ། །བདག་མེད་ངོ་མཚར་བདེ་མ་སྒེག་མོའོ། །ཡེ་ཤེས་རྟག་པ་གཏི་མུག་རྣམ་སྣང་དང༌། །སྒྱུ་འཕྲུལ་སྐུ་དང་སངས་རྒྱས་དེ་བཞིན་གཤེགས། །རྣམ་སྣང་རིགས་ཡིན་དེ་བཞིན་བུད་མེད་ལ། །རྡོ་རྗེ་སྤྱན་མ་མཁའ་འགྲོ་མ་སྒྱུ་མ། །ཡན་ལག་མེད་དང་དགའ་བ་ཤིན་ཏུ་བདེ། །གཟི་བརྗིད་སྣང་བྱེད་རྡོ་རྗེ་རིན་ཆེན་ལའོ། །བུད་མེད་ལ་ནི་རྡོ་རྗེ་འབར་མ་དང༌། །མགྱོགས་མ་རོ་ལངས་མ་དང་ལྕགས་ཀྱུ་མའོ། །པདྨ་པད་མྱུག་འདོད་ཆགས་འཇིག་རྟེན་མགོན། །པདྨ་གར་དབང་དང་ནི་རྡོ་རྗེ་ཆོས། །པདྨའི་རིགས་ལའོ་རྡོ་རྗེ་ཕྲེང་བ་མ། །སྒེག་མོ་བཞད་མོ་འཁྱུད་མ་བུད་མེད་ལའོ། །ནམ་མཁའ་ཤེས་རབ་མྱུ་གུ་རྟ་མཆོག་དང༌། །དོན་ཡོད་དོན་ཡོད་གྲུབ་པ་ལས་ཀྱི་སྟེ། །རྡོ་རྗེ་སྒྲོལ་མ་གར་མ་ཀོང་ཀ་ན། །དོ་ཤལ་མ་སྟེ་ལས་རིགས་བུད་མེད་དོ། །རྣམ་རྒྱལ་དཔེ་མེད་རོ་མཉམ་བདེ་ཆེན་དང༌། །དམ་པ་དང་པོ་ཕྱག་ན་རྡོ་རྗེ་ནི། །རྡོ་རྗེ་འཆང་གི་རིགས་ཀྱི་སྐྱེས་པའི་མིང༌། །རྡོ་རྗེ་སྙེམས་མ་རྡོ་རྗེ་མཚོན་ཆ་མ། །ཤེས་རབ་ཕ་རོལ་ཕྱིན་མ་སོགས་བུད་མེད། གཞན་ཡང་མེ་ཏོག་གང་ལ་ཕོག་པ་ཡི། །མཚན་ཡང་ཇི་ལྟར་འོས་པ་གདགས་སུ་རུང༌། །རྒྱས་པར་རྡོ་རྗེ་གུར་ལས་ཤེས་པར་བྱ། །ཞེས་བྱའོ། །སྤྱོད་པའི་བརྟུལ་ཞུགས་རྒྱས་པ་ནི་གཞན་དུ་ཤེས་པར་བྱའོ། །བཅུ་པ་རྗེས་ཀྱི་བྱ་བ་ནི། སྦྱིན་སྲེག་དང་འཁོར་ལོའི་མཆོད་པ་སོགས་བྱས་ནས། ཡང་དཀྱིལ་འཁོར་ལ་མཆོད་པ་རྒྱ་ཆེར་བཤམས། བྱིན་གྱིས་བརླབས། མཆོད་ཡོན་སོགས་སྔགས་ཙམ་མམ་ཚིགས་བཅད་དང་བཅས་པས་ཀྱང་རུང་སྟེ་ཕྱི་མཆོད་ཕུལ། རིག་མ་བཅུ་དྲུག་དང་ནང་མཆོད་དང་གསང་མཆོད་རྣམས་སྔགས་ཙམ་གྱིས་བྱ། རྐང་བརྒྱད་གཉིས་ཀྱིས་བསྟོད། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ཅག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ་མཛད་པའི་འཕྲིན་ལས་བསམ་གྱིས་


TNT07_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང༌། བླ་མ་གོང་མ་རྣམས་ཀྱིས་ཐུགས་དགོངས་རྫོགས་ཤིང༌། ཞལ་བཞུགས་པ་རྣམས་སྐུ་ཁམས་བཟང་བ་དང༌། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་དང་བཅས་པས་ཐོག་དྲངས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་རྫོགས་སྒྲིབ་པ་དག་ནས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། ལྷོ་ཕྱོགས་ནས་ཡི་གེ་བརྒྱ་པ་བཟླས། མ་འབྱོར་པ་དང་སོགས་སམ། མ་རྙེད་ཡོངས་སུ་མ་ཤེས་དང༌། ཞེས་སོགས་ཀྱིས་བཟོད་པར་གསོལ་ལོ། །བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས། སེམས་སྒྲིབ་པ་དང་ལྡན་པ་དང༌། ཡོ་བྱད་མ་ཚང་བ་དང༌། ཏིང་ངེ་འཛིན་མི་གསལ་བ་དང༌། སྔགས་མ་དག་པ་དང༌། ཆོ་ག་ལྷག་པ་དང་ཆད་པ་ཐམས་ཅད་ཁ་སྐོང་ཞིང༌། བདག་ཅག་གི་ལམ་དང་དངོས་གྲུབ་ཀྱི་བར་ཆད་དུ་མི་འགྱུར་བར་མཛད་དུ་གསོལ། བདག་གི་ལས་དང་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་འགྲུབ་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ་བ་གདབ་བོ། །རས་བྲིས་ཀྱི་དཀྱིལ་འཁོར་ཡིན་ནམ། མ་ཡིན་ཀྱང་རྟེན་གཞན་ཡོད་ན་བརྟན་བཞུགས་བྱ་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་


TNT07_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་སྐུ་གཟུགས་ཀྱི་རྟེན་འདི་རྣམས་ལ། ཞེས་སམ། རས་བྲིས་ཀྱི་དཀྱིལ་འཁོར་ལ་ཞེས་སམ། སྐུ་གཟུགས་ཀྱི་རྟེན་འདི་རྣམས་དང་རས་བྲིས་ཀྱི་དཀྱིལ་འཁོར་ལ། ཞེས་གང་འོས་སྐབས་དང་སྦྱར་ཏེ། བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད། ཇི་སྲིད་འབྱུང་བ་ཆེན་པོ་ས་ཆུ་མེ་རླུང་གི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ། ཞེས་མེ་ཏོག་གཏོར། རྡུལ་ཚོན་གྱི་དཀྱིལ་འཁོར་ཡིན་ལ་གཞན་རྟེན་སྐུ་སོགས་མེད་ཅིང༌། སྒྲུབ་མཆོད་ཞག་སྦྲེལ་བྱེད་པའི་སྐབས། ཉི་མ་སྔ་མ་རྣམས་ལ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟེན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་པ་ཙམ་གྱི་བརྟན་བཞུགས་བྱ། རྡུལ་ཚོན་གཤེགས་གསོལ་གྱི་ཉིན་མོ་དེ་ཡང་མི་དགོས་སོ། །དེ་ནས་གཤེགས་གསོལ་ནི། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུཾ་བཛྲ་མུཿ ཞེས་ཏེ་ཞག་སྦྲེལ་མར་བྱེད་པའི་ཉི་མ་སྔ་མ་རྣམས་ལ་ནི། རྟེན་ལ་མ་བརྟེན་པའི་མགྲོན་ཁོ་ན་[དེ་ཡང་]གཤེགས་སུ་གསོལ་བ་ཡིན་ཞིང༌། རས་བྲིས་ཀྱི་དཀྱིལ་འཁོར་བསྡུ་བའི་སྐབས་


TNT07_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན། དེ་སྟེང་དུ་བུམ་བསྐྱེད་ཀྱང་གཤེགས་དགོས་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་བསྡུ་བའི་དུས་ནི་དཀྱིལ་འཁོར་བ་ཡང་གཤེགས་པ་ཡིན་ཏེ། དེ་ཡང་བཛྲ་མུཿ ཡན་གྱིས་མགྲོན་རྣམས་གཤེགས། བུམ་བསྐྱེད་དང་དཀྱིལ་འཁོར་གྱི་ལྷ་ནི་གཏན་ལས་འཕགས་ཏེ་ནམ་མཁར་བཞུགས་པ་ལ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅་ཧཾ། ཞེས་རྣམ་ལྔ་འདོད་སྐོར་དང༌། འཁྱུད་རྒྱ་བྱས་པས། དེ་རྣམས་རང་ཉིད་ལ་ཐིམ་པར་མོས། དེ་ལྟར་ལན་གསུམ་བྱས་ནས་རྡོ་རྗེའི་རྩེ་མོས་རྩིག་པ་དང་ཐིག་གི་ལམ་དབྱེ་ཞིང༌། ལྷ་མཚན་རྣམས་ལོགས་སུ་བསྡུ་དོན་དུ་གཉེར་བ་ཉིད་ན་ཅུང་ཟད་སྦྱིན། རྡུལ་མཚོན་རྣམས་བུམ་པ་ལ་སོགས་པར་བླུགས་ཏེ། བཀུར་བསྟི་དང་བཅས་པའི་ཆུ་བོར་སྤྱན་འདྲེན། རྡུལ་ཚོན་ཀླུ་ལ་གཏད། བུམ་པར་ཆུ་བོ་དེ་ནས་ཆུ་བླངས་ཏེ། ཐིག་རྣམས་བསྲུབས། ཕུར་བུ་དབྱུང་ངོ༌། །དེ་དག་གི་ཆོ་ག་གཞན་ནི་སྤྱི་དང་མཐུན་ལ། ཕུར་བུ་ནི་རང་རང་གི་སྔགས་ཀྱིས་བཏོན་ལ། ཤུལ་དུ་མར་དང་སྦྲང་རྩིས་བྱུག་མཐར་སྨོན་ལམ་མང་དུ་གདབ། བཀྲ་ཤིས་རྒྱ་ཆེར་བྱའོ། །རས་བྲིས་ཀྱི་ཕྱོགས་ལ་ནི། བརྟན་བཞུགས་བྱས་མ་ཐག་ཏུ་སྨོན་ལམ་དང་བཀྲ་ཤིས་བྱའོ། །འདིར་སྨྲས་པ། སྤྱོད་འཆང་ཞབས་ཀྱི་གཞུང་ལུགས་རྟོགས་དཀའ་ཏེ། །ཕྱོགས་འདིར་འགྲེལ་བརྩམས་པ་མང་ཡོད་ཀྱང༌། །རྣམ་བཤད་ཕལ་ཆེར་འཁྱོག་པོའི་ལམ་དུ་འདྲེན། །དཀྱིལ་ཆོག་རྣམས་ཀྱང་རང་བཟོའི་བཟློས་གར་སྒྱུར། །དགོངས་འགྲེལ་སྒྱུ་མ་མཁན་པོའི་རྣམ་འཕྲུལ་གྱིས། །དོན་གཉེར་སྐྱེ་བོའི་བློ་མིག་ལན་བརྒྱར་བསླངས། །རང་རང་མཐུན་ཕྱིར་གཞུང་ཚིག་དཀྲུག་པ་དང༌། འཁྱོག་བཤད་མང་པོས་གཞུང་བཟང་དྲི་མར་བྱས། མཁས་མཆོག་རྡོ་རྗེ་འཛིན་པར་གྲགས་འགས་ཀྱང༌། །འདི་དོན་ཇི་བཞིན་གསལ་བར་མ་རྟོགས་ན། །ཕྲག་དོག་ཅན་གྱི་བླུན་པོ་མཁས་འདོད་


TNT07_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

འགས། །འདི་དོན་ཤེས་སུ་རེ་བ་ཧ་ཅང་འཁྲུལ། །དེ་སླད་ནག་པོའི་དགོངས་དོན་ཇི་བཞིན་དུ། །དག་ཅིང་གསལ་ལ་མ་འཁྲུགས་གོ་བདེ་བ། །མདོར་བསྡུས་ཚིག་གིས་གཞུང་ཆེན་ཤེས་པ་འདི། །གྲུབ་པའི་དབང་ཕྱུག་གང་དེའི་སྨོན་ལམ་མཐུ། །འདི་ལས་དགེ་བ་གང་ཞིག་ཐོབ་གྱུར་པ། །དེ་ནི་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །བདག་ཀྱང་འཁོར་བ་ཇི་སྲིད་གནས་ཀྱི་བར། །སྲིད་པར་གནས་ནས་སེམས་ཅན་དོན་སྒྲུབ་ཤོག །ཅེས་སློབ་དཔོན་ཆེན་པོ་སྤྱོད་པ་པའི་ལུགས་ཀྱི། དཀྱིལ་འཁོར་ཆོ་གའི་ལག་ལེན་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས་ཞེས་བྱ་བ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ནགས་རྒྱལ་གྱི་དབེན་གནས་སུ་སྦྱར་བའོ། །ལཱུ་ཡི་པའི་དབང་ཆོག་ཀྱང་ནག་པོ་སྤྱོད་པའི་དཀྱིལ་ཆོག་ལ་གཞི་གདན་བྱེད་ཕྱིན་ཆད། དཀྱིལ་ཆོག་གཞན་དང་གོ་བསྟུན་མ་སྦྱར་བར། འདིར་བཤད་པ་ཁོ་ན་བཞིན་བྱས་ན་ཡང་ཤིན་ཏུ་ལེགས་པ་ཡིན་ནོ། །དགེ་ལེགས་འཕེལ།། །།མངྒ་ལཾ། དགེ་ལེགས་ཚོགས་གཉིས་བྱེ་བས་བསྐྲུན་པའི་སྐུ། །མཆོག་སྤྲུལ་དགེ་འཕེལ་ཐུབས་བསྐྱེད་ཆུ་གཏེར་ལས། །ཆུ་སྦྱོར་ཆོས་སྦྱིན་ནོར་བུའི་གཟི་བྱིན་གྱིས། ཁམས་གསུམ་འགྲོ་བའི་རྒྱུད་པ་དབྱིངས་སུ་ཞི། །ཕ་ཡབ་བརྩོན་ལོ། མ་ཡུམ་སྒྱོ་མོ་སོགས། འབྲེལ་ཚད་ཕྲ་རགས་འཁོར་བའི་མཚོ་ལས་སྒྲོལ། འོད་གསལ་གདོད་མའི་ལྷ་སྐུ་མྱུར་མཛོད་ཏེ། བཅུ་གསུམ་ལ་མངའ་དང་ཡོངས་བསྒྱུར་ཤོག །

འཁོར་ལོ་སྡོམ་པའི་སྒྲུབ་ཐབས་ལཱུ་ཡི་པའི་ལུགས་བདེ་ཆེན་འཇུག་ངོགས།


TNT07_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྡོམ་པའི་སྒྲུབ་ཐབས་ལཱུ་ཡི་པའི་ལུགས་བདེ་ཆེན་འཇུག་ངོགས་བཞུགས།


TNT07_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟྭི། བདེ་ཆེན་སྲིད་ཞི་ཀུན་གྱི་ཁྱབ་བདག་ནི། །འགྱུར་བྲལ་རྡོ་རྗེ་བཞི་ཡི་རྣམ་རོལ་གྱིས། མཁའ་མཉམ་སྲིད་འདིར་ནམ་ཡང་དག་པའི་རྒྱུན། །རྟག་ཏུ་སྤྲོ་མཛད་ཟུང་འཇུག་དེ་ལ་འདུད། །ཧེ་རུ་ཀ་དཔལ་རྡོ་རྗེ་སློབ་དཔོན་ལ། །དངོས་པོ་ཀུན་གྱིས་ལན་བརྒྱར་ཕྱག་འཚལ་ནས། །རྟགས་པའི་རིམ་པ་ལས་ཀྱང་གདོད་མའི་ཚུལ། །མངོན་དུ་བྱེད་པའི་ཐབས་འདི་འཆད་པར་འདོད། །གྲུབ་པའི་དབང་ཕྱུག་འབུམ་གྱིས་ལེགས་བཏུད་པ། །རྣལ་འབྱོར་དབང་ཕྱུག་ལཱུ་ཡིའི་བཞེད་དོན་གང༌། །འཁོར་ལོའི་དབང་ཕྱུག་སྒྲུབ་པའི་ཐབས་བཟང་པོ། །རིག་སྔགས་དབང་ཕྱུག་རྣམས་ཀྱིས་བརྟེན་པར་འོས། །དང་པོར་སྣང་བ་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེར་ཤེས་པས། དབང་བསྐུར་བའི་དམིགས་པ་དང་བཅས་ཏེ་ཁྲུས་བྱ། དེ་ནས་རྣལ་འབྱོར་ལ་འཇུག་པའི་ཐོག་མར། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་ཡི་གེ་བརྒྱ་པས་རྒྱུད་སྦྱང་བ་རྣམས་བྱ་སྟེ། དེ་ཡང་འདི་སྐད་ཅེས། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་


TNT07_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་ལ་སོགས་པ་བྱ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་རླབས་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ལམ་ཟབ་མོ་བསྒོམ་པར་


TNT07_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིའོ། །ལན་གསུམ། ཀྱེ་མ་སེམས་ཅན་སྡུག་བསྔལ་ཞིང༌། །ཀུན་རྟོག་ལ་ནི་མངོན་པར་ཞེན། །དེ་ཡི་རྟོག་པ་གཞོམ་ཕྱིར་བདག །དཔལ་ལྡན་ཧེ་རུ་ཀ་སྒོམ་བྱ། །གཞན་ཡང་སྤྲོ་ན་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཚིགས་བཅད་ཅི་རིགས་པ་བརྗོད་པར་བྱའོ། །རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གི་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། ཕྱག་རྒྱ་ལྔས་བརྒྱན་པ། ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་དཀར་པོ་དེ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩིར་སྤྱན་དྲངས་ནས་ཧཱུཾ་ལ་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མཱ་ཡ་མ་ནུ་པཱ་ལ་ཡ། བཛྲ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷཱ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷིཾ་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ་ཀུ་རུ་


TNT07_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན་བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀོ་བྷ་ཝ་མཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ། ཞེས་ཅི་ནུས་སུ་བཟླས་པའི་མཐར། མགོན་པོ། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱོབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་རླབས་ཏུ་གསོལ། ཞེས་གསོལ་བ་བཏབ། རྡོར་སེམས་ཡབ་ཡུམ་རང་ལ་ཐིམ་པར་བསྒོམ་མོ། །རྣལ་འབྱོར་དངོས་ལ་དབྱེ་ན། མཉམ་གཞག་དང༌། མཉམ་ལངས་གཉིས་སོ། །ང་པོ་ལ་དགུ་སྟེ། གནས་སམ་གཞིའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར། འཇུག་པའི་རྣལ་འབྱོར། ཡོངས་སུ་རྫོགས་པའི་རྣལ་འབྱོར། བྱིན་གྱིས་བརླབ་པའི་རྣལ་འབྱོར། ཏིང་ངེ་འཛིན་གྱི་རྣལ་འབྱོར། མཆོད་པའི་རྣལ་འབྱོར། ཉེ་བར་བསྡུ་བའི་རྣལ་འབྱོར་རོ། །དང་པོ་ལ། རང་བཞིན་གྱི་གཞི་དང་ལམ་གྱི་གཞི་གཉིས་སོ། །དང་པོ་ནི་དམ་རྫས་ཀྱི་རིལ་བུ་ཁར་བཅུག་པའམ། ནང་མཆོད་བྱིན་གྱིས་རླབས་ནས་ལྕེ་ལ་བཞག་ཅིང༌། མི་བཟད་པའི་དུར་ཁྲོད་ཆེན་པོའི་དབུས་སུ་མི་རོའི་གདན་ལ་འདུག་པར་བསམ་ནས། འདི་སྐད་ཅེས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཡིད་དག་པའོ། །རང་སྐད་ཅིག་གིས་འཁོར་


TNT07_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བདེ་མཆོག་ཞལ་གཅིག་ཕྱག་གཉིས་པའི་རྣམ་པ་ཅན་དུ་གྱུར། བདག་ཉིད་དཔལ་ཧེ་རུ་ཀ་སྟེ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱའོ། །ཤྲཱི་ཧེ་རུ་ཀོ྅་ཧཾ། ལན་གསུམ། ལུས་དག་པའོ། །ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ། ལན་གསུམ། ལྟེ་བར་འོད་ཟེར་ལྔ་དང་ལྡན་པའི་ཨཱ་ལི་གཡས་བསྐོར་དང་ཀཱ་ལྀ་གཡོན་བསྐོར་དུ་ལན་གསུམ་གྱིས་བསྐོར་ནས་གནས་པ་ལས། འཁོར་ལོ་གསུམ་གྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྲོས། ཨོཾ་ཨཱཿཧཱུཾ་ཨཱ་ལྀ་ལས་སྤྲོས་པ་རྣམས་སྣ་བུག་གཡས་དང༌། ཀཱ་ལྀ་ལས་སྤྲོས་པ་རྣམས་གཡོན་ནས་མཐོན་ཏེ། བགེགས་ཀྱི་ཚོགས་རྣམས་བཅོམ། ཨོཾ་ཨཱཿཧཱུཾ། སླར་ཡང་ལྟེ་བའི་སྔགས་འཕྲེང་ལ་ཐིམ། ངག་དག་པའོ། །ལུས་ངག་ཡིད་གསུམ་དག་པས། རྣལ་འབྱོར་གྱི་དབང་ཕྱུག་ཏུ་འགྲོ་བའི་ཕྱིར། གཞུང་ལས། དང་པོར་རེ་ཞིག་རྣལ་འབྱོར་དབང་ཕྱུག་གི །ཞེས་གསུངས་པས་འདི་བསྟན་པར་ལྭ་བའི་ཞབས་ཀྱིས་བཤད་དོ། །ལམ་གྱི་གཞི་ལ་ཚངས་པའི་གནས་གཞི་སྒོམ་པ། ཕུང་ཁམས་ལྷར་དག་པ། སྲུང་བའི་འཁོར་ལོ་བསྒོམ་པ། སྦྱོར་བ་ཚོགས་གཉིས་བསགས་པ་སྟེ་བཞི་ལས། དང་པོ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་


TNT07_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་པ་ལ་གནས་པར་གྱུར་ཅིག གཉིས་པ་ནི། གཟུགས་ཀྱི་ཕུང་པོ་ལ་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ལ་རྡོ་རྗེ་ཉི་མ་འོ། །འདུ་ཤེས་ཀྱི་ཕུང་པོ་ལ་པདྨ་གར་གྱི་དབང་ཕྱུག་གོ །འདུ་བྱེད་ཀྱི་ཕུང་པོ་ལ་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ལ་རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ནི་ཤྲཱི་ཧེ་རུ་ཀ་རྡོ་རྗེའོ། །མིག་གཉིས་ལ་གཏི་མུག་རྡོ་རྗེའོ། །རྣ་བ་གཉིས་ལ་ཞེ་སྡང་རྡོ་རྗེའོ། །སྣ་ལ་ཕྲག་དོག་རྡོ་རྗེའོ། །ལྕེ་ལ་འདོད་ཆགས་རྡོ་རྗེའོ། །ལུས་ལ་སེར་སྣ་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་དབང་ཕྱུག་རྡོ་རྗེའོ། །སའི་ཁམས་ལ་ལྟུང་བྱེད་མའོ། །ཆུའི་ཁམས་ལ་གསོད་བྱེད་མའོ། །མེའི་ཁམས་ལ་འགུགས་བྱེད་མའོ། །རླུང་གི་ཁམས་ལ་པདྨ་གར་གྱི་དབང་ཕྱུག་མའོ། །ནམ་མཁའི་ཁམས་ལ་པདྨ་དྲ་བ་ཅན་ནོ། །དེ་ཐམས་ཅད་ཀྱང་སྟོང་ཉིད་ཡེ་ཤེས་རྡོ་རྗེ་དོན་དམ་པའི་ལྷའི་བདག་ཉིད་དོ། །ཞེས་བརྗོད། བསྡུ་ན་དེ་ཙམ་གྱིས་ཆོག་སྟེ། ང་རྒྱལ་ལ་སླབ་པའོ། །རྒྱས་པ་ལ་མོས་ན་རྣམ་པ་ལ་སླབ་པར་བྱ་སྟེ། །སྔ་མའི་རྗེས་ཐོགས་ཉིད་དུ་འདི་སྐད་ཅེས། མགོ་བོར་གཟུགས་ཕུང་བྷྲུཾ་ཡིག་ལས། །རྣམ་སྣང་དཀར་པོ་གཡས་འཁོར་ལོ། །ལྟེ་བར་ཚོར་ཕུང་ཨཾ་རྡོ་རྗེ། །ཉི་མ་སེར་པོ་གཡས་རིན་ཆེན། །མགྲིན་པར་འདུ་ཤེས་ཧྲཱིཿདམར་པོ། །པདྨ་གར་དབང་གཡས་པདྨ། །ལོང་བུར་འདུ་བྱེད་ཧཱ་ལྗང་ཁུ། །རྒྱལ་པོ་སྣ་ཚོགས་རྡོ་རྗེ་གཡས། །སྙིང་གར་རྣམ་ཤེས་ཧཱུཾ་དཀར་ལས། །རྡོ་རྗེ་


TNT07_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྡོ་རྗེ་གཡས། །ཕུང་པོ་ལྔ་ནི་རོ་མཉམ་པ། །སྤྱི་གཙུག་ཧི་ཡིག་དེ་གཞིན་ཉིད། །ཧེ་རུ་ཀ་ནག་གཡས་རྡོ་རྗེ། །མིག་ཏུ་ཨོཾ་ལས་དཀར་པོ་ནི། །གཏི་མུག་རྡོ་རྗེ་གཡས་འཁོར་ལོ། །རྣ་བར་ཧཱུཾ་ལས་ནག་པོ་ནི། །ཞེ་སྡང་རྡོ་རྗེ་རྡོ་རྗེ་གཡས། །སྣར་ནི་ཏྲཾ་ལས་སེར་པོ་སྟེ། །སེར་སྣ་རྡོ་རྗེ་གཡས་ནོར་བུ། །ལྕེ་རྩར་ཨཱཿལས་དམར་པོ་སྟེ། །འདོད་ཆགས་རྡོ་རྗེ་གཡས་པད་མ། །དཔྲལ་པར་ཁཾ་ལས་ལྗང་ཁུ་སྟེ། །ཕྲག་དོག་སྣ་ཚོགས་རྡོ་རྗེ་གཡས། །སྙིང་གར་ཧཾ་ལས་དཀར་པོ་སྟེ། །དབང་ཕྱུག་དང་པོའི་རྡོ་རྗེ་འཛིན། །ཕུང་པོ་སྐྱེ་མཆེད་ལྷ་དེ་རྣམས། །ཀུན་ཀྱང་གཡོན་པས་དྲིལ་བུ་འཛིན། །དབུ་རྒྱན་རལ་པའི་ཅོད་པན་འཛིན། །ས་ཁམས་སེར་པོ་ལྟེ་བར་ལཾ། །ལྟུང་བྱེད་འཁོར་ལོ་གཡས་དང་པོའོ། །ཆུ་ཁམས་ནག་པོ་སྙིང་གར་མཱཾ། །གསོལ་བྱེད་རྡོ་རྗེ་གཡས་དང་པོའོ། །མེ་ཁམས་དམར་པོ་མགྲིན་པར་པཾ། །འགུགས་བྱེད་པདྨ་གཡས་དང་པོའོ། །རླུང་ཁམས་ལྗང་ཁུ་དཔྲལ་པར་ཏྭཱཾ། །གར་དབང་རལ་གྲི་གཡས་དང་པོའོ། །དེ་རྣམས་ཕྱག་བཞི་གཡས་འོག་མའི། །གྲི་གུག་འཛིན་ཅིང་གཡོན་གཉིས་ན། །ཐོད་པ་དང་ནི་ཁ་ཊྭཾ་འཛིན། །མཁའ་ཁམས་དུད་ཁ་གསང་བར་ཁཾ། །ཞལ་གསུམ་ཕྱག་དྲུག་དྲ་བ་ཅན། །དུང་དཀར་དམར་བ་གཡས་གསུམ་ན། །ལྕགས་ཀྱུ་ཚངས་མགོ་གྲི་གུག་འཛིན། །གཡོན་པ་གསུམ་ན་ཐོད་པ་དང༌། ཁ་ཊྭཾ་ག་དང་ཞགས་པ་བསྣམས། །ལྔ་ཆར་དབུ་སྐྲ་གྲོལ་བ་སྟེ། །ཕུང་ཁམས་སྐྱེ་མཆེད་ལྷ་བཅུ་


TNT07_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བདུན། སྤྱན་གསུམ་གཡས་རྐྱང་སྟབས་ཀྱིས་བཞུགས། །ཨོཾ་པྲ་ཀྲི་ཏ་པ་རི་ཤུདྡྷ་སརྦ་དྷརྨཱཿཔྲ་ཀྲི་ཏ་པ་རི་ཤུདྡྷོ྅་ཧཾ། འདིར་ཕུང་པོ། སྐྱེ་མཆེད་ཀྱི་ལྷ་བཅུ་གཉིས་ལས་རྣམ་སྣང་སོགས་བཞི་དང༌། གཏི་མུག་རྡོ་རྗེ་སོགས་ལྔ་སྟེ་དགུ་པོ་གཡས་ཕྱག་མཚན་འཕྱར་བ་དང༌། རྣམ་སྣང་གཡོན་དཀུར་བསྟེན་པ་དང༌། གཞན་རྣམས་གཡོན་ཐུགས་ཀར་གཏོད་པ་དང༌། ལྷག་མ་གསུམ་པོ་གཡོན་དཀུར་བསྟེན་ཞིང༌། ཧེ་རུ་ཀ་གཡས་ས་གནོན། གཞན་གཉིས་གཡས་ཐུགས་ཀར་བསྟེན་པ་ཡིན་པར་འགྲེལ་པའི་དཔེ་ཕལ་ཆེར་ལས་བཤད་མོད། ཧེ་རུ་ཀ་ས་གནོན་དུ་བྱས་པ་ནི་དཔེ་མ་དག་པར་མངོན་ནོ། །དེས་ན་དེ་ཡང་ཐུགས་ཀར་གཏོད་པའོ། །འོན་ཀྱང་ཕྱག་གི་སྟངས་ཀ་གཅིག་ཏུ་ངེས་བཟུང་དཀའ་བའི་སོ་སོའི་མན་ངག་ལྟར་བྱའོ། །གསུམ་པ་ལ་ཐོག་མར་གུར་གྱིས་སྲུང་བ་ནི། སྡིག་འཛུབ་དང་སེ་གོལ་གཏོགས་པ་སྔོན་དུ་འགྲོ་བས། ཕྱོགས་བཞི་གཡས་བསྐོར་གྱིས། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། འོད་ཟེར་འབར་བ་སྔགས་ཀྱི་ལུས་ཆེན་པོ། ཚངས་པའི་འཇིག་རྟེན་ནས་གསེར་གྱི་ས་གཞིའི་བར་དུ་ཁྱབ་པ་སྤྲོས་པས་བགེགས་ཐམས་ཅད་ཚར་བཅད། འོད་ཟེར་ཕྱོགས་ཀྱི་མདོག་ཅན་དུ་འཕྲོས་པས། རྡོ་རྗེའི་ར་བ་གྲུ་བཞི་པ་དང༌། ཧཱུཾ་ལས་བྱུང་ཞིང་ཧཱུཾ་གིས་མཚན་པའི་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་ས་གཞི་དབང་ཆེན་གྱི་དཀྱིལ་འཁོར་ལ་ཐུག་པ་དང༌། ཧཱུཾ་གི་འོད་ཟེར་ལས་བྱུང་བའི་སྟེང་དང་ལོགས་ཀུན་ཏུ་རྡོ་རྗེ་རྩེ་ལྔ་པའི་མདའི་དྲ་བ་དང༌། དེའི་འོག་ཏུ་རྡོ་རྗེའི་


TNT07_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གུར་དང་བླ་བྲེ། ཕྱི་ནང་ཐམས་ཅད་དུ་བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་སྲུང་བའི་འཁོར་ལོ་གྱུར། ཨོཾ་མི་དཱི་ནི་བཛྲི་བྷ་ཝ་བཛྲ་བནྡྷ་ཧཱུཾ། ཨོཾ་བཛྲ་པྲ་ཀཱ་ར་ཧཱུཾ་པཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་ཡཾ་ཧཱུཾ། ཨོཾ་བཛྲ་བི་ཏ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། སྔགས་རྣམས་ལན་གསུམ་གསུམ་བརྗོད་དོ། །ཕྱི་ནས་བགེགས་ལ་ཕུར་བུས་གདབ་པ་ནི། ཡང་སྡིག་འཛུབ་སྐོར་ཞིང་མཐེབ་འཛུབ་ཀྱི་སེ་གོལ་ཕྱོགས་བཞིར་གཏོགས་པའི་མཚམས་རྔམ་དང་བཅས། སུམྦྷ་ལ་སོགས་པ་ཞལ་བཞི་པས་སྔགས་ལན་གཉིས་བརྗོད། ཕྱོགས་བཞིའི་སྔགས་ཀྱི་འོད་ཟེར་ལས་བྱུང་བའི་སྒོ་མ་བཞི་དང༌། འོད་ཟེར་གཉིས་གཉིས་འདུས་པ་ལས་མཚམས་མ་བཞིར་གྱུར་པ་ནི། ཤར་དང་སྟེང་དུ་ཁྭ་གདོང་མ་ནག་མོ། བྱང་དུ་འུག་གདོང་མ་ལྗང་ཁུ། ནུབ་དང་འོག་ཏུ་ཁྱི་གདོང་མ་དམར་མོ། ལྷོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་ལྟེ་བ་མན་ཆད་ཕུར་བུའི་དབྱིབས་ཅན། གཡས་རྡོ་རྗེ་ཐོ་བ་དང༌། གཡོན་རང་མཚུངས་ཀྱི་ཕུར་བུ་ཐོགས་པ་རྣམས་སུ་གྱུར་ཏེ། རྣམ་འཁྲུལ་དཔག་ཏུ་མེད་པ་སྤྲོས་ནས། ཕྱོགས་བཅུའི་བགེགས་ཐམས་ཅད་ཕྱོགས་སྐྱོང་གི་རྣམ་པར་བཀུག ཧཱུཾ། རིང་པོ་བརྒྱད་བརྗོད། ཧཱུཾ།


TNT07_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་ཁྲོན་པ་བརྒྱད་ཕྱོགས་མཚམས་བརྒྱད་དུ་གནས་པར་གྱུར་པ་རྣམས་སུ། ཕྱོགས་བཅུའི་བགེགས་རྣམས་བཅུག དེ་རྣམས་ཀྱི་སྤྱི་བོར་ཕུར་བུས་བཏབ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྟན་ཧཱུཾ་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་རོ་ཨ་ཛྙཱ་པ་ཡ་ཏི་བི་གྷྣན་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ལན་བཅུའམ་བརྒྱད་དམ་བསྡུ་ན་གསུམ་མོ།། ཕུར་བུ་རྣམས་རྡོ་རྗེ་ཐོ་བས་རྡུངས་པར་གྱུར། ཨོཾ་བཛྲ་མུད་གཱ་ར་བཛྲ་ཀཱི་ལ་ཨཱ་ཀོ་ཊ་ཡ་ཧཱུཾ་ཧཱུཾ་ཕཊ། གྲངས་སྔ་མ་བཞིན་བརྗོད། བགེགས་རྣམས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་ཕུག་པས། བདེ་བ་ཆེན་པོ་དེ་བཞིན་ཉིད་དང་རོ་གཅིག་ཏུ་གྱུར་ཞིང༌། ལྷག་མ་རྣམས་ཀྱང་ཚར་བཅད། སྒོ་མཚམས་མ་བརྒྱད་འཁོར་དང་བཅས་པ་རྡོ་རྗེ་ར་བ་ལ་ཐིམ། འོད་ཟེར་ཕྱིར་འཕྲོས་པ་ལས། རྡོ་རྗེ་དང༌། པདྨ་དང༌། འཁོར་ལོའི་ར་བ་ཟླུམ་པོ་རིམ་པ་གསུམ་དུམ་བུ་གཅིག་ཏུ་གྱུར་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་མཚམས་བཅིངས་པར་གྱུར། སྤྲོས་པ་ལ་དགའ་ན། ཨོཾ་བཛྲ་པྲ་ཀཱ་ར་ཧཱུཾ། སོགས་གསུམ་དང༌། མེ་སྔགས་ཏེ་སྔགས་བཞི་པོ་བརྗོད་ཀྱང་རུང་ངོ༌། །བཞི་པ་ལ་གཉིས་ལས། དང་པོ་བསོད་ནམས་ཀྱི་ཚོགས་ནི། སྲུང་འཁོར་གྱི་དབུས་སུ་རང་ཉིད་ཧེ་རུ་ཀ་གསལ་བའི་ཐུགས་ཀར། པཾ་ལས་སྣ་ཚོགས་པདྨ་དང༌། ཨཾ་ལས་ཟླ་བ་ལ་གནས་པའི་རྡོ་རྗེ་འཛིན་པའི་ངོ་བོ་ཧཱུཾ་སྔོ་སྐྱ་ཡེ་ཤེས་ལྔའི་རང་བཞིན།


TNT07_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ལྔ་རྣམས་འཕྲོ་བ། དེ་ལས་འོད་ཟེར་འཕྲོས་པས་ལུས་ནང་ཐམས་ཅད་གང༌། སྒོ་གསུམ་གྱི་དྲི་མ་སྦྱངས་བ་སྤུའི་བུ་ག་ནས་ཕྱིར་སོང་སྟེ། རང་བཞིན་གྱི་གནས་ནས་བླ་མ་དང་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡབ་ཡུམ་ཞི་ཁྲོ་རབ་འབྱམས་ཐམས་ཅད་སྤྱན་དྲངས་ཏེ། འོད་ཟེར་རྣམས་རང་གི་སྙིང་གར་ཐིམ། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེའི་དབང་ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་ལ་འདུད་དོ། །གནས་དང་ཉེ་བའི་གནས་དང་ཞིང༌། །འདུས་དང་དུར་ཁྲོད་གནས་པ་ཡི། །དཔའ་བོ་དཔའ་མོའི་དབང་ཕྱུག་མ། །ཀུན་ལ་བདག་ནི་གུས་ཕྱག་འཚལ། །ཤྲཱི་ཧེ་རུ་ཀ་ཨརྒྷཾ༴ ནས། པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པཱ་དྱཾ། དེ་ནས་སྤྲོ་ན། འགྲེལ་པ་ལས་བཤད་པ་ལྟར་ལྷ་མོ་བཅུ་དྲུག་གིས་མཆོད། བསྡུ་ན། ཨོཾ་བཛྲ་པུཥྤེ་ཨཱ་ཧཱུཾ། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀ །གནྡྷེ། ནཻ་ཝི་ཏེ། ཤཔྟ་ཞེས་སྦྱར། འོག་ནས་འབྱུང་བ་ལྟར་རྐང་པ་བརྒྱད་པ་གཉིས་ཀྱིས་བསྟོད། བསྒྲོད་དཀའ་སྲིད་པའི་རྒྱ་མཚོ་ལས། །བདག་གིས་འགྲོ་རྣམས་བསྒྲལ་བའི་ཕྱིར། །རང་གི་བདག་ཉིད་སྐད་ཅིག་ལ། །སངས་རྒྱས་རྣམས་ལ་དབུལ་བར་བགྱི། །ཞེས་པ་ལན་གཅིག དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་


TNT07_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་བཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།ཅེས་ལན་གསུམ། བར་འདིར་སྤྲོ་ན་ཐུགས་རྒྱུད་བསྐུལ་བའི་དོན་དུ་ཡིག་བརྒྱ། བཟླས་མི་སྤྲོ་ན་མི་དགོས་སོ། །ཚོགས་ཞིང་རྣམས་རང་ལ་ཐིམ། །གཉིས་པ་ཡེ་ཤེས་ཚོགས་བསོག་ནི། སྙིང་གར་ཧེ་ནག་པོ། མགྲིན་པར་རུ་དམར་པོ། དཔྲལ་པར་ཀ་དཀར་པོ། །ཡི་གེ་གསུམ་གྱི་དོན་སྒོམ་བཞིན་དུ། ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ། བདག་དང་བདག་གིར་བཟུང་བས་སེམས་ཅན་རྣམས་འཁོར་བར་གྱུར་ཏེ། དེའི་ཕྱིར་བདག་དཔལ་ཧེ་རུ་ཀར་གྱུར་ནས། གཟུང་འཛིན་དང་བྲལ་བའི་ཚུལ་ཇི་ལྟ་བ་ཉིད་དུ་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བགྱིའོ། །ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ལ་དམིགས་པའོ། །སེམས་ཉིད་ནཱ་ད་ཙམ་གྱི་གཟུགས་ཅན་དེ། ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ་རྣམས་སྟེང་ནས་སྟེང་དུ་རྩེགས་པ། དེ་རྣམས་ལས་འཁོར་ལོ་གསུམ་གྱི་ལྷ་ཚོགས་སྤྲོས། གནས་གསུམ་གྱི་སེམས་ཅན་ཐམས་ཅད་རྡོ་རྗེ་གསུམ་


TNT07_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གོ་འཕང་ལ་བཀོད། ཚུར་འདུས་རྗེས་ཆགས་ཀྱི་ཞུ་ནས་འབྲུ་གསུམ་ལ་ཐིམ། ཨོཾ་ཨཱཿལ་ཐིམ། ཨཱ་ཧཱུཾ་ལ་ཐིམ། ཧཱུཾ་གི་ཞབས་ཀྱུ་ཁོག་པ་ལ་ཐིམ། ཁོག་པ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། ནཱ་ད་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆ་ཙམ་མོ། །སེམས་ཅན་ཐམས་ཅད་ཆོས་ཉིད་ཁོང་དུ་མ་ཆུད་པས་འཁོར་བར་གྱུར་ཏེ། བདག་གི་ཆོས་ཉིད་རྟོགས་པས་བྱང་ཆུབ་ཀྱི་རྒྱུར་འགྱུར་བར་བྱའོ། །ནཱ་ད་ཡང་མི་དམིགས་པར་གྱུར། ཨོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དམིགས་པ་མེད་པའོ། །གཉིས་པ་ལྡང་བའི་རྣལ་འབྱོར་ནི། སྟོང་པའི་ངང་ལས་ནཱ་ད་དཀར་ལ་དམར་བའི་མདངས་ཆགས་པ་ནམ་མཁར་བཞགདེའི་སྣང་ཆ་ལས་བྱུང་བ། འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེས་མཚན་པ། དེའི་སྟེང་དུ་སུཾ་ལས་རིའི་རྒྱལ་པོ་རི་རབ། རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། ལྕོག་བརྒྱད་དང་ལྡན་པ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར། དབུས་སྔོ་བ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའོ། །གསུམ་པ་འཇུག་པའི་རྣལ་འབྱོར་ནི།


TNT07_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་ལྟེ་བར་གཡོན་བསྐོར་གྱི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨ། ཚར་གཉིས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་སྟེང་དུ་གཡས་བསྐོར་གྱི། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྴ ཚར་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ། དེ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་གཉིས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སྐབས་འདིར་ཉི་ཟླ་འམ་ཟླ་བ་དཀར་དམར་ཁ་སྦྱོར་དང༌། དེ་ཡང་སོ་སོའི་ཡི་གེས་མཚན་པ་དང་ཟླ་བ་དཀར་པོ་ཁ་སྦྱོར་དང༌། དབྱངས་གསལ་རྣམས་ལས་ཟླ་བ་གཅིག་པུ། ཁ་དོག་དམར་པོའམ། དམར་སྐྱའམ། དཀར་པོ་སྒོམ་པ་སོགས་གང་ལྟར་ཡང་སྤྱིར་ནི་མི་འགལ་ལ། ཁ་སྦྱོར་མི་བྱེད་ན་ཡེ་ཤེས་དང་པོ་གསུམ་གྱི་དག་པ་སྦྱོར་ཚུལ་མི་འདྲ་བ་དགོས་སོ། །སྟོང་ཉིད་སྒོམ་པ་ནས་དེའི་བར་ནི་རྣལ་འབྱོར་དང་པོའོ། །ནམ་མཁར་གནས་པའི་ནཱ་ད་དེ་ཉིད་ཟླ་བ་ཁ་སྦྱོར་གྱི་དབུས་སུ་ཞུགས། དེ་ལས་ཐིག་ལེ། དེ་ལས་ཟླ་ཚེས། དེ་ལས་མགོ་བོ། དེ་ལས་ཧ། དེ་ལས་ཞབས་ཀྱུ་སྟེ། ཧཱུཾ་ཡིག་དཀར་ལ་དམར་བའི་མདངས་ཅན། མཆོག་ཏུ་དགའ་བ། རྒྱུ་རྡོ་རྗེ་འཆང་གི་ངོ་བོ་ནི། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །དེ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས། འཁོར་ལོ་ལྔའི་ལྷ་ཚོགས་མཐའ་ཡས་པ་སྤྲུལ། འགྲོ་བ་ཐམས་ཅད་འཁོར་ལོ་ལྔའི་རང་བཞིན་དུ་བྱས། དེ་རྣམས་དང་གདོད་མའི་


TNT07_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་དང་རྣལ་འབྱོར་མ་རྣམས་སྤྱན་དྲངས། ཐམས་ཅད་སླར་འདུས་རྗེས་ཆགས་ཀྱིས་ཞུ་བ་ཧཱུཾ་ཡིག་གི་ནཱ་ད་ལ་ཐིམ་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །དེ་གཉིས་རྗེས་སུ་རྣལ་འབྱོར་རོ། །བཞི་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་ལ་གསུམ་ཏེ། སྤྲུལ་པའི་དཀྱིལ་འཁོར་སྒོམ་པ། ལུས་ཀྱི་དཀྱིལ་འཁོར་སྒོམ་པ། ཆོས་ཀྱི་དཀྱིལ་འཁོར་སྒོམ་པའོ། །དང་པོ་ནི། ཟླ་བ་ཧཱུཾ་ཡིག་དང་བཅས་པ་རོ་གཅིག་ཏུ་འདྲེས་པ་ལས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་གྱུར་པ་ལྷན་ཅིག་སྐྱེས་དགའ། འབྲས་བུ་རྡོ་རྗེ་འཛིན་པའི་ངོ་བོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཨོཾ་ཨཱཿཧཱུཾ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱ་ཀྩིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨཿབཛྲ་ཤུདྡྷོ྅་ཧཾ། རི་རབ་ཀྱི་རྩེ་མོར་སྲུང་བའི་འཁོར་ལོའི་དབུས་སུ་སྣ་ཚོགས་རྡོ་རྗེ་ལྟེ་བར། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་པ་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དུ་ནག་པོ་ལྗང་ཁུ་དམར་པོ་སེར་པོ་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་དམར་པོའམ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པ། དེའི་སྟེང་དུ་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་དང་དྲིལ་བུ་གཡེར་ཁའི་འཕྲེང་བ་དང༌། དར་གྱི་ཆུན་འཕྱང་དང༌། ཟླ་བ་རླུང་གིས་སྐྱོད་པ་དང༌། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པས་བརྒྱན་པ། དེའི་སྟེང་དུ་བྱ་འདབ་ལས་ཐུར་དུ་འཕྱང་བའི་བ་ཀུ་ལི་དང༌། སྟེང་དུ་མདའ་ཡབ་པདྨ་ཕྱེད་པའི་རྣམ་པས་བརྒྱན་པ་ལ། སྣ་ཚོགས་པའི་གདུགས་དང་རྒྱལ་མཚན་དང་བ་དན་ལ་


TNT07_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་མཛེས་པ། གཞལ་ཡས་ཁང་གི་དབུས་སུ་ཨིནྡྲ་ནཱི་ལའི་ས་གཞི་ཟླུམ་པོར་གྲུབ་པ་ལ་གནས་པའི། འཁོར་ལོ་རིམ་པ་བཞི་མཆོད་རྟེན་ཟླུམ་པོའི་བང་རིམ་གྱི་དབྱིབས་ལྟར་ཅུང་ཟད་ཇེ་མཐོ་ཇེ་མཐོར་གྱུར་པའི་ལྟེ་བར་བདེ་བ་ཆེན་པོའི་འཁོར་ལོ། སྣ་ཚོགས་པདྨ་འདབ་མ་བརྒྱད་པ་རྩ་བ་སྡོང་བུ་གེ་སར་དང་བཅས་པའི་ཕྱི་རོལ་དུ་རིན་པོ་ཆེའམ། གྲི་གུག་གིས་མཚན་པའི། ར་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུག་ལ་སོགས་པས་མཛེས་པར་བྱས་པ། དེའི་ཕྱིར་རོལ་དུ་ཐུགས་ཀྱི་འཁོར་ལོ་སྔོན་པཽ་རྩིབས་བརྒྱད་པ་རྡོ་རྗེས་མཚན་པའི་ར་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབ་ལ་སོགས་པས་མཛེས་པར་བྱས་པ། དེའི་ཕྱི་རོལ་དུ་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པ་པདྨའི་མཚན་པའི་ར་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབ་ལ་སོགས་པས་མཛེས་པར་བྱས་པ། དེའི་ཕྱི་རོལ་ཏུ་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་འཁོར་ལོས་མཚན་པའི་ར་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབ་ལ་སོགས་པས་མཛེས་པར་བྱས་པ། གཞལ་ཡས་ཁང་གི་ནང་གི་གཞི་དམ་ཚིག་འཁོར་ལོ་དང་སྟེང་ཐོག་གི་མདོག་ནི། ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར་བ། གཙོ་བོའི་གནས་ཀྱི་དབུས་ཕྱུར་བུར་གྱུར་པའི་རྩེ་མོར། རྡོ་རྗེ་དང་རིན་པོ་ཆེ་ཏོག་གིས་བརྒྱན་པ། སྒོ་འཁྱུད་ཀྱི་ཕུགས་དང༌། རྩིག་པའི་ཟུར་ལ། ཟླ་བ་ཕྱེད་པ་ལ་གནས་པའི་ནོར་བུས་བརྒྱན་པ། རྩིག་པའི་ཕྱི་རོལ་གྱི་འགྲམ་ན་འདོད་ཡོན་གྱི་སྣམ་བུ་དམར་པོའི་སྟེང་ན་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོགས་ནས་འཁོད་པ། སྒོ་ཁང་བཞིའི་སྟེང་གི་ཐད་སོར་


TNT07_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར། པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང༌། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། གཞལ་ཡས་ཁང་གི་ཕྱི་རོལ་གྱི་ཁྱམ་ལ་མཆོད་རྫས་དུ་མས་མཛེས་པ། དེའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ནི། ཤར་དུ་དྲག་ཏུ་གཏུམ་པ། བྱང་དུ་ཚང་ཚིང་འཁྲིགས་པ། ནུབ་ཏུ་འུར་འུར་འབར་བ། ལྷོར་འཇིགས་སུ་རུང་བ། མེར་ནགས་ཚལ་ཕུན་སུམ་ཚོགས་པ། བདེན་བྲལ་དུ་མུན་པ་མི་ཟད་པ། རླུང་དུ་ཀི་ལི་ཀི་ལིའི་སྒྲ་རབ་ཏུ་སྒྲོག་པ། དབང་ལྡན་དུ་ཧ་ཧ་དགོད་པའོ། །ཤིང་བརྒྱད་ནི་ཤར་དུ་ཤི་རི་ཤ །བྱང་དུ་ཨ་ཤོད་ཐ། ནུབ་ཏུ་ཀང་ཀེ་ལ། ལྷོར་ཙུ་ཏ། མེར་ཀ་རཉྩ། བདེན་བྲལ་དུ་ལ་ཏ་པར་ཀ་ཏི། རླུང་དུ་པརྟི་པ་ཏ། དབང་ལྡན་དུ་བཱ་ཏྲའོ། ཕྱོགས་སྐྱོང་བརྒྱད་ནི། ཤར་དུ་དབང་པོ། བྱང་དུ་གནོད་སྦྱིན། ནུབ་ཏུ་ཆུ་ལྷ། ལྷོར་གཤིན་རྗེ། མེར་བྱིན་ཟ། བདེན་བྲལ་དུ་སྲིན་པོ། །རླུང་དུ་རླུང་བདག་དབང་ལྡན་དུ་འབྱུང་པོའོ། །ཀླུ་བརྒྱད་ནི། ཤར་དུ་ནོར་རྒྱས། བྱང་དུ་འཇོག་པོ། ནུབ་ཏུ་སྟོབས་ཀྱི་རྒྱུ། ལྷོར་པདྨ། མེར་ཧཱུ་ལུན་ཏ། བདེན་བྲལ་དུ་རིགས་ལྡན། རླུང་དུ་དུང་སྐྱོང༌། དབང་ལྡན་དུ་པདྨ་ཆེན་པོའོ། །སྤྲིན་གྱི་བདག་པོ་བརྒྱད་ནི། ཤར་དུ་སྒྲ་གྲགས་པ། བྱང་དུ་སྨུགས་པ། ནུབ་ཏུ་མུན་པ་ཅན། ལྷོར་ཀུན་ཏུ་འཁྱིལ་བ། མེར་གང་བ། བདེན་བྲལ་དུ་འབབ་པ། རླུང་དུ་དྲག་པོ། དབང་ལྡན་དུ་འཁྲིགས་པའོ། །ཤིང་རྣམས་ལ་བརྟེན་པའི་ཞིང་སྐྱོང་བརྒྱད་ནི། སྒོ་མཚམས་མ་


TNT07_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་གཟུགས་འཛིན་པའོ། །གཞན་ཡང་དུར་ཁྲོད་དེ་དག་ཏུ་ཆུ་ཆེན་པོ་བརྒྱད་དང༌། མེ་ཆེན་པོ་བརྒྱད་དང༌། རི་ཆེན་པོ་བརྒྱད་དང༌། མཆོད་རྟེན་བརྒྱད་ལ་སོགས་པས་ཡོངས་སུ་གང་བ་སྟེ། གཞན་ཡང་རོ་དང་ཀེང་རུས་དང༌། གསལ་ཤིང་གིས་ཕུག་པ་དང༌། དཔྱངས་པ་དང༌། དུམ་བུ་དང་འཐོར་བ་ལ་སོགས་པས་གང་བ། བྱ་དང༌། གཅན་གཟན་སྣ་ཚོགས་ལང་ལོང་དུ་རྒྱུ་ཞིང༌། ལྕེ་སྤྱང་གི་སྒྲས་ཁྱབ་པ། གྲུབ་ཆེན་རྫུ་འཕྲུལ་དང་ལྡན་པའི་སློབ་དཔོན་དང༌། དཔའ་བོ་དང་རྣལ་འབྱོར་མ་དང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་རྣམས་དང༌། འཇིགས་པའི་གཟུགས་ཅན་དང༌། རོ་ལངས་དང༌། འབྱུང་པོ་དང༌། སྲིན་པོ་དང་ཤ་ཟ་དུ་མས་ཁྱབ་པ། དངོས་གྲུབ་ཀྱི་རྫས་དང་མཆོད་པ་སྣ་ཚོགས་པས་གང་བའོ། །བདེ་ཆེན་འཁོར་ལོའི་དབུས་ཀྱི་ལྟེ་བར་འཁོར་ལོ་བདེ་མཆོག་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཨིནྡྲ་ནཱི་ལ་ལྟར་འབར་བའི་འོད་ཟེར་ཅན་གྱི་སྐུ་མདོག་མཐིང་ནག་ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་བའི་ཞལ་སྐུ་ལུས་དང་མཚུངས་པ་ཆར་སྤྲིན་གསར་པའི་མདོག་ཅན་ཆེར་ཁྲོས་ཤིང་འཇིགས་སུ་རུང་བ། གཡོན་ཞལ་ལྗང་གུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ་ཞལ་རེ་རེ་ལ་དམར་ཞིང་བཀྲ་ལ་རབ་ཏུ་འཁྲུག་པས་སྤྱན་གསུམ་གསུམ་དང་ལྡན་ཞིང༌། མཆེ་བ་རྣོན་པོ་གཙིགས་པ། རྣམ་པར་འགྱུར་བའི་ཁྲོ་གཉེར་ཅན། ཕྱག་དང་པོ་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་


TNT07_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པ་རློན་པ་ཁྲག་དང་བཅས་པ་རྒྱངས་ཏེ་འཛིན་པས་ཚུལ་གྱིས་སྟོད་གཡོགས་སུ་བསྣམས་པ། གཡས་ཀྱི་གསུམ་པ་ན་ཌ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ནི་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ་འཛིན་པ། གཡོན་གྱི་གསུམ་པ་ན་རྡོ་རྗེ་མཚན་པའི་ཁ་ཊྭཾ་ག །བཞི་པ་ན་ཁྲག་གིས་གང་བའི་ཐོད་པ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ། ཞབས་གཡས་རྐྱང་བས་དུས་མཚན་དམར་མོ་གན་རྐྱལ་དུ་གནས་པའི་ནུ་མའི་སྟེང་དང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་ཁ་བུབ་ཏུ་གནས་པའི་རྣ་བ་གཡོན་པའི་སྟེང་ནས་བརྫིས་པ། སྟག་གི་པགས་པའི་སྨད་དཀྲིས་གྲོལ་བ། རལ་པའི་ཅོད་པན་ཐོར་ཚུགས་བཅིངས་པའི་རྩེ་མོར་འཁོར་ལོ་དང་བཅས་པའི་ནོར་བུ་དང༌། གཡོན་ངོས་སུ་ཟླ་བ་ཕྱེད་པ་དང༌། རལ་པའི་མདུན་ངོས་ལ་སྣ་ཚོགས་རྡོ་རྗེས་བརྒྱན་པ། དབུ་རེ་རེ་ལ་རྡོ་རྗེ་ནག་པོའི་འཕྲེང་བ་ལ་བརྒྱུས་པའི་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང༌། དཔའ་བོའི་དར་དཔྱངས་བཅིངས་པ། མིའི་རྒྱུ་མ་ལ་བརྒྱུས་པའི་མི་མགོ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། སྤྱི་བོའི་ནོར་བུ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། ཕྱག་གདུབ་དང༌། ཚངས་སྐུད་དང༌། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་དང༌། ཞབས་གདུབ་དང་དཔུང་གདུབ་དང༌། འོག་པག་ལས་དཔྱངས་པ་རུས་པའི་དྲྭ་བ་དང་དྲྭ་བ་ཕྱེད་པ། དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་པའི་སྐེ་རགས་ལ་སོགས་པ། རྒྱན་ཐམས་ཅད་ཀྱིས་


TNT07_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། སྒེག་པ་དཔའ་བ་མི་སྡུག་པ། །དགོད་ཅིང་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེ་རྔམ་དང་ཞི་བ་སྟེ། གར་དགུའི་རོ་དང་ལྡན་པ་ཉིད། དེའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་པོ། བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། དྲག་མོ་ཆེན་མོ་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་པ། ཕྱག་གཡོན་པས་བདུད་སོགས་གདུག་པ་ཅན་གྱི་ཁྲག་དང༌། མིའི་རྒྱུ་མས་གང་བའི་ཐོད་པ་འཛིན་ཞིང༌། ཡབ་ཀྱི་མགུལ་ནས་འཁྱུད་པས་རྒྱབ་ཞལ་དུ་སྟོབ་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་འཛིན་པའི་སྡིགས་འཛུབ་ཀྱིས་ཕྱོགས་ཀུན་རྣམ་པར་གནོན་ཞིང་སྡང་བ་དང་གདུག་པའི་སེམས་ཅན་ཐམས་ཅད་བསྡིགས་པར་མཛད་པ། གཅེར་བུ་བ་སྤུ་ལངས་ཤིང༌། དབུ་སྐྲ་སིལ་བུར་གྲོལ་བ། ནུ་མ་འཁྲང་ཞིང་རྒྱས་ལ་ལང་ཚོ་ལ་བབ་པ། ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྱུད་པ། ཕྱག་རྒྱ་ལྔ་དང༌། ཐོད་པའི་ཅོད་པན་ཅན། མི་མགོ་སྐམ་པོ་ལྔ་བཅུའི་འཕྲེང་བ་དང་ལྡན་པ། གཉིས་ཀའང་བདེ་བ་ཆེན་པོ་དང་ཐུགས་རྗེའི་བདག་ཉིད་ཅན། དུས་མཐའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །ཡབ་ཀྱི་གསང་གནས་མི་དམིགས་ཏེ་སྟོང་པའི་ངང་ལས། ཧཱུཾ་དཀར་པོ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ། བྱཱཾ་ལས་བྱུང་བའི་ནོར་བུ་དམར་པོ་རྩེ་མོར་བྱཱཾ་སེར་པོས་མཚན་པ། ཡུམ་གྱི་མཁའ་ཁམས་མི་དམིགས་ཏེ། སྟོང་པའི་ངང་ལས་ཨཱཿདམར་པོ་ལས་པདྨ་དམར་པོ་འདབ་མ་གསུམ་པ། དྱཱཾ་ལས་བྱུང་བའི་ཟེའུ་འབྲུ་དཀར་པོ་རྩེ་མོ་དྱཱཾ་སེར་པོས་མཚན་པ། ཡབ་ཀྱི་ལྟེ་བ་


TNT07_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡུམ་གྱི་མགྲིན་པར་ཟླ་བ་ལ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡབ་ཀྱི་ཐུགས་ཀ་དང་ཡུམ་གྱི་དཔྲལ་པར་ཟླ་གདན་ལ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡབ་ཀྱི་མགྲིན་པ་དང་ཡུམ་གྱི་ལྟེ་བར་ཉི་མ་ལ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱཧཱ། ཡབ་ཀྱི་དཔྲལ་པ་དང་ཡུམ་གྱི་ཐུགས་ཀར། ཉི་གདན་ལ་ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། སྔགས་རྣམས་ཁ་དོག་དམར་པོ་གཡོན་བསྐོར་དུ་གནས་ཤིང་འོད་ཟེར་འཕྲོ་བ། ཡབ་ཡུམ་ཕན་ཚུན་ཞལ་སྦྱོར་བ་ན། སྔགས་དང་འོད་ཟེར་སྦྱོར་བས་ཀྱང་འཁྱུད་ཅིང༌། ཨོཾ་ཨཱཿཧཱུཾ་སྙོམས་པར་ཞུགས་པས་དགའ་བ་བཞིའི་ཡེ་ཤེས་རྒྱས་ཤིང་བརྟན་པར་གྱུར། བདེ་ཆེན་འཁོར་ལོའི་འདབ་མ་བརྒྱད་ལ། ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་ཁཎྜ་རོ་ཧ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། བཞི་ཆར་ཡང་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་སྐྲ་གྲོལ་བ། ཕྱག་གཡས་གཉིས་ན་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཀྱི་ཐོད་ཁྲག་དང་ཁ་ཊྭཾ་ག་འཛིན་པ། ཐོད་སྐམ་གྱི་དབུ་རྒྱན་དང༌། མི་མགོའི་དོ་ཤལ་དང༌། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། གཅེར་མོ་ལང་ཚོ་ལ་བབ་ཅིང༌། བྷ་ག་དང་ནུ་འབུར་མཐོ་བ། བདེ་བ་རྒྱས་པའི་ཉམས་ཅན། ཞབས་གཡས་བརྐྱང་གི་སྟབས་ཀྱིས་མེ་རི་འབར་བའི་དབུས་ན་བཞུགས་པའོ། །མཚམས་བཞིར་བདུད་རྩིས་ལྔས་གང་བའི་བུམ་པའི་སྟེང་དུ། ཀ་པཱ་ལ་བྱང་ཆུབ་ཀྱི་སེམས་ལ་སོགས་པས་གང་བ་དང་བཅས་པར་གྱུར། དེའི་ཕྱི་རོལ་དུ་ཐུགས་


TNT07_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་ལོའི་ཤར་རྩིབས་པུལླིར་མ་ཡར། ཐོད་པའི་དུམ་བུ་དང་རབ་ཏུ་གཏུམ་མོ། །བྱང་རྩིབས་ཛ་ལནྡྷ་རར་ཀེང་རུས་ཆེན་པོ་དང༌། གཏུམ་པའི་མིག་ཅན་མ། ནུབ་རྩིབས་ཨོ་ཊི་ཡ་ཎར་ཀེང་རུས་དང་འོད་ལྡན་མ། ལྷོ་རྩིབས་ཨརྦུ་ཏར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་ཤར་ལྷོ་གོ་ད་ཝར་རི་ལྷའི་དགྲ་དང་དཔའ་བོའི་བློ་ཅན་མ། ལྷོ་ནུབ་རི་སྨ་ཤྭ་རར་འོད་དཔག་མེད་དང་མིའུ་ཐུང་མ། ནུབ་བྱང་དེ་བི་ཀོ་ཊར་རྡོ་རྗེའི་འོད་དང་ལང་ཀའི་དབང་ཕྱུག་མ། བྱང་ཤར་མ་ལ་བར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ། ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཁ་དོག་ནག་པོ་སྟེ་ནམ་མཁའ་ལ་སྤྱོད་པའོ། །དེའི་ཕྱི་རོལ་དུ་གསུང་གི་འཁོར་ལོའི་ཤར་རྩིབས་ཀཱ་མ་རུ་པར། མྱུ་གུ་ཅན་དང་ས་སྲུང་མ། བྱང་རྩིབས་ཨོ་ཏྲེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་པོ། ནུབ་རྩིབས་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། ལྷོ་རྩིབས་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ། ཤར་ལྷོ་ཀ་ལིང་ཀར་རབ་ཏུ་བཟང་པོ་དང་སྔོ་སངས་ལྷ་མོ། ལྷོ་ནུབ་ལམ་པ་དཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། ནུབ་བྱང་ཀཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། བྱང་ཤར་ཧི་མ་ལ་ཡར་མིག་མི་བཟང་དང་བྱ་གདོང་མ་སྟེ། གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཁ་དོག་དམར་པོ་སྟེ། ས་སྟེང་ན་སྤྱོད་པའོ། །དེའི་ཕྱི་རོལ་སྐུའི་འཁོར་ལོའི་ཤར་རྩིབས་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བྱང་རྩིབས་གྲི་ཧ་དེ་བར་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ། ནུབ་རྩིབས་སོ་རཥྟར་


TNT07_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་དང་ཆང་ཚོང་མ། ལྷོ་རྩིབས་བརྞ་དཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། ཤར་ལྷོ་ན་ག་རར་ཁྲག་འཐུང་དང་ཤིན་ཏུ་དཔའ་མོ། ལྷོ་ནུབ་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། ནུབ་བྱང་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། བྱང་ཤར་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་པོ་སྟེ། སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ། ཁ་དོག་དཀར་པོ་སྟེ་ས་འོག་ན་སྤྱོད་པའོ། །དཔའ་བོ་ཉི་ཤུ་རྩ་བཞི་པོ་ཐམས་ཅད། དཔལ་ཧེ་རུ་ཀའི་རིགས་ལས་བྱུང་བ་ཧེ་རུ་ཀ་དང་མཚུངས་པ་སྟེ། རལ་པའི་ཐོར་ཚུགས་དང༌། ཐོད་པའི་ཅོད་པན་དང༌། མགོ་བོའི་འཕྲེང་བ་དང༌། ཕྱག་རྒྱ་དྲུག་དང༌། སྟག་ལྤགས་གསར་པའི་སྨད་དཀྲིས་ཅན། ཞབས་གཡས་བརྐྱང་གི་སྟབས་ཀྱིས་གནས་པ། ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མ། དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱི་ཌ་མ་རུ་དང་ཁ་ཊྭཾ་ག་འཛིན་པའོ། །རྣལ་འབྱོར་མ་ཉེར་བཞི་པོ་ཐམས་ཅད་ནི། རྡོ་རྗེ་ཕག་མོའི་རིགས་ལས་བྱུང་བ་ཕག་མོ་དང་མཚུངས་པ་སྟེ། སྐྲ་གྲོལ་བ། ཕྱག་ལྔ་རྒྱ་དང༌། ཐོད་སྐམ་གྱི་དོ་ཤལ་དང་ལྡན་པ། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྱུད་པའོ། །དམ་ཚིག་གི་འཁོར་ལོའི་ཤར་སྒོར་ཁྭ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར། ནུབ་བྱང་དུ་གཤིན་


TNT07_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང༌། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ་བརྒྱད་ཀའང༌། དྲག་མོ་ཆེན་པོ་ཆེར་ཁྲོས་པ་རོའི་གདན་ལ་གནས་པ། ཕྱོགས་བཅུའི་བགེགས་རྣམས་འཇོམས་པར་མཛད་པ། ཞལ་གཅིག་ཕྱག་བཞིའི༴ ནས། མེ་རི་འབར་བའི་དབུས་ན་བཞུགས་པའི་བར་སྙིང་པོའི་རྣལ་འབྱོར་མའི་སྐབས་བཞིན་དང༌། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དཔྲལ་པར་ཐོད་པའི་སྟེང་དུ་རྡོ་རྗེའི་འཕྲེང་བས་མཚན་པའོ། །དེ་ནས་སྐབས་འདིར་བྱང་ཕྱོགས་ཀྱི་དག་དྲན་བྱེད་པའང་རུང་མོད་ཀྱི། གཞུང་གི་དངོས་བསྟན་ནི་བཤད་པའི་གོ་རིམ་ཙམ་ཡིན་པས། འོག་ཏུ་བྱས་ན་ལེགས་སོ། །གཉིས་པ་ནང་ལུས་དཀྱིལ་ནི། རྐང་པ་གཉིས་རླུང་གི་དཀྱིལ་འཁོར། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས། སྒལ་ཚིག་རི་རབ། སྐྲ་སེན་པགས་པ་རུས་ཚིགས་རྣམས་སྲུང་བའི་འཁོར་ལོ། བུ་ག་བརྒྱད་ནི་དུར་ཁྲོད་བརྒྱད། ལུས་འདོམ་གང་གྲུ་བཞི་ནི་གཞལ་ཡས་ཁང་གྲུ་བཞི། ལུས་ངག་ཡིད་གསུམ་འཁོར་ལོ་གསུམ། སྙིང་ག་ཆོས་ཀྱི་འཁོར་ལོ་ནི་བདེ་བ་ཆེན་པོའི་འཁོར་ལོ། འབྱུང་བཞིའི་རླུང་རྒྱུ་བའྀ་རྩ་ནི་སྒོ་བཞི། རྐང་བརྒྱད་ནི་ཀ་བ་བརྒྱད། དབང་པོ་རྣམས་ནི་མེ་ལོང་ལ་སོགས་པའི་རྒྱན། སྤྱི་བོའི་རྩ་འདབ་སོ་གཉིས་ནི་པདྨའི་འདབ་མ་དེར་རྒྱུ་བའི་རླུང་དང་ཐིག་ལེ་ནི་ཨཱ་ལྀ་ཀཱ་ལྀ། ཀླད་པ་ནི་ཟླ་བ་ཁ་སྦྱོར། ཧཾ་ཡིག་ནི་རྒྱུའི་རྡོ་རྗེ་འཛིན་པ། དེ་ལས་སྐྱེས་པའི་རྩ་ཁམས་ནི་ལྷ་རྣམས་ཏེ། རྩ་ལ་ལ་ན་དང་ར་ས་ནའི་འཁོར་དང་བཅས་ཤིང༌། ལྟེ་བའི་ཨཾ་ཡིག་གི་


TNT07_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་དང་ལྡན་པའི་རྩ་ཨ་ཝ་དྷུ་ཏཱི་ནི་རྡོ་རྗེ་ཕག་མོ་དང༌། སྙིང་གའི་དབུས་ཀྱི་གཞོམ་དུ་མེད་པའི་ཐིག་ལེ་ཧཱུཾ་གི་རྣམ་པ་ཡུངས་ཀར་སྦོམ་པོའི་ཚད་ཙམ་ཁ་བ་འཛག་པ་ལྟ་བུར་གནས་པ་ནི་དཔལ་ཧེ་རུ་ཀ་སྟེ། སྐུ་མདོག་ཐིང་ནག་སྔོ་ལྗང་དམར་སེར་ཞལ། །རྡོ་རྗེ་དྲིལ་བུ་གླང་ལྤགས་ཌཱ་མ་རུ། །དགྲ་སྟ་གྲི་གུག་རྩེ་གསུམ་ཁ་ཊྭཾ་ག །ཐོད་ཁྲག་ཞགས་པ་ཚངས་མགོ་གདོང་བཞི་འཛིན། །གཡས་བརྐྱང་པད་ཉིར་འཇིགས་བྱེད་དུས་མཚན་བརྫིས། །དེ་ལ་འཁྱུད་པའི་ཡུམ་མཆོག་རྣལ་འབྱོར་མ། །དམར་མོ་རྡོ་རྗེ་ཐོད་ཁྲག་གང་འཛིན། །གཉིས་ཀའང་མེ་དཔུང་དབུས་ན་རྒྱན་དང་བཅས། །སྙིང་ག་ཆོས་ཀྱི་འཁོར་ལོའི་ནང་བསྐོར་རྩ་འདབ་བརྒྱད་ལ། ཕྱོགས་ཀྱི་འདབ་མ་བཞི་འབྱུང་བཞིའི་རླུང་རྒྱུ་བ་དང་བཅས་པ་རྣམས་ཡོངས་སུ་གྱུར་པ་ལས། ཤར་དུ་མཁའ་འགྲོ་མ། བྱང་དུ་ལཱ་མ། ནུབ་ཏུ་ཁཎྜ་རོ་ཧ། ལྷོར་གཟུགས་ཅན་མའོ། །མཚམས་བཞིར་གནས་པ་བདུད་རྩི་ལྔ་བབ་པ་མཆོད་པའི་རྩ་བཞི་ནི་རབ་ཏུ་གང་བའི་བུམ་ཐོད་བཞིར་གྱུར། པུཾ་ཛཾ་ཨོཾ་ཨཾ་གོཾ་རིཾ་དེཾ་མཱཾ། ཀཱཾ་ཨོཾ་ཏྲིཾ་ཀོཾ་ཀཱཾ་ལཾ་ཀཾ་ཧིཾ། པྲེཾ་གྲིཾ་སཽཾ་སུམ་ནཱཾ་སིཾ་མཾ་ཀུཾ། སྤྱི་བོ་ལ་སོགས་པའི་གནས་ཉི་ཤུ་རྩ་བཞི་ནི་ཡུལ་ཉི་ཤུ་རྩ་བཞི། རྩ་ཉི་ཤུ་རྩ་བཞི་ནི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི། ཁམས་ཉི་ཤུ་རྩ་བཞི་ནི་དཔའ་བོ་ཉི་ཤུ་རྩ་བཞིར་གྱུར། སྤྱི་བོ་པུལླི་ར་མ་ལ་ཡར་ཐོད་པའི་དུམ་བུ་དང་རབ་ཏུ་གཏུམ་མོ། །སྤྱི་གཙུག་ཛ་ལནྡྷ་རར་ཀེང་རུས་ཆེན་མོ་དང་གཏུམ་པའི་མིག་ཅན་མ། རྣ་བ་གཡས་པ་ཨོ་ཊི་ཡ་ཎ་ར་ཀེང་རུས་དང་འོད་ལྡན་མ། ལྟག་པར་


TNT07_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྦུ་ཏར་མཆེ་བ་རྣམ་པར་གཙིགས་མ་དང་སྣ་ཆེན་མ་སྟེ་གནས་སོ། །རྣ་བ་གཡས་པ་གོ་ད་བ་རིར་ལྷའི་དགྲ་དང་དཔའ་བོའི་བློ་ཅན་མ། སྨིན་མའི་དབུས་རི་སྨི་ཤྭ་རར་འོད་དཔག་མེད་དང་མེའུ་ཐུང་མ། མིག་གཉིས་དེ་ཝཱི་ཀོ་ཊར་རྡོ་རྗེ་འོད་དང་ལང་གའི་དབང་ཕྱུག་མ། ཕྲག་པ་གཉིས་མ་ལ་བར་རྡོ་རྗེ་སྐུ་དང་ཤིང་གྲིབ་མ་སྟེ་ཉེ་བའི་གནས་སོ། །ཐུགས་ཀྱི་འཁོར་ལོའོ། །མཆན་ཁུང་གཉིས་ཀཱ་མ་རུ་པར་མྱུ་གུ་ཅན་དང་ས་སྲུང་མ། ནུ་མ་གཉིས་ཨོ་ཏྲེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ༌། །ལྟེ་བ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་ཐུང་མ་སྟེ། ཉེ་བའི་ཞིང་ངོ༌། ཁ་ཀ་ལིཾ་གར་རབ་ཏུ་བཟང་པོ་དང་སྔོ་སངས་ལྷ་མོ། མགྲིན་པ་ལཾ་པ་ཀར་རྡོ་རྗེ་བཟང་མོ་དང་ཤིན་ཏུ་བཟང་པོ་སྟེ་ཚན་དོ་ཧའོ། །སྙིང་ཀ་ཀཉྩར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། འདོམ་པར་ཧི་མ་ལ་ཡར་མིག་མི་བཟང་དང་ཁ་ག་ན་ཏེ་ཉེ་བའི་ཚན་དོ་ཧའོ། །གསུང་གི་འཁོར་ལོའོ། །མཚན་མ་པྲེ་ཏ་པཱུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བཤང་ལམ་གྲི་ཧ་དེ་བར་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ་སྟེ་འདུ་བའོ། །བརླ་གཉིས་སཽ་རཥྟར་རྟ་མགྲིན་དང་ཆང་འཚོང་མ། བྱིན་པ་གཉིས་སུ་པརྞ་དྭཱི་བར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་འདུ་བའོ། །རྐང་སོར་བརྒྱད་ནཱ་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བོལ་གོང་གཉིས་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ་དུར་ཁྲོད་དོ། །རྐང་པའི་མཐེ་བོང་གཉིས་མ་རུར་རྣམ་པར་


TNT07_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཛད་དང་འཁོར་ལོས་སྒྱུར་མ། པུས་མོ་གཉིས་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ། ཉེ་བའི་དུར་ཁྲོད་དོ། །སྐུའི་འཁོར་ལོའོ། །བུ་ག་རྣམས་ཀྱི་རྩ་སྒོ་མཚམས་མ་བརྒྱད་དུ་གྱུར་པ་ནི། ལྕེའི་རྩ་བར་ཁ་གདོང་མ། ལྟེ་བར་འུག་གདོང་མ། རྟགས་ཀྱི་སྒོར་ཁྱི་གདོང་མ། བཤང་ལམ་གྱི་སྒོར་ཕག་གདོང་མ། མཛོད་པུའི་བུག་པར་གཤིན་རྗེ་བརྟན་མ། རྣ་བ་གཉིས་ཀྱི་སྒོར་གཤིན་རྗེ་ཕོ་ཉ་མ། མིག་གཉིས་ཀྱི་སྒོར་གཤིན་རྗེ་མཆེ་བ་མ། སྣ་བུག་གཉིས་ཀྱི་སྒོར་གཤིན་རྗེ་འཇོམས་མའོ། །གསུམ་པ་ཆོས་ཀྱི་དཀྱིལ་འཁོར་ནི་བཤད་རྒྱུད་དག་དང་གཞུང་གི་ཚིག་རིགས་དངོས་བསྟན་ལྟར། བརྗོད་ནའང་ལེགས་ལ། ཡང་ན་འདི་ལྟར་བྱ་སྟེ། ལུས་དང་ཚོར་བ་དང་ཆོས་དང་སེམས་རྗེས་སུ་དྲན་པ་ཉེར་བར་བཞག་པ་བཞི་ནི། མཁའ་འགྲོ་མ། ལཱ་མ། ཁཎྜ་རོ་ཧ། གཟུགས་ཅན་མ་བཞིའོ། །འདུན་པ་དང་བརྩོན་འགྲུས་དང་སྤྱོད་པ་དང་སེམས་ཏེ་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། རབ་གཏུམ་མ། གཏུམ་མིག་མ། འོད་ལྡན་མ། སྣ་ཆེན་མ་བཞིའོ། །དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་སྟེ་དབང་པོ་ལྔ་ནི་དཔའ་བློ་མ། མི་ཐུང་མ། ལང་ཀའི་དབང་ཕྱུག་མ། ཤིང་གྲིབ་མ། ས་སྲུང་མ་རྣམས་སོ། །དད་སོགས་ཀྱི་སྟོབས་ལྔ་ནི། །འཇིགས་བྱེད་མ། །རླུང་ཤུགས་མ། ཆང་ཐུང་མ། སྔོ་སངས་ལྷ་མོ། རབ་བཟང་མ་རྣམས་སོ། །ཏིང་ངེ་འཛིན་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། རྣམ་འབྱེད་དང༌། དྲན་པ་དང་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བདུན་ནི། རྟ་རྣ་མ།


TNT07_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་གདོང་མ། འཁོར་ཤུགས་མ། དུམ་སྐྱེས་མ། ཆང་འཚོང་མ། གོ་ཆ་མ། ཤིན་ཏུ་དཔའ་མོ་རྣམས་སོ། །ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ་རྣམས་ནི་སྟོབས་ཆེན་མ། འཁོར་སྒྱུར་མ། རྩོན་ཆེན་མ། ཁྭ་གདོང་མ། འུག་གདོང་མ། ཁྱི་གདོང་མ། ཕག་གདོང་མ་རྣམས་སོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀའོ། །དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང༌། སྐྱེས་པ་སྲུང་བ་དང༌། མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང༌། སྐྱེས་པ་སྤོང་བ་བཞི་ནི། གཤིན་རྗེ་བརྟན་མ། ཕོ་ཉ་མ། མཆེ་བ་མ། འཇོམས་མ་བཞིའོ། །ཤིན་ཏུ་བསྡུས་ན། ལྷ་སུམ་ཅུ་རྩ་བདུན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དོ། །ཞེས་པ་ཙམ་ཞིག་གིས་ཀྱང་ཆོག་མོད་ཀྱི། ལས་དང་པོ་པ་ལ་དཀྱུས་ལྟར་ལེགས་སོ། །འདིར་དོན་ནི། རྗེས་ཆགས་ལྷན་སྐྱེས་ཀྱིས་བདེ་བས་དཀྱིལ་འཁོར་ཐམས་ཅད་ལ་རྒྱས་བཏབ་ཅིང༌། སྣང་སྟོང་བདེ་བའི་ཡེ་ཤེས་དེ་ཉིད་ལ་བྱང་ཕྱོགས་སོ་བདུན་ཚང་བར་ཤེས་པར་བྱས་ནས། ལྷ་རྣམས་དེར་དག་ཚུལ་དྲན་པར་བྱེད་དགོས་པ་ཡིན་ནོ། །ཨོཾ་ཨཱཿཧཱུཾ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱཀྩིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅་ཧཾ། ལན་གསུམ་སོགས་བརྗོད། འདིར་ཕ་མཐིང་པ་ནས་བརྒྱུད་པའི་མན་ངག་ལས། ཕོ་ཉ་གསུམ་བསྲེ་བའི་གདམས་པ་སྟོན་པ་ནི། རྒྱུད་ཀྱི་རྒྱལ་པོ་འདིའི་བསྐྱེད་རིམ་གྱི་གདམས་པའི་གནད་བླ་ན་མེད་པ་ཡིན་པས། མ་ཆད་པར་བསྒོམ་པ་གལ་ཆེའོ། །འདི་སྐད་ཅིག་རྣམས་པའི་གསང་སྔགས་ཡིན་པས། འདི་དང་དེ་འགལ་བར་མི་བསམ་སྟེ། དོན་དེ་


TNT07_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྐད་ཅིག་རྣམ་པའི་དོན་ལ་རྗེས་སུ་ཞུགས་པའི་ཕྱིར་རོ། །ལྔ་པ་བྱིན་གྱིས་རློབས་པའི་རྣལ་འབྱོར་ནི་། རྣམ་པ་གཉིས་ཏེ་གོ་ཆ་བགོ་བ་དང་ཡེ་ཤེས་པ་གཞུག་པའོ། །དེ་ཡང༌། རང་གི་སྙིང་གར་ཨོཾ་ཧ་དཀར་པོ་ལས་རྡོ་རྗེ་སེམས་དཔའ། མགོ་བོར་ནཱ་མ་ཧི་སེར་པོ་ལས་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་སྭཱཧཱ་ཧཱུཾ་དམར་པོ་ལས་པདྨ་གར་གྱི་དབང་ཕྱུག་ཕྲག་པ་གཉིས་སུ་བཽ་ཥ་ཊ་ཧེ་ནག་པོ་ལས་དཔལ་ཧེ་རུ་ཀ མིག་གཉིས་སུ་ཧཱུཾ་ཧཱུཾ་ཧོ་དམར་སེར་ལས་རྡོ་རྗེ་ཉི་མ། ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་ལྗང་ཁུ་ལས་རྟ་མཆོགཡུམ་གྱི་ལྟེ་བར་ཨོཾ་བམ་དམར་པོ་ལས་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་སྔོན་པོ་ལས་གཤིན་རྗེ་མ། མགྲིན་པར་ཧྲཱིཾ་མོཾ་དཀར་མོ་ལས་རྨོངས་བྱེད་མ་མགོ་བོར་ཧྲིཾ་ཧྲིཾ་སེར་པོ་ལས་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་ལས་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ལས་ཙིཎྜི་ཀཱ །རྡོ་རྗེ་སེམས་དཔའ་དང་རྨོངས་བྱེད་མ་ཟླ་བ་ལ། གནས་ཤིང་ཟླ་བའི་འོད་ཅན། གཞན་རྣམས་ཉི་མ་ལ་གནས་ཤིང་ཉི་མའི་འོད་ཅན་ནོ། །སྤྲོ་ན་འདི་སྐད་ཅེས། རྡོར་སེམས་ཕག་མོ་ཞལ་གསུམ་ཕྱག་དྲུག་སྟེ། །གཞན་རྣམས་ཞལ་གཅིག་ཕྱག་བཞི་ཀུན་གཡས་བརྐྱང༌། །རྡོར་སེམས་ཕག་མོས་འཁྱུད་ཅིང་དཀར་དམར་ནག །གཡས་ན་རྡོ་རྗེ་ཅང་ཏེའུ་མགོ་བོ་སྟེ། །གཡོན་ན་དྲིལ་བུ་ཐོད་པ་ཁ་ཊྭཾ་ག །རྣམ་སྣང་གཤིན་རྗེ་མས་འཁྱུད་འཁོར་ལོ་འཛིན། །གར་དབང་རྨོངས་བྱེད་མས་འཁྱུད་པདྨ་དམར། ཁྲག་འཐུང་སྐྱོང་བྱེད་མས་འཁྱུད་རྡོ་རྗེ་སྟེ། །ཉི་མ་སྐྲག་བྱེད་མས་འཁྱུད་རིན་པོ་ཆེ། །རྟ་མཆོག་ཙཎྜི་ཀས་འཁྱུད་རལ་གྲིའོ། །ལྔ་ཆར་གཡོན་གྱི་དང་པོ་དྲིལ་བུ་


TNT07_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས། །ལྷག་མ་ཅང་ཏེའུ་གཡས་དང་ཁ་ཊྭཾ་ག །ཐོད་པར་བཅས་པ་གཡོན་གྱི་འོག་མས་འཛིན། །ཕག་མོ་དམར་སྔོ་ལྗང་བའི་ཞལ་གསུམ་སྟེ། །ལྕགས་ཀྱུ་ཚངས་མགོ་གྲི་གུག་གཡས་གསུམ་ན། །ཐོད་པ་ཁ་ཊྭཾ་ཞགས་པ་གཡོན་པས་འཛིན། །གཤིན་རྗེ་མ་སོགས་ལྔ་ནི་གྲི་ཐོད་དང༌། །དྲིལ་བུས་མཚན་པའི་ཁ་ཊྭཾ་ཅང་ཏེའུ་བསྣམས། ཞེས་སོ། །སྐུའི་ཆ་བྱད་གཞན་རྣམས་དཀྱིལ་འཁོར་གྱི་ལྷས་རིགས་འགྲེ་ལ། བསྡུ་ན་སྔགས་ཀྱི་ཡིག་འབྲུ་ཉིད་ལྷའི་ངོ་བོར་བསྒོམས་པས་ཀྱང་ཆོག་གོ །དེ་ནས་འབར་བའི་ཕྱག་རྒྱ་བཅས་ཏེ། རང་གི་སྙིང་གའི་ཧཱུཾ་ཡིག་གི་འོད་ཟེར་གྱིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་ཐམས་ཅད་ཡེ་ཤེས་སེམས་དཔའ་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་པར་གྱུར། ཕེཾ། ཞེས་བརྗོད། འོད་ཟེར་རང་གི་སྙིང་གར་ཐིམ། རིག་མ་བཅུ་དྲུག་གི་མཆོད་པ་འོག་ནས་འབྱུང་བ་ལྟར་ཕུལ་ནས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། རྣམ་ལྔ་འདོད་སྐོར་གྱི་མཐར་འཁྱུད་རྒྱ་བྱས་ལ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅་ཧཾ། བྱང་ཕྱོགས་ཀྱི་དག་པའི་འཇུག་ཐོགས་སམ་ལུས་དཀྱིལ་གྱི་རྗེས་ཐོགས་ཉིད་ལ། སྐད་ཅིག་རྣམ་པས་སྔགས་ཀྱི་ཕོ་ཉ་གསུམ་བསྲེས་བྱས་ཟིན་ན་འདིར་མི་དགོས་ལ། དེ་དག་ཏུ་མ་བྱས་ན་འདིར་བྱེད་དེ་འགྲེལ་བའི་དགོངས་པའང་ཡིན་ནོ། །སླར་ཡང་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་སྤྱན་དྲངས་ཕཻཾ། ཆུ་གཉིས་སྤྱོད་དང་བཅས་པས་


TNT07_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཞིང་གི་སྐབས་ལྟར་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། སྒོ་མཚམས་མ་རྣམས་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་ཤིས་པ་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། རྡོ་རྗེ་ཕག་མོ་སྙིང་པོའི་རྣལ་འབྱོར་མ་བཞི་དང་བཅས་པས་ཌཱ་མ་རུ་དང་བདུད་རྩིས་གང་བའི་ཐོད་པ་ཐོགས་ནས། དབང་བསྐུར་རོལ་མོ་བདེ་ཆེན་པོ། །མཁའ་འགྲོ་མ་ཡི་དྲ་དགྱེས་བདེ། །དགྱེས་མཛད་གསང་བའི་བདེ་ཆེན་པོ། སྩོལ་མཛད་བདེ་བ་ཆེན་པོ་སྟེ། །ཨ་ལ་ལ་ལ་ཧོ། མཆོག་ཏུ་གྱུར་པའི་བདེ་ཆེན་པོ། །མཁའ་འགྲོ་དྲ་བའི་བདེ་ཆེན་པོ། ཨ་ལ་ལ་ལ་ཧོ། ཞེས་པའི་གླུ་དབྱངས་དང༌། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གི་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱིཿཧཱུཾ། ཞེས་གསུངས་ཤིང་སྤྱི་བོ་ནས་དབང་བསྐུར། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་གང༌། སྒོ་གསུམ་གྱི་དྲི་མ་དག བདེ་བ་ཆེན་པོའི་རང་བཞིན་དུ་བྱས། ཆུའི་ལྷག་མ་ཡར་ལུད་སོ་སོའི་སྤྱི་བོར་འཁྱིལ་བ་ཡོངས་སུ་གྱུར་པ་ལས། གཙོ་བོ་ལ་མི་བསྐྱོད་པ། རྡོ་རྗེ་ཕག་མོ་ལ་རྣམ་སྣང༌། བདེ་ཆེན་འཁོར་ལོ་པ་རྣམས་ལ་རིན་ཆེན་འབྱུང་ལྡན། ཐུགས་ཀྱི་འཁོར་ལོ་པ་རྣམས་ལ་མི་བསྐྱོད་པ། གསུང་གི་འཁོར་ལོ་པ་རྣམས་ལ་འོད་དཔག་མེད། སྐུའི་འཁོར་ལོ་པ་རྣམས་ལ་རྣམ་སྣང༌། དམ་


TNT07_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་འཁོར་ལོ་པ་རྣམས་ལ་དོན་ཡོད་གྲུབ་པས་དབུ་རྒྱན། དབང་གི་ལྷ་རྣམས་རང་ལ་གཉིས་སུ་མེད་པར་ཐིམ། དེ་ལྟར་ན་ཟླ་བ་ས་བོན་རོ་གཅིག་ཏུ་འདྲེས་པ་ནས་བཟུང་སྟེ་དེ་ཡན་ཆད་ཤིན་ཏུ་རྣལ་འབྱོར་རོ། །བདུན་པ་ཏིང་ངེ་འཛིན་གྱི་རྣལ་འབྱོར་ནི། ལྷ་སྐུ་ལ་སེམས་མཉམ་པར་བཞག་ཅིང༌། མཐར། ཨོཾ་ཨ་ཨཱ། ནས། ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ། རང་གི་སྣ་བུག་གཡས་ནས་ཨཱ་ལྀ་ཀཱ་ལྀའི་འོད་ཟེར་དང་འཁོར་ལོ་གསུམ་གྱི་ལྷ་ཚོགས་སྤྲོས། འགྲོ་བ་ཐམས་ཅད་དེའི་རང་བཞིན་དུ་བྱས། གདོད་ནས་གྲུབ་པ་རྣམས་དང་ལྷན་ཅིག་སླར་འདུས་ནས་སྣ་བུག་གཡོན་པ་ནས་ཞུགས། ལྟེ་བར་ཨཱ་ལྀ་ཀཱ་ལྀ་ལས་ཟླ་བའི་དཀྱིལ་འཁོར་ཨཱ་ལྀ་ཀཱ་ལྀས་མཚན་པ་དབུས་སུ་ཧཱུཾ་དང་བཅས་པར་གྱུར། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། ཡུམ་རྡོ་རྗེ་ཕག་མོ་དམར་མོ་དང་མཉམ་པར་སྦྱོར་བའོ། །དེ་ལ་ཅུང་ཟད་མཉམ་པར་བཞག དེ་ནི་རྡོ་རྗེ་སེམས་དཔའ་ཕྲ་མོའི་རྣལ་འབྱོར་རོ། །ལྟེ་བའི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བས་སྙོམས་པར་ཞུགས་པའི་དགའ་བ་སྒྱུ་མ་ལྟ་བུའི་སྒྲ་དང་འོད་ཟེར་གྱི་སྲིད་གསུམ་དག་པའི་འཁོར་ལོར་བྱས་པ། སྲུང་བའི་འཁོར་ལོ་ལ་ཐིམ། དེ་དུར་ཁྲོད་བརྒྱད་ལ་ཐིམ། དེ་དམ་ཚིག་གི་འཁོར་ལོ་ལ། དེ་ཡང་སྐུའི་འཁོར་ལོ་ལ། དེ་ཡང་གསུང་གི་འཁོར་ལོ་ལ། དེ་ཡང་ཐུགས་ཀྱི་འཁོར་ལོ་ལ། དེ་ཡང་བདེ་ཆེན་འཁོར་ལ། དེ་ཡང་གཙོ་བོའི་ཞལ་བཞི་ལ།


TNT07_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ལྟེ་བའི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་ཐིམ། དེ་ཡང་སྙོམས་འཇུག་བདེ་བ་ཆེན་པོས་རབ་ཏུ་ཞུ་ཏེ་ཧཱུཾ་ཡིག་དཀར་ལ་དམར་བའི་མདངས་ཆགས་པར་གྱུར། ཧཱུཾ་གི་ཞབས་ཀྱུ་ཁོག་པ་ལ། དེ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། དེ་ལ་ཅུང་ཟད་སེམས་བཟུང་ཞིང་མཐར་ནཱ་ད་ཡང་འོད་གསལ་དུ་ཐིམ། འདིར་བསམ་མི་ཁྱབ་ཀྱི་རྣལ་འབྱོར་སྒོམ། སླར་ཡང་སྟོང་པའི་ངང་ལས་དཀྱིལ་འཁོར་གྱི་འཁོར་ལོ་སྔ་མ་ལྟར་གྲུབ་པར་གྱུར། དེ་དག་ནི་རྣལ་འབྱོར་ཆེན་པོའོ། །བརྒྱད་པ་མཆོད་པའི་རྣལ་འབྱོར་ལས་དང་པོ་སྔགས་མཆོད་ནི། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམ་བ་རཾ་སྭཱཧཱ། གཙོ་བོའི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡུམ་གྱི་སྙིང་པོའོ། །ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ། སྙིང་པོའི་རྣལ་འབྱོར་མ་བཞིའི་སྔགས་སོ། །ཨོཾ་བོ་དྷི་ཙིཏྟ་བཛྲཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ཐོད་པ་བཞིའི་སྔགས་སུ་བྷི་བྷུ་ཏི་བཞེད་དོ། །ཨོཾ་ཀ་ར་ཀ་ར་ཧཱུཾ་ཧཱུཾ་ཕཊ། ཨོཾ་པྲ་ཙཎྜི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙཎྜི་ཨཀྵི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བནྡྷ་བནྡྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པྲ་བྷ་ཝ་ཏཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ནཱ་སེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཱ་རི་མ་ཏཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲོཾ་ཧྲོཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁརྦ་རཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲཿཧྲཿཧཱུཾ་ཧཱུཾ་ཕཊ། ཨོཾ་ལངྐེ་ཤྭ་རཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཕེམ་ཕེམ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དྲུ་མ་ཙྪ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཕཊ་ཕཊ་ཧཱུཾ་ཧཱུཾ་ཕཊ།


TNT07_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨེ་རཱ་ཝ་ཏི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བྷཻ་ར་ཝི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཝ་ཡུ་བེ་གེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྷ་ཀྵ་བྷ་ཀྵ་ཝ་ས་རུ་དྷི་རཱནྚ་མཱ་ལཱ་བ་ལམྦི་ནཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སུ་ར་བྷཀྵི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་སཔྟ་པ་ཏཱ་ལ་ག་ར་བྷུ་ཛཾ་ག་སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤྱཱ་མ་དེ་ཝི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀཌྷྱ་ཨཱ་ཀཌྷྱཧྱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སུ་བྷ་དྲེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲིཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧ་ཡ་ཀརྞེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཛྙཽཾ་ཛྙཽ་ཧཱུཾ་༷ཧཱུཾ་ཕཊ། ཨོཾ་ཁ་གཱ་ན་ནེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀྵྨཾ་ཀྵྨཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བེ་གེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧཾ་ཧཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧིཾ་ཧིཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤཽཎྜི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་ཝརྨྨི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ཀི་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སུ་བཱི་རེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སི་ལི་སི་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བ་ལེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧི་ལི་ཧི་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་ཝརྟི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དྷི་ལི་དྷི་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བཱི་དྱཻ་ཧཱུཾ་ཧཱུཾ་ཕཊ། དང་པོ་ཉེར་བཞི་དཔའ་བོ་ཉེར་བཞི་དང༌། ཕྱི་མ་ཉེར་བཞི་དཔའ་མོ་ཉེར་བཞིའི་སྔགས་སོ། །ཨོཾ་ཀ་ཀཱ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤྭ་ནཱ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་སྱཻ་ཧཱུཾ་ཧཱུཾ་ཕཊ། སྒོ་མ་བཞིའི་སྔགས་སོ། །ཨོཾ་ཡ་མ་དཱ་ཌྷཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱུ་ཏཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾ་ཥྟི་ཎཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐཱ་ནཱི་ཧཱུཾ་ཧཱུཾ་ཕཊ། མཚམས་མ་བཞིའི་སྔགས་སོ། །ཕྱི་མཆོད་དངོས་སུ་བཤམས་ཡོད་ན་བྱིན་རླབས་བྱ་དགོས་ཤིང༌། ཏིང་ངེ་འཛིན་འབའ་ཞིག་གི་མཆོད་པ་ལ་ནི། བསངས་སྦྱངས་བྱིན་རླབས་དགོས་པ་མ་ཡིན་ནོ། །བྱིན་


TNT07_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ནི། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ཡིག་ལས་བྱུང་བའི་ཐོད་པའི་སྣོད་རྣམས་ཀྱི་ནང་དུ། ཧཱུཾ་ལས་འབྱུང་བའི་མཆོད་ཡོན། ཞབས་གསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་བཟང་ཞིང་རྒྱ་ཆེ་ལ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། དེ་བཞིན་དུ་པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ་དྷཱུ་པེ། ཨཱ་ལོ་ཀེ །གནྡེ། ནཻ་བི་ཏེ། ཤཔྟ་ཨཱཿཧཱུཾ། རོལ་མོ་བྱིན་རླབས་ཀྱི་སྔགས་ཀྱང་སྤྲོ་ན་བརྗོད། གོང་ཚོགས་ཞིང་གི་སྐབས་བཞིན་ནམ། བླ་མ་གོང་མ་འགའ་ཞིག་གི་ལག་ལེན་ལྟར་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦྷ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི། ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་པཱ་དྱཾ། པུཥྤེ་མན་ཆད་ལ་པྲ་ཏཱིཙྪའི་དོད་དུ་ཨཱཿཧཱུཾ་སྦྱར་རོ། །དེ་ནི་ཕྱི་མཆོད་དངོས་ཡིན་ལ། ཨོཾ་བཱི་ནི་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། དེ་བཞིན་དུ་སྦྱར་ཏེ། ཝཾ་སྱ། མྲྀ་ཏཾ་གི མུ་ར་ཛེ། ཧ་སྱ། ལཱ་སྱ། གིརྟི། ནྲྀ་ཏི། པུཥྤེ། དྷུ་པེ། དཱི་པེ། གནྡྷེ། རཱུ་པ། རཱ་ས། པརྴེ། ཨོཾ་དྷརྨ་དྷ་ཏུ་བཛྲ་ཎི་ཧཱུཾ་ཧཱུཾ་ཕཊ། ཞེས་མཆོད་པའི་ལྷ་མོ་བཅུ་དྲུག་གི་མཆོད་དེ། འདི་ཡང་ཕྱི་མཆོད་གཙོ་ཆེ་བའི་དབང་དུ་བྱས་སོ། །དེ་ནས་ནང་མཆོད་གཏོར་མ་ལྟར་བྱིན་གྱིས་རླབས་ནས། ཨོཾ་ཨ་མྲྀ་ཏ་ཨུཏྟ་ག་ཧཱུཾ་ཧཱུཾ་ཐ་ཐ་ཏྲཾ་ཨ་ཁཾ་ཧཱུཾ་ཞེས་བརྗོད། ཧེ་རུ་ཀ་དཔལ་རྡོ་རྗེ་ཕག་མོ་དང༌། །གྲུབ་ཆེན་ལཱུ་ཡི་པ་དང་ཌཾ་ཀི་པ། །ལྭ་བ་པ་དང་ཛ་ལནྡྷ་ར་དང༌། །ནག་པོ་སྤྱོད་པ་དགེ་བའི་མགོན་པོ་དང༌། །ཏེ་ལོ་ནཱ་རོ་མ་ན་ཀ་ཤྲཱི། །བྷ་དནྡ་པ་མར་པ་དོ་པ་དང༌། །བདེ་མཆོག་རྡོ་རྗེ་བཟེ་བ་བློ་ལྡན་དང༌། །


TNT07_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཁུ་བ་སློབ་དཔོན་ལ་ཚད་པ། །ལོ་ཙཱ་མཆོག་ལྡན་དཔལ་ལྡན་སེང་གེ་དང༌། །མཁན་ཆེན་བུ་སྟོན་དྷརྨ་ཤྲཱི་དང༌། །རྒྱལ་བ་དཔལ་ལེགས་འདུས་པ་བཟང་པོ་དང༌། །ཐར་པའི་མཚན་ཅན་རིག་འཛིན་རྒྱལ་པོ་དང༌། །དོན་གྲུབ་རྒྱལ་མཚན་བཀྲ་ཤིས་རྒྱལ་མཚན་དང༌། །དཔལ་ལྡན་ཆོས་བཟང་(《ཛཾ》+ལྷ་དབང་གྲགས་པ་དང༌། །ཀུན་མཁྱེན་སྒྲོལ་མགོན་ཡེ་ཤེས་རྒྱ་མཚོ་དང༌། །སྙིང་པོའི་བློ་གྲོས་ངག་དབང་འཕྲིན་ལས་དང༌། །ཀུན་བཟང་དབང་པོ་ཚེ་དབང་ནོར་བུའི་ཞབས། །འཕྲིན་ལས་ཤིང་རྟ་བསྟན་པའི་ཉིན་མོར་བྱེད། །ཟུར་མང་ལོ་ཆེན་ཀརྨ་རིན་ཆེན་དཔལ། །འོད་གསལ་འགྱུར་མེད་མ་ཎི་བྷ་དྲ་དང༌། །ཆོས་འཕེལ་རྒྱ་མཚོ་ངག་དབང་ཆོས་འཛིན་དཔལ། །མཁས་གྲུབ་དབང་ཕྱུག་ཚོགས་གཉིས་རྒྱ་མཚོ་དང༌། །རྩ་བའི་བླ་མ་)རྣམས་ལ་མཆོད་པ་འབུལ། །ཨོཾ་ཨཱཿཧཱུཾ། ཡང་ན། ཧེ་རུ་ཀ་དཔལ་རྡོ་རྗེ་རྣལ་འབྱོར་མ། །ཕྱག་ན་རྡོ་རྗེ་ས་ར་ཧ་པ་དང༌། །ཀླུ་སྒྲུབ་ཤཱ་བ་རི་དང་ལཱུ་ཡི་པ། །དཱ་རི་པ་དང་སློབ་དཔོན་རྣམ་རྒྱལ་ཞབས། །ཏིལླི་ནཱ་རོ་པ་དང་ཕཾ་ཐིང་མཆེད། །ཀློག་སྐྱ་མལ་ལོ་ས་སྐྱ་གོང་མ་ལྔ། །དཀོན་མཆོག་དཔལ་དང་གྲུབ་ཆེན་བྲག་ཕུག་པ། །ཆོས་རྗེ་བླ་མའི་ཞབས་དང་དཔལ་ཚུལ་བ། །ཤར་པ་ངོར་ཆེན་པཎ་ཆེན་ཤཱཀྱའི་མཚན། །རབ་གསལ་ཟླ་མགོན་རྗེ་བཙུན་གྲོལ་མཆོག་དང༌། །འཇམ་དབྱངས་ཀུན་དགའ་རྒྱལ་མཚན་རྣམས་ལ་འབུལ། །ཨོཾ་ཨཱཿཧཱུཾ། ཞེས་སོ། །ས་ལུགས་ལ་བརྒྱུད་ལུགས་མི་འདྲ་བ་མང་ཞིང༌། པུ་རངས་ལོ་ཆུང་དང་རྭ་ལུགས་ཀྱི་བརྒྱུད་པའང་ཡོད་དོ། །དེ་ནས་བསྡུ་ན་གཙོ་བོ་


TNT07_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་གྱི་སྙིང་པོའི་མཐར་འབྲུ་གསུམ་བཏགས་པ་དང༌། རྒྱས་པར་སྤྲོ་ན་གོང་སྔགས་མཆོད་ཀྱི་སྐབས་སུ་བཤད་པ་ལྟར། དཀྱིལ་འཁོར་པ་ཐམས་ཅད་ཀྱིས་སྔགས་ཀྱི་མཐར་འབྲུ་གསུམ་བཏགས་ལ་འབུལ། ཨོཾ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་བཛྲ་ཀཱ་མི་ནུ་སརྦ་བྷཀྵ་ཤྭ་དྷ་ཡ། གུ་ཧྱ་བཛྲི་ཎཱི་སྭཱཧཱ། ནང་མཆོད་དོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། གསང་བའི་མཆོད་པའོ། །དེ་ནས་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་པ་བྱ་སྟེ། ཨོཾ་ན་མོ་བྷ་ག་ཝ་ཏི་ཝཱི་རེ་ཤ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་ཀལྤཱགྣི་སནྣི་བྷཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊཱ་མུ་ཀུ་ཊོཏྐ་ཊཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དཾཥྟ་ཀ་རཱ་ལོ་གྲ་བྷི་ཥ་ཎ་མུ་ཁཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷ་སུ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པར་ཤུ་པཱ་ཤོ་དྱཱ་ཏ་ཤུ་ལ་ཁ་ཊྭཾ་གི་དྷ་རི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྱཱ་གྷྲཱ་ཛི་ནཱི་བ་ར་དྷ་ར་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་དྷུ་མྲཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཞེས་ཡབ་ཀྱི་རྐང་བརྒྱད་དང༌། ཨོཾ་ན་མོ་བྷ་ག་ཝ་ཏི་བཛྲ་པཱ་ར་ཧཱི་བ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་ཨཱརྱ་ཨ་པ་ར་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མཧཱ་བིཏྱཱ་ཤྭ་རེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མཿསརྦ་བྷུ་ཏ་བྷ་ཡཱ་བ་ཧེ་མ་ཧཱ་བཛྲེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་ས་ནི་ཨ་ཛི་ཏེ་ཨ་པར་ཛི་ཏེ་བ་ཤཾ་ཀཱ་རི་ནཻ་ཏྲ་བྷྲ་མ་ཎེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མཿཤོ་ཥ་ཎི་རོ་ཥ་ནི་ཀྲོ་དྷ་ཀ་རཱ་ལི་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མཿཏྲ་ས་ནི་མ་ར་ཎི་པྲ་བྷེ་ད་ནི་ཨ་པ་ར་ཛ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནྀ། སྟམྦྷ་ནི་མོ་ཧ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་ཝཱ་རཱ་ཧི་མཧཱ་ཡོ་ཀི་ནཱི་ཀཱ་མེ་ཤྭ་རི་ཁ་གེ་ཧཱུཾ་ཧཱུཾ་ཕཊ། ཞེས་ཡུམ་གྱི་རྐང་བརྒྱད་དོ། །ཡང་ན་མཆོད་པའི་རྣལ་འབྱོར་བདུན་


TNT07_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཏིང་ངེ་འཛིན་བརྒྱད་པར་བྱས་ནས། སྐབས་འདིར་ཏིང་ངེ་འཛིན་གྱི་རྣལ་འབྱོར་སྒོམ་པ་ཡང་ཡོད་པ། བསྐྱེད་རིམ་གཞན་གྱི་རིམ་པ་དང་མཐུན་ཏེ། འདི་ལྟར་བྱེད་ན་མཆོད་པ་རྗེས་སུ་རྣལ་འབྱོར་གྱི་ཡན་ལག་ཏུ་བསྡུ་བ་ཡིན་ནོ། །དེ་ནས་བཟླས་པ་ལ་བཟླ་བྱའི་སྔགས་ནི། གོང་དུ་བསྟན་པའི་ཡབ་ཀྱི་རྐང་བརྒྱད་ཀྱི་རྐང་པ་རེ་རེའི་ཧཱུཾ་ཧཱུཾ་ཕཊ་རྣམས་དང༌། དང་པོའི་ཨོཾ་མ་གཏོགས་པའི་ཨོཾ་རྣམས་ཀྱང་དོར་བ་ལ། ཀ་ར་ཀ་ར་སོགས་བཏགས་པ་སྟེ། ཨོཾ་ན་མོ་བྷ་ག་ཝ་ཏེ། སོགས། ཝ་པུ་ཥཱ་ཡ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿཧྲཿ ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ་བ་སུ་རུ་དྷིར་ཨནྡྲ་མཱ་ལ་བ་ལམྦི་ནི་གྲྀཧྣ་གྲྀཧྣ་སཔྟ་པ་ཏ་ལ་ག་ཏ་བྷུ་ཛཱཾ་ག་སརྦཾ་པ་ཏརྫ་ཡ་ཏརྫ་ཡ་ཨཱ་ཀཌྷྱ་ཨཱ་ཀཌྷྱ། ཧྲིཾ་ཧྲིཾ། ཛྙཱཽཾ་ཛྙཱཽཾ། ཀྵྨཾ་ཀྵྨཾ། ཧཾ་ཧཾ་ཧིཾ་ཧིཾ་ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི་ཧཱུཾ་ཧཱུཾ་ཕཊ། ཡབ་ཀྱི་རྩ་སྔགས་སོ། །གོང་དུ་བཤད་པའི་ཡུམ་གྱི་རྐང་བརྒྱད་ལ། ཐོག་མའི་ཨོཾ་མ་གཏོགས། ཨོཾ་ཡིག་དང་ཧཱུཾ་ཕཊ་རྣམས་དོར་བ་ལ། ཏདྱ་ཐཱ་པྲོ་ཏཾ་གི་སོགས་བཏགས་པ་ཡབ་ཀྱི་དང་འདྲ་བར་བོད་གོང་མ་རྣམས་བཞེད་ལ། འདིར་ལྭ་བ་པའི་བཞེད་པ་ལྟར་རྐང་བརྒྱད་དང་མ་སྦྲེལ་བར་བཟླ་སྟེ། ཨོཾ་བཛྲ་བཱ་རཱ་ཧཱི། པྲོ་ཏངྒེ་པྲོ་ཏངྒེ། ཧ་ན་ཧ་ན་པྲཱ་ཎཱཾ། ཀིཾ་ཀི་ཎི༌། ཁིཾ་ཁི་ནི། དྷུ་ན་དྷུ་ན་བཛྲ་ཧ་སྟེ། ཤོ་ཥ་ཡ་ཤོ་ཥ་ཡ་བཛྲ། ཥ་ཊྭཱཾ་ག་ཀ་པཱ་ལ་དྷ་ར་ཎི། མཧཱ་བི་ཤི་ཏེ། མཱཾ་ས་ཨ་ཤ་ནཾ། མ་ནུས་ཤྱནྟྲ། པྲཱ་བྲི་ཏེ་སཱནྣི་དྷྱཾ་ན་ར་ཤི་རོ་མཱ་ལཱ་གྲནྠི་ཏ་དྷ་རི་ཎི། སུམྦྷ་ནི་སུམྦྷ། ཧ་ན་ཧ་ན་པྲཱ་ཎཱཾ། སརྦ་པཱ་པཾ་ས་ཏྭཱ་ནཾ། སརྦ་པཱ་


TNT07_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱུ་ནཱཾ། མཧཱ་མཾ་ས་ཚེ་ད་ནཾ། ཀྲོ་དྷ་མཱུརྟེ་དཾཥྟ་ཀ་རཱ་ལི་ནི། མཧཱ་མུ་དྲེ། ཤྲཱིཿཧེ་རུ་ཀ་དེ་བ་སྱ་ཨ་གྲ་མ་ཧི་ཤི ས་ཧ་སྲ་ཤི་རི། ས་ཧ་སྲ་ཝཱ་ཧ་ཝེ། ཤ་ཏ་ས་ཧ་སྲ་ཨཱ་ན་ནེ། ཛྭ་ལི་ཏ་ཏེ་ཛ་སེ། ཛྭ་ལ་མུ་ཁེ། པིཾ་ག་ལ་ལོ་ཙ་ནེ། བཛྲ་ཤ་རཱི་རེ། བཛྲ་ཨཱ་ས་ནི། མི་ལི་ཏེ་ཙི་ལི་ཏེ། ཧེ་ཧེ། ཧ་ཧ། ཧཱུྃ་ཧཱུཾ། ཁ་ཁ། དྷུ་དྷུ། རུ་རུ། དྷུ་རུ་དྷུ་རུ། མུ་རུ་མུ་རུ། མུཉྩ་མུཉྩ། ཨ་དྭེ་ཏེ། མཧཱ་ཡོ་གི་ནཱི། པ་ཋི་ཏ་སིདྡྷི། དྲཻཾ་དྷཾ་དྲཻ་དྷཾ། གྲཾ་གྲཾ། ཧེ་ཧེ། ཧ་ཧ་བྷཱི་མེ། ཧ་ས་ཧ་ས། བཱི་རེ། ཧཱ་ཧཱ་ཧོ་ཧོཿ ཧཱུཾ་ཧཱུཾ། ཏྲཻ་ལོཀྱ་བི་ནཱ་ཤ་ནི། ཤ་ཏ། ས་ཧ་སྲ་ཀོ་ཊི། ཏ་ཐཱ་ག་ཏ་པ་རི་ཝ་རེ་ཧཱུཾ་ཧཱུཾ་ཕཊ། སིཾ་ཧ་རཱུ་པེ་ཁཿ ག་ཛ་རཱུ་པེ་ཨཱཿ་ཏྲེ་ལོཀྱ་ཨུ་ད་རེ་ས་མུ་དྲ་མེ་ཁ་ལེ་གྲ་ས་གྲ་ས་ཧཱུཾ་ཧཱུཾ་ཕཊ། ཝཱི་རཱ་དྭཻ་ཏེ་ཧཱུཾ་ཧཱུཾ། ཧ་ཧཿ མཧཱ་པ་ཤུ་མོ་ཧ་ནི་མཧཱ་ཡོ་གི་ཤྭ་རི་སྟྭཾ། ཊཱ་ཀ་ནཱི་སརྦྦ་ལོ་ཀཱ་ནཾ་བནྡྷ་ནི། ས་དྱཿཔྲ་ཏྱ་ཡ་ཀཱ་རི་ཎི་ཧཱུཾ་ཧཱུཾ་ཕཊ། བྷཱུ་ཏ་ཏྲཱ་ས་ནི། མཧཱ་བཱི་རཱི། པ་ར་མ་སིདྡྷི། ཡོ་གཱི་ཤྭ་རི་ཕཊ། ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡུམ་གྱི་རྩ་སྔགས་སོ། །ཡབ་ཡུམ་གྱི་སྙིང་པོ་ནི་གོང་དུ་བསྟན་ཟིན་ཏོ། །ཨོཾ་ཧྲཱིཿ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཉེ་སྙིང་ངོ༌། ཨོཾ་སརྦ་བུདྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡུམ་གྱི་ཉེ་སྙིང་ངོ༌། །འཁོར་ལོ་ལྔའི་ལྷ་ཚོགས་ཀྱི་སྔགས་ནི་སྔར་བསྟན་པ་བཞིན་ནོ། །གོ་ཆའི་སྔགས་ལ་ས་བོན་ཁོ་ན་དང༌། ས་བོན་ལ་མགོ་བོར་ཨོཾ་དང་ཧཱུཾ་ཧཱུཾ་ཕཊ་སྦྱར་བ་དང༌། མཚན་སྔགས་ཀྱང་པར་བསྟན་པ་སྟེ་རིམ་པ་གསུམ་ཡོད་པ་ལས། སྐབས་འདིར་དང་པོ་བཟུང་ངོ༌། །བགྲང་འཕྲེང་གི་རབ་ཏུ་དབྱེ་བ་དང་འཕྲེང་བ་བྱིན་རླབས་དང༌། བཟླས་པའི་རབ་ཏུ་དབྱེ་བ་རྣམས་ཀྱང་ཇི་སྐད་བཤད་པ་དང་བླ་མའི་ངག་ལས་


TNT07_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་བྱས་ཏེ། བཟླས་པའི་དམིགས་པ་ནི། དོ་ལིའི་བཟླས་པ་དང༌། སྤྲོ་བསྡུའི་བཟླས་པ་གཙོ་བོར་བྱེད་ཅིང༌། ངག་གི་བྱ་བའི་དབང་དུ་བྱས་ན་ངག་བཟླས་དང༌། ཡིད་བཟླས་དང༌། འགོག་བཟླས་གསུམ་ག་ཡང་བྱའོ། །དགུ་པ་ཉེར་བསྡུའི་རྣལ་འབྱོར་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྲིད་གསུམ་དག་པའི་འཁོར་ལོ། ཞེས་པ་ནས། བདེ་ཆེན་འཁོར་ལོ་ལ་ལྷ་རྣམས་ཕྱོགས་གཡོན་བསྐོར་དང་མཚམས་གཡས་བསྐོར་གྱིས་སྣ་བུག་ནས་ཐིམ། ཡུམ་ཡང་ཡབ་ལ་ཐིམ། ལུས་དཀྱིལ་གྱི་ལྷ་དྲུག་ཅུ་ཡང་རང་གནས་སུ་ཐིམ། གཙོ་བོ་ཡང་ཐུགས་ཀའི་ཧེ་རུ་ཀ་ཡབ་ཡུམ་ལ་ཐིམ། དེ་ཡང་སྙོམས་འཇུག་བདེ་བ་ཆེན་པོའི། ནས། ནཱ་ད་ལྔ་འོད་གསལ་དུ་ཐིམ། དེ་ལ་ཅུང་ཟད་མཉམ་པར་བཞགསླར་ཡང་རང་ཉིད་དཔལ་ཧེ་རུ་ཀའི་སྐུའི་རྣམ་པར་གྱུར།གཉིས་པ་མཉམ་ལངས་ལ་བཅུ་སྟེ། སྲུང་བའི་རྣལ་འབྱོར་དང༌། ཞིང་སྐྱོང་དང༌། སྤྱོད་ལམ་དང༌། ཁ་ཟས་དང༌། མཆོད་པ་དང༌། གཏོར་མ་དང༌། རྗེས་ཆགས་དང༌། ཉལ་བ་དང༌། ལྡང་བ་དང༌། ཁྲུས་ཀྱི་རྣལ་འབྱོར་རྣམས་སོ། །དང་པོ་སྲུང་བ་ནི། དཔའ་བོའི་རྩ་བའི་སྔགས་སོགས་གང༌། །ཚངས་པའི་སྐུད་པ་སོགས་སུ་རྟག།དཔའ་བོ་ཉི་ཤུ་རྩ་བཞི་ཡིས། །ལུས་ཀྱི་ཁམས་ལ་རྟག་པའོ། །དཔའ་བོའི་གོ་ཆ་དྲུག་པོ་ཡིས། །ཕྱག་རྒྱ་ཡིས་ན་ནི་ལུས་མཛེས་པའོ། །རྡོ་རྗེའི་ཕག་མོའི་སྔགས་གང་ཡིན། །མགྲིན་པ་མགུར་ཆུས་བརྒྱན་པའོ། །ལྷ་ཡི་སྙིང་པོའི་སྔགས་ཀྱིས་ནི། །འཕྲེང་བ་བརྒྱ་ཡི་ཕྱེད་ཀྱི་མཛེས། །ཡི་གེ་བདུན་པའི་གསང་སྔགས་ཀྱིས། །གདུབ་བསྐོར་གྱིས་


TNT07_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྣ་བ་མཛེས། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མས། །པགས་པའི་གོས་མཆོག་འཛིན་པའོ། །རྣལ་འབྱོར་མ་དྲུག་གསང་སྔགས་ཀྱིས། །སྐེ་རགས་བྱས་པས་བརྒྱན་པའོ། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མའི། །སྔགས་ནི་ལྟུང་བའི་ཐོད་པའོ། །རྣམ་སྣང་མཛད་ཅེས་སྔགས་གང་ཡིན། །ཐོད་པས་དབུ་ལ་བརྒྱན་པའོ། ཁ་ཊྭཾ་ག་ནི་ལྷ་ཡི་སྐུ །ཤེས་རབ་ཌཱ་མ་རུ་ཡི་སྒྲ །ཉིན་མོ་བཅོམ་ལྡན་དཔའ་བོ་སྟེ། །རྣལ་འབྱོར་མ་ནི་མཚན་མོར་བརྗོད། །མྱ་ངན་འདས་བྱུང་དཔའ་བོ་ནི། །དྲུག་པ་སེམས་ཀྱི་སྤྲུལ་པ་སྟེ། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པའོ། །ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ཡིག་བཀོད་པ་དང་བྲལ་བ། །ཀ་ནི་གང་དུའང་མི་གནས་པའོ། །རང་གི་སྙིང་གར་ཨོཾ་ཧ་དཀར་པོ། ནས། ཉི་མའི་འོད་ཅན་ནོ། །དམིགས་པ་གསལ་ན་ལུས་དཀྱིལ་འཁོར་གྱི་ལྷ་ཞེ་བརྒྱད་གསལ་གདབ། མི་གསལ་ན་མོས་པ་ཙམ་གྱིས་བྱ་སྟེ། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ། པུ་ཛ་ཨོ་ཨ་གོ་ར་དེ་མཱ། ཀཱ་ཨོ་ཊི་ཀོ་ཀ་ལ་ཀ་ཧི། པྲེ་གྲི་སོ་སུ་ན་སི་མ་ཀུ ཞེས་སོ། །རྗེས་སུ་སུམྦྷ་ལན་གཉིས་ཀྱིས་ཕྱོགས་བཅིང་ངོ༌། །གཉིས་པ་ཞིང་སྦྱོང་གི་རྣལ་འབྱོར་ནི། ཡབ་ཀྱི་རྐང་བརྒྱད་བརྗོད། བདག་དང་སྣང་བའི་འཁོར་ལོ་ཐམས་ཅད་འཁོར་ལོ་སྡོམ་པའི་སྐུའི་རང་བཞིན། བརྗོད་པ་དང་གྲགས་པའི་སྒྲ་ཐམས་ཅད་གསུང་གི་རང་བཞིན། དྲན་རིག་རྣམ་རྟོག་ཐམས་ཅད་ཐུགས་བདེ་བ་ཆེན་པོའི་རང་བཞིན་དུ་རྣམ་པར་དག་གོ །དེ་ནས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བར་བྱ་སྟེ། བདག་གིས་དུས་གསུམ་དགེ་བ་ཅི་སྤྱད་པས། །ནམ་མཁའི་མཐའ་ཀླས་གྱུར་


TNT07_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཅན་རྣམས། །བླ་མེད་རྡོ་རྗེ་ཐེག་པའི་སྣོད་གྱུར་ཏེ། །ཀུན་ཀྱང་རྡོ་རྗེ་འཛིན་པ་ཉིད་གྱུར་ཅིག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །བློ་ལྡན་རིག་བཟང་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་བརྟན། །འཁོར་ལོ་སྡོམ་པའི་དམ་ཚིག་ལ་གནས་ཤོག །རྡོ་རྗེ་དྲིལ་བུ་ལ་སོགས་རྟག་ཏུ་འཆང༌། །ཟབ་ཅིང་རྒྱ་ཆེའི་ཆོས་དོན་རྟོགས་པ་དང༌། །གོ་ཀུ་ཤུ་ཀྲ་ལ་སོགས་རྟག་བཟང་ཞིང༌། །མཐར་ཐུག་བདེ་ཆེན་སྒྲུབ་པའི་སྐལ་ལྡན་ཤོག །བདེ་གཤེགས་སྤྱན་སྔར་གནས་གསུམ་མཁའ་འགྲོ་ཡི། །དམ་བཅས་སྲུང་ཤིང་དངོས་གྲུབ་མཆོག་སྩོལ་བར། །ཐུགས་དམ་བཅས་ཤིང་རྟག་སྲུང་དངོས་གྲུབ་ནི། །རྣམ་གསུམ་ཚེ་འདི་ཉིད་ལ་ཐོབ་པར་ཤོག །ལྷ་མོ་ཚད་མ་སོགས་དང༌། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་སྔགས་པ་ལྷན་ཅིག་གར་བྱེད་ཤོག །ཅེས་པ་ལ་སོགས་པའོ། །རྣལ་འབྱོར་ལྷག་མ་རྣམས་ལས། ཁ་ཟས་ཀྱི་རྣལ་འབྱོར་ནི། གོང་ནང་མཆོད་ཀྱི་སྐབས་དང་འདྲ་བ་ལས། ཕུད་ཕུལ་བའི་རྗེས་སུ། ཨོཾ་ས་མ་ཡ་ཤུདྡྷ་སརྦ་དྷརྨ་ས་མཱ་ཡ་ཤུདྡྷོ྅ཧཾ། ཞེས་ང་རྒྱལ་བཟུང་བ་ནི་འདིར་ཁྱད་པར་རོ། །སྤྱོད་ལམ་གྱི་རྣལ་འབྱོར་གྱི་སྐབས་སུ་གཡོན་པའི་ཀུན་སྤྱོད་དོ། །གཏོར་མའི་རྣལ་འབྱོར་ནི། ཐུན་ཐ་མ་ལའམ། ཐུན་རེ་རེ་ཞིང་ངམ། ནམ་ཕྱེད་ཀྱི་དུས་ན་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་ཤ་ཆང་སོགས་དང་ལྡན་པར་བཤམས། ཨོཾ་སུམྦྷ་ནི་


TNT07_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་ར་ཛ་ཧཱུཾ་ཧཱུཾ་ཕཊ། ཞེས་པས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་སྦྱངས། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཨོཾ་ཨཱཿཧཱུཾ་ལས་བྱུང་བའི་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་བྱུང་བའི་ཐོད་པ་དུམ་བུ་གསུམ་པ། ཕྱི་དཀར་ལ་ནང་དམར་བ། དེའི་ནང་གི་ཤར་དུ་ཨོཾ་དཀར་པོ་ལས་དྲི་ཆེན་ཨོཾ་གྱིས་མཚན་པ། བྱང་དུ་ཁཾ་ལྗང་ཁུ་ལས་ཤ་ཆེན་གྱི་དྭངས་མ་ཁཾ་གིས་མཚན་པ། ནུབ་ཏུ་ཨཾ་དམར་པོ་ལས་བྱང་ཆུབ་ཀྱི་སེམས་ཨཾ་གིས་མཚན་པ། ལྷོར་ཏྲཱཾ་སེར་པོ་ལས་རཀྟ་ཏྲཱཾ་གིས་མཚན་པ། དབུས་སུ་ཧཱུཾ་སྔོན་པོ་ལས་དྲི་ཆུ་ཧཱུཾ་གིས་མཚན་པ། མེར་ལཾ་དཀར་པོ་ལས་བ་གླང་གི་ཤ་ལཾ་གིས་མཚན་པ། བདེན་བྲལ་དུ་མཱཾ་སྔོན་པོ་ལས་ཁྱིའི་ཤ་མཱཾ་གིས་མཚན་པ། རླུང་དུ་བཾ་དམར་པོ་ལས་གླང་པོའི་ཤ་བཾ་གིས་མཚན་པ། དབང་ལྡན་དུ་ཏཱཾ་ལྗང་ཁུ་ལས་རྟའི་ཤ་ཏཱཾ་གིས་མཚན་པ། དབུས་སུ་བཱཾ་དམར་པོ་ལས་ཤ་ཆེན་བཱཾ་གྱིས་མཚན་པ། རླུང་གཡོས་མེ་འབར་བས་རྫས་བཅུ་ཡི་གེ་དང་བཅས་པ་ཞུ་བ་ཉི་མ་འཆར་ཀའི་མདོག་ལྟར་དམར་སེར་གསལ་ལ་དངས་པར་གྱུར་པའི་སྟེང་ཐད་དུ། ཧཱུཾ་ཡིག་ལས་བྱུང་བའི་ཁ་ཊྭཾ་ག་དཀར་པོ་བྱང་ཆུབ་ཀྱི་སེམས་བདུད་རྩིའི་རང་བཞིན་ཅན། མགོ་བོ་ཐུར་དུ་བལྟ་བ། དེ་ལས་བདུད་


TNT07_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་དཀར་པོ་བབས་ཏེ། དེར་ལྟུང་བས་གཡོན་བསྐོར་དུ་ལན་གསུམ་དཀྲུགས་ཤིང་ཞུ་བས་དངུལ་ཆུ་མདོག་ཅན་ཤིན་ཏུ་བསིལ་བའི་བདུད་རྩིར་གྱུར། དེའི་སྟེང་གི་ནམ་མཁའ་ལ་ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ་རྣམས་ཁ་དོག་སྣ་ཚོགས་པ་ཡོངས་སུ་གྱུར་པ་ལས། ཨོཾ་དཀར་པོ། ཨཱཿདམར་པོ་ཧཱུཾ་སྔོན་པོ་རྣམས་སྟེང་ནས་སྟེང་དུ་བརྩེགས་པ། དེ་ལས་འཁོར་ལོ་གསུམ་གྱི་ལྷ་དང་བཅས་པའི་འོད་ཟེར་ལྔ་འཕྲོས། རྒྱ་མཚོ་ལ་སོགས་པ་ན་གནས་པའི་བདུད་རྩི་དང༌། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་ཐམས་ཅད་ཀྱི་ཐུགས་ཀ་ནས་བདུད་རྩི་བཀུག་ཅིང༌། འགྲོ་བ་རྣམས་འཁོར་ལོ་གསུམ་གྱི་ལྷར་བྱས་པ་རྣམས་སྤྱན་དྲངས། སྙོམས་འཇུག་གི་བདེ་བས་ཞུ། དེ་ཐམས་ཅད་ཡིག་འབྲུ་གསུམ་ལ་ཐིམ། ཨོཾ་ཨཱཿཧཱུཾ། ཡང་རིམ་པ་ལྟར་བདུད་རྩིར་ཞུ་བ་གཏོར་མ་ལ་ཐིམ་པས། ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱི་བྱིན་གྱིས་བརླབ་པའོ། །རང་གི་མདུན་གྱི་ནམ་མཁར་ཧཱུཾ་ཡོངས་སུ་གྱུར་པ་ལས། དཔལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུར་ཁྲོད་བརྒྱད་དང་བཅས་པ་སྐད་ཅིག་གིས་གྲུབ་པར་གྱུར། དེ་ནས་རྐང་པ་མནན་ཅིང་གྱེན་དུ་བལྟ། ཞེས་པའི་འདུག་ཚུལ་དང༌།


TNT07_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་ཕྱག་རྒྱ་བཅས་ཏེ། ཕཻཾ། ཅེས་བརྗོད། རང་གི་སྙིང་གིས་ཧཱུཾ་ཡིག་གི་འོད་ཟེར་གྱིས། ཡེ་ཤེས་སེམས་དཔའ་དཔལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར། ཕྱི་རོལ་ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་སོགས་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ཡོ་ག་ཤུདྡྷ༴ ལན་གཅིག ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ལན་གསུམ། མཆོད་ཡོན་དང་ཞབས་བསིལ་ཕུལ། ལག་པ་གཡོན་དུ་ཨཱ་ལི་ལས་ཟླ་བ། གཡས་སུ་ཀཱ་ལི་ལས་ཉི་མ། དབུས་སུ་ཧཱུཾ་ཟླ་ཉི་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཐལ་མོར་གྱུར། གཏོར་སྣོད་ལག་གིས་བླངས་པར་མོས་ལ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་བརྗོད་གསུང་ཡང་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་ཡི་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ལྷ་རྣམས་གཏོར་མ་གསོལ་བ་ལ་ཐུགས་དགེས་པ་དང་ལྡན་པ་ལས། ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་དྲངས་ཏེ་གཏོར་མ་གསོལ་བར་གྱུར། ཨོཾ་བཛྲ་ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲི་ཤྱ་ཧོཿ ཨོཾ་ཨཱཿཧཱུཾ། ཞེས་ལན་བདུན་གྱི་ཕུལ་གོང་བཞིན། ཨརྒྷཾ༴ ནས། ཤཔྟའི་བར་གྱིས་མཆོད། རྐང་བརྒྱད་གཉིས་ཀྱིས་བསྟོད། སྲིད་དང་ཞི་བ་མཉམ་པ་ཆགས་དང་ཀུན་རྟོག་ཆགས་པ་བཅོམས། ཁྱོད་ཀྱིས་དངོས་ཀུན་རང་བཞིན་ནམ་མཁའ་དང་ནི་འདྲར་གཟིགས་ཀྱང༌། །མགོན་པོ་ཤིན་ཏུ་ལྕི་བའི་ཐུགས་རྗེའི་ཆུ་རྒྱས་སེམས་ལ་ནི། །མཛོད་ཅིག་ལྷ་མོ་རྣམས་ཀྱི་བདག་ལ་རྗེས་རྩེར་མཛད་དུ་གསོལ། །ཞེས་གསོལ་བ་བཏབས་སོ། །


TNT07_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པ་རྣམས་ལ་ཕུལ་བར་མོས་ཏེ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས། བྷུ་ཏ་པྲེ་ཏ་པི་ཤཱ་ཙ། ཨུནྨ་ད་ཨ་པ་སྨ་ར། ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མེ་པྲ་ཡ་ཙྪནྟུ། ཡ་ཐཻ་ཝཾ། ཡཾ་ཐཻཥྟཾ། བྷུ་ཛ་ཐ། པི་བ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡཱ། སཏྶུ་ཁཾ། བི་ཤུདྡྷ་ཡ། ས་ཧ་ཡི་ཀ་བྷ་ཝཱནྟུ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་ཕུལ། གོང་བཞིན་མཆོད། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས༴ གནོད་སྦྱིན༴ སྲིན་པོའི༴ འབྱུང་པོའི༴ ཡི་དྭགས༴ ཤ་ཟའི༴ སྨྱོ་བྱེད༴ བརྗེད་བྱེད༴ མཁའ་འགྲོའི་ཚོགས༴ མ་མོའི༴ མ་ལུས་པར་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱི་མཆེས་པ་རྣམས། །དཔལ་ཆེན་བཀའ་བསྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པ། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུགས་དང༌། །དཔལ་དང་གྲགས་དང་སྐལ་པ་བཟང༌། །ལོངས་སྤྱོད་རྒྱ་


TNT07_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག ཡིག་བརྒྱ་བཟླ། མ་འབྱོར་པ་དང་ཉམས་པ་དང༌། སོགས་ཀྱིས་བཟོད་པར་གསོལ། ཡོ་ག་ཤུདྡྷོའི། སྔགས་བརྒྱ་བྱ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ཀྱི་མཐར། ཨོཾ་བཛྲ་མུཿ འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས། དཀྱིལ་འཁོར་དང་དཀྱིལ་འཁོར་པ་རང་ཉིད་ལ་ཐིམ། སྨོན་ལམ་གདབ། བཀྲ་ཤིས་བརྗོད་དོ། །འདི་ནི་གཏོར་ཆོག་ལོགས་སུ་བྱེད་པའི་དབང་དུ་བྱས་ལ་དཀྱིལ་འཁོར་མ་བསྡུས་པར་བྱེད་ན། བཟླས་པའི་མཐར་ཏེ་ལུགས་འདི་ལྟར་ན་གཏོར་མ་ཡང་མཆོད་པའི་རྣལ་འབྱོར་གྱི་ཁོངས་སུ་འདུའོ། །དེ་ལྟར་ན་རང་གི་མདུན་གྱི་ནམ་མཁར། ཞེས་པ་ནས། གྲུབ་པར་གྱུར། ཞེས་པའི་བར་སྤངས་ཤིང༌། ཡེ་ཤེས་སེམས་དཔའ་དཔལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཞེས་པའི་ཚབ་ཏུ། ཡེ་ཤེས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ། ཞེས་བརྗོད་པ་ནི་ཁྱད་པར་རོ། །ཉལ་བ་དང་ལྡང་བའི་རྣལ་འབྱོར་ནི། རྣལ་འབྱོར་ཆེན་པོའི་རིམ་པས་བྱ་ཞིང༌། གཉིད་སད་མ་ཐག་པ་དང་ཉལ་བའི་རྣལ་འབྱོར་ལ་འཇུག་ཁར། ངག་བྱིན་གྱིས་རླབས་པ་འདི་བསྒོམས་པར་བྱ་སྟེ། ཚིག་


TNT07_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གི་བརྗོད་པ་ཐམས་ཅད་ལ་ཨཱ་ལྀ་ཀཱ་ལྀའི་དེ་ཁོ་ན་ཉིད་ཀྱིས་རྒྱས་བཏབ་སྟེ། ཨོཾ་ཧྱེ་ཧི། མཧཱ་བཱི་ར་ཤུདྡྷ་ཝཀྱ་སྱ་དེ་ཤ་ཀ་ཤུ་བྱ་ཏ་ནི་ཝཾ་ཙ། སྲིཥྟཱི་ས་ད་ཧ་ར་སྭཱ་ཡཾ་བྷུ་ཝ། ཞེས་པའམ། དེའི་བོད་སྐད། ཨོཾ་ཚུར་བྱོན་ཚུར་བྱོན་དཔའ་བོ་ཆེ། །དག་པའི་ངག་ནི་སྟོན་པ་པོ། །སྟོང་ཉིད་ཡེ་ཤེས་འདི་ཁོ་ན། །སྤྲོས་དང་བསྡུད་པ་རང་བྱུང་བའོ། །ཞེས་སོ། །ཨོཾ་ཨཱ་ནས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ། ལན་གསུམ་བརྗོད་ནས་འོད་གསལ་དུ་འཇུག་པ་དང༌། འོད་གསལ་དུ་ལྡང་བའི་དམིགས་པ་བྱ། རྣལ་འབྱོར་གཞན་རྣམས་ནི་སྒྲུབ་ཐབས་འདིའི་དོན་དང་ལྷན་ཅིག་ཏུ་འཆད་པར་འདོད་དོ། །འདིར་ཉེར་མཁོ་འཕྲེང་བ་བྱིན་རླབས་ནི། རྒྱས་པ་སམ་བྷུ་ཊི་དང་གདན་བཞི་དགོངས་འགྲེལ་དང་བཅས་པ་རྣམས་ལས་བཤད་པ་ལྟར་རམ། བསྡུ་ན་བསངས་སྦྱངས་སྔོན་དུ་འགྲོ་བས། ཧྲཱིཿལས་པདྨ་གར་དང་དབང་ཡུམ་དང་བཅས་པ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན་དུ་བསྐྱེད། གནས་གསུམ་གྱི་བྱིན་གྱིས་རླབས། ཡེ་ཤེས་པ་བཅུགརིགས་བདག་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་དབང་བསྐུར། ཆུ་གཉིས་དང་ཉེར་སྤྱོད་ཀྱིས་མཆོད། རྡོ་རྗེ་མི་འཆི་འདོད་ཆགས་ཆེ་སོགས་ཀྱིས་བསྟོད། ཨོཾ་སྭཱཧཱ་ཧུ་པདྨ་ནི་རྟེ་ཤྭ་ར་ཧཱུཾ་ཧཱུཾ་ཕཊ། ཞེས་སམ། ཨ་རོ་ལིཀ་བརྒྱ་རྩ་བརྒྱད་བཟླས། དེ་ཞུ་བ་ལས་འཕྲེང་བའི་རྣམ་པར་བསམ་པའོ།། །།འདིར་སྨྲས་པ། དཔལ་ལྡན་སྡོམ་པའི་རྒྱུད་རྒྱལ་རྒྱ་མཚོ་འདྲ། །དངོས་གྲུབ་མཐའ་ཡས་ནོར་བུའི་ཚོགས་ཀྱིས་བལྟམས། །ཐབས་དང་ཤེས་རབ་རླབས་འཕྲེང་གཡོ་བ་ཅན། །བྱིས་བློས་རྐྱལ་གྱིས་ཇི་ལྟར་རྒལ་བར་ནུས། །དེ་སླད་བཏང་སྙོམས་སྟེན་པར་རིགས་ན་ཡང༌། །ལམ་མཆོག་འདི་ལ་མོས་པའྀ་གཞན་དབང་གྱུར། །འབྲས་མཆོག་མ་ཐོབ་གྱུར་ཀྱང་འདིར་སྩོལ་བ། །


TNT07_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བས་རབ་ཏུ་རྩོམ་པ་དོན་མཆོག་ལྡན། །འདི་ཅིས་ལེགས་སམ་ཉེས་པར་གྱུར་ཀྱང་སླ། །དམ་པའི་ཞལ་ལུང་དཔང་པོར་བྱས་ཏེ་བཀོད། །བདག་ཉིད་ཉམས་སུ་བླང་བའི་དོན་སླད་དང༌། །སྐལ་མཉམ་རེ་རེ་ལ་ཡང་ཕན་པ་སྲིད། །འདི་ལས་དགེ་བ་གང་ཐོབ་པས། །སྲིད་ལམ་འཁྱམ་པའི་སེམས་ཅན་ཀུན། །བདེ་ཆེན་དམ་པའི་གནས་མཆོག་ལ། །མྱུར་བ་ཉིད་དུ་འཁོད་པར་ཤོག །ཅེས་པ་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས། །བདེ་བ་ཆེན་པོའི་འཇུག་ངོགས་ཞེས་བྱ་བ་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ་སློབ་དཔོན་ལཱུ་ཡི་པའི་བཞེད་གཞུང་ལྟར་སྦྱར་བ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་བཞི་བཅུ་ཞེ་གཅིག་པ་ལ་ནགས་རྒྱལ་གྱི་དབེན་གནས་སུའོ། །༈ འདིར་ལཱུ་ཡི་པ་ལ་རྩ་རྐྱང་གི་ལུགས་སུ་འདོད་པ་དང༌། འགྲེལ་པ་ལུགས་གཉིས་ཡོད་པ་ལས། འདིར་ཕྱི་མ་ཡིན། ལུགས་འདི་ལ་མར་པ་དོ་པ་དང་པུ་རངས་པ་དང༌། རྭ་ལོའི་ལུགས་སོགས་ཡིག་རྙིང་མང་ཡང་ངག་འདོན་མི་བདེ་བ་དང༌། བུ་སྟོན་མན་ཆད་ཀྱི་ཡི་གེ་ཕྱི་མ་རྣམས་ཧ་ཅང་ཚིག་ཚོགས་ཆེས་པ་དང༌། རིགས་མཐུན་རུང་གི་གཞུང་ཐམས་ཅད་ནས་མཐུན་སྡེབས་ཀྱི་ཁ་བསྐང་བ་ཧ་ཅང་ཐལ་བའི་སྐྱོན་ཡང་ཅུང་ཟད་སྣང་བས། འདིར་དག་ཅིང་འཁྱེར་བདེ་བར་བཀོད་པ་ཡིན་ནོ། །མངྒ་ལཾ།། །།

དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འཇུག་ངོགས།


TNT07_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འཇུག་ངོགས་ཞེས་བྱ་བ་བཞུགས།


TNT07_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འཇུག་ངོགས་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཁམས་གསུམ་དབང་ཕྱུག་ཐུགས་རྗེའི་སྟོབས། །བདེ་ཆེན་རྡོ་རྗེ་འཆང་དབང་ཧེ་རུ་ཀ །དཔག་ཡས་མཁའ་འགྲོ་དྲ་བར་མཉམ་སྦྱོར་བ། །ཡེ་ཤེས་ལྷན་ཅིག་སྐྱེས་སྐུ་དེ་ལ་འདུད། །གང་ཞིག་དཀྱིལ་འཁོར་ཆོ་ག་བདུད་རྩིའི་སྒོ། །བརྒྱ་ཕྲག་ཕྱེ་ལས་ཐར་མཆོག་ཁང་བཟང་དུ། །མཐའ་ཡས་སྐྱེ་བོ་འཇུག་པའི་དགའ་སྟོན་ཅན། །གྲུབ་པའི་འབྲས་བུ་སྦྱིན་འདི་ཡ་མཚན་ཆོས། །དེ་ལ་སློབ་དཔོན་དམ་པ་བསྒོམ་པ་དང་བཟླས་པས་རང་ཉིད་བྱིན་གྱིས་རློབས་པའི་གནས་ཐོབ་པ་དག་གིས་སློབ་མ་དམ་པ་ཐེག་པ་མཆོག་འདིར་མོས་པའི་སྐལ་བ་ཅན་དག་དབང་བསྐུར་བ་ཡང་དག་པར་སྦྱིན་ནས་རྗེས་སུ་བཟུང་བར་བྱའོ། །དབང་བསྐུར་བ་དེ་ཡང་དཀྱིལ་འཁོར་བྱ་བ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །དེ་ལ་འདིར་དེ་ཁོ་ན་ཉིད་བཅུ་གཅིག་སྟེ། གསོལ་གདབ་བསྙེན་པ་ས་ཆོག་དང༌། །སྟ་གོན་ཐིག་གདབ་ཚོན་ཡང་དགྱེ། །རྒྱན་དགོད་སྒྲུབ་པ་བདག་ཉིད་འཇུག །སློབ་བཟུང་རྗེས་ཀྱི་བྱ་བའོ། །དེ་ལྟར་ན་སློབ་མའི་གསོལ་བ་གདབ་པ། དབང་གི་དོན་དུ་ཁ་གསོས་བསྙེན་པ། སའི་ཆོ་ག སྟ་གོན་


TNT07_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་པ། ཐིག་གདབ་པ། ཚོན་དབྱེ་བ། རྒྱན་དང་ཡོ་བྱད་དགོད་པ། དཀྱིལ་འཁོར་བསྒྲུབ་པ། བདག་ཉིད་འཇུག་པ། སློབ་མ་བཟུང་བ། རྗེས་ཀྱི་བྱ་བའོ། །དང་པོ་གསོལ་བ་གདབ་པ་ནི། སློབ་མས་མཎྜལ་ཕུལ་བ་ནི། ཐམས་ཅད་མཁྱེན་པ་སྟོན་པ་པོ། །འཇིག་རྟེན་རྣམས་ཀྱི་འདྲེན་མཛད་ལྷ། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། ཞེས་ལན་གསུམ་གསོལ་བ་གདབ། སློབ་དཔོན་གྱིས། འཁོར་ལོའི་མཆོད་པ་རིམ་ཇི་བཞིན། །ཁྱོད་ཀྱིས་ཐམས་ཅད་འབྱོར་གྱུར་ཏམ། །གུས་པས་རྣལ་འབྱོར་མ་རྣམས་དང༌། །རྣལ་འབྱོར་དགའ་བར་བྱེད་ནུས་སམ། ཞེས་དྲིས་པ་ལས། འབྱོར་གྱུར་ཏེ། ཞེས་དང༌། བྱེད་ནུས་སོ་ཞེས་ལན་བཏབ་བོ། །ཡང་འདི་སྐད་ཅེས། དམ་ཚིག་སྐྱོང་ཞིང་སྟོན་བྱེད་པ། །བུ་ཁྱོད་ཀྱིས་ནི་སྤྲོ་གྱུར་ཏམ། །ཞེས་པ་ལ། བདག་ནི་རབ་ཏུ་སྤྲོ་གྱུར་ཏོ། །ཞེས་ལན་བཏབ། སྐབས་འདིར་སློབ་མ་ལ་བགེགས་དང་སྡིག་པ་སྦྱང་བ་བྱས་པའི་རྗེས་སུ། སྒྲུབ་ཐབས་ནས་འབྱུང་བ་ལྟར་བསྲུང་འཁོར་སྒོམ། ཞལ་བཞི་པ་བཟླས་པའི་སྲུང་སྐུད་མགུལ་བར་བཏགས།


TNT07_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་དང་བཀྲ་ཤིས་བརྗོད་པ་སོགས་བྱའོ། །གཉིས་པ་བསྙེན་པ་ལ། ལྷ་ཉེ་བའི་བསྙཻན་པ་ནི། སྒྲུབས་ཐབས་བཞིན་ལྷའི་རྣལ་འབྱོར་དཀྱིལ་འཁོར་འཁོར་ལོ་རྫོགས་པར་བསྒོམས་ནས། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ཁྲི་ཕྲག་གསུམ། སྙིང་པོའི་རྣལ་འབྱོར་མ་བཞི་ལ་ལྔ་སྟོང་ལྔ་བརྒྱ་བཟླ། འཁོར་ལོ་གསུམ་ལ་ཁྲི་ཕྲག་གཉིས་རེ། སྒོ་མཚམས་མ་བརྒྱད་ལའང་ལྔ་སྟོང་ལྔ་བརྒྱ་རེ་བཟླ་སྟེ། རྒྱས་པའི་ལུགས་ཡིན་ལ། འཁོར་ལོ་གསུམ་གྱི་བཟླས་པ་སྤངས་པ་འབྲིང་པོ་དང༌། གཙོ་བོ་ཡབ་ཡུམ་ཁོ་ན་བཟླ་བ་བསྡུས་པའོ། །སྙིང་པོའི་རྣལ་འབྱོར་མ་བཞི་ཞལ་བཞི་པ་དང་སྤེལ་བ་དང༌། སྒོ་མཚམས་མ་བརྒྱད་ལ་ཡབ་ཀྱི་རྐང་བརྒྱད་དང་སྤེལ་བའི་ལུགས་ཀྱང་ཡོད་དེ། དེ་ལྟར་འགྲུབ་ན་ཤིན་ཏུ་ལེགས་སོ། །བགེགས་ཞི་བས་བསྙེན་པ་ནི། འོག་ཏུ་འཆད་པ་ལྟར་ལས་བུམ་དུ་ལས་ཀྱི་ལྷ་སྒྲུབ་པ་ནི་ངེས་པ་ཡིན་ལ། རྒྱ་བོད་ཀྱྀ་བླ་མ་སྔ་རབས་པ་མང་པོའི་བཞེད་པས། བུམ་ཆོག་བཞིན་དུ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྒྲུབ་པར་བཤད་དེ། དེ་ལྟར་ཡང་གྲུབ་ན་བཟང་ངོ༌། །ཡེ་ཤེས་དབབ་པའི་བསྙེན་པ་ནི། ཐོད་པའི་ནང་དུ་ཡེ་ཤེས་འབེབས་པས་རྫས་རྣམས་བཞག་ལ། ཨོཾ་ཏིཥྛ་མཧཱ་ཀྲོདྡྷ་སོགས་དང༌། དབྱངས་སྐྱོང་བའི་སྔགས་བཟླ་བ་ཡིན་ཏེ། བདག་ཉིད་གཙོ་བོའི་ང་རྒྱལ་གྱིས་རྫས་ལ་སྔགས་ཀྱི་ཡིག་འབྲུ་འབེབས་པའི་ཚུལ་གྱིས་སོ། །དེ་ལྟར་བསྙེན་པ་གསུམ་ཀ་མ་འགྲུབ་ན། དང་པོ་ལྷ་ཉེ་བའི་བསྙེན་པ་ཉིད་གཙོ་བོ་ཡིན་པའི་དེ་བྱའོ། །བསྙེན་པ་དང་གསོལ་གདབ་ལ་སྔ་ཕྱི་ངེས་པ་མེད་པས་ཇི་ལྟར་བདེ་བ་ཡིན་ནོ། །གསུམ་པ་ས་ཆོག་ལ། ས་བརྟག་པ། ས་བསླང་བ། སྦྱང་བ། བཟུང་བ་བཞི་ལས། དང་པོ་ནི། སྤྱི་དང་འདྲ་ཞིང་གཞུང་དུའང་ལྟའོ། །གཉིས་པ་ལ་གནས་ཀྱི་བདག་པོ་ལས་བསླང་བ། འཇིག་རྟེན་


TNT07_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བ་ལས་བསླང་བ། དཀྱིལ་འཁོར་ལྷ་ལས་བསླང་བ། སའི་ལྷ་མོ་ལས་བསླང་བའོ། །དང་པོ་ནི། བདག་ཉིད་དཔལ་ཧེ་རུ་ཀར་གྱུར། གཏོར་མ་དང་མཆོད་པ། སུམྦྷས་བསངས། སྭབྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ། གིས་བྱིན་གྱིས་རླབས། ཨོཾ་གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་རྣམས་དང༌། སརྦ་ཀྵེ་ཊ་ཕ་ལ་ས་པ་རི་ཝ་རེ་བྷྱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་ཏྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ལན་གསུམ་མམ་ལྔ་སོགས་ཀྱིས་ཕུལ། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད། གང་ཡང་འདིར་གནས་ལྷ་དང་ཀླུ། གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་སྟེ། རོལ་མོའི་སྒྲ་དང་བཅས་ཏེ་ཕྱིར་དོར། གཉིས་པ་ནི། དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་ལ་སོགས་པ་འཇིག་རྟེན་སྐྱོང་བ་ཐམས་ཅད་སྤྱན་དྲངས་པར་མོས་ཏེ། ཨོཾ་ཨཀྐ་དྷ་ན་བསྦན་དྷ་ན་ཁཀྑཱ་ད་ན་སརྦ་དུཥྟ་ན་ཧ་ན་ཧ་ད་གྷཱ་ཏ་ཡ། མ་མ་ཤཱན་ཏི་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཛཿསྭཱཧཱ། ཞེས་པས་བཀུག་སྟེ། ཨོཾ་ཁ་ཁ་ཁྭ་ཧི་ཁྭ་ཧི་ནས་མ་མཱ་སརྦ་སིདྡྷི་མེ་པྲ་ཡཙྪནྟུ་སྭཱཧཱ། ལན་གསུམ་སོགས་ཀྱིས་ཕུལ། ཨརྒྷཾ༴ ལ་སོགས་པའི་མཆོད། ཁམས་གསུམ་གནས་པའི་ལྷ་དང་ཀླུ །གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གང་དག་རྫུ་འཕྲུལ་ཆེ་ལྡན་ཞིང༌། །འབྱུང་པོ་བསྟན་པ་ལ་དགའ་བས། །བདག་ལ་དགོངས་པར་མཛད་དུ་གསོལ། །སངས་རྒྱས་རྣམས་ལ་མཆོད་པ་


TNT07_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །སེམས་ཅན་རྣམས་ལ་ཕན་དོན་དུ། །ས་ཕྱོགས་དགེ་བ་འདི་ཉིད་དུ། །དམ་པའི་དཀྱིལ་འཁོར་ཆེར་འབྱུང་བ། །ཇི་ལྟར་བསམ་པའི་ལས་བྱེད་ནི། །ཁྱེད་ཀྱི་བར་ཆད་མ་བྱེད་པར། །དགེ་བའི་གྲོགས་པོ་ཉིད་དུ་མཛོད། ཅེས་ལན་གསུམ། གཙྪ་གཙྪ་སྭ་སྠ་ནཾ། ཞེས་རོལ་མོ་དང་བཅས་ཏེ་གཏོར་མ་ཕྱིར་དོར། གསུམ་པ་ནི་དཀྱིལ་འཁོར་གྱི་ས་གཞིར་སྐྱང་ནུལ་བྱ། ཨོཾ་ཨཱཿཧཱུཾ། ལན་བཞི་བཅུ་ཞེ་གཅིག་བརྗོད་ལ་ལྷའི་གནས་སུ་དྲི་བཟང་གིས་ཐིག་ལེ་བྱ། མཉྫའི་སྟེང་དུ་ཐོད་པ་བཞག་ལ། དེར་མེ་ཏོག་འབུལ་བཞིན་པས། ལྷ་ཐམས་ཅད་ཀྱི་སྙིང་པོ་ལན་གསུམ་གསུམ་བརྗོད། སྤྲོ་ཞིང་དགོས་ན། དབུས་ཀྱི་ལྟེ་བར་འཁོར་ལོ་བདེ་མཆོག །ཅེས་པ་ནས། མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །ཤར་དུ་མཁའ་འགྲོ་མ་ནག་མོ་ནས། རྡོ་རྗེའི་འཕྲེང་བས་མཚན་པའི་བར་ལ། མཁའ་གསང་བྱིན་རླབས་རྗེས་ཆགས་དང་བཅས་པ་དོར། ལྷག་མ་རྣམས་བརྗོད་དོ། །བསྡུ་ན། འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་སྐད་ཅིག་གིས་གྲུབ་པར་གྱུར། ཞེས་བརྗོད། སྒྲུབ་ཐབས་ནས་འབྱུང་བ་ལྟར། ཨརྒྷཾ༴ ནས་ཤཔྟའི་བར་སྔགས་ཀྱིས་མཆོད། རྐང་བརྒྱད་གཉིས་ཀྱིས་བསྟོད། དུས་གསུམ་འབྱུང་བའི་མགོན་པོ་རྣམས། །བདག་ལ་བརྩེ་བས་དགོངས་སུ་གསོལ། །མགོན་པོ་རྒྱལ་བ་སྲས་མཆོད་ཅིང༌། །སློབ་མ་རྣམས་ལ་སྨན་སླད་དུ། །དཔལ་ལྡན་རྡོ་རྗེ་ཧེ་རུ་ཀའི། །ཀྱིལ་འཁོར་དམ་པ་འབྲི་འཚལ་བས། །དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས། །བདག་ལ་བྱིན་


TNT07_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་མཆོག་གནང་མཛོད། ཅེས་ལན་གསུམ་གསོལ་བ་གདབ། ཡོ་ག་ཤུདྡྷོ་སོགས་རང་ལ་སྟིམ། ཡང་ན། བཛྲ་མུཿས་གཤེགས་སུ་གསོལ། བཞི་པ་ནི། ས་ནོན་གྱི་ཕྱག་རྒྱས་སོར་མོ་དབུས་མ་གསུམ་པ་ལ་རེག་སྟེ། ཊཀྐི་ནི་ཧཱུཾ་ཛཿ ལན་གསུམ། ཧཾ་གི་སྒྲ་དང་ཧཱུཾ་གི་འོད་ཀྱིས་བསྐུལ་ནས་ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་འབྱུང༌། ཚོམ་བུའི་སྟེང་དུ་བྱོན་པ་ནི་སའི་ལྷ་མོ་གསེར་གྱི་མདོག་ཅན་ཞི་བའི་ཉམས་དང་ལྡན་པ། ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་རིན་པོ་ཆེ་བུམ་པ་བསྣམས་པ་རྒྱན་དང་ན་བཟའ་དཀར་པོ་ཅན། ཀྱེ་རིག་པ་འཛིན་པ་བདག་གིས་དཀྱིལ་འཁོར་གྱི་ལས་ཅི་བགྱི་བ་བཀའ་སྩལ་དུ་གསོལ། ཞེས་གསུང་བར་གྱུར། བདག་བསྐྱེད་ལྟར་མཆོད་པ་བྱིན་གྱིས་བརླབ། ཨོཾ་པྲི་ཐཱི་ཝི་དེ་ཝཱི་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་སྔོན་དུ་འགྲོ་བའི་པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏེ། ཤཔྟ། གྷཎྜེ་སོགས་རོལ་མོ། གཏོར་མ་སུམ་བྷ་སྭབྷཱ། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་དང་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཨོཾ་པྲི་ཐཱི་ཝི་དེ་ཝཱི་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། གྲྀཧྞ་དཾ་བ་ལིཾ་ཏ་ཡེ་སྭཱཧཱ། ལན་གསུམ། ཨོཾ་ཚུར་བྱོན་ཚུར་བྱོན་ས་ཡི་ནི། །ལྷ་མོ་ཆེན་མོ་འཇིག་རྟེན་


TNT07_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ། །རིན་ཆེན་ཀུན་གྱི་རབ་གང་མ། །བཟང་པོའི་རྒྱན་གྱི་རྣམ་བརྒྱན་མ། །དོ་ཤལ་རྐང་གདུབ་སྒྲ་ལྡན་མ། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་གཏོར་འདི་དག་མཆོད་ནས་སུ། །དཀྱིལ་འཁོར་ལས་ནི་ལེགས་གྲུབ་མཛོད། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཧེ་རུ་ཀ་དཔལ་དཔའ་བོ་ཡིས། །ཇི་ལྟར་བདུད་ཀྱི་སྟོབས་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། ལན་གསུམ། སའི་ལྷ་མོའི་འཁོར་དང་བཅས་པ་རྣམས་མཆོད་གཏོར་དམ་པ་འདིས་ཚིམ་པར་མཛད་པ། བདག་གི་བསྙེན་པ་རྫོགས་པའི་དཔང་པོ་ཡང་མཛད་ཅིང༌། དཀྱིལ་འཁོར་འབྲི་བའི་དོན་དུ་སའི་ཕྱོགས་འདི་བདག་ལ་གནང་བར་མཛད་དུ་གསོལ། ཀྱེ་རིག་པ་འཛིན་པ་ས་གཞི་སེམས་མེད་ཅིང་དག་པར་འཚལ་བའི་ལས་ཅི་བདེ་བར་མཛོད་ཅིག ཨོཾ་པྲ་ཐཱི་དེ་ཝཱི་བྷྱཿཨརྒྷཾ་པྲ་ཏིཙྪ་སྭཱཧཱ། ཨོཾ་བཛྲ་ཨུ་ཏི་ལ་སའི་ལྷ་མོ། ནམ་མཁར་བཞུགས་པར་གྱུར། རྒྱ་བོད་ཁ་ཅིག་ས་ལྷ་ལས་སླངས་པ་མི་བྱེད་པའང་ཡོད་དེ་བྱེད་པ་ལེགས་སོ། །གསུམ་པ་སྦྱངས་པ་ལ་གསུམ་གྱི། མེས་སྦྱངས་པ་ནི། ཞི་བ་དང་དྲག་པོའི་སྦྱིན་བསྲེག་གི་བགེགས་དང་མི་ཤིས་པ་སྦྱངས་པའོ། །གཉིས་པ་ཆུས་སྦྱངས་པ་ནི། ལས་ཐམས་ཅད་པ་འདས་པའི་ཆུས་གཏོར་བའོ། །གསུམ་པ་སའི་


TNT07_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་སྦྱངས་པ་ནི། རྐོ་སྦྱངས་ཟུག་རྔུ་དབྱུང་བ་སོགས་ཡིན་ལ། དེ་དག་དངོས་སུ་བྱེད་པ་མེད་ན་ཏིང་ངེ་འཛིན་གྱིས་སྦྱངས་ཏེ། ཨོཾ་བྷུ་ཁཾ་ནམ་མཁའི་རང་བཞིན་དུ་གྱུར། ཧཱུཾ་ལཾ་ཧཱུཾ་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་མེ་དྷི། ནས་བནྡྷ་ཧཱུཾ། ཞེས་སོ། །རྒྱ་བོད་ཁ་ཅིག་སྒྲུབ་ཐབས་ལྟར། སྐྱབས་འགྲོ་ནས་ཚོགས་ཞིང་སོགས་མཚམས་སུ་འདི་བྱེད་ཅིང༌། དེ་རྣམས་ཀྱིས་ས་བྱིན་གྱིས་རླབས་པར་བསམ་ལ་ཡིག་བརྒྱ་བརྗོད་པ་སོགས་བྱེད་དེ་འགལ་བ་མེད་ལ་ངེས་པར་དགོས་པ་ནི་མ་ཡིན་ནོ། །བཞི་པ་བཟུང་བ་ལ། བྱིན་གྱིས་རླབས་པ་དང་སྲུང་བ་གཉིས་ཀྱི། དང་པོ་ལ་གསུམ། ལྷའི་རྣལ་འབྱོར་གྱིས་བྱིན་གྱིས་རླབས་པ། དྲག་པོའི་འཕྲིན་ལས་ཀྱི་བྱིན་གྱིས་རླབས་པ། སྟང་སྟབས་ཀྱི་བྱིན་གྱིས་རླབས་པའོ། །དང་པོ་ནི་དཀྱིལ་འཁོར་གྱི་ས་གཞིར་འདུག་ལ། སྐྱབས་འགྲོ་ནས་བཟླས་པ་རྫོགས་ཀྱི་བར། སྒྲུབ་ཐབས་ལས་འབྱུང་བ་ལྟར་ཉམས་སུ་ལེན་པའོ། །གཉིས་པ་ནི། ཕྱོགས་བཞི་སློབ་དཔོན་སོ་སོའི། ཐོག་མར་ཤར་ནས་མཆོད་པ་བྱིན་རླབས་བདག་བསྐྱེད་ལྟར་བྱ། ཨརྒྷཾ་སོགས་དང་རྐང་བརྒྱད་ཀྱིས་བསྟོད། མཎྜལ་ཕུལ། རྡོ་རྗེ་སློབ་དཔོན་ཆེན་པོ་ལ་དཀྱིལ་འཁོར་གྱི་སློབ་དཔོན་མཛད་པའི་དོན་དུ་དབུལ་བར། སོགས་བྱ། ལྷོ་མས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཤར་མས། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་


TNT07_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། བྱང་མས། ཞི་བའི་མཆོག་ནི་ཆོས་ལས་བྱུང༌། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ནུབ་མས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཨོཾ་བཛྲ་ཨུ་ཏིཥྛ། སྡོམ་པའི་དཀྱིལ་འཁོར་ནམ་མཁར་བཞུགས་པར་གྱུར། རང་གཙོ་བོའི་ཐུགས་ཀ་ནས་གཙོ་བོ་གཉིས་པར་ཆད། སྐབས་འདིར་རྒྱ་བོད་ཀྱི་སློབ་དཔོན་སྤྲོས་པ་ལ་དགྱེས་པ་རྣམས། རང་ཉིད་ཁྲོ་བོ་ཧཱུཾ་མཛད་ཁམས་གསུམ་རྣམ་རྒྱལ་ཞལ་གསུམ་ཕྱག་དྲུག་པར་བསྐྱེད་པར་འདུག་ནའང་བསྡུས་པ་ལ་གཙོ་བོའི་ང་རྒྱལ་གྱིས་ཆོག་གོ །མིག་གཡས་གཡོན་མ་དང་ཊ་ལས་ཉི་མ་དང་ཟླ་བར་མིག་འབྲས་ཧཱུཾ་ལས་རྡོ་རྗེ་ནག་པོ་ཁྲོ་བོའི་ཚོགས་ཀྱི་འོད་ཟེར་འཕྲོ་བ་དང༌། རྐང་མཐིལ་གཉིས་སུ་ཨཱཿལས་སྣ་ཚོགས་རྡོ་རྗེ་འོད་ཟེར་འཕྲོ་བ། ཨོཾ་པྲ་ཎ་མི་སརྦ་ཏ་ཐཱ་ག་ཏཾ་བཛྲ་དྲིཥྟ་མ་ཊ། རྡོ་རྗེ་ལྟ་བས་གཡས་གཡོན་དུ་བསྐོར་ཏེ། ལྟ་བས་བགེགས་བསྐྲད། ས་ཕྱོགས་འདིར་སེམས་ཅན་གྱི་དོན་རྩོམ་གྱིས། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་སྲིན་པོ་དང་སྲིན་མོ་ལ་སོགས་པ། གང་དག་གནས་པའི་སའི་བདག་པོ་མྱུར་དུ་སོངས་ཤིག །འདིར་དཔལ་ཧེ་རུ་ཀའི་བཀའ་ནོས་ལ་མྱུར་བ་ཉིད་དུ་སོངས་ཤིག །གང་དག་མི་འགྲོ་བ་དེ་ལ་ངའི་ཡེ་ཤེས་ཀྱི་རྡོ་རྗེ་དང་ཁ་ཊྭཾ་ག་འདིས་སྤྱི་བོ་ནས་


TNT07_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བརྒྱད་དགས་པར་བྱའོ། །ལན་གསུམ། རེ་རེའི་མཐར་སུམ་བྷ་བཟླས་ཤིང་འབུད་དཀྲོལ་བྱ། ཡུངས་དཀར་གྱིས་ས་གཞི་ལ་གཏོར་རོ། །གསུམ་པ་ནི། ཧཱུཾ་གླུར་ལེན་ཅིང་དབང་ལྡན་དུ་སོང་ལ། རྡོ་རྗེ་རྩེ་གཅིག་པ་དང༌། རྩེ་གསུམ་པ་དང༌། རྩེ་ལྔ་པའི་འགྲོས་ཀྱིས་བསྐོར་བ་དང༌། ཤར་དུ་གཡོན་བརྐྱང༌། བྱང་དུ་ས་ག ནུབ་ཏུ་ཟླུམ་པོ། ལྷོར་གཡས་བརྐྱང་རྣམས་ཐབས་ཤེས་ཀྱི་དབྱེ་བས་བརྒྱད་དུ་འགྱུར་བ་རྣམས་དང༌། གཞན་ཡང་དབུས་སུ་སྣ་ཚོགས་རྡོ་རྗེ་འབྲི་ཞིང་མཉམ་པའི་རྐང་སྟབས་དང་ཇི་ལྟར་རིག་པར་གྱེན་དུ་འདེགས་པ། ཐུར་དུ་བསྐྱོད་པ་དང༌། ཐད་ཀར་བསྐྱོད་པ་དང༌། གཡས་དང་གཡོན་དུ་བསྐོར་བ་དང༌། འབྱེད་འཁྱུད་དང་ཀུ་ཙ་ཉེད་པ་དང༌། ནག་ག་ཧ་ད་ན་ད་ཀ། ཙུ་ན་ཤ་དང་སྐྲ་གྲོལ་བ། ཞེས་བརྒྱད་དང༌། རྐང་པ་བསྐྱོད་དང་ལག་པ་བསྐྱོད། །སྨིན་མ་འདེགས་དང་རབ་རྒྱས་གྲང༌། །ཅུང་ཟད་ངོ་ཚའི་ཟུར་མིག་དང༌། །བརླ་རྒྱས་ལྟ་ན་སྡུག་པ་དང༌། །མིག་ཡངས་གར་ནི་བྱེད་འགྱུར་ཞིང༌། ཁ་ཡི་པདྨ་འཛུམ་པ་དང༌། །ཅུང་ཟད་དམར་བའི་མཆེ་བ་འཕྱང༌། །ཀུན་ད་ལྟར་དཀར་སོ་ཡི་འཕྲེང༌། །ཞེས་པ་ལྟར་གར་གྱི་རྣམ་པར་རོལ་པ་རྣམས་བྱ་ཞིང༌། སྟང་སྟབས་ཀྱི་སྤྲོས་པ་ལ་མི་དགའ་ན། ཇི་ལྟར་རིགས་པའི་བསྐོར་བ་གསུམ་བྱའོ། །གཉིས་པ་བསྲུང་བ་ལ་གཉིས་ཀྱི། དང་པོ་ས་གཞི་བསྲུང་བ་ནི། ཕུར་བུ་བཅུའམ་གཅིག་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་བཅུ་ལས་བྱུང་བའི་སྟེང་དང་ཤར་གྱི་ཕུར་བུ་ཁ་གདོང་མ་ནག་མོ། །སོགས་སྒོ་མཚམས་མ་བརྒྱད་མངོན་རྟོག་བཞིན་ནམ། གཅིག་ལས་མེད་ན། བདུད་རྩི་འཁྱིལ་པ་སྐུ་མདོག་ནག་པོ་རྡོ་རྗེ་འཕྱར་ཞིང༌། སྡིགས་མཛུབ་དང་བཅས་པའི་ཞགས་པ་ཐུགས་ཀར་གཏོད་པ་སྟེ། གང་ལྟར་ཡང་ལྟེ་བ་མན་ཆད་ཕུར་བུའི་དབྱིབས་ཅན་དུ་ནས་རང་འདྲའི་


TNT07_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སེམས་དཔའ་ཕཻཾ། ཛཿཧཱུཾ་བཾ་ཧོཿ སུམྦྷ༴ མང་དུ་བཟླས། འདིར་ཡང་རྒྱ་བོད་སྤྲོས་པ་ལ་དགྱེས་པ་རྣམས་མངོན་བརྗོད་ལས་འབྱུང་བའི་ཁྲོ་བོ་བཅུར་བསྐྱེད་པ་བཞེད་དོ། །དེ་ནས། ཨོཾ་སུམྦྷ༴ ཞེས་པ་ནས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་བཅིངས་པར་གྱུར། གྱིས་བར་བསྲུང་འཁོར་བཞིན། ཕུར་བུ་བསྲུང་བའི་ཁྲོ་མོ་རྣམས་སྤྲུལ་ཕུར་བུ་བསྲུང་བའི་དོན་དུ་ཕྱོགས་བཅུར་བཞུགས་པར་གྱུར། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། དེ་བཞིན་དུ། པུཥྤེ། བསྟྲ། སརྒ་པ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུཾ་ཇི་སྲིད་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་ཐམས་ཅད་བཟློག་པའི་འཕྲིན་ལས་མཛོད་ཅིག གཉིས་པ་བདག་ཉིད་བསྲུང་བ་ནི། རང་གི་སྙིང་གར་ཨོཾ་ཨཾ་ཧེ་ནས་སུམྦྷ༴ ལན་གཉིས་ཀྱིས་ཕྱོགས་བཅིངས་པའི་བར། མཉམ་ལངས་བསྲུང་བའི་རྣལ་འབྱོར་གྱི་སྐབས་དང་འདྲ། སྨོན་ལམ་དང་བཀྲ་ཤིས་ཅི་ལྟར་འོས་པར་བྱ་ཞིང་རས་བྲིས་ཀྱི་ཕྱོགས་ལ་ནི་སའི་ཆོ་ག་འདི་མི་དགོས་སོ། །ཉི་མ་དང་པོའི་ཆོ་གའོ། །བཞི་པ་སྟ་གོན་དུ་གནས་པ་ལ། སྟ་གོན་གྱི་སྔ་རོལ་དུ་སྒྲུབ་དགོས་པའི་ཆོ་ག་དང༌། སྟ་གོན་དངོས་སོ། །དང་པོ་ནི། སྔོན་འགྲོ་གཏོར་མ། གནས་ཡོ་བྱིན་གྱིས་རླབས། ཞུ་འབུལ། དཀྱིལ་འཁོར་ཆེན་པོའི་ཏིང་ངེ་འཛིན་རྣམས་སོ། །དེ་ཡང་སྔོན་འགྲོ་གཏོར་མ་ལ་སུམྦྷས་བསངས། སྭ་བྷ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཞེས་བྱིན་གྱིས་རླབས། ཕཻཾ་ཞེས་མགྲོན་རྣམས་སྤྱན་དྲངས། ཨོཾ་ཁ་ཁ་ཁཱ་ཧྀ་ཁཱ་ཧི་ནས་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ལན་གསུམ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ལྷའི་ཚོགས་རྣམས།


TNT07_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འདོད་པ་ཀུན་འགྲུབ་ཤོག །དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པའི་ཕྱིར་དང༌། འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་ཏེ། བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བར་འཚལ་ན། དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ཕྱོགས་སྐྱོང་བའི་བསྲུང་མ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། ཇི་སྲིད་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ། བགེགས་རྣམས་བཟློག་ཅིང་འདོད་པའི་དོན་ཐམས་ཅད་སྒྲུབ་པའི་འཕྲིན་ལས་མཛོད། གང་དག་ནག་པའི་ཕྱོགས་ལ་མངོན་པར་དགའ་བ་གསང་སྤྱོད་ལྟ་བར་མི་དབང་བ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག །སུམྦྷ་བཟླས་དྲག་རོལ་བྱ་གཏོར་མ་ཕྱིར་དོར་རོ། །དེ་ནས་གནས་དང་ཡོ་བྱད་བྱིན་གྱིས་རླབས་པ་ནི། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། གནས་ཁང་ཧཱུཾ་ཡིག་ལས་བྱུང་བའི་བསྲུང་འཁོར་གྱི་ནང་དུ། བྷཱུཾ་ལས་བྱུང་བའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ་མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི་ནང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ། རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི། ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་


TNT07_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་རྣམས། རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་བྱུང་བ། ངོ་བོ་བཟང་ཞིང་རྒྱ་ཆེ་བ། ཡུལ་ནམ་མཁའི་མཐས་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པདྱཾ། དེ་བཞིན་དུ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ་གནྡྷེ། ནཻ་ཝི་ཏེ། ཤཔྟ། ཨཱཿཧཱུཾ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨ་བརྟ་ཡ། ཨ་བརྟ་ཡ་ཧོ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨོཾ་བཛྲ་གྷནྡཻ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲ་ཛྙཱ་པཱ་ར་མི་ཏ་ན་ད་སམྦྷ་ཝེ། བཛྲ་དྷརྨ་ཧྲི་ད་ཡ་ནི་སོནྟོ་ཥ་ཎི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨ་ཁཱཾ་སྭཱཧཱ། ཞེས་རོལ་མོ་བྱིན་འབེབ་ཀྱི་སྔགས་དང༌། གཞན་ཡང་མཆོད་པའི་སྤྲིན་གྱི་གཟུངས་ལ་སོགས་པ་ཅི་རིགས་པ་བཟླས་ཤིང་བྱིན་དབབ་བོ། །ཞུ་འབུལ་ནི། ཚོགས་པ་ཡོད་ན་ཚོགས་ཀྱི་གཙོ་བོ་ལ་གསོལ་གདབ་པའི་དོན་ཡིན་པས་བྱས་ན་ལེགས་པར་འགྱུར་ཏེ། བྱེད་ཚུལ་སྤྱི་དང་འདྲའོ། །དཀྱིལ་འཁོར་ཆེན་པོའི་ཏིང་ངེ་འཛིན་ནི། སྐྱབས་འགྲོ་ནས་བརྩམས་ཏེ། མཉམ་ལངས། བསྲུང་བའི་རྣལ་འབྱོར་རྫོགས་ཀྱི་བར་རམ། ཞིང་སྐྱོང་དག་པ་གསུམ་གྱི་བར་དུ་བྱས་ཀྱང་རུང་སྟེ། བདག་བསྐྱེད་ཀྱི་རྣལ་འབྱོར་རྒྱས་པ་ཉིད་རྫོགས་པར་བསྒོམ་པ་ཡིན་ནོ། །གཉིས་པ་སྟ་གོན་དུ་གནས་པ་དངོས་ལ། སའི་ལྷ་མོ་སྟ་གོན་དུ་གནས་པ་དང༌། ལྷ་སྟ་གོན་དུ་གནས་པ་དང༌། བུམ་པ་སྟ་གོན་དུ་གནས་པ་དང༌། སློབ་མ་སྟ་གོན་དུ་གནས་


TNT07_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དང་པོ་ནི་དཀྱིལ་འཁོར་གྱི་ས་བཞིར་ས་བླའི་ཚོམ་བུ་བཀོད་མཆོད་གཏོར་བཤམས། ནམ་མཁར་བཞུགས་པའི་སའི་ལྷ་མོ་འཁོར་དང་བཅས་པ་ཚོམ་བུའི་སྟེང་དུ་བྱོན་པ་ནི། ཞེས་པ་ནས། རྒྱལ་བར་བྱས་ཏེ་དཀྱིལ་འཁོར་འབྲིའི་བར་གོང་བཞིན། ཀྱེ་རིག་པ་འཛིན་པ་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་མཛོད་ཅིག ཨོཾ་པྲི་ཐཱི་ཝི་དེ་ཝཱི་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། སའི་ལྷ་མོ་སླར་ཡང་ས་གཞི་དེ་ཉིད་ལ་ཐིམ་བར་གྱུར། རས་བྲིས་ཀྱི་ཆོ་ག་ལ་ནི་སྔར་ནམ་མཁར་བཞུགས་པའི་བཏེག་པ་མེད་པས། ས་གནོན་གྱི་ཕྱག་རྒྱ་ས་ལ་རེག་པ་ནས་གཟུང༌། དཀྱིལ་འཁོར་འབྲི་ཞེས་པའི་བར་ས་ཆོག་གི་སྐབས་བཞིན་བྱ་བ་ནི་ཁྱད་པར་རོ། །གཉིས་པ་ནི། ཤར་དང་སྟེང་གི་ཕུར་བུ་ཁྭ་གདོང་མ་ནག་པོ་སོགས་ནས། ལྟེ་བ་མན་ཆད་ཕུར་བུའི་དབྱིབས་ཅན་དུ་གྱུར། བཛྲ་གནྡྷ྄ེ་ནས བཟློག་པའི་འཕྲིན་ལས་མཛོད་ཅིག་བར་གོང་བཞིན་ནོ། །དེ་ནས་ད་ལྟའི་ལག་ལེན་ལྟར་ན། ཐིག་བཏབ་ལ། གཙོ་བོའི་གནས་སུ་དྲི་བཟང་གིས་ཐིག་ལེ་གྲུ་བཞི་པ་དང༌། ལྷ་གནས་གཞན་རྣམས་སུ་ཟླུམ་པོར་བྱེད། དེ་རྣམས་སུ་མེ་ཏོག་གི་ཚོམ་བུ་རེ་བཀོད། མཐའ་མཆོད་གཏོར་གྱིས་བསྐོར། སུམ་བྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། འབྱུང་བཞི་རི་རབ་དང་བཅས་པའི་རྩེ་མོར། བསྲུང་བའི་འཁོར་ལོའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་ནས་མཆོད་པ་སྣ་ཚོགས་པས་གང་བའོ། །ཨོཾ་ཨཱཿཧཱུཾ། ལན་བཞི་བཅུ་ཞེ་གཅིག་བརྗོད་དེ། དྲི་བཟང་ཚོམ་བུ་ཐིག་ལེ་དང་བཅས་པ་གདན་དུ་བྱིན་གྱིས་རློབས་པའོ། །དེ་ནས་ལྷ་ཐམས་ཅད་ཀྱི་སྙིང་པོ་


TNT07_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་མཆོད་བཞིན་ལས་སོ་སོར་ལན་གསུམ་གསུམ་བརྗོད། བདེ་ཆེན་འཁོར་ལོའི་དབུས་ཀྱི་ལྟེ་བར་ནས། མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །བདེ་ཆེན་འཁོར་ལོའི་འདབ་མ་བརྒྱད་ལ་ནས། རྡོ་རྗེའི་འཕྲེང་བའི་མཚན་པའོ། །ལྷ་ཐམས་ཅད་ཀྱི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་གའི་ཧཱུཾ་ཡིག་གི་འོད་ཟེར་གྱིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་ནས་དབང་གི་ལྷ་རྣམས་རང་ལ་གཉིས་སུ་མེད་པར་ཐིམ་གྱིས་བར་ཡང་སྒྲུབ་ཐབས་བཞིན་ནོ། །ས་ཆོག་གི་སྐབས་ནམ་མཁའ་བསྐྱེད་པའི་དཀྱིལ་འཁོར་ནི། ཡེ་ཤེས་པའི་ཞོར་ལ་སྤྱན་དྲངས་པ་ཡིན་པས། སྒོས་སུ་སྤྱན་འདྲེན་མི་བྱེད་པའི་ལུགས་ཡིན་ལ། དཀྱིལ་འཁོར་གྱི་ཆོ་ག་གཞན་མང་པོ་དག་ལའང་འདི་ལྟ་བུ་ཡོད་དོ། །དེ་ནས་མཆོད་པ་ནི། རྒྱས་བསྡུས་ཇི་ལྟར་འོས་པ་བྱ། འཇིག་རྟེན་འདས་གཏོར་སྐབས་འདིར་ཕུལ་ཀྱང་ཆོག་སྟེ་མཆོད་པར་འགྲེལ་བའི་ཕྱིར་རོ། །དེ་ནས་སྙན་གསན་དབབ་པ་ནི་བདུད་རྩི་ལྔ་དང་ཤ་ཆེན་སྦྱར་བའི་སྤོས་སྣོད་ཐོགས་ཏེ། གཉིས་མེད་ཡེ་ཤེས་ལས་བྱུང་བ། ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །ཕག་མོ་ལྷན་ཅིག་ཡང་དག་ལྡན། །གང་ཞིག་ཕྱོགས་བཅུའི་དཔའ་བོ་དང༌། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་སྩོལ། །སློབ་མ་ལ་ནི་ཕན་པ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པས། །ནང་པར་དཀྱིལ་འཁོར་འབྲི་བར་བགྱི། །


TNT07_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །ཀུན་གྱི་བྱིན་གྱིས་རླབས་ཏུ་གསོལ། ཞེས་ལན་གསུམ་མོ། །ཡང་ན་གསང་བ་སྤྱི་རྒྱུད་ནས་འབྱུང་བ་ལྟར་ལ། ཧེ་རུ་ཀ་དཔལ་བཅོམ་ལྡན་འདས་ནས་ཞེས་དང༌། ཧེ་རུ་ཀ་འབྱུང་དཀྱིལ་འཁོར་འདི། །ཞེས་འདོན་པ་སྤོས་ཏེ་བརྗོད་ཀྱང་རུང་ངོ༌། །ཉི་མ་དེ་ཉིད་ལ་དཀྱིལ་འཁོར་ནམ་མཁར་མི་འདེགས་ན། རྡོ་རྗེའི་ས་གཞི་ལ་སོགས་པའི་སྔགས་ཚན་དྲུག་བསྲུང་འཁོར་ནས་འབྱུང་བ་ལྟར་བརྗོད་ལ། མཚམས་བཅིང་པ་ཡིན་ཀྱང་ལག་ལེན་མི་བདེའོ། །དེ་ནས་གཏོར་མ་འབུལ་བར་བྱ་སྟེ། སུམ་བྷའི་བསངས་བ་ནས། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱི་བར། ས་མ་ཡ་སྟཾ་ནས་རྗེས་བརྩེར་མཛད་དུ་གསོལ། །སུམ་བྷའི་མཐར། ཨ་ཀཱ་རོ། །བཏགས་པ་ཕུར་བུ་རྣམས་ལ་ཡང་ཕུལ། བར་འདིར་ནག་པོ་ཆེན་པོ་ལ་སོགས་པ་སྒོས་ཀྱི་ཆོས་སྐྱོང་ལ་གཏོར་མ་འབུལ་བར་སྤྲོ་ན་འབུལ། དེ་ནས་ཨོཾ་ཁ་ཁ་༣ ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་གྱིས་འཇིག་རྟེན་པའི་གཏོར་མ་ཕུལ། རྗེས་ཀྱི་བྱ་བ་ནི། མཚམས་འདི་ནས་ཡིག་བརྒྱས་ཁ་བསྐང་བ་མན་ཆད་བྱས་ཀྱང་ཆོག་ལ། དེང་སང་གི་ལག་ལེན་ལྟར་ན་བུམ་པ་སྒྲུབ་པའི་རྗེས་སུ་བྱེད་དོ། །གསུམ་པ་ནི་རྟག་པའི་རྡོ་རྗེ་ཞེས་བྱ་བའི་ལུགས་ལ། ལྷ་སུམ་ཅུ་སོ་བདུན་ལ་བུམ་པ་རེ་རེ། རྣམ་རྒྱལ་དང་ལས་བུམ་སྟེ་ཞེ་དགུར་འདོད་ཅིང༌། བདེ་ཆེན་འཁོར་ལོའི་ལྔ་དང་སྒོ་མ་བཞིའི་རེ་རེ་སྟེ་དགུར་ཡང་འཆད་དོ། །འོན་ཀྱང་འདིའི་གཙོ་བུམ་དང་རྣམ་རྒྱལ་ཐ་དད་དུ་བྱས་པ་ནི་ཧ་ཅང་ལེགས་པ་མ་ཡིན་ནོ། །འཇིགས་མེད་འབྱུང་གནས་ཀྱི་ཞལ་སྔ་ནས། བདེ་ཆེན་འཁོར་ལོའི་ལྔ། སྒོ་མཚམས་མ་བརྒྱད། འཁོར་ལོ་


TNT07_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་ཕྱོགས་མཚམས་ཕྱེ་བས་དྲུག་སྟེ། ལས་བུམ་གཅིགཉི་ཤུ་འམ། འཁོར་ལོ་ལྔ་ལ་བུམ་པ་རེ་རེ་དང༌། གཙོ་བུམ་ལས་བུམ་སྟེ། བདུན་ནམ། འཁོར་ལོ་ལྔ་དང་ལས་བུམ་སྟེ་དྲུག་ཀྱང་བཞེད་ལ། བདེ་ཆེན་འཁོར་ལོའི་ལྔ་དང༌། འཁོར་ལོ་ལྷག་མ་བཞི་ལ་རེ་རེ་སྟེ་དགུར་ཡང་མཛད་དོ། །བྷུ་བ་བློ་ལྡན་གྱིས་ནི། གཙོ་བོ་ཡབ་ཡུམ་དང༌། རྣལ་འབྱོར་མ་བཞི་དང༌། མཚམས་ཀྱི་བུམ་པ་བཞི་སྟེ་དགུ་ཞེས་དང༌། དགེ་སློང་དཱ་རི་ཀ་པས་བཀྲ་ཤིས་ཁྲུས་ཀྱི་བུམ་པ་བརྒྱད་དང༌། དབང་བསྐུར་རྒྱལ་བའི་བུམ་པ། དུང་ཆོས་རྣམ་རྒྱལ་ཞེས་འདོད་པས་རྒྱལ་བ་རྣམ་རྒྱལ་གྱི་ངོས་འཛིན་དུས་འཁོར་དང་བསྟུན་པར་སྣང་ལ། ལྷག་མ་གྲུབ་ཆེན་ནག་པོ་སྤྱོད་པའི་དགོངས་པ་ཡང་འདི་ཉིད་ཡིན་ནོ། །འདོད་ཚུལ་ཐ་དད་པ་དེ་དག་ལས། བུམ་པ་དགུར་བྱེད་པ་རྣམས་ཀྱི་ལུགས་ཐམས་ཅད་དང་མཐུན་པར། བཅུ་པ་ནི་ལས་བུམ་མོ། །བསྡུ་ན་གཉིས་སུ་བྱེད་པ་ཡང་ཐམས་ཅད་དགོངས་པ་མཐུན་པས། སྐབས་འདིར་འདི་ལྟར་བྱ། བུམ་པ་མང་ན་ལྷ་གྲངས་དང་མཉམ་པ་ཡིན་ཡང༌། ད་ལྟར་ལག་ལེན་བྱེད་པ་ཉུང་ལ། འབྲིང་དུ་ན་བུམ་པ་བཅུ་སྟེ། རྣམ་རྒྱལ་བུམ་པ་དང༌། ཁྲུས་ཀྱི་བུམ་པ་བརྒྱད་དང་ལས་བུམ་མོ། །ཉུང་བ་ལ་གཉིས་ཏེ་རྣམ་རྒྱལ་བུམ་པ་དང་ལས་བུམ་མོ། །དེ་ལ་རྣམ་རྒྱལ་བུམ་པར་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་རྫོགས་བསྐྱེད་དགོས་ཤིང༌། ལས་བུམ་དུ་ནི་ཧཱུཾ་མཛད་འཇིག་རྟེན་གསུམ་རྒྱལ་བསྐྱེད་པ་དང༌། ཧེ་རུ་ཀ་ཡབ་རྐྱང༌། ཤིན་ཏུ་ཁྲོས་པ་ཞིག་བསྐྱེད་པ་དང༌། དུམ་སྐྱེས་མ་བསྐྱེད་པ་དང་བདུད་རྩི་འཁྱིལ་པ་བསྐྱེད་པ་རྣམས་ལ་དཀྱིལ་འཁོར་ཆོག་སོ་སོའི་ཁུངས་རེ་ཐམས་


TNT07_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་ཡོད་ཀྱང༌། ལག་ལེན་དུ་དུམ་སྐྱེས་མ་བསྐྱེད་པར་མཛད་དོ། །བུམ་པའི་མཚན་མ་ཡང༌། བུམ་པ་མང་བའི་ཕྱོགས་ལ་ལྷ་སོ་སོའི་ཕྱག་མཚན་གདན་དང་བཅས་པ་འགོད་ཅིང༌། ཡབ་ཡུམ་གཉིས་གཉིས་བཞུགས་པ་ལའང་ཕྱག་མཚན་གཉིས་ཀར་འགོད་པ་དང༌། ཡབ་ཀྱི་ཕྱག་མཚན་ཁོ་ན་འགོད་པའི་ལུགས་གཉིས་ཡོད་ཅིང༌། དགུའི་ཕྱོགས་ལ་འདོད་ཚུལ་སྣ་ཚོགས་ཡོད་ཀྱང༌། སྐབས་འདིར་རྣམ་རྒྱལ་བུམ་པ་ལ་རིགས་ལྔའི་ཕྱག་མཚན། བཀྲ་ཤིས་ཁྲུས་ཀྱི་བུམ་པ་བརྒྱད་ལ་གྲི་གུག །ལས་བུམ་ལའང་རང་ལྷའི་ཕྱག་མཚན་འགོད་དགོས་པས་དུམ་སྐྱེས་མའི་གྲི་གུག་གོ །མཚན་མ་རྣམས་ཀྱང་ལྟོ་བའམ་ཁའི་གཡེལ་ཁའམ། མཆུ་འཕྱང་གང་ལ་བཀོད་ཀྱང་འདྲ་སྟེ་དགོས་དོན་མཚུངས་པའི་ཕྱིར་རོ། །བུམ་པ་རྣམས་གོས་ཟུང་གིས་གཡོགས། མགྲིན་པར་སྲད་བུ་དཀར་པོས་ལན་བདུན་དུ་དཀྲིས། འབྲས་སོ་བ་དང༌། མོན་སྲན་དང༌། ནས་དང༌། གྲོ་དང༌། ཏིལ་ཏེ་འབྲུ་ལྔ་དང༌། མུ་ཏིག གསེར་མུ་མིན། བྱུ་རུ་དངུལ་ཏེ་རིན་པོ་ཆེ་ལྔ་དང༌། ཀནྡྷ་ཀ་རི་དང༌། སླེ་ཏྲེ་དང༌། རྒྱ་མཚོའི་སྦུ་བ་དང༌། ཆུ་སྲིན་སྡེར་མོ་དང༌། ཤུ་ཐག་དཀར་པོ་སྟེ་སྨན་ལྔ་དང༌། གུར་གུམ། ག་བུར་ཙནྡན་དཀར་དམར་གླ་རྩི་སྟེ་དྲི་ལྔ་དང༌། མེ་ཏོག་ཁ་དོག་སྣ་ལྔ་སྟེ་ཉི་ཤུ་རྩ་ལྔ་པོའམ། མེ་ཏོག་གི་དོད་དུ། འོ་མ། མར། སྦྲང་རྩི། བུ་རམ། ལན་ཚྭ་སྟེ། སྙིང་པོ་ལྔ་བྱེད་པའང་ཡོད་པ། སྤྱིར་གཉིས་ཀར་རུང་ཡང་སྐབས་འདིར་མེ་ཏོག་རིགས་ལྔ་གཙོ་བོར་བྱ་སྟེ། དེ་རྣམས། ཨོཾ་ཨཱཿཧཱུཾ། བཟླ་བཞིན་དུ་བུམ་པར་གཞུག་གོ ཁ་རྒྱན། ཡལ་འདབ། མེ་ཏོག །འབྲས་བུ་སོགས་ལྡན་


TNT07_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤིང་དགེ་མཚན་ཅན་གྱི་ལྕུགས་མས་བྱ། གུ་གུལ་གྱིས་བདུགས། ཞལ་བཞི་པས་སྔགས་བཟླས་པའི་ཡུངས་དཀར་གྱིས་བགེགས་བསྐྲད། དྲི་བཟང་གི་ཆུས་དགང་ངོ༌། །དུང་ཆོས་སམ་ཐོད་པ་དྲི་བཟང་གི་ཆུས་གང་བའི་སྟེང་དུ་གཟུངས་ཐག་རྡོ་རྗེ་དང་བཅས་པ་ཡང་སྟེང་དུ་བཞག །དེ་ནས་མཐའ་མཆོད་གཏོར་གྱིས་བསྐོར་ལ། མཆོད་པ་བྱིན་རླབས་བྱ། བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས། སྣ་ཚོགས་པདྨ་བཅུའི་སྟེང༌། ཨ་རྣམས་ལས་ཟླ་བའི་གདན་རེ་རེ། དེ་རྣམས་ཀྱི་སྟེང་དུ་བྷྲུཾ་རྣམས་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་ཞིང༌། མགྲིན་པ་ཕྲ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱི་མགུལ་བཅིང་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་དབུས་ཀྱི་བུམ་པའི་ནང་དུ་འཁོར་ལོ་བདེ་མཆོག༴ ནས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དེའི་ཤར་དུ་མཁའ་འགྲོ༴ ནས་རྡོ་རྗེའི་འཕྲེང་བས་མཚན་པའོ། །རྣམ་རྒྱལ་བུམ་པའི་སྟེང་གི་མཚན་མ་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ། ཤར་གྱི་མཚན་མ་བྲུཾ་ལས་རྣམ་སྣང་དཀར་པོ། ལྷོའི་མཚན་མ་ཨཾ་ལས་རིན་ཆེན་འབྱུང་ལྡན་སེར་པོ། ནུབ་ཀྱི་མཚན་མ་ཛྲིཾ་ལས་འོད་དཔག་མེད་དམར་པོ། བྱང་གི་མཚན་མ་ཁཾ་ལས་དོན་ཡོད་གྲུབ་པ་ལྗང་ཁུ་རྣམས་རང་སྣང་བའི་ཡུམ་དང་བཅས་པར་གྱུར་པ་བཀྲ་ཤིས་ཁྲུས་ཀྱི་བུམ་པ་བརྒྱད་པོ་ན། ཁྲུས་ཀྱི་བུམ་པ་བརྒྱད་ཀྱི་ནང་དང་ལྷ་མཚན་གྱིས་གནས་སུ་སྒོ་མཚམས་མ་བརྒྱད་གྲུབ་པ་ནི། ཤར་ཁྭ་གདོང་མ་ནས་


TNT07_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ལྗང་གཡོན་སྔོ་བ། ལས་བུམ་གྱི་ནང་དང་མཚན་མའི་དབུས་སུ། ཁཎྜ་རོ་ཧ་སྐུ་མདོག་དམར་པོ་སྟེ། དེ་ཐམས་ཅད་ཀྱང་དྲག་མོ་ཆེ་མོ་ཆེར་ཁྲོས་པ༴ ནས་དབུས་ན་བཞུགས་པའོའི་བར། ཁྲུས་བུམ་མེད་ན། བུམ་པ་བརྒྱད་དུ་སྒོ་མཚམས་མ་བརྒྱད་བསྐྱེད་པའི་ཚིགས་རྣམས་དང༌། དེ་ཐམས་ཅད་ཀྱི་ཞེས་པའི་ཚིགས་བོར་བས་འགྲུབ་བོ། །ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ༴ ནས། ལྷ་རྣམས་རང་ལ་གཉིས་སུ་མེད་པར་ཐིམ། གྱི་བར། ལྷ་སྟ་གོན་གྱི་སྐབས་བཞིན་ལས། རྒྱས་བྱེད་ཀྱི་གཞུག་ཏུ་ལས་བུམ་གྱི་ཁཎྜ་རོ་ཧ་ལ་འོད་དཔག་ཏུ་མེད་པས་དབུ་རྒྱན་ཞེས་ལྷག་པོར་བརྗོད། ཕྱི་མཆོད། ནང་མཆོད། གསང་མཆོད། རྐང་བརྒྱད་ཀྱི་བསྟོད་པ་རྣམས་སྒྲུབ་ཐབས་ལས་མཆོད་པའི་རྣལ་འབྱོར་གྱི་སྐབས་སུ་བཤད་པ་བཞིན་ཏེ། འོན་ཀྱང་ནང་མཆོད་བྱིན་རླབས་དང༌། བླ་མ་རྣམས་ཀྱི་མཚན་སྨོས་པ་དག་མི་དགོས་སོ། །རྡོ་རྗེ་དང་འབྲེལ་བའི་མེ་ཏོག་འཕྲེང་བ་ནས་བཟུང་སྟེ། བཟླས་པ་བྱ་ལ། དེ་ཡང་རང་གི་སྙིང་ག་ནས་སྔགས་ཀྱི་འཕྲེང་བ་རྣམས། ཁ་དོག་དམར་པོའི་ཚུལ་གྱིས་སྤྲོས་པ་གཟུངས་ཐག་ལ་འཁྲིལ་ནས་སོང་བ། ལྷ་རྣམས་ཐུགས་ཀར་རེག་པས་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཞེས་བརྗོད་ལ། གཙོ་བོ་ཡབ་ཡུམ་གྱི་སྔགས་བརྒྱ་རྩ་བརྒྱད་ལས་མི་ཉུང་བ་བཟླ། འཁོར་རྣམས་ལ་བདུན་ལས་མི་ཉུང་བ་བཟླ་བ་དང༌། ལས་བུམ་ལ་ཁཎྜ་རོ་ཧའི་སྔགས་དང༌། ཡི་གེ་བདུན་པ་རྣམས་ཀྱང་ཅི་རིགས་པར་བཟླ་ཞིང༌། ཁྱད་པར་སུམ་བྷ་ལན་ཉི་ཤུ་རྩ་གཅིག་ལས་མི་ཉུང་བ་བཟླའོ། །


TNT07_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་པའང་ཅི་རིགས་པ་བཟླས། དུང་ཆོས་ལ་དམིགས་ནས། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུཾ། ཞེས་པ་ཉེར་གཅིག་ཙམ་བཟླས་ལྷ་སྟ་གོན་གྱི་སྐབས་ལྟར་འཇིག་རྟེན་འདས་པའི་ལྷ་ལ་གཏོར་མ་འབུལ། གོང་བཞིན་མཆོད་བསྟོད་བྱ། ཡིག་བརྒྱ་ཚར་གསུམ། མ་འབྱོར་པ་དང༌། ཞེས་སོགས་ནས། བཟོད་པར་གསོལ། ཨོཾ་ཨཱཿཧཱུཾ། ཞེས་པས་མཆོད་ཡོན་ཕུལ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ལྷ་རྣམས་འདོད་ཆགས་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར། ཞེས་བརྗོད་ཅིང་བསམ། དགེ་སློང་དཱ་རི་ཀ་པས་ལྷ་གཞན་རྣམས་ཞུ་ཞིང༌། ལས་བུམ་གྱི་ལྷ་མི་ཞུ་བར་འདོད་ཀྱང་མཐའ་གཅིག་ཏུ་དེ་ལྟར་མི་དགོས་སོ། །ཡལ་འདབ་ཀྱིས་ལས་བུམ་གྱི་ཆུ་བླངས་ལ། ཐམས་ཅད་ལ་བསངས་ཤིང༌། ཇི་སྲིད་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ། བགེགས་ཐམས་ཅད་བསྲུང་བའི་འཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད་དོ། །ཆོ་ག་ཅུང་ཟད་བསྡུས་པ་བྱེད་ན། བུམ་པའི་མཚན་མ་རྣམས་ལྷར་བསྐྱེད་མི་དགོས། གཏོར་མ་འབུལ་བ་དང༌། བཟླས་པའི་རྗེས་ཀྱི་མཆོད་བསྟོད་ཀྱང་བོར་བས་རུང་ངོ༌། །ད་ལྟར་གྱི་ལག་ལེན་དང་བསྟུན་ནས་སྐབས་འདིར་རྗེས་ཆོག་བྱེད་ན། མཆོད་པ་གསར་དུའང་བཤམ། རྙིང་པ་གསོས་མཆོད་འཕྲེང་བཞིན་བྱིན་གྱིས་རླབས། ཆུ་གཉིས་ཉེར་སྤྱོད་རོལ་མོ་རྣམས་ཚིགས་བཅད་དང་བཅས་པའམ། བསྡུ་ན་སྔགས་ཙམ་གྱིས་ཕུལ། རྐང་བརྒྱད་གཉིས་ཀྱིས་བསྟོད། ཡི་གེ་བརྒྱ་པ་ལན་གསུམ་བརྗོད། མ་འབྱོར་པ་དང༌།


TNT07_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། བཟོད་པར་གསོལ། བདག་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་བཛྲ་ཨུ་དྷིཥྛ། ཞེས་པ་དང་རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ནམ་མཁར་བཞུགས་པར་བསམ། ཆུ་གཉིས་ཉེར་སྤྱོད་རོལ་མོ་རྐང་བརྒྱད་རྣམས་ཀྱིས་མཆོད་བསྟོད་བྱ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྤྱན་མ་དྲངས་ཀྱི་བར་དུ། སྟེང་གི་ནམ་མཁར་བཞུགས་ལ། བདག་དང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོ་མཛད་དེ། ནངས་པར་དཀྱིལ་འཁོར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་བརྗོད། དེ་ནས་བདག་ཉིད་བསྲུང་བ་དང་སྨོན་ལམ་དང་བཀྲ་ཤིས་སོགས་བྱའོ། །བཞི་པ་ནི། ཞི་བས་སྦྱང་བ་དང་ཞི་དྲག་ཕྱེད་མས་སྦྱང་བ་དང༌། དྲག་པོའི་སྦྱང་བ་སྟེ་བགེགས་སྦྱང་བ་དང༌། ཏིལ་སྦྱང་གི་སྡིག་པ་སྦྱང་བ་རྣམས་སྔོན་དུ་འགྲོ་བའི་སྒོ་ནས་སྟ་གོན་གྱི་ཆོས་བཅུ་གསུམ་བྱ་སྟེ། བསམ་པ་བརྟན་དང་བུ་རུ་སྒྲུབ། །གསོལ་བཏབ་སྔགས་ཀྱི་ཆེ་བ་བརྗོད། །སྡོམ་བཟུང་ལྷར་བསྐྱེད་མཆོད་པ་འབུལ། །བསྲུང་སྐུད་ཁྱོར་ཆུ་སོ་ཤིང་དང༌། །ཀུ་ཤ་ཟབ་མོའི་ཆོས་བཤད་ཅིང༌། །རྨི་ལམ་བརྟག་སྟེ་ངན་ན་བསྲུང༌། ཞེས་བྱ་སྟེ། དེ་ཡང་སློབ་མ་རྣམས་འདུས་པ་ལ། སེམས་བསྐྱེད་གསལ་བཏབ། སློབ་མ་རྣམས་ཀྱིས་མཎྜལ་ཕུལ། དེ་ནས་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་བསྐྱེད་པ། སློབ་མ་བུར་སྒྲུབ་པ། གསོལ་བ་བཏབ་པ། གསང་སྔགས་ལ་སྤྲོ་བ་བསྐྱེད་པ། སྡོམ་པ་བཟུང་བ། ལྷར་བསྐྱེད་པ།


TNT07_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་འབུལ་བ། བསྲུང་སྐུད་བཅིང་བ། ཁྱོར་ཆུ། སོ་ཤིང༌། ཀུ་ཤ་སྦྱིན་པ། ཟབ་མོའི་ཆོས་བཤད་པས་སྤྲོ་བ་བསྐྱེད་པ། རྨི་ལམ་བརྟག་ཅིང་ངན་ན་བསྲུང་བ་སྟེ། ཆོས་བཅུ་གསུམ་ལས། དང་པོ་ནི་སློབ་དཔོན་གྱིས་འདི་སྐད་ཅེས། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་ཕ་རོལ་གཉེན། །དད་པ་ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། ཅེས་བརྗོད་ལ་དོན་ཡང་བཤད་དོ། །གཉིས་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་འོད་ཀྱི་གོང་བུར་གྱུར། སློབ་དཔོན་གྱི་ཞལ་དུ་བཅུག །སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་ནང་དུ་གནས་པ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་སྤྱན་དྲངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ། རྡོ་རྗེ་ལམ་ནས་བྱུང་སྟེ་ཁྱེད་རང་རྣམས་ལ་དབང་བསྐུར་བས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས་ཏེ་དག་པའི་ཤེལ་ལྟར་གྱུར་པ། མཁའ་ནང་ནས་ཕྱིར་སྤྲོས་ཏེ། པདྨའི་གདན་ལ་འཁོད་པར་གྱུར། ཞེས་བརྗོད། གསུམ་པ་ནི། རྡོ་རྗེ་ཕག་མོའི་མགྲིན་འཁྱུད་པའི། །


TNT07_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་སློབ་མས་ལན་གསུམ་གསོལ་བ་གདབ། བཞི་པ་ནི། བུ་ཚུར་ཐེག་པ་ཆེན་པོ་ལ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་པའི་ཆོ་ག་འདི། ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བ་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱས་ཕྱིར། བུ་ཡི་བློ་གྲོས་འདི་གྱིས་ཤིག ཅེས་བརྗོད་ཀྱང་དོན་བཤད། ལྔ་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ་རྗེས་བཟློས་བྱར་གཞུག་སྟེ་ཐུན་མོང་གི་སྡོམ་པ་བཟུང་བའོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་


TNT07_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ནི་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཆེ་གེ་དུས་འདི་ནས་གཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང༌། ཞེས་ལན་གསུམ་རྗེས་བཟློས་ཀྱི་ཐུན་མོངས་མ་ཡིན་པས་སྡོམ་པ་བཟུང་ངོ༌། །དྲུག་པ་ནི། སློབ་མ་ཧེ་རུ་ཀ་ཕྱག་གཉིས་པར་གསལ་བའི་གནས་གསུམ་དུ་བདུད་རྩི་ལྔ་དང་སྦྱར་བའི་དྲི་བཟང་གིས་ཐིག་ལེ་བྱ་ཞིང༌། ཨོཾ་ཨཱཿཧཱུཾ། སྙིང་གར་ཧཱུཾ་སྔོན་པོ། མགྲིན་པར་ཨཱཿདམར་པོ། དཔྲལ་པར་ཨོཾ་དཀར་པོ། ཡང་དཔྲལ་བ་ནས་མར་རེག་སྟེ། ཨོཾ་ཨཱཿཧཱུཾ། སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། སློབ་མའི་གནས་གསུམ་དུ་ཐིམ་པར་མོས། བདུན་པ་ནི། ཨོཾ་བཛྲ་པུཥྤེཿཧཱུཾ། སོགས་ཉེར་སྤྱོད་ལྔས་སློབ་མ་ལ་མཆོད། བརྒྱད་པ་བསྲུང་སྐུད་བསངས་སྦྱངས། སྟོང་པའི་ངང་ལས། ཧཱུཾ་ལས་བྱུང་བའི་རྡོ་རྗེའི་སྲད་བུ་དམར་པོ། རྡོ་རྗེའི་མདུད་པ་གསུམ་དང་བཅས་པ། བར་ཆད་ཐམས་ཅད་བསྲུང་བའི་ནུས་པ་དང་ལྡན་པར་གྱུར། ཡེ་ཤེས་ཀྱི་སྲད་བུ་ཕཻཾ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཡི་གེ་བརྒྱ་པ་དང་


TNT07_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་བྷ། སྤེལ་བས་བཟླ་ཞིང༌། སྐྱེས་པའི་དཔུང་པ་གཡོན་དང༌། བུད་མེད་ཀྱི་གཡས་སུ་བཅིང་ངོ༌། །ལས་བུམ་གྱི་ཆུས་ཀྱང་གཏོར་མ་ལ། རྡོ་རྗེ་རྒྱ་གྲཾ་དུ་རེག་ལ་གོ་སྐོན་པར་མོས། དགུ་པ་ནི། ཨོཾ་ཧྲཱིཿབི་ཤུདྡྷ་སརྦྦ་དྷརྨཱ་སརྦྦ་པཱ་པཾ་ནི་ཙཱ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ནཱ་ཡ་ཧཱུཾ། ཞེས་པས་ལན་གསུམ་ཁྱོར་ཆུ་བླུད། བཅུ་པ་ནི། ཧཱུཾ་ལས་བྱུང་བའི་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་སོ་ཤིང་རྩེ་ལ་སྲད་བུ་དམར་པོ་དང་མེ་ཏོག་གི་འཕྲེང་བ་བཅིངས་པ་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། སུམ་བྷ། བཟླས་བཞིན་དུ་སྦྱིན། དེས་ཀྱང༌། ཨོཾ་བཛྲ་ཧ་ས་ཧ་ཞེས་དྲང་པོར་དོར་ལ། སློབ་དཔོན་གྱི་དངོས་གྲུབ་ལུང་སྟོན་ནོ། །བཅུ་གཅིག་པ་ནི། ཧཱུཾ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ། རྨི་ལམ་མི་འཁྲུགས་པ་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ལན་གསུམ། དྷིཿ ཞེས་ཀུ་ཤ་ཆུང་བ་གཡས་དང༌། ཧཱ། ཞེས་ཆེ་བ་གཡོན་དུ་གཏད། བཅུ་གཉིས་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །རྒྱ་ལམ་ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་ཟླ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་བསྔགས་བརྗོད་པའི། །ཚུལ་ལ་གནས་པས་


TNT07_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་བརྟན་ཞིང་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོར་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་བསྐལ་པ་ཆེན་པོ་ལ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་བརྗོད་ཅིང་དོན་བཤད། བཅུ་གསུམ་པ་ནི། རྨི་ལམ་དགེ་བའམ་མི་དགེ་བ། །ནངས་པར་ང་ལ་རབ་ཏུ་སྨོས། །དོ་ནུབ་ཀུ་ཤའི་སྔས་སྟན་ལ། །སེང་གེའི་ཉལ་སྟབས་དང་དགེ་བའི་སེམས་ཀྱི་ཉོལ་ཞིག །དེ་ལས་རྨི་ལམ་གྱི་མཚན་མ་བཟང་ངན་དག་མཐོང་བར་འགྱུར་རོ། །ཞེས་བརྗོད། སློབ་མ་རྣམས་ཀྱི་ལུས་ལ་གོ་ཆ་གཉིས་དགོས་པའི་དམིགས་པ་ཙམ་བྱས་ཏེ། དགེ་བ་བསྔོས་ལ་སློབ་མ་རྣམས་རང་གནས་སུ་བཏང་ངོ༌། །སློབ་མའམ་སློབ་དཔོན་རྨི་ལམ་མི་དགེ་བ་དག་བྱུང་ན་བཟློག་པའི་ཐབས་ནི། ཞིང་སྐྱོང་མཁའ་འགྲོ་ཐམས་ཅད་ལ། །གཏོར་མ་ཆོ་ག་བཞིན་ཏུ་སྦྱིན། །ཡི་གེ་བརྒྱ་པས་བརྟན་བྱས་ཤིང༌། །བསྲུང་བའི་


TNT07_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཀུན་ཏུ་སྤྱད། །དཔའ་བོ་ཞལ་གྱི་སྔགས་ལ་སོགས། །ཐམས་ཅད་ཀྱང་ནི་བཟླས་པར་བྱ། །གོ་ཆས་བདག་ཉིད་སྲུང་བ་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ལ། །གསོལ་གདབ་བརྒྱན་སོགས་ང་རྒྱལ་བླངས། །མེ་ཡིས་ལས་ལ་ཀུན་བརྩོན་པས། །བགེགས་རྣམས་ཐམས་ཅད་ཞི་བར་བྱ། ཞེས་བཤད་པར་བྱའོ། །དེ་ཡང་གཏོར་མ་སྦྱིན་པ། ཡིག་བརྒྱ་བཟླ་བ། བསྲུང་འཁོར་སྒོམ་པ། ལས་ཐམས་ཅད་པ་བཟླ་བ། གོ་ཆ་གསུམ་བསྒོམ་པ། ལྷ་ལ་གསོལ་བ་གདབ་པ། རྒྱན་བྱིན་གྱིས་རླབས་པ། རང་ལྷའི་ང་རྒྱལ་བསྒོམ་པ། བདག་འཇུག་གི་དབང་བླང་བ། སྦྱིན་སྲེག་བྱེད་པ་སྟེ་བཅུ་པོ་དེ་དག་ལས་ཇི་ལྟར་འོས་པར་སྦྱར་རོ། །ལྔ་པ་ཐིག་གདབ་པ་ལ་ཐོག་མར་ཕུར་པ་བསྐྱེད་ཆོག་མཆོད་པ་གོང་བཞིན་དང༌། གཏོར་མ་བསངས་སྦྱངས་འབྲུ་གསུམ་གྱིས་བྱིན་གྱིས་རླབས་གོང་བཞིན་འབུལ། དེ་ནས་ཐིག་གི་ཆོ་ག་དངོས་ནི། དཀྱིལ་འཁོར་གྱི་ས་ལ་སུམ་བྷ་བཟླས་པའི་དྲི་བཟང་གི་ཆུའི་གཏོར། རང་དང་གྲོགས་གཙོ་བོ་ཡབ་ཡུམ་དུ་གསལ་བས། ལྔ་ལྔ་ཉི་ཤུ་རྩ་ལྔ་དང་ལྡན་པའི་ཐིག་སྐུད་འདུས་བྱས་ལ། མཆོད་གཏོར་གྱིས་བསྐོར། མཆོད་པ་བྱིན་གྱིས་རླབས། ཐིག་སྐུད་བསངས་སྦྱངས། སྟོང་པའི་ངང་ལས་དབུས་སུ་ཧཱུཾ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་མཱ་མ་ཀི་ལ་འཁྱུད་པ། ཤར་དུ་བྷྲུཾ་ལས་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། ཡུམ་སངས་རྒྱས་སྤྱན་མ་ལ་འཁྱུད་པ། བྱང་དུ་ཨཾ་ལས་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། ཡུམ་རིན་ཆེན་


TNT07_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་ལ་འཁྱུད་པ། ནུབ་ཏུ་ཛྲིཾ་ལས་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པས་ཡུམ་གོས་དཀར་མོ་ལ་འཁྱུད་པ། ལྷོར་ཁཾ་ལས་དོན་ཡོད་གྲུབ་པ་ལྗང་ཁུ་རལ་གྲི་དང་དྲིལ་བུ་འཛིན་པས་ཡུམ་དམ་ཚིག་སྒྲོལ་མ་འཁྱུད་པ། སྣམ་སྣང་ཟླ་བ་དང་གཞན་རྣམས་ཉི་མའི་གདན་ལ་བཞུགས་པ། རིགས་ལྔ་ནི་སྟག་གི་པགས་པའི་སྨད་དཀྲིས་ཅན་རལ་པའི་ཐོར་ཚུགས་དང་ལྡན་པའོ། །ཡུམ་རྣམས་སྐུ་མདོག་ཡབ་དང་མཚུངས་ཤིང་གྲི་གུག་དང་ཐོད་པ་འཛིན་པ་དབུ་སྐྲ་གྲོལ་བའོ། །ཐམས་ཅད་ཀྱང་རུས་པའི་རྒྱན་གྱིས་བརྒྱན་པའོ། །དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་གའི་ཧཱུཾ་ཡིག་གི་འོད་ཟེར་གྱིས་ནས། ཡེ་ཤེས་སེམས་དཔའ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་ཕཻཾ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་རླབས་ནས། ཧཱུཾ་བྲུཾ་ཨཾ་ཛྲིཾ་ཁཾ། ཨོཾ་ཨ་ཀཱ་རོ་སོགས་ཀྱིས་གཏོར་མ་ཕུལ། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད། དེ་ཉིད་ལྔ་པའམ་རིགས་ལྔའི་བསྟོད་པ་གང་ཡང་རུང་བས་བསྟོད། དེ་ལ་དེ་ཉིད་ལྔ་པ་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་


TNT07_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མཁའ། །རང་བཞིན་དག་པ་གོས་པ་མེད། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། ཅེས་པའོ། །རིགས་ལྔ་ཡབ་ཡུམ་ཞུ་བ་ལས་བྱུང་བའི་ཐིག་སྐུད་རྣམ་པ་ལྔར་གྱུར། ཨོཾ་ཨཱཿཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿབྷྲུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཨཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཛྲིཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཁཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་དང༌། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ཅི་རིགས་པའི་བྱིན་གྱིས་རླབས། ཡང༌། ཨོཾ་ཏྲཾ་ཁཾ་ཧཱུཾ་ཞེས་པ་རྣམས་ས་བོན་དུ་བྱས་ཏེ་གཏོར་སྔགས་དང་བྱིན་རླབས་ཀྱི་སྔགས་སོགས་ལའང་དེའི་རིགས་འགྲེའོ། །དེ་ནས་ཡེ་ཤེས་ཀྱི་ཐིག་ལྔ་ཚན་དུ་བསྒྲིལ་ལ་སྙིང་པོ་བཟླའོ། །ལས་ཐིག་ནི། བྱིན་རླབས་དེ་དང་མཚུངས་པའམ། ལས་ཐམས་ཅད་པའི་ལྷར་བསྐྱེད་ཀྱང་རུང་སྟེ། ཁྲག་ཆེན་གྱིས་སྤགས་ལ་གསུམ་སྒྲིལ་དུ་བསྒྲིལ། བདུད་རྩི་ལྔ་དང་ཙནྡན་གྱིས་བྱུགས། འབྲུ་གསུམ་དང་ཧཱུཾ་ཡིག་གཅིག་པུས་བྱིན་གྱིས་བརླབ་བོ། །ཨོཾ་བཛྲ་ས་མ་ཡ་སུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་བཟླ་ཞིང་གྲོགས་ལ་གཏད་ལ། ཛྫཿཛྫཿཛྫཿ ཞེས་བརྗོད། འཇིག་རྟེན་གྱི་ཁམས་མ་ལུས་པ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་འགྲོ་བའི་དོན་མཛད་པའི་དུས་ནི་འདི་ཡིན་ནོ། །ཞེས་བསམ། མ་ལུས་འཇིག་རྟེན་ཁམས་བཞུགས་པའི། སངས་


TNT07_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལ་སོགས་ཁྱེད་རྣམས་ཀྱིས། །འགྲོ་དོན་མཛད་པའི་དུས་འདི་ནི། །ལགས་པས་དེ་ཕྱིར་འདིར་བྱོན་ཅིག །ཅེས་དང་པོར་ནམ་མཁའ་དང་དེ་ནས་ས་ལ་གདབ་བོ། །དེ་ཡང་བྱང་ལྷོ་ནུབ་ཤར་ཚངས་ཐིག་སྟེ། མེ་རླུང་སྲིན་དབང་ཟུར་ཐིག་གོ །རྩེ་མོ་ཅན་དང་འབྱུང་པོས་ཤར། །གཙུག་ཕུད་ཅན་དང་མཚན་རྒྱུས་ལྷོ། །གཡོ་བྱེད་བསྲུང་བས་ནུབ་ཀྱི་སྟེ། །རྟ་དམར་དྲགས་པོ་བྱང་དུའོ། །གཡོན་ནས་བརྩམས་པའི་བསྐོར་བ་དང༌། །སློབ་མའི་སློབ་དཔོན་རྒྱབ་མི་ཕྱོགས། །རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ནི། ཤིན་ཏུ་གོ་སྐབས་མི་བདེ་ན་མ་གཏོགས། འཇིག་རྟེན་ལྷོ་ལ་དཀྱིལ་འཁོར་གྱི་ཤར་བསྟན་པར་བྱ་ལ། རས་བྲིས་ཀྱི་དཀྱིལ་འཁོར་ལ་ནི་ངེས་པ་མེད་དོ། །དེ་ནས་ཕྱོགས་ཐམས་ཅད་རང་བཞིན་མཉམ་པ་ཉིད་དུ་ཤེས་པར་བྱའོ། །དེ་ནས་ལས་ཐིག་གདབ་པ་ལ། དཀྱིལ་འཁོར་སྤྱིའི་མཚན་ཉིད་གཞན་དུ་རྟོགས་པར་བྱ་ལ། ནང་གི་ཆ་ནི་དགེ་སློང་དཱ་རི་ཀ་པས། ཚངས་པའི་ཐིག་གི་ངོས་རེར་ཡང་རེ་རེ་ལྔར་བྱ་ཉི་ཤུ་གདབ། ཕོ་བྲང་ལ་གཉིས་གེ་སར་གཅིག །གསུམ་གསུམ་གྱི་ནི་འཁོར་ལོ་རྣམས། །ཀ་བ་གྲི་གུག་རྡོ་རྗེའི་འཕྲེང༌། །པདྨ་འཁོར་ལོ་རེ་རེར་བྱ། །གཅིག་གི་ཕྱི་མའི་ཁྱམས་ཡིན་ཏེ། །ཅེས་པ་ལྟར་ཚངས་ཐིག་ནས་རྩ་ཐིག་གི་བར་ལ་ཆ་ཆེན་བཞི་ཡོད་པ་རེ་རེ་ཡང༌། ལྔ་ཚན་ལྔ་ཚན་དུ་བཀོད། པདྨའི་སྙིང་པོ་ལ་གཉིས། འཁོར་ལོ་བཞི་ལ་གསུམ་གསུམ། གེ་སར་དང་འཕྲེང་བ་བཞི་ལ་རེ་རེ། ལྷ་རྣམས་ལ་གཅིག་གོ །ཡང་ན་གེ་སར་གྱི་དོད་འདབ་མ་ལ་སྣོན་པར་བཤད་ཀྱང༌། དེའི་དོད་ལྷ་རྣམས་ལ་བསྣན་ན་ལེགས་ཏེ། ཡང་ན་འཇིགས་མེད་འབྱུང་གནས་ཞབས་ཀྱིས་གྲུབ་ཆེན་ལཱུ་ཡི་པའི་དགོངས་པ་བསྐང་བ་ལྟར་བཏབ་ཀྱང་རུང་ལ། རྩ་རྒྱུད་ཀྱི་


TNT07_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་ལཱ་བ་པས་མཛད་པ་ནས་བཤད་པའི་ཐིག་གི་རྣམ་བཞག་ཀྱང་ལཱུ་ཡི་པའི་ལུགས་འདི་དང་འབྲེལ་ཆགས་པ་ཡིན་པས་དེ་དག་གསུམ་པོ་གང་རུང་ཞིག་དང་མཐུན་པར་གདབ་བོ། དུར་ཁྲོད་ནི་བསྲུང་འཁོར་གྱི་ཕྱི་ནང་གང་ཡང་རུང་བར་ཏེ། རྡོ་རྗེའི་ར་བའི་ནང་དུ་འབྲི་ན་ཆ་ཆེན་གཅིག་ཡིན་ལ། ཕྱི་རོལ་དུ་འབྲི་ན་ཚད་ངེས་པ་མེད་དོ། །རྟ་བབས་ཡང་སྒོའི་ཚད་གསུམ་འགྱུར་དང༌། སྒོ་ཚད་གཅིག་ལ་སོགས་པ་དང་སྣམ་བུ་ཡང་བཞི་དང་བརྒྱད་དང་བཅུ་གཅིག་ལ་སོགས་པ་ཚད་དང་ལྡན་པའི་ལུགས་གཅིག་དང་མཐུན་ན་གང་ཡང་འགལ་བ་མེད་དོ། །དེ་ནས་ཐིག་གི་ལྷ་ལ་མཆོད་བསྟོད་ཕུལ། ཨོཾ་ཨཱཿཧཱུཾ་བཛྲ་མུཿ ཞེས་གཤེགས་སུ་གསོལ། སྐབས་འདིར་མིག་ཏུ་ཧཱི་བཀོད་ལ་སྒོའི་རྩ་ཐིག་ཕྱི། འོན་ཀྱང་འདི་བསྐོར་གྱི་གཞུང་ཐུན་མོང་མ་ཡིན་པ་རྣམས་ནས། སྒོའི་རྩ་ཐིག་དབྱིབས་མ་གསུངས་པས། མ་བྱས་ཀྱང་ཆོག་པར་མངོན་ནོ། །དྲུག་པ་རྡུལ་ཚོན་དབྱེ་བ་ནི། རྡུལ་མཚོན་ལྔའམ་ཉི་ཤུ་རྩ་ལྔ་འདུས་བྱས་ལ། མཆོད་གཏོར་གྱིས་བསྐོར། མཆོད་པ་བྱིན་རླབས་ནས། གཙོ་བོ་ཡབ་ཡུམ་གྱི་སྙིང་པོས་བྱིན་གྱིས་རླབས་པའི་བར། ཐིག་སྐུད་བྱིན་རླབས་དང་འདྲ་བ་ལས། རྡུལ་མཚོན་རྣམ་པ་ལྔར་གྱུར། ཞེས་འདོད་པ་སྤོ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་ལན་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས། སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་ཁ་ལྷོར་ཕྱོགས་པས་གནས་ཏེ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་བྱེད་པ། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་


TNT07_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བ། །ཚོན་གྱི་ལས་ནི་ཡང་དག་བརྩམ། ཅེས་བརྗོད། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། གི་སྔགས་བཟླ་ཞིང༌། རྩིག་པ་དཀར་པོ་ནས་བརྩམས་ཏེ། བྲི་བར་བྱའོ། །ཚོན་གྱི་ཁ་དོག་ནི་ཕལ་ཆེར་དཀྱིལ་འཁོར་སྤྱིའི་མཚན་ཉིད། མཚན་རྟོགས་པས་ཤེས་པར་འགྱུར་ལ། ལྷ་རྣམས་ཀྱི་ཕྱོགས་མདོག་ཤར་དཀར་ལྷོ་སེར་སོགས་ཡིན་ལ། ཐུགས་འཁོར་གྱི་གཞི་ལྗང་ཁུ། གསུང་འཁོར་གྱི་དཀར་པོ། སྐུ་འཁོར་གྱི་དམར་པོ་བཤད་པའང་ཡོད་ལ། ཡང་དེ་གསུམ་རིམ་ཅན་དུ་སྔོ་དཀར་དམར་བར་མཛད་པའང་ཡོད་དེ། དེ་གཉིས་ཀའང་རྒྱུད་སོ་སོའི་དགོངས་པའོ། །འདོད་སྣམ་ཡང་དམར་པོ་དང་སེར་པོ་དང་དཀར་པོ་ཇི་ལྟར་བྲིས་ཀྱང་རུང༌། བདེ་ཆེན་འཁོར་ལོའི་མུ་ཁྱུད་སེར་པོ་དང༌། གྲི་གུག་གི་འཕྲེང་བ་སྔོན་པོའོ། །རྡོ་རྗེ་ར་བ་ཡང་གཞི་སྔོན་པོ་ལ་རྡོ་རྗེ་ལྗང་ཁུའི་འཕྲེང་བར་བྱའོ། །ལྷའི་མཚན་མ་ནི། གཙོ་བོའི་གནས་སུ་རྡོ་རྗེ་དང་གྲི་གུག་གམ། ཐོད་པ་ལ་གནས་པ་ཉི་མའི་དཀྱིལ་འཁོར་གྱི་གདན་ལའོ། །ཕྱོགས་ཀྱི་འདབ་མ་བཞི་དང་སྒོ་མཚམས་མ་བརྒྱད་ལ་ཡང་གྲི་གུག་སྟེ་བརྒྱད་པོ་ནི་མི་རོའི་གདན་ལའོ། །མཚམས་ཀྱི་འདབ་མ་བཞི་ལ་ནི་བུམ་ཐོད་དོ། །ཐུགས་ཀྱི་རྩིབས་བརྒྱད་ལ་རྡོ་རྗེ་གྲི་གུག་རེའོ། །གསུང་གི་བརྒྱད་ལ་པདྨ་དང་གྲི་གུག་གོ །སྐུའི་བརྒྱད་ལ་འཁོར་ལོ་དང་གྲི་གུག་གོ །ཡང་ན་གཙོ་བོའི་གནས་དང་ཐུགས་འཁོར་ལོ་རྡོ་རྗེ། གསུང་ལ་པདྨ། སྐུ་ལ་འཁོར་ལོ། རྣལ་འབྱོར་མ་བཅུ་གཉིས་ལ་གྲི་གུག་གོ །ཡང་ན་འཁོར་ལོ་གསུམ་ལ་རྡོ་རྗེ་དང་གྲི་གུག་འབའ་ཞིག་གོ །གཞན་ཡང་གཅིག་ཏུ་གཙོ་བོའི་གནས་སུ་རྡོ་རྗེ་དང༌། ལྷག་མ་རྣམས་ལ་གྲི་གུག་གོ །འགའ་ཞིག་ལས་


TNT07_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི་ཕྱོགས་ཀྱི་འདབ་མ་བཞི་ལ་རིགས་བཞིའི་ཕྱག་མཚན་གྱིས་མཚན་པས་ཁ་ཊྭཾ་ག་རེ་རེའོ། །གཞན་དག་ནི་གྲི་གུག་སུམ་ཅུ་རྩ་བདུན་ཞེས་ཀྱང་འདོད་དོ། །དེ་ཐམས་ཅད་ལ་མི་རུང་བ་མེད་པར་མངོན་ནོ། །དེ་བཞིན་དུ་ས་བོན་དང་སྔགས་ཀྱི་ཡི་གེ་འབྲི་བ་དང་ལུགས་སུ་བྱས་པ་དང་རི་མོར་བྲིས་པའི་སྐུ་གཟུགས་འཇོག་པ་དང༌། རྡུལ་ཚོན་གྱི་ཚོམ་བུ་དང་གདན་གྱི་རྣམ་པར་དགོད་པ་སོགས་ཀྱང༌། ཇི་ལྟར་སྐབས་སུ་བབ་པ་དག་བྱའོ། །དེ་ནས་སློབ་དཔོན་གྱིས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ལ་དཀྱིལ་འཁོར་ལ་གཡོན་ནས་ལན་གསུམ་དུ་བསྐོར་ནས། ཤར་ལྷོར་ཡི་གེ་བརྒྱ་པ་དང་ཞལ་བཞི་པའི་སྔགས་བཟླས་ནས། བྲིས་ཀྱི་སྐྱོན་དག་པར་བསམ་མོ། །རྡུལ་མཚོན་གྱི་ལྷག་མ་ལ་མཆོད་བསྟོད་གཤེགས་གསོལ་བྱ། ལྷག་མའི་ཐིག་ཚོན་དེ་དག་དབེན་པའི་གནས་སུ་བཞག་གོ། བདུན་པ། རྒྱན་དང་ཡོ་བྱད་དགོད་པ་ནི། བཀྲ་ཤིས་ཀྱི་བུམ་པ་བརྒྱད། སྒོ་མཚམས་མ་བརྒྱད་དུ་དགོས་པ་ལ། དེ་དག་ཏུ་མི་བདེ་ན་རྡོ་རྗེའི་ར་བའི་ནང་གི་ཕྱོགས་མཚམས་བརྒྱད་དུའོ། །རྣམ་རྒྱལ་བུམ་པ་ལ་ནི་གཙོ་བའི་གནས་སུ་འགོད་ཅིང༌། འདིར་ཡང་དེར་མི་བདེ་ན་ཤར་གྱི་བུམ་པའི་ནང་ཚན་དུ་དགོད་པར་བྱའོ། །ལས་བུམ་ནི་འཇིག་རྟེན་གྱི་ལྷོ་དཀྱིལ་འཁོར་ཆེན་པོའི་ཤར་སྒོའི་གཡོན་ལོགས་སུ་འགོད་དོ། །བུམ་པ་རྣམས་ཀྱི་སྟེང་དུ་རིན་པོ་ཆེ་དང་བཟའ་བ་སྣ་ཚོགས་ཀྱིས་བཀང་བའི་ཐོད་པ་བཞག་གོ །གཞན་ཡང་ཇྀ་སྐད་དུ། མེ་ཏོག་སྤོས་དང་མར་མེ་དང༌། །དྲི་དང་བཟའ་བ་རོལ་མོ་དང༌། །གོས་དང་ཀུ་ཤ་རྒྱན་ལ་སོགས། །ཉེ་


TNT07_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་ནི་དགོད་པར་བྱ། །ཆང་དང་ཤ་རློན་གཏོར་མ་དང༌། །འདུ་བ་ཡི་ནི་རྫས་རྣམས་ཀུན། །དེ་ཡིས་ཕྱི་རོལ་དག་ཏུ་བཞག །དར་དང་བླ་བྲེ་གདུགས་དང་ནི། །རྒྱལ་མཚན་རྣམས་ཀྱིས་གནས་བརྒྱན་ཏེ། ཁྲག་འཐུང་ཆ་ལུགས་འཛིན་པ་ཡིས། །སྒོ་གསུམ་བཞི་ནི་བཞག་པར་བྱ། ཞེས་པ་ལྟར། བུམ་པ་འབུལ་བའི་སྐབས་རོལ་མོའི་སྒྲ་དང་བཅས་ཏེ་དཀྱིལ་འཁོར་ལ་བསྐོར་བ་ལན་གཅིག་གམ་གསུམ་བྱས་ནས། བུམ་པ་གཞན་རྣམས་སོ་སོའི་གནས་སུ་འཇོག་རྣམ་རྒྱལ་བུམ་པ་ནི་གཙོ་འཁོར་ཐམས་ཅད་ཀྱི་སྔགས་བཟླས་བཞིན་དུ། སོ་སོའི་གནས་སུ་འཇོག་ཚུལ་ཙམ་བྱས་ནས། མཐར་དབུས་སམ་ཤར་ཕྱོགས་སུ་འཇོག་པ་ལག་ལེན་དུ་མཛད་ཀྱིན་སྣང་བས་སྤྲོས་པ་ལ་དགའ་ན་དེ་ལྟར་བྱ་ལ། འོན་ཀྱང་གཞུང་ནས་བཤད་པ་མ་མཐོང་སྟེ། མདོར་བསྡུས་པའི་ཚེ་མ་བྱས་ཀྱང་ཆོག་གོ །བརྒྱད་པ་དཀྱིལ་འཁོར་སྒྲུབ་པ་ནི། གོང་དུ་བཤད་པ་ལྟར། སྔོན་འགྲོ་གཏོར་མ་ནས་བདག་བསྐྱེད་རྫོགས་པའི་བར་བསྒོམས་ནས། དཀྱིལ་འཁོར་ལ་དམིགས་ཏེ་སྦྱང་བ་གསུམ་བྱེད་དགོས་པ་ལས། བགེགས་གཏོར་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་རླབས། གཏོར་མའམ་མཐེབ་ཀྱུ་གསུམ་པོ་རིམ་གྱིས་བསྐོར་ལ། ཨོཾ་སརྦ་བིགྷྣཱན་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱེཿ སརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། གྲྀཧྞ་དམ་བ་ལིཾ་ཏེ་སྭཱཧཱ། ཞེས་ལན་གསུམ། འདིར་བགེགས་ཀྱིས་ཚོགས་གང་ཡིན་པ་ཐམས་ཅད། མཆོད་


TNT07_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་ནས། ཕན་པ་དང་བདེ་བའི་སེམས་ལྡན་པས་གཞན་དུ་དེངས་ཤིག ཞི་བས་སྦྱང་བའོ། །ཨོཾ་སུམ་བྷ་སོགས་ལན་གསུམ་བཟླས་ཤིང་རྡོ་རྗེ་གསོར་ལ། ཏིང་ལོའམ་ཆང་བུ་སྐོར། འདིར་བགེགས་ཀྱི་ཚོགས་གང་ཡིན་པ་དེ་ཐམས་ཅད། གཏོར་མ་ལམ་རྔན་ཏིང་ལོ་ལམ་སྒྲོན། ཆང་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོངས་ཤིག ཅེས་པས་ནི་ཞི་དྲག་ཕྱེད་མས་སྦྱངས་པའོ། །ཧཱུཾ་མཛད་ཀྱི་ཕྱག་རྒྱ་བྱས་ནས་བདེན་སྟོབས་བརྗོད་ལ་མཐར་དྲག་པོའི་མཚམས་རྔམས་རོལ་ཆེན་དང་བཅས་པས་སྐྲད་པ་ནི། འདི་ལྟར། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཡི་དམ་རྒྱལ་བ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། དཔལ་མགོན་དམ་པ་ཆོས་སྐྱོང་བསྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་བདེན་པ་དང༌། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། འདིར་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང་དབང་གི་ལས་ལ་འཇུག་པ་ལ། བར་དུ་གཅོད་པར་བྱེད་པའི་འབྱུང་པོ་གདོན་


TNT07_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཀྱི་རིགས་གང་ཡིན་པ་དེ་དག །དེང་དཔལ་ཧེ་རུ་ཀའི་བཀའ་ཐོས་པས་སའི་ཕྱོགས་འདིར་གནས་པར་མྱུར་བ་ཉིད་དུ་སོངས་ཤིག །གང་དག་མི་འགྲོ་བ་དེ་དག་ཐམས་ཅད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི། ཁྲོ་བོའི་རྡོ་རྗེ་དང་རྡོ་རྗེ་ཁ་ཊྭཾ་ག་འབར་ཞིང་རབ་ཏུ་འབར་བ་འདིས། ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་གས་པར་བྱའོ། །ཞེས་བགེགས་བསྐྲད་ཅིང་གཏོར་མ་ཕྱིར་དོར། དྲག་པོས་སྦྱངས་པའོ། །དགེ་སློང་དཱ་རི་ཀ་པས། བགེགས་ལ་གཏོར་མ་སྦྱིན་བྱས་ཏེ། །ཞལ་བཞི་པའི་སྔགས་བཟླས་ཤིང༌། ཆང་བུ་དང་ནི་མར་མེས་སྦྱངས། གུ་གུལ་ཡུང་དཀར་གྱིས་བགེགས་ལ། ཞེས་བཤད་བགེགས་སྦྱང་བ་གསུམ་མོ། །བསྡུས་པ་ལ་མོས་ན། བཀའ་བསྒོ་བ་ཡིད་ཀྱིས་བྱས་ནས་སྔགས་ཙམ་བརྗོད་དོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་བཾ་གྱི་རྣམ་པར་གནས་པ། ལྟེ་བའི་གཏུམ་མོ་འབར་བའི་འོད་ཀྱིས་དེད་དེ། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་པ་མདུན་གྱི་ཏིལ་ལ་ཐིམ། བསངས་སྦྱངས། འབར་བའི་མེ་ནང་དུ་ཁྲོ་བོ་རྡོ་རྗེ་མཁའ་འགྲོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞལ་གདངས་པའོ། །ཨོཾ་བཛྲ་ཌ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷསྨི་ཀུ་རུ་སྭཱཧཱ། ལན་གསུམ་བརྗོད། ལས་ཀྱི་རྡོ་རྗེ་ཏིལ་གཡས་གཡོན་དུ་བསྐོར་ནས། གཡས་སུ་མེ་དང་གཡོན་དུ་ཆུ་དོར་བས་


TNT07_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མཁའ་འགྲོའི་ཞལ་དུ་གསོལ་བ་དང༌། རྒྱ་མཚོ་ཆེན་པོར་བསྒྱུར་བར་བསམ། མཐར་མེ་ཡང་ཆུ་ནང་དུ་ལུགས་སོ། །སྡིག་པ་སྤྱད་པའོ། །དེ་ནས་མེ་ལོང་བསྟན་ཏེ། ལས་བུམ་བླངས་ནས་ཁྲུས་གསོལ་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་ནས། ཤྲི་ཡེ་ཧཱུཾ། འདི་ནི་ཁྲུས་མཆོག སོགས་དང༌། དེ་བཞིན་གཤེགས་དང༌། སོགས་རོལ་ཆེན་དང༌། བཅས་པས་ཀྱང་ཁྲུས་གསོལ། དེ་དག་སྐུ་ལ་ནས། ཨོཾ་ཧཱུཾ་ཏྲཱཾ་ཧྲིཿཨཿཀཱ་ཡ་བི་ཤྭདྷ་ན་ཡེ་སྭཱཧཱ། ཞེས་སྐུ་ཕྱིས་ཕུལ། སྤྲོ་ན་དྲིའི་བྱུག་པ་དང༌། གོས་བརྒྱན་ཡང་འབུལ་ཏེ། དྲི་མ་སྦྱངས་པའོ། །དེ་ནས་བར་འདིར་ཕུར་བུ་གསལ་བཏབ་ནས་མཆོད་པ་འབུལ་བ་སྟ་གོན་གྱི་སྐབས་བཞིན། མདུན་བསྐྱེད་དཀྱིལ་འཁོར་བསངས་སྦྱངས། ཨོཾ་ཤཱུནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་ཨ་ནི་མི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་རྣམ་ཐར་སྒོ་གསུམ་གྱི་དོན་བསམ་མོ། །སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ༴ ནས། ལྕོག་བརྒྱད་དང་ལྡན་པ། དེའི་རྩེ་མོར་བསྲུང་བའི་འཁོར་ལོའི་དབུས་སུ་ནས་གང་བའོ། །བདེ་ཆེན་འཁོར་ལོའི་དབུས་ཀྱི་ལྟེ་བ་རང་ཉིད་ཧཱུཾ་ཡིག་གི་རྣམ་པར་གནས་པར་གྱུར། དེ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས། འཁོར་ལོས་ལྔའི༴ ཞེས་པ་ནས། རྗེས་ཆགས་ཀྱིས་ཞུ་བ་ཧཱུཾ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པ་ནི།


TNT07_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་འཁོར་ལོའི་དབུས་ཀྱི་ལྟེ་བར་འཁོར་ལོ་བདེ་མཆོག༴ ནས་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །བདེ་ཆེན་འཁོར་ལོའི་འདབ་མ་བརྒྱད་ལ། ཤར་དུ་མཁའ་འགྲོ་མ༴ ནས་རྡོ་རྗེ་འཕྲེང་བའི་མཚན་པའོ། །ཡབ་ཀྱི་སྙིང་གར་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ་ནས་ཉི་མའི་འོད་ཅན་ནོ། །ལྷ་ཐམས་ཅད་ཀྱི་དཔྲལ་པར་ཨོཾ་ནས་དབང་གི་ལྷ་ཐམས་ཅད་རང་ལ་གཉིས་སུ་མེད་པར་ཐིམ་གྱི་བར་ལྷ་སྟ་གོན་གྱི་སྐབས་དང་འདྲ། སླར་ཡང་རང་གི་སྙིང་གའི་ཧཱུཾ་ཡིག་གི་འོད་ཟེར་གྱིས། སྟ་གོན་གྱི་ལྷ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་པར་གྱུར་ཕཻཾ། སུམྦྷ། ལན་གཅིག་བཟླས་ཤིང་རྡོ་རྗེ་གསོར། ཆུ་གཉིས་ཉེར་སྤྱོད་རོལ་མོ་རྣམས་ཀྱིས་མཆོད། རྐང་བརྒྱད་ཀྱིས་བསྟོད། ཛཿཧཱུཾ་བཾ་ཧོཿ ལན་མང་དུ་བརྗོད། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ། ཞེས་བརྗོད་དོ། །སྒྲུབ་མཆོད་ཞག་སྦྲེལ་མ་བྱེད་ན། དངོས་གཞི་ཉི་མ་གཉིས་པ་ཕན་ཆད་ལ། སྟ་གོན་གྱི་ལྷ་སྤྱན་འདྲེན་འདི་མི་དགོས་སོ། །དེ་ནས་བྱིན་རླབས་དྲུག་སྐོར་དུ་གྲགས་པ། མདུན་བསྐྱེད་དཀྱིལ་འཁོར་བྱིན་གྱིས་བརླབས་པའི་བཟླས་པ་སྟེ། ཁ་ཅིག་མཆོད་པའི་རྗེས་སུ་བཟླས་པ་བྱེད་པར་འདོད་པ་ཡང་ཡོད་དོ། །མཆོད་པ་ལན་གཅིག་ལས་མི་བྱེད་ན། མཆོད་པའི་སྔོན་དུ་བཟླས་པ་བྱ་ལ། གཉིས་བྱེད་ན་གཉིས་ཀྱི་བར་དུ་བྱས་པས་ལེགས་པར་འགྱུར་རོ། །གང་ལྟར་ཡང་དཀྱིལ་འཁོར་གྱི་གཙོ་བོ་ལས། ཧེ་རུ་ཀ་གཉིས་པ་ཞིག་ཆད་ནས། བཟླས་པ་དང་མཆོད་པ་བྱེད་ཅིང་བདག་འཇུག་ལེན་པ་ཡིན་ལ། ལས་ཀྱི་རྡོ་རྗེ་


TNT07_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ཕྱོགས་སུ་འདུག་ལ། དབྱུགས་གུའི་སྣ་ལ་རྡོ་རྗེ་བཏགས་པས། ལྷ་སོ་སོའི་གནས་སུ་གནོད་པ་མེད་པར་རེག་ཅིང༌། སྔགས་མཆོད་བཞིན་ལྷ་ཐམས་ཅད་ཀྱི་སྙིང་པོ་ཚར་གཅིག་བརྗོད། བུམ་ཐོད་ཀྱི་གནས་སུ་འབྲུ་གསུམ་བརྗོད་དེ་དང་པོའོ། །འདིར་རེ་རེ་བཞིན་མང་དུ་བཟླས་ན་ལེགས་སོ། །དེ་ནས་ལྷ་ཐམས་ཅད་ལ་ཡུམ་གྱི་ཉེ་སྙིང་བཟླ་སྟེ་གཉིས་པའོ། །ཨོཾ་ཀ་ཀ་སྱ། ཨུ་ལུ་ཀ་སྱ། ཤྭ་ན་སྱ། སུ་ཀ་རཱ་སྱ་ཧཱུཾ་ཧཱུཾ་ཕཊ། ཞེས་པའམ་སྒོ་མཚམས་མ་བརྒྱད་ཆར་གྱི་སྔགས་བཟླ་སྟེ། གསུམ་པའོ། །ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླ་སྟེ་བཞི་པའོ། །ཨོཾ་ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའང་བཟླ་སྟེ་ལྔ་པའོ། །ལྷ་སོ་སོའི་མཚན་དང་སྤེལ་བའི་ཡི་གེ་བརྒྱ་པའམ། དེ་མ་ལྕོགས་ན། ཧེ་རུ་ཀའི་ཡི་གེ་བརྒྱ་པ་ཉིད། ལྷ་དྲུག་ཅུ་རྩ་གཉིས་ཀྱི་གནས་སུ་སྦྱར་བས་ཆོག་སྟེ་དྲུག་པའོ། །བྱིན་རླབས་བཟླས་པ་འདིའི་ཐོག་མཐར། ཨརྒྷཾ༴ ནས། ཤཔྟའི་བར་གྱིས་མཆོད་པ་རེ་དང་རྐང་བརྒྱད་ཀྱི་བསྟོད་པ་རེ་བྱ། མཐར། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་བདག་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ལ་མེ་ཏོག་དོར། བུམ་པ་ལ་དམིགས་ནས། སྟ་གོན་གྱི་སྐབས་སུ་བསྟན་པ་ལྟར་སོ་སོའི་སྔགས་བརྒྱ་རྩ་ལ་སོགས་པའི་ཇི་ལྟར་འོས་པ་བཟླའོ། །གཉིས་པ་ནི། ནག་པོ་ཞབས་ལུགས་ཀྱི་དཀྱིལ་མཆོག་ཏུ་བཤད་པ་ལྟར། མཆོད་པ་བྱིན་རླབས་ནས་བརྩམ་སྟེ་


TNT07_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་མཐའ་དག་འབུལ་ཞིང༌། ཅི་སྟེ་བསྡུས་པ་ལ་མངོན་པར་དགའ་བས་ཀྱང༌། བསྟོད་པ་མ་གཏོགས་ཚིགས་བཅད་རྣམས་དོར་ཏེ། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གསུམ་འཛོམས་པའི་སྒོ་ནས། ལྷག་མ་མཐའ་དག་མ་ཚང་བ་མེད་པར་བྱའོ། །དེའི་འོག་ཏུ་གཏོར་མ་འབུལ་བ་ཡང་བྱ་སྟེ། སྟ་གོན་གྱི་སྐབས་སུ་བཤད་པ་བཞིན་ནོ། །ཕྱི་རོལ་གཏོར་མ་ཐུན་མོང་མ་ཡིན་པས་གཞུང་རྙིང་པ་རྣམས་ནས་མ་བཤད་པས། ངེས་པར་དགོས་པ་ཡང་མ་ཡིན་ལ། ལག་ལེན་ལ་ཡང་མི་མཛད་པ་ཤས་ཆེ་ཞིང༌། ཅི་སྟེ་བྱེད་པར་སྤྲོ་ན། ཕྱི་རོལ་གཏོར་མ། སྐོར་བ། མེ་ཏོག་འབུལ་བ། སྒོ་དབྱེ་བ། གསོལ་གདབ་རྣམས། རྡོ་རྗེ་འཕྲེང་བ་ནས་འབྱུང་བ་ལྟར་བྱའོ། །སྒྲུབ་མཆོད་ཞག་མང་པོར་སྦྲེལ་བའི་སྐབས། དངོས་གཞི་ཉི་མ་གཉིས་པ་ཕན་ཆད་ལ། སྐབས་འདིར་བུམ་སྒྲུབ་སྟ་གོན་གྱི་སྐབས་སུ་བཤད་པ་ལྟར། ཆོ་ག་རྒྱས་པར་བྱེད་པའི་ལག་ལེན་སྣང་བ། འདིར་བུམ་པ་སྒྲུབ་པའི་ཉི་མ་རྣམས་ལ། དཀྱིལ་འཁོར་སྒྲུབ་པའི་སྐབས་སུ་བུམ་བཟླས་མི་དགོས་སོ། །དགུ་པ་བདག་ཉིད་འཇུག་པ་ནི། གཞུང་ཐ་དད་ནས་རྒྱས་བསྡུས་སྣ་ཚོགས་བཤད་ཀྱང༌། སློབ་མ་ཇི་ཙམ་བསྐུར་བ་དེ་ཙམ་རྫོགས་པར་ལེན་པ་ད་ལྟར་ལག་ལེན་བྱེད་དོ། །དེ་ཡང་རང་ཉིད་གཙོ་བོའི་མདུན་ཞལ་གྱི་སྒོ་དང་ཉེ་བའི་འདུག་ཅིང་གཙོ་བོའི་ཐུགས་ཀ་ནས་སྤྲུལ་པའི་ཧེ་རུ་ཀ་ཕྱག་གཉིས་པས་ལས་མཛད་པར་དམིགས་ལ། དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་དོན་དུ་མཎྜལ་ཕུལ། བདག་ཉིད་རྣམ་པར་སྣང་མཛད་དུ་གྱུར། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་བཞིན་དེ་


TNT07_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ངེས་པར་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱི་དྲི་མེད་མཐོང་བར་ཤོག ལན་གསུམ། རྡོ་རྗེ་ཕག་མོས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སོགས་ལན་གསུམ་གྱིས་གསོལ་བ་བཏབ། ཨོཾ་ཙཀྵུར་བནྡྷ་བ་ར་མ་ན་ཡ་ཧཱུཾ། གིས་མིག་དར་བཅིང༌། ཨཱ་ཁཾ་བཱི་ར་ཧཱུཾ། གིས་མེ་ཏོག་བཟུང༌། ལས་བུམ་གྱི་ཆུས་གཏོར་ལ། སུམྦྷ་བགེགས་བསྐྲད། དཔྲལ་པར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ་གིས་སྲུང་བར་བྱ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། ཞེས་དྲིས་པ་ལ། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་ལན་བཏབ། སླར་ཡང༌། དེ་ཡིས་བུ་ལ་ཅི་ཞིག་བྱ། ཞེས་དྲིས་པ་ལ། སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་ལན་བཏབ། རང་གི་སྙིང་གར་ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་འཕྲོ་བ། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་བདག་ཉིད་དོ། །ཨོཾ་བཛྲ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི། རྡོ་རྗེ་སྙིང་གར་གཏད། སུ་ར་ཏ་ས་མ་ཡ་སྟྭཾ། ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། རྡོ་རྗེ་མགོ་བོར་བཞག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་པར་འགྱུར་གྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །དཀྱིལ་འཁོར་ཁང་པའམ་ཡོལ་བའི་ནང་དུ་བཅུག་པར་མོས་ལ། ཧཱུཾ་ཛ་ཧཱུཾ། ཞེས་བརྗོད། དེ་ཡན་ཆད་ནི་དཀྱིལ་ཆོག་གི་རྩ་བའི་གཞུང་ན་མི་གསལ་ཡང༌།


TNT07_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་ཆོག་གི་གཞུང་ཕྱི་མ་རྣམས་ལས་འབྱུང་ཞིང༌། བླ་མ་གོང་མ་རྣམས་ཀྱི་མན་ངག་གིས་ཁ་སྐངས་པའི་ཕྱག་ལེན་ནོ། །འདི་མན་ཆད་འཇུག་པའི་ཆོས་ནི་འདི་ལྟར། །སྡོམ་པ་མདོར་བསྟན་དམ་རྫས་སྦྱིན། །སྲུང་བ་དཔའ་བོ་བསྐུལ་བ་དང༌། །གསོལ་བ་གདབ་ཅིང་གནང་བ་ཞུ། །ཕྱག་འཚལ་སྡོམ་པ་སྦྱིན་པ་དང༌། །དམ་ལ་བཞག་ཅིང་ཡེ་ཤེས་ཕབ། །ནམ་མཁའི་མདོག་དྲི་མེ་ཏོག་ཕུལ། །མིག་དར་ཕྱེ་ལ་ལྟ་བར་བསྐུལ། །ལྷ་ངོ་བསྟན་ཞིང་དེ་ཉིད་བརྗོད། །ཅེས་བྱའོ། །དེ་ལྟར་དོན་ཚན་བཅུ་དྲུག་ལས། དང་པོ་སྡོམ་པ་མདོར་བསྟན་ནི། གོང་ནས་གོང་མའི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་བཟུང་བྱ་སྟེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་ཅི་ཡང་ཡོད་མ་ཡིན། ཞེས་སོ། གཉིས་པ་དམ་རྫས་སྦྱིན་པ་ནི། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ལན་གསུམ་སོགས་བཟླ་བཞིན་དུ། བདུད་རྩི་མྱང་ཞིང་ལུས་ལ་གཏོར། གསུམ་པ་བསྲུང་བ་སྦྱིན་པ་ནི། རང་ཉིད་འཁོར་ལོ་བདེ་མཆོག་ཞལ་གཅིག་ཕྱག་གཉིས་པའི་སྐུར་གསལ་བའི། སྙིང་གར་ཨོཾ་ཧ་དཀར་པོ་ནས། ཉི་མའི་འོད་ཅན་ནོ། །སྤྱི་བོ་ལ་སོགས་པའི་ནས་ན་སི་མ་ཀུ། ཁམས་རྣམས་དཔའ་བོ་དང་རྩ་རྣམས་དཔའ་མོའི་བདག་ཉིད་དུ་གྱུར། བཞི་པ་དཔའ་མོ་བསྐུལ་བ་ནི། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ཧེ་རུ་ཀའི་རྣམ་པར་སྤྱན་དྲངས། རང་གི་སྙིང་གར་ཐིམ་པས་མི་ཤིགས་པ་དཔྱིད་ཀྱི་རྩ་ཐིག་དཔལ་ཧེ་རུ་ཀ་ཞལ་ཕྱག་ཡོངས་སུ་རྫོགས་པར་གྱུར། ཨོཾ་ཤྲཱི་ཧེ་རུ་ཀ་བིད་མ་ཧེ་བིདྱཱ་རཱ་ཛཱ་ཡ། དྷིཿམ་ཧེ་


TNT07_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ། ཞེས་ལན་ལྔའམ། བདུན་ནོ། །ལྔ་པ་གསོལ་བ་གདབ་པ་ནི། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་གནས་ལ་བདག་ཕྱག་འཚལ། །དོན་དམ་སྨྲ་བའི་སེང་གེ་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པར། །སྲིད་པའི་ཉེས་བརྒྱ་སྐྱེད་རྩ་ཉོན་མོངས་ཆོམ་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་འགྲུབ་པར་མཛོད། ཅེས་ལན་གསུམ། དྲུག་པ་གནང་བ་ཞུ་བ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ལན་གསུམ། བདུན་པ་ཕྱག་འཚལ་བ་ནི། གནས་གསུམ་དུ་ཐལ་མོ་སྦྱོར་བཞིན་པས། ཨོཾ་ན་མ་སྟེ་ཧཱུཾ། ན་མཱ་མེ་ཧཱུཾ། ན་མོ་ན་མཿཧཱུཾ་སྭཱཧཱ། ཞེས་ལན་གསུམ་མོ། །བརྒྱད་པ་སྡོམ་པ་སྦྱིན་པ་ལ་སྒྲགས་བཟུང་གཉིས་ལས། སྒྲགས་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིག་ཡིད་འོང༌། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བསྒྲགས་སོ། །སློབ་དཔོན་ཁྱོད་ཀྱིས་བཟུང་བར་བྱ། །


TNT07_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིག་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པས་ཆོས་ནི་མ་ལུས་བཟུང༌། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཞེས་སོ། །གཉིས་པ་སྡོམ་པ་བཟུང་བ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ་གྱིས་ཐུན་མོང་གི་སྡོམ་པ་བཟུང༌། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གི་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་


TNT07_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང༌། །རྡོ་རྗེ་རིག་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིག་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཅན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་དག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་སྡོམ་པ་མ་ལུས་བཟུང༌། །མ་བརྒལ་བ་རྣམས་སྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་ལ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པ་ལན་གསུམ་གྱིས་རིགས་ལྔའི་སྡོམ་པ་བཟུང༌། སངས་རྒྱས་ཆོས་དང་དགེ་འདུན་ལ། ཞེས་པ་ནས། ཉི་ཤུ་རྩ་གཉིས་ལེགས་པར་བཟུང་གི་བར་ན་གསུམ། སློབ་མ་ལྟ་གོན་གྱི་སྐབས་སུ་བཤད་པ་ལྟར་གྱི་རྒྱུད་རྒྱལ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པས་སྡོམ་པ་བཟུང་བར་བཞེད་དོ། །དེ་དག་ནི་སྡོམ་བཟུང་རྒྱས་པའི་ལུགས་ཡིན་ལ། འབྲིང་དུ་ན་ཕྱི་མ་གཅིག་པུས་ཆོག་ཅིང༌། བསྡུས་པ་ནི། གཙོ་བོའི་ཇི་ལྟར་བཀའ་


TNT07_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། །དེ་བཞིན་བདག་གིས་བགྱིད་པར་འཚལ། ལན་གསུམ། །དགུ་པ་དམ་ལ་བཞག་པ་ནི། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། །ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག རྡོ་རྗེ་སྙིང་གར་རེག་སྟེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཐོད་པ་ནས་བདུད་རྩིའི་ཆུ་བཏུང་ལ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་ཐོབ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ཏ་ཀ་ཋཿཋཿཋཿཧཱུཾ། ཞེས་དམ་ཚིག་བསྲུང་བའི་ཕན་ཡོན་དང་མ་བསྲུང་བའི་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། གང་ངས་འདྀ་བྱོས་ཞེས་བསྒོ་བ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མ་བྱེད་ཅིག ཁྱོད་མི་བདེ་བ་མ་སྤངས་པར་དུས་བྱས་ནས་དམྱལ་བར་ལྷུང་བར་འགྱུར་ཏ་རེ། ཞེས་སློབ་དཔོན་གྱི་བཀའ། ཉན་པའི་སྒོ་ནས་དམ་ལ་བཞག བཅུ་པ་ཡེ་ཤེས་དབབ་པ་ནི།


TNT07_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིགདཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛད་དུ་གསོལ། ལན་གསུམ། རང་ཧེ་རུ་ཀ་ཕྱག་གཉིས་པར་གྱུར་པ། གཡས་བརྐྱང་གི་ཞབས་གཉིས་ཀྱི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་མོ་ཟླ་གམ་གཡོ་བའི་བ་དན་དང་བཅས་པ། རྐང་མཐིལ་གཉིས་སུ་ཡི་གེ་ཛྷཻཾ་ལྗང་ཁུ། སུམ་མདོར་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ལ་རྡོ་རྗེ་དང་ཧཱུཾ་གིས་མཚན་པ། མགྲིན་པར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་ལ་བུམ་པ་དང་ཨས་མཚན་པ། སྤྱི་བོར་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ནག་པོ་ལ་ཧས་མཚན་པ། རྐང་མཐིལ་གྱི་འོག་གི་ཛྷཻཾ་ཕུལ། དེས་སུམ་མདོའི་མེ་སྦར། དེས་སྙིང་གའི་ས་བསྲེགས། དེས་མགྲིན་པའི་ཆུ་སྐོལ་བ་སྙིང་གའི་ས་ལ་ཐིམ་པས་བདེ་བས་གང༌། རྐང་མཐིལ་གྱི་རླུང་དང་མེས་ནམ་མཁའ་ལ་བཏེག །སྤྱི་བོའི་རླུང་གིས་མར་ཕུལ་བས་འདར་ཡེད་ཡེད་གནས་པ་ལ། ནམ་མཁའ་ནས་ལུས་ཀྱི་སྟོད་ཀྱི་ཆ་ལ་ཐུགས་ཀྱི་འཁོར་ལོ་པ་རྣམས་ནག་པོའི་རྣམ་པས་ཐིམ། བར་གྱི་ཆ་ལ་གསུང་གི་འཁོར་ལོ་པ་རྣམས་དམར་པོའི་རྣམ་པས་ཐིམ། སྨད་ཀྱི་ཆ་ལ་སྐུའི་འཁོར་ལོ་པ་རྣམས་དཀར་པོའི་རྣམ་པས་འཇུག་ཅིང༌། དེ་མ་ཡིན་པའི་དཔའ་བོ་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་ཡང་བ་སྤུའི་བུ་ག་ནས་ཞུགས་ཤིང་སྙིང་གར་ཐིམ་པར་


TNT07_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ཡབ་ཡུམ་གྱི་སྙིང་པོ་དང༌། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་བཛྲ་ཨཱ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཧཿཨཿཛྷཻཾ། ཅེས་པའི་དབབ་ཅིང༌། ཨོཾ་ཏིཥྛ་མཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཧཱུཾ། ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བིད་མ་ཧེ་བིདྱཱ་རཱ་ཛ་ཡདྷི་མ་ཧེ་སྭཱཧཱ། ཞེས་པའང་བཟླ་སྟེ་རོལ་མོའི་སྒྲ་དང་བཅས་དབབ་བོ། །སྤྱིར་འཁོར་ལོ་སྡོམ་པའི་དབང་ལ། ཡེ་ཤེས་འབེབས་པའི་སྔགས་ཕྱི་མ་འདི་གཉིས་ཡིན་ཀྱང༌། འབྱུང་བཞིའི་དཀྱིལ་འཁོར་བཀོད་པ་འདི་བྱས་ཕྱིན། སྔགས་སྔ་མ་ཡང་བཟླས་ན་ལེགས་ཏེ་སྔགས་འདི་དང་འབྲེལ་བའི་དམིགས་པ་ཡིན་པས་སོ། །ཏིཥྛ་བཛྲ། ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག བཅུ་གཅིག་པ་ནམ་མཁའི་ཁ་དོག་དྲི་བ་ནི་འདིར་མི་དགོས་ཀྱང༌། སློབ་མ་དབང་བསྐུར་བའི་སྐབས་ཡིན་ན་དགོས་ཏེ། སྐབས་འདིར་ནམ་མཁའི་ཁ་དོག་དྲི་ཞིམ་ལས་བཞི་ལུང་བསྟན། བཅུ་གཉིས་པ་མེ་ཏོག་དོར་བ་ནི། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། ཞེས་མེ་ཏོག་དོར། ཨོཾ་པྲ་ཏི་གྲྀཧྞ་དམ་ཨི་མཾ་སཏྭ་མཧཱ་པ་ལ། ཞེས་མེ་ཏོག་སྤྱི་བོར་བཅིངས། བཅུ་གསུམ་པ་མིག་དར་དབྱེ་བ་ནི། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་གྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲིཿ ཞེས་མིག་དར་བསལ། བཅུ་བཞི་པ་ལྟ་བར་བསྐུལ་བ་ནི། ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབས། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང༌། །


TNT07_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀུན་ཁྱོད་དབང་བསྐུར་གྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། བཅོ་ལྔ་པ་ལྷ་ངོ་བསྟན་པ་ནི། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་མངོན་སུམ་བཞིན་དུ་གསལ་བར་གྱུར། ཞེས་བརྗོད་ཅིང༌། ཡིད་ཀྱིས་དཀྱིལ་འཁོར་གསལ་བཏབ། སློབ་མ་ལ་དབང་བསྐུར་བའི་དོན་དུ་ནི་སྒྲུབ་ཐབས་ལྟར་ལྷ་ངོ་རྒྱས་པ་བསྟན་དགོས་སོ། །བཅུ་དྲུག་པ་དེ་ཁོ་ན་ཉིད་བརྗོད་པ་ནི། གཞལ་མེད་ཁང་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡིན་ལ། ལྷ་སུམ་ཅུ་རྩ་བདུན་དེ་རྣམས་རྣམ་པར་དག་པའོ། །བཅོམ་ལྡན་འདས་ནས་དཔལ་ཧེ་རུ་ཀ་ཡབ་ཡུམ་ནི། བརྟན་གཡོ་ཐམས་ཅད་ཀྱི་བདག་ཉིད་ཆོས་ཀྱི་དབྱིངས་ཡིན་ལ། འཁོར་ལོ་ལྔའི་ལྷ་ཚོགས་ནི་ཡེ་ཤེས་ལྔའི་བདག་ཉིད་དོ། །ཞེས་བརྗོད་ཅིང་དོན་བསམ་པའོ། །དེ་ནས་དབང་གི་དངོས་གཞི་ལ། ཐོག་མར་རྡོ་རྗེ་སློབ་མའི་དབང་གི་དོན་དུ་མཎྜལ་ཕུལ་ནས། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབས་པའི་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་རྩལ། །དེ་བཞིན་བདག་ལ་དེང་སྩོལ་ཅིག ཅེས་ལན་གསུམ་གསོལ་བ་གདབ། །དེ་ནས་དང་པོར་སྔགས་ཀྱི་དབང་བསྐུར་བ་ནི། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། ཞེས་མེ་ཏོག་དོར། གཙོ་བོའི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་བྱུང་བདག་གི་སྙིང་གར་ཐིམ། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ཚར་གསུམ་རྗེས་བཟློས་བྱས་པར་མོས། སྤྲོ་ན་ལྷ་ཐམས་ཅད་ཀྱི་སྙིང་པོ་ཚར་གསུམ་གསུམ་དང༌། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་


TNT07_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་བྱིན་གྱིས་རློབས། ལན་གསུམ། སྤྱི་བོར་མེ་ཏོག་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། ལན་གསུམ་མོ། །དེ་ནས་བདག་དང་དབང་རྫས་ཐམས་ཅད་ལ། ལས་བུམ་གྱི་ཆུས་བསངས་ཤིང༌། སུམ་བྷ་བརྗོད་དོ། །རིག་པའི་དབང་ལྔ་ལས་ཆུ་དབང་ནི། སྭ་བྷཱ་ཝས་སྦྱངས། བདག་དང་དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་གཉིས་ཀ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། གཉིས་ཀའང་མི་བསྐྱོད་པ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རལ་པའི་ཐོར་ཚུགས་དང༌། ཐོད་པའི་འཕྲེང་བའི་ཅོད་པན་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཡུམ་མཱ་མ་ཀི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའམ། གཡས་བརྐྱང་གི་བཞུགས་པ། དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་མི་བསྐྱོད་པ་ཡབ་ཡུམ་སྤྱན་དྲངས་ཕཻཾ། ཛ་ཧཱུཾ་བཾ་ཧོཿ སླར་ཡང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཕཻཾ། པུཥྤེ། སོགས་ཀྱིས་མཆོད། ཁྱེད་རྣམས་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷ་ཝ་ཨ་ཥིཉྩ་ཧཱུཾ། ཞེས་དབང་


TNT07_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ལ་དབང་བསྐུར་སྐུ་གང༌། དྲི་མ་དགཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པའི་དབུ་རྒྱན། དེ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་གྱུར། དཀྱིལ་འཁོར་པ་རྣམས་དང༌། དབང་གི་ལྷ་གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། སྒོ་མཚམས་མ་རྣམས་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས། དབང་གི་ལྷའི་འཁོར་གཞན་རྣམས་ཀྱིས་རོལ་མོའི་སྒྲ་སྒྲགས། མེ་ཏོག་གི་ཆར་ཕབ་སྟེ་ཤིས་པ་བརྗོད་པར་གྱུར། སྐབས་འདིར་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པའི་དཀྱིལ་འཁོར་བཀྲ་ཤིས་བརྗོད་པའི་ཕྱག་ལེན་སྣང་ཞིང༌། བསྡུ་ན་མ་བྱས་ཀྱང་ཆོག །ཨོཾ་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། སོགས། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཚིགས་བཅད་གསུམ་དང༌། ཉིན་མོ་བདེ་ལེགས། སོགས་བརྗོད། རོལ་ཆེན་བྱ། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞཻས་གསོལ་བ་བཏབ། གཙོ་བོའི་ཐུགས་ཀ་ནས་སྒོ་མཚམས་མ་བརྒྱད་སྤྲུལ། བཀྲ་ཤིས་ཀྱི་བུམ་པའི་ཆུས་དབང་བསྐུར། ཇི་ལྟར་བལྟམས་པ་ཙམ་གྱིས༴ ནས་ཁྲུས་ཀྱི་བགྱིའོ། ཨོཾ་ཀཱ་ཀ་སྱཱ། ཨུ་ལུ་ཀཱ་སྱཱ་ཤྭ་ན་སྱཱ། སུ་ཀ་ར་སྱཱ། ཡ་མ་ཌ་ཌྷི། ཡ་མ་དཱུ་ཏི། ཡ་མ་དཥྟི་ནི། ཡ་མ་མཱ་ཐ་ནི་ཡེ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་དབང་གི་ལྷ་རྡོ་རྗེ་ཕག་མོ་སྙིང་པོའི་


TNT07_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ་བཞི་དང་བཅས་པས། ཌཱ་མ་རུ་དང་བདུད་རྩིས་གང་བའི་ཐོད་པར་རྣམ་རྒྱལ་བུམ་པའི་ཆུ་དང་བཅས་པ་ཐོགས་ནས། དབང་བསྐུར་རོལ་མོ་བདེ་ཆེན་པོ་ཞེས་པ་ནས། ས་མ་ཡ་ཤྲཱི་ཧཱུཾ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་སོགས་སྙིང་པོའི་མཐར། ཨོཾ་བཛྲ་ཨ་བྷི་ཥིཉྩ། ཞེས་པས་དབང་བསྐུར་རོ། །བཀྲ་ཤིས་བུམ་པ་བརྒྱད་ལོགས་སུ་མེད་ན། ཆོ་གས་རིམ་པ་སྔར་ལྟར་ལས། དང་པོ་ལ་རྣམ་རྒྱལ་ནས་བུམ་ཆུ་གཏོར་བ་ཙམ་བྱ་ཞིང༌། གཉིས་པ་ལ་བུམ་པ་ཉིད་དམ་བུམ་ཆུ་ཐོད་པར་བླུག་ནས་དབང་བསྐུར་བ་གང་བདེ་བྱའོ། །དེ་ལྟར་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་རྒྱན། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་གྱི། མི་བསྐྱོད་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། བ་སྦུའི་བུ་ག་ནས་ཞུགས་པས། ལུས་ཐམས་ཅད་མི་བསྐྱོད་པའི་རྡུལ་ཕྲ་རབ་ཀྱིས་གང་བར་གྱུར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། སོགས་ཉེར་སྤྱོད་ལྔས་མཆོད། དེ་ལྟར་ན་ཆུས་དབང་ཐོབ། ཞེ་སྡང་དག རྣམ་ཤེས་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་བག་ཆགས་དང་ས་བོན་ནུས་པ་མཐུ་ཅན་དུ་བྱས་པ་ཡིན་ནོ། །ཅོད་པན་གྱི་དབང་ནི། སྭ་བྷཱ་ཝ། བདག་དང་དབང་རྫས་རིན་པོ་ཆེའི་དབུ་


TNT07_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གཉིས་ཀ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས། པདྨ་དང་ཉི་མའི་སྟེང་དུ་ཨཾ་ལས་རིན་པོ་ཆེ་ཨཾ༴ རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་གཡས་རིན་པོ་ཆེ་དང༌། གཡོན་དེའི༴ ཡུམ་རིན་ཆེན་སྒྲོལ་མ་སེར་མོ་གྲི་གུག༴ དཔྲལ་པར་ཨོཾ༴ ཡེ་ཤེས་སེམས་དཔའ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྤྱན་དྲངས་ཕཻཾ། ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རྣམས་ཀྱིས། དབང་རྫས་ལ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར། སྐུ་གང༌། དྲི་མ་དག།ཆུའི་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གྱིས་དབུ་རྒྱན། དེ་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་དབུ་རྒྱན་དུ་གྱུར། ཁྱེད་རྣམས་ཀྱིས་བདག་ནས། གསོལ་ཞེས་གསོལ་བཏབ་པས། མ་མོ་བརྒྱད་ཀྱི༴ རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དབུ་རྒྱན་དམ་པ་དང༌། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་སརྦ་བུདྡྷ་ཊ་ཀི་ནཱི། སོགས་ཡུམ་གྱི་སྙིང་པོའི་དབུ་རྒྱན་དང་དར་དཔྱངས་དང་བཅས་པ་བཅིངས། ཨོཾ་ཀ་ཀཱ་སྱཱ། སོགས་དང་གཙོ་བོའི་སྙིང་པོ་བརྗོད། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་རིན་ཆེན་འབྱུང་ལྡན་དཔག་ཏུ་མེད་པ་སྤྱན་དྲངས། བ་སྤུའི་བུ་ག་ནས་ཞུགས་པས་ལུས་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་རྡུལ་ཕྲ་རབ་ཀྱིས་གང་བར་གྱུར། མཆོད་པ་ལྔས་མཆོད། དེ་ལྟར་ནང་དབུ་རྒྱན་གྱི་དབང་ཐོབ། ང་རྒྱལ་དང་སེར་


TNT07_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་དག །ཚོར་བ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་གྱི་བག་ཆགས་ས་བོན་ནུས་པ་མཐུ་ཅན་དུ་བྱས་པ་ཡིན་ནོ། །དེ་བཞིན་དུ་འོག་མ་གསུམ་ལའང་ཅོད་པན་གྱི་དབང་གིས་རིགས་འགྲེ་སྟེ། རྡོ་རྗེའི་དབང་ནི། ཛྲིཾ་ལས་པདྨ་བི་བཛྲི༴ འོད་དཔག་མེད་སྐུ་མདོག་དམར་པོ། པདྨ་དང་༴ ཡུམ་གོས་དཀར་མོ་དམར་མོ། འདི་ལྟར་སངས་རྒྱས་ཐམས་ཅད་ཀྱིས། །ཧེ་རུ་ཀ་དཔལ་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །རབ་ཏུ་སྒྲུབ་ཕྱིར་རྡོ་རྗེ་ལོང༌། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི་ཏིཥྛ་བཱི་ར་ས་མ་ཡ་སྟྭཾ། ས་བོན་གྱི་འོད་ཟེར་གྱིས་འོད་དཔག་མེད་དཔག་ཏུ་མེད་པ། ལུས་ཐམས་ཅད་འོད་དཔག་ཏུ་མེད་པའི་རྡུལ༴ དེ་ལྟར་ན་རྡོ་རྗེའི༴ འདོད་ཆགས༴ འདུ་ཤེས༴ སོ་སོར་རྟོག་པའི་ཡེ་ཤེས༴ འོད་དཔག་མེད་པའི་ཞེས་འདོན་པ་སྤོའོ། །དྲིལ་བུའི་དབང་ནི། ཁཾ་ལས་རལ་གྲི་ཁཾ༴ དོན་ཡོད་གྲུབ་པ་ལྗང་ཁུ༴ རལ་གྲི་དང༌། ཡུམ་དམ་ཚིག་སྒྲོལ་མ་ལྗང་ཁུ༴ འདི་ནི་རྣལ་འབྱོར་མ་ཀུན་གྱིས། ཤེས་རབ་དབྱངས་ཀྱིས་རྗེས་འགྲོར་བཤད། ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་བཤད། བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། ས་བོན་གྱི་འོད་ཟེར་གྱིས་དོན་ཡོད་གྲུབ་པ་དཔག་ཏུ་མེད་པ། དོན་ཡོད་གྲུབ་པའི་རྡུལ། དྲིལ་བུའི་དབང༌། ཕྲག་དོག༴ འདུ་བྱེད༴ བྱ་བ་སྒྲུབ་པའི་ཡེ་ཤེས༴ དོན་ཡོད་གྲུབ་པའི། ཞེས་འདོན་པ་སྤོའོ། །མིང་གི་དབང་ནི། འདི་ལ་དབང་རྫས་མེད་པས། བདག་ཉིད་མི་དམིགས་ཏེ༴ ཞེས་བྱ་ཞིང༌།


TNT07_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དང་ཟླ་བའི་སྟེང་དུ། བྲུཾ་ལས་འཁོར་ལོ་བྲུཾ༴ རྣམ་པར་སྣང་མཛད་དཀར་པོ༴ འཁོར་ལོ་དང༌། ཡུམ་སངས་རྒྱས་སྤྱན་མ་དཀར་མོ། དབང་རྫས་ལ་དབང་བསྐུར་བ་དང༌། དབང་རྫས་ཀྱི་ལྷ་ཞུ་བ་མི་དགོས་པས། ཛཿཧཱུཾ་བཾ་ཧོཿ ཁྱེད་རྣམས་ཀྱིས་བདག་ལ། ཞེས་སྦྲེལ་བས་ཆོག ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མཾ། ཤྲཱི་ཧེ་རུ་ཀ ནཱ་མཿཨ་བྷི་ཥེ་ཀ་ཏ། ཀྱཻ་དཔལ་གསང་མཚན་དྲན་པར་བྱ། ཨོཾ་ཀཱ་ཀ་སྱཱ། སོགས་དང་གཙོ་བོའི་སྙིང་པོ་བརྗོད། ས་བོན་གྱི་འོད་ཟེར་གྱིས། རྣམ་པར་སྣང་མཛད་དཔག་ཏུ་མེད་པ། རྣམ་པར་སྣང་མཛད་ཀྱི་རྡུལ༴ དེ་ལྟར་ན་མིང་གི་དབང༌། གཏི་མུགགཟུགས་ཕུང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། རྣམ་པར་སྣང་མཛད་ཀྱི་ཞེས་འདོན་པ་སྤོའོ། །དབང་དེ་རྣམས་ཐོབ་པས་བྱ་བ་སྤྱོད་པའི་རྒྱུད་ཉན་པ་དང་བཤད་པ་དང་སྔགས་སྒྲུབ་ལ་དབང་ངོ༌། །སྤང་བྱ་མ་རིག་པ་ལྔ་སྤོང་ཞིང༌། རིག་པ་ཡེ་ཤེས་ལྔ་སྐྱེའོ། །བརྟུལ་ཞུགས་ཀྱི་དབང་ལ་གཉིས་ལས་ཐུན་མོང་བ་རྡོ་རྗེའི་བརྟུལ་ཞུགས་ནི། སྭ་བྷ་ཝ། སྟོང་པའི་ངང་ལས་བདག་ཉིད་མི་བསྐྱོད་པ་ནས་བཞུགས་པའི་བར་གོང་བཞིན། རང་གི་སྙིང་གར་ཡང་རང་དང་འདྲ་བའི་མི་བསྐྱོད་པ། ཐུགས་རྡོ་རྗེ་ངོ་བོ་རྡོ་རྗེ། དེང་ཕྱིན་ཆད་ཐ་མལ་གྱི་སྤྱོད་པ་རྡུལ་ལ་རྡོ་རྗེ་སེམས་དཔའི་ཚུལ་ལ་ཞུགས་ཤིག་འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་


TNT07_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྟྭཾ་དྷར་ཡ་མི་ཧཱུཾ་ཧ་ཧ་ཧ་ཧ་ཧོ། ཞེས་བརྗོད་ཅིང་རྡོ་རྗེ་གནས་གསུམ་དུ་རེག་ལ་སྙིང་གར་བཞག་གོ །ཐུན་མོང་མ་ཡིན་པ་སྤྱོད་པའི་བརྟུལ་ཞུགས་ནི། རང་ཉིད་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པའི་སྐུར་གྱུར། རང་གི་སྙིང་གར་ཡང་རང་དང་འདྲ་བའི་ཧེ་རུ་ཀ་ཧཱུཾ་ལས་བྱུང་བའི་ཅང་ཏེའུ། ཐོད་པ་ཁ་ཊྭཱཾ་ག །ཚངས་སྐུད་རྣམས་སུ་གྱུར། ཧེ་རུ་ཀ་དཔལ་ཕྱག་རྒྱ་འདི། ཕྱི་དང་ནང་དུ་ཡང་དག་གནས། ཁ་ཊྭཱཾ་ཅང་ཏེའུ་ལྷུང་ཟེད་དག །སྦྱིན་པ་དཔའ་བོས་བཟུང་བར་གྱིས། ཁ་ཊྭཱཾ་ག་དང་ཌཱ་མ་རུ། །ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌཱ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང༌། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་གྱིས། །ཌཱ་མ་རུ་ནི་ཤེས་རབ་སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་པ། ཁ་ཊྭཱཾ་ག་ནི་ཐབས་རིག་པ་བྱང་ཆུབ་ཀྱིས་སེམས་ལྷའི་སྐུ། ཐོད་པ་བདེ་བ་སྐྱོང་བ། ཚངས་པའི་སྐུད་པ་རྣམ་པར་མི་རྟོག་པའི་ཐབས་ཤེས་ཟུང་དུ་འབྲེལ་བ་ཡིན་པས་ན། དེ་ལྟར་ཤེས་པར་གྱིས་ལ་སེམས་ཅན་གྱི་དོན་གྱིས་ཤིག ཅེས་པའོ། །རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ལ། དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། ལན་གསུམ། རྡོ་རྗེ་འདི་ཉིད་ཧཱུཾ་ལས་རྡོ་རྗེ་སེམས་དཔའི་ངོ་བོ་དང་པོའི་རྡོ་རྗེ། འདི་སྟེ་སངས་རྒྱས་ཐམས་ཅད་དེ། ཧེ་རུ་ཀ་དཔལ་དབང་བསྐུར་


TNT07_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བས། དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ལོང༌། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི། ཏིཥྛ་བཱི་ར་ས་མ་ཡ་སྟྭཾ། ལན་གསུམ་དུ་གསོར་ལ་སྙིང་གར་གཏད། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །དྲིལ་བུ་འདི་ཉིད་ཨཱཿལས་སྙེམས་པའི་ངོ་བོ་དང་པོའི་རྡོ་རྗེས་མཚན་པའི་དྲིལ་བུ། འདི་ནི་རྣལ་འབྱོར་མ་ཀུན་གྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། ལན་གསུམ་མམ་བརྒྱད་དུ་དཀྲོལ་ལ། ཁ་ནང་དུ་བསྟན་ཏེ་དཀུ་གཡོན་དུ་ཕྱོགས་པར་བཞག་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་དམ་པ་བྱེད་པར་གྱུར། །རང་སྐད་ཅིག་གིས་རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཐོད་པའི་འཕྲེང་བའི་ཅོད་པན་ཅན། །རྡོ་རྗེ་དྲིལ་བུ་སྙིང་གར་བསྣོལ། །ཡིད་ཀྱི་ལུས་བརྟན་དེ་ཉིད་ནི། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གིས་ལུས་འདི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་སྒྲགས། །ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་བརྗོད། །རྡོ་རྗེ་ཆེ་དང་


TNT07_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་ཆེ། །ཟུང་ཞིག་རྡོ་རྗེ་བྱིན་གྱིས་རླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། ཨོཾ་ཀ་ཀཱ་སྱཱ། ནས་ཆུའི་ལྷག་མ་ཡར་ལུད་པ་ལས། རྡོ་རྗེ་འཆང་ཆེན་པོས་དབུ་རྒྱན་གྱི་བར་ཆད་དབང་གི་སྐབས་བཞིན། དབང་གི་ལྷ་ཐམས་ཅད་ཀྱང་རང་ལ་གཉིས་སུ་མེད་པར་ཐིམ། ཨོཾ་བཛྲ་པུཥྤེ་ཨཱ་ཧཱུཾ། སོགས་ཉེར་སྤྱོད་ལྔས་ཕུལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། མེ་ཏོག་སྤྱི་བོར་བཞག་སྟེ་བརྟན་བཞུགས་བྱ། དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་འགྱུར་བར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱི་བཞེད་པ་ཡིན། །སེམས་ཅན་རྣམས་ནི་རྗེས་བཟུང་ཕྱིར། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་ནི། །དཀྱིལ་འཁོར་ཆོ་ག་བཞིན་བྲིས་ནས། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །དེ་ནས་མཐའ་རྟེན་ལ། རྗེས་སུ་གནང་བ། དམ་ཚིག་སྦྱིན་པ། གཟེངས་བསྟོད་པ། དབུགས་དབྱུང་བ་སྟེ་བཞི་ལས། དང་པོ་ལ་ལྷ་མཆོད་པའི་རྗེས་གནང༌། དེ་ཁོ་ན་ཉིད་ཀྱི་རྗེས་གནང༌། གཞན་དོན་ཆོས་བཤད་པའི་རྗེས་གནང༌། གཉིས་དོན་ལས་དང་དངོས་གྲུབ་ཀྱི་རྗེས་གནང་སྟེ་བཞི་ལས་དང་པོ་ནི། སྒེག་སོགས་བརྒྱད་ཀྱི་ཕྱག་རྒྱ་འཆའ་བཞིན་དུ། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །རྣལ་འབྱོར་མ་དང་དཔའ་ཚོགས་དང༌། །ཤེས་རབ་ཐབས་བཅས་སྙོམས་ཅན་གྱིས། །གར་མཆོད་བདེ་བའི་མཆོད་པ་བགྱིས། །ཨ་སྒེག་དང་བཅས་པའི་འཕྲེང་བ་འཕྱང༌། །སངས་རྒྱས་ཀུན་སོགས་རྣལ་འབྱོར་པ། །དེ་ནི་འབྲལ་བར་མི་འགྱུར་ཏེ། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཨོཾ་ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱི་བླང་བར་གྱིས། །


TNT07_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ནི་རྣལ་འབྱོར་མ་དེ་དང༌། །མྱུར་དུ་བདེ་བ་མྱོང་བར་འགྱུར། གཱི། དེ་ཉིད་ཐལ་མོའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །སངས་རྒྱས་འདུལ་བའི་འཕྲིན་ལས་གྱིས། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། །ཧོ། སངས་རྒྱས་ཀུན་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པའི། །མཚན་དང་དཔེ་བྱད་ལྡན་པ་ཡིན། །བདེ་གཤེགས་སྐུ་ནི་ཐོབ་པར་འགྱུར། །བྷྲཱུཾ། རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་བཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་འགྱུར། །ཨ ཆོས་ཀྱི་མེ་ནི་ལེགས་སྦར་བས། །པདྨ་གར་དབང་རང་ཉིད་དེ། །སེམས་ཅན་མ་རིག་ལྡོངས་རྣམས་ལ། །ཡེ་ཤེས་སྒྲོན་མེ་སྦར་བར་གྱིས། །པྲ ཁྱོད་ཀྱི་རྒྱལ་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་དགོས། །གྷཿགཉིས་པ་ནི། པྲཾ་ལས་བྱུང་བའི་མིག་ཐུར་དུ་གྱུར། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ ཨ་ལ་བྱུང་བའི་མེ་ལོང་དུ་གྱུར། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། དག་ཅིང་གསལ་བ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་


TNT07_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀུན་ཏུ་འབྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་ཀྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་གྱིས། །འོན་ཀྱང་རྣལ་འབྱོར་མ་སྲས་སྐྱེས། །སྤྲོས་པ་ལ་དགའ་ན་འདིར་དྲིལ་བུ་དང་མདའ་གཞུ་དང་མེ་ལོང་གཉིས་པའི་རྗེས་གནང་ཡང་བྱ། གསུམ་པ་ནི། དུང་དང༌། འཁོར་ལོ་དང༌། པོ་ཏི་དང༌། དྲིལ་བུ་རྣམས་སྦྱིན་པར་བསམས་ལ། ཨོཾ་བཛྲ་ཧེ་རུ་ཀ་མཾ། ཨོཾ་བཛྲ་བྷ་ག་རཾ། ཨོཾ་བཛྲ་གྷཎྜེ་ཨ། ཨཿ སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། ཁྱེད་ཀྱི་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །སྤྲོས་པ་ལ་དགའ་ན་འདིར་རིགས་སྤྲུལ་བཤད་ཀྱང་བྱའོ། །བཞི་པ་ནི། ཞི་དང་རྒྱས་དང་དབང་དང་དགུག །སྡང་བར་བྱ་དང་གནོད་སོགས་དང༌། །བསད་དང་སྐྲད་པ་ཐམས་ཅད་དེ། །ལས་དེ་རྣམས་ནི་སྒྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང༌། །མཆིལ་ལྷམ་དེ་བཞིན་རིལ་བུ་སྟེ། །རྣལ་འབྱོར་མ་ཡི་དངོས་གྲུབ་ནི། །དེ་ནི་ཅི་དགར་སྒྲུབ་པར་གྱིས། །གཉིས་པ་དམ་ཚིག་སྦྱིན་པ་ནི། ནངས་པར་སྔར་ལངས་སེམས་དག་ཉིད། །མ་ལུས་ལས་འདི་བྱས་ནས་ཀྱང༌། །བསྲུང་དང་བཟའ་བ་ལ་སོགས་པ། །སྡོམ་པའི་བདག་ཉིད་ཀུན་སྲུང་ངོ༌། །ལུས་དང་སྲོག་ལ་ལྟོས་མེད་པར། །དམ་ཚིག་དང་ནི་སྡོམ་པ་བསྲུང༌། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བཟླ་བར་བྱ། །


TNT07_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཚེ་ཉམས་གྱུར་རྣལ་འབྱོར་པ། ཁ་ན་མ་ཐོ་སྦོམ་པོར་འགྱུར། །དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཟླ་བ་རེ་རེ་བསྲུང་བ་ནི། །གཉིས་མེད་གཉིས་ལ་མི་གནས་པ། །ཚེས་བཅུ་ལ་ནི་བདེ་རབ་མཆོད། །བསྡུ་ན་དེ་ཙམ་གྱིས་ཆོག་ལ། སྤྲོ་ཞིང་ནུས་ན། དམ་ཚིག་གསུམ་སྦྱིན་པ་ནག་པོ་སྤྱོད་པའི་དཀྱིལ་ཆོག་བཞིན་དུ་རྫོགས་པར་འདོན་ནོ། །གསུམ་པ་གཟེངས་བསྟོད་ནི། ལུགས་འདི་ལ་ལུང་བསྟན་ཡིན་ཏེ། ལག་པ་གཡས་སྐྱབས་སྦྱིན་དང་གཡོན་བླ་གོས་ཀྱི་གྲྭ་ནས་འཛིན་པའི་ཚུལ་བྱེད་ཅིང༌། ཧེ་རུ་ཀ་དཔལ་ལུང་སྟོན་བཞིན། །མགྲིན་གཅིག་ཏུ་ནི་ཐམས་ཅད་ཀྱིས། །འདི་ལྟར་ང་ཡིས་ལུང་བསྟན་ཏེ། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཧེ་བཛྲ་ཨཾ་ཀུ་རཱི་ཤྲཱི་ཧེ་རུ་ཀ་ན་མ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མཱ་ཡ་བྷུར་བྷུ་བ་སྭ། གང་ལ་ཚིགས་སུ་བཅད་པ་འདི་དོན་འགྲུབ་པའི་ཕྱག་རྒྱར་གནས་པ་ལ། མཆོག་ཏུ་གྲུབ་པའི་ཚོགས་རྣམས་རྒྱལ་བ་ཐམས་ཅད་ཀྱིས་ལུང་སྟོན་པར་མཛོད་དོ། །བཞི་པ་དབུགས་དབྱུང་བ་ནི། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་གནས་པ་དང༌། །དེར་ནི་བདུད་ལས་རྣམ་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །དེར་ནི་སངས་རྒྱས་ཉིད་ཐོབ་པར། །ཁྱེད་རྣམས་ཐེ་ཚོམ་མེད་པ་ཡིན། །དབང་འདི་བསྐུར་བ་ཙམ་གྱིས་ཀྱང༌། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སློབ་དཔོན་ཉིད་ཀྱི་བདེ་བ་ཡི། །བརྟན་གཡོ་ཀུན་གྱི་དམ་ཚིག་ཡིན། །དེ་རྣམས་ཀྱི་ནི་དཀྱིལ་འཁོར་ལས། །རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་


TNT07_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་ཞུགས། བུམ་པའི་དབང་ཐོབ་པས། ལུས་ཀྱི་དྲི་མ་དག །དམ་ཚིག་རྩ་བ་དང་ཡན་ལག་གི་ལྟུང་བ་རྣམས་བསྲུང༌། ལམ་བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། གསང་དབང་གི་དོན་དུ་མཎྜལ་ཕུལ། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་སྦྱོར་བའི་ཡང་དག་བྱང༌། །བདག་ཉིད་ཆེན་པོ་ཁྱོད་ཇི་བཞིན། །མངའ་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། ལན་གསུམ་གྱིས་གསོལ་བ་བཏབ་མིག་དར་བཅིངས། ཨོཾ་ཨཱཿཧཱུཾ་གིས་བདུད་རྩི་གཏོར། བླ་མེད་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་ཐུགས་ཀའི་འོད་ཟེར་གྱིས། སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས། ཡབ་ཡུམ་གྱི་སྐུ་ལ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། གསང་བར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྟན་པར་བྱས་པའི། ཐབས་ཀྱི་བྱང་ཆུབ་ཀྱི་སེམས་བདག་ཉིད་ལྕེ་ཐོག་ཏུ་བཞག ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་ལ་དབང་བསྐུར་ལྟར། བདག་གི་གསང་བའི་དབང་གི་ནི། །སེམས་ཀྱི་རྒྱུན་གྱི་དབང་བསྐུར་རོ། །ཡུམ་གྱི་བྱང་ཆུབ་ཀྱིས་སེམས་བདག་གི་ཁར་བབ། འདི་དེ་དཔའ་བོ་ལྷ་མོ་རྣམས། །དམ་ཚིག་ཆེན་པོ་རྨད་བྱུང་བ། ཁམས་ལྔ་ལས་བྱུང་བཅུད་ཀྱི་ལེན། བདེ་བ་དམ་པ་མྱོང་བར་བྱོས། །ཨོཾ་ཨཱཿཧཱུཾ། དེ་ལྟར་ན་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་


TNT07_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་པས། ངག་གི་དྲི་མ་དག དམ་ཚིག་ཤ་ལྔ་བདུད་རྩི་ལྔ་བསྟེན། ལམ་རང་ལུས་ཐབས་ལྡན་གྱི་རྫོགས་རིམ་སྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་མངོན་དུ་འགྱུར་བའི་སོགས་བརྗོད་དོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། གསང་དབང་ལྟར་གསོལ་བ་བཏབ། མིག་དར་བཅིངས། ཨོཾ་ཨཱཿཧཱུཾ། བདུད་རྩི་གཏོར། མཚན་ཉིད་དང་ལྡན་པའི་རིག་མ་དངོས་གྲུབ་ཀྱི་དོན་ཏུ་ཕྱག་རྒྱར་གཏད། དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཟུང་ཞིག་ཟུང་ཞིག་སེམས་དཔའ་ཆེ། །ཟུང་ལ་མཆོད་པ་རྟག་ཏུ་གྱིས། །རིག་མ་དེས་ཀྱང་འདི་སྐད་ཅེས། །བཤང་གཅི་དག་ནི་བཟའ་བ་དང༌། ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོའམ། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་པདྨར་ཙུམ་པ་རྣམས། །བུ་ཁྱོད་ཇི་ལྟར་དགའ་བར་སྨོས། ཞེས་དྲིས་པ་ལ། ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། ཁུ་ཁྲག་ལ་སོགས་བཟའ་བ་དང༌། །བུད་མེད་རྣམས་ལ་རྟག་གུས་ཤིང༌། །པདྨའི་བྷ་ག་ཅིས་མི་ལེན། ཞེས་ལན་བཏབ། དེས་ཀྱང་སྐྱེ་གནས་མཆོག་གི་རྩ་གསལ་བར་བྱས་ནས། ཨེ་མ་བདག་གི་པདྨ་ནི། །བདེ་བ་ཐམས་ཅད་འབྱུང་བའི་གནས། །གལ་ཏེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་ང་འདུག་སྟེ། །སངས་རྒྱས་བསྟན་པ་ལ་སོགས་པ། །བྱ་བ་ཐམས་ཅད་པདྨར་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་ཞུགས། །བྷཾ་ཛ་མོ་ཀྵ་ཧོ། ཞེས་དབང་དུ་བྱོན། རང་ཉིད་ཧེ་རུ་ཀ་ཕྱག་གཉིས་པ་དང༌། རིག་མ་རྡོ་རྗེ་ཕག་མོར་གྱུར་


TNT07_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཀྱི་གསང་གནས་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུཾ་དཀར་པོར་ནས རྒྱས་ཤིང་བརྟན་པར་གྱུར། གྱི་བར་སྒྲུབ་ཐབས་བཞིན། ཨོཾ་ཨཱཿཧཱུཾ་གིས་གདོང་གཡོགས་དཀྲོལ། དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས་སེམས་ཀྱི་དྲི་མ་དག དམ་ཚིག་ཏུ་ཤེས་རབ་མའི་རིགས་ལ་སྨད་པར་མི་བྱ། ལམ་དངོས་དང་ཡེ་ཤེས་ཀྱི་རིག་མ་བསྟེན་པ་ལ་དབང༌། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དབང་བཞི་པའི་དོན་དུ་མཎྜལ་ཕུལ་ལ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བདག་ལ་བཀའ་དྲིན་སྐྱབས་དུ་གསོལ། །ལན་གསུམ་གྱི་གསོལ་བ་གདབ། དེ་ལྟར་ཡང་སྡོམ་པ་འབྱུང་བ་ལས། །རྣམ་པ་སྣ་ཚོགས་དྲི་མེད་པའི། །དཀྱིལ་འཁོར་དག་ནི་སྤྲོ་བར་གནང༌། །ལྷན་ཅིག་སྐྱེས་པ་བཞི་པའི་མིང༌། །བདེ་བ་ཀུན་གྱི་གནས་དེ་བཞིན།ཞེས་དང༌། ལྷན་ཅིག་སྐྱེས་པའི་སྣང་བརྙན་ཙམ། །རང་བཞིན་གྱིས་ནི་འོད་གསལ་བའོ། །ཞེས་དང༌། ཡུལ་དང་ཡུལ་ཅན་སྦྱོར་བ་ཡིས། །རྟོག་པ་མེད་པའི་གོ་འཕང་འགྱུར། །ཞེས་པའི་དོན་ལ་མཉམ་པར་བཞག །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ་པས། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག དམ་ཚིག་ཏུ་དགོངས་ཏེ་གསུངས་པ་བཞིའི་དོན་སྒྲུབ། ལམ་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གཙོ་བོས་


TNT07_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། ལན་གསུམ། བཀའ་དྲིན་གཏང་རག་གི་དོན་དུ་མཎྜལ་ཕུལ། དེང་ནས་བརྩམ་སྟེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ཀྱི། ཁྱེད་ཀྱི་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱིས་སྤྱད་དུ་གསོལ། ལན་གསུམ། དགེ་བ་བསྔོ། སྤྲོས་པ་ལ་དགའ་ན། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། ཞེས་སོགས་དམ་ཚིག་གསུམ་གྱི་གླུ་བླང་ངོ༌། །བཅུ་པ་སློབ་མ་བཟུང་བ་ནི། བདག་འཇུག་ལས་དཔག་ཏེ་ཤེས་པར་འགྱུར་ལ། ལག་ལེན་གྱི་ཁྱད་པར་ཕྲ་མོ་རྣམས་སློབ་དཔོན་གྱི་གསུང་དང༌། མཐོང་བ་རྒྱུད་པ་ལས་ཤེས་པར་འགྱུར་ཞིང༌། སློབ་མ་ལ་བགེགས་སྦྱངས་དང༌། སྡིག་པ་སྦྱངས་པ་གཉིས་ལས་སམ། དྲི་མ་སྦྱངས་པ་སྟེ། སྦྱང་བ་གསུམ་ཆར་ཡང་བྱེད་པའི་སྲོལ་ཡོད་པ། འཇུག་པའི་སྐབས་ཀྱི་གནས་སྐབས་སྔ་ཕྱི་མ་ངེས་པ་ཞིག་ལག་ལེན་སོ་སོ་ལ་སྣང་ཡང༌། འཇུག་པའི་གསོལ་གདབ་གྲུབ་མ་ཐག་ཏུ་བྱས་ན་ལེགས་པར་མངོན་ལ། ཡེ་ཤེས་འབེབས་པའི་རྫས་ནི་མི་རོའི་ཁར་བཅུག་པའི་གུ་གུལ་དང་བྱི་ལ་ནག་པོའི་བྲུན། གཞོན་ནུ་མའི་རྔུལ་གྱིས་གོས་པའི་རས། བདུད་རྩི་ལྔ་རྣམས་བསྲེས་པ་ཐོད་པའི་ནང་དུ་དུར་ཁྲོད་ཀྱི་མེ་ལ་བསྲེག་པར་བཤད་ལ། གཞན་མི་འདྲ་བའང་ཅི་རིགས་པར་སྣང་ངོ༌། ཁྱད་པར་ཕྲ་མོ་འགའ་རེ་བདག་འཇུག་གི་ཞོར་ལའང་བཤད་ཟིན་ལ། གོ་དོན་རྒྱས་པ་ནི་གཞན་དུ་ཤེས་པར་བྱའོ། །བཅུ་གཅིག་པ་རྗེས་ཀྱི་བྱ་བ་ནི། སློབ་མ་ལ་དབང་བསྐུར་བ་ཡིན་ན། སློབ་མ་རྣམས་དཀྱིལ་འཁོར་ཁང་པར་བཞག་སློབ་དཔོན་བདག་ཉིད་དཀྱིལ་འཁོར་ཁང་པའི་ཕྱི་རོལ་ཏུ་སོང་ནས། འབྱུང་པོ་ཐམས་ཅད་ཀྱི་གཏོར་མ་རྒྱ་ཆེར་བཏང་ནང་དུ་ཞུགས་ནས་དཀྱིལ་འཁོར་གྱི་གཙོ་བོ་ལ་ཕྱག་བྱའོ། །སྦྱིན་སྲེག་དང༌། ཚོགས་ཀྱི་འཁོར་ལོས་ཀྱང་ལྷ་རྣམས་མཉེས་པར་བྱའོ། །


TNT07_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་ནི་དངོས་གཞིའི་དཀྱིལ་འཁོར་མཆོད་པའི་དུས་དང༌། སློབ་མ་དབང་བསྐུར་ཟིན་པའི་དུས་དང༌། དཀྱིལ་འཁོར་གཤེགས་ཟིན་པའི་ཤུལ་དུ་ཡང་མེའི་ལས་དང་འཁོར་ལོའི་མཆོད་པའི་ལྷ་མཉེས་པར་བྱ་སྟེ། རང་ཉིད་ཁོ་ནས་དོན་གྱི་མཆོད་པ་ལ་ཡང༌། གནས་སྐབས་གཉིས་པོ་དེར་སྒྲུབ་བོ། །དེ་ནས་རྗེས་ཆོག་དངོས་ནི། མཆོད་པ་རྒྱ་ཆེར་བཤམས། བྱིན་གྱིས་རླབས། མཆོད་ཡོན་སོགས་དང༌། རིག་མ་བཅུ་དྲུག་དང༌། ནང་མཆོད་གསང་མཆོད། རྐང་བརྒྱད་ཀྱི་བསྟོད་པ་རྣམས་བྱས་ལ། དཀྱིལ་འཁོར་མཆོད་པ་བྱས་པའི་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོས། དཀྱིལ་འཁོར་དུ་ལན་གསུམ་བསྐོར་བ་བྱ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ཅག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེས། མཛད་པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང༌། བླ་མ་གོང་མ་རྣམས་ཀྱི་ཐུགས་དགོངས་རྫོགས་ཤིང༌། ཞལ་བཞུགས་པ་རྣམས་སྐུ་ཁམས་བཟང་བ་དང༌། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་དང་བཅས་པས་ཐོག་དྲངས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་རྫོགས་སྒྲིབ་པ་དག་ནས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། ལྷོ་ཕྱོགས་ནས་ཡིག་བརྒྱ་བཟླ། མ་འབྱོར་པ་དང༌། སོགས་སམ། མ་རྙེད་ཡོངས་སུ་མ་ཤེས་དང༌། ཞེས་སོགས་ཀྱི། བཟོད་པར་གསོལ། བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས། སེམས་སྒྲིབ་པ་དང་ལྡན་པ་དང༌། ཡོ་བྱད་མ་ཚང་བ་དང༌། ཏིང་ངེ་


TNT07_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མི་གསལ་བ་དང༌། སྔགས་མ་དག་པ་དང༌། ཆོ་ག་ལྷག་པ་དང་ཆད་པ་ཐམས་ཅད་ལྷག་ཆད་ཁ་བསྐོང་ཞིང༌། བདག་ཅག་གི་ལམ་དང་དངོས་གྲུབ་ཀྱི་བར་ཆད་དུ་མི་འགྱུར་བར་མཛད་དུ་གསོལ། བདག་གི་ལས་དང་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པར་མཛད་དུ་གསོལ། རས་བྲིས་ཀྱི་དཀྱིལ་འཁོར་ཡིན་ནམ། མ་ཡིན་ཀྱང་རྟེན་གཞན་ཡོད་ན་བརྟན་བཞུགས་བྱ་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ། རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང༌། སྐུ་གཟུགས་ཀྱི་རྟེན་འདི་རྣམས་ལ་ཞེས་སམ། རས་བྲིས་ཀྱི་དཀྱིལ་འཁོར་ལ་ཞེས་སམ། སྐུ་གཟུགས་ཀྱི་རྟེན་འདི་རྣམས་དང་རས་བྲིས་ཀྱི་དཀྱིལ་འཁོར་ལ། ཞེས་པ་གང་འོས་སྐབས་དང་སྦྱར་ཏེ། བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད། ཇི་སྲིད་འབྱུང་བ་ཆེན་པོ་ས་ཆུ་མེ་རླུང་གི་གནོད་སའི་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ། ཞེས་མེ་ཏོག་དོར། རྡུལ་ཚོན་གྱིས་དཀྱིལ་འཁོར་ཡིན་ལ། གཞན་རྟེན་སྐུ་སོགས་མེད་ཅིང་སྒྲུབ་མཆོད་ཞག་སྤྲེལ་བྱེད་པའི་སྐབས། ཉི་མ་སྔ་མ་རྣམས་


TNT07_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བ་ཐམས་ཅད་གཤེགས་སུ་མ་གསོལ་བར་གྱིས་བརྟན་བཞུགས་ཀྱི་རྡུལ་ཚོན་གཤེགས་གསོལ་གྱི་ཉིན་མོ་དེ་ཡང་མི་དགོས་སོ། །དེ་ནས་གཤེགས་གསོལ་ནི། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུཾ་བཛྲ་མུཿ ཞེས་ཏེ་ཞག་སྦྲེལ་མར་བྱེད་པའི་ཉི་མ་སྔ་མ་རྣམས་ལ་ནི། རྟེན་ལ་མ་བརྟེན་པའི་མགྲོན་ཁོ་ན་གཤེགས་སུ་གསོལ་བ་ཡིན་ཞིང༌། རས་བྲིས་ཀྱི་དཀྱིལ་འཁོར་བསྡུ་པའི་སྐབས་ཡིན་ན། དེའི་སྟེང་དུ་བུམ་བསྐྱེད་ཀྱང་གཤེགས་དགོས་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་བསྡུ་བའི་དུས་ནི་དཀྱིལ་འཁོར་བ་ཡང་གཤེགས་པ་ཡིན་ཏེ། དེ་ཡང་བཛྲ་མུཿ ཡན་གྱིས་མགྲོན་རྣམས་གཤེགས། བུམ་བསྐྱེད་དང་དཀྱིལ་འཁོར་གྱི་ལྷ་ཉིད་བསྟན་ལས་འཕགས་ཏེ་ནམ་མཁར་བཞུགས་པ་ལ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱཿཡོ་ག་ཤུདྡྷོ྅་ཧཾ། ཞེས་རྣམ་ལྔ་འདོད་བསྐོར་དང་འཁྱུད་རྒྱ་བྱས་པས། དེ་རྣམས་རང་ཉིད་ལ་ཐིམ་པར་མོས་སོ། །གནས་སྐབས་འདི་ལྟ་བུ་ཐམས་ཅད་ལ། སློབ་དཔོན་ཕལ་ཆེར་དམ་ཚིག་པ་རང་ལ་བསྡུ། ཡེ་ཤེས་པ་གཤེགས་པར་མཛད། བོད་ཀྱི་ཆེན་པོ་ཁ་ཅིགདེ་གོ་བཟློག་པར་བཞེད། འགའ་ཞིག་དམ་ཡེ་མ་ཕྱེ་བར་རང་ལ་སྟྀམ་པར་བཞེད་དེ། སོ་སོར་རྒྱུ་མཚན་དང་བཅས་ཏེ་གསུངས་པ། སྤྱིར་ཐམས་ཅད་རུང་བ་ཡིན་ཀྱང༌། ཕྱི་མ་བཟང་བར་མཐོང་བས་འདིར་དེ་ལྟར་བྱའོ། །རྡུལ་ཚོན་གཤེགས་སུ་གསོལ་བའི་ཚེ། དེ་ལྟར་ལན་གསུམ་དུ་བྱས་ནས། རྡོ་རྗེའི་རྩེ་མོའམ། བྱང་ཆུབ་ཤིང་གི་ལོ་མའམ། མེ་ཏོག་པདྨ་ལ་སོགས་པས་


TNT07_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རྩིག་པ་དང་ཐིག་གི་ལམ་ནས་བརྩམ་སྟེ། དབྱེ་ཞིང༌། ལྷ་མཚན་རྣམས་ལོགས་སུ་བསྡུ། དོན་དུ་གཉེར་བ་ཉིད་ལ་རྡུལ་ཚོན་ནས་ཅུང་ཟད་སྦྱིན། བཀུར་བསྟི་དང་བཅས་པས་ཆུ་བོར་སྤྱན་འདྲེན། རྡུལ་ཚོན་ཀླུ་ལ་གཏད། བུམ་པར་ཆུ་བོ་དེ་ནས་ཆུ་བླངས་ཏེ། ཐིག་རྣམས་སུབས་ཕུར་བུ་དབྱུང་ངོ༌། །དེ་དག་གི་ཆོ་ག་ནི་སྤྱི་དང་མཐུན་ལ། ཕུར་བུ་ནི་རང་རང་གི་སྔགས་ཀྱིས་བཏོན་ལ། ཤུལ་དུ་མར་དང་སྦྲང་རྩིས་བྱུག་གོ །མཐར་སྨོན་ལམ་མང་དུ་གདབ། བཀྲ་ཤིས་རྒྱ་ཆེར་བྱ་སྟེ། རས་བྲིས་ཀྱི་ཕྱོགས་ལ་ནི། བརྟན་བཞུགས་བྱས་མ་ཐག་ཏུ་སྨོན་ལམ་དང་བཀྲ་ཤིས་བྱའོ། །འདིར་སྨྲས་པ། གྲུབ་པའི་དབང་ཕྱུག་བྱེ་བས་ཉེར་བསྒྲོད་པའི་འཇུག་ངོགས་དེ་ནི་དཔལ་ལྡན་འཁོར་ལོ་སྡོམ། །བགྲང་ལས་དངོས་གྲུབ་སྒྲུབ་པའི་ལམ་གྱི་གཞི། །རྡོ་རྗེ་ཐེག་པའི་དམ་ཚིག་སྡོམ་པ་ཡིན། །དེ་ཡང་མཚན་ཉིད་ལྡན་པའི་ཆོ་ག་ཡིས། །དབང་བསྐུར་བ་ལ་ངེས་པར་རག་ལས་པས། གསང་སྔགས་དོན་གཉེར་རྣམས་ཀྱིས་དབང་བསྐུར་དང༌། །དཀྱིལ་འཁོར་ཆོ་གའི་གནས་ལ་མཁས་པར་མཛོད། །འདི་བྲིས་པ་ལས་དགེ་བ་ནི། །ཅུང་ཟད་ཐོབ་པར་གང་གྱུར་པ། །དེ་ཡིས་སྐྱེ་བོ་མ་ལུས་ཀུན། །ཧེ་རུ་ཀ་དཔལ་གནས་ཐོབ་ཤོག།དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འཇུག་ངོགས་ཞེས་བྱ་བ་འདི་ཡང་མཁན་པོ་བློ་གྲོས་རྒྱལ་མཚན་ལ་སོགས་པ་དོན་གཉེར་མང་པོས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་བཞི་བཅུ་པ་ལ་ནགས་རྒྱལ་གྱི་དབེན་གནས་སུ་སྦྱར་བའོ། །ལཱུ་ཡི་པའི་ཕྱོགས་སུ་གཏོགས་པ་ལ་དཀྱིལ་ཆོག་རྒྱ་གཞུང་མང་དུ་ཡོད་ཀྱང༌། ཕལ་ཆེར་པཎྜི་ཏ་ཕལ་པས་བརྩམས་པ་དང་འགའ་ཞིག་ལ་དེ་ནས་བརྒྱུད་པའི་མན་ངག་མེད་པ་དང༌། ཇོ་བོ་ནཱ་རོ་པ་ལ་སོགས་པའི་བཞེད་པས་


TNT07_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། ནག་པོ་པའི་དཀྱིལ་འཁོར་ཆོ་ག་དང་སྦྱོར་བར་མཛད་ཅིང༌། དེའི་མན་ངག་འཛིན་པའི་བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ལ། བླ་མའི་མན་ངག་གི་དཀྱིལ་ཆོག་གི་གོང་འོག་སྒྱུར་བ་ཅི་རིགས་པ་དང༌། དཀྱིལ་འཁོར་གྱི་ཆོ་ག་སྤྱི་དང་མཐུན་པའི་དབྱེ་བ་ཅུང་ཟད་ཙམ་བྱས་ནས། ཕལ་ཆེར་ནག་པོ་པའི་དཀྱིལ་འཁོར་ཆོ་ག་བཞིན་ཏུ་མཛད་པའི་ལུགས་འདི་ལེགས་པར་མཐོང་ནས། འདིར་དེ་ལྟར་སྦྱར་བ་ཡིན་པས། རྣམ་གྲངས་མི་འདྲ་བས་མགོ་འཛིངས་པར་འགྱུར་ན། ནག་པོ་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ལ་ཡང་ཆོ་ག་འདི་ཉིད་སྦྱར་བས་འགྲུབ་བོ། །འོན་ཀྱང་ནག་པོ་སྤྱོད་པའི་ལུགས་ཆོ་ག་མ་འདྲེས་པ་ཞིག་ལོགས་སུ་འཆད་པར་ཡང་འགྱུར་རོ། མངྒ་ལཾ། ཞུ་དག བདག་དང་འགྲོ་བ་སེམས་ཅན་རྣམས་དཔལ་འཁོར་ལོ་སྡོམ་པའི་རྗེས་སུ་བཟུང་དུ་གསོལ།། །།གཤེགས་སྙིང་རིགས་འདུས་སྒྱུ་འཕྲུལ་དྲ་བ་ཆེ། །རྡོར་དབྱིངས་གནས་ལུགས་ཡེ་ཤེས་རྣམ་ལྔའི་བདག དགོངས་ཡིད་རོ་མཉམ་ངང་ནས་སྐྱབས་སུ་བསྟེན། གློ་བུར་སྒྲིབ་ཀུན་མྱུར་ནས་དག་གྱུར་ཅིག འདི་འབུམ་ཕྲག་དད་མོས་ཀྱིས་བཏོན་ན་གནས་ལུགས་ལ་རང་འཚང་གྱི་བག་ཆགས་ཉམས་མྱོང་རེ་ཡོད་སྣང་བས་མ་ཏིས་སོ།།

དཔལ་འཁོར་ལོ་སྡོམ་པའི་[དྲིལ་བུ་ལུགས་ཀྱི་]སྒྲུབ་ཐབས་བདེ་ཆེན་སྙིང་པོ།


TNT07_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པའི་[དྲིལ་བུ་ལུགས་ཀྱི་]སྒྲུབ་ཐབས་བདེ་ཆེན་སྙིང་པོ་ཞེས་བྱ་བ་བཞུགས།


TNT07_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་བདེ་ཆེན་སྙིང་པོ་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མཁའ་འགྲོ་དཔའ་བོ་ཆེ། །གདུལ་དཀའ་འདུལ་ལ་ཕྱག་འཚལ་ནས། །རབ་ཟབ་ལུས་དཀྱིལ་སྒྲུབ་ཐབས་ནི། །མཆོག་ཏུ་གསལ་བ་སྤྲོ་བར་བྱ། །འདིར་གྲུབ་པའི་འཁོར་ལོས་བསྒྱུར་བ་སློབ་དཔོན་རྡོ་རྗེ་དྲིལ་བུའི་མན་ངག་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་སྒོམ་པའི་ཐབས་ནི། འོད་གསལ་ལམ་ཁྱེར་དང་འབྲེལ་བའི་གཉིད་ལས་ཡང་དག་པར་ལྡང་བ་ན། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཅང་ཏེའུའི་སྒྲ་རྩ་སྔགས་ཀྱི་དབྱངས་དང་བཅས་ཏེ་བསྐུལ་བས། འོད་གསལ་ལས་ཡང་དག་པར་སད་དེ་ཧེ་རུ་ཀ་ཕྱག་གཉིས་པའི་སྐུར་ལངས་པར་བསམ་མོ། །དེ་ནས་དབང་བསྐུར་བའི་དམིགས་པས་ཁྲུས་ཀྱང་བྱ། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་དང༌། རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྣམས་ཀྱང་ཇི་ལྟར་རིགས་པར་བྱའོ། །དེ་ནས་ཉམས་སུ་


TNT07_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བླང་བའི་རྣལ་འབྱོར་དངོས་ལ། སྔོན་འགྲོའི་རྣལ་འབྱོར་དངོས་གཞིའི་རྣལ་འབྱོར་རྗེས་སྤྱོད་ཀྱི་རྣལ་འབྱོར་ཏེ་གསུམ་ལས། དང་པོ་ལ་ཡང་གསུམ་སྟེ། རྫས་བྱིན་གྱིས་བརླབ་པ། རྟེན་བྱིན་གྱིས་བརླབ་པ། ལས་བྱིན་གྱིས་བརླབས་པའོ། །དང་པོ་ནི་དམ་རྫས་ཀྱི་རིལ་བུ་ཟ་བའམ། དམ་རྫས་བཏབ་པའི་ཆང་ལ་འོག་ནས་འབྱུང་བ་ལྟར་ནང་མཆོད་བྱིན་རླབས་བྱ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་པས་མྱང༌། རྒྱུན་གྱི་རྣལ་འབྱོར་ལ་ནང་མཆོད་དངོས་སུ་བཤམ་པ་མེད་ན་བྱིན་རླབས་ཀྱི་ཆོ་ག་ནི་བརྗོད་མི་དགོས་ལ། འབྲུ་གསུམ་བརྗོད་པས་བདུད་རྩི་མྱངས་བར་བསམ་མོ། །གཉིས་པ་ནི། ཤྲཱི་ཧེ་རུ་ཀོ྅་ཧཾ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་ཚོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །རང་གི་སྙིང་གར་ཟླ་བ་ལ་གནས་པའི་དཔལ་མཆོག་དང་པོའི་ཡི་གེ་ཧཱུཾ་སྔོ་སྐྱ། ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་སྣ་ལྔ་འཕྲོ་བ། དེ་ལས་འོད་ཟེར་


TNT07_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས་ལུས་ནང་ཐམས་ཅད་གང༌། ལུས་ངག་ཡིད་གསུམ་དབྱིངས་སུ་སྦྱངས་ཏེ། འཁོར་ལོ་སྡོམ་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར། འདི་ལ་ལཱུ་ནག་སོགས་དང་མཐུན་པར་དག་པ་གསུམ་ཡང་དོན་ཚང་མོད། གཞུང་ལས་དེས་སྒོ་གསུམ་གྱི་སྒྲིབ་པ་སྦྱང་ངོ་ཞེས་གསུངས་པས་ན། འགའ་ཞིག་སོ་སོར་ཕྲལ་ནས་དག་པ་གསུམ་དང་སྦྱོར་བར་མཛད་པ་ལས། ལོ་ཆུང་སོགས་རང་བཞིན་བྱིན་གྱིས་རླབས་པ་དང༌། སྒོ་གསུམ་བྱིན་གྱིས་རླབས་པ་ཞེས་གཉིས་སུ་བསྡུས་ཏེ་འཆད་པ་ལེགས་པར་སྣང་ངོ༌། །གསུམ་པ་ནི། ཧཱུཾ་ལས་འཕྲོས་པའི་འོད་ཟེར་རྣམས་བ་སྦུའི་བུ་ག་ནས་ཕྱིར་སོང་སྟེ། རང་བཞིན་གྱི་གནས་ནས་བླ་མ་དང་དཔལ་འཁོར་ལོ་སྡོམ་པ་ཞལ་བཞི་ཕྱག་བཅུ་གཉིས་པ་དབྱེར་མ་མཆིས་པ་ལུས་དཀྱིལ་དང་བཅས་ཤིང༌། དཔའ་བོ་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྱན་དྲངས་ཏེ་འོད་ཟེར་རྣམས་རང་གི་སྙིང་གར་ཐིམ། གང་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་དང༌། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་


TNT07_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་དབང་ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱིས། །རྡོ་རྗེ་ཕག་མོ་ལ་འདུད་དོ། །སྙིང་ག་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱི་མཆོད་པ་སྣ་ཚོགས་ཀྱིས་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ། པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་དྱཾ། ཤཔྟ་ཞེས་སྦྱར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་རྒྱུན་བཤགས་བྱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་གི་ལུས་འབུལ་བར་བགྱིའོ། །ཞེས་བདག་ཉིད་ཕུལ། འོག་ནས་འབྱུང་བ་ལྟར་རྐང་བརྒྱད་གཉིས་ཀྱིས་བསྟོད་དོ། །གཉིས་པ་དངོས་གཞིའི་རྣལ་འབྱོར་ལ་གསུམ་སྟེ། སྐུ་རྡོ་རྗེ་བསྐྱེད་རིམ་གྱི་རྣལ་འབྱོར། གསུང་རྡོ་རྗེ་བཟླས་པའི་རྣལ་འབྱོར། ཐུགས་རྡོ་རྗེ་རྫོགས་རིམ་གྱི་རྣལ་འབྱོར་རོ། །དང་པོ་ལ། ཡོངས་སུ་རྫོགས་པའི་རྣལ་འབྱོར། བྱིན་གྱིས་རླབས་པའི་རྣལ་འབྱོར། དབང་བསྐུར་བའི་རྣལ་འབྱོར་རོ། །དེའི་དང་པོ་ལ་ཡང་གསུམ་སྟེ། རགས་པ་ཡོངས་རྫོགས་དང༌། ཕྲ་བ་ཡོངས་རྫོགས་དང༌། ཡེ་ཤེས་ཡོངས་རྫོགས་སོ། །དང་པོ་ལ། ཐུན་མོང་དུ་སྦྱོང་བ། སྣོད་སྦྱོང་བ། བཅུད་སྦྱོང་བ་སྟེ་གསུམ་མོ། །དང་བོ་ནི། ཚོགས་ཞིང་འཁོར་དང་བཅས་པ་ཐམས་ཅད་འོད་དུ་ཞུ། རང་གི་སྨིན་མཚམས་ནས་ཞུགས་ཏེ་བདག་ཉིད་ལ་ཐིམ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་རྒྱུད་གང་བར་གྱུར། འདི་ཆོས་སྐུ་ལམ་བྱེད་ཐུན་མོང་བ་སྟེ་འཆི་སྲིད་སྦྱོང་བྱེད་དོ། །གཉིས་པ་ནི།


TNT07_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་མའི་ལུས་ཀྱི་དཀྱིལ་འཁོར་སྐད་ཅིག་དེ་ཉིད་ལ་གསལ་བར་གྱུར་པ་ནི། རྐང་པ་གཉིས་བགྲད་པ་རླུང་གི་དཀྱིལ་འཁོར། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས། སྒལ་ཚིགས་རི་རབ། སྐྲ་སེན་པགས་པ་རུས་པའི་ཚིགས་རྣམས་བསྲུང་བའི་འཁོར་ལོ། བུ་ག་བརྒྱད་ནི་དུར་ཁྲོད་བརྒྱད། ལུས་འདོམས་གང་གྲུ་བཞི་ནི་གཞལ་ཡས་ཁང་གྲུ་བཞི། ལུས་ངག་ཡིད་གསུམ་འཁོར་ལོ་གསུམ། སྙིང་ག་ཆོས་ཀྱི་འཁོར་ལོ་ནི་བདེ་བ་ཆེན་པོ། འབྱུང་བཞིའི་རླུང་རྒྱུ་བའི་རྩ་ནི་སྒོ་བཞི། རྐང་བརྒྱད་ནི་ཀ་བ་བརྒྱད། དབང་པོ་རྣམས་ནི་མེ་ལོང་ལ་སོགས་བརྒྱན་རྣམས་ཀྱི་བདག་ཉིད་དོ། །གསུམ་པ་ནི། དེ་ལྟར་གྱུར་པའི་བདག་ཉིད་འཁོར་ལོ་བདེ་མཆོག་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཨིནྡྲ་ནཱི་ལ་ལྟར་འབར་བའི་འོད་ཟེར་ཅན་གྱི་སྐུ་མདོག་མཐིང་ནག་ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་བའི་ཞལ་སྐུ་ལུས་དང་མཚུངས་པར་ཆར་སྤྲིན་གསར་པའི་མདོག་ཅན་ཆེར་ཁྲོས་ཤིང་འཇིགས་སུ་རུང་བ། གཡོན་ཞལ་ལྗང་ཁུ་དཔའ་བའི་ཉམས་ཅན། རྒྱབ་ཞལ་དམར་པོ་འཛུམ་ཞིང་ཆགས་པ། གཡས་ཞལ་སེར་པོ་སྒེག་ཅིང་བཞད་པ། ཞལ་རེ་རེ་ལ་དམར་ཞིང་བཀྲ་ལ་རབ་ཏུ་འཁྲུགས་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང༌། མཆེ་བ་རྣོན་པོ་བཞི་བཞི་གཙིགས་པ། ཞལ་ཐམས་ཅད་ཀྱང་རྣམ་པར་འགྱུར་བའི་ཁྲོ་གཉེར་ཅན། ཕྱག་དང་པོ་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་ཁྲག་དང་བཅས་


TNT07_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱངས་ཏེ་འཛིན་པའི་ཚུལ་གྱིས་སྟོད་གཡོགས་སུ་བསྣམས་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུགདྲུག་པ་ན་མདུང་རྩེ་གསུམ་པ་འཛིན་པ། གཡོན་གྱི་གསུམ་པ་ན། རྡོ་རྗེས་མཚན་པའི་ཁ་ཊྭཾ་ག་བཞི་པ་ན་ཁྲག་གིས་གང་བའི་ཐོད་པ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ། ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོ་གན་རྐྱལ་དུ་གནས་པའི་ནུ་མའི་སྟེང་དང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་ཁ་བུབ་ཏུ་གནས་པའི་རྣ་བ་གཡོན་པའི་སྟེང་ནས་བརྫིས་པ། སྟག་གི་པགས་པའི་སྨད་དཀྲིས་གྲོལ་བ། རལ་པའི་ཅོད་པན་ཐོར་ཚུགས་བཅིངས་པའི་རྩེ་མོར་འཁོར་ལོ་དང་བཅས་པའི་ནོར་བུ་དང༌། གཡོན་ངོས་སུ་ཟླ་བ་ཕྱེད་པ་དང༌། རལ་པའི་མདུན་ངོས་ལ་སྣ་ཚོགས་རྡོ་རྗེས་བརྒྱན་པ། དབུ་རེ་རེ་ལ་རྡོ་རྗེ་ནག་པོའི་འཕྲེང་བ་ལ་རྒྱུས་པའི་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང༌། དཔའ་བོའི་དར་དཔྱངས་བཅིངས་པ། མིའི་རྒྱུ་མ་ལ་རྒྱུས་པའི་མི་མགོ་ཁྲག་འཛག་ལྔ་བཅུའི་དོ་ཤལ་ཅན། སྤྱི་བོར་ནོར་བུ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། ཕྱག་གདུབ་དང༌། ཚངས་པའི་སྐུད་པ་དང༌། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་དང༌། ཞབས་གདུབ་དང༌། དཔུང་གདུབ་དང༌། འོག་པག་ལས་དཔྱངས་པ་དྲ་བ་དང་དྲ་བ་ཕྱེད་པ། དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་པའི་


TNT07_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྐ་རགས་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་ཅིང་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེས་རྔམ་དང་ཞི་བ་སྟེ། །གར་དགུའི་ཉམས་དང་ལྡན་པ་ཉིད། །དེའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་པོ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། དྲག་མོ་ཆེན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡོན་པས་བདུད་སོགས་གདུག་པ་ཅན་གྱི་ཁྲག་དང༌། མིའི་རྒྱུ་མས་གང་བའི་ཐོད་པ་འཛིན་ཞིང༌། ཡབ་ཀྱི་མགུལ་ནས་འཁྱུད་པས། རྒྱབ་ཞལ་དུ་སྟོབ་པ། ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་འཛིན་པའི་སྡིགས་འཛུབ་ཀྱིས་ཕྱོགས་ཀུན་རྣམ་པར་གནོན་ཞིང་སྡང་བ་དང་གདུག་པའི་སེམས་ཅན་ཐམས་ཅད་བསྡིགས་པར་མཛད་པ། གཅེར་བུ་བ་སྤུ་ལངས་ཤིང༌། དབུ་སྐྲ་སིལ་བུར་གྲོལ་བ། ནུ་མ་མཁྲང་ཞིང་རྒྱས་ལ་ལང་ཚོ་ལ་བབ་པ། ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། བྱིན་པ་གཉིས་ཀྱིས་ཡབ་ཡུམ་འཁྱུད་པ། ཕྱག་རྒྱ་ལྔ་དང་ཐོད་པའི་ཅོད་པན་ཅན། མི་མགོ་སྐམ་པོ་ལྔ་བཅུ་འཕྲེང་བ་དང་ལྡན་པ། གཉིས་ཀའང་བདེ་བ་ཆེན་པོ་དང་ཐུགས་རྗེའི་བདག་ཉིད་ཅན་དུས་མཐའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །འདི་ནི་ལོངས་སྐུ་ལམ་བྱེད་ཐུན་མོང་བ་དང་བར་དོ་སྦྱོར་བྱེད་དེ། དེ་ཡན་ཆོད་ཐུན་མོང་མ་ཡིན་པའི་སྤྲུལ་སྐུ་ལམ་བྱེད་ཡིན་ནོ། །ཡབ་ཀྱི་གསང་གནས་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུཾ་དཀར་པོ་ལས་རྡོ་རྗེ་ནག་པོ་


TNT07_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལྔ་པ། བྱཱཾ་ལས་བྱུང་བའི་ནོར་བུ་དམར་པོ་རྩེ་མོར་བྱཱཾ་སེར་པོས་མཚན་པ། ཡུམ་གྱི་མཁའ་ཁམས་མི་དམིགས་ཏེ་སྟོང་པའི་ངང་ལས་ཨཱཿདམར་པོས་ལས་པདྨ་དམར་པོ་འདབ་མ་གསུམ་པ། དྱཱཾ་ལས་བྱུང་བའི་ཟེའུ་འབྲུ་དཀར་པོ་རྩེ་མོར་དྱཱཾ་སེར་པོས་མཚན་པ། ཡབ་ཀྱི་ལྟེ་བ་དང་ཡུམ་གྱི་མགྲིན་པར་ཟླ་བ་ལ་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡབ་ཀྱི་ཐུགས་ཀ་དང་ཡུམ་གྱི་དཔྲལ་པར་ཟླ་གདན་ལ་ཨོཾ་སརྦ་བུདྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡབ་ཀྱི་མགྲིན་པ་དང་ཡུམ་གྱི་ལྟེ་བར་ཉི་མ་ལ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛྭ་ལ་སམྦ་རཾ་སྭཱཧཱ། ཡབ་ཀྱི་དཔྲལ་པ་དང་ཡུམ་གྱི་ཐུགས་ཀར་ཉི་གདན་ལ། ཨོཾ་ཧྲིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། སྔགས་རྣམས་ཁ་དོག་དམར་པོ་གཡོན་སྐོར་དུ་གནས་ཤིང་འོད་ཟེར་འཕྲོ་བ། ཡབ་ཡུམ་ཕན་ཚུན་ཞལ་སྦྱོར་བ་ན་སྔགས་དང་འོད་ཟེར་སྦྱོར་བས་ཀྱང་འཁྱུད་ཨོཾ་ཨཱཿཧཱུཾ་སྙོམས་པར་བཞུགས་པས་དགའ་བ་བཞིའི་ཡེ་ཤེས་རྒྱས་ཤིང་བརྟན་པར་གྱུར། དེ་དག་ནི་བདེ་བ་ཆེན་པོའི་སྐུ་ལམ་དུ་བྱེད་པ་དང༌། བར་སྲིད་ཆགས་སྡང་དང་སྲིད་པས་སྐྱེ་སྲིད་ལ་ཕྱོགས་པ་སྦྱོང་བྱེད་དོ། །འདི་ནི་གཞུང་ལས། ཁ་སྦྱོར་ཕྱི་ཉིད་ལེགས་ཤེས་པས། །ཞེས་གསུངས་པའི་དོན། ཕྱི་དཀྱིལ་གྱི་མངོན་བྱང་ལྔའི་དོད་ཡིན་ལ། ལོ་ཙཱ་བ་གཞན་གྱི་མན་ངག་ལ་ཞལ་ཤེས་སུ་བཞུགས་ཤིང༌། བོད་ཀྱི་གྲུབ་ཐོབ་པུ་རངས་ལོ་ཆུང་དང༌། རྒྱ་གར་གྱི་མཁས་གྲུབ་ཆེན་པོ་ཁ་ཆེན་ཤཱཀྱ་ཤྲཱིའི་ལུགས་ལས་ཤིན་ཏུ་གསལ་བར་འབྱུང་བ་ཡིན་ཏེ། མ་ཆད་པ་གལ་ཆེའོ། །གཉིས་པ་ཕྲ་བ་ཡོངས་རྫོགས་


TNT07_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ནི། དེ་ལྟར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྟན་པས་རྐྱེན་དུ་གྱུར་ཏེ། ལུས་ཀྱི་དཀྱིལ་འཁོར་གཉུག་མའི་ལྷ་ཚོགས་མངོན་དུ་གྱུར་པར་བཞེངས་པ་ནི། རྩ་ལ་ལ་ན་དང༌། རཱ་ས་ནའི་འཁོར་དང་བཅས་ཤིང༌། ལྟེ་བའི་ཨཾ་གི་ཡི་གེ་བཅུད་དང་ལྡན་པའི་རྩ་ཨ་ཝ་དྷུ་ཏཱི་ནི་རྡོ་རྗེ་ཕག་མོ་དང༌། སྙིང་གའི་དབུས་ཀྱི་གཞོམ་དུ་མེད་པའི་ཐིག་ལེ་ཧཱུཾ་གི་རྣམ་པ་ཡུངས་ཀར་སྦོམ་པོའི་ཚད་ཙམ་ཁ་བ་འཛག་པ་ལྟ་བུར་གནས་པ་ནི། དཔལ་ཧེ་རུ་ཀ་སྟེ། སྐུ་མདོག་མཐིང་ནག་སྔོ་ལྗང་དམར་སེར་ཞལ། །རྡོ་རྗེ་དྲིལ་བུ་གླང་ལྤགས་ཌཱ་མ་རུ། །དགྲ་སྟ་གྲི་གུག་རྩེ་གསུམ་ཁ་ཊྭཱཾ་ག །ཐོད་ཁྲག་ཞགས་པ་ཚངས་མགོ་གདོང་བཞི་འཛིན། །གཡས་བརྐྱང་པད་ཉེར་འཇིགས་བྱེད་དུས་མཚན་བརྫིས། །དེ་ལ་འཁྱུད་པའི་ཡུམ་མཆོག་རྣལ་འབྱོར་མ། །དམར་མོ་གྲི་གུག་ཐོད་པ་ཁྲག་བཀང་འཛིན། །གཉིས་ཀའང་མེ་དཔུང་དབུས་ན་རྒྱན་དང་བཅས། སྙིང་ག་ཆོས་ཀྱི་འཁོར་ལོའི་ནང་སྐོར་རྩ་འདབ་བརྒྱད་ལས། ཕྱོགས་ཀྱི་འདབ་མ་བཞི་འབྱུང་བ་བཞིའི་རླུང་རྒྱུ་བ་དང་བཅས་པ་རྣམས་ཡོངས་སུ་གྱུར་པ་ལས། ཤར་དུ་མཱཾ་ལས་མཁའ་འགྲོ་མ་ནག་མོ། བྱང་དུ་ཏཱཾ་ལས་ལཱ་མ་ལྗང་ཁུ། ནུབ་ཏུ་པཱཾ་ལས་དུམ་སྐྱེས་མ་དམར་མོ། ལྷོར་ལཾ་ལས་གཟུགས་ཅན་མ་སེར་མོ་སྟེ་བཞི་ཆར་ཡང་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་སྐྲ་གྲོལ་བ། ཕྱག་གཡས་གྲི་གུག་དང༌། གཡོན་ཐོད་ཁྲག་འཛིན་པ། མཆན་ཁུང་གཡོན་པར་རྡོ་རྗེ་ཁ་ཊྭཱཾ་ག་དང་བཅས་ཤིང༌།


TNT07_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་སྐམ་གྱི་དབུ་རྒྱན་དང༌། མི་མགོའི་དོ་ཤལ་དང༌། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། གཅེར་མོ་ལང་ཚོ་ལ་བབ་ཅིང་བྷ་ག་དང་ནུ་འབུར་མཐོ་ལ་བདེ་བ་རྒྱས་པའི་ཉམས་ཅན། ཞབས་གཡས་བརྐྱང་བའི་སྟབས་ཀྱིས་མེ་རི་འབར་བའི་དབུས་ན་བཞུགས་པའོ། །མཚམས་བཞིར་གནས་ཤིང་བདུད་རྩི་འབབ་པ་མཆོད་པའི་རྩ་བཞི་ནི་བུམ་པ་བཞི་བདུད་རྩི་ལྔས་གང་བའི་སྟེང་ཀ་པཱ་ལ་བྱང་ཆུབ་སེམས་ཀྱིས་གང་བ་དང་བཅས་པར་གྱུར། སྤྱི་བོ་ལ་སོགས་པའི་གནས་ཉི་ཤུ་རྩ་བཞི། པུ་ཛ་ཨོ་ཨ་གོ་ར་དེ་མ་ཀ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི་པྲེ་གྲྀ་སཽ་སུ་ན་སུ་མ་ཀུ་སྟེ་ཡུལ་ཉི་ཤུ་རྩ་བཞི། རྩ་ཉི་ཤུ་རྩ་བཞི་ནི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི། ཁམས་ཉི་ཤུ་རྩ་བཞི་ནི་དཔའ་བོ་ཉི་ཤུ་རྩ་བཞིར་གྱུར། སྤྱི་བོ་པུལླི་རཱ་མ་ལ་ཡ་ར་ཁནྜ་ཀ་པཱ་ལ་དང་རབ་ཏུ་གཏུམ་མོ། །སྤྱི་གཙུག་ཛ་ལནྡྷ་རར་མ་ཧཱ་ཀཾ་ཀ་ལ་དང༌། གཏུམ་པའི་མིག་ཅན་མ། རྣ་གཡས་པ་ཨོ་ཊི་ཡ་ནར་ཀཾ་ཀ་ལ་དང་འོད་ལྡན་མ། ལྟག་མ་ཨརྦུ་ཏར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། རྣ་བ་གཡོན་པ་གོ་དྷ་ཝ་རར་སུ་ར་བཱི་རི་དང་དཔའ་བོའི་བློ་ཅན་མ། སྨིན་མའི་དབུས་རསྨི་ཤྭ་རར་འོད་དཔག་མེད་དང་མིའུ་ཐུང་མ། མིག་གཉིས་དེ་ཝི་ཀོ་ཊར་རྡོ་རྗེའི་འོད་དང་ལིང་གའི་དབང་ཕྱུག་མ། ཕྲག་པ་གཉིས་མ་ལ་བར་རྡོ་རྗེ་སྐུ་དང་ཤིང་གྲིབ་མ་སྟེ། ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཁ་དོག་ནག་པོ་སྟེ་མཁའ་ལ་སྤྱོད་པའོ། །མཆན་ཁུང་གཉིས་ཀཱ་མ་རཱུ་པར་ཨཾ་ཀ་རི་དང་ཨེ་ར་པ་ཏཱི་ནུ་


TNT07_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཉིས་ཨོ་ཏྲེར་རྡོ་རྗེའི་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ལྟེ་བ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང༌། ཆང་འཐུང་མ། ཁ་ཀ་ལིང་ཀར་རབ་ཏུ་བཟང་པོ་དང་ཤྱ་མ་དེ་ཝཱི། མགྲིན་པ་ལཾ་པ་ཀར་རྡོ་རྗེ་བཟང་པོ་དང༌། ཤིན་ཏུ་བཟང་མོ། སྙིང་ག་ཀཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་སྣ་མ། འདོམ་པར་ཧི་མ་ལ་ཡར་མིག་མི་བཟང་ཁ་གཱ་ན་ན་ཏེ་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཁ་དོག་དམར་པོ་སྟེ་ས་ལ་སྤྱོད་པའོ། །མཚན་མ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བཤང་ལམ་གྲྀ་ཧ་དེ་བར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧི། བརླ་གཉིས་སོ་སོ་རཥྟར་རྟ་མགྲིན་དང་ཤཽཎྜི་ནི། བྱིན་པ་གཉིས་སུ་ཝརྞྞ་དཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་ཆོ་ག་མ། རྐང་སོར་བརྒྱད་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བོལ་གོང་གཉིས་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། རྐང་པའི་མཐེ་བོང་གཉིས་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོས་བསྒྱུར་མ། པུས་མོ་གཉིས་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང༌། བརྩོན་འགྲུས་ཆེན་མོ་སྟེ། སྐུ་ཡི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཁ་དོག་དཀར་པོ་སྟེ་ས་འོག་ཏུ་སྤྱོད་པའོ། །དཔའ་བོ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་དཔལ་ཧེ་རུ་ཀའི་རིགས་ལས་བྱུང་བ་ཧེ་རུ་ཀ་དང་མཚུངས་པ་སྟེ། རལ་བའི་ཐོར་ཚུགས་དང་ཐོད་པའི་ཅོད་པན་དང་མགོ་བོའི་ཕྲེང་བ་དང༌། ཕྱག་རྒྱ་དྲུག་དང༌། སྟག་


TNT07_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལྤགས་གསར་པའི་སྨད་དཀྲིས་ཅན། ཞབས་གཡས་བརྐྱང་གི་སྟབས་ཀྱིས་གནས་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པའོ། །རྣལ་འབྱོར་མ་ཉེར་བཞི་པོ་ཐམས་ཅད་ནི་རྡོ་རྗེ་ཕག་མོའི་རིགས་ལས་བྱུང་བ། རྡོ་རྗེ་ཕག་མོ་དང་མཚུངས་པ་སྟེ། གྲི་གུག་དང་ཐོད་པ་འཛིན་པ་སྐྲ་གྲོལ་བ་ཕྱག་རྒྱ་ལྔ་དང་ཐོད་སྐམ་གྱི་དོ་ཤལ་དང་ལྡན་པ། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྱུད་པའོ། །སྙིང་གའི་ཕྱི་སྐོར་གྱི་རྩ་བརྒྱད་ཀྱི་རང་བཞིན་ཧཱུཾ་བརྒྱད་སྒོ་མཚམས་གནས་པའི་མ་མོ་བརྒྱད་དུ་གྱུར་པ་ནི། ཤར་དུ་ཁྭ་གདོང་མ་ནག་མོ། བྱང་དུ་འུག་གདོང་མ་ལྗང་ཁུ། ནུབ་ཏུ་ཁྱི་གདོང་མ་དམར་མོ། ལྷོར་ཕག་གདོང་མ་སེར་མོ། ཤར་ལྷོ་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། བརྒྱད་ཀ་ཡང་དྲག་མོ་ཆེན་མོ་ཆེར་ཁྲོས་པ། རོའི་གདན་ལ་གནས་པ། ཕྱོགས་བཅུའི་བགེགས་རྣམས་འཇོམས་པར་མཛད་པ་མོ་ཞལ་གཅིག་ཕྱག་གཉིས་ནས་བཞུགས་པའོའི་བར་སྙིང་པོའི་རྣལ་འབྱོར་མའི་སྐབས་བཞིན་ལས། དཔའ་བོ་རྣལ་འབྱོར་མ་ཐམས་ཅད་དཔྲལ་པར་རྡོ་རྗེའི་འཕྲེང་བས་མཚན་པའོ། །དེ་དག་ནི་ཐུན་མོང་མ་ཡིན་པའི་ལོངས་སྐུ་ལམ་བྱེད་དང༌། ཐུན་མོང་པའི་སྤྲུལ་སྐུ་ལམ་བྱེད་དང་སྐྱེ་བ་དངོས་


TNT07_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བྱེད་དོ། །གསུམ་པ་ཡེ་ཤེས་ཡོངས་རྫོགས་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་དག་པ་དྲན་པ་ཡིན་ཏེ། དེ་ཡང༌། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །ཚནྡྷོ་མངོན་དུ་གྱུར་པ་སྟེ། །ཉེ་བའི་ཚནྡྷོ་སྦྱངས་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཤྲཱི་ཧེ་རུ་ཀའི་གཞུང་དུ་སྤྱོད། །འདི་ནི་ནང་གི་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ཏེ། །རྣལ་འབྱོར་མ་ཡི་བརྡ་ཡི་སྐད། །བུ་ལ་སོགས་པ་ཅི་གསུངས་པ། །ཕྱི་ནང་བདག་ཉིད་ཅན་དུ་གནས། །ལུས་རྗེས་སུ་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ། །ཚོར་བ་རྗེས་སུ་དྲན་པ་ཉེ་བར་གཞག་པ་ནི་ལཱ་མའོ། །ཆོས་རྗེས་སུ་དྲན་པ་ཉེ་བར་གཞག་པ་ནི་དུམ་སྐྱེས་མའོ། །སེམས་རྗེས་སུ་དྲན་པ་ཉེ་བར་གཞག་པ་ནི་གཟུགས་ཅན་མའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་རབ་ཏུ་གཏུམ་མོའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་གཏུམ་པའི་མིག་ཅན་མའོ། །སྤྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཆེན་མའོ། །དད་པའི་དབང་པོ་ནི་དཔའ་བོ་བློ་གྲོས་མའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་མིའུ་ཐུང་མའོ། །དྲན་པའི་དབང་པོ་ལངྐའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ། །ཤེས་རབ་ཀྱི་དབང་


TNT07_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི་ས་བསྲུང་མའོ། །དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ། །བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་སུ་ར་བྷཀྵིའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་སྔོ་བསངས་ལྷ་མོའོ། །ཤེས་རབ་ཀྱི་སྟོབས་ནི་རབ་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟའི་རྣ་བ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བྱ་གདོང་མའོ། །དགའ་བ་ཡང་དག་བྱང་ཆུབ་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁཎྜ་རོ་ཧིའོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤོ་ཎྜི་ནིའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རབ་ཏུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མའོ། །ཡང་དག་པའི་རྟོག་པ་ནི་འཁོར་ལོས་བསྒྱུར་མའོ། །ཡང་དག་པའི་ངག་ནི་བརྩོན་འགྲུས་ཆེན་མོའོ། །དཔའ་བོ་ཉི་ཤུ་རྩ་བཞི་ཡང་དེ་རྣམས་ཉིད་ཀྱི་རྣམ་པར་དག་པ་ཅན་ནོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ཁཱ་གདོང་མའོ། །ཡང་དག་པའི་འཚོ་བ་ནི་འུག་གདོང་མའོ། །ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མའོ། །ཡང་དག་པའི་དྲན་པ་ནི་ཕག་གདོང་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོའོ། །དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་


TNT07_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་གཤིན་རྗེ་བརྟན་མའོ། །དགེ་བའི་ཆོས་སྐྱེས་པ་རྣམས་སྲུང་བ་ནི་གཤིན་རྗེ་ཕོ་ཉ་མའོ། །མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་ནི་གཤིན་རྗེ་མཆེ་བ་མའོ། །མི་དགེ་བའི་ཆོས་སྐྱེས་པ་སྤོང་བ་ནི་གཤིན་རྗེ་འཇོམས་མའོ། །ཞེས་བརྗོད་ཅིང་བསམ་པ་ནི་ཐུན་མོང་མ་ཡིན་པའི་ཆོས་སྐུ་ལམ་དུ་བྱེད་པ་སྟེ། སེམས་ཀྱི་མཐུ་ཡོངས་སུ་རྫོགས་པ་སྦྱོང་ངོ༌། །མལ་ལོ་ནས་བརྒྱུད་པའི་མན་ངག་ལས། སྒོམ་མི་ནུས་པ་དང་བརྟན་པ་ཐོབ་པའི་གང་ཟག་ལ་ཡི་གེ་དང་རྩ་ཁམས་ཙམ་བསྒོམས་པས་ཆོག་པར་བཞེད་ཅིང༌། ལྷ་སོ་བདུན་བྱང་ཕྱོགས་སོ་བདུན་དུ་དག་གོ་ཞེས་པ་ཙམ་ལས་སོ་སོ་ནས་དག་དྲན་མི་དགོས་སོ་གསུང་མོད། འོན་ཀྱང་ལས་དང་པོ་པས་ནི་སྔར་བཤད་པ་ཁོ་ན་བྱ་བར་རིགས་སོ། །གཉིས་པ་བྱིན་གྱིས་རླབས་པའི་རྣལ་འབྱོར་ལ་གསུམ་སྟེ། སྐད་ཅིག་རྣམ་པའི་བྱིན་རླབས་དང༌། གོ་ཆ་དགོད་པ་དང༌། ཡེ་ཤེས་པ་བསྲེ་བའོ། །དང་པོ་ནི་ཕོ་ཉ་གསུམ་བསྲེ་བ་དྲན་པར་བྱས་ཏེ། ཨོཾ་ཨཱཿཧཱུཾ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅་ཧཾ། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱིས་རྒྱས་བཏབ་སྟེ། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅་ཧཾ། སྔགས་འདི་གཉིས་ཀ་ལན་གསུམ་གསུམ་བརྗོད་དོ། །གཉིས་པ་ནི། ཡབ་ཀྱི་སྙིང་གར་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ་མགོ་བོར་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད་དོ། །སྤྱི་གཙུག་ཏུ་སྭཱཧཱ་ཧཱུཾ་དམར་པོ་པདྨ་གར་གྱི་དབང་ཕྱུག །ཕྲག་པ་གཉིས་སུ་བཽ་ཥ་ཊ་ཧེ་ནག་པོ་དཔལ་ཧེ་རུ་ཀ མིག་གཉིས་སུ་ཧཱུཾ་ཧཱུཾ་ཧོ་དམར་སེར་རྡོ་རྗེ་ཉི་མ། ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་ལྗང་ཁུ་རྟ་མཆོག་གི་ངོ་བོ། ཡུམ་གྱི་ལྟེ་བར་ཨོཾ་བཾ་དམར་པོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ།


TNT07_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་པ་ཧྲེཾ་ཧྲེཾ་སེར་མོ་བསྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙནྜི་ཀའི་ངོ་བོ་སྟེ། རྡོ་རྗེ་སེམས་དཔའ་དང་རྨོངས་བྱེད་མ་ལ་ཟླ་བའི་གདན་དང༌། གཞན་རྣམས་ལ་ཉི་མའི་གདན་དང་བཅས་པའོ། །དེ་ལྟར་གོ་ཆའི་ཡི་གེ་བཅུ་གཉིས་གྲུབ་པ་ན། ཡབ་ཀྱི་གནས་རྣམས་སུ་ཡུམ་དྲུག ཡུམ་གྱི་གནས་རྣམས་སུའང་ཡབ་དྲུག་གཟུགས་བརྙན་ཤར་བ་ལྟར་གྱུར། སྒྲུབ་ཐབས་འདི་ནི་སྤྲོས་པ་ལ་མངོན་པར་དགའ་བ་མ་ཡིན་པའི་དོན་དུ་གསུངས་པ་གཙོ་ཆེ་བས། གོ་ཆའི་ལྷ་རྣམས་ཡིག་འབྲུའི་རྣམ་པར་དགོད་པ་ཉིད་གཙོ་བོར་བཟུང་ངོ༌། །དེ་དག་ལས་སྐད་ཅིག་རྣམ་པས་ནི་མངལ་དུ་རྩ་ཁམས་རླུང་གསུམ་རྒྱས་པ་དང༌། འབྲས་བུའི་དུས་སུ་སྐུ་གསུང་ཐུགས་རྣམ་པར་དག་པའི་བདེ་བ་ཆེན་པོ་དང༌། གོ་ཆ་བཀོད་པས་ནི་ཕུང་ཁམས་སྐྱེ་མཆེད་རྣམས་འཕེལ་བ་དང༌། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་ཀྱིས་བརྒྱན་པ་མཚོན་ལ། དེ་ལ་སྐད་ཅིག་རྣམ་པའི་སྔགས་ནི་གཞན་ནས་ཁ་བསྐང་བ་སྟེ། འདི་ཉིད་ཀྱི་སྒྲུབ་ཐབས་ན་མེད་པས་མདོར་བསྡུ་བའི་ཚེ་བོར་ཡང་རུང་བ་ལྟ་བུར་སྣང་མོད་ཀྱི། འདི་ཉིད་ཀྱི་སྲོལ་ཀ་ཐམས་ཅད་ལ་ཡོད་ཅིང༌། ཕམ་ཐིང་པའི་ལུགས་ཀྱི་མན་ངག་དང་བཅས་ན་འཁོར་ལོ་སྡོམ་པའི་ལམ་འདིའི་སྲོག་ལྟ་བུ་ཡིན་པས་མ་ཆད་པ་ངེས་པར་གལ་ཆེའོ། །གསུམ་པ་ནི། འབར་བའི་ཕྱག་རྒྱ་བཅས་ཏེ། རང་གི་སྙིང་གའི་ཧཱུཾ་ཡིག་གི་འོད་ཟེར་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་བཅས་པ་


TNT07_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཡེ་ཤེས་སེམས་དཔའ་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་རེ་རེ་བཞིན་ཡང་ལུས་ཀྱི་དཀྱིལ་འཁོར་དང་བཅས་པའི་རྣམ་པར་སྤྱན་དྲངས་པར་གྱུར། ཕཻཾ་ཞེས་བརྗོད། ཚོགས་ཞིང་གི་སྐབས་ལྟར་མཆོད། ཛ་ཧཱུཾ་བཾ་ཧོ། ཞེས་དགུག་གཞུག་བཅིང་མཉེས་བྱ། ཨོཾ་ཡོག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅་ཧཾ། ཞེས་ང་རྒྱལ་བཟུང༌། རྣམ་ལྔ་འདོད་བསྐོར་དང་འཁྱུད་རྒྱ་བྱའོ། །དེས་ནི་བཙས་པ་ནས་ལོ་བཅུ་དྲུག་ལོན་གྱི་བར་སྦྱོང་ཞིང་ཡེ་ཤེས་ཀུན་ཏུ་ཁྱབ་པ་མངོན་དུ་བྱེད་པའོ། །གསུམ་པ་དབང་བསྐུར་བའི་རྣལ་འབྱོར་ལ་ཡང་གསུམ་སྟེ། དབང་བསྐུར་བ་དང༌། མཆོད་པ་དང༌། བསྟོད་པའོ། །དང་པོ་ནི། སླར་ཡང་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཕྱི་དང་ནང་གི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང་བཅས་པ་ཕཻཾ། ཚོགས་ཞིང་གི་སྐབས་བཞིན་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། སྒོ་མཚམས་མ་རྣམས་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་ཤིས་པ་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། རྡོ་རྗེ་ཕག་མོ་སྙིང་པོ་རྣལ་འབྱོར་མ་བཞི་དང་བཅས་པས། ཌཱ་མ་རུ་དང་བདུད་རྩིས་གང་བའི་ཐོད་པ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གི་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་


TNT07_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང༌། སྤྱི་བོ་ནས་དབང་བསྐུར། ལུས་ཐམས་ཅད་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གང༌། ལུས་ངག་ཡིད་གསུམ་གྱི་དྲི་མ་ཐམས་ཅད་དགབདེ་བ་ཆེན་པོའི་རང་བཞིན་དུ་བྱས། ཆུ་ལྷག་མ་ཡར་ལུད་དེ་སོ་སོའི་སྤྱི་བོར་འཁྱིལ་བ་ཡོངས་སུ་གྱུར་པ་ལས་གཙོ་བོ་ལ་མི་བསྐྱོད་པ། རྡོ་རྗེ་ཕག་མོ་ལ་རྣམ་སྣང༌། བདེ་ཆེན་འཁོར་ལོ་པ་རྣམས་ལ་རིན་ཆེན་འབྱུང་ལྡན། ཐུགས་ཀྱི་འཁོར་ལོ་པ་རྣམས་ལ་མི་བསྐྱོད་པ། གསུང་གི་འཁོར་ལོ་པ་རྣམས་ལ་འོད་དཔག་མེད། སྐུའི་འཁོར་ལོ་པ་རྣམས་ལ་རྣམ་པར་སྣང་མཛད། དམ་ཚིག་འཁོར་ལོ་པ་རྣམས་ལ་དོན་ཡོད་གྲུབ་པས་དབུ་རྒྱན། དབང་གི་ལྷ་རྣམས་ཀྱང་རང་ལ་ཐིམ། འདིས་ནི་རང་རིགས་ཀྱི་བྱ་བ་ལ་གནས་པ་སྦྱོང་ཞིང༌།སངས་རྒྱས་ནས་ཁམས་གསུམ་གྱི་དབང་ཕྱུག་ཏུ་སྟོན་པ་ལམ་དུ་བྱེད་དོ།། གཉིས་པ་ལ་ཕྱི་ནང་གསང་བའི་མཆོད་པ་གསུམ་ལས། དང་པོ་ནི། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་པ་རྣམས་དང༌། གློ་བུར་དུ་ལྷགས་པའི་མཆོད་པ་དཔག་ཏུ་མེད་པ་བྱུང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། དེ་བཞིན་དུ་པཱ་དྱཱཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་སོགས་དང༌། ཨོཾ་བཛྲ་གྷནྜེ་ར་ཎི་སོགས་ཀྱིས་བྱིན་ཕབ། ཚོགས་ཞིང་གི་སྐབས་ལྟར་མཆོད་པ་འབུལ་ལོ། །སྔ་ཕྱིའི་མཆོད་པ་འདི་རྣམས་ལ་རྒྱས་པར་ན་རིག་མ་བཅུ་དྲུག་གམ། ཉེར་སྤྱོད་འདོད་ཡོན་སོགས་ཀྱིས་མཆོད་པ་ཅི་


TNT07_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་མཛད་པའང་ཡོད་ཅིང་མི་འཐད་པའང་མ་ཡིན་མོད། སྤྲོས་པ་ཆུང་ངུར་མཛད་པའི་སྒྲུབ་ཐབས་འདི་རྣམས་ལ་སྒྲུབ་ཐབས་ཀྱི་ཡན་ལག་རྣམས་ཀྱང་མདོར་བསྡུས་སུ་སྦྱར་བ་ཉིད་འཚམ་ཞིང༌། གཞུང་དང་རྒྱ་བོད་སྔ་མ་རྣམས་ཀྱིས་དགོངས་པའང་ཡིན་ནོ། །གཉིས་པ་ནི་ནང་མཆོད། འོག་ནས་འབྱུང་བའི་གཏོར་མ་ལྟར་བྱིན་གྱིས་རླབས། ཧེ་རུ་ཀ་དཔལ་རྡོ་རྗེ་ཕག་མོ་དང༌། །དྲིལ་བུ་པ་དང་དགའ་བའི་རྡོ་རྗེ་དང༌། །ལུས་མེད་རྡོ་རྗེ་སཽ་རི་པ་དང་ནི། །འཇིགས་མེད་འབྱུང་གནས་ཞལ་དུ་མཆོད་པ་འབུལ། །དེ་བ་པུརྞ་ཤཱཀྱ་ཤྲཱི་དང༌། །སྤྱི་ལྷས་སེང་གེ་དཔལ་དང་བྱ་རུ་བ། །བྱང་སེམས་འབྲི་ལུང་པ་དང་ཡང་རྩེ་བ། །བུ་སྟོན་ཆོས་རྗེ་རྣམས་ལ༴ ཁྱུང་ལྷས་པ་དང་ནོར་བཟང་རིན་ཆེན་དང༌། །བཀའ་བཞི་རིན་རྒྱལ་མཁྱེན་རབ་མཆོག་གྲུབ་དང༌། །བཀྲ་ཤིས་དཔལ་འབྱོར་བསོད་ནམས་དཔལ་འབྱོར་དང༌། །བཀྲ་ཤིས་རྒྱལ་མཚན་རྩ་བའི་བླ་མ་སྟེ། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །ཞེས་བརྒྱུད་པའི་གཙོ་བོ་ཁ་ཆེ་ལུགས་ལྟར་རོ། །ས་ལུགས་ནི་ནག་པོ་པའི་ལུགས་བཞིན་ལས། ངོར་ཆེན་མུས་ཆེན་པཎ་ཆེན་ཆོས་རྗེས་བྲག་དམར་བ་ཆེན་པོ། རབ་གསལ་ཟླ་མགོན། རྗེ་གྲོལ་མཆོག་རྡོ་རིང་པ་རྣམས་ཁྱད་པར་རོ། །འདི་ལ་བླ་མ་དམ་པ་མན་ཆད་བརྒྱུད་པ་སྣ་ཚོགས་དེད་པས་ཆོག་གོ །ལོ་ཆུང་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་ཕག་མོ་དྲིལ་བུ་པ་ཛ་ལན་དྷ་རི་པ་ནག་པོ་སྤྱོད་པ་དགེ་བའི་མགོན་པོ་བྷུ་བ་པ་རྣམ་རྒྱལ་ཞབས་ཏེ་ལོ་པ་ནཱ་རོ་པ་མ་ན་ཀཱ་ཤྲཱི་ཀ་ན་ཀ་ཤྲཱི་བྷ་དནྟ་བ་ལོ་ཆུང་སྨར་ཆེན་པོ་ཀྱི་སྟོན་དཀོན་འབར་ཁམས་པ་ཤག་རྡོར་ལོ་ཙཱ་མཆོག་ལྡན་དཔལ་ལྡན་སེང་གེ་མཁན་ཆེན་ཤེས་རབ་རྡོ་རྗེ་འཛམ་གླིང་པཎ་ཆེན་ཨ་མོ་གྷ་པ་བླ་ཆེན་གྲགས་རིན་


TNT07_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ཚུལ་ཁྲིམས་ཆོས་ཀྱི་སེང་གེ་ཀུན་དགའ་གཞོན་ནུ། འཇམ་དབྱངས་བློ་གྲོས་དོན་གྲུབ་ལེགས་པ་རྣམས་སོ། །དེ་ནས་གཙོ་བོ་ཡབ་ཡུམ་གྱི་སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་འབུལ་ལོ། །གསུམ་པ་ནི་མཁའ་གསང་བྱིན་རླབས་དང་སྔགས་བཞི་ཁ་སྦྱོར་སོགས་ཡིད་ཀྱིས་དྲན་པར་བྱས་ཏེ། ལྷ་རྣམས་རྗེས་ཆགས་ཀྱི་བདེ་བས་མཆོད་པར་མོས་ལ། རྣམ་ལྔ་འདོད་སྐོར་དང་བཅས་ཡི་གེ་བདུན་པ་ལན་ལྔ་བརྗོད། ཨ་ནུ་རཱ་གའི་སྔགས་ཀྱིས་ང་རྒྱལ་བཟུང་ཞིང༌། འཁྱུད་རྒྱ་བྱེད་པའོ། །གསུམ་པ་བསྟོད་པ་ནི། ཅང་ཏེའུའི་སྒྲ་དང་བཅས་པའམ་མེད་ཀྱང་རུང་སྟེ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཝཱི་རི་ཤཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀལྤགྣི་སནྣི་བྷཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊཱ་མུ་ཀུ་ཊོཏྐ་ཊཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དཾཥྟ་ཀཱ་ར་ལོ་གྲ་བྷི་ཥ་ཎ་མུ་ཁཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷ་སུ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པརྴུ་པཱ་ཤི་དྱ་ཁ་ཊྭཾ་ག་དྷ་རི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྱ་བྷྲ་ཛི་ནཾ་བ་ར་དྷ་ར་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དྷུ་མྤྲཱནྡྷཱ་ཀཱ་ར་ཝ་པཱུ་ཥཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཡབ་ཀྱི་རྐང་བརྒྱ་དང༌། ཨོཾ་ན་མོ་བྷ་ག་ཝ་ཏཱི་བཛྲ་ཝཱ་རཱ་ཧཱི་བཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་ཨཱརྱ་ཨ་པ་ར་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བི་དྱ་ཤྭ་རེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མཿསརྦ་བྷུ་ཏ་བྷ་ཡཱ་བ་ཧེ་མཧཱ་བཛྲེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་ས་ནི་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་བ་ཤཾ་ཀཱ་རེ་ན་ཏྲ་བྷྲ་མ་ཎེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མཿཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ཀྲ་རཱ་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མཿཏྲཱ་ས་ནི་མ་ར་ཎི་པྲ་བྷེ་ད་ནི་ཨ་པ་ར་ཛ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་བཱ་རཱ་ཧི་མ་ཧཱ་ཡོ་གི་ཀཱ་མེ་


TNT07_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཤྭ་རི་ཁ་གེ་ཧཱུཾ་ཧཱུཾ་ཕཊ། ཡུམ་གྱི་རྐང་བརྒྱད་བརྗོད་པ་སྟེ། མཆོད་བསྟོད་དེ་དག་ནི་ཡུལ་ལ་ཉེ་བ་ལོངས་སྤྱོད་པ་སྦྱོང་ཞིང༌། ཡེ་ཤེས་ཀྱི་འབྱོར་པ་དཔག་ཏུ་མེད་པ་འཐོབ་པའི་རྒྱུའོ། །གཞི་འབྲས་ཀྱི་དག་སྦྱོར་འདི་དག་ནི་བསྐྱེད་པའི་རིམ་པ་ཁོ་ན་ལ་ཆ་ཚང་བ་གཅིག་གནས་དགོས་པའི་ཕྱིར། དེ་ཙམ་གྱིས་རྫོགས་པ་ནི་ལུགས་འདིའི་དགོངས་པའོ། །གཉིས་པ་གསུང་རྡོ་རྗེ་བཟླས་པའི་རྣལ་འབྱོར་ནི། ཁྱོགས་ཀྱི་བཟླས་པ་དང་སྤྲོ་བསྡུའི་བཟླས་པ་གང་རུང་གི་དམིགས་པ་གསལ་བཏབ་ལ། དུང་ཆེན་གྱི་འཕྲེང་བ་བླངས་ནས་བཟླས་པ་བྱེད་པ་ལས་སྤྲོ་ན་འཕྲེང་བའི་སྔགས་རྫོགས་པར་བཟླ་སྟེ། ལཱུ་ཡི་པ་དང་འདྲའོ། །འོན་ཀྱང་འདིར་ནི་དེ་གཙོ་མི་ཆེ་བས་སྙིང་པོ་དང་ཉེ་སྙིང་ཙམ་གྱིས་ཆོག་ཤེས་པར་བྱ་ལ། དེ་ཡང་ནཱ་རོ་པའི་མན་ངག་ལས། ཡབ་ཡུམ་གྱི་སྔགས་ཁ་སྦྱོར་ལུགས་སུ་བཟླ་བ་དང༌། གཞན་རྣམས་སོ་སོར་བཟླ་བ་སྟེ་ལུགས་གཉིས་ཡོད་པ་ལས་སྔ་མ་བཟང་ངོ༌། །དེ་ཡང༌། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནི་ཛཱ་ལ་སམྦྷ་རཾ་སྭཱཧཱ། ཡབ་ཀྱི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡུམ་གྱི་སྙིང་པོའོ། །ཨོཾ་ཧྲིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཡབ་ཀྱི་ཉེ་སྙིང་ངོ༌། །ཨོཾ་སརྦ་བུདྡྷ་ཊཱ་ཀི་ནི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡུམ་གྱི་ཉེ་བའི་སྙིང་པོའོ། །ལྟེ་བའི་ཐིག་ལེ་ལས་འོད་ཟེར་སྤྲོ་བ་དང༌། ཁམས་གསུམ་པོ་འཁོར་ལོ་ལྔའི་ལྷར་བྱས་ཏེ་སླར་བསྡུ་བ། དབུགས་འགྲོ་འོང་དེར་ལྷན་ཅིག་གི་དབུ་མའི་ལམ་དུ་འཇུག་པ་དང༌། འབྱུང་བ་བསྒོམས་ནས་བཟླ་བ་ནི་དམ་ཚིག་གི་བཟླས་པའོ། །གསུམ་པ་ཐུགས་རྡོ་རྗེ་རྫོགས་རིམ་ནི། རིམ་པ་ལྔ་ལས་གང་ཡང་རུང་བ་སྟེ། འོན་ཀྱང་


TNT07_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལས། ས་བོན་དང་བཅས་པའི་བདག་བྱིན་རླབས་སྒོམ་པར་བསྔགས་སོ། །གསུམ་པ་རྗེས་ཀྱི་རྣལ་འབྱོར་ལ། ཉེ་བར་བསྡུ་བ། བསྲུང་བ། མཆོད་པ། སྤྱོད་ལམ། ཁ་ཟས། རྗེས་ཆགས། གཏོར་མ་སྟེ་སྐབས་འདིར་བདུན་ལས། དང་པོ་ཉིད་བསྡུ་བའི་རྣལ་འབྱོར་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ། རང་ཉིད་ལ་ཐིམ་ལུས་དཀྱིལ་གྱི་ལྷ་ཐམས་ཅད་རང་གནས་སུ་འོད་དུ་ཞུ། ཕྱི་དབྱིབས་ཀྱི་སྐུ་ཡང་དེ་དག་དང་འདྲེས། བྱང་ཆུབ་སེམས་ཀྱི་ཐིག་ལེར་གྱུར། དེ་ཉིད་ཀྱང་འོད་གསལ་གྱི་ངང་དུ་ཐིམ། དེ་ལ་ཅུང་ཟད་མཉམ་པར་བཞག།སླར་ཡང་རང་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་ཏུ་གྱུར། གཉིས་པ་བསྲུང་བའི་རྣལ་འབྱོར་ནི། ཡབ་ཀྱི་སྙིང་ཁར་ཨོཾ་ཧ་ནས་ཤར་བ་ལྟར་གྱུར་གྱི་བར་གོང་བཞིན་གོ་ཆ་གཉིས་བཀོད། སྤྱི་བོར་ལ་སོགས་པའི་གནས་ཞེས་པ་ནས། དཔའ་བོ་ཉི་ཤུ་རྩ་བཞིར་གྱུར། ཞེས་གོ་ཆ་ཆེན་པོས་བསྲུང༌། དགེ་བ་བྱང་ཆུབ་ཏུ་བསྔོའོ། །གསུམ་པ་མཆོད་པའི་རྣལ་འབྱོར་ནི། ཕྱི་རོལ་མཆོད་པ་དང༌། ལག་མཆོད་ལ་སོགས་པ་སྟེ། ཚེས་བཅུའི་མཆོད་ཆོག་ཁུངས་མ་རྣམས་སུ་བལྟ་བར་བྱའོ། །བཞི་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི། སྣང་བ་ཐམས་ཅད་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་སུ་བལྟ་བའོ། །ལྔ་པ་ཁ་ཟས་ཀྱི་རྣལ་འབྱོར་ནི། བྱིན་གྱིས་རླབས་ཏེ་ལུས་དཀྱིལ་ལ་མཆོད་པའི་ཚུལ་དུ་ནང་གི་སྦྱིན་བསྲེག་བྱའོ། །དྲུག་པ་རྗེས་ཆགས་ཀྱི་རྣལ་འབྱོར་ནི། རིག་མ་དང་མཉམ་པར་སྒྱུར་བའི་བདེ་སྟོང་སྒོམ་པའོ། །བདུན་པ་གཏོར་མའི་ཆོ་


TNT07_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ག་ནི། ཐུན་ཐ་མ་ལའམ། ཐུན་རེ་རེ་ཞིང་ངམ། ནམ་ཕྱེད་ཀྱིས་དུས་ན་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་ཤ་ཆང་སོགས་དང་ལྡན་པར་བཤམས། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་པས་བསངས། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝཱ་ཤུདྡྷོ྅་ཧཾ། ཞེས་པས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཨོཾ་ཨཱཿཧཱུཾ་ལས་བྱུང་བའི་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་བྱུང་བའི་ཐོད་པ་དུམ་བུ་གསུམ་པ། ཕྱི་དཀར་ལ་ནང་དམར་བ། དེའི་ནང་གི་ཤར་དུ་ཨོཾ་དཀར་པོ་ལས་དྲི་ཆེན་ཨོཾ་གྱིས་མཚན་པ། བྱང་དུ་ཁཾ་ལྗང་ཁུ་ལས་ཤ་ཆེན་གྱི་དྭངས་མ་ཁཾ་གིས་མཚན་པ། ནུབ་ཏུ་ཨཾ་དམར་པོ་ལས་བྱང་ཆུབ་ཀྱི་སེམས་ཨཾ་གིས་མཚན་པ། ལྷོར་ཏྲཾ་སེར་པོ་ལས་རཀྟ་ཏྲཱཾ་གིས་མཚན་པ། དབུས་སུ་ཧཱུཾ་སྔོན་པོ་ལས་དྲི་ཆུ་ཧཱུཾ་གིས་མཚན་པ། མེར་ལཾ་དཀར་པོ་ལས་བ་ལང་གི་ཤ་ལཾ་གྱིས་མཚན་པ། བདེན་བྲལ་དུ་མཱཾ་སྔོན་པོ་ལས་ཁྱིའི་ཤ་མཾ་གྱིས་མཚན་ལ། རླུང་དུ་པཱཾ་དམར་པོ་ལས་གླང་པོའི་ཤ་པཾ་གིས་མཚན་པ། དབང་ལྡན་དུ་ཏཱཾ་ལྗང་ཁུ་ལས་རྟའི་ཤ་ཏཱཾ་གིས་མཚན་པ། དབུས་སུ་བཾ་དམར་པོ་ལས་ཤ་ཆེན་བཾ་གྱིས་མཚན་པ། འོག་གི་


TNT07_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གཡོས་མེ་འབར་བས་རྫས་བཅུ་ཡི་གེ་དང་བཅས་པ་ཞུ་བ། ཉི་མ་འཆར་ཀའི་མདོག་ལྟར་དམར་སེར་གསལ་ལ་དྭངས་པར་གྱུར་པའི་སྟེང་ཐད་དུ་ཧཱུཾ་ཡིག་ལས་བྱུང་བའི་ཁ་ཊྭཾ་ག་དཀར་པོ་བྱང་ཆུབ་ཀྱི་སེམས་བདུད་རྩིའི་རང་བཞིན་ཅན། མགོ་བོ་འཐུར་དུ་ལྟ་བ། དེ་ལས་བདུད་རྩི་དཀར་པོ་བབས་ཏེ། དེར་ལྷུང་པ་གཡོན་སྐོར་དུ་ལན་གསུམ་དཀྲུགས་ཤིང་ཞུ་བས། དངུལ་ཆུའི་མདོག་ཅན་ཤིན་ཏུ་བསིལ་བའི་བདུད་རྩིར་གྱུར། དེའི་སྟེང་གི་ནམ་མཁའ་ལ། ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨཻ་ཨཽ་ཨཱཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཐ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་པ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ། རྣམས་ཁ་དོག་སྣ་ཚོགས་པ་ཡོངས་སུ་གྱུར་པ་ལས། ཨོཾ་དཀར་པོ། ཨཱཿདམར་པོ། །ཧཱུཾ་སྔོན་པོ་རྣམས་སྟེང་ནས་སྟེང་དུ་བརྩེགས་པ། དེ་ལས་འཁོར་ལོ་གསུམ་གྱི་ལྷ་དང་བཅས་པའི་འོད་ཟེར་ལྔ་འཕྲོས། རྒྱ་མཚོ་ལ་སོགས་པ་ན་གནས་པའི་བདུད་རྩི་དང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་ཐམས་ཅད་ཀྱི་ཐུགས་ཀ་ནས་བདུད་རྩི་བཀུག་ཅིང༌། འགྲོ་བ་རྣམས་འཁོར་ལོ་གསུམ་གྱི་ལྷར་བྱས་པ་རྣམས་སྤྱན་དྲངས། སྙོམས་འཇུག་གི་བདེ་བས་ཞུ། དེ་ཐམས་ཅད་ཡི་གེ་འབྲུ་གསུམ་ལ་ཐིམ། ཨོཾ་ཨཱཿཧཱུཾ་ཡང་རིམ་པ་ལྟར་བདུད་རྩིར་ཞུ་བ་གཏོར་མ་ལ་ཐིམ་པས་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ་སྟེ་བྱིན་གྱིས་རླབས་པའོ། །རང་གི་


TNT07_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྱི་ནམ་མཁར་ཧཱུཾ་ཡོངས་སུ་གྱུར་པ་ལས་དཔལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་དུར་ཁྲོད་བརྒྱད་དང་བཅས་པ་སྐད་ཅིག་གིས་གྲུབ་པར་གྱུར། དེ་ནས་རྐང་པ་མནན་ཞིང་གྱེན་དུ་བལྟ། ཞེས་པའི་འདུག་ཚུལ་དང༌། འབར་བའི་ཕྱག་རྒྱ་བཅས་ཏེ། ཕཻཾ་ཅེས་བརྗོད། འདི་ལ་ཕེཾ་དང་ཕཻཾ་དང་ཕྲཻཾ་དང་ཕེཊ་རྣམས་གདམ་ང་ཡིན་ནོ། །རང་གི་སྙིང་གའི་ཧཱུཾ་ཡིག་གི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་དཔལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཕྱི་རོལ་ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་སོགས་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ཡོ་ག་ཤུདྡྷ་ལན་གཅིགས་མ་ཡ་སྟྭཾ། ས་མ་ཡ་ཧོ། ལན་གསུམ། མཆོད་ཡོན་དང་ཞབས་བསིལ་ཕུལ། ལག་པ་གཡོན་དུ་ཨཱ་ལི་ལས་ཟླ་བ། གཡས་སུ་ཀཱ་ལི་ལས་ཉི་མ། དབུས་སུ་ཧཱུཾ། ཟླ་ཉི་ཧཱུཾ་དང་བཅས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཐལ་མོར་གྱུར། གཏོར་སྣོད་ལགས་ཀྱིས་བླངས་པར་མོས་ལ། ལྷ་མོ་ཚད་མ་དམ་ཚིག་མ་དང༌། དེས་བརྗོད་གསུང་ཡང་མཆོག་ཏུ་ཚད་མ་སྟེ། བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ལྷ་རྣམས་གཏོར་མ་གསོལ་བ་ལ་ཐུགས་དགེས་པ་དང་ལྡན་པ་ལས་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་དྲངས་ཏེ་གཏོར་མ་གསོལ་བར་གྱུར། ཨོཾ་བཛྲ་ཨ་རལླི་ཧོ་ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲི་ཤྱ་ཧོཿ ཨོཾ་ཨཱཿཧཱུཾ། ཞེས་ལན་ལྔའམ་བདུན་གྱིས་


TNT07_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། གོང་བཞིན། ཨརྒྷཾ། ནས་ཤཔྟའི་བར་གྱིས་མཆོད། རྐང་བརྒྱད་གཉིས་ཀྱིས་བསྟོད། སྲིད་དང་ཞི་བ་མཉམ་པ་ཆགས་དང་ཀུན་རྟོག་ཆགས་པ་བཅོམ། ཁྱོད་ཀྱིས་དངོས་ཀུན་རང་བཞིན་ནམ་མཁའ་དང་ནི་འདྲར་གཟིགས་ཀྱང༌། །མགོན་པོ་ཤིན་ཏུ་ལྕི་བའི་ཐུགས་རྗེའི་ཆུས་རྒྱས་སེམས་ལ་ནི། །མཛོད་ཅིག་ལྷ་མོ་རྣམས་ཀྱིས་བདག་ལ་རྗེས་བརྩེར་མཛད་དུ་གསོལ། །ཞེས་གསོལ་བ་གདབ་བོ། །འཇིག་རྟེན་པ་རྣམས་ལ་ཕུལ་བར་མོས་ཏེ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས། བྷུ་ཏ་པྲེ་ཏ་བི་ཤཱ་ཙ་ཨུནྨ་ད་ཨ་པསྨར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡཿ ཨི་མཾ་བ་ལིཾ་གྲིཧྞནྟུ། ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྷི་མེ་པྲ་ཡ་ཙྪནྟུ་ཡ་ཐཻ་བཾ། ཡ་ཐཻཥྟཾ། བྷུ་ཛ་ཐ་པི་ཝ་ཐ། ཛི་གྷ་ཐ་མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡཱ། སཏྶུ་ཁཾ་བི་ཤུདྡྷ་ཡེ་ས་ཧ་ཡི་ཀ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་ཕུལ། གོང་བཞིན་མཆོད། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། ཀླུ་ཡི༴ གནོད་སྦྱིན༴ སྲིད་པོའི༴ འབྱུང་པོའི༴ ཡི་དྭགས༴ ཤ་ཟའི༴ སྨྱོ་བྱེད༴ བརྗེད་བྱེད༴ མཁའ་འགྲོའི༴ མ་མོའི༴ མ་ལུས་པ་ནི་ཐམས་ཅད་དག ། འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་སྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་མཆེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཚོགས་རྣམས་འཇོམས། །


TNT07_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པ། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོགས་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །སྲུངས་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་བསྟོད་ཅིང་འདོད་དོན་ཞུ། ཡིག་བརྒྱ་བཟླ། མ་འབྱོར་པ་དང་ཉམས་པ༴ སོགས་ཀྱིས་བཟོད་པར་གསོལ། ཡོ་ག་ཤུདྡྷའི་སྔགས་རྒྱ་བྱ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། ཨོཾ་བཛྲ་མུཿ འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས། དཀྱིལ་འཁོར་དང་དཀྱིལ་འཁོར་པ་རང་ཉིད་ལ་ཐིམ། སྨོན་ལམ་གདབ། བཀྲ་ཤིས་བརྗོད། དེ་ལྟར་སྐབས་འདིར་རྣལ་འབྱོར་བདུན་དང༌། གོང་དུ་བསྟན་པའི་ཉལ་ལྡང་གཉིས་ཏེ། ཐུན་མཚམས་ཀྱི་རྣལ་འབྱོར་དགུ་ཡིན་ལ། མཉམ་


TNT07_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གི་རྣལ་འབྱོར་གསུམ་སྟེ་ཡོངས་གྲིལ་བཅུ་གཉིས་སོ། །དེ་དག་ལས་མངོན་རྟོགས་ཀྱི་རིམ་པ་རྐང་གྲངས་སུ་བརྗོད་ན། དང་པོ་རྟེན་སྦྱང་བ། གཉིས་པ་ཚོགས་ཞིང་མཆོད་པ། གསུམ་པ་བདག་ལ་བསྡུ་བ། བཞི་པ་རྟེན་གྱི་དཀྱིལ་འཁོར་བསྐྱེད་པ། ལྔ་པ་ཕྱིའི་ཡབ་ཡུམ་གསལ་འདེབས་པ། དྲུག་པ་རྗེས་སུ་ཆགས་པ། བདུན་པ་བརྟེན་པའི་ལྷ་ཚོགས་སྒོམ་པ། བརྒྱད་པ་དག་པ་དྲན་པ། དགུ་པ་སྐད་ཅིག་རྣམ་པ། བཅུ་པ་གོ་ཆ་རྣམ་གཉིས། བཅུ་གཅིག་པ་ཡེ་ཤེས་སྤྱན་འདྲེན། བཅུ་གཉིས་པ་དབང་བསྐུར་རྒྱས་གདབ། བཅུ་གསུམ་པ་མཆོད་ཅིང་བསྟོད་པ། བཅུ་བཞི་པ་ཉེ་བར་བསྡུ་བ་སྟེ་བསྐྱེད་རིམ་དངོས་ལ་རིམ་པ་བཅུ་བཞི། བཟླས་པ་དང་རྫོགས་རིམ་དང༌། སྔོན་འགྲོ་རྣམ་པ་གསུམ་དང༌། ཐུན་མཚམས་རྗེས་སྤྱོད་ལྷག་མ་དགུ་སྟེ། ཡོངས་སུ་གྲིལ་བས་དོན་ཚན་ཉེར་བརྒྱད་ཡིན་ནོ། །འདི་ནི་རྒྱུད་ཀྱི་རྒྱལ་པོ་ལས། གསང་བ་མཆོག་གི་དགེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་གནས། །ཞེས་གསུངས་པས། རྟེན་གྱི་དཀྱིལ་འཁོར་དང༌། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག།འདི་ནི་རང་བྱུང་བཅོམ་ལྡན་དཔའ། །ཞེས་པས། ཕྱི་ནང་གི་གཙོ་བོ་ཡབ་ཡུམ་དང༌། མཁའ་འགྲོ་དྲ་བའི་སྡོམ་པའི་ཡིན་ཞེས་པས་ལུགས་ཀྱི་ལྷ་ཚོགས་མདོར་བསྟན་པ་དང༌། རྩ་བཤད་ཀྱི་རྒྱུད་མང་པོར་ལུས་དཀྱིལ་རྒྱས་བཤད་མཛད་པ་རྣམས་ལ་བརྟེན་ཏེ། གྲུབ་ཆེན་གྱི་ཡང་དག་པར་བསྡུས་པ་སྟེ། བསྐྱེད་རིམ་སྒྲུབ་ཐབས་སུ་གཏོགས་སོ་ཅོག་ལ་འདི་བས་ཟབ་པ་མེད་པར་གྲགས་ལ་ཆེས་ཟབ་པའང་ཡིན་ནོ། །དེ་ལྟར་ན་འདི་ནི་ཁ་ཆེ་ལུགས་སུ་གྲགས་པའི་སྒྲུབ་ཐབས་ལ་རྩ་བར་བྱས། ནཱ་རོ་ཏ་པའི་


TNT07_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ལུགས་གཉིས་ཀྱི་ལེགས་ཆ་མཐའ་དག་ཚང་བར་བྱས་པ་སྟེ། ཚིག་དོན་དགོས་ངེས་རྣམས་ཡེ་ནས་མ་ཆད་པ་དང༌། མི་དགོས་པ་ཅུང་ཟད་ཀྱང་མ་ལྷག་པ་དང༌། གཞུང་གི་དགོངས་པ་ལས་མ་འཁྱོགས་པ་དང༌། ངག་འདོན་བདེ་ཞིང་འཚམ་པ་དང༌། ཚིག་ཉུང་ངུས་ངག་སྦྱོར་གསལ་པོར་བསྟན་པས། གོ་དོན་བཤད་པ་གཞན་ལ་མི་ལྟོས་པ་སྟེ་ཡོན་ཏན་ལྔ་དང་ལྡན་པའོ། །ཚུལ་འདི་གསལ་བྱེད་མང་ན་ཡང༌། །ཡོན་ཏན་ལྔ་ལྡན་གཞན་མེད་པས། །འདིར་འབད་དོན་མེད་མ་ཡིན་ཏེ། །དགེ་དེས་ཧེ་རུ་ཀར་གྱུར་ཅིག།དྲིལ་བུ་ལུས་དཀྱིལ་གྱི་སྒྲུབ་ཐབས་བདེ་ཆེན་སྙིང་པོ་ཞེས་བྱ་བ། འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སོ་དྲུག་པ་ལ་སྦྱར་བའོ། །།མངྒ་ལཾ།། །།

བདེ་མཆོག་ལུས་དཀྱིལ་གྱི་དབང་ཆོག་བདེ་ཆེན་སྙིང་པོ།


TNT07_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ལུས་དཀྱིལ་གྱི་དབང་ཆོག་བདེ་ཆེན་སྙིང་པོ་བཞུགས།


TNT07_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་འཁོར་ལོ་སྡོམ་པའི་ལུས་དཀྱིལ་གྱི་དབང་ཆོག་བདེ་ཆེན་སྙིང་པོ་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཔའ་བོ་ཆེ་ལ་གུས་བཏུད་ནས། །སྐལ་ལྡན་ཁོ་ནའི་སྤྱོད་ཡུལ་དུ། །རབ་ཟབ་ལུས་ཀྱི་དཀྱིལ་འཁོར་ཏེ། །དེ་ཡི་དབང་བསྐུར་ཆོ་ག་བཤད། །འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ཏེ། སྔོན་འགྲོ་གཏོར་མ། སུམྦྷས་བསངས། སྭ་བྷས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཞེས་བྱིན་གྱིས་རླབས། ཕཻཾ་ཞེས་མགྲོན་རྣམས་སྤྱན་དྲངས། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ནས་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ལན་གསུམ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ལྷ་ཡི་ཚོགས་རྣམས་ནས་འདོད་པ་ཀུན་འགྲུབ་ཤོག །འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་ལུས་ཀྱི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བར་འཚལ་ན། དཀར་


TNT07_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕྱོགས་ལ་མངོན་པར་དགའ་བ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བགེགས་རྣམས་བཟློག་ཅིང་འདོད་པའི་དོན་ཐམས་ཅད་སྒྲུབ་པའི་འཕྲིན་ལས་མཛོད་ཅིག །གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་བ་གསང་སྤྱོད་བལྟ་བར་མི་དབང་པ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག ཅེས་དང༌། སུམྦྷ་བཟླས་དྲག་རོལ་བྱ་གཏོར་མ་ཕྱིར་དོར་རོ། །དེ་ནས་གནས་དང་ཡོ་བྱད་བྱིན་གྱིས་རླབས་པ་ནི། སུམྦྷས་བསངས། སྭ བྷཱས་སྦྱངས། སྟོང་པའི་ངང་ལས་གནས་ཁང་ཧཱུཾ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་དུ། བྷྲུཾ་ལས་བྱུང་བའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ་


TNT07_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་པ་རྣམས་རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྱུར་པ། ངོ་བོ་བཟང་ཞིང་རྒྱ་ཆེ་བ། ཡུལ་ནམ་མཁའི་མཐས་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བླ་མ་དང་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ། དྷུ་པེ། ཨ་ལོ་ཀེ གནྡྷེ། ནཻ་བི་ཏེ། ཤཔྟ་ཨཱཿཧཱུཾ། ཨོཾ་སརྦ་བིད་པུ་ར་པུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ ཨོཾ་བཛྲ་སྥ་ར་ཎཱི་ཁཾ། ཨོཾ་བཛྲ་གྟཎྜེ་ར་ཎི་ཏི། པྲ་ར་ཎི་ཧ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲ་ཛྙཱ་པ་ར་མི་ཏ་ན་ད་སམྦྷ་ཝེ་ཏ་བཛྲ་དྷརྨ་ཧྲི་ད་ཡ་ནི་སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨ་ཁཾ་སྭཱཧཱ། ཞེས་པས་རོལ་མོ་བྱིན་དབབ་བོ། །དེ་ནས་ཆོ་ག་དངོས་ལ་འཇུག་པར་བྱ་སྟེ། འདི་ལ་ལྔ། དཀྱིལ་འཁོར་སྒྲུབ་པ་བདག་བསྐྱེད་དང༌། དབང་རྫས་སྒྲུབ་པ་བུམ་བསྐྱེད་དང༌། དབང་གི་གཞི་དཀྱིལ་འཁོར་ཁྱད་པར་དུ་བྱ་བ་དང༌། དབང་བསྐུར་ལེན་ཞིང་སྦྱིན་པ་དང༌། རྗེས་ཆོག་ལྷ་མཉེས་པར་བྱེད་པའོ། །དང་པོ་ནི་སྐྱབས་འགྲོ་ནས་བརྩམས་ཏེ་བཟླས་པའི་མཐར་ཐུག་པར་སྒྲུབ་ཐབས་བཞིན་དུ་ཉམས་སུ་ལེན་པ་ལས། མཆོད་པའི་སྐབས་སུ། ཆུ་གཉིས་ཉེར་སྤྱོད་རོལ་མོ་རིག་མ་བཅུ་དྲུག་གི་ཚིག་བཅད་སོགས་ནག་པོ་ལུགས་ཀྱི་དཀྱིལ་ཆོག་ཏུ་བཤད་པ་ལྟར་ཅི་རིགས་པ་བླང་ཞིང༌།


TNT07_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་ན་བསྟོད་པ་ཡང༌། རྐང་བརྒྱད་གཉིས་ཀྱི་གཞུག་ཏུ་བསྐལ་པའི་མེ་འབར་མ་སོགས་ཅི་རིགས་པ་སྦྱར་རོ། །བཟླས་པ་གྲུབ་མ་ཐག་ཏུ་སྒྲུབ་ཐབས་ནས་འབྱུང་བ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་ཡང་འབུལ་ལོ། །གཉིས་པ་ནི། བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨའི་སྟེང་དུ་ཨཱཿལས་ཟླ་བའི་གདན། དེའི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་ཞིང༌། མགྲིན་པ་ཕྲ་བ་མཆུ་འཕྱང་བ། ལྷའི་གོས་ཀྱི་མགུལ་ཆིངས་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་དབུས་སུ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཨིནྡྲ་ནཱི་ལ་ལྟར་འབར་བའི་ནས་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་ཐུགས་ཀའི་དབུས་སུ་ཧཱུཾ་ལས་དཔལ་ཧེ་རུ་ཀ་སྟེ་ནས། རྒྱན་དང་བཅས་ཐུགས་ཀའི་ཕྱོགས་ཀྱི་འདབ་མ་བཞི་ལས་ཤར་དུ་མཾ་ལས་ནས། མེ་རི་འབར་བའི་དབུས་ན་བཞུགས་པའོ། །མཚམས་བཞི་བུམ་པ་བཞི་ནས། གང་བ་དང་བཅས་པར་གྱུར། སྤྱི་བོ་པུལླི་རཱ་ན་ལ་ཡར་ནས། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྱུད་པའོ། །ཐུགས་ཀའི་ཕྱི་སྐོར་གྱི་འདབ་མ་བརྒྱད་ལ། ཤར་དུ་ཁྭ་གདོང་མ་ནས། བཞུགས་པའོ། །རང་གི་སྙིང་གའི་ཧཱུཾ་ཡིག་གི་འོད་ཟེར་ནས། དབང་གི་ལྷ་ཐམས་ཅད་ཀྱང་རང་ལ་ཐིམ་གྱི་བར་ཡེ་ཤེས་སྤྱན་འདྲེན་


TNT07_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབང་བསྐུར་རྒྱས་གདབ་བྱས། ཆུ་གཉིས་ཉེར་སྤྱོད་རོལ་མོ་རིག་མ་བཅུ་དྲུག་རྣམས་སྔགས་དང་ཕྱག་རྒྱ་ཙམ་གྱིས་མཆོད་ནས། གཟུངས་ཐག་ནས་བཟུང་སྟེ། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་གཉིས་ཅི་འགྲུབ་ཏུ་བཟླས་པའི་མཐར། ཨོཾ་སུམྦྷ་སོགས་ཉེར་གཅིག་ཙམ་བཟླས། ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ་ནས། བདག་ཅག་སློབ་མར་བཅས་པ་ལ་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཨོཾ་ཨཱཿཧཱུཾ་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ལྷ་རྣམས་འདོད་ཆགས་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་ཞེས་བརྗོད། གསུམ་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འཕྲོས་པའི་འོད་ཟེར་རྣམས་ཞེས་པ་ནས། ཤཔྟའི་བར་དང༌། རྐང་བརྒྱད་གཉིས་ཀྱིས་བསྟོད་དེ་ཚོགས་ཞིང་གི་སྐབས་བཞིན་ནོ། །བདག་ཉིད་འཁོར་ལོ་སྡོམ་པར་གསལ་བ་ལུས་ཀྱི་དཀྱིལ་འཁོར་དང་བཅས་པ། སློབ་དཔོན་གྱི་སྐུའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་འདྲེས་ཏེ། རྡོ་རྗེ་སློབ་དཔོན་གྱི་སྐུའི་དཀྱིལ་འཁོར་གྱི་རང་བཞིན་དུ་གྱུར། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས། རང་ཉིད་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པར་བྱུང་ནས་ཕྱི་རོལ་ཏུ་འདུག་པར་མོས་ལ་དབང་བླང་བར་བྱའོ། །འདི་ནི་བླ་མའི་མན་ངག་སྟེ། གཞུང་གི་དངོས་བསྟན་ལ་མི་གསལ་མོད། དངོས་གྲུབ་འབྱུང་བའི་དགོས་པ་ཆེན་པོ་དང་ལྡན་ཞིང༌། གཞུང་གི་དགོངས་པ་ལ་ཡང་གནས་པར་ངེས་སོ། །བཞི་པ་ལ་གཉིས་ཀྱི་དང་པོ་བདག་འཇུག་སྟེ། དེ་ཡང་དབང་གི་ཆོ་ག་ནི། གྲུབ་ཆེན་ཉིད་ཀྱི་གཞུང་སྒྲ་ཇི་བཞིན་པ་ལས། གཞན་གྱི་ཁ་སྐོངས་ཡེ་མེད་ཀྱང༌།


TNT07_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་དབང་བསྐུར་གཉིས་ཀ་ལ་ཤིན་ཏུ་གོ་ཆོད་པ་སྐྱོན་བྲལ་ཡོན་ཏན་ཐམས་ཅད་ལྡན་པ་ཡིན་ནོ། །འོན་ཀྱང་ཅུང་ཟད་སྤྲོས་པ་ལ་མོས་པ་རྣམས་ལ། རང་ལུགས་དང་མི་འགལ་ཞིང་སྐབས་སུ་བབ་ངེས་པའི་སྒོ་ནས་གཞན་གྱི་ཁ་འགེངས་བྱེད་ན། ལུགས་གཉིས་ཏེ། ཁ་འགེངས་པ་སྡུས་པ་ཙམ་བྱེད་པ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་མན་ངག་དང༌། ཁ་འགེངས་རྒྱས་པར་བྱེད་པ་ལོ་པཎ་གཞན་གྱི་ལུགས་གཉིས་ལས། སྤྲོས་པ། ཉུང་ངུའི་ཆོ་ག་འདིའི་རིགས་ལ་སྔ་མ་ལེགས་ཚབས་ཆེ་བས་ཕལ་ཆེར་དེའི་ལུགས་དང་མཐུན་པར་བྱའོ། །དེ་ཡང་འཇུག་པའི་དབང་གི་དོན་དུ་མཎྜལ་ཕུལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །ཐར་བ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །དཔའ་བོ་དཔའ་མོ་དབང་ལྷ་མོ། །དེ་བཞིན་ཕག་མོ་ཧེ་རུ་ཀ །གསང་བའི་གནས་དང་ཉེ་གནས་སོགས། །ལུས་ལ་རྣམ་གནས་བཤད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། གོང་ནས་གོང་མའི་སྡོམ་པ་ནི། བུ་ཁྱོད་ཀྱིས་ནི་བཟུང་བྱ་སྟེ། གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་ཅི་ཡང་ཡོད་མ་ཡིན། །ཞེས་སྡོམ་པ་བསྒྲགས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཀྱིས་ཐུན་མོང་གི་སྡོམ་པ་བཟུང༌། སྲས་བཅས་སངས་རྒྱས་ཐམས་


TNT07_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང་སོགས་ཀྱི་རིགས་ལྔའི་སྡོམ་པ་བཟུང༌། སངས་རྒྱས་ཆོས་དང་དགེ་འདུན་ལ། ཞེས་པ་ནས་ཉི་ཤུ་རྩ་གཉིས་ལེགས་པ་བསྲུང་གི་བར་གྱིས་ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་ངོ༌། །ཕྱི་མ་འདི་ཕམ་ཐིང་བ་དང༌། སུ་མ་ཏིའི་རྗེས་འབྲང་རྣམས་མཛད་ཀྱི། ཤཱཀྱ་ཤྲཱིའི་ལུགས་ལ་མི་མཛད་དོ། །གང་ལྟར་ཡང་མི་འགལ་བས་ལག་ལེན་འདམ་ཁ་ཡིན་མོད་བྱེད་པ་ལེགས་སོ། །ཨོཾ་ཙཀྵུར་བནྡྷ་བ་རཱ་ཡ་ན་ཡ་ཧཱུཾ། གིས་མིག་དར་བཅིངས། ཨཱ་ཁཾ་བཱི་ར་ཧཱུཾ་གིས་མེ་ཏོག་བཟུང༌། རང་གི་སྙིང་གར་ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་འཕྲོ་བ། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་བདག་ཉིད་དོ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི། སྙིང་གར་རྡོ་རྗེ་བཏད་ལ། སུ་ར་ཏེ་ས་མ་ཡ་སྟྭཾ། ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་པར་འགྱུར་གྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཧཱུཾ་ཛཿཧཱུཾ། ཞེས་ལུས་ཀྱི་དཀྱིལ་འཁོར་གྱི་དྲུང་དུ་ཕྱིན་པར་མོས། དེ་ཡན་ཆད་ནི་ཁ་སྐོང་ངོ༌། །དེ་ནས་དམ་བཞག་ནི། བདུད་རྩི་ལྕེ་ཐོག་ཏུ་བཞག་སྟེ། འདི་ནི་བུ་ཁྱོད་བདུད་རྩི་སྟེ། །མ་བསྲུངས་སྲེག་པར་བྱེད་པས་དུག །བསྲུངས་ན་དངོས་གྲུབ་འགྱུར་བ་སྟེ། །བདུད་རྩི་ལྔའི་ཆུས་འགྲུབ་བོ། ཨོཾ་པཉྩ་ཨ་མྲི་ཏ་ཨུད་ད་ཀ་


TNT07_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཋཿཋཿཋཿཧཱུཾ། རྡོ་རྗེ་སྤྱི་བོར་བཞག་ལ། ཁྱོད་ཀྱི་ཧེ་རུ་ཀ་དཔལ་ང༌། ཁྱོད་ཀྱིས་བརྙེས་པར་མི་བྱ་ཞིང༌། །དམ་ཚིག་དང་འགལ་མི་བྱ་སྟེ། །དམྱལ་ལ་སོགས་པར་འགྲོ་འགྱུར་རོ། །ཞེས་དམ་ལ་བཞག་སྟེ། ཚིག་རྐང་ཕྱི་མ་ནི། དང་པོར་དམྱལ་བར་འགྲོ་བར་འགྱུར། ཞེས་བཅོས་ན་བདེའོ། །དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛད་དུ་གསོལ། རང་ཉིད་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ། ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པར་གྱུར། སློབ་དཔོན་གྱི་སྐུའི་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་དཔལ་ཧེ་རུ་ཀ་རིག་མའི་ཚོགས་དང་བཅས་པ་དང༌། འཁོར་ལོ་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མའི་རྣམ་པར་སྤྱན་དྲངས་ཏེ། ལུས་ཀྱི་སྟོད་ཀྱི་ཆ་ལ་ཐུགས་ཀྱི་འཁོར་ལོ་པ་རྣམས་ནག་པོའི་རྣམ་པས་ཐིམ། བར་གྱི་ཆ་ལ་གསུང་གི་འཁོར་ལོ་པ་རྣམས་དམར་པོའི་རྣམ་པས་ཐིམ། སྨད་ཀྱི་ཆ་ལ་སྐུའི་འཁོར་ལོ་པ་རྣམས་དཀར་པོའི་རྣམ་པ་འཇུག་ཅིང༌། གཙོ་བོའི་རིག་མ་བཅས་པ་དང༌། དེ་མ་ཡིན་པའི་དཔའ་བོ་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་ཡང་བ་སྦུའི་བུ་ག་ནས་ཞུགས་ཤིང་སྙིང་གར་ཐིམ་པར་གྱུར། ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨ་བེ་ཤ་ཡ་ཧཱུཾ། ཨོཾ་ཤྲཱི་ཧེ་རུ་ཀ་


TNT07_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་བིད་མ་ཧེ་བི་བྱ་རཱ་ཛཱ་ཡ། དྷཱི་མ་ཧེ་སྭཱཧཱ། ཞེས་བཟླ་སྟེ། རོལ་མོའི་སྒྲ་དང་བཅས་ནས་དབབ་བོ། །སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ་ཞེས་བརྟན་པར་བྱ། ཨོཾ་པྲ་ཏིཙྪ་བཛྲ་ཧོ་ཞེས་ལུས་དཀྱིལ་གྱི་གཙོ་བོ་མེ་ཏོག་ཕུལ། ཨོཾ་ཏྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་མེ་ཏོག་རང་གི་སྤྱི་བོར་བཅིངས། ཨོཾ་ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲི། ཞེས་མིག་དར་བསལ་ཏེ། མེ་ཏོག་འབུལ་བ་དང་མིག་དར་དཀྲོལ་བ་ཡང་ཁ་སྐོང་ཡིན་ནོ། །དེ་ནས་བལྟ་བར་བསྐུལ་བ་ནི། རང་བཞིན་གྱིས་ནི་དག་པའི་བདག །ལུས་འདི་རང་བཞིན་དྲི་མ་མེད། །དཔའ་བོ་དཔའ་མོ་དབང་མོའི་གནས། །དཀྱིལ་འཁོར་ལ་ནི་བུ་ཁྱོད་ལྟོས། །ཞེས་སོ། །དེ་ནས་ལྷ་ངོ་བསྟན་པ་ནི། སློབ་དཔོན་གྱི་སྐུའི་དཀྱིལ་འཁོར་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་གྱུར། འདི་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དོ། །ཞེས་པའམ། ཅུང་ཟད་རྒྱས་པ་ལ་མོས་ན། ལུས་རྗེས་སུ་དྲན་པ་ཉེ་བར་གཞག་པ་ནི་ནས། གཤིན་རྗེ་འཇོམས་མའོ་ཞེས་པའི་བར་བརྗོད་དོ། །དེ་དག་ནི་འཇུག་པའི་བྱ་བའོ། །དབང་དངོས་ལ། བུམ་དབང་གསང་དབང་ཤེས་རབ་ཡེ་ཤེས་ཀྱི་དབང་དེ་ཁོ་ན་ཉིད་ཀྱི་དབང་སྟེ་བཞི་ལས། དང་པོ་ལ། ཆུ་ཅོད་པན་རྡོ་རྗེ་བདག་པོ། མིང་དབང༌། སྔགས་དབང༌། རྡོ་རྗེའི་བརྟུལ་ཞུགས། སྤྱོད་པའི་བརྟུལ་ཞུགས། དབུགས་དབྱུང་བ། ཕྱིར་མི་ལྡོག་


TNT07_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་སྟེ་བཅུ་ལས། དང་པོ་དགུ་པོ་སྡོམས་ནས་ཐུན་མོང་གི་དབང་ཞེས་བྱ་སྟེ། དེ་ལྟར་ན་ཐུན་མོང་གི་དབང་དགུ་ཞུ་བའི་དོན་དུ་མཎྜལ་ཕུལ་ལ། ཆོས་བདེན་བདག་ཉིད་བསམ་མི་ཁྱབ། །བདག་ལ་དབང་ནི་བསྐུར་དུ་གསོལ། །ཞེས་ལན་གསུམ་མོ། །བདག་དང་དབང་རྫས་སུམྦྷས་བསངས་ཤིང༌། ཡུངས་ཀར་དང་བུམ་ཆུ་སོགས་ཀྱིས་གཏོར་རོ། །བདག་ཉིད་སྐད་ཅིག་གིས་རིགས་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཀུན་གྱི་རིགས་གཅིག་པུ་པ། རྡོ་རྗེ་མཁའ་འགྲོ་ཐུགས་རྡོ་རྗེ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། རང་དང་འདྲ་བའི་ཡུམ་གྱིས་འཁྱུད་ཅིང༌། པདྨ་དང་ཉི་མའི་གདན་ལ་གཡས་བརྐྱང་གིས་བཞུགས་པའི་སྐུར་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་རྣམ་པར་ཕཻཾ། ཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཞེས་བརྗོད་དོ། །འདིར་ཐུན་མོང་གི་དབང་ཐམས་ཅད་ལ། རང་ཉིད་རྡོ་རྗེ་མཁའ་འགྲོའི་རྣམ་པ་འདི་ཁོ་ན་ལ་གནས་ཤིང༌། དབང་རྫས་ལྷ་སོ་སོའི་རྣམ་པར་འཕོ་བ་ཡིན་ལ། དབང་དྲུག་པོ་ཐམས་ཅད་ལ། དབང་རྫས་ལྷར་བསྐྱེད་ཡེ་ཤེས་པ་སྟིམ། ལྷ་བཞུ་དབང་བསྐུར་བརྟན་བྱེད་པ། །བདེ་གཤེགས་བསྟིམས་ནས་མཆོད་པ་འབུལ། །སོ་སོའི་དག་པ་བརྗོད་པའོ། །ཆུ་དབང་ལ་བརྟན་བྱེད་ལོགས་པ་མི་དགོས་ཤིང༌། དབང་རྫས་ཀྱི་ལྷ་བཞུགས་པའི་རྗེས་སུ་དབང་ལྷ་སྤྱན་འདྲེན། མཆོད་པ་གསོལ་གདབ་རྣམས་ལྷག་པོ་ཡིན་ལ། བརྟུལ་ཞུགས་ལ་བརྟན་བྱེད་མན་ཆད་མི་དགོས་སོ། །


TNT07_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཆུ་དབང་ནི། རྣམ་རྒྱལ་བུམ་པའི་ཆུའམ། ལྷ་བུམ་མང་དུ་ཡོད་ན་ཐམས་ཅད་ཀྱི་བུམ་ཆུ་ཐོད་པར་བསྡུས། སྭ་བྷཱ་ཝས་སྦྱངས། དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རལ་པའི་ཐོར་ཚུགས་དང༌། ཐོད་པའི་འཕྲེང་བའི་ཅོད་པན་ཅན། རང་འོད་ཀྱི་ཡུམ་དང་མཉམ་པར་སྦྱོར་བ། ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་མི་བསྐྱོད་པ་སྤྱན་དྲངས། ཕཻཾ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དབང་རྫས་ཀྱི་མི་བསྐྱོད་པ་ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བས་ཞུ་སྟེ་བདུད་རྩིའི་ཆུར་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཕཻཾ་ཞེས་སྤྱན་དྲངས། པུཥྤེ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དཀྱིལ་འཁོར་བ་རྣམས་དང༌། དབང་གི་ལྷའི་གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། སྒོ་མཚམས་མ་རྣམས་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་ཤིས་པ་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས། རྡོ་རྗེ་ཕག་མོ་སྙིང་པོའི་རྣལ་འབྱོར་


TNT07_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཞི་དང་བཅས་པས་ཌཱ་མ་རུ་དང་བདུད་རྩིས་གང་བའི་བུམ་པ་ཐོགས། འཁོར་རྣམས་ཀྱིས་རོལ་མོའི་སྒྲ་བསྒྲགས། མེ་ཏོག་གི་ཆར་ཕབ་སྟེ་ཤིས་པ་བརྗོད་པར་གྱུར། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ་སོགས། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཚིགས་བཅད་གསུམ་དང༌། ཉིན་མོ་བདེ་ལེགས༴ སོགས་བརྗོད། རོལ་ཆེན་བྱ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། ཨོཾ་ཏྲི་ཙཀྲ་བཱི་ར་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། ཞེས་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་མི་བསྐྱོད་པས་དབུ་རྒྱན། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་མི་བསྐྱོད་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། བ་སྤུའི་བུ་ག་ནས་ཞུགས་པས། ལུས་ཐམས་ཅད་མི་བསྐྱོད་པའི་རྡུལ་ཕྲ་རབ་ཀྱིས་གང་བར་གྱུར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། སོགས་ཉེར་སྤྱོད་ལྔས་མཆོད། དེ་ལྟར་ན་ཆུའི་དབང་ཐོབ། ཞེ་སྡང་དག་རྣམ་ཤེས་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། །མི་བསྐྱོད་པའི་གོ་འཕང་མངོན་དུ་འགྱུར་བའི་རྟེན་འབྲེལ་ལེགས་པར་སྒྲིགས་པ་ཡིན་ནོ། །དེས་རིགས་འགྲེས་ཏེ་ཅོད་པན་སོགས་བཞི་དང༌། རྡོ་རྗེ་བརྟུལ་ཞུགས་ཀྱི་བར་དུ་ཤེས་པར་བྱ་བ་ལས། འདི་མན་ཆད་ལ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ཞེས་པ་ནས་རོལ་ཆེན་བྱ། ཞེས་


TNT07_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་དབང་ལྷ་སྤྱན་འདྲེན་དང༌། ཤིས་བརྗོད་མི་དགོས་སོ། །འདོན་པ་བསྒྱུར་ཏེ་ཅོད་པན་གྱི་དབང་ནི། སྭ་བྷ་ཝ། དབང་རྫས་རིན་པོ་ཆེའི་དབུ་རྒྱན་མི་དམིགས་ཏེ་སྟོང་པའི་ངང་ལས་ཨཾ་ལས་རིན་པོ་ཆེ་ཨཾ་གིས། རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་གཡས་རིན་པོ་ཆེ་དང་༴ ཡེ་ཤེས་སེམས་དཔའ་རིན་ཆེན་འབྱུང་ལྡན༴ ཡབ་ཡུམ་རྗེས་ཆགས་ཀྱི༴ རིན་པོ་ཆེའི་དབུ་རྒྱན་དུ་གྱུར། དེ་བཞིན་གཤེགས་པ་ཁྱེད་རྣམས་ཀྱིས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། སོགས་ཀྱི་མཐར། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞཱ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་དབུ་རྒྱན་དར་དཔྱངས་དང་བཅས་པ་སྐོན་སྤྲོ་ཞིང་ནུས་ན་འཁོར་ལོ་ལྔའི་ལྷ་ཐམས་ཅད་ཀྱི་སྔགས་ཀྱང་བརྗོད་དོ། །ཨོཾ་ཏྲི་ཙཀྲ་བཱི་ར་ནས། རིན་ཆེན་འབྱུང་ལྡན་གྱིས་དབུ་རྒྱན། དེ་ལྟར་ན་དབུ་རྒྱན་གྱི་ང་རྒྱལ་དང་སེར་སྣ་ཚོར་བ་མཉམ་ཉིད་ཡེ་ཤེས་རིན་ཆེན་འབྱུང་ལྡན་གྱི་གོ་འཕང་མངོན་དུ་འགྱུར་བའི་སོགས་སོ། །རྡོ་རྗེའི་དབང་ནི། དབང་རྫས་རྡོ་རྗེ་ཛྲི་ལས་པདྨ་ཛྲིཾ། འོད་དཔག་མེད་དམར་པོ་པདྨ་དང་ཡེ་ཤེས་སེམས་དཔའ་འོད་དཔག་མེད་རྡོ་རྗེ་གྱུར། ཧེ་རུ་ཀ་དཔལ་སོགས་ཀྱིས། དེང་ཁྱོད་བདག་པོར་དབང་བསྐུར་ལྟར། །འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ལོང༌། །རྡོ་རྗེ་ལག་པ་གཡས་པས་བཟུང་ནས་སྙིང་གར་བཏོད། ཏྲི་ཙཀྲ་སོགས་སྔར་བཞིན། ཆུ་དབང་བསྐུར། འོད་དཔག་མེད་ཀྱིས་དབུ་རྒྱན། རྡོ་རྗེ་འདོད་ཆགས་འདུ་ཤེས་སོ་སོར་རྟོག་པའི་ཡེ་ཤེས་འོད་དཔག་ཏུ་མེད་པའི་སོགས་འདོན་པ་སྤོ།


TNT07_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུའི་དབང་ནི། དབང་རྫས་ཀྱི་དྲིལ་བུ་ཁཾ་ལས་རལ་གྲི་ཁཾ། དོན་ཡོད་གྲུབ་པ་ལྗང་ཁུ་རལ་གྲི་དང་ཡེ་ཤེས་སེམས་དཔའ་དོན་ཡོད་གྲུབ་པ་དྲིལ་བུར་གྱུར། འདི་ནི་རྣལ་འབྱོར་མ་ཀུན་གྱི། །དྲིལ་བུའི་སྒྲ་ཀུན་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཨོཾ་བཛྲ༌། ཎྜེ་ཨཱཿཨཱཿ རྡོ་རྗེ་དྲིལ་བུ་སྙིང་གར་འཁྱུད་ལ། ཐབས་དང་ཤེས་རབ་ཀྱི་རིགས་མཐའ་དག་གི་བདག་པོ་ཟུང་དུ་འཇུག་པའི་རང་བཞིན་རྡོ་རྗེ་མཁའ་འགྲོ་རང་སྣང་གི་ཡུམ་དང་བཅས་པ་ལྷ་སྐུ་བདེ་བ་ཆེན་པོར་མོས་ལ། འཁོར་ལོ་གསུམ་བདག་དཔའ་བོ་ཡི། །ལག་ཏུ་རྡོ་རྗེ་དྲིལ་བུ་བཟུང༌། །རང་བཞིན་གྱིས་མཛེས་དགའ་བ་ནི། །ཕྱག་རྒྱ་ཆེན་པོར་བྱིན་གྱིས་རླབས། །བརྟན་བྱེད་ཆུ་དབང་དོན་ཡོད་གྲུབ་པས་དབུ་རྒྱན། དྲིལ་བུའི་དབང༌། ཕྲག་དོག་འདུ་བྱེད། བྱ་བ་སྒྲུབ་པའི་དོན་ཡོད་གྲུབ་པའི་ཞེས་འདོན་པ་སྤོའོ། །མིང་གི་དབང་ནི། གཞུང་ལས། སློབ་མའི་སྤྱི་བོར་ལག་པ་སྦྱིན་ཞེས་པ་ཙམ་ལས་མ་གསུངས་ཤིང༌། ནག་པོའི་དཀྱིལ་ཆོག་ལ་ཇོ་བོ་རྗེའི་མན་ངག་སྦྱར་བ་ལས་ཀྱང༌། སློབ་མའི་སྤྱི་བོར་སློབ་དཔོན་གྱི་ལག་པ་བཞག་ལ། སྤྱྀ་བོར་རྣམ་སྣང་བསྐྱེད་པ་ཙམ་མ་གཏོགས་དབང་རྫས་མ་མཛད། ཁ་ཆེ་ལུགས་ལ་དབང་རྫས་མེ་ཏོག་འཕྲེང་བ་ལ་བྱེད། གཞན་ཕལ་ཆེར་གྱི་ལུགས་ལ་རྡོ་རྗེའི་དྲིལ་བུ་བསྣོལ་བ་དབང་རྫས་སུ་མཛད་པ། དེ་དག་གང་ལྟར་བྱས་ཀྱང་འདྲ་མོད། འདིར་ཁ་ཆེ་ལུགས་ལྟར་བྱ་སྟེ། དབང་རྫས་མེ་ཏོག་འཕྲེང་བ། པདྨ་དང་ཟླ་བའི་སྟེང་དུ་བྷཱུཾ་ལས་འཁོར་ལོ་བྷྲུཾ། རྣམ་


TNT07_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་མཛད་དཀར་པོ་འཁོར་ལོ་དང་ཡེ་ཤེས་སེམས་དཔའ་རྣམ་པར་སྣང་མཛད་མེ་ཏོག་འཕྲེང་བར་གྱུར། ཨོཾ་ཏྲི་ཙཀྲ་ཨ་དྷཱི་པ་ཏི་ཤྲཱི་ཧེ་རུ་ཀ་བཱི་ར་སྟྭཾ། ཨ་བྷི་ཥིཉྩ་མི། བཛྲ་ན་མཿཨ་བྷི་ཥེ་ཀ་ཏ། ཀྱེ། དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱའོ། །རྣམ་པར་སྣང་མཛད་ཀྱིས་དབུ་རྒྱན། བརྟན་བྱེད་ཆུ་དབང༌། མིང་གི་དབང༌། གཏི་མུགགཟུགས་ཕུང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་ཀྱི་ཞེས་འདོན་པ་སྤོའོ། །སྔགས་ཀྱི་དབང་ནི། མེ་ཏོག་གཏོར་ཞིང༌། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་ཉེ་བར་མཛད་དུ་གསོལ། །ལན་གསུམ་གྱིས་གསོལ་བ་བཏབ། གཙོ་བོའི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་བྱུང༌། བདག་གི་སྙིང་གར་ཐིམ། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ཚར་གསུམ་རྗེས་བཟློས་བྱས་པར་མོས། མེ་ཏོག་སྤྱི་བོར་གཏོར་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །རྡོ་རྗེ་བརྟུལ་ཞུགས་ནི། དབང་རྫས་རྡོ་རྗེ་པདྨ་དང་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྡོ་རྗེ་སེམས་དཔའ། དཀར་པོ་རྡོ་རྗེ་དང༌། ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས་དཔའ། དང་པོར་རྡོ་རྗེ་གྱུར། འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །ཧེ་རུ་ཀ་དཔལ་ཕྱག་ན་གནས། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཞེས་ལག་པ་གཡས་པས་བཟུང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ། དྷ་ར་ཡ་མི་བཛྲ་སཏྭ་ཧྲཱིཿ ཧི་ཧི་ཧི་ཧི་ཧཱུཾ། ཞེས་སྙིང་གར་བཟུང༌། དེ་ཁོ་ནས་འགྲུབ་


TNT07_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །སྤྱོད་པའི་བརྟུལ་ཞུགས་ནི། ཧཱུཾ་ལས་བྱུང་བའི་ཅང་ཏེའུ། ཐོད་པ། ཁ་ཊྭཾ་གཚངས་སྐུད་རྣམས་གཙོ་བོ་ཡབ་ཡུམ་གྱི་ངོ་བོར་གྱུར། ཧེ་རུ་ཀ་དཔལ་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། ཁ་ཊྭཾ་ཅང་ཏེའུ་ལྷུང་བཟེད་སྦྱིན། །དཔའ་བོ་ཆེན་བོ་བླང་བར་གྱིས། །དབུགས་དབྱུང་ཞིང་ལུང་བསྟན་པ་ནི། གཙོ་བོས་ཕྱག་གཡས་པ་སྐྱབས་སྦྱིན་དང༌། གཡོན་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟ་བུ་བཟུང་སྟེ་ལུང་བསྟན་པར་མོས། འཁོར་ལོ་གསུམ་གྱི་བདག་ཉིད་ཁྱོད། །རང་ཉིད་སངས་རྒྱས་ཀུན་རང་བཞིན། །ཧེ་རུ་ཀ་དཔལ་ཞེས་བྱ་བའི། །དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །ཤྲཱི་ཧེ་རུ་ཀ་ཌཱ་ཀི་ནི་ནཱ་མཿ སརྦ་ཏ་ཐཱ་ག་ཏཱ་སིདྷྱ་ས་མ་ཡ་བྷུར་བྷུ་ཝ་སྭཱཿ ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་རྣམ་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། ཞེས་པའོ། །དེ་ནས་ཕྱིར་མི་ལྡོག་པའི་དབང་གི་དོན་དུ་མཎྜལ་ཕུལ། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོ་བདག་ལ་སྩོལ། །འགྲོ་བ་མཚན་མ་མེད་བྱེད་པ། །དེ་ནི་ད་འདིར་མཛད་དུ་གསོལ། །ལན་གསུམ་གྱིས་གསོལ་བ་གདབ། དབང་སྟེགས་རིན་པོ་ཆེའི་ཁྲིའི་གདན་གྱི་སྟེངས་སུ། པདྨ་དང་ཟླ་བའི་གདན་ལ་རང་ཉིད་གནས་པར་གྱུར། སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། གཡས་སུ་རྒྱལ་མཚན། གཡོན་དུ་བ་དན་མཐའ་སྐོར་དུ་མཆོད་པའི་སྤྲིན་གྱི་ཕུང་པོ་བསམ་གྱིས་


TNT07_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་པས་ཡོངས་སུ་བསྐོར་བར་གྱུར། རང་གི་གདོད་མའི་ལུས་ཀྱི་དཀྱིལ་འཁོར་སྐད་ཅིག་དེ་ཉིད་ལ་གསལ་བར་གྱུར་པ་ནི། ཞེས་པ་ནས། རྣམས་ཀྱི་བདག་ཉིད་དོ། །དེ་ལྟར་གྱུར་པའི་བདག་ཉིད་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པར་གྱུར། ཞེས་པའམ། དེ་ཙམ་བསྒོམ་པ་མི་བདེ་ན་ཕྱག་གཉིས་པས་རུང་ངོ༌། །རྩ་ལ་ལ་ན་དང༌། ར་ས་ནའི་འཁོར་དང་བཅས་ཤིང༌། ཞེས་པ་ནས། རྡོ་རྗེའི་ཕྲེང་བས་མཚན་པའི་བར་ལུས་དཀྱིལ་རྫོགས་པས་གསལ་བཏབ་སྟེ། རྡོ་རྗེ་སློབ་དཔོན་གྱི་སྐུའི་དཀྱིལ་འཁོར་གྱི་གཙོ་བོ་ཐུགས་ཀའི་ཧཱུཾ་ཡིག་གི་འོད་ཟེར་གྱིས་ཕྱོགས་བཅུའི་ཞེས་པ་ནས། ཡོ་ག་ཤུདྡྷོ྅་ཧཾ། གི་བར་མངོན་རྟོགས་བཞིན། དཀྱིལ་འཁོར་པ་རྣམས་དང༌། དབང་གི་ལྷ་ནས་བྱུང་བ་སྦྱིན་པར་བྱ། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་མང་དུ་བརྗོད། ཨོཾ་ཏྲྀ་ཙཀྲ་ནས་ཆུ་ལྷག་མ་ཡར་ལུད་དེ་ཕྱི་ནང་ལྷ་སོ་སོའི་སྤྱི་བོར་འཁྱིལ་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་རྒྱན། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་དང༌། ཕྱོགས་བཅུས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་རང་ཉིད་ལ་གཉིས་སུ་མེད་པར་ཐིམ། སྤྱི་བོར་མེ་ཏོག་དོར་ལ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ། ཞེས་རབ་གནས་བྱ། དེ་ནས་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་བདག་ཉིད་ལ་མཆོད། རྐང་བརྒྱད་གཉིས་ཀྱིས་བསྟོད། གཞན་ཡང་བཟའ་བཅའ་དང་ན་བཟའ་ལ་སོགས་པ་མཆོད་པ་སྣ་ཚོགས་པས་མཆོད་པར་གསུངས་པ་ལྟར་ཡིད་ཀྱིས་མོས། དེ་ནས་འདི་ལྟར། དེ་ཉིད་རིག་པའི་རྣལ་འབྱོར་པས། །མི་བྱ་བ་ནི་ཅུང་ཟད་མེད། །དེ་ཉིད་ཤེས་ནས་དེ་


TNT07_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །དཔའ་བོས་འདོད་པ་ལྔ་སྤྱད་དོ། །བདག་ཉིད་དཔའ་བོ་ཀུན་གྱི་དངོས། །བདག་ཉིད་ལྷ་མོ་ཀུན་རང་བཞིན། །དེ་ཕྱིར་བདག་གིས་ཐམས་ཅད་བྱ། །བདག་ཉིད་ཧེ་རུ་ཀ་དཔལ་མཆོད། །རྟེན་ཞིང་འབྲེལ་བར་འབྱུང་ཆོས་ཅན། །སེམས་ཅན་སྒྱུ་མའི་རང་བཞིན་ནོ། །ཁམས་གསུམ་དེ་ལྟར་ཤེས་ནས་ནི། །སེམས་ཅན་དོན་ནི་མཉམ་མེད་བྱོས། །ཞེས་བཀའི་གནང་བ་སྦྱིན་ནོ། །དེ་ལྟར་ན་རྡོ་རྗེ་སློབ་དཔོན་མཆོག་གི་ལུས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ་པས། ལུས་ཀྱི་དྲི་མ་དག་ལམ་བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གསང་དབང་གི་དོན་དུ་མཎྜལ་ཕུལ། སྐྱོབ་མེད་སྐྱོབ་པ་སྐྱབས་མེད་སྐྱབས། །དཔལ་ནི་འཁོར་ལོ་བདེ་བའི་མཆོག །རྒྱུ་མེད་པར་ནི་ཐུགས་རྗེ་ཆེ། །མགོན་མེད་བདག་གི་མགོན་མཛོད་ཅིག །བདག་ཉིད་ཆེ་ཁྱོད་ཇི་ལྟ་བར། །གཙོ་བོ་བདག་ཀྱང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་སུ་ནི། །བྱིང་བ་བདག་ལ་སྐྱབས་མཛོད་ཅིག །མིག་དར་བཅིངས། ཨོཾ་ཨཱཿཧཱུཾ་གིས་བདུད་རྩི་གཏོར། དཀྱིལ་འཁོར་གྱི་བདག་མོའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཿདམར་པོ། སྙིང་གར་ཧཱུཾ་སྔོན་པོ། ལྟེ་བའི་བར་སྭཱ་སེར་པོ། གསང་བར་ཧཱ་ལྗང་ཁུ་རྣམས་སུ་གྱུར། དཀྱིལ་འཁོར་གྱི་གཙོ་བོ་བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་ཐུགས་ཀའི་འོད་ཟེར་གྱིས། སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྱན་


TNT07_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས། ཡབ་ཡུམ་གྱི་སྐུ་ལ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། གསང་བར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྟན་པར་བྱས་པའི་ཐབས་ཀྱི་བྱང་ཆུབ་ཀྱི་སེམས་བདག་གི་ལྕེ་ཐོག་ཏུ་བཞག །འདི་སྟེ་དཔའ་བོ་ལྷ་མོ་རྣམས། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། ཁམས་ལྔ་ལྡན་པར་རོས་རྟོགས་བྱེད། །བདེ་བ་གང་དེ་མྱང་བར་བྱོས། །ཨོཾ་ཨཱཿཧཱུཾ། བདུད་རྩི་མྱང༌། ཨ་ཧོ་མ་ཧཱ་སུ་ཁཾ། སླར་ཡང་ཡུམ་གྱི་བྱང་ཆུབ་ཀྱི་སེམས་བདག་གི་ཁར་ཕབ། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །དེ་བཞིན་དུ་ནི་བྱང་ཆུབ་སེམས། །བཟང་པོས་བུ་ཁྱོད་དབང་བསྐུར་རོ། །ཨོཾ་ཨཱཿཧཱུཾ། ཞེས་སླར་ཡང་བདུད་རྩི་མྱང༌། དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ་པས་ངག་གི་དྲི་མ་དག ལམ་རང་ལུས་ཐབས་ལྡན་གྱི་རྫོགས་རིམ་སྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་མངོན་དུ་འགྱུར་བའི་སོགས་བརྗོད། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། གསང་དབང་ལྟར་གསོལ་བ་བཏབ། མིག་དར་བཅིངས། ཨོཾ་ཨཱཿཧཱུཾ་གིས་བདུད་རྩི་གཏོར། མཚན་ཉིད་དང་ལྡན་པའི་རིག་མ་དངོས་གྲུབ་ཀྱི་དོན་དུ་ཕྱག་རྒྱར་བཏད། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཏུ་ཕྱག་རྒྱ་ལོང༌། །བུ་ཡིས་བླ་མེད་མཆོད་པར་གྱིས། །རིག་མ་དེས་ཀྱང་འདི་སྐད་དུ། །དཔའ་བོ་བྱང་ཆུབ་སེམས་བཟའ་བར། ཁྱོད་ནི་སྤྲོ་བ་ཡིན་ནམ་ཅི། །རིགས་ལྔ་ལས་ནི་བྱུང་བ་ཡི། །རིག་མ་མཆོད་པར་རྟག་གུས་སམ། །


TNT07_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཆེན་དྲི་ཆུ་སྟོབས་དང་ཁྲག །སོགས་བཟའ་ད་ལྟ་ཡིད་ཆེས་སམ། །རྗེས་སུ་མཐུན་སྨྲོས་དམ་ཚིག་བཟང༌། །ཇི་ལྟར་དགའ་བར་སྨྲོས་ཤིག་བུ། །ཞེས་དྲིས་པ་ལ། ཇི་ལྟར་གསུངས་པའི་དམ་ཚིག་སོགས། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །བུད་མེད་རྟག་གུས་ཅིས་མི་བྱེད། །པདྨར་མཆོད་པ་ཅིས་མི་བགྱི། །ཞེས་ལན་བཏབ། དེས་ཀྱང་སྐྱེ་གནས་མཆོག་གི་རྩ་གསལ་བར་བྱས་ནས། པདྨ་བྷཉྫ་ཧོ། ཞེས་པང་དུ་བྱོན། རང་ཉིད་ཧེ་རུ་ཀ་ཕྱག་གཉིས་པ་དང་རིག་རྡོ་རྗེ་ཕག་མོར་གྱུར། ཡབ་ཀྱི་གསང་གནས་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུཾ་དཀར་པོ་ནས། རྒྱས་ཤིང་བརྟན་པར་གྱུར་གྱི་བར་སྒྲུབ་ཐབས་བཞིན། ཨོཾ་ཨཱཿཧཱུཾ། གིས་གདོང་གཡོགས་དཀྲོལ། གཙོ་བོའི་ཕྱག་གཡོན་རང་གི་སྤྱི་བོར་བཞགསློབ་དཔོན་དང་ཤེས་རབ་མས་གསུངས་པར་བསམ་ཏེ། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་ལམ་འདྲ་བར་སེམས་ཅན་གྱི། །དོན་ཀུན་བདག་ཉིད་ཀུན་གྱིས་ཀྱེ། །དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས་སེམས་ཀྱི་དྲི་མ་དག །ལམ་དངོས་དང་ཡེ་ཤེས་ཀྱི་རིག་མ་བསྟེན་པ་ལ་དབང༌། འབྲས་བུ་ཆོས་སྐུ་མངོན་དུ་འགྱུར་བའི་སོགས་བརྗོད། དབང་བཞི་པའི་དོན་དུ་མཎྜལ་ཕུལ། གོང་བཞིན་གསོལ་བ་འདེབས་པའམ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་


TNT07_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། །བདག་ལ་བཀའ་དྲིན་སྐྱབས་ཏུ་གསོལ། །འདི་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ནི། འདི་སྐད་ཅེས། འདི་ནི་རང་ཉིད་མཛེས་མ་སྟེ། །ཕྱི་རོལ་ཡུལ་ནི་སྤངས་པའོ། །རིག་འདི་བོར་ནས་འདི་ལས་ནི། །གཞན་པའི་ཐབས་ཀྱིས་སངས་རྒྱས་མེད། །རིག་མའི་བརྟུལ་ཞུགས་སྤྱོད་ཅིག་བུ། །བརྟུལ་ཞུགས་ཀུན་གྱི་བླ་མའི་བླ། །ཞེས་དོན་དམ་པའི་རིག་མའི་བརྟུལ་ཞུགས་སྦྱིན་ནོ། །གཉིས་པ་ནི། བཞི་པ་དངོས་ཏེ། ལྷན་ཅིག་སྐྱེས་པ་མི་ཟད་པ། །བསམ་གྱིས་མི་ཁྱབ་མཐའ་ཡས་སོགས། །དེ་ནི་བརྟན་འགྲོ་གཡོ་བདག་ཉིད། །བདག་མེད་ཉིད་ཀྱི་བདག་ཏུ་གནས། །ཞེས་པའི་དོན་ལ་མཉམ་པར་བཞག་ན། དཔའ་བོས་བདེ་བ་ཆེན་པོ་རྟོགས་ཞེས་པའི་དོན་ཡང་གྲུབ་པ་ཡིན་ནོ། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དགལམ་བསམ་གྱི་མི་ཁྱབ་ཀྱི་རྣལ་འབྱོར་སྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གཙོ་བོས་ཇི་ལྟར། སོགས་ལན་གསུམ། བཀའ་དྲིན་གཏང་རག་གི་དོན་དུ་མཎྜལ་ཕུལ། དེང་ནས་བརྩམས་ཏེ༴ སོགས་ལན་གསུམ་དང་དགེ་བ་བསྔོ། གཉིས་པ་སློབ་མ་ལ་དབང་བསྐུར་བ་ནི། སློབ་མ་ཁྲུས་བྱས་གྲལ་དུ་འཁོད་པ་ལ། ཐོག་མར་བགེགས་དང་སྡིག་པ་སྦྱང་བ་བྱ་སྟེ། གཏོར་མའམ་མཐེབ་ཀྱུ་གསུམ་དང༌། ཏིང་ལོ་ཆང་བུ་རྣམས་ཀྱང་གསུམ་གསུམ་འདུས་བྱས་ལ། བགེགས་


TNT07_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བསངས་སྦྱངས། འབྲུ་གསུམ་བྱིན་གྱིས་རླབས། གཏོར་མའམ་མཐེབ་ཀྱུ་གསུམ་པོ་བསྐོར་ལ། ཨོཾ་སརྦ་བིགྷྣཾ་བྷྱཿན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིཾ་ཏེ་སྭཱཧཱ། ཞེས་ལན་གསུམ། འདིར་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་ནས། ཕན་པ་དང་བདེ་བའི་སེམས་དང་ལྡན་པས་གཞན་དུ་དེངས་ཤིག །ཞི་བས་སྦྱང་བའོ། །ཨོཾ་སུམྦྷ་སོགས་ལན་གསུམ་བཟླས་ཤིང་རྡོ་རྗེ་གསོར་ལ། ཏིང་ལོ་དང་ཆང་བུ་བསྐོར། འདིར་བགེགས་ཀྱི་ཚོགས་གང་ཡིན་པ་དེ་ཐམས་ཅད་གཏོར་མ་ལམ་རྔན། ཏིང་ལོ་ལམ་སྒྲོན། ཆང་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིགཅེས་པས་ནི་ཞི་དྲག་ཕྱེད་མས་སྦྱང་བའོ། །ཧཱུཾ་མཛད་ཀྱི་ཕྱག་རྒྱ་བྱས་ལ་བདེན་སྟོབས་བརྗོད་ཏེ། མཐར་དྲག་པོའི་མཚམ་རྔམ་རོལ་ཆེན་དང་བཅས་པས་བསྐྲད་པ་ནི། འདི་ལྟར། ན་མོ་རྗེ་བཙུན་རྩ་བ་དང་རྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱིས་བཀའ་བདེན་དང༌། ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་བདེན་པ་དང༌། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་འདིར་དབང་གི་ལས་ལ་འཇུག་པ་ལ་བར་དུ་གཅོད་པར་བྱེད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་གང་ཡིན་


TNT07_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་དེང་དཔལ་ཧེ་རུ་ཀའི་བཀའ་ཐོས་པས། སའི་ཕྱོགས་འདིར་མ་གནས་པར་མྱུར་བ་ཉིད་དུ་སོང་ཤིགགང་དག་མི་འགྲོ་བ་དེ་དག་ཐམས་ཅད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་རྡོ་རྗེ་དང༌། རྡོ་རྗེ་ཁ་ཊྭཾ་ག་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་བགས་པར་བྱའོ། །ཞེས་བགེགས་བསྐྲད་ཅིང་གཏོར་མ་ཕྱི་རོལ་དུ་དོར། དྲག་པོ་སྦྱང་བའོ། །སྡིག་པ་སྦྱང་བ་ནི། ཏིལ་དང་མེ་དང་ཆུ་རྣམས་འདུས་བྱས་ལ། བདག་གཞན་སེམས་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་བཾ་གྱི་རྣམ་པར་གནས་པ། ལྟེ་བའི་གཏུམ་མོ་འབར་བའི་འོད་ཟེར་གྱིས་དེད་ཏེ། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་པ་མདུན་གྱི་ཏིལ་ལ་ཐིམ། བསངས་སྦྱངས། འབར་བའི་མེའི་ནང་དུ་ཁྲོ་བོ་རྡོ་རྗེ་མཁའ་གྲོ་རྡོ་རྗེ་དྲིལ་བུ་འཛིན་པ་ཞལ་གདངས་པའོ། །ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷ་སྨི་ཀུ་རུ་སྭཱཧཱ། ལན་གསུམ་བརྗོད། ལས་ཀྱི་རྡོ་རྗེས་ཏིལ་གཡས་གཡོན་དུ་བསྐོར་ནས། གཡས་སུ་མེ་དང་གཡོན་དུ་ཆུ་དོར་བས། རྡོ་རྗེ་མཁའ་འགྲོའི་ཞལ་དུ་གསོལ་བ་དང༌། རྒྱ་མཚོ་ཆེན་པོར་སྒྱུར་བར་བསམ། མཐར་མེ་ཡང་ཆུ་ནང་དུ་ལུགས་སོ། །དེ་ནས་མེ་ཏོག་བཀྱེ་བསྡུ་དང༌། སེམས་བསྐྱེད་གསལ་འདེབས་སོགས་བྱས་ནས། གོང་དུ་ཇི་སྐད་བསྟན་པའི་བདག་འཇུག་ལས། རང་ཉིད་


TNT07_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་རྣམས་ཁྱེད་རང་གི་ཞེས་འདོན་པ་སྤོས་པས་ཕལ་ཆེར་འགྲུབ་ལ། ལྷ་ངོ་བསྟན་པའི་སྐབས། སློབ་དཔོན་གྱི་གདོད་མའི་ལུས་ཀྱི་དཀྱིལ་འཁོར་སྐད་ཅིག་དེ་ཉིད་ལ་ཞེས་པ་ནས། མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །རྩ་ལ་ལ་ན་དང༌། ར་ས་ན། ཞེས་པ་ནས། རྡོ་རྗེ་འཕྲེང་བས་མཚན་པའོ་ཡི་བར་རྣམས་མངོན་རྟོགས་བཞིན་སྒོམ་དུ་འཇུག་དགོས་པ་ལས། འཁོར་གྱིས་ས་བོན་རྣམས་དོར་རོ། །དེ་རྗེས་སྤྲོ་ཞིང་ནུས་ན། བྱང་ཕྱོགས་སོ་བདུན་གྱི་དག་པ་རྒྱས་པ་ཞིག་བརྗོད་ན་ལེགས་སོ། །གཞན་ཁྱད་པར་ཕྲ་མོ་རྣམས་ནི་སློབ་དཔོན་གྱི་གསུང་ལས་རྟོགས་པར་བྱའོ། །ལྔ་པ་རྗེས་ཀྱི་ཆོ་ག་ལྷ་མཉེས་པར་བྱེད་པ་ནི། ངེས་པར་ཚོགས་ཀྱི་འཁོར་ལོས་བསྒྲུབ་པར་བྱ་བ་ཡིན་ལ། རིགས་ལྡན་མ་མཆོད་པའི་ཆོ་ག་དང༌། ཞིང་སྐྱོང་ལ་གཏོར་མ་སྦྱིན་པ་སོགས་འགྲུབ་ནའང་ལེགས་སོ། །བླ་མ་གོང་མ་འགའ་ཞིག་ནི། དབང་བསྐུར་བའི་མདུན་བསྐྱེད་ཀྱི་ཐ་སྙད་མཛད་ནས། བུམ་བསྐྱེད་ཀྱི་སྔོན་དུ་མཎྜལ་སྒྲུབ་མཆོད་རེ་མཛད་པས་འདུག་ནའང༌། ལུས་དཀྱིལ་འཁོར་གྱི་དབང་གི་དོན་དུ་དེ་འདྲ་དགོས་པ་ནི་མ་ཡིན་ཞིང༌། སྐབས་འདི་དག་སོགས་སུ་ཡང་ངེས་པར་དགོས་པ་མིན་ཀྱང༌། མཆོད་པ་དང་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་འགྱུར་བས་བྱས་ཀྱང་འགལ་བ་ནི་མེད་དོ། །དེ་བཞིན་དུ་སྦྱིན་བསྲེགས་ལ་སོགས་པ་ཡང་སྟེ། དབང་པོ་དམན་པའི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུར་ཤེས་པར་བྱའོ། །དབང་པོ་མཆོག་ལ་ནི་འདིར་མི་བཞེད་དེ། དབང་བསྐུར་བའི་དོན་དུ་ཡང་ཕྱི་རོལ་གྱི་དཀྱིལ་འཁོར་མི་འབྲི་ན། ཕྱི་རོལ་མཆོད་པ་དང༌། མེ་མཆོད་ཙམ་གྱི་དོན་ལ་ལྟ་སྨོས་ཀྱང་མི་དགོས་སོ། །དེ་ལ་བྱ་བའི་མཐར་མཆོད་པ་བཤམས་ཤིང་བྱིན་གྱིས་རླབས། བདག་བསྐྱེད་དང་བུམ་བསྐྱེད་


TNT07_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྷ་ལ་དམིགས་ནས། ཕྱི་མཆོད་ནང་མཆོད་གསང་མཆོད་བསྟོད་པ་རྣམས་བྱ། ཡིག་བརྒྱ་དང་བཟོད་གསོལ་རྣམས་ཀྱང་བྱས་ནས། མགྲོན་རྣམས་ཨོཾ་བཛྲ་མུཿ ཞེས་གཤེགས། བུམ་པའི་ལྷ་ཡོ་ག་ཤུདྡྷོའི་སྔགས་ཀྱིས་རང་ལ་བསྟིམ། དེ་ནས་ཉེར་བསྡུའྀ་རྣལ་འབྱོར་དང༌། བསྲུང་བའི་རྣལ་འབྱོར་སྒྲུབ་ཐབས་བཞིན་བསྒོམ། དེ་རྗེས་སྨོན་ལམ་དང་བཀྲ་ཤིས་ཅི་འགྲུབ་བྱ་སྟེ། ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །འདི་ལ་དང་པོར་ཤོམས་ནི། བྲིས་སྐུ་ལ་སོགས་པ་རྟེན་གྱི་མདུན་དུ་བུམ་གདན་ལ་བུམ་པ་མགུལ་བཅིངས་ཁ་རྒྱན་མཆོད་ཡོན་གྱི་སྣོད་གཟུངས་ཐག་རྡོ་རྗེ་དང་བཅས་པ་སྤྱི་དང་འདྲ་བར་བཤམས། འདི་ལ་ལས་བུམ་ནི་མི་དགོས་ལ། ལྷ་བུམ་དྲུག་གམ་བདུན་ནམ་ལྔའམ་དགུའམ་རྣམ་རྒྱལ་བུམ་པ་གཅིག་པུར་བསྡུ་བ་གང་ལྟར་བྱས་ཀྱང་རུང་ཞིང༌། བུམ་པ་མང་དུ་བྱུང་ནའང་རྣམ་པ་གཅིག་ཏུ་བཟང་མོད་ཀྱི། དེང་སང་གཅིག་ལ་བསྡུ་བ་ལ་ལག་ལེན་གཙོ་བོར་བྱེད་དོ། །བུམ་པ་མང་བའི་ཕྱོགས་ལ་འཁོར་ལོ་སོ་སོའི་ལྷའི་སྙིང་པོ་ཡང་བཟླ་དགོས་སོ། །དེའི་མདུན་དུ་བུམ་པའི་སྒོས་མཆོད་དང༌། གཏོར་མཆོག་གི་སྒོས་མཆོད་གཉིས། དེའི་མདུན་དུ་སྤྱིའི་མཆོད་པ་ཆེན་མོ་བཤམས། དེ་ཙམ་མ་འགྲུབ་ན་མཆོད་པ་གཅིག་བཤམས་ཏེ་ཡང་ཡང་ཁ་གསོ། དེའི་མདུན་དུ་སྟེགས་བུ་ལ་གཏོར་མ་བཤམས་ཏེ། རྟེན་གྱི་གཡོན་དུ་འཇིག་རྟེན་འདས་གཏོར་དང༌། གཡས་སུ་འཇིག་རྟེན་པའི་གཏོར་མའོ། །སློབ་དཔོན་གྱི་མདུན་དུ་རྡོ་རྗེ་དྲིལ་བུ་ནང་མཆོད་ཀྱི་སྣོད་ཇི་ལྟར་འོས་པའི་སར་མིག་དར་མེ་ཏོར་དབུ་རྒྱན་རྡོ་རྗེ་དྲིལ་བུ་མེ་ཏོག་འཕྲེང་བ་ཁྭ་ཊྭཾ་ག་གསང་དབང་ལ་དགོས་པའི་དམ་རྫས་ཀྱི་སྣོད་གཉིས་རྣམས་ཅུང་ཟད་ཁེབས་ཀྱི་བཀབ་ནས་བཞག་གོ །གཞན་ཡང་རོལ་མོ་སྣ་ཚོགས་པ་དག་


TNT07_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྟ་གོན་བྱ། སྔོན་འགྲོ་གཏོར་མ་ཡང་འདུས་བྱས་ཏེ་བཞག་གོ །ཀུན་ལས་རབ་ཏུ་ཟབ་པ་ཡི། །དགའ་ཆེན་ཁྲག་འཐུང་དཀྱིལ་འཁོར་གྱི། །དབང་ཆོག་སྙིང་པོ་ཙམ་བྲིས་པས། །འགྲོ་ཀུན་བདེ་ཆེན་གནས་ཐོབ་ཤོག །ཅེས་པ་དཔལ་འཁོར་ལོ་སྡོམ་པའི་ལུས་དཀྱིལ་གྱི་དབང་ཆོག་བདེ་ཆེན་སྙིང་པོ་ཞེས་བྱ་བ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ནགས་རྒྱལ་གྱི་དབེན་གནས་སུ་སྦྱར་བའོ།། །།མངྒ་ལཾ།། །།


TNT07_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རབ་འབྱམས་ཀྱི་སྒྲུབ་ཐབས་དངོས་གྲུབ་ཀྱི་རྒྱ་མཚོ།


TNT07_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རབ་འབྱམས་ཀྱི་སྒྲུབ་ཐབས་དངོས་གྲུབ་ཀྱི་རྒྱ་མཚོ་ཞེས་བྱ་བ་བཞུགས།


TNT07_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རབ་འབྱམས་ཀྱི་སྒྲུབ་ཐབས་དངོས་གྲུབ་ཀྱི་རྒྱ་མཚོ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དོན་དམ་འགྱུར་མེད་དགའ་བཞིའི་དཔའ་བོ་མཆོག །སྤྲོས་བྲལ་གདོད་མའི་ཤེས་རབ་མས་འཁྱུད་པ། །དཔལ་ཆེན་ཧེ་རུ་ཀ་དཔལ་ཡབ་ཡུམ་གྱིས། །སྲིད་འདིར་མཆོག་ཏུ་དགེ་ཞིང་ཤིས་པར་མཛོད། །ཡོན་ཏན་འཕྲིན་ལས་ནམ་ཡང་ཟད་མི་མངའ། །མཐའ་དག་བརྟན་དང་གཡོ་བའི་དངོས་པོའི་ཚུལ། ཁྱབ་བདག་རང་བཞིན་བདེ་གཤེགས་དཔའ་བོ་ལྔ། །སྙིང་པོའི་རྣལ་འབྱོར་མར་བཅས་རྒྱལ་གྱུར་ཅིག །བསམ་གྱིས་མི་ཁྱབ་ཐུགས་རྗེའི་


TNT07_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་སྟོབས་ཀྱིས། །སྒྲུབ་ལ་དངོས་གྲུབ་མ་ལུས་མྱུར་སྩོལ་བ། །རྡོ་རྗེའི་རང་བཞིན་གནས་གསུམ་དཔའ་བོ་དང༌། །མཁའ་འགྲོའི་ཚོགས་ཀྱིས་བདག་ལ་ཐུགས་བརྩེར་མཛོད། །མཚན་ཙམ་བསྒྲགས་པས་བདུད་སྡེའི་སྙིང་འགས་ཤིང༌། །དུས་གསུམ་རྒྱལ་བའི་འཕྲིན་ལས་ཀུན་སྒྲུབ་པ། །རྡོ་རྗེ་ཁྲོ་ཚོགས་རྒྱ་མཚོའི་རོལ་པ་ཅན། །ཡེ་ཤེས་མ་མོ་བརྒྱད་ཀྱིས་འགྲོ་འདི་བསྲུངས། །དེ་ལྟར་དཀྱིལ་འཁོར་འཁོར་ལོ་མ་ལུས་ལ། །དད་པས་དམིགས་མེད་ངང་ནས་ཕྱག་བགྱིད་ན། །ཞིང་སྐྱོང་ལ་སོགས་དུར་ཁྲོད་སྤྱོད་ཡུལ་ཅན། །དེ་དག་ཀུན་གྱིས་བགེགས་རྣམས་ཉམས་པར་མཛོད། །སྡོམ་པའི་རྒྱུད་རྒྱལ་རྒྱ་མཚོ་ལྟ་བུ་སྟེ། །སྒྲུབ་ཐབས་རིན་ཆེན་དཔག་གཡས་འཛིན་མོད་ཀྱང༌། །དེ་ལས་བླ་མ་དམ་པའི་དེད་དཔོན་གྱིས། །གང་བླང་དེ་དག་བྱི་དོར་བྱ་བར་འོས། །འདིར་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ནས་འབྱུང་བའི་སྒྲུབ་ཐབས་རྣམ་པ་མང་པོ་དག་བཤད་པར་བྱའོ། །དེ་ཡང་སྒྲུབ་པ་པོ་དགེ་བ་བཅུ་ལ་གོམས་ཤིང་དཀོན་མཆོག་གསུམ་འབའ་ཞིག་བླ་མར་བྱེད་པ། ཐེག་


TNT07_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཆོག་ལ་གཞོལ་བའི་ལྷག་བསམ་ཅན། རྡོ་རྗེ་ཐེག་པ་ལྷག་པར་མོས་པ། དབང་བསྐུར་བ་ཐོབ་ཅིང་དམ་ཚིག་ཤིན་ཏུ་བསྲུང་བ། རྡོ་རྗེ་སློབ་དཔོན་མཆོག་ཏུ་དགྱེས་པར་བྱ་བའི་བཀའ་དྲིན་ཐོབ་པ་དག་གིས་འདི་བསྒོམ་པར་བྱ་སྟེ། དེ་ལས་བརྩོན་འགྲུས་དང་ལྡན་ན་འདོད་པའི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་ཐེ་ཚོམ་མེད་ཅིང༌། གང་དག་སྐྱེ་བ་གཞན་དང་སྐྱེ་བ་འདི་ཉིད་ལ་སྔོན་མི་ཟད་པའི་ལས་བྱས་པ་དག་ཀྱང་དེ་ལྟ་བུའི་རིམ་པ་ལས་མ་ལོག་པར་བསྒྲུབས་ན། ཚེ་འདིའམ་སྐྱེ་བ་བདུན་ཚུན་ཆད་ཀྱི་འདོད་པའི་དངོས་གྲུབ་ཏུ་འགྱུར་ཏེ། འོན་ཀྱང་དམ་པའི་ཆོས་ཀྱི་ནང་དུ་ཞུགས་ནས། མི་དགེ་བ་བཅུ་སྤྱོད་བཞིན་པ་དང༌། དམ་ཚིག་ཉམས་པས་ནི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ཕྱིར་ཞིང་བྱིང་བར་འགྱུར་གྱི། གྲུབ་པ་དང་བདེ་བ་བླ་ན་མེད་པ་ག་ལ་ཞིག །དེ་ལྟར་ཡང༌། སྲོག་གཅོད་པ་ཡི་སེམས་ཅན་གང༌། །གཞན་གྱི་ནོར་ལ་དགའ་བ་དང༌། །རྟག་ཏུ་གཡེམ་པར་སྤྱོད་པ་དང༌། །བཤང་གཅི་ཟས་སུ་ཟ་བ་སྟེ། །དེ་དག་སྒྲུབ་པའི་སྣོད་དུ་འགྱུར། །ཞེས་པ་དང༌། སེམས་ཅན་མཚམས་མེད་ལ་སོགས་པ། །སྡིག་པ་ཆེན་པོ་བྱེད་པ་ཡང༌། །རྡོ་རྗེ་ཐེག་པ་རྒྱ་མཚོ་ཆེ། །ཐེག་པ་མཆོག་ནི་འདི་ལ་འགྲུབ། །སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པར་ཡོངས་མི་འགྱུར། །ཞེས་གསུངས་སོ། །མཐུན་པའི་རྐྱེན་ནི་འདི་ཡིན་ཏེ། དུར་ཁྲོད་ལ་སོགས་པའི་གནས་དང༌། དམ་ཚིག་གི་རིལ་བུ་ལ་སོགས་པའི་རྫས་དང༌། ཁ་ན་མ་ཐོ་བ་མེད་པའི་ཟས་གོས་སོགས་ཡོ་བྱད་དང༌། རྡོ་རྗེ་དྲིལ་བུ་སོགས་མི་འབྲལ་བའི་དམ་ཚིག་དང༌། མཚན་དང་ལྡན་པའི་སྒྲུབ་གཡོག་སོགས་གྲོགས་དེ་ལྔ་པོ་དེ་དག་སྒྲུབ་པ་པོ་སྔགས་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱིས་སྒྲུབ་པའི་


TNT07_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ན་ཐམས་ཅད་མ་ཉམས་ཤིང་ཚང་བར་དགོས་ལ། བསྙེན་པའི་སྐབས་ནི་ཅི་རིགས་པ་ཚང་བས་ཆོག་གོ །གལ་ཏེ་ནང་ལ་གཞོལ་བའི་རྣལ་འབྱོར་པ་ཞིག་ཡིན་ན་ནི། བསྙེན་པའི་སྐབས་སུ་དེ་དག་ཡིད་ཀྱི་བྱ་བ་ཁོ་ནས་ཆོག་ཅིང༌། སྒྲུབ་པའི་ཚེ་ཡང་དེ་དག་ལས་འབད་རྩོལ་མེད་པར་གང་རྙེད་པ་ཙམ་ཞིག་བཟུང་བར་བྱ་བ་ཡིན་ནོ། །ད་ནི་བསྒོམ་པར་བྱ་བའི་སྒྲུབ་ཐབས་རྣམས་ལས་ཐོག་མར་རྩ་རྒྱུད་ཀྱི་དཀྱིལ་འཁོར་དག་བརྗོད་དེ། ༈ ཨོཾ་ན་མོ་བཛྲ་ཧེ་རུ་ཀ་ཙ་ར་ཎཱ་ཡ། གང་སྐུ་ཡིད་ལ་དྲན་པས་སྲིད་པའི་འཆིང་བ་ལྷོད་པོར་བྱེད། །ཉིན་རེ་བསྒོམ་ན་གཟུང་འཛིན་སྣང་བ་ཡུད་ཀྱི་བཟློག་པར་འགྱུར། །བཟླས་བརྗོད་ཙམ་གྱིས་བྱེ་བ་ཕྲག་བརྒྱའི་འདོད་དོན་འཕྲལ་ཏུ་འགྲུབ། སྒྲུབ་ཐབས་འདི་ལ་ཕུན་ཚོགས་ནུས་མཐུ་མཐའ་ཡས་མཐོང་བ་ཡིན། །འདིར་དཔལ་སྡོམ་པ་ཉུང་ངུའི་འགྲེལ་པ་དང་སྒྲུབ་ཐབས་གསང་བའི་བདག་པོ་རྡོ་རྗེ་འཛིན་པས་གང་གསུངས་པ་དེ་ཉིད་ཀྱི་རྗེས་སུ་འབྲངས་ཏེ། བསྐྱེད་པའི་རིམ་པའི་ཕྱོགས་ལ་བརྟེན་པའི་སྒྲུབ་ཐབས་ལག་ལེན་བླ་མའི་མན་ངག་བཞིན་དུ་བྲི་བར་བྱའོ། །སྐྱབས་འགྲོ་སེམས་སྐྱེད་ཡིག་བརྒྱ་ལ་སོགས་པ་སྔོན་འགྲོ་རྣམ་པ་གསུམ་སྤྱི་དང་མཐུན་པར་བྱས་ནས། དུར་ཁྲོད་ཀྱི་ས་གཞི་ལ་དབུགས་བྲལ་གྱི་གདན་སྟེང་དུ་འདུག་པར་གྱུར། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ནི་རྡོ་རྗེ་ཉི་མའོ། །འདུ་ཤེས་ཀྱི་ཕུང་པོ་ནི་པདྨ་གར་གྱི་དབང་ཕྱུག་གོ །འདུ་བྱེད་ཀྱི་ཕུང་པོ་ནི་རྡོ་རྗེ་རྒྱལ་པོའོ། །རྣམ་


TNT07_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ནི་ཤྲཱི་ཧེ་རུ་ཀ་རྡོ་རྗེའོ། །མིག་གཉིས་ལ་ནི་གཏི་མུག་རྡོ་རྗེའོ། །རྣ་བ་གཉིས་ལ་ནི་ཞེ་སྡང་རྡོ་རྗེའོ། །སྣ་ལ་ནི་སེར་སྣ་རྡོ་རྗེའོ། ཁ་ལ་ནི་འདོད་ཆགས་རྡོ་རྗེའོ། །ལུས་ལ་ནི་ཕྲག་དོག་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་ནི་དབང་ཕྱུག་རྡོ་རྗེའོ། །སའི་ཁམས་ལ་ནི་ལྟུང་བྱེད་མའོ། །ཆུའི་ཁམས་ལ་ནི་གསོད་བྱེད་མའོ། །མེའི་ཁམས་ལ་ནི་འགུགས་བྱེད་མའོ། །རླུང་གི་ཁམས་ལ་ནི་པདྨ་གར་གྱི་དབང་ཕྱུག་མའོ། །ནམ་མཁའི་ཁམས་ལ་ནི་པདྨ་དྲ་བ་ཅན་ནོ། །དེ་དག་ནི་ཕུང་ཁམས་ཀྱི་ང་རྒྱལ་སྐྱེད་པ་སྟེ། རྒྱས་པར་ན་ལཱུ་ཡི་པ་ལྟར་བསྒོམ་མོ། །སུམྦྷ་ལན་གཉིས་ཀྱིས་ཚམས་རྔམ་བྱ། ཕྱོགས་མཚམས་ཐམས་ཅད་དུ་རྡོ་རྗེའི་རཱ་བ་དང༌། སྟེང་དུ་གུར་དང་མདའི་དྲ་བ། འོག་ཏུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཁ་བཞི་པའི་རང་བཞིན་གྱི་རྡོ་རྗེའི་ས་གཞི། དེའི་འོག་ཏུ་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལས་སྤྲོས་པའི་མེ་ལྕེ་གཅིག་ཏུ་གྱུར་པའི་བསྲུང་བའི་འཁོར་ལོར་གྱུར། གནས་བསྲུང་བ་བསྡུ་ན་དེ་ཙམ་གྱིས་ཀྱང་ཆོག་ལ། ཅུང་ཟད་རྒྱས་པར་སྤྲོ་ན། རྒྱལ་པོ་སེངྒེའི་གདན་ཅན་ཁྱབ་འཇུག་སྦས་པའི་ཞབས་ཀྱིས་མཛད་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ལས་འབྱུང་བ་ལྟར་བསྒོམ་པར་བྱའོ། །དེ་ནི་དེ་དབུས་ཨ་ཡིག་ལས་བྱུང་བའི། འཁོར་ལོ་སེར་པོ་རྩིབས་བརྒྱད་པ། །སྟེང་འོག་སྦུབས་དང་བཅས་པར་གྱུར། །དབུས་དང་རྩིབས་


TNT07_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་སྟེང་འོག་ཏུ། །རཾ་ལས་ཉི་མ་བཅུ་གཅིག་སྟེ། །དེ་སྟེང་ཧཱུཾ་ཡིག་བཅུ་གཅིག་ལས། །དབུས་སུ་ཧཱུཾ་མཛད་སྔོན་པོ་འཇིགས། །དབུས་ན་གཡས་དམར་གཡོན་དཀར་ཞལ། །རྡོ་རྗེ་གྲི་གུག་རྩེ་གསུམ་གཡས། །དྲིལ་བུ་ཐོད་པ་ཁ་ཊྭཾ་གཡོན། །སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་དང༌། །མི་བསྐྱོད་ཅོད་པན་རལ་པ་མཛེས། །ཐོད་སྐམ་ཐོད་རློན་ཕྱག་རྒྱ་ལྔ། །སྟག་ལྤགས་སྦྲུལ་གྱིས་བརྒྱན་པ་སྟེ། །གཡས་བརྐྱང་ཞབས་ཀྱི་འཇིགས་དུས་མནན། །སྤྱན་དགུར་རབ་ཁྲོས་མེ་དཔུང་འབར། །གཤིན་རྗེ་མཐར་བྱེད་ནག་དཀར་དམར། །དབྱུག་པ་འཁོར་ལོ་རྡོ་རྗེ་གཡས། །ཞགས་པ་དྲིལ་བུ་དགྲ་སྟ་གཡོན། །ཤེས་རབ་མཐར་བྱེད་དཀར་སྔོ་དམར། །རལ་གྲི་རྡོ་རྗེ་དབྱུག་པ་གཡས། །ཞགས་པ་དྲིལ་བུ་དགྲ་སྟ་གཡོན། །པདྨ་མཐར་བྱེད་དམར་སྔོ་དཀར། །གཏུན་ཤིང་རྡོ་རྗེ་རལ་གྲི་གཡས། །ཞགས་པ་དྲིལ་བུ་དགྲ་སྟ་གཡོན། །བགེགས་མཐར་བྱེད་པ་སྔོ་དམར་དཀར། །རྒྱ་གྲམ་འཁོར་ལོ་གཏུན་ཤིང་གཡས། །དྲིལ་བུ་ཞགས་པ་དགྲ་སྟ་གཡོན། །དེ་རྣམས་ཤར་སོགས་གཡས་སྐོར་ཏེ། །ཕྱོགས་ཀྱི་རྒྱལ་བས་དབུ་ལ་བརྒྱན། །ཤར་ལྷོ་མི་གཡོ་སྔོ་དམར་དཀར། །རལ་གྲི་རྡོ་རྗེ་འཁོར་ལོ་གཡས། །ཞགས་པ་དྲིལ་བུ་དགྲ་སྟ་གཡོན། །ལྷོ་ནུབ་འདོད་རྒྱལ་སྔོ་དམར་དཀར། །དང་པཽ་གཉིས་ནི་ཧཱུཾ་མཛད་རྒྱ། །ལྷག་མ་རྡོ་རྗེ་རལ་གྲི་གཡས། །གཡོན་རྣམས་ཞགས་པ་ལྕགས་ཀྱུའོ། །ནུབ་བྱང་དབྱུག་སྔོན་སྔོ་དམར་


TNT07_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དཀར། །དབྱུག་པ་རལ་གྲི་རྡོ་རྗེ་གཡས། །ཞགས་པ་པདྨ་ཉི་མ་གཡོན། །བྱང་ཤར་སྟོབས་ཆེན་ནག་དམར་དཀར། །དབྱུག་པ་རལ་གྲི་འཁོར་ལོ་གཡས། །ཞགས་པ་རྩེ་གསུམ་དགྲ་སྟ་གཡོན། །རིམ་བཞིན་རྣམ་སྣང་རིན་འབྱུང་དང༌། །སྣང་མཐའི་དོན་ཡོད་རྒྱས་བཏབ་ཅན། །སྟེང་དུ་གཙུག་ཏོར་ལྗང་དམར་དཀར། །དང་པོ་གཙུག་ཏོར་ཕྱག་རྒྱ་མཛད། །གཡས་གཞན་རྡོ་རྗེ་པདྨ་དང༌། གཡོན་གཞན་སྡིག་མཛུབ་རལ་གྲིའོ། །འོག་ཏུ་གནོད་མཛེས་ནག་དཀར་དམར། །འཁོར་ལོ་རྡོ་རྗེ་རིན་ཆེན་གཡས། །ཞགས་པ་རལ་གྲི་པདྨ་གཡོན། །དེ་གཉིས་མི་བསྐྱོད་དབུ་རྒྱན་ཏེ། །ཀུན་ཀྱང་ཆ་བྱད་གཙོ་བོར་མཚུངས། །ཕྱོགས་བཅུའི་བགེགས་རྣམས་ཞབས་ཀྱིས་མནན། །མེ་དཔུང་འབར་བའི་དབུས་ན་བཞུགས། ཞེས་བྱའོ། །འདིར་ཞགས་པ་རྣམས་སྡིག་མཛུབ་དང་བཅས་ཐུགས་ཀར་གཏོད་པ་ཡིན་ལ། གཤིན་རྗེ་མཐར་བྱེད་ཞབས་བཞི་པར་ཡང་བཤད་དོ། །དེ་ནས་འཁོར་ལོ་དྲག་ཏུ་བསྐོར་བས་གདུག་པ་ཅན་ཐམས་ཅད་ཚར་བཅད་པར་གྱུར། སུམ་བྷ་དྲག་ཏུ་བཟླ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཁྲོ་བོ་བཅུ་རང་གི་ལུས་ལ་བསྡུ། ཡཾ་དཔུང་པ་གཡོན་པར་གཤིན་རྗེ་མཐར་བྱེད། པྲཾ་གཡས་པར་ཤེས་རབ་མཐར་བྱེད། པཾ་ལག་པ་གཡོན་པ་ལ་པདྨ་མཐར་བྱེད། བཾ་གཡས་པ་ལ་བགེགས་མཐར་བྱེད། ཨཾ་བརླ་གཡོན་པ་ལ་མི་གཡོ་བ། ཊཾ་གཡས་པ་ལ་འདོད་པའི་རྒྱལ་པོ། ནཾ་རྐང་པ་གཡོན་པ་ལ་དབྱུག་སྔོན་ཅན། མཾ་གཡས་པ་


TNT07_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྟོབས་པོ་ཆེ། ཨུཾ་སྤྱི་གཙུག་ཏུ་གཙུག་ཏོར་འཁོར་ལོས་བསྒྱུར་བ། སུཾ་བཤང་ལཾ་དུ་གནོད་མཛེས་རྒྱལ་པོ། བཾ་སྙིང་གར་རྡོ་རྗེ་ཧཱུཾ་མཛད་དོ། །ཡང་སྐད་ཅིག་གིས་ལུས་ཀྱི་ཁྲོ་བོ་བཅུ་ལས་ཁྲོ་བོ་བཅུ་སྤྲོས། གནོད་མཛེས་ལ་བཀའ་བསྒོས་ཏེ། བགེགས་རྣམས་ཐམས་ཅད་ལ་བགེགས་མཐར་བྱེད་ཕུར་བུའི་གཟུགས་ཅན་གྱིས་ཕུར་བུས་བཏབ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། །ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྟཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི། སརྦ་བིགྷྣན། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། གནོད་མཛེས་ཀྱི་ཕྱག་མཚན་དང་པོ་ཐོ་བར་གྱུར་པ་རྣམས་ཀྱིས་ཕུར་བུ་བརྡུང་བར་གྱུར། ཨོཾ་བཛྲ་མུད་ག་ར་བཛྲ་ཀཱི་ལ་ཡ་ཨ་ཀོ་ཊ་ཡ་ཨ་ཀོ་ཊ་ཡ། ཏིཥྟ་ཏིཥྟ་ད་ཤ་དི་ཀ་ཀཱི་ལ་ཡེད་དུཥྟན་ཙྪ་ཏ་ཡེད་ཧཱུཾ་ཧཱུཾ་ཕཊ། དེའི་ཕྱི་རོལ་དུ་རྡོ་རྗེ་མེ་འབར་བས་བསྐོར་བར་གྱུར། དེ་དག་ནི་གནས་བསྲུང་བའོ། །བདུད་རྩི་བསངས་སྦྱངས། ཡཾ་ལས་རླུང་རཾ་ལས་མེ། ཀཾ་ལས་ཀ་པཱ་ལའི་ནང་དུ་ལི་ཨུ་རྀ་ཨི་ཨ་ལས་སྐྱེས་པའི་བུ་མུ་ར་མ་ཤུ་རྣམས་དང་ཨཱྀ་རཱྀ་ཨུ་ལཱྀ་རྣམས་ལས་བྱུང་བའི། གོ་ཀུ་ད་ཧ་རྣམས་སུ་གྱུར། ཨོཾ་ཨཱཿཧཱུཾ་ཧོཿ ཞེས་བདུད་རྩིར་བྱིན་གྱིས་བརླབས་


TNT07_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དེ་ཉིད་ཀྱིས་ལུས་ལ་གཏོར་དེ་བདག་བསྲུང་བའོ། །དེ་ནས་ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམས་ཏེ། རྣལ་འབྱོར་བསྲུང་བའོ། །རང་གི་སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ་དེའི་འོད་ཟེར་གྱིས་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་གཉིས་སུ་མེད་པ་མདུན་གྱི་ནམ་མཁར་ཕཻཾ། གང་གི་དྲིན་གྱིས་བདེ་ཆེན་ཉིད། སོགས་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་དང༌། མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས་ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་རྒྱུན་ཤགས་བྱ། ཤྲཱི་ཧེ་རུ་ཀོ྅་ཧཾ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །དཔྲལ་པར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། དེའི་འོད་ཟེར་གྱིས་ཁམས་གསུམ་གྱི་ལུས་ངག་ཡིད་གསུམ་གནས་དང་བཅས་པ་བསྡུས་ནས་རང་ལ་ཐིམ། རང་ཉིད་ཀྱང་ཡི་གེ་གསུམ་ལ་ཐིམ། ཨོཾ་ཨཱཿལ་ཐིམ། ཨཱཿཧཱུཾ་ལ་ཐིམ། ཧཱུཾ་ལྔ་ཆར་རིམ་གྱིས་བསྡུས་ནས་ནཱ་དའི་བར་དུ་ཐིམ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་ས་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་


TNT07_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཧཾ་ལས་བྱུང་བའི་ནམ་མཁའི་ཁམས་ཆོས་འབྱུང་ལྗང་ཁུའི་དབུས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོན་པོ། རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ། ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ། སུཾ་ལས་རིའི་རྒྱལ་པོ་རི་རབ་རྩེ་མོ་བརྒྱད་པ་རྣམས་སྟེང་ནས་སྟེང་དུ་བརྩེགས་པ། དེའི་དབུས་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའོ། །དེའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ལས་དུས་ཀྱི་མེ། ཨཱཿལས་དཀའ་ཟློག་མ། ཨོཾ་ལས་འཇིགས་བྱེད་ཆེན་པོ་གདན་དུ་གནས་པའོ། །འདབ་མ་རྣམས་ལ་ཉི་གདན་གྱི་སྟེང་དུ་ཨ་ཨཱ་ཨཾ་ཨ་བྱུང་བའི་ཡི་དྭགས་ཀྱི་གདན་རྣམས་སོ། །ཡང་ན་ཨཾ་སཾ་མཾ་ཏཾ་རྣམས་ལས་སྐྱེས་པའོ། །མཚམས་རྣམས་སུ་ཟླ་བའི་གདན་ནོ། །ཕྱི་རོལ་མེ་དང་རླུང་གི་དཀྱིལ་འཁོར་ལ་ཉི་གདན་གྱི་སྟེང་དུ་ཕྱོགས་བཞིར་ཤུཾ་ཤཾ་པུཾ་ཀླེཾ། དབང་ལྡན་ལ་སོགས་པ་རྣམས་སུ། བཾ་སོཾ་གོཾ་ཨོཾ་རྣམས་དང༌། བར་གྱི་འཁོར་ལོ་གསུམ་ལ་ཟླ་གདན་ཏེ་ནམ་མཁའི་འཁོར་ལོ་པུ་ཛ་ཨོ་ཨ་གོ་ར་དེ་མ། སའི་དཀྱིལ་འཁོར་ལ་ཀ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི། ཆུའི་དཀྱིལ་འཁོར་ལ་པྲེ་གྲི་སོ་སུ། ན་སི་མ་ཀུ་སྟེ། ཡི་གེ་སུམ་ཅུ་སོ་དྲུག་ཡོངས་སུ་གྱུར་པ་ལས་མི་རོའི་གདན་རྣམས་སུ་གྱུར། དེ་རྣམས་ཀྱི་སྟེང་དུ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་


TNT07_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཕྲག་གཉིས་ལས་ཟླ་བའི་དཀྱིལ་འཁོར། དེའི་འོག་ཏུ་ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ། ཕྲག་གཉིས་ལས་ཉི་མའི་དཀྱིལ་འཁོར། ནམ་མཁའི་ནཱ་ད་ལས་ཆ་ལྔའི་རིམ་པས་ཧཱུཾ་ཡིག་རྫོགས། དེ་ཟླ་བའི་དཀྱིལ་འཁོར་ལ་ཞུགས་ཏེ་ཁ་སྦྱོར་གྱི་ནང་དུ་གནས་པར་གྱུར། དེ་ལས་གདན་རྣམས་ཀྱི་སྟེང་དུ་ས་བོན་རྣམས་སྤྲོ་བར་བྱ་སྟེ། ཌཾ་ལཾ་ཁཾ་རུཾ་ཨ་ཨཱ་ཨཾ་ཨཿ ཁ་ཨུཾ་ཤྭཾ་སུཾ་ཡཾ་ཡཾ་ཡཾ་ཡཾ། པྲཾ་ཙཾ་པྲཾ་མུཾ་སུཾ་ཁཾ་ལཾ་དྲུཾ་ཨེཾ་མཾ་བཾ་སུཾ་ཤྱཾ་སུཾ་ཧཾ་ཁཾ་ཙཾ་ཁཾ་ཤཾ་ཙཾ་སུཾ་མཾ་ཙཾ་མཾ། དབུས་ཀྱི་ཧཱུཾ་ཡོངས་སུ་གྱུར་པ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །དེ་དག་ནི་རྣལ་འབྱོར་དང་པོའོ། །དེ་ལས་འོད་ཟེར་འཕྲོས་སྲིད་པ་གསུམ་པོ་ཡོངས་སུ་སྦྱངས་ནས། སྣོད་ཐམས་ཅད་གཞལ་མེད་ཁང་དང༌། བཅུད་ཐམས་ཅད་ཧེ་རུ་ཀའི་ལྷ་ཚོགས་སུ་བྱས་ནས། སླར་འདུས་ཏེ་ཟླ་ཉི་ས་བོན་ཕྱག་མཚན་གདན་དང་བཅས་པ་དེ་དག་ཐམས་ཅད་རོ་གཅིག་ཏུ་འདྲེས་པ་ལས། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར་པ་ནི། རི་རབ་ཀྱི་ལྟེ་བ་རྣམ་པར་དག་པའི་བདེ་བ་ཆེན་པོའི་འཁོར་ལོ། རྭ་བཞིའི་ཕྱོགས་ཀྱི་ནམ་མཁའ་ནྀ་ཐུགས་ཀྱི་འཁོར་ལོ། སའི་དཀྱིལ་འཁོར་ནི་གསུང་གི་འཁོར་ལོ། །ཆུའི་དཀྱིལ་འཁོར་ནི་སྐུའི་འཁོར་ལོ། དེ་


TNT07_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཆད་སྒོས་གནས་དང་ཕྱི་རོལ་གྱི་ཁོར་ཡུག་ནི་མེ་དང་རླུང་གི་དཀྱིལ་འཁོར་རྣམ་པར་དག་པ་སྟེ། དུར་ཁྲོད་ཀྱི་ས་གཞིའོ། །དེ་ཡང་ཕྱི་རོལ་ཏུ་བསྲུང་བའི་འཁོར་ལོ་རབ་ཏུ་ཡངས་པའི་ནང་རྡོ་རྗེའི་ས་གཞི་ཁ་དོག་ནག་པོ་ལ། དུར་ཁྲོད་ཆེན་པོ་བརྒྱད་དེ། ཤར་ནས་གཡས་བསྐོར་གྱིས། མདུང་གིས་འབིགས་དང་རོ་བསྲེགས་དང༌། རྣག་གི་དྲི་དང་རུལ་པ་ཅན། དབང་ལྡན་ནས་གཡོན་བསྐོར་གྱིས། བྱིས་པ་ཤི་དང་སྦྲུལ་གྱིས་བཟུང༌། དྲག་པོའི་གཡུལ་དང་ལྷག་མ་ཅན། ཡང་ན་གཏུམ་གྲགས་ལ་སོགས་པ་སྤྱི་དང་མཐུན་པར་བསྒོམ་ཀྱང་རུང་སྟེ། བཤད་པའི་རྒྱུད་ལས་གསུང་པའི་ཕྱིར་རོ། །དེ་དག་ཏུ་ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། ཤིང་དང༌། མེ་དང༌། ཆུ་དང༌། སྤྲིན་དང༌། རི་དང༌། མཆོད་རྟེན་དང༌། གྲུབ་པ་ཐོབ་པའི་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་ཡོངས་སུ་གང་བ། དེའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་པ། གྲུ་བཞི་པ། སྒོ་བཞི་པ། རྩིག་པ་རིན་པ་ལྔ་དང་ལྡན་པ། ཕ་གུ་དང༌། དྲ་ཕྱེད་དང༌། ཤར་བུ་དང༌། མདའ་ཡབ་དང༌། གཟུངས་མ་རྣམས་དང་བཅས་པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་ཁང་བཞིའི་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས། ནོར་བུ་གསེར་གྱི་རང་བཞིན་བརྩེགས་མ་གསུམ་པ། རེ་རེ་ལའང་གདུང་དང༌། མྱོས་སྲུང་དང༌། ཀ་ཐུང་གིས་བཅད་པའི་


TNT07_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོའི་གནས་གསུམ་གསུམ་དང༌། སྟེང་དུ་ཧར་མི་བུམ་པའི་ཏོག་དང་བཅས་པའོ། །ཕྱི་རོལ་མཆོད་པའི་ས་གཞི་ཕྱོགས་ཀྱི་མདོག་ཅན་ལ། མཆོད་པ་སྣ་ཚོགས་དང་བཅས་པ། མཐའ་ཁ་དོག་དམར་པོས་བསྐོར་བའོ། །ཡང་ན་ཁྱམས་དམར་འཇམ་དུ་བྱས་ཀྱང་རུང་ངོ༌། །ནང་གི་ལྷ་སྣམ་ཤར་ནག ལྷོ་དམར། ནུབ་སེར། བྱང་དཀར་བ་སྒོའི་ཕྱེད་ཀྱི་ཚད་དང་ལྡན་པའོ། །དེའི་ནང་མཐོ་བར་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། འཁོར་ལོའི་འཕྲེང་བ་ཅན། དེའི་ནང་མཐོ་བར་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པ་པདྨའི་འཕྲེང་བ་ཅན། དེའི་ནང་མཐོ་བར་ཐུགས་ཀྱི་འཁོར་ལོ་ནག་པོ་རྩིབས་བརྒྱད་པ་རྡོ་རྗེའི་འཕྲེང་བས་བསྐོར་བ། དེའི་དབུས་སུ་བདེ་ཆེན་འཁོར་ལོ་པདྨ་འདབ་མ་བརྒྱད་པའི་མུ་ཁྱུད་ལ་གྲི་གུག་གི་འཕྲེང་བས་བསྐོར་བ། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་ཉེ་བར་བརྒྱན་པའོ། །དབུས་ཀྱི་གདན་གྱི་སྟེང་དུ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ཀ ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་བའི་ཞལ་ནག་པོ། གཡས་ཞལ་དམར་པོ། རྒྱབ་ཞལ་སེར་པོ། གཡོན་ཞལ་དཀར་པོ། དབུ་སྐྲ་སེར་པོ་སྟེང་དུ་འབར་བ། ཐོད་སྐམ་གྱི་དབུ་རྒྱན་དང༌། ཕྱག་རྒྱ་དྲུག་དང༌། ཀླུ་ཆེན་པོ་བཅུའི་རྒྱན་དང༌། མགོ་བོའི་དོ་ཤལ་འཆང་བ། ཐལ་བ་ཆེན་པོས་ཉེ་བར་བྱུགས་པ། ཕྱག་དང་པོ་གཉིས་ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་ཞིང་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་


TNT07_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གླང་པོ་ཆེའི་པགས་པ་རློན་པ་སྟོད་གཡོགས་སུ་བརྒྱངས་པ། ལྷག་མ་གཡས་བཞིས་ཌཱ་མ་རུ་དང༌། དགྲ་སྟ་དང༌། གྲི་གུག་དང༌། རྩེ་གསུམ་བསྣམས་པ། གཡོན་བཞིས་ཁ་ཊྭཾ་ག་དང༌། ཐོད་པ་དང༌། ཞགས་པ་དང༌། ཚངས་པའི་མགོ་བོ་འཛིན་པ། ཞལ་མཆེ་བ་གཙིགས་ཤིང༌། སྤྱན་བཅུ་གཉིས་པ། ཟླ་བ་ཕྱེད་པ་དང༌། སྣ་ཚོགས་རྡོ་རྗེ་ཅོད་པན་ཅན། ཞབས་གཡས་བསྐུམས་པས་འཇིགས་བྱེད་དང༌། གཡོན་བརྐྱང་པས་དུས་མཚན་མ་མནན་པ། གར་གྱི་ཉམས་དགུ་དང་ལྡན་པའོ། །ཡང་ན་ཞབས་གཡས་བརྐྱང་དུ་བྱས་ཀྱང་རུང་ངོ༌། །ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་པོའམ་ལྗང་ཁུར་ཡང་བྱ་ལ། བཅོམ་ལྡན་འདས་དང་སྐུ་མདོག་མཚུངས་པར་ཡང་རུང་སྟེ། འདོད་ཆགས་དང་ཞེ་སྡང་ལུས་བསམ་གྱིས་སྦྱོར་བ་ཅན་ཡིན་ཞིང༌། རླུང་དང་མེ་ཡང་གསུང་གི་ཕྱོགས་ལ་ཐབས་ཤེས་སུ་སྦྱོར་བའི་ངེས་པས་ནག་པོ་དང་དམར་པོ་སྦྱོར་བ་དང༌། ཡང་དུས་ཀྱི་འཁོར་ལོ་སྡོམ་པ་ཆུང་བའི་སྐབས་སུ་གསུངས་པ་དང་རིགས་པ་མཚུངས་པས་སྔོ་ལྗང་སྦྱོར་བ་དང༌། དཔལ་ཨོ་རྒྱན་པ་སོགས་ཀྱི་བཞེད་པ་དང་མཚུངས་ཤིང༌། མཉམ་ཉིད་ཟུང་འཇུག་མཚོན་པའི་ངེས་པ་ལས་ཡབ་ཡུམ་ཁ་དོག་འདྲ་བ་ཡང་ངོ༌། །གང་ལྟར་ཡང་། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དྲག་མོ་ཆེན་མོ་གྲི་གུག་དང་ཐོད་པ་འཛིན་པ། རྡུལ་དང་ལྡན་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཡབ་ཀྱི་ཞབས་དང་ལྷན་ཅིག་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །ཤར་དུ་མཁའ་འགྲོ་མ་ནག་མོ། ལྷོར་ལཱ་མ་དམར་མོ། ནུབ་ཏུ་དུམ་སྐྱེས་


TNT07_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

མ་སེར་མོ། བྱང་དུ་གཟུགས་ཅན་མ་དཀར་མོ། མཚམས་བཞིར་བདུད་རྩི་ལྔས་གང་བའི་ཐོད་པ་བཞིའོ། །ཤར་སྒོར་ཁྭ་གདོང་མ་ནག་མོ། ལྷོ་སྒོར་འུག་གདོང་མ་དམར་མོ། ནུབ་སྒོར་ཁྱི་གདོང་མ་སེར་མོ། བྱང་སྒོར་ཕག་གདོང་མ་དཀར་མོ། བྱང་ཤར་གྱི་གྲྭར་གཤིན་རྗེ་བརྟན་མ་དཀར་མོ། ནུབ་བྱང་གི་གྲྭར་གཤིན་རྗེ་ཕོ་ཉ་མོ་སེར་མོ། ལྷོ་ནུབ་ཀྱི་གྲྭར་གཤིན་རྗེ་མཆེ་བ་མ་དམར་མོ། ཤར་ལྷོའི་གྲྭར་གཤིན་རྗེ་འཇོམས་མ་ནག་མོ། མ་མོ་བཅུ་གཉིས་པོ་ཐམས་ཅད་ཕྱག་བཞི་གཡས་གཉིས་ན་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ན་ཐོད་པ་དང་ཁ་ཊྭཾ་གམི་མགོའི་དབུ་རྒྱན་དང༌། དོ་ཤལ་དང༌། ཕྱག་རྒྱ་ལྔ་དང་ལྡན་པ། དྲག་མོ་ཆེན་མོ་ལང་ཚོ་ལ་བབ་པའོ། །ཐུགས་ཀྱི་འཁོར་ལོའི་ཤར་རྩིབས་པུལླི་ར་མ་ལ་ཡར། ཁཎྜ་ཀ་པཱ་ལ་དང༌། རབ་ཏུ་གཏུམ་མོ། ལྷོ་ཕྱོགས་ཛཱ་ལན་དྷ་རར་མཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མ། ནུབ་ཕྱོགས་ཨོ་ཌི་ཡ་ཎར་ཀཾ་ཀ་ལ་དང་འོད་ལྡན་མ། བྱང་ཕྱོགས་ཨར་བུ་ཏར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། བྱང་ཤར་གོ་ད་ཝ་རིར་སུ་ར་བི་རི་དང་བརྟན་པའི་བློ་ཅན་མ། ནུབ་བྱང་རསྨི་ཤྭ་རིར་འོད་དཔག་མེད་དང་མིའུ་ཐུང་མ། ལྷོ་ནུབ་དེ་བཱི་ཀོ་ཊིར་རྡོ་རྗེ་འོད་དང་ལང་ཀའི་དབང་ཕྱུག་མ། ཤར་ལྷོ་མ་ལ་བར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ། དཔའ་བོ་དེ་ཐམས་ཅད་ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པའོ། །གསུང་འཁོར་གྱི་ཤར་རྩིབས་ཀཱ་མ་རུ་པར་ཨང་གུ་རི་དང་ཨེ་རི་ཝ་ཏི། ལྷོ་རྩིབས་ཨོ་


TNT07_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཊེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ནུབ་རྩིབས་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། བྱང་རྩིབས་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ། བྱང་ཤར་ཀ་ལིང་ཀར་རབ་ཏུ་བཟང་པོ་དང་སྔོ་སངས་ལྷ་མོ། ནུབ་བྱང་ལམ་པ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། ལྷོ་ནུབ་ཀཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་སྣ་མ། ཤར་ལྷོ་ཧི་མ་ལ་ཡར་མིག་མི་བཟང་དང་བྱ་གདོང་མ་སྟེ་དཔའ་བོ་དེ་ཐམས་ཅད་ཕྱག་དང་པོ་གཉིས་པདྨ་དང་དྲིལ་བུ་འཛིན་པའོ། །སྐུའི་འཁོར་ལོའི་ཤར་ཕྱོགས་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། ལྷོ་ཕྱོགས་གྲྀ་ཧ་དེ་པར་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ། ནུབ་ཕྱོགས་སཽ་རཥྟར་རྟ་མགྲིན་དང་ཤཽཎ་ཌི་ནི། བྱང་ཕྱོགས་སུ་བརྞ་དྭི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། བྱང་ཤར་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། ནུབ་བྱང་གི་སིནྡྷུར་པད་མ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། ལྷོ་ནུབ་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོས་བསྒྱུར་མ། ཤར་ལྷོར་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་དཔའ་བོ་དེ་ཐམས་ཅད་ཕྱག་དང་པོ་གཉིས་འཁོར་ལོ་དང་དྲིལ་བུ་འཛིན་པའོ། །འཁོར་ལོ་གསུམ་གྱི་ལྷ་རྣམས་ཀྱང༌། ཤར་དང་ཤར་ལྷོ་བ་རྣམས་ནག་པོ། །ལྷོ་དང་བདེན་བྲལ་བ་རྣམས་དམར་པོ། ནུབ་དང་ནུབ་བྱང་བ་རྣམས་སེར་པོ། །བྱང་


TNT07_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱང་ཤར་བ་རྣམས་དཀར་པོ། །ཐམས་ཅད་ཤེས་རབ་གཙོ་བོར་གྱུར་པ་སྟེ། རྣལ་འབྱོར་མ་ཉེར་བཞི་པོ་རྣམས་ཞལ་གཅིག་ཕྱག་གཉིས་མ། གྲི་གུག་དང་ཐོད་པ་འཛིན་པས་ཡབ་ཀྱི་མཆན་ཁུང་ནས་འཁྱུད་པ། ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། །མགོ་བོ་སྐམ་པོའི་དོ་ཤལ་ཅན། ཟླ་བའི་གདན་ལ་གནས་པ། སྐྲ་གྲོལ་བ། དྲག་མོ་ཆེན་མོའོ། །དཔའ་བོ་ཉི་ཤུ་རྩ་བཞི་པོ་རྣམས་ནི་ཕྱག་བཞི་པ། གཡས་འོག་མས་ཌཱ་མ་རུ་འཁྲོལ་ཞིང༌། གཡོན་འོག་མས་ཐོད་པ་དང་ཁ་ཊྭཾ་ལྷན་ཅིག་འཛིན་པ། རྒྱན་དང་ཆ་བྱད་ཐམས་ཅད་འཁོར་ལོའི་དབང་ཕྱུག་དང་ཕྱོགས་མཚུངས་ཤིང༌། གཡོན་བསྐུམ་གཡས་བརྐྱང་གི་སྟབས་ཀྱིས་ཡུམ་དང་མཉམ་པར་སྦྱོར་བ། འཁོར་ཐམས་ཅད་ཀྱང་མི་རོའི་གདན་ལ་བཞུགས་ཤིང༌། དཔྲལ་པར་རྡོ་རྗེའི་འཕྲེང་བས་བརྒྱན་པའོ། །འདིར་ཐུགས་འཁོར་གྱི་ལྷོའི་ཕྱག་གི་ཐོད་ཁྲག་ནི། བདུད་ཀྱི་ཐོད་ཁྲག་དང༌། གསུང་འཁོར་གྱི་ནི་ལྷའི་དང༌། སྐུ་འཁོར་གྱི་རྣམས་ལྷ་མིན་གྱི་དང༌། དམ་ཚིག་འཁོར་ལོ་རྣམས་མིའི་ཐོད་ཁྲག་ཡིན་པར་གསུངས་སོ། །དེ་དག་ནི་དབྱིབས་ཀྱི་དཀྱིལ་འཁོར་རྗེས་སུ་རྣལ་འབྱོར། དེ་ནས་ལུས་ཀྱི་དཀྱིལ་འཁོར་གསལ་གདབ་པར་བྱ་སྟེ། གསང་བའི་འཁོར་ལོའི་དབུས་སུ་དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོའོ། །སྙིང་ཁའི་འཁོར་ལོའི་དབུས་སུ་མཁའ་འགྲོ་མ། མགྲིན་པའི་པདྨའི་དབུས་སུ་ལཱ་མ། ལྟེ་བའི་ཆུ་སྐྱེས་ཀྱི་དབུས་སུ་ཁཎྜ་རོ་ཧ། དཔྲལ་


TNT07_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འདམ་སྐྱེས་ཀྱི་དབུས་སུ་གཟུགས་ཅན་མ་སྟེ། རི་རབ་དང་གླིང་བཞིའི་གནས་རྣམ་པར་དག་པའོ། །མདུང་གི་འབིགས་པ་ཁའི་སྒོར་ཁྭ་གདོང་མ། རོ་བསྲེགས་པ་སྣ་བུག་གཡས་ཀྱི་སྒོར་འུག་གདོང་མ། རྣག་གི་དྲིལ་བཤང་སྒོར་ཁྱི་གདོང་མ། རུལ་པ་ཅན་སྣ་བུག་གཡོན་དུ་ཕག་གདོང་མ། བྱིས་པ་ཤི་བ་རྣ་བ་གཡོན་པར་གཤིན་རྗེ་བརྟན་མ། སྦྲུལ་གྱིས་བཟུང་བ་རྣ་བ་གཡོན་པར་གཤིན་རྗེ་ཕོ་ཉ་མ། དྲག་པོའི་གཡུལ་མིག་གཡས་པར་གཤིན་རྗེ་མཆེ་བ་མ། ལྷག་མ་ཅན་མིག་གཡོན་པར་གཤིན་རྗེ་འཇོམས་མའོ། །སྤྱི་བོ་པུལླི་ར་མ་ལ་ཡར་ཁཎྜ་ཀ་པཱ་ལ་དང་རབ་ཏུ་གཏུམ་མོ། སྤྱི་གཙུག་ཛ་ལནྡྷ་རར་མཧཱ་ཀཾ་ཀཱ་ལ་དང་གཏུམ་པའི་མིག་ཅན་མ། རྣ་བ་གཡས་པ་ཨོ་ཊི་ཡ་ནར་ཀཾ་ཀཱ་ལ་དང་འོད་ལྡན་མ། ལྟག་པ་ཨརྦུ་ཏར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། རྣ་བ་གཡོན་གོ་ད་བ་རིར་སུ་ར་ཝི་རི་དང་བརྟན་པའི་བློ་ཅན་མ། སྨིན་མའི་དབུས་རསྨི་ཤྭ་རར་འོད་དཔག་མེད་དང་མིའུ་ཐུང་མ། མིག་གཉིས་དེ་བཱི་ཀོ་ཊར་རྡོ་རྗེའི་འོད་དང་ལང་ཀའི་དབང་ཕྱུག་མ། ཕྲག་པ་གཉིས་མཱ་ལ་བར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མའོ། །མཆན་ཁུང་གཉིས་ཀ་མ་རུ་པར་ཨང་ཀུ་རི་དང་ཨེ་ར་བ་ཏི། ནུ་མ་གཉིས་ཨོཾ་ཊེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་པོ། །ལྟེ་བ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ། ཁ་ཀ་


TNT07_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་གར་རབ་ཏུ་བཟང་པོ་དང་ཤྱ་མ་དེ་བཱི། མགྲིན་པར་ལཾ་པ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། སྙིང་ག་ཀཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་སྣ་མ། འབྲས་བུ་ཧི་མ་ལ་ཡར་མིག་མི་བཟང་དང་ཁ་གཱ་ན་ནའོ། །མཚན་མ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བཤང་ལམ་གྲི་ཧ་དེ་བར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧི། བརླ་གཉིས་སཽ་རཥྟར་རྟ་མགྲིན་དང་ཤཽཥྟི་ནི། བྱིན་པ་གཉིས་སུ་བརྞ་དྭི་བར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། རྐང་སོར་ན་གར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བོལ་གོང་སིན་དྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། རྐང་པའི་མཐེ་བོང་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོའི་བསྒྱུར་མ། པུས་མོ་གཉིས་སུ་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོའོ། །ཞེས་བརྗོད་ཅིང་གསལ་བཏབ། ཅུང་ཟད་རྒྱས་པ་ལ་མོས་ན། གོང་བཞིན་རོ་གདན་དང༌། ས་བོན་ལས་ལྷ་རྣམས་བསྐྱེད་ཀྱང་ལེགས་པར་འགྱུར་རོ། །དེ་དག་ནི་སྔགས་ཀྱི་དཀྱིལ་འཁོར་ཏེ་ཤིན་ཏུ་རྣལ་འབྱོར་རོ། །དེ་ནས་ཆོས་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ་སྟེ། རྒྱས་པར་ན་སྒྲུབ་ཐབས་ནས་འབྱུང་བ་བཞིན་དག་པ་མཐའ་དག་དྲན་པར་བྱ་ལ། མདོར་བསྡུས་ན། ལུས་རྗེས་སུ་དྲན་པ་ཉེ་བར་བཞག་པ་ནི་མཁའ་འགྲོ་མའོ། །ཞེས་སོགས་ནས། མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་ནི་གཤིན་རྗེ་འཇོམས་མའོ། །ཞེས་པའི་བར་ངག་ནས་བརྗོད་ཅིང་བསམས་པའོ། །ཨོཾ་ཨཱཿཧཱུཾ་སརྦ་བཱི་ར་ཡོ་གི་ནི་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭཱབྷ་ཝ་ཨཏྨ་ཀོ྅་ཧཾ། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨ་


TNT07_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཤུདྡྷོ྅་ཧཾ། དེ་ལྟར་སྐད་ཅིག་རྣམ་པའི་སྔགས་ཀྱིས་ཕོ་ཉ་གསུམ་བསྲེ་སྟེ། དཀྱིལ་འཁོར་གསུམ་བྱིན་གྱིས་རླབས་པ་ཡིན་ནོ། །སྤྱི་བོར་ཨོཾ་ལས་སྐུའི་མཁའ་འགྲོ་ཧེ་རུ་ཀ་དཀར་པོ། མགྲིན་པར་ཨཱཿལས་གསུང་གི་མཁའ་འགྲོ། ཧེ་རུ་ཀ་དམར་པོ། སྙིང་གར་ཧཱུཾ་ལས་ཐུགས་ཀྱི་མཁའ་འགྲོ་ཧེ་རུ་ཀ་ནག་པོ། ལྟེ་བར་ཧྲཱིཿལས་ཡེ་ཤེས་མཁའ་འགྲོ་ཧེ་རུ་ཀ་སེར་པོའོ། །འདི་རྣམས་ཀྱང་སྤྲོ་ཞིང་ནུས་ན། རིམ་པའི་འཁོར་ལོ་གསུམ་དང་མ་མོ་བཅུ་གཉིས་ཀྱིས་བསྐོར་བ་བསྒོམ་པར་བཤད་དོ། །ཡབ་ཀྱི་སྙིང་གར་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ། མགོ་བོར་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་སྭཱཧཱ་ཧཱུཾ་དམར་པོ་པདྨ་གར་གྱི་དབང་ཕྱུག ཕྲག་པ་གཉིས་སུ་བཽ་ཥ་ཊ་ཧེ་ནག་པོ་དཔལ་ཧེ་རུ་ཀ མིག་གཉིས་སུ་ཧཱུཾ་ཧཱུཾ་ཧོ་དམར་སེར་རྡོ་རྗེ་ཉི་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཧཾ་ལྗང་ཁུ་རྟ་མཆོག་གི་ངོ་བོ་ཡུམ་གྱི་ལྟེ་བར་ཨོཾ་བཾ་དམར་པོ་རྡོ་རྗེ་ཕག་མོ། སྙིང་ཀར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་པར་ཧྲིཾ་ཧྲིཾ་སེར་པོ་སྐྱོང་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཕཊ་དུད་ཁ་ཙནྚི་ཀཱའི་ངོ་བོ། རྡོ་རྗེ་སེམས་དཔའ་དང་རྨོངས་བྱེད་མ་ཟླ་བ་དང༌། གཞན་རྣམས་ཉི་མའི་གདན་ལ་གནས་པའོ། །འདི་དག་ཀྱང་སྤྲོ་ན་ལཱུ་ཡི་པའི་སྒྲུབ་ཐབས་སུ་བཤད་པ་བཞིན་ཞལ་ཕྱག་རྒྱས་པར་གསལ་གདབ་བོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་ཀྱི་དཀྱིལ་འཁོར་ཕཻཾ། ཛཿཧཱུཾ་བཾ་ཧོཿ


TNT07_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཡོ་ཀ་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅་ཧཾ། ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་དཀྱིལ་འཁོར་གྱི་འཁོར་ལོ་ཕཻཾ། ཨོཾ་ཨ་བྷི་ཥིཉྩནྟུ་མཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གི་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུངས་ཞིང་བདུད་རྩིས་གང་བའི་ཀ་པཱ་ལས་དབང་བསྐུར། སྐུ་ལུས་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་མི་བསྐྱོད་པ། ཡུམ་ལ་རྡོ་རྗེ་སེམས་དཔའ། ཤར་དང་མེའི་ལྷ་ལ་དོན་ཡོད་གྲུབ་པ། ལྷོ་དང་བདེན་བྲལ་པ་ལ་རིན་ཆེན་འབྱུང་ལྡན། ནུབ་དང་རླུང་མཚམས་པ་ལ་རྣམ་པར་སྣང་མཛད་བྱང་དང་དབང་ལྡན་དུ་གནས་པ་ལ་འོད་དཔག་མེད་ཀྱིས་དབུ་རྒྱན། ཡན་ན་གཙོ་བོ་ལ་མི་བསྐྱོད་པ། ཡུམ་ལ་རྣམ་སྣང་སོགས་བདེ་མཆོག་གི་སྒྲུབ་ཐབས་སྤྱི་དང་མཚུངས་པར་རྒྱས་བཏབ་བྱས་ཀྱང་མི་འགལ་ཏེ། ཁྱབ་འཇུག་སྦས་པས་མཛད་པའི་ཡུམ་བཀའི་སྒྲུབ་ཐབས་ཀྱི་དགོངས་པ་དང་ཡང་འབྱོར་བར་འགྱུར་རོ། །རྣལ་འབྱོར་ཆེན་པོའོ། །དེ་ནས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། རྐང་པ་བརྒྱད་པ་གཉིས་ཀྱིས་བསྟོད། ནང་མཆོད་སླར་ཡང་བྱིན་གྱིས་བརླབས། གཙོ་བོ་བརྩམས་ཏེ་སྔགས་རྣམས་ཀྱི་མཐར་ཡི་གེ་འབྲུ་གསུམ་སྦྱར་བས་མྱང་བར་བྱ་ལ། བོད་ཀྱི་ལག་ལེན་དང་སྦྱར་ནས་ནང་མཆོད་འབུལ་


TNT07_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐོག་མར་རྩ་བརྒྱུད་ཀྱི་བླ་མའི་མཚན་ནས་སྨོས་ཏེ་འབུལ་བར་སྤྲོ་ན། འདི་སྐད་ཅེས་བྱ་སྟེ། ཧེ་རུ་ཀ་དཔལ་རྡོ་རྗེ་རྣལ་འབྱོར་མ། །ཕྱག་ན་རྡོ་རྗེ་རིགས་ལྡན་རྒྱལ་དཀའ་དང༌། །གྲུབ་ཐོབ་བསོད་སྙོམས་པ་དང་གཉིས་སྤངས་ཞབས། །ཞི་བའི་འབྱུང་གནས་སྦས་པའི་བློ་གྲོས་དང༌། །སངས་རྒྱས་བྱེད་པ་སངས་རྒྱས་འོད་བྱེད་དང༌། །སེང་ཧ་ཀེ་ཏུ་དཔལ་གྱི་འགྲམ་པ་དང༌། །རྣམ་གྲོལ་ལྷ་དང་བཛྲ་དེ་བ་དང༌། །ར་ཏི་གུབྟ་གྲུབ་ཆེན་ཞི་བའི་ཞབས། །ལྷ་འབྱུང་གང་བའི་རྡོ་རྗེ་ལ་སོགས་པ། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །ཡང་ན། ཧེ་རུ་ཀ་དང་ཡེ་ཤེས་བཤེས་གཉེན་དང༌། །ཞི་བའི་ཞབས་དང་ལྷ་ཡི་འབྱུང་ལྡན་དང༌། །གང་བའི་རྡོ་རྗེ་རྩ་བའི་བླ་མ་སྟེ། །ཉེ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །ཞེས་བརྗོད་ཀྱང་རུང་ངོ༌། །དེའི་རྗེས་སུ་ཕྲ་ཐིག་གི་རྣལ་འབྱོར་ཅུང་ཟད་བསྒོམས་ཏེ་སྔགས་བཟླས་པར་བྱའོ། །བཟླས་པའི་དམིགས་པ་ནི་འཁོར་ལོའི་བཟླས་པ་གཙོ་བོར་བྱེད་ཅིང༌། བཟླས་བྱའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནི་ཛཱ་ལ་སམྦྷ་ར་སྭཱཧཱ། རྩ་བའི་སྔགས་སོ། །ཨོཾ་ཧཾ་ཧཾ་ཧྲཱིཿཧཱུཾ་ཕཊ། སྙིང་པོའོ། །ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་ཧཾ་ཧིཾ་ཧཱུཾ་ཧེཾ་ཧཾ་ཧཱུཾ་ཕཊ། མཚོན་ཆའི་སྔགས་སོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱཧཱ། ཡི་གེ་བཅུ་པ་ཡུམ་གྱི་སྙིང་པོའོ། །ཨོཾ་བཾ་ཡོཾ་མོཾ། ཧྲཻཾ་ཧྲཱིཾ་ཧཱུཾ་ཕཊ། གོ་ཆའི་སྔགས་སོ། །ཨོཾ་སུམྦྷ་ནི་སུམྦྷ་བཛྲ་ཌཱ་ཀི་ནི་ཧཱུཾ་ཕཊ། ཅེས་པ་ལ་སོགས་པ་སྙིང་པོའི་རྣལ་འབྱོར་མ་


TNT07_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་སྔགས་དང༌། ཨོཾ་ན་མོ་ག་ཝ་ཏེ་བཱི་རི་ཤཱ་ཡ། བཛྲ་ཀ་ཀཱ་སྱ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ལ་སོགས་པ་སྒོ་མཚམས་མ་བརྒྱད་ཀྱི་སྔགས་སོ། །ཨོཾ་ཀ་ར་ཀ་ར་བཛྲ་པྲ་ཙིཎྜེ་བཛྲ་ཁཎྜ་ཀ་པཱ་ལ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ལ་སོགས་པ་འཁོར་ལོ་གསུམ་གྱི་སྔགས་རྣམས་ཇི་ལྟར་འོས་པ་བཟླ་བར་བྱའོ། །རྗེས་དཀྱིལ་འཁོར་ཉེ་བར་བསྡུ་བ་དང༌། གོ་ཆ་གཉིས་ཀྱི་རྒྱས་འདེབས་པ་དང༌། དག་པ་གསུམ་དྲན་པའི་ཐུན་མཚམས་སུ་འཇུག་པ་ལ་སོགས་སྡོམ་པའི་སྒྲུབ་ཐབས་སྤྱི་དང་འདྲའོ། །གཏོར་མའི་ཆོ་ག་ནི། ཨོཾ་བཛྲ་ཀྲོདྷེ་ཤྭ་རི་སརྦ་དྲ་བྱ་ཎི་བི་ཤུདྡྷེ་ཧཱུཾ་ཕཊ། ཅེས་པའི་སྔགས་ལན་གསུམ་ལ་སོགས་པས་སྦྱངས་ལ། གོང་ནང་མཆོད་ལྟར་བྱིན་གྱིས་རླབས། ཨོཾ་ཤྲཱི་ཧེ་རུ་ཀ་ཨཱ་ཀཌྜཧྱ་ཀ་ཨཱ་ཀཌྜཧྱ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་ཌཱ་ཀི་ནི་ནཾ་ཧྲི་ད་ཡཾ་ཛཿཧཱུཾ་བཾ་ཧོཿཧཱུཾ་ཕཊ། ཅེས་པའི་སྔགས་དང་ཧཾ་གི་སྒྲས་སྤྱན་དྲངས། ཨོཾ་སུམྦྷ་སོགས་ཞལ་བཞི་པའི་སྔགས་ཀྱིས་གཙོ་བོ་ལ་ཕུལ། སྐབས་དེར་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་བཏབ་བོ། །དེ་ནས་འབྱུང་པོ་སྤྱིའི་གཏོར་མ་མཁའ་འགྲོ་སྤྱི་གཏོར་བདེ་མཆོག་སྤྱི་དང་མཐུན་པར་བཏང༌། དེའི་མཐར་ཡུལ་དང་གྲོང་གི་བདག་པོའི་གཏོར་མ་ནི། ཨོཾ་ཨཱཿཧཱུཾ་ཀྵེ་ཏྲ་པཱ་ལ་བ་ལིཾ་གྲྀཧྞ་གྲྀཧྞ་ས་པ་རི་ཝ་རེ་བྷྱོ་སརྦ་ས་ཏྭ་ནཱཾ་ཤིནྟཾ་ཙིཏྟེ་ན་ཀུ་རུ་སྭཱཧཱ། ཞེས་པའམ། བསྡུ་ན། ཨོཾ་ཀྵཾ་ཀྵེ་ཏྲ་པཱ་ལ་ཨ་ཧཱུཾ་ཕཊ། ཅེས་པས་ཀྱང་རུང་ངོ༌། །དེ་ནས་མཆོད་བསྟོད་འདོད་དོན་གསོལ་བཏབ་བྱས་ཏེ། ཡིག་བརྒྱ་དང་བཟོད་གསོལ་གྱི་མཐར། ཨོཾ་ཁྱོད་ཀྱིས་སོགས་དང༌། ཨོཾ་ཨཱཿཧཱུཾ་མུཿ ཞེས་དང༌། ཀྵཿཞེས་མང་དུ་བརྗོད་ཅིང༌།


TNT07_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པའི་རྒྱབ་ཏུ་སེ་གོལ་གཏོགས་པས་གཤེགས་སོ། །འདིའི་ཕྱི་རོལ་མཆོད་པ་ལ་སོགས་པ་ནི། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྒྱ་ནག་བྱང་ཕྱོགས་ལམ་གྱི་རིམ་པ་ལས་ཤེས་པར་བྱའོ། ཁ་ཟས་གཏོར་མ་ལྟར་བྱིན་གྱིས་རླབས། ཕུད་ཕུལ་ཏེ་དེའི་འོག་ཏུ། ཨོཾ་ཧ་རི་ཏ་པིཎྜ་ཀེ་པྲ་ཏཱིཙྪ་སྭཱཧཱ། ཞེས་པས་འཕྲོག་མ་བུ་དང་བཅས་པ་ལ་ཆང་བུ་གཉིས་དང༌། ཨོཾ་དཱུ་ཏི་ཀེ་ཨ་གྲ་ཨ་གྲ་སམ་པྲ་ཏཱིཙྪ་སྭཱཧཱ། ཕོ་ཉ་རྣམས་ལ་ཆང་བུ་སྦྱིན། དེ་ནས་འབྲུ་གསུམ་བཟླ་ཞིང་ཟོས་ལ། ལྷག་མའི་ཆང་བུ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨུ་ཙིཥྟ་བྷ་ཀྵ་ཀ་སྭཱཧཱ། ཞེས་པས་སྦྱིན་ནོ། །དེ་ལ་འདི་ནི་དུས་འཁོར་ཡེ་ཤེས་ལེའུར་བཤད་པའི་སྡོམ་པ་ཆུང་བ་དང་ལྷ་དང་སྔགས་འདྲ་ཡང༌། དེ་ནི་བསྙེན་སྒྲུབ་ཡན་ལག་བཞི་དུས་འཁོར་ཁོ་ནའི་ཆོ་གས་བསྒྲུབ་དགོས་ལ། འདིར་ནི་ཕྱག་རྡོར་སྟོད་འགྲེལ་གྱི་ལུགས་དེ་མཆོག་ཉུང་ངུའི་རང་ལུགས་སུ་སྦྱར་བ། སྒྲུབ་ཐབས་དེ་ཁོ་ན་ཉིད་ཀྱི་སྙིང་པོ་ལས་བྱུང་བ་ལ། ཁ་འགེངས་དགོས་རྣམས་རིག་ལྡན་གྱིས་མཛད་པའི་ཡུམ་དཀའི་སྒྲུབ་ཐབས་ལས་བླངས་ཤིང༌། མི་གསལ་བ་ཅུང་ཟད་ཡོད་པ་རྣམས་གྲུབ་པ་བརྙེས་པའི་བླ་མའི་གསུང་བཞིན་བཀོད་པ་ཡིན་ནོ། །འདིར་ཡང་ན་དབྱིབས་རྫོགས་པ་དཀྱིལ་འཁོར་རྒྱལ་མཆོག དེ་མན་ཆད་ལས་རྒྱལ་མཆོག །དེ་ནས་ཐིག་ཕྲ་གཉིས་ཏེ་ཡན་ཆད་བཞིའི་ཆིངས་བྱས་ཀྱང་རུང་ངོ༌། །ཚུལ་འདིས་ཐུན་བཞིར་བསྒོམས་ཏེ། །ཟླ་བ་དྲུག་ལ་སོགས་པས་སེམས་ཅུང་ཟད་ཙམ་བརྟན་པ་ན། སེམས་འགྲེལ་ཉིད་ལས་བཤད་པ་ལྟར་ལོ་བཅུ་གཉིས་སུ་སྒྲུབ་པ་བྱས་ནས་ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་བསྒྲུབ་པར་བྱ་བའམ། ཡང་ན་རྫོགས་པ་


TNT07_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པའི་རྣལ་འབྱོར་ལ་བརྟེན་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པར་བྱའོ། །སྨྲས་པ། འདི་ནི་སྒྲུབ་ཐབས་ཀུན་གྱི་མཆོག་གྱུར་ཡིན་ཡང་གྲགས་ཆུང་བས། །སེམས་འགྲེལ་ཤེས་པར་རློམ་པའི་ཆེན་པོ་འགས་ཀྱང་འདི་མ་རྟོགས། །གྲུབ་པའི་མན་ངག་འཕགས་ཡུལ་མཁས་པའི་གསུང་ལས་འདི་ཐོབ་པའང༌། །ཀུན་ལས་ཆེས་ཆེར་གྱུར་པའི་བསོད་ནམས་བགོ་སྐལ་ཡོད་པའི་རྟགས། །རྩ་བའི་རྒྱུད་ཀྱི་རྗེས་སུ་བགྲངས་པ་སེམས་འགྲེལ་གྱི་ལུགས། དཔལ་འཁོར་ལོ་སྡོམ་པ་བསྡུས་རྒྱུད་རྩ་བའི་སྒྲུབ་ཐབས་ཀྱི་ལེ་ཚན་ཏེ། དང་པོའོ།། །།ན་མ་ཤྩཀྲ་སམྦྷ་རཱ་ཡ། དཔལ་ལྡན་སྐུ་ནི་ཐམས་ཅད་པ། །རབ་ཏུ་དགའ་བའི་སེམས་དཔའ་བོ། །འགྲོ་བའི་ཡིད་ཀྱི་མུན་འཇོམས་པའི། །བླ་མ་རྡོ་རྗེ་ཅན་ཞབས་ལ། །བཏུད་ནས་དཔའ་བོ་ལཱུ་ཡི་པའི། །བཞེད་དོན་འཇིགས་པ་མེད་པའི་གཞུང༌། །ཇི་བཞིན་སྡོམ་པའི་སྒྲུབ་ཐབས་ནི། །ཤིན་ཏུ་ཉུང་ངུའི་ཚིག་གིས་བརྗོད། །འདིར་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་འཁྲུལ་སྤོང་གི་དོན་ཉམས་སུ་ལེན་པར་འདོད་པས། སྐྱབས་སེམས་རྡོར་སེམས་ཀྱི་སྒོམ་བཟླས་རྣམས་སྤྱི་དང་མཐུན་པར་བྱས་ལ། རང་སྐད་ཅིག་གིས་ཧེ་རུ་ཀ་ཕྱག་གཉིས་པ་ཡུམ་དང་བཅས་པའི་སྐུར་གྱུར། ལྟེ་བར་ཨཱ་ལི་ཀཱ་ལི་གཡོན་བསྐོར་དུ་འཁོད་པ་ལས། འཁོར་ལོ་གསུམ་གྱི་ལྷ་ཚོགས་སྤྲོས་ཏེ་བགེགས་ཐམས་ཅད་བཅོམ་པར་གྱུར། ཨོཾ་ཨ་ཨཱཿ ནས། ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ། ལན་གསུམ་བརྗོད། གཟུགས་ཀྱི་ཕུང་པོ་ལ་ནི་རྣམ་པར་སྣང་མཛད་དོ། །ཞེས་པ་ནས། ནམ་མཁའི་ཁམས་ནི་པདྨ་དྲ་བ་ཅན་ནོ། ཨོཾ་སུམྦྷ་ནས། བྷ་ག་ཝཱན་བཛྲ་ཧཱུཾ་ཧཱུཾ་ཕཊ་


TNT07_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྣམས་ནག་པོ་ལྗང་ཁུ་དམར་པོ་སེར་པོའི་འོད་ཀྱིས་ཚངས་པའི་འཇིག་རྟེན་ནས་གསེར་གྱི་ས་གཞིའི་བར་དུ་ཁྱབ་པ། དེ་ལས་འོག་ཏུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པའི་རང་བཞིན་གྱི་རྡོ་རྗེའི་ས་གཞི། ཕྱོགས་མཚམས་སུ་སྔགས་ཀྱི་འོད་ཟེར་ལས་བྱུང་བའི་རྡོ་རྗེའི་རྭ་བ་གྲུ་བཞི་ཕྱོགས་ཀྱི་མདོག་ཅན། སྟེང་དུ་རྡོ་རྗེའི་བླ་རེ་དང་གུར། དེའི་ཕྱི་རོལ་དུ་རྡོ་རྗེ་རྩེ་ལྔ་པའི་མདའི་དྲ་བ་རྣམས་སུ་གྱུར། ཚམ་རྔམ་དང་བཅས་པས་སུམྦྷ་ཚར་གཅིག་བརྗོད། སྔགས་རེ་རེའི་འོད་ཟེར་ལས་བྱུང་བའི་སྒོ་མ་བཞི་གཉིས་གཉིས་འདྲེས་པའི་འོད་ཟེར་ལས་བྱུང་བའི་མཚམས་མ་བཞི་རྣམས་ཐོ་བ་དང་ཕུར་བུ་ཐོགས་པ་སྤྲོས། ཕྱོགས་བཅུའི་བགེགས་རྣམས་བཀུག ཧཱུཾ་རྭ་བའི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ། འབྲུབ་ཁུང་བྱུང་བ་རྣམས་སུ་བཅུག །ཕུར་བུས་སྤྱི་བོར་བཏབ། ཨོཾ་གྷ་གྷ་སོགས་བརྗོད་ཐོ་བས་བརྡུངས་ཨོཾ་བཛྲ་མུངྒར༴ སོགས་བགེགས་རྣམས་བདེ་བ་ཆེན་པོའི་དབྱིངས་སུ་བསྒྲལ། རྭ་བ་ལ་ཐིམས། དེ་ལས་བྱུང་བའི་རྡོ་རྗེ་དང་པདྨ་དང་འཁོར་ལོའི་རྭ་བ་རིམ་པ་གསུམ་གྱིས་བསྐོར་ཞིང་ཕྱོགས་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ་འབར་བར་གྱུར། རང་གི་སྙིང་གར་ཨཾ་ལས་ཟླ་བའི་སྟེང་དུ་ཧཱུཾ་སྔོན་པོ། དེའི་འོད་ཟེར་གྱིས་བླ་མ་དང་དབྱེར་མེད་པའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་དུ་སྤྱན་དྲངས། ཧཱུཾ་ལས་བྱུང་བའི་རིག་མ་བཅུ་དྲུག་གིས་མཆོད་པར་


TNT07_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ཨོཾ་བཛྲ་བཱི་ནི་ཧཱུཾ་ཧཱུཾ་ཕཊ། སོགས་བརྗོད། རྐང་པ་བརྒྱད་པས་བསྟོད། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་ཀྱིས་རྒྱུན་སོགས་ཀྱི་རྒྱུན་བཤགས་བྱ། ཚད་མེད་བཞི་སྤྱི་དང་མཐུན་པར་སྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་དབུས་སུ་རང་གི་ལུས་ངག་ཡིད་གསུམ་ཨོཾ་ཨཱཿཧཱུཾ་དུ་གྱུར། ཨོཾ་ཨཱཿལ་ཐིམ། ཨཱཿཧཱུཾ་ལ་ཐིམ། ཧཱུཾ་ཆ་ལྔ་ནཱ་དའི་བར་དུ་ཐིམ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ནཱ་ད་ཡང་སྟོང་པར་ཐིམ། ཅུང་ཟད་མཉམ་པར་བཞགསྟོང་པའི་ངང་ལས་རང་སེམས་ནཱ་ད་དམར་སྐྱ་ནམ་མཁར་གནས་པར་གྱུར། དེ་ལས་སྤྲོས་པའི་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེ་ཕྱེད་པས་མཚན་པ། དེའི་སྟེང་དུ་སུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་སྟེང་དུ་བཾ་ལས་སྣ་ཚོགས་པདྨའི་ལྟེ་བར། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེའི་ལྟེ་བར་གཡོན་བསྐོར་གྱིས་ཨ་ཨཱཿ ནས་ཨཾ་ཨཿཉིས་འགྱུར་དང༌། གཡས་བསྐོར་གྱིས་ཀ་ཁ་ག་གྷ་ང་༴ ནས་ཧ་ཀྵ་ཌ་ཌྷ་ད་དྷ། ཡ་ལ་ཉིས་འགྱུར་དུ་གནས་པ་རྣམས་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་དཀར་ལ་དམར་བའི་མདངས་ཆགས་པ། ཨཱ་ལི་


TNT07_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་དང་ཀཱ་ལི་བཞི་བཅུ་ཉིས་འགྱུར་གྱིས་མཚན་པ། དེའི་དབུས་སུ་ནམ་མཁའི་ནཱ་ད་ཡོངས་སུ་ཞུགས་ཏེ་དེ་ལས་ཐིག་ལེ། དེ་ལས་ཟླ་ཚེས། དེ་ལས་ཧ། དེ་ལས་ཞབས་ཀྱུ་སྟེ། ཧཱུཾ་དཀར་པོ་འོད་ཟེར་འཕྲོ་བ། དེ་ལས་འཁོར་ལོ་ལྔའི་ལྷ་ཚོགས་དཔག་ཏུ་མེད་པ་སྤྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། གདོད་ནས་གྲུབ་པའི་དཀྱིལ་འཁོར་ཐམས་ཅད་ཅན་སྤྱན་དྲངས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པ་ནི། གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྩིག་པ་རིམ་པ་ལྔ་དང་ལྡན་པ། ཕ་གུ་དང༌། གསེར་གྱི་སྣམ་བུ་དང༌། དྲ་བྱེད་དང༌། ཤར་བུ་དང༌། མདའ་ཡབ་དང༌། གཟུངས་མ་རྣམས་དང་བཅས་པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་བཞིའི་སྟེང་དུ་ཀ་བས་བཏེག་པའི་རྟ་བབ་ཀྱིས་མཛེས་པ། ནང་གི་ལྷ་སྣམ་ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར། མཚམས་རྣམས་སུ་བུམ་པ་བརྒྱད་དང་བཅས་པ། དབུས་སྔོ་བའི་སྟེང་དུ་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་མུ་ཁྱུད་ལ་འཁོར་ལོའི་འཕྲེང་བས་མཚན་པ། དེའི་ལྟེ་བར་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པ་མུ་ཁྱུད་ལ་པདྨའི་འཕྲེང་པས་མཛེས་པ། དེའི་ལྟེ་བར་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ་མུ་འཁྱུད་རྡོ་རྗེའི་འཕྲེང་བའི་མཚན་པ། དེའི་ལྟེ་བར་བདེ་བ་ཆེན་པོའི་འཁོར་ལོ་སྣ་ཚོགས་པདྨ་


TNT07_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་བརྒྱད་པོ་སྡོང་བུ་ཅུང་ཟད་དང་བཅས་པ། མུ་ཁྱུད་ལ་གྲི་གུག་གི་འཕྲེང་བས་མཚན་པ། སྟེང་ཐོག་རིམ་པར་ཕུག་པའི་དབུས་ཕྱུང་བུར་གྱུར་པ། ནང་གི་ལྷའི་གནས་རྣམས་སུ་ཉི་མའི་གདན་སུམ་ཅུ་རྩ་གསུམ་མོ། །གཞལ་མེད་ཁང་གི་ཕྱི་རོལ་མཆོད་པའི་བཀོད་པ་ཐམས་ཅད་དང་བཅས་ཤིང༌། པད་འདབ་ཀྱི་ཁོར་ཡུག་བསྲུང་བའི་འཁོར་ལོ་དང་བཅས་པའི་ཕྱི་རོལ། །དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། ཤིང་དང༌། མེ་དང༌། སྤྲིན་དང༌། ཆུ་དང༌། རི་དང༌། །མཆོད་རྟེན་དང༌། གྲུབ་པ་ཐོབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཡོངས་སུ་ཁྱབ་པའོ། །དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ག་ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་བའི་ཞལ་སྔོན་པོ། གཡོན་ལྗང༌། རྒྱབ་དམར། གཡས་སེར། ཞལ་རྣམ་པར་འགྱུར་བ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་བརྒྱང་ཏེ་འཛིན་པ། གཡས་ཀྱི་གསུམ་པ་ན་ཌ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ་འཛིན་པ། གཡོན་གྱི་གསུམ་པ་ན་ཁ་ཊྭཾ་ག །བཞི་པ་ན་ཁྲག་གིས་གང་བའི་ཐོད་པ། ལྔ་པ་ན་རྡོ་རྗེ་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ། ཞབས་གཡས་


TNT07_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱང་བས་དུས་མཚན་མ་དང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་མནན་པ། རལ་པའི་ཐོར་ཚུགས་དང༌། སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། ནོར་བུ་རིན་པོ་ཆེ་དང༌། ཐོད་སྐམ་ལྔས་དབུ་བརྒྱན་པ། ཕྱག་རྒྱ་དྲུག་དང་མགོ་བོའི་འཕྲེང་བ་ཅན། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། གར་གྱི་ཉམས་དགུ་དང་ལྡན། ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡོན་ཐོད་ཁྲག་འཛིན་པའི་ཡབ་ལ་ཁྱུད་ཅིང༌། གཡས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་འཕྱང་བ། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྲིལ་བ། སྐྲ་གྲོལ་ཞིང༌། ཕྱག་རྒྱ་ལྔས་བརྒྱན་པ། ཐོད་སྐམ་གྱི་དོ་ཤལ་ཅན། ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། གཉིས་ཀའང་བསྐལ་པའི་མེ་ལྟ་བུའི་དབུས་ན་བཞུགས་པར་གྱུར། བདེ་ཆེན་འཁོར་ལོའི་འདབ་མ་བརྒྱད་ལ། ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོ་རུ་གཟུགས་ཅན་མ་སེར་མོ། ཐམས་ཅད་ཀྱང་བཅོམ་ལྡན་འདས་མའི་རིགས་ལས་བྱུང་བའོ། །མཚམས་བཞིར་བདུད་རྩི་ལྔས་གང་བའི་ཐོད་པ་བཞིའོ། །ཐུགས་ཀྱི་འཁོར་ལོའི་ཤར་རྩིབས་སུ་ཁཎྜ་ཀ་པཱ་ལ་དང་རབ་གཏུམ་མ། བྱང་དུ་མ་ཧ་ཀང་ཀ་ལ་དང༌། གཏུམ་མིག་མ། ནུབ་ཏུ་ཀང་ཀ་ལ་དང་འོད་ལྡན་མ། ལྷོ་རུ་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། ཤར་ལྷོར་སུ་ར་བཱི་རི་དང་བརྟན་པའི་བློ་ཅན་མ། ལྷོ་ནུབ་ཏུ་འོད་དཔག་མེད་


TNT07_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དང་མིའུ་ཐུང་མ། ནུབ་བྱང་དུ་རྡོ་རྗེ་འོད་དང་ལང་ཀའི་དབང་ཕྱུག་མ། བྱང་ཤར་དུ་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ། ཐམས་ཅད་ཀྱང་སྐུ་མདོག་སྔོན་པོའོ། །གསུང་གི་འཁོར་ལོའི་ཤར་རྩིབས་སུ་ཨང་ཀུ་རི་དང་ཨེ་ར་ཝ་རི། བྱང་དུ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ནུབ་ཏུ་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། ལྷོ་རུ་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ། ཤར་ལྷོར་རབ་ཏུ་བཟང་པོ་དང༌། ཤྱཱ་མ་དེ་བཱི། ལྷོ་ནུབ་ཏུ་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། ནུབ་བྱང་དུ་འཇིགས་བྱེད་ཆེན་མོ་དང་རྟ་རྣ་མ། བྱང་ཤར་དུ་མིག་མི་བཟང་དང་བྱ་གདོང་མ་སྟེ་ཐམས་ཅད་ཀྱང་སྐུ་མདོག་དམར་མོའོ། །སྐུའི་འཁོར་ལོའི་ཤར་རྩིབས་སུ་སྟོབས་པོ་ཆེ་དང་འཁོར་ལོའོ་ཤུགས་ཅན་མ། བྱང་དུ་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱི། ནུབ་ཏུ་རྟ་མགྲིན་དང་སྣ་རིངས་མ། ལྷོ་ནུབ་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། ཤར་ལྷོར་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། ལྷོ་ནུབ་ཏུ་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། ནུབ་བྱང་དུ་རྣམ་པར་སྣང་མཛད་དང་འཁོར་ལོས་བསྒྱུར་མ། བྱང་ཤར་དུ་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་པོ་སྟེ་ཐམས་ཅད་ཀྱང་སྐུ་མདོག་དཀར་པོའོ། །དཔའ་བོ་རྣམས་ཕྱག་བཞི་པ་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང༌། འོག་མ་གཉིས་ཀྱིས་ཌཱ་མ་རུ་དང་ཁ་ཊྭཾ་ག་བསྣམས་པ། ལྷག་མ་དཔལ་ཧེ་རུ་ཀ་དང་མཚུངས་ཤིང༌། ཉི་མ་ལ་གཡས་བརྐྱང་གིས་གནས་པའོ། །དཔའ་མོ་རྣམས་རྡོ་རྗེ་ཕག་མོ་དང་མཚུངས་པ་ལས།


TNT07_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ན་གྲི་གུག་འཛིན་པའོ། །ཤར་སྒོར་ཁྭ་གདོང་མ་སྔོན་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོ་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར། གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་པ་གཡས་ལྗང་གཡོན་སྔོ་བ། སྒོ་མཚམས་མ་བརྒྱད་ནི་དྲག་མོའི་གཟུགས་ཅན་རོའི་གདན་ལ་གནས་པ། མ་མོ་བཅུ་གཉིས་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཀྱིས་ཌཱ་མ་རུ་དང་ཁ་ཊྭཾ་ག འོག་མ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ། མི་མགོ་རློན་པའི་དོ་ཤལ་ཅན། ཕྱག་རྒྱ་ལྔ་དང་ཐོད་སྐམ་གྱི་ཅོད་པན་དང་ལྡན་པ། གཅེར་བུ་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དཔྲལ་པར་རྡོ་རྗེའི་འཕྲེང་བས་མཚན་པར་གྱུར། གཙོ་བོ་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཡུམ་རྡོ་རྗེ་ཕག་མོས་འཁྱུད་པ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཉི་མ་ལ་གནས་པའི་ཧཱུཾ། ཡང་ན་སྙིང་གར་ཧཱུཾ་དང༌། ལྟེ་བར་ཨཱ་ལི་ཀཱ་ལིའི་འདུ་འཕྲོ་ལས། ཡེ་ཤེས་སེམས་དཔའ་བསྐྱེད་ཅེས་གསུངས་པ་ལྟར་བྱས་ཀྱང་རུང་ངོ༌། །ཨོཾ་ཨཱཿཧཱུཾ་སརྦ་བཱི་རི་ཡོ་གི་ནཱི་ཀཱ་ཡ་ཝ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅་ཧཾ། ཡབ་ཡུམ་གཉིས་ཀའི་མིག་གཉིས་ལ་


TNT07_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ལས་གཏི་མུག་རྡོ་རྗེ་དཀར་པོ་འཁོར་ལོ་འཛིན་པ་ལ། ཛ་ལས་གཟུགས་རྡོ་རྗེ་མ་མེ་ལོང་འཛིན་པས་འཁྱུད་པ། རྣ་བ་ལ་ཧཱུཾ་ལ་ཞེ་སྡང་རྡོ་རྗེ་ནག་པོ་ལ། ཧཱུཾ་ལས་སྒྲ་རྡོ་རྗེ་མ་སྔོན་མོ་པི་ཝཾ་འཛིན་མས་འཁྱུད་པ། སྣ་ལ་ཏྲཾ་ལས་སེར་སྣ་རྡོ་རྗེ་སེར་པོ་ལ། བཾ་ལས་དྲི་རྡོ་རྗེ་མ་སེར་མོ་དུང་ཆོས་འཛིན་མས་འཁྱུད་པ། ལྕེར་ཨ་ལས་འདོད་ཆགས་རྡོ་རྗེ་དམར་པོ་པདྨ་འཛིན་པ་ལ། ཧོ་ལས་རོ་རྡོ་རྗེ་མ་དམར་མོ་རོ་དྲུག་གིས་གང་བའི་སྣོད་འཛིན་མས་འཁྱུད་པ། དཔྲལ་པར་ཧཾ་ལས་ཕྲག་དོག་རྡོ་རྗེ་ལྗང་ཀུ་ལ་ཁཾ་ལས་རེག་རྡོ་རྗེ་མ་ལྗང་ཁུ་ན་བཟའ་འཛིན་མས་འཁྱུད་པ། སྙིང་གར་ཧཱུཾ་ལས་དབང་ཕྱུག་རྡོ་རྗེ་དཀར་པོ་རྡོ་རྗེ་དཀར་པོ་འཛིན་པ་ལ་རཾ་ལས་ཆོས་དབྱིངས་རྡོ་རྗེ་མ་དཀར་མོ་ཆོས་འབྱུང་འཛིན་མས་འཁྱུད་པ། སྒྲ་རྡོ་རྗེ་མ་ནི་རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཅན། གཞན་དེ་རྣམས་ཡབ་ཡུམ་མཚུངས་པར་རིམ་པས་རྣམ་སྣང༌། མི་བསྐྱོད་པ། རིན་འབྱུང༌། སྣང་མཐའ། དོན་གྲུབ། རྡོར་སེམས་རྣམས་ཀྱིས་དབུ་བརྒྱན་པ། ཡབ་རྣམས་གཡས་བརྐྱང་གི་སྟབས་ཀྱི་གནས་པའོ། །གཏི་མུག་རྡོ་རྗེ་ཟླ་བ་དང༌། གཞན་རྣམས་ཉི་མ་ལ་གནས་པའོ། །ལྟེ་བར་ལཾ་ལས་ལྟུང་བྱེད་མ་སེར་མོ་གཡས་དང་པོ་ན་འཁོར་ལོ་འཛིན་པ། སྙིང་ཁར་བཾ་ལས་གསོད་བྱེད་མ་སྔོན་མོ་རྡོ་རྗེ། མགྲིན་པར་པཾ་ལས་འགུག་བྱེད་མ་དམར་མོ་པདྨ། སྤྱི་བོར་ཏཾ་ལས་པདྨ་གར་གྱི་དབང་ཕྱུག་ལྗང་ཁུ་རལ་གྲི། ཐམས་ཅད་ཀྱང་ལྷག་མ་གསུམ་གྱིས་གྲི་གུག་དང་ཐོད་པ་ཁ་ཊྭཾ་ཀ་འཛིན་པ། གསང་བར་ཁཾ་ལས་པདྨ་


TNT07_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དྲ་བ་ཅན་དུད་ཁ། དུད་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་གསུམ་ན་གྲི་གུག་ཚངས་མགོ་ལྕགས་ཀྱུ། གཡོན་གསུམ་ན་ཐོད་པ་ཁ་ཊྭཾ་ཞགས་པ་འཛིན་པ། རིམ་པས་བྷྲུཾ་བྷྲུཾ་ཧྲིཿཧོ་ཨཾ་རྣམས་ལས་སྐྱེས་པའི་རྣམ་སྣང༌། མི་བསྐྱོད། འོད་དཔག་མེད། དོན་ཡོད་གྲུབ་པ། རིན་ཆེན་འབྱུང་ལྡན་རྣམས་ཀྱིས་ཡང་དག་པར་འཁྱུད་པ། དེ་ཐམས་ཅད་ཀྱང་ཟླ་བ་ལ་གནས་པ། མགོ་བོར་གཟུགས་ཕུང་བུཾ་ལས་རྣམ་པར་སྣང་མཛད་འཁོར་ལོ་འཛིན་པ། གཡོན་ཡུམ་གྱི་དཀུར་བསྟེན་པ། ལྟུང་བྱེད་མས་འཁྱུད་པ། ལྟེ་བར་ཚོར་ཕུང་ཨོཾ་ལས་རྡོ་རྗེ་ཉི་མ་སེར་པོ་གཡས་རིན་པོ་ཆེ་འཕྱང་བ། གསོད་བྱེད་མས་འཁྱུད་པ། མགྲིན་པར་འདུ་ཤེས་ཀྱི་ཕུང་པོ་ཧྲིཿལས་པདྨ་གར་དབང་པདྨ་འཕྱང་བ། འགུགས་བྱེད་མས་འཁྱུད་པ། ལོང་བུར་འདུ་བྱེད་ཀྱི་ཕུང་པོ་ཧོ་ལས་རྡོ་རྗེ་རྒྱལ་པོ་སྔོ་སངས་སྣ་ཚོགས་རྡོ་རྗེ་འཕྱང་བ། པདྨ་གར་དབང་མས་འཁྱུད་པ། གསུམ་ཆར་ཕྱག་གཡོན་ཐུགས་ཀར་བསྒྱིངས་པ། སྙིང་གར་རྣམ་ཤེས་ཀྱི་ཕུང་པོ་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་གཏོད་པ། གཡོན་དཀུར་བསྟེན་པ། དྲ་བ་ཅན་མས་འཁྱུད་པ། ཕུང་པོ་ཐམས་ཅད་ཀྱི་སྤྱི་ནི་ཧི་ལས་ཧེ་རུ་ཀ་ནག་པོ་གཡས་རྡོ་རྗེ་དང་བཅས་པའི་ས་གནོན་ཅན། གཡོན་བསྒྱིངས་པ་དང་བཅས་པའི་དཀུར་བསྟེན་པ་ལ། གསོད་བྱེད་མས་འཁྱུད་པ། ཐམས་ཅད་ཀྱང་གཡོན་དྲིལ་བུ་བསྣམས་པའོ། །སྙིང་གར་ཨོཾ་ཧཱ་དཀར་པོ་ལས་རྡོ་རྗེ་


TNT07_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ། མགོ་བོར་ན་མ་ཧི་སེར་པོ་ལས་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་སྭཱཧཱ་ཧཱུཾ་དམར་པོ་ལས་པདྨ་གར་གྱི་དབང་ཕྱུག ཕྲག་པ་གཉིས་སུ་བཽ་ཥ་ཊ་ཧེ་ནག་པོ་ལས་མི་བསྐྱོད་པ། མིག་གཉིས་སུ་ཧཱུཾ་ཧཱུཾ་ཧོ་དམར་སེར་ལས་རྡོ་རྗེ་ཉི་མ། ལུས་ཐམས་ཅད་ལ་ཕཊ་ཧཾ་ལྗང་ཁུ་ལས་རྟ་མཆོག །ལྟེ་བར་ཨོཾ་ལཾ་དམར་མོ་ལས་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་སྔོན་པོ་ལས་གཤིན་རྗེ་མ། ཁར་ཧྲཾ་མོཾ་དཀར་མོ་ལས་རྨོངས་བྱེད་མ། དཔྲལ་པར་ཧྲིཾ་ཧྲིཾ་སེར་མོ་ལས་བསྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་ལས་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ལས་ཙཎྜི་ཀཱ རྡོ་རྗེ་སེམས་དཔའ་གཉིས་དང༌། རྨོངས་བྱེད་མ་ཟླ་བ་དང༌། གཞན་རྣམས་ཉི་མའི་གདན་ལ་གནས་པའོ། །འདི་དག་སྤྱི་དང་འདྲའོ། །ཡབ་ཀྱི་གསང་གནས་ཧཱུཾ་དཀར་པོ་ལས་རྡོ་རྗེ་ནག་པོ། བྱཱཾ་ལས་ནོར་བུ་བྱཱཾ་གྱིས་མཚན་པ། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་མ་གསུམ་པ། དྱཱཾ་ལས་ཟེའུ་འབྲུ་དྱཱཾ་གྱིས་མཚན་པ། ཡབ་ཀྱི་ལྟེ་བ་དང་སྙིང་གར། ཡུམ་གྱི་སྙིང་པོ་དང་ཉེ་སྙིང༌། མགྲིན་པ་དང་མགོ་བོ་ལ་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང༌། དེ་བཞིན་དུ་ཡུམ་གྱི་ལྟེ་བ་དང་སྙིང་གར། ཡབ་ཀྱི་སྙིང་པོ་དང་ཉེ་སྙིང༌། མགྲིན་པ་དང་སྤྱི་བོར་ཡུམ་གྱི་སྙིང་པོ་དང་ཉེ་སྙིང༌། ཕན་ཚུན་འཁྱུད་པ་དང་བཙུམ་པས་རྗེས་སུ་ཆགས་པར་བྱས། ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་དབང་གི་ལྷ་མཆོད་པའི་ལྷ་མོ་དང་བཅས་པ་སྤྱན་དྲངས། ཕཻཾ་ཛཿཧཱུཾ་བཾ་ཧོ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ།


TNT07_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཐམས་ཅད་ཀྱི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དབང་གི་ལྷ་རྣམས་ལ་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་མཆོད་པར་གྱུར། རིག་མ་བཅུ་དྲུག་གི་སྔགས་བརྗོད། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་འཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཧཱུཾ་ཕཊ། ཅེས་གསུང་ཞིང༌། ཐོད་པ་བདུད་རྩིས་གང་བས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་མི་བསྐྱོད་པ། ཡུམ་ལ་རྣམ་སྣང༌། སྙིང་པོའི་རྣལ་འབྱོར་མ་བཞི་ལ་རིན་འབྱུང༌། ཐུགས་འཁོར་པ་ལ་མི་བསྐྱོད་པ། གསུང་འཁོར་པ་རྣམས་ལ་འོད་དཔག་མེད། སྐུ་འཁོར་པ་ལ་རྣམ་སྣང༌། དམ་ཚིག་འཁོར་ལོ་པ་ལ་དོན་ཡོད་གྲུབ་པའི་དབུ་རྒྱན། ཕྱི་མཆོད། ནང་མཆོད། གསང་མཆོད་རྣམས་དྲིལ་བུ་ལུས་དཀྱིལ་དང་འདྲ་བ་ལས། ཧེ་རུ་ཀ་དཔལ་རྡོ་རྗེ་རྣལ་འབྱོར་མ། །ལོ་ཨི་དྷ་རི་ཀ་དང་དྲིལ་བུ་པ། །ཛ་ལནྡྷ་རི་པ་དང་དཔེ་མེད་དཔལ། །སཽ་རི་པ་དང་འཇིགས་མེད་འབྱུང་གནས་སྦས། །ལེགས་སྤྱོད་འབྱུང་གནས་མཐའ་ཡས་འབྱུང་གནས་སྦས། །གློ་བོ་ལོ་ཙཱ་འཕགས་པ་ཡེ་རིན་དང༌། །རི་ཁྲོད་ཀུན་འོང་བག་སྟོན་ཚུལ་རྒྱལ་དང༌། །འཇམ་རལ་བློ་བརྟན་རིན་རྒྱལ་ཁྲིམས་ཁང་བ། །བྱམས་པ་ཀུན་དགའ་པདྨ་ཆོས་སྐྱོང་དང༌། །བསོད་ནམས་རྒྱལ་མཆོག་རྗེ་བཙུན་ལྷ་དབང་གྲགས། །ཡང་ན་ཛ་ལནྡྷ་ར་མི་བྱེད།


TNT07_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་མཛད་ཆོས་ཀྱི་རྡོ་རྗེ་བྱང་ཆུབ་བཟང༌། །ཨ་བྷ་ཡ་དང་ཙ་མི་རྒ་ལོ་ཞང༌། །བྲག་ནག་རི་ཁྲོད་རས་པ་ལྷ་གོང་པ། །དམར་སྟོན་བསོད་འཕེལ་བག་སྟོན་མན་སྔར་བཞིན་ནམ། ཡང་ན། འཇིགས་མེད་བྱུང་གནས་ནཱ་ཡ་ཀ་པ་དང༌། །བི་ཁྱ་ཏ་དང་ཤཱཀྱ་ཤྲཱི་དང༌། །དཱ་ན་ཤཱི་ལ་གཡག་སྡེ་ལོ་ཙཱ་བ། །ཟེ་དམར་བ་དང་ཀུན་མཁྱེན་ཇོ་ནང་པ། །འཆིམས་ཆེན་བློ་བཟང་ཀུན་དགའ་རྒྱལ་མཚན་པ། །གྲུབ་ཤེ་གཞོན་ནུ་དཔལ་དང་ཁྲིམས་ཁང་པ། །བྱས་ཀྱང་རུང་ལ། ཡང་ན་ཞང་འཚལ་པའི་རྗེས་ལ། ཤཱཀྱ་ཡེ་ཤེས་སངས་རྒྱས་སྙིང་པོ་དང༌། །སངས་རྒྱས་གཞོན་ནུ་གསེར་ཁང་སྟེངས་པ་དང༌། །སངས་རྒྱས་རིན་ཆེན་ཤཱཀྱ་འབུམ་པ་དང༌། །ཤཱཀྱ་བསོད་ནམས་དབོན་པོ་ཆོས་བཟང་དང༌། །གྲགས་པ་དོན་མཆོག་བསོད་ནམས་གྲུབ་པ་དང༌། །གྲགས་པའི་མཚན་ཅན་བླ་མ་རྟོགས་ལྡན་པ། །ལྷུན་བདེ་འབྲུག་ཆེན་རྣམ་རྒྱལ་བཀྲ་ཤིས་དང༌། །གྲོལ་མཆོག་རྗེ་དང་ལྷ་དབང་གྲགས་པའི་ཞབས། །ཞེས་པའང་བྱིན་རླབས་དང་ལྡན་པའོ། །རྐང་པ་བརྒྱད་པའི་སྔགས་གཉིས་ཀྱིས་བསྟོད། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པའི་སྒོ་ནས། རྗེས་གཞིག་གི་རིམ་པས་དཀྱིལ་འཁོར་འོད་གསལ་དུ་བསྡུས་ལ། སླར་ཡང་རྫོགས་པར་ལྡང་བར་བྱའོ། །དེ་ནས་དག་པ་དྲན་པ་ནི། ལུས་རྗེས་སུ་དྲན་པ་ཉེ་བར་བཞག་པ་ནི། ཞེས་སོགས། རྣལ་འབྱོར་པ་ཀུན་སྤྱོད་བཞིན་དུ་བརྗོད་དོ། །དེ་ནས་བཟླས་པའི་དམིགས་པ་གསལ་བཏབ་ལ། ཇི་ལྟར་བཟླ་བའི་ཚུལ། ལཱུ་ཡི་པ་སྤྱི་དང་མཚུངས་ཤིང༌། འོན་ཀྱང་སྔགས་བཟླ་ཚུལ། ཁ་སྦྱོར་གྱི་བཟླས་པ་ནི་ལུགས་འདི་མི་མཛད་པས། སོ་སོར་བཟླས་པ་བྱའོ།།


TNT07_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ། འཁོར་ལོ་ལྔའི་ལྷ་རྣམས་རང་གི་ལུས་ཀྱི་གནས་སོ་སོར་ཐིམ། ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་དྲུག་ཅུ་རྩ་གཉིས་གསལ་བར་གྱུར། སྤྱི་བོ་སྤྱི་གཙུག་རྣ་གཡས་ལྟག་པ་དང༌། །རྣ་གཡོན་སྨིན་དབུས་མིག་དང་ཕྲག་པ་དང༌། །མཆན་ཁུང་ནུ་མ་ལྟེ་བ་སྣ་རྩེ་མགྲིན། ཁ་དང་སྙིང་ག་འབྲས་བུས་མཚན་མ་དང༌། །བཤང་ལམ་བརླ་དང་བྱིན་པ་རྐང་སོར་བོལ། །རྐང་མཐེབ་པུས་མོ་ཡུལ་ཆེན་ཉི་ཤུར་གྱུར། །པུ་ཛ་ཨོ་ཨ། གོ་ར་དེ་མ་ཀ་ཨོ་ཏྲི་ཀོ་ཀ་ལ་ཧི། པྲེ་གྲྀ་སཽ་སུ། ན་སི་མ་ཀུ། དེ་དག་ཏུ་གནས་པའི་རྩ་ཉི་ཤུ་རྩ་བཞི་ནི། མི་ཕྱེད་ཕྲ་གཟུགས་རྩེ་མ་གཡོན། །ཐུང་ངུ་རུས་སྦལ་སྒོ་མ་དབང༌། །སྐྱོན་མ་འཇུག་མ་མ་མོ་མཚན། །སིལ་སྦྱིན་ཚ་བ་གཞོལ་མ་རངས། །གཟུགས་ཅན་སྤྱི་མ་རྒྱུ་སྦྱིན་མ། །སྦྱོར་བྲལ་སྡུག་གུ་གྲུབ་མ་འཚེད། །ཡིད་བཟང་སུམ་སྐོར་འདོད་མ་ཁྱིམ། །གཏུམ་མོ་རྣམས་ལ་རིམ་བཞིན་དུ། །རབ་གཏུམ་གཏི་མུག་འོད་ལྡན་སྣ་ཆེན་མ། །བརྟན་བློ་མེའུ་ཐུང་ལས་ཀ་ཤིང་གྲིབ་མ། །ས་སྲུང་འཇིགས་བྱེད་རླུང་ཤུགས་ཆང་འཐུང་མ། །སྔོ་སངས་ཤིན་བཟང་རྟ་རྣ་བྱ་གདོང་མ། །འཁོར་ཤུགས་དུམ་སྐྱེས་ཆང་ཚོང་གོ་ཆ་མ། །དཔའ་མོ་སྟོབས་ཆེན་འཁོར་བསྒྱུར་བརྩོན་ཆེན་མ། ཁམས་ཉི་ཤུ་རྩ་བཞི་དཔའ་བོ་ཉེར་བཞིར་གྱུར་པ་ནི། སོ་སོན་སྐྲ་སྤུ་ལྤགས་པ་དྲི་མ་ཤ །རུས་པ་རྒྱུས་པ་མཁལ་མ་སྙིང་དང་མཆིན། །མིག་འབྲས་མཁྲིས་པ་གློ་བ་རྒྱུ་མ་ཞག །ལྟེ་བ་ཆུ་སོ་འདོམ་པར་བད་


TNT07_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཀན་རྣག ཁྲག་རྔུལ་ཚིལ་དང་འཆིལ་མ་བརྣབས་ཞེས་ཏེ། །རིམ་བཞིན་ཐོད་དུམ་ཀེང་རུས་ཆེན་པོ་དང༌། །ཀེང་རུས་མཆེ་གཙིགས་ལྷ་དགྲ་འོད་དཔག་མེད། །རྡོ་རྗེ་འོད་དང་རྡོ་རྗེའི་སྐུ་དང་ནི། །མྱུ་གུ་ཅན་དང་རྡོ་རྗེ་རལ་པ་ཅན། །དཔའ་ཆེན་ཧཱུཾ་མཛད་རབ་བཟང་རྡོ་རྗེ་བཟང༌། །འཇིགས་ཆེན་རྟ་རྣ་སྟོབས་ཆེན་རིན་རྡོར་དང༌། །རྟ་མགྲིན་མཁའ་སྙིང་ཁྲག་འཐུང་གར་དབང་ཕྱུག །རྣམ་སྣང་རྡོ་རྗེ་སེམས་དཔའ་རྣམས་སུ་གྱུར། ཁ་དང་རྣ་གཡོན་གསང་བ་སྣ་བུག་གཡས། །རྣ་བ་གཡས་གཡོན་མིག་རྩ་གཡས་གཡོན་ལ། ཁྭ་གདོང་འུག་གདོང་ཁྱི་གདོང་ཕག་གདོང་དང༌། །བརྟན་མ་ཕོ་ཉ་མཆེ་གཙིགས་འཇོམས་མའོ། །སྙིང་མགྲིན་ལྟེ་བ་དཔྲལ་པའི་འཁོར་ལོ་ལ། །མཁའ་འགྲོ་ལཱ་མ་དུམ་སྐྱེས་གཟུགས་ཅན་མ། །སྤྱི་བོ་གསང་བར་ཐིག་ལེ་དཀར་དམར་ནི། །ཧེ་རུ་ཀ་དང་རྡོ་རྗེ་ཕག་མོར་གྱུར། །དེ་ལྟར་ལུས་དཀྱིལ་ལ་རྒྱུན་རིང་དུ་སེམས་གཏད་ཅིང་བསྒོམ་མོ། །དེ་ནས། ཆོས་ཐམས་ཅད་བདེ་བ་ཆེན་པོའི་ལྷག་པར་མོས་ཏེ། གོ་ཆ་གཉིས་བགོས་ལ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །གཏོར་ཆོག་ནི། སུམྦྷས་བསངས། སྭ་བྷཱས་སྦྱངས། ཡཾ་ལས་རླུང༌། རཾ་ལས་མེ། ཨ་ལས་ཐོད་པ། ཧཱུཾ་བུཾ་ཨཾ་ཧྲཱིཿཁཾ་བྷྲུཾ་ཧཱུཾ་ཧྲཱིཿཏཱཾ་རྣམས་ལས་བདུད་རྩི་ལྔ་དང་ཤ་ལྔ་གྱུར། ཧ་ཧོ་ཧྲིཿཡིག་རྣམས་ཀྱིས་ཁ་དོག་དང་དྲི་དང་རོ་ནུས་པ་ངན་པ་སྦྱངས། རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་ཁོལ་བས། ཁ་དོག་དམར་སེར་དུ་གྱུར། དེའི་རླངས་པ་ལས་བྱུང་བ་སྟེང་གི་ནམ་མཁའ་ལ་ཧཱུཾ་ལས་ཁ་ཊྭཾ་ག་དཀར་པོ་


TNT07_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་རང་བཞིན་ཅན། དེ་ཞུ་ཞིང་ཐིམ་པས་དངུལ་ཆུའི་མདོག་ཅན་རབ་ཏུ་བསིལ་བར་གྱུར། སྟེང་གི་ནམ་མཁའ་ལ་དབྱངས་དང་གསལ་བྱེད་རྣམས་ཡོངས་སུ་གྱུར་པ་ལས་ཧཱུཾ་ཨཱཿཨོཾ་བརྩེགས་པ་ཨོཾ་ལས་བྱུང་བའི་ཟླ་བ་ལ་གནས་པ། དེ་ལས་དཀྱིལ་འཁོར་དཔག་ཏུ་མེད་པ་སྤྲོས། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་དང་རྒྱ་མཚོའི་བཅུད་སོགས་སྣོད་བཅུད་ཀྱི་བདུད་རྩི་ཐམས་ཅད་སྤྱན་དྲངས། འབྲུ་གསུམ་ཟླ་བ་དང་བཅས་པ་ལ་ཐིམ། དེ་ཡང་འོད་དུ་ཞུ་སྟེ་འོག་གི་བདུད་རྩི་དང་འདྲེས། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲིཿ ལན་མང་དུ་བརྗོད། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་བསྲུང་བ་བཀའི་འཁོར་ལོ་ཁྲོ་བོ་བཅུ་དང་བཅས་པ་ཕྱི་རོལ་ཕྱོགས་སྐྱོང་བ་བཅུ་ཁམས་གསུམ་གྱི་སེམས་ཅན་མཐའ་དག་དང་བཅས་པ་ཕེཊ་ཅེས་ཡེ་ཤེས་པ་རྣམས་སྤྱན་དྲངས། ཨོཾ་ཀཀྐ་དྷ་ན། བབྦྷནྡྷ་ན། ཁཁྑ་ད་ན། སརྦ་དུཥྟ་ན་ཧཱ་ན་ཧ་ན། གྷ་གྷ་གྷཱ་ཏ་ཡ། མ་མ་ཤཱིནྟིཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཛཿསྭཱཧཱ། ཞེས་འཇིག་རྟེན་པ་རྣམས་བཀུགདེ་ཐམས་ཅད་འོད་གསལ་དུ་བཅུག སྐད་ཅིག་གིས་འཁོར་ལོ་སྡོམ་པའི་སྐུར་བཞེངས་པར་གྱུར། ཨོཾ་ཨཱ་ཧྲཱིཿཔྲ་ཝ་ར་སཏྐ་རཱཏྠཾ་ཨཉྪ་མ་ནཾ་པྲ་ཏིཙྪ་སྭཱཧཱ། པྲོ་ཀྵ་ཎཾ། པཱ་དྱཾ། ཨརྒྷཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། སོགས་ཉེར་སྤྱོད་ཕུལ། ཨོཾ་བཛྲ་ཌཱ་


TNT07_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། ཨོཾ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟཾ། ཧྲྀ་ཤྱ་ཧོཿ ཞེས་ལན་ལྔས་ཧེ་རུ་ཀ་ཡབ་ཡུམ་མོ་བཅུ་གཉིས་དང་བཅས་པ་ལ་ཕུལ། ཨོཾ་ཀ་ར་ཀ་ར་སོགས་ལན་གཅིག་གིས་འཁོར་ལོ་གསུམ་ལ་ཕུལ། ཨོཾ་ཁ་བཛྲ་དྷི་ག་བཛྲ་ཧཱུཾ་ཀཱ་ར་བཛྲ་ཨི་མཾ་བ་ལིཾ་གྲྀཧྞ་མ་མ་ཤིནྟཾ་རཀྵཉྩ་ཀུ་རུ་ཧཱུཾ་ཕཊ། དེ་བཞིན་དུ། བཛྲ་ཙཎྜ་བཛྲ༴ བཛྲ་ན་ལཱརྐ༴ བཛྲོ་ཥྞི་ཥ༴ བཛྲ་ཀུཎྜ་ལི༴ བཛྲ་ཡཀྴ༴ བཛྲ་ཀཱ་ལ༴ བཛྲ་མཧཱ་བཱ་ལ༴ བཛྲ་བྷི་ཥ་ཎ། བཛྲཥྞི་ཥ་ཝརྟི༴ ཨོཾ་བཛྲ་པཱ་ཏཱ་ལ་བཛྲ་ཨི་མཾ་བཱ་ལིཾ་གྲྀཧྞ་གྲྀཧྞ་མ་མ་ཤིནྟཾ་རཀྵ་ཀུ་རུ་ཧཱུཾ་ཕཊ། ཅེས་ཁྲོ་བོ་བཅུ་གཅིག་ལ་ཕུལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ནས པྲ་ཡཙྪནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པས་འཇིག་རྟེན་པ་ལ་ཕུལ། འདོད་དོན་གསོལ་བཏབ་སྤྱི་དང་འདྲ། ཧེ་རུའི་ཡིག་བརྒྱའི་མཐར་བཟོད་གསོལ་དང་གཤེགས་གསོལ་རྣམས་བྱའོ། །གལ་ཏེ་མངོན་པར་རྟོགས་པ་བསྡུས་པ་ཉམས་སུ་ལེན་པར་འདོད་ན། ཕུང་ཁམས་སྐྱེ་མཆེད་ཀྱི་དག་པ་བོར་ལ། ཡེ་ཤེས་ཚོགས་བསོགས་ཡན་སྔར་ལྟར་བསྒོམ། བསྲུང་འཁོར་དང་དཀྱིལ་འཁོར་སྐད་ཅིག་གིས་གསལ་བཏབ། གོ་ཆ་གཉིས་བགོ་བ་མན་ཆད་སྔར་ལྟར་བྱས་པས་འགྲུབ་བོ། །ཤིན་ཏུ་བསྡུས་པ་ནི་རྣལ་འབྱོར་རྫོགས་པའི་འཕྲེང་བ་ལྟར་བསྒོམ་པར་བྱའོ། །དེ་ལྟར་བཤད་པར་གྱུར་འདི་ཡང༌། ཕུན་ཚོགས་ཡོན་ཏན་ཚད་མེད་དེ། །གྲུབ་པའི་དགའ་སྟོན་བརྒྱ་ཕྲག་ནི། །བློ་ལྡན་རྣམས་ཀྱིས་རྟག་ཏུ་ཐོབ། །འདི་དངོས་ལཱུ་ཡི་པ་འགྲེལ་ལུགས་ཀྱྀ་སྒྲུབ་ཐབས་མ་ཡིན་ཞིང་ཡིན་པར་ཡང་བཞེད་མོད། ཟུར་དུ་དབང་བསྐུར་བའི་རྒྱུན་མ་ནུབ་པར་ཡོད་པ་དང༌། ཕྱིས་རྒྱ་བལ་རྣམས་ན་འདི་ཁོ་ན་ཆེས་ཆེར་དར་བས་མཁས་གྲུབ་དམ་


TNT07_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐའ་ཡས་པའི་ཐུགས་དམ་ཡིན་པས་གལ་ཆེ་བ་དང༌། ལཱུ་ཡི་ལུགས་རྙིང་པ་དང་མི་འདྲ་བར་སྐྱེ་མཆེད་བྱིན་རླབས་དང༌། ལུས་དཀྱིལ་གྱི་དཀྱིལ་ཕྲལ་ཀྱང་ཆོག་པ་སོགས་སློབ་དཔོན་འཇིགས་མེད་ཉིད་ཀྱི་རང་བཞེད་ཀྱང་ཅི་རིགས་ཡོད་པས་ལོགས་སུ་འགྲུབ་ན་ལེགས་པར་མཐོང་ངོ༌། །ལུགས་འདི་ལ་ལོ་ཙཱ་བ་ཏྲེ་བོ་ཤེས་རབ་དཔལ་གྱིས་སྒྲུབ་ཐབས་དང་འཕྲེང་བ་ནས་བཏུས་ཏེ་དཀྱིལ་ཆོག་སྒྱུར་སྒྲུབ་ཐབས་ལ་གཞན་ཡང་དཱ་ན་ཤྲཱི་ལ་དང༌། ཞང་ལོ་གྲུབ་པ་དཔལ་དང༌། ཆག་གི་འགྱུར་ཡོད་བི་བྷུ་ཏིའི་དཀྱིལ་འཁོར་ཆོག་ཀྱང་འདི་དང་སྦྱོར་རྒྱུ་ཡིན། ལར་རྒ་ལོ། སེ་ལོ། ཁ་ཆེ་པཎ་ཆེན། བི་བྷུ་ཏི། ཞང་ལོ། ཆག་ལོ། གློ་བོ་ལོ་ཙཱ། གཡག་སྡེ་ལོ་ཙཱ། ཤུད་གེ་ལོ་ཙཱ། པཎྜི་ཏ་ནག་རིན་ལུགས་སོགས་མང་པོའོ། །སློབ་དཔོན་ཆེན་པོ་འཇིགས་མེད་འབྱུང་གནས་ཀྱི་བཞེད་པ་ལས་འབྱུང་བའི་སྒྲུབ་ཐབས་འཁྲུལ་པ་སྤོང་བའི་ལུགས་ལྟར། དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་རྣམ་པར་བཀོད་པ་སྟེ། གཉིས་པའོ།། །།༈ ན་མོ་རཏྣ་ཏྲ་ཡཱ་ཡ། སྣ་ཚོགས་སྒེག་པའི་ཉམས་རྒྱས་ཤིང༌། །བཅུ་གཉིས་ཡན་ལག་མ་དང་རོལ། །སྤྲོས་ཀུན་འོད་གསལ་ཆེན་པོར་སྡོམ། །བླ་མ་འཁོར་ལོའི་མགོན་ལ་འདུད། །དབེན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་ཧེ་རུ་ཀའི་ཡི་གེ་བརྒྱ་པའི་སྒོམ་བཟླས་བྱེད་ཚུལ་རྣམས་སྤྱི་དང་མཐུན་ལ། སྤྲོ་ཞིང་ནུས་ན་ཕྱི་རོལ་མཆོད་པ་དང་ལག་མཆོད་སྐབས་འདིར་བྱེད་པར་གསུངས་ཤིང༌། དེ་དག་བྱས་ན་དཀྱུས་ཀྱི་ཚོགས་ཞིང་ཚོགས་གསོག་མི་དགོས་ལ་དེ་གཉིས་ཀྱི་བྱེད་ཚུལ་ཡང་བདེ་མཆོག་ལུགས་གཞན་དང་འདྲའོ། །འདིར་སྒོམ་པ་


TNT07_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་ཆེ་བའི་དབང་དུ་བྱས་ཏེ། འདི་ལྟར། ཨོཾ་ཤྲཱི་ཧེ་རུ་ཀ་ཧཾ། རང་སྐད་ཅིག་གིས་ཕྱག་གཉིས་པར་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ གང་གི་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང༌། །བླ་མེད་བྱང་ཆུབ་ཐོབ་མཛད་པ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །ཞེས་པ་ནས། དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གྱིས་ཕྱག་བཙལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པདྱཱཾ། པུཥྤེ༴ ནས་ཤཔྟའི་བར་གྱིས་མཆོད། དེ་ནས་རྒྱུན་བཤགས་ནི། བྱས་དང་བྱེད་དུ་བཅུག་དང་ཡི་རང་བའི། །སྡིག་པ་མ་ལུས་སྐྱོན་ཀུན་འཇིགས་བྱེད་པའི། །སྤྱན་སྔར་སོ་སོར་བཤགས་ཤིང་སླར་ཡང་ནི། །མི་བྱེད་པ་ཡི་སྡོམ་པ་བླང་བར་བགྱི། །ཉན་ཐོས་རང་རྒྱལ་བླ་མེད་རྒྱལ་བ་དང༌། །རྒྱལ་བའི་སྲས་ཀྱི་དགེ་བ་གང་མཛད་པ། །དེ་དག་ཀུན་ལ་ཡང་དག་ཡིད་རང་ཞིང༌། །བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱི། །རྒྱལ་བ་དཀོན་མཆོག་ལ་སོགས་གསུམ་པོ་ལ། །དངོས་པོ་ཀུན་གྱིས་བདག་ནི་སྐྱབས་སུ་མཆི། །བྱང་ཆུབ་མཆོག་གི་སེམས་བསྐྱེད་དེ་བཞིན་དུ། །བླ་ན་མེད་པའི་ལམ་ལ་བརྟེན་པར་བགྱི། །ཞེས་ལན་གསུམ་བྱ། དེ་ནས་ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས། ཡཾ་ལས་རླུང་


TNT07_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་ཡཾ་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རཾ་གྱིས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བཾ་གྱིས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་ལཾ་གྱིས་མཚན་པ། དེའི་སྟེང་སུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། རྡོ་རྗེའི་ས་གཞི། རྭ་བ། དྲ་བ། གུར་བླ་རེ། མདའི་དྲ་བ། ཕྱི་རོལ་ཀུན་ཏུ་ཡེ་ཤེས་ཀྱི་མེ་འོད་འབར་བའི་བསྲུང་བའི་འཁོར་ལོར་གྱུར། ཨོཾ་མེ་དྷི་ནི་བཛྲི་བྷ་ཝ་བཛྲ་བྷནྡྷ་ཧཱུཾ། ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་པཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་ཡཾ་ཧཱུཾ་ཧཱུཾ། ཨོཾ་བཛྲ་བི་ཏ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་རཱ་ཛ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལརྐ་ཧཱུཾ་ཧཱུཾ་ཧཱུཾ། བསྲུང་བའི་འཁོར་ལོའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བྷྲུཾ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང༌། གྲུ་བཞི་སྒོ་བཞི་པ། རྩིག་པ་རིམ་པ་ལྔ་དང་ལྡན་པ། ཕ་གུ་དང༌། དྲ་ཕྱེད་དང༌། ཤར་བུ་དང༌། མདའ་ཡབ་དང་གཟུངས་མ་དང་བཅས་པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་བཞིའི་སྟེང་དུ་ཀ་བས་བཏེགས་པའི་རྟ་བབས་སྣམ་བུ་བཞི་དང་བཅས་པ། ནང་ཀ་བ་བརྒྱད་དང་ལྡན་པ། དབུས་


TNT07_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུར་བུར་གྱུར་པའི་ཐོག་ཕུབས་ཅན། ནང་གི་ལྷ་སྣམ་ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར། མཚམས་རྣམས་སུ་བུམ་པ་བརྒྱད་དང་བཅས་པ། དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་གདན། ཕྱོགས་བཞིའི་འདབ་མ་དང༌། སྒོ་མཚམས་བརྒྱད་དུ་རོའི་གདན་དང་བཅས་པ། གཞལ་མེད་ཁང་གི་ཕྱི་རོལ་མཆོད་པའི་བཀོད་པ་ཐམས་ཅད་དང་བཅས་ཤིང༌། པད་འདབ་ཀྱི་འཁོར་ཡུག་བསྲུང་བའི་འཁོར་ལོ་དང་བཅས་པའི་ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། ཤིང་དང༌། མེ་དང༌། སྤྲིན་དང༌། ཆུ་དང༌། རི་དང༌། མཆོད་རྟེན་དང༌། གྲུབ་པ་ཐོབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཡོངས་སུ་གང་བའོ། །དབུས་ཀྱི་གདན་གྱི་སྟེང་དུ་གཡོན་བསྐོར་གྱིས། ཨ་ཨཱ་ནས་ཨཾ་ཨཿ ཞེས་པའི་བར། ཕྲག་གཉིས་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་གཡས་བསྐོར་གྱིས་ཀ་ཁ་ག་ནས་ཧ་ཀྵ་ཡ་ར་ལ་ཝ་ཌ་ཌྷ་ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་དེ་གཉིས་ཀྱི་བར་དུ་ཧཱུཾ་སྔོན་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས། དེ་ཐམས་ཅད་གཅིག་ཏུ་འདུས་པ་ཡོངས་སུ་གྱུར་པ་ལས། ལྷ་བཅུ་གསུམ་ཡོངས་སུ་རྫོགས་པར་གྱུར་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ག་ཞལ་བཞི་ཕྱག་བཅུ་གཉིས་པ།


TNT07_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་ཞལ་སྔོན་པོ། གཡོན་ལྗང༌། རྒྱབ་དམར་གཡས་སེར་ཞལ་རྣམ་པར་འགྱུར་བ། སྤྱན་གསུམ་གསུམ་དང་ལྡན་ཞིང༌། མཆེ་བ་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་བརྒྱངས་ཏེ་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག དྲུག་པ་ན་མདུང་རྩེ་གསུམ་པ་འཛིན་པ། གཡོན་གྱི་གསུམ་པ་ན་ཁ་ཊྭཾ་ཀ བཞི་པ་ན་ཁྲག་གིས་གང་བའི་ཐོད་པ། ལྔ་པ་ན་རྡོ་རྗེ་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ། ཞབས་གཡས་བརྐྱང་བས་དུས་མཚན་མ་དང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་མནན་པ། རལ་བའི་ཐོར་ཚུགས་དང༌། སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། ནོར་བུ་རིན་པོ་ཆེ་དང༌། ཐོད་པ་སྐམ་པོ་ལྔ་ལྔས་དབུ་བརྒྱན་པ། ཕྱག་རྒྱ་དྲུག་དང་མགོ་བོའི་འཕྲེང་བ་ཅན། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། གར་གྱི་ཉམས་དགུ་དང་ལྡན་པ། ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡོན་ཐོད་ཁྲག་དང་ཁ་ཊྭཾ་ཀ་འཛིན་པས་ཡབ་ལ་འཁྱུད་ཅིང༌། གཡས་སྡིག་མཛུབ་དང་བཅས་པས་རྡོ་རྗེ་འཕྱར་བ། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྲིལ་བ། སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཐོད་སྐམ་གྱི་དོ་ཤལ་ཅན། ཁྲག་ལ་དགྱེས་ཤིང་


TNT07_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཛག་པ། གཉིས་ཀའང་བསྐལ་པའི་མེ་ལྟ་བུའི་དབུས་ན་བཞུགས་པར་གྱུར། ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་སྐྱ་མཚམས་བཞིར་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་སྟེང་དུ། ཀ་པཱ་ལ་བདུད་རྩིས་གང་བ་དང་བཅས་པ་བཞིའོ། །ཤར་སྒོར་ཁྭ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་གཡས་སེར་གཡོན་དམར། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་དྲག་མོའི་གཟུགས་ཅན། ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མ། ཕྱག་གཡས་གཉིས་ན་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ན་ཐོད་པ་དང་ཁ་ཊྭཱཾ་ཀ་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཞིང་སྐྲ་གྲོལ་བ། རྡོ་རྗེ་འཕྲེང་བ་དབུ་ལ་བརྒྱན་ཞིང་མི་མགོའི་དོ་ཤལ་ཅན། རོའི་གདན་ལ་གཡོན་བརྐྱང་གི་སྟབས་ཀྱི་གནས་པས་དངོས་གྲུབ་ཐམས་ཅད་སྩོལ་བའོ། །ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱས་མཚན་པ། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ། ཡབ་ཀྱི་སྙིང་


TNT07_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཨོཾ་ཧ་ལས་རྡོ་རྗེ་སེམས་དཔའ་དཀར་པོ། མགོ་བོར་ན་མ་ཧི་ལས་རྣམ་པར་སྣང་མཛད་སེར་པོ། སྤྱི་གཙུག་ཏུ་སྭཱཧཱ་ཧཱུཾ་ལས། རིན་ཆེན་འབྱུང་ལྡན་ཟེར་ཡང༌། པད་མ་གར་དབང་དམར་པོ། ཕྲག་པ་གཉིས་སུ་བཽ་ཥ་ཊ་ཧེ་ལས་ཧེ་རུ་ཀ་ནག་པོ། མིག་གཉིས་སུ་ཧཱུཾ་ཧཱུཾ་ཧོ་ལས། འོད་དཔག་མེད་ཟེར་ཡང༌། རྡོ་རྗེ་ཉི་མ་མཐིང་ཁ། ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་ལས་རྟ་མཆོག་ལྗང་ཁུ་རྣམས་རྡོ་རྗེ་དང་དྲིལ་བུ་འཛིན་པའོ། །ཡུམ་གྱི་ལྟེ་བར་ཨོཾ་བཾ་ལས་རྡོ་རྗེ་ཕག་མོ་དམར་མོ། སྙིང་གར་ཧཾ་ཡོཾ་ལས་གཤིན་རྗེ་མ་སྔོན་པོ། ཁར་ཧྲིཾ་མོ་ལས་རྨོངས་བྱེད་མ་དཀར་མོ། དཔྲལ་པར་ཧྲེཾ་ཧྲིཾ་ལས་བསྐྱོད་བྱེད་མ་སེར་མོ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལས་སྐྲག་བྱེད་མ་ལྗང་ཁུ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ལས་ཙཎྜི་ཀཱ་དུད་ཁ་རྣམས་གྲི་གུག་དང་ཐོད་པ་འཛིན་པ་གྱུར། རང་གི་ཐུགས་ཀའི་ཧཱུཾ་གིས་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། ཕཻཾ་ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅་ཧཾ། སླར་ཡང་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཕཻཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་


TNT07_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུང་ཞིང་བུམ་པའི་དབང་བསྐུར། སྐུ་གང་དྲི་མ་དགཆུ་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་མི་བསྐྱོད་པ། ཡུམ་ལ་རྣམ་སྣང༌། ཕྱོགས་མ་བཞི་ལ་རིན་འབྱུང༌། སྒོ་མ་བཞི་ལ་སྣང་མཐའ། མཚམས་མ་བཞི་ལ་དོན་གྲུབ་ཀྱི་དབུ་རྒྱན་པར་གྱུར། འདུས་པ་ཞབས་ལུགས་ལྟར་མཆོད་ལྷ་མཁའ་ནང་ནས་སྤྲོས་ཏེ། གོང་བཞིན་ཨརྒྒཾ༴ ནས་ཤཔྟའི་བར་གྱིས་མཆོད། ལྷ་རྣམས་ཀྱི་རང་སྔགས་ཀྱི་ནང་མཆོད་མྱང༌། གསང་མཆོད་བྱ། ཁྱོད་ནི་རྣལ་འབྱོར་མ་ཚོགས༴ སོགས་ལ་འཇུག་ཏུ། མགོན་པོ་བདེ་མཆོག་དཔལ་ལྡན་དགྱེས་པས་བཞེངས། །ཞེས་འདོན་པ་སྤོ། རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་རླབས་ནས། འབྲུ་གསུམ་གྱིས་བདུད་རྩི་མྱང༌། འཁོར་ལོའི་དམིགས་པ་གསལ་བཏབ་ལ་བཟླས་པ་བྱ་སྟེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛྭ་ལ་སམྦྷ་ར་སྭཱཧཱ། སྙིང་པོའོ། །ཨོཾ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡུམ་གྱི་སྙིང་པོའོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཉེ་བའི་སྙིང་པོའོ། །མ་མོ་བཅུ་གཉིས་ཀྱི་སྔགས་ནི་སྤྱི་དང་མཚུངས་སོ། །རང་གི་སྙིང་གའི་འོད་ཟེར་གྱིས་ཕོག་པའི་སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་གྱུར། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལ་ཐིམ། དཀྱིལ་འཁོར་ཡང་འོད་གསལ་གྱི་དབྱིངས་སུ་ཐིམ། སླར་ཡང་ཕྱག་གཉིས་པའི་རྣམ་པར་ལངས་ཏེ། གོ་ཆ་གཉིས་ཀྱི་རྒྱས་བཏབ་ལ། ཐུན་མཚམས་ལ་འཇུག་གོ་


TNT07_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་བྱིན་རླབས་ནི། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ། ཨ་ལས་ཐོད་པ། དེའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ། དེའི་སྟེང་དུ་ཨོཾ་དང༌། ཨཱཿལས་ཟླ་བ་དང༌། ཧཱུཾ་ལས་རྡོ་རྗེ་ཨཱཿདང་ཧཱུཾ་གིས་མཚན་པ་རྣམས་བརྩེགས་པ། རླུང་གཡོས་མེ་སྦར། རྫས་རྣམས་ཞུ་ཞིང་ཁོལ། འབྲུ་གསུམ་ལས་བདུད་རྩི་བབས། ཨོཾ་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། འབྲུ་གསུམ་ལ་ཐིམ། དེ་རྣམས་འོག་གི་བདུད་རྩི་ལ་ཐིམ། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཞེས་བྱིན་གྱིས་བརླབས། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་དཔལ་འཁོར་ལོ་སྡོམ་པ་བཅུ་གསུམ་གྱི་དཀྱིལ་འཁོར་དམ་ཚིག་ཅན་གྱི་ཚོགས་དང་བཅས་པ་ཕཻཾ། ཞེས་སྤྱན་དྲངས། ཨོཾ་ཨ་རལླི་ཧོཿཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་སྟྭཾ་ཌི་ཤྱ་ཧོཿ ལན་བཞིས་དཀྱིལ་འཁོར་ལ་ཕུལ། ཨོཾ་ཁ་ཁ༴ སོགས་ཀྱིས་འཇིག་རྟེན་པ་ལ་ཕུལ། ཕྱི་མཆོད། ནང་མཆོད་བསྟོད་པ་རྣམས་བྱ། ལྷ་ཡི་ཚོགས་རྣམས༴ སོགས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟླས། ཁྱོད་ཀྱིས་སེམས་ཅན༴ སོགས་དང༌། རྫོགས་སངས་རྒྱས་དང་དེ་ཡི་སྲས༴ སོགས་ཀྱང་སྤྲོ་ན་བརྗོད་ལ། མུཿ ཞེས་གཤེགས། གཙོ་བོ་ནུས་པ་མ་མཆིས༴ སོགས་དང༌། སྔགས་དམན་པ་དང༌། སོགས་དང༌། ལྷ་མོ་ཚད་མ༴ སོགས་བརྗོད། ཚུལ་ཁྲིམས་


TNT07_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཙནྡན་གྱིས་ལུས་བྱུགས། བསམ་གཏན་གྱིས་ནི་གོས་དག་གྱོན། །བྱང་ཆུབ་ཡན་ལག་མེ་ཏོག་བཀྲམ། །ཇི་ལྟར་བདེ་བར་བཞུགས་སུ་གསོལ། །ཨོཾ་བཛྲ་མཎྜལ་མུཿ དཀྱིལ་འཁོར་རང་ལ་ཐིམ། སྨོན་ལམ་དང་བཀྲ་ཤིས་བརྗོད་དོ། །རྡོ་རྗེ་འཆང་དབང་ཤཱ་བ་རི་པ་དང༌། །མཻ་ཏྲི་ཏི་ཕུ་བ་རེག་རས་ཆུང་པ། །ལོ་སུམ་གླིང་རས་[དགའ་ལྡན་པ་]རྒྱ་རས་བསོད་ནམས་དང༌། ངེས་འབྱུང་[འགིར་བུ་པ་]དར་དང་འོད་ཟེར་རྒྱ་མཚོ་དང༌། །སངས་རྒྱས་རས་པ་སྐྱེས་མཆོག་སྨོན་ལམ་པ། །ཡོན་ཏན་[ལུང་མངས་པ་]བཟང་པོ་ཀུན་དགའ་དཔལ་འབྱོར་དང༌། །ངག་དབང་ཆོས་རྒྱལ་རྣམ་རྒྱལ་བཀྲ་ཤིས་དང༌། །གྲོལ་མཆོག་རྗེ་དང་ལྷ་དབང་གྲགས་པའི་ཞབས། །དེ་རྣམས་ཆོས་རྒྱུད་མང་པོའི་དབང་དུ་བྱས། །དབང་བརྒྱུད་ཙམ་ལ་རྒྱུད་ཚུལ་གཞན་[སེང་གེ་དགུ་]ཡང་ཡོད། །གཉིས་མེད་རྡོ་རྗེའི་དགོངས་པ་བཞིན། །ཉུང་ངུའི་ཚིག་གིས་མདོར་བསྡུས་ནས། །དོན་ཟབ་དོན་ནི་རྒྱ་ཆེ་བ། །བློ་དམན་རྣམས་ལ་གསལ་བར་བྱས། །འཁོར་ལོ་སྡོམ་པ་མཻ་ཏྲི་བཅུ་གསུམ་མའི་སྒྲུབ་ཐབས་ཏེ་གསུམ་པའོ།། །།༈ ན་མོ་གུ་རུ་བཛྲ་ཡོ་གི་ནི་ཙ་རཱ་ཎ་ཡ། མཐའ་དག་རྒྱལ་བ་ཀུན་གྱིས་བདེ་བསྐྱེད་ཡུམ། །ལི་ཁྲིའི་མདངས་འཕྲོག་འཇོ་སྒེག་ལང་ཚོ་ཅན། །མཚར་སྡུག་འོད་འབར་རབ་གྲགས་དཔའ་མོའི་སྐུ། །རྡོ་རྗེ་བཙུན་མོའི་བདག་ལ་དགྱེས་པར་མཛོད། །འདིར་རྡོ་རྗེ་རྣལ་འབྱོར་མ་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཉམས་སུ་བླང་བར་འདོད་པས། བདེ་བའི་གདན་ལ་ཁ་ནུབ་ཏུ་ཕྱོགས་ནས། སྐྱབས་སེམས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྣམས་སྔོན་དུ་བཏང་ནས། བཱ་ར་ཧི་ཨ་ཧཾ། རང་


TNT07_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མར་གྱུར། ཨོཾ་ཨ་ཨཱ ནས་ཨཾ་ཨཿ ཀ་ཁ༴ ནས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ ལན་གསུམ། ཨཱ་ལི་ཀཱ་ལིའི་འཕྲེང་བ་འོད་ཟེར་ལྔ་ལྡན། ལྟེ་བར་ལན་གསུམ་གཡོན་སྐོར་དུ་འཁྱིལ་བ། དེ་ལས་འཁོར་ལོ་གསུམ་གྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྲོས། བགེགས་རྣམས་བཅོམ་སྟེ་སླར་ཡང་ལྟེ་བའི་སྔགས་འཕྲེང་ལ་ཐིམ། རང་གྀ་མགོ་བོ་ལྟེ་བ། མགྲིན་པ། ལོང་བུ་སྙིང་ཁ། སྤྱི་གཙུག་རྣམས་སུ་རིམ་པས། གཟུགས་ཀྱི་ཕུང་པོ་ཨོཾ་ལས་རྣམ་པར་སྣང་མཛད་དཀར་པོ། ཚོར་བའི་ཕུང་པོ་ཨཾ་ལས་རྡོ་རྗེ་ཉི་མ་སེར་པོ། འདུ་ཤེས་ཀྱིས་ཕུང་པོ་ཧྲིཿལས་པདྨ་གར་དབང་དམར་པོ། འདུ་བྱེད་ཀྱི་ཕུང་པོ་ཧོ་ལས་རྡོ་རྗེ་རྒྱལ་པོ་ལྗང་ཁུ། རྣམ་པར་ཤེས་པའི་ཕུང་པོ་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་དཀར་པོ། ཕུང་པོ་ལྔ་ཆར་གྱི་ངོ་བོ་ཧེ་ལས་ཧེ་རུ་ཀ་ནག་པོ། མིག་འབྲས། རྣ་བའི་ཁུང༌། སྣ་བུགལྕེའི་རྩ་བ། དཔྲལ་པ། སྙིང་ག་རྣམས་སུ་རིམ་པས། མིག་ཨོཾ་ལས་གཏི་མུག་རྡོ་རྗེ་དཀར་པོ། རྣ་བ་ཧཱུཾ་ལས་ཞེ་སྡང་རྡོ་རྗེ་ནག་པོ། སྣ་ཏྲཾ་ལས་ཕྲག་དོག་རྡོ་རྗེ་སེར་པོ། ལྕེ་ཨ་ལས་འདོད་ཆགས་རྡོ་རྗེ་དམར་པོ། ལུས་ཁམས་ལས་སེར་སྣ་རྡོ་རྗེ་ལྗང་ཁུ། སྐྱེ་མཆེད་སྤྱི་ཧཱུཾ་ལས་དབང་ཕྱུག་རྡོ་རྗེ་དམར་མོ། ལྟེ་བ། སྙིང་ག །མགྲིན་པ། དཔྲལ་པ། གསང་གནས་རྣམས་སུ་རིམ་པས། ས་ཁམས་ལཾ་ལས་ལྟུང་བྱེད་མ་སེར་མོ། ཆུ་ཁམས་ལཾ་ལས་གསོད་


TNT07_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མ་ནག་མོ། མེ་ཁམས་པཾ་ལས་འགུགས་བྱེད་མ་དམར་མོ། རླུང་ཁམས་ཏཾ་ལས་གར་དབང་མ་ལྗང་ཁུ། མཁའ་ཁམས་ཁཾ་ལས་པདྨ་དྲ་བ་ཅན་མ་དུད་ཁ་རྣམས་སུ་གྱུར། འདི་དག་ཞལ་ཕྱག་རྒྱས་པར་སྒོམ་པར་འདོད་ན། ལཱུ་ཡི་པའི་འགྲེལ་པ་ལཱ་བ་པའི་དང་ཤེས་རབ་བསྲུང་བ་མཛད་པ་ལྟར་ཤེས་པར་བྱ་ལ། བསྡུ་ན་ཡབ་རྣམས་རྡོ་རྗེ་དྲིལ་བུ་དང༌། ཡུམ་རྣམས་གྲི་ཐོད་འཛིན་པའོ། །རང་གི་སྙིང་གར་པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་ཡིག་དམར་པོ། དེའི་འོད་ཀྱི་ནང་གི་རྙོགས་པ་བསལ་ཏེ། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྱན་དྲངས། གང་གི་དྲིན་གྱིས་བདེ་ཆེན་ཉིད། སོགས་ནས། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། ཁམས་གསུམ་པ་ཡི་ངོ་བོ་ཉིད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཨོཾ་བཱི་ནི་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ནས། ཨོཾ་དྷརྨཱ་དྷ་ཏུ་བཛྲ་ནི་ཧཱུཾ་ཧཱུཾ་ཕཊ། ཅེས་རིག་མ་བཅུ་དྲུག་གིས་མཆོད། ཨོཾ་ཨཱཿཧཱུཾ་གིས་ནང་མཆོད་ཕུལ། ཨོཾ་སརྦ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཞེས་གསང་བའི་མཆོད་པས་མཆོད། ཡུམ་གྱི་རྐང་བརྒྱད་ཀྱིས་བསྟོད། བདག་གིས་སྡིག་པ་བགྱིས་པར་གྱུར་པ་མ་ལུས་རྣམས། ཁྱེད་རྣམས་ཀུན་གྱི་མངོན་དུ་སོ་སོར་བཤགས་པར་བགྱི། བླ་མ་ལ་སོགས་རྣམས་ཀྱིས་བསོད་ནམས་བགྱིས་པ་གང༌། དེ་རྣམས་མ་ལུས་ཀུན་ལ་རྗེས་སུ་ཡི་རང་ངོ༌། །བྱ་བ་བྱས་པ་བྱེད་པར་འགྱུར་བ་གང་དག་གི །དགེ་བའི་


TNT07_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ནི་སེམས་ཅན་མ་ལུས་རྒྱལ་བར་སྨོན། །དཀོན་མཆོག་གསུམ་ལ་ངེས་པར་ཡང་དག་སྐྱབས་སུ་མཆི། །འགྲོ་བ་བདེ་ལ་འགོད་ཕྱིར་ཆོས་ཀྱི་རྒྱལ་པོར་གྱུར། །རྒྱལ་བ་རྣམས་ཀྱི་ལམ་ལ་ཡང་དག་གནས་པར་བགྱི། །མགོན་པོ་བཞེས་ཤིང་བདག་གིས་ལུས་འདི་དབུལ་བ་ལགས། ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་སོགས་ཚད་མེད་བཞི་སྤྱི་དང་མཐུན་པར་བྱ། ཨོཾ་སྭཱ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་ཤཱུནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་རང་སེམས་ནཱ་དའི་རྣམ་པར་ལངས་ནས་ནམ་མཁར་གནས་པར་བསམས། འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་པཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། དེའི་སྟེང་དུ་སུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའོ། །སྡིགས་མཛུབ་བསྐོར་ཞིང་སེ་གོལ་གདབ་པའི་མཚམས་རྔམ་ཕྱོགས་བཞིར་བྱེད་དུ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ནས། བཱི་དྱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་པའི་བར་བརྗོད། སྔགས་ཀྱི་འོད་ཟེར་ལས་གྲུབ་པའི་རྡོ་རྗེ་ས་གཞི། རྭ་བ་དྲྭ་བ། གུར་བླ་རེ། མདའི་དྲྭ་བ་ཡེ་ཤེས་མེ་དཔུང་འབར་བའི་སྲུང་བའི་འཁོར་ལོ་གྱུར། ཨོཾ་མེ་དྷི་ནི་བཛྲི་བྷ་ཝ་བནྡྷ་ཧཱུཾ། ཨོཾ་བཛྲ་པྲ་ག་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་ཡཾ་ཧཱུཾ། ཨོཾ་བཛྲ་བི་ཏ་ན་ཧཱུཾ་ཁཾ་ཧཱུཾ་


TNT07_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ༌། ཨོཾ་བཛྲ་ཛྭ་ལ་ཨ་ན་ལརྐ་ཧཱུཾ་ཧཱུཾ་ཧཱུཾ། སླར་ཡང་ཕྱོགས་མཚམས་བརྒྱད་དུ་མཚམས་རྔམ་དང་བཅས་པའི། ཨོཾ་སུམྦྷ། སོགས། ཞལ་བཞི་པའི་སྔགས་ལན་གཉིས་བརྗོད། སྔགས་ཀྱི་འོད་ཟེར་ལས་བྱུང་བའི་སྒོ་མཚམས་མ་བརྒྱད་ཁ་དོག་སོ་སོར་ངེས་པ་ཅན། ཐོ་བ་དང་ཕུར་བུ་ཐོགས་པ་སྤྲོས། ཕྱོགས་བཅུའི་བགེགས་རྣམས་ཕྱོགས་སྐྱོང་བཅུའི་རྣམ་པར་བཀུག་སྟེ། ཧཱུཾ་ལས་བྱུང་བའི་ཁྲོན་པ་རྣམས་སུ་བཅུག། དེ་རྣམས་ཀྱི་སྤྱི་བོར་ཕུར་བུས་བཏབ། ཨོཾ་གྷ་གྷ༴ སོགས་ཕུར་བུའི་སྤྱི་བོར་ཐོ་བས་བརྡུངས། ཨོཾ་བཛྲ་མུརྐ་ར༴ སོགས། བགེགས་རྣམས་ཕུར་བུས་བཏབ་པས་འོད་གསལ་ཏུ་ཐིམ་པར་གྱུར། སྲུང་བའི་འཁོར་ལོའི་དབུས་སུ་ཆོས་འབྱུང་དཀར་པོའི་ནང་དུ་སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེ་ལ་གནས་པའི་བྷྲུཾ་ལས་རྣམ་པར་སྣང་མཛད་ཤེས་རབ་མ་དང་བཅས་པ། དེ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང༌། གྲུ་བཞི། སྒོ་བཞི། རྩིག་པ་རིམ་པ་ལྔ་དང་ལྡན་པ། ཕ་གུ་དང༌། བྲེ་ཕུལ་དང༌། གསེར་གྱི་སྣམ་བུ་དང༌། དྲྭ་ཕྱེད་དང༌། ཤར་བུ་དང་མདའ་ཡབ་དང་གཟུངས་མ་རྣམས་དང་བཅས་པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་བཞིའི་མདུན་དུ་ཀ་བས་བཏེགས་པའི་རྟ་བབས་ཀྱིས་མཛེས་པ། ནང་གི་ལྷ་སྣམ་ཤར་


TNT07_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བྱང་ལྗང༌། ནུབ་དམར། ལྷོ་སེར། མཚམས་རྣམས་སུ་བུམ་པ་བརྒྱད་དང་བཅས་པ། དབུས་སྔོ་བའི་སྟེང་དུ་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། མུ་ཁྱུད་ལ་འཁོར་ལོའི་འཕྲེང་བས་མཚན་པ། དེའི་ལྟེ་བར་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པ་མུ་ཁྱུད་ལ་པདྨའི་ཕྲེང་བས་མཛེས་པ། དེའི་ལྟེ་བར་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ་མུ་ཁྱུད་ལ་རྡོ་རྗེ་འཕྲེང་བས་མཚན་པ། དེའི་ལྟེ་བར་པཾ་ལས་བདེ་བ་ཆེན་པོའི་འཁོར་ལོ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། སྡོང་བུ་ཅུང་ཟད་དང་བཅས་པ་མུ་ཁྱུད་ལ་གྲི་གུག་གི་འཕྲེང་བས་བསྐོར་བ། སྟེང་ཐོག་རིམ་པར་ཕུག་པའི་དབུས་ཕྱུར་བུར་གྱུར་པ། ནང་གི་ལྷའི་གནས་རྣམས་སུ་ཉི་མའི་གདན་སུམ་ཅུ་རྩ་གསུམ་མོ། །གཞལ་མེད་ཁང་གི་ཕྱི་རོལ་མཆོད་པའི་བཀོད་པ་ཐམས་ཅད་དང་བཅས་ཤིང༌། པད་འདབ་ཀྱི་ཁོར་ཡུག་སྲུང་བའི་འཁོར་ལོ་དང་བཅས་པའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། ཤིང་དང༌། མེ་དང་སྤྲིན་དང༌། ཆུ་དང༌། རི་དང༌། མཆོད་རྟེན་དང༌། གྲུབ་པ་ཐོབ་པའི་དཔའ་བོ་དང༌། རྣལ་འབྱོར་མ་རྣམས་ཀྱིས་ཡོངས་སུ་ཁྱབ་པའོ། །བདེ་ཆེན་འཁོར་ལོའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ཨཱ༴ ནས་ཨཾ་ཨཱཿ ཕྲག་གཉིས་ལ་ཟླ་བ། དེའི་སྟེང་དུ་ཀ་ཁ་ནས། ཧ་ཀྵ་ཌ་ཌྷ། ད་དྷ། ཡ་ལ་ཕྲག་གཉིས་ཞུ་བ་ལས། ཉི་མའི་དཀྱིལ་འཁོར། དེ་གཉིས་ཀྱི་བར་དུ་བཾ་


TNT07_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྡོ་རྗེའི་ལྟེ་བར་བཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། སླར་འདུས་ཏེ་བཾ་ལ་ཐིམ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། ལྷ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ། ལོ་བཅུ་དྲུག་ལོན་པ་ལྟར་ལང་ཚོ་ལ་བབ་ཅིང༌། བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། དྲག་མོ་ཆེན་མོ་ཤིན་ཏུ་འཇིགས་པའི་སྐུ་ཅན་རྗེས་ཆགས་བདེ་བའི་ཉམས་ཀྱིས་མྱོས་པའི་སྐུ་ཅན། ཞལ་གཅིག་ཕྱག་གཉིས་དམར་ཞིང་བཀྲ་ལ་ཟླུམ་པའི་སྤྱན་གསུམ་གཡོ་བ། ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་གམ་རྡོ་རྗེ་མཐུར་དུ་སྡིགས་ཤིང༌། སྡང་བ་དང་གདུག་པ་ཐམས་ཅད་འཇོམས་པ། གཡོན་པ་ཐོད་པ་ཁྲག་གིས་གང་བ་སྟེང་གི་ཕྱོགས་སུ་བཟུང་ནས་ཞལ་དུ་གསོལ་བ། མཆན་ཁུང་གཡོན་པར་ཁ་ཊྭཾ་ག ཐབས་ཀྱི་རང་བཞིན་ཅན་ལ། ཌཱ་མ་རུ་དང་དྲིལ་བུ་གཡེར་ཁ་དང༌། འཕན་ལྕེ་གསུམ་པ་རྣམས་འཕྱང་བཞིན་དུ་བསྣམས་པ། དབུ་སྐྲ་ནག་པོ་སིལ་བུར་གྲོལ་བ། ཞལ་རྣམ་པར་འགྱུར་ཞིང་མཆེ་བ་གཙིགས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན་གཅེར་བུ་རུས་པའི་རྒྱན་ལྔས་བརྒྱན་པ། དམར་ཆེན་གྱི་བཏུང་བས་མྱོས་ཤིང༌། སི་ཧླའི་རྒྱུན་འབབ་པ། ཞབས་གཡོན་བསྐུམས་པས་འཇིགས་བྱེད་ནག་པོ་དང༌། གཡས་བརྐྱང་བས་དུས་མཚན་


TNT07_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མ་དམར་མོ་མནན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །སྙིང་པོ་དང་ཉེ་སྙིང་ཚར་གཅིག་བརྗོད། འདབ་མ་བརྒྱད་ལ། ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། མཚམས་བཞིར་ཁུ་བ་དང༌། ཁྲག་དང༌། བདུད་རྩི་ལྔ་དང༌། སྒྲོན་མ་ལྔས་གང་བའི་ཐོད་པ་བཞིའོ། །དེའི་ཕྱི་རོལ་ཏུ་ཐུགས་ཀྱི་འཁོར་ལོའི་ཤར་རྩིབས་པུ་ལི་ར་མ་ལ་ཡར་རབ་གཏུམ་མ། བྱང་རྩིབས་ཛ་ལནྡྷ་རར་གཏུམ་མིག་མ། ནུབ་ཕྱོགས་ཨོ་ཌི་ཡ་ནར་འོད་ལྡན་མ། ལྷོ་ཕྱོགས་ཨརྦུ་ཏར་སྣ་ཆེན་མ། ཤར་ལྷོ་གོ་དཱ་བ་རིར་དཔའ་བློ་མ། ལྷོ་ནུབ་རསྨི་ཤྭ་རར་མིའུ་ཐུང་མ། ནུབ་བྱང་དེ་ཝི་ཀོ་ཊར་ལང་ཀའི་དབང་ཕྱུག་མ། བྱང་ཤར་མ་ལ་བར་ཤིང་གྲིབ་མ་སྟེ། ཐམས་ཅད་ཀྱང་སྐུ་མདོག་སྔོན་མོའོ། །དེའི་ཕྱི་རོལ་དུ་གསུང་གི་འཁོར་ལོའི་ཤར་རྩིབས་ཀཱ་མ་རུ་པར་ས་བསྲུངས་མ། བྱང་རྩིབས་ཨོ་ཊེར་འཇིགས་བྱེད་ཆེན་མོ། ནུབ་རྩིབས་ཏྲི་ཤ་ཀུ་ནེར་རླུང་གི་ཤུགས་ཅན་མ། ལྷོ་རྩིབས་ཀོ་ས་ལར་ཆང་འཐུང་མ། ཤར་ལྷོ་ཀ་ལིང་ཀར་སྔོ་སངས་ལྷ་མོ། ལྷོ་ནུབ་ལམྦ་ཀར་ཤིན་ཏུ་བཟང་མོ། ནུབ་བྱང་ཀིཉྩིར་རྟ་རྣ་མ། བྱང་ཤར་ཧི་མ་ལ་ཡར་བྱ་གདོང་མ་སྟེ། ཐམས་ཅད་ཀྱང་སྐུ་མདོག་དམར་མོའོ། །དེའི་ཕྱི་རོལ་དུ་སྐུའི་འཁོར་ལོའི་ཤར་རྩིབས་པྲེ་ཏ་པུ་རིར་འཁོར་ལོའི་ཤུགས་ཅན་མ། བྱང་རྩིབས་གྲྀ་ཧཱ་ཧཱ་དེ་ཝ་ཁཎྜ་རོ་ཧི། ནུབ་རྩིབས་


TNT07_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སཽ་རཥྟར་ཤོ་ན་ཊི་ནི། ལྷོ་རྩིབས་སུ་ཝརྞ་དྭི་པར་འཁོར་ལོའི་གོ་ཆ་མ། ཤར་ལྷོ་ན་ག་རར་ཤིན་ཏུ་དཔའ་མོ། ལྷོ་ནུབ་སིནྡྷུར་པདྨ་གར་གྱི་དབང་ཕྱུག ནུབ་བྱང་མ་རུར་རྣམ་པར་སྣང་མཛད། བྱང་ཤར་ཀུ་ལི་ཏར་བརྩོན་འགྲུས་ཆེན་མོ་སྟེ། ཐམས་ཅད་ཀྱང་སྐུ་མདོག་དཀར་མོའོ། །རྣལ་འབྱོར་མ་ཉི་ཤུ་རྩ་བཞི་པོ་དེ་རྣམས་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པའོ། །དམ་ཚིག་འཁོར་ལོའི་ཤར་སྒོར་ཁྭ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ་སྟེ། སྒོ་མཚམས་མ་བརྒྱད་མི་རོའི་གདན་ལ་གནས་པ། མ་མོ་བཅུ་གཉིས་པོ་ཐམས་ཅད་ཤིན་ཏུ་དྲག་མོའི་གཟུགས་ཅན་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མ། ཕྱག་གཡས་གཉིས་ན་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ན་ཐོད་པ་དང་ཁ་ཊྭཾ་ག་འཛིན་པ། རྣལ་འབྱོར་མ་སོ་དྲུག་པོ་ཐམས་ཅད་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཞིང་སྐྲ་གྲོལ་བ་རྡོ་རྗེའི་འཕྲེང་བས་དབུ་ལ་བརྒྱན་ཞིང༌། མི་མགོའི་ཅོད་པན་དང་དོ་ཤལ་ཅན། གཡས་བརྐྱང་གི་སྟབས་ཀྱིས་གནས་པས་དངོས་གྲུབ་ཐམས་ཅད་སྩོལ་བའོ། །དེ་ལྟ་བུའི་སྒྲུབ་ཐབས་སྙེ་མའི་ལུགས་ཡིན་ལ། ཨུ་མ་པ་ཏི་དཏྟ་ལྟར་ན་མངོན་བྱང་ལྔ་ལས། རྟེན་བརྟེན་


TNT07_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུས་གཅིག་ཏུ་བསྐྱེད་པར་མཛད་པ་ནི། མ་མོ་བཅུ་གཉིས་ཕྱག་བཞི་པའི་ཕྱོགས་ལ་ལེགས་པའང་ཡིན་ལ། འཁོར་ལོ་གསུམ་གྱི་རྣལ་འབྱོར་མ་རྣམས་ཀྱང་མ་མོ་བཅུ་གཉིས་དང་མཚུངས་པར་ཕྱག་བཞི་མ་མཛད་དོ། །འོན་ཀྱང་འདི་ནི་འཁོར་ལོ་གསུམ་གྱི་ལྷ་ཡུམ་རྐྱང་དུ་བྱེད་ཕྱིན་ཡབ་དང་ཕྱག་མཚན་གྲངས་མཐུན་ན་ལེགས་པར་དགོངས་པ་ཡིན་ཀྱང་དེ་ལྟར་ན་དང་པོ་གཉིས་ཀྱང་རྡོ་དྲིལ་འཛིན་དགོས་པར་འགྱུར་རམ་ཅི། སྤྱིར་འཁོར་ཐམས་ཅད་ཀྱང་ཕྱག་གཉིས་སུ་བྱས་ནའང་ལེགས་པ་ཡིན་ནོ། །ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ནས། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཀྱྀ་བར་རྣམས་ཚར་གཅིག་བརྗོད་པར་བྱའོ། །རྐང་མཐིལ་རླུང༌། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས། སྒལ་ཚིགས་རི་རབ། ལུས་ངག་ཡིད་གསུམ་འཁོར་ལོ་གསུམ། ལུས་འདོམ་གང་གྲུ་བཞི་གཞལ་མེད་ཁང་གྲུ་བཞི། རྐང་བརྒྱད་ནི་ཀ་བ་བརྒྱད། སྤྱི་བོའི་རྩ་འདབས་སོ་གཉིས་པདྨ། དེར་རྒྱུ་བའི་རླུང་དང་ཐིག་ལེ། དབྱངས་དང་གསལ་བྱེད་ཀྱྀ་ངོ་བོ། སྙིང་ག་ནས་འབྱུང་བ་བཞི་རྒྱུ་བའི་རྩ་རྣམས་སྙིང་པོའི་རྣལ་འབྱོར་མ་བཞི་མཆོད་པའི་རྩ་བཞི་ལ་ཐོད་པ་བཞི། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ། པུ་ཛ་ཨོ་ཨ། གོ་ར་དེ་མ། ཀ་ཨོ་ཏྲི་ཀོ ཀ་ལ་ཀ་ཧི། པྲེ་གྲྀ་སཽ་སུ། ན་སི་མ་ཀུ་རྣམས་ཡོངས་སུ་གྱུར་པ་ལས། སྤྱི་བོར་རབ་གཏུམ་མ། སྤྱི་གཙུག་ཏུ་གཏུམ་མིག་མ། རྣ་བ་གཡས་སུ་འོད་ལྡན་མ། ལྟག་པར་སྣ་ཆེན་མ། རྣ་བ་གཡོན་དུ་དཔའ་བོའི་བློ་མ། སྨིན་མཚམས་སུ་མིའུ་ཐུང་མ། མིག་གཉིས་སུ་ལང་ཀའི་


TNT07_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་མ། དཔུང་པ་གཉིས་སུ་ཤིང་གྲིབ་མ། མཆན་ཁུང་གཉིས་སུ་ས་བསྲུང་མ། ནུ་མ་གཉིས་སུ་འཇིགས་བྱེད་ཆེན་པོ་ལྟེ་བར་རླུང་ཤུགས་མ། སྣ་རྩེར་ཆང་འཐུང་མ། ཁར་སྔོ་སངས་ལྷ་མོ། མགྲིན་པར་ཤིན་ཏུ་བཟང་མོ། སྙིང་ཁར་རྟ་རྣ་མ། འདོམས་བར་ལ་བྱ་གདོང་མ། མཚན་མ་ལ་འཁོར་ལོའི་ཤུགས་ཅན་མ། བརླ་གཉིས་སུ་ཤཽཎྜི་ནི། བྱིན་པ་གཉིས་སུ་འཁོར་ལོའི་གོ་ཆ་མ། སོར་མོ་བརྒྱད་ལ་ཤིན་ཏུ་དཔའ་མོ། བོལ་གོང་གཉིས་སུ་སྟོབས་ཆེན་མ། མཐེ་བོང་གཉིས་སུ་འཁོར་ལོས་བསྒྱུར་མ། པུས་མོ་གཉིས་ལ་བརྩོན་འགྲུས་ཆེན་མོ། ལྕེའི་རྩ་བར་ཁྭ་གདོང་མ། ལྟེ་བར་འུག་གདོང་མ། རྟགས་ཀྱི་སྒོར་ཁྱི་གདོང་མ། བཤང་སྒོར་ཕག་གདོང་མ། མཛོད་པུར་གཤིན་རྗེ་བརྟན་མ། རྣ་བར་ཕོ་ཉ་མ། མིག་ལ་མཆེ་བ་མ། སྣ་བུག་ཏུ་འཇོམས་མའོ། །དེ་ནས་དག་པ་དྲན་པ་ནི། ལུས་དང་ཚོར་བ་དང་ཆོས་དང་༴ ཞེས་པ་ནས། འཇོམས་མ་བཞིའོ། །ཞེས་པའི་བར་བརྗོད་དགོས་པ་ལས། ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་ཕག་མོའོ། །ཞེས་བརྗོད། རང་གི་མིག་ཏུ་བྷྲཱུཾ། རྣ་བར་ཧཱུཾ། སྣ་ལ་ཁཾ། ལྕེ་ལ་ཨཱཿ དཔྲལ་པར་ཧཾ། སྙིང་གར་ཧ། ལྟེ་བར་ཨོཾ་བཾ་དམར་མོ༴ ནས། ཙཎྜི་ཀཱའི་ངོ་བོའི་བར་དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སྙིང་གའི་དབུས་སུ་པད་ཉིའི་སྟེང་དུ། རྡོ་རྗེའི་ལྟེ་བར་བཾ། ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་དང་དབང་གི་ལྷ་མཆོད་པའི་ལྷ་མོ་དང་བཅས་པ་སྤྱན་དྲངས། ཕཻཾ། ཨོཾ་བཱི་ནི་བཛྲི་ནི་ཧཱུཾ་ཧཱུཾ་ཕཊ་སོགས་ཀྱིས་


TNT07_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། ཛཿཧཱུཾ་བཾ་ཧོཿ ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཿཡོ་ག་ཤུདྡྷོ྅་ཧཾ། ཞེས། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་དབང་གི་ལྷ་རྣམས་ལ་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི༴ ཞེས་པ་ནས། ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་ཐོད་པ་བདུད་རྩིས་གང་བས་དབང་བཀུར་སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས། གཙོ་མོ་ལ་རྡོ་རྗེ་སེམས་དཔའ། བདེ་ཆེན་འཁོར་ལོ་པ་ལ་རིན་འབྱུང༌། ཐུགས་འཁོར་པ་ལ་མི་བསྐྱོད་པ། གསུང་འཁོར་པ་ལ་འདོད་དཔག་མེད། སྐུ་འཁོར་པ་ལ་རྣམ་སྣང༌། དམ་ཚིག་འཁོར་ལོ་པ་ལ་དོན་གྲུབ་གྱི་དབུ་རྒྱན། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། རྡོར་འཛིན་ཕག་མོ་ཨིནྟྲ་བྷུ་ཏི་དང༌། །དཔལ་མོ་བི་རུ་པ་དང་ཌོ་བྷི་པ། །ངོ་མཚར་རྡོ་རྗེ་གརྦྷ་རི་པ་དང༌། །གཾ་ག་དྷ་ར་དགའ་བའི་རྡོ་རྗེ་དང༌། །དཔལ་འཛིན་ཡེ་ཤེས་རྡོ་རྗེ་དགེ་འབྱུང་སྦས། ཁྲག་འཐུང་རྡོ་རྗེ་ལྷན་སྐྱེས་རྡོ་རྗེ་དང༌། །ཆོས་དབང་བདུད་ལས་རྒྱལ་དང་ས་འཛིན་ཞབས། །དཔའ་བོ་དཔལ་གྱི་བཤེས་གཉེན་ཆོས་གྲགས་དང༌། །རིན་ཆེན་གྲགས་པ་ནགས་རིན་བྱམས་གླིང་པ། །བསོད་ནམས་ཚེ་བརྟན་རིན་ཆེན་ཆོས་དབང་དང༌། །བསྟན་བཟང་རིན་ཆེན་གྲགས་པའི་བ་དན་དང༌། །རྩ་བའི་བླ་མ་རྣམས་ལ་མཆོད་པ་འབུལ། །འདིར་ཡེ་ཤེས་རྡོ་རྗེ་ཟེར་བ་ནི་ཨ་བྷ་ཡ་ཀ་ར་ཡིན་གསུང་ལ། དགེ་འབྱུང་སྦས་པ་དང་ཤཱཀྱ་རཀྵི་ཏ་གདམ་ངའོ། །ཡང་ན་འཁྲུལ་སྤོང་གི་དབང་གི་བརྒྱུད་པ་ལྟར་རམ། འཕྲེང་


TNT07_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བརྒྱུད་པ་ལྟར་བྱས་ཀྱང་རུང་ལ། ཡང་ན། རྡོ་རྗེ་ཕག་མོ་གྲུབ་ཐོབ་སི་རོ་པ། ཨུ་མ་པ་ཏི་དར་ཏ་ངག་དབང་སྦས། ཆོས་རབ་ཡེ་ཤེས་སེངྒེ་འབུམ་སེང་དང༌། །རྒ་ལོ་ཤེར་སེང་བློ་ཆེན་གནས་དྲུག་པ། །ས་བཟང་པཎ་ཆེན་ས་བཟང་འཕགས་པ་དང༌། །དོན་བཟང་[དོན་ཡོད་བཟང་པོ་ཟེར་]རྒྱལ་མཚན་འོད་ཟེར་བྱམས་གླིང་པ། །དེ་མན་ཆད་གོང་བཞིན་ནོ། །སྙིང་པོ་དང་ལྷ་རྣམས་སྔགས་ཀྱི་མཐར་འབྲུ་གསུམ་བཏགས་པས་ཕུལ། མན་ངག་ལྟར་རྗེས་ཆགས་ཀྱི་རྣལ་འབྱོར་བསྒོམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཡུམ་གྱི་རྐང་བརྒྱད་ཀྱིས་བསྟོད། ལྷའི་རྣལ་འབྱོར་ལ་གནས་པའི་སྒོ་ནས། འཁོར་ལོའི་དམིགས་པའམ། སྤྲོ་བསྡུའི་དམིགས་པ་གསལ་བཏབ་ནས། ཨུ་མ་པ་ཏི་དཏྟ་ལྟར་ན། ཨོཾ་ན་མོ་བྷ་ག་ཝ་ཏི་བཛྲ་བཱ་རཱ་ཧི། ཞེས་སོགས་དང༌། སྙེ་མ་ལྟར་ན། ཨོཾ་བཛྲ་བཱ་རཱ་ཧཱི་པྲོ་ཏངྒེ༴ སོགས་རྩ་བའི་སྔགས་དང༌། ལྷ་སོ་སོའི་མཚན་སྔགས་ཅི་འགྲུབ་ཏུ་བཟླ་ཞིང༌། མདོར་བསྡུས་པའི་ཚེ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་ཉེ་སྙིང་དང༌། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་སྙིང་པོ་སྟེ། དེ་དག་ཅི་འགྲུབ་ཏུ་བཟླའོ། །ཐུན་བསྡུ་བའི་ཚེ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་སྦྱངས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལ་ཐིམ། དཀྱིལ་འཁོར་ཡང་རིམ་པས་བཾ་ཡིག་ལ་ཐིམ། བམ་ཡིག་ཡང་འོད་གསལ་དུ་ཞུགས། སླར་ཡང་རང་ཉིད་རྡོ་རྗེ་བཙུན་མོའི་རྣམ་པར་ལངས་ཏེ།


TNT07_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཆས་རྒྱས་བཏབ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །རྫོགས་པའི་རིམ་པ་བསྒོམ་པར་འདོད་ན་བཟླས་པའི་མཐར་བྱའོ། །གཏོར་མ་འབུལ་བར་འདོད་ན། འཁྲུལ་སྤོང་གི་གཏོར་ཆོག་ཁོ་ན་འདོན་པ་བསྒྱུར་བས་བྱ་བ་ཡིན་པས། སྒྲུབ་ཐབས་སྙིང་པོ་གོང་དུ་བཤད་པར་ཤེས་པར་བྱའོ། །ལག་མཆོད་དང་ཕྱི་རོལ་མཆོད་པ་སོགས་ཀྱང་གཞན་དུ་རྟོགས་པར་འགྱུར་བས་འདིར་མ་བཤད་དོ། །དཔལ་མཐུ་སྟོབས་ཀྱི་མགོན་པོ་བི་རཱ་པ་གང་ལས་མཆོག་གི་གནས་བརྙེས་པའི་ལམ་ཡང་འདི་ལས་གཞན་དུ་མི་བསམ་མོ། །ཞེས་ཚད་དང་ལྡན་པའི་བླ་མ་དག་གསུང་ངོ༌། །རིམ་པ་འདི་ཁོ་ནས་ལྷ་བཅུ་གསུམ་གྱིས་དཀྱིལ་འཁོར་དང༌། ལྷ་ལྔ་དང༌། དཔའ་མོ་གཅིག་པའི་སྒྲུབ་ཐབས་ཀྱང་འདོར་ལེན་ཤེས་པར་སྒྲུབ་ཐབས་གཉིས་ལས་གསུངས་པ་ལྟར་ཡིན། ལྷ་ཉེར་ལྔ་ཡང་རྒྱུད་ཀྱི་རིམ་པས་འབྱུང་ལ། འཕྲེང་བ་ལས་བྱུང་བའི་དཔལ་རྡོ་རྗེ་རྣལ་འབྱོར་མ་སེར་མོ་དང་སྔོན་མོའི་དཀྱིལ་འཁོར་ལ་ཡང་བསྐྱེད་ཚུལ་ཆོ་ག་འདིས་སྒྲུབ་ཅིང་གཙོ་མོ་འདི་ལ་འཁོར་རྣམས་དེ་དེ་བཞིན་དུ་མོས་ནའང་བསྒོམས་སུ་རུང་བ་སྟེ། ཐམས་ཅད་ལ་དག་པའི་རིམ་པ་ནི་འདི་ཉིད་ཁོ་ནས་སོ། །གྲུབ་མཆོག་སྟོང་གིས་གཤེགས་པའི་ལམ་ཡངས་པོར། བློ་གྲོས་ཤིང་རྟས་ཉེ་བར་འཚོ་བ་བདག །རྡོ་རྗེ་བཙུན་མོས་རྟག་ཏུ་རྗེས་བཟུང་ནས། །ཧེ་རུ་ཀ་དཔལ་བདག་པོའི་སར་འགོད་ཤོག །ཅེས་པ་རྡོ་རྗེ་རྣལ་འབྱོར་མ་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་བསྒྲུབ་པའི་ཐབས་སྟེ་བཞི་པའོ། །༈ ན་མོ་གུ་རུ་ཝེ། ཕུན་ཚོགས་ཀུན་གྱིས་གཏེར་ཆེན་པོ། །མཐའ་ཡས་འགྲོ་བའི་ཉེར་འཚོ་སྟེ། །བླ་མ་རྡོ་རྗེ་ཅན་


TNT07_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ། །བཏུད་ནས་སྡོམ་པའི་སྒྲུབ་ཐབས་བྲི། །ད་ནི་བཤད་རྒྱུད་རྣམས་ལས་ཐོག་མར་དཔལ་སྡོམ་པ་འབྱུང་བ་རྩ་བའི་དཀྱིལ་འཁོར་ལྷ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཉམས་སུ་ལེན་པར་འདོད་པའི་སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྣམས་སྔོན་དུ་འགྲོ་བར་བྱས་ལ། ཤྲཱི་ཧེ་རུ་ཀོ྅་ཧཾ། རང་བདེ་མཆོག་ཕྱག་གཉིས་པར་གྱུར། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ། ལན་གསུམ་བརྗོད། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད། ཚོར་བའི་ཕུང་པོ་རྡོ་རྗེ་ཉི་མ། འདུ་ཤེས་ཀྱི་ཕུང་པོ་པདྨ་གར་གྱི་དབང་ཕྱུག་མ། འདུ་བྱེད་ཀྱི་ཕུང་པོ་རྡོ་རྗེ་རྒྱལ་པོ། རྣམ་པར་ཤེས་པའི་ཕུང་པོ་རྡོ་རྗེ་སེམས་དཔའ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཤྲཱི་ཧེ་རུ་ཀའོ། །སའི་ཁམས་ལྟུང་བྱེད་མ། ཆུའི་ཁམས་གསོད་བྱེད་མ། མེའི་ཁམས་འགུགས་བྱེད་མ། རླུང་གི་ཁམས་པདྨ་གར་གྱི་དབང་ཕྱུག་ནམ་མཁའི་ཁམས་པདྨ་དྲ་བ་ཅན། མིག་གཉིས་ལ་གཏི་མུག་རྡོ་རྗེ། རྣ་བ་གཉིས་ལ་ཞེ་སྡང་རྡོ་རྗེ། སྣ་ལ་ཕྲག་དོག་རྡོ་རྗེ། ལྕེ་ལ་འདོད་ཆགས་རྡོ་རྗེ། ལུས་ལ་སེར་སྣ་རྡོ་རྗེ། སྐྱེ་མཆེད་ཐམས་ཅད་ལ་དབང་ཕྱུག་རྡོ་རྗེའོ། །སྡིགས་མཛུབ་དང་བཅས་པའི་སེ་གོལ་ཕྱོགས་བཅུར་གདབ་ཅིང༌། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲིཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ།


TNT07_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱ་ན་ཡ་ཧོ་བྷ་ཝན་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ལན་གཉིས་བརྗོད། སྔགས་ཀྱི་འོད་ཟེར་ལས་གྲུབ་པའི་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་བྲེ། ཕྱི་རོལ་ཀུན་ཏུ་ཡེ་ཤེས་ཀྱི་མེ་འོད་འབར་བའོ། །སླར་ཡང་སྔགས་ཀྱི་འོད་ཟེར་ལས་སྒོ་མཚམས་མ་བརྒྱད་ཐོད་པ་དང་ཕུར་བུ་ཐོགས་པའི་ཚོགས་སྤྲོས། ཕྱི་རོལ་ཏུ་ཧཱུཾ་ལས་བྱུང་བའི་འབྲུབ་ཁུང་རྣམས་སུ་བགེགས་རྣམས་བཅུག་སྤྱི་བོར་ཕུར་བུས་བཏབ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྟཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ། བཛྲ་དྷ་རོཌ་ཨ་ཛྙཱ་པ་ཡ་ཏི། སརྦ་བིགྷྣཱན། ཀ་ཡ་ཝཱཀ་ཙིཏྟ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཕུར་བུ་རྣམས་ཀྱི་སྤྱི་བོར་རྡོ་རྗེ་ཐོ་བས་བརྡུངས། ཨོཾ་བཛྲ་མུདྒ་ར་ཡ་ཨ་ཀོ་ཊ་ཡ་ཧཱུཾ། བགེགས་ཀྱི་ཚོགས་རྣམས་བཅོམ་སྟེ་བདེ་བ་ཆེན་པོ་དང་རོ་གཅིག་ཏུ་གྱུར། རང་གི་སྙིང་ཁར་པཾ་ལས་པདྨའི་སྟེང་དུ། ཨཾ་ལས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས། བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། རྣལ་འབྱོར་རོ་གཅིག་བདུད་རྩི་འཐུང་བས་རྣམ་པར་དག་པའི་ཐུགས། །གནས་ལ་སོགས་པ་ཡུལ་དུ་བསྒྲོད་པས་རྣམ་པར་དག་པའི་གསུང༌། དཔལ་ལྡན་གནས་ཀྱི་དབུས་སུ་འཁོར་ལོའི་དཀྱིལ་འཁོར་མགོན་པོ་མཆོག །བླ་མ་མཆོག་ལ་མགོ་བོས་བཏུད་དེ་རྟག་པར་ཕྱག་བགྱིའོ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། རྣམ་དག་རྡོ་རྗེ་དབང་ཕྱུག་དང༌། །རྗེས་ཆགས་


TNT07_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་ཆེ་རྣམས་ཀྱིས། །རྡོ་རྗེ་ཕག་མོ་དེ་ལ་འདུད། །རྣམ་པར་རྟོག་མེད་ཡང་དག་རྟོག །ཡིད་ནི་རབ་ཏུ་མི་གནས་པ། །ཡིད་ལ་མི་བྱེད་དྲན་པ་མེད། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཨོཾ་ཨཱཿཧྲཱི་པྲ་ཝ་ར་སཏྐ་ར་པྲོ་ཀྵ་ནཾ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། པྲོ་ཀཱ་ཎཾ་གི་གནས་སུ་ཨཉྩ་མ་ནཾ་དང༌། ཨརྒྷཾ་དང༌། པཱདྱཾ་རྣམས་བཅུག་པ་དང༌། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས་ཤཔྟའི་བར་གྱིས་མཆོད། རྐང་པ་བརྒྱད་པས་བསྟོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་རྒྱུན་བཤགས་བྱས། སྤྲོ་ན། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །ཞེས་སོགས་སྡོམ་བཟུང་རྒྱས་པ་ཡང་བྱ། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཤུདྡྷོ྅་ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་ཆོས་འབྱུང་གི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། དེའི་སྟེང་དུ་སུཾ་ལས་རི་རབ་རིན་པོ་ཆེའི་སྣ་བཞི་ལས་གྲུབ་པ་དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། སྣ་ཚོགས་པདྨ་འདབ་བརྒྱད། དེའི་སྟེང་དུ། ཨ་ཨཱ་ནས་ཨཾ་ཨཿརྣམས་ཡོངས་སུ་གྱུར་པ་ལས་ཟླ་བ། དེའི་སྟེང་དུ་ཡང་ཀ་ནས་ཀྵ་རྣམས་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དབུས་སུ་རང་གི་སེམས་ཉིད་ཧཱུཾ་ཡིག་སྔོན་པོ་འོད་ཟེར་སྣ་ཚོགས་པ་འཕྲོ་བ། དེ་ལས་དཀྱིལ་འཁོར་


TNT07_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་སྤྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་ཚུར་བསྡུས། ཧཱུཾ་གི་ནཱ་ད་ལ་ཐིམ། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར་པ་ནི། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང༌། གྲུ་བཞི་སྒོ་བཞི་པ། རྩིག་པ་རིམ་པ་ལྔ་དང་ལྡན་པ། ཕ་གུ་དང༌། དྲ་ཕྱེད་དང༌། ཤར་བུ་དང༌། མདའ་ཡབ་དང༌། གཟུངས་མ་རྣམས་དང་བཅས་པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་བཞིའི་སྟེང་དུ་ཀ་བས་བཏེག་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་བཅས་པ། ནང་ཀ་བ་བརྒྱད་དང་ལྡན་པ། དབུས་ཕྱུར་བུར་གྱུར་པའི་ཐོག་ཕུབས་ཅན། ནང་གི་ལྷ་སྣམ་ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར། མཚམས་རྣམས་སུ་བུམ་པ་བརྒྱད་དང་བཅས་པ། དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་གདན། སྒོ་མཚམས་བརྒྱད་དུ་རོའི་གདན། གཞལ་མེད་ཁང་གི་ཕྱི་རོལ་མཆོད་པའི་བཀོད་པ་ཐམས་ཅད་དང་བཅས་ཤིང༌། དེའི་ཕྱི་རོལ་པད་འདབ་ཀྱི་ཁོར་ཡུག་དང་བསྲུང་བའི་འཁོར་ལོ། ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། ཤིང་དང༌། མེ་དང༌། སྤྲིན་དང༌། ཆུ་དང༌། རི་དང༌། མཆོད་རྟེན་དང༌། གྲུབ་པ་ཐོབ་པའི་དཔའ་བོ་དང༌། རྣལ་འབྱོར་མ་རྣམས་ཀྱིས་


TNT07_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གང་བའོ། །དབུས་ཀྱི་གདན་གྱི་སྟེང་དུ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ག་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་ནག་པོ། གཡས་དཀར་བ། གཡོན་དམར་བ། ཞལ་རྣམ་པར་འགྱུར་བ། སྤྱན་གསུམ་གསུམ་དང་ལྡན་ཞིང༌། མཆེ་བ་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཡུམ་ལ་འཁྱུད་པ། བར་པ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་བརྒྱངས་ཏེ་འཛིན་པ། གཡས་གསུམ་པས་ཌཱ་མ་རུ། གཡོན་གསུམ་པས་ཐོད་པ་བདུད་རྩིས་གང་བ་དང་ཁ་ཊྭཾ་ག་བསྣམས་པ། ཞབས་གཡས་བརྐྱང་པས་དུས་མཚན་མ་དམར་མོ། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་མནན་པ། རལ་པའི་ཐོར་ཚུགས་དང་སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། ནོར་བུ་རིན་པོ་ཆེ་དང༌། ཐོད་པ་སྐམ་པོ་ལྔས་དབུ་རྒྱན་པ། ཕྱག་རྒྱ་དྲུག་དང་མགོ་བོའི་འཕྲེང་བ་ཅན། སྟག་གི་པགས་པའི་ཤམས་ཐབས་གྲོལ་བ། གར་གྱི་ཉམས་དགུ་དང་ལྡན་པའོ། །ཡུམ་རྡོ་རྗེ་ཕག་མོ་རྣམ་པར་སྣང་མཛད་མ། སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡོན་ཐོད་ཁྲག་འཛིན་པའི་ཡབ་ལ་འཁྱུད་ཅིང་གཡས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་འཕྱར་བ། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྲིལ་བ། སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཐོད་སྐམ་གྱིས་དོ་ཤལ་ཅན། ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། གཉིས་ཀའང་བསྐལ་པའི་མེ་ལྟ་བུའི་དབུས་ན་བཞུགས་པར་གྱུར། ཤར་གྱི་འདབ་


TNT07_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་སྐྱ་མཚམས་བཞིར་ཐོད་པ་བདུད་རྩིས་གང་བ་བཞི་དང་བཅས་པ། ཤར་སྒོར་ཁྭ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། དེ་ལྟར་སྒོ་མཚམས་མ་བརྒྱད་ནི་ཤིན་ཏུ་དྲག་མོའི་གཟུགས་ཅན་རོའི་གདན་ལ་གནས་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གྲི་གུག་དང་ཐོད་པ་ཁ་ཊྭཾ་ཀ་བསྣམས་པ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཞིང་སྐྲ་གྲོལ་བ། གཡས་བརྐྱང་གི་སྟབས་ཀྱིས་གནས་པ་དངོས་གྲུབ་ཐམས་ཅད་རྩོལ་བའོ། །གཙོ་བོའི་ཐུགས་ཀར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་གྱི་སེམས་དཔའ་ཉི་མ་ལ་ཧཱུཾ། ཨོཾ་ཨཱཿཧཱུཾ་སརྦ་ཝཱི་ར་ཡོ་གི་ནི་ཀ་ཡ་ཝཀྩིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅་ཧཾ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད༴ ཞེས་སོགས་གོང་བཞིན་བརྗོད་ལ། ཡབ་ཀྱི་སྙིང་གར་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ། མགོ་བོར་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་སྭཱཧཱ་ཧཱུཾ།


TNT07_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་པདྨ་གར་གྱི་དབང་ཕྱུག ཕྲག་པ་གཉིས་སུ་བཽ་ཥ་ཊ་ཧེ་ནག་པོ་དཔལ་ཧེ་རུ་ཀ མི་གཉིས་སུ་ཧཱུཾ་ཧཱུཾ་ཧོ་དམར་སེར་རྡོ་རྗེ་ཉི་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཧཾ་ལྗང་ཁུ་རྟ་མཆོག་གི་ངོ་བོ། ཡུམ་གྱི་ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་པར་ཧྲིཾ་ཧྲིཾ་སེར་མོ་བསྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཕཊ་དུད་ཁ་ཙནྜི་ཀཱ །རྡོ་རྗེ་སེམས་དཔའ་དང་རྨོངས་བྱེད་མ་ཟླ་བའི་གདན་དང༌། གཞན་རྣམས་ཉི་མའི་གདན་ལ་གནས་པའོ། །སྤྲོ་ན་གོ་ཆ་ཆེན་མོ་ཡང་བཀོད། ཡུམ་གྱི་མཁའ་ཨ་ལ་པད་འདབ་མ་གསུམ་དྱཱཾ་ལས་ཟེའུ་འབྲུ། ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་བྱཱཾ་ལས་ནོར་བུ། ཡབ་ཀྱི་ལྟེ་བ་དང་ཐུགས་ཀར་ཡུམ་གྱི་སྙིང་པོ་དང་ཉེ་སྙིང༌། མགྲིན་པ་དང༌། དཔྲལ་པར་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང༌། ཡུམ་གྱི་ལྟེ་བ་དང་སྙིང་གར་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང༌། མགྲིན་པར་དང་དཔྲལ་པར་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང༌། ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་དབང་གི་ལྷ་དང་བཅས་པ་སྤྱན་དྲངས། འབར་བའི་ཕྱག་རྒྱ་དང་བཅས་ཕཻཾ་ཞེས་བརྗོད་ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅་ཧཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་དབང་གི་ལྷ་རྣམས་ལ་


TNT07_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུངས་ཞིང་ཐོད་པ་བདུད་རྩིས་གང་བས་དབང་བསྐུར། སྐུ་གང་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་མི་བསྐྱོད་པ། ཡུམ་དང༌། མཁའ་འགྲོ་མ་ལ་རྣམ་སྣང༌། ལཱ་མ་ལ་རིན་འབྱུང༌། དུམ་སྐྱེས་མ་ལ་འོད་དཔག་མེད། གཞན་རྣམས་ལ་དོན་ཡོད་གྲུབ་པས་དབུ་རྒྱན། གོང་བཞིན་མཆོད། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་རླབས་ལ། རྡོ་རྗེ་འཆང་དང་ལཱུ་ཡི་དྷ་རི་ཀ །དྲིལ་བུ་རུས་སྦལ་དཔལ་ཞབས་དང་དཔེ་མེད་དཔལ། ཤཱནྟི་པ་དང་འཇིགས་མེད་འབྱུང་གནས་དང༌། །དགེ་འབྱུང་ལེགས་སྤྱོད་རཏྣ་རཀྵི་ཏ། །ཆག་ལོ་གོ་ལུང་པ་དང་གཡུང་ཕུག་པ། །ཤོང་སྟོན་བློ་བརྟན་ལོ་མཆོག་དཔལ་ལྡན་པ། །བུ་སྟོན་ཁྱུང་ལྷས་པ་དང་བཀྲེས་རིན་པ། །ངོར་ཆེན་རིན་ཆེན་བཀྲ་ཤིས་པཎ་ཆེན་རྗེ། །ཀུན་དགའ་རྒྱལ་མཚན་སངས་རྒྱས་འོད་ཟེར་དང༌། །ཀུན་དགའ་གྲོལ་མཆོག་རྗེ་བཙུན་བླ་མ་སྟེ། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །ཡང་ན། བུ་སྟོན་ཐུགས་སྲས་ནོར་བཟང་རིན་ཆེན་དང༌། །རིན་རྒྱལ་མཁྱེན་རབ་རྗེ་དང་བཀྲ་ཤིས་དཔལ། །དགོན་སྟོན་པ་དང་བཀྲ་ཤིས་རྒྱལ་མཚན་དང༌། །རྩ་[དཔལ་ཆོས་པ་]བའི་བླ་མ་རྣམས་ལ་མཆོད་པར་འབུལ། །ཞེས་རྩ་བརྒྱུད་བླ་མ་རྣམས་ལ་ཕུལ། སོ་སོའི་སྔགས་


TNT07_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ལྷ་ཚོགས་ལ་ཕུལ་རང་གིས་མྱངས། རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད། ཡབ་ཡུམ་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའི་རྐྱེན་གྱིས་སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་ལ་ཐིམ། དཀྱིལ་འཁོར་ཡང་འོད་གསལ་གྱིས་ངང་དུ་ཐིམ། སླར་ཡང་སྟོང་པའི་ངང་ལས། དཀྱིལ་འཁོར་ཡོངས་སུ་རྫོགས་པ་གསལ་བར་གྱུར། ཕུང་པོ་ལྔ་དག་ཧེ་རུ་ཀ །ཞལ་གསུམ་རྣམ་པར་ཐར་པ་གསུམ། །ཕ་རོལ་ཕྱིན་པ་དྲུག་གིས་ཕྱག །བདེན་གཉིས་དབྱེར་མེད་ཡུམ་དང་སྦྱོར། །ཡན་ལག་བཅུ་གཉིས་འགགས་པ་དང༌། །བཅུ་གཉིས་ས་ཡི་ངོ་བོ་ནི། །རྣལ་འབྱོར་མ་ཚོགས་བཅུ་གཉིས་ཏེ། །ཚད་མེད་འབྱུང་བ་བསྡུ་དངོས་བཞིའོ། །འཛག་མེད་ཐོད་པའི་སྣོད་བཞི་སྟེ། །བྱང་ཆུབ་ཕྱོགས་མཐུན་ཁང་བརྩེགས་དང༌། །བདུད་བཅོམ་སྲུང་བའི་འཁོར་ལོ་སྟེ། །རྣམ་ཤེས་བརྒྱད་དག་དུར་ཁྲོད་དོ། །དེ་ནས་འཁོར་ལོའི་བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཧཱུཾ་ཧཱུཾ་ཕཊ། སྙིང་པོའོ། །ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཉེ་སྙིང་ངོ༌། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡུམ་གྱི་སྙིང་པོའོ། །ཨོཾ་སརྦ་བུདྡྷ་ཌཱ་ཀཱི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཉེ་བའི་སྙིང་པོའོ། །ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ལཱ་མེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀ་ཀཱ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལུ་ཀ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤྭཱ་ན་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་ར་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་ཌཱ་ཌྷི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དུ་ཏཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྟི་ཎི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་


TNT07_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མ་མ་ཐ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་རྣམས་འཁོར་གྱི་སྔགས་སོ། །ཐུན་མཚམས་ལ་འཇུག་པར་འདོད་ན། གོ་ཆ་བཅིངས་ཏེ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོའོ། །གཏོར་མ་འབུལ་བར་འདོད་ན་གཏོར་མ་གཉིས་བཤམས་ལ། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། ཡཾ་ལས་རླུང༌། རཾ་ལས་མེ། ཨ་ལས་ཐོད་པ། ཨོཾ་ཏྲཾ་ཨཾ་ཁཾ་ཧཱུཾ་ལས་བདུད་རྩི་ལྔ། ལཾ་མཱཾ་པཾ་ཏཱཾ་བཾ་ལས་ཤ་ལྔ། རླུང་གཡོས་མེ་སྦར། རྫས་རྣམས་ཞུ་ཞིང་ཁོལ་བས་ཁ་དོག་དམར་སེར་དུ་གྱུར། སྟེང་གི་ནམ་མཁའ་ལ་ཁ་ཊྭཾ་ག་དཀར་མོ་བདུད་རྩིས་རང་བཞིན་ཅན། དེ་ཞུ་ཞིང་ཐིམ་པས། དངུལ་ཆུའི་མདོག་ཅན་རབ་ཏུ་བསིལ་བར་གྱུར། ཡང་སྟེང་གི་ནམ་མཁའ་ལ་དབྱངས་དང་གསལ་བྱེད་རྣམས་ཡོངས་སུ་གྱུར་པ་ལས། ཧཱུཾ་ཨཱཿཨོཾ་བརྩེགས་པ། དེ་ལས་དཀྱིལ་འཁོར་དཔག་ཏུ་མེད་པ་སྤྲོས། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་སྤྱན་དྲངས། འབྲུ་གསུམ་ལ་ཐིམ། དེ་ཡང་འོད་དུ་ཞུ་ཞིང་འོག་གི་བདུད་རྩི་དང་འདྲེས་ཏེ། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲིཿ། ཕཻཾ། ཞེས་པའི་སྔགས་རྒྱས་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་སྤྱན་དྲངས། ཨིནྡྲ་ས་པ་རི་ཝ་རཱ་ན་ཨ་ཀརྵ་ཡ་ཛཿ ཡ་མ་ས་པ་རི་ཝ་རཱ་ན་ཨ་ཀརྵ་ཡ་ཛཿ དེ་བཞིན་དུ། ཝ་རུ་ཎ༴ ཀུ་ཝེ་ར༴ མ་ཧཱ་བྷུ་ཏ༴ ཨགྣི༴ རཀྵ་སཱ༴ བ་ཡུ་དེ་ཝ་ཏ༴ ཙནྡྲ་སུརྱཱ༴ བྲཧྨ༴ ཨ་དི་དེ་ཝ་ས་པ་རི་ཝ་རཱ་ནཱ་ཨ་ཀརྵ་ཡ་ཛཿ བེ་མ་ཙི་ཏྲི་པྲི་ཐི་བཱི་དེ་ཝ་ཏ་ས་པཱ་


TNT07_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཝ་རཱ་ན་ཨ་ཀརྵ་ཡ་ཛཿ ཛཿཧཱུཾ་བཾ་ཧོ། སཾ་ཏྲིཔྟ་སརྦ་དེ་ཝ་ཏ། སདྷ་ཀ་སྱ། ཤིནྟཾ་ཀུ་རུ། སརྦ་ཀཱརྻཾ། སབྦྷིརྦྷ་ཝ་རུ་ཡ་ཐཱ་སུ་ཁཾ། མུ་ཁེ། ཞེས་འཇིག་རྟེན་པ་རྣམས་སྤྱན་དྲངས། ཨརྒྷཾ། ནས་ཤཔྟའི་བར་གྱིས་མཆོད། པད་སྐོར་དང་བཅས་ཏེ། མཁའ་འགྲོའི་དྲྭ་བ། དམ་པའི་བདེ་བ། ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡི་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཨོཾ་ཀ་ར་ཀ་ར་ཀུ་རུ་ཀུ་རུ་ནས་དྷི་ལི་དྷི་ལི་ཧཱུཾ་ཧཱུཾ་ཕཊ། ལན་གསུམ་གྱིས་གཙོ་བོ་ཡབ་ཡུམ་ལ་ཕུལ། ཨོཾ་བཛྲ་ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿ། བཛྲ་ཌཱ་ཀི་ནཱི། ས་མ་ཡ་ཧོ། དྲ་ཤྱ་ཧོ་ལན་གསུམ་མམ་ལྔས་འཁོར་རྣམས་ལ་ཕུལ། སྲིད་དང་ཞི་བ་མཉམ་པ་ཆགས་དང་ཀུན་རྟོག་ཆགས་པ་བཅོམ། ཁྱོད་ཀྱིས་དངོས་པོ་མཐའ་དག་ནམ་མཁའ་དང་ནི་འདྲ་བར་གཟིགས། །མགོན་པོ་ཤིན་ཏུ་ལྕི་བའི་ཐུགས་རྗེའི་ཆུས་རླུན་སེམས་ལ་ནི། །མཛོད་ཅིག་མཛོད་ཅིག་ལྷ་མོ་རྣམས་ཀྱིས་བདག་ལ་དགྱེས་པར་མཛོད། །ཅེས་གསོལ་བ་བཏབ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པ་ནས། ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ལན་གསུམ་གྱིས་འཇིག་རྟེན་པའི་ཚོགས་ལ་ཕུལ། རྐང་བ་བརྒྱད་པས་བསྟོད་ལ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག གི་བར་བརྗོད་ལ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅་ཧཾ།


TNT07_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་པས་མཉེས་པར་བསམ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛོད། །ཅེས་པའི་མཐར། བཛྲ་མུཿ ཞེས་འཇིག་རྟེན་པ་རྣམས་གཤེགས་སུ་གསོལ། དཀྱིལ་འཁོར་གྱི་འཁོར་ལོ་རང་ཉིད་ལ་གཉིས་སུ་མེད་པར་ཐིམ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བ་དང༌། བཀྲ་ཤིས་ཀྱི་གླུ་དབྱངས་བླངས་པར་བྱའོ། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །སྡོམ་པའི་སྒྲུབ་ཐབས་བྲིས་པ་ལས། །བྱུང་བའི་རྣམ་དཀར་དགེ་བ་དེས། །འགྲོ་ཀུན་ཧེ་རུ་ཀ་ཐོབ་ཤོག།ཅེས་པ་སྡོམ་བྱུང་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་ཏེ་ལྔ་པའོ།། །།༈ ན་མོ་གུ་རུ་ཙཀྲ་སམྦྷ་ར་མཎྜ་ལ་དེ་ཝི་བྷྱཿ གང་ཞིག་ཐེག་གསུམ་ཆོས་ཀྱི་འཁོར་ལོ་ཡང༌། །བླ་མེད་རྡོ་རྗེ་ཐེག་པར་ངེས་འཇུག་པ། །འདི་ལས་ངོ་མཚར་ཅི་ཡང་སྐྱེས་གྱུར་པས། །སྒྲུབ་ཐབས་འདི་ལ་བདག་སེམས་ལྷག་པར་དགའ། །ད་ནི་བཤད་རྒྱུད་དཔལ་ཨ་བྷི་དྷ་ན་ལས་དངོས་སུ་འབྱུང་བའི་དཀྱིལ་འཁོར་དྲུག་གི་སྒྲུབ་ཐབས་བཤད་པར་བྱ་བ་ལས་ཐོག་མར་ནི་རྣལ་འབྱོར་པ་གང་ཞིག་དབང་བསྐུར་ཐོབ་ཅིང་དམ་ཚིག་དང་ལྡན་པ་དངོས་གྲུབ་མཆོག་ལ་ཉེ་བར་གཞོལ་བ་རྣམས་ཀྱིས་ནན་ཏན་དུ་བྱ་བའི་འོས་ནི་འདི་ཡང་སྟེ། སྐྱབས་སུ་འགྲོ་བ་སྔོན་དུ་འགྲོ་བས། ནང་མཆོད་བྱིན་གྱིས་རླབས་ལ་མྱང་བའམ། བདུད་རྩི་རིལ་བུ་ཁར་བཅུག་ལ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད། དེ་ནས་སེམས་བསྐྱེད་དང་རྡོར་སེམས་སྒོམ་བཟླས་སྤྱི་དང་མཐུན་པར་བྱ། རང་གི་སྙིང་གར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ། དེའི་འོད་ཀྱིས་ལུས་དག་པས། ཧེ་རུ་ཀ་ཕྱག་གཉིས་པར་གྱུར། འོད་ཟེར་བ་སྤུའི་བུ་ག་ནས་འཕྲོས། དཔལ་བདེ་མཆོག་གི་དཀྱིལ་


TNT07_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཤར་ཕྱོགས་ཀྱི་དུར་ཁྲོད་ཀྱི་སྟེང་གི་ནམ་མཁའ་ལ་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་བཞུགས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། བདག་བླ་མ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །བདག་བཅོམ་ལྡན་འདས་དཔལ་བདེ་མཆོག་གི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །བདག་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། ལུས་འདི་དག་དབུལ་བར་བགྱིའོ། །རང་གི་སྙིང་ག་ནས་སྤྲོས་པའི་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་པར་གྱུར། ཨོཾ་ཨཱཿབཛྲ་བཱི་ནི་ཧཱུཾ། ཨོཾ་ཨཱཿབཛྲ་ཝཾ་སེ་ཧཱུཾ། དེའི་བཞིན་དུ་སྦྱར་ཏེ། མུ་ར་ཛེ༴ མུ་ཀུན་དེ༴ ཧ་སྱེ༴ ལཱ་སེ༴ གིརྟི༴ ནིརྟི༴ པུཥྤེ༴ དྷུ་པེ༴ དཱི་པེ༴ གནྡྷེ༴ ཨ་དར་ཤེ༴ ར་སྱ༴ སྤར་ཤེ༴ ཨོཾ་ཨཱཿབཛྲ་དྷརྨེ་ཧཱུཾ། མ་ཏཾ་གི་སོགས་ལྷ་མོ་བཞིས་བདུད་རྩིས་མཆོད་པར་བསམ་ལ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད། སྙོམས་འཇུག་གི་བདེ་བ་ཆེན་པོས་དགེས་པར་བསམ་ལ། ཅུང་ཟད་མཉམ་པར་བཞག །ཨོཾ་ཨཱཿབཛྲ་མ་ཧཱ་སུ་ཁཾ། ཞེས་བརྗོད། བདག་གི་སྡིག་པ་ཐམས་ཅད་བླ་མ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་སོ་སོར་བཤགས་ཤིང༌། སླད་ནས་ཀྱང་སྡོམ་པར་བགྱིད་ལགས་སོ། །སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། འཕགས་པ་དང༌། སོ་སོ་སྐྱེ་བོའི་དགེ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །བདག་གི་དགེ་བ་


TNT07_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །བདག་བྱང་ཆུབ་ཀྱི་བར་དུ་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བའི་ངོ་བོ་དཔལ་འཁོར་ལོ་བདེ་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །དེས་བསྟན་པའི་གསང་སྔགས་དང་ཕྱག་རྒྱ་ལ་སོགས་པའི་ངོ་བོ་ཆོས་ལ་སྐྱབས་སུ་མཆིའོ། །དེའི་དཀྱིལ་འཁོར་གྱི་འཁོར་ལོར་གནས་པའི་རྣལ་འབྱོར་མའི་ཚོགས་དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་བསལ་བའི་ཕྱིར། ནམ་མཁའི་མཐའ་གཏུགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྐུལ་ལོ། །རྒྱལ་བ་མྱ་ངན་ལས་འདའ་བར་བཞེད་པ་རྣམས་འགྲོ་བ་ཀུན་ལ་ཕན་པ་དང་བདེ་བའི་དོན་དུ་བསྐལ་བ་ཞིང་གི་རྡུལ་སྙེད་དུ་བཞུགས་པར་གསོལ་བ་འདེབས་སོ། །སེམས་ཅན་ལ་ཕན་པ་དང་བདེ་བ་དང་མཆོག་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་སངས་རྒྱས་ཀྱིས་བྱང་ཆུབ་ལ་འགོད་པའི་སླད་དུ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །བདག་བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་རྡོ་རྗེ་ཐེག་པ་ལ་བརྟེན་པར་བགྱིའོ། །ཞེས་རྒྱུན་བཤགས་རྒྱས་པའམ། མི་ནུས་ན་གུར་ནས་འབྱུང་བ་བཞིན་བྱ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་གཅིག་བརྗོད། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་


TNT07_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཨཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་ཨེ་ལས་ཆོས་འབྱུང་དཀར་པོའི་ནང་དུ་ཧཱུཾ་ལས་རང་ཉིད་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པར་གྱུར། སེ་གོལ་གཏོགས་ཞིང༌། ཨོཾ་སུམྦྷ༴ ནས་བྷ་ག་ཝཱན་བཛྲ་རཱ་ཛ་ཧཱུཾ་ཧཱུྃ་ཕཊ། སྔགས་ཀྱི་ཡིག་འབྲུ་དང༌། དེའི་འོད་ལས་གྲུབ་པའི་སྒོ་མཚམས་མ་བརྒྱད་དམར་མོ་གཡས་ཐོ་བ་དང༌། གཡོན་སྐུ་སྟོད་རང་མཚུངས་ཀྱི་ཕུར་བུ་ཐོགས་པ། དཔག་ཏུ་མེད་པ་སྤྲོས་ནས་བགེགས་ཐམས་ཅད་ཚར་བཅད། སྔགས་ལས་སྤྲོས་པའི་རྭ་བ་དང༌། ས་གཞི་དང༌། གུར་དང༌། བླ་རེ་དང༌། མདའི་དྲ་བ་དང་བཅས་པར་གྱུར། ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་པཾ་ཧཱུཾ། ཨོཾ་མེ་དྷི་ནི་བཛྲ་བྷ་ཝ་བནྡྷུ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བཱི་ཏ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛྭ་ལ་ཏྲཾ་སཾ་ཏྲཾ། སྒོ་མཚམས་མ་བརྒྱད་ཀྱི་མདུན་དུ་ཧཱུཾ་ལས་བྱུང་བའི་འབྲུབ་ཁུང་རྣམས་སུ་གྱུར། འབར་བའི་འོད་ཟེར་གྱིས་བགེགས་རྣམ་བསྲེགས་ཤིང༌། ལྷག་མ་རྣམས་ལྕགས་ཀྱུས་བཀུག་ནས་འབྲུབ་ཁུང་དུ་བཅུག་པ་ལ། ཕུར་བུས་བཏབ། ཨོཾ་གྷ་གྷ་སོགས་བརྗོད། ཕུར་བུ་རྣམས་ཀྱི་སྤྱི་བོར་རྡོ་རྗེ་ཐོ་བས་བརྡུངས། ཨོཾ་བཛྲ་མུདྒ་ར་བཛྲ་ཀཱི་ལ་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། ཕོ་ཉ་བ་རྣམས་མདའི་དྲྭ་བ་ལ་ཐིམ་པས། ཆུ་ལ་ཆུ་ཐིམ་པས་ཟེགས་མ་ཕྱིར་འཕྲོས་པ་ལྟར། རྡོ་རྗེ་དང་པདྨ་དང་འཁོར་ལོའི་རྭ་བ་གཡོན་སྐོར་དུ་འབར་བའི་མེ་ལྕེའི་འཕྲེང་བ་ཅན་དུ་གྱུར། ཨོཾ་བཛྲ་པྲ་ཀ་ར་ཧཱུཾ། ཧཱུཾ་པདྨ་པྲ་ཀ་ར་ཧཱུཾ། ཨོཾ་ཙཀྲ་པྲ་ཀ་ར་ཧཱུཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལརྐ་ཧཱུཾ་ཧཱུཾ་ཧཱུཾ།


TNT07_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་སྐད་ཅིག་གིས་མི་སྣང་བར་གྱུར། སྲུང་བའི་འཁོར་ལོའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། དེའི་སྟེང་དུ་སུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨའི་ལྟེ་བ་ལ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་བྷྲུཾ་དཀར་པོ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང༌། གྲུ་བཞི་སྒོ་བཞི་རྩིག་པ་རིམ་པ་ལྔ་དང་ལྡན་པ། ཕ་གུ་དང༌། དྲ་ཕྱེད་དང༌། ཤར་བུ་དང༌། མདའ་ཡབ་དང༌། གཟུང་མ་དང་བཅས་པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་བཞིའི་སྟེང་དུ་ཀ་བའྀ་བཏེགས་པའི་རྟ་བབ་ཀྱིས་མཛེས་པ། ནང་ཀ་བ་བརྒྱད་དང་ལྡན་པ། དབུས་ཕྱུར་བུར་གྱུར་པའི་ཐོག་ཕུབས་ཅན། ནང་གི་ལྷ་སྣམ་ཤར་དཀར། བྱང་ལྗང༌། ནུབ་དམར་ལྷོ་སེར། མཚམས་རྣམས་སུ་བུམ་པ་བརྒྱད་དང་བཅས་པ། དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། འཇིགས་བྱེད་དང་དུས་མཚན་མ་བརྩེགས་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར། མཚམས་ཀྱི་འདབ་མ་ལ་ཟླ་བའི་སྟེང་དུ་བུམ་ཐོད་བཞི། ཕྱོགས་ཀྱིས་འདབ་མ་དང༌། གཞལ་མེད་ཁང་གི་སྒོ་མཚམས་བརྒྱད་དུ་ཡང༌། མི་རོའི་སྙིང་གར་ཟླ་བ།


TNT07_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་མེད་ཁང་གི་ཕྱི་རོལ་མཆོད་པའི་བཀོད་པ་དང་བཅས་ཤིང་པད་འདབ་ཀྱི་ཁོར་ཡུག་གི་ཕྱི་རོལ་དུ། དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། ཤིང་དང༌། མེ་དང༌། ཆུ་དང༌། སྤྲིན་དང༌། རི་དང༌། མཆོད་རྟེན་དང༌། གྲུབ་པ་ཐོབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཡོངས་སུ་གང་བའོ། །དབུས་ཀྱི་གདན་གྱི་སྟེང་དུ་ཨ་ཨཱ༴ ནས་ཨཾ་ཨཱཿཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཀ་ཁ༴ ནས་ཧཀྵ། ཌ་ཌྷ་ད་དྷ་ཡ་ལ། ཕྲག་གཉིས་ཞུ་བ་ལས་ཉི་མའི་དཀྱིལ་འཁོར། དབུས་སུ་རང་གི་སེམས་ཉིད་ཧཱུཾ་དཀར་པོ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས་འདུས་ཐམས་ཅད་གཅིག་ཏུ་འདྲེས་ཡོངས་སུ་གྱུར་པ་ལས། གཙོ་འཁོར་ཐམས་ཅད་དུས་གཅིག་ཏུ་གྲུབ་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་རང་ཉིད་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་མགྲིན་པ་བཞི་པ། རྩ་ཞལ་སྔོ། གཡས་སེར་གཡོན་དམར། སྟེང་ཞལ་ལྗང་བ། ཞལ་རྣམ་པར་འགྱུར་བ། སྤྱན་གསུམ་གསུམ་དང་ལྡན་ཤིང༌། མཆེ་བ་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ལྷག་མ་རྣམས་ཀྱིས་འཁོར་ལོ། རྩེ་གསུམ། ལྕགས་ཀྱུ། ཌཱ་མ་རུ། གཡོན་པ་རྣམས་ཀྱིས་ཁ་ཊྭཾ་ག །ཐོད་པ། ཞགས་པ། ཚངས་མགོ་རྣམས་འཛིན་


TNT07_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཕྱག་ཐ་མ་གཉིས་ཀྱི་གླང་ལྤགས་དང་ཞིང་ཆེན་གྱི་གཡང་གཞི་ཉིས་ཕྲུགས་སུ་བསྣམས་ཤིང་འཕྱར་བ། དབུའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་དང་བཅས་པ། ཞབས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། རལ་པའི་ཐོར་ཚུགས་དང༌། སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། ནོར་བུ་རིན་པོ་ཆེ་དང༌། ཐོད་པ་སྐམ་པོ་ལྔས་དབུ་རྒྱན་པ། ཕྱག་རྒྱ་དྲུག་དང་མགོ་བོའི་འཕྲེང་བ་ཅན། སྟག་གི་པགས་པའི་ཤམས་ཐབས་གྲོལ་བ། གར་གྱི་ཉམས་དགུ་དང་ལྡན་པ། མཚན་དཔེས་སྤྲས་པའོ། །ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡོན་པ་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་ཅིང༌། གཡས་རྔེའུ་ཆུང་འཁྲོལ་བས་ཆོས་ཀྱི་སྒྲ་སྒྲོག་པ། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྲིལ་བ། སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཐོད་སྐམ་གྱི་དོ་ཤལ་ཅན། ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། གཉིས་ཀའང་བསྐལ་པའི་མེ་ལྟ་བུའི་དབུས་ན་བཞུགས་པའོ། །འདིའི་སྟོད་གཡོགས་ཉིས་ཕྲུགས་ནི། བླ་གོས་དང་སྣམ་སྦྱར་མཚོན་པ་ཡིན། ཁྲོ་བོའི་སྐུ་ལ་ཆགས་བྲལ་གྱི་གོས་ངུར་སྨྲིག་མི་འཚམ་པའི་དབང་དུ་བྱས་པར་མངོན། ཕྱག་མཚན་ཁ་ཊྭཾ་ག་དང༌། ཐོད་པ་མི་བྱེད་པར་མཁར་བསིལ་དང་ལྷུང་བཟེད་དངོས་བྱས་ནའང་ལེགས་ཏེ། འཁོར་རྣམས་ལ་རིགས་འགྲེ་ལ། ཕྱག་མཚན་ལ་མཐའ་མ་བཀག་པས་སོ། །ཐུགས་ཀར་སྣ་ཚོགས་པདྨའི་སྟེང་དུ་


TNT07_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་ལ་ཧཱུཾ། དཔྲལ་པར་ཨོཾ། མགྲིན་པར་ཨཱ། ཐུགས་ཀར་ཧཱུཾ། རྩ་འཁོར་ལོ་བཞི་ཡི་གེ་དང་བཅས་པ་ཡང་སྐད་ཅིག་གིས་གྲུབ་པར་གྱུར། ཨཾ་ཧཱུཾ་ཨོཾ་ཧཾ་འཁོར་ལོའི་ལྟེ་བ་བཞི་ལའོ། །ཨ་ཀ་ཙ་ཊ་ཏ་པ་ཡ་ཤ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿལྟེ་བར་རོ། །བྷྲུཾ་ཏྲཾ་ཨཾ་ཁཾ་ལཾ་མཾ་པཾ་ཏཾ་སྙིང་ཁར་རོ། །ཨཱ་ཨཱི་ཨཱུ་ཨེ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ་ཨོ་ཨཽ། ཨཾ་ཨཿ མགྲིན་པར་རོ། །ཨ་ཨཱ་ནས་ཨཾ་ཨཱཿ ཡང་ཨ་ཨཱ། ནས་ཨཾ་ཨཿ སྤྱི་བོར་རོ། །ཤར་གྱི་འདབ་མར་མ་ཏཾ་གི་སེར་མོ། བྱང་དུ་ཌོམྦི་ནི་སྔོན་མོ། ནུབ་ཏུ་ར་ཛ་གི་དམར་མོ། ལྷོ་པུཀྐ་སི་དུད་ཁ་རྣམས་གཡས་གཉིས་ན་རྔེའུ་ཆུང་དང་གྲི་གུག གཡོན་གཉིས་ན་འཁར་བསིལ་དང་ལྷུང་བཟེད་འཛིན་པ། ཤར་ལྷོའི་གྲྭར་བ་ལ་ཀཱི་དཀར་ཤམ། ལྷོ་ནུབ་ཏུ་ས་ཧ་ཙ་རི་དམར་མོ། ནུབ་བྱང་དུ་བུདྡྷི་ཙ་རི་ལྗང་ཁུ། བྱང་ཤར་དུ་ཤ་བ་རི་དཀར་མོ་རྣམས་དང་པོ་གཉིས་འཁར་བསིལ་དང་ཐོད་པ། འོག་མ་གཉིས་རྔེའུ་ཆུང་དང་གྲི་གུག་འཛིན་པ། ཤར་སྒོར་ཧེ་རུ་ཀའི་འོད་མ། བྱང་དུ་རྡོ་རྗེ་གཏུམ་མོ། ནུབ་ཏུ་རྡོ་རྗེ་སྲིན་མོ། ལྷོ་རྡོ་རྗེ་འཇིགས་བྱེད་མ་རྣམས་རིམ་པས་ཐལ་དཀར་དང༌། ལྗང་ཁུ་དང༌། དམར་པོ་དང༌། སྔོ་བའི་མདོག་ཅན། གཡས་ཆོས་ཀྱི་འཁོར་ལོ་དང་རྔེའུ་ཆུང༌། གཡོན་


TNT07_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་བཟེད་འཁར་བསིལ། མཆན་ཁུང་དུ་ཁ་ཊྭཾ་ག་དང་བཅས་པ། བཅུ་གཉིས་པོ་ཐམས་ཅད་ཀྱང་མི་ལྤགས་ཀྱི་ཆོས་གོས་གསོལ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་རྒྱ་ལྔས་བརྒྱན་ཞིང་སྐྲ་གྲོལ་བ། གཡོན་བརྐྱང་གི་གར་སྟབས་ཀྱིས་གནས་པས་དངོས་གྲུབ་ཐམས་ཅད་སྩོལ་བའོ། །བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །ཐབས་དང་ཤེས་རབ་ངོ་བོ་ཉིད། །སྙིང་རྗེ་ཆེ་དང་སྟོང་པ་ཉིད། །ཐ་མི་དད་པའི་བདག་ཉིད་དོ། །བསོད་སྙོམས་པ་དང་ཆོས་གོས་གསུམ། །ཕྱིས་མི་ལེན་དང་ཙོག་པུ་པ། །གཏན་གཅིག་པ་དང་བླ་གབ་མེད། །ཤིང་དྲུང་པ་དང་བས་མཐར་གནས། །དུར་ཁྲོད་པ་དང་ཕྱག་དར་ཁྲོད། །འཕྱིང་བ་ཅན་དག་གཞི་ཇི་བཞིན། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ཏེ། །དེ་རྣམས་རྣལ་འབྱོར་མ་རྣམ་དག །མདོ་ཡི་སྡེ་དང་དབྱངས་ཀྱིས་བསྙད། །ལུང་དུ་བསྟན་དང་ཚིགས་སུ་བཅད། །ཆེད་དུ་བརྗོད་དེ་གླེང་གཞི་དང༌། །རྟོགས་པ་བརྗོད་དང་དེ་ལྟར་བྱུང༌། །སྐྱེས་པའི་རབས་དང་ཤིན་ཏུ་རྒྱས། །རྨད་དུ་བྱུང་དང་གཏན་ལ་ཕབ། །གསུང་རབ་ཡན་ལག་བཅུ་གཉིས་ཀྱང༌། །རྣལ་འབྱོར་མ་ཡི་ངོ་བོ་ཉིད། །ཐུགས་ཀའི་འོད་ཟེར་གྱི་ཡེ་ཤེས་ཀྱི་འཁོར་ལོ་དབང་གི་ལྷ་མཆོད་པའི་ལྷ་མོ་དང་བཅས་པ་སྤྱན་དྲངས། ཕཻཾ། ཧཱུཾ་ཞེས་བགེགས་བསྐྲད། ཨོཾ་བཛྲ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿ ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་


TNT07_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྡྷོ྅་ཧཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་དབང་གི་ལྷ་རྣམས་ལ་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུང་ཞིང་བུམ་པ་བདུད་རྩི་གང་བས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་རྡོ་རྗེ་སེམས་དཔའ། ཡུམ་ལ་མི་བསྐྱོད་པ། ཕྱི་ནང་གི་ཕྱོགས་བཞིའི་ལྷ་རྣམས་ལ་ཕྱོགས་ཀྱི་རིམ་པས་རྟག་པ་དོན་གྲུབ། འོད་དཔག་མེད། རིན་འབྱུང་རྣམས་དང༌། གྲྭའི་ལྷ་མོ་རྣམས་ལ་རིམ་པས། སངས་རྒྱས་རིན་ཆེན་པདྨ་དོན་ཡོད་རྡོ་རྗེ་རྣམས་ཀྱིས་དབུ་རྒྱན། གོང་བཞིན། ཨོཾ་ཨཱཿབཱི་ནི་བཛྲི་ཎི་ཧཱུཾ། ཞེས་སོགས་ལྷ་མོ་བཅུ་དྲུག་གིས་མཆོད། རྐང་པ་བརྒྱད་པས་བསྟོད། མཁའ་གསང་གནས་བཞི་བྱིན་རླབས་ཡིད་ཀྱིས་དྲན་པར་བྱས་ཏེ། རྗེས་ཆགས་སྙོམས་འཇུག་གི་བདེ་བ་སྒོམ་པར་བྱ་ཞིང༌། ཨོཾ་ཤྲཱི་མཧཱ་སུ་ཁ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཨཱཿཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བརྗོད། ནང་མཆོད་བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཨ་ལས་ཐོད་པ། ཨོཾ་ཁཾ་ཨཾ་ཏྲཾ་ཧཱུཾ། ལཾ་མཾ་པཾ་ཏཾ་བཾ་ལས་ཤ་ལྔ་བདུད་རྩི་ལྔ་རྣམས་ས་བོན་དེ་རྣམས་ཀྱིས་མཚན་པ། རླུང་གཡོས་མེ་སྦར་རྫས་རྣམས་ཁོལ་བས་ཁ་དོག་དམར་སེར་དུ་གྱུར། སྟེང་གི་ནམ་མཁའ་ལ་ཧཱུཾ་ལས་ཁ་ཊྭཾ་ག་དཀར་པོ་བདུད་རྩིའི་རང་བཞིན་ཅན་མགོ་བོ་ཐུར་དུ་བལྟ་བ། དེ་ཞུ་ཞིང་ཐིམ་པས། དངུལ་ཆུའི་མདོག་ཅན་རབ་ཏུ་བསིལ་བར་གྱུར། སྟེང་གི་ནམ་མཁའ་ལ་དབྱངས་


TNT07_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དང་གསལ་བྱེད་རྣམས་ཡོངས་སུ་གྱུར་པ་ལས། ཧཱུཾ་ཨཱཿཨོཾ་བརྩེགས་པ། དེ་ལས་དཀྱིལ་འཁོར་དཔག་ཏུ་མེད་པ་སྤྲོས། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་སྤྱན་དྲངས། འབྲུ་གསུམ་ལ་ཐིམ། དེ་ཡང་འོད་དུ་ཞུ་ཞིང་འོག་གི་བདུད་རྩི་དང་འདྲེས་ཏེ། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲིཿ རྡོ་རྗེ་འཆང་དབང་རྣལ་འབྱོར་མ། །ལཱུ་ཡི་ཌི་ཀི་ལཱ་བ་པ། །ཨིནྡྲ་བྷུ་ཏི་དྲིལ་བུ་ཞབས། །རུས་སྦལ་ལང་ཀ་ལིང་པ་དང༌། །སྤྱོད་འཆང་དགེ་བའི་མགོན་པོ་དང༌། །ཏི་ལི་ནཱ་རོ་ཡིད་ཅན་དཔལ། །བྷ་དནྟ་པ་མར་དོ་དང༌། །བདེ་མཆོག་རྡོ་རྗེ་བློ་ལྡན་ཞབས། །ལྷོ་ཚད་ལོ་མཆོག་གྲགས་ཆེན་པ། །འཕགས་འོད་བུ་སྟོན་ཁྱུང་ལྷས་པ། །བཀྲ་ཤིས་རིན་ཆེན་ཀུན་དགའ་བཟང༌། །གྲགས་རྒྱལ་བསོད་ནམས་ལྷུན་གྲུབ་དང༌། །གྲོལ་མཆོག་ཞབས་དང་བླ་མ་རྗེ། །དེ་ལྟར་རྩ་བརྒྱུད་བླ་མ་མཆོད། །ཨོཾ་ཨཱཿཧཱུཾ། རང་སྔགས་རྣམས་ཀྱི་མཐར་འབྲུ་གསུམ་བཏགས་པས་མཆོད། འཁོར་ལོའི་བཟླས་པ་གཙོ་བོར་བྱུང་བའི་བཟླས་པའི་དམིགས་པ་རྣམས་གསལ་བཏབ་ལ་བཟླས་པ་བྱའོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནི་ཛྭ་ལ་སཾ་བྷ་ར་སྭཱཧཱ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ལྷའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་མ་ཏཾ་ཀཱི་ཧཱུཾ་ཧཱུཾ་ཕཊ།


TNT07_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཌཱོམྦི་ནཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱ་ཛ་ཀཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་པུཀྐ་སཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བ་དཱ་ཀི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ས་ཧཱ་ཙ་རི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བུ་དྷི་ཙ་རི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤཱ་ཝཱ་རི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧེ་རུ་ཀ་བྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྜ་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་རཀྵ་སི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བྷཻ་ར་བཱི་ཧཱུཾ་ཧཱུཾ་ཕཊ། དཔའ་མོའི་སྔགས་སོ། །དེ་ལྟར་བཟླས་པ་ཅི་འགྲུབ་བྱའོ། །ཐུན་བསྡུ་བ་འདོད་ན། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་སྦྱངས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལ་ཐིམ། དཀྱིལ་འཁོར་ཡང་རིམ་གྱིས་ཧཱུཾ་ཡིག་ལ་ཐིམ། སླར་ཡང་ཕྱག་གཉིས་པའི་རྣམ་པར་ལངས་ཏེ། གོ་ཆ་གཉིས་ཀྱིས་རྒྱས་བཏབ་ལ། ཐུན་མཚམས་ལ་འཇུག་གོ །རྫོགས་པའི་རིམ་པ་སྒོམ་པར་འདོད་ན་ཡང༌། དཀྱིལ་འཁོར་བསྡུས་པའི་མཐའ་དེ་ཉིད་དུ་བྱའོ། །ཐུན་མཚམས་སུ་གཏོར་མ་འབུལ་བར་འདོད་ན་ཡང༌། ནང་མཆོད་ལྟར་བྱིན་གྱིས་རླབས་ལ། ཕཻཾ་ཞེས་དཀྱིལ་འཁོར་གྱི་འཁོར་ལོ་མདུན་དུ་སྤྱན་དྲངས་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གཙོ་བོའི་སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་ཀྱང་ཕུལ། ཨོཾ་བཛྲ་ཨ་རལླི་ཧོཿཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་དྲི་ཤྱ་ཧོ། བཛྲ་ཌཱ་ཀི་ནཱི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨི་མི་བ་ལིཾ་བྷུ་ཛ་ཐ། པི་པ་ཐ། མ་མ་ཀཱརྱ་སཱ་དྷ་ཡ། ཨོཾ་ཨཱཿཧཱུཾ་ཕཻཾ་ཕཻཾ། ཞེས་པ་ལན་གསུམ་གྱིས་ཕུལ། རྐང་བརྒྱད་པའི་སྔགས་ཀྱིས་བསྟོད། འཇིག་རྟེན་པའི་གཏོར་མ་ཡོད་ན་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་བསྔོས། དངོས་གྲུབ་བླང་པ་དང༌། ཡི་གེ་བརྒྱ་པས་


TNT07_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་ཆད་ཁ་བསྐང་བ་ནས། བཀྲ་ཤིས་བརྗོད་པའི་བར་བདེ་མཆོག་སྤྱི་དང་འདྲའོ། །འདི་དག་གི་གོ་དོན་དང༌། འཁོར་ལོས་སྒྱུར་དྲུག་གི་དཀྱིལ་འཁོར་ལ་འདོན་པ་སྤོ་བའི་ཚུལ་སོགས་ཞིབ་མོར་ཤེས་པར་འདོད་ན། སློབ་དཔོན་ཉིད་ཀྱི་གཞུང་དང་ཡིག་སྙིང་སོགས་ལས་ཤེས་པར་བྱའོ། །མངོན་བརྗོད་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་འཁོར་ལོས་སྒྱུར་དྲུག་ཡིན་ཡང༌། དགོངས་འགྲེལ་རྒྱ་གཞུང་གི་ཟིན་སོ་ཆེ་བ་དང་དཀྱིལ་འཁོར་གྲགས་ཆེ་བའི་དབང་དུ་བྱས་ཏེ་འདི་ཐོག་མར་བཀོད་པ་ཡིན་ནོ། །རྒྱུད་རྒྱལ་མཐར་ཐུག་མངོན་བརྗོད་ལས་བྱུང་བ། །བཅུ་བཞིའི་ལྷ་ཚོགས་སྦྱངས་པའི་ཡོན་ཏན་གྱི། །དཀྱིལ་འཁོར་འཁོར་ལོ་གྲུབ་པའི་གཙུག་གི་བརྒྱན། །ལྭ་བའི་ཞབས་ཀྱི་བཞེད་ལྟར་སྒྲུབ་ཐབས་བྱས། །འདིར་འབད་རྣམ་དཀར་གང་མཆིས་དེས། །བདག་ཉིད་ཧེ་རུ་ཀར་གྱུར་ནས། །གང་ལ་གང་འདུལ་འཕྲིན་ལས་ཀྱིས། །མཐའ་ཡས་འགྲོ་རྣམས་སྒྲལ་བར་ཤོག།ཅེས་པ་ལྭ་བ་བཅུ་གསུམ་མར་གྲགས་པ། བདེ་མཆོག་སྦྱངས་པའི་ཡོན་ཏན་གྱི་སྒྲུབ་ཐབས་ཏེ་དྲུག་པའོ།། །།༈ ན་མོ་བཛྲ་དྷ་རཱ་ཡ། འཁོར་ལོ་བསྒྱུར་བ་དྲུག་གི་གཙོ། །བླ་མ་མཆོག་ཞབས་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་རྨད་བྱུང་བ། །ཀུན་ལ་ཕན་ཕྱིར་བྲི་བར་བྱ། །འདིར་འཁོར་ལོས་བསྒྱུར་དྲུག་གི་མངོན་རྟོགས་སྒོམ་པར་འདོད་པས། སྐྱབས་སེམས་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་རྣམས་བྱ། ཤྲཱི་ཧེ་རུ་ཀ་ཧཾ། རང་གི་སྙིང་གར་ཉི་མའི་སྟེང་དུ་ཧཱུཾ། དེ་ལས་འོད་ཟེར་དང་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས། བླ་མ་དཀྱིལ་འཁོར་སངས་རྒྱས་བྱང་


TNT07_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྱན་དྲངས་ལ་མཆོད་པར་གྱུར། གང་གི་དྲིན་གྱིས་བདེ་ཆེན་ཉིད། ཅེས་སོགས་ཤོ་ལོ་ཀ་གཉིས་ཀྱི་ཕྱག་བྱ། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༴ སོགས་ཡན་ལག་བདུན་པ་བྱ། སྤྲོ་ན་རིགས་ལྔའི་སྡོམ་པ་ཡང་བཟུང༌། ཨོཾ་མུཿ ཞེས་པས་གཤེགས་སུ་གསོལ་བའམ་མི་དམིགས་པར་བསམ། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། མགོ་བོར་གཟུགས་ཕུང་བྷྲུཾ་ལས་རྣམ་སྣང་དཀར་པོ་གཡས་འཁོར་ལོ། གཡོན་དྲིལ་བུ་དཀུར་བརྟེན་པ། ལྟེ་བར་ཚོར་བ་ཨཾ་ལས་རྡོ་རྗེ་ཉི་མ་སེར་པོ་གཡས་རིན་པོ་ཆེ། །མགྲིན་པར་འདུ་ཤེས་ཧྲི་ལས་པདྨ་གར་དབང་དམར་པོ་གཡས་པདྨ། ལོང་བུར་འདུ་བྱེད་ཧོ་ལས་རྡོ་རྗེ་རྒྱལ་པོ་ལྗང་ཁུ་གཡས་སྣ་ཚོགས་རྡོ་རྗེ། གསུམ་ཀའང་གཡོན་དྲིལ་བུ་ཐུགས་ཀར་འཛིན་ཞིང༌། བཞི་ཀ་ཡང་ཕྱག་གཡས་འཕྱར་བའི་སྟབས་སོ། །སྙིང་གར་རྣམ་ཤེས་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་གཏོད་པ། སྤྱི་གཙུག་ཏུ་དེ་བཞིན་ཉིད་ཀྱི་ངོ་བོ་ཧི་ལས་ཧེ་རུ་ཀ་ནག་པོ་གཡས་རྡོ་རྗེ་དང་བཅས་པའི་ས་གནོན། དེ་གཉིས་ནི་གཡོན་དྲིལ་བུ་དཀུར་བརྟེན་པའོ། །མིག་ཏུ་ཨོཾ་ལས་གཏི་མུག་རྡོ་རྗེ་དཀར་པོ་གཡས་འཁོར་ལོ། རྣ་བར་ཛྲིཾ་ལས་ཞེ་སྡང་རྡོ་རྗེ་ནག་པོ་གཡས་རྡོ་རྗེ། སྣར་ཏྲཾ་ལས་ཕྲག་དོག་རྡོ་རྗེ་སེར་པོ་གཡས་རིན་པོ་ཆེ། ལྕེ་རྩར་ཨ་ལས་འདོད་ཆགས་རྡོ་རྗེ་དམར་པོ་གཡས་པདྨ། དཔྲལ་པར་ཁཾ་ལས་སེར་སྣ་རྡོ་རྗེ་ལྗང་ཁུ་


TNT07_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སྣ་ཚོགས་རྡོ་རྗེ། སྙིང་གར་ཧཾ་ལས་དབང་ཕྱུག་རྡོ་རྗེ་དཀར་པོ་གཡས་རྡོ་རྗེ། གཏི་མུག་རྡོ་རྗེ་ཕྱག་གཡོན་དཀུར་བརྟེན་པ། ཞེ་སྡང་རྡོ་རྗེ་རྡོ་རྗེ་ཐུགས་ཀར་འཛིན་པ། ཁྱད་པར་གཞན་རྣམས་དང་ཁ་དོག་རིམ་བཞིན་རྣམ་སྣང་སོགས་དང་མཚུངས་པ། དེ་ཐམས་ཅད་ཀྱང་རལ་པའི་ཅོད་པན་ཅན། ལྟེ་བར་ས་ཁམས་ལཾ་ལས་ལྟུང་བྱེད་མ་སེར་མོ་གཡས་དང་པོ་འཁོར་ལོ་འཛིན་པ། སྙིང་གར་ཆུ་ཁམས་མཱཾ་ལས་གསོད་བྱེད་མ་ནག་པོ་རྡོ་རྗེ་འཛིན་པ། མགྲིན་པར་མེ་ཁམས་པཱཾ་ལས་འགུགས་བྱེད་མ་དམར་མོ་པདྨ་འཛིན་པ། དཔྲལ་པར་རླུང་ཁམས་ཏཱཾ་ལས་གར་དབང་ལྗང་ཁུ་རལ་གྲི་འཛིན་པ། ཐམས་ཅད་ཀྱང་གཡས་འོག་མས་གྲི་གུག གཡོན་གཉིས་ཐོད་པ་དང་ཁ་ཊྭཾ་ག་འཛིན་པ། གསང་གནས་སུ་ནམ་མཁའི་ཁམས་ཁཾ་ལས་པད་མ་དྲྭ་བ་ཅན་མ་དུད་ཁ། དུད་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་གསུམ་ལྕགས་ཀྱུ་ཚངས་མགོ་གྲི་གུག གཡོན་གསུམ་ཐོད་པ་ཁ་ཊྭཾ་ག་ཞགས་པ་འཛིན་པ། ལྷ་མོ་ལྔ་སྐྲ་གྲོལ་བ། ལྷ་བཅུ་བདུན་པོ་ཐམས་ཅད་སྤྱན་གསུམ་པ་ཕྱག་རྒྱ་ལྔ་ལྡན། གཅེར་བུ་གཡས་བརྐྱང་གིས་བཞུགས་པའོ། །ཨོཾ་པྲ་ཀིར་ཏི་པ་རི་ཤུདྡྷ་སརྦ་དྷརྨ་པྲ་ཀྲི་ཏི་པ་རི་ཤུདྡྷོ྅་ཧཾ། ཨོཾ་སྭ་བྷཱ་ཝ། སོགས་ལན་གསུམ། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ས་གཞིར་རྭ་བ་དྲྭ་བ། གུར། བླ་རེ། མདའི་དྲྭ་བ། མེ་རི་འབར་བ་དང་བཅས་པར་གྱུར། ཨོཾ་མེ་དྷི་ནི་བཛྲི༴ ནས་ལརྐ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་པའི་བར་སྔགས་


TNT07_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་དྲུག་བརྗོད། སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾ་ལས་བཀའི་འཁོར་ལོ་སེར་པོ་རྩིབས་བཅུ་པ། འཁོར་ལོའི་ལྟེ་བར་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ། དེ་ལས་རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན་དཀར་སེར་ལྗང་བའི་ཞལ་གསུམ། རྩ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པའི་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ལྕགས་ཀྱུ་དང་ཞགས་པ། གཡོན་གཉིས་ན་ཐོད་པ་དང་ཁ་ཊྭཾ་ག་བསྣམས་པ། གཡས་བརྐྱང་གི་སྟབས་ཅན། དེའི་ཐུགས་ཀ་ནས་ཧཱུཾ་བཅུ་སྤྲོས་ཏེ། འཁོར་ལོའི་རྩིབས་བཅུར་འཁོད་པ་ཁྲོ་བོ་བཅུར་གྱུར་པ་དང༌། བདག་ཉིད་རྡོ་རྗེ་འཇིགས་མཛད་ཧེ་རུ་ཀར་གྱུར་པ་ནི། སྐུ་མདོག་མཐིང་ནག །ནག་སེར་ལྗང་བའི་ཞལ་གསུམ། ཕྱག་གི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞབས་གཡས་བརྐྱང་པས་འཇིགས་བྱེད་དང་དུས་མཚན་མནན་པ། ཤར་དུ་རྡོ་རྗེ་གཏུམ་པོ་སྔོན་པོ་སྔོ་སེར་ལྗང་བའི་ཞལ་གསུམ། བྱང་དུ་རྡོ་རྗེ་ཉི་མ་སེར་པོ་སེར་ནག་ལྗང་བ། ནུབ་ཏུ་རྡོ་རྗེ་གཙུག་ཏོར་དམར་པོ་དམར་ནག་ལྗང་བ། ལྷོ་རུ་རྡོ་རྗེ་འཁྱིལ་པ་ལྗང་ཁུ་ལྗང་དཀར་སེར་བ། མེར་རྡོ་རྗེ་གནོད་སྦྱིན་དུད་ཁ་དུད་སེར་ལྗང་བ། བདེན་བྲལ་དུ་རྡོ་རྗེ་དུས་དམར་པོ་དམར་སེར་ལྗང་བ། རླུང་དུ་རྡོ་རྗེ་སྟོབས་པོ་ཆེན་པོ་ནག་པོ་ནག་སེར་ལྗང་བ། དབང་ལྡན་དུ་རྡོ་རྗེའི་འཇིགས་རུང་སྔོན་པོ་སྔོ་སེར་ལྗང་བའི་ཞལ་གསུམ་པ། མིག་གཡོ་བ། དེ་


TNT07_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཕྱག་དང་པོ་གཉིས་ཀྱི་ཅང་ཏེའུ་དང༌། དྲིལ་བུ་འཛིན་པ། སྟེང་དུ་གཙུག་ཏོར་འཁོར་ལོ་བསྒྱུར་བ་དཀར་པོ་དཀར་ནག་ལྗང་བ། ཕྱག་དང་པོ་གཉིས་འཁོར་ལོ་དང་དྲིལ་བུ། འོག་ཏུ་རྡོ་རྗེ་ས་འོག་ནག་པོ་ནག་སེར་ལྗང་བ། ཕྱག་དང་པོ་གཉིས་རྩེ་གསུམ་དང་དྲིལ་བུ། ཁྲོ་བོ་བཅུ་པོ་རྣམས་ནི་ཕྱོགས་སྐྱོང་བ་བཅུ་གནོན་པ། གཙོ་འཁོར་ཐམས་ཅད་རྩ་ཕྱག་གཉིས་ཀྱིས་རང་སྣང་གི་རིག་མ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་ན་ལྕགས་ཀྱུ་དང་ཞགས་པ། གཡོན་གཉིས་ན་ཐོད་པ་དང་ཁ་ཊཱཾ་ག་བསྣམས་པ། སྤྱན་གསུམ་དང་ལྡན་པ། ཆེར་ཁྲོས་ཤིང༌། སྟག་ལྤགས་ཀྱི་ཤམས་ཐབས་ཅན། རུས་པ་དང་སྦྲུལ་གྱིས་བརྒྱན་ཞིང༌། ཐོད་སྐམ་གྱི་དབུ་རྒྱན་དང་མི་མགོའི་དོ་ཤལ་ཅན། པད་ཉི་ལ་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །ཨོཾ་སུམྦྷ༴ ཞེས་སོགས་ཀྱི་བཀའ་བསྒོས་པས། ཁྲོ་བོ་རྣམས་ཀྱིས་བགེགས་རྣམས་བཀུག སྤྱི་བོར་ཕུར་བུས་བཏབ། ཨོཾ་གྷ་གྷ༴ སོགས་དེ་རྣམས་ཐོ་བས་བརྡུང༌། ཨོཾ་བཛྲ་མུངྒ་ར༴ སོགས་བགེགས་རྣམས་སྟོང་པ་ཉིད་དུ་བཅོམ་སྟེ། དེ་བཞིན་ཉིད་དང་རོ་གཅིག་ཏུ་གྱུར། ཨོཾ་ཁ་བཛྲ་དྷྲིཀ་བཛྲ་ཧཱུཾ་ཀ་ར་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྜ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཛྭ་ལཱ་ན་ལརྐ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲོཥྞི་ཥ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཡཀྵ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཀ་ལི་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་མཧཱ་ཀཱ་ལ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་བྷི་ཥ་ན་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཨུཥྞི་ཥ་


TNT07_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཙཀྲ་ཝརྟི་བཛྲ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཏཱ་ལ་བཛྲ་ཧཱུཾ་ཕཊ། གཙོ་བོ་ཉིད་ཀྱི་རྩ་སྔགས་ཞལ་བཞི་པ་གང་འགྲུབ་བཟླ། འདིར་ཐུན་མོང་མ་ཡིན་པའི་སྲུང་འཁོར་བསྡུས་པའི་ཚུལ་བཀོད་པ་ཡིན་གྱི་རྒྱས་འབྲིང་སོགས་སྒོམ་པར་འདོད་ན། ཁྲོ་བོ་རྣམ་རོལ་དུ་རྒྱས་པར་བཤད་ཟིན་པ་བཞིན་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཨོཾ་ཨ་ནི་མི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་རང་གི་བར་དོའི་རྣམ་པར་ཤེས་པ་ནཱ་དའི་རྣམ་པས་ནམ་མཁར་གནས། འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། དེའི་སྟེང་དུ་སུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་སྟེང་དུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང༌། གྲུ་བཞི་སྒོ་བཞི་པ། རྩིག་པ་རིམ་པ་ལྔ་དང་ལྡན་པ། ཕ་གུ་དང༌། དྲྭ་ཕྱེད་དང༌། ཤར་བུ་དང༌། མདའ་ཡབ་དང༌། གཟུངས་མ་རྣམས་དང་བཅས་པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་བཞིའི་སྟེང་དུ་ཀ་བས་བཏེག་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་བཅས་པ། ནང་གི་ལྷ་སྣམ་ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར། དབུས་སྔོ་བ། ཕྱི་རོལ་མཆོད་པའི་བཀོད་པ་ཐམས་ཅད་དང་བཅས་ཤིང༌། པད་འདབ་ཀྱི་


TNT07_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཁོར་ཡུག་གི་ཕྱི་རོལ་དུ། དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། ཤིང་དང༌། མེ་དང༌། ཆུ་དང༌། སྤྲིན་དང༌། རི་དང༌། མཆོད་རྟེན་དང༌། གྲུབ་པ་ཐོབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཡོངས་སུ་གང་བ། ཕྱི་རོལ་དུ་སྲུང་བའི་འཁོར་ལོ་དང་བཅས་པའོ། །གཞལ་ཡས་ཁང་གཞི་དཀྱིལ་གྱི་དབུས་སུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར། ཤར་དུ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར། ལྷོ་སྟོད་དུ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར། ལྷོ་སྨད་དུ་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར། བྱང་སྟོད་དུ་མི་བསྐྱོད་པའི་དཀྱིལ་འཁོར། བྱང་སྨད་དུ་དོན་ཡོད་གྲུབ་པའི་དཀྱིལ་འཁོར་ཐམས་ཅད་ཀྱང་རྟ་བབས་དང་བྲལ་བ། ལྷག་མ་གཞལ་ཡས་ཁང་གི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་ཀ་བ་བརྒྱད་བརྒྱད་དང་ལྡན་པ། སྟེང་ཐོག་མཛེས་པར་ཕུབ་ཅིང༌། དབུས་ཕྱུར་བུར་གྱུར་པ། དཀྱིལ་འཁོར་དེ་རྣམས་ཀྱིས་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་གདན་རེ་རེ། དེ་རྣམས་ཀྱི་ལྟེ་བར་རིམ་པས། སེང་ཁྲི་པདྨ་ཉི་མ་འཇིགས་བྱེད་དུས་མཚན་གྱི་གདན་དང༌། སེང་ཁྲི་པདྨ་ཟླ་བ་ཚངས་པ་དང༌། རྟའི་ཁྲི་པདྨ་ཉི་མ་ལྷའི་བུ་ཉི་མ་དང༌། རྨ་བྱའི་ཁྲི་པདྨ་ཉི་མ་དབང་ཕྱུག་ཆེན་པོ་དང༌། གླང་པོ་ཆེའི་ཁྲི་པདྨ་ཉི་མ་དབང་ཆེན་དང༌། མཁའ་ལྡིང་གི་ཁྲི་པདྨ་ཉི་མ་ལྷའི་བུ་ཟླ་བ་སྟེ། གདན་དྲུག་ཆར་


TNT07_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྟེང་དུ་ཨ་ཨཱ༴ ནས། ཨཾ་ཨཿཕྲག་གཉིས་གཉིས་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དྲུག་ཀ་ཁ༴ ནས ཧ་ཀྵ་ཡ་ར་ལ་ཝ་ཌ་ཌྷ་རྣམས་ཕྲག་གཉིས་གཉིས་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དྲུག །དེ་རྣམས་ཀྱི་དབུས་སུ་རིམ་པས། ཧཱུཾ་བྷྲུཾ་ཨཾ་ཧྲིཾ་ཁཾ་བཾ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དཀར་པོ་དང༌། འཁོར་ལོ་དང༌། རིན་པོ་ཆེ་དང༌། རྡོ་རྗེ་སྔོན་པོ་དང༌། པདྨ་དང༌། རལ་གྲི་རྣམས་ཡོངས་སུ་གྱུར་པ་ལས། འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཤིང་ཐིམ་པ་ལས། རིགས་དྲུག་གི་འཁོར་ལོས་བསྒྱུར་བ། ཡབ་ཡུམ་རང་རང་གི་འཁོར་དང་བཅས་པ་ཡོངས་སུ་རྫོགས་པར་གྱུར་པ་ནི། གཞལ་མེད་ཁང་དབུས་མའི་དབུས་ཀྱི་གདན་གྱི་སྟེང་དུ་རང་ཉིད་ཡེ་ཤེས་མཁའ་འགྲོ རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ་གཡས་རྡོ་རྗེ་དང་གཡོན་ཐོད་པ་འཛིན་པ། ཤར་ལྷོར་མཁའ་འགྲོ་མ་སྔོན་པོ། ལྷོ་ནུབ་ཏུ་ལཱ་མ་ལྗང་ཁུ། ནུབ་བྱང་དུ་ཁཎྜ་རོ་ཧ་དམར་མོ། བྱང་ཤར་དུ་གཟུགས་ཅན་མ་སེར་མོ། ཐམས་ཅད་ཀྱང་གཡས་ཌཱ་མ་རུ་དང༌། གཡོན་ཐོད་པ་ཐོགས་པ། ཤར་དུ་ཁཎྜ་ཀ་པཱ་ལ་དང་རབ་གཏུམ་མོ། བྱང་དུ་མ་ཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མ། ནུབ་ཏུ་ཀཾ་ཀ་ལ་དང་འོད་ལྡན་མ། ལྷོར་མཆེ་བ་རྣམ་པར་


TNT07_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གཙིགས་པ་དང་སྣ་ཆེན་པོ་སྟེ་དཔའ་བོ་རྣམས་སྐུ་མདོག་སྔོན་པོ། རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྣམས་དཀར་མོ་རྡོ་རྗེ་ཐོད་ཁྲག་བསྣམས་པ། དཀྱིལ་འཁོར་ཤར་མའི་དབུས་ཀྱི་གདན་གྱི་སྟེང་དུ་དཔལ་རྟགས་པ་སངས་རྒྱས་མཁའ་འགྲོ་དཀར་པོ། འཁོར་ལོ་དང་དེའི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་སངས་རྒྱས་མཁའ་འགྲོ་མ་དཀར་མོ། འཁོར་ལོ་དང་ཐོད་ཁྲག་འཛིན་པས་འཁྱུད་པ། ཤར་དུ་སུ་ར་རི་བི་དང༌། བརྟན་པའི་བློ་ཅན་མ། བྱང་དུ་འོད་དཔག་མེད་དང་མིའུ་ཐུང་མ། ནུབ་ཏུ་རྡོ་རྗེའི་འོད་དང་ལང་གའི་དབང་ཕྱུག་མ། ལྷོར་རྡོ་རྗེ་སྐུ་དང་ཤིང་གྲིབ་མ་སྟེ་དཔའ་བོ་རྣམས་སྐུ་མདོག་དཀར་པོ། འཁོར་ལོ་དང་དེའི་ཡུ་བ་བྱས་པས་དྲིལ་བུ་འཛིན་པ། ཡུམ་རྣམས་སེར་མོ་འཁོར་ལོ་དང་ཐོད་པ་འཛིན་པ། དཀྱིལ་འཁོར་ལྷོ་མའི་དབུས་ཀྱི་གདན་གྱི་སྟེང་དུ་རྡོ་རྗེ་ཉི་མ་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་པོ་ཆེན་པོ་ཆེ་དང་དེའི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རིན་ཆེན་མཁའ་འགྲོ་མ་སེར་མོ་རིན་པོ་ཆེ་དང་ཐོད་ཁྲག་འཛིན་པས་འཁྱུད་པ་ཤར་དུ་ཨཾ་ཀུ་རི་དང་ཨེ་ར་བ་ཏི། བྱང་དུ་རལ་པ་ཅན་དང༌། འཇིག་བྱེད་ཆེན་པོ་ནུབ་ཏུ་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། ལྷོར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་སྟེ་དཔའ་བོ་རྣམས་སོ་སོར་རིན་པོ་ཆེ་དང༌། དེའི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་ཡུམ་རྣམས་ལྗང་ཁུ་རིན་པོ་


TNT07_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་དང་ཐོད་ཁྲག་འཛིན་པ། དཀྱིལ་འཁོར་ལྷོ་ནུབ་མའི་དབུས་ཀྱི་གདན་གྱི་སྟེང་དུ། པདྨ་གར་དབང་དང༌། པདྨ་མཁའ་འགྲོ་སྐུ་མདོག་དཀར་པོ། གཡས་པདྨ་དང་གཡོན་དེའི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་པདྨ་མཁའ་འགྲོ་མ་དམར་མོ། པདྨ་དང་ཐོད་ཁྲག་འཛིན་མའི་འཁྱུད་པ། ཤར་དུ་རབ་ཏུ་བཟང་པོ་དང་ཤྱ་མ་དེ་ཝི། བྱང་དུ་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། ནུབ་ཏུ་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། ལྷོར་མིག་མི་བཟང་དང་བྱ་གདོང་མ་སྟེ་དཔའ་བོ་རྣམས་སྐུ་མདོག་དམར་མོ་པདྨ་དང་དེས་མཚན་པའི་དྲིལ་བུ་འཛིན་པ། ཡུམ་རྣམས་དཀར་མོ་པདྨ་དང་ཐོད་པ་འཛིན་པས་འཁྱུད་པ། དཀྱིལ་འཁོར་ནུབ་བྱང་མའི་དབུས་ཀྱི་གདན་གྱི་སྟེང་དུ། དཔལ་ཧེ་རུ་ཀ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་ནག་པོ། ཁྲོ་བོའི་རྡོ་རྗེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་ཁྲོ་བོའི་རྡོ་རྗེ་དང་ཐོད་ཁྲག་འཛིན་མས་འཁྱུད་པ། ཤར་དུ་སྟོབས་པོ་ཆེ་དང་འཁོར་ལོ་ཤུགས་ཅན་མ། བྱང་དུ་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧི། ནུབ་ཏུ་རྟ་མགྲིན་དང་ཤོཎྜི་ནི། ལྷོར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་དཔའ་བོ་རྣམས་སྐུ་མདོག་ནག་པོ་ཁྲོ་བོའི་རྡོ་རྗེ་དང་དེས་མཚན་པའི་དྲིལ་བུ་འཛིན་པ། ཡུམ་རྣམས་སེར་མོ་རྡོ་རྗེ་དང་ཐོད་པ་འཛིན་པ། དཀྱིལ་འཁོར་བྱང་མའི་དབུས་ཀྱི་གདན་གྱི་སྟེང་དུ་དཔལ་རྟ་མཆོག་སྣ་ཚོགས་མཁའ་འགྲོ་ལྗང་ཁུ། སྣ་ཚོགས་རྡོ་


TNT07_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དང་དེའི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་སྣ་ཚོགས་མཁའ་འགྲོ་མ་ལྗང་སེར། སྣ་ཚོགས་རྡོ་རྗེ་དང་ཐོད་ཁྲག་འཛིན་མས་འཁྱུད་པ། ཤར་དུ་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བྱང་དུ་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། ནུབ་ཏུ་རྣམ་པར་སྣང་མཛད་དང་འཁོར་ལོས་བསྒྱུར་མ། ལྷོར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་དཔའ་བོ་རྣམས་སྐུ་མདོག་ལྗང་ཁུ། སྣ་ཚོགས་རྡོ་རྗེ་དང་དེས་མཚན་པའི་དྲིལ་བུ་འཛིན་པ། ཡུམ་རྣམས་སྔོ་སྐྱ། སྣ་ཚོགས་རྡོ་རྗེ་དང་ཐོད་ཁྲག་འཛིན་པ། གཙོ་བོ་བཅོམ་ལྡན་འདས་དྲུག་ནི་རྡོ་རྗེའི་སྐྱིལ་ཀྲུང་ཅན། ཡུམ་དྲུག་ནི་པདྨའི་འདུག་སྟངས་ཀྱིས་ཡབ་ལ་འཁྲིལ་བ། ཕྱག་གཡོན་ཡབ་ལ་འཁྱུད་པ། གཡས་རྡོ་རྗེ་སྡིགས་མཛུབ་དང་བཅས་པས་ཕྱག་མཚན་རྣམས་འཕྱར་བའོ། །དཔའ་བོ་ཉི་ཤུ་རྩ་བཞི་པོ་རྣམས་གཡས་བརྐྱང་བས་བཞེངས་ཤིང༌། དཔའ་བོ་རྣམས་གཡོན་བརྐྱང་གི་འཁྱུད་པ། ཕྱིའི་དཀྱིལ་འཁོར་གྱི་ཤར་སྒོར་ཁྭ་གདོང་མ་སྔོན་མོ། གཡས་ལྕགས་ཀྱུ་འཛིན་པ། བྱང་སྒོར་འུག་གདོང་མ་ལྗང་ཁུ། གཡས་ཞགས་པ་འཛིན་པ། ནུབ་སྒོར་ཁྱི་གདོང་མ་དམར་མོ། གཡས་ལྕགས་སྒྲོགས་འཛིན་པ། ལྷོ་སྒོར་ཕག་གདོང་མ་སེར་མོ། གཡས་དྲིལ་བུ་འཛིན་པ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ་གཡས་མེ་ལོང་འཛིན་པ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར་བ།


TNT07_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པས་པི་ཝཾ་འཛིན་པ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། དྲི་ཆབ་ཀྱི་དུང་ཆོས་འཛིན་པ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ་གཡས་རོ་དྲུག་གི་གང་བའི་སྣོད་འཛིན་པ། དེ་ལྟར་སྒོ་མཚམས་མ་བརྒྱད་ནི་དྲག་མོའི་ཚུལ་ཅན། མ་མོ་བཅུ་གཉིས་པོ་ཐམས་ཅད་ཀྱང་ཕྱག་གཡོན་ན་ཐོད་པ་དང་གྲུ་མོ་གཡོན་པར་ཁ་ཊྭཾ་ག་འཛིན་པ། མི་རོའི་གདན་ལ་གཡས་བརྐྱང་བའི་སྟབས་ཀྱི་གནས་པ། ཡབ་ཐམས་ཅད་རལ་པའི་ཐོར་ཚུགས་དང༌། སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། ཕྱག་རྒྱ་དྲུག་དང༌། མགོ་བོའི་འཕྲེང་བ་ཅན། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ་འཁྱུད་པའི་ཕྱག་རྒྱས་ཡུམ་དང་སྦྱོར་བ། ལྷ་མོ་ཐམས་ཅད་སྐྲ་གྲོལ་བ་ཕྱག་རྒྱ་ལྔས་བརྒྱན་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དཀྱིལ་འཁོར་དྲུག་ཆར་གྱི་པདྨའི་མཚམས་ཀྱི་འདབ་མ་བཞི་ལ། ཀ་པཱ་ལ་བདུད་རྩི་ལྔས་གང་བ་རེ་རེའོ། །ཨོཾ་ཨཱཿཧཱུཾ་སརྦ་བཱི་ར་ཡོ་གི་ནི་ཀཱ་ཡ་ཝ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅་ཧཾ། ལྷ་ཐམས་ཅད་ཀྱི་སྙིང་གར་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ༴ ནས། ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོ། ཞེས་པའི་བར་གོ་ཆ་གཉིས་ཀྱིས་རྒྱས་བཏབ། སྤྲོ་ན་གོང་དུ་བཤད་པའི་ཕུང་ཁམས་ཀྱི་ལྷ་བཅུ་བདུན་པོ་ཡང་བསྐྱེད། བསྡུ་ན་


TNT07_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་ཕུང་པོ་ལ་ནི་རྣམ་པར་སྣང་མཛད་དོ། །ཞེས་སོགས་དག་པ་དྲན་པར་བྱ། ལྷ་ཐམས་ཅད་ཀྱི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། འཁོར་ལོས་སྒྱུར་བ་དྲུག་གི་ཐུགས་ཀར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རིམ་པས་ཧཱུཾ་བྷྲུཾ་ཨཾ་ཧྲིཾ་ཧཱུཾ་ཁཾ། ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་དབང་གི་ལྷ་མཆོད་པའི་ལྷ་མོ་དང་བཅས་པ་སྤྱན་དྲངས། ཕཻཾ། ཨོཾ་བཱི་ནི་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ་ནས། ཨོཾ་དྷརྨ་དྷཱ་ཏུ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ་ཀྱི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿ ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅་ཧཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་དབང་གི་ལྷ་རྣམས་ལ་གསོལ་བ་གདབ་པའམ། གསང་གསུམ་གནས་ལས་བྱུང་བ་ཡི། །རྡོ་རྗེ་རྣལ་འབྱོར་མ་ཀུན་དང༌། །སངས་རྒྱས་འཇིག་རྟེན་མགོན་པོ་ཡིས། །བརྩེ་བས་བདག་ལ་དབང་བསྐུར་རྩོལ། །ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། ཁམས་གསུམ་ཀུན་གྱི་ཕྱག་བྱས་པའི། །རིན་ཆེན་དབང་བསྐུར་ཆེན་པོ་སྦྱིན། ཞེས་གསུངས་ཞིང་བུམ་པ་བདུད་རྩིས་གང་བས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔ་ལ་རྡོ་རྗེ་མཁའ་འགྲོ་དང༌། རྡོ་རྗེ་མཁའ་འགྲོ་ཉིད་ལ་ཡེ་ཤེས་མཁའ་འགྲོ་དང༌། འཁོར་རྣམས་


TNT07_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རང་རང་གི་གཙོ་བོ་དང༌། སྒོ་མཚམས་བརྒྱད་ལ། རྡོ་རྗེ་སེམས་དཔའི་དབུ་བརྒྱན། ཕྱི་ནང་གསང་བའི་མཆོད་པ་རྣམས་སྡོམ་པའི་སྒྲུབ་ཐབས་གཞན་དང་མཚུངས་ལ། རྡོ་རྗེ་འཆང་དང་རྡོ་རྗེ་རྣལ་འབྱོར་མ། །ཛ་ལནྡྷ་ར་ནག་པོ་སྤྱོད་པ་དང༌། །དགེ་མགོན་ཏི་ལི་ནཱ་རོ་མ་ཎི་ཀ །ཆོས་དབང་བཟེ་པ་ཡབ་སྲས་རྣམ་པ་གསུམ། །ཤཀ་རྡོར་སངས་རྒྱས་འབུམ་དང་ལོ་མཆོག་པ། །གྲགས་ཆེན་འཕགས་འོད་བུ་སྟོན་བྱང་རྩེ་དང༌། །གྲགས་རྒྱལ་ཆོས་ཀྱི་རྒྱལ་མཚན་མཆོག་གྱུར་པ། །གྲགས་པ་ཡེ་ཤེས་ཀུན་དགའ་གྲོལ་མཆོག་དང༌། །རྡོ་རྗེ་འཆང་ཆེན་རྩ་བའི་བླ་མ་ཆོད། །ཅེས་འདོན་པ་སྤོ། བསྟོད་པ་ནི། ཡབ་ཡུམ་གྱི་རྐང་པ་བརྒྱད་དང་དེ་ཉིད་ལྔ་པས་བསྟོད། ལུས་དང་ཚོར་བ་དང༌། ཞེས་པ་ནས། གཤིན་རྗེ་འཇོམས་མའོ། །ཕུང་པོ་དྲུག་རྣམ་པར་དག་པ་ནི། དེ་བཞིན་གཤེགས་པ་དྲུག ཁམས་དྲུག་རྣམ་པར་དག་པ་ནི་རྡོ་རྗེ་བཙུན་མོ་དྲུག་གོ ། དཀྱིལ་འཁོར་དྲུག་ནི་ས་དྲུག་སྟེ། མཁའ་འགྲོ་བཞིའི་གནས་ནི་ས་ལྷག་མ་བཞིའོ། །བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་ཤྲཱི་མཧཱ་སུ་ཁ་བཛྲ་སཏྭ་ཌཱ་ཀི་ནཱི་ཛྭ་ལ་སཾ་བྷ་རཾ་ཧཱུཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཨོཾ་ཤྲཱི་བུ་དྷ་ཌཱ་ཀཱ་ཨ་ལ་ལ་ལ་བྷྲུཾ་ཨཱཿ ཨོཾ་ཌཱ་ཀི་ནཱི་ཛྭ་ལ་སཾ་བྷ་རཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཤྲཱི་རཏྣ་ཌཱ་ཀ་ཏྲཾ་ཨཿ ཨོཾ་ཌཱ་ཀི་ནི་ཛྭ་ལ་སཾ་བྷ་རཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཤྲཱི་པདྨ་ཌཱ་ཀི་ཧྲིཿཨཱཿ ཨོཾ་ཌཱ་ཀི་ཛྭ་ལ་སཾ་བྷ་རཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཤྲཱི་བཛྲ་ཌཱ་ཀ་ཨཿཕཊ་སྭཱཧཱ། ཨོཾ་ཤྲཱི་བཛྲི་ཌཱ་ཀ་ཨཿཧཱུཾ་


TNT07_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ་ཌཱ་ཀི་ནི་ཛྭ་ལ་སཾ་བྷ་རཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཤྲཱི་བི་ཤྭ་ཌཱ་ཀ་ཧོཿ ཁཾ་ཨཿཧཱུཾ་ཌཱ་ཀི་ནི་ཛྭ་ལ་སཾ་བྷ་རཾ་ཧཱུཾ་ཕཊ་སྭཱཧཱ། འཁོར་གྱི་སྔགས་ནི། ཨོཾ་ཁཾ་ཧཱུཾ་ཕཊ། ནས་ཨོཾ་ཡཾ་ཧཱུཾ་ཕཊ་གྱི་བར། རང་མིང་གི་དང་པོའི་ཡི་གེ་ཉིད་སྔགས་ཀྱི་ངོ་བོར་གསུངས་སོ། །ཐུན་བསྡུ་བར་འདོད་པའི་ཚེ། སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་བ། སོགས་བྱས་ནས། དཀྱིལ་འཁོར་བསྡུ་བའི་ཚུལ་གཞན་རྣམས་དང་མཚུངས་པ་ལས། ཐུན་མཚམས་ལ་འཇུག་པའི་ཚེ། རྡོ་རྗེ་སེམས་དཔའ་ཕྱག་གཉིས་པའི་ང་རྒྱལ་བྱའོ། །གཏོར་མའི་ཆོ་ག་ནི་སྦྱངས་པའི་ཡོན་ཏན་བཅུ་གསུམ་པ་ལྟར་བྱ་བ་ལས། འདོད་དོན་གསོལ་བཏབ་ཀྱི་རྗེས་སུ། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ངེས་པར་བརྗོད་པ་ཉིད་ཡིན་ནོ། །ཤིན་ཏུ་ཟབ་ཅིང་གསང་བ་སྟེ། །ངེས་པར་བརྗོད་པའི་རྒྱུད་རྒྱལ་ལས། །ཀུན་གྱི་རིགས་བསྡུས་དཀྱིལ་འཁོར་མཆོག།དཀྱིལ་འཁོར་གཙོ་བོར་བསྔགས་པ་སྟེ། །འདི་ཡི་སྒྲུབས་ཐབས་བྱས་པ་ཡིན། །ཞེས་པ་འཁོར་ལོ་བསྒྱུར་དྲུག་གི་སྒྲུབ་ཐབས་ཏེ་བདུན་པའོ།། །།༈ ན་མ་ཤྲཱི་ཧེ་རུ་ཀ་མཉྫུ་ནཱ་ཐཱ་ཡ། གང་གི་འཁོར་བའི་ཉེས་པ་ཀུན། །དྲན་པ་ཙམ་གྱིས་ཞི་མཛད་ཅིང༌། །ཡེ་ཤེས་སྣང་བ་ཉེར་སྩོལ་བའི། །འཇམ་དབྱངས་ཧེ་རུ་ཀ་ལ་འདུད། །གང་འདིའི་སྒྲུབ་ཐབས་རྨད་བྱུང་བ། །རབ་ཟབ་རྒྱུད་ལས་འབྱུང་བ་བཞིན། བླ་མའི་མན་ངག་དང་ལྡན་པ། རབ་ཏུ་གསལ་བར་བཤད་པར་བྱ། །འདིར་དཔལ་འཁོར་ལོ་སྡོམ་པ་འཇམ་པའི་རྡོ་རྗེ་ངག་གི་དབང་ཕྱུག་ཧེ་རུ་ཀ་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་སྒོམ་པར་འདོད་པས་སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་


TNT07_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་སྒོམ་བཟླས་རྣམས་བྱ། ཤྲཱི་ཧེ་རུ་ཀོ྅་ཧཾ། རང་གི་སྙིང་གར་ཉི་མའི་སྟེང་དུ་ཧཱུཾ། དེ་ལས་འོད་ཟེར་དང་མཆོད་པ་དཔག་ཏུ་མེད་པ་སྤྲོས། བླ་མ་དཀྱིལ་འཁོར་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྱན་དྲངས་ལ་མཆོད་པར་གྱུར། གང་གི་དྲིན་གྱིས༴ སོགས་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ༴ སོགས་ཀྱིས་ཕྱག་བྱ། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་སོགས་ཀྱིས་ཡན་ལག་བདུན་པ་བྱ། ཚད་མེད་བཞི་སྤྱི་དང་མཐུན། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ས་གཞི། རྭ་བ་དྲྭ་བ་གུར་བླ་རེ། མདའི་དྲ་བ་མེ་རི་འབར་བ་དང་བཅས་པའི་སྲུང་འཁོར་དུ་གྱུར། ཨོཾ་མེ་དྷི་ནི་བཛྲ༴ ནས། ཨ་ནཱ་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ་གི་བར་སྔགས་ལ་ཚན་དྲུག་བརྗོད། སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾ་ལས་བཀའི་འཁོར་ལོ་སེར་པོ་རྩིབས་བཅུ་པ། དེའི་ལྟེ་བར་རང་ཉིད་རྡོ་རྗེ་ཁྲོ་བོ་ཁམས་གསུམ་ལས་རྣམ་པར་རྒྱལ་བ་སྐུ་མདོག་མཐིང་ནག་ན་གསེར་ལྗང་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་ཞིང་རང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། གཡོན་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཾ་ག་འཛིན་ཞིང༌། ཞབས་གཡས་བརྐྱང་པའི་འཇིགས་བྱེད་དང་དུས་མཚན་མ་མནན་པ། རང་གི་ཐུགས་ཀ་ནས་ཁྲོ་བོ་བཅུའི་ཚོགས་དཔག་ཏུ་མེད་


TNT07_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤྲོས། ཨོཾ་སུམྦྷ་སོགས་ཀྱིས་བཀའ་བསྒོས། ཁྲོ་བོ་རྣམས་ཀྱིས་བགེགས་རྣམས་བཀུག ཨོཾ་གྷ་གྷ༴ སོགས། དེ་རྣམས་ཐོ་བས་བརྡུངས། ཨོཾ་མུངྒ་ར༴ སོགས། བགེགས་རྣམས་སྟོང་པ་ཉིད་དུ་སྦྱངས། དེ་བཞིན་ཉིད་དང་རོ་གཅིག་ཏུ་གྱུར། ཨུཥྞི་ཥའམ་ཞལ་བཞི་པའི་སྔགས་ཅི་ནུས་རེ་བཟླ། འདི་ནི་ཤིན་ཏུ་བསྡུས་པའི་ལུགས་ཡིན་ལ། བསྡུས་པ་ནི་འཁོར་ལོ་བསྒྱུར་དྲུག་གི་སྐབས་སུ་བཤད་ཟིན་ལ། རྒྱས་འབྲིང་ནི་ཁྲོ་བོ་རྣམ་རོལ་ལས་ཤེས་པར་བྱའོ། །ཤིན་ཏུ་བསྡུས་པའི་ཚེ་ཐུན་མོང་གི་སྲུང་འཁོར་དྲུག་པོ་ཙམ་གྱིས་ཆོག་གོ །ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཨོཾ་ཨ་ནི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཨོཾ་ཨ་པྲ་ནི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས། བར་དོའི་རྣམ་ཤེས་མཾ་དམར་སེར་ཧོཿ དམར་པོ་གཉིས་ཀྱིས་མཐའ་རྟེན་པ། དེའི་སྣང་བ་ལས་ཆད་པའི་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། དེའི་སྟེང་དུ་སུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་སྟེང་དུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་དཀར་པོ་ཞལ་གསུམ་ཕྱག་གསུམ་དྲུག་པ། ཕྱག་དང་པོ་གཉིས་འཁོར་ལོ་དང་དྲིལ་བུ་འཛིན་པ། ལྷག་མ་རྒྱུ་རྡོ་རྗེ་འཛིན་པ་དང་མཚུངས་པའོ། །དེ་ཞུ་བ་ལས། རིན་པོ་


TNT07_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། སྐུའི་དཀྱིལ་འཁོར་ཏེ་རྩིག་པ་རིམ་པ་ལྔ་དང་ལྡན་པ། ཕ་གུ་དང་དྲྭ་ཕྱེད་དང་ཤར་བུ་དང་མདའ་ཡབ་དང༌། གཟུངས་མ་རྣམས་དང་བཅས་པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་བཞིའི་སྟེང་ན་ཀ་བས་བཏེགས་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་བཅས་པ། ནང་གི་ལྷ་སྣམ་ཤར་དཀར་བྱང་ལྗང་ནུབ་དམར་ལྷོ་སེར་དབུས་སྔོ་བ། ཕྱི་རོལ་མཆོད་པའི་ས་གཞི་ལ། མཆོད་པའི་ལྷ་མོ་སྣ་ཚོགས་པ་མཆོད་པའི་བཀོད་པ་དུ་མ་དང་བཅས་ཤིང་པད་འདབ་ཀྱི་ཁོར་ཡུག་གི་ཕྱི་རོལ་ཏུ་སྣམ་བུ་དམར་པོའི་ཁོར་ཡུག་ལ། རྡོ་རྗེ་གཤིན་རྗེ་རོ་ལངས་ཀྱི་ཚོགས་རྣམས་ཁ་དོག་སྣ་ཚོགས་པ་འཇིགས་སུ་རུང་བ་གར་བྱེད་པ། དེའི་ཕྱིར་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། ཤིང་དང༌།མེ་དང༌། ཆུ་དང༌། སྤྲིན་དང༌། རི་དང༌། མཆོད་རྟེན་དང༌། གྲུབ་པ་ཐོབ་པའི་རྣལ་འབྱོར་བ་རྣམས་ཀྱིས་ཡོངས་སུ་གང་བ། ཕྱི་རོལ་དུ་སྲུང་བའི་འཁོར་ལོ་དང་བཅས་པའོ། །རྩིག་པའི་ཕྱི་འོག་མཐའ་དང༌། སྟེགས་བུ་དང༌། སྒོའི་ཡ་ཕུབས་ཀྱི་ཀ་གདུང་ལ་འཁོར་ལོ་དཀར་པོས་མཚན་པ། ནང་གི་ལྷ་སྣམ་གྱི་དབུས་སུ་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པ། པད་མ་དམར་པོས་མཚན་པའི་མུ་ཁྱུད་དང་རྭ་བ་ཀ་བ་གདུང་ཐོག་ཕུབས་ལ་སོགས་པས་མཛེས་པ། དེའི་ནང་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ་རྡོ་རྗེ་སྔོན་པོས་


TNT07_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པའི་མུ་ཁྱུད་དང་རྭ་བ་ཀ་བ་གདུང་ཐོབ་ཕུབས་ལ་སོགས་པས་མཛེས་པ། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཚན་པ། ཐུགས་ཀྱི་འཁོར་ལོའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། པད་འདབ་ཀྱིས་ཁེབས་པའི་འཁོར་ལོའི་འོག་ནས་མུ་ཁྱུད་ཅུང་ཟད་མངོན་པའོ། །པདྨའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཨ་ཨཱ་ནས་ཨཾ་ཨཱ། ཀ་ཁ་ནས་ཧ་ཀྵ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དམར་སྐྱ། དེའི་དབུས་སུ་ཧཱུཾ་དང་བཾ་ལས་རྡོ་རྗེ་དང་གྲི་གུག་ཧཱུཾ་དང་བཾ་གྱིས་མཚན་པའོ། །དེ་ལས་འཕྲོས་པའི་འོད་ཟེར་གྱིས་སྤྱན་དྲངས་པ་གདོད་ནས་གྲུབ་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་བཅས་པ་དང༌། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས་རྒྱུ་རྡོ་རྗེ་འཛིན་པ་རྡོ་རྗེ་སེམས་དཔའ་མི་བསྐྱོད་པའི་དབུ་རྒྱན་ཅན། ནག་དཀར་དམར་བའི་ཞལ་གསུམ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཅང་ཏེའུ་དང་ཚངས་མགོ གཡོན་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། རང་དང་མཚུངས་པའི་རྡོ་རྗེ་ཕག་མོ་ལ་འཁྱུད་པ། ལྷའི་གནས་རྣམས་སུ་དཔའ་བོ་དང་དཔའ་མོ་བཞི་བཅུ་ཞེ་བརྒྱད། སངས་རྒྱས་བྱང་སེམས་རིག་པའི་ལྷ་མོ་གྲངས་མེད་པ་དང་བཅས་པ་འཁོད་པར་གྱུར། བྷྲུཾ་


TNT07_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཨཾ་ཧྲིཿཧོཿཧཱུཾ་ཧ་ཕུང་པོ་རྣམས་དེ་བཞིན་གཤེགས་པ་དྲུག་གི་ངོ་བོར་གྱུར། ཨོཾ་ཧཱུཾ་ཏྲཾ་ཨ་ཁཾ་ཧཾ། སྐྱེ་མཆེད་དྲུག དཔའ་བོ་དྲུག་གི་ངོ་བོར་གྱུར། ལཾ་མཾ་པཾ་ཏཾ་ཁཾ། ཁམས་ལྔ་ཡུམ་ལྔའི་ངོ་བོར་གྱུར་ཞེས་ཡབ་ཡུམ་ག ཉིས་ཀ་ལ་བསམ། འདི་ཤིན་ཏུ་བསྡུས་པ་སྟེ་ཡིག་འབྲུ་དེ་རྣམས་བརྗོད་པས་དེར་གྱུར་པར་མོས་པ་ཡིན་ལ། འབྲིང་པོ་ནི་ས་བོན་ལུས་ལ་བཀོད་པ་ཡིན། རྒྱས་པ་ནི་ལྷ་བཀོད་པའོ། །ཡབ་ཡུམ་གྱི་ཐུགས་ཀར་ཟླ་བ་ལ་ནམ་མཁར་གནས་པའི་བར་དོའི་རྣམ་ཤེས་ཀྱི་ངོ་བོ་ཡི་གེ་གསུམ་བབས། ཡབ་ཡུམ་གཉིས་ཀྱི་སྤྱི་བོ་དང༌། གསང་བར་ཡང་ཧོཿདམར་པོས་མཚན་པར་གྱུར། ཡབ་ཡུམ་སྙོམས་པར་ཞུགས། ཡི་གེ་རྣམས་ཡུམ་གྱི་པདྨར་བབས་པས་ཡབ་ཡུམ་བྱང་ཆུབ་ཀྱི་སེམས་ཀྱི་གོང་བུར་གྱུར། འཁོར་ལོ་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལངས་ཏེ། སངས་རྒྱས་བྱང་ཆུབ་སེམས་དཔའ་གྲངས་མེད་པ་དང་བཅས་ཐལ་མོ་སྦྱར་ཞིང༌། རྡོ་རྗེའི་གླུ་དབྱངས་དང་ཅང་ཏེའུའི་སྒྲས་བསྐུལ་བ། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ལུགས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་གསང༌། །ཨེ་མ་ཧོ་བདེ་བ་ལས་བྱུང་བ། །ཨེ་མ་ཧོ་ཀུན་ཏུ་བཟང་པོའི་དོན། །ཨེ་མ་ཧོ་བདེ་བས་ཡང་དག་འདུས། །ཨེ་མ་ཧོ་བདེ་ཆེན་དག་པ་སྟེ། །ཨེ་མ་ཧོ་བདེ་བ་བདེ་བའི་མཆོག། ཨེ་མ་ཧོ་གསང་སྔགས་མཉམ་སྦྱོར་བ། །ཨེ་མ་ཧོ་ཐུགས་ཀྱི་སྤྱོད་པ་སྟེ། །ཨེ་མ་ཧོ་མཉམ་ཉིད་ཕྱག་རྒྱ་ལྡན། །ཨེ་མ་ཧོ་སྒྲུབ་པ་རྨད་དུ་བྱུང༌། །


TNT07_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོ་ཕ་རོལ་ཕྱིན་པའི་ས། །ཨེ་མ་ཧོ་རིག་པ་རྗེས་འཇུག་པ། །ཨེ་མ་ཧོ་སྣ་ཚོགས་ལས་ཆེན་པོ། །ཨེ་མ་ཧོ་ཁ་སྦྱོར་གསུམ་དག་པ། །ཨེ་མ་ཧོ་རྡོ་རྗེ་མཉམ་སྦྱོར་བ། །ཨེ་མ་ཧོ་པདྨ་རྣལ་འབྱོར་པ། །ཨེ་མ་ཧོ་དབང་གཉིས་སྙོམས་འཇུག་པ། །ཨེ་མ་ཧོ་རྨད་བྱུང་མཉམ་པ་ཉིད། །ཨེ་མ་ཧོ་དག་པའི་གར་ཆེན་ཏེ། །ཨེ་མ་ཧོ་ཤིན་ཏུ་དྲི་མེད་གླུ། །ཨེ་མ་ཧོ་གླུ་ཡི་ལེགས་སྦྱོར་བ། །ཨེ་མ་ཧོ་ཕེག་རྡོབ་མུན་སེལ་བ། །ཨེ་མ་ཧོ་མེ་ཏོག་ཚོགས་དགའ་བ། །ཨེ་མ་ཧོ་བདུག་པའི་བུམ་པ་བཟང༌། །ཨེ་མ་ཧོ་སྒྲོན་མ་གཏི་མུག་སེལ། །ཨེ་མ་ཧོ་དྲི་མཆོག་བསིལ་བ་སྟེ། །ཨེ་མ་ཧོ་རྣལ་འབྱོར་མཉམ་སྦྱོར་བ། །ཨེ་མ་ཧོ་སྒྱུ་འཕྲུལ་མཁའ་ལྟ་བུ། །ཨེ་མ་ཧོ་གདོད་ནས་སངས་རྒྱས་གདོད་ནས་རྡོ་རྗེ་སྟེ། །ཨེ་མ་ཧོ་གདོད་ནས་རིན་ཆེན་བདེ་བ་རབ་སྩོལ་བ། །ཨེ་མ་ཧོ་པདྨ་གདོད་ནས་བྲིས་པ་སྟེ། །ཨེ་མ་ཧོ་སྒྱུ་འཕྲུལ་སྣ་ཚོགས་རྣམ་པར་འཕྲུལ་པ་ཡིན། །ཨེ་མ་ངོ་མཚར་རྨད་སངས་རྒྱས། །ཨེ་མ་ངོ་མཚར་རྒྱལ་བའི་སྲས། །ཨེ་མ་ངོ་མཚར་སེམས་ཅན་རྣམས། །ཨེ་མ་ངོ་མཚར་ལྷ་མོའོ། །ཞེས་སོ། །གླུས་བསྐུལ་འདི་ནི། འདི་ཉིད་ཀྱི་ཐུན་མོང་མ་ཡིན་པ་སྟེ། འདིའི་ཆོ་ག་སོགས་ལ་ངེས་པར་དགོས་པས་ཚིག་བློ་ལ་ཡོད་ངེས་བྱ། དུས་རྒྱུན་གྱིས་ཉམས་ལེན་ལ་དེ་ཙམ་མི་ལྕོགས་ན། མངོན་སྤྱོད་ལེའུ་དགུ་པར་འབྱུང་བའི་གླུས་བསྐུལ་འདི་ཉིད་བྱ་སྟེ་མངོན་སྤྱོད་ལས་གསུངས་པའི་དཀྱིལ་འཁོར་མཐའ་དག་གི་སྤྱི་འགྲོ་ཡང་ཡིན་ནོ། །དེ་ཡང༌། ཧོཿསྲིད་


TNT07_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་གྱི་དེ་རྙེད་གཙོ། ཨ་ལ་ལ་ལ་ཧོ། རྒྱལ་བ་བདེ་ཆེན་དགྱེས་པའི་ཚོགས། །པདྨ་ལ་ནི་རྡོ་རྗེ་རོལ། །ཨ་ལ་ལ་ལ་ཧོ། ཕྱོགས་བཅུར་བདེ་གཤེགས་སྙིང་པོ་སྤྲོས། །ཀུན་གྱི་སྙིང་པོ་བདག་པོར་མཛོད། །སྲིད་པ་གསུམ་གྱི་སྙིང་པོ་ནི། །བདེ་བ་ཆེན་པོ་རྟོགས་པར་མཛོད། །ཨ་ལ་ལ་ལ་ཧོ། །བདག་པོ་དགྱེས་པ་གྲོལ་བར་མཛོད། །བདེ་ཆེན་ཨ་ལ་ལ་ལ་ཧོ། ཞེས་པའོ། །དེ་ལྟར་རབ་ཏུ་བསྐུལ་ནས། བསྐུལ་བ་པོ་རྣམས་ཛཿཛཿ ཞེས་ཐིག་ལེ་ལ་ཐིམ། དེ་ཉིད་ཡོངས་སུ་གྱུར་པ་ལས། མཾ་ལས་རྡོ་རྗེ་དམར་སེར་མཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་དུ་གྱུར། དེ་རྣམས་དང་གདོད་ནས་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་སླར་འདུས་ཏེ་མཾ་ཡིག་ལ་ཐིམ། དེ་ལས་འབྲས་བུ་རྡོ་རྗེ་འཛིན་པ་གཙོ་འཁོར་ཐམས་ཅད་དུས་གཅིག་ཏུ་གྲུབ་པ་ནི། དབུས་སུ་འཇམ་པའི་རྡོ་རྗེ་དཔལ་ཧེ་རུ་ཀ་ཞལ་དྲུག་ཕྱག་བཅུ་གཉིས་པ། སྐུ་མདོག་དང་རྩ་ཞལ་གུར་གུམ་གཞོན་ནུ་ལྟར་དམར་སེར། གཡས་ཞལ་སྔོ་བ་དང་སེར་བ། གཡོན་ཞལ་ལྗང་ཁུ་དང་དམར་པོ། དེ་རྣམས་ཁྲོས་ཤིང་འཇིགས་པའི་ཉམས་ཅན། སྟེང་ཞལ་དཀར་པོ་ཞི་བའོ། །ཐམས་ཅད་བནྡྷ་ལྟར་དམར་བའི་སྤྱན་གསུམ་གསུམ་དང་ལྡན་ཞིང༌། སངས་རྒྱས་ལྔའི་གཟུགས་བརྙན་དང་བཅས་པའི་ཐོད་སྐམ་གྱིས་དབུ་ལ་བརྒྱན་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་


TNT07_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་ཅིང༌། གཉིས་པ་གཉིས་ཀྱིས་ཚངས་པའི་པགས་པ་སྟོད་གཡོགས་སུ་འཕྱར་བ། གསུམ་པ་གཉིས་ཀྱིས་རལ་གྲི་དང་ཨུཏྤལ། བཞི་པ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། ལྔ་པ་གཉིས་ཀྱིས་ཅང་ཏེའུ་དང་ཚངས་པའི་མགོ་བོ། དྲུག་པ་གཉིས་ཀྱིས་མདའ་དང་གཞུ་འཛིན་པ། ཞབས་གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་དང༌། གཡས་བརྐྱང་བས་དུས་མཚན་མ་དམར་པོ་མནན་པ། འཇིགས་བྱེད་ཆེན་པོའི་པགས་པའི་ཤམ་ཐབས་གྲོལ་བ། ཕྱག་རྒྱ་དྲུག་དང་ལྡན་ཞིང༌། རལ་བའི་ཅོད་པན་ལ་ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་བརྒྱན་པ། ཐལ་བ་དང་མི་མགོའི་དོ་ཤལ་གྱིས་སྐུ་ལ་སྤྲས་པ། མེ་དཔུང་འབར་བའི་དབུས་ན་གར་དགུས་རོལ་པའོ། །དེ་ལ་འཁྱུད་པའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དང་རྩ་ཞལ་དམར་སེར། གཡས་སྔོ་གཡོན་དཀར་བའི་ཞལ། ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཅང་ཏེའུ་དང་བདུད་ཀྱི་མགོ་བོ། གཡོན་གཉིས་ཐོད་པ་ཁ་ཊྭཾ་ག་འཛིན་པ། གཡས་བསྐུམ་གཡོན་བརྐྱང་བའི་ཞབས་ཀྱིས་ཡབ་ལ་འཁྱུད་པ། དབུ་སྐྲ་གྲོལ་ཞིང་ཐོད་སྐམ་གྱི་དོ་ཤལ་ཅན། ལྷག་མ་བཅོམ་ལྡན་འདས་དང་མཚུངས་པའོ། །འདི་ལ་ཁྱད་པར་གཞན་ནི། ཁྲོ་ཞལ་རྣམས་ཀྱི་དབུ་སྐྲ་གྱེན་དུ་བརྫེས་པ་དང༌། འཇིགས་བྱེད་ཆེན་པོའི་པགས་པས་སྟོད་གཡོགས་བྱེད་པའང་ཡོད་ལ། གླང་ལྤགས་དང་སྟག་ལྤགས་སྤྱི་དང་མཚུངས་པར་བྱེད་པའང་ཡོད་ཅིང༌། ཞབས་བཞི་རྒྱབ་མ་གཉིས་


TNT07_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱི་ཚུལ་དུ་འདོད་པའང་སྣང་ངོ༌། །དེ་བཞིན་དུ་ཡུམ་ཡང་རྒྱུ་རྡོ་རྗེ་འཛིན་པའི་སྐབས་ལྟར། དཀར་མོའང་སྔོན་མོར་འདོད་པ་དང༌། ཡབ་དང་མཚུངས་པའི་རྣམ་པ་ཅན་དང༌། ཞལ་གཅིག་ཕྱག་གཉིས་པར་ཡང་འདོད་ཅིང༌། རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་དཀར་པོར་འདོད་པའང་ཡོད་དོ། །དེ་དག་ཀྱང་རྒྱུད་ཚིག་འདོན་ཚུལ་དང་མན་ངག་གི་ཁྱད་པར་སོ་སོ་ལས་བྱུང་བ་ཡིན་པའི་ཕྱིར་ཐམས་ཅད་ཀྱང་མི་འགལ་ལོ། །རྒྱུད་ལས་ཡུམ་བྱིན་པ་གཉིས་འཁྱུད་དུ་བཤད་པ་ལ། མཉམ་འཁྱུད་དང་གང་རུང་གིས་ཅི་བདེར་འཁྱུད་པ་གང་བྱས་ཀྱང་ཆོག་ལ། མངོན་བརྗོད་འགྲེལ་པ་ལས། རྩིག་པ་ལ་ཡི་དྭགས་ཕྲེང་བ་དང༌། སྟེགས་བུ་ལ་ལྷ་མོའི་འཁོར་དུ་བཤད་ནའང་མི་ལེགས་སོ། །ཐུགས་འཁོར་གྱི་ཤར་ཕྱོགས་པཱུ་ལི་ར་མ་ལ་ཡར་ཁཎྜ་ཀ་པ་ལ་དག་རབ་གཏུམ་མ། དཀར་སྔོ་ལྗང་བའི་ཞལ་གསུམ། བྱང་ཕྱོགས་ཛཱ་ལནྡྷ་རར་མ་ཧཱ་ཀཾ་ཀ་ལ་དང་གཏུམ་མིག་མ། སེར་སྔོ་ལྗང་བའི༴ ནུབ་ཕྱོགས་ཨོ་ཌི་ཡ་ནར་ཀཾ་ཀ་ལ་དང་འོད་ལྡན་མ། དམར་སྔོ་ལྗང་༴ ལྷོ་ཕྱོགས་ཨརྦུ་ཏར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། ལྗང་སེར་སྔོ༴ ཤར་ལྷོ་གཽ་དཱ་ཝ་རིར་སུ་ར་ཝི་རི་དང་བརྟན་པའི་བློ་ཅན་མ། དམར་སེར་ལྗང་བའི༴ ལྷོ་ནུབ་རསྨ་ཤྭ་རར་འོད་དཔག་མེད་དང་མིའུ་ཐུང་མ། དཀར་སེར་ལྗང་༴ ནུབ་བྱང་དེ་ཝཱི་ཀོ་ཊར་རྡོ་རྗེ་དང་ལང་ཀའི་དབང་ཕྱུག་མ། སྔོ་སྐྱ་སེར་ལྗང་༴ བྱང་ཤར་མ་ལ་བར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ། ལྗང་སེར་སྔོ༴ དེ་ལྟར་ཐུགས་འཁོར་བ་རྣམས་


TNT07_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། དེའི་ཕྱི་རོལ་གསུང་གི་འཁོར་ལོའི་ཤར་རྩིབས་ཀཱ་མ་རཱུ་པར་ཨང་ཀུ་རི་དང་ཨེ་ར་ཝ་ཏི། དཀར་སྔོ་ལྗང་བ། བྱང་ཕྱོགས་ཨོ་ཊེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ལྗང་སེར་སྔོ་བ༴ ནུབ་ཕྱོགས་ཏྲི་ཤ་ཀུ་ནིར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྔོ་སེར་ལྗང་བ། ལྷོ་ཕྱོགས་ཀོ་ས་ལར་རྡོ་རྗེ་ཨོཾ་མཛད་དང་ཆང་འཐུང་མ། དམར་སེར་ལྗང་བ། ཤར་ལྷོ་ཀ་ལིང་ཀར་རབ་ཏུ་བཟང་པོ་དང་ཤྱ་མ་དེ་ཝཱི། ལྗང་སེར་སྔོ་བ་ལྷོ་ནུབ་ལམྦ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། སེར་སྔོ་ལྗང་བ་ནུབ་བྱང་ཀཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། དུད་སེར་ལྗང་བ། བྱང་ཤར་ཧི་མ་ལ་ཡར་མིག་མི་བཟང་དང་བྱ་གདོང་མ། སྔོ་སྐྱ་སེར་ལྗང་བ། དེ་ལྟར་གསུང་གི་འཁོར་ལོ་པ་རྣམས་ཕྱག་དང་པོ་གཉིས་པདྨ་དང་དེའི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། དེའི་ཕྱི་རོལ་སྐུའི་འཁོར་ལོའི་ཤར་སྒོ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། སྔོ་སེར་ལྗང་བ། བྱང་སྒོ་གྲི་ཧ་དེ་ཝར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧི། སེར་སྔོ་ལྗང་བ། ནུབ་སྒོ་སཽ་རཥྟར་རྟ་མགྲིན་དང་ཤོཎྜི་ནི། དམར་སེར་ལྗང་བ། ལྷོ་སྒོར་སུ་ཝརྞ་དྭི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོ་གོ་ཆ་མ། དཀར་སྔོ་ལྗང་བ། ཤར་ལྷོའི་གྲྭ་ན་ག་ར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། སྔོ་སྐྱ་སེར་ལྗང་བ།


TNT07_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ནུབ་ཀྱི་གྲྭ་སིནྡྷུར། པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། སེར་ལྗང་བ། ནུབ་བྱང་གི་གྲྭ་མ་རུར། རྣམ་པར་སྣང་མཛད་དང་འཁོར་ལོས་བསྒྱུར་མ། དཀར་སྔོ་ལྗང་བ། བྱང་ཤར་གྱི་གྲྭ་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ། དཀར་ནག་ལྗང་བའི་ཞལ་གསུམ། དེ་ལྟར་སྐུའི་འཁོར་ལོ་པ་རྣམས་ཕྱག་དང་པོ་གཉིས་འཁོར་ལོ་དང༌། དེའི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པའོ། །ཐམས་ཅད་ཀྱང་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་ཅིང༌། ལྷག་མ་གཡས་ཀྱི་ཕྱག་གཉིས་ཀྱིས་གྲི་གུག་དང་ཅངཏེའུ། གཡོན་གཉིས་ཀྱིས་ཐོད་ཁྲག་དང་ཁ་ཊྭཾ་ག་བསྣམས་པའོ། །ཡབ་རྣམས་སྟག་ལྤགས་ཀྱི་ཤམས་ཐབས་ཅན་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། ཡུམ་རྣམས་གཅེར་བུ་གཡོན་བརྐྱང་གི་སྟབས་ཅན། ཐམས་ཅད་ཀྱང་གཙོ་བོ་ཡབ་ཡུམ་གྱི་རིགས་ལས་བྱུང་བའོ། །བྲམ་ཟེ་རིན་ཆེན་རྡོ་རྗེའི་ཐུགས་དམ་ལ་གཙོ་བོར་འཁོར་ཐམས་ཅད་ཁྲོ་ཉམས་ཆེ་ཞིང་ཅུང་ཟད་སྦོམ་པའི་སྐུ་ཅན་དུ་བྲིས་འདུག་གོ །ཨོཾ་ཨཱཿཧཱུཾ་སརྦ་ཝཱི་ར་ཡོ་གི་ནི་ཀཱ་ཡ་ཝ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨྨ་བཛྲ་ཤུདྡྷོ྅་ཧཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་ཀྱི་དཀྱིལ་འཁོར། ཕཻཾ་ཛཿཧཱུཾ་བཾ་ཧོཿ ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། ཨརྒྷཾ། ནས་ཤཔྟའི་བར་གྱིས་མཆོད། རྐང་པ་བརྒྱད་པས་བསྟོད། བར་འདིར་ལུས་དཀྱིལ་སྒོམ་པར་འདོད་ན། ལྟེ་བར་གཙོ་བོ་ཡབ་ཡུམ་དང༌། སྤྱི་བོ་


TNT07_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པར་འཁོར་ལོ་གསུམ་གྱི་ལྷ་རྣམས་བཀོད་པའི་ལྷ་ལྔ་བཅུ་པ་བསྒོམ་པར་བྱའོ། །ཅི་སྟེ་མ་མོ་བཅུ་གཉིས་འགོད་པར་འདོད་ན་ཡང༌། མངོན་བརྗོད་ལེའུ་དགུ་པར་གསུངས་པ་ལྟར་ཕྱག་བཅུ་གཉིས་ལ་འགོད་དགོས་ཤིང༌། དེ་ལྟར་ན་ཐོད་པ་བཞི་ཞལ་བཞི་ལའོ། །འོན་ཀྱང་དེ་དག་དཀྱིལ་འཁོར་འདིའི་ལྷ་མ་ཡིན་པའི་ཕྱིར་འགོད་མི་དགོས་སོ། །དེ་ནས་ལྷ་ཐམས་ཅད་ཀྱི་ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་རློབས་པ་ནི། རྒྱུ་རྡོ་རྗེའི་འཛིན་པའི་སྐབས་བཞིན་ནོ། སྤྱོད་པ་བཞི་བྱིན་གྱིས་རློབས་པ་ནི། ལྷ་ཐམས་ཅད་ཀྱི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ རང་གི་སྙིང་གར་རང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་རྩེ་ལྔ་པ་དམར་སེར་གྱི་ལྟེ་བར་ཟླ་བ་ལ་གནས་པའི་མཾ་གྱིས་མཚན་པའོ། །ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་དཀྱིལ་འཁོར་གྱི་འཁོར་ལོ་ཕཻཾ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ༴ ནས་ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་བདུད་རྩིས་གང་བའི་ཀ་པཱ་ལས་དབང་བསྐུར། སྐུ་ལུས་གང༌། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་མི་བསྐྱོད་པ། ཡུམ་ལ་རྣམ་སྣང༌། སྔོན་པོ་རྣམས་ལ་མི་བསྐྱོད་པ། དཀར་པོ་རྣམས་ལ་རྣམ་སྣང་ལྗང་ཁུ་རྣམས་དང་དུད་ཁ་ལ་དོན་གྲུབ། དམར་པོ་རྣམས་ལ་སྣང་མཐའ། སེར་པོ་རྣམས་ལ་རིན་འབྱུང་


TNT07_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབུ་རྒྱན། དེ་ནས་གོ་ཆ་བགོ་བར་བྱ་སྟེ། དཔའ་བོ་ཉི་ཤུ་རྩ་ལྔའི་སྙིང་གར་ཨོཾ་ཧ་དཀར་པོ༴ ནས། རྟ་མཆོག་གི་ངོ་བོ། དཔའ་མོ་ཉི་ཤུ་རྩ་ལྔའི་ལྟེ་བར་ཨོཾ་བཾ༴ ནས། ཙཎྜི་ཀའི་ངོ་བོ། རྡོ་རྗེ་སེམས་དཔའ་དང༌། རྨོངས་བྱེད་མ་ཟླ་བའི་གདན་དང༌། གཞན་རྣམས་ཉི་མའི་གདན་ལ་གནས་པའོ། །དེ་ནས་འདིར་ཡང་སྤྲོ་ན་མཆོད་བསྟོད་བྱ་ཞིང༌། ཁྱད་པར་བདུད་རྩི་མྱང་བ་ནི། སྡོམ་འབྱུང་གི་གཏོར་མཆོག་རྣམས་སུ་བཤད་པ་ལྟར་ནང་མཆོད་བྱིན་གྱིས་རློབས་ཏེ། ཨོཾ་ས་མ་ཡ་ཤུདྡྷ་སརྦ་དྷརྨ་ས་མ་ཡ་ཤུདྡྷོ྅་ཧཾ། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུཾ། ཋ་ཋ་སྟྭཾ་ཨ་ཁཾ་ཧཱུཾ། ཞེས་བདུད་རྩི་མྱང་ངོ༌། །བླ་མ་ལ་འབུལ་བར་འདོད་ན། འཇམ་དཔལ་ངག་དབང་གྲགས་པ་བློ་གྲོས་བཟང༌། །བདེ་ཆེན་རྡོ་རྗེ་ལྷ་ཡི་འབྱུང་གནས་དང༌། །མི་འཇིགས་འབྱུང་གནས་རྩ་བའི་བླ་མ་སྟེ། །བཀས་གནང་བླ་མ་རྣམས་ལ་མཆོད་པ་འབུལ། །ཞེས་སོ། །བར་འདིར་རྫོགས་པའི་རིམ་པ་སོགས་བསྒོམ་པར་བྱ་ཞིང༌། དཀྱིལ་འཁོར་གྱི་འཁོར་ལོ་སྒྱུ་མར་ཤེས་པར་བྱས་ཏེ། དེ་ལ་མཉམ་པར་བཞག་གོ །བྱང་ཆུབ་ཕྱོགས་ཀྱི་དག་པ་དྲན་པ་ནི། བྱང་ཕྱོགས་དང་པོ་བརྒྱད་དང༌། ཐ་ལྷག་བཞི་བོར་བ་སྟེ། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་རབ་ཏུ་གཏུམ་མ། ནས་ཡང་དག་པའི་ངག་ནི་བརྩོན་འགྲུས་ཆེན་མོའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀའོ། །ཞེས་སོ། །གཞན་ཡང༌། དབང་པོ་ལྔ་དང་ཡུལ་ལྔ་དང༌། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །ཡེ་ཤེས་ལྔ་ནི་རྣམ་དག་པ། །ཉི་ཤུ་རྩ་ལྔའི་


TNT07_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ལྷ། །ཐབས་དང་ཤེས་རབ་མཉམ་པར་སྦྱོར། །དེ་ཉིད་ཉི་ཤུ་ལྔ་བདག་ཉིད། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །ཡེ་ཤེས་གཞལ་མེད་ཁང་བཟང་སྟེ། །རྣམ་པར་ཤེས་པ་བརྒྱད་དག་པ། །ཕྱི་རོལ་དུར་ཁྲོད་བརྒྱད་དུ་སྤྲུལ། །སྡང་དང་སྲེད་པ་རབ་འཇོམས་པས། །ལྷ་མོ་རྣམས་དང་ཡི་དྭགས་འཕྲེང༌། །སྣ་ཚོགས་རྡོ་རྗེ་དུད་གཞོམ་སྟེ། །ཡེ་ཤེས་མེ་འོད་རྣམ་པར་སྤྲོ། །སྐུ་དང་གསུང་དང་ཐུགས་དག་པས། །དཀྱིལ་འཁོར་གསུམ་དུ་ཤེས་པར་བྱ། །དམ་པའི་དོན་དུ་དཔའ་བོའི་གཟུགས། །ཡེ་ཤེས་ཀྱིས་ནི་འཇམ་དཔལ་ཉིད། །སྐྱོན་དྲུག་དག་པས་རིགས་དྲུག་ཉིད། །ཡན་ལག་བཅུ་གཉིས་འགག་པ་ཡིས། །ཞལ་དང་ཕྱག་ནི་རྣམ་དག་པ། །མ་རིག་འདུ་བྱེད་ཞབས་ཀྱིས་མནན། །ཞེས་བརྗོད་ཅིང་དོན་བསམ་མོ། །དེ་ནས་འགོག་པའི་བཟླས་པ་དང༌། ངག་བཟླས་ཡིད་བཟླས་རྣམས་རིམ་གྱིས་བྱ་སྟེ། ཨོཾ་ཨཱཿཧཱུཾ། ཉེ་བའི་སྙིང་པོའོ། །ཨོཾ་ཤྲཱི་མཉྫུ་བཛྲ་དྷྲི་ཀ་ཨོཾ་ཧཱུཾ། ཌཱ་ཀི་ནི་ཛཱ་ལ་སམྦྷ་ར་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། སྙིང་པོའོ། ཨོཾ་བཛྲ་ཝ་ར་ཧི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡུམ་གྱི་སྙིང་པོའོ། འཕྲེང་བའི་སྔགས་ནི་བདེ་མཆོག་སྤྱི་དང་མཐུན་པ་ཡིན་ནའང༌། དེ་གཙོ་བོར་བཟླ་བར་མ་གསུངས་སོ། །འཁོར་གྱིས་སྔགས་ནི། ཨོཾ་ཀ་ར་ཀ་ར་ཁཎྜ་ཀ་པཱ་ལ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པྲ་ཙནྚེ་ཧཱུཾ་ཧཱུཾ་ཕཊ། ཅེས་སོགས་སྦྱར་ཏེ་བཟླའོ། །ཐུན་འཇོག་པའི་ཚེ། བདག་བསྐྱེད་ཀྱི་གཏོར་བསྔོ་བྱས་ཏེ་ཐུན་བསྡུ་བའམ། མིན་ཡང་རུང་སྟེ། སྙིང་


TNT07_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་དུ་གྱུར། དེ་ཐམས་ཅད་བསྒོམས་པའི་དཀྱིལ་འཁོར་ལ་ཐིམ། དཀྱིལ་འཁོར་དང་དཀྱིལ་འཁོར་པ་རྣམས་ཀྱང་བདག་ཉིད་ལ་ཐིམ། དེ་ཡང་ཏིང་ངེ་འཛིན་སེམས་དཔའི་བར་དུ་བསྡུས། དེ་ཡང་འོད་གསལ་བར་བསྡུས་ཏེ་སྟོང་པ་ཉིད་ལ་མཉམ་པར་བཞག་གོ །སླར་ཡང་རང་སྐད་ཅིག་གིས་འཇམ་པའི་རྡོ་རྗེ་ཕྱག་གཉིས་པར་གྱུར། སྤྱོད་པ་བཞི་དང་གོ་ཆ་གཉིས་ཀྱིས་རྒྱས་བཏབ་སྟེ་ཐུན་མཚམས་ལ་འཇུག་གོ །གཏོར་མ་བྱིན་རླབས་འཁྲུལ་སྤོང་གི་སྒྲུབ་ཐབས་སུ་བཤད་པ་ལྟར་བྱ་ཞིང༌། ཕཻཾ་ཞེས་ཡེ་ཤེས་ཀྱི་འཁོར་ལོ། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པ་སྤྱན་དྲངས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་ཨ་རལླི་ཧོ་ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། ཞེས་ལན་གསུམ་གྱིས་སྤྱིར་ཕུལ། ཡབ་ཡུམ་གྱི་སྙིང་པོའི་ཧཱུཾ་ཧཱུཾ་ཕཊ་ཀྱི་སྔོན་དུ་ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་མ་མ་སརྦ་ཀརྻཾ་ཀུ་རུ་ཀུ་རུ་ཞེས་བཅུག་པ་ལན་གསུམ་གསུམ་གྱིས་ཕུལ། ཨོཾ་ཀ་ར་ཀ་ར་ནས། དྷི་ལི་དྷི་ལི་ཧཱུཾ་ཧཱུཾ་ཕཊ། ལན་གཅིག་གིས་འཁོར་ལོ་གསུམ་ལ་ཕུལ། ཧཱུཾ་བཅུ་གཅིག་གི་མཐར་ཨ་ཀཱ་རོ་བཏགས་པས་སྲུང་བའི་འཁོར་ལོ་པ་ལ་ཕུལ། ཡང་ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། རྐང་བརྒྱད་གཉིས་སམ་གོང་གི་ཞུ་བ་གླུས་བསྐུལ་གྱིས་བསྟོད། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ནས་ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ། ལན་གསུམ་གྱིས་ཕྱི་རོལ་འབྱུང་པོའི་


TNT07_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ་གཏོར་མ་ཕུལ། ཕྱི་མཆོད། ནང་མཆོད། ཨོཾ་ལྷ་ཡི་ཚོགས་རྣམས་ནས་ཀུན་འགྲུབ་ཤོག་གིས་བསྟོད་ཅིང་གསོལ་བ་བཏབ། ཨོཾ་ཁྲོ་བོ་བདེ་བ་དགྱེས་པ་ཡི། །ཞེས་སོགས་དཔྱིད་ཀྱི་རྒྱལ་པོའི་གླུ་བླང༌། སེམས་ཅན་ཐམས་ཅད་ནད་མེད་ཅིང༌། །ཞེས་སོགས་སྨོན་ལམ་བཏབ། ཨོཾ་ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་བརྗོད། ཡིག་བརྒྱ་བཟོད་གསོལ་གཏོར་མགྲོན་གཤེགས་གསོལ་རྣམས་བྱས་ལ། ཡོ་ག་ཤུདྡྷའི་སྔགས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་ལ་བསྡུ། སླར་ཡང་བདག་སྲུང་དང༌། སྨོན་ལམ་བཀྲ་ཤིས་གང་འོས་རེ་བྱའོ། །འདིར་སྨྲས་པ། འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་ཆེས་མང་ཡང༌། །རྒྱུད་སྡེ་ཀུན་གྱི་རྩེ་མོར་གྱུར་པ་དང༌། །ལས་ཚོགས་ཙམ་མིན་མཆོག་སྒྲུབ་གཙོར་སྟོན་དང༌། །དག་བྱ་དག་བྱེད་རབ་རྒྱས་དཀྱིལ་འཁོར་དང༌། །རྒྱུད་ལས་ཤིན་ཏུ་གསལ་བར་གསུངས་པའི་ཕྱིར། །སྒྲུབ་ཐབས་འདི་ཉིད་ཁོ་ན་ཆེས་མཆོག་སྟེ། །གསང་ལྡན་ལ་སོགས་རྒྱུ་སྡེ་འོག་མར་མཚུངས། །གུར་ལས་གསུངས་སོགས་ལས་ཚོགས་ལྷ་ཙམ་ཡིན། །མཚན་བརྗོད་སྒྲུབ་ཐབས་བླ་མེད་ལུགས་བྱས་པ། །ཕལ་ཆེར་དག་བྱ་དག་བྱེད་ཤིན་ཏུ་བསྡུས། །འདུག་པའི་འཇམ་རྡོར་མན་ངག་གཙོ་ཆེ་སྟེ། །རྒྱུད་ལས་ཧ་ཅང་གསལ་བ་གསུང་པའང་མེད། །ཅེས་ཆེད་དུ་བརྗོད་པའོ། །དེ་ལྟར་སྒྲུབ་ཐབས་རབ་བཤད་པས། །འགྲོ་ཀུན་རྡོ་རྗེའི་ས་ཐོབ་ཅིང༌། ཁྱད་པར་ལམ་འདིར་འཇུག་པ་རྣམས། །ཚེ་འདིར་འཇམ་པའི་དབྱངས་སུ་གྱུར། །དཔལ་འཁོར་ལོ་བདེ་མཆོག་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་ཏེ་བརྒྱད་པའོ།། །།༈ རབ་འབར་ཡེ་ཤེས་མེ་ལྕེ་ཡིས། །


TNT07_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབྱིངས་ནམ་མཁའི་མཐའ་ཀླས་པ། །རབ་གསལ་དཀྱིལ་འཁོར་རི་མོ་ནི། །ཅི་ཡང་འཆར་འདི་ངོ་མཚར་རྨད། །འདིར་དཔལ་འཁོར་ལོ་བདེ་མཆོག་དྲག་པོ་ཆེན་པོའི་སྒྲུབ་ཐབས་ཉམས་སུ་བླང་བར་འདོད་པས། སྐྱབས་སེམས་རྡོར་སེམས་སྒོམ་བཟླས་སྤྱི་དང་མཐུན། རང་གི་སྙིང་གར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ། དེའི་འོད་ཀྱིས་བདག་ཉིད་ཧེ་རུ་ཀ་ཕྱག་གཉིས་པར་གྱུར། འོད་ཟེར་བ་སྤུའི་བུ་ག་ནས་འཕྲོས། དཔལ་བདེ་མཆོག་གི་དཀྱིལ་འཁོར་བླ་མ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། སྐབས་འདིར་སྤྲོ་ན་མཎྜལ་མཆོད་པ་རྒྱས་པ་བྱ། བསྡུ་ན། གང་གི་དྲིན་གྱིས༴ སོགས་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ༴ སོགས་ཀྱི་ཕྱག་འཚལ། ཨོཾ་ཨཱཿབཛྲ་བཱི་ནཱི་ཧཱུཾ། ནས་ཨོཾ་ཨཱཿབཛྲ་དྷརྨེ་ཧཱུཾ། ཨོཾ་ཨཱཿཧཱུཾ། ཨོཾ་ཨཱཿབཛྲ་མཧཱ་སུ་ཁཾ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༴ སོགས་ལན་གསུམ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་གཅིག་བརྗོད། ཚད་མེད་བཞི་སྤྱི་དང་མཐུན། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རང་སེམས་ནཱ་ད་ནམ་མཁར་གནས། ཚམས་རྔམ་དང་བཅས་པའི་སུམྦྷ་ལན་གཉིས་བརྗོད། སྔགས་ལས་སྤྲོས་པའི་རྡོ་རྗེའི་ས་གཞི་དང༌། རྭ་བ་དང༌། གུར་དང༌། བླ་རེ་དང༌། མདའི་དྲྭ་བ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པར་གྱུར། ཨོཾ་མེ་དྷི་ནི་བཛྲི༴ སོགས་སྔགས་ཚན་དྲུག་བརྗོད། བསྲུང་བའི་འཁོར་ལོའི་དབུས་སུ་ཡཾ་ལས་རླུང་གི་


TNT07_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་སྔོན་པོ་ཟླ་གམ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨའི་ལྟེ་བ་ལ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་དེའི་སྟེང་དུ་བྷྲུཾ་དཀར་པོ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང༌། གྲུ་བཞི་སྒོ་བཞི། རྩིག་པ་རིམ་པ་ལྔ་དང་ལྡན་པ། ཕ་གུ་དང༌། བྲེ་ཕུལ་དང༌། གསེར་གྱིས་སྣམ་བུ་དང༌། དྲྭ་ཕྱེད་དང༌། ཤར་བུ་དང༌། མདའ་ཡབ་དང༌། གཟུངས་མ་རྣམས་དང་བཅས་པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་བཞིའི་མདུན་དུ་ཀ་བས་བཏེགས་པའི་རྟ་བབས་ཀྱིས་མཛེས་པ་ནང་གི་ལྷ་སྣམ་ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར། མཚམས་རྣམས་སུ་བུམ་པ་བརྒྱད་དང་བཅས་པ། དབུས་སྔོ་བའི་སྟེང་དུ་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་མུ་ཁྱུད་ལ་འཁོར་ལོའི་འཕྲེང་བས་མཚན་པ། དེའི་ལྟེ་བར་གསུང་གྀ་འཁོར་ལོ་དམར་པོ། རྩིབས་བརྒྱད་པ་མུ་ཁྱུད་ལ་པདྨའི་འཕྲེང་བས་མཚན་པ། དེའི་ལྟེ་བར་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ་མུ་ཁྱུད་ལ་རྡོ་རྗེའི་འཕྲེང་བས་བསྐོར་བ། དེའི་ལྟེ་བར་པཾ་ལས་བདེ་བ་ཆེན་པོའི་འཁོར་ལོ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། སྡོང་བུ་ཅུང་ཟད་དང་བཅས་པ། གྲི་གུག་གི་འཕྲེང་བས་བསྐོར་བ། སྟེང་ཐོག་རིམ་པར་ཕུབ་པའི་དབུས་སུ་ཕྱུར་བུར་གྱུར་པ། ནང་གི་ལྷའི་


TNT07_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམས་སུ་ཉི་མའི་གདན་སུམ་ཅུ་རྩ་གསུམ་མོ། །གཞལ་མེད་ཁང་གི་ཕྱི་རོལ་མཆོད་པའི་བཀོད་པ་ཐམས་ཅད་དང་བཅས་ཤིང༌། པད་འདབ་ཀྱི་ཁོར་ཡུག་བསྲུང་བའི་འཁོར་ལོ་དང་བཅས་པའི་ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། ཤིང་དང༌། མེ་དང༌། སྤྲིན་དང༌། ཆུ་དང༌། རི་དང༌། མཆོད་རྟེན་དང༌། གྲུབ་པ་ཐོབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཡོངས་སུ་ཁྱབ་པའོ། །བདེ་ཆེན་འཁོར་ལོའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཨཱ༴ ནས། ཨཾ་ཨཿཕྲག་གཉིས་ལས་ཟླ་བ། དེའི་སྟེང་དུ་ཀ་ཁ༴ ནས་ཧ་ཀྵ། ཌ་ཌྷ། ད་དྷ་ཡ་ལ་ཕྲག་གཉིས་ཞུ་བ་ལས་ཉི་མའི་དཀྱིལ་འཁོར། དེ་གཉིས་ཀྱི་བར་དུ་ཧཱུཾ་ལས་རྡོ་རྗེའི་ལྟེ་བར་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། སླར་འདུས་ཏེ་ཧཱུཾ་ལ་ཐིམ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། ལྷ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པ་ནི། དབུས་སུ་འཁོར་ལོ་བདེ་མཆོག་ཆེ། དྲག་པོ་ཆེན་པོ་ཧེ་རུ་ཀ །སྐུ་མདོག་དུས་མཐའི་སྤྲིན་ལྟར་གནག །མི་བཟད་སྣ་ཚོགས་འཇིགས་པའི་སྐུ། ཞལ་དང་ཕྱག་དང་ཞབས་རྣམས་ནི། །ཐམས་ཅད་འབུམ་གྱི་གྲངས་སུ་བྱ། །ཞལ་ནི་ཇི་སྙེད་ཐམས་ཅད་ཀྱང༌། །མདུན་ནག་གཡོན་ལྗང་རྒྱབ་དམར་བ། །གཡས་པ་སེར་པོ་ཤེས་པར་བྱ། །དང་པོ་རྡོ་རྗེ་དྲིལ་བུས་ཁྱུད། །དེ་འོག་ལྷ་མོའི་ནུ་མ་མཚིར། །དེ་འོག་


TNT07_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་ཁ་ཊྭཾ་བསྣམས། །གཉིས་ཀྱིས་གླང་ལྤགས་འཛིན་པའོ། །ལྕགས་ཀྱུ་ཞགས་པ་དགྲ་སྟ་དང༌། །མདུང་རྩེ་གསུམ་པ་ངོ་བོ་ཉིད། །ཅང་ཏེའུ་དང་ནི་གྲི་གུག་དང༌། མདའ་དང་གཞུ་ཡང་དེ་བཞིན་ཏེ། །ཐོད་དབྱུག་དང་ནི་མདུང་ཐུང་དང༌། །སྡིག་མཛུབ་དང་ནི་གཏུམ་ཤིང་དང༌། །འཁོར་ལོ་རལ་གྲི་རིན་ཆེན་དང༌། །པདྨ་སྣ་ཚོགས་རྡོ་རྗེ་དང༌། །རྡོ་རྗེ་མཚོན་པའི་དབྱུག་ཐོ་དང༌། །ག་ད་མདུང་རིང་མདུང་ཁ་ལེབ། །ཛ་མ་བེ་ཅོན་ཆུ་གྲི་དང༌། །དུང་དང་རྭ་དུང་པ་ཊ་ཧ། །པི་ཝཾ་གླིང་བུ་རྫ་རྔ་ཆེ། །རྫ་རྔ་རྔ་ཟླུམ་གྲུ་གསུམ་འཁྱོག །ས་ཆུ་མེ་དང་རླུང་དཀྱིལ་འཁོར། །སྒྲ་ཅན་ཀེཾ་རུས་འཇིགས་བྱེད་ཆེ། །ལུས་ལག་རྐང་པ་པགས་པ་དང༌། །ལྕགས་སྒྲོགས་གཡས་པའི་ལྷག་ན་སྟེ། །གཡོན་པའི་ལྷག་མའང་དེ་བཞིན་ནོ། །དེ་ལྟར་ཕྱག་ནི་བརྒྱ་ཕྲག་རྣམས། །རེ་རེ་དང་མཚུངས་སྟོང་ཕྲག་རེའོ། །ཞབས་གཡས་རྣམས་ཀྱིས་རིམ་བཞིན་དུ། །དུས་མཚན་ཚངས་མ་དབང་མོ་དང༌། །དཔལ་མོ་གཾ་ག་དབྱངས་ཅན་མ། །གཞོན་ནུ་མ་དང་དྲུག་ལྡན་མ། །རེ་བ་ཏཱི་དང་དགའ་བྱེད་མ། །ཙ་མུན་ཊི་དང་ཀླུ་མོ་དང༌། །གནོད་སྦྱིན་མོ་དང་ཟླ་བ་མོ། །ཉི་མ་མོ་དང་དགའ་མ་དང༌། །ཚོགས་བདག་མོ་ཡི་སྙིང་གར་མནན། །གཡོན་རྣམས་འཇིགས་བྱེད་ཆེན་མོ་དང༌། །ཚངས་པ་དབང་པོ་ཉེ་དབང་དྲག ཁྱབ་འཇུག་ཀུན་འགྱེད་གཞོན་ནུ་དང༌། །ནག་ཆེན་དགའ་བྱེད་དབང་ཕྱུག་དང༌། །གཤིན་རྗེ་ཆུ་


TNT07_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ལུས་ངན་དང༌། །ཟླ་བ་ཉི་མ་ལུས་མེད་དང༌། །ཚོགས་བདག་ལ་སོགས་ཁ་བུབ་ཏུ། །བསྒྱེལ་བའི་སྟེང་དུ་རྣམ་པར་གནོན། །ལྷག་མའི་ཞབས་རྣམས་ཐམས་ཅད་ཀྱིས། །བགེགས་རྣམས་ཐམས་ཅད་མནན་ཏེ་བཞུགས། །ཞལ་ཐམས་ཅད་རྣམ་པར་འགྱུར་བ། དྲག་པོ་ཆེན་པོ་མཆེ་བ་རྣམ་པར་གཙིགས་པས་འཇིགས་སུ་རུང་བ། བཞད་པ་མི་སྡུག་པ་རབ་ཏུ་འཇིགས་པ། དཔའ་བ། སྒེག་པ། དམ་པ། སྨིན་མ་རྣམ་པར་གཡོ་བ། བསྙེམས་པ། ཞི་བ། གཡོ་བ། མི་གཡོ་བ། ཞལ་རྣམ་པར་གདངས་པ། རྣམ་པར་རོལ་བ། ལྗགས་རྣམ་པར་བསྐྱོད་པ་ལ་སོགས་པ་སྣ་ཚོགས་པའི་ཉམས་ལྟར་བར་མཛད་པའོ། །སངས་རྒྱས་ལྔས་དབུ་ལ་བརྒྱན་པ། རྡོ་རྗེ་སེམས་དཔའ་སྤྱི་བོའི་གཙུག་ཏུ་རྒྱན་བྱས་པ། ཞལ་ཐམས་ཅད་རབ་ཏུ་འབར་བའི་སྤྱན་གསུམ་གསུམ་དང་ལྡན་པའོ། །ཞབས་རྣམས་གཡོན་བསྐུམ་གཡས་བརྐྱང་ཤིང༌། རལ་པའི་ཐོར་ཚུགས་དང༌། སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། ཐོད་པ་སྐམ་པོ་ལྔ་ལྔས་དབུ་རྒྱན་པ། ཕྱག་རྒྱ་དྲུག་དང་མགོའི་འཕྲེང་བ་ཅན། སྟག་གི་པགས་པའི་ཤམས་ཐབས་གྲོལ་བ། གར་གྱི་ཉམས་དགུ་དང་ལྡན་པ། མཚན་དཔེས་སྤྲས་པའོ། །ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་ཅིང༌། གཡས་


TNT07_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་འཕྱར་བ། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྲིལ་བ། སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཐོད་སྐམ་གྱི་དོ་ཤལ་ཅན། ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། གཉིས་ཀའང་བསྐལ་པའི་མེ་ལྟ་བུའི་དབུས་ན་བཞུགས་པའོ། །བླ་མའི་མན་ངག་གིས་འདི་ལ་ཞལ་གདོང་གི་རྣམ་པ་ལ་སོགས་པ་མི་འདྲ་བ་གཞན་ཡོད་པ་ནི་ཡི་གེ་གཞན་དུ་གསལ་ལོ། །འདབ་མ་བརྒྱད་ལ་ཤར་དུ་མཁའ་འགྲོ་མ་ནག་མོ་བ་གླང་གི་གདོང་པ་ཅན། བྱང་དུ་ལཱ་མ་ལྗང་ཁུ་རྟའི་གདོང་པ་ཅན། ནུབ་ཏུ་དུམ་སྐྱེས་མ་དམར་མོ་གླང་པོ་ཆེའི་གདོང་པ་ཅན། ལྷོར་གཟུགས་ཅན་མ་སེར་མོ་ཅེ་སྤྱང་གི་གདོང་པ་ཅན། ཐམས་ཅད་རྩ་བའི་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའོ། །མཚམས་བཞིར་ཐོད་པ་བདུད་རྩིས་གང་བ་རྣམས་སོ། །ཐུགས་ཀྱི་འཁོར་ལོའི་ཤར་རྩིབས་པུ་ལི་ར་མ་ལ་ཡར་ཁཎྜ་ཀ་པཱ་ལ་དང༌། རབ་ཏུ་གཏུམ་མོ༴ ནས་བྱང་ཤར་ཀུ་ལུ་ཏ་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་ཐམས་ཅད་ཀྱང་སྐུ་མདོག་དཀར་པོའོ། །ཞེས་པའི་བར་སྤྱིར་དང་འདྲ། ཐམས་ཅད་ཀྱང་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། འཇིགས་བྱེད་ཆེན་པོ་རྣམས་རྣམ་པར་གནོན་པ། ཡབ་རྣམས་བཅོམ་ལྡན་འདས་དང་མཚུངས་པ། ཞལ་ཕྱག་སྣ་ཚོགས་པ། ཡུམ་རྣམས་རྡོ་རྗེ་ཕག་མོ་དང་མཚུངས་པའི་ཞལ་གཅིག་ཕྱག་གཉིས་པའོ། །ཤར་སྒོར་ཁྭ་གདོང་མ་སྔོན་


TNT07_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་མ་ཧེའི་གདོང་མ་ཅན། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར་བ་བོང་བུའི་གདོང་པ་ཅན། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ་རྔ་མོང་གི་གདོང་པ་ཅན། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ་ར་སྐྱེས་ཀྱི་གདོང་པ་ཅན། མ་མོ་བཅུ་གཉིས་པོ་རྣམས་ནི། རྩ་བའི་ཕྱག་གཉིས་ཌཱ་མ་རུ་དང་ཐོད་པ་བསྣམས་པ། མཆན་ཁུང་དུ་ཁ་ཊྭཱཾ་ག་དང་བཅས་པ། དབུ་དང་ཕྱག་དང་ཞབས་མཐའ་ཡས་པ། རོའི་གདན་ལ་གཡས་བརྐྱང་གི་སྟབས་ཀྱིས་གནས་པས་དངོས་གྲུབ་སྩོལ་བའོ། །བདག་ཉིད་ཀྱི་ལུས་ལ་རྩ་འཁོར་ལོ་བཞིའི་ཡི་གེ་དང་བཅས་པ་གསལ་བཏབ། ཞལ་བཞི་པའི་སྔགས་བརྗོད། ཨོཾ་དྷརྨ་དྷ་ཏུ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཡབ་ཀྱི་སྙིང་གར་ཨོཾ་ཧ་དཀར་པོ༴ ནས་ཕཊ་ཕཊ་དུད་ཁ་ཙནྚི་ཀཱའི་ངོ་བོ་གཉིས་ཀའི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། ཕཻཾ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅་ཧཾ། སླར་ཡང་འོད་འཕྲོས་དབང་གི་ལྷ་རྣམས་སྤྱན་དྲངས། ཕཻཾ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས། དབང་བསྐུར་བ་ནི་རྡོ་རྗེ་


TNT07_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་བྱུང་སྦྱིན་པར་བྱ། །ཨོཾ་བཛྲ་ཨུ་ད་ཀ་ཨབྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་གསུང་ཞིང་ཐོད་པ་བདུད་རྩིས་གང་བས་དབང་བསྐུར། དབང་གི་ལྷ་ཐམས་ཅད་ཀྱང་བདག་ཉིད་ལ་ཐིམ། རིག་མ་བཅུ་དྲུག་གིས་མཆོད། ནང་མཆོད་བྱིན་གྱིས་རླབས་ལ། རྡོ་རྗེ་འཆང་དང་རྡོ་རྗེ་རྣལ་འབྱོར་མ། །ཀ་ཧ་ན་ཏིལླི་ན་རོ་ཙ་ཏྲ་པ། །བསོད་ནམས་འབྱུང་གནས་རིན་ཆེན་འབྱུང་གནས་སྦས། །འཇིགས་མེད་འབྱུང་གནས་ད་ཤ་བ་ལ་དང༌། །འདྲེན་པའི་དཔལ་དང་ཤྲཱི་གུཔྟ་དང༌། །བློ་གྲོས་འབྱུང་གནས་དཀར་མིན་སྤྲིན་གྱི་ཞབས། །ཛྙཱ་ན་མི་ཏྲ་བདེ་ཆེན་རྡོ་རྗེ་དང༌། །རྩ་བའི་བླ་མ་རྣམས་ལ་མཆོད་པར་འབུལ། །རྩ་སྔགས་ཀྱི་མཐར་འབྲུ་གསུམ་བཏགས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕུལ། ཨོཾ་ཨཱཿབཛྲ་མ་ཧཱ་སུ་ཁཾ། ཞེས་གསང་བའི་མཆོད་པ་ཕུལ་ལ། ཡབ་ཡུམ་གྱིས་རྐང་པ་བརྒྱད་པས་བསྟོད། ནག་པོ་པ་ལྟར་དག་པ་དྲན་པར་བྱའོ། །གལ་ཏེ་དྲག་པོའི་ལས་ལ་མོས་ན། འཁོར་ཐམས་ཅད་ཁ་དོག་མཐིང་ཁར་བསྒོམ་ཞིང༌། གཙོ་བོའི་ཞལ་ཡང་རྩ་ཞལ་ཁྲོ་བོའི་ཞལ་ལ། ཞལ་ལྷག་མ་རྣམས་གདོང་བརྙན་དུ་བསྒྱུར་ཏེ། ཁྭ་དང་ཆུ་སྐྱར་བཞད་དང་ནི། ཅེ་སྤྱང་སྐྱེ་གཉིས་སྔགས་ཆེན་པོ། ཁྲུང་ཁྲུང་རི་རྐེག་ཀ་དམ་པ། །ཞེས་པ་སྲོག་ཆགས་བརྒྱད་དང༌། བོང་བུ་དང༌། མི་དང༌། རུས་སྦལ་དང༌། ཁྱི་དང༌། རྔ་མོང་དང༌། རྟ་ལ་སོགས་པའི་ཕྱུགས་སྣ་ཚོགས་པའི་གདོང་བརྙན་དུ་བསྒྱུར་ཞིང༌། གཞན་ཡང་རྩ་བའི་ཕྱག་རྒྱ་


TNT07_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་གཅིག་དང༌། སྟོང་ལ་སོགས་ཇི་ལྟར་མོས་པ་དེ་བཞིན་དུ་བསྒྱུར་བར་བྱའོ། །བཟླས་བའི་དམིགས་པ་ནི་སྤྱི་དང་མཚུངས་ཤིང༌། བཟླས་བྱ་ནི། ཨོཾ་ཤྲཱི་ཧེ་ཧེ་རུ་རུ་ཀཾ ཀ་ར་ཀ་ར། ཀུ་རུ་ཀུ་རུ་ནས་དྷི་ལི་དྷི་ལི་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནི་ཛཱ་ལ་སམྦྷ་རཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡབ་ཀྱི་སྙིང་པོའོ། །ཨོཾ་བཛྲ་བཱི་ར་ཧི། ཏདྱ་ཐཱ། པྲོ་ཏཾ་གི་ཧ་ན་ཧ་ན༴ ནས་ཡོ་གི་ཤོ་རི་ཕཊ་ཧཱུཾ་ཧཱུཾ་ཕཊ། ཅེས་པའི་བར་ཡུམ་གྱི་སྔགས་སོ། །ཡབ་ཡུམ་གྱི་རྐང་པ་བརྒྱད་པའི་སྔགས་ཀྱང་བཟླ་བར་བྱའོ། །ཆེར་ཁྲོས་པས། ཧ་ཧ་ཧི་ཧི་ཧཱུཾ་ཧཱུཾ་ཕཊ། ཅེས་ཀྱང་བཟླས་སོ། །ཐུན་བསྡུ་བར་འདོད་ན། ཨོཾ་ཨཱཿཧཱུཾ་ཞེས་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མཆོད་པར་བསམས། མཚམས་རྔམ་དང་བཅས་པའི་སུམ་བྷ་ལན་གཉིས་སུ་བཟླ། སྒོ་མཚམས་མ་བརྒྱད་སྤྲོས། ཡང་སུམ་བྷ་ཚར་གཅིག་བཟླས་པས་བཀའ་བསྒོས། དེ་རྣམས་ཀྱིས་ཕྱོགས་བཅུའི་དགྲ་བགེགས་རྣམས་བཀུག །བསྲུང་འཁོར་གྱི་ཕྱི་རོལ་དུ་འབྲུབ་ཁུང་དུ་བཅུག་པ་ལ། རང་གི་ཐུགས་ཀ་ནས་སྤྲོས་པའི་ཕུར་བུ་རྣམས་ཀྱིས་བཏབ། ཨོཾ་གྷ་གྷ༴སོགས་ལན་གསུམ་བརྗོད། ཨོཾ་བཛྲ་མུད་ག་ར། སོགས། ཐོ་བས་བརྡུང་བས་བགེགས་རྣམས་མིང་ཡང་མེད་པར་བྱས་པར་བསམས། སླར་ཡང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་གོང་བཞིན་མཆོད་བསྟོད་བྱས་ལ། ལྷ་ཐམས་ཅད་ཀྱི་རྩ་བའི་ཕྱག་གཉིས་ཕུར་བུ་དང་ཐོ་བ་འཛིན་པར་བསྒྱུར་ཏེ། ཨོཾ་གྷ་གྷ༴ སོགས་ཀྱི་བཟླས་པ་ཅི་རིགས་པར་བྱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་དང༌། དཀྱིལ་འཁོར་གྱི་འཁོར་ལོ་འོད་ཟེར་གྱི་རྣམ་པར་


TNT07_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་སྟེ། རང་གི་སྣ་བུག་གཉིས་ནས་ཞུགས། སྙིང་གའི་ཧཱུཾ་ལ་ཐིམ། རང་ཉིད་ཀྱང་འོད་གསལ་གྱི་ངང་དུ་ཞུགས། ཕཊ་ཅེས་བརྗོད། སླར་ཡང་སྟོང་པའི་ངང་ལས་ལྷ་སྐུར་གྱུར། སྭཱཧཱ་ཨོཾ་ཞེས་བརྗོད། གོ་ཆ་གཉིས་ཀྱིས་རྒྱས་བཏབ་ནས་ཐུན་མཚམས་ཀྱིས་བྱ་བ་ལ་འཇུག་གོ །འདིའི་ཁ་ཟས་ཀྱི་རྣལ་འབྱོར་ལ། ཁ་ཟས་ཐམས་ཅད་ལིང་གར་བྱས་ཏེ་བསྒྲལ་ནས་བཟའོ། །གཏོར་མའི་ཆོ་ག་ནི་སྡོམ་འབྱུང་གི་མངོན་རྟོགས་སུ་ཤེས་པར་བྱའོ། །སློབ་དཔོན་གང་བའི་རྡོ་རྗེ་ལས་ཐོབ་པའོ། །བདུད་དཔུང་ཕྱེ་མར་བརླག་བྱེད་ཅིང༌། །གྲུབ་པ་བརྒྱད་སོགས་མངག་གཞུག་དང༌། །མཁའ་འགྲོ་མ་དང་སྲིན་པོ་སོགས། །ཚུལ་འདི་སྒོམ་པའི་བྲན་དུ་འགྱུར། །མངོན་བརྗོད་བླ་མ་ལས་གསལ་བར་གསུངས་པ་འཁོར་ལོ་བདེ་མཆོག་དྲག་པོ་ཆེན་པོ་ཕྱག་འབུམ་པའི་སྒྲུབ་ཐབས་ཏེ་དགུ་པའོ།། །།༈ ན་མོ་གརྦ་བ་མུ་ཁ་ཧེ་རུ་ཀཱ་ཡ། རྡོ་རྗེའི་མཐོན་ཀའི་འོད་ཟེར་གྱིས། །བདུད་དཔུང་ལན་བརྒྱར་བཅོམ་བྱས་ནས། །སྒྲུབ་ལ་བདེ་ཆེན་དངོས་གྲུབ་སྩོལ། །རབ་འཇིགས་ཧེ་རུ་ཀ་ལ་འདུད། །འདིར་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་ཁྱད་པར་རབ་འབྱམས་ཞིག་སྒྲུབ་པར་འདོད་པས། སྡོམ་པ་རྩ་བཤད་ཀྱི་རྒྱུད་ནས་འབྱུང་བ་ལྟར་རྡོ་རྗེ་ཁྲག་འཐུང་བོང་བུའི་ཞལ་ཅན་བསྒོམ་པར་བྱའོ། །དེ་ལ་སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱའི་སྒོམ་བཟླས་རྣམས་སྔོན་དུ་འགྲོ་བས། ཤྲཱི་ཧེ་རུ་ཀོ྅་ཧཾ། རང་སྐད་ཅིག་གིས་བདེ་མཆོག་ཞལ་གསུམ་ཕྱག་དྲུག་པར་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོ་དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་


TNT07_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མཿཤྲཱི་ཙཀྲ་སམྦ་ར་མཎྜ་ལ་བྷྱཿ ཨོཾ་བཛྲ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། བྱས་དང་བྱེད་དུ་བཅུག་དང་ཡི་རང་བའི། །སྡིག་པ་མ་ལུས་སྐྱོན་ཀུན་འཇིགས་བྱེད་པའི། །སྤྱན་སྔར་སོ་སོར་བཤགས་ཤིང་སླར་ཡང་ནི། །མི་བྱེད་པ་ཡི་སྡོམ་པ་བླང་བར་བགྱི། །ཉན་ཐོས་རང་རྒྱལ་བླ་མེད་རྒྱལ་བ་དང༌། །རྒྱལ་བའི་སྲས་ཀྱི་དགེ་བ་གང་མཛད་པ། །དེ་དག་ཀུན་ལ་ཡང་དག་ཡི་རང་ཞིང༌། །བྱང་ཆུབ་མཆོག་ཏུ་ཡོངས་སུ་བསྔོ་བར་བགྱི། །རྒྱལ་བ་དཀོན་མཆོག་ལ་སོགས་གསུམ་པོ་ལ། །དངོས་པོ་ཀུན་གྱིས་བདག་ནི་སྐྱབས་སུ་མཆི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་བཞིན་དུ། །བླ་ན་མེད་པའི་ལམ་ལ་བརྟེན་པར་བགྱི། །ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭབྷཱ་ཝ་ཨཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། དེའི་སྟེང་དུ་སུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་བྲེ། མདའི་དྲྭ་བ། ཕྱི་རོལ་ཀུན་ཏུ་ཡེ་


TNT07_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་མེ་འོད་འབར་བའི་བསྲུང་བའི་འཁོར་ལོར་གྱུར། ཨོཾ་མེ་དྷི་ནི་བཛྲི་བྷ་ཝ་བཛྲ་བནྡྷ་ཧཱུཾ། ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་ཡཾ་ཧཱུཾ། ཨོཾ་བཛྲ་བི་ཏ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛྭ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལརྐ་ཧཱུཾ་ཧཱུཾ་ཧཱུཾ། སྲུང་བའི་འཁོར་ལོའི་དབུས་སུ། སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བྷྲུཾ་ལས་གཞལ་མེད་ཁང༌། གྲུ་བཞི་སྒོ་བཞི། རྩིག་པ་རིམ་པ་ལྔ་དང་ལྡན་པ། ཕ་གུ་དང༌། གསེར་གྱི་སྣམ་བུ་དང༌། དྲྭ་ཕྱེད་དང༌། ཤར་བུ་དང༌། མདའ་ཡབ་དང༌། གཟུངས་མ་རྣམས་དང་བཅས་པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་བཞིའི་མདུན་དུ་ཀ་བས་བཏེགས་པའི་རྟ་བབས་ཀྱིས་མཛེས་པ། ནང་གི་ལྷ་སྣམ་ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར། མཚམས་རྣམས་སུ་བུམ་པ་བརྒྱད་དང་བཅས་པ། དབུས་སྔོ་བའི་སྟེང་དུ་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། མུ་ཁྱུད་ལ་འཁོར་ལོའི་འཕྲེང་བས་མཚན་པ། དེའི་ལྟེ་བར་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པ་མུ་ཁྱུད་ལ་པདྨའི་འཕྲེང་བས་མཛེས་པ། དེའི་ལྟེ་བར་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ་མུ་ཁྱུད་ལ་རྡོ་རྗེའི་འཕྲེང་བས་བསྐོར་བ། དེའི་ལྟེ་བར་བདེ་བ་ཆེན་པོའི་འཁོར་ལོ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་སྡོང་བུ་ཅུང་ཟད་དང་བཅས་པ་མུ་ཁྱུད་ལ་གྲི་གུག་གི་འཕྲེང་བས་བསྐོར་བ། སྟེང་ཐོག་རིམ་པར་ཕུབ་པའི་དབུས་ཕྱུར་བུར་གྱུར་པ། ནང་གི་ལྷའི་གནས་རྣམས་སུ་ཉི་མའི་གདན་སུམ་ཅུ་རྩ་གསུམ་


TNT07_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །གཞལ་མེད་ཁང་གི་ཕྱི་རོལ་མཆོད་པའི་བཀོད་པ་ཐམས་ཅད་དང་བཅས་ཤིང༌། པད་འདབ་ཀྱི་ཁོར་ཡུག་སྲུང་བའི་འཁོར་ལོ་དང་བཅས་པའི་ཕྱི་རོལ། དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། ཤིང་དང༌། མེ་དང༌། སྤྲིན་དང༌། ཆུ་དང༌། རི་དང༌། མཆོད་རྟེན་དང༌། གྲུབ་པ་ཐོབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཡོངས་སུ་ཁྱབ་པའོ། །དབུས་ཀྱི་གདན་གྱི་སྟེང་དུ། གཡོན་བསྐོར་གྱི་ཨ་ཨཱ་ཞེས་པ་ནས། ཨཾ་ཨཿ ཞེས་པའི་བར། ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་གཡས་བསྐོར་གྱི་ཀ་ཁ་ནས་ཧ་ཀྵ་ཡ་ར་ལ་ཝ་ཌ་ཌྷ། ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་རོ། །དེ་གཉིས་ཀྱི་བར་དུ་ཧཱུཾ་དཀར་པོའོ། །ནམ་མཁའི་ནཱ་ད་ཡང་ཧཱུཾ་ཡིག་དེ་ཉིད་ལ་ཐིམ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས། དེ་ཐམས་ཅད་གཅིག་ཏུ་འདུས་པ་ཡོང་སུ་གྱུར་པ་ལས། ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ནག་དྲག་པོ་ཆེན་པོ་ཉི་མ་འབུམ་གྱི་གཟི་བརྗིད་ཅན། ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་མཐིང་ཀ་བོང་བུའི་གདོང་པ་ཅན། ཁྲག་ཆེན་གྱིས་བྱུགས་ཤིང་ཤིན་ཏུ་འཇིགས་པ། གཡས་ཞལ་དཀར་བ་དང་གཡོན་ཞལ་དམར་བ་དག་ནི་ལྷ་ཞལ་ཁྲོ་ཆགས་ཀྱི་ཉམས་ཅན། ཞལ་རྣམ་པར་འགྱུར་བ། སྤྱན་གསུམ་གསུམ་དང་ལྡན་


TNT07_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མཆེ་བ་གཙིགས་པ་ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་མི་ལྤགས་རློན་པ་བརྒྱངས་ཏེ་འཛིན་པ། གཡས་གསུམ་པ་ན་རྩེ་གསུམ། གཡོན་གསུམ་པ་ན་ཐོད་པ་དང་ཁ་ཊྭཾ་ག་ལྷན་ཅིག་པར་འཛིན་པ། ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོ་དང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་མནན་པ། རལ་བའི་ཐོར་ཚུགས་དང༌། སྣ་ཚོགས་རྡོ་རྗེ་དང༌། ནོར་བུ་རིན་པོ་ཆེ་དང༌། ཐོད་པ་སྐམ་པོ་ལྔ་ལྔས་དབུ་བརྒྱན་པ། ཕྱག་རྒྱ་དྲུག་དང་མགོ་བོའི་འཕྲེང་བ་ཅན། སྟག་གི་པགས་པའི་ཤམས་ཐབས་གྲོལ་བ། གར་གྱི་ཉམས་དགུ་དང་ལྡན་པ། ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡོན་ཐོད་ཁྲག་འཛིན་པའི་ཡབ་ལ་འཁྱུད་ཅིང༌། གཡས་སྡིགས་མཛུབ་དང་བཅས་པས་རྩེ་གསུམ་འཕྱར་བ། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྲིལ་བ། སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཐོད་སྐམ་གྱི་དོ་ཤལ་ཅན། ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། གཉིས་ཀའང་བསྐལ་པའི་མེ་ལྟ་བུའི་དབུས་ན་བཞུགས་པའོ། །འདིར་ཞལ་གསུམ་ཕྱག་དྲུག་སྡོམ་འབྱུང་དང་འདྲ་རུང་མཛད་པ་ནི་སློབ་དཔོན་སྐལ་ལྡན་བཟང་པོའི་མན་ངག་ཡིན་ཡང༌། ཕྱག་གཉིས་པར་བསྒོམ་ནའང་ལེགས་སོ། །འདབ་མ་བརྒྱད་ལ་ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། དེ་བཞི་དང་


TNT07_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕག་མོ་ཡང་བོང་བུའི་ཞལ་ཅན། ཞལ་གྱི་གྲྭ་ནས་མ་ཧཱ་རུ་དྷི་རའི་རྒྱུན་འབབ་པའོ། །མཚམས་བཞིར་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་སྟེང་དུ། ཀ་པཱ་ལ་བདུད་རྩིས་གང་བ་དང་བཅས་པ་བཞིའོ། །འཁོར་ལོ་གསུམ་གྱི་ཕྱི་རོལ་དམ་ཚིག་འཁོར་ལོའི་ཤར་སྒོར་ཁྭ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ་མ་ཧེའི་གདོང་པ་ཅན། ལྷོ་ནུབ་གཤིན་རྗེ་ཕོ་ཉ་མས་གཡས་སེར་གཡོན་དམར་བ་རི་དྭགས་ཀྲིཎྵའི་གདོང་པ་ཅན། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ་སྟག་གི་གདོང་པ་ཅན། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ་དོམ་གྱི་གདོང་པ་ཅན། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མ། ཕྱག་གཡས་གཉིས་ན་རྩེ་གསུམ་དང་ཌཱ་མ་རུ། གཡོན་གཉིས་ན་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཞིང༌། སྐྲ་གྲོལ་བ། རྡོ་རྗེའི་འཕྲེང་བས་དབུ་ལ་བརྒྱན་ཞིང་མི་མགོའི་དོ་ཤལ་ཅན། རོའི་གདན་ལ་གཡས་བརྐྱང་གི་སྟབས་ཀྱིས་གནས་པ་དངོས་གྲུབ་ཐམས་ཅད་སྩོལ་བའོ། །ཐུགས་ཀྱི་འཁོར་ལོའི་ཤར་ཕྱོགས་པུ་ལི་ར་མ་ལ་ཡར་ཁཎྜ་ཀ་པཱ་ལ་བྱང་ཕྱོགས་ཛ་ལནྡྷ་རར་མ་ཧཱ་ཀཾ་ཀ་ལ། ནུབ་ཕྱོགས་ཨོ་ཊི་ཡ་ནར་ཀཾ་ཀ་ལ། ལྷོ་ཕྱོགས་ཨར་བུ་ཏར་མཆེ་བ་རྣམ་པར་གཙིགས་པ། ཤར་ལྷོ་གོ་ད་ཝ་རིར་ལྷའི་


TNT07_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ། ལྷོ་ནུབ་རསྨི་ཤྭ་རར་འོད་དཔག་མེད། ནུབ་བྱང་དེ་ཝཱི་ཀོ་ཊར་རྡོ་རྗེ་འོད། བྱང་ཤར་མ་ལ་ཝར་རྡོ་རྗེའི་སྐུ་སྟེ། ཐམས་ཅད་ཀྱང་སྐུ་མདོག་སྔོན་མོ་བྱ་ཁྱུང་གི་གདོང་ཅན། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། གསུང་གི་འཁོར་ལོའི་ཤར་ཕྱོགས་ཀཱ་མ་རུ་པར་ཨཾ་གུ་རི། བྱང་ཕྱོགས་ཨོ་ཊེར་རྡོ་རྗེ་རལ་པ་ཅན། ནུབ་ཕྱོགས་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ། ལྷོ་ཕྱོགས་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད། ཤར་ལྷོ་ཀ་ལིང་ཀར་རབ་ཏུ་བཟང་པོ། ལྷོ་ནུབ་ལམྤ་ཀ་ར་རྡོ་རྗེ་བཟང་པོ། ནུབ་བྱང་ཀཉྩིར་འཇིགས་བྱེད་ཆེན་པོ། བྱང་ཤར་ཧི་མ་ལ་ཡར་མིག་མི་བཟང་སྟེ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་རྨ་བྱའི་གདོང་པ་ཅན། ཕྱག་དང་པོ་གཉིས་ཀྱིས་པདྨ་དང་དྲིལ་བུ་འཛིན་པ། སྐུའི་འཁོར་ལོའི་ཤར་ཕྱོགས་པྲེ་ཏ་པུ་རིར་སྟོབས་པོ་ཆེ། བྱང་ཕྱོགས་གྲི་ཧ་དེ་ཝར་རིན་ཆེན་རྡོ་རྗེ། ནུབ་ཕྱོགས་སོ་རཥྟར་རྟ་མགྲིན། ལྷོ་ཕྱོགས་སུ་ཝརྞ་དྭི་པར་ནམ་མཁའི་སྙིང་པོ། ཤར་ལྷོར་ན་ག་རར་དཔལ་ཧེ་རུ་ཀ ལྷོ་ནུབ་སིན་དྷུར་པདྨ་གར་གྱི་དབང་ཕྱུག །ནུབ་བྱང་མ་རུར་རྣམ་པར་སྣང་མཛད། བྱང་ཤར་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་སྟེ། ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་སེང་གེའི་གདོང་པ་ཅན། ཕྱག་དང་པོ་གཉིས་ཀྱིས་འཁོར་ལོ་དང་དྲིལ་བུ་འཛིན་པ། དཔའ་བོ་ཉེར་བཞི་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་


TNT07_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མ་གཉིས་ཀྱིས་རྩེ་གསུམ་མ་དང་ཁ་ཊྭཾ་ག་བསྣམས་པ། ཉི་མ་ལ་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། རང་སྣང་གི་ཤེས་རབ་མ་དང་བཅས་པའང་ཐབས་རྐྱང་པ། ཁྱད་པར་གཞན་རྣམས་བཅོམ་ལྡན་འདས་དང་མཚུངས་པའོ། །གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀར་རང་འདྲ་བའམ་ཕྱག་གཉིས་པའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཧཱུཾ་དང་བཾ་ཏིང་ངེ་འཛིན་སེམས་དཔའ། དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡབ་རྣམས་ཀྱི་ཐུགས་ཀར་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ། མགོ་བོར་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་སྭཱཧཱ་ཧཱུཾ་དམར་པོ་པདྨ་གར་གྱི་དབང་ཕྱུག ཕྲག་པ་གཉིས་སུ་བཽ་ཥཊ་ཧེ་ནག་པོ་དཔལ་ཧེ་རུ་ཀ མིག་གཉིས་སུ་ཧཱུཾ་ཧཱུཾ་ཧོ་དམར་སེར་རྡོ་རྗེ་ཉི་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཧཾ་ལྗང་ཁུ་རྟ་མཆོག་གི་ངོ་བོ། ཡུམ་རྣམས་ཀྱི་ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་པར་ཧྲིཾ་ཧྲིཾ་སེར་མོ་སྐྱོང་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀཱའི་ངོ་བོ། རྡོ་རྗེ་སེམས་དཔའ་དང་རྨོངས་བྱེད་མ་ལ་ཟླ་བའི་གདན་དང༌། གཞན་རྣམས་ཉི་མའི་གདན་ལ་གནས་པའོ། །རང་གི་ཐུགས་ཀའི་ཧཱུཾ་ཡིག་གི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཕཻཾ། ཛཿཧཱུཾ་བཾ་ཧོཿ གཉིས་


TNT07_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅་ཧཾ། སླར་ཡང་འོད་འཕྲོས་དབང་གི་ལྷ་རྣམས་སྤྱན་དྲངས། ཕཻཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། ལྷ་ཡི་ཆུ་ནི་དག་པ་ཡིས། དེ་བཞིན་བདག་གིས་ཁྲུས་གསོལ་ལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང༌། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་མི་བསྐྱོད་པ། ཡུམ་ལ་རྣམ་སྣང༌། བདེ་ཆེན་འཁོར་ལོ་པ་རྣམས་ལ་རིན་འབྱུང༌། ཐུགས་འཁོར་པ་རྣམས་ལ་མི་བསྐྱོད་པ། གསུང་འཁོར་པ་རྣམས་ལ་འོད་དཔག་མེད། སྐུ་འཁོར་པ་རྣམས་ལ་རྣམ་སྣང༌། དམ་ཚིག་འཁོར་ལོ་པ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན། ཨོཾ་ཤྲཱི་ཙཀྲ་སམྦྷ་ར་མཎྜལ་བྷྱཿ བཛྲ་ཨརྒྷཾ་ཨཱཿཧཱུཾ་ནས་ཤཔྟའི་བར་གྱིས་ཕྱི་མཆོད་ཕུལ། རྡོ་རྗེ་འཆང་ཆེན་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྡོ་རྗེའི་རྣལ་འབྱོར་མའི༴ སྐལ་ལྡན་བཟང་པོའི༴ སྐྱེ་དགུའི་འཚོ་བ་བཟང་པོའི༴ མཧཱ་བོ་དྷིའི༴ བླ་མ་བསམ་གཏན་འོད་ཟེར་གྱི༴ གུ་གེ་པཎྜི་ཏའི༴ བསོད་ནམས་ལྷུན་གྲུབ་ཀྱི༴ རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི༴ རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་ལྷ་དབང་


TNT07_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ལྷ་ཐམས་ཅད་ཀྱི་སྙིང་པོས་དཀྱིལ་འཁོར་ལ་ཕུལ། ཨ་ནུ་ར་གས་རྗེས་ཆགས་ཀྱི་མཆོད་པ་ཡང་ཕུལ་ལ། ཡབ་ཡུམ་གྱི་རྐང་བརྒྱད་ཀྱིས་བསྟོད། དཀྱིལ་འཁོར་གྱི་འཁོར་ལོ་བདེ་སྟོང་དུ་འཆར་བར་བྱས་ཏེ་མཉམ་པར་བཞག །རྫོགས་རིམ་སྒོམ་པར་འདོད་ན་སྐབས་འདིར་བསྒོམ། འཁོར་ལོའི་བཟླས་པའམ། སྤྲོ་བསྡུའི་བཟླས་པ་གསལ་བཏབ་ནས། བཟླས་པ་བྱ་སྟེ། སྔགས་འཕྲེང་རྒྱས་པར་ནི། དཔའ་མོ་ཉེར་བཞི་བོར་ནས་གཞན་ལཱུ་ཡི་པ་དང་མཚུངས་ལ། བཟླས་པའི་སྙིང་པོ་ནི། ཨོཾ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་པའི་ཡི་གེ་བདུན་པ་ཉིད་ལ་ནན་ཏན་དུ་འབད་པར་བྱའོ། །བཟླས་པའི་གཞི་ནི། ལྟེ་བར་ཟླ་བ་ལ་གནས་པའི་ཧཱུཾ་དམར་སྐྱ་ལས། དབུགས་ཕྱི་ནང་དུ་འགྲོ་བ་དང་བསྟུན་ནས་བྱེད་པ་མན་ངག་ཡིན་ནོ། །མཐར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཁོར་ལོ་བདེ་མཆོག་གི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ། ས་བཅུ་དག་གི་རིམ་པ་དང༌། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །ཕྱི་དང་ནང་གི་ཆོས་རྣམས་ཀུན། བྱང་ཆུབ་ཕྱོགས་ཀྱིས་རྣམ་པར་དག །དཔའ་བོའི་རྩ་བའི་སྔགས་སོགས་གང༌། །ཚངས་པའི་སྐུད་པ་ལ་སོགས་རྟག །ལྷ་ཡི་སྙིང་པོའི་སྔགས་ཀྱི་ནི། །འཕྲེང་བ་བརྒྱ་ཡི་ཕྱེད་ཀྱི་མཛེས། །ཡི་གེ་བདུན་པའི་གསང་སྔགས་ཀྱི། །གདུབ་འཁོར་གྱིས་ནི་རྣ་བ་བརྒྱན། །རྡོ་རྗེ་ཕག་མོའི་སྔགས་གང་ཡིན། །མགྲིན་པར་མགུར་ཆུས་མཛེས་པ་ཉིད། །


TNT07_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་གྱི་མཁའ་འགྲོ་མའི། །པགས་པའི་གོས་མཆོག་འཛིན་པའོ། །རྣལ་འབྱོར་མ་དྲུག་གསང་སྔགས་ཀྱི། །སྐེ་རགས་བྱས་པས་བརྒྱན་པ་ཡིན། །དཔའ་བོའི་གོ་ཆ་དྲུག་པོ་ནི། །ཕྱག་རྒྱ་ལས་ནི་ལུས་མཛེས་པའོ། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མའི། །སྔགས་ནི་བཏུང་བའི་ཐོད་པའོ། །རྣམ་སྣང་མཛད་ཅེས་སྔགས་གང་ཡིན། །ཐོད་པས་དབུ་ལ་བརྒྱན་པའོ། །དཔའ་བོ་ཉི་ཤུ་རྩ་བཞི་ཡིས། །ལུས་ཀྱི་ཁམས་ནི་རྣམ་པར་དག ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ལྡན་དཔའ་བ་སྟེ། །རྣལ་འབྱོར་མ་ནི་མཚན་མོར་བརྗོད། །མྱ་ངན་འདས་བྱུང་དཔའ་བོ་ནི། །དྲུག་པ་སེམས་ཀྱི་སྤྲུལ་པ་ཡིན། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པའོ། །ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་དག་པ་དྲན་པར་བྱས་ལ། རང་གི་སྙིང་གའི་འོད་ཟེར་གྱིས་སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་གྱུར། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལ་ཐིམ། དཀྱིལ་འཁོར་ཡང་རིམ་གྱིས་འོད་གསལ་གྱི་དབྱིངས་སུ་ཐིམ། སླར་ཡང་ཕྱག་གཉིས་པའི་ང་རྒྱལ་དུ་ལངས་ཏེ། གོ་ཆ་གཉིས་ཀྱིས་རྒྱས་བཏབ་ལ་ཐུན་མཚམས་ལ་འཇུག་གོ །གཏོར་མའི་ཆོ་ག་ནི། སྡོམ་འབྱུང་བཅུ་གསུམ་མའི་སྒྲུབས་ཐབས་སུ་ཤེས་པར་བྱའོ། །དེ་ལྟར་འཁོར་ལོ་གསུམ་དང་སྒོ་མཚམས་མ་བརྒྱད་ལ་


TNT07_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་བརྙན་དུ་མཛད་པ་འདི་ནི། བཤད་རྒྱུད་ཨ་བྷི་དྷ་ན་ལས་བཤད་པའི་ལུགས་ཡིན་ལ། རྩ་བཤད་ཀྱི་རྒྱུད་གཞན་ལས་ནི་བདེ་ཆེན་འཁོར་ལོ་པ་རྣམས་བོང་ཞལ་དུ་སྒྱུར་བ་ཙམ་ཞིག་གསུངས་སོ། །གང་ཞིག་སྒོམ་པར་བྱེད་པ་ལ། །ཕུན་ཚོགས་བྱེ་བ་མཐའ་ཡས་པ། །འབྱུང་འགྱུར་དེ་ཡི་ཕ་མཐའ་ནི། །བྱེ་བའི་གདོང་གིས་བརྗོད་ནུས་སམ། །འཁོར་ལོ་བདེ་མཆོག་བོང་ཞལ་ཅན་གྱི་སྒྲུབ་ཐབས་ཏེ་བཅུ་པའོ།། །།༈ ན་མོ་བཛྲ་ཡོ་གི་ནཱི་བྷྱཿ རྨད་བྱུང་མཆོག་ཏུ་ངོ་མཚར་བའི། །རྡོ་རྗེ་བཙུན་མོ་སྒྲུབ་པའི་ཐབས། །རྙེད་པ་འདི་ཡང་སྐལ་བཟང་སྟེ། །ལྷ་མོས་རྗེས་སུ་གནང་བར་མཛོད། །སྒྲུབ་ཐབས་ཀྱི་དམིགས་པ་རྣམས་སྤྱི་དང་མཐུན་པར་བསྒོམ་ཞིང༌། ཨོཾ་ཤྲཱི་ཧེ་རུ་ཀོ྅་ཧཾ། གང་གི་དྲིན་གྱིས༴ སོགས་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ༴ སོགས་ཀྱིས་ཕྱག་འཚལ། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཡན་ལག་བདུན་པ་བྱ། ཛཿཧཱུཾ་བཾ་ཧོཿ ཚད་མེད་བཞི་སྤྱི་དང་མཐུན། ཤཱུ་ནྱ་ཏས་སྟོངས་པར་སྦྱངས། ཧཱུཾ་སུམྦྷ༴ ལན་གཉིས། ཨོཾ་གྷ་གྷ༴ སོགས། ཨོཾ་བཛྲ་མུད་ག་ར༴ སོགས། ཨོཾ་མི་དྷི༴ ནས། ལརྐ་ཧཱུཾ་ཧཱུཾ་ཧཱུཾ་གི་བར་སྔགས་ཚན་དྲུག་བརྗོད། སྟོང་པའི་ངང་ལས་ཨེ་ཡཾ་རཾ་བཾ་ལཾ་སུཾ་རྣམས་ལས། ཆོས་འབྱུང་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ། བྷྲུཾ་ལས་གཞལ་མེད་ཁང༌། ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ། ནང་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སུ་པཾ་ལས་པདྨ་དམར་པོ་འདབ་


TNT07_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

མ་བརྒྱད་པ། དེའི་ལྟེ་བ་དང་འདབ་མ་བརྒྱད་དང་སྒོ་མཚམས་རྣམས་སུ་ཉི་མའི་གདན་རེ་རེ། དབུས་ཀྱི་ཉི་མའི་སྟེང་དུ་འཇིགས་བྱེད་དང་དུས་མཚན་མ། སྒོ་བཞིར་མི་རོའི་གདན། དབུས་ཀྱི་གདན་གྱི་སྟེང་དུ། ཨཱ་ལི་ལས་ཟླ་བ། ཀཱ་ལི་ལས་ཉི་མ། དེའི་བར་དུ་བཾ་ལས་རྡོ་རྗེ་བཾ་གྱིས་མཚན་པ། དེ་ལས་འོད་འཕྲོས་འདུས། གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས། དབུས་ཀྱི་གདན་གྱི་སྟེང་དུ་རྡོ་རྗེ་ཕག་མོ་བནྡྷུ་དང་སིནྡྷ་རའི་མདོག་ཅན་ཉི་མ་བཅུ་གཉིས་ཀྱི་གཟི་བརྗིད་དང་ལྡན་པ། ཞལ་གསུམ་ཕྱག་དྲུག་པ་ལྟར་ན། དམར་ལྗང་སྔོ་བའི་ཞལ་ལམ། ཡང་ན་ཞལ་གསུམ་ཀ་ཡང་དམར་བ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཐབས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ་འཁྱུད་པ། བར་པ་གཉིས་ཀྱིས་མདའ་གཞུ་འགེངས་པ། ཐ་མ་གཉིས་ཀྱིས་གཡས་ལྕགས་ཀྱུ་དང་གཡོན་ཐོད་པ་དང༌། ཁ་ཊྭཱཾ་ག་ལྷན་ཅིག་འཛིན་པ། ཐབས་ཧེ་རུ་ཀ་ནི་དཀར་པོ་དང་དམར་པོ་དང་མཐིང་ཀ་གདམ་ངའོ། །ཡང་ན་རྩ་བའི་ཞལ་དམར་བ། གཡས་ཞལ་དཀར་པོ་དང་ལྗང་ཁུ། གཡོན་ཞལ་སྔོན་པོ་དང་སེར་པོ། སྟེང་གི་ཞལ་ཕག་གདོང་དམར་པོ་ཕྱག་དང་པོ་གཉིས་ཀྱིས་རྡོར་དྲིལ། དེའི་འོག་མ་གཉིས་ཀྱིས་གླང་ལྤགས། གཡས་ལྷག་མས་ཌཱ་མ་རུ། དགྲ་སྟ། གྲི་གུགརྩེ་གསུམ། གཡོན་ལྷག་མས་ཁ་ཊྭཱཾ་ག ཐོད་པ་ཞགས་པ། ཚངས་པའི་མགོ་བོ་རྣམས་འཛིན་པར་བྱས་ཀྱང་རུང་ངོ༌། །གང་ལྟར་ཡང༌། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་


TNT07_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ། དབུ་སྐྲ་ཕྱེད་བཅིངས་ཤིང༌། ཕྱེད་གྲོལ་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་ཕྱག་རྒྱ་ལྔ་དང༌། རིན་པོ་ཆེ་དང་མེ་ཏོག་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། སྤྱན་གསུམ་མཆེ་གཙིགས་དྲག་མོའི་ཚུལ་ཅན་བདེ་བ་རྒྱས་མའོ། །འདབ་མ་བརྒྱད་ལ་ཤར་དུ་རྡོ་རྗེ་གསང་བ་མཆོག་མ། བྱང་དུ་རྡོ་རྗེ་དམ་ཚིག་མཆོག་མ། ནུབ་ཏུ་རྡོ་རྗེ་གཟི་བརྗིད་མཆོག་མ། ལྷོར་རྡོ་རྗེ་རིན་ཆེན་མཆོག་མ། མེར་རྡོ་རྗེ་ཡེ་ཤེས་མཆོག་མ། བདེན་བྲལ་དུ་རྡོ་རྗེ་རིག་མཆོག་མ། རླུང་དུ་རྡོ་རྗེ་གྲུབ་མཆོག་མ། དབང་ལྡན་དུ་རྡོ་རྗེ་ཐལ་བ་མཆོག་མ་ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་མ། ཞལ་གསུམ་ཀའང་དམར་ཞིང༌། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་འཛིན་པའི་རང་སྣང་གི་ཐབས་ལ་འཁྱུད། བར་པ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། ཐ་མ་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཁྱད་པར་གཞན་རྣམས་གཙོ་མོ་ཉིད་དང་མཚུངས་པའོ། །ཤར་སྒོར་རྡོ་རྗེ་འབར་མཆོག་མ། བྱང་སྒོར་རྡོ་རྗེ་བདུད་རྩི་མཆོག་མ། ནུབ་སྒོར་རྡོ་རྗེ་ཁྲོ་བོ་མཆོག་མ། ལྷོ་སྒོར་རྡོ་རྗེ་མཆེ་བ་མཆོག་མ་རྣམས་འདབ་མའི་ལྷ་མོ་རྣམས་དང་འདྲ་བ་ལས། རྡོ་རྗེ་གསོར་ཞིང་ཞགས་པ་དང་བཅས་པའི་སྡིགས་མཛུབ་བརྐྱང་བ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང་ཆེར་ཁྲོས་པའོ། །གྲྭ་བཞིར་ལྷ་མོ་མདའ་གཞུ་འགེངས་པ། དཀར་སེར་དམར་ལྗང༌། ལས་ཀྱི་ཕོ་ཉ་མོའི་ཚུལ་དུ་གནས་པར་གྱུར། རང་གི་ཐུགས་ཀར་རང་དང་འདྲ་


TNT07_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་བ། ལྷ་ཐམས་ཅད་ཀྱི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཨོཾ་བཾ་དམར་པོ་སོགས་གོ་ཆས་རྒྱས་བཏབ། ཕཻཾ་ཛཿཧཱུཾ་བཾ་ཧོཿ ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅་ཧཾ། སླར་ཡང་དབང་གི་ལྷ་རྣམས་ཕཻཾ། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། གཙོ་མོ་ལ་རྡོ་རྗེ་སེམས་དཔའ་དང༌། འཁོར་ལོ་རྣམས་ཧེ་རུ་ཀ་ཕྱག་གཉིས་པ་རྣམས་ཀྱིས་དབུ་རྒྱན། དེ་ནས་སྤྲོ་བསྡུས་བཟླས་པའི་དམིགས་པ་གཙོ་བོར་གསལ་བཏབ་སྟེ། ཨོཾ་ཤྲཱི་བཛྲ་བཱ་རཱ་ཧི་ཨ་བཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཤྲཱི་བཛྲ་གུ་ཧྱ་ཨུད་ཏ་མེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཤྲཱི་བཛྲ་ས་མཱ་ཡ་ཨུད་ཏ་མེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཤྲཱི་བཛྲ་ཏེ་ཛོད་ཏ་མེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཤྲཱི་བཛྲ་རཏྣོད་ཏ་མེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཤྲཱི་བཛྲ་ཛྙཱ་ནོད་ཏ་མེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཤྲཱི་བཛྲ་བི་དྱ་ཨུད་ཏ་མེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཤྲཱི་བཛྲ་སིདྡྷོཏྟ་མེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཤྲཱི་བཛྲ་བྷསྨོད་ཏ་མེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཤྲཱི་བཛྲ་ཛྲ་ལོད་ཏ་མེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཤྲཱི་བཛྲ་ཨ་མྲྀ་ཏོད་ཏ་མེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཤྲཱི་བཛྲ་ཀྲོ་དྷོད་ཏ་མེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཤྲཱི་བཛྲ་དཾཥྟོད་ཏ་མེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཐུན་བསྡུ་བའི་སྔོན་དུ་ཨརྒྷཾ་ལ་སོགས་པས་ཕྱི་མཆོད། ནང་མཆོད། གསང་མཆོད། རྐང་བརྒྱད་ཀྱིས་བསྟོད་པ་རྣམས་བྱས་ལ། རང་གི་གནས་གསུམ་གྱི་འོད་ཟེར་གྱིས། སྣོད་བཅུད་ཐམས་ཅད་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར། རང་གི་གནས་གསུམ་


TNT07_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཐིམ། དཀྱིལ་འཁོར་གྱི་འཁོར་ལོ་ཡང་རང་གི་སྣ་བུག་གཡོན་ནས་ཞུགས་ཏེ་སྙིང་ཁར་བསྡུ། གོ་ཆས་རྒྱས་བཏབ་ལ། དག་པ་གསུམ་དྲན་བཞིན་པས། ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །གཏོར་མའི་ཆོ་ག་ནི་སྡོམ་འབྱུང་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་འཆང་དབང་རྣལ་འབྱོར་མ། །གསང་བ་བྱིན་དང་མཆོག་གྱུར་པ། །གྲགས་པ་ཡེ་ཤེས་གྲོལ་མཆོག་ཞབས། །བླ་མ་མཆོག་གི་ཞལ་ལས་འོངས། རྒྱུད་སྡེའི་དངོས་བསྟན་ཟབ་མོའི་གནད། །འཇིགས་བྲལ་ཉིད་ཀྱི་ཁྱད་པར་ཆོས། །སྲོག་འཛིན་གདམས་པའི་སྨིན་བྱེད་ཀྱི། །དཀྱིལ་འཁོར་ཡང་ནི་འདི་ཁོ་ན། །དེང་དུས་དེ་ཡི་སྲོག་འཛིན་དུ། །གྲགས་ཤིང་རློམ་པ་རྣམས་ཀྱིས་ནི། །གང་འདིའི་མིང་ཡང་མི་ཤེས་ཏེ། ཁོ་བོས་བསོད་ནམས་སྐལ་བས་ཐོབ། །ཡང་ན་རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། བི་རཱུ་པ། གོ་ལེན་ནཱ་ཐཱ། ཤཱ་རི་བུ་ཏྲ། གྲུབ་ཆེན་ཀུན་བློ། དགེ་བ་རྒྱལ་མཚན། བློ་གྲོས་དཔལ་འབྱོར། ཟལ་མོ་བྲག་པ་ཞེས་དབང་རྒྱུད་དེད་ཀྱང་ཆོ་ག་འདི་ལ་སྒྲུབ་ཐབས་རྒྱ་གཞུང་གི་ལུང་ཡང་ཡོད་དོ། །ཞེས་པ་མངོན་བརྗོད་ལེའུ་སུམ་ཅུ་རྩ་དྲུག་པ་ལས་བྱུང་བ། མཁན་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས་ཞལ་གཟིགས་ཤིང༌། ཤིན་ཏུ་གསང་བར་གྱུར་པ་འདི་ནི། བསོད་ནམས་མཆོག་གྱུར་པའི་སྒྲུབ་ཐབས་ཚིག་རྒྱལ་རྒྱས་པ་ལས། སྙིང་པོ་མཐའ་དག་བསྡུས་པ་སྟེ། མཆོག་གི་རྡོ་རྗེ་ཕག་མོའི་སྒྲུབས་ཐབས་ཏེ་བཅུ་གཅིག་པའོ།། །།༈ ན་མོ་གུ་རུ་བཛྲ་ཌཱ་ཀཱ་ཡ། ཤེས་རབ་གསང་བའི་མཁའ་དབྱིངས་སུ། །རྡོ་རྗེ་སེམས་དཔའ་བདེ་ཆེན་དངོས། །ཐམས་ཅད་བདག་ཉིད་རྟག་བཞུགས་པ། །བླ་མ་མགོན་ལ་ཕྱག་འཚལ་ལོ། །ཟབ་མོ་སྦས་པ་གསང་བའི་དོན། །སྒྲུབ་ཐབས་མདོ་ཙམ་འབྲི་བྱེད་པ། །འདི་ནི་འགྲོ་བའི་དོན་ཕྱིར་ཏེ། །


TNT07_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་འཕགས་རྣམས་དགྱེས་པར་མཛོད། །ད་ནི་བཤད་རྒྱུད་རྡོ་རྗེ་མཁའ་འགྲོའི་ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་ཧེ་རུ་ཀ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བཤད་པར་བྱ་སྟེ། རྣལ་འབྱོར་པ་དཀྱིལ་འཁོར་འདིར་དབང་བསྐུར་བ་ཐོབ་པས། ཐུན་མོང་གི་སྔོན་འགྲོ་སྤྱི་དང་མཐུན་པར་བྱས་ལ། རང་གི་སྙིང་གར་རཾ་ལས་ཉི་མ་ལ་ཧཱུཾ། དེ་ལས་ཁྲོ་བོའི་རྡོ་རྗེ་ནག་པོར་གྱུར་པའི་ལྟེ་བ་ལ་ཡང་ཧཱུཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ཧེ་རུ་ཀར་གྱུར་པའི་ཐུགས་ཀར། ཟླ་བ་དང་རྡོ་རྗེ་དཀར་པོ་ལ་ཧཱུཾ་གིས་མཚན་པའི་འོད་ཟེར་གྱིས། དཔལ་རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་བླ་མ་རྗེ་བཙུན་མཁའ་འགྲོ་མའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། གང་གི་དྲིན་གྱིས་བདེ་ཆེན༴ སོགས་དང༌། དཔལ་རྡོ་རྗེ་མཁའ་འགྲོ་སོགས་ཤོ་ལོ་ཀ་གཉིས། གནས་དང་ཉེ་བའི་གནས་དང་ཞིང༌། །འདུས་དང་དུར་ཁྲོད་གནས་པ་ཡི། །དཔའ་བོ་དཔའ་མོ་དབང་ཕྱུག་མ། །ཀུན་ལ་བདག་ནི་གུས་ཕྱག་འཚལ། །དེ་ནས། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་ཕྱི་མཆོད། ཡི་གེ་འབྲུ་གསུམ་ལན་གསུམ་གྱིས་བདུད་རྩི་ལྔ་དང་རྗེས་ཆགས་ཀྱིས་མཆོད། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་ཁུ་རྔུལ་གྱི་མཆོད་པ་ནི་མཆོད་པ་ཆེན་པོ་སྟེ། དེ་གཉིས་ཡིད་ཀྱིས་དྲན་ཙམ་བྱ། རྐང་བརྒྱད་ཀྱིས་བསྟོད། གུར་ནས་བྱུང་བའི་རྒྱུན་བཤགས་ཀྱི་མཐར། བརྒལ་དཀའ་སྲིད་པའི་རྒྱ་མཚོ་ལས། །བདག་གིས་འགྲོ་རྣམས་བསྒྲལ་བའི་ཕྱིར། །རང་གིས་བདག་ཉིད་སྐད་ཅིག་མ། །སངས་རྒྱས་རྣམས་ལ་དབུལ་


TNT07_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བར་བགྱི། །ཞེས་བདག་ཉིད་ཕུལ། རིགས་ལྔའི་སྡོམ་བཟུང་སྤྱི་དང་མཐུན་པར་བྱ། དེ་བཞིན་དུ་ཚད་མེད་བཞི་ཡང་སྤྱི་དང་མཐུན། ཚོགས་ཞིང་རྣམས་རང་ལ་ཐིམ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད། ཚོར་བའི་ཕུང་པོ་རྡོ་རྗེ་ཉི་མ། འདུ་ཤེས་ཀྱི་ཕུང་པོ་པདྨ་གར་དབང༌། འདུ་བྱེད་ཀྱི་ཕུང་པོ་རྡོ་རྗེ་རྒྱལ་པོ། རྣམ་ཤེས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་མཁའ་འགྲོ། སའི་ཁམས་ལྟུང་བྱེད་མ། ཆུའི་ཁམས་གསོད་བྱེད་མ། མེའི་ཁམས་འགུགས་བྱེད་མ། རླུང་གི་ཁམས་པད་མ་གར་དབང༌། ནམ་མཁའི་ཁམས་པདྨ་དྲ་བ་ཅན་སྒྱུ་མ་ཆེན་མོའོ། །མིག་གཉིས་གཏི་མུག་རྡོ་རྗེ། རྣ་བ་གཉིས་ཞེ་སྡང་རྡོ་རྗེ། སྣ་སེར་སྣ་རྡོ་རྗེ། ལྕེ་འདོད་ཆགས་རྡོ་རྗེ། ལུས་ཕྲག་དོག་རྡོ་རྗེ། སྐྱེ་མཆེད་ཐམས་ཅད་ལ་དབང་ཕྱུག་རྡོ་རྗེའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ལས་སྒོ་མཚམས་མ་བརྒྱད་དམར་མོ་ཐོ་བ་དང་ཕུར་བུ་ཐོགས་པ་སྤྲོས། ཨོཾ་སུམྦྷ་ནས་བིདྱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་བཀའ་བསྒོས་པས། ལྷ་མི་ལྷ་མིན་དང་བཅས་པའི་བགེགས་ཐམས་ཅད་བཀུག ཕྱོགས་མཚམས་ཀྱི་ས་གཞིར་ཕུར་བུ་བཏབ་སྟེ་ཚར་བཅད། ཧཱུཾ་ལས་འོད་ཟེར་འཕྲོས། རྡོ་རྗེའི་ས་


TNT07_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་རྭ་བ་དྲྭ་བ་གུར་བླ་རེ། རྡོ་རྗེ་མེ་ལྕེ་འབར་བའི་བསྲུང་བའི་འཁོར་ལོ་དང་བཅས་པར་གྱུར། སྔགས་རྣམས་སྤྱི་དང་འདྲའོ། །སྲུང་བའི་འཁོར་ལོའི་དབུས་སུ་ཡཾ་ལས་རླུང༌། རཾ་ལས་མེ། བཾ་ལས་ཆུ། ལཾ་ལས་སའི་དཀྱིལ་འཁོར་རྣམས་སྟེང་ནས་སྟེང་དུ་བརྩེགས་པ། དེའི་སྟེང་དུ་སུཾ་ལས་རི་རབ། དེའི་ནང་དུ་ཆོས་འབྱུང་ཤེས་རབ་ཀྱི་གསང་བ། དེའི་ནང་དུ་སྣ་ཚོགས་པདྨའི་ལྟེ་བ་ལ་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང༌། གྲུ་བཞི་སྒོ་བཞི། རྩིག་པ་རིམ་པ་ལྔ་དང་ལྡན་པ། ཕ་གུ་དང༌། གསེར་གྱི་སྣམ་བུ་དང༌། དྲྭ་ཕྱེད་དང༌། ཤར་བུ་དང་མདའ་ཡབ་དང༌། གཟུངས་མ་རྣམས་དང་བཅས་པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་བཞིའི་སྟེང་དུ་ཀ་བས་བཏེག་པའི་རྟ་བབས་ཀྱིས་མཛེས་པ། ནང་གི་ལྷ་སྣམ་ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར། མཚམས་རྣམས་སུ་བུམ་པ་བརྒྱད་དང་བཅས་པ། དབུས་སྔོ་བའི་སྟེང་དུ་སྐུའི་འཁོར་ལོ་དཀར་པོ་པདྨ་འདབ་མ་བརྒྱད་པ་མུ་ཁྱུད་ལ་འཁོར་ལོའི་འཕྲེང་བས་མཚན་པ། དེའི་ལྟེ་བར་གསུང་གི་འཁོར་ལོ་པདྨ་དམར་པོ་འདབ་མ་བརྒྱད་པ་མུ་ཁྱུད་ལ་པདྨའི་འཕྲེང་བས་བསྐོར་བ། དེའི་ལྟེ་བར་ཐུགས་ཀྱི་འཁོར་ལོ་པདྨ་སྔོན་པོ་འདབ་མ་བརྒྱད་པ་མུ་ཁྱུད་ལ་རྡོ་རྗེའི་ཕྲེང་བས་


TNT07_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ། དེའི་ལྟེ་བར་བདེ་བ་ཆེན་པོའི་འཁོར་ལོ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། སྡོང་བུ་ཅུང་ཟད་དང་བཅས་པ་མུ་ཁྱུད་ལ་རིན་པོ་ཆེའི་འཕྲེང་བས་བསྐོར་བ། སྟེང་ཐོག་རིམ་པར་ཕུབ་པའི་དབུས་ཕྱུར་བུར་གྱུར་པ། ནང་གི་ལྷའི་གནས་རྣམས་སུ་ཉི་མའི་གདན་སུམ་ཅུ་རྩ་བདུན་ནོ། །གཞལ་མེད་ཁང་གི་ཕྱི་རོལ་མཆོད་པའི་བཀོད་པ་ཐམས་ཅད་བཅས་ཤིང་པད་འདབ་ཀྱི་ཁོར་ཡུག་སྲུང་བའི་འཁོར་ལོ་དང་བཅས་པའི་ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། ཤིང་དང༌། མེ་དང༌། སྤྲིན་དང༌། ཆུ་དང༌། རི་དང༌། མཆོད་བརྟེན། གྲུབ་པ་ཐོབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཡོངས་སུ་ཁྱབ་པའོ། །འདིར་བྷ་བ་བྷ་དྲའི་འགྲེལ་པ་ལས། ཞི་ཁྲོ་དཀྱིལ་འཁོར་ཐ་དད་དུ་དགོངས་པས་རྒྱུ་རྡོར་འཛིན་ཞལ་ཕྱག་ཅན་ལོགས་པ་མེད། ཟླ་བ་རྡོ་རྗེ་ཉིད་རྒྱུ་རྡོར་སེམས་ཀྱི་ངོ་བོར་འདོད་ལ། ཀ་ལ་ཀལྤའི་སྒྲུབ་ཐབས་ན་རྒྱུ་རྡོ་རྗེ་སེམས་དཔའ་བྱེད་དེ་རྡོ་རྗེ་ཞུ་བའི་ཐིག་ལེ་ལས་རྡོར་སེམས་དཀར་སྔོ་སེར་དམར་བའི་ཞལ་བཞི་པ། ཕྱག་བཞི་རྡོ་རྗེ། ཁ་ཊྭཾ་ག ཐོད་པ། དྲིལ་བུ་འཛིན། གདན་ཐོད་པའི་ནང་གི་སྟེང་དུ་ཕྱེད་ཀྲུང་གར་སྟབས་ཀྱིས་བཞུགས་པ། སྐུ་མདོག་དཀར་པོ་འོད་དམར་པོ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་ནས་འདོད་ཆགས་ཆེན་པོའི་སྤྱོད་པ་དང་སྤྲུལ་པས་སེམས་ཅན་གྱི་དོན་རྒྱ་ཆེར་མཛད་ནས་ཞུ་བ་དང་གླུས་བསྐུལ་བའི་མཛད་པ་ནག་པོ་པའི་སྐབས་དང་འདྲའོ། །ཚུལ་འདི་ཡང་ཆེས་ལེགས་པར་མཐོང་མོད། སྔར་སྲོལ་བཞིན་དཀྱུས་སུ་འགྲེལ་པ་ལྟར་བཤད་ན། དབུས་ཀྱི་


TNT07_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

གདན་གྱི་སྟེང་དུ། རང་སེམས་ཟླ་བའི་རྣམ་པ་ཅན། ཨོཾ་ཙིཏྟ་པྲ་ཏེ་བེཏྟཾ་ཀ་རོ་མི། དེ་ལ་ཨ་ཨཱ༴ ནས་ཨཾ་ཨཿས་མཚན་པ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ། ཐིམ་པ་ལས་ཟླ་བ་གཉིས་པར་གྱུར། ཨོཾ་བོ་དྷི་ཙིཏྟ་ཨུཏྤ་ཏ་ཡ་མི། དེ་ལ་ཀ་ཁ་ནས་ཧ་ཀྵས་མཚན་པ། ཟླ་བ་ཁ་སྦྱོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། ཨོཾ་ཏིཥྛ་བཛྲ། འོད་ཟེར་གྱིས་བསྐུལ་ནས། སངས་རྒྱས་རྣམས་ཞུགས་ཤིང་ཐིམ་པ་ལས། རྡོ་རྗེ་དེ་ཉིད་ཉི་མ་སྟོང་གི་འོད་ཟེར་ལྟར་འབར་བའི་ཐིག་ལེའི་ངོ་བོར་གྱུར། ཨོཾ་བཛྲ་ཨཏྨ་ཀོ྅་ཧཾ། ཕྱོགས་བཅུའི་བདེ་གཤེགས་མ་ལུས་པ་འདུས་ཏེ། ཨོཾ་མཧཱ་སུ་ཁ་བཛྲ། ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ། ཞེས་བསྐུལ་བས། དེ་རྣམས་ཡོངས་སུ་རྫོགས་པར་གྱུར་པ་ནི། རང་ཉིད་དཔལ་ཧེ་རུ་ཀ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ཀ་འཇིགས་པ་ཡང་འཇིགས་པར་མཛད་པ། དྲག་པོ་ཆེན་པོ་ཞལ་བཞི་ཕྱག་དྲུག་པ། རྩ་བའི་ཞལ་ནག་པོ། གཡས་དཀར། གཡོན་དམར། རྒྱབ་སེར་བ། ཞལ་རྣམ་པར་འགྱུར་བ། སྤྱན་གསུམ་གསུམ་དང་ལྡན་པ། མཆེ་བ་གཙིགས་པ། སྨིན་མཚམས་ནས་ཧཱུཾ་བཞི་པའི་སྔགས་སྤྲོ་བ། ཕྱག་དྲུག་གི་དང་པོ་གཉིས་འབར་བའི་རྡོ་རྗེ་དང་ཁ་ཊྭཾ་ག་འཛིན་པས་ཡུམ་ལ་འཁྱུད་པ། གཉིས་པ་གཉིས་ཀྱིས་བདུད་རྩིས་གང་བའི་གཤོར་ཐོད་དང༌། ཐོད་ཁྲག་འཛིན་པ། ཐ་མ་གཉིས་ཀྱིས་


TNT07_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་དང་གཞུ་བསྣམས་པའོ། །ས་འོག་བསྐྱོད་ཅིང་ལྷ་མ་ཡིན་འཇོམས་པའི་གར་གྱི་སྟབས་ཅན། ཞབས་གཉིས་གཡོན་བསྐུམས་གཡས་བརྐྱང་བས་བདུད་བཞི་ཆུང་མ་དང་བཅས་པ་མནན་པ། རལ་པའི་ཐོར་ཚུགས་དང༌། སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། ནོར་བུ་རིན་པོ་ཆེ་དང༌། ཐོད་པ་སྐམ་པོ་ལྔས་དབུ་རྒྱན་པ། ཕྱག་དྲུག་དང་མགོ་བོའི་འཕྲེང་བ་ཅན། སྟག་གི་པགས་པའི་ཤམས་ཐབས་གྲོལ་བ། གར་གྱི་ཉམས་དགུ་དང་ལྡན་པ། བ་སྤུའི་ཁུང་བུ་ནས་སྤྲུལ་པ་འགྱེད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། སྐུ་མི་འགྱུར་བ། གསུང་མ་སྐྱེས་པ། ཐུགས་ནམ་མཁའ་རྡོ་རྗེའི་བདག་ཉིད་དོ། །ཡུམ་སྒྱུ་མ་ཆེན་མོ་ཝ་ར་ཧི། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། གཡས་རྡོ་རྗེ་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཡབ་ལ་འཁྲིལ་བ། སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཐོད་སྐམ་གྱི་དོ་ཤལ་ཅན། ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བའོ། །ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཐཱ་ཨ་ཧཾ། འདིར་གར་གྱི་སྟབས་ཤེས་པ་སྤྱིར་གར་གྱི་རོལ་བ་མཛད་པའི་དོན་ཡིན་གྱི་སྐྱིལ་ཀྲུང་ཕྱེད་པས་གར་སྟབས་ཁོ་ན་ལ་གོ་བར་མི་བྱའོ། །ཡང་འདི་ལ་གཤོར་དང་ཐོད་པ་འཛིན་པ་གཉིས་བོར་བའི་ཕྱག་བཞི་པ་ཡང་རུང་ངོ། །དེ་བཞིན་དུ་ཞབས་འོག་ཏུ་འཇིགས་དུས་མནན་པར་བྱེད་པ་དང་དཀྱིལ་འཁོར་ལ་བདེ་ཆེན་


TNT07_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ལེ་ཚེ་དགུ་པར་བྱེད་པ་དང༌། དེ་ལྟར་གྱི་ཚེ་སྒོ་མ་དང་མཚམས་མ་གོ་བརྗེ་བ་དང༌། སྔོན་འགྲོ་ཅུང་ཟད་བསྡུས་པ་བྱེད་པ་ཡང་ལུགས་གཅིག་གོ །དེ་ནས་འདི་ལྟར། ང་ནི་འདོད་པའི་གཟུགས་ཀྱི་མཆོག ། སངས་རྒྱས་ཀུན་གྱི་བྱིན་རླབས་པ། །ང་ཉིད་ཆོས་ཀྱི་སྐུ་ཡི་མཆོག །སངས་རྒྱས་ཀུན་གྱི་བདག་པོ་ཡིན། ཨོཾ་སུམ་བྷ༴ སོགས། ཨོཾ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཀ་ལ་ཀལྤས་སྐབས་འདིར་གོ་ཆ་དང་གནས་གསུམ་བྱིན་རླབས་བྱེད་དོ། །བདེ་ཆེན་འཁོར་ལོའི་ཤར་དུ་ལྟུང་བྱེད་མ་སྔོ་སེར། གཡས་རྡོ་རྗེ་དང་ཐོད་པ། གཡོན་ཁ་ཊྭཾ་ག་དང་དྲིལ་བུ་འཛིན་པ། བྱང་དུ་གསོད་བྱེད་མ་ལྗང་སེར། གཡས་རྔེའུ་ཆུང་དང་རལ་གྲི། གཡོན་ཐོད་པར་བཅས་པའི་ཁ་ཊྭཾ་ག་དང་ཞགས་པ་འཛིན་པ། ནུབ་ཏུ་འགུགས་བྱེད་མ་དམར་སེར། གཡས་མདའ་དང་པདྨ། གཡོན་གཞུ་དང་ཐོད་པ་འཛིན་པ། ལྷོར་གར་དབང་མ་དཀར་སེར་གཡས་བ་དན་དང་ཐོད་པ། གཡོན་རྩེ་གསུམ་དང་རིན་པོ་ཆེ་འཛིན་པ། དེ་དག་གི་ཐོད་པ་བཞི་ནི། རིམ་པས་གླང་པོ། ཅེ་སྤྱང༌། མི་བ་གླང་གི་གཟུགས་དང་བཅས་པའོ། །ཐམས་ཅད་ཞལ་གཅིག་ཕྱག་བཞི་མ། གཡས་བརྐྱང་གི་སྟབས་དང་ཉི་མའི་འོད་སྐོར་ཅན་ནོ། །འདི་དག་ལ་འགའ་ཞིག་ཕྱེད་གཟུགས་བྱེད་པ་ནི་མི་ལེགས་ཤིང༌། སྔོ་སེར་ཞེས་སོགས་ཕལ་ཆེར་འདོད་པ་ལྟར་རྒྱུད་དང་འགྲེལ་པ་དང་སྒྲུབ་ཐབས་འགོས་འགྱུར་གྱི་དབང་དུ་བྱས་ཏེ་རིན་ཆེན་གྱི་རིགས་མཚོན་པར་འདོད་པས་དཀྱུས་སུ་བཤད་པ་


TNT07_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཡང༌། སྔོ་སྐྱ། ལྗང་སྐྱ། དམར་སྐྱ། སེར་སྐྱར་བྱས་ནའང་ལེགས་སོ། །མཚམས་ཀྱི་འདབ་མ་བཞིར་བདུད་རྩི་ལྔས་གང་བའི་ཐོད་པ་རྒྱལ་བའི་སྐུ་གཟུགས་ཀྱིས་ཉེ་བར་བརྒྱན་པའོ། །ཐུགས་ཀྱི་འཁོར་ལོའི་ཤར་གྱི་འདབ་མ་ལ་པུ་ལི་ར་མ་ལ་ཡར་རབ་ཏུ་གཏུམ་མོ་དང༌། ཁཎྜ་ཀ་པཱ་ལ། བྱང་ཕྱོགས་ཛ་ལན་དྷ་རར་གཏུམ་མིག་མ་དང་མ་ཧཱ་ཀཾ་ཀ་ལ། ནུབ་ཕྱོགས་ཨོ་ཊི་ཡ་རར་འོད་ལྡན་མ་དང་ཀཾ་ཀ་ལ། ལྷོ་ཕྱོགས་ཨར་བུ་ཏར་སྣ་ཆེན་མ་དང་མཆེ་བ་རྣམ་པར་གཙིགས་པ། ཤར་ལྷོ་གཽ་ད་བ་རིར། དཔའ་བོ་བློ་གྲོས་མ་དང་ལྷའི་དགྲ། ལྷོ་ནུབ་རསྨི་ཤྭ་རར་མིའུ་ཐུང་མ་དང་འོད་དཔག་མེད། ནུབ་བྱང་དེ་བཱི་ཀོ་ཊར་ལང་ཀའི་དབང་ཕྱུག་མ་དང་རྡོ་རྗེའི་འོད། བྱང་ཤར་མ་ལ་ཝཱར་ཤིང་གྲིབ་མ་དང་རྡོ་རྗེའི་སྐུ་རྣམས་མདོག་སྔོན་པོའོ། །གསུང་གི་འཁོར་ལོའི་ཤར་ཕྱོགས་ཀཱ་མ་རུ་པར་ཨེ་ར་བ་ཏི་དང་མྱུ་གུ་ཅན། བྱང་ཕྱོགས་ཨོ་ཊར་འཇིགས་བྱེད་ཆེན་མོ་དང་རྡོ་རྗེ་རལ་པ་ཅན། ནུབ་ཕྱོགས་ཏྲི་ཤ་ཀུ་ནིར་རླུང་གི་ཤུགས་ཅན་མ་དང་དཔའ་བོ་ཆེན་པོ། ལྷོ་ཕྱོགས་གོ་ས་ལར་ཆང་འཐུང་མ་དང་རྡོ་རྗེ་ཧཱུཾ་མཛད། ཤར་ལྷོ་ཀ་ལིང་ཀར་སྔོ་སངས་ལྷ་མོ་དང་རབ་ཏུ་བཟང་མོ། ལྷོ་ནུབ་ལཾ་བ་ཀར་ཤིན་ཏུ་བཟང་མོ་དང་རྡོ་རྗེ་བཟང་པོའོ། །ནུབ་བྱང་ཀཉྩིར་རྟ་རྣ་མ་དང་འཇིགས་བྱེད་ཆེན་པོ། བྱང་ཤར་ཧི་མ་ལ་ཡར་བྱ་གདོང་མ་དང་མིག་མི་བཟང་རྣམས་སྐུ་མདོག་དམར་པོའོ། །སྐུའི་འཁོར་ལོའི་ཤར་རྩིབས་པྲེ་ཏ་པུ་རིར་འཁོར་ལོའི་


TNT07_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་ཅན་མ་དང་སྟོབས་པོ་ཆེ། བྱང་ཕྱོགས་གྲིར་ཧ་དེ་བར་ཁཎྜ་རོ་ཧི་དང་རིན་པོ་ཆེ་རྡོ་རྗེ། ནུབ་ཕྱོགས་སཽ་རཥྟར་ཤཽནྚི་ནཱི་དང་རྟ་མགྲིན། ལྷོ་ཕྱོགས་སུ་ཝརྞ་དྭི་པར་འཁོར་ལོའི་གོ་ཆ་མ་དང་ནམ་མཁའི་སྙིང་པོའོ། །ཤར་ལྷོ་ནཱ་ག་རར་ཤིན་ཏུ་དཔའ་མོ་དང་དཔལ་ཧེ་རུ་ཀ ལྷོ་ནུབ་སིནྡྷུ་སྟོབས་ཆེན་མ་དང་པདྨ་གར་གྱི་དབང་ཕྱུག ནུབ་བྱང་མ་རུར་འཁོར་ལོས་བསྒྱུར་མ་དང་རྣམ་པར་སྣང་མཛད། བྱང་ཤར་ཀུ་ལུ་ཏར་བརྩོན་འགྲུས་ཆེན་པོ་དང་རྡོ་རྗེ་སེམས་དཔའ་རྣམས་སྐུ་མདོག་དཀར་པོའོ། །དེ་ཐམས་ཅད་ཀྱང་ཤེས་རབ་མ་གཙོ་མོར་གྱུར་པ་སྟེ། དཔའ་མོ་ཐམས་ཅད་ཕྱག་གཉིས་ཀྱིས་གཡས་གྲི་གུག་འཕྱར་བས་བསྡིགས་པ། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། ཞབས་གཡོན་བརྐྱང་ཞིང་གཡས་ཐབས་ལ་འཁྲིལ་བས་བདེ་ཆེན་སྦྱོར་བ་ལ་བརྩོན་པ། དཔའ་བོ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི། དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཌཱ་མ་རུ་དང་ཁ་ཊྭཾ་ག་འཛིན་པ། ཕྱག་རྒྱ་དྲུག་དང་རལ་པའི་ཅོད་པན་ཅན། ཉི་མ་ལ་གཡས་བརྐྱང་བའི་སྟབས་ཀྱིས་བཞུགས་པ། ཐོད་རློན་ལྔ་བཅུའི་དོ་ཤལ་འཆང་བའོ། །ཤར་སྒོར་གཤིན་རྗེ་བརྟན་མ། བྱང་སྒོར་གཤིན་རྗེ་ཕོ་ཉ་མ། ནུབ་སྒོར་གཤིན་རྗེ་མཆེ་བ་མ། ལྷོ་སྒོར་གཤིན་རྗེ་འཇོམས་མ། ཤར་


TNT07_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོར་ཁྭ་གདོང་མ། ལྷོ་ནུབ་ཏུ་འུག་གདོང་མ། ནུབ་བྱང་དུ་ཁྱི་གདོང་མ། བྱང་ཤར་དུ་ཕག་གདོང་མ་སྟེ། དེ་རྣམས་ཐམས་ཅད་སྐུ་མདོག་ལྗང་ཁུ། གཡས་སྡིགས་མཛུབ་དང་བཅས་པའི་གྲི་གུག་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ་གྲུ་མོར་ཁ་ཊྭཾ་ག་དང་བཅས་པ། ཉི་མ་དང་རོ་ལ་གཡས་བརྐྱང་གིས་བཞུགས་ཤིང་སྦྲུལ་གྱིས་བརྒྱན་པ། མ་མོ་བཅུ་གཉིས་པོ་ཐམས་ཅད་ཀྱང་ཐོད་རློན་གྱི་དོ་ཤལ་ཅན། རྣལ་འབྱོར་མ་ཐམས་ཅད་ཕྱག་རྒྱ་ལྔས་བརྒྱན་པ། དབུ་སྐྲ་གྱེན་དུ་བརྫེས་པ། ཐམས་ཅད་ཀྱང་སྐྲ་མཚམས་ལ་རྡོ་རྗེའི་འཕྲེང་བ་དང༌། རྐང་བརྒྱན་ལ་དྲིལ་བུ་གཡེར་ཁས་མཛེས་པའོ། །ལུས་དང་ཚོར་བ་དང་ཆོས་དང་༴ ནས་འཇོམས་མ་བཞི་པོའི་བར། དག་པ་དྲན་པར་བྱའོ། །རྐང་པ་གཉིས་རླུང་གི་དཀྱིལ་འཁོར། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས། སྒལ་ཚིགས་རི་རབ། ལུས་ངག་ཡིད་གསུམ་འཁོར་ལོ་གསུམ། འདོམ་གང་གྲུ་བཞི་གཞལ་མེད་ཁང་གྲུ་བཞི། སྤྱི་བོ་པུ་ལི་ར་མ་ལ་ཡར་རབ་གཏུམ་མ་དང་ཁཎྜ་ཀ་པཱ་ལ། སྤྱི་གཙུག་ཛ་ལན་དྷ་རར་གཏུམ་མིག་མ་དང་མཧཱ་ཀཾ་ཀ་ལ། རྣ་བ་གཡས་པ་ཨོ་ཊི་ཡ་ནར་འོད་ལྡན་མ་དང་ཀཾ་ཀ་ལ། ལྟག་པ་ཨར་བུ་ཏར་སྣ་ཆེན་མ་དང་མཆེ་བ་རྣམས་པར་གཙིགས་པ། རྣ་བ་གཡོན་པ་གཽ་ད་པ་རིར་བརྟན་པའི་བློ་ཅན་མ་དང་ལྷའི་དགྲ། སྨིན་མཚམས་རསྨི་ཤྭ་རར་མིའུ་ཐུང་མ་དང་འོད་དཔག་མེད། མིག་དེ་ཝཱི་ཀོ་ཊར་ལང་


TNT07_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་དབང་ཕྱུག་མ་དང་རྡོ་རྗེའི་འོད། ཕྲག་པ་མ་ལ་བར་ཤིང་གྲིབ་མ་དང་རྡོ་རྗེའི་སྐུ། མཆན་ཁུང་ཀ་མ་རཱུ་པར་ཨེར་བ་ཏི་དང་ཨཾ་གུ་རི། ནུ་མ་ཨོ་ཊེར་འཇིགས་བྱེད་ཆེན་མོ་དང་རྡོ་རྗེ་རལ་པ་ཅན། ལྟེ་བ་ཏྲི་ཤ་ཀུ་ནེར་རླུང་གི་ཤུགས་ཅན་མ་དང་དཔའ་མོ་ཆེན་པོ། སྣ་རྩེ་ཀོ་ས་ལར་ཆང་འཐུང་མ་རྡོ་རྗེ་ཧཱུཾ་མཛད། ཁ་ཀ་ལིང་ཀར་སྔོ་སངས་ལྷ་མོ་དང་རབ་ཏུ་བཟང་པོ། མགྲིན་པ་ལམྦ་ཀར་ཤིན་ཏུ་བཟང་མོ་དང་རྡོ་རྗེ་བཟང་པོ། སྙིང་གར་ཀཉྩི་རྟ་རྣ་མ་དང་འཇིགས་བྱེད་ཆེན་པོ། འདོམ་བར་ཧི་མ་ལ་ཡར་བྱ་གདོང་མ་དང་མིག་མི་བཟང༌། མཚན་མ་པྲེ་ཏ་པུ་རིར་འཁོར་ལོའི་ཤུགས་ཅན་མ་དང་སྟོབས་པོ་ཆེ། བཤང་ལམ་གྲི་ཧ་དེ་བར་ཁཎྜ་རོ་ཧི་དང་རིན་ཆེན་རྡོ་རྗེ། བརླ་གཉིས་སཽ་རཥྟ་ཤོཎྜི་ནི་དང་རྟ་མགྲིན། བྱིན་པ་གསེར་གླིང་དུ་འཁོར་ལོའི་གོ་ཆ་མ་དང་ནམ་མཁའི་སྙིང་པོ། སོར་མོ་ན་ག་རར་ཤིན་ཏུ་དཔའ་མོ་དང་ཧེ་རུ་ཀ བོལ་གོང་སིནྡྷུར་སྟོབས་ཆེན་མ་དང་པདྨ་གར་གྱི་དབང་ཕྱུག་མཐེ་བོང་མ་རུར་འཁོར་ལོས་བསྒྱུར་མ་དང་རྣམ་པར་སྣང་མཛད། པུས་མོ་ཀུ་ལུ་ཏར་བརྩོན་འགྲུས་ཆེན་མོ་དང་རྡོ་རྗེ་སེམས་དཔའ་འོ།། ཨོཾ་ཨཱཿཧཱུཾ་སརྦ་བཱི་ར་ཡོ་གི་ནཱི་ཀ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨ་བཛྲ་ཤུདྡྷོ྅་ཧཾ། རང་གི་སྙིང་གར་ཧ་དཀར་པོ་རྡོ་རྗེ་སེམས་དཔའ། མགོ་བོར་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་སྭཱཧཱ་ཧཱུཾ་དམར་པོ་པདྨ་གར་གྱི་དབང་ཕྱུག་ཕྲག་པ་


TNT07_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་བཽ་ཥ་ཊ་ཧེ་ནག་པོ་དཔལ་ཧེ་རུ་ཀ །མིག་གཉིས་སུ་ཧཱུཾ་ཧཱུཾ་ཧོ་དམར་སེར་རྡོ་རྗེ་ཉི་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཧཾ་ལྗང་ཁུ་རྟ་མཆོག་གི་ངོ་བོ། སྙིང་གར་ཧཱུཾ་ཐུགས་རྡོ་རྗེ། མགྲིན་པར་ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ་གསུང་རྡོ་རྗེ། དཔྲལ་པར་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཕཊ་ཌཱ་ཀི་ཛྭཱ་ལ་སམྦྷ་ར་སྭཱཧཱ། སྐུ་རྡོ་རྗེ། གསུམ་ཆར་ཡང་ཟླ་བ་ལ་གནས་པའོ། །ཡུམ་གྱི་ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲཱི་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་པར་ཧྲིཾ་ཧྲིཾ་སེར་མོ་བསྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། དཔྲལ་པར་ཕཊ་ཕཊ་དུད་ཁ་ཙཎྜི་ཀཱའི་ངོ་བོ། ལྟེ་བར་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཐུགས་རྡོ་རྗེ། མགྲིན་པར་ཨོཾ་བཻ་རོ་ཧེ་རེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། གསུང་རྡོ་རྗེ། སྙིང་གར་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱཧཱ། །སྐུ་རྡོ་རྗེའོ། །རང་གི་སྙིང་གར་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡེ་ཤེས་སེམས་དཔའ། ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་དབང་གི་ལྷ་མཆོད་པའི་ལྷ་མོ་དང་བཅས་པ་སྤྱན་དྲངས། ཕཻཾ། ཨོཾ་བཱི་ནི་བཛྲ་ཎི་ཧཱུཾ་ཧཱུཾ་ཕཊ༴ ནས་ཨོཾ་དྷརྨཱ་དྷཱ་ཏུ་བཛྲི་ནི་ཧཱུཾ་ཧཱུཾ་ཕཊ་ཀྱིས་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿ ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨ་ཡོ་ག་ཤུདྡྷོ྅་ཧཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་དབང་གི་ལྷ་རྣམས་ལ་གསོལ་བ་བཏབ་པ་དང༌། གསང་གསུམ་


TNT07_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལས་བྱུང་བ་ཡི། །རྡོ་རྗེ་རྣལ་འབྱོར་མ་ཀུན་དང༌། །སངས་རྒྱས་འཇིག་རྟེན་མགོན་པོ་ཡིས། །བརྩེ་བའི་བདག་ལ་དབང་བསྐུར་སྩོལ། །ཞེས་ཀྱང་གསོལ་བ་བཏབ་པས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རིན་ཆེན་དབང་བསྐུར་ཆེན་པོ་སྦྱིན། །ཞེས་གསུང་ཞིང་བུམ་པ་བདུད་རྩིས་གང་བས་དབང་བསྐུར། སྐུ་གང༌། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་མི་བསྐྱོད་པ། ཡུམ་ལ་རྣམ་སྣང༌། བདེ་ཆེན་འཁོར་ལོ་པ་ལ་རིན་འབྱུང༌། ཐུགས་འཁོར་པ་ལ་མི་བསྐྱོད་པ། གསུང་འཁོར་པ་ལ་འདོད་དཔག་མེད། སྐུ་འཁོར་པ་ལ་རྣམ་སྣང༌། དམ་ཚིག་འཁོར་ལོ་པ་ལ་དོན་གྲུབ་ཀྱིས་དབུ་རྒྱན། དེ་ནས་བཟླས་པ་བྱ་བར་འདོད་ན། ཡི་གེ་ཉེར་གཉིས་པ་དང༌། བུདྡྷ་ཌཱ་ཀིའི་སྔགས་སྤེལ་ནས་བཟླ་བའམ། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ༴ ནས་ཀི་ལི་ཀི་ལི། ཙི་ལི་ཙི་ལི། སི་ལི་སི་ལི། དྷི་ལི་དྷི་ལི་ཧཱུཾ་ཧཱུཾ་ཕཊ། ཅེས་ཅི་ནུས་བཟླས། སྔགས་ཀྱི་རྣམ་གཞག་རྒྱས་པར་རྒྱུད་འགྲེལ་དུ་ཤེས་པར་བྱའོ། །ཨོཾ་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ལས་ཐམས་ཅད་པའི་སྔགས་སོ། །བཟླས་པའི་གོང་དུའམ། སྐབས་འདིར་མཆོད་པ་བྱ་སྟེ། ཨརྒྷཾ༴ ནས་ཤཔྟའི་བར་གྱི་མཆོད་པ་ནི་ཕྱི་མཆོད་དོ། །ནང་མཆོད་གཏོར་མ་ལྟར་བྱིན་གྱིས་རླབས་ནས། རྡོ་རྗེ་འཆང་དང་རྡོ་རྗེ་རྣལ་འབྱོར་མ། །ལཱུ་ཡི་ཌེཾ་ཀི་དྷ་རི་དྲིལ་བུ་པ། །ལྭ་བ་ཛ་ལནྡྷ་ར་ནག་པོ་པ། །དགེ་མགོན་ཏི་ལི་ནཱ་རོ་ཕམ་ཏིང་


TNT07_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད། །མ་ཎི་ཀ་དང་བྱང་ཆུབ་བཟང་པོ་དང༌། །ཆོས་དབང་བདེ་མཆོག་རྡོ་རྗེ་བློ་ལྡན་དང༌། །དོན་གྲུབ་ཡེ་ཤེས་ཤཀྱ་རྡོ་རྗེ་དང༌། །སངས་རྒྱས་འབུམ་དང་ལོ་མཆོག་སེང་གེ་རྒྱལ། །གཡུང་སྟོན་རྡོར་དཔལ་གྲགས་ཚུལ་བྱང་སེང་བ། །གཞོན་བློ་ཀུན་བཟང་གུ་གེ་པཎྜི་ཏ།།མཁན་ཆེན་གྲོལ་མཆོག་ཞབས་དང་བླ་མ་རྗེ། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །ཨོཾ་ཨཱཿཧཱུཾ། ཡང་ན། རཏྣ་ཤྲཱི་དགེ་ལེགས་ཞི་བའི་བློ། །ས་དབང་བཟང་པོ་ས་དཔལ་དྲི་མེད་དཔལ། །ཤོང་སྟོན་བློ་བརྟན་ལོ་མཆོག་སེང་གེ་རྒྱལ། །གཡུང་སྟོན་མན་ཆད་གོང་བཞིན་ནོ། །སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་ནང་མཆོད་མྱང༌། ཨོཾ་ཨི་ནུ་ར་ག་ན། བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཐབས་དང་ཤེས་རབ་སྣང་སྟོང་གཉིས་སུ་མེད་པའི་ངོ་བོའོ། །ཞེས་པ་གསང་བའི་མཆོད་པའོ།། མཁའ་ནང་དུ་གནས་པའི་ཁུ་རྔུལ་མྱང་བར་མོས་ལ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་པ་ནི་མཆོད་པ་ཆེན་པོའོ། །རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད། ཐུན་བསྡུ་བར་འདོད་ན། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་སྦྱངས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལ་ཐིམ། དཀྱིལ་འཁོར་ཡང་རིམ་གྱིས་ཧཱུཾ་ཡིག་ལ་ཐིམ། ཧཱུཾ་ཡང་འོད་གསལ་དུ་ཞུགས། སླར་ཡང་ཕྱག་གཉིས་པའི་རྣམ་པར་ལངས་ཏེ་གོ་ཆ་གཉིས་ཀྱིས་རྒྱས་བཏབ་ལ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །རྫོགས་པའི་རིམ་པ་བསྒོམ་པར་འདོད་ན། བཟླས་པའི་སྔོན་དུའམ། དཀྱིལ་འཁོར་བསྡུས་པའི་མཐར་བསྒོམ་མོ། །རྒྱུན་གྱི་གཏོར་མའི་ཆོ་ག་བསྡུས་པ་ནི། མཻ་ཏྲི་བཅུ་གསུམ་མའི་སྒྲུབ་


TNT07_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ་བཤད་པ་ལྟར་ལས་མི་མགོའི་སྒྱེད་པུ་གསུམ་སྐྱེད་པ་བོར་བ་དང༌། བྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་ལས་རྫས་བཅུ་བསྐྱེད་ཅིང་དེ་རྣམས་ཀྱིས་མཚན་པ་བསྐྱེད་པ་ནི་ཁྱད་པར་རོ།། འབྲིང་པོ་ནི་མ་རྒྱུད་སྤྱིའི་ཞིང་སྐྱོང་གི་ཆོ་ག་ཉིད་ཡིན་ཞིང༌། རྒྱས་པར་ཞིང་སྐྱོང་གི་གཏོར་མའི་ཆོ་ག་ཆེན་པོ་ནི་ལོགས་ཤིག་ཏུ་འབྲི་བར་འགྱུར་རོ། །གོ་དོན་རྒྱས་པར་རྒྱུད་འགྲེལ་དང་ཀ་ལ་ཀལྤའི་སྒྲུབས་ཐབས་དང་བླ་མ་སྔ་མ་རྣམས་ཀྱི་ཡི་གེར་བལྟ་བར་བྱའོ། །ཚུལ་འདི་ཕྱི་མའི་དུས་འདིར་ནུབ་མཐོང་ནས། །བློ་དམན་རྣམས་ལ་མཆོག་ཏུ་མཁོ་བའི་ཕྱིར། །དོན་རྒྱས་ཤིན་ཏུ་ཉུང་ངུའི་ཚིག་ཏུ་སྡེབས། །གང་འདིའི་དགེ་བ་འགྲོ་བ་ཡོངས་ལ་བསྔོ། །དཔལ་རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་ཏེ་བཅུ་གཉིས་པའོ།། །།༈ ན་མཤྴཾ་ཝ་རཱ་ཡ། གསང་བ་མཆོག་གི་ཕོ་བྲང་དུ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོགགཅིག་པུ་རབ་ཏུ་ཆེ་བའི་ལྷ། །རྟག་ཏུ་བཞུགས་པ་དེ་ལ་འདུད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡི། །ལྷ་མོ་དེ་ལའང་གུས་བཏུད་ནས། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི། །སྒྲུབ་ཐབས་རྒྱ་མཚོ་འདིར་འཇུག་བྱ། །ད་ནི་འདིར་དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ཀྱི་རྩ་བའི་དཀྱིལ་འཁོར་བསྒོམ་པར་འདོད་པ་ལ་དེ་བཤད་པར་བྱ་སྟེ། དེ་ཡང་རྒྱུད་ལས། སྔོན་དུ་ཕག་མོའི་དཀྱིལ་འཁོར་ནི། །བྲི་བྱ་དེ་ནས་ཧེ་རུ་ཀའི་འོ། །རྡོ་རྗེ་བུ་མོའམ་དེ་ནས་གཞན། །དེར་ནི་ཤེས་རབ་གཞུག་པར་བྱ། རྒྱུད་གཞན་དུ་ནི་དབང་བསྐུར་ལ། །ཚུལ་འདི་བསྟན་པར་མི་བྱའོ། །ཞེས་གསུངས། མི་གཡོ་བླ་མེད་ལས་ཀྱང་འདི་དང་འདྲ་བར་བཤད་པ་ལ་ཕྱིས་ཁ་ཅིག་རང་གི་དབང་མ་ཐོབ་ན་དབང་གཞན་ཐོབ་ཀྱང་མི་རུང་བའི་དོན་ཙམ་དུ་འཆད་མོད་ཚིག་དོན་ལ་མ་ཞུགས་ཏེ། རང་གི་དབང་མ་ཐོབ་ན་ཏ་ག་ལ་ཞིག །རང་གི་དབང་ཐོབ་ཀྱང་རྒྱུད་


TNT07_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་དཀྱིལ་འཁོར་དུ་ཞུགས་པ་ལ་འདི་མི་སྟོན་ཞེས་པའི་དོན་དུ་འདུག་པས། མཁས་པ་རང་ཚོ་དང༌། མི་མཁས་ཀྱང་མཁས་པའི་ང་རྒྱལ་ཅན་སྐེ་འཁྲང་པོ་རྣམས་ཚིག་འདི་ལྟ་བུའི་དོན་གང་ཡིན་ད་དུང་རྟོགས་ཤིག །སྐབས་འདིར་རྒྱུད་འདིའི་དབང་བསྐུར་ཐོབ་པས་དེ་ལ་དང་པོར་ཞིང་སྐྱོང་རྣམས་ལ་གཏོར་མ་བྱིན་ཏེ་རང་གནས་སུ་བཏང༌། ཨོཾ་ཧཱུཾ། ཞེས་སྟན་བྱིན་གྱིས་རླབས། ཨོཾ་ཧྲཱིཿསྭཱཧཱ་ལན་གཉིས་ཀྱིས་ཁ་དང་ལག་པ་བྱིན་གྱིས་བརླབ། གཡོན་པའི་མཐིལ་དང་མཐེའུ་ཆུང་ནས་བརྩམས་ནས། སོར་མོ་རྣམས་ཀྱི་རྩ་བ་ལ། ཨོཾ་བཾ་ཧཾ་ཡོཾ་ཧྲིཾ་མོཾ། ཧྲེཾ་ཧྲིཾ། ཕཊ་ཕཊ། ཧཱུཾ་ཧཱུཾ། སོར་མོ་ལྔ་བསྡུས་པའི་འཛོམ་དང༌། མཐེ་བོང་ལ་སོགས་པའི་སེན་མོ་ལ། ཨོཾ་ཧ་ན་མ་ཧི། སྭཱཧཱ་ཧཱུཾ། བོ་ཥ་ཊ་ཧེ། ཧཱུཾ་ཧཱུཾ་ཧོཿ ཕཊ་ཧཾ། རྣམསས་འཁོད། བྱིན་གྱིས་རླབས་པའི་ནང་མཆོད། ལག་མཐིལ་གཡས་སུ་བཞག་སྟེ། སྲིན་ལག་གཡོན་པས་ཆོས་འབྱུང་བྲི། འབྲུ་གསུམ་ལན་མང་དུ་བརྗོད་ལ། ཡན་ལག་ལྔ་དང༌། མཆོད་རྫས་སོགས་ལ་བསང་གཏོར་བྱ། ཨོཾ་བཛྲ་བྷུ་མི་ཧཱུཾ། ཨོཾ་སརྦ་བིགྷྣཱན་ཨུཏྤ་ད་ཡ་ཧཱུཾ། ཨོཾ་ཨ་བཛྲ་རེ་ཁེ་ཧཱུཾ། ཨོཾ་ཧྲཱིཿསྭཱཧཱ། ཨོཾ་ཨརྐ་བུ་མ་ལེ་སྭཱཧཱ། ཨོཾ་ཙནྟྲ་བི་མ་ལེ་སྭཱཧཱ། ཞེས་པ་རྣམས་ཀྱིས་མཎྜལ་བྱ། རྡོ་རྗེའི་ཕྱག་རྒྱས་རེག་ཅིང༌། བྷུ་ར་བྷུ་ཝ་སྭཿ ཞེས་བྱིན་གྱིས་བརླབས། ཨོཾ་ཨཱཿསྠཱ་ནཾ་མེ་རཀྵ་ཧཱུཾ། ཨོཾ་ཨཱཿཨཏྨ་ན་མེ་རཀྵ་ཧཱུཾ། ཨོཾ་ཨཱཿཡོ་གཾ་མེ་རཀྵ་ཧཱུཾ། བར་འདིར་སྐྱབས་འགྲོ་སེམས་བསྐྱེད་བྱ། རྡོ་རྗེ་ཕྱག་རྒྱ་གནས་དྲུག་ཏུ་རེག་ལ། ཨོཾ་ཧཱ་སོགས་བརྗོད་པས་གོ་ཆ་བཅིངས། སྤྲོ་ན་དཔལ་ལྡན་རྡོ་རྗེ་མཁའ་འགྲོ༴ སོགས་ཤློ་ཀ་གཉིས་དང༌། སྲིད་པའི་


TNT07_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོར་ཡོངས་བྱིང་བ། །ཡང་དག་ཡོངས་སུ་སྒྲོལ་མཁས་པའི། །བླ་མ་དམ་པའི་དྲིན་གང་གིས། །བདག་ལ་ཡེ་ཤེས་འདི་བསྐྱེད་འདུད། །ཅེས་ཕྱག་བྱས་ནས་བཅོམ་ལྡན་འདས་འཁོར་བཅས་ལ་གཏོར་མ་འབུལ་བར་བྱའོ། །མདོར་བསྡུ་བའི་ཚེ། ནང་མཆོད་དང་ལག་པ་བྱིན་རླབས། སྐྱབས་འགྲོ་སེམས་བསྐྱེད་རྣམས་བྱ། གཞན་དེ་རྣམས་མ་གྲུབ་ཀྱང་ཉེས་པ་མེད་དོ། །རང་སྐད་ཅིག་གིས་ཧེ་རུ་ཀ་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པའི་སྐུར་གྱུར། སྙིང་གར་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ནག་པོ། ཨོཾ་ཨ་ཨཱ༴ ནས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་གི་ནཱ་ད་ལས་ཡི་གེའི་འཕྲེང་བ་སྤྲོས། ལུས་ཀྱི་སྟོད་བར་སྨད་རྣམས་སུ། སྔོ་དམར་དཀར་བའི་འཕྲེང་བས་གཡོན་སྐོར་དུ་དཀྲིས། དེ་ལས་ཁམས་གསུམ་དུ་གཏོགས་པ་ཐམས་ཅད་དུ་འཁོར་ལོ་གསུམ་གྱི་ལྷ་ཚོགས་སྤྲོས་ཏེ་སྲིད་པ་གསུམ་གྱི་བགེགས་ཐམས་ཅད་བཅོམ་པར་གྱུར། རང་གི་སྤྱི་བོ་དང༌། དཔྲལ་པ་དང༌། མགྲིན་པ་དང༌། སྙིང་ག་རྣམས་ཀྱི་ཐད་ཀའི་ནམ་མཁའ་ལ། རིམ་པས་ཤྲཱི་ཧེ་རུ་ཀ་ཞེས་པའི་ཡི་གེ་བཞི་ཁ་དོག་སྔོན་པོའོ། །ཤྲཱི་ཧེ་རུ་ཀོ྅་ཧཾ། རྒྱས་པར་སྤྲོ་ན། ཤྲཱི་ཡིག་འབྱུང་བ་ཀུན་གྱི་དོན། ཞེས་སོགས་བརྗོད་ཅིང་དོན་སྒོམ་པར་སློབ་དཔོན་དག་གསུང་མོད། ཚིག་དེ་མ་བརྗོད་ཀྱང་དགོས་ངེས་པའི་ཚིག་དོན་ཆད་པ་མེད་དོ། །གཟུགས་ཀྱི་ཕུང་པོ་ལ་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ལ་ནི་རྡོ་རྗེ་ཉི་མའོ། །འདུ་ཤེས་


TNT07_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕུང་པོ་ལ་ནི་པདྨ་གར་གྱི་དབང་ཕྱུག་གོ །འདུ་བྱེད་ཀྱི་ཕུང་པོ་ལ་ནི་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ལ་ནི་རྡོ་རྗེ་སེམས་དཔའོ། །ཕུང་པོ་ལྔ་པོ་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་ཤྲཱི་ཧེ་རུ་ཀ་རྡོ་རྗེའོ། །མིག་གཉིས་ལ་ནི་གཏི་མུག་རྡོ་རྗེའོ། །རྣ་བ་གཉིས་ལ་ནི་ཞེ་སྡང་རྡོ་རྗེའོ། །སྣ་དག་ལ་ནི་ཕྲག་དོག་རྡོ་རྗེའོ། །ལྕེ་ལ་ནི་འདོད་ཆགས་རྡོ་རྗེའོ། །ལུས་ལ་ནི་སེར་སྣ་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་ནི་དབང་ཕྱུག་རྡོ་རྗེའོ། །སའི་ཁམས་ལ་ནི་ལྟུང་བྱེད་མའོ། །ཆུའི་ཁམས་ལ་ནི་གསོད་བྱེད་མའོ། །མེའི་ཁམས་ལ་ནི་འགུགས་བྱེད་མའོ། །རླུང་གི་ཁམས་ལ་ནི་པདྨ་གར་གྱི་དབང་ཕྱུག་གོ །ནམ་མཁའི་ཁམས་ལ་ནི་པདྨ་དྲ་བ་ཅན་ནོ། །དག་པ་གསུམ་དང་ཕུང་ཁམས་བྱིན་གྱིས་རླབས་པ་དེ་དག་ནི། རྟེན་བྱིན་གྱིས་རླབས་པ་ཞེས་བྱའོ། །སྡིགས་མཛུབ་དང་བཅས་པའི་སེ་གོལ་གདབ་ཅིང༌། ཨོཾ་སུམྦྷ་ནི་སུམྦྷ་ཀཱ་ཡི་ཀཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཝཱ་ཙཱི་ཀཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཙ་ར་པི་མཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝན་བཛྲ་ཛྙཱ་ནི་ཀཾ་ཧཱུཾ་ཧཱུཾ་ཕཊ། སྔགས་རྣམས་ནག་པོ། ལྗང་ཁུ། དམར་པོ། སེར་པོའི་འོད་ཀྱིས་ཚངས་པའི་འཇིག་རྟེན་ནས་གསེར་གྱི་ས་གཞིའི་བར་དུ་ཁྱབ་པ། འོག་ཏུ་རཾ་ལས་ཉི་མ་ལ་གནས་པའི་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པའི་རང་བཞིན་གྱི་རྡོ་རྗེ་ས་གཞི། ཕྱོགས་མཚམས་སུ་སྔགས་ཀྱི་འོད་ཟེར་ལས་བྱུང་བའི་རྡོ་རྗེ་རྭ་བ་གྲུ་བཞི་ཕྱོགས་ཀྱི་མདོག་ཅན། སྟེང་དུ་རྡོ་རྗེའི་བླ་རེ་དང་གུར་


TNT07_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱི་རོལ་དུ་རྡོ་རྗེའི་རྩེ་ལྔ་པ་ལྗང་ཁུའི་མདའི་དྲྭ་བ་རྣམས་སུ་གྱུར། མཚམས་རྔམ་དང་བཅས་པའི་སུམ་བྷ་ཚར་གཉིས་བརྗོད། སྔགས་རེ་རེའི་འོད་ཟེར་ལས་བྱུང་བ། ཁྭ་གདོང་མ་ལ་སོགས་པའི་སྒོ་མ་བཞི། གཉིས་གཉིས་འདྲེས་པའི་འོད་ཟེར་ལས་བྱུང་བ། གཤིན་རྗེ་བརྟན་མ་ལ་སོགས་པའི་མཚམས་མ་བཞི་རྣམས་ཐོ་བ་དང་རང་འདྲའི་ཕུར་བུ་ཐོགས་པ་སྤྲོས། ཨོཾ་བིགྷྣཱན་ཨ་ན་ཡ་ཛཿ ཞེས་བསྐུལ་བས། ཕྱོགས་བཅུའི་བགེགས་རྣམས་བཀུག ཧཱུཾ་རྭ་བའི་ཕྱི་རོལ་དུ་འབྲུབ་ཁུང་མེས་གང་བ་བྱུང་བ་རྣམས་སུ་བཅུག ཕུར་བུས་སྤྱི་བོར་གདབ། ཨོཾ་གྷ་གྷ༴ སོགས་བརྗོད། ཐོ་བས་བརྡུངས། ཨོཾ་བཛྲ་མུཏ་ག་ར༴ སོགས་བརྗོད། བགེགས་རྣམས་སྟོང་པའི་དབྱིངས་སུ་སྦྱངས། ཕོ་ཉ་མོ་རྣམས་ར་བ་ལ་ཐིམ། འོད་ཟེར་གྱི་ཐིག་ལེ་ཕྱིར་འཕྲོས་པས། འཁོར་ལོ་དང༌། པདྨ་དང༌། རྡོ་རྗེ་དང༌། མེའི་རྭ་བ་ཟླུམ་པོ་རྣམས་སུ་གྱུར། འོག་གི་ཧཱུཾ་ཞུ་བས་རྡོ་རྗེ་ཕྲ་མོའི་བར་མཚམས་མེད་པར་གཏམས། བདག་དང་འགྲོ་བ་ཐམས་ཅད་ཀུན་ནས་བགེགས་དང་བྲལ་བའོ། །དེ་དག་ནི་བསྲུང་བའི་འཁོར་ལོའོ། །མཎྜལ་གྱི་དབུས་དང་ཕྱོགས་མཚམས་བརྒྱད་དུ་ཚོམ་བུ་དགོད་ཅིང༌། ཨོཾ་བཛྲ་ཀུ་རུ་སྭཱཧཱ། ཨོཾ་སརྦ་སུནྡ་རི་སྭཱཧཱ། ཨོཾ་པྲི་ཡ་ཨུད་ཏ་མ་སྭཱཧཱ། ཨོཾ་ད་མ་གཱ་ཏཱ་རཱ་སྭཱཧཱ། ཨོཾ་བི་ཝཱ་ས་བཛྲ་སྭཱཧཱ། ཨོཾ་བུདྡྷ་ལོ་ཙ་ནེ་སྭཱཧཱ། ཨོཾ་མཱ་མ་ཀཱི་སྭཱཧཱ། ཨོཾ་པཎྜ་ར་ཝ་སི་སྭཱཧཱ། ཨོཾ་ཏཱ་རཱ་སྭཱཧཱ། རང་གི་


TNT07_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གའི་ས་བོན་ལས་འཕྲོས་པའི་འོད་ཟེར་གྱིས། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་མདུན་དུ་སྤྱན་དྲངས། མཎྜལ་གྱི་དབུས་ཀྱི་མེ་ཏོག་གི་སྟེང་དུ། ལྷ་ཚོགས་རྣམས་རང་རང་གི་རྣམ་པ་དང༌། བླ་མ་རྡོ་རྗེ་སེམས་དཔའི་རོལ་པས་བཞུགས། ཤར་དུ་ཀུན་མཛེས་མ་སྔོན་མོ། བྱང་དུ་དགའ་མཆོག་མ་ལྗང་ཁུ། ནུབ་ཏུ་ཤིན་ཏུ་བརྩེ་མ་དམར་མོ། ལྷོ་རུ་རོལ་པའི་རྡོ་རྗེ་མ་སེར་མོ། བཞི་ཆར་ཡང་སྙེམ་པ་རིན་པོ་ཆེ་དང་མཆོད་པ་སྣ་ཚོགས་ཀྱིས་བཀང་ནས། གཙོ་བོ་ལ་བསྟོད་པ། མེར་སྤྱན་མ་དཀར་མོ་འཁོར་ལོ། བདེན་བྲལ་དུ་མཱ་མ་ཀཱི་སྔོན་མོ་རྡོ་རྗེ། རླུང་དུ་གོས་དཀར་མོ་དམར་མོ་པདྨ། དབང་ལྡན་དུ་སྒྲོལ་མ་ལྗང་ཁུ་ཨུཏྤལ། བཞི་ཆར་ཡང་གཡས་རང་རྟགས་དང༌། གཡོན་མཆོད་པ་སྣ་ཚོགས་འཛིན་པ། ལྷ་མོ་བརྒྱད་པོ་ཐམས་ཅད་ཞི་ཞིང་སྒེག་པ། རོལ་པའི་འདུག་སྟངས་ཅན་ནོ། །ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་མགྲོན་ལ་བསངས་གཏོར་བྱ། ཨོཾ་པྲ་ཝ་ར་སཏྐ་ར་པཱ་དྱཱཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། ཨརྒྷཾ༴ བར་འདིར་ལྷ་སོ་སོའི་སྔགས་ཀྱིས་མེ་ཏོག་འབུལ་བར་བཤད་ཀྱང༌། ཡུན་རིང་དུ་ཐོགས་པའི་ཕྱིར་དེང་སང་ལག་ལེན་མི་མཛད་དོ། །ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་སོགས་ཉེར་སྤྱོད་ལྔས་མཆོད། སྙིང་གའི་ཧཱུཾ་ལས་བྱུང་བའི་རིག་མ་བཅུ་དྲུག་གིས་མཆོད་པར་གྱུར། ཨོཾ་བཛྲ་ཝཱི་ནི་ཧཱུཾ་ཧཱུཾ་ཕཊ༴ ནས། ཨོཾ་དྷརྨ་དྷ་ཏུ་བཛྲི་ཧཱུཾ་ཧཱུཾ་ཕཊ། རྐང་པ་ཞེ་བརྒྱད་པའི་རྐང་པ་རེ་རེའི་འགོ་རུ་ཨོཾ་རེ་དང༌། མཇུག་ཏུ་ཧཱུཾ་ཧཱུཾ་ཕཊ་རེ་སྦྱར་བས་བསྟོད་དེ། ཨོཾ་ན་མ་ཤྲཱི་བཛྲ་ཌཱ་ཀ་མ་ཧཱ་བཱི་ར་ཝཱི་རེ་ཤྭ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ནས། ཨོཾ་གྲསྟ་པཱ་ཏ་པྲ་བཱ་ཏ་མ་ཧཱ་མ་ཏེ་ཧཱུཾ་ཧཱུཾ་ཕཊ་ཅེས་


TNT07_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་རོ། །དེ་ལ་སྐབས་འདིར་རྐང་པ་ཞེ་བརྒྱད་པ། ཨོཾ་དང་ཧཱུཾ་ཕཊ་སྤེལ་བས་ནང་མཆོད་འབུལ་ཞིང༌། མ་སྤེལ་བས་བསྟོད་པ་བྱེད་པའི་ལུགས་ནི་མི་ལེགས་པར་སྣང་ལ། ཅི་སྟེ་ནང་མཆོད་འབུལ་བར་འདོད་ན། རང་སྔགས་སམ་འབྲུ་གསུམ་གྱི་ཕུལ་ན་ལེགས་སོ། །སྤྲོ་ན། རྡོ་རྗེ་འཆང་དབང་རྡོ་རྗེ་རྣལ་འབྱོར་མ། །སྤྱན་རས་གཟིགས་དབང་ཤཱ་བཱ་རི་པ་དང༌། །མཻ་ཏྲི་པ་དང་རྒྱ་གར་ཕྱག་ན་དང༌། །པདྨ་རྡོ་རྗེ་ཛ་ཡ་སྱ་ན་དང༌། །སུམ་ལོ་གྲགས་རྒྱལ་ས་པཎ་སྐྱོབ་པ་དཔལ། །རྒྱལ་ཚ་ཆོས་དབང་མང་འཁར་ལོ་ཙཱ་དང༌། །བག་སྟོན་ཚུལ་རྒྱལ་ངག་དབང་བྱང་སེང་བ། །ས་བཟང་འཕགས་པ་མཁན་ཆེན་སེང་གེ་དཔལ། །བྱམས་པ་གླིང་པ་རྡོ་རྗེ་གདན་པ་དང༌། །རྒྱ་སྟོན་བྱང་དབང་རྗེ་བཙུན་གྲོལ་མཆོག་དང༌། །བྱམས་པ་ལྷུན་གྲུབ་རྣམས་ལ་གུས་པས་མཆོད། །ཅེས་པ་འདི་རྗེ་བཙུན་གྲོལ་མཆོག་གིས་གསན་ཡིག་ལྟར་བཀོད་པ་ཡིན། ཡང་ན་སྲིན་པོ་རི་ནས་རྒྱུད་པའམ། རྒྱལ་ཚ་ཆོས་དབང་མང་འཁར་ལོ་ཙཱ་བ། །གློ་ཆེན་ཡེ་ཤེས་མགོན་དང་དར་མ་བཟང༌། །གྲགས་ཆེན་སྤང་ཁང་པ་དང་རིན་རྩོན་པ། །མཁན་ཆེན་བྱང་སེང་ཐེག་ཆེན་ཆོས་རྗེ་དང༌། །བྲག་ཐོག་བསོད་བཟང་འཇིགས་མེད་[རྡོ་རྗེ་གདན་པ་]དཔའ་བོ་དང༌། རྒྱ་སྟོན་མན་གོང་བཞིན། ཡང་ན། སུམ་ལོ་མཁས་པ་མུ་དྲ་པ་དང༌། སེང་གེ་རྒྱལ་མཚན་ཡར་ཀླུངས་ལོ་ཙཱ་བ། རོང་བ་ཤེར་སིང་ཀྱི་སྟོན་གྲགས་རྒྱལ་དང༌། ཀུན་མཁྱེན་ཆེན་པོ་སློབ་དཔོན་ཆོས་གྲགས་དཔལ། བྱང་སེང་སོགས་སུམ་ལོ་མན་ཆད་སྣ་ཚོགས་སུ་གྱེས་པའོ། །ཉེ་རྒྱུད། ཧེ་རུ་ཀ་དཔལ་རྡོ་རྗེ་རྣལ་འབྱོར་མ། །ཤཱ་བཱ་རི་པ་སེམས་ཀྱི་མདུད་[རྗེ་གྲོལ་མཆོག་གོ་]གྲོལ་དང༌།


TNT07_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་འདུས་ལྷ་དབང་གྲགས་པ་སྟེ། །ཡིད་བཞིན་ནོར་བུའི་བླ་མ་རྣམས་ལ་མཆོད། ཅེས་སོ། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །འགྲོ་དོན་རབ་ཏུ་སྒྲུབ་པ་པོ། །ཡིད་བཞིན་ནོར་བུ་འདིར་འབྱུང་བ། །དཔལ་སྡོམ་ཁྱོད་ལ་ཕྱག་འཚལ་ལོ། །སྣ་ཚོགས་ཡེ་ཤེས་ཆེན་པོས་གཡོགས། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཐུགས་རྗེས་ཁྲོ་བ་དྲག་ཆེན་པོ། །དཔལ་སྡོམ་ཁྱོད་ལ་ཕྱག་འཚལ་ལོ། །བྱས་དང་བྱེད་དུ་བཅུག་དང་ཡི་རང་བའི། །སྡིག་པ་མ་ལུས་སྐྱོན་ཀུན་བཅོམ་པ་ཡི། །སྤྱན་སྔར་སོ་སོར་བཤགས་ཤིང་སླར་ཡང་ནི། །མི་བྱེད་པ་ཡི་སྡོམ་པ་གཟུང་བར་བགྱི། །ཉན་ཐོས་རང་རྒྱལ་བླ་མེད་རྒྱལ་བ་དང༌། །རྒྱལ་བའི་སྲས་ཀྱིས་བསྔགས་པའི་དགེ་བ་གང༌། །དེ་དག་ཀུན་ལ་བདག་གིས་རྗེས་ཡི་རང༌། །བྱང་ཆུབ་ཡང་དག་ཡོངས་སུ་བསྔོ་བར་བགྱི། །རྒྱལ་བ་དཀོན་མཆོག་ལ་སོགས་གསུམ་པོ་ལ། །དངོས་པོ་ཀུན་གྱིས་བདག་ནི་སྐྱབས་སུ་མཆི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་བཞིན་དུ། །བླ་ན་མེད་པའི་ལམ་ལ་བརྟེན་པར་བགྱིད། །རྒྱུན་བཤགས་འདི་ཛྙཱ་ཛཱ་ཡ་སྱ་ནའི་གཞུང༌། སུམ་པ་ལོ་ཙཱ་བས་བསྒྱུར་བ་ལྟར་ན། རྐང་པ་དྲུག་ལས་མེད་པ་སོགས་འགྱུར་མི་བདེ་བ་བག་རེ་སྣང་བས་གཞུང་གཞན་འགྱུར་བདེ་བ་ལྟར་བྲིས་སོ། །ཨོཾ་བཛྲ་སཏྭ་གུ་རུ་པཱ་དེ་བྷྱཿསརྦ་སཏྭ་ཨུ་པ་ཀཱ་ར་ཎཱ་ཡ་སྭཱཧཱ། ཞེས་མེ་ཏོག་གཏོར། ཚོགས་ཞིང་གི་དཀྱིལ་འཁོར་བཅས་རང་ལ་ཐིམ་པའམ། ཨོཾ་ཨཱཿབཛྲ་མུཿཧཱུཾ་ཞེས་གཤེགས་སུ་གསོལ། དེ་ནས་ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ་སྟེ། བསོད་ནམས་ཚོགས་གསོག་གོ །ཨོཾ་སརྦ་དྷརྨཱཿཤཱུ་ནྱ་


TNT07_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨ་ཡོ་ག་ཤུདྡྷོ྅་ཧཾ། འདིའི་སྔགས་གཉིས་པ་དེས་ཐམས་ཅད་ལ་འདྲ་མིན་ཞིག་ཡོད་པ་ནི། རྒྱ་དཔེའམ་ཐོག་མའི་བོད་དཔེ་གང་རུང་མ་དག་པར་གསལ་ལོ། །དེ་ལྟ་བུའི་སྔགས་ཀྱི་དོན་སྒོམ་པ་ནི་ཡེ་ཤེས་ཚོགས་གསོག་གོ །སྟོང་པའི་ངང་ལས་རང་གི་སེམས་ཉིད་ནཱ་ད་དམར་སྐྱ་ནམ་མཁར་གནས་པར་གྱུར། དེ་ལས་ཐིག་ལེ། དེ་ལས་ཟླ་ཕྱེད། དེ་ལས་མགོ་བོ། དེ་ལས་ཧ། དེ་ལས་ཨཱུ་ཡིག་གྲུབ་པའི་ཚུལ་གྱིས། ཧཱུཾ་ཡེ་ཤེས་ལྔའི་ངོ་བོ། དེ་དང་ལྷན་ཅིག་གྲུབ་པའི་རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར་བླ་རེ། ཕྱི་རོལ་འཁོར་ལོ་དང༌། པདྨ་དང༌། རྡོ་རྗེ་དང༌། མེའི་རྭ་བས་བསྐོར་བ་ཐམས་ཅད་ཀྱང་དབྱིབས་ཟླུམ་པོའོ། །སྲུང་བའི་འཁོར་ལོ་དེའི་ནང་འོག་གི་ཆར། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་བཟླ་གམ་ཡཾ་དང་བ་དན་གྱིས་མཚན་པ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རཾ་དང་འབར་བས་མཚན་པ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བཾ་དང་བུམ་པས་མཚན་པ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་ལཾ་དང་རྡོ་རྗེ་རྩེ་གསུམ་པས་མཚན་པ། སུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། ཁ་དོག་བཞི་དང་ཟུར་བཞི་པ། རྩེ་མོ་བརྒྱད་པ་ལ་སུམ་གྱིས་མཚན་པ། པཾ་ལས་སྣ་ཚོགས་པདྨ་ལ་གནས་པའི་ཧཱུཾ། དེ་ཡོངས་སུ་གྱུར་པ་ལས་


TNT07_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་རྡོ་རྗེ་ཤར་ནགབྱང་ལྗང༌། ནུབ་དམར། ལྷོ་སེར། ལྟེ་བ་དཀར་བ། འབྱུང་བ་རྣམས་ཞུ་ཞིང་སླ་བའི་ངོ་བོར་གྱུར་པས། རི་རབ་འོག་གི་ཆ་ལ་སོང་ལ། འབྱུང་བཞི་ཞུ་བ་རྣམས་སྣ་ཚོགས་རྡོ་རྗེའི་སྟེང་དུ་གནས་པ་ཡོངས་སུ་གྱུར་པ་ལས། གཞལ་མེད་ཁང་ཆེན་པོ་རྡོ་རྗེའི་རང་བཞིན་གྱིས་ས་གཞི་ལ་གནས་ཤིང་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བ། ཆོས་འབྱུང་གི་ཕྱག་རྒྱའི་ནང་དུ་ཆུད་པ་ཁོ་ན་ཕྱི་ནང་དུ་རིམ་པ་བཞི་ལས། ཕོ་བྲང་ནང་མ་གསུམ་ཟླུམ་པོ། ཕྱི་མ་གྲུ་བཞིའོ། །ཕོ་བྲང་དང་པོ་ལྷན་ཅིག་སྐྱེས་པའི་སྐུའི་འཁོར་ལོ་ནི། ནག་པོ་དང་སྔོན་པོའི་རྩིག་པ་རིམ་པ་གཉིས་དང་ལྡན་པ། ཆོས་འབྱུང་ཟུར་གསུམ་པའི་ནང་དུ་ཆུད་པ། ཕོ་བྲང་གཉིས་པ་ཆོས་ཀྱི་སྐུའི་དཀྱིལ་འཁོར་ནི། ནག་དམར་དཀར་བའི་རྩིག་པ་རིམ་པ་གསུམ་དང་ལྡན་པ། ཆོས་འབྱུང་ཟུར་བཞི་པའི་ནང་དུ་ཆུད་པ། ཕོ་བྲང་གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུའི་དཀྱིལ་འཁོར་ནི། སྔོ་སེར་དམར་ལྗང་བའི་རྩིག་པ་རིམ་བཞི་དང་ལྡན་པ། ཆོས་འབྱུང་ཟུར་ལྔ་པའི་ནང་དུ་ཆུད་པ། ཕོ་བྲང་བཞི་པ་སྤྲུལ་པའི་སྐུའི་དཀྱིལ་འཁོར་ནི། སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། ཆོས་འབྱུང་ཟུར་དྲུག་པའི་ནང་དུ་ཆུད་པའོ། །དཀྱིལ་འཁོར་དང་པོའི་དབུས་སུ་སྣ་ཚོགས་ཐིག་ལེའི་འཁོར་ལོ། པདྨ་འདབ་མ་བཞི་བཅུ་རྩ་བརྒྱད་པ་སྟེ། དེའི་ལྟེ་བར་ཉི་མ་ལ་འཇིགས་བྱེད་ཆེན་པོ་དང་དུས་ཀྱི་མཚན་མའོ། །དེའི་ཕྱི་རོལ་


TNT07_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྡོ་རྗེའི་འཁོར་ལོ་སྔོ་ནག་མུ་ཁྱུད་ལ་གྲི་གུག་གི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་སྙིང་པོའི་འཁོར་ལོ་དམར་སེར་རིན་པོ་ཆེའི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་ཡོན་ཏན་གྱི་འཁོར་ལོ་དཀར་དམར་རྡོ་རྗེའི་འཕྲེང་བའི་བསྐོར་བ། དེའི་ཕྱི་རོལ་སྐལ་བ་བཟང་པོའི་ལྷའི་སྣམ་བུའོ། །སྒོའི་ཕྱི་རོལ་དུ་ནམ་མཁའི་ཁོར་ཡུག་ལ་གནས་པའི་དུར་ཁྲོད་ཆེན་པོ་བརྒྱད་ནི། ཤར་ནས་གཡོན་བསྐོར་གྱིས། གཏུམ་དྲག །ཚང་ཚིང་ཅན། འབར་བ་འཁྲིགས་པའི་ཀེང་རུས། འཇིགས་སྡེ། དབང་སྡེ། དབང་ལྡན་ནས་གཡོན་སྐོར་གྱིས། ཧ་ཧ་རྒོད་པ། དཔལ་གྱི་ནགས། མུན་པ་དྲག་པོ། ཀི་ལི་ཀི་ལིའི་སྒྲ་སྒྲོག་པ་རྣམས་སོ། །དེ་དག་ན་གནས་པའི་ཤིང་ཆེན་པོ་བརྒྱད་ནི། ཤི་རི་ཤ ཨ་ཤྭཏྠ་ཀཾ་ཀ་ལ་ཙུ་ཏ། ནྱ་གྲོ་དྷ། ཀ་རཉྫ། ལ་ཏ་པརྴ་བཱརྠ་པའོ། ཕྱོགས་སྐྱོང་བ་བརྒྱད་ནི། དབང་པོ། གནོད་སྦྱིན། ཀླུའི་དབང་པོ། གཤིན་རྗེའི་བདག་པོ། འབྱུང་པོའི་བདག་པོ། བསྲེག་ཟའི་བདག་པོ། སྲིན་པོའི་བདག་པོ། རླུང་གི་བདག་པོ། ཀླུ་ཆེན་པོ་བརྒྱད་ནི། ནོར་རྒྱས། འཇོག་པོ། སྟོབས་ཀྱི་རྒྱུ། པདྨ། པདྨ་ཆེན་པོ། ཧུ་ལུ་ཧུ་ལུ། རིགས་ལྡན། དུང་སྐྱོང་ངོ༌། །སྤྲིན་གྱི་བདག་པོ་བརྒྱད་ནི། སྒྲ་སྒྲོགས། འུར་སྒྲོགས། དྲག་པོ་འཁྱིལ་བ། འཐུག་པོ། གང་བ། ཆར་འབེབས་གཏུམ་པོའོ། །དཀྱིལ་འཁོར་གཉིས་པའི་དབུས་སུ། ནམ་མཁའི་དཀྱིལ་འཁོར་འདམ་སྐྱེས་སྔོན་པོའི་མདོག་ཅན་པདྨའི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་རླུང་གི་འཁོར་ལོ་སྔོ་ལྗང་ངམ་སྣ་ཚོགས་པའི་མདོག་ཅན་འཁོར་ལོའི་


TNT07_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་སའི་འཁོར་ལོ་སེར་པོ་རལ་གྲིའི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་སྐལ་པ་བཟང་པོའི་ལྷའི་སྣམ་བུའོ། །སྒོའི་ཕྱི་རོལ་དུ་མེའི་ཁོར་ཡུག་ལ་གནས་པའི་དུར་ཁྲོད་བརྒྱད་ནི། གསོད་བྱེད། ཀུན་ཏུ་སྐྲག་བྱེད། འཇིགས་ཆེན། །འཇིགས་བྱེད། སྐྲོད་བྱེད། སྡང་བྱེད། ལྐུགས་བྱེད། རེངས་བྱེད་དོ། །ཤིང་བརྒྱད་ནི། གུ་ཡོ། སྟར་ཀཱ ནཱ་རི་ལ། སེ་འབྲུ བིལ་བ། ཀྱུ་རུ་ར། བི་ཛྙཱ། རག་ཤའོ། །ཕྱོགས་སྐྱོང་མ་བརྒྱད་ནི། དབང་མོ། གནོད་སྦྱིན་མོ། ཆུ་ལྷ་མོ། གཤིན་རྗེ་མོ། འབྱུང་མོ། དྲང་སྲོང་མོ། སྲིན་མོ། རླུང་གི་ཆུང་མའོ། །དཀྱིལ་འཁོར་གསུམ་པའི་དབུས་སུ་མེའི་འཁོར་ལོ་དམར་པོ་སྣ་ཚོགས་རྡོ་རྗེའི་འཕྲེང་བས་བསྐོར་བ། དེའི་ཕྱིར་རོལ་དུ་ཆུའི་འཁོར་ལོ་དཀར་པོ་ཐོད་པའི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་འཁོར་ལོ་ལྗང་ཁུའམ་ཁྲ་བོ་མགོ་བོའི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་སྐལ་པ་བཟང་པོའི་ལྷའི་སྣམ་བུའོ། །སྒོའི་ཕྱི་རོལ་དུ་ཆུའི་ཁོར་ཡུག་ལ་གནས་པའི་དུར་ཁྲོད་བརྒྱད་ནི། བྱིས་པ་ཤི་བ། ལྷག་མ་ཟ་བ། མི་བཟད་པའི་གཡུལ། མཆེ་བ་ཀུན། དུ་བ་མུན་ནག ནང་གི་མེ། ཧ་ཧའི་སྒྲ། སྒྲ་ཆེན་པོའོ། །ཤིང་བརྒྱད་ནི། ཙན་དན། ག་བུར། ཛཱ་ཏཱི། ཨེ་ལ། ནཱ་ག་གེ་སར། ཙམ་པ་ཀ ཧུན་ཏུ་རུ། ལྷའི་ཤིང་ངོ༌། །འཇིགས་རྟེན་སྐྱོང་བ་བརྒྱད་ནི། ཉི་མ་མེ་འབར་བ་འཛིན་པ། བསིལ་པ་རལ་གྲི་འཛིན་པ། སའི་བུ་ཆུ་གྲི་འཛིན་པ། རི་བོ་


TNT07_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སྐྱེས་མདུང་རིང་འཛིན་པ། བླ་མ་སྤུའི་གྲི་འཛིན་པ། ངན་སྤོང་བྲག་རི་འཛིན་པ། ཉི་མའི་བུ་གློག་འཛིན་པ། ལྷ་མིན་མགོ་བོ་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པ་སྟེ་ཐམས་ཅད་ཀྱང་བཞིན་ཤིན་ཏུ་ཁྲོས་པའོ། །གྲུབ་པའི་སྐྱེས་བུ་བརྒྱད་ནི། རལ་གྲི་མིག་སྨན་རིལ་བུ་རྐང་བྱུག བཅུད་ལེན། མཆིལ་ལྷམ། དངུལ་ཆུ། ས་འོག་ཐོབ་པ་རྣམས་སོ། །དཀྱིལ་འཁོར་བཞི་པའི་དབུས་སུ་ཐུགས་ཀྱི་འཁོར་ལོ་ནག་པོ་ཀེང་རུས་ཀྱི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་གསུང་གི་འཁོར་ལོ་དམར་པོ་ཞགས་པའི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་སྐུའི་འཁོར་ལོ་དཀར་དམར་སྔོ་བའི་མདོག་ཅན། མུ་ཁྱུད་ལ་ལྕགས་ཀྱུའི་འཕྲེང་བའི་ཡོངས་སུ་བསྐོར་བའོ། །དེའི་ཕྱིར་རོལ་དུ་སྐལ་པ་བཟང་པོའི་ལྷའི་སྣམ་བུའོ། །སྲུང་བའི་འཁོར་ལོའི་ཕྱི་རོལ་ཏུ་རླུང་གི་ཁོར་ཡུག་ལ་གནས་པའི་དུར་ཁྲོད་བརྒྱད་ནི། ཚིག་པ། མ་ཚིག་པ། དུམ་བུར་གྱུར་པ། མ་བརྟུབས་པ། འཇིགས་སུ་རུང་བ། འཇིགས་པར་བྱེད་པ། གསལ་ཤིང་གིས་ཕུག་པ། སྟེང་ནས་བཏགས་པའོ། །ཤིང་བརྒྱད་ནི། ཤལྨ་ལི། མྱ་ངན་མེད་པ། ཡོངས་འདུ། ཨུ་དུམྦ་ར། ཌོམྦ་རི། གམྦྷ་རི། རྒྱ་ཤུག །བ་རུ་རའོ། །འཇིག་རྟེན་སྐྱོང་བ་ནི། དམྱལ་སྲུང་ཆེན་པོ་བརྒྱད་དོ། །དེ་ལ་གཞལ་མེད་ཁང་རིམ་པ་རེ་རེའི་ནང་དུ་


TNT07_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་པའི་འཁོར་ལོ་རིམ་པ་གསུམ་གསུམ་སྟེ། བཅུ་གཉིས་པོ་ཐམས་ཅད་ཀྱང་སོ་སོར་རྩིབས་སུམ་ཅུ་རྩ་དྲུག་དང་བཅས་པ། གཞལ་མེད་ཁང་རྣམས་ཀྱང་ཕ་གུ་དང༌། གསེར་གྱི་སྣམ་བུ་དང༌། དྲྭ་ཕྱེད་དང༌། ཤར་བུ་དང༌། མདའ་ཡབ་དང༌། གཟུངས་མ་རྣམས་དང་བཅས་པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་བཞིའི་སྟེང་ན་ཀ་བས་བཏེགས་པའི་རྟ་བབས་ཀྱིས་མཛེས་པ། ཆོས་ཀྱི་འཁོར་ལོ་དང༌། རི་དྭགས་ཀྱི་རྩེ་མོ་བརྒྱན་པ། ནང་གི་ལྷ་སྣམ་ཤར་སྔོ། བྱང་ལྗང༌། ནུབ་དམར། ལྷོ་སེར། དབུས་དཀར་བ། སྟེང་ཐོག་རིམ་པར་ཕུབ་པས་དབུས་ཕྱུར་བུར་གྱུར་པ། རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་པ། གཞལ་མེད་ཁང་ཕྱི་མའི་ནང་གི་གྲྭ་བཞིར། བཀྲ་ཤིས་ཀྱི་བུམ་པ་བརྒྱད་དང་བཅས་པ། དུར་ཁྲོད་རིམ་པ་བཞི་པོ་རྣམས་ཀྱང༌། རེ་རེ་བཞིན་ཞིང་སྐྱོང་བ་དང༌། མེ་དང༌། སྤྲིན་དང༌། ཆུ་དང༌། རི་དང༌། མཆོད་རྟེན་བརྒྱད་བརྒྱད་རྣམས་དང༌། དཔའ་བོ་དང་རྣལ་འབྱོར་མ། རོ་དང་རོ་ལངས་དང༌། བྱ་དང་གཅན་གཟན་དང༌། འཇིག་རྟེན་སྐྱོང་བ་རྣམས་ཀྱི་འཁོར་གྱི་ཡོངས་སུ་གང་བ། མཆོད་པའི་ཡོ་བྱད་རྣམས་དང་གྲུབ་པའི་རྫས་ཀྱི་ཉེ་བར་བརྒྱན་པ། ཕྱི་རོལ་ན་རྡོ་རྗེ་འཕྲེང་བས་ཡོངས་སུ་བསྐོར་བའོ། །དེ་ལྟར་དཀྱིལ་འཁོར་ཆེན་པོ་དྭངས་ཤིང་སྒྲིབ་པ་མེད་པ་ཕྱི་ནང་ཀུན་ཏུ་འོད་གསལ་བ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་རྒྱན་གྱི་རྣམ་པ་མཆོག་ཏུ་བཀྲ་བ་དུ་མས་


TNT07_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པར་གྱུར། ནང་གི་ལྷའི་གནས་རྣམས་ལས། གཙོ་བོའི་པདྨའི་འདབ་མ་ཉེར་བཞི་དང༌། འཁོར་ལོའི་རྩིབས་རྣམས་དང༌། དཀྱིལ་འཁོར་སོ་སོའི་སྒོ་མཚམས་རྣམས་སུ་རོའི་གདན། སྐལ་བཟང་གི་སྣམ་བུ་ལ་ཟླ་བའི་གདན་རྣམས་སོ། །འདི་དག་ནི་རྟེན་གྱི་དཀྱིལ་འཁོར་བསྐྱེད་པའོ། །དབུས་ཀྱི་གདན་གྱི་སྟེང་དུ་ཨ་ཨཱ༴ ནས་ཨཾ་ཨཿ ཉིས་འགྱུར་གཡོན་སྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་དབྱངས་སོ་གཉིས་ཀྱིས་མཚན་པ་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ་ཀ་ཁ༴ ནས་ཧ་ཀྵ་ཡ་ར་ལ་ཝ་ཌ་ཌྷ་ཉིས་འགྱུར་གཡོན་སྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་གསལ་བྱེད་བརྒྱད་ཅུས་མཚན་པ་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་གཉིས་ཀྱི་དབུས་སུ་ནམ་མཁའི་ཧཱུཾ་ཡིག་ཞུགས། དེ་ལས་འཁོར་ལོ་བཅུ་གཉིས་ཀྱི་ལྷ་ཚོགས་རྣམས་སྤྲོས་ཏེ། འགྲོ་བ་ཐམས་ཅད་དེའི་བདག་ཉིད་དུ་བྱས་ནས་སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས། ཡང་འོད་འཕྲོས་ཐོག་མ་མེད་པ་ནས་གྲུབ་པའི་དཔལ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཕྱོགས་བཅུ་ནས་སྤྱན་དྲངས་ཏེ་ཧཱུཾ་ལ་ཐིམ་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས། དེ་རྣམས་ཡོངས་སུ་གྱུར་པ་ལས་སྐུ་ཡོངས་སུ་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཡང་རང་ཉིད་རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་དཀར་པོ། དཀར་ལྗང་དམར་སེར་བའི་ཞལ་


TNT07_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པའི་རང་འདྲའི་ཡུམ་ལ་འཁྱུད་པ། གཉིས་པ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་འཛིན་པ། ལྷག་མ་གཡས་བཞིས་ཅང་ཏེའུ། གྲི་གུག དགྲ་སྟ། རྩེ་གསུམ། གཡོན་བཞིས་ཁ་ཊྭཾ་ག ཐོད་པ། ཞགས་པ། ཚངས་མགོ་རྣམས་འཛིན་པ། བྱིས་པའི་རྒྱན་གྱིས་བརྒྱན་པ། ཞབས་གཉིས་གཡོན་བསྐུམ་པས་འཇིགས་བྱེད། གཡས་བརྐྱང་བས་དུས་མཚན་མོ་མནན་པ། ལྷག་མ་འབྲས་བུའི་ཧེ་རུ་ཀ་དང་མཚུངས་པ་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་ཡིག་གོ ། དེ་ཡན་ཆད་ནི་བསྙེན་པའོ། །ཡབ་ཀྱི་གསང་གནས་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་བྱཱཾ་ལས་བྱུང་བའི་ནོར་བུའི་རྩེ་མོར་བྱཱཾ་དམར་སེར་གྱིས་མཚན་པ། ཡུམ་གྱི་མཁའ་ཁམས་མི་དམིགས་ཏེ་སྟོང་པའི་ངང་ལས་ཨཱཿལས་པདྨ་དམར་པོ་འདབ་མ་གསུམ་པ་དྱཱཾ་ལས་བྱུང་བའི་ཟེ་འབྲུའི་རྩེ་མོར་དྱཱཾ་དཀར་སེར་གྱིས་མཚན་པ། གཉིས་ཀའི་བུ་ག་ཕཊ་སེར་པོས་བཀག་པ། ཡབ་ཀྱི་ལྟེ་བ་དང༌། ཡུམ་གྱི་མགྲིན་པར། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡབ་ཀྱི་ཐུགས་ཀ་དང༌། ཡུམ་གྱི་དཔྲལ་པར། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡབ་ཀྱི་མགྲིན་པ་དང་ཡུམ་གྱི་ལྟེ་བར། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་ས་མ་ཝ་རཾ་སྭཱཧཱ། ཡབ་ཀྱི་དཔྲལ་པ་དང༌། ཡུམ་གྱི་ཐུགས་ཀར། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་སྔགས་རྣམས་ཕན་ཚུན་རེག་ཅིང་ཡབ་ཡུམ་རྗེས་སུ་ཆགས་པས་


TNT07_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པར་ཞུགས་པའི་དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ཏེ་ཡབ་ཀྱི་ཞལ་དུ་ཞུགས་ལྷ་མོའི་པད་མར་སོན་པ་ན། ཡབ་ཡུམ་གཉིས་ཀ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ངོ་བོ་འོད་ཀྱི་ཐིག་ལེའི་གོང་བུར་ཞུ་བར་གྱུར། ཉེ་བའི་བསྙེན་པའོ། །དེ་ནས་སྙིང་རྗེ་དང་བྱམས་པ་དང་དགའ་བ་དང་བཏང་སྙོམས་ཀྱི་རང་བཞིན་ཐིག་ལེ་ལས་བྱུང་བའི་མཁའ་འགྲོ་མ་ལ་སོགས་པ་ལྷ་མོ་དྲུག་ཚན་བཞི། རང་རང་གི་གནས་ཀྱི་པདྨའི་འདབ་མར་འདུག་ནས་བཞེངས་པར་བསྐུལ་བ་ནི། མངའ་བདག་ཉི་མ་རེ་རེར་འགྲོ་བ་མགྲོན་འབོད་ན། ཁྱོད་ནི་ཅི་ཡི་ཕྱིར་ན་སྟོང་པ་ཉིད་ལ་བཞུགས། །བཞེངས་ཤིག་བཞེངས་ཤིག་བདག་ནི་སྙིང་རྗེའི་རང་བཞིན་ཏེ། །རྡོ་རྗེ་འཛིན་པ་བདེ་ཆེན་བདག་ལ་འདོད་པ་མཛོད། །གསོན་ཞིག་གསོན་ཞིག་གཞན་གྱི་དགོངས་པ་ནུབ། །འཇིག་རྟེན་ཕྱུགས་གང་ཤི་བ་བཞིན་དུ་གྱུར། །བདག་གི་པདྨ་རྒྱས་པ་ལ་འདོད་མཛོད། །དེ་ལྟར་འཇིག་རྟེན་ཀུན་བདེར་འགྱུར་བར་བྱོས། །རྡོ་རྗེ་འཛིན་པ་བདག་ལ་རོལ་ཞིག་རོལ། །ལྷན་སྐྱེས་རང་བཞིན་བརྗོད་དུ་མེད་པ་ཐོབ། །འཇིག་རྟེན་སེམས་ཅན་གཞན་ནི་རྨོངས་གྱུར་པས། །ཇི་ལྟར་ཁྱོད་ནི་སྟོང་པ་དོན་མེད་འགྱུར། ཁྱོད་ནི་ཆོས་རྣམས་ཀུན་གྱི་བྱེད་པོ་སྟེ། །ཅིའི་ཕྱིར་ལྷན་སྐྱེས་རང་བཞིན་འགྲོ་མེད་བཞུགས། །བདག་ལ་མཆོག་གི་དོན་གྱི་འདོད་པ་མཛོད། །ཇི་ལྟར་ཁྱོད་ནི་འཇིག་རྟེན་རྣམས་མཐུན་བཞུད། །ཅེས་བསྐུལ་ནས། ལྷ་མོ་རྣམས་ཐིག་ལེ་ལ་ཐིམ། ཐིག་ལེ་དེ་


TNT07_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཧཱུཾ་སྔོན་པོ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ལྟེ་བར་ཧཱུཾ་ལྗང་སྔོན་གྱིས་མཚན་པར་འགྱུར། ཨོཾ་ཨཱཿཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཧཱུཾ་ཕཊ་ཧོཿ དེ་ཡོངས་སུ་གྱུར་པ་ལས་རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྔགས་འདི་འདོན་བཞིན་པར་བཞེངས་པ་ན། དཔའ་བོ་དང་རྣལ་འབྱོར་མའི་དཀྱིལ་འཁོར་པ་ཐམས་ཅད་ཀྱང་སྐད་ཅིག་གིས་རྫོགས་པར་བལྟའོ། །དེ་ཡང་དབུས་ཀྱི་པདྨའི་ལྟེ་བ་ལ། ཉི་མ་དང་དུས་མེའི་དཀྱིལ་འཁོར་གྱི་སྟེང་དུ། འཇིགས་བྱེད་ཆེན་པོ་དང་དུས་མཚན་མོའི་གདན་ལ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་གཡོན་ནག་གཡས་ལྗང་བའི་ཕྱིར་གཟུགས་ལ། ཉི་མ་བྱེ་བའི་འོད་ལྟར་འབར་བའི་གཟི་བརྗིད་ཀྱི་ཕུང་པོ་ཅན། ཞལ་བཅུ་བདུན། ཕྱག་བདུན་ཅུ་རྩ་དྲུག་པ། རྩ་ཞལ་སྐུ་ལུས་དང་མཚུངས་པའི་མདོག་ཅན། རྩ་ཞལ་གྱི་སྟེང་གི་ཞལ་གསུམ་དང༌། ཀུན་གྱི་སྟེང་གི་ཞལ་གཅིག་སྟེ་བཞི་ནི་བུང་བ་ལྟར་གནག་ཅིང་ཆེས་ཁྲོས་པ། གཡོན་ཞལ་བརྩེགས་མ་བཞི་ལྗང་ཁུ། རྒྱབ་ཞལ་བརྩེགས་མ་བཞི་དམར་པོ་གཡས་ཞལ་བརྩེགས་མ་བཞི་སེར་པོ། ཞལ་རེ་རེ་ཞིང་དམར་ཞིང་བཀྲ་ལ་རབ་ཏུ་འཁྲུག་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང༌། མཆེ་བ་རྣོན་པོ་བཞི་བཞི་གཙིགས་པ། ཞལ་ཐམས་ཅད་ཀྱང་རྣམ་པར་འགྱུར་བའི་ཁྲོ་གཉེར་ཅན། ཀུན་གྱི་མདུན་མའི་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ་ཐམས་ཅད་ཀྱི་ཐ་མའི་ཕྱག་གཉིས་ཀྱི་གླང་པོ་ཆེའི་པགས་པ་སྟོད་གཡོགས་


TNT07_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྣམས་པ་སྟེ་རྩ་བའི་ཕྱག་བཞིའོ། །ལྷག་མ་སྤྲུལ་ཕྱག་བདུན་ཅུ་རྩ་གཉིས་ནི། །དང་པོ་གཡས་གཡོན་རལ་གྲི་ཕུབ་ཆེན་བསྣམས། །གཉིས་པ་དག་གིས་མདུང་རིང་ཆེ་བ་འཛིན། །གསུམ་པ་མདུང་རྩེ་གསུམ་དང་གཏུན་ཤིང་ངོ༌། །བཞི་པ་དགྲ་སྟ་ཞགས་པ་སྟེ། །ལྔ་པ་གྲི་གུག་ཐོག་ཁྲག་གོ །དྲུག་པ་མདའ་བོ་ཆེ་དང་གཞུ། །བདུན་པ་གསལ་ཤིང་ཁ་ཊྭཾ་ག །བརྒྱད་པ་ཐོ་བ་པོ་ཏི་དང༌། །དགུ་པ་འཁོར་ལོ་ཕུབ་ཆུང་དང༌། །བཅུ་པ་ཅང་ཏེའུ་སྡིགས་མཛུབ་ཅན། །བཅུ་གཅིག་ཆུ་གྲི་གཡེར་ཁའི་འཕྲེང༌། །བཅུ་གཉིས་དབྱུག་གུ་རྩེ་གཅིག་ལུག་གུ་རྒྱུད།།བཅུ་གསུམ་མཚོན་ཆ་རྩེ་གཅིག་བྲག་རིའོ། །བཅུ་བཞི་དུང་དཀར་དུར་ཁྲོད་རྡུལ། །བཅོ་ལྔ་ཟངས་དུང་བྷོ་ཀཾ་དང༌། །བཅུ་དྲུག་དབྱུག་རྩེ་གསུམ་དང་ཌྷ་ཀ་སྟེ། །བཅུ་བདུན་རྨ་བྱའི་མཇུག་སྒྲོ་པགས་རློན་ནོ། །བཅོ་བརྒྱད་བྱ་རོག་གཤོག་སྒྲོ་སྐྲ་ཐག་དང༌། །བཅུ་དགུ་སྐྲའི་སྤིར་རོ་བསྲེག་བསྐུལ་བའི་ཤིང༌། །ཉི་ཤུ་མེ་ཐབ་ག་དའི་དབྱུག །ཉེར་གཅིག་རི་བོ་ཕུབ་རིངས་དང༌། །ཉེར་གཉིས་དབྱུག་ཏོ་མི་མགོ་དང༌། །ཉེར་གསུམ་མེ་ལོང་ཀེང་རུས་དང༌། །ཉེར་བཞི་པི་ཝཾ་ཟོར་བའོ། །ཉེར་ལྔ་རྐང་པའི་མགོ་དང་མིག །ཉེར་དྲུག་ལག་མགོ་མཁལ་མ་སྟེ། །ཉེར་བདུན་གློ་བ་སྙེ་མ་དང༌། །ཉེར་བརྒྱད་རྒྱུ་མ་སྤེན་པ་དང༌། །ཉེར་དགུ་སྒྲ་ཅན་ཕུར་བུའོ། །སུམ་ཅུ་ལྕགས་སྒྲོག་བི་ཛ་པུར། །སོ་གཅིག་གདོས་དང་སོག་ལེ་སྟེ། །སོ་གཉིས་དུ་བྷུ་ས་དང་ཁབ། །


TNT07_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

སོ་གསུམ་ཉ་དོལ་པགས་པ་རླུད་བུ་བཤུས། །སོ་བཞི་མགོ་མེད་རོ་དང་ཆར་འབེབས་སྤྲིན། །སོ་ལྔ་འབར་བའི་མར་ནག་ལྗོན་ཤིང་སྟེ། །སོ་དྲུག་འཇིགས་བྱེད་ཆེ་གཟུགས་ལྕགས་ཀྱུ་བསྣམས། །དེ་དག་ལ་ཕུབ་རིངས་ནི་ཟུར་བཞི་ནར་ཐབས་ཅན། ཕུབ་ཆེན་བསེ་ཕུབ་ལྟ་བུ་ཟླུམ་པོ། ཕུབ་ཆུང་ལག་ཕུབ་ཐུག་མོ་ནང་ན་ལག་འཛིན་གདོང་ཀག་ཡོད་པ། ཆུ་གྲི་ནི་གྲི་ཐུང༌། ལུག་གུ་རྒྱུད་ནི་ཉག་ཐག ཁ་ཅིག་ན་ལུག་རྒྱུད་མེད་པར་སྒྲོག་འཛིན་པ་ཡོད། གདོས་ནི། གྲུ་རྐྱ་དང༌། ཚོང་གེ་དང༌། སྲོག་ཆགས་འཛིན་པའི་རྙིའི་རིགས་གཅིག་ལ་འདོད་པ་སོགས་སྣ་ཚོགས་ཡོད་ཀྱང་ཕྱི་མ་འཐད་པར་སེམས། བྷོ་གཾ་ནི་བླ་མ་རྣམས་མདུང་ཐུང་ཡིན་པར་འཆད་པའི་རྗེས་སུ་འབྲང་བར་བྱ་མོད། ཟངས་དུང་གི་ནང་སེལ་ཡིན་པར་ཡང་མི་འགལ། ཌྷ་ཀ་ནི་རྔ་པ་ཊ་ཧ། དུ་བྷུ་ས་ནི་ཉ་སྐྱོགས་སུ་རླུད་བུ་བཤུས་ནི་ཁ་ཅིག་སེང་གེའི་རླུད་བུ་བཤུས་སུ་བཞེད་དོ། །སྐྱེ་གནས་ཕྱག་རྒྱ་སྐབས་འདིར་ཡུམ་གྱི་ཕྱག་ཡིན་པ་ཡབ་ཀྱི་ཕྱག་ཏུ་འཁྲུལ་བས། ཕྱག་ཐ་མའི་འཇིགས་བྱེད་ལྕགས་ཀྱུ་དང་གླང་ལྤགས་ལྷན་ཅིག་བྱེད་པ་དང༌། དམར་ནག་འཇིགས་བྱེད་ལྷན་ཅིག །ལྗོན་ཤིང་ལྕགས་ཀྱུ་ལྷན་ཅིག་བྱེད་པ་སོགས་སྨྲ་བས་འཕོངས་པ་དག་བྱུང་ཞེས་གཟིགས་པ་ཡངས་པོ་དག་གསུང་པ་ནི་ཤིན་ཏུ་མང་བའོ། །ཡང་དཀྱུས་སུ་འཇུག་སྟེ། ཞབས་གཡས་བརྐྱང་བས་དུས་མཚན་མོ་དམར་མོ་གན་རྐྱལ་དུ་གནས་པའི་ནུ་སྟེང་དང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་ཁ་བུབ་ཏུ་གནས་པའི་རྣ་བ་གཡོན་པའི་སྟེང་ནས་བརྫིས་པ། སྨད་གཡོགས་སྟག་གི་པགས་པའི་ཤམ་ཐབས་གྲོལ་བ།


TNT07_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་སྐྲ་རལ་བའི་ཐོར་ཅོག་སྤྱི་བོར་བཅིངས་བའི་རྩེ་མོར་འཁོར་ལོ་ལ་གནས་པའི་ཡིད་བཞིན་གྱི་ནོར་བུ་དང༌། གཡོན་ངོས་སུ་ཟླ་བ་ཕྱེད་པ་དང༌། རལ་བའི་མདུན་ངོས་སུ་སྣ་ཚོགས་རྡོ་རྗེས་བརྒྱན་པ། དབུ་རེ་རེ་ལ་རྡོ་རྗེ་ནག་པོའི་འཕྲེང་བ་ལ་བརྒྱུས་པའི་མི་མགོ་སྐམ་པོ་ལྔ་ལྔས་དབུ་རྒྱན་དང༌། དཔའ་བོའི་དར་དཔྱངས་བཅིངས་པ། མི་མགོ་ཁྲག་འཛག་བརྒྱའི་དོ་ཤལ་ཅན། ཕྱག་དྲུག་དང་དཔུང་རྒྱན་དང༌། ཞབས་གདུབ་དང༌། འོག་པག་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གར་གྱི་ཉམས་དགུ་དང་ལྡན་ཞིང༌། སྐུ་ལུས་བ་སྤུའི་འཕྲེང་བ་ཅན། སྐུའི་ཚིགས་ཐམས་ཅད་ལ་བདེ་བས་རླན་པ། སྤྲུལ་པའི་ཧེ་རུ་ཀ་སྣ་ཚོགས་པ་རྣམ་པར་འཕྲོ་བ་དང་བཅས་པའོ། །དེ་ནི་སྒྲུབ་པའོ། །དེ་ལ་འཁྱུད་པའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། དྲག་མོ་ཆེན་མོ་ཞལ་བཞི་ཕྱག་བཅུ་གཉིས་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་པ། ལྷག་མ་གཡས་བཞིས་ཟངས་གྲི་སྟ་རེ་ཌཱ་མ་རུས་ཏྲི་ཤུ་ལ། གཡོན་བཞིས་ཀ་པཱ་ལ། འཆིང་བྱེད་མཁར་དབྱུག །ཚངས་མགོ་རྣམས་འཛིན་པ། ཕྱག་ཐ་མ་གཉིས་སྤྱི་བོའི་སྟེང་དུ་སྐྱེ་གནས་ཀྱི་ཕྱག་རྒྱ་ཡོངས་སུ་བསྐོར་བ། དམར་སེར་སྔོ་ལྗང་བའི་ཞལ་བཞི་དང་ལྡན་པ། གཅེར་བུ་བ་སྤུ་ལངས་ཤིང་རྔུལ་དང་ལྡན་པ། དབུ་


TNT07_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་གྲོལ་བ། ཡན་ལག་ཐམས་ཅད་ལ་ལྷ་རྫས་ཀྱི་དྲིས་ཉེ་བར་བྱུགས་ཤིང་ལྷ་རྫས་ཀྱི་མེ་ཏོག་འཕྲེང་བས་ཀླུབས། དབུ་རྒྱན་ལ་ཟླ་ཕྱེད་རྡོ་རྗེས་མཛེས་པ། ཞབས་གཡས་བསྐུམ་གཡོན་སྐྱང་བའི་སྟབས་ཀྱིས་ཡབ་དཔལ་ཧེ་རུ་ཀ་དང་སྦྱོར་བ། ཕྱག་རྒྱ་ལྔ་དང་ཐོད་པའི་ཅོད་པན་ཅན། མི་མགོ་སྐམ་པོ་ལྔ་བཅུའི་འཕྲེང་བ་དང་ལྡན་པ། སྤྲུལ་པའི་རྣལ་འབྱོར་མ་དཔག་ཏུ་མེད་པ་འཕྲོ་བ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །དེ་ནི་སྒྲུབ་པ་ཆེན་པོའོ། །འདི་དག་ཏུ་རྣམ་གྲངས་ཀྱི་ངེས་པ་ཅུང་ཟད་བཤད་ན། ཡབ་ཀྱི་ཞབས་གཉིས་སུ་བྱེད་པ་འདི་བསྡུས་པའི་ལུགས་ཡིན། རྒྱུད་ཀྱི་འཁོར་ལོ་བཅུ་གཉིས་སྟོན་པའི་སྐབས་ཀྱི་དགོངས་པའང་ཡིན་པར་འདོད་དེ། ལེའུ་གཉིས་པ་རྡོ་རྗེ་ཕག་མོ་ཕྱག་བཅུ་གཉིས་པའི་སྐབས་དང༌། ལེའུ་བཅོ་ལྔ་པ་འཁོར་ལོ་བཅུ་གཉིས་པའི་སྐབས་འདིར་རྒྱུ་རྡོར་འཛིན་སྐབས་སུ་ཞབས་ཀྱིས་འཇིགས་དུས་མནན་པ་ཙམ་གསུངས་པ་ཞབས་གཉིས་པ་ཡིན་ཕྱིན་འབྲས་བུས་རྡོར་འཛིན་སྐབས་ཀྱང་འཇིགས་དུས་མནན་པར་གསུངས་པས་ཞབས་ཀྱང་སྔར་དང་འདྲ་བར་ཤུགས་ལ་འགྲུབ་པར་བསམས་ཏེ། རྒྱལ་སྡེས་ཀྱང་ཞབས་གཉིས་པར་མཛད་གདའ་བ་ལར་ནས་འགལ་བ་ག་ལ་ཡོད། འོན་ཀྱང་གདན་འཇིགས་དུས་ཙམ་གྱིས་ཞབས་གཉིས་ཁོ་ནར་འགྲུབ་དཀའ་ཞིང༌། སྐབས་གཞན་དུ་བྱུང་བས་ཀྱང་མ་ངེས་ལ་འདི་ལྟ་བུ་སྐུ་འདྲ་འཇིམ་གཟུགས་བཞེངས་པ་སོགས་ལ་ནི་ཅུང་ཟད་མི་བདེ་ཡང་འབྱུང་ངོ༌། །ཕག་མོ་ཆེན་མོའི་སྐབས་སུ་གསུང་པ་ལྟར་ཞབས་བཅོ་བརྒྱད་ཀྱིས་ལྷ་


TNT07_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བཅོ་བརྒྱད་མནན་པ་ནི་འབྲིང་པོ་དང༌། ལེའུ་ལྔ་བཅུ་པ་ལས་བྱུང་བ་ལྟར། ཞལ་སོ་བདུན། ཕྱག་སྟོང་ཕྲག །རྩ་བའི་ཞབས་བཅོ་བརྒྱད་ཀྱིས་ལྷ་ཆེན་བཅོ་བརྒྱད་ཆུང་མར་བཅས་པ་གནོན་པ་ནི་རྒྱས་པའོ། །དུས་གསུམ་སངས་རྒྱས་ཀུན་མཁྱེན་ཆེན་པོས། བསྟོད་པ་མཛད་པ་ན་འཇིགས་དུས་མནན་པ་ཙམ་ཞིག་གསུངས། ཞབས་ཀྱི་གྲངས་གསལ་མ་མཛད། སྒྲུབ་ཐབས་ཉུང་ངུ་དང༌། ཐུགས་དམ་རི་མོར་བྲིས་པ་ལ། ཞབས་བཅོ་བརྒྱད་པ། འོག་ཏུ་འཇིགས་དུས་ཆེ་བ་རེ་བྱས་དེའི་སྟེང་དུ་ལྷ་བཅོ་བརྒྱད་མནན་པ་མཛད་འདུག་པ་ལྟར་ན་བྲིས་འབུར་བཞེངས་པ་དང༌། སྒོམ་པ་སོགས་གང་ལ་ཡང་བདེ་བས་འདམ་ཁ་རྣམས་ཀྱི་ནང་ནས་འདི་ངོས་བཟུང་བར་སེམ་མོ། ཕག་གདོང་ཆེན་མོའི་སྐབས་ན། ལྷ་བཅོ་བརྒྱད་ལ་རླུང་ལྷ་ས་ལྷ་ཆུ་ལྷ། གནོད་སྦྱིན། བདུད། འཁོར་སྒྱུར་རྣམས་ཡོད། སྟོང་ཕྲག་ཕྱག་ཅན་གྱི་སྐབས་སུ་དྲུག་པོ་དེའི་དོད་དུ་ཐགས་བཟང་རིས་དང༌། དགྲ་བཅོམ་དང༌། བླ་མ། སྐྱོབ་པ། བླ་མ་གཉིས་པ་ལོག་འདྲེན་ཞེས་པ་ཡོད་ལ། ཕྱི་མ་ལྔ་པོ་དེ་རྣམས་རྒྱལ་བ་དམ་པ་དང༌། ཕུར་བུ་དང༌། མི་སྦྱིན་དང༌། པ་སངས་དང༌། ཨ་ཤོ་ཀ་རྣམས་ཡིན་ནོ། །སྐབས་འདིར་ཕག་གདོང་ཆེན་མོའི་ལུགས་བཞིན་བྱས་ན་བདེའོ། །ཡུམ་གཙོ་བོ་དང་ཞལ་ཕྱག་མཚུངས་པ་རྒྱས་པ། དཀྱུས་སུ་བཀོད་པ་ལྟར་ཞལ་བཞི་ཕྱག་བཅུ་གཉིས་པ་འབྲིང་པོ་སྟེ་འདི་ནི་འཁོར་ལོ་བཅུ་གཉིས་ཀྱིས་སྐབས་སུ་གསུངས་པའི་དགོངས་དོན་དང༌།


TNT07_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཅིག་ཕྱག་གཉིས་པ་བསྡུས་པ་སྟེ། རྒྱས་བསྡུས་གཉིས་ལེའུ་ལྔ་བཅུ་པར། ཕག་མོ་ཡིས་ནི་འཁྱུད་པ་སྟེ། །དེ་གཟུགས་ཅན་ནམ་ཕྱག་གཉིས་སྐྱེས། །ཞེས་པས་བསྟན་ལ། ཕྱག་གཉིས་ཀྱི་ཕྱོགས་ལ་སྐྱེ་གནས་ཀྱི་ཕྱག་རྒྱ་མཛད་པ་དང༌། གྲི་ཐོད་འཛིན་པ་གཉིས་སྤྱིར་གང་བྱས་ཀྱང་ཆོག་མོད། ཛ་ཡ་སྱ་ནས་འཁྲུལ་པ་ཅུང་ཟད་མཛད་པའི་ནོར་བ་རྗེས་སུ་འབྲང་བའང་མང་ངོ༌། །རྒྱུད་ལས། དེ་ཡི་མདུན་གནས་ལྷ་མོ་ཆེ། །རྡོ་རྗེ་ཕག་མོ་སྔར་དང་མཚུངས། །ཞེས་སྔར་ལེའུ་གཉིས་པར་ཕག་མོ་ཕྱག་བཅུ་གཉིས་པ་གསུངས་པ་ལ་ཞལ་འཕངས་མཛད་པ་སྟེ། དེར་འཇིགས་དུས་མེ་ལྟ་བུའི་འོད་ཟེར་ཅན། ཞེས་པས་གཟི་བརྗིད་ཀྱི་དཔེའམ། མེ་དཔུང་འབར་བ་བསྟན་པར་མ་ཟད་སྐུ་མདོག་ཀྱང་དམར་མོར་བསྟན་པར་བཞེད་པ་ཡང་ལེགས་ཤིང༌། ཡབ་མིག་སྨན་མདོག་ཏུ་བཤད། ཕག་མོ་གཙོ་བོར་གྱུར་པ་ཐབས་ཀྱིས་འཁྱུད་པའི་སྐབས་དེར་ནི། ཕྱག་ཐ་མས་བདུད་ཀྱི་པགས་པ་འཛིན་པའོ། །ཕག་གདོང་ཆེན་མོ་ལྟ་བུའི་ཡུམ་རྐྱང་ལ་ནི་གླང་ལྤགས་སོ། །དེར་སྐྱེ་གནས་ཕྱག་རྒྱ་གཉིས་ཀྱིས། ལྷག་མ་རྡོ་རྗེ་ཕག་མོའོ། །གལ་ཏེ་ཧེ་རུ་ཀ་གཙོ་བོ། དེ་ཚེ་ཕག་མོའི་ཕྱག་གཉིས་སུའོ། །གླང་པོའི་པགས་པ་འཛིན་པ་པོ། །ཞེས་ཡབ་གཙོ་བོར་གྱུར་པ་ལས། ཡབ་ཀྱིས་གླང་ལྤགས་དང༌། ཡུམ་སྐྱེ་གནས་ཀྱི་ཕྱག་རྒྱ་མཛད་པ་དང༌། ཡུམ་གཙོ་བོར་གྱུར་པ་ལ་དེ་གོ་བཟློག་པར་བཤད་པས། སྒྲུབ་ཐབས་ཛ་ཡ་སྱ་ནས་


TNT07_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ལས། གླང་པོའི་པགས་པ་ཕྱག་གཉིས་ཀྱིས། སྐྱེ་གནས་ཕྱག་རྒྱ་དེ་བཞིན་གཞན། །ཞེས་རྒྱུད་ཚིག་ཇི་ལྟ་བ་དྲངས་ནས། སླར་ཡུམ་ཕྱག་གཉིས་གྲི་ཐོད་འཛིན་པར་བྱས་པས་འགལ་བ་འདུས་ཏེ་ཐམས་ཅད་ལ་འཁྲུལ་གཞི་བྱུང་བ་ཡིན་གྱི། རྒྱུད་ཚིག་རང་ལ་འཁྲུལ་གཞི་དེ་མེད་པས་བཤད་པར་བླའོ། །དེ་བཞིན་དུ་མཚོན་ཆ་བདུན་ཅུ་རྩ་གཉིས་སུ་བཤད་པ་ཡང༌། རྩ་ཕྱག་བཞི་མ་བགྲངས་པའི་དབང་དུ་མཛད་པ་ཁོ་ནའོ། །ཞེས་རིག་པར་བྱའོ། །དེ་ཡན་ཆད་ཀྱི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་རྫོགས་སོ།། །།སྣ་ཚོགས་ཐིག་ལེའི་འཁོར་ལོའི་པད་མ་འདབ་མ་བཞི་བཅུ་རྩ་བརྒྱད་ལས། བར་བར་དུ་འདབ་མ་རེ་རེ་བོར་བའི་འདབ་མ་ཉི་ཤུ་རྩ་བཞི་ལ། རྣལ་འབྱོར་མ་ཉི་ཤུ་རྩ་བཞི་སྟེ། ཤར་ནས་བྱང་གི་བར་ལ། མཁའ་འགྲོ་མ་དང་གཟུགས་ཅན་ཉིད། །འོ་བྱེད་མ་དང་གཞན་སྒྱུར་མ། །བྱིས་བཅས་མ་དང་རྗེས་འཇུག་མ། །དེ་རྣམས་གཡོན་ནག་གཡས་ལྗང་ཁུ། །བྱང་ནས་ནུབ་ཀྱི་བར་ལ། ལཱ་མ་རྣལ་འབྱོར་དབང་ཕྱུག་མ། །བཟང་མོ་ཐོད་པ་ཅན་མ་དང༌། །ནག་མོ་རྒྱལ་པོས་བསྐོར་མ་རྣམས། །གཡོན་ལྗང་གཡས་དམར་རིམ་པས་སོ། །ནུབ་ནས་ལྷོའི་བར་ལ། དུམ་སྐྱེས་མི་དང་དུར་ཁྲོད་མ། །རྣམ་པར་ཞུ་མ་རིགས་བྱེད་མ། །དུར་བྱེད་མ་དང་གར་མ་རྣམས། །གཡོན་དམར་གཡས་ནི་སེར་བའོ། །ལྷོ་ནས་ཤར་གྱི་བར་ལ། གཟུགས་ཅན་མ་དང་འཇིགས་བྱེད་མ། །གཙུག་ཕུད་མ་དང་ཐོར་


TNT07_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས་མ། །རལ་པ་ཅན་མ་དྲག་མོ་རྣམས། །གཡོན་སེར་གཡས་ནི་སྔོ་བའོ། །ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐྲ་གྲོལ་བ། ཕྱག་གཡས་གྲི་གུག་དང༌། གཡོན་ཐོད་ཁྲག་འཛིན་པ། ཞབས་གཡས་བརྐྱང་བའི་སྟབས་ཀྱིས་མེ་རི་འབར་བའི་དབུས་ན་བཞུགས་ཤིང་ལྷག་མ་གཙོ་མོ་དང་མཚུངས་པའོ། །ཞེས་ཛ་ཡ་སྱ་ན་དང་བོད་ཐམས་ཅད་འདོད་པ་ལྟར་རུང་བའང་ཡིན་ལ། འོན་ཀྱང་རྒྱུད་ལས་སྐབས་འདིར་གཙོ་བོ་དང་མཚུངས་པར་གསུངས་པས། རྡོ་རྗེ་ཕག་མོ་ཡབ་དང་མཚུངས་ན་ཉེར་བཞི་སྙིང་པོའི་ལྷ་མོ་ཡང་དབུ་མ་ཕྱག་མང། བཅོམ་ལྡན་འདས་མ་ཕྱག་བཅུ་གཉིས་མ་ལྟར་ན། འདི་དག་ཀྱང་དེ་དང་འདྲ་བ། ཡུམ་ཕྱག་གཉིས་མ་ལྟར་ན་འདི་དག་ཀྱང་ཕྱག་གཉིས་པའོ་ཞེས་དོན་ཡིན་ཀྱང་ད་ལྟའི་ལག་ལེན་ལ་དང་པོ་མི་འགྲུབ་པའི་ཕྱི་མ་གཉིས་གང་བདེ་ཡིན་ལ། འོན་ཀྱང་ཕྱག་བཞི་མ་གཡས་གྲི་གུག་ཌཱ་མ་རུ། གཡོན་ཐོད་པ་ཁ་ཊྭཾ་ག་བྱས་ནའང་ལེགས་སོ། །དེ་དག་གི་བར་བར་གྱི་འདབ་མ་རྣམས་ལ་བདུད་རྩི་ལྔས་གང་བའི་བུམ་པའི་སྟེང་དུ། བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་ཐོད་པ་དང་བཅས་པ་ཉེར་བཞིའོ། །དེའི་ཕྱིར་རོལ་དུ་རྡོ་རྗེའི་འཁོར་ལོའི་རྩིབས་རྣམས་ལ། ཤར་ནས་གཡོན་སྐོར་གྱིས། མཁའ་འགྲོ་མ་གཞན་ལཱ་མ་གཞན། །དུམ་སྐྱེས་མ་གཞན་གཟུགས་ཅན་གཞན། །རབ་གཏུམ་མ་དང་གཏུམ་མིག་མ། །འོད་ལྡན་མ་དང་སྣ་ཆེན་མ། །དཔའ་བོའི་བློ་མ་མིའུ་ཐུང་མ། ལངྒའི་


TNT07_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མོ་ཤིང་གྲིབ་མ། །ས་སྲུང་འཇིགས་བྱེད་ཆེན་མོ་དང༌། །རླུང་ཤུགས་མ་དང་ཆང་འཐུང་མ། །སྔོ་སངས་ལྷ་མོ་རབ་བཟང་མ། །རྟ་རྣ་མ་དང་བྱ་གདོང་མ། །འཁོར་ལོའི་ཤུགས་མ་དུམ་སྐྱེས་མ། །ཆང་ཚོང་འཁོར་ལོའི་གོ་ཆ་མ། །ཤིན་ཏུ་དཔའ་མོ་སྟོབས་ཆེན་མ། །འཁོར་ལོས་བསྒྱུར་མ་བརྩོན་འགྲུས་ཆེན་མ། །གཤིན་རྗེའི་བུ་མོ་གཤིན་རྗེ་མ། །བསྐྱོད་བྱེད་མ་དང་སྐྲག་བྱེད་མ། །གཏུམ་མོ་དང་ནི་དབྱངས་ཅན་མ། །འདོད་གྲུབ་མ་དང་འབར་ཆེན་མོ། །དེ་ཐམས་ཅད་ཀྱང་སྔོ་ནག་བྱེད་པའི་གཟུགས་ཅན་ནོ། །འདི་དག་གི་ཡབ་རྣམས་མཚན་ཐ་དད་པ་ལ་མོས་ན། རྡོ་རྗེ་མཁའ་འགྲོ་ལ་སོགས་པ་བཞི་དང༌། ཁཎྜ་ཀཱ་པཱ་ལ་སོགས་པ་ཉེར་བཞི་དང༌། སྟོབས་པོ་ཆེ། ཡེ་ཤེས་མཁའ་འགྲོ། བློ་བརྟན། བརྟན་པ་ཐར་བ། ཡེ་ཤེས་ཐབས། ཐུགས་ཀྱི་རྡོ་རྗེ་ཞེས་པ་རྣམས་སུ་བཤད་ལ། འཁོར་ལོ་བཅུ་གཉིས་ཀྱི་སྐབས་འདིར། འོག་མ་རྣམས་ཀྱིས་རིགས་འགྲེ་བའི་ཕྱིར་མཚན་ཐ་དད་པ་མ་སྨོས་ཀྱང་ཆོག་གོ །སྙིང་པོའི་འཁོར་ལོ་པ་ཤར་ནས་གཡོན་སྐོར་གྱི། རྡོ་རྗེ་འཆང་མ་མི་བསྐྱོད་མ། །རིན་ཆེན་གཙུག་མ་རྣམ་སྣང་མ། །པདྨ་དཀར་དབང་མ་དང་དོན་ཡོད་མ། །སྤྱན་མ་བདག་མ་གོས་དཀར་མོ་སྒྲོལ་མ། །གཟུགས་ཀྱི་རྡོ་རྗེ་མ་དང་དེ་བཞིན་ཏུ། །སྒྲ་དྲི་རོ་རེག་ཆོས་དབྱིངས་རྡོ་རྗེ་མ། །ས་སྙིང་མོ་དང་ནམ་མཁའི་སྙིང་པོ་མ། །ཕྱག་རྡོར་མ་དང་འཇིག་རྟེན་མགོན་མོ་དང༌། །སྒྲིབ་ཀུན་སེལ་མ་ཀུན་ཏུ་བཟང་མོ་དང༌། །རིན་ཆེན་སྒྲོལ་མ་བདག་མེད་ཁྲོ་གཉེར་ཅན། །རི་ཁྲོད་ལོ་མ་ཅན་མ་དེ་བཞིན་


TNT07_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །གཤིན་རྗེ་མཐར་མེད་མོ་དང་ཤེས་མཐར་མ། །པད་མཐར་མ་དང་བགེགས་མཐར་བྱེད་མ་དང༌།།མི་གཡོ་མ་དང་དབྱུག་སྔོན་འདོད་རྒྱལ་མ། །སྟོབས་ཆེན་མ་དང་གཙུག་ཏོར་གནོད་མཛེས་མ་ཐམས་ཅད་ཀྱང་དམར་སེར་ཕྱེད་པའི་གཟུགས་ཅན་ནོ། །ཡོན་ཏན་འཁོར་ལོ་ལ།¿བྲམ་ཟེ་རྒྱལ་རིགས་རྗེ་རིགས་མོ། །དམངས་མོ་གཏུམ་མོ་ཁྱི་མཆོད་མ། །གཡུང་མོ་གར་མ་ཐོད་པ་ཅན། །ཉ་པ་མོ་དང་སྨིག་མ་མཁན། །དུང་བཟོད་མཁན་མ་ཐ་ག་མ། །འཁུར་བ་མཁན་མོ་ཤིང་བཟོ་མ། །འཕྲེང་བ་མཁན་མོ་ཏིལ་མར་མཁན། །དེ་བཞིན་ཆོས་མཁན་མོ་དང་ནི། །སྲིན་བལ་བྱེད་མོ་ཕོ་ཉ་མོ། །བཤང་འཕྱག་མོ་དང་བརྩེས་མཁན་མོ། །ཆང་ཚོང་ལྡུམ་རའི་གཉེར་པ་མོ། །རྒྱལ་པོས་བཀྲབས་མ་གཤན་པ་མོ། །སོ་རྩི་ཚོང་པར་བྱེད་མ་དང༌། །གསེར་མགར་མོ་དང་ལྕགས་མགར་མོ། །ནོར་བུ་མཁན་པ་ནག་པ་མོ། །ཀླ་ཀློ་ཨོ་ཊི་ཚོང་པ་མོ། །རྡོ་བཟོ་མ་དང་ཞིང་ལས་མོ། །ཀོ་ལྤགས་མ་སྟེ་རྣལ་འབྱོར་མའོ། །ཐམས་ཅད་ཀྱང་དཀར་དམར་བྱེད་པའི་གཟུགས་ཅན་ནོ། དེའི་ཕྱི་རོལ་སྐལ་བ་བཟང་པོའི་སྣམ་བུ་ལ། བྱམས་པ་ནས་བརྩམས་ཏེ་གློག་གི་ཏོག་གི་བར་དུ་སངས་རྒྱས་ཉིས་བརྒྱ་དང་བཞི་བཅུ་རྩ་དགུའོ། །ཤར་སྒོ་ཁྭ་གདོང་མ། བྱང་སྒོར་འུག་གདོང་མ། ནུབ་སྒོར་ཁྱི་གདོང་མ། ལྷོ་སྒོར་ཕག་གདོང་མ། ཤར་ལྷོར་གཤིན་རྗེ་


TNT07_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་མ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་རྣམས་སོ། །ནམ་མཁའི་འཁོར་ལོ་ལ། མི་འམ་ཅི་མོ་དྲི་ཟ་མོ། །ཧུ་ཊུ་ཀ་མ་པ་ཕ་ཊ་ཧ། །པི་ཝཾ་གླིང་བུ་མུ་ཀུནྡ། །རྫ་རྔ་གགྒ་རི་མ་དང༌། །ཆ་ལང་ཤེས་ལེནྡྲི་ཀ་མ། །ཀླུ་མ་ཀ་རནྜ་མ་ཏ་མ་ཌ། །གར་མ་སྒེག་མ་དྷ་ཀ་མ་དང་ནི། །ཏཱ་ལི་ཤ་ར་ཎ་མོ་རྔ་ཆེན་མོ། །མཽ་དྲི་རྒྱུད་ཅན་མ་དང་མཱ་རུ་མ། །ན་ལ་བཱ་མོ་ཌྷཾ་བ་ཀ་མ་དང༌། །ཌཱ་མ་རུ་དང་ཌུཎ་ཌུ་ཀ་མ་དང༌། །ཟངས་དུང་མ་དང་རྭ་དུང་མ་དེ་བཞིན། །བྷུ་ཀི་དྲིལ་བུ་མ་དང་དྲིལ་ཆུང་མ།། གཡེར་ཁ་མ་དང་ཀོ་ལི་ཀ་མ་དང༌། །དུང་དཀར་མ་དང་དབྱངས་ལྡན་མ་དེ་བཞིན། །འཁོར་མ་ཞེས་བྱ་སུམ་ཅུ་རྩ་དྲུག་གོ །ཐམས་ཅད་ཀྱང་སྐུ་མདོག་སྔོན་པོའོ། །ཡང་ན་སྣ་ཚོགས་པར་བཀྲ་བའོ། །རླུང་གི་འཁོར་ལོ་ལ། མཁའ་ལྡིང་དང་མོ་བཀྲ་བ་མོ། །བྱ་རོག་བྱ་དཀར་སྲེག་པ་མོ། །རྨ་བྱ་ཟངས་ཀྱི་གཙུག་ཕུད་མ། །གུ་ད་བུ་ལི་འཇམ་པ་མོ། །ཕུག་རོན་བྱ་རོག་ཆེན་མོ་དང༌། ཁ་ཊི་ནི་དང་གོང་མ་སྲེག །ནེ་ཙོ་སྔགས་མ་གཞད་མ་དང༌། །བྱ་རྒོད་འུག་པ་ཙཱ་ཊ་ཀི །ཤིང་བྱེའུ་མ་དང་ངུར་བ་མ། །པྲི་ཀྵི་ར་ནི་ཀཀྐ་སི། །སོ་བྱ་མོ་དང་བི་ལཱ་ཊི། །ལྕུག་མའི་མགྲིན་དང་ཤ་རི་ཀཱི །བྱེའུ་ཁྲ་གུར་བུམ་ལྕེ་མ་དང༌། །བ་ཊི་རི་ཀཱ་ཛཾ་ག་མོ། །ཧོར་པ་ཀཾ་ག་མོ་དེ་བཞིན། །ད་ཏྟ་རི་མོ་རི་དྭགས་དགྲ། །ཐམས་ཅད་ཀྱང་སྔོ་ལྗང་ཕྱེད་པའམ་སྣ་ཚོགས་པའི་ཁ་དོག་བཀྲ་བ་


TNT07_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ནོ། །སའི་འཁོར་ལོ་ལ། སེང་གེ་མོ་དང་སྟག་མོ་དང༌། །བྷིཾ་བ་མོ་དང་རི་བོང་མོ། །གླང་ཆེན་རི་དྭགས་བྱི་ལ་མོ། །བ་དང་མ་ཧེ་མོ་རྟ་མོ། །ཅེ་སྤྱང་མོ་དང་བསེ་མོ་འབྲི། །བྱི་བ་བོང་མོ་བྷེ་ཌི་མ། ར་མོ་ལུག་མོ་རིམ་པ་བཞིན། ཁྱི་མོ་ཕག་མོ་དོམ་མོ་དང༌། །དཎྜ་རི་མ་མོ་ཛྙཱ་ཀཱི། །དྲེད་མོ་དང་ནི་སྒེག་མོ་དང༌། །ནགས་མ་དང་ནི་ཁྱི་ཆེན་མོ། །བྱ་རོག་ཆེན་མོ་ཤརྡུ་ལཱི། །སྦྲུལ་མོ་ཁྲ་མོ་རྔ་མོང་དང༌། །སྲེ་མོང་རྩང་མོ་ཕུག་པ་མོ། །གྲོང་ན་གནས་པ་མ་རྣམས་སོ། །ཐམས་ཅད་ཀྱང་སྐུ་མདོག་སེར་པོའོ། །དེའི་ཕྱི་རོལ་གྱི་སྣམ་བུ་ལ། མཆོད་པ་དང་དཔལ་སྦས་ནས་བརྩམས་ཏེ་ཚངས་པའི་ཏོག་གི་བར་དུ་སངས་རྒྱས་ཉིས་བརྒྱ་དང་བཞི་བཅུ་རྩ་དགུའོ། །ཤར་སྒོར་ཚངས་མ། བྱང་སྒོར་དབང་ཕྱུག་མ། ནུབ་སྒོར་གཞོན་ནུ་མ། ལྷོ་སྒོར་ཁྱབ་འཇུག་མ། མེར་ཕག་མོ། བདེན་བྲལ་དུ་དབང་མོ། །རླུང་དུ་གཏུམ་མོ། དབང་ལྡན་དུ་དཔལ་ཆེན་མོ་རྣམས་སོ། །མེའི་འཁོར་ལོ་ལ། ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། འབྱུང་མོ་མ་དང་ཆུང་མ་སྲིང༌། བུ་མོ་སྲིང་མོའི་བུ་མོ་དང༌། ཕ་ཡི་སྲིང་མོ་དེ་བཞིན་དུ། ཞང་པོ་ཡི་ནི་ཆུང་མ་དང༌། །ཆུང་མའི་སྤུན་ཟླ་དང་དེའི་མ། །དེ་ཉིད་ཀྱི་ནི་ཕ་ཡི་མ། །ཆུང་མ་ཡི་ནི་ཕྱི་མོ་དང༌། །མ་ཡི་མ་དང་གཉེན་མོ་དང༌། །མའི་སྤུན་སྤུན་ཟླའི་བུ་མོ་དང༌། །རང་གི་ཕྱི་མོའི་སྤུན་ཟླ་དང༌། །སྤུན་ཟླའི་བུ་མོ་དེའི་བུ་མོ། །ཕ་ཡི་མ་དང་ཕྱི་མོ་དང༌། ཁུ་བོ་ཡི་ནི་ཆུང་མ་དང༌། །བུ་མོའི་བུ་ཡི་ཆུང་མ་དང༌། །སླར་ཡང་ཆུང་མའི་སྤུན་ཟླ་མོ། །


TNT07_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་ཡི་སྲིང་དང་དེའི་བུ་མོ། །དེ་ཉིད་ཀྱི་ནི་རང་རིགས་སྐྱེས། །སྤུན་ཟླའི་ཆུང་མ་སུ་ཏཱི་དང༌། །བུ་ཉིད་ཀྱི་ནི་ཆུང་མ་དང༌། །བུ་མོའི་ཁྱོ་ཡི་མ་ཡི་ནི། །བུ་ཉིད་ཀྱི་ནི་རྒྱུག་མོ་དང༌། །འཇོ་བྱེད་མོ་དང་པཱུ་ཏྲིའོ། །ཐམས་ཅད་ཀྱང་སྐུ་མདོག་དམར་མོའོ། །ཆུའི་འཁོར་ལོ་ལ། མ་ཀ་ར་མོ་ཀུརྨཱི་ཀ །སྲལ་མོ་ཀཙྪི་ཆུ་སྲམ་མོ། །སྡིག་ནག་གགྒ་རཱ་མ་ཤཱི་ལི་མ། །ཆུ་ཡི་ཕུག་མ་སྲིན་བུའི་གདོང་མ་དང༌། །ཆ་ག་ཀརྐ་ཊ་དང་སུ་ཡ་མོ། །ཆུ་བྱི་མོ་དང་གྲོག་མོའི་གདོང་མ་དང༌། །ཆུ་ཡི་མི་མོ་དང་ནི་བ་ཊ་བཱི། །གླང་ཆེན་མོ་དང་སྟག་མོ་ཅེ་སྤྱང་མོ། །ཆུ་སྦྲུལ་མ་དང་དུད་མོ་འགྲོན་བུ་མ། །མུ་ཏིག་མ་ཎཱི་མོ་དང་ཛིཾ་གུ་རཱི། །ལི་ས་མོ་དང་དུང་ངུར་མ་ཀརྞོ་ཊི། །ཕ་ཊ་ཀ་མ་དཱ་ཝ་ཀ་མ་ཀྲི་མ་མོ། །ཛུ་ཥི་ཛུ་ཥ་མོ་དང་ཤ་སྦྲང་ཀ་ལཱ་མོ། །ཐམས་ཅད་ཀྱང་སྐུ་མདོག་དཀར་མོའོ། །ཡེ་ཤེས་ཀྱི་འཁོར་ལོ་ལ། ཐིག་ལེ་མཆོག་མ་ཤིན་ཏུ་བདེ། །ལྷ་ཡི་བུ་མོ་དགའ་ཆེན་མོ། །དགའ་དང་དགའ་གྲགས་པདྨ་ཅན། །དུང་ཅན་སྣ་ཚོགས་གླང་ཆེན་མ། །གཟུགས་ཅན་མ་དང་གཟུགས་མཛེས་མ། །འདོད་ཆགས་རྣམ་སྒེག་བདེ་བ་མོ། །མེ་ཏོག་འདོད་མ་ཀུ་མུ་ད། །ཨུཏྤལ་མ་དང་མཛེས་ལྡན་མ། །འདོད་ཆགས་མོ་དང་འདོད་ཆགས་ཆེ། །རོལ་གྲགས་མ་དང་རོལ་ཆེན་མོ། །མྱོས་མ་དང་ནི་མྱོས་ཆེན་མ། །འདོད་པ་མོ་དང་འདོད་ཆེན་མ། །བདེ་འབྱུང་མ་དང་བདེ་ལྡན་མ། །མཐུན་མཆོག་མ་དང་བྱམས་པ་མོ། །


TNT07_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བཟང་ལྡན་མ་སྐལ་བཟང་མོ། །དམའ་མོ་ཞུམ་མ་སྐྱེས་གཟུགས་མ། །ཐམས་ཅད་ཀྱང་སྐུ་མདོག་སྣ་ཚོགས་བཀྲ་བའོ། །དེའི་ཕྱི་རོལ་གྱི་སྣམ་བུ་ལ། ཟླ་བའི་གདུགས་ནས་མཐུའི་དཔལ་གྱི་བར་དུ་སངས་རྒྱས་ཉིས་བརྒྱ་དང་བཞི་བཅུ་ཞེ་དགུའོ། །སྒོ་མཚམས་བརྒྱད་ལ་ཤར་དུ་གཽ་རཱི། བྱང་དུ་ཙཽ་རཱི། ནུབ་ཏུ་བེ་ཏཱ་ལཱི། ལྷོ་རུ་གྷསྨ་རཱི། བསྲེག་པར་པུ་ཀ་སཱི། སྲིན་པོར་རི་ཁྲོད་མ། རླུང་མཚམས་སུ་ཙཎྜ་ལཱི། འབྱུང་པོར་ཌོམྦྷི་ནཱི་རྣམས་སོ། །ཐུགས་ཀྱི་འཁོར་ལོ་ལ། ཀླུ་མོ་གནོད་སྦྱིན་མོ་འབྱུང་མོ། །ཡི་དྭགས་དམྱལ་མོ་མནར་མེད་མ། །ལྟུང་བ་མ་དང་བར་མེད་མ། །བུམ་པ་མོ་དང་གཤིན་རྗེ་མོ། །ཐིག་ནག་མོ་དང་མེ་མདག་མ། །ཚ་བ་མ་དང་རབ་ཚ་མ། །ངུ་འབོད་མ་དང་ངུ་འབོད་ཆེ། །མར་ནག་དུ་མཆེད་རི་གཉིས་འཚོར། །སྡང་མ་རྨོངས་མ་ཕྲག་དོག་མ། །ཆགས་མ་སེར་སྣས་མྱོས་པ་མ། །སྐུད་པ་མ་དང་གྲང་བ་མོ། །དེ་བཞིན་རལ་གྲིའི་ནགས་མ་ཉིད། །དུ་མ་དང་ནི་མུ་གེ་མ། །ནང་དགོན་མཚོན་དགོན་ཆུའི་དགོན་མ། །རལ་གྲིའི་སོ་མ་རབ་མེད་མ། །སྤུ་གྲིའི་སོ་མ་འཁོར་ལོ་ཅན། །གྲུལ་བུམ་མ་སྟེ་སོ་དྲུག་གོ །ཐམས་ཅད་ཀྱང་སྐུ་མདོག་ནག་མོའོ། །གསུང་གི་འཁོར་ལོ་ལ། ལེ་ལོ་ཆོས་སེམས་སྒོམ་པ་མོ། །མཆོད་སེམས་བཟའ་སེམས་གཉིད་སེམས་མ། ཁྱིམ་སེམས་བུད་མེད་སེམས་མ་དང༌། །དོན་སེམས་


TNT07_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་སྦྱོར་བྲལ་མ། །བུ་སེམས་མ་དང་མྱ་ངན་མ། །བསམ་གཏན་མ་དང་སྔགས་ཟློས་མ། །ངོ་མཚར་ང་རྒྱལ་གདུང་བ་མོ། །སེམས་ཅན་དོན་གྱི་རྒྱུར་བརྩོན་མ། །རྒྱལ་པོ་སེམས་མ་གཞན་གནོད་མ། །ཡེ་ཤེས་ཐོབ་མ་དཀའ་ཐུབ་མ། །རྒས་མ་འཆི་བ་སེམས་མ་དང༌། །བདེ་མ་སྡུག་མ་མི་དགེ་མ། །ཡོད་མ་མེད་མ་ཉིད་དང་ནི། །བླ་མ་སེམས་མ་འགྲོ་བ་མོ། །བཟོད་མ་མི་བཟོད་དལ་མ་དང༌། །ངལ་སོས་མ་དང་བཀྲེས་སེམས་མ། །ཐམས་ཅད་ཀྱང་སྐུ་མདོག་དམར་མོའོ། །འདི་ཐམས་ཅད་ཀྱི་མཚན་གྱི་མཐར་སེམས་པ་མ་ཞེས་སྦྱོར་རྒྱུ་ཡིན་ནོ། །སྐུའི་འཁོར་ལོ་ལ་འཁོར་ལོས་བསྒྱུར་མ་རྣམས་ཏེ། རྒྱལ་ཆེན་བཞིའི་རིགས་འཁོར་ལོས་བསྒྱུར་མ་དང༌། །སུམ་ཅུ་རྩ་གསུམ་འཐབ་བྲལ་དགའ་ལྡན་པ། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་ཚངས་རིས་པ། །ཚངས་པ་འདུན་ན་འདོན་དང་ཚངས་ཆེན་པོ། །འོད་ཆུང་ཚད་མེད་འོད་དང་འོད་གསལ་བ། །དགེ་ཆུང་ཚད་མེད་དགེ་དང་དགེ་རྒྱས་དང༌། །སྤྲིན་མེད་བསོད་ནམས་སྐྱེས་དང་འབྲས་བུ་ཆེ། །མི་ཆེ་མི་གདུང་ཤིན་ཏུ་མཐོང་བ་དང༌། །གྱ་ནོམ་སྣང་བ་དང་ནི་འོག་མིན་པ། །ནམ་མཁའ་མཐའ་ཡས་རྣམ་ཤེས་མཐའ་ཡས་དང༌། །ཅི་ཡང་མེད་དང་འདུ་ཤེས་ཡོད་མིན་ཞིང༌། །འདུ་ཤེས་མེད་མིན་གྱི་ནི་སྐྱེ་མཆེད་དང༌། །དམྱལ་བ་ཡི་དྭགས་དུད་འགྲོ་དང་ནི་མི། །ལྷ་མིན་ཟླ་བ་ཉི་མ་གཤིན་རྗེ་དང༌། །དབང་པོའི་འཁོར་ལོ་བསྒྱུར་བ་ཞེས་རྣམས་སོ། །


TNT07_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་སྐུ་མདོག་དཀར་བའམ། སྔོ་དམར་དཀར་བའི་ཁྲོ་བོའོ། །འདི་ཐམས་ཅད་ཀྱི་མཐར་འཁོར་ལོའི་བསྒྱུར་མ་ཞེས་སྦྱོར་བ་ཡིན་ནོ། །དེའི་ཕྱིར་རོལ་གྱི་སྣམ་བུ་ལ། འཕགས་དགྱེས་ནས་སྣང་མཛད་ཀྱི་བར་གྱི་སངས་རྒྱས་ཉིས་བརྒྱ་བཞི་བཅུ་རྩ་དགུའོ། །ཤར་སྒོར་ཆུ་སྐྱེས་དཀར་མོ། བྱང་སྒོར་གནྡྷ་རི། ནུབ་སྒོར་རྡོ་རྗེ་གར་མ། ལྷོ་སྒོར་རྟ་རྒོད་མའི་ཁ་མ། དབང་ལྡན་དུ་རྡོ་རྗེ་འབར་ཞལ་མ། མེར་རྡོ་རྗེ་ཁྲོ་གཉེར་ཅན་མ། བདེན་བྲལ་དུ་རྡོ་རྗེ་དུམ་བུ་མ། རླུང་དུ་རྡོ་རྗེ་གཏུམ་མོ་རྣམས་སོ། །དེ་རྣམས་ལས་འཁོར་ལོ་བཅུ་གཉིས་ཀྱི་རྣལ་འབྱོར་མ་ཐམས་ཅད་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མ། དང་པོ་གཉིས་ཌཱ་མ་རུ་དང་ཁ་ཊྭཾ་ག ལྷག་མ་གཉིས་གྲི་གུག་དང་ཐོད་པ་འཛིན་པ། དྲག་མོ་ཆེན་མོ་མཆེ་བ་གཙིགས་ཤིང་ཆགས་པས་བཞད་པ། གཅེར་མོ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔ་དང་རྡོ་རྗེའི་འཕྲེང་བ་སོགས་སྣ་ཚོགས་པས་བརྒྱན་པ། རོའི་གདན་ལ་གཡས་བརྐྱང་གིས་བཞུགས་པ། དེ་རྣམས་ལ་འཁྱུད་པའི་དཔའ་བོ་རྣམས་ནི་མཚན་དང་སྐུའི་རྣམ་པ་ཡུམ་དང་འདྲ་བ་ལས། ཕྱག་རྒྱ་དྲུག་དང་རལ་བའི་ཅོད་པན་དང༌། མགོ་རློན་གྱི་དོ་ཤལ་དང༌། སྟག་ལྤགས་ཀྱི་སྨད་དཀྲིས་ཅན། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །དཀྱིལ་འཁོར་རིམ་པ་བཞིའི་སྒོ་མཚམས་མ་བརྒྱད་ནི། སྒྲུབ་ཐབས་དང་བོད་རྣམས་ལྟར་ན། ཤར་དང་བྱང་ཤར་བ་རྣམས་ནི་གཡོན་སྔོ་གཡས་ལྗང་བ། བྱང་དང་ནུབ་བྱང་བ་རྣམས་གཡོན་


TNT07_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་གཡས་དམར་བ། ནུབ་དང་ལྷོ་ནུབ་པ་རྣམས་གཡོན་དམར་གཡས་སེར་བ། ལྷོ་དང་ཤར་ལྷོ་བ་རྣམས་གཡོན་སེར་གཡས་སྔོ་བ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་སོགས་སྙིང་པོའི་རྣལ་འབྱོར་མ་རྣམས་དང་མཚུངས་པའོ། །འོན་ཀྱང་རྒྱུད་ཀྱི་ལེའུ་སོ་སོའི་དཀྱིལ་འཁོར་ལ། མཁའ་འགྲོ་མ་ནག་མོ་ཕྱག་བཞི་མར་མཛད། ལཱ་མ་སོགས་ཁ་དོག་མ་གཏོགས་དེ་ལ་ཞལ་འཕངས། གཞན་རྣམས་སྙིང་པོའི་རྣལ་འབྱོར་མའི་ཤུགས་ལ་གོ་བར་དགོངས་པ་ཡིན་པས་འདིར་དེ་ནས་དྲངས་པས་ཕྱག་བཞི་པའང་ལེགས་སོ། །སྐལ་བཟང་གིས་སངས་རྒྱས་རྣམས་ནི། ཤར་ཕྱོགས་པ་རྣམས་སྔོན་པོ། བྱང་ཕྱོགས་པ་རྣམས་ལྗང་ཁུ། ནུབ་ཕྱོགས་པ་རྣམས་དམར་པོ། ལྷོ་ཕྱོགས་པ་རྣམས་སེར་པོ། ཐམས་ཅད་ཀྱང་མཚན་དང་དཔེ་བྱད་རྫོགས་པ་ཆགས་བྲལ་རབ་འབྱུང་གི་ཆ་ལུགས་ཅན་བཞུགས་ཚུལ་དང་ཕྱག་རྒྱ་མ་ངེས་པའོ། །ཞེས་བླ་མ་སྔ་མ་རྣམས་གསུངས། བདག་གི་བླ་མ་རྗེ་བཙུན་གྱི་བཀའ་ལས་གཟུགས་ཕུང་གི་རྣམ་སྣང་སོགས་དང་འདྲ་བ་ཁྲོ་ཆགས་ཉམས་ཅན་ཡིན་ཡང་ཡིན་ལ་བླ་མ་གོང་མས་དེ་ལྟར་ཞལ་གཟིགས་པའང་ཡིན་གསུངས། འདིར་རྒྱས་པར་མ་བྲིས་སོ། །རྒྱུད་ལས་སྤྲུལ་སྐུར་བཤད་པ་ནི་དཀྱིལ་འཁོར་ལྷ་སྡེ་ཚན་སོ་སོས་སྐུ་བཞི་མཚོན་པའི་ནང་ཚན་ནས་སྤྲུལ་སྐུ་མཚོན་བྱེད་ནི་སྐལ་བཟང་འདི་རྣམས་ཡིན་ཞེས་པའི་དོན་ཡིན་ལ། སྤྱིར་ཡང་སྤྲུལ་སྐུར་བཤད་པས་ཆགས་བྲལ་གྱི་རྣམ་པར་སྒྲུབ་ནུས་པ་ག་ལ་ཡིན། འོན་ཀྱང་སྐབས་འདིར། པི་ཝཾ་མ་ལ་སོགས་པས་རྣལ་འབྱོར་མ་རྣམས་ཕྱག་དང་པོ་གཉིས་ཀྱི་རང་མིང་དང་མཐུན་པའི་རོལ་མོ་འཛིན་པ་དང༌། མཁའ་ལྡིང་མ་ལ་


TNT07_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་སྲོག་ཆགས་ཀྱིས་མཚན་ཅན་རྣམས། ཞལ་རས་སྲོག་ཆགས་དེ་དག་མཐུན་པའི་ཁ་དོག་དང་གདོང་བརྙན་དུ་བྱེད་པའི་ལུགས་གདམ་ངར་བཤད་ལ། སྙིང་པོའི་རྣལ་འབྱོར་མ་ཉེར་བཞི་ནི། སྒོམ་པར་ནུས་ན་གཙོ་བོ་ལྟར་ཕྱག་མངས་སམ། རྡོ་རྗེ་ཕག་མོ་ལྟར་ཞལ་བཞི་ཕྱག་བཅུ་གཉིས་པར་ཡང་རུང་ཞིང༌། སྒོ་མཚམས་མ་རྣམས་ནི་ཞལ་གཅིག་ཕྱག་གཉིས་མར་ངེས་སོ། །དེ་དག་ནི་དམ་ཚིག་གི་འཁོར་ལོ་བསྐྱེད་པའོ། །གཙོ་བོའི་ཐུགས་ཀར་ཉི་མ་ལ་ཧཱུཾ་ལྗང་སྔོན། སྤྱི་བོར་ཟླ་བ་དང་འཁོར་ལོ་ལ། ཨོཾ་དཀར་པོ། མགྲིན་པར་ཟླ་བ་དང་པདྨ་ལ་ཨཱཿདམར་པོ། ཐུགས་ཀའི་འོག་གི་ཆ་ལ། ཟླ་བ་དང་རྡོ་རྗེ་ལ་གནས་པའི་ཧཱུཾ་ནག་པོ། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཉི་མ་ལ། རང་རང་གི་ཁ་དོག་དང་མཚུངས་པའི་ཧཱུཾ་ཡིག་གོ །གཙོ་བོའི་ཐུགས་ཀའི་ཧཱུཾ་ཡིག་གཉིས་ཀྱི་བར་དུ། རཾ་ལས་བྱུང་བའི་ཉི་མའི་སྟེང་དུ། ཨོཾ་ཧ་བཾ་ཧཱ་བཱཾ། ཧཾ་བིཾ་ཧཱཾ་བིཾ། ཧུ་བུཾ་ཧཱུ་བཱུཾ། ཧེ་བཾ་ཧཻ་བཻཾ། ཧོ་བོཾ་ཧཽ་བཽཾ། ཧཾ་བཾ་ཧཿབཿ ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ་སྭཱཧཱ་སྭཱཧཱ། དཀར་པོ་དང་དམར་པོ་གཡོན་སྐོར་དུ་སྦྲུལ་འཁྱིལ་བ་ལྟར་གནས་པ། རྡོ་རྗེ་སེམས་དཔའ་དང་ཕག་མོའི་རང་བཞིན་ནོ། །གོ་ཆའི་སྔགས་དྲུག་ཆར་ལ་འགོར་ཨོཾ་དང༌། མཇུག་ཏུ་ཧཱུཾ་བཞི་ཕཊ་བཞི་སྭཱཧཱ་གཉིས་རྣམས་གོང་བཞིན་སྦྱོར་དགོས་ཏེ། མགོ་བོའི་ནང་དུ་ཉི་མ་ལ། ན་ཧཾ་ནཱ་ཧཱཾ། ནི་ཧི་ནཱི་ཧཱི། ནུ་ཧཱུཾ་ནཱུ་ཧཱུཾ། ནེ་ཧེཾ་ནཻ་ཧཻཾ། ནོ་ཧོཾ་ནཽ་ཧཽཾ། ན་ཧཾ་ནཿཧཱཾཿ སེར་པོ་དང་སྔོན་པོ་རྣམ་པར་སྣང་མཛད་དང་གཤིན་རྗེ་མའི་ངོ་བོ། སྤྱི་གཙུག་གི་ནང་དུ་ཉི་མ་ལ། སྭ་ཧྲཾ་སྭཱ་


TNT07_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཾ། སྭི་ཧྲི་སྭཱི་ཧྲཱིཾ། སྭུ་ཧྲུཾ་སྭཱུ་ཧྲཱུཾ། སྭེ་ཧྲེཾ་སྭཻ་ཧྲཱཻཾ། སྭོ་ཧྲོཾ་སྭཽ་ཧྲཽཾ། སྭ་ཧྲཾ་སྭཿཧྲཿ ཧཱུཾཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ། སྭཱཧཱ་སྭཱཧཱ། དམར་པོ་དང་དཀར་པོ་པདྨ་གར་དབང་དང་རྨོངས་བྱེད་མའི་ངོ་བོ། དཔུང་པ་གཉིས་ཀྱི་ནང་དུ་ཉི་མ་ལ། ཨོཾ་བ་ཧྲཾ་བ་ཧྲཱཾ། བི་ཧྲིཾ་བཱི་ཧྲཱིཾ། བུ་ཧྲུཾ་བཱུ་ཧྲཱུཾ། བེ་ཧྲེཾ་བཻ་ཧྲཻཾ། བོ་ཧྲོཾ་བཽ་ཧྲཽཾ། བ་ཧྲཾ་བཿཧྲཿ ནག་པོ་དང་སེར་པོ་ཧེ་རུ་ཀ་དང་བསྐྱོད་བྱེད་མའི་ངོ་བོ། མིག་གཉིས་ཀྱི་དབུས་སུ་ཉི་མ་ལ། ཧ་ཧཾ་ཧཱ་ཧཱཾ། ཧི་ཧིཾ་ཧཱི་ཧཱིཾ། ཧུ་ཧུཾ་ཧཱུ་ཧཱུཾ། ཧེ་ཧེཾ་ཧཻ་ཧཻཾ། ཧོ་ཧོཾ་ཧཽ་ཧཽཾ། ཧཾ་ཧཾ་ཧཿཧཿ དམར་སེར་དང་ལྗང་ཁུ་རྡོ་རྗེ་ཉི་མ་དང་སྐྲག་བྱེད་མའི་ངོ་བོ། མཛོད་སྤུའི་ཐད་ཀའི་ནང་དུ། ཕ་ཕ། ཕཱ་ཕཱ། ཕི་ཕི། ཕཱི་ཕཱི། ཕུ་ཕུ། ཕཱུ་ཕཱུ། ཕེ་ཕེ། ཕཻ་ཕཻ། ཕོ་ཕོ། ཕཽ་ཕཽ། ཕཾ་ཕཾ། ཕཿཕཿ ལྗང་ཁུ་དང་དུད་ཁ་རྟ་མཆོག་དང་ཙཎྜི་ཀཱའི་ངོ་བོ། །འདི་ལའང་ཕ་ཕཾ་ཕཱ་ཕཱཾ་སོགས་དགོས་པར་མངོན་ཡང་སྔར་གྱི་དཔེ་ཐམས་ཅད་ལ་མེད་པར་མཐུན་པས་རེ་ཞིག་བཞག་གོ། འདི་རྣམས་ལས་ཡི་གེའི་ཚོགས་འཕྲོས། ལུས་ཀྱི་ནང་ཐམས་ཅད་སྔགས་ཀྱི་རྡུལ་ཕྲ་རབ་ཀྱིས་གང༌། སྐུའི་ཕྱི་རོལ་དུ་སྙིང་གར་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ། མགོ་བོར་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་སྭཱཧཱ་ཧུ་དམར་པོ་པདྨ་གར་གྱི་དབང་ཕྱུག ཕྲག་པ་གཉིས་སུ་བཽ་ཥ་ཊ་ཧེ་ནག་པོ། དཔལ་ཧེ་རུ་ཀ མིག་གཉིས་སུ། ཧཱུཾ་ཧཱུཾ་ཧོ་དམར་སེར་རྡོ་རྗེ་ཉི་མ། ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་ལྗང་ཁུ་རྟ་མཆོག་


TNT07_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོ་ཡུམ་གྱི་ལྟེ་བར། ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲཱིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་པར་ཧྲེཾ་ཧྲིཾ་སེར་མོ་བསྐྱོད་བྱེད་མ། སྤྱི་གཙུག་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀཱའི་ངོ་བོའོ། །དེ་རྣམས་ལས་ཡི་གེའི་ཚོགས་འཕྲོས་ཏེ་ལུས་ཀྱི་ཕྱི་རོལ་ཐམས་ཅད་གང་བར་གྱུར། འདིར་ཡང་སྤྲོ་ན་གོ་ཆའི་ལྷ་རྣམས་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྒོམ་སྟེ། ལཱུ་ཡི་པའི་ལུགས་བཞིན་ནོ། །སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བསྐུལ་ནས། གདོད་མ་ནས་གྲུབ་པའི་དཀྱིལ་འཁོར་ཆེན་པོ་མདུན་གྱི་ནམ་མཁར་བྱོན་པར་གྱུར། འབར་བའི་ཕྱག་རྒྱ་དཔྲལ་པར་བསྐོར་ཞིང༌། ཕཻཾ་ཞེས་བརྗོད། ཨོཾ་བཛྲ་ཝཱི་ནཱི། སོགས་རིག་མ་བཅུ་དྲུག་གིས་མཆོད། ཛཿཧཱུཾ་བཾ་ཧོཿ ཞེས་པས་དམ་ཡེ་བསྲེ། སླར་ཡང་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བསྐུལ་བས། དབང་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས། ཕཻཾ། གོང་བཞིན་རིག་མ་བཅུ་དྲུག་གིས་མཆོད། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་རྣམས་ཁྲུས་གསོལ་ལྟར། །དེ་བཞིན་བདག་ལ་ཁྲུས་བྱེད་འགྱུར། །ལྷ་ཡི་ཆུས་ནི་དག་པར་མཛོད། །ཅེས་གསོལ་བ་བཏབ་པས། རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་སྦྱོར་མཚམས་ནས་བྱུང་ནས། བདུད་རྩི་བདེ་བ་ཆེན་པོའི་རྒྱུན་གྱིས་ལྷ་ཐམས་


TNT07_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་སྤྱི་བོར་ནས་བླུགས་ཤིང་དབང་བསྐུར་བས། ལུས་ངག་ཡིད་གསུམ་གྱི་དྲི་མ་ཐམས་ཅད་དག རྡོ་རྗེ་བཞི་མི་ཕྱེད་པའི་རང་བཞིན་དུ་བྱིན་གྱིས་རླབས། སྤྱི་བོའི་སྟེང་དུ་གནས་པའི་བདུད་རྩིའི་ཐིགས་པ་རྣམས་ཡོངས་སུ་གྱུར་པ་ལས། རང་རང་གི་རིགས་ཀྱི་བདག་པོར་གྱུར་པ་ནི། གཙོ་བོ་ལ་མི་བསྐྱོད་པ། རྡོ་རྗེ་ཕག་མོ་ལ་འོད་དཔག་མེད་དམ་ཧེ་རུ་ཀ་རྡོ་རྗེའི་འཁོར་ལོ་པ་དང༌། ནམ་མཁའི་འཁོར་ལོ་པ་དང༌། ཐུགས་འཁོར་བ་རྣམས་ལ་མི་བསྐྱོད་པ། སྙིང་པོའི་འཁོར་ལོ་པ་དང༌། མེའི་འཁོར་ལོ་པ་དང༌། གསུང་གི་འཁོར་ལོ་པ་རྣམས་ལ་འོད་དཔག་མེད། ཡོན་ཏན་གྱི་འཁོར་ལོ་པ་དང༌། ཆུའི་འཁོར་ལོ་པ་དང༌། སྐུའི་འཁོར་ལོ་པ་རྣམས་ལ་རྣམ་པར་སྣང་མཛད། སྣ་ཚོགས་ཐིག་ལེའི་འཁོར་ལོ་ལ་གནས་པའི་རྣལ་འབྱོར་མ་རྣམས་དང༌། སའི་འཁོར་ལོ་པ་རྣམས་ལ་རིན་ཆེན་འབྱུང་ལྡན། རླུང་གི་འཁོར་ལོ་པ་དང༌། ཡེ་ཤེས་ཀྱི་འཁོར་ལོ་པ་དང༌། སྒོ་མཚམས་མ་རྣམས་ལ་དོན་ཡོད་གྲུབ་པས་དབུ་རྒྱན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་གི་ལྷ་རྣམས་རིགས་བདག་ལ་ཐིམ། དེ་ནས་མཆོད་པ་དངོས་སུ་བཤམས་ཡོད་ན་བྱིན་རླབས་བྱ། ཡིད་སྤྲུལ་ཙམ་ལ་བྱིན་རླབས་མི་དགོས་ཏེ། གང་ལྟར་ཡང་གོང་ཚོགས་གསོག་གི་སྐབས་སུ་བཤད་པ་ལྟར། ཆུ་གཉིས། ཉེར་སྤྱོད་ལྔ། རིག་མ་བཅུ་དྲུག་རྣམས་ཀྱིས་མཆོད། དཀར་མོ་རི་དྭགས་མཚན་མ་འཛིན། །ཞེས་པ་ནས། གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །མཚན་ཉིད་


TNT07_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྫོགས་པ་དང༌། །བདེ་ཆེན་སོགས་དང་བཟང་པོ་དང༌། །གཉིས་ཀུན་རྣམ་པར་སྤངས་པ་དང༌། །མཆོད་པ་ཁམས་གསུམ་བདག་ཉིད་ནི། །དངོས་པོ་ཀུན་འབྱུང་རྣམས་ཀྱིས་མཆོད། །དེ་ནས་བསྟོད་པ་ནི། སྔགས་འཕྲེང་ཡོངས་རྫོགས་ཀྱིས་བྱེད་པའང་ཡོད་མོད་ཀྱི། དེ་ལྟར་དགོས་པའི་ཤེས་བྱེད་འཐད་ལྡན་མི་སྣང་བས། བདེ་མཆོག་སྤྱི་དང་མཐུན་པར་ཡབ་ཡུམ་གྱི་རྐང་བརྒྱད་གཉིས་ཀྱིས་བསྟོད། དེ་ནས་སྤྲོ་ན་ཅང་ཏེའུ་སོགས་རོལ་མོའི་སྒྲ་དང་བཅས་ཏེ་རྐང་པ་ཞེ་བརྒྱད་པའི་མཐར། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། རྣལ་འབྱོར་ཆེན་པོ་ཐུབ་ཆེན་པོ། ཞེས་པ་ནས། སྟོང་པའི་ཐུགས་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གྱི་མཚན་བརྒྱས་ཀྱང་བསྟོད། ནང་མཆོད་འབྲུ་གསུམ་གྱིས་མྱངས་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་མ་ལུས་པ་འདུས་ནས། མྱོས་བྱེད་དང་ཤའི་བྱེ་བྲག་སྣ་ཚོགས་པ་དང༌། དམ་ཚིག་གི་རྫས་ཐམས་ཅད་ཀྱིས་མཆོད་དེ་ཐམས་ཅད་ཀྱང་རང་གི་སྙིང་གར་ཐིམ། དཀྱིལ་འཁོར་བདེ་བ་ཆེན་པོ་སྒོམ་པར་གྱིས། རྣལ་འབྱོར་བཅུ་གཉིས་བསོད་ནམས་སྡིག་མེད་པ། །ཐམས་ཅད་ཟག་མེད་རང་བཞིན་མྱོང་བར་གྱིས། །དཀྱིལ་འཁོར་ངན་པ་དེ་ནི་བདེ་བར་ཤེས་པར་བྱོས། །དབང་པོ་འཁྲུལ་པ་བདེ་བ་ཆེན་པོར་མྱོང་བར་གྱིས། །སྐད་ཅིག་དེ་ལ་རང་དང་གཞན་གྱི་ངོ་བོ་མེད། །གང་དང་གང་གི་རྣམ་པ་སྣ་ཚོགས་གཟུགས་ཅན་གྱི། །ས་གསུམ་གྱིས་ནི་དཀྱིལ་འཁོར་འཁོར་ལོ་སྤྲོ་བར་གྱིས། །དཀྱིལ་འཁོར་གྱི་འཁོར་ལོ་འཇའ་ཚོན་ལྟ་བུ་སྣང་སྟོང་གཉིས་སུ་མེད་པ་ལ་མཉམ་པར་བཞག་གོ །


TNT07_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནོ། །དེ་ནས་འདོད་ཆགས་ཆེན་པོའི་ཚུལ་ལམ་དུ་བྱེད་པ། ཀུན་ཏུ་སྤྱོད་པ་ལ་འཇུག་པ་ནི། གཙོ་བོ་ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབས་ཏེ། ཡས་བབས་དང་མས་བརྟན་གྱི་དགའ་བཞི་རྒྱུད་ལ་སྐྱེས་པར་མོས་ཤིང༌། ཕག་མོ་མཁའ་འགྲོ་མའི་གནས་སུ་སོང་ལ། མཁའ་འགྲོ་མ་གཙོ་མོའི་གནས་སུ་འོངས་ཏེ་དགའ་བ་རྩོམས་པ་དང༌། དེ་ལཱ་མའི་གནས་སུ་སོང་ཞིང༌། །ལཱ་མ་གཙོ་མོའི་གནས་སུ་འོང་བ་སོགས་རྣལ་འབྱོར་མ་བཞི་ལན་ཅིག་འཁོད་པ་ནི། ལོངས་སྤྱོད་པ་ཞེས་བྱ། ལན་གཉིས་པ་འཁོར་བ་ཐིམ་པ། གསུམ་པ་འཁོར་བ་བདག་པོ། བཞི་པ་འཁོར་བ་ཁྱབ་བདག །དེ་བཞིན་དུ། ཐིག་ལེའི་འཁོར་ལོའི་རྣལ་འབྱོར་མ། ལྔ་ཚན་བཞི་པོ་རྣམས་ལའང་སྦྱར་ཞིང༌། སྒོ་མ་བཞི་ཚན་བཞི་དང༌། མཚམས་མ་བཞི་ཚན་བཞི་ལའང་སྦྱར་རོ། །དེ་ནས་འཁོར་ལོ་བཅུ་གཉིས་ལ་ཀུན་ཏུ་སྤྱོད་པ་ནི། བདག་ཉིད་འདྲེན་པའི་ཧེ་རུ་ཀ་ནག་པོ་ཕྱག་བཅུ་གཉིས་པར་གྱུར་པ་ནི། འདྲེན་པའི་དཀྱིལ་འཁོར་དུ་འགྱུར་རོ། །དེ་བཞིན་དུ་རང་ཉིད་ཆུང་ངུའི་ཧེ་རུ་ཀ་དམར་སེར་དུ་གྱུར་ལ། རྡོ་རྗེའི་འཁོར་ལོ། སྙིང་པོའི་འཁོར་ལོའི་གནས་སུ་སོང་ཞིང༌། སྙིང་པོའི་འཁོར་ལོ་རྡོ་རྗེའི་འཁོར་ལོའི་གནས་སུ་འོངས་པས། འཁོར་ལོ་ཀུན་གྱི་ནང་དུ་གནས་པར་གྱུར་པ་ན། ཆུང་ངུའི་ཧེ་རུ་ཀའི་དཀྱིལ་འཁོར་དུ་གྱུར་རོ། །རིམ་པ་དེ་ཉིད་ནས་བརྩམས་ཏེ། རང་ཉིད་སྐུའི་ཧེ་རུ་ཀ་སྔོ་དམར་དཀར་བའི་མདོག་ཅན། གསུང་གི་འཁོར་ལོ་སྐུའི་འཁོར་ལོའི་གནས་སུ་སོང༌། འཁོར་ལོ་ཐམས་ཅད་ཀྱི་ནང་དུ་སྐུ་འཁོར་སོང་བས་སྐུའི་ཧེ་རུ་ཀའི་དཀྱིལ་འཁོར་དུ་འགྱུར་རོ། །ཚུལ་དེ་ཉིད་ལན་བཅུ་གཅིག་ཏུ་


TNT07_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བས། རྡོ་རྗེ་འཁོར་ལོ་ནང་དུ་འོང་གི་བར་སྐོར་ནས། སླར་ཡང་རང་ཉིད་མཁའ་འགྲོ་རྒྱ་མཚོ་ཉིད་དུ་བསྒོམ་པར་བྱའོ། །འདིས་ནི་མེ་ཏོག་གང་ལ་ལྷུང་བའི་འཁོར་ལོ་སྒོམ་པ་ཡང་བསྟན་པ་ཡིན་ཞིང༌། དེའི་རྗེས་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་གྱི་སྣེ་ལ་དཀྱིལ་འཁོར་ལྷའི་འཁོར་ལོ་སྤྲོས་པས་དོན་གཉིས་བྱས་ཏེ། སླར་བསྡུ་བ་ཡང་ཡང་སྒོམ་པ་ནི་ལས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནོ། །དེ་ནས། སྙིང་གའི་ས་བོན་དང་ཕྱག་མཚན་ལས་འོད་ཟེར་སྤྲོ་བསྡུའི་རིམ་པས། ཐིག་ལེའི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་ནི་ཐིག་ལེའི་རྣལ་འབྱོར། དེ་ཡང་འོད་ཟེར་གྱི་སྤྲོ་བསྡུས་ཐིག་ལེར་ཞུ་སྟེ་རྡོ་རྗེ་ནོར་བུར་འོངས་པ་ཕྱག་མཚན་དུ་གྱུར། དེའི་ལྟེ་བར་དཀྱིལ་འཁོར་སྒོམས་པའི་གཙོ་བོའི་ཐུགས་ཀའི་འོད་ཀྱིས། ཕྱི་ནང་གི་དཀྱིལ་འཁོར་མཐའ་དག་གསལ་བར་བསམ། དེ་ལ་སེམས་བརྟན་པ་ཐོབ་པའི་ཚེ། ཕྲ་མོའི་ས་བོན་དེའི་འོད་ཟེར་གྱིས་དྲངས་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་དག་ས་བོན་དེའི་ནང་དུ་བསྡུ་བ་ཡང་ཡང་བསྒོམ་པས་རྟགས་ལྔ་མཐར་ཕྱིན་པར་འགྱུར་བར་བཤད་དེ། ཕྲ་མོའི་རྣལ་འབྱོར་རོ། །དེ་ལ་ལས་རྒྱལ་མཆོག་དང་ཕྲ་ཐིག་གི་རྣལ་འབྱོར་དེ་དག་མངོན་རྟོགས་ཀྱི་ངག་འདོན་ལ་ནམ་དུ་ཡང་མི་དགོས་ཤིང༌། འདོད་པའི་དངོས་གྲུབ་མཆོག་སྒྲུབ་པ་ལ་སྤྱིར་ངེས་པར་དགོས་པའི་གལ་པོ་ཆེ་ཡིན་ཡང༌། ལས་དང་པོ་པས་དེ་དག་གོ་ཡུལ་ཙམ་མ་གཏོགས་ཡོངས་རྫོགས་སྒོམ་པར་མི་སྤྱོད་ཅིང་ཡི་གེ་མང་པར་འགྱུར་བའི་ཕྱིར་རྒྱས་པར་མ་སྨོས་སོ། །དེ་དག་ནང་ནས་གཙོ་བོ་ཡབ་ཡུམ་མཉམ་སྦྱོར་གྱི་དགའ་བཞིའི་དོན་སྒོམས་ཤིང༌། དཀྱིལ་འཁོར་སྤྲོ་བསྡུས་མོས་པ་ཙམ་


TNT07_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ལས་རྒྱལ་མཆོག་དེ་ཙམ་སྒོམ་དགོས་ཏེ། གཞན་དུ་ན་མངོན་རྟོགས་ཀྱི་ཡན་ལག་ཆད་པར་འགྱུར་བས་སོ། །དེ་ཉིད་ལ་ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་ཡང་ཚང་བར་རྒྱུད་ཀྱི་མཐར་ཐུགས་འགའ་ཞིག་ལས་གསུང་ཤིང༌། གོང་དུ་སྨོས་པའི་ཕྲ་ཐིག་དེ་དག་ནི་གསང་འདུས་ཀྱི་མན་ངག་ལས་བླང་བ་ཡིན་པས་སྐབས་འདིའི་དཀྱུས་ལ་མ་བསྒོམས་ཀྱང་ལུགས་འདིའི་བསྐྱེད་རིམ་གྱིས་ཡན་ལག་ཆད་པར་ནི་མི་འགྲོ་བར་མངོན་ལ། གལ་ཏེ་ལས་དང་པོ་པས་བསྒོམ་ན། སྙིང་ག་དང་གསང་བའི་ཐིག་ལེ་ཙམ་ལ་སེམས་གཟུང་ཞིང༌། དེའི་ནང་གི་དཀྱིལ་གྱི་འཁོར་ལོ་ནི་མོས་པ་ཙམ་གྱིས་ཆོག་གོ །དེ་ནས་བཟླས་པའི་དམིགས་པ་གསལ་བཏབ་ལ་སྔགས་བཟླ་བར་བྱ་སྟེ། ཡབ་ཡུམ་གྱི་སྙིང་པོ་དང༌། ཉེ་བའི་སྙིང་པོ་ནི། གོང་དུ་དྲིལ་བུ་ལུས་དཀྱིལ་གྱི་སྐབས་སུ་བཤད་པ་ལྟར་ཏེ། ལཱུ་དྲིལ་སོགས་དང་འདྲ་ལ། ཡུམ་གྱི་འཕྲེང་བའི་སྔགས་རྩ་སྔགས་སུ་གྲགས་པ་ནི། ལཱུ་ཡི་པའི་མན་ངག་གི་ལག་ལེན་དང་མཐུན་ཏེ་རྒྱུད་རྒྱལ་འདིར་སྔགས་བཏུ་ཡང་གསུངས་སོ། །ཡབ་ཀྱི་འཕྲེང་བའི་སྔགས་རྩ་སྔགས་སུ་གྲགས་པ་ནི། ཨོཾ་ན་མཿཤྲཱི་བཛྲ་ཌཱ་ཀ་མཧཱ་བཱི་ར་བཱི་རེ་ཤྭ་རཱ་ཡ། ཏྲི་བྷུ་བཾ་ཀམྤཱ་བ་ཎཱ་ཡ། དཾཥྟོཏྐ་ཊ་བྷི་ཥ་ཎ་བྷཻ་ར་བཱ་ཡ། ཤ་ཏ་ས་ཧ་སྲ་ནེ་ཏྲཱ་ཡ། བིང་ཡུ་ཛྫི་ཧྭཱ་ཡ། ཀཾ་ཀཱ་ལ་མཱ་ལཱ་བྷ་ར་ཎོ྅་གྲཱ་ཡ། ཀོ་ཊི་ལཀྵ་བྷུ་ཛཱ་ཡ། ཛྲཱ་ལཱ་ཝ་ལཱི་ཌ་ལགྣཱ་ཡ། པ་ར་ཤུ་པ་ཤོ་དྱ་ཏ་ཤཱུ་ལཱ། ཀལྤཱནྟ་དྷྲཱུ་མྲུ་གྲ་ཝ་བཱུ་ཥཱ་ཡ། བི་ཀ་ཊ་མུ་ཁ་ཧཱ་ཧཱ་རཱ་བཱ་ཡ། མཱ་ཏྲྀ་ག་ཎ་པ་རི་པཱུ་རི་ཏ་མནྟྲ་ཡ། ས་ཧ་ཛ་སུནྡ་རཱི་བལླ་བྷ་ཀ་རཱ་ཡ། ཧཱུཾ་ཧཱུཾ་ཀཱ་རོཙྩ་ར་ཎ་མུ་ཁཱ་


TNT07_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཡ། མཧཱ་ཤྨ་ཤ་ན་པྲི་ཡཱ་ཡ། སརྦ་བྷཱུ་ཏ་སཾ་ཏྲཱ་ས་ན་ཀ་རཱ་ཡ། མཧཱ་ཀལྤཱནྟཱགྣི་ཏེ་ཛཱ་ཡ། ཛ་ཊཱ་ཀ་ལཱ་པ་མུ་ཀུ་ཊཱ་ཡ། ཁ་ཊྭཱཾ་ག་ཀ་པཱ་ལ་ཤུ་ལ་བྷིནྣ་དྷ་རི་ཎེ། མཧཱ་ས་མུ་དྲ་མེ་ཁ་ལཱ་ཡ། བྱཱ་གྷྲ་ཙིརྨཱཾ་བ་ར་དྷཱ་རི་ཎེ། བེ་ཏཱ་ལ་སཾ་གྷམརྡྷ་ཎ་ཀ་རཱ་ཡ། མཧཱ་བིགྷྣ་ནི་བཱ་རི་ཎེ། ཤ་ཏྲུ་ནི་སུམྦྷ་ན་ཀ་རཱ་ཡ། ཏྲི་ས་ཧ་སྲ་མཧཱ་སི་ཧསྲེ་ཀ་རོ་མཱ་བ་ལྱཱནྟ་ཝརྟི་ཎེ། ཤ་ཏ་ས་ཧ་སྲ་མུ་ཁཱ་ཡ། ཛྙཱ་ན་སཱ་ག་ར་པྲ་བྷཱ་ཡ། མཧཱ་བི་ཤི་ཏ་རུ་དྷི་ར་བ་སྭཱཧཱ་རི་ཎེ། སརྦ་མཱ་ར་བ་ལ་བི་དྷྭནྶི་ནེ། ཤྲཱིཥྟི་སཾ་ཧཱ་ར་ཀ་ར་ཀཱ་ཡ། སརྦ་ནཱ་གཱ་ནཱཾ་ཤོ་ཥ་ཎ་སྟམྦྷ་ན་བི་དྲ་བ་ཎཱ་ཡ། ཨནྟྲ་མ་ལ་དྷཱ་རི་ཎེ། སུ་མེ་རུ་ཀམྤི་ཏ་ན་དཱ་ཡ། ཀྲོ་དྷ་བི་གྲ་ཧ་དྷཱ་ར་ཎཱ་ཡ། མཧཱ་ཤ་ཏི་ལ་ཀཱཏྨ་ནེ། བུདྡྷ་ཀོ་ཊི་ས་ཧ་སྲ་ཀྵ་ཎཱ་ནིཥྤཱ་ད་ནཱ་ཡ། ཛྙཱ་ན་མྲྀ་ཏ་བརྵ་པ་ཎཱ་ཡ། སརྦ་ཀརྨ་པྲ་ཝརྟ་ནཱ་ཡ། བནྡྷ་ཀ་རཱ་ཡ། སརྦ་བི་ཀལྤ་བྷཉྫ་ན་ཀ་རཱ་ཡ། མུཎྜཱ་བ་ལཱི་ལགྣ་ཤ་རཱི་རཱ་ཡ། པ་ར་ཀྲི་ཏ་ཡནྟྲ་མནྟྲ་ནཱ་ཤ་ནཱ་ཡ། མཧཱ་རཀྵ་ཀ་རཱ་ཡ། དུཥྟཱ་ནཾ་བི་དཱ་ལ་ནེ། དྷརྨོ་ད་ཡ་ཀ་རཱ་ཡ། ཀྲོ་དྷ་སྥཱ་ར་སྥཱ་ར་ཎ་ཡ། ཨིནྟྲ་ཛཱ་ལ་སརྦ་ས་ཏྭཱཏྨ་ནེ། གྲསྟ་བཱ་པྲ་བཱ་ད་མཧཱ་མ་ཏེ། ཨོཾ་ཨ་ཀ་ཨཱ་ཁ་ཨི་ག་ཨཱི་གྷ་ཨུ་ད་ཨཱུ་ཙ་རྀ་ཚ་རཱྀ་ཛ་ལྀ་ཛྷ་ལཱྀ་ཉ་ཨེ་ཊ་ཨཻ་ཋ་ཨོ་ཊ་ཨཽ་ཌྷ་ཨཾ་ཎ་ཨཿཏ། ཨཿཐ་ཨཾ་ད་ཨཽཾ་དྷ་ཨོཾ་ན། ཨཻཾ་པ་ཨེཾ་ཕ་ལཱྀཾ་བ་ལྀཾ་བྷྀཾ་རཱ་མ་རྀཾ་ཡ་ཨཱུཾ་ར་ཨུཾ་ལ་ཨཱིཾ་ཝ་ཨིཾ་ཤ་ཨཾ་ཥ་ཨཱཾ་ས་ཨཿཧ་ཨཱཿཀྵ་ཧཿ


TNT07_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཀཱ་ཁ་ཁཱ་ག་གཱ་གྷ་གྷཱ་ང་ངཱ༌། ཙ་ཙཱ་ཚ་ཚཱ་ཛ་ཛཱ་ཛྷ་ཛྷཱ་ཉ་ཉཱ། ཊ་ཊཱ་ཋ་ཋཱ་ཌ་ཌཱ་ཌྷ་ཌྷཱ་ཎ་ཎཱ། ཏ་ཏཱ་ཐ་ཐཱ་ད་དཱ་དྷ་དྷཱ་ན་ནཱ། པ་པཱ་ཕ་ཕཱ་བ་བཱ་བྷ་བྷཱ་མ་མཱ། ཡ་ཡཱ་ར་རཱ་ལ་ལཱ་ཝ་ཝཱ། ཤ་ཤཱ་ཥ་ཥཱ་ས་སཱ་ཧ་ཧཱ་ཀྵ་ཀྵ། ཀྵཾ་ཀྵཱཾ་ཧཾ་ཧཱཾ་སཾ་སཱཾ་ཥ་ཥཱཾ་ཤཾ་ཤཱཾ་ཝཾ་ཝཱཾ་ལཾ་ལཱཾ་རཾ་རཱཾ་ཡཾ་ཡཱཾ། མཾ་མཱཾ་བྷཾ་བྷཱེཾ་བཾ་བཱཾ་ཕཾ་ཕཱཾ་པཾ་པཱཾ། ནཾ་ནཱཾ་དྷཾ་དྷཱཾ་དཾ་དཱཾ་ཐཾ་ཐཱཾ་ཏཾ་ཏཱཾ། ཎཾ་ཎཱཾ་ཌྷཾ་ཌྷཱཾ་ཌཾ་ཌཱཾ་ཋཾ་ཋཱཾ་ཊཾ་ཊཱཾ། ཉཾ་ཉཱཾ་ཛྷཾ་ཛྷཱཾ་ཛཾ་ཛཱཾ་ཚཾ་ཚཱཾ་ཙཾ་ཙཱཾ། ངཾ་ངཱཾ་གྷཾ་གྷཱཾ་གཾ་གཱཾ་ཁཾ་ཁཱཾ་ཀཾ་ཀཱཾ། ཀ་ཙ་ཁ་ཚ་ག་ཛ་གྷ་ཛྷ་ང་ཉ། ཀ་ཊ་ཁ་ཋ་ག་ཌ་གྷ་ཌྷ་ང་ཎ། ཀ་ཏ་ཁ་ཏ་ཐ་ག་ད་གྷ་དྷ་ང་ན། ཀ་པ་ཁ་ཕ་ག་བ་གྷ་བྷ་ང་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་ཨཿཨཾ། ཀ་ཧ་ཀ་ཧ། ཀ་ས་ཀ་ས། ཀ་ཥ་ཀ་ཥ། ཀ་ཤ་ཀ་ཤ ཀ་ཝ་ཀ་ཝ། ཀ་ལ་ཀ་ལ། ཀ་ར་ཀ་ར། ཀ་ཡ་ཀ་ཡ། ཀ་མ་ཀ་མ། ཀ་བྷ་ཀ་བྷ། ཀ་བ་ཀ་བ། ཀ་ཕ་ཀ་ཕ། ཀ་པ་ཀ་པ། ཀ་ན་ཀ་ན། ཀ་དྷ་ཀ་དྷ། ཀ་ད་ཀ་ད། ཀ་ཐ་ཀ་ཐ། ཀ་ཏ་ཀ་ཏ། ཀ་ཎ་ཀ་ཎ། ཀ་ཌྷ་ཀ་ཌྷ། ཀ་ཌ་ཀ་ཌ། ཀ་ཋ་ཀ་ཋ། ཀ་ཊ་ཀ་ཊ། ཀ་ཉ་ཀ་ཉ། ཀ་ཛྷ་ཀ་ཛྷ། ཀ་ཛ་ཀ་ཛ། ཀ་ཚ་ཀ་ཚ། ཀ་ཙ་ཀ་ཙ། ཀ་ང་ཀ་ང༌། ཀ་གྷ་ཀ་གྷ། ཀ་ག་ཀ་གཀ་ཁ་ཀ་ཁ། ཀུ་ཧུ་ཀུ་ཧུ། ཀུ་སུ་ཀུ་སུ། ཀུ་ཥུ་ཀུ་ཥུ། ཀུ་ཤུ་ཀུ་ཤུ། ཀུ་ཝུ་ཀུ་ཝུ། ཀུ་ལུ་ཀུ་ལུ། ཀུ་རུ་ཀུ་རུ། ཀུ་ཡུ་ཀུ་ཡུ། ཀུ་མུ་ཀུ་མུ། ཀུ་བྷུ་ཀུ་བྷུ། ཀུ་བུ་ཀུ་བུ། ཀུ་ཕུ་ཀུ་ཕུ། ཀུ་པུ་ཀུ་པུ། ཀུ་ནུ་ཀུ་ནུ། ཀུ་དྷུ་ཀུ་དྷུ། ཀུ་དུ་ཀུ་དུ།


TNT07_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་ཐུ་ཀུ་ཐུ། ཀུ་ཏུ་ཀུ་ཏུ། ཀུ་ཎུ་ཀུ་ཎུ། ཀུ་ཌྷུ་ཀུ་ཌྷུ། ཀུ་ཌུ་ཀུ་ཌུ། ཀུ་ཋུ་ཀུ་ཋུ། ཀུ་ཊུ་ཀུ་ཊུ། ཀུ་ཉུ་ཀུ་ཉུ། ཀུ་ཛྷུ་ཀུ་ཛྷུ། ཀུ་ཛུ་ཀུ་ཛུ། ཀུ་ཚུ་ཀུ་ཚུ། ཀུ་ཙུ་ཀུ་ཙུ། ཀུ་དུ་ཀུ་དུ། ཀུ་གྷུ་ཀུ་གྷུ། ཀུ་གུ་ཀུ་གུ། ཀུ་ཁུ་ཀུ་ཁུ། བནྡྷཱ་ཡ་བནྡྷཱ་ཡ། བནྡྷ་པཱ་ཡ་བནྡྷ་པཱ་ཡ། གརྫྫ་གརྫྫ༌། གརྫྫ་ཡ་གརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཏརྫ་ཡ་ཏརྫ་ཡ། སྥོ་ཊ་ཡ་སྥོ་ཊ་ཡ། བི་དྷྭཾ་ས་ཡ་བི་དྷྭཾ་ས་ཡ། མོ་ཧ་ཡ་མོ་ཧ་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། མཱ་ར་ཡ་མཱ་ར་ཡ། ཀཾ་བཱ་ཝ་ཡ་ཀཾ་བཱ་ཝ་ཡ། དུ་ར་དུ་ར། ཁུ་ར་ཁུ་ར། བྷ་ར་བྷ་ར། ཛ་ར་ཛ་ར། བི་ཤ་བི་ཤ །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཉྫ་བྷཉྫ། མརྡ་ཡ་མརྡ་ཡ། ཧྲེཾ་ཧྲེཾ། ཙ་ལ་ཙ་ལ། མཱ་ཙ་ལ་མཱ་ཙ་ལ། ཀྲུ་ར་ཙེཏཱ་ཡ་ཕཊ། ཤ་ཏྭཱུ་ནི་བཱ་ར་ཡ་ཧཱུཾ། མེ་གྷ་ནི་ཝཱ་ར་ཡ་ཧྲིཾ། མོ་ཙ་ཡ་མོ་ཙ་ཡ། སྟམྦྷ་ཡ་སྟམྦྷ་ཡ། བྷཀྵ་བྷཀྵ། དུརྶས་པ་ཡ་དུརྶས་པ་ཡ། གྷུཌྷཱན་ཏྲ་མཱ་ལཱ་བ་ལ་བི་ནེ། ཁེ་ཙ་རཱ་ཡ་ཧཱུཾ། བྷུ་ཙ་རཱ་ཡ་ཨཱཿ པཱ་ཏཱ་ལ་ཙ་རཱ་ཡ་ཨོཾ། ཛ་ལ་ཙ་རཱ་ཡ་བཾ། སྠ་ལ་ཙ་རཱ་ཡ་ལཾ། སརྦ་ཏ་ནི་བཱ་ས་ནི་ཧཱུཾ། ནཱ་གཱ་ནཱཾ་སཔྟ་པཱ་ཏཱ་ལ་ག་ཏ་གྲྀཧྞ་རཛྙཱ་གྲྀཧྞ་རཛྙཱཾ། ཛྙཾ་ཛྙཾ། ཛྙཽ་ཛྙཽ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། ཁ་ར་ཁ་ར། ཁུ་རུ་ཁུ་རུ། ག་ར་ག་ར། གུ་རུ་གུ་རུ། གྷ་ར་གྷ་ར། གྷུ་རུ་གྷུ་རུ། ང་ར་ང་ར༌། ངུ་རུ་ངུ་རུ། ཙ་ར་ཙ་ར། ཙུ་རུ་ཙུ་རུ། ཚ་ར་ཚ་ར། ཚུ་རུ་ཚུ་རུ། ཛ་ར་ཛ་ར། ཛུ་རུ་ཛུ་རུ། ཛྷ་ར་ཛྷ་ར། ཛྷུ་རུ་ཛྷུ་རུ། ཉ་ར་ཉ་ར།


TNT07_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཉུ་རུ་ཉུ་རུ། ཊ་ར་ཊ་ར། ཊུ་རུ་ཊུ་རུ། ཋ་ར་ཋ་ར། ཋུ་རུ་ཋུ་རུ། ཌ་ར་ཌ་ར། ཌུ་རུ་ཌུ་རུ། ཌྷ་ར་ཌྷ་ར། ཌྷུ་རུ་ཌྷུ་རུ། ཎ་ར་ཎ་ར། ཎུ་རུ་ཎུ་རུ། ཏ་ར་ཏ་ར། ཏུ་རུ་ཏུ་རུ། ཐ་ར་ཐ་ར། ཐུ་རུ་ཐུ་རུ། ད་ར་ད་ར། དུ་རུ་དུ་རུ། དྷ་ར་དྷ་ར། དྷུ་རུ་དྷུ་རུ། ན་ར་ན་ར། ནུ་རུ་ནུ་རུ། པ་ར་པ་ར། པུ་རུ་པུ་རུ། ཕ་ར་ཕ་ར། ཕུ་རུ་ཕུ་རུ། བ་ར་བ་ར། བུ་རུ་བུ་རུ། བྷ་ར་བྷ་ར། བྷུ་རུ་བྷུ་རུ། མ་ར་མ་ར། མུ་རུ་མུ་རུ། ཡ་ར་ཡ་ར། ཡུ་རུ་ཡུ་རུ། ར་ར་ར་ར། རུ་རུ་རུ་རུ། ལ་ར་ལ་ར། ལུ་རུ་ལུ་རུ། ཝ་ར་ཝ་ར། ཝུ་རུ་ཝུ་རུ། ཤ་ར་ཤ་ར། ཤུ་རུ་ཤུ་རུ། ཥ་ར་ཥ་ར། ཥུ་རུ་ཥུ་རུ། ས་ར་ས་ར། སུ་རུ་སུ་རུ། ཧ་ར་ཧ་ར། ཧུ་རུ་ཧུ་རུ། ཀྵ་ར་ཀྵ་ར། ཀྵུ་རུ་ཀྵུ་རུ། ཧཾ་ཧཱཾ། ཧིཾ་ཧཱིཾ། ཧུཾ་ཧཱུཾ། ཧེཾ་ཧཻཾ། ཧོཾ་ཧཽཾ། ཧཾ་ཧཿ གརྦྷ་གརྦྷ། ཛཱ་ཏི་ཛཱ་ཏི། དེ་ཝཱ་ནཱཾ། དཱ་མ་ཡ་དཱ་མ་ཡ། སརྦ་ཤ་རཱི་རཱ་ཡ་ཧཱུཾ། ཛ་ཡ་ཛ་ཡ་ཧཱུཾ། བི་ཛ་ཡ་བི་ཛ་ཡ་ཧཱུཾ། ས་ར་ས་ར་ཧཱུཾ། བི་ས་ར་བི་ར་ས་ཧཱུཾ། ཨགྣ་ཡེ་ཧཱུཾ། བ་རུ་ཎེ་ཧཱུཾ། ཨ་ན་ལཱ་ཡ་ཧཱུཾ། བཱ་ཡ་ཝེ་ཧཱུཾ། ཨཱ་ཀཱ་ཤཱ་ཡ་ཧཱུཾ། སརྦ་རོ་གོ་བ་ཧ་རཱ་ཡ་ཧཱུཾ། བི་ཥབྷཀྵ་ཎཱ་ཡ་ཧཱུཾ། ཡནྟྲབཱ་ཧ་ནཱ་ཡ་ཧཱུཾ། ཀཱ་ལཱ་གྷ་ཡེ་ཧཱུཾ། དེ་བཱ་ཡ་ཧཱུཾ། ཡ་མཱ་ཡ་ཧཱུཾ། ཀུ་བེ་རཱ་ཡ་ཧཱུཾ། དེ་ཏྱཱ་ཡེ་ཧཱུཾ། ཨིནྡྲཱ་ཡ་ཧཱུཾ། བྷཱུ་ཏཱ་ཡ་ཧཱུཾ། སརྦ་ས་ཏྭཱ་ཡ་ཧཱུཾ། བརྟ་ཙཀྲཱ་ཡ་ཧཱུཾ། དྷརྨ་དྷཱ་ཏ་ཝེ་ཧཱུཾ། མུ་ཁཱ་ཡ་ཧཱུཾ། ནེ་ཏྲཱ་ཡ་ཧཱུཾ། ཀ་པཱ་ལ་མཱ་ལི་ནེ་ཧཱུཾ། བྷུ་ཛཱ་ཡ་ཧཱུཾ།


TNT07_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཨསྟྲ་ཡ་ཧཱུཾ། ཙ་ར་ཎཱ་ཡ་ཧཱུཾ། ཛ་ཊཱ་མུ་ཀུ་ཊཱ་ཡ། མ་ས་མ་ས། ག་ས་ག་ས། ར་ས་ར་ས། བྷ་ར་བྷ་ར། མ་ཊ་མ་ཊ། ཏྲ་ཊ་ཏྲ་ཊ། གྷ་ཊ་གྷ་ཊ། མུཉྩ་མུཉྩ། གྷོ་རཱན་དྷ་ཀཱ་ར་བྲི་ཡཱ་ཡ། ཕིཾ་ཕིཾ། ཕུ་ད་ཕུ་ད། མ་ར་མ་ར། པ་ར་མཱརྠ་རཱུ་པི་ཎེ། ཤཱནྟི་ཀ་རཱ་ཡ། བུཥྟི་བ་ར་ཌ་ནཱ་ཡ། ལོ་ཀ་པཱ་ལ་རཱུ་པི་ཎེ། སརྦ་ཤ་རཱི་ར་རཱུ་པཱ་ཡ། བྲྀཀྵ་གུལྨོ་ལ་ཏཱ་ཡ། སཔྤ་རཱུ་པཱི་ཎེ། སརྦ་བསྟུ་ནེ་མཱ་ར་ཎཱ་ཡ། རཱུ་པཱ་ཡ། བྷ་ཀྵཱ་ཡ། བྷ་ཀྵ་ཎ་རཱུ་པཱ་ཡ། ནི་རོ་པཱ་མཱ་ཡ། ནི་རོ་པཱ་མ་མུ་ཁ་བེ། ཧ་ས་ཧ་ས། བི་ལཱ་ས་བི་ལཱ་ས། ནྲྀ་ཏྱཱ་བ་ཡ་ནྲྀ་ཏྱཱ་པ་ཡ། དྭཱིནྡྲི་ཡ་ཡོ་གཱ་ཡ། ནིཿསྭ་བྷཱ་ཝ་མ་ཧཱཏྨ་ནེ། ཤཱསྟྲདྷཱ་ར་ཎི་ཝ་ར་ཎཱ་ཡ། ནཱ་ནཱ་བྷི་ཙ་རཙྪེ་ད་ནེ། ཙུམྦ་ཙུམྦ། ཧུ་ལུ་ཧུ་ལུ། ཙུ་ལུ་ཙུ་ལུ། ཧཱུཾ་ཧ་ཧཱུཾ་ཧཱ། ཧཱུཾ་ཧི་ཧཱུཾ་ཧཱི། ཧཱུཾ་ཧུ་ཧཱུཾ་ཧུ། ཧཱུཾ་ཧེ་ཧཱུཾ་ཧཻ། ཧཱུཾ་ཧོ་ཧཱུཾ་ཧཽ། ཧཱུཾ་ཧཾ་ཧཱུཾ་ཧཿ ཧུཾ་ཧཱུཾ། ཧྲིཾ་ཧྲཱིཾ། ཛུཾ་ཛཱུཾ། ཀྲོཾ་ཀྲཽཾ། ཕིཾ་ཕཱིཾ། ཕུཾ་ཕཱུཾ། ཕེཾ་ཕཻཾ། ཕོཾ་ཕཽཾ། ཕཾ་ཕཱཾ། ཕཿཕཿ ཀུ་ཙ་ཀུ་ཙ། ཏྲ་ཊ་ཏྲ་ཊ། མ་ཌ་མ་ཌ། ར་ཋ་ར་ཋ། ད་ཋ་ད་ཋ། ཛ་ཋ་ཛ་ཋ། མ་ད་ན་མ་ད་ན། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཕཊ་སྭཱཧཱ། ཞེས་པ་ཡབ་ཀྱི་རྩ་བའི་སྔགས་འདི་ཉིད་དང༌། ཡུམ་གྱི་རྩ་བའི་སྔགས་ཏེ། བཟླས་བྱའི་གཙོ་བོ་ནི་འདི་གཉིས་ཡིན་ལ། དེ་ཙམ་བཟླ་བ་མི་ལྕོགས་ན་རྩ་སྔགས་གཉིས་པོ་ཚར་གཅིག་བཏོན་ནས། ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་གང་མོས་


TNT07_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་བཟླ་བར་བྱའོ། །འཁོར་གྱི་སྔགས་རྣམས་ནི། བདག་བསྐྱེད་བཟླས་པའི་སྐབས་བཟླ་མི་དགོས་ལ། དཀྱིལ་འཁོར་མཆོད་པ་ལ་སོགས་པའི་གནས་སྐབས་འགའ་ཞིག་ཏུ་དགོས་མོད་ཀྱི་གཞན་དུ་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་ཉེ་བར་བསྡུ་བ་ནི། རིག་མ་བཅུ་དྲུག་གིས་མཆོད། རྐང་བརྒྱད་དམ་མཚན་བརྒྱ་གང་རུང་གིས་བསྟོད། དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་གྱི་མེའི་རྭ་བ་ནས་བརྩམས་བདག་ཉིད་ཀྱི་བར་དུ་ཕྱི་མ་ཕྱི་མ་ནང་མ་ནང་མ་ལ་ཐིམ། རང་ཉིད་ཀྱང་སྙིང་གའི་ཧཱུཾ་ལྗང་སྔོན་ལ་ཐིམ། དེ་ཡང་ནཱ་དའི་བར་དུ་བསྡུས་ཏེ་ནཱ་ད་ཡང་དབྱིངས་སུ་ཐིམ་པར་གྱུར། ཅུང་ཟད་མཉམ་པར་བཞག །སྟོང་པའི་ངང་ལས་བདག་དཔལ་མཁའ་འགྲོ་རྒྱ་མཚོའི་གཟུགས་ཀྱིས་གནས་པར་གྱུར། ཞེས་བརྗོད། བར་འདིར་གཏོར་མ་གཏོང་བར་བཤད་ཀྱང༌། ད་ལྟ་ལག་ལེན་དུ་མི་བདེ་བས་མི་མཛད་ལ། དེ་ནས་དག་པ་དྲན་པ་མདོར་བསྡུས་པ་ནི། ཀུན་རྫོབ་དང་ནི་དོན་དམ་པ། །དཀྱིལ་འཁོར་པ་དང་གཙོ་བོའོ། །ཁྲག་འཐུང་གཉིས་མེད་དངོས་པོ་རུ། །འདི་གསུམ་གྱི་ནི་ཁམས་གསུམ་མོ། །ཐམས་ཅད་ཐིག་ལེའི་གཟུགས་བདག་ཉིད། །བདེན་པ་གཉིས་སུ་གཟུང་བ་མེད། །ཡོད་པ་གཟུགས་མེད་བདག་ཉིད་དེ། །རྟོག་པ་ཙམ་དུ་ཁྱབ་བདག་ཆེ། །སྦྱིན་པ་ཀུན་རྫོབ་གཟུགས་བདག་ཉིད། །ཕ་རོལ་ཡང་ནི་དོན་དམ་པའོ། །དང་པོའི་སྦྱོར་བ་དེའི་འགྲུབ་བོ། །ཚུལ་ཁྲིམས་བསྙེན་པ་སོགས་སུ་འདོད། །ཕར་ཕྱིན་རྒྱུ་ཡི་རྡོ་རྗེ་འཆང༌། །སྟོང་


TNT07_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྙིང་རྗེའི་བདག་ཉིད་དོ། །བཟོད་པ་ཚངས་པར་སྤྱོད་པ་ཡི། །དཀྱིལ་འཁོར་འབྱིན་པ་ཡང་ནི་དེ། །རྒྱལ་པོ་བདེ་བ་ཀུན་ལ་གནས། །མཆོག་ནི་རང་གིས་ཕ་རོལ་ཕྱིན། །བརྩོན་འགྲུས་དགའ་ཆེན་ཐམས་ཅད་ལས། །མདོག་དང་བཞུགས་ཚུལ་བདག་ཉིད་ཀྱིས། །ཕ་རོལ་ཕྱིན་རྣམས་རང་བཞིན་དུ། །ཡེ་ཤེས་རྣམ་པར་ཀུན་ཏུ་འགྱུར། །ཡེ་ཤེས་སེམས་སོགས་བསམ་གཏན་ཏེ། །ཕར་ཕྱིན་འོད་ཟེར་སྤྲོ་བའོ། །ཡེ་ཤེས་དཀྱིལ་འཁོར་དང་དབང་བསྐུར། །ཤེས་རབ་ལས་ཀྱི་རྒྱལ་པོ་མཆོག །རང་རང་མགོ་བོར་རིགས་ཀྱིས་ནི། །རྒྱས་བཏབ་ཕ་རོལ་ཕྱིན་པའོ། །སྟོབས་ནི་སྙིང་རྗེའི་དཔའ་བོ་སྟེ། །སྟོང་པ་ཉིད་ནི་རྣལ་འབྱོར་མ། །ཕ་རོལ་ཕྱིན་མ་གཉིས་མེད་ཀུན། །གཡོན་པར་ཞུགས་སྐྱེས་གང་བདེ་བ། །ཐབས་ནི་ཐིག་ལེའི་རྣལ་འབྱོར་ཏེ། །ཕ་རོལ་ཕྱིན་པ་ཐེག་པ་ཆེ། །སྨོན་ལམ་སྔགས་ཀྱི་བཟླས་པ་སོགས། །ཕར་ཕྱིན་ཕྲ་མོའི་རྣལ་འབྱོར་རོ། །ཡེ་ཤེས་དཀྱིལ་འཁོར་མ་ལུས་པ། །ཕག་མོ་དང་ནི་བསྲེས་པ་ལས། །བསྡུ་བ་ཕ་རོལ་ཕྱིན་པ་སྟེ། །འཇིག་རྟེན་ཁམས་ཀྱི་རྣམ་དག་པའོ། །སྲིད་དང་མྱ་ངན་འདས་གཟུགས་བདག །སྒྱུ་མ་སྙིང་རྗེ་ལས་བྱུང་བའོ། །ཐམས་ཅད་བདེན་མིན་བརྫུན་མིན་པའོ། །སྐྱེ་མིན་མི་སྐྱེ་མིན་སྤངས་པའོ། །ཞེས་བརྗོད་ཅིང་དོན་བསམ་པར་ཛ་ཡ་སྱ་ནཱའི་སྒྲུབ་ཐབས་ཀྱི་གཞུང་ལས་བཤད་དོ། །ཐུན་བཞིའམ་ཐུན་ཐ་མའི་ཐུན་མཚམས་སུ་གཏོར་མ་གཏོང་ཞིང༌། གཞན་ཡང་བཟའ་བའི་རྣལ་འབྱོར་དང༌། སྤྱོད་ལམ་


TNT07_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣལ་འབྱོར་དང༌། ཉལ་བ་དང་ལྡང་བའི་རྣལ་འབྱོར་རྣམས་ཀྱང་ནན་ཏན་དུ་བྱ་དགོས་ཏེ། དེ་དག་གི་རིམ་པ་ནི་སྤྱི་དང་འདྲ་ལ། དག་དྲན་གྱི་རྗེས་སུ་སྤྱོད་ལམ་གྱི་རྣལ་འབྱོར་ལ་འཇུག་ན། གོང་དུ་བཤད་པ་བཞིན་ལུས་ཀྱི་ཕྱིའི་གོ་ཆ་རྣམས་བཀོད་ནས་སྣང་བ་ཐམས་ཅད་ལྷར་མོས་བཞིན་དུ་དགེ་བའི་རྩ་བ་བསྔོའོ། །གཏོར་མའི་ཆོ་ག་ལ། གཏོར་མ་བྱིན་རླབས་ནི་དྲིལ་བུ་ལུས་དཀྱིལ་གྱི་སྐབས་སུ་བཤད་པ་དང་འདྲ་བ་ལས། རྫས་རྣམས་བསྐྱེད་པའི་སྐབས། ཤར་དུ་བི་དཀར་པོ་ལས་དྲི་ཆེན་བིས་མཚན་པ། བྱང་དུ་མུ་ལྗང་ཁུ་ལས་དྲི་ཆུ་མུས་མཚན་པ། ནུབ་ཏུ་མ་དམར་པོ་ལས་ཤ་ཆེན་མས་མཚན་པ། ལྷོར་རྭ་སེར་པོ་ལས་རང་བྱུང་རས་མཚན་པ། དབུས་སུ་ཨ་དཀར་པོ་ལས་བྱང་སེམས་ཨས་མཚན་པ། མེར་གོ་དཀར་པོ་ལས་བ་ལང་གི་ཤ་གོས་མཚན་པ། སྲིན་པོར་ཀུ་སྔོན་པོ་ལས་ཁྱི་ཤ་ཀུས་མཚན་པ། རླུང་དུ་ད་དམར་པོ་ལས་གླང་པོའི་ཤ་དས་མཚན་པ། དབང་ལྡན་དུ་ཧ་ལྗང་ཁུ་ལས་རྟ་ཤ་ཧས་མཚན་པ། དབུས་སུ་ན་སྔོན་པོ་ལས་ཤ་ཆེན་ནས་མཚན་པ། ཞེས་འདོན་པ་སྤོ་བ་ནི་ཛ་ཡ་སྱ་ནའི་ཁྱད་པར་གྱི་འདོད་པ་ཡིན་ཞིང་འགལ་བ་མེད་ལ་ཐོག་མ་ཁ་ཊྭཾ་ག་བསྐྱེད་ནས་དེ་རྗེས་རྫས་བཅུ་བཞུ་བ་ཛ་ཡ་སྱ་ནའི་གཞུང་ལ་སྣང་ཡང༌། ཚད་ལྡན་རྣམས་དང་ནི་མཐུན་པར་གོ་རིམ་འཁྲུགས་པ་དང་ཡི་གེ་གསུམ་ལས་འཁོར་ལོ་བཅུ་གཉིས་ཀྱི་ལྷ་ཚོགས་སྤྲོ་བསྡུ་བྱེད་པ་ནི་ཐུན་མོང་མ་ཡིན་པའི་ལུགས་སུ་བསམས་ནས་ཆེད་ཀྱིས་བཅོས་པར་སྣང་ཡང༌། ལྷ་ཐམས་ཅད་རྡོ་རྗེ་གསུམ་དུ་འདུ་བས་འཆོས་མི་དགོས་ཤིང༌། དེ་སྐབས་ཐུན་མོང་མ་ཡིན་པས་ཁྱད་ཆོས་དེ་དོན་ལ་གནས་ན།


TNT07_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་ཡང་བཅུ་གཉིས་དགོས་པ་ལ་ཡི་གེ་གསུམ་ལས་མི་སྣང་བའི་ཕྱིར་མི་འཐད་དོ། །དེས་ན་གཏོར་མ་བྱིན་རླབས་ལ་མི་འདྲ་བའི་ཁྱད་པར་གཞན་མི་དགོས་སོ། །དེ་ནས་མགྲོན་སྤྱན་དྲངས་ཤིང་གཏོར་མ་འབུལ་བ་ནི། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས། རྣམ་པ་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཆེན་པོ་ཕྱི་རོལ་ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། འབར་བའི་ཕྱག་རྒྱ་དཔྲལ་པར་བསྐོར་ཞིང༌། ཕཊ། ཅེས་བརྗོད། རང་གི་མདུན་གྱི་ཆོས་འབྱུང་གི་ནང་དུ། པདྨའི་གདན་ལ་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་བཞུགས་ཤིང༌། ཕྱོགས་སྐྱོང་བ་ལ་སོགས་པ་ཕྱི་རོལ་ཏུ་འཁོད་པར་གྱུར། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དེ་རྣམས་སྐད་ཅིག་གི་འོད་གསལ་དུ་བཅུག་ནས། དཔལ་མཁའ་འགྲོ་རྒྱ་མཚོ་ཤེས་རབ་མ་དང་བཅས་པའི་སྐུར་བཞེངས་པར་གྱུར། དེ་ནས་ཆུ་གཉིས་ཉེར་སྤྱོད་རིག་མ་བཅུ་དྲུག་ལྷ་མོ་བརྒྱད་རྣམས་ཀྱིས་མཆོད། ལག་པ་གཡོན་དུ་ཨཱ་ལི་ལས་ཟླ་བ། གཡས་སུ་ཀཱ་ལི་ལས་ཉི་མ་དབུས་སུ་ཧཱུཾ། ཉི་ཟླ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་རྡོ་རྗེ་ཐལ་མོར་གྱུར། ཨོཾ་ཨ་ནོ་ནྱ་ཨ་ནུ་ག་ཏཱཿ སརྦ་དྷརྨཱཿཔ་ར་སྤ་ར། ཨ་ནུ་པྲ་པྲྀཥྟ་སརྦ་དྷརྨཿཨཏྱནྟ་ཨ་ནུ་པྲ་པྲྀཥྟ་སརྦ་དྷརྨཱཿཧཱུཾ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། ནས་རྒྱུར་གྱུར་ཅིག་མགྲོན་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཛྲ་ཨ་རལླི་ཧོཿ ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀ་ནི་ས་མཱ་ཡ་སྟྭཾ། དྲི་


TNT07_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཤྱ་ཧོཿ ཞེས་པ་ལན་གསུམ་དང༌། ཨོཾ་བྷཀྵ་བྷཀྵ་སརྦ་ཡོ་གི་ཤྭ་རེ་ཧཱུཾ་ཧཱུཾ་ཛཿསྭཱ་ཧཱ། ཞེས་པ་ལན་ལྔས། དཀྱིལ་འཁོར་པ་རྣམས་ལ་ཕུལ། ཨོཾ་བཛྲ་ཏམྤུ་ལཱ་ཡ་སྭཱཧཱ། ཨོཾ་བཛྲ་ཝས་སྱ་སྭཱཧཱ། ཞེས་པས་སོ་རྩི་དང་ན་བཟའ་ཕུལ། གོང་བཞིན་ཞབས་བསིལ་ཀྱང་ཕུལ། རྐང་པ་བཞི་བཅུ་རྩ་བརྒྱད་པ་དང༌། རྐང་བརྒྱད་གཉིས་ཀྱིས་བསྟོད། སྲིད་དང་ཞི་བ་མཉམ་པ༴ ཞེས་པ་ནས། བདག་ལ་རྗེས་བརྩེར་མཛད་དུ་གསོལ། །གྱི་བར་གྱིས་འདོད་དོན་གསོལ་བ་བཏབ། དེ་ནས་འཇིག་རྟེན་པ་རྣམས་ལ་འབུལ་བ་ནི། རྡོ་རྗེ་ཐལ་མོ་གྱེན་དུ་ཁ་ཕྱེ་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཀྵ་ས། བྷུ་ཏ་པྲེ་ཏ། པི་ཤ་ཙ་ཨུན་མ་ད། ཨ་པསྨ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བཱ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མེ་པྲ་ཡཙྪནྟུ། ཨ་ཐཻ་བཾ། ཡ་ཐཻཥྟཾཾ། བྷུཉྫ་ཐ། པི་བ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡ། སཏྶུ་ཁཾ། བི་བྲྀདྡྷ། ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ལན་གསུམ་གྱིས་ཕུལ། ཞིང་སྐྱོང་རྣམས་ལ་ཁྱད་པར་གྱི་འབུལ་བ་ནི། ཨོཾ་ཀཀྐ་ཌྷ་ནཾ། བ་བཱནྡྷ་ནཾ། ཁཁྑ་ད་ནཾ། སརྦ་དུཥྟཾ། ཧ་ན་ཧ་ན། གྷཱ་ཏ་ཡ་གྷཱ་ཏ་ཡ། མ་མ་ཀརྻཾ་ཀུ་རུ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ལན་གསུམ། ཨོཾ་ཧ་ཧོཿཧྲཱི་སྭཱཧཱ། ཞེས་པས་ནང་མཆོད་ཕུལ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། ཞེས་པ་ནས་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་བསྟོད་ཅིང་འདོད་དོན་གསོལ་བ་བཏབ། དྲིལ་བུ་རྒྱུན་དཀྲོལ་དུ་བྱེད་ཅིང༌། འགྲོ་བ་ཀུན་ནི་མཆོག་ཏུ་དགའ་བའི་རང་བཞིན་ཏེ། །རྣལ་འབྱོར་མ་ཡི་འཁོར་ལོའི་རང་བཞིན་དུ་གནས་


TNT07_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །ཨ་རེ་རེ་རེ་གཏི་མུག་ཕྱུགས་ཀྱིས་མི་ཤེས་སོ། །ལྷན་སྐྱེས་མཛེས་མ་བླངས་ནས་བདེ་བ་ཆེ་ལ་མནོས། །ཤམ་བུ་ས་གསུམ་མ་ལུས་འགྲོ་བ་སངས་རྒྱས་ཀྱི་རང་བཞིན། །སྙིང་རྗེའི་གཞོན་ནུ་མ་དང་ལྷན་ཅིག་རོལ་བར་བྱོས། །ཨ་རེ་གང་གི་དོན་དམ་ལ་ནི་མ་བསྒོམས་པས། །དེ་ཡི་སངས་རྒྱས་ཉིད་ནི་ཐོབ་པ་མ་ཡིན་ནོ། །ཨ་རེ་ནང་དང་ཕྱི་ནི་དབྱེ་བ་མེད་པར་ཤེས་པར་གྱིས། །འཇིག་རྟེན་ཐམས་ཅད་བསྒྲལ་བར་ནུས་པའོ། །ཨ་རེ། དེ་ནས་ཡིག་བརྒྱ་ལན་མང་དུ་བརྗོད། མིག་གི་ཕྱག་རྒྱ་བསྟན་ལ། པད་སྐོར་སྔོན་དུ་འགྲོ་བ་ལྟེ་བར་འཁྱུད་རྒྱ་བྱས་པའི་མཐར་སེ་གོལ་གཏོགས་ཏེ། ཨོཾ་བཛྲ་མུཿ དཀྱིལ་འཁོར་པ་བདག་གི་སྨིན་མཚམས་སུ་ཐིམ། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས། མཁའ་འགྲོ་མ་རྣམས་འདུས་ལ་གུས་པས་མཆོད་པ་དང་སོགས་ཤོ་ལོ་ཀ་གཉིས་ཀྱིས་སྨོན་ལམ་གདབ་པར་བཤད་པ་ནི། ཚོགས་དང་གཏོར་མ་ལྷན་ཅིག་ཏུ་བྱེད་པའི་དབང་དུ་བྱས་པ་ཡིན་ལ། ཚོགས་འཁོར་གྱི་བྱ་བ་དང་མ་འབྲེལ་བར། གཏོར་མ་རྐྱང་པ་ལ་ནི། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་ནད་མེད་པར། སངས་རྒྱས་ཉིད་དུ་འགྲོ་བ་ཡིན། །ལམ་དེ་ཉིད་དུ་གྲུབ་གྱུར་ཅིག །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །རྣལ་འབྱོར་གཙུག་ལག་བསྟན་བཅོས་ལ། །ད་ལྟ་ཉིད་དུ་གནས་པར་བགྱི། །ཞེས་སོགས་སྨོན་ལམ་ཅི་རིགས་པར་གདབ་ཅིང༌། བཀྲ་ཤིས་ཀྱི་གླུ་དབྱངས་ཀྱང་བླང་བར་བྱའོ། །འདི་ནི་རྒྱུན་གྱི་ཉམས་ལེན་གྱི་གཏོར་ཆོག་སྟེ། བསྡུས་


TNT07_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཞིང༌། འབྱུང་པོ་ཐམས་ཅད་པའི་གཏོར་མ་དང༌། ཕྱོགས་སྐྱོང་གི་གཏོར་མ་ཆེན་པོ་དང༌། ཞིང་སྐྱོང་གི་གཏོར་མ་རྣམས་ནི། ལྷའི་བསྐྱེད་ཆོག་ཤིན་ཏུ་རྒྱས་པས་འདིར་མ་བྲིས་ཏེ་གཞན་དུ་བལྟ་བར་བྱའོ། །འདི་ལས་དགེ་བ་གང་ཐོབ་པ། འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །བདག་ཀྱང་དེ་རིང་ཕན་ཆད་དུ། །འགྲོ་བའི་འདྲེན་པ་ཉིད་དུ་ཤོག །དེ་ལ་དཀྱིལ་འཁོར་འདི་ཉིད་ཀྱི་སྒྲུབ་ཐབས་ཤིན་ཏུ་མང་པོ་རྣམས་ཕལཆེར་ཚིག་ཚོགས་ཆེ་བ་ལྷུར་བླངས་པས། ཕན་ཐོགས་ཆུང་བར་མཐོང་ཞིང༌། ཚིགས་བཅད་དུ་སྡེབས་པས་སྒྲུབ་ཐབས་བསྡུས་པ་འགའ་ཟུང་ཡང་སྣང་མོད་ཀྱི། གོ་དཀའ་ཞིང་ངག་འདོན་དང་སྒོམ་དོན་གྱི་དབྱེ་བ་ཕྱེད་དཀའ་བ་དང༌། ཡང་སྒྲུབ་ཐབས་འགའ་ཞིག་ལ་དགོས་པས་དོན་ཆད་པ་ཡང་སྣང་བས། འདིར་ཉུང་ངུ་རྣམ་གསལ་ཡང་དག་རྫོགས། ཞེས་པའི་ཚུལ་དུ་བྱས་པ་ཡིན་ལ། འདི་ལ་རྒྱུད་འགྲེལ་གྱི་དོན་ལག་ལེན་དུ་སྡེབས་པའི་གཞུང་ནི། བར་སྐབས་སུ་བྱུང་བའི་བལ་པོའི་པཎྜི་ཏ་ཛ་ཡ་སྱ་ནས་མཛད་པ་འདི་རྣམས་ལས་གཞན་མེད་ལ། འདི་ལའང་འདི་ཉིད་ཀྱི་རྒྱུད་ཆེན་པོའི་དགོངས་པར་མ་སོང་ངམ་སྙམས་པ་དང༌། བདེ་མཆོག་གི་སློབ་དཔོན་ཚད་ལྡན་རྣམས་ཀྱི་བཞེད་དགོངས་དང་མི་མཐུན་པ་ཅི་རིགས་ཡོད་པར་མངོན་མོད། རེ་ཞིག་དགོངས་འགྲེལ་རྟེན་སོ་གཞན་མེད་པའི་ཕྱིར། འདིར་ཕལ་ཆེར་ཛ་ཡ་སྱ་ནའི། གཞུང་ཉིད་གཙོ་བོར་བྱས་ཏེ་བཤད་པ་ཡིན་ནོ། །དཔལ་མཁའ་འགྲོ་རྒྱ་མཚོའི་སྒྲུབ་ཐབས་ཏེ་བཅུ་གསུམ་པའོ།། །།༈ ན་མོ་གུ་རུ། ན་མོ་བཛྲ་ཡོ་གི་ནྱཻ། བཾ་ཡིག་བདེ་ཆེན་རྟག་འཆར་བའི། །ཨེ་ཡིག་སྟོང་ཆེན་ཀློང་ཡངས་ལ། །གུས་པས་བཏུད་དེ་དེའི་སྒྲུབ་ཐབས། །


TNT07_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་བས་མན་ངག་ཇི་བཞིན་བཤད། །འདིར་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་འབྱུང་བ། རྡོ་རྗེ་རྣལ་འབྱོར་མ་ཕག་གདོང་མ་ཆེན་མོའི་སྒྲུབ་ཐབས་བསྒོམ་པར་བྱའོ། །དེའི་ཚུལ་ནི། འཁོར་ལོ་བདེ་མཆོག་དྲག་པོ་ཆེན་པོའི་སྒྲུབ་ཐབས་དང་སྤྱི་ནི་འདྲའོ། །འོན་ཀྱང་ཁྱད་པར་ནི། རང་གི་སྙིང་གར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿསེར་པོ། དེའི་འོད་ཀྱིས་བདག་ཉིད་ཕག་མོ་ཕྱག་གཉིས་པར་གྱུར་ནས། རྡོ་རྗེ་ཕག་མོའི་དཀྱིལ་འཁོར་བླ་མ་དང་བཅས་པ། ཞེས་སོགས་འདོན་པ་སྤོ། ལྷ་རྣམས་ཀྱི་ནང་དུ་སྣ་ཚོགས་རྡོ་རྗེའི་ཕྲེང་བ་དང༌། ཕྱི་རོལ་བསྲུང་འཁོར་སྣ་ཚོགས་རྡོ་རྗེ་རྭ་བ་དང༌། མེ་རིའི་ཕྱི་རོལ་དུ་དུར་ཁྲོད་དང༌། དེའི་མཐའ་བསྐོར་གྲི་གུག་དང༌། མི་མགོ་དང་ལག་པའི་འཕྲེང་བས་བསྐོར་བ་དང༌། བདེ་ཆེན་འཁོར་ལོ་ལ་རིན་ཆེན་ཕྲེང་བ། སྒོམ་པ་ནི་ཁྱད་པར་རོ། །དེའི་རྗེས་སུ་བདེ་ཆེན་འཁོར་ལོའི་ལྟེ་བར་ཉི་མ་ཟླ་བ་དུས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཨཱ༴ ནས་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་རོ། །དེ་གཉིས་ཀྱི་བར་དུ་ཧྲཱིཿལས་རྡོ་རྗེ་ཧྲཱིཿཡིས་མཚན་པ༴ ནས་དབུས་སུ་དཔལ་རྡོ་རྗེ་ཕག་མོ་ཕག་གདོང་མར་གྱུར་པ་ནི། སྐུ་མདོག་སེར་ལ་དམར་བའི་མདངས། །ཅུང་ཟད་སྦོམ་ཐུང་ཆེར་ཁྲོས་ཤིང༌། །འཇིགས་བྱེད་འཇིགས་མཛད་འཇིགས་སུ་རུང༌། །མི་ཟད་ཞལ་ནི་སུམ་ཅུ་དྲུག །བཞི་ལྷག་བདུན་ཅུ་གཉིས་ཀྱི་ཕྱག །ཞབས་ནི་བཅོ་བརྒྱད་གཡོན་བསྐུམ་ཞིང༌། གཡས་བརྐྱང་པ་ཡི་ཚུལ་གྱིས་བཞུགས། །གཅེར་བུ་བ་སྤུའི་འཕྲེང་བ་ཅན། །འདོད་ཆགས་ཆེན་


TNT07_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བདེ་བས་མྱོང༌། །བྷ་ག་ནུ་མ་མཐོ་ཞིང་རྒྱས།།རྩ་བའི་ཞལ་གྱིས་གཡས་གཡོན་དུ། །རབ་འཇིགས་ཞལ་ནི་དགུ་དགུའོ། །དེ་སྟེང་བདུན་དང་སླར་ཡང་བདུན། །དེ་སྟེང་དུ་ཡང་ཞལ་གསུམ་མོ། །རྩ་བའི་ཞལ་ནི་ཕག་གདོང་འཇིགས། ཁྱི་དང་ཅེ་སྤྱང་བྱི་ལ་སྟག །སེང་གེ་འཇིགས་བྱེད་[འདི་འབྲུག་འདྲ་བ་ཞིག]གླང་ཆེན་རྟ། །བོང་གདོང་གཡས་ལ་རིམ་པས་སོ། །གཡོན་དུ་བ་གླང་མ་ཧེ་དང༌། །སྤྱང་ཀུ་རུས་སྦལ་བུ་ཤིན་དང༌། །རི་བོང་བསེ་དང་གཡག་མུཉྫ། །སྟེང་དུ་སྦྲུལ་དང་སྲེ་མོང་དང༌། །རྩངས་པ་སྲམ་དང་བྱི་བ་དོམ། །དབུས་སུ་མཁའ་ལྡིང་གདོང་སྟེ་བདུན། །དེ་སྟེང་བྱ་རྒོད་བྱ་རོག་དང༌། །འུག་པ་བྱ་དཀར་བོང་ཁྲ་དང༌། །སྲིན་བྱ་ངུར་པའི་གདོང་སྟེ་བདུན། །ཀུན་གྱི་སྟེང་མའི་དབུས་རྨ་བྱ། །གཡས་གཡོན་ཕུག་རོན་ཁྱིམ་བྱའི་གདོང༌། །ཐམས་ཅད་སྤྱན་གསུམ་ལྡན་པ་ལ། །རང་རང་ཁ་དོག་འཇིགས་པ་ཆེ། །རྩ་བའི་ཕྱག་གཉིས་རྡོ་རྗེ་དང༌། །དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན། །མི་སྣང་རང་གི་ཐབས་དང་སྦྱོར། །གཡས་པའི་ལྷག་མ་རིམ་པ་བཞིན། །རལ་གྲི་མདུང་རིང་ཏྲི་ཤུ་ལ། །དགྲ་སྟ་གྲི་གུག་མདའ་གསལ་ཤིང༌། །ཐོ་བ་འཁོར་ལོ་ཅང་ཏེའུ་དང༌། །ཆུ་གྲི་དབྱུག་གུ་མཚོན་རྩེ་གཅིག །དུང་དང་ཟངས་དུང་དབྱུག་གུ་གསུམ། །རྨ་བྱའི་མཇུག་མ་བྱ་རོག་སྒྲོ། །རོ་སྐྲའི་པིར་དང་མེ་ཐབ་རི། །དབྱུག་ཏོ་མེ་ལོང་པི་ཝཾ་དང༌། །རྐང་ལག་གློ་བ་རྒྱུ་མ་དང༌། །སྒྲ་གཅན་ལྕགས་སྒྲོག་གདོས་དང་སྐོགས། །ཉ་རྒྱ་དང་ནི་མགོ་མེད་ལུས། །འབར་


TNT07_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མར་ནག་འཇིགས་བྱེད་གཟུགས། །གཡོན་པའི་ལྷག་རྣམས་རིམ་པ་བཞིན། །ཕུབ་ཟླུམ་མཆེ་བ་གཏུན་ཤིང་ཞགས་པ་དང༌། །ཐོད་པ་གཞུ་དང་ཁ་ཊྭཱཾ་ག །པོ་ཏི་ཕུབ་ཆུང་ཡུ་བ་ཅན། །སྡིགས་མཛུབ་གཡེར་ཁའི་འཕྲེང་བ་དང༌། །ལུག་རྒྱུད་བྲག་དང་དུར་ཁྲོད་རྡུལ། །མདུང་ཐུང་རྔ་དང་པགས་རློན་དང༌། །ལན་བུ་བསྲེགས་ཤིང་གང་དའི་དབྱུག །ཕུབ་རེང་མགོ་བོ་ཀེང་རུས་དང༌། །ཟོར་བ་མིག་དང་མཁལ་མ་བཞག །སྤེན་པ་ཕུར་བུ་བི་ཛ་པུར། །སོག་ལེ་ཁབ་དང་རླུང་བུ་བཤུས། །ཆར་སྤྲིན་ཤིང་སྡོང་ལྕགས་ཀྱུ་བསྣམས། །ཐ་མ་གླང་ཆེན་པགས་རློན་རྒྱངས། །ཞབས་རྣམས་བརྐྱང་བསྐུམ་དོར་སྟབས་ཀྱིས། །གཡས་པས་ཁྱབ་འཇུག་དྲག་པོ་དང༌། །ཚངས་པ་ཉི་མ་མེ་དང་ནི། །དབང་པོ་རླུང་དང་བདེན་བྲལ་དང༌། གནོད་སྦྱིན་ཇི་ལྟར་རིམ་པས་སོ། །གཡོན་པས་གཤིན་རྗེ་འདོད་ལྷ་དང༌། །ཟླ་བ་ཆུ་ལྷ་ནོར་རྒྱས་དང༌། །ས་དང་ཚོགས་ཀྱི་བདག་པོ་དང༌། །སྨིན་དྲུག་བུ་དང་འཁོར་བསྒྱུར་རྣམས། །གནོན་ཞིང་འཇིགས་པར་མཛད་པ་ཡིན། །ཞལ་ཀུན་ཐོད་པའི་ཅོད་པན་ཅན། །མགོ་བོའི་འཕྲེང་བའི་དོ་ཤལ་བྱས། །ཕྱག་རྒྱ་ལྔ་ཡི་རྣམ་པར་བརྒྱན། །རྐང་གདུབ་རྡོ་རྗེ་འཕྲེང་བས་མཛེས། །དབུ་སྐྲ་གྲོལ་ཞིང་མེ་དཔུང་འབར། །གར་གྱི་ཉམས་ལྡན་སྡང་བ་དང༌། །གདུག་པ་ཐམས་ཅད་འཇོམས་མཛད་མའོ། །སྐབས་འདིར་རྒྱུད་གསུམ་པའི་འགྱུར་གྱི་དཔེ་ན། གཡས་ཀྱི་ཕྱག་མཚན་དྲི་ཤུལ་ཆད། །གཡོན་གྱི་ཕྱག་མཚན་ལ་སྤེན་པ་ཡི་ནི་ཕུར་བུ་དང་ཞེས་གཅིག་ཏུ་བྱས་


TNT07_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤིན་ཏུ་ནོར། ག་དའི་ཚ་བ་བྲག་རི་དང༌། །གཏུན་ཤིང་དོད་དུ་ཐོ་བ་དང༌། །ལྕགས་ཀྱུའི་གནས་སུ་རལ་གྲི་བྱུང་བ་རྣམས་ཟློས་པ་སྟེ་རྒྱ་དཔེ་མ་དག་པའམ། འགྱུར་སྐྱོན་ནོ། །ཡང་འདི་ཕྱག་བདུན་ཅུ་རྩ་བཞིར་བྱེད་ན་ཐ་མ་གཉིས་སྤངས་པ་ཡིན་ཡང་ཞལ་གྱི་འགོད་ཚུལ་རིམ་པ་གསུམ་དུ་བསྡུ་བའང་ཅུང་ཟད་མི་ལེགས་ཡང་གླང་ལྤགས་བོར་བ་ཁོ་ནས་ཕྱག་དོན་གཉིས་ཡིན་ན། གཡོན་པའི་ཕྱག་མཚན་སུམ་ཅུ་སོ་བདུན་ཡོད་དོན་མེད་པས་ཕྱག་དོན་གཉིས་དཔལ་མཁའ་འགྲོ་རྒྱ་མཚོའི་འཁོར་ལོ་བཅུ་གཉིས་པའི་སྐབས་འདྲ་བར་རིག་གོ །འདབ་མ་རྣམས་ལ། ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ་སོགས་སྤྱི་དང་མཐུན་པའམ། ཡང་ན། ཤར་དུ་མཁའ་འགྲོ་མ། གཡོན་ནག་གཡས་ལྗང་བ། བྱང་དུ་ལཱ་མ་གཡོན་ལྗང་གཡས་དམར་བ། ནུབ་ཏུ་དུམ་སྐྱེས་མ་གཡོན་དམར་གཡས་སེར་བ། ལྷོར་གཟུགས་ཅན་མ་གཡོན་སེར་གཡས་ནག་པ། མཚམས་བཞིར་ཐོད་པ་བདུད་རྩི་ལྔས་ཡོངས་སུ་གང་བའོ། །ཐུགས་ཀྱི་འཁོར་ལོའི་ཤར་ཕྱོགས་པུ་ལི་ར་མ་ལ་ཡར་ཁཎྚ་ཀ་པཱ་ལ་དང་རབ་གཏུམ་མོ། །བྱང་ཕྱོགས་ཛ་ལནྡྷ་རར་མ་ཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མ། ཞེས་པ་ནས། རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་པོ་སྟེ། ཐམས་ཅད་ཀྱང་སྐུ་མདོག་དཀར་པོའོ། །དཔའ་པོ་ཐམས་ཅད་ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་ཌཱ་མ་རུ་དང་ཁ་ཊྭཱཾ་ག་བསྣམས་པ། དཔའ་མོ་


TNT07_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གྲི་གུག་དང་ཐོད་པ་འཛིན་པ་གཙོ་མོ་དང་མཚུངས་ཤིང་གཡས་བརྐྱང་གིས་བཞུགས་པ་སྟེ་ཤེས་རབ་མ་གཙོ་བོར་གྱུར་པའོ། །ཤར་སྒོར་ཁྭ་གདོང་མ་སྔོན་མོ༴ ནས་བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བའི་བར་སྤྱི་དང་མཚུངས་མ་མོ་བཅུ་གཉིས་པོ་ཐམས་ཅད་ཀྱང༌། ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ། འོག་མ་གཉིས་ཀྱིས་ཌཱ་མ་རུ་དང་ཁ་ཊྭཱཾ་ག་འཛིན་པ། རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་པོ་ཐམས་ཅད་ཀྱང་བཅོམ་ལྡན་འདས་མ་དང་མཚུངས་ཤིང༌། རོའི་གདན་ལ་གནས་པའོ། །རང་གི་སྙིང་གར་ཨོཾ་ཧ་དཀར་པོ༴ ནས་བདུད་རྩིས་གང་བས་དབང་བསྐུར་སྐུ་གང༌། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་རྡོ་རྗེ་སེམས་དཔའ། འཁོར་རྣམས་ལ་གཙོ་བོ་ཉིད་གྱིས་དབུ་རྒྱན། དབང་གི་ལྷ་ཐམས་ཅད་ཀྱང་བདག་ཉིད་ལ་ཐིམ། ཞེས་པ་ནས་དག་པ་དྲན་པ་རྫོགས་ཀྱི་བར་དུ་འདྲ་བ་ལས། ཡང་དག་པའི་ཏིང་ངེ་འཛིན་ནི་རྡོ་རྗེ་ཕག་མོའོ། །ཞེས་འདོན་པ་སྒྱུར་བརྒྱུད་རིམ་ནི་བདེ་མཆོག་དྲག་པོ་ཆེན་པོ་ཕྱག་འབུམ་པ་དང་འདྲའོ། །སྐབས་འདིར་རྩ་གསུམ་འཁོར་ལོ་བཞི་ཡི་གེ་དང་བཅས་པ་གསལ་བཏབ། རྫོགས་པའི་རིམ་པ་ཅི་ནུས་སུ་སྒོམས་ལ། བཟླས་པ་ལ་མོས་ན། སྤྲོ་བསྡུའི་བཟླས་པའི་དམིགས་པ་གསལ་བཏབ་ནས། རྡོ་རྗེ་ཕག་མོའི་རྩ་བའི་སྔགས་ཉིད་གཙོ་བོར་བཟླ་ཞིང༌། སྙིང་པོ་དང་ཉེ་བའི་སྙིང་པོ་ཉིད་ཀྱང་ངོ༌། །མདུན་དུ་སྲིན་པོ་དང་བཅས་པའི་མཁའ་འགྲོ་


TNT07_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྒོམ་སྟེ། ཨོཾ་ཕཊ་ཆེ་གེ་བྷཀྵ་ཡ་ཕཊ་ཀྵ་ཕཊ། ཅེས་བཟླས་པས་དྲག་ཤུལ་བསྒྲུབ་བོ། །ཐུན་བསྡུ་བར་འདོད་ན། གཞན་རྣམས་བདེ་མཆོག་དྲག་པོ་ཆེན་པོའི་མངོན་རྟོགས་དང་འདྲ་བ་ལས། སྙིང་གའི་ཧཱུཾ་ཞེས་པ་ལ། སྙིང་གའི་ཧྲཱིཿཞེས་འདོན་པ་སྤོ། གཏོར་མའི་ཆོག་མདོར་བསྡུས་པའི་ཚེ་སྡོམ་འབྱུང་དང་འདྲ་བ་ལས། རྒྱས་པ་ལ་སྤྲོ་ན་དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ནས་འབྱུང་བ་ལྟར་འབྱུང་པོ་ཐམས་ཅད་པའི་གཏོར་ཆེན་བྱའོ། །མ་རུང་འཇོམས་ཤིང་སྒྲུབ་པོ་ལ། །མཐའ་དག་བདེ་བའི་མཆོག་སྟེར་བར། །སྒྲུབ་པའི་ཐབས་འདི་སྒོམ་པ་ལས། །ལྟ་སྟངས་བརྒྱད་པོ་འགྲུབ་ཅེས་ཐོས། །རྡོ་རྗེ་ཕག་མོ་ཕག་གདོང་ཆེན་མོའི་སྒྲུབ་ཐབས་ཏེ་བཅུ་བཞི་པའོ།། །།༈ ཨོཾ་སྭ་སྟི། ཧེ་ཡིག་རོལ་པ་རུ་བརྗོད་བྲལ། །ཀ་ཡི་བྱེད་པ་ཤྲཱི་ཡིག་ནི། །ཟུང་འཇུག་ཡེ་ཤེས་སྐུར་གྱུར་པ། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །ད་ནི་རྒྱུད་རྩ་བཤད་ཀྱི་ཁོག་སྡེབས་པ་མན་ངག་གཙོ་བོར་གྱུར་པ་གསུམ་ལས། དང་པོ་རྩ་རྒྱུད་ལས་དངོས་སུ་མི་གསལ་ཡང༌། བཤད་རྒྱུད་སྣ་ཚོགས་ཁོག་སྡེབས་པས་རྩ་རྒྱུད་ཀྱི་དགོངས་པར་འགྱུར་བ། གྲུབ་པའི་སློབ་དཔོན་དྲིལ་བུ་པས་དབང་པོ་དམན་པ་ལ་དགོངས་ཏེ་མཛད་པའོ། །འདིར་ལྭ་བ་བཅུ་གསུམ་མར་གྲགས་པའི་སྒྲུབ་ཐབས་བཤད་ཟིན་པ་ལས་འདོན་པ་སྤོས་ཏེ། དྲིལ་བུ་ཕྱི་དཀྱིལ་ལྷ་ལྔ་སྒོམ་པར་འདོད་ན། རྡོར་སེམས་བསྒོམ་བཟླས་ཡན་ཆད་འདྲ། ཤྲཱི་ཧེ་རུ་ཀོ྅་ཧཾ། ཨོཾ་ཨ་ཨཱ༴ ནས་ཧ་ཀྵ་ཧཱུཾ་ཕཊ། ལན་གསུམ་བརྗོད། རང་གི་སྙིང་


TNT07_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གར་རཾ་ལས༴ ནས། དབུལ་བར་བགྱིའོ། །རང་གི་སྙིང་ག་ནས་སྤྲོས་པའི་མཆོད་པའི་ལྷ་མོ་དྲུག་གིས་མཆོད་པར་གྱུར། ཨོཾ་ཨཱཿབཛྲ་ཨ་དརྵེ་ཧཱུཾ། བཱི་ནི༴ གནྡྷེ༴ རཱ་སེ༴ སྤརྵེ༴ ཨོཾ་ཨཱཿབཛྲ་དྷརྨེ་ཧཱུཾ། མཁའ་འགྲོ་མ་ལ་སོགས་པ་ལྷ་མོ་བཞི་བདུད་རྩི་མཆོད་པར་བསམ་ལ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད། ཨོཾ་ཨཱཿབཛྲ་མ་ཧཱ་སུ་ཁཾ་ནས། འཇིག་བྱེད་དང་དུས་མཚན་བརྩེགས་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར། འདབ་མ་བརྒྱད་གྱི་ཕྱོགས་བཞིར་མི་རོའི་སྙིང་གར་ཟླ་བ། མཚམས་བཞིར་ཟླ་བའི་གདན་ལ་བདུད་རྩིས་གང་བའི་བུམ་ཐོད། སྣ་ཚོགས་པདྨའི་མུ་ཁྱུད་ལ། འཁོར་ལོ་གསུམ་གྱི་རང་བཞིན་གྲི་གུག་གི་འཕྲེང་བས་བསྐོར་བ། གཞལ་མེད་ཁང་གི་ཕྱི་རོལ༴ ཞེས་པ་ནས། དབུས་ཀྱི་གདན་གྱི་སྟེང་དུ་རང་ཉིད་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ། ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་བའི་ཞལ་མཐིང་ཁ། གཡས་སེར་གཡོན་དམར། སྟེང་ཞལ་ལྗང་བ་ཞལ་རྣམ་པར་འགྱུར་བ་སྤྱན་གསུམ་གསུམ་དང་ལྡན་ཞིང༌། མཆེ་བ་གཙིགས་པ། ཕྱག་དང་པོ་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཉིས་པ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་འཛིན་ཞིང་རླུང་གིས་འཕྱར་བ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་རྡོ་རྗེས་མཚན་པའི་ཁ་ཊྭཾ་ག་


TNT07_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ན་ཁྲག་གིས་གང་བའི་ཐོད་པ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་མགོ་རྣམས་འཛིན་པ། དབུའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་དང་བཅས་པ། ཞབས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། རལ་པའི་ཐོར་ཚུགས་དང༌། སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། ནོར་བུ་རིན་པོ་ཆེ་དང༌། ཐོད་པ་སྐམ་པོ་ལྔས་དབུ་རྒྱན་པ། ཕྱག་རྒྱ་དྲུག་དང་མགོ་བོའི་འཕྲེང་བ་ཅན། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། གར་གྱི་ཉམས་དགུ་དང་ལྡན་པ། མཚན་དཔེས་སྤྲས་པའོ། །ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་ཅིང༌། གཡས་རྡོ་རྗེ་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་གར་སྟབས་ཀྱིས་ཡབ་ལ་འཁྱུད་པ། སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔའི་བརྒྱན་པ། ཐོད་སྐམ་གྱི་དོ་ཤལ་ཅན་ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། གཉིས་ཀའང་བསྐལ་པའི་མེ་ལྟ་བུའི་དབུས་ན་བཞུགས་པའོ། །ཐུགས་ཀར་སྣ་ཚོགས་པདྨའི་སྟེང་དུ་ཉི་མ་ལ་ཧཱུཾ། དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སྙིང་གར་ཨོཾ། ཧ་དཀར་པོ༴ ནས། ཙཎྜི་ཀཱའི་ངོ་བོ་ཞེས་པའི་བར་སྤྱི་དང་མཐུན། ཤར་དུ་མཁའ་འགྲོ་མ་སྔོན་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་


TNT07_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་སྐྱེས་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མ། ཕྱག་གཡོན་གཉིས་ན་ཐོད་པ་དང་ཁ་ཊྭཱཾ་ག་གཡས་གཉིས་ན་གྲི་གུག་དང་ཌཱ་མ་རུ་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཞིང་སྐྲ་གྲོལ་བ། རྡོ་རྗེའི་འཕྲེང་བས་དབུ་ལ་བརྒྱན་ཞིང༌། མི་མགོའི་དོ་ཤལ་ཅན། གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་གནས་པས་དངོས་གྲུབ་ཐམས་ཅད་སྩོལ་བའོ། ཁ་ཅིག་གཙོ་འཁོར་རྣམས་གཡས་བརྐྱང་བའི་བརྐྱང་བསྐུམ་སྟབས་སུ་འདོད་པ་ནི་མུན་སྤྲུལ་ལོ། །ལུས་རྗེས་སུ་དྲན་པ་ཉེ་བར་བཞག་པ་ནི། མཁའ་འགྲོ་མའོ། །ཚོར་བ་རྗེས་སུ་དྲན་པ་ཉེ་བར་བཞག་པ་ནི། ལ་མའོ། །ཆོས་རྗེས་སུ་དྲན་པ་ཉེ་བར་བཞག་པ་ནི་དུམ་སྐྱེས་མའོ། །སེམས་རྗེས་སུ་དྲན་པ་ཉེ་བར་བཞག་པ་ནི་གཟུགས་ཅན་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀའོ། །དྲན་སོགས་བྱང་ཆུབ་ཡན་ལག་དྲུག་ཕག་མོའོ། །ཡང་དག་སྤོང་བ་དང༌། རྫུ་འཕྲུལ་རྐང་པ་དང་དད་སོགས་བཅུ་འཕགས་ལམ་རྣམས་ནི་བུམ་པ་བཞིའོ། །ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ༴ ཞེས་པ་ནས། ཡུམ་ལ་མི་བསྐྱོད་པ། ལྷ་མོ་བཞི་ལ་ནི་རིམ་པས། རྟག་པ། དོན་གྲུབ། འོད་དཔག་མེད། རིན་འབྱུང་རྣམས་ཀྱིས་དབུ་རྒྱན། ཚོགས་ཞིང་གི་སྐབས་ལྟར་ལྷ་མོ་དྲུག་དང༌། མཧཱ་སུ་ཁཾ་གྱི་བར་གྱིས་མཆོད། རྐང་པ་བརྒྱད་པས་བསྟོད། ཨོཾ་ཤྲཱི་མཧཱ་


TNT07_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཁ་བཛྲ་ཧེ་ཧེ་རུ་རུ་ཀཾ ཨཱཿཧཱུཾ་ཧཱུཾ་ཕཊ་སྭཱཧཱ་ནས། ཧ་ཧོ་ཧྲིཿ རྡོ་རྗེ་འཆང་དབང་རྣལ་འབྱོར་མ། །དྲིལ་བུ་ལྭ་བ་འབར་འཛིན་དང༌། །སྤྱོད་པ་བ་དང་དགེ་བའི་མགོན། །ཏི་ལི་ན་རོ་ཕཾ་ཐིང་པ། །བྷ་དནྟ་པ་མར་དོ་དང༌། །བདེ་མཆོག་རྡོ་རྗེ་བློ་ལྡན་ཞབས། །ལྷོ་ཚད་དབང་ཕྱུག་བརྩོན་འགྲུས་དང༌། །འཕགས་པ་ལོ་མཆོག་གྲགས་ཆེན་པ། །འཕགས་འོད་བུ་སྟོན་ཁྱུང་ལྷས་པ། །ནོར་བཟང་ཀ་བཞི་རིན་རྒྱལ་དང༌། །མཁྱེན་རབ་ཆོས་རྗེ་ལྷ་བོ་པ། །མཁས་པ་ཀུན་དགའ་དོན་གྲུབ་དང༌། །བསོད་ནམས་དཔལ་འབྱོར་བྱང་གླིང་པ། །རྩ་བའི་བླ་མ་རྣམས་ལ་མཆོད། །ཨོཾ་ཨཱཿཧཱུཾ། ཡང་པུ་རངས་ལོ་ཆུང་ནས་བརྒྱུད་པ་ལྟར་ན། བྷ་དནྟ་པ་ལོ་ཆུང་དང༌། །ས་ཆེན་བསོད་རྩེ་གྲགས་པའི་མཚན། །ས་པན་བོ་དོང་རིན་པོ་ཆེ། །སེམས་དཔའ་ཆེ་དང་ཡང་རྩེ་བ། །བུ་སྟོན་རྗེ་དང་ཁྱུང་ལྷས་པ། །མན་ཆད་གོང་བཞིན། རང་སྔགས་ཀྱི་མཐར་འབྲུ་གསུམ་བཏགས་པ་ལྷ་རྣམས་མཆོད། གཙོ་བོའི་བཟླས་པའི་བར་དུ་སྦྱངས་པའི་ཡོན་ཏན་འདྲ་བ་ལས། ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ནི་འཁོར་གྱི་སྔགས་སོ། །ཐུན་བསྡུ་བར་འདོད་ན། རང་གི་སྙིང་གའི་ཞེས་སོགས་དང༌། གཏོར་མའི་ཆོ་ག་དང༌། ལཱ་བ་བཅུ་གསུམ་མ་བཞིན་དུ་བྱའོ། །དྲིལ་བུ་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ཀྱི་དགོངས་འགྲེལ་དུ། ལྭ་བའི་ཞབས་ཀྱིས་སྦྱངས་པའི་ཡོན་ཏན་གྱི་སྒྲུབ་ཐབས་གཙུག་གི་ནོར་བུས་མཛད་པར་གྲགས་ཏེ།


TNT07_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ཕྲ་མོ་འགའ་ཞིག་མ་གཏོགས། ཆོ་གའི་སྒྲོས་གཅིག་པ་ཡིན་པས། འདིར་ཡང་བཅུ་གསུམ་མའི་སྒྲུབ་ཐབས་ལ་འདོན་པ་སྤོས་པས། ལྷ་ལྔའི་སྒྲུབ་ཐབས་དག་ཅིང་གཙང་བར་འབྱུང་ངོ༌། །མཆོག་ཏུ་ངོ་མཚར་གྱི་བསྐྱེད་པའི་གཞུང༌། མཁས་པ་ཀུན་ལ་ཆེར་གྲགས་ཀྱང༌། །གཞན་འགས་མིང་ཡང་མ་ཐོས་པ། །དེ་དོན་རྟོགས་པར་བསླ་ཕྱིར་སྦྱར། །དྲིལ་བུ་ལྷ་ལྔའི་སྒྲུབས་ཐབས་སྟེ་བཅོ་ལྔ་པའོ།། །།༈ གདུལ་དཀའ་འདུལ་བ་གང་གིས་མཚན་ཙམ་ཞིག །དྲན་པའི་མོད་ལ་ཕུན་ཚོགས་ཀུན་ཐོབ་པ། །རྡོ་རྗེ་ཁྲོ་རྒྱལ་ཚོགས་ལ་གུས་པས་འདུད། །བདུད་བཞི་གཡུལ་ངོ་མ་ལུས་བཟློག་པར་མཛོད། །འདིར་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རིམ་པས། ཁྲོ་བོ་རྡོར་སེམས་ཀྱི་དཀྱིལ་འཁོར་སྒོམ་པར་འདོད་ན། ཐོག་མར་དཔལ་འཁོར་ལོ་བསྒྱུར་དྲུག་གི་མངོན་རྟོགས་ལེགས་པར་བྱང་བར་བསླབ་བོ། །དེ་ནས་མི་འདྲ་བའི་ཁྱད་པར་འདི་དག་བསླབས་པས་ཚེགས་མེད་པར་ཤེས་པར་འགྱུར་རོ། །དེ་ལ་སྐྱབས་འགྲོ་སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས། དག་པ་གསུམ། ཚོགས་བསག་ཕུང་ཁམས་བྱིན་རླབས། སྲུང་འཁོར་ཐུན་མོང་དང་ཐུན་མོང་མ་ཡིན་པ། ཡེ་ཤེས་ཚོགས་བསག་བར་སྲིད་སྦྱོང་བྱེད། འབྱུང་བཞི་རི་རབ། གཞི་དཀྱིལ་གྱི་གཞལ་ཡས་ཁང་དུར་ཁྲོད་དང་བཅས་པའི་བར་དུ་སྒོམ་ཚུལ་རྣམས་འཁོར་ལོ་བསྒྱུར་དྲུག་གི་སྐབས་བཞིན་ནོ། །དེ་ནས་འདི་སྐད་ཅེས་བྱ་སྟེ། གཞལ་ཡས་ཁང་གཞི་དཀྱིལ་གྱི་དབུས་སུ། སླར་ཡང་གཞལ་མེད་ཁང༌། གྲུ་བཞི། སྒོ་བཞི། རྟ་བབས་དང་བྲལ་བ། ལྷག་མ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། གྲྭ་བཞིར་ཐོད་


TNT07_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞི་དང་བཅས་པ། དེའི་དབུས་སུ་འཁོར་ལོ་སེར་པོ་རྩིབས་བཅུ་པ་འཁོར་ལོའི་ལྟེ་བར་པཾ་ལས་པདྨ་འདབ་མ་བརྒྱད་པ། པདྨའི་ལྟེ་བ་དང་འདབ་མ་ལ་ཉི་མའི་དཀྱིལ་འཁོར་གྱི་གདན། འཁོར་ལོ་རྩིབས་བཅུ་ལ། པདྨ་དང་ཉི་མ། སྒོ་བཞིར་མི་རོའི་གདན། གཞལ་ཡས་ཁང་ཕྱི་མའི་ལྷ་སྣམ་ལ་མི་རོའི་གདན་ཕྱོགས་བཞིར་བཞི་བཞི་དང༌། མཚམས་བཞིར་རེ་རེ། སྒོ་མཚམས་བརྒྱད་དུ་ཡང་རོ་གདན་རེ་རེའོ། །དབུས་ཀྱི་གདན་གྱི་སྟེང་དུ་ཨཱ་ལི་ལས་ཟླ་བ། ཀཱ་ལི་ལས་ཉི་མ། དེ་གཉིས་ཀྱིས་བར་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་དེ་རྣམས་རོ་གཅིག་ཏུ་འདྲེས་པ་ལས། རང་ཉིད་རྒྱུ་རྡོ་རྗེ་འཛིན་པ་རྡོ་རྗེ་སེམས་དཔའ་དཀར་པོ། དཀར་སེར་ལྗང་བའི་ཞལ་གསུམ། རྩ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ལྕགས་ཀྱུ་དང་ཞགས་པ། གཡོན་གཉིས་ཀ་པཱ་ལ་དང་ཁ་ཊྭཱཾ་ག་བསྣམས་པ། ཐོད་པའི་ཅོད་པན་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་བརྐྱང་གི་སྟབས་ཅན་ཞི་ཞིང་ཆགས་པའི་ཉམས་དང་ལྡན་པའོ། །ཡབ་ཡུམ་རྗེས་སུ་ཆགས་པ་སྙོམས་པར་ཞུགས་པའི་རྐྱེན་གྱིས་ནམ་མཁའི་ནཱ་ད་ཡབ་ཀྱི་ཞལ་དུ་ཞུགས། སྐར་མདའ་འཕོ་བའི་ཚུལ་གྱིས་ཡུམ་གྱི་མཁའ་ནང་དུ་སོན་པས། ཡབ་ཡུམ་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ། ཐིག་ལེ་ལས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་


TNT07_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་པའི་གླུ་དབྱངས་ཀྱིས་བཞེངས་པར་བསྐུལ་བ་ནི། ཧོ་སྲིད་པ་གསུམ་གྱི་བདེ་སྙེད་གཙོ། །ཨ་ལ་ལ་ལ་ཧོ། རྒྱལ་པོའི་བདེ་ཆེན་དགྱེས་པའི་ཚོགས། །པདྨ་ལ་ནི་རྡོ་རྗེ་རོལ། །ཨ་ལ་ལ་ལ་ཧོ། ཕྱོགས་བཅུ་བདེ་གཤེགས་སྙིང་པོ་སྤྲོས། །ཀུན་གྱི་སྙིང་པོ་བདག་པོར་མཛད། །སྲིད་པ་གསུམ་པོའི་སྙིང་པོ་ནི། །བདེ་བ་ཆེན་པོ་རྟོགས་པར་མཛོད། །ཨ་ལ་ལ་ལ་ཧོ། བདག་པོ་དགྱེས་པ་གྲོལ་བར་མཛོད། བདེ་ཆེན་ཨ་ལ་ལ་ལ་ཧོ། །ཞེས་བསྐུལ། ལྷ་མོ་རྣམས་ཐིག་ལེ་ལ་ཐིམ། དེ་ཉིད་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པར་གྱུར། དེའི་འོད་ཟེར་འཕྲོ་འདུ་ལས་ཡོངས་སུ་གྱུར་པ་ནི། འབྲས་བུའི་རྡོ་རྗེ་འཆང་ཧེ་རུ་ཀ་སྐུ་མདོག་མཐིང་ཁ། ནག་སེར་ལྗང་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་འཛིན་པ། ཕྱག་ལྷག་མ་གཡས་གཉིས་ལྕག་ཀྱུ་དང་ཞགས་པ། གཡོན་གཉིས་ཀ་པཱ་ལ་དང་ཁ་ཊྭཱཾ་ག་བསྣམས་པ། ཞབས་གཡས་བརྐྱང་བའི་འཇིགས་བྱེད་དང་དུས་མཚན་མནན་པ། ཁྲོ་བོའི་རྒྱན་དང་ཆ་བྱད་ཡོངས་སུ་རྫོགས་པའོ། །ཨོཾ་བྷ་དྷརྨ་དྷཱ་ཏུ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། བསྙེན་པའོ། །སྙིང་གར་ཨོཾ་ཧ༴ སོགས་གོ་ཆ་གཉིས་དགོད་དེ། ཉེར་བསྒྲུབ་བོ། །དེ་ནས་གནས་གསུམ་གྱི་བྱིན་གྱིས་རླབས་པ་དང་ཡེ་ཤེས་དགུག་གཞུག་སྒྲུབ་པ་དང༌། དབང་བསྐུར་རྒྱས་བཏབ་བསྒྲུབ་ཆེན་རྣམས་བདེ་ཆེན་རྣམས་བདེ་མཆོག་གཞན་གྱི་ཆོ་ག་བཞིན་དུ་བྱ་སྟེ། དཔལ་རྡོ་རྗེ་ཧཱུཾ་


TNT07_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཧེ་རུ་ཀ། ཞེས་མཚན་བརྗེ་བ་ཙམ་ཁྱད་པར་རོ། །ཡུམ་གྱི་སྤྱི་བོར་ཨོཾ་དཀར་པོ། ཐུགས་ཀར་ཧཱུཾ་སྔོན་མོ། ལྟེ་བར་སྭ་སེར་པོ། གསང་བར་ཨ་དམར་པོ། བརླ་གཉིས་ལ་ཧ་ལྗང་ཁུ། ཤེས་རབ་ཀྱི་མཁའ་ཨ་ལས་པདྨ་དམར་པོ་འདབ་མ་གསུམ་པ། ཐབས་ཀྱི་གསང་བ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་གཅིག་པ། གཉིས་པོའི་བུ་གར་བྱཱཾ་དང་དྱཱཾ་གིས་མཚན་པ། ཨོཾ་ཨཱཿཧཱུཾ། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། སངས་རྒྱས་སྲས་བཅས་དང་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པ་ལྷ་གྲངས་དང་མཉམ་པའི་ཐིག་ལེར་གྱུར། དེ་རྣམས་ཧཱུཾ་བཅུ་གཅིག །མཾ་ཏཾ་བཾ་ལཾ། ཨོཾ་སྭཱ་ཨཱཿཧཱ། ཕུཾ་ཕྲཻཾ་ཕྲོཾ་ཕྲིཾ། ཧེ་ཉི་ཤུ་རྩ་བཞི་ཛཿཧཱུཾ་བཾ་ཧོ་རྣམས་སུ་གྱུར། དེ་རྣམས་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གྱུར། ཨོཾ་སུམྦྷ་སོགས་ཞལ་བཞི་པའི་སྔགས་བརྗོད། མཁའ་ནང་གི་གཙོ་བོ་ཡབ་ཡུམ་དཔག་ཏུ་མེད་པ་སྤྲོས། བདུད་བཞིའི་བར་དུ་གཅོད་པ་ཐམས་ཅད་བཅོམ། སེམས་ཅན་ཐམས་ཅད་རྡོ་རྗེའི་འཆང་ཆེན་པོའི་གོ་འཕང་ལ་བཀོད། སླར་འདུས་ཏེ་རང་ཉིད་ལ་ཐིམ་པས། རང་དཔལ་བདེ་མཆོག་ཁྲོ་བོ་རྡོ་རྗེ་སེམས་དཔའ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྐུར་གྱུར་པ་ནི།


TNT07_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ཞལ་དང་སྐུ་མདོག་དུས་མཐའི་སྤྲིན་ལྟར་ནག་པ། གཡས་ཞལ་གསུམ་དཀར་སྔོ་སེར་བ། གཡོན་ཞལ་གསུམ་སྔོ་དཀར་སེར་བ། སྟེང་གིས་ཞལ་དམར་པོ། ཕྱག་བཅུ་དྲུག་གིས་དང་པོ་གཉིས་རྡོ་རྗེ་དྲིལ་བུ་འཛིན་ཞིང་ཐུགས་ཀར་འཁྱུད་པ། གཉིས་པ་གཉིས་ཀྱིས་ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་དཔྲལ་པར་འཇོག་པ། ལྷག་མ་གཡས་པས་ཐོད་པ་རལ་གྲི། འཁོར་ལོ་ཐོ་བ། ཅང་ཏེའུ་རྣམས་དང༌། གཡོན་རྣམས་ཀྱིས་ཁ་ཊྭཾ་ག་ལྕགས་ཀྱུ། སྡིགས་མཛུབ་དང་བཅས་པའི་ཞགས་པ། རིན་པོ་ཆེ། མདུང་རྩེ་གསུམ་པ་དང་ཚངས་པའི་མགོ་བོ་ལྷན་ཅིག་ཏུ་འཛིན་པ། ཐ་མ་གཉིས་ཀྱིས། མིའི་པགས་པ་དང་གླང་པོ་ཆེའི་པགས་པ་ལྷན་ཅིག་ཏུ་སྦྱར་བ་སྟོད་གཡོགས་སུ་བསྣམས་པ། ཞབས་གཡས་བརྐྱང་པས་འཇིགས་བྱེད་དང་དུས་མཚན་མ་མནན་ཞིང༌། ཡུམ་རྡོ་རྗེ་ཕག་མོ་རྡོ་རྗེ་མཁའ་འགྲོ་མ་ཞལ་གསུམ་ཕྱག་དྲུག་པ་སྔ་མ་ལྟ་བུས་འཁྱུད་པའོ། །ཧཱུཾ་ལན་བཅུ། མཁའ་ནང་གི་ཁྲོ་བོ་བཅུ་དཔག་ཏུ་མེད་པ་སྤྲོས། ཕྱོགས་བཅུའི་བགེགས་རྣམས་བཅོམ། སྟོབས་བཅུ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་བཀོད། འཁོར་ལོའི་རྩིབས་བཅུ་ལ་འཁོད་པ་ནི། ཤར་དུ་རྡོ་རྗེ་གཏུམ་པོ་སྔོན་པོ་སྔོ་སེར་ལྗང་བའི་ཞལ་གསུམ། བྱང་དུ་རྡོ་རྗེ་ཉི་མ་སེར་པོ་སེར་ནག་ལྗང་བ། ནུབ་ཏུ་རྡོ་རྗེ་གཙུག་ཏོར་དམར་པོ་དམར་ནག་ལྗང་བ། ལྷོར་རྡོ་རྗེ་འཁྱིལ་པ་ལྗང་ཁུ་ལྗང་དཀར་སེར་བ། མེར་རྡོ་རྗེ་གནོད་


TNT07_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་དུད་ཁ་དུད་སེར་ལྗང་བ། བདེན་བྲལ་དུ་རྡོ་རྗེ་དུས་དམར་པོ་དམར་སེར་ལྗང་བ། རླུང་དུ་རྡོ་རྗེ་སྟོབས་པོ་ཆེ་ནག་པོ་ནག་སེར་ལྗང་བ། དབང་ལྡན་དུ་རྡོ་རྗེ་འཇིགས་རུང་སྔོན་པོ་སྔོ་སེར་ལྗང་བའི་ཞལ་གསུམ་ཀ་མི་གཡོ་བ། དེ་རྣམས་ཕྱག་དང་པོ་གཉིས་ཀྱིས་ཅང་ཏེའུ་དང་དྲིལ་བུ་འཛིན་པ། སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་དཀར་པོ་དཀར་ནག་ལྗང་བ། ཕྱག་དང་པོ་གཉིས་འཁོར་ལོ་དང་དྲིལ་བུ། འོག་ཏུ་རྡོ་རྗེ་ས་འོག་ནག་པོ་ནག་སེར་ལྗང་བ། ཕྱག་དང་པོ་གཉིས་རྩེ་གསུམ་དང་དྲིལ་བུ་འཛིན་པ། ཁྲོ་བོ་བཅུ་པོ་རྣམས་ནི་ཕྱོགས་སྐྱོང་བཅུ་གནོན་ཞིང༌། རྩ་ཕྱག་གཉིས་རང་འདྲའི་རིག་མ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ལྕགས་ཀྱུ་དང་ཞགས་པ། གཡོན་གཉིས་ཐོད་པ་དང་ཁ་ཊྭཾ་ག་བསྣམས་པ། གཙོ་འཁོར་ཐམས་ཅད་ཀྱང་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང༌། སྨ་ར་དང༌། སྨིན་མ་དང༌། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མཆེ་བ་གཙིགས་ཤིང་མི་བཟད་པའི་གད་རྒྱང་དྲག་པོ་སྒྲོག་པ། ཆེར་ཁྲོས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། རུས་པ་དང་སྦྲུལ་གྱིས་བརྒྱན་པ། ཐོད་སྐམ་གྱི་དབུ་རྒྱན་དང་མི་མགོའི་དོ་ཤལ་ཅན། པད་ཉི་ལ་གཡས་བརྐྱང་གི་སྟབས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །མཾ་ཏཾ་པཾ་ལཾ་ཨོཾ་སྭཱ་ཨཱཿཧཱ། མཁའ་ནང་གི་རྣལ་འབྱོར་མ་བརྒྱད་དཔག་ཏུ་མེད་པ་སྤྲོས། འབྱུང་བ་བཞི་དང་


TNT07_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བོ་བཞི་སྦྱངས། ཚད་མེད་བཞི་དང་རྣམ་ཐར་བཞི་ལ་བཀོད། སླར་འདུས་ཏེ་ནང་གི་པདྨའི་འདབ་མ་ལ་འཁོད་པ་ནི། ཤར་དུ་མཁའ་འགྲོ་མ་སྔོན་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། མེར་སངས་རྒྱས་མཁའ་འགྲོ་མ་དཀར་སྔོ། བདེན་བྲལ་དུ་རིན་ཆེན་མཁའ་འགྲོ་མ་སེར་ལྗང༌། རླུང་དུ་པདྨ་མཁའ་འགྲོ་མ་དམར་སེར། དབང་ལྡན་དུ་སྣ་ཚོགས་མཁའ་འགྲོ་མ་ཁྲ་མོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་གྲི་གུག་དང་ཐོད་པ། ཌ་མ་རུ་ཁ་ཊྭཱཾ་ག་འཛིན་པ། ཆེར་ཁྲོས་པའོ། །ཕུཾ་ཕྲེཾ་ཕྲོཾ་ཕྲིཾ། ནང་གི་སྒོ་མ་བཞི་དཔག་ཏུ་མེད་པ་སྤྲོས། བསྡུ་བའི་དངོས་པོ་བཞི་ལ་བཀོད། སླར་འདུས་ཏེ་སྒོ་བཞིར་འཁོད་པ་ནི། ཤར་དུ་མཁའ་འགྲོ་མ་རྒྱལ་དབང་མ་དཀར་མོ་ལག་པ་གཉིས་ཀྱི་ཐལ་མོའི་རྩེ་མོ་ཁར་བཅུག་པ། བྱང་དུ་འབར་བྱེད་མ་སེར་མོ་ཐལ་མོ་སྤྱི་བོར་བཞག་པ། ནུབ་ཏུ་འཇིགས་བྱེད་མ་དམར་མོ་སྙིམ་པ་ཁྲག་གིས་བཀང་བ་ཞལ་དུ་གསོལ་བ། ལྷོ་རུ་གཡོན་ལྡན་མ་སྔོན་མོ་གཏུན་ཤིང་དང་སྡིགས་མཛུབ་ཅན། ཐམས་ཅད་ཀྱང་དབུ་སྐྲ་དམར་པོ་སིལ་བུར་གྲོལ་བའོ། །ཧེ། ལན་ཉི་ཤུ་རྩ་བཞིར་བརྗོད། མཁའ་འགྲོ་མ་ཉེར་བཞི་དཔག་ཏུ་མེད་པ་སྤྲོས། ཤེས་པ་བཅུ་དང་རྣམ་ཐར་བརྒྱད་དང༌། མངོན་ཤེས་དྲུག་ལ་བཀོད། སླར་འདུས་ཏེ། དཀྱིལ་འཁོར་ཕྱི་མའི་ལྷ་སྣམ་རིམ་པ་གཉིས་ལ་འཁོད། དེ་ཡང་ཤར་དུ། རྟ་གདོང་


TNT07_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་དྲག་མོའི་གདོང༌། །རྡོ་རྗེ་སྣ་མ་སྙན་གྲགས་མ། བྱང་དུ། །ཟླ་བའི་སྤྱི་གཙུག་མ་དེ་བཞིན། ཁྲོ་གཉེར་ཅན་མ་སྣ་ཚོགས་གཟུགས། །རྡོ་རྗེ་ཀ་ཏའི་བུ་མོའོ། །ནུབ་ཏུ། རོ་ལངས་མ་དང་རྡོ་རྗེ་ཟླ། དྲི་ལྡན་མ་དང་འཇིགས་བྱེད་ཞལ། ལྷོ་རུ། རྡོ་རྗེ་ཕོ་ཉ་རྡོ་རྗེ་སེན། རྡོ་རྗེ་གཞོན་ནུ་མ་དེ་བཞིན། རྡོ་རྗེ་ཀམྤོ་ཛ་རྣམས་སོ། །མཚམས་རྣམས་ལ་མེ་ནས་བརྩམས་ཏེ་གཡས་བསྐོར་གྱི། རྡོ་རྗེ་ལུ་གུ་རྒྱུད་མ་དང༌། །ལྷ་མོ་སྒྱུ་འཕྲུལ་དྲག་བྱེད་མ། །རྡོ་རྗེ་མེ་ལྟར་འབར་མའོ། །ཕྱིའི་གྲྭ་བཞི་ལ། སྣ་ཚོགས་གཟུགས་ཅན་གཟུགས་བཟང་མ། །རྡོ་རྗེ་མཆུ་དང་འོད་བྱེད་མའོ། །ཛཿཧཱུཾ་བཾ་ཧོཿ རྣལ་འབྱོར་མ་ལྷག་མ་བཞི་དཔག་ཏུ་མེད་པ་སྤྲོས། མི་འཇིགས་པ་བཞི་ལ་བཀོད། ཕྱིའི་སྒོ་བཞིར་འཁོད་པ་ནི། ཤར་ནས་བརྩམས་ཏེ། གཡོན་བསྐོར་གྱིས་རྡོ་རྗེ་སེར་སྐྱ་མ་དང་ནི། །རྡོ་རྗེ་འབར་མ་རྡོ་རྗེ་འཁྱིལ། །རྡོ་རྗེ་འཇིགས་བྱེད་མ་རྣམས་སོ། །དེ་ལ་ཤར་ཕྱོགས་པ་རྣམས་དཀར་བ། བྱང་ཕྱོགས་པ་རྣམས་ལྗང་བ། ནུབ་ཕྱོགས་པ་རྣམས་དང་དམར་བ། ལྷོ་ཕྱོགས་པ་རྣམས་སེར་བ། མཚམས་མ་རྣམས་ཕྱེད་ཀྱི་དབང་ཕྱུགས་མ་སྟེ། ཐམས་ཅད་ཀྱང་རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བ། ཞགས་པ་དང༌། ལྕགས་ཀྱུ་དང༌། ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པ། རང་མདོག་དང་མཚུངས་པའི་ཞལ་གསུམ་པ། གཅེར་བུ་རུས་


TNT07_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སྦྲུལ་གྱིས་བརྒྱན་པ། དྲག་མོ་ཆེན་མོ་དབུ་སྐྲ་གྱེན་དུ་འབར་བ། གཡས་བརྐྱང་གི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཡེ་ཤེས་ཀྱི་ལྷ་དེ་རྣམས་གྲུབ་པ་ན། གཞལ་མེད་ཁང་གི་ཕྱི་རོལ་མཆོད་པའི་ས་གཞི་ལ། ཕྱོགས་སྐྱོང་བ་བཅུ་དང༌། མ་མོ་བརྒྱད་དང༌། གཟའ་ཆེན་པོ་བརྒྱད་དང༌། ཞིང་སྐྱོང་བཞི་བཅུ་དང༌། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་རྡོ་རྗེའི་དམ་ཚིག་ལ་གནས་པའི་སྲིད་པ་གསུམ་གྱི་འབྱུང་པོ་ཚོགས་མཐའ་དག་ཀྱང་འཁོད་པར་གྱུར། ཨོཾ་ཨཱཿཧཱུཾ སརྦ་བཱི་ར་ཡོ་གི་ནཱི༴ སོགས། སྐད་ཅིག་རྣམ་པའི་སྔགས་བརྗོད་པ་ནས། དབང་བསྐུར་བའམ་མཐར་ཐུག་པ་འཁོར་ལོ་བསྒྱུར་དྲུག་དང་འདྲ་བ་ལས། གཙོ་བོ་ལ་རྡོ་རྗེ་སེམས་དཔའ་དང༌། འཁོར་རྣམས་ལ་གཙོ་བོ་ཞལ་གསུམ་ཕྱག་དྲུག་པ་རེ་རེས་དབུ་རྒྱན། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་ཕྱི་མཆོད་དང༌། རང་སྔགས་ཀྱི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད། འདི་སྐབས་བརྒྱུད་པ་ནི་དྲག་པོ་ཆེན་པོ་ཕྱག་འབུམ་པ་དང་འདྲའོ། །ཨ་ནུ་རཱ་གས་གསང་མཆོད། ཧེ་རུ་ཀ་ཡབ་ཡུམ་གྱི་རྐང་བརྒྱད་ཀྱིས་བསྟོད་པ་རྣམས་ཕུལ། དེ་ནས་བཟླས་པའི་དམིགས་པ་གསལ་བཏབ་ལ། སྔགས་བཟླ་བར་བྱ་སྟེ། དེ་ལ་གཙོ་བོའི་སྔགས་ནི། ཨོཾ་སུམྦྷ་སོགས་ཞལ་བཞི་པའི་སྔགས་དང༌། ཨུཥྞི་ཥ་ཡང་བཟླ་བར་བྱ་བ་ཡིན་ལ། སྙིང་པོ་ནི། ཨོཾ་ཁ་བཛྲ་དྷྲིཀ་བཛྲ་ཧཱུཾ་ཀ་རཱ་བཛྲ་ཧཱུཾ་ཕཊ། ཅེས་པའོ། །ཁྲོ་བོ་བཅུ་ལ། ཨོཾ་བཛྲ་ཙཎྜ་བཛྲ་ཧཱུཾ། དེ་བཞིན་དུ་ཐོག་མར་ཨོཾ་བཛྲ་ཞེས་པ་དང༌། མཐར་བཛྲ་ཧཱུཾ་ཕཊ་ཅེས་པ་ཁྲོ་བོ་བཅུ་ཀུན་ལ་སྦྱར། ཛྭ་ལ་


TNT07_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ན་ལཱརྐ། ཨུཥྞི་ཥ། ཀུཎྜ་ལི། ཡཀྵ། ཀཱ་ལཱི། མཧཱ་བཱ་ལ། བྷི་ཥ་ཎ། ཨུཥྞི་ཥ་ཙཀྲཱ་ཝརྟི་རྣམས་དང༌། ཨོཾ་བཛྲ་པཱ་ཏཱ་ལ་བཛྲ་ཧཱུཾ་ཕཊ་ཀྱི་བར་རོ། །སྙིང་པོའི་རྣལ་འབྱོར་མ་བཞི་ལ། ཨོཾ་ཤྲཱི་ཌཱ་ཀི་ནི་ཌཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། ལཱ་མེ་ལཾ། ཁཎྜ་རོ་ཧེ་ཁཾ། རུ་བི་ནི་རཱུ། ཞེས་པའོ། །དེ་བཞིན། ཨོཾ་ཤྲཱི་བུདྡྷ་ཌཱ་ཀི་ནཱི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེ་ལྟར་སྦྱར་ཏེ། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། བི་ཤྭཱ་ཌཱ་ཀི་ནཱི། ཞེས་སོ། །མཁའ་འགྲོ་ཉི་ཤུ་རྩ་བརྒྱད་ཀྱི། ཐོག་མ་ཉེར་བཞི་ལ། མཚན་སྔགས་ཀྱི་དང་པོ་ཨོཾ་དང༌། མཐར་མར་ཧཱུཾ་ཧཱུཾ་ཕཊ་སྦྱར་བ་ཁོ་ན་དང༌། ཐ་མ་བཞི་པོ་ལ་མཚན་གྱི་མཐར་ས་བོན་ཡང་སྦྱར་རོ། །དེ་ཡང༌། ཨོཾ་ཝ་ཌ་ཝ་མུ་ཁཱི་ཧཱུཾ་ཧཱུཾ་ཕཊ། དེ་བཞིན་དུ་སྦྱར་ཏེ། གྷོ་རི་མུ་ཁི། བཛྲ་གྷྲ་ཎི། ཡ་ཤི་སྭི་ནི། ཙཎྜ་ཤི་ཁ་རེ། བྷྲྀ་ཀུ་ཊི། བི་ཤྭརཱུ་པེ། བཛྲ་ཀ་ཏྱཱ་ཡ་ནཱི། བཛྲ་བཻ་ཏཱ་ལི། བཛྲ་ས་ཡི་ཀི བཛྲ་གྷནྡྷ་ལི། བཛྲ་བྷི་མ་ལཱ་ད་ནི། བཛྲ་དྷཱུ་ཏི། བཛྲ་ན་ཀཱི བཛྲ་ཀཽ་མ་རཱི། ཀམྤོ་ཛཱི། བཱ་ཧུ། རཱུ་པེ། སུ་དཱུ་པེ། བཛྲ་ཏུནྡི། པྲ་བྷ་ཀ་རི་ཞེས་སོ། །ཨོཾ་ཤྲཱི་བཛྲ་པིཾ་ཀ་ལེ་ཛཿཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཛྭ་ལ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཀུཎྜི་བཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བྷཻ་ར་ཝེ་ཧོཿ ཧཱུཾ་ཧཱུཾ་ཕཊ། ཅེས་རྣམས་སོ། །ཐུན་མཚམས་ཀྱི་བྱ་བ་དང༌། [དཀྱིལ་འཁོར་བྱ་བ་དང༌།]དཀྱིལ་འཁོར་ཉེར་བསྡུ་སོགས་སྤྱི་དང་འདྲ་ཞིང༌། གཏོར་མའི་ཆོ་ག་ནི་འཁྲུལ་སྤོང་གི་སྒྲུབ་ཐབས་ཀྱི་སྐབས་སུ་བཤད་པ་ལྟར་ལས། ཡེ་ཤེས་ཀྱི་ལྷ་ལ་འབུལ་བའི་སྤྱི་སྔགས་སོང་བའི་རྗེས་


TNT07_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལྷ་སོ་སོའི་སྙིང་པོའི་ཧཱུཾ་ཕཊ་གྱི་གོང་དུ། ཨི་མཾ་བཱ་ལིཾ་གྲྀཧྞ་གྲྀཧྞ་སརྦ་སིདྡྷ་པྲ་ཡཙྪནྟུ་ཞེས་པ་བཅུག་ནས། སོ་སོར་འབུལ་བར་བྱ་སྟེ། ཨོཾ་ཁ་བཛྲ་དྷི་ཀ་བཛྲ་ཧཱུཾ་ཀ་ར་བཛྲ་ཨི་མཾ་བཱ་ལིཾ་གྲྀཧྞ་གྲྀཧྞ་སརྦ་སིདྡྷི་མེཾ་པྲ་ཡཙྪནྟུ་ཧཱུཾ་ཧཱུཾ་ཕཊ། ཞེས་པ་ལ་སོགས་པའོ། །རྒྱས་པར་བྱེད་ན་འཇིག་རྟེན་པའི་ལྷ་རྣམས་ལའང༌། དེ་བཞིན་དུ་སྦྱོར་བ་ལས། སརྦ་སིདྡྷི་སོགས་ཀྱི་དོད་དུ། མ་མཱ་ཤནྟེཾ་རཀྵ་ཙ་ཀུ་རུ་ཀུ་རུ་ཧཱུཾ་ཕཊ། ཞེས་པ་ལྟ་བུ་རང་འདོད་པའི་དོན་གང་ཡིན་པའི་ལས་སྔགས་སྦྱར་རོ། །འདོད་དོན་གསོལ་བའི་གཞུག་ཏུ། དཔྱིད་ཀྱི་རྒྱལ་པོའི་གླུ་བླང་བར་བྱ་སྟེ། ཁྲོ་བོ་བདེ་བ་དགྱེས་པ་ཡི། །བདེ་བའི་ལོངས་སྤྱོད་ལས་བྱུང་བ། །བདེ་བ་དབབ་པའི་སྦྱོར་བ་ཡིས། །རབ་ཏུ་རྨོངས་པས་བརྟེན་པར་བྱའོ། །བདེ་ཆེན་བདེ་བའི་གར་གྱིས་རོལ། །རྣལ་འབྱོར་མ་མཆོག་པད་མའི་བདེ། །ཨ་ལ་ལ་ལ་ཧོ། དགྱེས་པ་རྣམས་ཀྱི་བདེ་བ་མཆོག །རྣལ་འབྱོར་མ་མཆོག་མཆོད་པར་མཛོད། །ཨ་ཨཱིཿཨ་ཨཱཿར་ལི་ཧོ། རབ་དགྱེས་མགོན་པོའི་རབ་བཞུགས་མཛོད། །མཁའ་འགྲོ་དྲྭ་བའི་བདེ་བ་སྩོལ། །ཞི་བའི་གར་གྱིས་གར་མཛད་པ། །བདག་ལ་བདེ་ཆེན་བདེ་བ་སྩོལ། །ཐར་པའི་མཚན་ཉིད་ལྡན་པ་ཁྱོད། །བདེ་བ་སྤངས་པས་གྲོལ་མི་འགྱུར། །བདེ་མེད་སྡུག་བསྔལ་གྱིས་མི་གྲོལ། །བདེ་དེ་ཆུ་སྐྱེས་དབུས་ན་གནས། །ཆགས་པའི་དངོས་པོར་ཁྱོད་མ་གྱུར། བདེ་བ་ཆེ་ཡིས་གྲོལ་བར་མཛོད། །པདྨ་རྒྱས་པའི་རོ་ཉིད་ཀྱིས། །བུང་བ་ལྟ་བུར་ཚིམ་པར་མཛོད། །


TNT07_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིས་མགོན་པོ་བསྐུལ་ན་ནི། །དཀྱིལ་འཁོར་དུ་ནི་ངེས་པར་འགྲུབ། །སྙན་ཅིང་འཇེབས་པའི་དབྱངས་ཀྱིས་ནི། །དཔྱིད་ཀྱི་རྒྱལ་པོའི་གླུ་བླངས་པས། །དྲི་མེད་མཁའ་འགྲོ་དྲ་བ་ཡིས། །འཕྲིན་ལས་ཐམས་ཅད་སྟོན་པར་མཛོད། །ཅེས་སོ། །འདི་ལ་དཀྱིལ་འཁོར་སྒོ་རྐྱང་ལ་ལྷ་གོང་བཞིན་འགོད་པ་དང༌། ཁྲོ་བོ་བཅུ་གཅིག་ཁོ་ནའི་དཀྱིལ་འཁོར་སྒོམ་པར་འདོད་ནའང༌། དེ་དང་དེའི་འདོར་ལེན་ཤེས་པར་བྱའོ། །འདི་ནི་མངོན་བརྗོད་བླ་མའི་ལེའུ་ཡར་མར་གྱི་ཁོག་དོན་སྡེབས་པ་བླ་མའི་མན་ངག་གོ །རབ་ཟབ་སྒྲུབ་ཐབས་རྨད་བྱུང་འདི། །དྲག་ཤུལ་སྒྲུབ་ལ་མཆོག་ཏུ་བསྔགས། །རྒྱུད་དོན་ཤེས་པ་རྣམས་ལ་ནི། །དགའ་བདེའི་དཔལ་འབྱོར་རྒྱས་བྱེད་ཡིན། །དཔལ་བདེ་མཆོག་ཁྲོ་བོ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཏེ་བཅུ་དྲུག་པའོ།། །།༈ བདེ་ཆེན་རྡོ་རྗེ་ཕག་མོ་ནི། །སྤྲོས་བྲལ་དབྱིངས་ལས་མ་གཡོས་ཀྱང༌། །སྲིད་གསུམ་སྒྱུ་མའི་གར་མཁན་མ། །དེ་ལ་དངོས་པོ་ཀུན་གྱིས་འདུད། །འདིར་གྲུབ་པའི་སློབ་དཔོན་བདེ་བ་ཆེན་པོའི་རྡོ་རྗེའམ། ཞི་བ་སྦས་པའི་ཞབས་ཀྱིས་མཛད་པའི་གཞུང་གི་རྗེས་སུ་འབྲང་ནས། རྡོ་རྗེ་བཙུན་མོའི་སྒྲུབ་ཐབས་སྒོམ་པར་འདོད་པས། སྤྲོ་ན་མཎྜལ་མཆོད་པ་དང༌། ལག་མཆོད་དང་གཏོར་མ་རྣམས་སྔོན་དུ་འགྲོ་བར་བྱས་ཏེ། རྣལ་འབྱོར་གྱི་བྱ་བ་ལ་འཇུག་པ་ཡིན་ལ། དེ་ཙམ་མ་ལྕོགས་ན་ནང་མཆོད་བྱིན་གྱིས་རླབས་ཏེ། བླ་མ་དང་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་


TNT07_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་སྐད་ཅིག་གིས་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཀ་ཙིཏྟ་པྲ་ཎ་མེ་ཎ་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་ཕྱག་བྱ། གཡོན་པའི་འཐེབ་སྲིན་གྱིས་མེ་ཏོག་ཕུལ་ལ། ཨོཾ་མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འདུད། ཛཿཧཱུཾ་བཾ་ཧོ། རབ་ཏུ་གྲུབ་པར་མཛོད། མགོན་པོ་སྙིམ་པའི་མེ་ཏོག་བཞེས་ཤིག་ཧོཿ མེ་ཏོག་འབུལ་བའི་གཟུངས་ཀྱིས་མེ་ཏོག་ཕུལ་ཀྱང་རུང་ངོ༌། །ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་འབུལ། ཨོཾ་ཨཱཿབཛྲ་དྷྲི་ཀ་ཧཱུཾ་ཧཱུཾ་བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ། ཨོཾ་ཨཱཿཧཱུཾ་ཞེས་བླ་མ་ལ་ནང་མཆོད་ཕུལ། ལྷ་སོ་སོའི་སྔགས་ཀྱིས་དཀྱིལ་འཁོར་པ་ལ་ནང་མཆོད་ཕུལ། ཅང་ཏའུ་ལ་སོགས་པའི་སྒྲ་དང་བཅས་ཏེ། ཡུམ་གྱི་རྐང་བརྒྱད་ཀྱིས་བསྟོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་རྒྱུན་བཤགས་དང༌། ཇི་ལྟར་དུས་གསུམ་མགོན་པོ་རྣམས་ཞེས་སོགས་ཀྱིས་སྡོམ་པ་བཟུང༌། ཡི་གེ་བརྒྱ་པ་ལན་གསུམ་གྱིས་གསོལ་བ་བཏབ། ཨོཾ་ཨཱཿཧཱུཾ་མུཿ ཞེས་མི་དམིགས་པར་བསམ་མོ། །དེ་དག་ནི་བསོད་ནམས་ཚོགས་ཀྱི་རིམ་པའོ། །དེ་ནས་ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ་སྟེ། རྣལ་འབྱོར་བསྲུང་བའོ། །གཟུགས་ཀྱི་ཕུང་པོ་ལ་ནི་རྣམ་པར་སྣང་མཛད་དོ། །ཞེས་སོགས་ཕུང་ཁམས་ཀྱི་ལྷ་བཅུ་བདུན་མོས་པ་ཙམ་མམ། དངོས་སུ་སྒོམ་པ་ནི་བདག་བསྲུང་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེའི་ས་གཞི། རྭ་


TNT07_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བ། དྲྭ་བ། གུར་བླ་རེ་མེ་དཔུང་འབར་བ་དང་བཅས་པའི་བསྲུང་འཁོར་དུ་གྱུར། ཨོཾ་མེ་དྷི་ནི་བཛྲ་བྷ་བཱ༴ ནས། ཨ་ན་ལཱརྐ་ཧཱུཾ། གི་བར་སྔགས་ཚན་དྲུག་བརྗོད། དེའི་ནང་དུ་བྷྲུཾ་ལས་བཀའི་འཁོར་ལོ་སེར་བོ་རྩིབས་བཅུ་པ། དེར་ཧཱུཾ་གི་ས་བོན་འབའ་ཞིག་ལས་བྱུང་བའི་ལྷ་རྣམས་ཏེ། འཁོར་ལོའི་ལྟེ་བར་ཁྲོ་བོ་ཆེན་པོ་འཇིག་རྟེན་གསུམ་རྒྱལ། ཞལ་བཞི་ནག་ལྗང་དམར་སེར་བ། ཕྱག་དང་པོ་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དྲིལ་བུ་འཛིན་པས། རྡོ་རྗེ་ཕག་མོ་ཕྱག་གཉིས་མ་ལ་འཁྱུད་པ། གཉིས་པ་གཉིས་ཀྱིས་རལ་གྲི་དང་གཏུན་ཤིང༌། གསུམ་པ་གཉིས་ཀྱིས་མདའ་དང་གཞུ། བཞི་པ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། ལྔ་པ་གཉིས་ཀྱིས་དགྲ་སྟྭ་དང་རྩེ་གསུམ། དྲུག་པ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་སྟོད་གཡོགས་སུ་འཕྱར་པ་དང་ལྷན་ཅིག་ཐོད་ཁྲག་དང་ཁ་ཊྭཱཾ་ག་འཛིན་པ། ཞབས་གཡས་བརྐྱང་བས་འཇིགས་བྱེད་དང་དུས་མཚན་མ་མནན་པ། རྩིབས་བཅུ་ལ་ཤར་དུ་ཁྭ་གདོང་མ་ལ་གཤིན་རྗེ་མཐར་བྱེད་ནག་པོ་ཐོ་བ་འཛིན་པས་འཁྱུད་པ། བྱང་དུ་འུག་གདོང་མ་ལ་བགེགས་མཐར་བྱེད་ལྗང་ཁུ་སྣ་ཚོགས་རྡོ་རྗེ་འཛིན་པས་འཁྱུད་པ། ནུབ་ཏུ་ཁྱི་གདོང་མ་ལ་པདྨ་མཐར་བྱེད་དམར་པོ་པདྨ་འཛིན་པས་འཁྱུད་པ། ལྷོ་རུ་ཕག་གདོང་མ་ལ་ཤེས་རབ་མཐར་བྱེད་སེར་པོ་བེ་ཅོན་འཛིན་པས་འཁྱུད་པ། ལྷོར་གཤིན་རྗེ་བརྟན་མ་ལ་འདོད་རྒྱལ་


TNT07_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་ལྕགས་ཀྱུ་འཛིན་པས་འཁྱུད་པ། བདེན་བྲལ་དུ་གཤིན་རྗེ་ཕོ་ཉ་མོ་དབྱུག་སྔོན་ཅན་ནག་པོ་དབྱུག་པ་འཛིན་པས་འཁྱུད་པ། རླུང་མཚམས་སུ་གཤིན་རྗེ་མཆེ་བ་མ་ལ་སྟོབས་པོ་ཆེ་དུད་ཁ་རྩེ་གསུམ་འཛིན་པས་འཁྱུད་པ། བྱང་ཤར་དུ། གཤིན་རྗེ་འཇོམས་མ་ལ་མི་གཡོ་བ་སྔོ་སངས་རལ་གྲི་འཛིན་པས་འཁྱུད་པ། སྟེང་དུ་མཁའ་སྤྱོད་མ་དཀར་མོ་ལ་གཙུག་ཏོར་འཁོར་ལོས་བསྒྱུར་བ་དཀར་པོ་འཁོར་ལོ་འཛིན་པས་འཁྱུད་པ། འོག་ཏུ་ས་སྤྱོད་མ་ཁ་དོག་སྣ་ཚོགས་པ་ལ་གནོད་འཛེས་རྒྱལ་པོ་ནག་པོ་གཏུན་ཤིང་འཛིན་པས་འཁྱུད་པ། ཁྲོ་བོ་ཐམས་ཅད་ཕྱག་གཡོན་པས་སྡིགས་མཛུབ་དང་བཅས་པའི་སྦྲུལ་ཞག་ཅན། འཁོར་རྣམས་ཤེས་རབ་མ་གཙོ་བོར་གྱུར་པ། ཐམས་ཅད་ཀྱང་རྡོ་རྗེ་འཆང་ཆེན་པོའི་དབུ་རྒྱན་ཅན་ནོ། །ཕྱིར་བཟློག་བྱེད་ན་བར་འདིར་མངོན་བརྗོད་ལས་བྱུང་བའི་ཨུཥྞི་ཥ་བཟླ་ཞིང༌། ཕྱིར་བཟློག་གི་དམིགས་པ་དགོས་པ་ཡིན་ནོ། །དེ་ནས་སུམྦྷ་ལན་གཉིས་བརྗོད་པས། དུར་ཁྲོད་མ་བརྒྱད་ཀྱིས་ཐུགས་ཀ་ནས་དུར་ཁྲོད་མ་བརྒྱད་དམར་མོ། ཐོ་བ་ཕུར་བུ་ལྕགས་ཀྱུ་ཞགས་པ་རྣམས་འཛིན་པ་སྤྲོ་བ། ཡང་སུམྦྷས། བཀའ་བསྒོས་པ་ན་བགེགས་རྣམས་ཕྱོགས་སྐྱོང་བཅུའི་རྣམ་པར་བཀུག་སྟེ། ཧཱུཾ་ལས་བྱུང་བའི་འབྲུབ་ཁང་བཅུའི་ནང་དུ་རྡོ་རྗེ་མོའི་ས་གཞི་ལ་བཞག །ཨོཾ་གྷ་གྷ་སོགས། ཕུར་བུས་བཏབ། ཨོཾ་བཛྲ་མུད་ག་ར་སོགསཀྱིས། ཐོ་བས་བརྡུང་ཏེ། བགེགས་རྣམས་སྟོང་པ་ཉིད་དུ་ཐིམ། སྲུང་བའི་འཁོར་ལོའི་ལྷ་རྣམས་ལ་མཆོད་ཡོན་དང་ཉེར་སྤྱོད་ལྔས་མཆོད། ཕོ་ཉ་མོ་རྣམས་


TNT07_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

སླར་བསྡུ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་བརྟན་པར་བྱས་ཏེ། གནས་སྲུང་བའོ། །དེ་ལྟར་བསྲུང་བ་གསུམ་ནི་ཚུལ་ཁྲིམས་ཀྱི་ཚོགས་སོ། །ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཨོཾ་ཨཱཿནི་མི་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཨོཾ་ཨཱཿནཱི་བྷི་སང་སྐ་ར་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་ཅིང་སྔགས་དོན་བསམ་པ་ནི་ཡེ་ཤེས་ཀྱི་ཚོགས་གསག་པའོ། །དེ་དག་གིས་སྔོན་འགྲོ་རྫོགས་སོ།། །།སྣོད་བཅུད་ཐམས་ཅད་འོད་དུ་ཞུ། རང་རྡོ་རྗེ་ཕག་མོར་གསལ་བ་ལ་ཐིམ། གནས་གསུམ་དུ་ཨོཾ་ཨཱཿཧཱུཾ། རང་ཉིད་ཨོཾ་ལ་ཐིམ་དེ་ཨཱཿལ༴ དེ་ཧཱུཾ་ལ༴ དེ་ཡང་ནཱ་དའི་བར་དུ་བསྡུས། ནཱ་ད་ཡང་མི་དམིགས་པར་བསམ་མོ། །དེ་ནི་འཆི་བདག་བྱེད་དོ། །སྟོང་པའི་ངང་ལས་ནཱ་ད་ཧོ་གཉིས་ཀྱི་མཐའ་བརྟེན་པར་ནམ་མཁར་གནས། དེ་ནི་བར་དོ་དག་བྱེད་དོ། །སྐད་ཅིག་གིས་འབྱུང་བཞི་རི་རབ་དང་བཅས་པའི་རྩེ་མོར། བསྲུང་བའི་འཁོར་ལོ་རབ་ཏུ་ཡངས་པའི་དབུས་སུ་སྐུའི་འཁོར་ལོ་ནི་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཁོར་ཡུག་གོ །དེའི་ནང་དུ་པདྨའི་ཉི་མ་སྣ་ཚོགས་རྡོ་རྗེ་རྣམས་བརྩེགས་པའི་གཞི་ལ་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་གི་ལྷ་རྣམས་ཤར་སྔོ། བྱང་ལྗང༌། ནུབ་དཀར། ལྷོ་སེར་བ་ནི་གསུང་གི་འཁོར་ལོའོ། །དབུས་ཀྱི་གཞི་དམར་པོ་ལ། གྲི་གུག་གི་འཕྲེང་བས་བསྐོར་བའི་མུ་ཁྱུད་ཟླུམ་པོའི་ནང་དུ། དཀྱིལ་འཁོར་


TNT07_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་གྲུ་གསུམ་པ་ནི། ཐུགས་ཀྱི་འཁོར་ལོའོ། །དེའི་སྟེང་དུ་སྣ་ཚོགས་པད་མ་འདབ་མ་བརྒྱད་པ་ལ་ཟླ་བ་ཉི་མ་སྒྲ་གཅན་བརྩེགས་པའི་གདན། རིམ་པ་གཉིས་པའི་གྲྭ་བཞིར་ཟླ་བའི་དཀྱིལ་འཁོར་དང་རྡོ་རྗེའི་གདན། སྒོ་མཚམས་བརྒྱད་དུ་པདྨ་དམར་པོ་དང་རོའི་གདན། དུར་ཁྲོད་བརྒྱད་དུ་འཁོར་ལོ་དཀར་པོ་དང་རོའི་གདན། དབུས་ཀྱི་གདན་གྱི་སྟེང་དུ་ཨཱ་ལི་ལས་ཟླ་བ། ཀཱ་ལི་ལས་ཉི་མ། དེ་གཉིས་ཀྱི་བར་དུ་ནམ་མཁའི་ནཱ་ད་ཧོ་གཉིས་དང་བཅས་པ་ཞུགས། དེ་ཉིད་བཾ་མཾ་ཏཾ་པཾ་ལཾ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཧཱུཾ་བརྒྱད་དང་བཅས་པར་གྱུར། དེ་རྣམས་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་སྤྱན་དྲངས། ཐམས་ཅད་ཞུ་ཞིང་འདྲེས་པ་ལས། དཀྱིལ་འཁོར་པ་རྣམས་ཡོངས་སུ་རྫོགས་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་དྲག་མོ་ཆེན་མོ་ཉི་མ་བྱེ་བའི་གཟི་བརྗིད་འབར་མ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་བ། ཕྱག་གཡས་རྡོ་རྗེ་ནག་པོའམ་གྲི་གུག་འཕྱར་བ། གཡོན་ཐོད་པ་བདུད་རྩི་ལྔས་གང་བ་ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་པས་འཇིགས་བྱེད་ནག་པོ་དང༌། གཡོན་བརྐྱང་བས་དུས་མཚན་མ་དམར་མོ་མནན་པ། ཕྲག་པ་གཡོན་གྱི་ཕྱོགས་སུ་ཉེ་བར་བརྟེན་པའི་ཁ་ཊྭཱཾ་ག་དཀར་པོ་ཟུང་འཇུག་གི་རང་བཞིན་ཅན་འཆང་བ། དྲག་མོ་ཆེན་མོ་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་ཕྱག་རྒྱ་


TNT07_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ལྔས་བརྒྱན་ཞིང༌། དབུ་སྐྲ་ནག་པོ་སིལ་བུར་གྲོལ་བ་ལ་མེ་ཏོག་སིལ་མས་མཛེས་པ། སྒེག་ཅིང་ལང་ཚོ་ལ་བབ་པ། མི་སྣང་བའི་ཐབས་དང་གཉིས་སུ་མེད་པར་འདུས་ཤིང༌། མ་ལུས་པའི་སྤྲུལ་པ་སྤྲོ་བ་དང་བསྡུད་བའི་ལུས་ཅན། བསྐལ་པའི་མེ་ལྟ་བུའི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །རིམ་པ་གཉིས་པའི་བྱང་ཤར་གྱི་གྲྭར་མཁའ་འགྲོ་མ་ནག་མོ། ནུབ་བྱང་གི་གྲྭར་ལཱ་མ་ལྗང་ཁུ། ལྷོ་ནུབ་ཀྱི་གྲྭར་དུམ་སྐྱེས་མ་དཀར་མོ། ཤར་ལྷོའི་གྲྭར་གཟུགས་ཅན་མ་སེར་མོ་རྣམས་གཡས་ཌཱ་མ་རུ་དང༌། གཡོན་ཤ་ལྔས་གང་བའི་ཐོད་པ་འཛིན་པ། ཟུར་གསུམ་དུ་དགའ་བ་འཁྱིལ་བ་གསུམ་དང༌། གྲུ་ཆད་གསུམ་ལ་བུམ་པ་རྣམས་གནས་པར་གྱུར། ཤར་སྒོར་གཽ་རཱི་སེར་མོ། བྱང་སྒོར་ཙཽ་རཱི་དམར་མོ། ནུབ་སྒོར་ཕྲ་མོ་ཧ་སྔོན་མོ། ལྷོར་སྒོར་རོ་ལང་མ་དཀར་མོ། ཤར་ལྷོའི་གྲྭར་པུཀྐ་སི་ཁྲ་མོ། ལྷོ་ནུབ་ཏུ་ཙཎྜ་ལི་ལྗང་ཁུ། ནུབ་བྱང་དུ་གྷསྨ་རི་དུད་ཁ། བྱང་ཤར་དུ་ཧེ་རུ་ཀའི་འོད་མ་ནག་མོ། ཐམས་ཅད་ཀྱང་གཡས་ཁ་ཊྭཾ་ག་འཕྱར་ཞིང་གཡོན་ཐོད་པ་འཛིན་པ། དུར་ཁྲོད་ཀྱི་གདན་རྣམས་ལ། ཤར་དུ་ཁྭ་གདོང་མ། བྱང་དུ་འུག་གདོང་མ། ནུབ་ཏུ་ཁྱི་གདོང་མ། ལྷོར་ཕག་གདོང་མ་རྣམས་གཡས་ཌཱ་མ་རུ་དང༌། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། ཤར་ལྷོར་གཤིན་རྗེ་བརྟན་མ། ལྷོ་ནུབ་ཏུ་ཤིན་རྗེ་ཕོ་ཉ་མོ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ།


TNT07_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཤར་དུ་གཤིན་རྗེ་འཇོམས་མ་རྣམས་གཡས་གྲི་གུགདང༌། གཡོན་མིའི་མགོ་བོ་འཛིན་པ། བརྒྱད་པོ་ཐམས་ཅད་སྐུ་མདོག་ལྗང་ཁུའོ། །འཁོར་རྣམས་བཅོམ་ལྡན་འདས་མ་དང་མཚུངས་པ་ལས་ཞབས་གཡས་བརྐྱང་བའི་སྟབས་ཅན་ནོ། །འདིར་ལྷའི་རྣམ་པ་གདམ་ང་ནི། གཙོ་བོ་ཞལ་བཞི་ཕྱག་བཅུ་གཉིས་པ། དམར་ལྗང་ནག་སེར་བའི་ཞལ་བཞི། ཕྱག་མཚན་གཞན་རྣམས་ལཱུ་དྲིལ་གྱིས་ཧེ་རུ་ཀ་དང་འདྲ་བ་ལ། གླང་ལྤགས་ཀྱི་དོད་བདུད་ཀྱི་པགས་པ་འཛིན་པ། ཧེ་རུ་ཀ་ནག་པོ་ཞལ་བཞི་ཕྱག་བཅུ་གཉིས་པ། གླང་ལྤགས་ཀྱི་དོད་དུ་འབར་བའི་ཕྱག་རྒྱ་མཛད་པས་འཁྱུད་པའོ། །ཡང་ན་གཙོ་མོ་ཞལ་དྲུག་ཕྱག་བཅུ་གཉིས་རྩ་ཞལ་དང་སྐུ་མདོག་དམར་བ། ཞབས་གཡས་བརྒྱང་གི་གར་སྟབས་ཀྱི་འཇིགས་དུས་བརྩེགས་པ་མནན་པ། ཞལ་གཡས་གཉིས་སྔོན་པོ་དང་སེར་པོ། གཡོན་གཉིས་དཀར་པོ་དང་ལྗང་ཁུ་སྟེ་ཞལ་ཕག་གདོང་དམར་པོ། ཕྱག་དང་པོ་གཉིས་རྡོར་དྲིལ་པདྨའི་སྐོར་བས་ཐུགས་ཀར་འཛིན་པ། གཉིས་པས་འབར་བའི་ཕྱག་རྒྱ་དབུ་ཐོག་ཏུ་འཇོག་པ། གསུམ་པས་མི་ལྤགས་ཀྱི་སྟོད་གཡོགས། བཞི་པས་ཌཱ་མ་རུ་དང༌། ཁ་ཊྭཱཾ་ག་ལྔ་པས་ལྕགས་ཀྱུ་དང་ཞགས་པ། དྲུག་པས་ཚངས་པའི་མགོ་བོ་དང་ཐོད་ཁྲག་གོ །ཡང་ཕྱག་མཚན་དེ་ཉིད་དང་འདྲ་བ་ལས། སྐུ་མདོག་ཕྱེད་གཟུགས་གཡོན་དཀར་གཡས་དམར་བ། ཞལ་བཞི། རྩ་ཞལ་སྐུ་ལུས་དང་མཚུངས་པ། གཡོན་ལྗང༌། རྒྱབ་སེར། གཡས་སྔོ་བའོ། །གཙོ་མོ་ཞལ་དྲུག་པའི་སྐབས། རྣལ་འབྱོར་མ་བཞི་ཡང༌། གླང་པོ་ལ་སོགས་པའི་གདོང་བརྙན་


TNT07_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱ་ལ། གཙོ་མོ་ཕྱེད་གཟུགས་སུ་བྱེད་པའི་ཚེ། དེ་དག་ཀྱང་ཕྱེད་གཟུགས་སུ་བྱ་ཞིང༌། གཙོ་མོ་ཕྱག་མང་གི་ལུགས་གསུམ་པོ་འདི་ལ་སྐུ་ལ་ཕྱག་དྲུག་གིས་བརྒྱན་པ་དང༌། གཽ་རཱི་ལ་སོགས་པ་ལྷ་མོ་བརྒྱད་ཀྱང་མངོན་བརྗོད་བླ་མ་ནས་འབྱུང་བ་བཞིན་ཞལ་གསུམ་ཕྱག་དྲུག་པར་མཛད་དེ་རྒྱ་གཞུང་ལས་ཤེས་པར་བྱའོ། །དེ་དག་ནི་སྐྱེ་བའི་སྲིད་པ་ལས་ལུས་དག་བྱེད་དོ། །རང་གི་སྙིང་གར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་དཀར་པོའི་ལྟེ་བ་ལ་བཾ་ཡིག་དམར་པོ་དག་གོ །དམ་ཚིག་སེམས་དཔའ་ཕྱག་མང་སྒོམས་ཀྱང༌། ཡེ་ཤེས་པ་ཕྱག་གཉིས་པར་ངེས་སོ། །དེ་ནས་ལུས་དཀྱིལ་སྐད་ཅིག་གིས་གསལ་འདེབས་ཏེ། ལྟེ་བར་གཟུགས་ཅན་མ་དང་དགའ་འཁྱིལ་གཅིག ལྷག་མ་འཁོར་ལོ་གསུམ་ལ། བུམ་པ་གསུམ་དང་རྣལ་འབྱོར་མ་གསུམ། གཙུག་ཏོར་ཏུ་ཧེ་རུ་ཀ་གསང་བའི་འཁོར་ལོ་ཕྱི་མ་གཉིས་ལ་དགའ་འཁྱིལ་གཉིས། ཟེའུ་འབྲུའི་འཁོར་ལོ་ལ་རྡོ་རྗེ་ཕག་མོ། སྙིང་གའི་རྩ་འདབ་བརྒྱད་ལ་གཽ་རཱི་ལ་སོགས་པ་ལྷ་མོ་བརྒྱད། བུ་ག་བརྒྱད་ལ་ཁྭ་གདོང་མ་ལ་སོགས་པ་བརྒྱད། སྤྱི་བོ་ལ་སོགས་པའི་གནས་ཉི་ཤུ་རྩ་བཞིར། དཔའ་བོ་དང་དཔའ་མོ་བཞི་བཅུ་ཞེ་བརྒྱད། བདེ་མཆོག་གི་ལུས་དཀྱིལ་སྤྱི་དང་མཐུན་པར་འགོད་པ་ལས། འདིར་ཤེས་རབ་མ་རྣམས་གཙོ་བོར་གྱུར་པ་ཡིན་ཞིང༌། སྐུ་མདོག་ཀྱང༌། ཐུགས་ཀྱི་རྣལ་འབྱོར་མ་དཀར་མོ་ལ་དཔའ་བོ་ནག་པོའི་འཁྱུད་པ། གསུང་གི་སྔོན་མོ་ལ་དམར་པོས་འཁྱུད་པ་དང་


TNT07_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་དམར་མོ་ལ་སེར་སྐྱས་འཁྱུད་པ། ཕྱག་མཚན་ནག་པོ་དང་འདྲ་སྟེ་ལུས་དཀྱིལ་རྒྱས་པའོ། །སྐུ་གསུང་ཐུགས་ཀྱི་ལྷ་བཞི་བཅུ་ཞེ་བརྒྱད་སྒོམ་པ་ནི་འབྲིང་པོ་ཡིན་ལ། རྩ་འཁོར་ལོ་བརྒྱད་ཀྱི་ལྟེ་བའི་ལྷ་ཙམ་འགོད་པ་ནི་བསྡུས་པ་ཡིན་ཞིང༌། དང་པོར་སྙིང་གར་ཧེ་རུ་ཀ་དང་ལྟེ་བར་རྡོ་རྗེ་ཕག་མོ་བསྒོམས་ཏེ། སླར་ལྟེ་བར་ཞལ་སྦྱོར་དུ་བསམ་པ་ནི་ཤིན་ཏུ་བསྡུས་པའོ། །དེ་དག་ནི་ངག་དག་པར་བྱེད་པའོ། །དེ་ནས་དག་པ་དྲན་པ་དང་སྐྱེ་མཆེད་བྱིན་རླབས་དང༌། གོ་ཆ་དགོད་པ་དང༌། གནས་གསུམ་བྱིན་རླབས་དང༌། ཡེ་ཤེས་སྤྱན་འདྲེན་དང༌། དབང་བསྐུར་རྒྱས་བཏབ་རྣམས་ཕག་མོ་ལྷ་སོ་བདུན་མའི་སྐབས་དང་འདྲ་བ་ལས། ཕྱི་དཀྱིལ་འཁོར་ལ་གཙོ་མོ་ལ་རྣམ་སྣང་གཙོ་བོར་གྱུར་པའི་རིགས་ལྔ་དང༌། འཁོར་རྣམས་ལ་གཙོ་བོ་མོ་ཉིད་ཀྱིས་དབུ་རྒྱན། ལུས་དཀྱིལ་ལ་ནི་རིགས་བདག་གི་རྒྱས་འདེབས་མི་དགོས་སོ། །དེ་དག་ནི་ཡིད་དག་པར་བྱེད་པའོ། །བར་འདིར་དམིགས་བཅས་ཀྱི་རྫོགས་པའི་རིམ་པ་ཅུང་ཟད་བསྒོམ་སྟེ་ཡེ་ཤེས་དག་པར་བྱེད་པའོ། །དེ་ནས་གོང་བཞིན་ཕྱི་མཆོད་ནང་མཆོད་བསྟོད་པ་རྣམས་བྱ། ནང་མཆོད་ལ་བོད་ལུགས་ལྟར་བརྒྱུད་པའི་མཚན་བརྗོད་འདོད་ན། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཐོབ་ཡེ་ཤེས་བཤེས་གཉེན་གྲུབ་ཆེན་ཞི་བ་སྦས་པ། སློབ་དཔོན་གོ་པི་པ། སློབ་དཔོན་ནི་རྦཱ་ཎ་ཤྲཱི་རྣམས་སོ། །དེ་དག་ནི་དངོས་གཞིའི་རྣལ་འབྱོར་རོ། །དེ་ནས་བཟླས་པ་ནི། མན་ངག་སྤྱི་དང་མཚུངས་པ་ལས། བཟླ་བྱའི་སྔགས་ཀྱིས་གཙོ་བོ་ནི་རྐང་བརྒྱད་སྔོན་དུ་འགྲོ་བའི་རྩ་སྔགས་ཉིད་ཡིན། སྙིང་པོ་ནི་ཡི་གེ་སུམ་ཅུ་རྩ་གཉིས་པའོ། །


TNT07_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བའི་སྙིང་པོ་ནི། ཨོཾ་བཛྲ་བཱ་ར་ཧི། ཨ་ཨཱ། ཨི་ཨཱི། ཨ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའོ། །འཁོར་གྱི་སྔགས་ནི་སོ་སོའི་མཚན་སྔགས་དང་སྒོ་མཚམས་བརྒྱད་ལ། ཁ་སྦྱོར་ནས་གསུངས་པའི་འཕྲེང་སྔགས་བཟླ་བར་བཤད་ཅིང༌། ཕྱིར་བཟློག་མའི་ཚེ་སྒྲུབ་ཀྱི་སྔགས་དང༌། ཡེ་ཤེས་འབེབས་པ་དང༌། བདུད་རྩི་འབེབས་པའི་སྔགས་ཀྱང་བཟླ་སྟེ་གཞུང་དུ་བལྟའོ། །བཟླས་པའི་རྗེས་སུ་གཞུང་ནས་ཇི་སྐད་བཤད་པའི་རྫོགས་པའི་རིམ་པ་བསྒོམ་ཞིང༌། དེའི་རྗེས་སུ་དཀྱིལ་འཁོར་ཉེ་བར་བསྡུ་བ་དང༌། ཐུན་མཚམས་ལ་འཇུག་ཚུལ་ནི། སྤྱི་དང་འདྲ་ཞིང༌། གཏོར་མའི་ཆོ་ག་ཡང་འཁྲུལ་སྤོང་གིས་སྐབས་སུ་བཤད་པ་བཞིན་འདོན་པ་སྤོས་པ་སྟེ། ཅུང་ཟད་རྒྱས་པ་ལ་མོས་ན། འཇིག་རྟེན་འདས་གཏོར་སྐབས་ལྷ་སོ་སོའི་སྙིང་པོའི་སྔགས་ལ། ཨི་མཾ་བཱ་ལིཾ་གྲྀཧྞ་གྲྀཧྞ་མ་མ་སརྦ་ཀརྻཾ་སཱ་དྷ་ཡ་ཞེས་པ་སྤེལ་ནས་འབུལ་ལོ། །འདི་ནི་ཕག་མོའི་རྟོག་པ་ཉུང་ངུ་གཅིག་དང༌། རྩ་བཤད་ཀྱི་ཁོག་སྡེབས་ནས་གྲུབ་ཆེན་ཞི་བས་མཛད་པའི་མན་ངག་གོ །དངོས་གྲུབ་ཀུན་གྱི་འབྱུང་གནས་ནི། །སྤྱཽད་དང་གྲོལ་བའི་འབྲས་རྩོལ་བ། །ཤིན་ཏུ་རྙེད་དཀའ་ཚེགས་མེད་པ། །ལག་ཏུ་འོང་བའང་སྐལ་པ་བཟང༌། །རྡོ་རྗེ་ཕག་མོ་འབྱུང་བ་ཞེས་བྱ་བའི་སྒྲུབ་ཐབས་ཏེ་བཅུ་བདུན་པའོ།། །།༈ ཨོཾ་ན་མོ་བཛྲ་ས་ཏྭ་ཡ། དཔལ་ལྡན་ལྷན་སྐྱེས་བདེ་བ་ཡིས། །འོད་ཀྱིས་ཞིང་ཀུན་རབ་བཀང་ནས། །རྒྱལ་བའི་དཀྱིལ་འཁོར་གསལ་མཛད་པའི། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །དེ་ཡི་སྒྲུབ་ཐབས་རྨད་བྱུང་ནི། ཁ་སྤྱོར་ཐིག་ལེ་ལས་


TNT07_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་བཞིན། །འདུས་གསལ་གོ་བདེར་བརྗོད་བགྱི་བས། །འདི་ལས་དགེ་མཚན་ཅི་ཡང་སྤེལ། །ད་ནི་འདིར་དཔལ་ཁ་སྦྱོར་ཐིག་ལེའི་རྩ་བའི་དཀྱིལ་འཁོར་བདེ་མཆོག་ཞི་བ་རྡོར་སེམས་སམ། རྡོ་རྗེ་དབྱིངས་སྒོམ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱའི་རྣལ་འབྱོར་རྣམས་སྔོན་དུ་བཏང༌། ནང་མཆོད་བྱིན་གྱིས་རླབས། སྤྲོ་ན་གཏོར་ཆོག་གིས་གཏོར་མ་འབུལ་བའམ། དེ་ཙམ་མ་ལྕོགས་ན། སྔོན་འགྲོ་གཏོར་མ་བཏང༌། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་པའི་བདག་དང་གནས་དང་རྣལ་འབྱོར་བསྲུང་བ་དྲན་པར་བྱས་ལ། རང་སྐད་ཅིག་གིས་རྡོ་རྗེ་སེམས་པར་གྱུར། སྙིང་གར་ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས། རྡོ་རྗེ་སེམས་དཔའ་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཧཱུཾ་ལས་སྤྲོས་པའི་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་པར་གྱུར། ཨོཾ་ཝཱི་ནི་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཅེས་སོགས་བརྗོད། གང་གི་དྲིན་གྱིས༴ སོགས་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་དང་སོགས་ཤློཀ་གཉིས་ཀྱིས་ཕྱག་འཚལ། བདག་ཉིད་ཀྱི་སྡིག་པ་ཐམས་ཅད་འཆགས་ཤིང་སླར་མི་བགྱིད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་དང༌། སོ་སོ་སྐྱེ་བོ་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །བདག་ཉིད་དང་འགྲོ་བའི་དགེ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་ཡོངས་སུ་བསྔོ་བར་བགྱིའོ། །བྱང་ཆུབ་ཀྱི་


TNT07_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་སངས་རྒྱས་དཀོན་མཆོག་དང༌། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཆོས་དཀོན་མཆོག་དང༌། ཕྱིར་མི་ལྡོག་པ་བྱང་ཆུབ་སེམས་དཔའི་དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་མཆིའོ། །ཨེ་མ་མ་ལ་བདག་བླ་ན་མེད་པ་ཡང་དག་པར་བྱང་ཆུབ་པར་བགྱིའོ། །དེའི་ལམ་སྒྲུབ་པས་བདེ་བ་ཆེན་པོ་འཁོར་བའི་སྡུག་བསྔལ་དང་བྲལ་བ། ནམ་མཁའ་ཇི་སྲིད་བར་རྒྱུན་མི་འཆད་པར་འགྱུར་བ་དེ་བཞིན་ཉིད་དང་རོ་གཅིག་པ་ལ་སེམས་ཅན་རྣམས་འགོད་པར་བགྱིའོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། ཞེས་པ་ནས། མྱ་ངན་འདས་ལ་འགོད། ཅེས་པའི་བར་རྣམས་ལན་གསུམ་བརྗོད། རང་གི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་ཨོཾ་ཨཱཿལ་ཐིམ། ཨཱཿཧཱུཾ་ལ་ཐིམ། ཧཱུཾ་ནཱ་དའི་བར་དུ་བསྡུས། དེ་ཡང་འོད་གསལ་དུ་ཐིམ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་བར་དོའི་རྣམ་པར་ཤེས་པ་ནཱ་དའི་རྣམ་པ་ནམ་མཁར་བཞག །སྟོང་པའི་ངང་ལས་པདྨ་ལ་གནས་ཤིང་རཾ་ལས་སྐྱེས་པའི་ཉི་མའི་སྟེང་དུ་ཧཱུཾ། དེ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པར་གྱུར། ཧཱུཾ་ལས་འོད་འཕྲོས་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་བྲེ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་བསྲུང་འཁོར་དང་བཅས་པ་གྲུབ་པར་གྱུར། བར་འདིར་སྒོམ་པར་སྤྲོ་ཞིང་ནུས་ན། ཐུན་མོང་མ་ཡིན་པའི་བསྲུང་འཁོར་རྒྱས་པ་བསྒོམ་པར་བྱ་སྟེ། དེའི་དབུས་


TNT07_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

སུ་པད་ཉི་ལ་བྷྲུཾ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ། ལྟེ་བར་བདག་ཉིད་འཁོར་ལོའི་དབང་ཕྱུག་རྡོ་རྗེ་སེམས་དཔའ་ཤེས་རབ་དང་བཅས་པར་གྱུར། ཐུགས་ཀ་ནས་འོད་འཕྲོས། སངས་རྒྱས་ཐམས་ཅད་རྒྱལ་བ་མི་བསྐྱོད་པ་ཁྲོ་བོ་བཅུས་བསྐོར་བའི་རྣམ་པར་སྤྱན་དྲངས། ཞལ་དུ་ཞུགས་རྡོ་རྗེའི་ལམ་ནས་མཚོ་སྐྱེས་སུ་བྱོན་པ། ཧཱུཾ་ཞེས་མི་བསྐྱོད་པ་སྤྲོས་ནས་རང་ལ་ཐིམ། རང་ཉིད་ཁམས་གསུམ་རྣམ་རྒྱལ་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཧཱུཾ་མཛད་དུ་གྱུར་པ་ནི། གོང་དུ་ལན་གཉིས་བཤད་པ་ལྟར་རོ། །ཧཱུཾ། ལན་བཅུ། ཁྲོ་བོ་བཅུ་པོ་པདྨ་ནས་སྤྲོས་རྩིབས་བཅུར་འཁོད་པ་ནི། ཤར་དུ་གཤིན་རྗེ་གཤེད་ནག་པོ་ནག་དཀར་དམར་བའི་ཞལ། གཡས་གསུམ་ལྕགས་ཀྱུ་འཁོར་ལོ་རྡོ་རྗེ། གཡོན་ཞགས་པ་དྲིལ་བུ་དགྲ་སྟའོ། །ལྷོར་གཞན་གྱིས་མི་ཐུབ་པ་དཀར་པོ་དཀར་ནག་དམར་བའི་ཞལ། གཡས་ཞགས་པ་རྡོ་རྗེ་རལ་གྲི། གཡོན་གསུམ་ཞགས་པ་དྲིལ་བུ་དགྲ་སྟའོ། །ནུབ་ཏུ་རྟ་མགྲིན་དམར་པོ་དམར་ནག་དཀར་བའི་ཞལ། གཡས་གསུམ་ལྕགས་སྒྲོག་པདྨ་རལ་གྲི། གཡོན་གསུམ་དྲིལ་བུ་དགྲ་སྟ་ཞགས་པ། བྱང་དུ་བགེགས་དགྲ་སྔོན་པོ་སྔོ་དཀར་དམར་བའི་ཞལ། གཡས་གསུམ་དྲིལ་བུ་སྣ་ཚོགས་རྡོ་རྗེ་འཁོར་ལོ། གཡོན་གསུམ་ཞགས་པ་གཏུན་ཤིང་དགྲ་སྟ། བྱང་ཤར་དུ་གཏུམ་པོ་ནག་པོ་ནག་དཀར་དམར་བའི་ཞལ། གཡས་གསུམ་རལ་གྲི་འཁོར་ལོ་རྡོ་རྗེ། གཡོན་གསུམ་སྡིགས་འཛུབ་སྟ་རེ་ཞགས་པའོ། །ཤར་ལྷོར་


TNT07_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་རྒྱལ་ནག་པོ་ནག་དཀར་དམར་བའི་ཞལ། ཕྱག་དང་པོ་གཉིས་རང་གི་ཕྱག་རྒྱ། ལྷག་མ་གཡས་ལྕགས་ཀྱུ་རལ་གྲི། གཡོན་རྡོ་རྗེ་ཞགས་པ། ལྷོ་ནུབ་ཏུ་དབྱུག་སྔོན་ནག་པོ་ནག་དཀར་དམར་བའི་ཞལ། གཡས་གསུམ་དབྱུག་པ་རལ་གྲི་འཁོར་ལོ། གཡོན་གསུམ་ཞགས་པ་པདྨ་དགྲ་སྟ། ནུབ་བྱང་དུ་སྟོབས་པོ་ཆེ་ནག་པོ་ནག་དཀར་དམར་བའི་ཞལ་གཡས་གསུམ་རྩེ་གསུམ་རལ་གྲི་འཁོར་ལོ། གཡོན་གསུམ་ཞགས་པ་པདྨ་དགྲ་སྟ། སྟེང་དུ་གཙུག་ཏོར་འཁོར་ལོ་ཅན་སེར་པོ་སེར་དཀར་དམར་བའི་ཞལ། དང་པོ་གཉིས་གཙུག་ཏོར་སྤྱི་བོར་འཛིན་པ། ལྷག་མ་གཡས་འཁོར་ལོ་པདྨ། གཡོན་སྡིགས་འཛུབ་རལ་གྲི། འོག་ཏུ་གནོད་མཛེས་ནག་པོ་ནག་དཀར་དམར་བའི་ཞལ། གཡས་གསུམ་རྡོ་རྗེ་འཁོར་ལོ་རིན་ཆེན། གཡོན་གསུམ་ཞགས་པ་པདྨ་རལ་གྲི། ཐམས་ཅད་རང་འདྲའི་ཡུམ་དང་སྦྱོར་བ་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་དབུ་རྒྱན་ཅན་ཕྱག་རྒྱ་ལྔ་དང་ལྡན་པ། ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པའོ། །དེ་རྗེས་ཕུར་གདབ་བྱ་སྟེ་མན་ངག་སྙེ་མར་གསུངས་པ་བཞིན་ནོ། །བསྡུ་ན། བདག་ཉིད་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དུ་གྱུར། སུམྦྷ་ལན་གཉིས་ཀྱི་ཕོ་ཉ་སྤྲོ། བགེགས་རྣམས་ལ་ཕུར་བས་བཏབ་པར་བསམ་ཏེ། ཨོཾ་གྷ་གྷ༴ སོགས། ཨོཾ་བཛྲ་མུདྒ་ར༴ སོགས་ལན་གསུམ་བརྗོད་པ་ཙམ་གྱིས་ཆོག་གོ །བསྲུང་བའི་འཁོར་ལོའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་


TNT07_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་གསུམ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། དེའི་སྟེང་དུ་ཧཱུཾ་སུཾ་ཧཱུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའོ། །ཁྲོ་བོ་ཆེན་པོའི་གཟུགས་ཡོངས་སུ་གྱུར་པ་ལས་དེའི་སྟེང་དུ་རྡོ་རྗེ་སེམས་དཔའི་རྣམ་པར་གྱུར། དེ་ཡོངས་སུ་གྱུར་པའི་ཆོས་འབྱུང་གི་དབུས་སུ། སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ། དེའི་ལྟེ་བར་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་དེ་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང༌། སྔོ་ལྗང་དམར་སེར་དཀར་བའི་རྩིགས་པ་རིམ་པ་ལྔ་དང་ལྡན་པ། ཕ་གུ་དང༌། དྲ་ཕྱེད་དང༌། ཤར་བུ་དང༌། མདའ་ཡབ་དང༌། གཟུངས་མ་རྣམས་དང་བཅས་པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་བཞིའི་སྟེང་ན་ཀ་བས་བཏེག་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་བཅས་པ། དབུས་ཕྱུར་བུར་གྱུར་པའི་ཐོག་ཕུབ་ཅན། ནང་གི་ལྷ་སྣམ་གྲུ་བཞི། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། དེའི་ནང་དུ་ཟླུམ་སྐོར་འཁོར་ལོས་མཚན་པ་ནང་དུ་ལྷ་མོའི་གནས་ཀྱི་ས་གཞི་དང་བཅས་པ། དེའི་ཡང་ནང་དུ་ཟླུམ་སྐོར་པདྨས་མཚན་པ་ནང་དུ་མ་མོའི་ས་གཞི་དང་བཅས་པ། དེའི་ནང་དུ་འོད་ཀྱི་འཕྲེང་བ་དང༌། རྡོ་རྗེའི་གདུང་ཟླུམ་པོ་ནང་ལེ་ཚེ་དགུར་གྱུར་པ། དེའི་དབུས་ཀྱི་གཞི་སྔོན་པོ། ལྷག་མ་ས་གཞི་ཐམས་


TNT07_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཕྱོགས་ཀྱི་མདོག་ཅན་ནོ། །ལྷ་སྣམ་གྱི་ཕྱོགས་རྣམས་སུ་བུམ་པ་བརྒྱད་དང་བཅས་པ། སྣ་ཚོགས་པདྨ་ལ་ཟླ་བ་དང་ཉི་མའི་གདན་སོ་སོ་དང་བཅས་པའོ། །གཞལ་མེད་ཁང་གི་ཕྱི་རོལ་མཆོད་པའི་བཀོད་པ་ཐམས་ཅད་དང་བཅས་ཤིང༌། དེའི་ཕྱི་རོལ་པད་འདབ་ཀྱི་ཁོར་ཡུག་གི་ཕྱི་རོལ་དུ་བསྲུང་བའི་འཁོར་ལོའོ། །འདི་ཞི་བ་གཙོ་ཆེ་བའི་དཀྱིལ་འཁོར་ཡིན་པས། དུར་ཁྲོད་མ་སྒོམས་ཀྱང་རུང་ལ། རྡོ་རྗེ་དྲག་མོ་ལ་སོགས་པ་མ་མོ་འདུས་པའི་གནས་ཡིན་པའི་ཕྱིར་སྒོམས་ཀྱང་མི་འགལ་ལོ། །ནམ་མཁའི་དཀྱིལ་འཁོར་མཐའ་ཡས་པ་ཁྱབ་ཅིང་བྱོན་པའི་དེ་བཞིན་གཤེགས་པ་རྣམས་དབྱངས་དང་གསལ་བྱེད་ཀྱི་ཡི་གེར་གྱུར་པ་ཁང་བརྩེགས་ཀྱི་ནང་ན་གནས་པའི་ནཱ་ད་ལ་ཡོངས་སུ་བཅུག་ཅིང༌། སླར་ཡང་དབུས་ཀྱི་གདན་གྱི་སྟེང་དུ་འཁོད། ཨ་ཨཱ ནས་ཨཾ་ཨཿཕྲག་གཉིས་རྣམས་ཡོངས་སུ་གྱུར་པ་ལས། ཟླ་བ་དཀར་པོ། ཨོཾ་ཙི་ཏ་པྲ་ཏི་བཻ་དྷཾ་ཀ་རོ་མི། ཀ་ཁ༴ ནས་ཧ་ཀྵ་ཡ་ར་ལ་ཝ་ཌ་ཌྷ་ཕྲག་གཉིས་རྣམས་ཡོངས་སུ་གྱུར་པ་ལས་ཟླ་བ་དམར་པོ། ཨོཾ་བོ་དྷི་ཙིཏྟ་ཨུཏྤ་དཱ་ཡ་མི། དེའི་དབུས་སུ་བར་སྲིད་ནཱ་ད་ཡོངས་སུ་ཞུགས་ཏེ་ནཱ་ད་ལས་ཐིག་ལེ་དང༌། ཟླ་ཕྱེད་དང༌། མགོ་བོ་དང༌། ཧ་དང༌། ཨཱུའི་རིམ་པས་རྫོགས་པའི་ཧཱུཾ་ལས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པར་གྱུར། ཨོཾ་བཛྲ་ཨཏྨ་ཀོ྅་ཧཾ། དེ་ལས་སྤྲོས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་འགྲོ་བ་རྣམས་སངས་རྒྱས་ཀྱི་ས་ལ་བཀོད། ནམ་མཁའ་གང་བའི་


TNT07_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་ཀྱང་རྡོ་རྗེ་འཛིན་པའི་གཟུགས་སུ་བྱས། དེ་ཐམས་ཅད་ཚུར་འདུས་ཏེ་ཐིམ། ཨོཾ་མཧཱ་སུ་ཁ་བཛྲ་ས་ཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ། ཞེས་ནང་གི་སྒྲས་ཡོངས་སུ་བསྐུལ། དེ་ལས་བདག་ཉིད་རྡོ་རྗེ་འཆང་སེམས་དཔའ་གསུམ་བརྩེགས་ཀྱི་གཟུགས་སུ་གྱུར། ཨོཾ་ཡ་ཐཱ་སརྦ་ཐཱ་ག་ཏ་ཏ་ཐཱ་ཨ་ཧཾ། དབུས་ཀྱི་གདན་གྱི་སྟེང་དུ་རྡོ་རྗེ་སེམས་དཔའ་སངས་རྒྱས་ལྔའི་ཅོད་པཎ་ཅན་འཛུམ་ཞིང་སྒེག་པ། དཀར་ལ་ཅུང་ཟད་དམར་བའི་མདངས་ཅན། ནག་དཀར་དམར་བའི་ཞལ་གསུམ། སྤྱན་གསུམ་གསུམ་དང་ལྡན་པ། མཆེ་བ་ཅུང་ཟད་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་རལ་གྲི་དང་ལྕགས་ཀྱུ། གཡོན་གཉིས་ཀྱིས་བདུད་རྩིས་གང་བའི་ཐོད་པ་དང་ཞགས་པ་འཛིན་པ། པདྨ་ཐོད་པ་ཟླ་བ་རྣམས་བརྩེགས་པའི་གདན་ལ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། རལ་པའི་ཐོར་ཚུགས་དང༌། སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། ནོར་བུ་རིན་པོ་ཆེ་དང༌། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། ཕྱག་རྒྱ་དྲུག་དང་མགོ་བོའི་འཕྲེང་བ་དང་དར་གྱི་ན་བཟའ་ཅན་གར་གྱི་ཉམས་དགུ་དང་ལྡན་པ། རང་དང་འདྲ་བའི་ཡུམ་རྡོ་རྗེ་ཕག་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་འཁྱུད་པ། ཉི་མའི་འོད་ཀྱི་རྒྱབ་ཡོལ་ཅན་ནོ། །ཐུགས་ཀར་པད་ཟླ་ལ་གནས་པའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་ཕྱག་གཉིས་པ་སེམས་


TNT07_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་སྐྱིལ་ཀྲུང་གིས་བཞུགས་ཤིང་རིན་པོ་ཆེའི་རྒྱན་ཅན། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཟླ་བ་ལ་གནས་པའི་ཧཱུཾ་ནག་པོ། བར་འདིར་སེམས་ཅན་རྣམས་ལ་སྙིང་རྗེའི་དབང་བསྐུར་བ་བྱེད་ན། འདུས་པ་ཡེ་ཤེས་ཞབས་ལུགས་ནས་བཤད་པ་བཞིན་དུ་བྱ་ལ་མདོར་བསྡུས་པའི་ཚེ་མ་བྱས་ཀྱང་ཆད་པའི་སྐྱོན་མེད་དོ། །མིག་ཏུ་ཨོཾ་ཛཿལས་གཏི་མུག་རྡོ་རྗེ་དང་གཟུགས་རྡོ་རྗེ་མ། རྣ་བར་ཧཱུཾ་ཧཱུཾ་ལས་ཞེ་སྡང་རྡོ་རྗེ་དང་སྒྲ་རྡོ་རྗེ་མ། སྣ་བུག་ཏུ་ཏྲཾ་བཾ་ལས་སེར་སྣ་རྡོ་རྗེ་དང་དྲི་རྡོ་རྗེ་མ། ལྕེར་ཨཱཿཧོ་ལས་འདོད་ཆགས་རྡོ་རྗེ་མ། དཔྲལ་པར་ཧཾ་ཁཾ་ལས་ཕྲག་དོག་རྡོ་རྗེ་དང་རེག་བྱ་རྡོ་རྗེ་མ། སྙིང་གར་ཧཱུཾ་རཾ་ལས་དབང་ཕྱུག་རྡོ་རྗེ་དང་ཆོས་ཁམས་རྡོ་རྗེ་མ་རྣམས་དང༌། མགོ་བོ་མཻཾ་ལས་བྱམས་པ། དབང་ཤེས་ཀྱི་གནས་ཐམས་ཅད་དུ་མཾ་ལས་འཇམ་དཔལ། དེ་གཉིས་དཔའ་བོ་ཁོ་ནའོ། །ལྟེ་བར་སྤྱན་མ་དང་རྣམ་སྣང༌། སྙིང་གར་མཱ་མ་ཀཱི་དང་མི་བསྐྱོད་པ། མགྲིན་པར་གོས་དཀར་མོ་དང་འོད་དཔག་མེད། སྤྱི་བོར་སྒྲོལ་མ་དང་དོན་ཡོད་གྲུབ་པ། གསང་བར་པདྨ་དྲྭ་བ་མ་དང་རྡོ་རྗེ་སེམས་དཔའ། སྤྱི་བོར་སྐུ་རྡོ་རྗེ། མགྲིན་པར་གསུང་རྡོ་རྗེ། ཐུགས་ཀར་ཐུགས་རྡོ་རྗེ་རྣམས་སུ་གྱུར། ལྷ་དེ་རྣམས་རང་གི་ཕུང་ཁམས་སྐྱེ་མཆེད་དང་རོ་གཅིག་ཏུ་འདྲེས་པར་གྱུར། ཡབ་ཀྱི་སྙིང་གར་ཨོཾ་ཧ་དཀར་པོ་ལས་རྡོ་རྗེ་སེམས་དཔའ། མགོ་བོར་ན་མ་ཧི་སེར་པོ་ལས་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་སྭཱཧཱ་ཧཱུཾ་དམར་པོ་ལས་པདྨ་གར་


TNT07_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་ཕྱུག ཕྲག་པ་གཉིས་སུ་བཽ་ཥ་ཊ་ཧེ་ནག་པོ་ལས་ཧེ་རུ་ཀ མིག་གཉིས་སུ་ཧཱུཾ་ཧཱུཾ་ཧོཿདམར་སེར་ལས་རྡོ་རྗེ་ཉི་མ། ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་ལྗང་ཁུ་ལས་རྟ་མཆོག་གི་ངོ་བོ་ལྟེ་བར་ཨོཾ་བཾ་དམར་པོ་ལས་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་སྔོན་མོ་ལས་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་ལས་རྨོངས་བྱེད་མ། དཔྲལ་པར་ཧྲེཾ་ཧྲིཾ་སེར་མོ་ལས་བསྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་ལས་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ཕཊ་ཕཊ་དུད་ཁ་ལས་ཙཎྜི་ཀ །ཡུམ་གྱི་སྤྱི་བོར་ཨོཾ་དཀར་པོ། ཐུགས་ཀར་ཧཱུཾ་ནག་པོ། ལྟེ་བར་སྭ་སེར་པོ། གསང་བར་ཨཱཿདམར་པོ། བརླ་གཉིས་ལ་ཧ་ལྗང་ཁུ། དེ་རྣམས་ཀྱི་འོད་ཟེར་གྱིས་སྐུ་གང༌། ཡབ་ཀྱི་གསང་གནས་ཧཱུཾ་ལས་བྱུང་བའི་རྡོ་རྗེ། ཨོཾ་ལས་བྱུང་བའི་ནོར་བུ་ཧཱུཾ་དང་ཨོཾ་གྱིས་མཚན་པ། ཡུམ་གྱི་མཁའ་ཧྲིཿལས་བྱུང་བའི་པདྨ། བྷྲུཾ་ལས་བྱུང་བའི་ཟེའུ་འབྲུ་ཧྲཱིཿདང་བྷྲུཾ་གྱིས་མཚན་པ། ཨོཾ་སརྦ་ཏ་ཐཱ་ཏ་ག་ཨ་ནུ་ར་ག་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་རྣམས་སྤྱི་བོར་བཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ཤེས་རབ་ཀྱི་མཁའ་ནང་དུ་བྱིན་ཏེ་ཡོངས་སུ་གྱུར་པ་ལས། ཧཱུཾ་བྷྲུཾ་ཨཾ་ཧྲཱི་ཁཾ། བྷྲུཾ་ཧཱུཾ་ཧྲིཿཏཾ། ཨཾ་ཨཱཾ། ཨིཾ་ཨཱིཾ། ཨུཾ་ཨཱུཾ། ཨཾ་ཨཱཿ ལཾ་རཱྀཾ་ལཾ་ཛྷཾ། ལྀཾ་གྷཾ་བཾ་ལཱི་ཛཿཧཱུཾ་བཾ་ཧོཿཞེས་པ་རྣམས་སུ་གྱུར། དེ་རྣམས་ལས་མི་བསྐྱོད་པ་སྐུ་མདོག་


TNT07_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་རྣམ་པ་རྡོ་རྗེ་སེམས་དཔའ་དང་མཚུངས་པ་གཙོ་བོར་གྱུར་པའི་ལྷ་སུམ་ཅུ་རྩ་བདུན་དུ་གྱུར། ཧཱུཾ་བྷྲུཾ་ཨཾ་ཧྲཱི་ཁཾ། མཁའ་ནང་གི་རིགས་ལྔ་དཔག་ཏུ་མེད་པ་སྤྲོས། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་སེམས་ཅན་གྱི་དོན་མཛད། འགྲོ་བ་ཐམས་ཅད་ཀྱི་དུག་ལྔ་རྣམ་པར་སྦྱོང༌། ཡེ་ཤེས་ལྔ་ལ་བཀོད། སླར་འདུས་ཏེ་མི་བསྐྱོད་པ་རང་ཉིད་ལ་ཐིམ་ཞིང༌། རིགས་ལྷག་མ་བཞི་ཕྱོགས་བཞིར་འཁོད་པ་ནི། ཤར་དུ་རྣམ་སྣང་དཀར་པོ། ཕྱག་གཡས་གཉིས་འཁོར་ལོ་དང་དྲིལ་བུ། གཡོན་གཉིས་ཀྱིས་ཐོད་པ་དང་ཞགས་པ་འཛིན་པ། ལྷོར་རིན་འབྱུང་སེར་པོ་ཕྱག་གཡས་གཉིས་ཀྱིས་རིན་པོ་ཆེ་དང་ལྕགས་ཀྱུ། གཡོན་གཉིས་ཀྱིས་ཐོད་པ་དང་ཞགས་པ་འཛིན་པ། ནུབ་ཏུ་འོད་དཔག་མེད་དམར་པོ། ཕྱག་གཡས་གཉིས་ན་མདའ་དང་པདྨ། གཡོན་གཉིས་ན་གཞུ་དང་ཞུགས་པ་འཛིན་པ། བྱང་དུ་དོན་ཡོད་གྲུབ་པ་ལྗང་ཁུ་གཡས་གཉིས་ན་རྡོ་རྗེ་དང་ལྕགས་ཀྱུ། གཡོན་གཉིས་ན་དྲིལ་བུ་དང་ཐོད་པ་འཛིན་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་པ། རྒྱན་དང་བཞུགས་ཚུལ་གཙོ་བོ་དང་མཚུངས་པའོ། །བྷྲུཾ་ཧཱུཾ་ཧྲཱིཿཏཾ། ཡུམ་བཞི་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་འབྱུང་བ་བཞི་སྦྱངས། ཚད་མེད་བཞི་ལ་བཀོད། སླར་འདུས་ཏེ་ནང་གི་གྲྭ་བཞིར་འཁོད་པ་ནི། བྱང་ཤར་དུ་སྤྱན་མ་དཀར་མོ་ཕྱག་གཡས་བཞིས་འཁོར་ལོ་རྡོ་རྗེ་རལ་གྲི་མདའ། གཡོན་བཞིས་ཐོད་པ་དྲིལ་བུ་ཞགས་པ་གཞུ། ཤར་ལྷོར་མཱ་མ་ཀཱི་སྔོན་མོ་ཕྱག་གཡས་དྲུག་མདའ་རལ་གྲི་རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ། གཡོན་དྲུག་གིས་གཞུ་ལྕགས་ཀྱུ་དྲིལ་བུ་ཞགས་པ་ཐོད་པ་ཁ་ཊྭཱཾ་ག །ལྷོ་ནུབ་ཏུ་གོས་དཀར་མོ་དམར་མོ་ཕྱག་གཡས་བཞིས་མདའ་པདྨ་རྡོ་རྗེ་རལ་གྲི། གཡོན་བཞིས་གཞུ་ཐོད་པ་ཞགས་


TNT07_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲིལ་བུ། ནུབ་བྱང་དུ་སྒྲོལ་མ་ལྗང་ཁུ་ཕྱག་གཡས་བཞིས་ཨུཏྨལ་དམར་པོ་རལ་གྲི་ལྕགས་ཀྱུ་མདའ། གཡོན་བཞིསའཁོར་ལོ་ཞགས་པ་ཐོད་པ་གཞུ་རྣམས་འཛིན་པ། དེ་དག་ནི་རིགས་སྔགས་ཀྱི་རྒྱལ་མོའི་ཆ་ལུགས་འཛིན་པ། རྒྱན་ཐམས་ཅད་ཀྱི་ཡོངས་སུ་བརྒྱན་པའོ། །ཨཾ་ཨཱཾ་ཨཱིཾ་ཨཱིཾ་ཨུཾ་ཨཱུཾ་ཨཾ་ཨཱཿ རྣལ་འབྱོར་མ་བརྒྱད་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་འཕགས་པའི་ལམ་ཡན་ལག་བརྒྱད་ལ་བཀོད། སླར་འདུས་ཏེ་རིམ་པ་གཉིས་པའི་འཕར་མ་ལ་འཁོད་པ་ནི། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ། རོལ་པའི་ཁྲོ་མོའི་ཚུལ་ཅན་ཏེ། ཤར་དུ་རྡོ་རྗེ་དྲག་མོ་དཀར་མོ་མདའ་ལྕགས་ཀྱུ་གཞུ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་ཐོད་པ་འཛིན་པ། ལྷོར་རྡོ་རྗེ་གཟུགས་མ་སེར་མོ་རྡོ་རྗེ་མདུང་ཞགས་པ་རྡུལ་གྱིས་གང་བའི་ཐོད་པ་རྣམས་འཛིན་པ། ནུབ་ཏུ་འདོད་ཆགས་རྡོ་རྗེ་མ་དམར་མོ་རལ་གྲི་རྡོ་རྗེ་དྲི་ཆུས་གང་བའི་ཐོད་པ་དང་དྲིལ་བུ་འཛིན་པ། བྱང་དུ་རྡོ་རྗེ་ཞི་བ་མ་ལྗང་ཁུ་ཕྱག་འཚལ་བའི་ཚུལ་བ་དན་རྩེ་གསུམ་པ་ཁ་ཊྭཱཾ་ག་ཐོད་པ་རྣམས་འཛིན་པ། དབང་ལྡན་དུ་རྡོ་རྗེ་གནོད་སྦྱིན་མ་དཀར་སེར་དབྱུག་པ་ཨུཏྤལ་ཐོད་པ་ཅང་ཏེའུ་རྣམས་འཛིན་པ། ཤར་ལྷོར་རྡོ་རྗེ་མཁའ་འགྲོ་མ་སེར་དམར་པདྨ་མེ་ལོང་ཚིལ་གྱིས་གང་བའི་ཐོད་པ་དང་དགྲ་སྟ་འཛིན་པ། ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་མ་དམར་སྔོ་ཤཀྟི་དུང་འཁོར་ལོ་ཐོད་པ་ཁྲག་གང་རྣམས་འཛིན་པ། ནུབ་བྱང་དུ་ས་རྡོ་རྗེ་མ་ལྗང་དཀར་བུམ་པ་རྡོ་རྗེ་ཤ་ལྔ་བདུད་རྩི་ལྔས་གང་བའི་ཐོད་པ་མི་ལྤགས་ཀྱིས་གཡོགས་པ་དང་དྲིལ་བུ་འཛིན་


TNT07_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ལཾ་རྀཾ། ལཾ་ཛྷཾ་ལིཾ་གྷཾ་བཾ་ལིཾ། ལྷ་མོ་བརྒྱད་དཔག་ཏུ་མེད་པ་སྤྲོས་འདོད་པའི་ཡོན་ཏན་ཐམས་ཅད་ཀྱི་དྲི་མ་རྣམས་སྦྱངས། ཡེ་ཤེས་ཀྱི་སྣང་བ་ལ་བཀོད། སླར་ཡང་འདུས་ཏེ་ཕྱི་རོལ་དུ་འཁོད་པ་ནི། ཕྱི་རོལ་གྲུ་ཆད་ཀྱྀ་དབང་ལྡན་དུ་གླིང་བུ་མ་དམར་མོ། མེ་མཚམས་སུ་པི་ཝཾ་མ་སེར་མོ། བདེན་བྲལ་དུ་རྔ་མུ་ཀུནྡ་མ་དཀར་མོ། རླུང་དུ་རྫ་རྔ་མ་དུ་བའི་མདོག་ཅན། ལྷ་རྣམས་ཀྱི་ཤར་ལྷོའི་གྲྭར། མེ་ཏོག་མ་དཀར་མོ་འཁོར་ལོ་དང་མེ་ཏོག་གི་འཕྲེང་བ་འཛིན་པ། ལྷོ་ནུབ་ཏུ་བདུག་སྤོས་མ་སྔོན་མོ་རིན་པོ་ཆེ་དང་སྤོས་སྣོད་འཛིན་པ། ནུབ་བྱང་དུ་མར་མེ་མ་སེར་མོ་པདྨ་དམར་པོ་དང་མར་མེའི་སྡོང་བུ་འཛིན་པ། བྱང་ཤར་དུ་དྲི་ཆབ་མ་དམར་མོ་རལ་གྲི་དང་དྲི་བཟང་གི་དུང་ཆོས་འཛིན་པ། རྣམ་སྣང་ལ་སོགས་པ་དེ་ཐམས་ཅད་ལྷའི་གོས་དང་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཅན་ནོ། །མེཾ་ཀྵིཾ་ཛྲིཾ་ཁཾ་གཾ་མཾ་སྐཾ་སཾ། བྱང་ཆུབ་སེམས་དཔའ་བརྒྱད་དཔག་ཏུ་མེད་པ་སྤྲོས། དབང་པོ་རྣམ་པར་དག་པར་བྱས། རྡོ་རྗེ་ཡེ་ཤེས་ཀྱི་དབང་པོ་རྣམས་ལ་བཀོད། སླར་འདུས་ཏེ་རིམ་པ་གསུམ་པའི་འཕར་མ་ལ་འཁོད་པ་ནི། ཤར་གྱི་གཡས་སུ་བྱམས་པ་སེར་པོ་ནཱ་ག་གེ་སར་དང་དྲིལ་བུ་འཛིན་པ། གཡོན་དུ་སའི་སྙིང་པོ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། ལྷོའི་གཡས་སུ་ཕྱག་རྡོར་ནག་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཡོན་དུ་ནམ་མཁའི་སྙིང་པོ་སེར་པོ་ནོར་བུ་དང་དྲིལ་བུ་འཛིན་པ། ནུབ་ཀྱི་


TNT07_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་འཇིག་རྟེན་དབང་ཕྱུག་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། གཡོན་དུ་འཇམ་དཔལ་གུར་གུམ་གྱི་མདོག་ཅན་རལ་པའི་ཟུར་ཕུད་གསུམ་པ་ཨུཏྨལ་དང་དྲིལ་བུ་འཛིན་པ། བྱང་གི་གཡས་སུ་སྒྲིབ་པ་རྣམ་སེལ་ལྗང་ཁུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཡོན་དུ་ཀུན་ཏུ་བཟང་པོ་དཀར་པོ་རྡོ་རྗེ་དཀར་པོ་དང་དྲིལ་བུ་འཛིན་པ་ཐམས་ཅད་ཀྱང་ཕྱག་གཉིས་ཐུགས་ཀར་བསྣོལ་བ་གཡས་བརྐྱང་གི་སྟབས་ཅན་ནོ། །ཛཿཧཱུཾ་བཾ་ཧོཿ སྒོ་མ་བཞི་དཔག་ཏུ་མེད་པ་སྤྲོས། བདུད་བཞི་བཅོམ། སྟོབས་བཞི་ལ་བཀོད། སླར་འདུས་ཏེ་སྒོ་བཞིར་འཁོད་པ་ནི། ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་སྔོ་སངས་སྔོ་ནག་དཀར་བའི་ཞལ་གསུམ། ཕྱག་གཡས་གསུམ་གྱིས་ལྕགས་ཀྱུ་རལ་གྲི་འཁོར་ལོ། གཡོན་གསུམ་གྱིས་ཞགས་པ་སྡིགས་འཛུབ་དྲིལ་བུ། ལྷོ་སྒོར་རྡོ་རྗེ་ཞགས་པ་མ་དཀར་སེར་དཀར་ནག་དམར་བའི་ཞལ་གསུམ། ཕྱག་གཡས་གསུམ་གྱིས་ཞགས་པ་རྡོ་རྗེ་རལ་གྲི། གཡོན་གསུམ་གྱིས་འཁོར་ལོ་དྲིལ་བུ་སྡིགས་མཛུབ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོགས་མ་དམར་མོ་དམར་ནག་དཀར་བའི་ཞལ་གསུམ། ཕྱག་གཡས་གསུམ་གྱིས་ལྕགས་སྒྲོག་རྡོ་རྗེ་རལ་གྲི། གཡོན་གསུམ་གྱིས་འཁོར་ལོ་དྲིལ་བུ་ལྕགས་ཀྱུ་རྣམས་འཛིན་པ། བྱང་སྒོར་རྡོ་རྗེ་དྲིལ་བུ་མ་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ། ཕྱག་གཡས་གསུམ་གྱིས་དྲིལ་བུ་རྡོ་རྗེ་རལ་གྲི། གཡོན་གསུམ་གྱིས་འཁོར་ལོ་ལྕགས་ཀྱུ་


TNT07_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་པ་རྣམས་འཛིན་པ། དེ་ལྟར་སྒོ་མ་བཞི་ནི་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། ལྷ་གཞན་རྣམས་ཐམས་ཅད་པདྨ་ཐོད་པ་ཟླ་བ་ལ་གནས་པ། ལྷ་ཚོགས་ཐམས་ཅད་ཀྱང་གཙོ་བོ་དང་མཚུངས་པ་ལས་ཕྱག་རྒྱ་ལྔས་བརྒྱན་པའོ། །གལ་ཏེ་ལྷ་ཉི་ཤུ་རྩ་དགུ་པ་ལ་མོས་ན། ལྷ་སྣམ་གྱི་དབུས་སུ་ཟླུམ་སྐོར་གཅིག་དང༌། དེའི་དབུས་སུ་ལེ་ཚེ་དགུ་པའི་དཀྱིལ་འཁོར་བྱས་ལ། བྱང་ཆུབ་སེམས་དཔའ་བརྒྱད་བཀོད་པའི་སྣམ་བུ་དོར་བའོ། །དེ་དག་ཀྱང་རྒྱུད་ཕྱི་མ་དང༌། རྩ་རྒྱུད་སོ་སོའི་དགོངས་པ་ཡིན་ལ། རྩ་རྒྱུད་ལ་རྒྱུད་གཞན་གྱིས་ཁ་བསྐང་བ་ལྷ་མོ་བཅུ་དྲུག་དགོད་པར་མཛད་པ་ཡང་ཤིན་ཏུ་ལེགས་པ་སྟེ། དེའི་ཚེ་རིམ་པ་གསུམ་པའི་འཕར་མ་ལ་ཕྱོགས་བཞིར་སྒེག་མོ་སོགས་དང༌། མཚམས་བཞིར་པི་ཝཾ་མ་ལ་སོགས་པ་དགོད་ཅིང༌། ལྷ་སྣམ་གྱི་ཕྱོགས་བཞིར་མེ་ལོང་མ་ལ་སོགས་པ་བཞི་འགོད་པ་ནི་ཁྱད་པར་རོ། །གང་དག་རྒྱུད་ཀྱི་དགོངས་པ་ནི་སྒོ་གསུམ་སྒྲ་ཁོ་ནའོ་ཞེས་སྨྲ་བ་དེ་དག་ནི་རྒྱུད་ལ་མངོན་སུམ་དུ་བསྙོན་པར་ཟད་ལ། རྒྱུད་ལས། འཕར་མའི་རིམ་གསུམ་མམ་བཞི་པར་གསུངས་པའི་ཕྱིར་ན་སྒོ་རྐྱང་ཁོ་ན་སྟེ་བདག་མེད་མའི་དཀྱིལ་འཁོར་འཕར་མ་གཉིས་པར་བཤད་པ་བཞིན་ནོ། །དེའི་རྗེས་སུ་ཡན་ལག་ལྷག་མ་རྣམས་ལ་བསྒོམ་པར་བྱ་སྟེ། རང་གི་སྙིང་གའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པཱ་དྱཾ༴ ཧཱུཾ། ཨོཾ་ཀུ་རུ་ཀུ་རུ་ས་མ་ཡ་ཨ་དྷྀ་པ་ཏི་ཧཱུཾ་ཛཿསྭཱཧཱ། བཾ་ཧོཿ


TNT07_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་དམ་ཡེ་བསྲེས། མིག་ཏུ་ཨོཾ་ཛ༴ ནས་དཔའ་བོ་ཁོ་ནའོ། །སྤྱི་བོར་སྐུ་རྡོ་རྗེ༴ དང་ནས། རྣམས་སུ་གྱུར། གྱི་བར་གོང་བཞིན། ཡང་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་བཛྲ་ས་མཱ་ཛཿ ཆུ་གཉིས་དང་ཉེར་སྤྱོད་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་པ་ནས། ཆུའི་ལྷག་མ་ཡར་ལུད་པ་ལས། ཞེས་པའི་བར་སྡོམ་འབྱུང་གི་སྐབས་བཞིན། རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་དང༌། མཱ་མ་ཀཱི། སྒྲ་རྡོ་རྗེ་མ། ཕྱག་ན་རྡོ་རྗེ། ཀུན་ཏུ་བཟང་པོ་རྣམས་ལ་མི་བསྐྱོད་པ། སྤྱན་མ་དྲག་མོ་ས་རྡོ་རྗེ་མ། གླིང་བུ་མ། མེ་ཏོག་མ། བྱམས་པ། སའི་སྙིང་པོ། ལྕགས་ཀྱུ་མ་རྣམས་ལ་རྣམ་སྣང༌། རྡོ་རྗེ་མཁའ་འགྲོ་མ། གཟུགས་མ། བདུག་སྤོས་མ། པི་ཝཾ་མ། ནམ་མཁའི་སྙིང་པོ། ཞགས་པ་མ་རྣམས་ལ་རིན་འབྱུང༌། གོས་དཀར་མོ། འདོད་ཆགས་མ། མར་མེ་མ། དྲི་མ། མུ་ཀུནྡ་མ། འཇིག་རྟེན་དབང་ཕྱུགའཇམ་དཔལ་ལྕགས་སྒྲོག་མ་རྣམས་ལ། འོད་དཔག་མེད། སྒྲོལ་མ། ཞི་བ་མོ། གནོད་སྦྱིན་མོ། རྫ་རྔ་མ། སྒྲིབ་པ་རྣམ་སེལ། དྲིལ་བུ་མ་རྣམས་ལ་དོན་ཡོད་གྲུབ་པས་དབུ་རྒྱན། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་འདོད་ཡོན་རྣམས་བྱང་ཆུབ་སེམས་ཀྱི་ངོ་བོར་གྱུར། ཤེས་རབ་ཀྱི་པདྨར་མཆོད་པའི་ལྷ་མོ་མཆོད་རྫས་ཐོགས་པ་གྲངས་མེད་པར་གྱུར་ཏེ། ལྷ་མོའི་བ་སྤུའི་བུ་ག་ནས་ཕྱིར་སྤྲོས་ནས་དཀྱིལ་འཁོར་


TNT07_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྷ་ཚོགས་རྣམས་མཆོད་པར་གྱུར། ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཨཏྨ་ཀོ྅་ཧཾ། འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་རྐང་བརྒྱད་དང༌། སྤྲོ་ན། མཉམ་ཉིད་མི་གཡོ་སོགས་ཀྱིས་ཀྱང་བསྟོད་ལ། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་རླབས། འབྲུ་གསུམ་གྱིས་བདུད་རྩི་མྱང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། བླ་མ་བརྒྱུད་པའི་མཚན་ནས་སྨོས་ནས་ནང་མཆོད་འབུལ་བའི་སྲོལ་ལྟར་ན། རྡོ་རྗེ་འཆང་དང་རྡོ་རྗེ་རྣལ་འབྱོར་མ། །ནག་པོ་སྤྱོད་པ་པ་དང་དྷ་མ་པ། །ལངྒ་ལི་པ་ཏིལློ་ནཱ་རོ་དང༌། །ཨ་ཝ་དྷུ་ཏཱི་པ་དང་སཽ་རི་པ། །འཇིགས་མེད་འབྱུང་གནས་སྟོབས་བཅུ་རྡོ་རྗེ་དཔལ། །དགེ་མཚན་དཔལ་དང་མི་དབང་དཔལ་བཟང་པོ། །རཱ་ཝི་མི་ཏྲ་ར་ཏི་གུཔྟ་དང༌། །ཤཱནྟི་གུཔྟ་བི་པུ་ལ་གརྦྷ། །གང་བའི་རྡོ་རྗེ་རྣམས་ལ་མཆོད་པ་འབུལ། །ཞེས་བྱ་ལ། བརྒྱུད་པ་རྙིང་པ་ས་ལུགས་ཀྱི་བརྒྱུད་པ་ལྟར་ན། བིརྦ་ཌོམྦྷི་ངོ་མཚར་རྡོ་རྗེ་དང༌། །ནགས་ཁྲོད་གརྦྷ་རི་དང་རྒྱལ་བ་དཔལ། །མི་ཐུབ་ཟླ་བ་དཔའ་བོའི་རྡོ་རྗེ་དང༌། །འབྲོག་མི་གསལ་སྙིང་སྒྱེ་ཅུ་ས་ཆེན་དང༌། །རྗེ་བཙུན་སྐུ་མཆེད་ས་སྐྱ་པཎ་ཆེན་དང༌། །ཚོགས་སྒོམ་སྙེག་སྟོན་ཞང་སྟོན་བཀྲ་ཤིས་དཔལ། །སྤང་ཁང་གྲགས་དཔལ་མ་ཏི་པན་ཆེན་དང༌། །ཐིག་ཆེན་ཆོས་རྗེ་བྲག་ཐོག་ཆོས་རྗེ་དང༌། །ཀུན་དགའ་རྣམ་རྒྱལ་ཡངས་པ་ཅན་པ་གཉིས། །རྩ་བའི་བླ་མ་རྣམས་ལ་ཞེས་སམ། ཡང་ངོར་ལུགས་ལྟར་ན་མ་ཏིའི་རྗེས་སུ། གཞོན་


TNT07_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ངོར་ཆེན་དཔལ་ལྡན་པ་དང་ནི། །བསོད་ནམས་ལྷུན་གྲུབ་རྗེ་བཙུན་གྲོལ་མཆོག་དང༌། །བྱམས་པའི་མཚན་ཅན་རྣམས་ལ༴ ཞེས་འདོན། སློབ་དཔོན་འཇིགས་མེད་འབྱུང་གནས་ནས་ཙ་མི་སོགས་ལ་བརྒྱུད་པའང་བྱུང་ངོ༌། །བར་འདིར་དག་པ་དྲན་པར་བྱེད་པ་སྤྲོ་ན་མན་ངག་སྙེ་མར་གསུངས་པ་ལྟར་ཤེས་དགོས་ལ་འོན་ཀྱང་ངག་ཏུ་མི་བརྗོད་དོ། །གཞན་ཡང་དཀྱིལ་འཁོར་སྤྲོ་བསྡུའི་སྒོ་ནས་ལས་རྒྱལ་མཆོག་དང༌། ཐིག་ལེའི་རྣལ་འབྱོར་དང༌། ཕྲ་མོའི་རྣལ་འབྱོར་རྣམས་ཀྱང་བསྒོམ་མོ། །བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་མཧཱ་སུ་ཁ་ཧཾ་སྭཱཧཱ། ཨོཾ་བཛྲ་བཻ་རོ་ཙ་ན་ནཱི་ཡེ་བུདྡྷ་ཌཱ་ཀི་ནཱི་ཡེ་སྭཱཧཱ། ཡུམ་གྱི་སྙིང་པོའོ། །ཨོཾ་ཨཱཿཧཱུཾ་ཧཱུཾ་སྭཱཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱཧཱ། ཉེ་བའི་སྙིང་པོའོ། །རྩ་བའི་སྔགས་ནི། འཁོར་ལོ་སྡོམ་པ་སྤྱི་དང་མཚུངས་སོ། །ཐུན་འཇོག་པར་འདོད་ན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་རང་ཉིད་ལ་ཐིམ་པར་གྱུར། དེ་ཡང་ཏིང་ངེ་འཛིན་སེམས་དཔའ་ནཱ་དའི་བར་དུ་བསྡུས་ཏེ། སྟོང་པ་ལ་མཉམ་པ་བཞག །སླར་ཡང་ལྷ་སྐུ་སྒྱུ་མ་ལྟ་བུར་ལངས་ཏེ། སྤྱི་བོར་སྐུ་རྡོ་རྗེ༴ སོགས་གནས་གསུམ་བྱིན་གྱིས་བརླབས་ནས། དགེ་བ་བསྔོའོ། །འདིའི་གཏོར་མའི་ཆོ་ག་འབྲིང་པོ་ནི། ཙནྡན་དམར་པོའི་མཎྜལ་གྲུ་གསུམ་གྱི་དབུས་སུ། གུར་གུམ་གྱིས་ཟླུམ་པོར་བསྐོར་བ་ལ། ལེ་ཚེ་དགུར་བྱས། མ་འབྱོར་ན་རྡུལ་ཚོན་ནམ། ནང་མཆོད་ཀྱིས་དེ་དང་དབྱིབས་མཐུན་ཙམ་བྲི། གཏོར་མ་མཆོད་པའི་ཡོ་བྱད་རྣམས་


TNT07_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱ། གཏོར་མ་བྱིན་རླབས་འཁྲུལ་སྤོང་གི་སྐབས་དང་འདྲ། རང་སྐད་ཅིག་གིས་རྡོ་རྗེ་སེམས་དཔའི་སྐུར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རྡོ་རྗེ་སེམས་དཔའ་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་ཁྲོ་བོ་ཆེན་པོ་བཅུ་ཕྱོགས་སྐྱོང་བ་འཁོར་བཅས་སྲིད་པ་གསུམ་གྱི་འགྲོ་བའི་ཚོགས་དང་བཅས་པ་ཐམས་ཅད་ཕཊ། ཅེས་འབར་བའི་ཕྱག་རྒྱ་བཅས། ཨོཾ་ཀུ་རུ་སོགས་ཀྱིས་སྤྱན་དྲངས། ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང༌། །རི་དང་བྲག་དང་ཕུག་གི་ས། །ཡུལ་གྱི་འདབས་དང་ལམ་བཞི་ཡི། ཁྱད་པར་དུ་ནི་ཁང་སྟོང་དང༌། །སྣོད་དང་ཐང་དང་ས་སྟོང་དང༌། ཁྱད་པར་གདོལ་པའི་ཁྱིམ་གནས་པ། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷ་སྦྱིན་མཉམ་དུ་བསྟེན་པ་དང༌། །ནག་པོ་བརྩིགས་དང་འཇིགས་བྱེད་དང༌། །དགའ་བ་ལས་འདས་བགེགས་རྒྱལ་པོ། །རྒན་བྱད་མ་དང་དྲག་མོ་དང༌། །འཇིགས་བྱེད་མ་དང་ཨུ་མས་བསྟོད། །རྒྱལ་མ་རྣམ་པར་རྒྱལ་དབང་མོ། །ཐུབ་མེད་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །ནག་པོ་སྡང་བ་ལམ་པ་ཀི །འཕྲོག་བྱེད་མ་དང་མར་མེ་མ། །འཇིགས་བྱེད་ཡུལ་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མ། །མཆེ་བ་གཙིགས་དང་ཐོད་ཆེན་མ། །ཐོད་འཕྲེང་འཕྲེང་ཅན་ཁ་ཊྭཱཾ་མ། །སྦྲུལ་ཆེན་རལ་གྲི་དགྲ་སྟ་ཅན། །རྡོ་རྗེ་དེ་བཞིན་


TNT07_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

གཞུ་ལག་དང༌། །ལྷ་ཡི་དབང་ཕྱུག་མ་རྣམས་ནི། །མཁའ་འགྲོ་ལྔ་ཡི་བདག་ཉིད་དང༌། །ལས་ཀུན་རྗེས་སུ་སྒྲུབ་བྱེད་མ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་ཆེན་པོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་པོ། །གོས་མེད་སྦྱོར་བ་བསྐྱེད་བྱེད་མ། །རྡོ་རྗེ་དབང་ཕྱུག་མ་བཀའ་ཡིས། །ཐམས་ཅད་ཐམས་ཅད་འདིར་སྤྱོན་ཅིག །ཨོཾ་ཀཀྐ་ཏ་ན་བབྦྷནྡྷ་ན། ཁཁྑ་ད་ན། སརྦ་དུཥྟཱན། ཧ་ན་ཧ་ན། གྷཱ་ཏ་ཡ་གྷ་ཏ་ཡ། ཨ་མུ་ཀསྱ་ཨི་དཾ་ཀཱརྻ་སཱདྷཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཛཿསྭཱཧཱ། དབུས་ཀྱི་རེ་མིག་གི་གནས་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བཞུགས་ཤིང༌། རེ་མིག་གཞན་རྣམས་ལ་ཕྱོགས་སྐྱོང་བ་བརྒྱད། ལྷ་མོ་བཞི་བཞི་དང་བཅས་པ་འཁོད་པ་ནི། ཧ་རི་ཀེ་ལར་ཨ་རུ་ར་དྲུང་ཤར། །ཞིང་སྐྱོང་ནག་པོ་དྲག་པོ་འཁོར་བཅས་བཞུགས། །ཀོངྐ་ནར་ནི་སོ་མ་བལླི་བྱང༌། ཞིང་སྐྱོང་དྲག་པོ་ཆེན་པོ། ནུབ་ཕྱོགས་ཨོ་ཊི་ཡ་ཎར་ཨ་ཤོ་ཀ །ཞིང་སྐྱོང་ལྷ་བྱིན་མཉམ་བརྟེན༴ ལྷོ་ཕྱོགས་རྡུལ་བྲལ་ཙུ་ཏའི་ཤིང་གི་དྲུང༌། །ཞིང་སྐྱོང་ནག་མོའི་མིང་ཅན༴ མེར་ནི་ཀ་རཉྫ་ཏེ་ཙ་རི་ཏྲར། །ཞིང་སྐྱོང་རྩིགས་བྱེད་ཆེན་པོ༴ བདེ་བྲལ་དེ་བི་ཀོ་ཊར་བྷ་ཊ་སྟེ། །ཞིང་སྐྱོང་འཇིགས་བྱེད་མི་སྡུག༴ རླུང་མཚམས་འབར་བ་འཛིན་པར་གསེར་ཤིང་ཏེ། །ཞིང་སྐྱོང་དགའ་བ་ལས་འདས༴ དབང་ལྡན་ཨཊྚ་ཧ་སར་ཀ་དཾ་ཤིང༌། ཞིང་སྐྱོང་བགེགས་ཀྱི་རྒྱལ་པོ་འཁོར་བཅས་བཞུགས། ཞེས་བྱ་སྟེ། ས་མཱུ་ཊར་ཞིང་བརྒྱད་བཤད་པ་ཞིང་སྐྱོང་བརྒྱད་དང་སྤྱོད་བརྒྱུད་


TNT07_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགོངས་པར་ངེས་ལ། ཕྱོགས་མཚམས་ཇི་ལྟར་ཡིན་ཚུལ་ག་ཡ་དྷ་ར་དང༌། ནཱ་རོ་པ་གཉིས་ཀྱི་མན་ངག་ལྟར་བཀོད་པའོ། །དབང་པོའི་གཡས་སུ་ཚངས་པ་དང་ཟླ་བ་དང་ཉི་མ་ཁྱབ་འཇུག་རྣམས་དང༌། ནོར་བདག་གི་གཡོན་དུ་ཚོགས་ཀྱི་བདག་པོ་དང༌། ཆུ་ལྷའི་གཡས་སུ་ཐབས་བཟང་རིས་དང་སའི་ལྷ་མོ་རྣམས་རང་རང་གིས་འཁོར་ཚོགས་དང་བཅས་ཏེ་བཞུགས་པར་གྱུར། ཆུ་བཞི་དང་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཨོཾ་བཛྲ་ཌཱ་ཀ་ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། ཨོཾ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟཾ་དྲྀ་ཤྱ་ཧོཿ ཞེས་ལན་ལྔའམ་བདུན་གྱིས་དཀྱིལ་འཁོར་ལ་ཕུལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ནས། པྲ་ཡཙྪནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་མཁའ་འགྲོ་སྤྱི་གཏོར་གྱིས་སྔགས་བསྡུས་པས་འཇིག་རྟེན་པའི་ཚོགས་ཐམས་ཅད་ལ་ལན་གསུམ་དུ་ཕུལ། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །སོགས་ཀྱི་འདོད་དོན་གསོལ་བ་བཏབ། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སཏྐཱ་ར་ཧཱུཾ་ཨཉྩ་མ་ནཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་ཧསྟ་པུངཚི་ཡེ་སྭཱཧཱ། ཨོཾ་ཏཾ་བུ་ལ་ཡེ་སྭཱཧཱ། རྡོ་རྗེ་སེམས་དཔའི་ཡིག་བརྒྱའི་མཐར། ཧཱུཾ་ཕཊ་བཏགས་པ་ལན་གསུམ་བཟླ་ཞིང་དྲིལ་བུ་དཀྲོལ། སེམས་ཅན་ཐམས་ཅད་ནད་མེད་ཅིང༌། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །གང་གི་ལམ་ནས་འགྲོ་བ་ཡི། །སངས་རྒྱས་ཉིད་དུ་གྲུབ་གྱུར་ཅིག །ཅེས་སྨོན་ལམ་བཏབ། ཨོཾ་ཕུན་སུམ་ཚོགས་པ་ཞེས་སོགས་


TNT07_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། པད་སྐོར་འཁྱུད་རྒྱ་ལག་གཡས་རེ་མིག་གིས་ས་ལ་བཞག་ཅིང༌། གཡོན་ཁུ་ཚུར་སྙིང་གར་རེག་པ་རྣམས་བྱ་སྟེ། ཨོཾ་ཨཏྨ་ཏིཥྛ་ཧཱུཾ་སྭཱཧཱ། ཡེ་ཤེས་ཀྱི་འཁོར་ལོ་དབུགས་དང་ལྷན་ཅིག་རང་གི་སྙིང་གར་ཐིམ། ཡིད་ཀྱིས་མཆོད། ཨོཾ་སརྦ་དུཥྟཾ་གྲྀཧྞ་གྲྀཧྞ་གཱཙྪ་ཧཱུྃ་ཕཊ། ཅེས་འཇིག་རྟེན་པའི་ལྷ་རྣམས་གཤེགས་སུ་གསོལ། སླར་ཡང་སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པ་བྱའོ། །རྣལ་འབྱོར་གྱི་ཡན་ལག་གཞན་རྣམས་ནི། འཇིགས་མེད་འབྱུང་གནས་སྦས་པའི་མན་ངག་ལས་ཤེས་པར་བྱའོ། །རྡོ་རྗེ་མཁའ་འགྲོ་ཞི་བའི་སྒྲུབ་ཐབས་ཉམས་སུ་ལེན་ཚུལ་ཡང་འདི་ཁོ་ན་སྟེ། འཁོར་ལོའི་བདག་པོ་ཞལ་བཞི་ཕྱག་བཞི་བསྒོམ་པ་ནི་ཁྱད་པར་རོ། །ཀུན་ཏུ་ངོ་མཚར་རྨད་བྱུང་བ། །དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས་ནི། །རབ་རྫོགས་ཉུང་ངུའི་ཚིག་གིས་བྲིས། །འདི་ལས་རྡོ་རྗེ་འཛིན་ཐོབ་ཤོགཁ་སྦྱོར་རྡོར་སེམས་ཀྱི་སྒྲུབ་པའི་ཐབས་ཏེ་བཅོ་བརྒྱད་པའོ།། །།༈ དེ་ལྟར་ན་དེ་དག་རྣམས་ལ་རང་ཉིད་ལྷག་པའི་ལྷའི་ང་རྒྱལ་དང་མ་བྲལ་བའི་ངང་ནས། སྣང་བ་ཐམས་ཅད་སྐུ་གསུང་ཐུགས་སུ་ལྷག་པར་མོས་པས་སྤྱོད་ལམ་གྱི་རྣལ་འབྱོར་ལ་འཇུག་པར་བྱ་ཞིང༌། བཟའ་བཏུང་བདུད་རྩིར་བྱིན་གྱིས་རླབས་ནས། ལྟེ་བའི་གཏུམ་མོ་རབ་ཏུ་འབར་བའི་མེའི་དབུས། སྙིང་གར་ཡེ་ཤེས་ཀྱི་འཁོར་ལོ་དང༌། ལྟེ་བར་ཕྱོགས་སྐྱོང་ལ་སོགས་པ་གསལ་བར་དམིགས་ཏེ། ནང་གི་སྦྱིན་སྲེག་གི་ཚུལ་གྱིས་ལོངས་སྤྱོད་པ་དང༌། གོང་བུ་བསྡུ་བའི་རིམ་པས་འོད་གསལ་གྱི་རྣལ་འབྱོར་ལ་བརྟེན་ནས་གཉིད་ལམ་དུ་འཁྱེར་བ་དང་སླར་ཡང་ལྡང་བ་དང༌།


TNT07_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་ཀྱི་རྣལ་འབྱོར་ལ་སོགས་པ་ནས་བརྩམས་ཏེ། སྒོམ་པའི་རིམ་པ་ལ་འཇུག་པར་བྱའོ། །འདིར་སྨྲས་པ། སྣ་ཚོགས་བསམ་པ་དང་མཚུངས་ཆོ་ག་སྣ་ཚོགས་ཐ་དད་པ། །རྒྱུད་རྒྱལ་རྣམས་སུ་བསྟན་པ་དེ་ཀུན་ནམ་ཡང་དོན་མེད་མིན། །བྱེ་བ་ཕྲག་བརྒྱའི་ཆུ་ཀླུང་ལམ་རྣམས་སྣ་ཚོགས་ཐ་དད་ལས། །རྒྱ་མཚོར་རོ་གཅིག་གཞོལ་བཞིན་ཐབས་ཚུལ་ཀུན་ཀྱང་ཆོས་ཀྱི་དབྱིངས་སུའོ། །ངེས་པར་ཟབ་བོ་སྦྱང་བྱ་སྦྱོང་བྱེད་ལེགས་པར་འབྱོངས་པའི་བསྐྱེད་རིམ་མོ། །ཡིད་ཆེས་ལྡན་ནོ་རྒྱུད་དང་འཕགས་ཡུལ་མཁས་དང་གྲུབ་པའི་གསུངས་བཞིན་ཏེ། །བྱིན་རླབས་ཆེའོ་རྫོགས་སངས་རྒྱས་ནས་ད་ལྟའི་བར་དུ་རྒྱུན་མ་ཆད། །སྐལ་བ་བཟང་ངོ་དཀོན་ཅིང་རྙེད་དཀའ་འབད་མེད་ལེགས་པར་ཐོབ་འདི་ཀོ །དེ་ལྟར་སྒྲུབ་ཐབས་ཐབས་ཚུལ་དཔག་ཡས་རྣམས། ཚིག་ཚོགས་ཧ་ཅང་ཆེས་ན་འབྲི་དཀའ་ཞིང༌། །ཀློག་དཀའ་འཛིན་དཀའ་འདོན་ཡང་ཁོང་ཆུད་དཀའ། །ཐུན་བཞིར་སྒོམ་པ་སོགས་ཀྱང་ལྷག་པར་དཀའ། །བདག་བློ་དམན་ནོ་སྐྱེ་བོ་ཕལ་ཆེར་ཡང༌། །བློ་དམན་ཉིད་པས་ཉུང་ངུས་ཕན་པར་སེམས། །བདག་ཉིད་སྒོམ་དང་གཞན་ལ་མི་ཕན་ན། །ཚིགས་ཚོགས་ཆེ་བའི་ང་རྒྱལ་དེ་ཡིས་ཅི། །ཐེག་མཆོག་ཉམས་ལེན་མན་ངག་རྒྱ་མཚོ་འདི། །འབད་བརྩོལ་གྲུབ་ཆེན་ཞུགས་པ་དེ་ལས་ཀྱང༌། །སྐལ་བཟང་དོན་མཐུན་སྐྱེ་བོ་བགྲང་ཡས་རྣམས། །ཟུང་འཇུག་ནོར་བུའི་གླིང་དུ་ཕྱིན་པར་ཤོག །དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། །རྒྱུད་སྡེའི་མཐར་ཐུག་འཁོར་ལོ་སྡོམ་པ་འདིར། །གུས་པས་ཅུང་ཟད་བརྩོལ་བའི་དགེ་བ་ལས། །


TNT07_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཀྱང་འཁོར་ལོའི་མགོན་དེ་ཐོབ་པར་ཤོག །ནམ་མཁའི་མཐས་གཏུགས་སེམས་ཅན་ཇི་སྙེད་པ། །མ་ལུས་བླ་ན་མེད་པའི་བྱང་ཆུབ་ལ། །མྱུར་བ་ཉིད་དུ་འགོད་པར་བྱེད་གྱུར་ཅིག །དེ་སྲིད་བདག་ཀྱང་འགྲོ་བའི་དོན་བྱེད་ཤོག །བདེ་ཆེན་ལམ་མཆོག་ཟབ་ཡངས་པད་ཚལ་དུ། །རྣལ་འབྱོར་དབང་ཕྱུག་བུང་བའི་རྒྱལ་པོ་ནི། །བྱེ་བ་ཕྲག་བརྒྱར་ལྷན་ཅིག་ཟབ་དོན་གྱིས། །སྦྲང་རྩིའི་དགའ་སྟོན་སྤྱོད་པ་ཉིད་དུ་གྱུར། །བསྐྱེད་རིམ་ཕོ་ཉས་རབ་ཏུ་བསྐུལ་ཏེ་རྟགས་བྲལ་དབང་པོ་ཐམས་ཅད་པ་ཡི་ཡེ་ཤེས་དཀྱིལ་འཁོར་ཆེན་པོ་གང༌། །འགྱུར་མེད་བདེ་བའི་འོད་བརྒྱ་འབར་བས་གཟུང་འཛིན་ཚང་ཚིང་སྟུག་པོ་བསྲེགས་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་གཞན། །དེ་བཞིན་ཉིད་དབྱིངས་རྒྱལ་བ་རྣམས་ཀྱི་སྙིང་པོ་ཟུང་འཇུག་དཔའ་བོ་དཔྱིད་དང་ཕག་མོ་མཉམ་སྦྱོར་ཞེས་བྱ་བ། །བླ་མེད་བླ་མའི་དྲིན་ལས་དུས་འདི་ཉིད་དུ་མངོན་དུ་འགྱུར་ཞིང་སྲིད་ཞིའི་ཕུན་ཚོགས་ཀུན་གྱི་གཞིར་གྱུར་ཅིག །སྒྲུབ་ཐབས་ངེས་པར་བརྗོད་པའི་ཚིག་འདི་ཡང་རྒྱལ་གསུངས་ཡན་ལག་རྒྱ་མཚོ་དང་འགྲོགས་ཏེ། །ཇི་སྲིད་ནམ་མཁའ་གནས་ཀྱི་བར་དག་ཏུ། །སྐྱེ་བོ་ཀུན་ལ་ཕན་བདེའི་རྒྱུན་བྱེད་ཤོག །ཅེས་པ་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རབ་འབྱམས་ཀྱི་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ། ཡབ་བཀའི་དཀྱིལ་འཁོར་བཅུ་བཞི་དང༌། ཡུམ་བཀའི་དཀྱིལ་འཁོར་བཞིའི་སྒྲུབ་ཐབས་ཕྱོགས་གཅིག་ཏུ་བསྒྲིགས་པ་སྟེ། དེ་ཡང་དང་པོར་བཅོམ་ལྡན་འདས་གསང་བའི་བདག་པོའི་འགྲེལ་པའི་ལུགས་དང༌། དེ་ནས་སློབ་དཔོན་ཨ་བྷ་ཡཱ་ཀ་རའི་སྒྲུབ་ཐབས་འཁྲུལ་སྤོང་གི་ལུགས་དང༌། མཻ་ཏྲི་བཅུ་གསུམ་མ་དང༌། ཡུམ་བཀའི་ལྷ་སུམ་ཅུ་སོ་བདུན་མ་དང༌། སྡོམ་འབྱུང་ལྷ་བཅུ་གསུམ་མ་དང༌། ལྭ་བ་བཅུ་གསུམ་མར་


TNT07_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་སྦྱངས་པའི་ཡོན་ཏན་གྱི་དཀྱིལ་འཁོར་དང༌། འཁོར་ལོ་བསྒྱུར་དྲུག་དང༌། འཇམ་རྡོར་ལྷ་ཉེར་ལྔ་མ་དང༌། དྲག་པོ་ཆེན་པོ་ཕྱག་འབུམ་པ་དང༌། བོང་བུའི་ཞལ་ཅན་ལྷ་སོ་བདུན་མ་དང༌། མཆོག་གི་རྡོ་རྗེ་ཕག་མོ་ལྷ་བཅུ་གསུམ་མ་དང༌། རྡོ་རྗེ་མཁའ་འགྲོ་དྲག་པོའི་དཀྱིལ་འཁོར་དང༌། དཔལ་མཁའ་འགྲོ་རྒྱ་མཚོའི་རྩ་བའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་དང༌། རྡོ་རྗེ་ཕག་མོ་ཕག་གདོང་ཆེན་མོའི་དཀྱིལ་འཁོར་དང༌། དྲིལ་བུ་ལྷ་ལྔ་དང༌། ཁྲོ་བོ་རྡོར་སེམས་དང༌། ཕག་མོ་འབྱུང་བ་ཞེས་བྱ་བའི་སྒྲུབ་ཐབས་ལས་འབྱུང་བའི་དཀྱིལ་འཁོར་དང༌། ཁ་སྦྱོར་ལས་འབྱུང་བ་ཞི་བ་རྡོར་སེམས་ཀྱི་དཀྱིལ་འཁོར་རྣམས་སོ། །འཁོར་ལོ་སྡོམ་པའི་དབང་བཀའ་ལ། །ལཱུ་དྲིལ་ནག་གསུམ་གྲགས་ཆེ་བས་ལོགས་སུ་གསལ། ཡི་གེ་བདུན་པ་སྒྲུབ་ཐབས་ནི་དཀྱིལ་འཁོར་རྒྱས་པ་ཡིན་ཡང་སློབ་མ་རྗེས་འཛིན་བྱིན་རླབས་ཀྱི་ཆོ་ག་ཙམ་དང་བཅས་པ་ཡིན་པ་གཞན་དུ་བཤད་ཟིན་ནོ།། །།བོད་ཡུལ་འདི་ན་དངོས་སུ་རྒྱུད་དང་རྒྱ་གཞུང་གི་ཁུངས་ལ་མ་རྟེན་པའི་སྒྲུབ་ཐབས་མན་ངག་ཙམ་གྱི་རྗེས་སུ་འབྲང་བ་ཡང་མང་དུ་ཡོད་ཅིང༌། འགའ་ཞིག་ཐོབ་མོད་ཀྱང་འདིར་མ་བཀོད་ལ། གོང་དུ་སྨོས་པ་དེ་རྣམས་ལས་གཞན་པ་རྩ་བཤད་ཀྱི་རྒྱུད་རྣམས་ལས་དཀྱིལ་འཁོར་དཔག་ཏུ་མེད་པ་གསུངས་པ་དང༌། སྒྲུབ་ཐབས་ཀྱི་རྒྱ་གཞུང་བོད་དུ་འགྱུར་པའང་མང་མོད་ཀྱང༌། ཁོ་བོས་ལེགས་པར་ཐོབ་པ་ནི་འདི་ཙམ་ཡིན་ལ།


TNT07_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཁ་བ་ཅན་གྱི་ཕྱོགས་དེ་དག་ལས་གཞན་ཟུར་བཀའ་གྲགས་པ་ཁུངས་རྣམ་པར་དག་པ་དང་ལྡན་པའི་དབང་བཀའ་གྲགས་ཆེ་བ་ཆེར་མེད་པ་འདྲའོ། །དཀྱིལ་འཁོར་གཅིག་ཉིད་ལ་འདོད་ཚུལ་ཐ་དད་པ་མང་པོ་འབྱུང་བ་ནི་སུ་ཞིག་གིས་བགྲང་བར་སྤྱོད། དེ་ལ་འདིའི་སྡོམ་འབྱུང་གི་སྒྲུབ་ཐབས་ནི་དགེ་བཤེས་དཔལ་ལྡན་ཤཱཀྱ་བསྟན་འཛིན་གྱིས་བསྐུལ་ནས་ཐོག་མར་སྦྱར་བ་ཡིན་ལ། དེས་སྤྲོ་བ་འཕེལ་ནས་སྒྲུབ་ཐབས་བདུན་ཙམ་ཞིག་དེའི་རྗེས་ཐོགས་སུ་བྲིས་ནས་བར་སྐབས་སུ་ལོ་འགའ་ཞིག་ལེ་ལོའི་དབང་གིས་འཕྲོ་བོར་བ་ལས། སླར་ཡང་འཕྲོས་རྣམས་བྲིས་པ་སྟེ། འཁོར་ལོ་སྡོམ་པའི་རྒྱུད་ལ་མོས་པའི་རྣལ་འབྱོར་པ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སོ་དྲུག་པ་ལ་ནགས་རྒྱལ་གྱིས་དབེན་གནས་དཔལ་ཇོ་མོ་ནང་དུ་ཚང་བར་བསྒྲིགས་པའོ།། །།འདིས་ཀྱང་རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དཔལ་འཁོར་ལོ་སྡོམ་པའི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་ཞིང་སངས་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག གཅིག་ཞུས་མངྒ་ལཾ།། །།ཤེས་རབ་རྒྱལ་མཚན་ཞབས་ལ་གུས་གསོལ་འདེབས། །བྱིན་བརླབ་སྙིང་ལ་ཞུགས་པར་ཐུགས་རྗེ་གཟིགས། །སྐྱེ་འདིར་བདག་གིས་ཟབ་མོ་གསང་ཆེན་ཐེག །ཀུན་བཟང་ཐུགས་ཀྱི་གསང་བ་བཅུད་རྫོགས་པ་ཆེ། །མངོན་གྱུར་ཁྱད་པར་ངེས་དོན་དབུ་མའི་ལམ། །མཐའ་བྲལ་གནས་ལུགས་མྱུར་དུ་


TNT07_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྟོགས་པར་ཤོག །དེར་བརྟེན་ཕྱི་མར་ལས་འབྲེལ་གང་ཡོད་ཞིང་། །པདྨ་ཡོད་དང་དཔལ་ལྡན་ཤམྦ་ལར། །ཟ་བ་དགོངས་སྔགས་རིག་འཛིན་པར་ཡོངས་འཕོས་ནས། །ཚེ་ཅེར་གསང་ཆེན་ལེགས་མཐར་ཕྱིན་གྱུར་ཅིག །སྨྲ་བའི་དབང་ཕྱུག་ཡོན་ཏན་བཟང་པོ་ཡིས། །སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་ལྔ་བར་བསྟན་པ་སྤྱི་དང་ཁྱད་པར་ཇོ་ནང་བའི། །བཤད་སྒྲུབ་སླར་གསོ་བྱ་བ་སྤེལ་བའི་ཆེད། འཇམ་མགོན་ཏཱ་ར་ནཱ་ཐའི་གསུང་འབུམ་གྱིས། མ་ཟད་ཆོས་སྦྱིན་དཔལ་ལྡན་འཛམ་ཐང་གི། གཙང་བའི་ཆོས་གྲྭ་བསྐྲུན་པའི་དགེ་བ་ཡིས། མ་གྱུར་འགྲོ་ལ་གནས་སྐབས་བདེ་བ་དང་མཐར་གཏན་པ་དེ་བླ་མེད་བྱང་ཆུབ་མཆོག མྱུར་དུ་ཐོག་པའི་དཔུང་གཉེར་དམ་པ་རུ། གཞི་དབྱིངས་མཆོག་གསུམ་དམ་པས་ཤིས་པ་རྩོལ་འདི་ཡང་བསོད་ནམས་དཔལ་གྱིས་བྲིས་པ་དགེ།


TNT07_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དཔལ་མཁའ་འགྲོའི་སྒྲུབ་ཐབས།


TNT07_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མཁའ་འགྲོའི་སྒྲུབ་ཐབས་བཞུགས།


TNT07_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤྴཾ་ཝ་རཱ་ཡ། གསང་བ་མཆོག་གི་ཕོ་བྲང་དུ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །རྟག་ཏུ་བཞུགས་པ་དེ་ལ་འདུད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡི། །ལྷ་མོ་དེ་ལའང་གུས་བཏུད་ནས། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི། །སྒྲུབ་ཐབས་རྒྱ་མཚོའི་འདིར་འཇུག་བྱ། །ད་ནི་འདིར་དཔལ་མཁའ་འགྲོའི་རྒྱུད་ཀྱི་རྩ་བའི་དཀྱིལ་འཁོར་བསྒོམ་པར་འདོད་པ་ལ་དེ་བཤད་པར་བྱ་སྟེ། དེ་ལ་དང་པོར་ཞིང་སྐྱོང་རྣམས་ལ་གཏོར་མ་སྦྱིན་ཏེ་རང་གནས་སུ་བཏང༌། ཨོཾ་ཧཱུཾ། ཞེས་བསྟན་བྱིན་གྱིས་རླབས། འོག་ནས་འབྱུང་བ་གཏོར་མ་ལྟར་ནང་མཆོད་བྱིན་རླབས་བྱ། ཨོཾ་ཧྲཱིཿསྭཱཧཱ། ལན་གཉིས་ཀྱིས་ཁ་དང་ལག་པ་བྱིན་གྱིས་རླབས། གཡོན་པའི་ལག་མཐིལ་དང་མཐེའུ་ཆུང་ནས་བརྩམས་ཏེ། སོར་མོ་རྣམས་ཀྱི་རྩ་བ་ལ། ཨོཾ་བཾ་ཧཾ་ཡོཾ་ཧྲིཾ་མོཾ་ཧྲཻཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། སོར་མོ་ལྔ་བསྡུས་པའི་མཛུབ་མོ་དང༌། མཐེ་བོང་ལ་སོགས་པའི་སེན་མོ་ལ། ཨོཾ་ཧ་ན་མ་ཧི་སྭཱཧཱ་ཧཱུཾ་བཽ་ཥ་ཊ་ཧཱུཾ་ཧཱུཾ་ཧ་ཕཊ་ཧཾ་རྣམས་འཁོད་བྱིན་གྱིས་རླབས་པའི་ནང་མཆོད་ལག་


TNT07_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

མཐིལ་གཡས་སུ་བཞག་སྟེ། སྲིན་ལག་གཡོན་པས་ཆོས་འབྱུང་འབྲི། འབྲུ་གསུམ་ལན་མང་དུ་བརྗོད་ལ། ཡན་ལག་ལྔ་དང༌། མཆོད་རྫས་སོགས་ལ་བསངས་གཏོར་བྱ། ཨོཾ་བཛྲ་བྷུ་མི་ཧཱུཾ། ཨོཾ་སརྦ་བིགྷྣཱན་ཨུཏྤ་ར་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿབཛྲ་རེ་ཁེ་ཧཱུཾ། ཨོཾ་ཧྲཱིཿསྭཱཧཱ། ཨོཾ་ཨརྐ་བི་མ་ལེ་སྭཱཧཱ། ཨོཾ་ཙནྡྲ་བི་མ་ལེ་སྭཱཧཱ། ཞེས་པ་རྣམས་ཀྱི་མཎྜལ་བྱ། རྡོ་རྗེའི་ཕྱག་རྒྱས་རེག་ཅིང༌། བྷུར་བྷུ་ཝ་སྭཿ ཞེས་བྱིན་གྱིས་རླབས། ཨོཾ་ཨཱཿསྠཱ་ནཾ་མེ་རཀྵ་ཧཱུཾ། ཨོཾ་ཨཱཿཨཏྨ་ནཾ་མེ་རཀྵ་ཧཱུཾ། ཨོཾ་ཨཱཿཡོ་གཾ་མེ་ཀྵ་ཧཱུཾ། བར་འདིར་སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱ་རྣམས་བྱ། རྡོ་རྗེའི་ཕྱག་རྒྱ་གནས་དྲུག་ཏུ་རེག་ལ། ཨོཾ་ཧཱ་སོགས་བརྗོད་པས་གོ་ཆ་བཅིངས། སྤྲོ་ན། དཔལ་ལྡན་རྡོ་རྗེ་མཁའ་འགྲོ༴ སོགས་ཤོ་ལོ་ཀ་གཉིས་དང༌། སྲིད་པའི་རྒྱ་མཚོར་ཡོངས་བྱིང་བ། །ཡང་དག་ཡོངས་སུ་སྒྲོལ་མཁས་པའི། །བླ་མ་དམ་པའི་དྲིན་གང་གིས། །བདག་ལ་ཡེ་ཤེས་འདི་བསྐྱེད་འདུད། །ཅེས་ཕྱག་བྱས་ནས། བཅོམ་ལྡན་འདས་འཁོར་བཅས་ལ་གཏོར་མ་འབུལ་བར་བྱའོ། །རང་སྐད་ཅིག་གིས་ཧེ་རུ་ཀ་


TNT07_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པའི་སྐུར་གྱུར། སྙིང་གར་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ནག་པོ། ཨོཾ་ཨ་ཨཱ༴ ནས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་གི་ནཱ་ད་ལས་ཡི་གེའི་འཕྲེང་བ་སྤྲོས། ལུས་ཀྱི་སྟོད་བར་སྨད་རྣམས་སུ། སྔོ་དམར་དཀར་བའི་འཕྲེང་བས་གཡོན་སྐོར་དུ་དཀྲིས། དེ་ལས་ཁམས་གསུམ་དུ་གཏོགས་པ་ཐམས་ཅད་འཁོར་ལོ་གསུམ་གྱི་ལྷ་ཚོགས་སྤྲོས་ཏེ་སྲིད་པ་གསུམ་གྱི་བགེགས་ཐམས་ཅད་བཅོམ་པར་གྱུར། རང་གི་སྤྱི་བོ་དང༌། དཔྲལ་པ་དང༌། མགྲིན་པ་དང༌། སྙིང་ག་རྣམས་ཀྱི་ཐད་ཀའི་ནམ་མཁའ་ལ་རིམ་པས། ཤྲཱི་ཧེ་རུ་ཀ་ཞེས་པའི་ཡི་གེ་བཞི་ཁ་དོག་སྔོན་པོའོ། །ཤྲཱི་ཧེ་རུ་ཀོ྅་ཧཾ། གཟུགས་ཀྱི་ཕུང་པོ་ལ་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ལ་ནི་རྡོ་རྗེ་ཉི་མའོ། །འདུ་ཤེས་ཀྱི་ཕུང་པོ་ལ་ནི་པདྨ་གར་གྱི་དབང་ཕྱུག་གོ །འདུ་བྱེད་ཀྱི་ཕུང་པོ་ལ་ནི་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ལ་ནི་རྡོ་རྗེ་སེམས་དཔའོ། །ཕུང་པོ་ལྔ་པོ་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་ཤྲཱི་ཧེ་རུ་ཀ་རྡོ་རྗེའོ། །མིག་གཉིས་ལ་ནི་གཏི་མུག་རྡོ་རྗེའོ། །རྣ་བ་གཉིས་ལ་ནི་ཞེ་སྡང་རྡོ་རྗེའོ། །སྣ་དག་ལ་ནི་ཕྲག་དོག་རྡོ་རྗེའོ། །ལྕེ་ལ་ནི་འདོད་ཆགས་རྡོ་རྗེའོ། །ལུས་ལ་ནི་སེར་སྣ་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་ནི་དབང་ཕྱུག་རྡོ་རྗེའོ། །སའི་ཁམས་ལ་ནི་ལྟུང་བྱེད་མའོ། །ཆུའི་ཁམས་ལ་ནི་གསོད་བྱེད་མའོ། །མེའི་ཁམས་ལ་ནི་འགུགས་བྱེད་མའོ། །རླུང་གི་ཁམས་ལ་ནི་


TNT07_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་གར་གྱི་དབང་ཕྱུག་གོ །ནམ་མཁའི་ཁམས་ལ་ནི་པདྨ་དྲ་བ་ཅན་ནོ། །དག་པ་གསུམ་དང་ཕུང་ཁམས་བྱིན་གྱིས་རླབས་པ་དེ་དག་ནི། རྟེན་བྱིན་གྱིས་རླབས་པ་ཞེས་བྱའོ། །སྡིགས་མཛུབ་དང་བཅས་པའི་སེ་གོལ་གདབ་ཅིང༌། ཨོཾ་སུམ་བྷ་ནི་སུམ་བྷ་ཀཱ་ཡི་ཀཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཝཱ་ཙི་ཀཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཙ་ར་སི་མཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན། བཛྲ་ཛྙཱ་ནི་ཀཾ་ཧཱུཾ་ཧཱུཾ་ཕཊ། སྔགས་རྣམས་ནག་པོ་ལྗང་ཁུ། དམར་པོ། སེར་པོའི་འོད་ཀྱིས་ཚངས་པའི་འཇིག་རྟེན་ནས་གསེར་གྱི་ས་གཞིའི་བར་དུ་ཁྱབ་པ། འོག་ཏུ་རཾ་ལས་ཉི་མ་ལ་གནས་པའི་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གྱིས་མཚན་པའི་རང་བཞིན་གྱི་རྡོ་རྗེའི་ས་གཞི། ཕྱོགས་མཚམས་སུ་སྔགས་ཀྱི་འོད་ཟེར་ལས་བྱུང་བའི་རྡོ་རྗེའི་ར་བ་གྲུ་བཞི་ཕྱོགས་ཀྱི་མདོག་ཅན། སྟེང་དུ་རྡོ་རྗེའི་བླ་རེ་དང་གུར། དེའི་ཕྱི་རོལ་དུ་རྡོ་རྗེ་རྩེ་ལྔ་པ་ལྗང་ཁུའི་མདའི་དྲ་བ་རྣམས་སུ་གྱུར། མཚམས་རྔམ་དང་བཅས་པའི་སུམ་བྷ་ཚར་གཉིས་བརྗོད། སྔགས་རེ་རེའི་འོད་ཟེར་ལས་བྱུང་བ་ཁྭ་གདོང་མ་ལ་སོགས་པའི་སྒོ་མ་བཞི། གཉིས་གཉིས་འདྲེས་པའི་འོད་ཟེར་ལས་བྱུང་བ་གཤིན་རྗེ་བརྟན་མ་ལ་སོགས་པའི་མཚམས་མ་བཞི་རྣམས་ཐོ་བ་དང་རང་འདྲའི་ཕུར་བུ་ཐོགས་པ་སྤྲོས། ཨོཾ་བིགྷྣཱན་ཨཱ་ན་ཡ་ཛཿཞེས་བསྐུལ་བས། ཕྱོགས་བཅུའི་བགེགས་རྣམས་བཀུགཧཱུཾ་ར་བའི་ཕྱི་རོལ་དུ་འབྲུབ་ཁུང་མེས་གང་བ་བྱུང་བ་རྣམས་སུ་བཅུག །ཕུར་བུས་སྤྱི་བོར་གདབ།


TNT07_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་གྷ་གྷ་སོགས་བརྗོད། ཐོ་བས་བརྡུངས། ཨོཾ་བཛྲ་མུངྒ་ར་སོགས་བརྗོད། བགེགས་རྣམས་སྟོང་པའི་དབྱིངས་སུ་སྦྱངས། །ཕོ་ཉ་མོ་རྣམས་ར་བ་ལ་ཐིམ། །འོད་ཟེར་གྱི་ཐིག་ལེ་ཕྱིར་འཕྲོས་པས། འཁོར་ལོ་དང་པདྨ་དང་རྡོ་རྗེ་དང་མེའི་ར་བ་ཟླུམ་པོ་རྣམས་སུ་གྱུར། འོག་གི་ཧཱུཾ་ཞུ་བས་རྡོ་རྗེ་ཕྲ་མོས་བར་མཚམས་མེད་པར་གཏམས། བདག་དང་འགྲོ་བ་ཐམས་ཅད་ཀུན་ནས་བགེགས་དང་བྲལ་བའོ། །དེ་དག་ནི་བསྲུང་བའི་འཁོར་ལོའོ། །མཎྜལ་གྱི་དབུས་དང་ཕྱོགས་མཚམས་བརྒྱད་དུ་ཚོམ་བུ་དགོད་ཅིང༌། ཨོཾ་བཛྲ་ཀུ་རུ་སྭཱཧཱ། ཨོཾ་སུནྡ་རཱི་སྭཱཧཱ། ཨོཾ་པྲི་ཡ་ཨུད་ཏ་མ་སྭཱཧཱ། ཨོཾ་ད་མ་ཀཱ་ཏཱ་རཱ་སྭཱཧཱ། ཨོཾ་བི་ལཱ་ས་བཛྲ་སྭཱཧཱ། ཨོཾ་བུདྡྷ་ལོ་ཙ་ནི་སྭཱཧཱ། ཨོཾ་མཱ་མ་ཀཱི་སྭཱཧཱ། ཨོཾ་པནྚ་ར་ཝ་སི་སྭཱཧཱ། ཨོཾ་ཏཱ་རཱ་སྭཱཧཱ། རང་གི་སྙིང་གའི་ས་བོན་ལས་འཕྲོས་པའི་འོད་ཟེར་གྱིས། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་མདུན་དུ་སྤྱན་དྲངས། མཎྜལ་གྱི་དབུས་ཀྱི་མེ་ཏོག་གི་སྟེང་དུ་ལྷ་ཚོགས་རྣམས་རང་རང་གི་རྣམ་པ་དང༌། བླ་མ་རྡོ་རྗེ་སེམས་དཔའི་རོལ་པས་བཞུགས། ཤར་དུ་ཀུན་མཛེས་མ་སྔོན་མོ། བྱང་དུ་དཀར་མཆོག་མ་ལྗང་ཁུ། ནུབ་ཏུ་ཤིན་ཏུ་རྩེ་མ་དམར་མོ། ལྷོ་རུ་རོལ་པའི་རྡོ་རྗེ་མ་སེར་མོ། བཞི་ཆར་ཡང་སྙིམ་པ་རིན་པོ་ཆེ་དང་མཆོད་པ་སྣ་ཚོགས་ཀྱིས་བཀང་ནས། གཙོ་བོ་ལ་སྟོབ་པ། མེར་སྤྱན་མ་དཀར་མོ་འཁོར་ལོ། བདེན་བྲལ་དུ་མཱ་མ་ཀཱི་སྔོན་མོ་རྡོ་རྗེ། རླུང་དུ་གོས་དཀར་མོ་དམར་མོ་པདྨ་


TNT07_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལྡན་དུ་སྒྲོལ་མ་ལྗང་ཁུ་ཨུཏྤལ། བཞི་ཆར་ཡང་གཡས་རང་རྟགས་དང༌། གཡོན་མཆོད་པ་སྣ་ཚོགས་འཛིན་པ། ལྷ་མོ་བརྒྱད་པོ་ཐམས་ཅད་ཞི་ཞིང་སྒེག་པ། རོལ་པའི་འདུག་སྟངས་ཅན་ནོ། །ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་མགྲོན་ལ་བསང་གཏོར་བྱའོ། །ཨོཾ་པྲ་ཝ་ར་སཏྐ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། ཨརྒྷཾ༴ ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་སོགས་ཉེར་སྤྱོད་ལྔས་མཆོད། སྙིང་གའི་ཧཱུཾ་ལས་བྱུང་བའི་རིག་མ་བཅུ་དྲུག་གིས་མཆོད་པར་གྱུར། ཨོཾ་ཝཱི་ནི་བཛྲི་ཧཱུཾ་ཧཱུཾ་ཕཊ་ནས་ཨོཾ་དྷརྨ་དྷཱ་ཏུ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་སོ། །རྐང་པ་ཞེ་བརྒྱད་པའི་རྐང་བ་རེ་རེའི་མགོ་རུ་ཨོཾ་རེ་དང༌། འཇུག་ཏུ་ཧཱུཾ་ཧཱུཾ་ཕཊ་རེ་སྦྱར་བས་བསྟོད་དེ། ཨོཾ་ན་མ་ཤྲཱི་བཛྲ་ཌཱ་ཀ་མ་ཧཱ་བཱི་ར་བི་ར་ཤྭ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཞེས་པ་ནས། ཨོཾ་གྲསྟ་བཱ་ཏ་པྲ་བཱ་ཏ་ཧཱ་མ་ཏེ་ཧཱུཾ་ཧཱུཾ་ཕཊ། ཞེས་པའི་བར་རོ། །ཡབ་ཡུམ་གྱི་སྙིང་པོའི་མཐར་འབྲུ་གསུམ་སྦྱར་བས་ནང་མཆོད་འབུལ། རྡོ་རྗེ་འཆང་དབང་རྡོ་རྗེ་རྣལ་འབྱོར་མ། །སྤྱན་རས་གཟིགས་དབང་ཤཱ་བཱ་རི་པ་དང༌། །མཻ་ཏྲི་པ་དང་རྒྱ་གར་ཕྱག་ན་དང༌། །པདྨ་རྡོ་རྗེ་ཛ་ཡ་སྱ་ན་དང༌། །སུམ་ལོ་གྲགས་རྒྱལ་ས་པཎ་སྐྱོབ་པ་དཔལ། །རྒྱལ་ཚ་ཆོས་དབང་མང་མཁར་ལོ་ཙཱ་དང༌། །བག་སྟོན་ཚུལ་རྒྱལ་ངག་དབང་བྱང་སེང་བ། །ས་བཟང་འཕགས་པ་མཁན་ཆེན་སེང་གེ་དཔལ། །བྱམས་པ་གླིང་པ་རྡོ་རྗེ་གདན་པ་དང༌། །རྒྱ་སྟོན་བྱང་དབང་རྗེ་བཙུན་གྲོལ་མཆོག་དང༌། །བྱམས་པ་ལྷུན་གྲུབ་རྣམས་ལ་གུས་པས་མཆོད། །ཅེས་པ་འདི་རྗེ་བཙུན་གྲོལ་མཆོག་


TNT07_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

གི་གསན་ཡིག་ལྟར་བཀོད་པ་ཡིན། རྒྱལ་ཚ་ཆོས་དབང་མང་མཁར་ལོ་ཙཱ་བ། །བློ་ཆེན་ཡེ་ཤེས་མགོན་དང་དར་མ་བཟང༌། །གྲགས་ཆེན་སྤང་ཁང་བ་དང་རིན་བརྩོན་པ། །མཁན་ཆེན་བྱང་སེར་ཐེག་ཆེན་ཆོས་རྗེ་དང༌། །བྲག་ཐོག་བསོད་བཟང་འཇིགས་མེད་རྡོ་རྗེ་གདན་པ། དཔའ་བོ་དང༌། རྒྱ་སྟོན་མན༴ གོང་བཞིན་ནོ། །ཡང་ན་སུམ་ལོ་མཁས་པ་ས་མུ་དྲ་པ་དང༌། །སེང་གེ་རྒྱལ་མཚན་ཡར་ལུངས་ལོ་ཙཱ་བ། །རོང་བ་ཤེས་སེང་སྐྱི་སྟོན་གྲགས་རྒྱལ་དང༌། །ཀུན་མཁྱེན་ཆེན་པོ་སློབ་དཔོན་ཆོས་གྲགས་དཔལ། །མཁན་ཆེན་བྱང་སེང་༴ སོགས་གོང་བཞིན། ཉེ་བརྒྱུད་ནི། ཧེ་རུ་ཀ་དཔལ་རྡོ་རྗེ་རྣལ་འབྱོར་མ། །ཤཱ་བཱ་རི་པ་སེམས་ཀྱི་རྗེ་གྲོལ་མཆོག་གོ མདུད་གྲོལ་དང༌། །སངས་རྒྱས་ཀུན་འདུས་ལྷ་དབང་གྲགས་པ་སྟེ། །ཡིད་བཞིན་ནོར་བུའི་བླ་མ་རྣམས་ལ་མཆོད། །ཅེས་སོ། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །འགྲོ་དོན་རབ་ཏུ་སྒྲུབ་པ་པོ། །ཡིད་བཞིན་ནོར་བུ་འདིར་འབྱུང་བ། །དཔལ་སྡོམ་ཁྱོད་ལ་ཕྱག་འཚལ་ལོ། །སྣ་ཚོགས་ཡེ་ཤེས་ཆེན་པོས་གཡོགས། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཐུགས་རྗེ་ཁྲོ་བ་དྲག་ཆེན་པོ། །དཔལ་སྡོམ་ཁྱོད་ལ་ཕྱག་འཚལ་ལོ། །ས་དང་བྱེད་དུ་བཅུག་དང་ཡི་རང་བའི། །སྡིག་པ་མ་ལུས་སྐྱོན་ཀུན་བཅོམ་པ་ཡི། །སྤྱན་སྔར་སོ་སོར་བཤགས་ཤིང་སླར་ཡང་ནི། །མི་བྱེད་པ་ཡི་སྡོམ་པ་བཟུང་བར་བགྱི། །ཉན་ཐོས་རང་རྒྱལ་བླ་མེད་རྒྱལ་བ་དང༌། །རྒྱལ་བའི་སྲས་ཀྱིས་བསྔགས་


TNT07_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགེ་བ་གང༌། །དེ་དག་ཀུན་ལ་བདག་གིས་རྗེས་ཡི་རང༌། །བྱང་ཆུབ་ཡང་དག་ཡོངས་སུ་བསྔོ་བར་བགྱི། །རྒྱལ་བ་དཀོན་མཆོག་ལ་སོགས་གསུམ་པོ་ལ། །དངོས་པོ་ཀུན་གྱིས་བདག་ནི་སྐྱབས་སུ་མཆི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་བཞིན་དུ། །བླ་ན་མེད་པའི་ལམ་ལ་བརྟེན་པར་བགྱི། །ལན་གསུམ། ཨོཾ་བཛྲ་སཏྭ་གུ་རུ་པཱ་དེ་བྷྱཿ སརྦ་ས་ཏྭ་ཨུ་པ་ཀཱ་ར་ཎི་ཡ་སྭཱཧཱ། ཞེས་མེ་ཏོག་གཏོར། ཚོགས་ཞིང་གི་དཀྱིལ་འཁོར་འཁོར་བཅས་རང་ལ་ཐིམ་པའམ། ཨོཾ་ཨཱཿབཛྲ་མུཿཧཱུཾ། ཞེས་གཤེགས་སུ་གསོལ། དེ་ནས་ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ་སྟེ། བསོད་ནམས་ཚོགས་གསོག་གོ །ཨོཾ་སརྦ་དྷརྨཿཤཱུ་ནྱ་སྭ་བྷཱ་ཝ་ཤཱུ་ནྱོ྅་ཧཾ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ། དེ་ལྟ་བུའི་སྔགས་ཀྱི་དོན་བསྒོམ་པ་ནི་ཡེ་ཤེས་ཚོགས་གསོག་གོ །སྟོང་པའི་ངང་ལས་རང་གི་སེམས་ཉིད་ནཱ་ད་དམར་སྐྱ་ནམ་མཁར་གནས་པར་གྱུར། དེ་ལས་ཐིག་ལེ། དེ་ལས་ཟླ་བྱེད། དེ་ལས་མགོ་བོ། དེ་ལས་ཧ། དེ་ལས་ཨཱུ་ཡིག་གྲུབ་པའི་ཚུལ་གྱིས་ཧཱུཾ་ཡིག་ཡེ་ཤེས་ལྔའི་ངོ་བོ། དེ་དང་ལྷན་ཅིག་གྲུབ་པའི་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་རེ་ཕྱི་རོལ་འཁོར་ལོ་དང་པདྨ་དང་རྡོ་རྗེ་དང་མེའྀ་དྲྭ་བས་བསྐོར་བ་ཐམས་ཅད་ཀྱང་དབྱིབས་ཟླུམ་པོའོ། །སྲུང་བའི་འཁོར་ལོ་དེའི་ནང་འོག་གི་ཆར་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་ཡཾ་


TNT07_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

དང་བ་དན་གྱིས་མཚན་པ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རཾ་དང་འབར་བས་མཚན་པ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བཾ་དང་བུམ་པས་མཚན་པ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་ལཾ་དང་རྡོ་རྗེ་རྩེ་གསུམ་པས་མཚན་པ། སུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། ཁ་དོག་བཞི་དང་ཟུར་བཞི་པ། རྩེ་མོ་བརྒྱད་པ་ལ་སུམ་གྱིས་མཚན་པ། པཾ་ལས་སྣ་ཚོགས་པདྨ་ལ་གནས་པའི་ཧཱུཾ། དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་ཤར་ནག བྱང་ལྗང་ནུབ་དམར་ལྷོ་སེར་ལྟེ་བ་དཀར་བ་འབྱུང་བ་རྣམས་ཞུ་ཞིང་སླ་བའི་ངོ་བོར་གྱུར་པས་རི་རབ་འོག་གི་ཆ་ལ་སོང་ལ། འབྱུང་བ་བཞི་ཞུ་བ་རྣམས་སྣ་ཚོགས་རྡོ་རྗེའི་སྟེང་དུ་གནས་པ་ཡོངས་སུ་གྱུར་པ་ལས། གཞལ་མེད་ཁང་ཆེན་པོ་རྡོ་རྗེའི་རང་བཞིན་གྱི་ས་གཞི་ལ་གནས་ཤིང་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བ། ཆོས་འབྱུང་གི་ཕྱག་རྒྱའི་ནང་དུ་ཆུད་པ་ཁོ་ན་ཕྱི་ནང་དུ་རིམ་པ་བཞི་ལས། ཕོ་བྲང་ནང་མ་གསུམ་ཟླུམ་པོ། ཕྱི་མ་གྲུ་བཞིའོ། །ཕོ་བྲང་དང་པོ་ལྷན་ཅིག་སྐྱེས་པའི་སྐུའི་འཁོར་ལོ་ནི། ནག་པོ་དང་སྔོན་པོའི་རྩིག་པ་རིམ་པ་གཉིས་དང་ལྡན་པ། ཆོས་འབྱུང་ཟུར་གསུམ་པའི་ནང་དུ་ཆུད་པ། ཕོ་བྲང་གཉིས་པ་ཆོས་ཀྱི་སྐུའི་དཀྱིལ་འཁོར་ནི། ནག་དམར་དཀར་བའི་རྩིག་པ་རིམ་པ་གསུམ་དང་ལྡན་པ། ཆོས་འབྱུང་ཟུར་བཞི་པའི་ནང་དུ་ཆུད་པ། ཕོ་བྲང་གསུམ་


TNT07_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལོངས་སྤྱོད་རྫོགས་པའི་སྐུའི་དཀྱིལ་འཁོར་སྔོ་སེར། དམར་ལྗང་བའི་རྩིག་པ་རིམ་པ་བཞི་དང་ལྡན་པ། ཆོས་འབྱུང་ཟུར་ལྔ་པའི་ནང་དུ་ཆུད་པ། ཕོ་བྲང་བཞི་པ་སྤྲུལ་པའི་སྐུའི་དཀྱིལ་འཁོར་ནི། སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། ཆོས་འབྱུང་ཟུར་དྲུག་པའི་ནང་དུ་ཆུད་པའོ། །དཀྱིལ་འཁོར་དང་པོའི་དབུས་སུ་སྣ་ཚོགས་ཐིག་ལེའི་འཁོར་ལོ་པདྨ་འདབ་མ་བཞི་བཅུ་རྩ་བརྒྱད་པ་སྟེ། དེའི་ལྟེ་བར་ཉི་མ་ལ་འཇིགས་བྱེད་ཆེན་པོ་དང་དུས་ཀྱི་མཚན་མའོ། །དེའི་ཕྱིར་རོལ་དུ་རྡོ་རྗེའི་འཁོར་ལོ་སྔོ་ནག་མུ་ཁྱུད་ལ་གྲི་གུག་གི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་སྙིང་པོའི་འཁོར་ལོ་དམར་སེར་རིན་པོ་ཆེའི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་ཡོན་ཏན་གྱི་འཁོར་ལོ་དཀར་དམར་རྡོ་རྗེའི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་བསྐལ་པ་བཟང་པོའི་ལྷའི་སྣམ་བུའོ། །སྒོའི་ཕྱི་རོལ་དུ་ནམ་མཁའི་ཁོར་ཡུག་ལ་གནས་པའི་དུར་ཁྲོད་ཆེན་པོ་བརྒྱད་ནི། ཤར་ནས་གཡོན་སྐོར་གྱིས་གཏུམ་དྲག ཚང་ཚིང་ཅན། འབར་བ་འཁྲིགས་པའི་ཀེང་རུས། འཇིགས་སྡེ། དབང་ལྡན་ནས་གཡོན་སྐོར་གྱིས། ཧ་ཧ་རྒོད་པ། དཔལ་གྱི་ནགས། མུན་པ་དྲག་པོ། ཀི་ལི་ཀི་ལིའི་སྒྲ་སྒྲོག་པ་རྣམས་སོ། །དེ་དག་ན་གནས་པའི་ཤིང་ཆེན་པོ་བརྒྱད་ནི། ཤི་རི་ཤ ཨ་ཤྭཏྠ། ཀཾ་ཀ་ལ། ཙུ་ཏ། ནྱ་གྲོ་དྷ། ཀ་རཉྫ། ལ་ཏ་པརྵ། པཱ་ར་ཋི་པའོ། །ཕྱོགས་སྐྱོང་བ་བརྒྱད་ནི། དབང་པོ།


TNT07_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན། ཀླུའི་དབང་པོ། གཤིན་རྗེའི་བདག་པོ། འབྱུང་པོའི་བདག་པོ། སྲེག་ཟའི་བདག་པོ། སྲིན་པོའི་བདག་པོ། རླུང་གི་བདག་པའོ། །ཀླུ་ཆེན་པོ་བརྒྱད་ནི། ནོར་རྒྱས། འཇོག་པོ། སྟོབས་ཀྱི་རྒྱུ། པདྨ། པདྨ་ཆེན་པོ། ཧུ་ལུ་ཧུ་ལུ། རིགས་ལྡན། དུང་སྐྱོང་ངོ༌། །སྤྲིན་གྱི་བདག་པོ་བརྒྱད་ནི། སྒྲ་སྒྲོགས། འུར་སྒྲོགས། དྲག་པོ། འཁྱིལ་པ། འཐུག་པོ། གང་བ། ཆར་འབེབས། གཏུམ་པོའོ། །དཀྱིལ་འཁོར་གཉིས་པའི་དབུས་སུ། ནམ་མཁའི་དཀྱིལ་འཁོར་འདམ་སྐྱེས་སྔོན་པོའི་མདོག་ཅན་པདྨའི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་རླུང་གི་འཁོར་ལོ་སྔོ་ལྗང་ངམ་སྣ་ཚོགས་པའི་མདོག་ཅན་འཁོར་ལོའི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་སའི་འཁོར་ལོ་སེར་པོ་རལ་གྲིའི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་བསྐལ་པ་བཟང་པོའི་ལྷའི་སྣམ་བུའོ། །སྒོའི་ཕྱི་རོལ་དུ་མེའི་ཁོར་ཡུག་ལ་གནས་པའི་དུར་ཁྲོད་བརྒྱད་ནི། གསོད་བྱེད། ཀུན་ཏུ་སྐྲག་བྱེད། འཇིགས་ཆེན། འཇིགས་བྱེད། སྐྲོད་བྱེད། སྡང་བྱེད། ལྐུགས་བྱེད། རེངས་བྱེད་དོ། །ཤིང་བརྒྱད་ནི། གོ་ཡུ། སྟར་ཀ །ནཱ་རི་ལ། སེ་འབྲུ། བིལ་བ། སྐྱུ་རུ་ར། བིཛྙཱ། རཀྵའོ། །ཕྱོགས་སྐྱོང་མ་བརྒྱད་ནི། དབང་མོ། གནོད་སྦྱིན་མོ། ཆུ་ལྷ་མོ། གཤིན་རྗེ་མོ། འབྱུང་མོ། དྲང་སྲོང་མོ། སྲིན་མོ། རླུང་གི་ཆུང་མའོ། །དཀྱིལ་འཁོར་གསུམ་པའི་དབུས་སུ། མེའི་འཁོར་ལོ་དམར་པོ་སྣ་ཚོགས་རྡོ་རྗེའི་འཕྲེང་


TNT07_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

བས་བསྐོར་བ། དེའི་ཕྱི་རོལ་དུ་ཆུའི་འཁོར་ལོ་དཀར་པོ་ཐོད་པའི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་འཁོར་ལོ་ལྗང་ཁུའམ་ཁྲ་བོ་མགོ་བོའི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་བསྐལ་པ་བཟང་པོའི་ལྷའི་སྣམ་བུའོ། །སྒོའི་ཕྱི་རོལ་དུ་ཆུའི་ཁོར་ཡུག་ལ་གནས་པའི་དུར་ཁྲོད་བརྒྱད་ནི། བྱིས་པ་ཤི་བ། ལྷག་མ་ཟ་བ། མི་བཟད་པའི་གཡུལ། མཆེ་བ་ཀུན། དུ་བ་མུན་ནག ནང་གི་མེ། ཧ་ཧའི་སྒྲ། སྒྲ་ཆེན་པོའོ། །ཤིང་བརྒྱད་ནི། ཙན་དན། ག་པུར། ཛཱ་ཏི། ཨེ་ལ། ནཱ་ག་གེ་སར། ཙམ་པ་ཀ ཀུན་ཏུ་རུ། ལྷའི་ཤིང་ངོ༌། འཇིག་རྟེན་སྐྱོང་བ་བརྒྱད་ནི། ཉི་མ་མེ་འབར་བ་འཛིན་པ། བསིལ་པ་རལ་གྲི་འཛིན་པ། སའི་བུ་ཆུ་གྲི་འཛིན་པ། རི་བོང་ཅན་སྐྱེས་མདུང་རིང་འཛིན་པ། བླ་མ་སྤུ་གྲི་འཛིན་པ། ངན་སྤོང་གི་བུ་བྲག་རི་འཛིན་པ། ཉི་མའི་བུ་གློག་འཛིན་པ། ལྷ་མིན་མགོ་བོ་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པ་སྟེ་ཐམས་ཅད་ཀྱང་བཞིན་ཤིན་ཏུ་ཁྲོས་པའོ། །གྲུབ་པའི་སྐྱེས་བུ་བརྒྱད་ནི། རལ་གྲི། མིག་སྨན། རིལ་བུ། རྐང་བྱུག བཅུད་ལེན། མཆིལ་ལྷམ། དངུལ་ཆུ། ས་འོག་ཐོབ་པ་རྣམས་སོ། །དཀྱིལ་འཁོར་བཞི་པའི་དབུས་སུ་ཐུགས་ཀྱི་འཁོར་ལོ་ནག་པོ་ཀེང་རུས་ཀྱི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་གསུང་གི་འཁོར་ལོ་དམར་པོ་ཞགས་པའི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་སྐུའི་འཁོར་ལོ་དཀར་དམར་སྔོ་བའི་མདོག་


TNT07_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མུ་ཁྱུད་ལ་ལྕགས་ཀྱུའི་འཕྲེང་བས་ཡོངས་སུ་བསྐོར་བའོ། །དེའི་ཕྱི་རོལ་དུ་བསྐལ་པ་བཟང་པོའི་ལྷའི་སྣམ་བུའོ། །བསྲུང་བའི་འཁོར་ལོའི་ཕྱི་རོལ་དུ་རླུང་གི་ཁོར་ཡུག་ལ་གནས་པའི་དུར་ཁྲོད་བརྒྱད་ནི། ཚིག་པ། མ་ཚིག་པ། དུམ་བུར་གྱུར་པ། མ་གཏུབས་པ། འཇིགས་སུ་རུང་བ། འཇིགས་པར་བྱེད་པ། གསལ་ཤིང་གིས་ཕུག་པ། སྟེང་ནས་བཏགས་པའོ། །ཤིང་བརྒྱད་ནི། ཤལྨ་ལི། མྱ་ངན་མེད་པ། ཡོངས་འདུ། ཨུ་དུམྦ་ར། ཌོམྦ་རི། གམྦྷ་རི། རྒྱ་ཤུག བ་རུ་རའོ། །འཇིག་རྟེན་སྐྱོང་བ་ནི། དམྱལ་སྲུང་ཆེན་པོ་བརྒྱད་དོ། །དེ་ལ་གཞལ་མེད་ཁང་རིམ་པ་རེ་རེའི་ནང་དུ་ཆུད་པའི་འཁོར་ལོ་རིམ་པ་གསུམ་གསུམ་སྟེ། བཅུ་གཉིས་པོ་ཐམས་ཅད་ཀྱང་སོ་སོར་རྩིབས་སུམ་ཅུ་རྩ་དྲུག་རྩ་དྲུག་དང་བཅས་པ། གཞལ་མེད་ཁང་རྣམས་ཀྱང་ཕ་གུ་དང༌། ཀ་ཐུང་དང༌། གསེར་གྱིས་སྣམ་བུ་དང༌། དྲ་ཕྱེད་དང༌། ཤར་བུ་དང༌། མདའ་ཡབ་དང༌། གཟུངས་མ་རྣམས་དང་བཅས་པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་བཞིའི་སྟེང་ན་ཀ་བས་བཏེགས་པའི་རྟ་བབས་ཀྱིས་མཛེས་པ། ཆོས་ཀྱི་འཁོར་ལོ་དང༌། རི་དྭགས་ཀྱིས་རྩེ་མོ་བརྒྱན་པ། ནང་གི་ལྷ་སྣམ་ཤར་སྔོ། བྱང་ལྗང༌། ནུབ་དམར། ལྷོ་སེར། དབུས་དཀར་བ། སྟེང་ཐོག་རིམ་པར་ཕུབ་པས་དབུས་ཕྱུར་བུར་གྱུར་པ། རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་པ། གཞལ་མེད་ཁང་ཕྱི་མའི་ནང་གི་གྲྭ་བཞིར་བཀྲ་ཤིས་ཀྱི་


TNT07_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་བརྒྱད་དང་བཅས་པ། དུར་ཁྲོད་རིམ་པ་བཞི་པོ་རྣམས་ཀྱང་རེ་རེ་བཞིན། ཞིང་སྐྱོང་བ་དང༌། མེ་དང༌། སྤྲིན་དང༌། ཆུ་དང༌། རི་དང༌། མཆོད་རྟེན་བརྒྱད་བརྒྱད་རྣམས་དང༌། དཔའ་བོ་དང༌། རྣལ་འབྱོར་མ། རོ་དང་རོ་ལངས་དང༌། བྱ་དང་གཅན་གཟན་དང༌། འཇིག་རྟེན་སྐྱོང་བ་རྣམས་ཀྱི་འཁོར་གྱིས་ཡོངས་སུ་གང་བ། མཆོད་པའི་ཡོ་བྱད་རྣམས་དང༌། གྲུབ་པའི་རྫས་ཀྱིས་ཉེ་བར་བརྒྱན་པ། ཕྱི་རོལ་ན་རྡོ་རྗེའི་འཕྲེང་བས་ཡོངས་སུ་བསྐོར་བའོ། །དེ་ལྟར་དཀྱིལ་འཁོར་ཆེན་པོ་དྭངས་ཤིང་སྒྲིབ་པ་མེད་པ་ཕྱི་ནང་ཀུན་ཏུ་འོད་གསལ་བ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་རྒྱན་གྱི་རྣམ་པ་མཆོག་ཏུ་བཀྲ་བ་དུ་མས་མཛེས་པར་གྱུར། ནང་གི་ལྷའི་གནས་རྣམས་ལས། གཙོ་བོའི་པདྨའི་འདབ་མ་ཉེར་བཞི་དང༌། འཁོར་ལོའི་རྩིབས་རྣམས་དང༌། དཀྱིལ་འཁོར་སོ་སོའི་སྒོ་མཚམས་རྣམས་སུ་རོའི་གདན། བསྐལ་བཟང་གི་སྣམ་བུ་ལ་ཟླ་བའི་གདན་རྣམས་སོ། །དེ་དག་ནི་རྟེན་གྱི་དཀྱིལ་འཁོར་བསྐྱེད་པའོ། །དབུས་ཀྱི་གདན་གྱི་སྟེང་དུ། ཨ་ཨཱ་ནས་ཨཾ་ཨཿཉིས་འགྱུར་གཡོན་སྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་དབྱངས་སོ་གཉིས་ཀྱིས་མཚན་པ་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ་ཀ་ཁ་ནས་ཧ་ཀྵ་ཡ་ར་ལ་ཝ་ཌ་ཌྜྷ་ཉིས་འགྱུར་གཡོན་སྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་གསལ་བྱེད་བརྒྱད་ཅུས་མཚན་པ་མཉམ་པ་ཉིད་ཀྱི་ཡེ་


TNT07_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས། དེ་གཉིས་ཀྱི་དབུས་སུ་ནམ་མཁའི་ཧཱུཾ་ཡིག་ཞུགས། དེ་ལས་འཁོར་ལོ་བཅུ་གཉིས་ཀྱི་ལྷ་ཚོགས་རྣམས་སྤྲོས་ཏེ། འགྲོ་བ་ཐམས་ཅད་དེའི་བདག་ཉིད་དུ་བྱས་ནས་སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས། ཡང་འོད་འཕྲོས་ཐོག་མ་མེད་པ་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཕྱོགས་བཅུ་ནས་སྤྱན་དྲངས་ཏེ་ཧཱུཾ་ལ་ཐིམ་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས། དེ་རྣམས་ཡོངས་སུ་གྱུར་པ་ལས་སྐུ་ཡོངས་སུ་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཡང་རང་ཉིད་རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་དཀར་པོ། དཀར་ལྗང་དམར་སེར་བའི་ཞལ་བཞི། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་འཛིན་པས་རང་འདྲའི་ཡུམ་ལ་འཁྱུད་པ། གཉིས་པ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་འཛིན་པ། ལྷག་མ་གཡས་བཞི་ཅང་ཏེའུ། གྲི་གུག དགྲ་སྟ། རྩེ་གསུམ། གཡོན་བཞི་ཁ་ཊྭཱཾ་ག་ཐོད་པ་ཞགས་པ་ཚངས་མགོ་རྣམས་འཛིན་པ། བྱིས་པའི་རྒྱན་གྱི་བརྒྱན་པ། ཞབས་གཉིས་གཡོན་པ་བསྐུམ་པས་འཇིགས་བྱེད་དང༌། གཡས་བརྐྱང་བས་དུས་མཚན་མ་མནན་པ། སྨད་གཡོགས་སྟག་གི་པགས་པའི་ཤ་ཐབས་གྲོལ་བ༴ ནས་འཕྲོ་བ་དང་བཅས་པའི་བར་འོག་ནས་འབྱུང་བ་བཞིན་ནོ། །ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་ཡིག་གོ །དེ་ཡན་ཆད་ནི་བསྙེན་པའོ། །ཡབ་ཀྱི་གསང་གནས་མི་དམིགས་ཏེ་


TNT07_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་བྱཱཾ་ལས་བྱུང་བའི་ནོར་བུའི་རྩེ་མོར་བྱཱཾ་དམར་སེར་གྱིས་མཚན་པ། ཡུམ་གྱི་མཁའ་ཁམས་མི་དམིགས་ཏེ་སྟོང་པའི་ངང་ལས་ཨཱཿལས་པད་མ་དམར་པོ་འདབ་མ་གསུམ་པ་དྱཱཾ་ལས་བྱུང་བའི་ཟེ་འབྲུའི་རྩེར་མོར་དྱཱཾ་དཀར་སེར་གྱིས་མཚན་པ། གཉིས་ཀའི་བུ་ག་ཕཊ་སེར་པོས་བཀག་པ། ཡབ་ཀྱི་ལྟེ་བ་དང༌། ཡུམ་གྱི་མགྲིན་པར། ཨོཾ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡབ་ཀྱི་ཐུགས་ཀ་དང༌། ཡུམ་གྱི་དཔྲལ་པར། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡབ་ཀྱི་མགྲིན་པ་དང་ཡུམ་གྱི་ལྟེ་བར། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནི་ཛཱ་ལ་སམྦ་རཾ་སྭཱཧཱ། ཡབ་ཀྱི་དཔྲལ་པ་དང་ཡུམ་གྱི་ཐུགས་ཀར། ཨོཾ་ཧྲི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་སྔགས་རྣམས་ཕན་ཚུན་རེག་ཅིང༌། ཡབ་ཡུམ་གྱི་རྗེས་སུ་ཆགས་པའི་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ཏེ་ཡབ་ཀྱི་ཞལ་དུ་ཞུགས་ལྷ་མོའི་པདྨ་སོན་པ་ན། ཡབ་ཡུམ་གཉིས་ཀ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ངོ་བོ། འོད་ཀྱི་ཐིག་ལེའི་གོང་བུར་ཞུ་བར་གྱུར། ཉེ་བའི་བསྙེན་པའོ། །དེ་ནས་སྙིང་རྗེ་དང་བྱམས་པ་དང་དགའ་བ་དང༌། བཏང་སྙོམས་ཀྱི་རང་བཞིན་ཐིག་ལེ་ལས་བྱུང་བའི་མཁའ་འགྲོ་མ་ལ་སོགས་པ་ལྷ་མོ་དྲུག་ཚན་བཞི་རྣམས་རང་རང་གི་གནས་ཀྱི་པདྨའི་འདབ་མ་ལ་


TNT07_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ནས་བཞེངས་པར་བསྐུལ་བ་ནི། མངའ་བདག་ཉི་མ་རེ་རེར་འགྲོ་བ་མགྲོན་འབོད་ན། ཁྱོད་ནི་ཅི་ཡི་ཕྱིར་ན་སྟོང་པ་ཉིད་ལ་བཞུགས། །བཞེངས་ཤིག་བཞེངས་ཤིག་བདག་ནི་སྙིང་རྗེའི་རང་བཞིན་ཏེ། །རྡོ་རྗེ་འཛིན་པ་བདེ་ཆེན་བདག་ལ་འདོད་པ་མཛོད། །གསོན་ཞིག་གསོན་ཞིག་གཞན་གྱི་དགོངས་པ་ནུབ། །འཇིག་རྟེན་ཕྱུགས་གང་ཤི་བ་བཞིན་དུ་གྱུར། །བདག་གི་པདྨ་རྒྱས་པ་ལ་འདོད་མཛོད། །དེ་ལྟར་འཇིག་རྟེན་ཀུན་བདེར་འགྱུར་བར་བྱོས། །རྡོ་རྗེ་འཛིན་པ་བདག་ལ་རོལ་ཞིག་རོལ། །ལྷན་སྐྱེས་རང་བཞིན་བརྗོད་དུ་མེད་པ་ཐོབ། །འཇིག་རྟེན་སེམས་ཅན་གཞན་ནི་རྨོངས་གྱུར་པས། །ཇི་ལྟར་ཁྱོད་ནི་སྟོང་པ་དོན་མེད་འགྱུར། །ཁྱོད་ནི་ཆོས་རྣམས་ཀུན་གྱི་བྱེད་པོ་སྟེ། །ཅི་ཕྱིར་ལྷན་སྐྱེས་རང་བཞིན་འགྲོ་མེད་བཞུགས། །བདག་ལ་མཆོག་གི་དོན་གྱི་འདོད་པ་མཛོད། །ཇི་ལྟར་ཁྱོད་ནི་འཇིག་རྟེན་རྣམས་མཐུན་བཞུད། །ཅེས་བསྐུལ་ནས། ལྷ་མོ་རྣམས་ཐིག་ལེ་ལ་ཐིམ། ཐིག་ལེ་དེ་ཉིད་ཧཱུཾ་སྔོན་པོ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུཾ་ལྗང་སྔོན་གྱིས་མཚན་པར་གྱུར། ཨོཾ་ཨཱཿཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཧཱུཾ་ཕཊ་ཧོཿ དེ་ཡོངས་སུ་གྱུར་པ་ལས་རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྔགས་འདི་འདོན་བཞིན་པར་བཞེངས་པ་ན། དཔའ་བོ་དང་རྣལ་འབྱོར་མའི་དཀྱིལ་འཁོར་པ་ཐམས་ཅད་ཀྱང་སྐད་ཅིག་གིས་རྫོགས་པར་བལྟའོ། །དེ་ཡང་དབུས་ཀྱི་པདྨའི་ལྟེ་བ་ལ་


TNT07_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་དང་ཉི་མ་དང་དུས་མེའི་དཀྱིལ་འཁོར་གྱི་སྟེང་དུ། འཇིགས་བྱེད་ཆེན་པོ་དང་དུས་མཚན་མོའི་གདན་ལ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་གཡོན་ནག་གཡས་ལྗང་བའི་ཕྱེད་གཟུགས་ལ་ཉི་མ་བྱེ་བའི་འོད་ལྟར་འབར་བའི་གཟི་བརྗིད་ཀྱི་ཕུང་པོ་ཅན་ཞལ་བཅུ་བདུན་ཕྱག་བདུན་ཅུ་རྩ་དྲུག་པ། རྩ་ཞལ་སྐུ་ལུས་དང་མཚུངས་པའི་མདོག་ཅན། རྩ་ཞལ་གྱི་སྟེང་གི་ཞལ་གསུམ་དང༌། ཀུན་གྱི་སྟེང་གི་ཞལ་གཅིག་སྟེ་བཞི་ནི་བུང་བ་ལྟར་གནག་ཅིང་ཆེས་ཁྲོས་པ། གཡོན་ཞལ་བརྩེགས་མ་བཞི་ལྗང་ཁུ། རྒྱབ་ཞལ་བརྩེགས་མ་བཞི་དམར་པོ། གཡས་ཞལ་བརྩེགས་མ་བཞི་སེར་པོ། ཞལ་རེ་རེ་ཞིང་དམར་ཞིང་བཀྲ་ལ་རབ་ཏུ་འཁྲུག་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང༌། མཆེ་བ་རྣོན་པོ་བཞི་བཞི་གཙིགས་པ། ཞལ་ཐམས་ཅད་ཀྱང་རྣམ་པར་འགྱུར་བའི་ཁྲོ་གཉེར་ཅན། ཀུན་གྱི་མདུན་མའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཐམས་ཅད་ཀྱི་ཐ་མའི་ཕྱག་གཉིས་ཀྱིས་གླང་པོ་ཆེའི་པགས་པ་སྟོད་གཡོགས་སུ་བསྣམས་པ་སྟེ་རྩ་བའི་ཕྱག་བཞིའོ། །ལྷག་མ་སྤྲུལ་ཕྱག་བདུན་ཅུ་རྩ་གཉིས་ནི། །དང་པོ་གཡས་གཡོན་རལ་གྲི་ཕུབ་ཆེན་བསྣམས། །གཉིས་པ་དག་གིས་མདུང་རིང་མཆེ་བ་འཛིན། །གསུམ་པ་མདུང་རྩེ་གསུམ་དང་གཏུན་ཤིང་ངོ༌། །བཞི་པ་དགྲ་སྟ་ཞགས་པ་སྟེ། ལྔ་པ་གྲི་གུག་ཐོད་ཁྲག་གོ །


TNT07_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་མདའ་བོ་ཆེ་དང་གཞུ། །བདུན་པ་གསལ་ཞིང་ཁ་ཊྭཱཾ་ག །བརྒྱད་པོ་ཐོ་བ་པོ་ཏི་དང༌། །དགུ་པ་འཁོར་ལོ་ཕུབ་ཆུང་དང༌། །བཅུ་པ་ཅང་ཏེའུ་སྡིགས་མཛུབ་ཅན། །བཅུ་གཅིག་ཆུ་གྲི་གཡེར་ཁའི་ཕྲེང༌། །བཅུ་གཉིས་དབྱུག་གུ་རྩེ་གཅིག་ལུ་གུ་བརྒྱུད། །བཅུ་གསུམ་མཚོན་ཆ་རྩེ་གཅིག་བྲག་རིའོ། །བཅུ་བཞི་དུང་དཀར་དུར་ཁྲོད་རྡུལ། །བཅོ་ལྔ་ཟངས་དུང་བྷོ་ཀཾ་དང༌། །བཅུ་དྲུག་དབྱུག་རྩེ་གསུམ་དང་ཌྷ་ཀ་སྟེ། །བཅུ་བདུན་རྨ་བྱའི་མཇུག་སྒྲོ་པགས་རློན་ནོ། །བཅོ་བརྒྱད་བྱ་རོག་གཤོག་སྒྲོ་སྐྲ་ཐག་དང༌། །བཅུ་དགུ་སྐྲའི་པིར་རོ་བསྲེག་བསྐུལ་བའི་ཤིང༌། །ཉི་ཤུ་མེ་ཐབ་ག་དའི་དབྱུག །ཉེར་གཅིག་རི་བོ་ཕུག་རིངས་དང༌། །ཉེར་གཉིས་དབྱུག་ཏོ་མི་མགོ་དང༌། །ཉེར་གསུམ་མེ་ལོང་ཀེང་རུས་དང༌། །ཉེར་བཞི་པི་ཝང་ཟོར་བའོ། །ཉེར་ལྔ་རྐང་པའི་མགོ་དང་མིག །ཉེར་དྲུག་ལག་མགོ་མཁལ་མ་སྟེ། །ཉེར་བདུན་གློ་བ་སྙེ་མ་དང༌། །ཉེར་བརྒྱད་རྒྱུ་མ་སྤེན་པ་དང༌། །ཉེར་དགུ་སྒྲ་གཅན་ཕུར་བུའོ། །སུམ་ཅུ་ལྕགས་སྒྲོག་བི་ཛ་པུར། །སོ་གཅིག་གདོས་དང་སོག་ལེ་སྟེ། །སོ་གཉིས་དུ་བྷུ་ས་དང་ཁབ། །སོ་གསུམ་ཉ་དོལ་པགས་པ་སླུད་བུ་བཤུས། །སོ་བཞི་མགོ་མེད་རོ་དང་ཆར་འབེབས་སྤྲིན། །སོ་ལྔ་འབར་བའི་མར་ནག་ལྗོན་ཤིང་སྟེ། །སོ་དྲུག་འཇིགས་བྱེད་ཆེ་གཟུགས་ལྕགས་ཀྱུ་བསྣམས། །ཞབས་གཡས་བརྐྱང་པས་དུས་མཚན་མ་དམར་མོ་གན་རྐྱལ་དུ་གནས་པའི་ནུ་སྟེང་དང༌། གཡོན་བསྐུམ་པས་


TNT07_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་ནག་པོ་ཁ་བུབ་ཏུ་གནས་པའི་རྣ་བ་གཡོན་པའི་སྟེང་ནས་བརྫིས་པ། ཞེས་པ་ཙམ་མམ། ཡང་ན། ཞབས་བཅོ་བརྒྱད་ཀྱི་གཡས་དགུ་བརྐྱང་པས་དུས་མཚན་མ་དམར་མོ་གན་རྐྱལ་དུ་མནན་པའི་སྟེང་དང༌། གཡོན་དགུ་བརྐྱང་བས་འཇིགས་བྱེད་ནག་པོ་ཁ་བུབ་ཏུ་གནས་པའི་རྣ་བ་གཡོན་པ་མནན་པའི་སྟེང་དུ། གཡས་པས་ཁྱབ་འཇུག་དྲག་པོ་དང༌། ཚངས་པ་ཉི་མ་མེ་དང་ནི། །དབང་པོ་རླུང་དང་བདེན་བྲལ་དང༌། །གནོད་སྦྱིན་ཇི་ལྟའི་རིམ་པས་སོ། །གཡོན་པས་གཤིན་རྗེ་འདོད་ལྷ་དང༌། །ཟླ་བ་ཆུ་ལྷ་ནོར་རྒྱས་དང༌། །ས་དང་ཚོགས་ཀྱི་བདག་པོ་དང༌། །སྨིན་དྲུག་བུ་དང་འཁོར་སྒྱུར་རྣམས། །གནོན་ཞིང་འཇིགས་པར་མཛད་པ་ཡིན། །ཞེས་སོ། །སྨད་གཡོགས་སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེ་མོར་འཁོར་ལོ་ལ་གནས་པའི་ཡིད་བཞིན་གྱི་ནོར་བུ་དང༌། གཡོན་ངོས་སུ་ཟླ་བ་ཕྱེད་པ་དང༌། རལ་པའི་མདུན་ངོས་སུ་སྣ་ཚོགས་རྡོ་རྗེས་བརྒྱན་པ། དབུ་རེ་རེ་ལ་རྡོ་རྗེ་ནག་པོའི་འཕྲེང་བ་ལ་བརྒྱུས་པའི་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང༌། དཔའ་བོའི་དར་དཔྱངས་བཅིངས་པ། །མི་མགོ་ཁྲག་འཛག་བརྒྱའི་དོ་ཤལ་ཅན། ཕྱག་རྒྱ་དྲུག་དག་དཔུང་རྒྱན་དང༌། ཞབས་གདུབ་དང༌། འོག་པག་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་


TNT07_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། གར་གྱི་ཉམས་དགུ་དང་ལྡན་ཞིང༌། སྐུ་ལུས་བ་སྤུའི་འཕྲེང་བ་ཅན། སྐུའི་ཚིགས་ཐམས་ཅད་ལ་བདེ་བས་བརླན་པ། སྤྲུལ་པའི་ཧེ་རུ་ཀ་སྣ་ཚོགས་པ་རྣམ་པར་འཕྲོ་བ་དང་བཅས་པའོ། །དེ་ནི་སྒྲུབ་པའོ། །དེ་ལ་འཁྱུད་པའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། དྲག་མོ་ཆེན་མོ་ཞལ་བཞི་ཕྱག་བཅུ་གཉིས་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡབ་ལ་ཁྱུད་པ། ལྷག་མ་གཡས་བཞིས་ཟངས་གྲི། སྟ་རེ་ཌཱ་མ་རུ་ཏྲི་ཤུ་ལ། གཡོན་བཞིས་ཀ་པཱ་ལ། འཆིང་བྱེད། མཁའ་དབྱུག ཚངས་མགོ་རྣམས་འཛིན་པ། ཕྱག་ཐ་མ་གཉིས་སྤྱི་བོའི་སྟེང་དུ་སྐྱེ་གནས་ཀྱི་ཕྱག་རྒྱ་ཡོངས་སུ་བསྐོར་བ། དམར་སེར་སྔོ་ལྗང་བའི་ཞལ་བཞི་དང་ལྡན་པ། གཅེར་བུ་བ་སྤུ་ལངས་ཤིང་རྡུལ་དང་ལྡན་པ། དབུ་སྐྲ་གྲོལ་བ། ཡན་ལག་ཐམས་ཅད་ལ་ལྷ་རྫས་ཀྱི་དྲིས་ཉེར་བར་བྱུགས་ཤིང༌། ལྷ་རྫས་ཀྱི་མེ་ཏོག་ཕྲེང་བས་ཀླུབས་པ། དབུ་རྒྱན་ལ་ཟླ་ཕྱེད་རྡོ་རྗེས་མཛེས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་ཡབ་དཔལ་ཧེ་རུ་ཀ་དང་མཉམ་པར་སྦྱོར་བ། ཕྱག་རྒྱ་ལྔ་དང་ཐོད་པའི་ཅོད་པན་ཅན། མི་མགོ་སྐམ་པོ་ལྔ་བཅུའི་ཕྲེང་བ་དང་ལྡན་པ། སྤྲུལ་པའི་རྣལ་འབྱོར་པ་དཔག་ཏུ་མེད་པ་འཕྲོ་བ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །དེ་ནི་སྒྲུབ་པ་ཆེན་པོའོ། །


TNT07_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡན་ཆད་ཀྱིས་དང་པོ་སྦྱོར་བའི་ཏིང་ངེ་འཛིན་རྫོགས་སོ།། །།སྣ་ཚོགས་ཐིག་ལེའི་འཁོར་ལོའི་པདྨ་འདབ་མ་བཞི་བཅུ་རྩ་བརྒྱད་ལས། བར་བར་དུ་འདབ་མ་རེ་རེ་བོར་བའི་འདབ་མ་ཉི་ཤུ་རྩ་བཞི་ལ་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་སྟེ། ཤར་ནས་བྱང་གི་བར་ལ། མཁའ་འགྲོ་མ་དང་གཟུགས་ཅན་ཉིད། །འོ་བྱེད་མ་དང་གཞན་སྒྱུར་མ། །བྱིས་བཅས་མ་དང་རྗེས་འཇུག་མ། །དེ་རྣམས་གཡོན་ནག་གཡས་ལྗང་ཁུ། །བྱང་ནས་ནུབ་ཀྱི་བར་ལ། ལཱ་མ་རྣལ་འབྱོར་དབང་ཕྱུག་མ། །བཟང་མོ་ཐོད་པ་ཅན་མ་དང༌། །ནག་པོ་རྒྱལ་པོས་བསྐོར་མ་རྣམས། །གཡོན་ལྗང་གཡས་དམར་རིམ་པས་སོ། །ནུབ་ནས་ལྷོའི་བར་ལ། དུམ་སྐྱེས་མ་དང་དུར་ཁྲོད་མ། །རྣམ་པར་ཞུ་མ་རིག་བྱེད་མ། །དུ་བྱེད་མ་དང་གར་མ་རྣམས། །གཡོན་དམར་གཡས་ནི་སེར་བའོ། །ལྷོ་ནས་ཤར་གྱི་བར་ལ། གཟུགས་ཅན་མ་དང་འཇིགས་བྱེད་མ། །གཙུད་ཕུད་མ་དང་ཐོར་ཚུགས་མ། །རལ་པ་ཅན་མ་དྲག་མོ་རྣམས། །གཡོན་སེར་གཡས་ནི་སྔོ་བའོ། །ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མ། སྒྲ་གྲོལ་བ། ཕྱག་གཡས་གྲི་གུག་དང་ཌཱ་མ་རུ། གཡོན་ཐོད་ཁྲག་དང་ཁ་ཊྭཾ་ག་འཛིན་པ། ཞབས་གཡས་བརྐྱང་པའི་སྟབས་ཀྱིས་མེ་རི་འབར་བའི་དབུས་ན་བཞུགས་ཤིང༌། །ལྷག་མ་གཙོ་མོ་དང་མཚུངས་པའོ། །དེ་དག་གི་བར་བར་གྱི་འདབ་མ་རྣམས་ལ་བདུད་རྩི་ལྔས་གང་བའི་


TNT07_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པའི་སྟེང་དུ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་ཐོད་པ་དང་བཅས་པ་ཉེར་བཞིའོ། །དེའི་ཕྱི་རོལ་དུ་རྡོ་རྗེའི་འཁོར་ལོའི་རྩིབས་རྣམས་ལ། ཤར་ནས་གཡོན་སྐོར་གྱིས། མཁའ་འགྲོ་མ་གཞན་ལཱ་མ་གཞན། དུམ་སྐྱེས་མ་གཞན་གཟུགས་ཅན་གཞན། །རབ་གཏུམ་མ་དང་གཏུམ་མིག་མ། །འོད་ལྡན་མ་དང་སྣ་ཆེན་མ། །དཔའ་བོའི་བློ་མ་མིའུ་ཐུང་མ། །ལང་ཀའི་མདག་མོ་ཤིང་གྲིབ་མ། །ས་སྲུང་འཇིགས་བྱེད་ཆེན་མོ་དང༌། །རླུང་ཤུགས་མ་དང་ཆང་འཐུང་མ། །སྔོ་སངས་ལྷ་མོ་རབ་བཟང་མ། །རྟ་སྣ་མ་དང་བྱ་གདོང་མ། །འཁོར་ལོའི་ཤུགས་མ་དུམ་སྐྱེས་མ། །ཆང་འཚོང་འཁོར་ལོའི་གོ་ཆ་མ། །ཤིན་ཏུ་དཔའ་མོ་སྟོབས་ཆེན་མ། །འཁོར་ལོས་བསྒྱུར་མ་བརྩོན་ཆེན་མ། །གཤིན་རྗེའི་བུ་མོ་གཤིན་རྗེ་མ། །སྐྱོད་བྱེད་མ་དང་སྐྲག་བྱེད་མ། །གཏུམ་མོ་དང་ནི་དབྱངས་ཅན་མ། །འདོད་གྲུབ་མ་དང་འབར་ཆེན་མོ། དེ་ཐམས་ཅད་ཀྱང་སྔོ་ནག་ཕྱེད་པའི་གཟུགས་ཅན་ནོ། །འདི་དག་གི་ཡབ་རྣམས་མཚན་ཐ་དད་པ་ལ་མོས་ན། རྡོ་རྗེ་མཁའ་འགྲོ་ལ་སོགས་པ་བཞི་དང༌། ཁཎྜ་ཀ་པཱ་ལ་ལ་སོགས་པ་ཉེར་བཞི་དང༌། སྟོབས་པོ་ཆེ། ཡེ་ཤེས་མཁའ་འགྲོ། བློ་བརྟན་བརྟན་པ་ཐར་པ་ཡེ་ཤེས་ཐབས་ཐུགས་ཀྱི་རྡོ་རྗེ་ཞེས་པ་རྣམས་སུ་བཤད་ལ། །འཁོར་ལོ་བཅུ་གཉིས་ཀྱི་སྐབས་འདིར། །འོག་མ་རྣམས་ཀྱིས་རིགས་འགྲེ་བའི་ཕྱིར་མཚན་ཐ་དད་པ་མ་སྨོས་ཀྱང་ཆོག་གོ །སྙིང་པོའོ་འཁོར་ལོ་ཤར་ནས་གཡོན་སྐོར་གྱིས། རྡོ་རྗེ་


TNT07_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་མ་མི་བསྐྱོད་མ། །རིན་ཆེན་གཙུག་མ་རྣམ་སྣང་མ། །པདྨ་གར་དབང་མ་དང་དོན་ཡོད་མ། །སྤྱན་མ་བདག་མ་གོས་དཀར་སྒྲོལ་མ་དང༌། །གཟུགས་ཀྱི་རྡོ་རྗེ་མ་དང་དེ་བཞིན་དུ། །སྒྲ་དྲི་རོ་རེག་ཆོས་དབྱིངས་རྡོ་རྗེ་མ། །ས་སྙིང་མོ་དང་ནམ་མཁའི་སྙིང་པོ་མ། །ཕྱག་རྡོར་མ་དང་འཇིག་རྟེན་མགོན་པོ་དང༌། །སྒྲིབ་པ་ཀུན་སེལ་ཀུན་ཏུ་བཟང་མོ་དང༌། །རིན་ཆེན་སྒྲོལ་མ་བདག་མེད་ཁྲོ་གཉེར་ཅན། །རི་ཁྲོད་ལོ་མ་ཅན་དེ་བཞིན་དུ། །གཤིན་རྗེ་མཐར་བྱེད་མ་དང་ཤེས་མཐར་མ། །པད་མཐར་མ་དང་བགེགས་མཐར་བྱེད་མ་དང༌། །མི་གཡོ་མ་དང་དབྱུག་སྔོན་འདོད་རྒྱལ་མ། །སྟོབས་ཆེན་མ་དང་གཙུག་ཏོར་གནོད་མཛེས་མ། །ཐམས་ཅད་ཀྱང་དམར་སེར་ཕྱེད་པའི་གཟུགས་ཅན་ནོ། །ཡོན་ཏན་འཁོར་ལོ་ལ། བྲམ་ཟེ་རྒྱལ་རིགས་རྗེ་རིགས་མོ། །དམངས་མོ་གཏུམ་མོ་ཁྱི་འཚེད་མ། །གཡུང་མོ་གར་མ་ཐོད་པ་ཅན། །ཉ་པ་མོ་དང་སྨྱིག་མ་མཁན། དུང་བཟོ་མཁན་མ་ཐག་ག་མ། །འཁུར་བ་མཁན་མོ་ཤིང་བཟོ་མ། །ཕྲེང་བ་མཁན་མོ་ཏིལ་མར་མཁན། །དེ་བཞིན་ཚོས་མཁན་མོ་དང་ནི། །སྲིན་བལ་བྱེད་མོ་ཕོ་ཉ་མོ། །བཤང་འཕྱག་མོ་དང་རྩིས་མཁན་མོ། །ཆང་འཚོང་ལྡུམ་རའི་གཉེར་བ་མོ། །རྒྱལ་པོས་བཀྲབས་མ་གཤན་པ་མོ། །སོ་རྩི་ཚོང་བར་བྱེད་མ་དང༌། །གསེར་མགར་མོ་དང་ལྕགས་མགར་མོ། །ནོར་བུ་མཁན་མ་ནགས་པ་མོ། །ཀླ་ཀློ་ཨོ་ཌི་ཚོང་བ་མོ། །རྡོ་


TNT07_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

བཟོ་མ་དང་ཞིང་ལས་མོ། །ཀོ་པགས་མ་སྟེ་རྣལ་འབྱོར་མའོ། །ཐམས་ཅད་ཀྱང་དཀར་དམར་ཕྱེད་པའི་གཟུགས་ཅན་ནོ། །དེའི་ཕྱི་རོལ་སྐལ་པ་བཟང་པོའི་སྣམ་བུ་ལ། དེ་བཞིན་གཤེགས་པ་བྱམས་པ་དང་སེང་གེ་ནས་བརྩམས་ཏེ། སངས་རྒྱས་གློག་གི་ཏོག་གི་བར་དུ་སངས་རྒྱས་ཉིས་བརྒྱ་དང་བཞི་བཅུ་རྩ་དགུའོ། །ཤར་སྒོར་ཁྭ་གདོང་མ། བྱང་སྒོར་འུག་གདོང་མ། ནུབ་སྒོར་ཁྱི་གདོང་མ། ལྷོ་སྒོར་ཕག་གདོང་མ། ཤར་ལྷོར་གཤིན་རྗེ་བརྟན་མ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་རྣམས་སོ། །ནམ་མཁའི་འཁོར་ལོ་ལ། མི་འམ་ཅི་མོ་དྲི་ཟ་མོ། །ཧུ་ཌུ་ཀ་མ་པ་ཊ་ཧ། །པི་ཝཾ་གླིང་བུ་མུ་ཀུནྡ། །རྫ་རྔ་གགྒ་རི་མ་དང༌། །ཆ་ལང་ཤེ་ལེནྡྲི་ཀ་མ། །གླུ་མ་ཀ་རནྜ་མ་ཏ་མ་ཌ། །གར་མ་སྒེག་མ་ཌྡྷ་ཀ་མ་དང་ནི། །ཏྲཱ་ལི་ཤ་ར་ཎ་མོ་རྔ་ཆེན་མོ། །མོ་དྲི་རྒྱུད་ཅན་མ་དང་མཱ་རུ་མ། །ན་ལ་བཱ་ལོ་ཌྡྷཾ་བ་ཀ་མ་དང༌། །ཌཱ་མ་རུ་དང་བཱུ་ཎ་བུག་མ་དང༌། །ཟངས་དུང་མ་དང་རྭ་དུང་མ་དེ་བཞིན། །བྷུ་ཀི་དྲིལ་བུ་མ་དང་དྲིལ་ཆུང་མ། །གཡེར་ཁ་མ་དང་ཀོ་ལི་ཀ་མ་དང༌། དུང་དཀར་མ་དང་དབྱངས་ལྡན་མ་དེ་བཞིན། །འཁོར་མ་ཞེས་བྱ་སུམ་ཅུ་རྩ་དྲུག་གོ །ཐམས་ཅད་ཀྱང་སྐུ་མདོག་སྔོན་པོའོ། །ཡང་ན་སྣ་ཚོགས་པར་བཀྲ་བའོ། །རླུང་གི་འཁོར་ལོ་ལ། མཁའ་ལྡིང་ངང་མོ་བཀྲ་བ་མོ། །བྱ་རོག་བྱ་གར་སྲེག་པ་མོ། །རྨ་བྱ་ཟངས་ཀྱི་གཙུག་ཕུད་མ། །གུ་ད་བུ་ལི་འཇམ་པ་མོ། །


TNT07_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་རོན་བྱ་རོག་ཆེན་མོ་དང༌། །ག་ཊི་ནི་དང་གོང་མ་སྲེག །ནེ་ཙོ་སྔགས་མ་བཞད་མ་དང༌། །བྱ་རྒོད་འུག་པ་ཙཱ་ཊ་ཀི། །ཤིང་བྱིའུ་མ་དང་ངུར་པ་མ། །པྲཀྵ་ར་ནི་ཀཀྐ་བི། །སོ་བྱ་མོ་དང་བི་ལཱ་ཌི། །ལྕུག་མའི་མགྲིན་དང་ཤ་རི་ཀཱི། །བྱིའུ་རང་ཏུར་གུམ་ལྕེ་མ་དང༌། །བ་ཊི་རི་ཀཱ་ཛཾ་གྷ་མོ། །ཧོར་བ་ཀཾ་ཀ་མོ་དེ་བཞིན། །དཏྟ་རི་མོ་རི་དྭགས་དགྲ། །ཐམས་ཅད་ཀྱང་སྔོ་ལྗང་ཕྱེད་པའི་སྣ་ཚོགས་པའི་ཁ་དོག་བཀྲ་བ་ཅན་ནོ། །སའི་འཁོར་ལོ་ལ། སེང་གེ་མོ་དང་སྟག་མོ་དང༌། །བྷིཾ་པ་མོ་དང་རི་བོང་མ། །གླང་ཆེན་རི་དྭགས་བྱི་ལ་མོ། །བ་དང་མ་ཧེ་མོ་རྟ་མོ། །ལྕེ་སྤྱང་མོ་དང་བསེ་མོ་འབྲི། །བྱི་བ་བོང་མོ་བྷེ་ཊི་མ། །ར་མོ་ལུག་མོ་རིམ་པ་བཞིན། ཁྱི་མོ་ཕག་མོ་དོམ་མོ་དང༌། །དཎྜ་དི་མ་མོ་ཛྙཱ་ཀཱི། །དྲེད་མོ་དང་ནི་སྒེག་མོ་དང༌། །ནགས་མ་དང་ནི་ཁྱི་ཆེན་མོ། །བྱ་རོག་ཆེན་མོ་ཤར་དུ་ལཱི། །སྤྲུལ་མོ་ཁྲ་མོ་རྔ་མོང་དང༌། །སྲེ་མོང་རྩང་མོ་ཕུག་པ་མོ། །གྲོང་ན་གནས་པ་མ་རྣམས་སོ། །ཐམས་ཅད་ཀྱང་སྐུ་མདོག་སེར་པོའོ། །དེའི་ཕྱི་རོལ་གྱི་སྣམ་བུ་ལ། དེ་བཞིན་གཤེགས་པ་མཆོད་པ་དང་དཔལ་སྦས་ནས་བརྩམས་ཏེ། སངས་རྒྱས་ཚངས་པའི་ཏོག་གི་བར་དུས་སངས་རྒྱས་ཉིས་བརྒྱ་དང་བཞི་བཅུ་རྩ་དགུའོ། །ཤར་སྒོར་ཚངས་མ། བྱང་སྒོར་དབང་ཕྱུག་མ། ནུབ་སྒོར་གཞོན་ནུ་མ། ལྷོ་སྒོར་ཁྱབ་འཇུག་མ། མེར་ཕག་མོ། བདེན་བྲལ་དུ་དབང་མོ། རླུང་དུ་གཏུམ་མོ། དབང་ལྡན་དུ་དཔལ་ཆེན་མོ་རྣམས་སོ། །


TNT07_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

མེའི་འཁོར་ལོ་ལ། ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །འབྱུང་མོ་མ་དང་ཆུང་མ་སྲིང། །བུ་མོ་སྲིང་མོའི་བུ་མོ་དང༌། །ཕ་ཡི་སྲིང་མོ་དེ་བཞིན་དུ། །ཞང་པོ་ཡི་ནི་ཆུང་མ་དང༌། །ཆུང་མའི་སྤུན་ཟླ་དང་དེའི་མ། །དེ་ཉིད་ཀྱི་ནི་མ་ཡི་མ། །ཆུང་མ་ཡི་ནི་ཕྱི་མོ་དང༌། །མ་ཡི་མ་དང་གཉེན་མོ་དང༌། །མའི་སྤུན་སྤུན་ཟླའི་བུ་མོ་དང༌། །རང་གི་ཕྱི་མོའི་སྤུན་ཟླ་དང༌། །སྤུན་ཟླའི་བུ་མོ་དེའི་བུ་མོ། །ཕ་ཡི་མ་དང་ཕྱི་མོ་དང༌། ཁུ་བོ་ཡི་ནི་ཆུང་མ་དང༌། །བུ་མོའི་བུ་ཡི་ཆུང་མ་དང༌། །སླར་ཡང་ཆུང་མའི་སྤུན་ཟླ་མོ། །ཕ་ཡི་སྲིང་དང་དེའི་བུ་མོ། །དེ་ཉིད་ཀྱི་ནི་རང་རིགས་སྐྱེས། །སྤུན་ཟླའི་ཆུང་མ་སུ་ཏྲཱྀ་དང༌། །བུ་ཉིད་ཀྱི་ནི་ཆུང་མ་དང༌། །བུ་མོའི་ཁྱོ་ཡི་མ་ཡི་ནི། །བུ་ཉིད་ཀྱི་ནི་རྒྱུག་མོ་དང༌། །འཇོ་བྱེད་མོ་དང་སཱུ་ཏྲིའོ། །ཐམས་ཅད་ཀྱང་སྐུ་མདོག་དམར་མོའོ། །ཆུའི་འཁོར་ལོ་མ། མ་ཀ་ར་མོ་ཀུརྨཱི་ཉ། །སྦལ་མོ་ཀཙྪི་ཆུ་སྲམ་མོ། །སྡིག་ནག་གགྒ་རི་མ་ཤྲཱི་ལི་མ། །ཆུ་ཡི་ཕུག་མ་སྲིན་བུའི་གདོང་མ་དང༌། །ཆ་ག་ཀཏྐ་ཊ་དང་སུ་ཡ་མོ། །ཆུ་བྱི་མོ་དང་གྲོག་མོའི་གདོང་མ་དང༌། །ཆུ་ཡི་མི་མོ་དང་ནི་བ་ཌ་བཱི། །གླང་ཆེན་མོ་དང་སྟག་མོ་ལྕེ་སྤྱང་མོ། །ཆུ་སྦྲུལ་མ་དང་དུད་མོ་འགྲོན་བུ་མ། །མུ་ཏིག་མ་ཎཱི་མོ་དང་ཛིཾ་གུ་རཱི། །ལི་ས་མོ་དང་དུད་དུ་ར་མ་ཀརྞོ་ཊི། །ཕ་ཊ་ཀ་མ་དཱ་ཝ་ཀ་མ་ཀྲི་མ་མོ། །ཛུ་ཥི་ཛུ་ཥ་མོ་དང་ཤ་སྦྲང་ཀ་ལཱ་མོ། །ཐམས་ཅད་ཀྱང་སྐུ་མདོག་དཀར་མོའོ། །ཡེ་ཤེས་ཀྱི་འཁོར་ལོ་ལ། ཐིག་ལེ་མཆོག་མ་ཤིན་ཏུ་བདེ། །ལྷ་ཡི་བུ་མོ་དགའ་ཆེན་མོ། །


TNT07_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་དང་དགའ་གྲགས་པདྨ་ཅན། །དུང་ཅན་སྣ་ཚོགས་གླང་ཆེན་མ། །གཟུགས་ཅན་མ་དང་གཟུགས་མཛེས་མ། །འདོད་ཆགས་རྣམས་སྒེག་བདེ་བ་མོ། །མེ་ཏོག་འདོད་མ་ཀུན་མུད་ད། །ཨུཏྤལ་མ་དང་མཛེས་ལྡན་མ། །འདོད་ཆགས་མོ་དང་འདོད་ཆགས་ཆེ། །རོལ་གྲགས་མ་དང་རོལ་ཆེན་མོ། །མྱོས་མ་དང་ནི་མྱོས་ཆེན་མ། །འདོད་པ་མོ་དང་འདོད་ཆེན་མ། །བདེ་འབྱུང་མ་དང་བདེ་ལྡན་མ། །མཐུན་མཆོག་མ་དང་བྱམས་པ་མོ། །སྐལ་བཟང་ལྡན་མ་སྐལ་བཟང་མོ། །དམའ་མོ་ཞུ་མ་སྐྱེ་གཟུགས་མ། །ཐམས་ཅད་ཀྱང་སྐུ་མདོག་སྣ་ཚོགས་བཀྲ་བའོ། །དེའི་ཕྱི་རོལ་གྱི་སྣམ་བུ་ལ། དེ་བཞིན་གཤེགས་པ་ཟླ་བའི་གཟུགས་དང་འོད་འཕྲོ་ནས་སངས་རྒྱས་མཐུའི་དཔལ་གྱི་བར་དུ་སངས་རྒྱས་ཉིས་བརྒྱ་དང་བཞི་བཅུ་ཞེ་དགུའོ། །སྒོ་མཚམས་བརྒྱད་ལ། ཤར་དུ་གཽ་རཱི། བྱང་དུ་ཙཽ་རཱི། ནུབ་ཏུ་བེ་ཏ་ལཱི། ལྷོ་རུ་གྷསྨ་རཱི། བསྲེག་ཟར་པུཀྐ་སཱི། སྲིན་པོར་རི་ཁྲོད་མ། རླུང་མཚམས་སུ་ཙཎྜ་ལཱི། །འབྱུང་བོར་ཌོམྦྷི་ནཱི་རྣམས་སོ། ཐུགས་ཀྱི་འཁོར་ལོ་ལ། ཀླུ་མོ་གནོད་སྦྱིན་མོ་འབྱུང་མོ། །ཡི་དྭགས་དམྱལ་མོ་མནར་མེད་མ། །ལྟུང་བ་མ་དང་བར་མེད་མ། །བུམ་པ་མོ་དང་གཤིན་རྗེ་མོ། །ཐིག་ནག་མོ་དང་མེ་མདག་མོ། །ཚ་མ་བ་དང་རབ་ཚ་མ། །ངུ་འབོད་མ་དང་ངུ་འབོད་ཆེ། །མར་ནག་དུ་འཚེད་རི་གཉིས་འཚིར། །སྡང་མ་རྨོངས་མ་ཕྲག་དོག་མ། །ཆགས་མ་སེར་སྣས་མྱོས་པ་མ། །སྐུད་པ་མ་དང་གྲང་བ་མ། །དེ་བཞིན་རལ་གྲིའི་ནགས་མ་ཉིད། །


TNT07_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ངུ་མ་དང་ནི་མུ་གེ་མོ། །ནད་དགོན་མཚོན་དགོན་ཆུང་དགོན་མ། །རལ་གྲིའི་སོ་མ་རབ་མེད་མ། །སྤུ་གྲིའི་སོ་མ་འཁོར་ལོ་ཅན། །གྲུལ་བུམ་མ་སྟེ་སོ་དྲུག་གོ །ཐམས་ཅད་ཀྱང་སྐུ་མདོག་ནག་མོའོ། །གསུང་གི་འཁོར་ལོ་ལ། །ལེ་ལོ་ཆོས་སེམས་སྒོམ་པ་མོ། །མཆོད་སེམས་བཟའ་སེམས་གཉིད་སེམས་མ། ཁྱིམ་སེམས་བུད་མེད་སེམས་མ་དང༌། །དོན་སེམས་མ་དང་སྦྱོར་བྲལ་མ། །བུ་སེམས་མ་དང་མྱ་ངན་མ། །བསམ་གཏན་མ་དང་སྔགས་ཟློས་མ། །ངོ་ཚ་ང་རྒྱལ་གདུང་བ་མོ། །སེམས་ཅན་དོན་གྱི་རྒྱུར་བརྩོན་མ། །རྒྱལ་པོ་སེམས་མ་གཞན་གནོད་མ། །ཡེ་ཤེས་ཐོབ་མ་དཀའ་ཐུབ་མ། །རྒས་མ་འཆིང་བར་སེམས་མ་དང༌། །བདེ་མ་སྡུག་མ་མི་དགེ་མ། །ཡོད་མ་མེད་མ་ཉིད་དང་ནི། །བླ་མ་སེམས་མ་འགྲོ་བ་མོ། །བཟོད་མ་མི་བཟོད་དལ་མ་དང༌། །ངལ་གསོས་མ་དང་བཀྲེས་སེམས་མ། །ཐམས་ཅད་ཀྱང་སྐུ་མདོག་དམར་མོའོ། །འདི་ཐམས་ཅད་ཀྱི་མཚན་གྱི་མཐར་སེམས་པ་མ་ཞེས་སྦྱོར་རྒྱུ་ཡིན་ནོ། །སྐུའི་འཁོར་ལོ་ལ་འཁོར་ལོས་བསྒྱུར་མ་རྣམས་ཏེ། རྒྱལ་ཆེན་བཞིའི་རིགས་འཁོར་ལོས་བསྒྱུར་མ་དང༌། །སུམ་ཅུ་རྩ་གསུམ་འཐབ་བྲལ་དགའ་ལྡན་པ། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་ཚངས་རིས་པ། །ཚངས་པ་མདུན་ན་འདོན་དང་ཚངས་ཆེན་པོ། །འོད་ཆུང་ཚད་མེད་འོད་དང་འོད་གསལ་བ། །དགེ་ཆུང་ཚད་མེད་དགེ་དང་དགེ་རྒྱས་དང༌། །སྤྲིན་མེད་བསོད་ནམས་སྐྱེས་དང་འབྲས་བུ་ཆེ། །མི་ཆེ་མི་


TNT07_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་ཤིན་ཏུ་མཐོང་བ་དང༌། །གྱ་ནོམ་སྣང་བ་དང་ནི་འོག་མིན་པ། །ནམ་མཁའ་མཐའ་ཡས་རྣམ་ཤེས་མཐའ་ཡས་དང༌། །ཅི་ཡང་མེད་དང་འདུ་ཤེས་ཡོད་མིན་ཞིང༌། །འདུ་ཤེས་མེད་མིན་གྱི་ནི་སྐྱེ་མཆེད་དང༌། །དམྱལ་བ་ཡི་དྭགས་དུར་འགྲོ་དང་ནི་མི། །ལྷ་མིན་ཟླ་བ་ཉི་མ་གཤིན་རྗེ་དང༌། །དབང་པོའི་འཁོར་ལོ་བསྒྱུར་བ་ཞེས་རྣམས་སོ། །ཐམས་ཅད་ཀྱང་སྐུ་མདོག་དཀར་བའམ། སྔོ་དམར་དཀར་བའི་ཁྲ་བོའོ། །འདི་ཐམས་ཅད་ཀྱི་མཐར་འཁོར་ལོས་བསྒྱུར་མ་ཞེས་སྦྱོར་བ་ཡིན་ནོ། །དེའི་ཕྱི་རོལ་གྱི་སྣམ་བུ་ལ། དེ་བཞིན་གཤེགས་པ་འཕགས་དགྱེས་དང་མཐུ་སྟོབས་ནས་སངས་རྒྱས་སྣང་མཛད་ཀྱི་བར་གྱི་སངས་རྒྱས་ཉིས་བརྒྱ་བཞི་བཅུ་རྩ་དགུའོ། །ཤར་སྒོར་དཀར་མོ་ཆུ་སྐྱེས། བྱང་སྒོར་གནྡྷ་རི། ནུབ་སྒོར་རྡོ་རྗེ་གར་མ། ལྷོ་སྒོར་རྟ་རྒོད་མའི་ཁ་མ། དབང་ལྡན་དུ་རྡོ་རྗེའི་འབར་ཞལ་མ། མེར་རྡོ་རྗེ་ཁྲོ་གཉེར་ཅན་མ། བདེན་བྲལ་དུ་རྡོ་རྗེ་དུམ་བུ་མ། རླུང་དུ་རྡོ་རྗེ་གཏུམ་མོ་རྣམས་སོ། །དེ་རྣམས་ལས་འཁོར་ལོ་བཅུ་གཉིས་ཀྱི་རྣལ་འབྱོར་མ་ཐམས་ཅད་ཞལ་གཅིག་ཕྱག་བཞི་སྤྱན་གསུམ། དང་པོ་གཉིས་ཌཱ་མ་རུ་དང་ཁ་ཊྭཱཾ་ག །ལྷག་མ་གཉིས་གྲི་གུག་དང་ཐོད་པ་འཛིན་པ། དྲག་མོ་ཆེན་མོ་མཆེ་བ་གཙིགས་ཤིང་ཆགས་པས་བཞད་པ། གཅེར་མོ་སྐྲ་གྲོལ་ཞིང་ཕྱག་ལྔ་དང་རྡོ་རྗེའི་འཕྲེང་བ་སོགས་སྣ་ཚོགས་པས་བརྒྱན་པ། རོའི་གདན་ལ་གཡས་བརྐྱང་གིས་བཞུགས་


TNT07_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

པ། དེ་རྣམས་ལ་འཁྱུད་པའི་དཔའ་བོ་རྣམས་ནི། མཚན་དང་སྐུའི་རྣམ་པ་ཡུམ་དང་འདྲ་བ་ལས། ཕྱག་རྒྱ་དྲུག་དང་རལ་བའི་ཅོད་པན་དང༌། མགོ་རློན་གྱི་དོ་ཤལ་དང༌། སྟག་ལྤགས་ཀྱི་སྨད་དཀྲིས་ཅན། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །དཀྱིལ་འཁོར་རིམ་པ་བཞིའི་སྒོ་མཚམས་མ་བརྒྱད་ནི། ཤར་ཕྱོགས་པ་རྣམས་སྔོ་བ། བྱང་ཕྱོགས་པ་རྣམས་ལྗང་བ། ནུབ་ཕྱོགས་པ་རྣམས་དམར་བ། ལྷོ་ཕྱོགས་པ་རྣམས་སེར་བ། མེ་མཚམས་པ་རྣམས་གཡས་སྔོ་གཡོན་སེར་བ། བདེན་བྲལ་པ་རྣམས་གཡས་སེར་གཡོན་དམར་བ། རླུང་མཚམས་པ་རྣམས་གཡས་དམར་གཡོན་ལྗང་བ། དབང་ལྡན་པ་རྣམས་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་ཞལ་གཅིག༴ ནས་མཚུངས་པའོ། །བསྐལ་བཟང་གི་སངས་རྒྱས་རྣམས་ནི། ཤར་ཕྱོགས་པ་རྣམས་སྔོན་པོ། བྱང་ཕྱོགས་པ་རྣམས་ལྗང་ཁུ། ནུབ་ཕྱོགས་པ་རྣམས་དམར་པོ། ལྷོ་ཕྱོགས་པ་རྣམས་སེར་པོ། ཐམས་ཅད་ཀྱང་མཚན་དང་དཔེ་བྱད་རྫོགས་པ་ཆགས་བྲལ་རབ་བྱུང་གི་ཆ་ལུགས་ཅན་བཞུགས་ཚུལ་དང་ཕྱག་རྒྱ་མ་ངེས་པའོ། །ཞེས་བླ་མ་སྔ་མ་རྣམས་གསུང༌། དེ་དག་ནི་དམ་ཚིག་གི་འཁོར་ལོ་བསྐྱེད་པའོ། །གཙོ་བོའི་ཐུགས་ཀར་ཉི་མ་ལ་ཧཱུཾ་ལྗང་སྔོན། སྤྱི་བོར་ཟླ་བ་དང་འཁོར་ལོ་ལ་ཨོཾ་དཀར་པོ། མགྲིན་པར་ཟླ་བ་དང་པདྨ་ལ་ཨཱཿདམར་པོ། ཐུགས་ཀའི་འོག་གི་ཆ་ལ་ཟླ་བ་དང་རྡོ་རྗེ་ལ་གནས་པའི་ཧཱུཾ་ནག་པོ། ལྷ་ཐམས་


TNT07_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་ཐུགས་ཀར་ཉི་མ་རང་རང་གི་ཁ་དོག་དང་མཚུངས་པའི་ཧཱུཾ་ཡིག་གོ །གཙོ་བོའི་ཐུགས་ཀའི་ཧཱུཾ་ཡིག་གཉིས་ཀྱི་བར་དུ་རཾ་ལས་བྱུང་བའི་ཉི་མའི་སྟེང་དུ། ཨོཾ་ཧ་བཾ་ཧཱ་བཱཾ་ཧི་བི་ཧཱི་བཱིཾ། ཧུ་བུཾ་ཧཱུཾ་བཱུཾ། ཧེ་བེཾ་ཧཻ་བཻཾ། ཧོ་བོཾ་ཧཽ་བཽཾ། ཧཾ་བཾ་ཧཿབཿ ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ་སྭཱཧཱ་སྭཱཧཱ། དཀར་པོ་དང་དམར་པོ་གཡས་སྐོར་དུ་སྦྲུལ་འཁྱིལ་བ་ལྟར་གནས་པ། རྡོ་རྗེ་སེམས་དཔའ་ཕག་མོའི་རང་བཞིན་ནོ། གོ་ཆའི་སྔགས་དྲུག་ཆར་ལ་འགོར་ཨོཾ་དང༌། འཇུག་ཏུ་ཧཱུཾ་བཞི་ཕཊ་བཞི་སྭཱཧཱ་གཉིས་རྣམས་གོང་བཞིན་སྦྱར་དགོས་ཏེ། མགོ་བོའི་ནང་དུ་ཉི་མ་ལ། ནཱཾ་ཧཾ་ནཱ་ཧཱཾ། ནུ་ཧུཾ་ནཱུ་ཧཱུཾ། ནེ་ཧེཾ་ནཱཻ་ཧཻཾ། ནོ་ཧོ་ནཽ་ཧཽཾ། ན་ཧཾ་ནཱཿཧཱཿ སེར་པོ་དང་སྔོན་པོ་རྣམ་པར་སྣང་མཛད་དང་གཤིན་རྗེ་མའི་ངོ་བོ། སྤྱི་གཙུག་གི་ནང་དུ་ཉི་མ་ལ། སྭ་ཧྲཾ་སྭཱ་ཧྲཱཾ། སྭི་ཧྲིཾ་སྭཱཾ་ཧྲཱི། སྭུ་ཧྲུཾ་སྭཱུ་ཧྲཱུཾ། སྭེ་ཧྲཾ་སྭཻཾ་ཧྲཻཾ། སྭོ་ཧྲོཾ་སྭཽ་ཧྲཱཽ། སྭ་ཧྲཾ་སྭཿཧྲཿ དམར་པོ་དང་དཀར་པོ་པདྨ་གར་དབང་དང་རྨོངས་བྱེད་མའི་ངོ་བོ། དཔུང་པ་གཉིས་ཀྱི་ནང་དུ་ཉི་མ་ལ། བ་ཧྲཾ་བཱ་ཧྲཱཾ། བི་ཧྲིཾ་བཱི་ཧྲཱིཾ། བུ་ཧུཾ་བཱུ་ཧཱུཾ། བེ་ཧྲེཾ་བཻ་ཧྲཻཾ། བོ་ཧྲོཾ་བཽ་ཧྲཽཾ། བ་ཧྲཾ་བཿཧྲཿ ནག་པོ་དང་སེར་པོ་ཧེ་རུ་ཀ་དང་སྐྱོང་བྱེད་མའི་ངོ་བོ། མིག་གཉིས་ཀྱི་དབུས་སུ་ཉི་མ་ལ། ཧ་ཧཾ་ཧཱུ་ཧཱུཾ། ཧི་ཧིཾ་ཧཱུ་ཧཱུཾ། ཧུ་ཧཱུཾ་ཧཱུ་ཧཱུཾ། ཧེ་ཧེ་ཧཻ་ཧཻཾ། ཧོ་ཧོཾ་ཧཽ་ཧཽཾ། ཧཾ་ཧཾ་ཧཿཧཿ དམར་སེར་དང་ལྗང་ཁུ་རྡོ་རྗེ་ཉི་མ་དང་སྐྲག་


TNT07_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མའི་ངོ་བོ། མཛོད་སྤུའི་ཐད་ཀའི་ནང་དུ། ཕ་ཕ་ཕཱ་ཕཱ། ཕི་ཕི་ཕཱི་ཕཱི། ཕུ་ཕུ་ཕཱུ་ཕཱུ། ཕེ་ཕེ་ཕཻ་ཕཻ། ཕོ་ཕོ་ཕཽ་ཕཽ། ཕཾ་ཕཾ། ཕཿཕཿ ལྗང་ཁུ་དང་དུད་ཁ་རྟ་མཆོག་དང་ཙཎྜི་ཀཱའི་ངོ་བོ། འདི་ལའང་ཕ་ཕཾ་ཕཱ་ཕཱཾ་སོགས་དགོས་པར་མངོན་ཡང་སྔར་གྱི་དཔེ་ཐམས་ཅད་ལ་མེད་པར་མཐུན་པས་རེ་ཞིག་བཞག་གོ །འདི་རྣམས་ལས་ཡི་གེའི་ཚོགས་འཕྲོས། སྐུ་ལུས་ཀྱི་ནང་ཐམས་ཅད་སྔགས་ཀྱི་རྡུལ་ཕྲ་རབ་ཀྱིས་གང༌། སྐུ་ལུས་ཀྱི་ཕྱི་རོལ་དུ་སྙིང་གར་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ། མགོ་བོར་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་སྭཱཧཱ་ཧུ་དམར་པོ་པདྨ་གར་གྱི་དབང་ཕྱུག །ཕྲག་པ་གཉིས་སུ་བོ་ཥཊ་ཧེ་ནག་པོ་དཔལ་ཧེ་རུ་ཀ །མིག་གཉིས་སུ་ཧཱུཾ་ཧཱུཾ་ཧོཿདམར་སེར་རྡོ་རྗེ་ཉི་མ། ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་ལྗང་ཁུ་རྟ་མཆོག་གི་ངོ་བོ། ཡུམ་གྱི་ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཨོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། །དཔྲལ་པར་ཧྲེཾ་ཧྲིཾ་སེར་མོ་སྐྱོང་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀཱའི་ངོ་བོའོ། །དེ་རྣམས་ལས་ཡི་གེའི་ཚོགས་འཕྲོས་ཏེ་ལུས་ཀྱི་ཕྱི་རོལ་ཐམས་ཅད་གང་བར་གྱུར། འདིར་ཡང་སྤྲོ་ན་གོ་ཆའི་ལྷ་རྣམས་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྒོམ་སྟེ། ལཱུ་ཡི་པའི་ལུགས་བཞིན་ནོ། །སྙིང་གའི་ས་བོན་འོད་ཟེར་གྱིས་བསྐུལ་ནས། གདོད་མ་ནས་གྲུབ་པའི་དཔལ་ཧེ་རུ་ཀ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ཆེན་པོ་མདུན་གྱི་ནམ་མཁར་


TNT07_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་པར་གྱུར། འབར་བའི་ཕྱག་རྒྱ་དཔྲལ་པར་སྐོར་ཞིང་ཕཻཾ་ཞེས་བརྗོད། ཨོཾ་བཛྲ་ཝཱ་ནཱི༴ སོགས་རིག་མ་བཅུ་དྲུག་གིས་མཆོད། ཛཿཧཱུཾ་བཾ་ཧོཿ ཞེས་པས་དམ་ཡེ་བསྲེ། སླར་ཡང་སྙིང་གའི་ས་བོན་གྱིས་འོད་ཟེར་གྱིས་བསྐུལ་བས། དབང་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས། ཕཻེཾ་གོང་བཞིན་རིག་མ་བཅུ་དྲུག་གིས་མཆོད། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་རྣམས་ཁྲུས་གསོལ་ལྟར། །དེ་བཞིན་བདག་ལ་ཁྲུས་བྱེད་འགྱུར། །ལྷ་ཡི་ཆུས་ནི་དག་པར་མཛོད། །ཅེས་གསོལ་བ་བཏབ་པས། རིགས་ལྔ་ཡབ་ཡུམ་སྙོམས་བར་ཞུགས་པའི་དགའ་བའི་སྒྲས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་སྦྱོར་བ་མཚམས་ནས་བྱུང་ནས། བདུད་རྩི་བདེ་བ་ཆེན་པོའི་རྒྱུན་གྱིས་ལྷ་ཐམས་ཅད་ཀྱི་སྤྱི་བོ་ནས་བླུགས་ཤིང་དབང་བསྐུར་བས། ལུས་ངག་ཡིད་གསུམ་གྱི་དྲི་མ་ཐམས་ཅད་དག རྡོ་རྗེ་བཞི་མི་ཕྱེད་པའི་རང་བཞིན་དུ་བྱིན་གྱིས་རླབས། སྤྱི་བོའི་སྟེང་དུ་གནས་པའི་བདུད་རྩིའི་ཐིགས་པ་རྣམས་ཡོངས་སུ་གྱུར་པ་ལས། རང་རང་གི་རིགས་ཀྱི་བདག་པོར་གྱུར་པ་ནི། གཙོ་བོ་ལ་མི་བསྐྱོད་པ། རྡོ་རྗེ་ཕག་མོ་ལ་འོད་དཔག་མེད། རྡོ་རྗེའི་འཁོར་ལོ་པ་དང༌། ནམ་མཁའི་འཁོར་ལོ་པ་དང༌། ཐུགས་འཁོར་པ་རྣམས་ལ་མི་བསྐྱོད་པ་


TNT07_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་འཁོར་ལོ་པ་དང༌། མེའི་འཁོར་ལོ་པ་དང༌། གསུང་གི་འཁོར་ལོ་པ་རྣམས་ལ་འོད་དཔག་མེད། ཡོན་ཏན་གྱི་འཁོར་ལོ་པ་དང༌། ཆུའི་འཁོར་ལོ་པ་དང༌། སྐུའི་འཁོར་ལོ་པ་རྣམས་ལ་རྣམ་པར་སྣང་མཛད། སྣ་ཚོགས་ཐིག་ལེའི་འཁོར་ལོ་ལ་གནས་པའི་རྣལ་འབྱོར་མ་རྣམས་དང༌། སའི་འཁོར་ལོ་རྣམས་ལ་རིན་ཆེན་འབྱུང་ལྡན། རླུང་གི་འཁོར་ལོ་པ་དང༌། ཡེ་ཤེས་ཀྱི་འཁོར་ལོ་པ་དང༌། སྒོ་མཚམས་མ་རྣམས་ལ་དོན་ཡོད་གྲུབ་པས་དབུ་རྒྱན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མཱ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུངས་ཤིང་དབང་གི་ལྷ་རྣམས་རིགས་བདག་ལ་ཐིམ། དེ་ནས་མཆོད་པ་དངོས་སུ་བཤམས་ཡོད་ན་བྱིན་རླབས་བྱ། ཡིད་སྤྲུལ་ཙམ་ལ་བྱིན་རླབས་མི་དགོས་ཏེ། གང་ལྟར་ཡང་གོང་ཚོགས་བསོག་གི་སྐབས་སུ་བཤད་པ་ལྟར་ཆུ་གཉིས་ཉེར་སྤྱོད་ལྔ་རིག་མ་བཅུ་དྲུག་རྣམས་ཀྱིས་མཆོད། དཀར་མོ་རི་དྭགས་མཚན་མ་འཛིན༴ ཞེས་པ་ནས། གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །མཚན་ཉིད་ཐམས་ཅད་རྫོགས་པ་དང༌། །བདེ་ཆེན་སོགས་དང་བཟང་པོ་དང༌། །གཉིས་ཀུན་རྣམ་པར་སྤངས་པ་དང༌། །མཆོད་པ་ཁམས་གསུམ་བདག་ཉིད་ནི། །དངོས་པོ་ཀུན་འབྱུང་རྣམས་ཀྱིས་མཆོད། །དེ་ནས་བསྟོད་པ་ནི། ཅང་ཏེའུ་སོགས་རོལ་མོའི་སྒྲ་དང་བཅས་ཏེ། རྐང་པ་ཞེ་བརྒྱད་པའི་མཐར། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །རྣལ་འབྱོར་ཆེན་པོ་ཐུབ་ཆེན་པོ། །ཞེས་པ་ནས། སྟོང་པའི་ཐུགས་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གྱི་མཚན་བརྒྱས་


TNT07_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བསྟོད། ནང་མཆོད་འབྲུ་གསུམ་གྱིས་མྱངས་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་མ་ལུས་པ་འདུས་ནས། མྱོས་བྱེད་དང་ཤའི་བྱེ་བྲག་སྣ་ཚོགས་པ་དང་དམ་ཚིག་གི་རྫས་ཐམས་ཅད་ཀྱིས་མཆོད་དེ་ཐམས་ཅད་ཀྱང་རང་གི་སྙིང་གར་ཐིམ། དཀྱིལ་འཁོར་བདེ་བ་ཆེན་པོ་བསྒོམ་པར་གྱིས། །རྣལ་འབྱོར་བཅུ་གཉིས་བསོད་ནམས་སྡིག་མེད་པ། །ཐམས་ཅད་ཟག་མེད་རང་བཞིན་མྱོང་བར་གྱིས། །དཀྱིལ་འཁོར་ངན་པ་དེ་ནི་བདེ་བར་ཤེས་པར་བྱོས། །དབང་པོ་འཁྲུལ་པ་བདེ་བ་ཆེན་པོར་མྱོང་བར་གྱིས། །སྐད་ཅིག་དེ་ལ་རང་དང་གཞན་གྱི་ངོ་བོ་མེད། །གང་དང་གང་གི་རྣམ་པ་སྣ་ཚོགས་གཟུགས་ཅན་གྱི། །ས་གསུམ་གྱིས་ནི་དཀྱིལ་འཁོར་འཁོར་ལོ་སྤྲོ་བར་གྱིས། །ཞེས་དཀྱིལ་འཁོར་གྱི་འཁོར་ལོ་འཇའ་ཚོན་ལྟ་བུའི་སྣང་སྟོང་གཉིས་སུ་མེད་པ་ལ་མཉམ་པར་བཞག་གོ །དེ་དག་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནོ། །དེ་ནས་འདོད་ཆགས་ཆེན་པོའི་ཚུལ་ལམ་དུ་བྱེད་པ་ཀུན་དུ་སྤྱོད་པ་ལ་འཇུག་པ་ནི། གཙོ་བོ་ཡབ་ཡུམ་མཁའ་གསང་བྱིན་གྱིས་བརླབས་ཏེ། ཡས་བབས་དང་མས་བརྟན་གྱི་དགའ་བཞི་རྒྱུད་ལ་སྐྱེས་པར་མོས་ཏེ། གོང་བཞིན། ཡབ་ཀྱི་གསང་གནས༴ ཞེས་པ་ནས། ཡབ་ཡུམ་རྗེས་སུ་ཆགས་པ་སྙོམས་པར་ཞུགས་པས་ཧཾ་ཡིག་ཞུ་བའི་རྒྱུན་མགྲིན་པར་བྱོན་པས་དགའ་བ། སྙིང་གར་བྱོན་པས་མཆོག་དགའ། །ལྟེ་བར་བྱོན་པས་དགའ་བྲལ། །རྡོ་རྗེ་ནོར་བུར་བྱོན་པས་ལྷན་ཅིག་སྐྱེས་དགའ་ཉམས་སུ་མྱོང་བར་


TNT07_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། སླར་ཡང་གྱེན་དུ་གཤེགས་ཏེ་དེ་ལྟེ་བར་བྱོན་པས་དགའ་བ། སྙིང་གར་བྱོན་པས་མཆོག་དགའ། མགྲིན་པར་བྱོན་པས་དགའ་བྲལ། སྤྱི་བོར་ལྷན་ཅིག་སྐྱེས་དགའ་མངོན་དུ་གྱུར་པའོ། །དེ་ནས་སྤྲོ་ན་ཀུན་སྤྱོད་བསྐོར་བར་བྱའོ། །དེའི་རྗེས་སུ་ལྷ་ཐམས་ཅད་ཀྱི་ཐུགས་ཀར་འོད་ཟེར་གྱིས་སྣེ་ལ་དཀྱིལ་འཁོར་ལྷའི་འཁོར་ལོ་ཅན་སྤྲོས་པས་དོན་གཉིས་བྱས་ཏེ། །སླར་བསྡུས་པ་ཡང་ཡང་བསྒོམ་པ་ནི། །ལས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནོ། །དེ་ནས་བཟླས་པའི་དམིགས་པ་གསལ་བཏབ་ལ་སྔགས་བཟླ་བར་བྱ་སྟེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛྭཱ་ལ་སམྦ་རཾ་སྭཱཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། གཙོ་བོ་དང་རྡོ་རྗེ་ཕག་མོའི་སྙིང་པོའོ། །ཨོཾ་ཧྲི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡབ་ཡུམ་གྱི་ཉེ་བའི་སྙིང་པོའོ། །ཡབ་ཀྱི་འཕྲེང་བའི་སྔགས་རྩ་སྔགས་སུ་གྲགས་པ་ནི། ཨོཾ་ན་མཿཤྲཱི་བཛྲ་ཌཱ་ཀ་མ་ཏཱ་བཱི་ར་བཱི་རེ་ཤྭ་རཱ་ཡ། ཏྲི་བྷུ་བཾ་ཀ་ལྤཱ་ཎཱ་ཡ། དཾཥྟྲོཏྐ་ཊ་བྷཱི་ཥ་ཎ་བྷཻ་ར་བཱ་ཡ། ཤ་ཏ་ས་ཧ་སྲ་ནེ་ཏཱ་ཡ། བིངྻུཛྫི་ཧཱ་ཡ། ཀཾ་ཀ་ལ་མཱ་ལཱ་བྷ་ར་ཎོ྅་གྲཱ་ཡ། ཀོ་ཊི་ལཀྵ་བྷུ་ཛཱ་ཡ། ཛྭ་ལཱ་ཝ་ལཱི་ཌཱ་ལགྷཱ་ཡ། པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལཱ་ཡ། ཀལྤཱནྟ་དྷྲུ་མྲུ་གྲ་ཝ་པཱུ་ཥཱ་ཡ། པི་ཀ་ཊ་མུ་ཁ་ཧཱ་ཧཱ་རཱ་བཱ་ཡ། མཱ་ཏྲྀ་ག་ཎ་པ་རི་པཱུ་རི་ཏ་མནྟྲཱ་ཡ། ས་ཧ་ཛ་སུནྡ་རཱི་བལྤ་བྷ་ག་རཱ་ཡ། ཧཱུཾ་ཧཱུཾ་ཀཱ་རོ་ཙཱུ་ར་ཎ་མུ་ཁཱ་ཡ། མཧཱ་ཤྨ་ཤཱ་ན་པྲི་ཡཱ་ཡ། སརྦ་བྷུ་ཏ་སཾ་ཏྲཱ་ས་ན་ཀ་


TNT07_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ཡ། མ་ཧཱ་ཀལྤཱནྟཱགྣ་ཏེ་ཛཱ་ཡ། ཛ་ཊཱ་ཀ་ལཱ་པ་ཀུ་ཀུ་ཊཱ་ཡ། ཀ་ཊྭཱཾ་ག་ཀ་པཱ་ལ་ཤཱུ་ལ་བྷིནྣ་དྷ་རི་ཎེ། མ་ཧཱ་ས་མུ་དྲ་མེ་ཁ་ལཱ་ཡ། བྱཱ་གྷྲ་ཙརྨཱཾ་བ་ར་དྷཱ་རི་ཎེ། བེ་ཏཱ་ལ་སཾ་གྷ་མརྡྷ་ན་ཀ་རཱ་ཡ། མཧཱ་བིགྷྣ་ནི་པཱ་ར་ཎེ། ཤ་ཏྲུ་ནི་སུཾ་བྷཱ་ན་ཀ་རཱ་ཡ། ཏྲི་པ་ཧ་སྲ་མཧཱ་ས་ཧ་སྲེ་ཀ་རོ་ལཱ་བ་ལྱནྟ་ཝརྟི་ནེ། ཤ་ཏ་ས་ཧ་སྲ་མུ་ཁཱ་ཡ། ཛྙཱ་ན་སཱ་ག་ར་པྲ་བྷཱུ་ཡ། མཧཱ་པི་ཤི་ཏ་རུ་དྷི་ར་བ་སཱཾ་ཧཱ་རི་ཎེ། སརྦ་མཱ་ར་བ་ལ་བི་དྷྲནྶི་ནེ། སྲཱིཥྟི་སཾ་ཧཱ་ར་ཀ་ར་ཀཱ་ཡ། སརྦ་ནཱ་གཱ་ནཱཾ་ཤོ་ཥ་ཎ་སྟམྦྷ་ན་བི་དྲ་པ་ཎཱ་ཡ། ཨནྟྲ་མཱ་ལདྷཱ་རི་ཎེ། སུ་མ་རུ་ཀམྤི་ཏ་ན་དཱ་ཡ། ཀྲོ་དྷ་བི་གྲ་ཧ་དྷཱ་ར་ཎཱ་ཡ། མཧཱ་ཀ་ཤ་ཏི་ལ་ཀཱཏྨ་ནེ། བུདྡྷ་ཀོ་ཊི་ས་ཧ་སྲ་ཀྵཎ་ནིཥྤཱ་ད་ནཱ་ཡ། ཛྙཱ་ནཱ་མྲྀ་ཏེ་བརྵ་པ་ཎཱ་ཡ། སརྦ་ཀརྨ་པྲ་བརྟ་ནཱ་ཡ། བནྡྷ་ཀ་རཱ་ཡ། སརྦ་བི་ཀལྤ་བྷཉྫ་ན་ཀ་རཱ་ཡ། མུཎྜཱ་བ་ལཱི་ལགྣ་ཤ་རཱི་རཱ་ཡ། པ་ར་ཀྲི་ཏ་ཡནྟྲ་མནྟྲ་ནཱ་ཤ་ནཱ་ཡ། མཧཱ་རཀྵ་ཀ་རཱ་ཡ། དུཥྟཱ་ནཾ་བི་དཱ་ལ་ནེ། དྷརྨོ་ད་ཡ་ཀ་རཱ་ཡ། ཀྲོ་དྷ་སྥ་ར་སྥ་ར་ཎཱ་ཡ། ཨིནྟྲ་ཛ་ལ་སརྦ་ས་ཏྭཱཏྭཱ་ནེ། གྲསྟ་པཱ་ད་སྭ་བཱ་ད་མཧཱ་མ་ཏེ། ཨོཾ་ཨ་ཀ་ཨཱ་ཁ་ཨི་ག་ཨཱིགྷ་ཨུ་ང་ཨཱུ་ཙཱ་རྀ་ཚ་རཱྀ་ཛྭ་ལྀ་ཛྷ་ལཱྀ་ཉ་ཨེ་ཊ་ཨེ་ཋ་ཨེ་ཊ་ཨཽ་ཌྷ་ཨཾ་ཎ་ཨཿཏ། ཨཿཐ་ཨཾ་ད་ཨཽཾ་དྷ་ཨོཾ་ན། ཨཻཾ་པ་ཨེཾ་ཕ་ལཱྀཾ་བ་ལཱྀཾ་བྷ་རླྀཾ་མ་རྀཾ་ཡ་ཨཱུཾ་ར་ཨུཾ་ལ་ཨཱིཾ་ཝ་ཨི་ཤ་ཨཱཾ་ཥ་ཨཱཾ་ས་ཨཿཧཿཨཱཿཀྵ་ཧཿ ཀ་ཀཱ་ཁ་ཁཱ་ག་གཱ་གྷ་གྷཱ་ང་ངཱ༌། ཙ་ཙཱ་


TNT07_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་ཚཱ་ཛ་ཛཱ་ཛྷ་ཛྷཱ་ཉ་ཉཱ། ཊ་ཊཱ་ཋ་ཋཱ་ཌ་ཌཱ་ཌྷ་ཌྷཱ་ཎ་ཎཱ། ཏ་ཏཱ་ཐ་ཐཱ་ད་དཱ་དྷ་དྷཱ་ན་ནཱ། པ་པཱ་ཕ་ཕཱ་བ་བཱ་བྷ་བྷཱ་མ་མཱ། ཡ་ཡཱ་ར་རཱ་ལ་ལཱ་ཝ་ཝཱ། ཤ་ཤཱ་ཥ་ཥཱ་ས་སཱ་ཧ་ཧཱ་ཀྵ་ཀྵཱ། ཀྵཾ་ཀྵཱཾ་ཧཾ་ཧཱཾ་སཾ་སཱཾ་ཥཾ་ཥཱཾ་ཤཾ་ཤཱཾ་ཝཾ་ཝཱཾ་ལཾ་ལཱཾ་རཾ་རཱཾ་ཡཾ་ཡཱཾ། མ་མཱཾ་བྷཾ་བྷཱཾ་བཾ་བཱཾ་ཕཾ་ཕཱཾ་པཾ་པཱཾ། ནཾ་ནཱཾ་དྷཾ་དྷཱཾ་དཾ་དཱཾ་ཐཾ་ཐཱཾ་ཏཾ་ཏཱཾ། ཎཾ་ཎཱཾ་ཌྷཾ་ཌྷཱཾ་ཌཾ་ཌཱཾ་ཋཾ་ཋཱཾ་ཊཾ་ཊཱཾ། ཉཾ་ཉཱཾ་ཛྷཾ་ཛྷཱཾ་ཛཾ་ཛཱཾ་ཚཾ་ཚཱཾ་ཙཾ་ཙཱཾ། དཾ་དཱཾ་གྷཾ་གྷཱཾ་གཾ་གཱཾ་ཁཾ་ཁཱཾ་ཀཾ་ཀཱཾ། ཀ་ཙ་ཁ་ཚ་ག་ཛ་གྷ་ཛྷ་ང་ཉ། ཀ་ཊ་ཁ་ཋ་ག་ཌ་གྷ་ཌྷ་ང་ཎ། ཀ་ཏ་ཁ་ཐ་ག་ད་གྷ་དྷ་ང་ན། ཀ་པ་ཁ་ཕ་ག་བ་གྷ་བྷ་ང་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་ཨཿཨཾ། ཀ་ཧ་ཀ་ཧ། ཀ་ས་ཀ་ས། ཀ་ཥ་ཀ་ཥ། ཀ་ཤ་ཀ་ཤ ཀ་ཝ་ཀ་ཝ། ཀ་ལ་ཀ་ལ། ཀ་ར་ཀ་ར། ཀ་ཡ་ཀ་ཡ། ཀ་མ་ཀ་མ། ཀ་བྷ་ཀ་བྷ། ཀ་བ་ཀ་བ། ཀ་ཕ་ཀ་ཕ། ཀ་བ་ཀ་བ། ཀ་ན་ཀ་ན། ཀ་དྷ་ཀ་དྷ། ཀ་ད་ཀ་ད། ཀ་ཐ་ཀ་ཐ། ཀ་ཏ་ཀ་ཏ། ཀ་ཎ་ཀ་ཎ། ཀ་ཌྷ་ཀ་ཌྷ། ཀ་ཌ་ཀ་ཌ། ཀ་ཋ་ཀ་ཋ། ཀ་ཊ་ཀ་ཊ། ཀ་ཉ་ཀ་ཉ། ཀ་ཛྷ་ཀ་ཛྷ། ཀ་ཛ་ཀ་ཛ། ཀ་ཚ་ཀ་ཚ། ཀ་ཙ་ཀ་ཙ། ཀ་ང་ཀ་ང༌། ཀ་གྷ་ཀ་གྷ། ཀ་ག་ཀ་གཀ་ཁ་ཀ་ཁ། ཀུ་ཧུ་ཀུ་ཧུ། ཀུ་སུ་ཀུ་སུ། ཀུ་ཥུ་ཀུ་ཥུ། ཀུ་ཤུ་ཀུ་ཤུ། ཀུ་ཝུ་ཀུ་ཝུ། ཀུ་ལུ་ཀུ་ལུ། ཀུ་རུ་ཀུ་རུ། ཀུ་ཡུ་ཀུ་ཡུ། ཀུ་མུ་ཀུ་མུ། ཀུ་བྷུ་ཀུ་བྷུ། ཀུ་བུ་ཀུ་བུ། ཀུ་ཕུ་ཀུ་ཕུ། ཀུ་པུ་ཀུ་པུ། ཀུ་ནུ་ཀུ་ནུ། ཀུ་དྷུ་ཀུ་དྷུ། ཀུ་དུ་ཀུ་དུ། ཀུ་ཐུ་ཀུ་ཐུ། ཀུ་ཏུ་ཀུ་ཏུ། ཀུ་ཎུ་ཀུ་ཎུ། ཀུ་ཌྷུ་ཀུ་ཌྷུ། ཀུ་ཌུ་ཀུ་ཌུ། ཀུ་ཋུ་ཀུ་ཋུ། ཀུ་ཊུ་ཀུ་ཊུ། ཀུ་ཉུ་ཀུ་ཉུ། ཀུ་ཛྷུ་ཀུ་ཛྷུ།


TNT07_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་ཛུ་ཀུ་ཛུ། ཀུ་ཚུ་ཀུ་ཚུ། ཀུ་ཙུ་ཀུ་ཙུ། ཀུ་དུ་ཀུ་དུ། ཀུ་གྷུ་ཀུ་གྷུ། ཀུ་གུ་ཀུ་གུ། ཀུ་ཁུ་ཀུ་ཁུ། བནྡྷ་ཡ་བནྡྷ་ཡ། བནྡྷ་པ་ཡ་བནྡྷ་པ་ཡ། གརྫ་གརྫ། གརྫྫ་ཡ་གརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཏརྫ་ཡ་ཏརྫ་ཡ། སྥོ་ཊ་ཡ་སྥོ་ཊ་ཡ། བི་དྷྭཾ་ས་ཡ་བི་དྷྭཾ་ས་ཡ། མོ་ཧ་ཡ་མོ་ཧ་ཡ། ཏྭཱ་ས་ཡ་ཏྭཱ་ས་ཡ་མཱ་ར་ཡ། མཱ་ར་ཡ་མཱ་ར་ཡ། ཀཾ་བཱ་ཝ་ཡ་ཀཾ་བཱ་ཝ་ཡ། དུ་ར་དུ་ར། ཁུ་ར་ཁུ་ར། བྷ་ར་བྷ་ར། ཛ་ར་ཛ་ར། བི་ཤ་བི་ཤ ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཉྫ་བྷཉྫ། མརྡ་ཡ་མརྡ་ཡ། ཧྲེཾ་ཧྲེཾ། ཙ་ལ་ཙ་ལ། མཱ་ཙ་ལ་མཱ་ཙ་ལ། ཀྲུ་ར་ཙེ་ཏཱ་ཡ་ཕཊ། ཤ་ཏྲུ་ནི་བཱ་ར་ཡ་ཧཱུཾ། མེ་གྷ་ནི་ཝཱ་ར་ཡ་ཧྲིཾ། མོ་ཙ་ཡ་མོ་ཙ་ཡ། སྟམྦྷ་ཡ་སྟམྦྷ་ཡ། བྷཀྵ་བྷཀྵ། དུརྦས་པ་ཡ་དུརྦས་པ་ཡ། གྷུ་ཌྷཱ་ན་ཏྲ་མཱ་ལཱ་བ་ལི་བི་ནེ། ཁེ་ཙརཱ་ཡ་ཧཱུཾ། བྷུ་ཙ་རཱ་ཡ་ཨཱཿ པཱཏཱ་ལ་ཙ་རཱ་ཡ་ཨོཾ། ཛ་ལ་ཙ་རཱ་ཡ་དཾ། སྠ་ལ་ཙ་རཱ་ཡ་ལཾ། སརྦ་ཏ་ནི་བཱ་ས་ནི་ཧཱུཾ། ནཱ་གཱ་ནཱཾ་སཔྟ་པཱ་ཏཱ་ལ་ག་ཏ་གྲྀཧྞ་རཛྙི། གྲྀཧྞ་རཛྙཾ། ཛྙཱཾ་ཛྙཱཾ་ཛྙཽ་ཛྙཽ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། ཁ་ར་ཁ་ར། ཁུ་རུ་ཁུ་རུ། ག་ར་ག་ར། གུ་རུ་གུ་རུ། གྷ་ར་གྷ་ར། གྷུ་རུ་གྷུ་རུ། ང་ར་ང་ར༌། ངུ་རུ་ངུ་རུ། ཙ་ར་ཙ་ར། ཙུ་རུ་ཙུ་རུ། ཚ་ར་ཚ་ར། ཚུ་རུ་ཚུ་རུ། ཛ་ར་ཛ་ར། ཛུ་རུ་ཛུ་རུ། ཛྷ་ར་ཛྷ་ར། ཛྷུ་རུ་ཛྷུ་རུ། ཉ་ར་ཉ་ར། ཉུ་རུ་ཉུ་རུ། ཊ་ར་ཊ་ར། ཊུ་རུ་ཊུ་རུ། ཋ་ར་ཋ་ར།


TNT07_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཋུ་རུ་ཋུ་རུ། ཌ་ར་ཌ་ར། ཌུ་ར་ཌུ་རུ། ཌྷ་ར་ཌྷ་ར། ཌྷུ་རུ་ཌྷུ་རུ། ཎ་ར་ཎ་ར། ཎུ་རུ་ཎུ་རུ། ཏ་ར་ཏ་ར། ཏུ་རུ་ཏུ་རུ། ཐ་ར་ཐ་ར། ཐུ་རུ་ཐུ་རུ། ད་ར་ད་ར། དུ་རུ་དུ་རུ། དྷ་ར་དྷ་ར། དྷུ་རུ་དྷུ་རུ། ན་ར་ན་ར། ནུ་རུ་ནུ་རུ། པ་ར་པ་ར། པུ་རུ་པུ་རུ། ཕ་ར་ཕ་ར། ཕུ་རུ་ཕུ་རུ། བ་ར་བ་ར། བུ་རུ་བུ་རུ། བྷ་ར་བྷ་ར། བྷུ་རུ་བྷུ་རུ། མ་ར་མ་ར། མུ་རུ་མུ་རུ། ཡ་ར་ཡ་ར། ཡུ་རུ་ཡུ་རུ། ར་ར་ར་ར། རུ་རུ་རུ་རུ། ལ་ར་ལ་ར། ལུ་རུ་ལུ་རུ། ཝ་ར་ཝ་ར། ཝུ་རུ་ཝུ་རུ། ཤ་ར་ཤ་ར། ཤུ་རུ་ཤུ་རུ། ཥ་ར་ཥ་ར། ཥུ་རུ་ཥུ་རུ། ས་ར་ས་ར། སུ་རུ་སུ་རུ། ཧ་ར་ཧ་ར། ཧུ་རུ་ཧུ་རུ། ཀྵ་ར་ཀྵ་ར། ཀྵ་རུ་ཀྵ་རུ། ཧཾ་ཧཱཾ། ཧིཾ་ཧཱིཾ། ཧུཾ་ཧཱུཾ། ཧེཾ་ཧཻཾ། ཧོཾ་ཧཽཾ། ཧཾ་ཧཿ གརྦྷ་གརྦྷ། ཛཱ་ཏི་ཛཱ་ཏི། དེ་ཝཱ་ནཱཾ། དཱ་མ་ཡ་དཱ་མ་ཡ། སརྦ་ཤ་རཱི་རཱ་ཡ་ཧཱུཾ། ཛ་ཡ་ཛ་ཡ་ཧཱུཾ། བི་ཛ་ཡ་བི་ཛ་ཡ་ཧཱུཾ། ས་ར་ས་ར་ཧཱུཾ། བི་ས་ར་བི་ར་ས་ཧཱུཾ། ཨགྣེ་ཧཱུཾ། བ་རུ་ཎེ་ཧཱུཾ། ཨ་ཎ་ལ་ཡ་ཧཱུཾ། བ་མ་ཝེ་ཧཱུཾ། ཨཱ་ཀཱ་ཤཱ་ཡ་ཧཱུཾ། སརྦ་རོ་གོ་པ་ཧ་རཱ་ཡ་ཧཱུཾ། བི་ཥ་བྷཀྵ་ཎཱ་ཡ་ཧཱུཾ། ཡནྟྲབཱ་ཧ་ནཱ་ཡ་ཧཱུཾ། ཀཱ་ལཱ་གྷ་ཡེ་ཧཱུཾ། དེ་བཱ་ཡ་ཧཱུཾ། ཡ་མཱ་ཡ་ཧཱུཾ། ཀུ་བེ་རཱ་ཡ་ཧཱུཾ། ད་ཏྱཱ་ཡ་ཧཱུཾ། ཨིནྡྲ་ཡ་ཧཱུཾ། བྷཱུ་ཏཱ་ཡ་ཧཱུཾ། སརྦ་ས་ཏྭཱ་ཡ་ཧཱུཾ། བརྟ་ཙཀྲཱ་ཡ་ཧཱུཾ། དྷརྨ་དྷཱ་ཏ་ཝེ་ཧཱུཾ། མུ་ཁཱ་ཡ་ཧཱུཾ། ནཻ་ཏྲཱ་ཡ་ཧཱུཾ། ཀ་པཱ་ལ་མཱ་ལི་ནེ་ཧཱུཾ། བྷུ་ཛཱ་ཡེ་ཧཱུཾ། ཨསྟྲ་ཡ་ཧཱུཾ། ཙ་ར་ཎཱ་ཡ་ཧཱུཾ། ཛ་ཊཱ་མུ་ཀུ་ཊཱ་ཡ།


TNT07_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

མ་ས་མ་ས། ག་ས་ག་ས། ར་ས་ར་ས། བྷ་ར་བྷ་ར། མ་ཌ་མ་ཌ། ཏྲ་ཊ་ཏྲ་ཊ། གྷ་ཊ་གྷ་ཊ། མུཉྩ་མུཉྩ། གྷོ་རཱ་ན་དྷ་ཀཱ་ར་པྲི་མཱ་ཡ། ཕིཾ་ཕིཾ། ཕུ་ད་ཕུ་ད། མ་ར་མ་ར། པ་ར་མཱརྠ་རཱུ་པི་ཎེའི། ཤཱནྟི་ཀ་རཱ་ཡ། པུཥྟི་བ་རི་ཌ་ནཱ་ཡ། ལོ་ཀ་པཱ་ལ་རཱུ་བི་ཎེ། སརྦ་ཤ་རཱི་ར་རཱུ་པཱ་ཡ། པྲྀཀྵ་གུལྨོ་ལ་ཏཱ་ཡ། སབྦྷ་རཱུ་པཱི་ཎེ། སརྦ་བསྟུ་ནེ་མཱ་ར་ཎཱ་ཡ། རཱུ་པཱ་ཡ། བྷཀྵ་ཡ། བྷཀྵ་ཎ་རུ་པཱ་ཡ། ནི་རོ་པཱ་མཱ་ཡ། ནི་རོ་པཱ་མ་མུ་ཁ་བེ། ཧ་ས་ཧ་ས། བི་ལཱ་ས་བི་ལཱ་ས། ནྲྀ་ཏྱཱ་པ་ཡ། ནྲྀ་ཏྱཱ་པ་ཡ། དྭཱིནྡྲི་ཡ་ཡོ་གཱ་ཡ། ནིཿསྭ་བྷཱ་ཝ་མཧཱ་ཏྤ་ནེ། ཤཱསྟྲ་དྷཱ་ར་ཎི་ཝ་ར་ཎཱ་ཡ། ནཱ་ནཱ་བྷི། ཙ་ར་ཙྪེ་ད་ནི། ཙུམྤ་ཙུམྤ། ཧུ་ལུ་ཧུ་ལུ། ཙུ་ལུ་ཙུ་ལུ། ཧཱུཾ་ཧ་ཧཱུཾ་ཧཱ། ཧཱུཾ་ཧི་ཧཱུཾ་ཧཱི། ཧཱུཾ་ཧུ་ཧཱུཾ་ཧཱུ། ཧཱུཾ་ཧེ་ཧཱུཾ་ཧཻ། ཧཱུཾ་ཧོ་ཧཱུཾ་ཧཽ། ཧཱུཾ་ཧཾ་ཧཱུཾ་ཧཿ ཧུཾ་ཧཱུཾ། ཧྲིཾ་ཧྲཱིཾ། ཛུཾ་ཛཱུཾ། ཀྲོཾ་ཀྲོཾ། ཕིཾ་ཕཱིཾ། ཕུཾ་ཕཱུཾ། ཕེཾ་ཕཱེཾ། ཕོཾ་ཕཱོཾ། ཕཾ་ཕཱཾ། ཕཿཕཱཿ ཀུ་ཙ་ཀུ་ཙ། ཏྲ་ཊ་ཏྲ་ཊ། མ་ཊ་མ་ཊ། ར་ཋ་ར་ཋ། ད་ཋ་ད་ཋ། ཛ་ཋ་ཛ་ཋ། མ་ད་ན་མ་ད་ན། ཧུཾ་ཧུཾ་ཧུཾ་ཧུཾ། ཧུཾ་ཧུཾ་ཧུཾ་ཧུཾ། ཧུཾ་ཧུཾ་ཧུཾ་ཧུཾ། ཧུཾ་ཧུཾ་ཧུཾ་ཧུཾ་ཕཊ་སྭཱཧཱ། ཞེས་པ་ཡབ་ཀྱི་རྩ་བའི་སྔགས་འདི་ཉིད་དང༌། ཡུམ་གྱི་རྩ་བའི་སྔགས་ཏེ། བཟླས་བྱའི་གཙོ་བོ་ནི་འདི་གཉིས་ཡིན་ལ། དེ་ཙམ་བཟླ་བ་མི་ལྕོགས་ན་རྩ་སྔགས་གཉིས་པོ་ཚར་གཅིག་བཏོན་ནས། ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་གང་མོས་པ་ཞིག་བཟླ་བར་བྱའོ། །འཁོར་གྱི་སྔགས་རྣམས་ནི། བདག་བསྐྱེད་བཟླས་པའི་སྐབས་


TNT07_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ་མི་དགོས་ལ། དཀྱིལ་འཁོར་མཆོད་པ་ལ་སོགས་པའི་གནས་སྐབས་འགའ་ཞིག་ཏུ་དགོས་མོད་ཀྱི་གཞན་དུ་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་ཉེ་བར་བསྡུ་བ་ནི། རིག་མ་བཅུ་དྲུག་གིས་མཆོད། རྐང་བརྒྱད་དམ་མཚན་བརྒྱ་གང་རུང་གིས་བསྟོད་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་གྱི་མེའི་རྭ་བ་ནས་བརྩམས་བདག་ཉིད་ཀྱི་བར་དུ་ཕྱི་མ་ཕྱི་མ་ནང་མ་ནང་མ་ལ་ཐིམ། རང་ཉིད་ཀྱང་སྙིང་གའི་ཧཱུཾ་ལྗང་སྔོན་ལ་ཐིམ། དེ་ཡང་ནཱ་དའི་བར་དུ་བསྡུས་ཏེ་ནཱ་ད་ཡང་དབྱིངས་སུ་ཐིམ་པར་གྱུར། ཅུང་ཟད་མཉམ་པར་བཞག སྟོང་པའི་ངང་ལས་བདག་དཔལ་མཁའ་འགྲོ་རྒྱ་མཚོའི་གཟུགས་ཀྱིས་གནས་པར་གྱུར། ཞེས་བརྗོད། དེ་ནས་དག་པ་དྲན་པ་མདོར་བསྡུས་པ་ནི། ཀུན་རྫོབ་དང་ནི་དོན་དམ་པ། །དཀྱིལ་འཁོར་པ་དང་གཙོ་བོའོ། ཁྲག་འཐུང་གཉིས་མེད་དངོས་པོ་རུ། །འདི་གསུམ་གྱིས་ནི་ཁམས་གསུམ་མོ། །ཐམས་ཅད་ཐིག་ལེའི་གཟུགས་བདག་ཉིད། །བདེན་པ་གཉིས་སུ་བཟུང་བ་མེད། །ཡོད་པ་གཟུགས་མེད་བདག་ཉིད་དེ། །རྟོག་པ་ཙམ་དུ་ཁྱབ་བདག་ཆེ། །སྦྱིན་པ་ཀུན་རྫོབ་གཟུགས་བདག་ཉིད། །ཕ་རོལ་ཡང་ནི་དོན་དམ་པའོ། །དང་པོའི་སྦྱོར་བ་དེས་འགྲུབ་བོ། །ཚུལ་ཁྲིམས་བསྙེན་པ་སོགས་སུ་འདོད། །ཕར་ཕྱིན་རྒྱུ་ཡི་རྡོ་རྗེ་འཆང༌། །སྟོང་ཉིད་སྙིང་རྗེའི་བདག་ཉིད་དོ། །བཟོད་པ་ཚངས་པར་སྤྱོད་པ་ཡི། །དཀྱིལ་འཁོར་འབྱིན་པ་ཡང་ནི་དེ། །རྒྱལ་པོ་བདེ་བ་ཀུན་ལ་གནས། །མཆོག་ནི་རང་གི་ཕ་རོལ་ཕྱིན། །བརྩོན་འགྲུས་དགའ་ཆེན་ཐམས་ཅད་ལས། །མདོག་དང་བཞུགས་ཚུལ་བདག་


TNT07_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས། །ཕ་རོལ་ཕྱིན་རྣམས་རང་བཞིན་དུ། །ཡེ་ཤེས་རྣམ་པར་ཀུན་ཏུ་འབྱུང༌། །ཡེ་ཤེས་སེམས་སོགས་བསམ་གཏན་ཏེ། །ཕར་ཕྱིན་འོད་ཟེར་སྤྲོ་བའོ། །ཡེ་ཤེས་དཀྱིལ་འཁོར་དང་དབང་བསྐུར། །ཤེས་རབ་ལས་ཀྱི་རྒྱལ་པོ་མཆོག །རང་རང་མགོ་བོར་རིགས་ཀྱིས་ནི། །རྒྱས་བཏབ་ཕ་རོལ་ཕྱིན་པའོ། །སྟོབས་ནི་སྙིང་རྗེའི་དཔའ་བོ་སྟེ། །སྟོང་པ་ཉིད་ནི་རྣལ་འབྱོར་མ། །ཕ་རོལ་ཕྱིན་མ་གཉིས་མེད་ཀུན། །གཡོན་པར་ཞུགས་སྐྱེས་གང་བདེ་བ། །ཐབས་ནི་ཐིག་ལེའི་རྣལ་འབྱོར་ཏེ། །ཕ་རོལ་ཕྱིན་པ་ཐེག་པ་ཆེ། །སྨོན་ལམ་སྔགས་ཀྱི་བཟླས་པ་སོགས། །ཕར་ཕྱིན་ཕྲ་མོའི་རྣལ་འབྱོར་རོ། །ཡེ་ཤེས་དཀྱིལ་འཁོར་མ་ལུས་པ། །ཕག་མོ་དང་ནི་བསྲེས་པ་ལས། །བསྡུ་བ་ཕ་རོལ་ཕྱིན་པ་སྟེ། །འཇིག་རྟེན་ཁམས་ཀྱི་རྣམ་དག་པའོ། །སྲིད་དང་མྱ་ངན་འདས་གཟུགས་བདག །སྒྱུ་མ་སྙིང་རྗེ་ལས་བྱུང་བའོ། །ཐམས་ཅད་བདེན་མིན་རྫུན་མིན་པའོ། །སྐྱེ་མིན་མི་སྐྱེ་མིན་སྤངས་པའོ། །ཞེས་སོ། །གོང་དུ་བཤད་པ་བཞིན་ལུས་ཀྱི་ཕྱིའི་གོ་ཆ་རྣམས་བཀོད་ནས། སྙིང་གར་ཨོཾ་དཀར་པོ་རྡོ་རྗེ་སེམས་དཔའ༴ ཞེས་པ་ནས། ཐམས་ཅད་གང་བར་གྱུར། ཨོཾ་སུམྦྷ༴ སོགས་མཚམས་རྔམ་བྱ། བདག་དང་སྣང་བའི་དངོས་པོ་ཐམས་ཅད་འཁོར་ལོ་སྡོམ་པའི་སྐུའི་རང་བཞིན། ཞེས་སོགས་ལཱུ་ནག་དང་མཐུན་པར་བརྗོད། སྣང་བ་ཐམས་ཅད་ལྷར་མོས་བཞིན་དུ་དགེ་བའི་རྩ་བ་བསྔོའོ། །གཏོར་མའི་ཆོ་ག་ལ་གཏོར་མ་བྱིན་རླབས་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་


TNT07_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ལ་ཧོ་བྷ་ག་ཝཱ་ན་བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་པས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་སྦྱངས། སྟོང་པའི་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཨོཾ་ཨཱཿཧཱུཾ་ལས་བྱུང་བའི་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པ་དུམ་བུ་གསུམ་པ། ཕྱི་དཀར་ལ་ནང་དམར་བ། དེའི་ནང་གི་ཤར་དུ་ཨོཾ་དཀར་པོ་ལས་དྲི་ཆེན་ཨོཾ་གྱིས་མཚན་པ། བྱང་དུ་ཁཾ་ལྗང་ཁུ་ལས་ཤ་ཆེན་གྱི་དངས་མ་ཁཾ་གིས་མཚན་པ། ནུབ་ཏུ་ཨཾ་དམར་པོ་ལས་བྱང་ཆུབ་ཀྱི་སེམས་ཨཾ་གིས་མཚན་པ། ལྷོར་ཏྲཾ་སེར་པོ་ལས་རཀྟ་ཏྲཾ་གིས་མཚན་པ། དབུས་སུ་ཧཱུཾ་སྔོན་པོ་ལས་དྲི་ཆུ་ཧཱུཾ་གིས་མཚན་པ། །མེར་ལཾ་དཀར་པོ་ལས་བ་ལང་གི་ཤ་ལཾ་གིས་མཚན་པ། བདེན་བྲལ་དུ་མཱཾ་སྔོན་པོ་ལས་ཁྱིའི་ཤ་མཱཾ་གྱིས་མཚན་པ། རླུང་དུ་བཾ་དམར་པོ་ལས་གླང་པོའི་ཤ་པཱཾ་གྱིས་མཚན་པ། དབང་ལྡན་དུ་ཏཱཾ་ལྗང་ཁུ་ལས་རྟའི་ཤ་ཏཱཾ་གྱིས་མཚན་པ། དབུས་སུ་བཱཾ་དམར་པོ་ལས་ཤ་ཆེན་བཱཾ་གྱིས་མཚན་པ། འོག་གི་རླུང་གཡོས་མེ་འབར་བས། རྫས་བཅུ་ཡི་གེ་དང་བཅས་པ་ཞུ་བ་ཉི་མ་འཆར་ཀའི་མདོག་ལྟར་དམར་སེར་གསལ་


TNT07_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དྭངས་པར་གྱུར་པའི་སྟེང་ཐད་དུ། ཧཱུཾ་ཡིག་ལས་བྱུང་བའི་ཁ་ཊྭཾ་ག་དཀར་པོ་བྱང་ཆུབ་ཀྱི་སེམས་བདུད་རྩིའི་རང་བཞིན་ཅན་མགོ་བོ་ཐུར་དུ་ལྟ་བ། དེ་ལས་བདུད་རྩི་དཀར་པོ་བབས་ཏེ། དེར་ལྷུངས་པ་གཡོན་སྐོར་དུ་ལན་གསུམ་དཀྲུགས་ཤིང་ཞུ་བས་དངུལ་ཆུའི་མདོག་ཅན་ཤིན་ཏུ་བསིལ་བའི་བདུད་རྩིར་གྱུར། དེའི་སྟེང་གི་ནམ་མཁའ་ལ། ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཐ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་པ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ་རྣམས་ཁ་དོག་སྣ་ཚོགས་པ་ཡོངས་སུ་གྱུར་པ་ལས། ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ་རྣམས་སྟེང་ནས་སྟེང་དུ་བརྩེགས་པ། དེ་ལས་འཁོར་ལོ་གསུམ་གྱི་ལྷ་དང་བཅས་པའི་འོད་ཟེར་ལྔ་འཕྲོས། རྒྱ་མཚོ་ལ་སོགས་པ་ན་གནས་པའི་བདུད་རྩི་དང༌། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་ཐམས་ཅད་ཀྱི་ཐུགས་ཀ་ནས་བདུད་རྩི་བཀུག་ཅིང༌། འགྲོ་བ་རྣམས་འཁོར་གསུམ་གྱི་ལྷར་བྱས་པ་རྣམས་སྤྱན་དྲངས། སྙོམས་འཇུག་གི་བདེ་བས་ཞུ། དེ་ཐམས་ཅད་ཡིག་འབྲུ་གསུམ་ལ་ཐིམ། ཨོཾ་ཨཱཿཧཱུཾ་ཡང་རིམ་པས་བདུད་རྩི་ཞུ་བ་གཏོར་མ་ལ་ཐིམ་པས། ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོའི་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་སྟེ་བྱིན་གྱིས་


TNT07_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་པའོ། །དེ་ནས་མགྲོན་སྤྱན་དྲངས་ཤིང་གཏོར་མ་འབུལ་བ་ནི། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས། རྣམ་པ་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཆེན་པོ་དཔལ་ཧེ་རུ་ཀ་མཁའ་འགྲོ་རྒྱ་མཚོའི་ལྷ་ཚོགས་ཕྱི་རོལ་ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། འབར་བའི་ཕྱག་རྒྱ་དཔྲལ་པར་བསྐོར་ཞིང༌། ཕེཊ་ཅེས་བརྗོད། རང་གི་མདུན་གྱི་ཆོས་འབྱུང་གི་ནང་དུ་པདྨའི་གདན་ལ་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་བཞུགས་ཤིང༌། ཕྱོགས་སྐྱོང་བ་ལ་སོགས་པ་ཕྱི་རོལ་དུ་འཁོད་པར་གྱུར། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་རྣམས་སྐད་ཅིག་གིས་འོད་གསལ་དུ་བཅུག་ནས། དཔལ་ཧེ་རུ་ཀ་མཁའ་འགྲོ་རྒྱ་མཚོ་ཤེས་རབ་མ་དང་བཅས་པའི་སྐུར་བཞེངས་པར་གྱུར། དེ་ནས་ཆུ་གཉིས་ཉེར་སྤྱོད་རིགས་བཅུ་དྲུག་ལྷ་མོ་བརྒྱད་རྣམས་ཀྱིས་མཆོད། ལག་པ་གཡོན་དུ་ཨཱ་ལི་ལས་ཟླ་བ། གཡས་སུ་ཀཱ་ལི་ལས་ཉི་མ། དབུས་སུ་ཧཱུཾ། ཉི་ཟླ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་བ་རྡོ་རྗེ་ཐལ་མོར་གྱུར། ཨོཾ་ཨ་ནོ་ནྱ་ཨ་ནུ་ག་ཏཱཿ སརྦ་དྷརྨཱཿཔ་ར་སྤ་རེ། ཨ་ནུ་པྲ་པྲེཥྟ་སརྦ་དྷརྨཱཿཨ་རྻནྟ། ཨ་ནུ་པྲ་པྲྀཥྟ་སརྦ་དྷརྨཱཿཧཱུཾ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་ནས་རྒྱུར་གྱུར་ཅིག མགྲོན་རྣམས་ཀྱིས་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཛྲ་ཨ་རལླི་ཧོཿ བཛྲ་ཌཱ་ཀི་ནི་ས་མཱ་ཡ་སྟྭཾ། །དྲྀ་བྱ་ཧོཿཞེས་པ་ལན་གསུམ་དང་


TNT07_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བྷ་ཀྵ་བྷ་ཀྵ་སརྦ་ཡོ་ག་ཡོ་གཱི་ཤྭ་རེ་ཧཱུཾ་ཧཱུཾ་ཧཱུཾ་ཛཿསྭཱཧཱ། ཞེས་པ་ལན་ལྔས་དཀྱིལ་འཁོར་པ་རྣམས་ལ་ཕུལ། ཨོཾ་བཛྲ་ཏམྦྷུ་བཱ་ཡ་སྭཱཧཱ། ཨོཾ་བཛྲ་ཧཱ་ས་ཨྱ་སྭཱཧཱ། ཞེས་པས་སོ་རྩི་དང་ན་བཟའ་ཕུལ། གོང་བཞིན་ཞབས་བསིལ་ཀྱང་ཕུལ། རྐང་པ་བཞི་བཅུ་རྩ་བརྒྱད་པ་དང༌། རྐང་བརྒྱད་གཉིས་ཀྱིས་བསྟོད། སྲིད་དང་ཞི་བ་མཉམ་པ༴ ཞེས་པ་ནས། བདག་ལ་རྗེས་བརྩེར་མཛད་དུ་གསོལ་གྱི་བར་གྱིས་འདོད་དོན་གསོལ་བ་བཏབ། དེ་ནས་འཇིག་རྟེན་པ་རྣམས་ལ་འབུལ་བ་ནི། རྡོ་རྗེ་ཐལ་མོ་གྱེན་དུ་ཁ་ཕྱེ་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཀྵ་ས། བྷུ་ཏ་པྲཱེ་ཏ་བི་ཤ་ཙ། ཨུ་ན་མ་དྱ། ཨ་པསྨཱ་ར། ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བཱ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪནྟ། ཡ་ཐཻ་བཾ། ཡ་ཐཻཥྟཾ། བྷུཉྫ་ཐ། པི་པ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡ། སཏྶུ་ཁཾ། བི་བྲྀདྡྷ། ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ལན་གསུམ་གྱིས་ཕུལ། ཞིང་སྐྱོང་རྣམས་ལ་ཁྱད་པར་གྱིས་འབུལ་བ་ནི། ཨོཾ་ཀཀྐ་དྷ་ནཾ། བབྦྷནྡྷ་ནཾ། ཁཁྑ་ད་ནཾ། སརྦ་དུཥྟཾ། ཧ་ན་ཧ་ན། གྷཱ་ཏ་ཡ་གྷཱ་ཏ་ཡ། མ་མ་ཀརྻཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ལན་གསུམ། ཨོཾ་ཧ་ཧོ་ཧྲི་སྭཱཧཱ་ཞེས་པས་ནང་མཆོད་ཕུལ། ལྷ་ཡི་ཚོགས་རྣམས་མ་ལུས་དང་༴ ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་བསྟོད་ཅིང་འདོད་དོན་གསོལ་བ་བཏབ། དྲིལ་བུ་རྒྱུན་དཀྲོལ་དུ་བྱེད་ཅིང༌། འགྲོ་བ་ཀུན་


TNT07_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མཆོག་ཏུ་དགའ་བའི་རང་བཞིན་ཏེ། །རྣལ་འབྱོར་མ་ཡི་འཁོར་ལོའི་རང་བཞིན་དུ་གནས་ཀྱི། །ཨ་རེ་རེ་རེ་གཏི་མུག་ཕྱུགས་ཀྱིས་མི་ཤེས་སོ། །ལྷན་སྐྱེས་མཛེས་མ་བླངས་ནས་བདེ་བ་ཆེ་ལ་མནོས། །ཤམྦྷུ་ས་གསུམ་མ་ལུས་འགྲོ་བ་སངས་རྒྱས་ཀྱི་རང་བཞིན། །སྙིང་རྗེའི་གཞོན་ནུ་མ་དང་ལྷན་ཅིག་རོལ་པར་བྱོས། །ཨ་རེ། གང་གི་དོན་དམ་ལ་ནི་མ་བསྒོམས་པས། །དེ་ཡིས་སངས་རྒྱས་ཉིད་ནི་ཐོབ་པ་མ་ཡིན་ནོ། །ཨ་རེ། ནང་དང་ཕྱི་ནི་དབྱེ་བ་མེད་པར་ཤེས་པར་གྱིས། །འཇིག་རྟེན་ཐམས་ཅད་བསྒྲལ་བར་ནུས་པའོ། །ཨ་རེ། དེ་ནས་ཡིག་བརྒྱ་ལན་མང་དུ་བརྗོད། མིག་གི་ཕྱག་རྒྱ་བསྟན་ལ། པད་སྐོར་སྔོན་དུ་འགྲོ་བ་ལྟེ་བར་འཁྱུད་རྒྱ་བྱས་པའི་མཐར་སེ་གོལ་གཏོགས་ཏེ། ཨོཾ་བཛྲ་མུཿ དཀྱིལ་འཁོར་པ་བདག་གི་སྨིན་མཚམས་སུ་ཐིམ། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས། སྐབས་འདིར། མཁའ་འགྲོ་མ་རྣམས་འདུས་ལ་གུས་པས་མཆོད་པ་དང་སོགས་ཤླཽ་ཀ་གཉིས་ཀྱིས་སྨོན་ལམ་གདབ་པར་བཤད་པ་ནི། ཚོགས་དང་གཏོར་མ་ལྷན་ཅིག་ཏུ་བྱེད་པའི་དབང་དུ་བྱས་པ་ཡིན་ལ། ཚོགས་འཁོར་གྱི་བྱ་བ་དང་མ་འབྲེལ་བར་གཏོར་མ་རྐྱང་པ་ལ་ནི། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་ནད་མེད་པར། །སངས་རྒྱས་ཉིད་དུ་འགྲོ་བ་ཡི། །ལམ་དེ་ཉིད་དུ་འགྲུབ་གྱུར་ཅིག །མ་སྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །རྣལ་འབྱོར་གཙུག་ལག་བསྟན་བཅོས་ལ། །ད་ལྟ་ཉིད་དུ་གནས་པར་བགྱི། །ཞེས་


TNT07_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྨོན་ལམ་ཅི་རིགས་པར་གདབ་ཅིང༌། བཀྲ་ཤིས་ཀྱི་གླུ་དབྱངས་ཀྱང་བླང་བར་བྱའོ། །འདི་ནི་རྒྱུན་གྱི་ཉམས་ལེན་གྱི་གཏོར་ཆོག་སྟེ་བསྡུས་པ་ཡིན་ཞིང༌། འབྱུང་པོ་ཐམས་ཅད་པའི་གཏོར་མའམ། ཕྱོགས་སྐྱོང་གི་གཏོར་མ་ཆེན་པོ་དང༌། ཞིང་སྐྱོང་གི་གཏོར་མ་རྣམས་ནི། ལྷའི་བསྐྱེད་ཆོག་ཤིན་ཏུ་རྒྱས་པས། འདིར་མ་བྲིས་ཏེ་ཤེས་པར་འདོད་ན་གཞན་དུ་བལྟ་བར་བྱའོ། །འདི་ལས་དགེ་བ་གང་ཐོབ་པ། །འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །བདག་ཀྱང་དེ་རིང་ཕན་ཆད་དུ། །འགྲོ་བའི་འདྲེན་པ་ཉིད་དུ་ཤོག །དེ་ལ་དཀྱིལ་འཁོར་དེ་ཉིད་ཀྱི་སྒྲུབ་ཐབས་ཤིན་ཏུ་མང་པོ་རྣམས་ཕལ་ཆེར་ཚིག་ཚོགས་ཆེ་བ་ལྷུར་བླངས་པས། དེང་སང་ཕན་ཐོགས་ཆུང་བར་མཐོང་ཞིང༌། ཚིགས་བཅད་དུ་སྡེབས་པའི་སྒྲུབ་ཐབས་བསྡུས་པ་འགའ་ཟུང་ཡང་སྣང་མོད་ཀྱི། གོ་དཀའ་ཞིང་ངག་འདོན་དང་སྒོམ་དོན་གྱི་དབྱེ་བ་ཕྱེད་དཀའ་བ་དང༌། ཡང་སྒྲུབ་ཐབས་འགའ་ཞིག་ལ་དགོས་པའི་དོན་ཆད་པ་ཡང་སྣང་བས། ཉུང་ངུ་རྣམ་གསལ་ཡང་དག་རྫོགས། །ཞེས་པའི་ཚུལ་དུ་བྱས་པ་ཡིན་ནོ། །དཔལ་མཁའ་འགྲོ་རྒྱ་མཚོའི་སྒྲུབ་ཐབས་མཐའ་རྒྱས་དོན་མཐའ་དག་མ་ཚང་བ་མེད་པ་ལ་ཚིག་ཟོར་ཤིན་ཏུ་ཡང་བར་བྱས་པ་འདི་ཡང༌། ཏཱ་ར་ནཱ་ཐཱའི་རོལ་རྩེད་དོ། ཞུ་དག མངྒ་ལཾ།། །།


TNT07_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་བདག་འཇུག་གསང་བའི་སྙིང་པོ།


TNT07_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་བདག་འཇུག་གསང་བའི་སྙིང་པོ་ཞེས་བྱ་བ་བཞུགས།


TNT07_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྲི་ཧེ་རུ་ཀ་མཎྜལ་ལེ་བྷྱཿ དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་བདག་འཇུག་གསང་བའི་སྙིང་པོ་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་རྒྱལ་ཆེན་ཧེ་རུ་ཀའི། །ཞབས་ཀྱི་པདྨོར་ཕྱག་འཚལ་ལོ། །མཁའ་འགྲོ་རྒྱ་མཚོ་ལས་བྱུང་བའི། །དཀྱིལ་འཁོར་ཆོ་ག་མདོ་ཙམ་བྲི། །འདིར་འཁོར་ལོ་བཅུ་གཉིས་ཀྱི་བདག་ཉིད་ཅན། དཔལ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་གའི་ངག་འདོན་འཁྱེར་བདེ་བར་བརྗོད་ན། དཀྱིལ་འཁོར་གྱི་ས་གཞིའི་གནས་སུ་དྲིའི་མཎྜལ་གནས་འཛིན་གྱི་ཚོམ་བུ་དང་དང་བཅས་པ། མཆོད་ཡོན་ཆེན་པོ་སོགས་མཆོད་པ་རྣམས་ཀྱང་བཤམས། རྡོར་དྲིལ་ནང་མཆོད་སོགས་འདུས་བྱས་ཤྲཱི་ཧེ་རུ་ཀོ྅་ཧཾ་ཞེས། བདག་ཉིད་དཔལ་ཧེ་རུ་ཀ་མཁའ་འགྲོ་རྒྱ་མཚོའི་འཁོར་ལོའི་དབང་ཕྱུག་ཏུ་གྱུར། སྐུའི་རྣམ་པ་དང་ང་རྒྱལ་བརྟན་པོ་བཟུང༌། སྔོན་འགྲོ་གཏོར་མ་བཏང༌། གནས་ཡོ་བྱིན་རླབས་བྱས། ནང་མཆོད་ཡང་གཏོར་མ་ལྟར་བྱིན་གྱིས་རླབས། འདི་ཐོག་མར་བྱེད་པའང་མི་འགལ་མོད། སྔོན་འགྲོ་གཏོར་མ་དང༌། ཐོག་མའི་གནས་ཡོ་བྱིན་རླབས་ལ། ནང་མཆོད་ཀྱིས་གསང་བའང་ངེས་པར་དགོས་པ་མ་ཡིན་པས་སྐབས་འདིར་བྱེད་པ་


TNT07_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཤས་ཆེའོ། མདུན་གྱི་མཎྜལ་གྱི་གཞི་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ། གཞལ་མེད་ཁང་རིམ་པ་བཞི་འཁོར་ལོ་རིམ་པ་བཅུ་གཉིས། དབུས་སུ་སྣ་ཚོགས་ཐིག་ལེའི་འཁོར་ལོ་འདབ་མ་བཞི་བཅུ་རྩ་བརྒྱད་པ། ཕྱི་ནང་གི་ལྷའི་གདན་དང་བཅས་པ་སྐད་ཅིག་གིས་གྲུབ་པར་གྱུར། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བྱང་སེམས། དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད། དཔལ་ཧེ་རུ་ཀ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་རྣམ་པར་ཕཻཾ། ཨོཾ་སུམྦྷ༴ སོགས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་ཏིཥྛ་ཨཱ་ས་ན་ཧཱུཾ་སྭཱཧཱ། ལན་གསུམ་སོགས་བརྗོད། ཛཿཧཱུཾ་བཾ་ཧོཿ ལན་མང་དུ་བརྗོད། དེ་ཡང་དབུས་ཀྱི་པདྨའི་ལྟེ་བ་ལ་ཉི་མ་དང༌། དུས་མེ། ཞེས་པ་ནས། བཞུགས་ཚུལ་དང༌། ཕྱག་རྒྱ་མ་ངེས་པའོ། །ཞེས་པའི་བར། ལྷ་ཐམས་ཅད་ཀྱི་ཞལ་ཕྱག་རྣམས་གསལ་གདབ། དེ་ནས་སྤྲོ་ན་


TNT07_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་རྣམས་སླར་ཡང་བྱིན་རླབས་ཁ་གསོས། མཆོད་འཕྲེང་དང་མཐུན་པར་ཆུ་གཉིས་ཉེར་སྤྱོད་རོལ་མོ་ན་བཟའ། རིག་མ་བཅུ་དྲུགརྒྱལ་སྲིད་སྣ་བདུན། འདོད་ཡོན་སྣ་ལྔ། ནང་མཆོད། གསང་མཆོད། རྐང་པ་བཞི་བཅུ་ཞེ་བརྒྱད་པའི་བསྟོད་པ་ཙམ་བྱས་ལ། གཏོར་མ་བཤམས་ཤིང་བྱིན་གྱིས་རླབས། སྒྲུབ་ཐབས་ལྟར་འབུལ། ཡིག་བརྒྱ་དང་བཟོད་གསོལ་བྱས་ནས། ཨོཾ་བཛྲ་ཨུདྷི་ཥྛས་ནམ་མཁར་བཏེགསླར་ཡང་འཇིག་རྟེན་པའི་གཏོར་མ་བཤམས་ཤིན་ཏུ་བསྡུ་ན། གནས་ཀྱི་བདག་པོ་ལ་དམིགས་ནས། །མཁའ་འགྲོ་སྤྱི་གཏོར་བསྡུས་པས་ཀྱང་རུང་ཙམ་ཡིན་མོད་ཀྱང༌། ངེས་པར་ན། མཁའ་འགྲོ་སྤྱི་གཏོར་ཆེན་མོ་དང༌། འབྱུང་པོ་སྤྱི་གཏོར་ཆེན་མོ་གཉིས་ཡོད་པ་གཉིས་ཀའམ་གང་རུང་ཅིག་གལ་ཆེའོ། །གཏོར་ཆོག་རྒྱས་བསྡུས་ཅི་ལྟར་ཡང༌། འདོད་གསོལ་གྱི་མཐར། གནས་ཀྱི་བདག་པོ་རྣམས་ལ་དམིགས་ཏེ། གང་དག་འདིར་གནས་ལྷ་དང་ཀླུ། །ནོད་སྦྱིན་སྲིན་མོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱོད་ཀྱིས་སྩོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ། གཏོར་མ་ཕྱི་རོལ་དུ་བཏང་ངོ༌། །བར་འདིར་ཕུར་བཏབ་སྦྱིན་སྲེག་སོགས་བཤད་ཀྱང༌། མདོར་བསྡུས་པའི་སྐབས་མི་དགོས་སོ། །ནམ་མཁར་བཞུགས་པའི་ལྷ་ལ་ཡིད་ཀྱིས་གསོལ་བ་འདེབས། ཨོཾ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། དྲག་ཏུ་བཟླས་ཤིང་ཡུངས་ཀར་གྱིས་གཏོར། སྔར་གྱི་མཎྜལ་གྱི་ཤུལ་དུ་སའི་ལྷ་མོའི་ཚོམ་བུ་དང༌། མཆོད་གཏོར་བཤམས། ཊཀྐི་ནི་ཧཱུཾ་ཛཿ ཨོཾ་ཧཾ། ཞེས་པ་ནས། ཅི་བདེ་བར་མཛོད་ཅིག །ཅེས་པའི་བར་དཀྱིལ་མཆོག་བདེ་བ་ཆེན་མོའི་ཆར་ཡང་བཞིན་ནོ། །ཨོཾ་པྲི་ཐི་བཱི་དེ་བཱི་བྷྱཿ ཨརྒྷཾ་


TNT07_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཏཱིཙྪ་སྭཱཧཱ། སའི་ལྷ་མོ་སྟེང་གི་ནམ་མཁའ་ལ་བཞུགས་པར་གྱུར། ཚོམ་བུ་དང་མཆོད་པ་བསྡུས། གཏོར་མ་ཕྱི་རོལ་དུ་དོར། བརྐོ་སྦྱངས་ཀྱི་དུས་ནི་འདི་ཡིན་ཀྱང་ད་ལྟ་མི་དགོས་པས། ཡུང་ཆུ་ཤིང་ཐལ་རྣམས་ཀྱིས་གཏོར། བ་བྱུང་དང༌། དྲི་བཟང་བསྲེས་པས་བྱུགས། ཨོཾ་བྷུཿལཾ། ཧཱུཾ་ལཾ་ཧཱུཾ། ཨོཾ་མེ་དྷི་ནི་བཛྲི་བྷ་བ་བནྡྷ་ཧཱུཾ། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ཤོ་དྷ་ཡ་ཤོ་དྷ་ཡ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ། ཅེས་པའི་སྔགས་ཚན་རྣམས་ཇི་ལྟར་འོས་པ་བཟླས་ཞིང༌། ལག་པ་ས་ལ་རེགསྟེགས་བུ་དང༌། གཏེར་འཇུག་པའི་དུས་དེ་འདི་ཡིན་ཀྱང་དེང་སང་མི་དགོས་སོ། །དེ་ནས་ལག་ལེན་འགའ་ཞིག་ལ། སྐབས་འདིར་སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་རླབས་བྱེད་ཅིང༌། གོང་དུ་མི་བྱེད་པར་དེ་དུས་གསང་ཆུས་གཏོར་བ་ཙམ་གྱིས་སྲོལ་ཡོད་ཀྱང༌། ལག་ལེན་དཀྱུས་ལྟར་ལ་ཐེ་ཚོམ་མི་བྱའོ། །དེ་ལྟར་ན་སློབ་དཔོན་བདག་ཉིད་དཀྱིལ་འཁོར་གྱི་ས་གཞིར་འདུག་ལ། ཨོཾ་ཧཱུཾ། ཨོཾ་ཧྲཱི་སྭཱཧཱ། ཞེས་པ་ནས་བརྩམས་ཏེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླས་པ་རྫོགས་པ་ཡན་ཆད་སྒྲུབ་ཐབས་བཞིན་དུ་གཞུང་བསྲང་བར་བྱ། དེ་ནས་མཆོད་ཡོན་ཉེར་སྤྱོད་རོལ་མོ་དང་རྐང་བརྒྱད་གཉིས་ཀྱིས་བསྟོད་པ་བྱ། ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་གྱུར། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་ནི་རྡོ་རྗེ་ཆེ་གེ་ཡིས། །འདི་ནི་དཀྱིལ་འཁོར་བྲི་བར་བགྱི། །སངས་རྒྱས་ལ་སོགས་ཀུན་འབྱོན་འཚལ། །དངོས་གྲུབ་འདིར་ནི་


TNT07_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་སྩོལ། །ཞེས་གསོལ་བ་བཏབ། བདག་ནི་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །བདག་ནི་སྟོབས་ཆེན་རྡོ་རྗེ་ཡི། །བདག་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །ཕྱག་ན་རྡོ་རྗེ་བརྟན་པ་ང༌། །བདག་ནི་བདག་པོ་རྡོ་རྗེ་ཆེ། །བྱིན་གྱིས་རླབས་པ་མི་འདོར་རོ། །ཞེས་ང་རྒྱལ་བཟུང༌། འགྲུབ་ན་ཕྱོགས་བཞིའི་གསོལ་འདེབས་ཀྱང་བྱ། ཨོཾ་བཛྲ་ཨུ་ཏིཥྛ། དཀྱིལ་འཁོར་ནམ་མཁའ་ལ་བཏེག བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུར་གྱུར། མིག་གཡས་གཡོན་མ་དང་ཊ་ལས་ཉི་མ་དང་ཟླ་བར་གྱུར། མིག་འབྲས་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། ཨོཾ་ཀྲོ་དྷ་དྲྀཥྟི་ཧྲིཿ ཨོཾ་ཀྲོ་དྷ་དྲྀཥྟི་ཨ། རྐང་མཐིལ་གཉིས་སུ་སྣ་ཚོགས་རྡོ་རྗེའི་འབར་བ་རེ་རེས་མཚན་པར་གྱུར། ཧཱུཾ་ཧཱུཾ་ཞེས་བསྐོར་བ་གཅིག་སྔོན་དུ་འགྲོ་བས་དབང་ལྡན་ནས། ཧཱུཾ་ལུས་ངག་སེམས་ལ་གནས་པ་ཡི། །གེགས་ཀྱི་ཚོགས་རྣམས་ང་ལ་ཉོན། ཞེས་པ་ནས། འདིར་ནི་འཇིགས་འགྱུར་གཞན་དུ་མིན། ཞེས་པའི་བར་ལན་གསུམ་བརྗོད་ཅིང་རོལ་མོའི་སྒྲ་བྱ། ས་གཞི་ལ་ཡུངས་ཀར་གཏོར་རོ། །འགྲོས་དང་བཏང་སྙོམས་དགོས་པ་ཐམས་ཅད། བཀའ་བསྒོ་འདིའི་མགོ་གཞུག་ཏུ་ཡིན་མོད་ཀྱང༌། སྤྲོས་པ་ལ་མི་མོས་ན། དེ་དག་མེད་ཀྱང་ཆོ་ག་ཆད་པ་མིན་ནོ། །ཤཱུནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེའི་ས་གཞི་ར་བ་དྲ་བ། གུར་བླ་རེ། མདའི་དྲ་བ། ཡེ་ཤེས་ཀྱི་མེ་དཔུང་དང་བཅས་པའི་བསྲུང་བའི་འཁོར་ལོར་གྱུར། ཨོཾ་མེ་དྷི་


TNT07_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བཛྲ་བནྡྷ་ཧཱུཾ་སོགས། སྔགས་ཚུན་དྲུགསྡོམ་པའི་སྒྲུབ་ཐབས་སྤྱི་དང་མཐུན་པར་བརྗོད། ཨོཾ་ཤཱུ་ནྱ་ཏཱ༴ སྟོང་པའི་ངང་ལས། པཾ་ལས་པདྨ་རཾ་ལས་ཉི་མ། དེའི་སྟེང་དུ་བདག་ཉིད་ཁྲོ་བོ་ཆེན་པོ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ། སྐུ་མདོག་དུས་མཐའི་སྤྲིན་དང་མཚུངས་པ། ནག་སེལ་ལྗང་བའི་ཞལ་གསུམ་ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱས་འཛིན་པ། ལྷག་མ་གཡས་གཉིས་ཀྱིས་ལྕགས་ཀྱུ་དང༌། ཞགས་པ། གཡོན་གཉིས་ན་ཐོད་ཁྲག་དང༌། ཁ་ཊཾ་ག་བསྣམས་པ། ཞབས་གཉིས་གཡས་བརྐྱང་བས་འཇིགས་བྱེད་དང༌། དུས་མཚན་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས། ཐོད་སྐམས་ཀྱི་དབུ་རྒྱན། མི་མགོའི་དོ་ཤལ། རུས་པའི་རྒྱན་དྲུག་དང༌། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཧཱུཾ་གི་སྒྲ་དྲག་པོ་སྒྲོག་ཅིང༌། ཞལ་གདངས་པ། མཆེ་བ་གཙིགས་པ། ལྗགས་འགྲིལ་བ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། སྨ་ར་སྨིན་མ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། འགྲོ་བ་ཐམས་ཅད་ཀྱི་བགེགས་ཐམས་ཅད་འཇོམས་ཤིང་ཟ་བར་བྱེད་པའོ། །ཕུར་བུ་བཅུ་བསངས་སྦྱངས། སྟོང་པའི་ངང་ལས། སྟེང་དང་ཤར་གྱི་ཕུར་བུ་ཁྭ་གདོང་མ་སྔོན་མོ། བྱང་གི་ཕུར་བུ་འུག་གདོང་མ་ལྗང་ཁུ། འོག་དང་ནུབ་ཀྱི་ཕུར་བུ་ཁྱི་གདོང་མ་དམར་མོ། ལྷོའི་ཕུར་བུ་ཕག་གདོང་མ་སེར་མོ། ཤར་


TNT07_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོའི་ཕུར་བུ་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཀྱི་ཕུར་བུ་གཤིན་རྗེ་བརྟན་མ་གཡས་སེར་གཡོན་དམར་བ། ནུབ་བྱང་གི་ཕུར་བུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་གྱི་ཕུར་བུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་དྲག་མོ་ཆེན་མོ་གྲི་གུག་དང་ཐོད་པ་འཛིན་པ། ལྟེ་བ་མན་ཆད་ཕུར་བུའི་དབྱིབས་ཅན་ནོ། །རང་འདྲའི་ཡེ་ཤེས་སེམས་དཔའ་ཕཻཾ། ཛཿཧཱུཾ་བཾ་ཧོ། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད། སུམྦྷ༴ མང་དུ་བཟླ། ཡི་གེ་བརྒྱ་པ་དང༌། སུ་པྲ་ཏིཥྛཾ༴ བརྗོད། ཨོཾ་སུམྦྷ་སོགས་ཚར་གཅིག སྔགས་ཀྱི་འོད་ཟེར་ལས་བྱུང་བའི་སྒོ་མཚམས་མ་བརྒྱད་སྤྲོས། ཡང་སུམྦྷ༴ ཚར་གཅིག ཕྱོགས་བཅུའི་བགེགས་ཐམས་ཅད་ཚར་གཅོད་པའི་འཕྲིན་ལས་མཛོད་ཅིག ཕོ་ཉ་རྣམས་ཀྱི་བགེགས་ཁ་ཅིག་ནི་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་ལ་བཀོད། ནག་པོའི་རིགས་ཅན་ཁ་ཅིག་ནི་བསྒྲལ་ཏེ། བདེ་བ་ཅན་ལ་སོགས་པའི་ཞིང་དུ་གནས་སྤར། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་ནི་བཀུག་སྟེ་འོངས་པ་ཕྱོགས་བཅུར་འཁོད། སྟེང་གི་བགེགས་རྣམས་ཁྭ་གདོང་མ་དང༌། འོག་གི་བགེགས་རྣམས་ཁྱི་གདོང་མས་ཚར་བཅད་ཧཱུཾ་བཅུ་ལས་བྱུང་བའི་ཁྲོན་པ་གྲུ་གསུམ་ཟབ་ཅིང་རྒྱ་ཆེ་བ་བཅུའི་ནང་དུ་བཅུགཡང་ཧཱུཾ་ལས་ཕུར་བུ་བཅུ་སྤྲོས། ཕོ་ཉ་རྣམས་ཀྱི་ལག་པར་གཏད། བགེགས་ཀྱི་སྤྱི་བོར་བཙུགས། ཨོཾ་


TNT07_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

གྷ་གྷ་གྷཱ་ཏ་ཡ་གྷ་ཏ་ཡ། སརྦ་དུཥྟན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ཡ་ཡ། བཛྲ་དྷ་རོ་ཨ་ཛྙཱ་ཡ་ཏི། སརྦ་བིགྷཱཽན། ཀཱ་ཡ་ཝཱ་ཀཱ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཡང་ཧཱུཾ་ལས་ཐོ་བ་བཅུ་སྤྲོས། ཕོ་ཉ་རྣམས་ཀྱི་ལག་པ་གཡས་པར་གཏད། ཕུར་བུས་སྤྱི་བོར་བརྡུངས། ཨོཾ་བཛྲ་མུད་ག་ར་བཛྲ་ཀཱི་ལའི་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། བགེགས་རྣམས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐལ་ཕྱུང་ནས། དེ་དག་གི་ལུས་གཡོ་བ་མེད། ངག་རླུང་རྒྱུ་བ་མེད། སེམས་རྣམ་པར་རྟོག་པ་ཐམས་ཅད་བཅོམ་ནས། འོད་གསལ་གྱི་ངོ་བོར་གྱུར་ཞིང༌། སྨོན་ལམ་གྱི་སྟོབས་ལས་རྣམ་པར་ཤེས་པ་མི་བསྐྱོད་པའི་ཞིང་དུ་སྐྱེས་པར་གྱུར། ཞེས་བརྗོད། དེ་ནས་ཡིག་བརྒྱ་མང་དུ་བཟླས། སྨོན་ལམ་དང༌། བཀྲ་ཤིས་ཅི་རིགས་པ་བརྗོད་དེ། སའི་ཆོ་ག་མདོ་ཙམ་མོ། །གཉིས་པ་སྟ་གོན་ལ། སྔོན་འགྲོ་གཏོར་མ་དང༌། གནས་དང་ཡོ་བྱད་བྱིན་གྱིས་རླབས། སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྣམས་ཀྱང༌། སྒྲུབ་ཐབས་བདེ་བ་ཆེན་པོའི་ཆར་ཡང་ནས་བཤད་པ་ལྟར་བྱ། དེ་ནས་ཨོཾ་ཧཱུཾ་ཞེས་སྟན་བྱིན་གྱིས་རླབས་པ་ནས་བཟུང༌། སྐྱེ་དང་སྐྱེ་མིན་སྤངས་པའོ། །ཞེས་པའི་བར་དུ་བདག་བསྐྱེད་རྫོགས་པར་བསྒོམ། དེ་ནས་སའི་ལྷ་མོ་སྟ་གོན་བྱ་སྟེ། དེ་ཡང་དཀྱིལ་འཁོར་གྱི་ཆོ་ག་བདེ་བ་ཆེན་པོའི་ཆར་ཡང་ཇི་ལྟ་བ་བཞིན་ནོ། །དེ་ནས་ལྷ་སྟ་གོན་ནི། །ལས་ཐིག་ཏུ་གྲགས་པ་དཀར་ཐིག་བཏབ།


TNT07_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་གནས་ཐམས་ཅད་དུ་ཚོམ་བུ་བཀོད། མཆོད་པ་ལ་ལྷ་གྲངས་དང་མཉམ་པའི་མཆོད་པ་ནི་ངེས་པར་དགོས་པ་ཡིན་ཀྱང༌། དེ་སང་གི་བོད་པས་མི་འབྱོར་བས། ཇི་ལྟར་འོས་པ་ཕྱོགས་མཚམས་རྣམས་སུ་བཤམས། འགྲུབ་ན་གཙོ་བོ་ཡབ་ཡུམ་ལ་ཚར་མང་ཙམ་དང༌། འཁོར་ལོ་རིམ་པ་བཅུ་བདུན། དུར་ཁྲོད་རིམ་པ་བཞི་སྟེ། ཉི་ཤུ་རྩ་གཅིག་ལ་མཆོད་པ་ཚར་རེ་བྱ། དེ་ནས་གཏོར་མ་གཉིས་བཤམས། གཞན་ཡང་རོལ་མོ་སོགས་ཡོ་བྱད་རྣམས་ཚོགས་པར་བྱས་ལ། སུམྦྷ༴ ལན་མང་དུ་བརྗོད་པས་སྤྱི་ཁྱབ་ཏུ་བསངས། ལྷ་གནས་ཀྱི་གྲངས་དང་མཉམ་པར་ཡི་གེ་འབྲུ་གསུམ་བརྗོད། ཨོཾ་ན་མོ་ཤྲཱི་བཛྲ་ཌཱ་ཀ༴ ཞེས་པ་ནས། ཧཱུཾ་བཅུ་དྲུག་ཕཊ་སྭཱཧཱ་བར་དུ། ཡབ་ཀྱི་རྩ་སྔགས་ལན་གསུམ། ཨོཾ་ན་མོ་བྷ་ག་བ་ཏེ་ནས་ཡོ་གཱི་ཤྭ་རི་ཕཊ། ཧཱུཾ་ཧཱུཾ་ཕཊ། ཅེས་པའི་བར་ཡུམ་གྱི་རྩ་སྔགས་ལན་གསུམ། དེ་ནས་སྙིང་པོའི་རྣལ་འབྱོར་མ་ཉེར་བཞི་དང༌། སྒོ་མཚམས་མ་བརྒྱད་ཚན་བཞི་རྣམས་ལ། སརྦ་བུད་དྷའི་སྔགས་རེ་དང༌། གཞན་དཔའ་བོ་དཔའ་མོ་རྣམས་ལ། ཡབ་ཀྱི་ཉེ་སྙིང་ཡི་གེ་བདུན་པ་དང༌། ཡུམ་གྱི་སྙིང་པོ་བཻ་རོ་ཙ་ནའི་སྔགས་དང༌། སྐལ་བཟང་རྣམས་ལའང་ཡི་གེ་བདུན་པ་ཚར་རེ་བཟླ། དེ་རྗེས་སྟ་གོན་གྱི་དཀྱིལ་འཁོར་སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། དབུས་ཀྱི་པདྨའི་ལྟེ་བ་ལ་ཟླ་བ་དང༌། ཉི་མ་དང་དུས་མེའི་སྟེང་དུ། འཇིགས་བྱེད་ཆེན་པོ་དང་དུས་ཀྱི་མཚན་མོའི་གདན་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། བདག་ཉིད་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ རྡོ་རྗེ་ཕག་མོས་ཡང་དག་པར་ཁྱུད་པའི་སྐུ་ཡོངས་སུ་རྫོགས་པ་གྲུབ་པར་གྱུར། ཡང་


TNT07_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་གྱི་དཀྱིལ་འཁོར་གྱི་ཕྱོགས་ཀྱི་ཆར། ལཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ༴ ཞེས་པ་ནས། སྐལ་བཟང་གི་སྣམ་བུ་ལ་ཟླ་བའི་གདན་རྣམས་སོ། །དབུས་ཀྱི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་གཡས་ནགགཡོན་ལྗང་༴ ཞེས་པ་ནས། དབང་གི་ལྷ་རྣམས་རིགས་བདག་ལ་ཐིམ་ཞེས་པའི་བར་དུ་བདག་སྐྱེད་དང་འདྲ། དེ་ནས་མཆོད་པ་བྱིན་རླབས་བྱ་སྟེ། ནག་པོ་པའི་དཀྱིལ་ཆོག་གི་མདུན་བསྐྱེད་མཆོད་པ་བྱིན་རླབས་དང་འདྲ། དེ་རྗེས་ཆུ་གཉིས་ཉེར་སྤྱོད་ལྔ་རོལ་མོ། ནམ་བཟའ། རིག་མ་བཅུ་དྲུགརྒྱལ་སྲིད་སྣ་བདུན། འདོད་ཡོན་ལྔ། ནང་མཆོད། གསང་མཆོད། བསྟོད་པ། ཡབ་ཡུམ་གྱི་རྐང་བརྒྱད། རྐང་པ་བཞི་བཅུ་ཞེ་བརྒྱད་པ། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །ཞེས་སོགས་མཚན་བརྒྱ་རྣམས་བྱ། སྐབས་འདིར་གཏོར་མའི་ཆོ་གས་གཏོར་མ་འབུལ་བར་བྱ་སྟེ། སྒྲུབ་ཐབས་སུ་བཤད་པ་ཁོ་ནའོ། །དེ་ནས་བར་འདིར་བུམ་པ་སྟ་གོན་དུ་གནས་པ་བྱེད་དེ། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། པཾ་པཾ་ལས་སྣ་ཚོགས་པདྨའི་སྟེང་དུ་ཨ་ཨ་ལས་ཟླ་བའི་གདན་རེ་རེ། དེ་རྣམས་ཀྱི་སྟེང་དུ་བྷྲུཾ་བྷྲུཾ་ལས། རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་ཞིང༌། མགྲིན་པ་ཕྲ་བ་མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་བཅིངས་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བ། ཨོཾ་ཏ་པྟེ་ཏ་པྟེ། མ་ཧཱ་ཏ་པྟེ་སྭཱཧཱ། ལན་བདུན། ལྷའི་ཆུ་བོ་གང་


TNT07_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

གཱ་བཀུག་པར་གྱུར། ཨོཾ་བཛྲ་ཤི་ཥ་རེ་རུ་ཊ། མ་ཊ་སརྦ་དི་ཤི་ཧཱུཾ། ལན་གསུམ་གྱི་ཁ་རྒྱན་དུ་གྱུར། ཨོཾ་ཨཱཿཧཱུཾ། ལན་བདུན། མཆོད་ཡོན་བདུད་རྩིའི་རྒྱ་མཚོར་གྱུར། དབུས་ཀྱི་བུམ་པའི་ནང་དུ། པདྨའི་ལྟེ་བ་ལ། ཟླ་བ་དང༌། ཉི་མ་དང༌། དུས་མེ༴ ཞེས་པ་ནས་འབར་བའི་དབུས་ན་བཞུགས་པའོ། །དེའི་ཕྱི་རོལ་དུ་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་སྟེ། ཞེས་པ་ནས། གཙོ་མོ་དང་མཚུངས་པའོ། །དེ་དག་གི་བར་བར་དུ། བདུད་རྩི་ལྔས་གང་༴ ཅེས་པ་ནས། ཉེར་བཞིའོ། །དེའི་ཕྱི་རོལ་དུ་ཤར་ནས་གཡོན་བསྐོར་གྱིས༴ ནས་སྔོ་ནག་ཕྱེད་པའི་གཟུགས་ཅན་ནོ། །དེ་བཞིན་དུ། དེའི་ཕྱི་རོལ་དུ། ཤར་ནས་གཡོན་སྐོར་གྱིས། རྡོ་རྗེ་འཆང་མ་མི་བསྐྱོད་མ༴ ནས་དམར་སེར་ཕྱེད་པའི་གཟུགས་ཅན་ནོ། །དེས་རིགས་འགྲེ་སྟེ། དེའི་ཕྱི་རོལ་གྱི་ཤར་ནས་གཡོན་སྐོར་དུ། བྲམ་ཟེ༴ ནས་དཀར་དམར་ཕྱེད་པའི་གཟུགས་ཅན་ནོ། །དེའི་ཕྱི་རོལ་དུ། བྱམས་པ༴ ནས་བརྩམས་ཏེ། གློག་གི་ཏོག་གི་བར་དུ། སངས་རྒྱས་ཉིས་བརྒྱ་དང་བཞི་བཅུ་རྩ་དགུའོ། །དེའི་ཕྱི་རོལ་དུ། ཁྭ་གདོང་མ༴ ཞེས་སོགས་འདོན་པ་སྤོ། བསྐྱེད་ཚུལ་དེ་ཁོ་ནས་འོག་མ་རྣམས་ལའང་འདོན་པ་སྤོ་སྟེ། དེའི་ཕྱི་རོལ་དུ་ཤར་ནས་གཡོན་སྐོར་གྱི། མི་འམ་ཅི་མོ༴ སོགས་ནས། སྐུ་མདོག་སེར་པོའོ། །དེའི་ཕྱི་རོལ་དུ་མཆོད་པ་དང༌། སོགས་ཤར་དུ་ཚངས་མ༴ སོགས་རིགས་འགྲེ། དེ་བཞིན་དུ་དཀྱིལ་འཁོར་གསུམ་པ་ལ༴ ནས་


TNT07_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་བཀྲ་བའོ། །དེའི་ཕྱི་རོལ་དུ་ཟླ་བའི་གདུགས༴ སོགས་དང༌། ཤར་དུ་གཽ་རཱི༴ སོགས་སོ། དེ་བཞིན་དུ་དཀྱིལ་འཁོར་བཞི་པ་ལ་ཡང་སྟེ། འཁོར་ལོ་ཐ་མའི་སྐབས་སུ། དེའི་ཕྱི་རོལ་དུ་ཤར་ནས་གཡོན་སྐོར་གྱིས་ནས། འཁོར་ལོས་བསྒྱུར་མ་རྣམས་ཏེ། ཞེས་པ་ནས། སྐུ་མདོག་དཀར་པོའོ། །དེའི་ཕྱི་རོལ་དུ་འཕགས་སྐྱེས༴ ནས་སོགས་དང་། ཤར་དུ་ཆུ་སྐྱེས་དཀར་མོ༴ སོགས་འདོན་པ་སྤོས་ནས། བཞུགས་ཚུལ་དང༌། ཕྱག་རྒྱ་མ་ངེས་པའོ། །ལས་བུམ་དུ། ཧཱུཾ་ལས་བྱུང་བའི་ཁཎྜ་རོ་ཧི། སྐུ་མདོག་གཡས་དམར་གཡོན་སེར་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐྲ་གྲོལ་བ། ཕྱག་གཡས་གྲི་གུག་དང༌། གཡོན་ཐོད་ཁྲག་འཛིན་པ། ཞབས་གཡས་བརྐྱང་བའི་སྟབས་ཀྱིས་མེ་རི་འབར་བའི་དབུས་ན་བཞུགས་པ། དུར་ཁྲོད་ཀྱི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །འདི་ནི་བུམ་པ་གཉིས་ཀྱི་དབང་དུ་བྱས་ལ། བུམ་པ་བཅུ་ལྟར་ན། རྣམ་རྒྱལ་བུམ་པ་དཀྱུས་བཞིན། ཕྱོགས་མཚམས་བརྒྱད་ཀྱིས་བུམ་པར་སྒོ་མཚམས་མ་བརྒྱད། །ལས་བུམ་དུ་ཁཎྜ་རོ་ཧི་བསྐྱེད། ཤར་སྟེང་གི་མཚན་མ་ཧཱུཾ་ལས་ཧེ་རུ་ཀ་ནག་པོ། དེའི་འོག་གི་མཚན་མ་མཾ་ལས་མཁའ་འགྲོ་མ་གཡས་ལྗང་གཡོན་སྔོ། བྱང་གི་མཚན་མ་ཏཱཾ་ལས་ལཱ་མ། གཡས་དམར་གཡོན་ལྗང༌། ནུབ་ཀྱི་མཚན་མར་པཱཾ་ལས་ཁཎྜ་རོ་ཧ་གཡས་སེར་གཡོན་དམར། ལྷོའི་མཚན་མ་ལཾ་ལས་གཟུགས་ཅན་མ་གཡོན་སེར་གཡས་སྔོ་བ། ལས་བུམ་གྱི་མཚན་མའི་གནས་


TNT07_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡང་ཁཎྜ་རོ་ཧིའོ། །ལྷ་ཡབ་ཡུམ་ཐམས་ཅད་ཀྱི་སྙིང་གར་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ། མགོ་བོར་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། །སྤྱི་གཙུག་ཏུ་སྭཱཧཱ་ཧུ་དམར་པོ་པདྨ་གར་གྱི་དབང་ཕྱུག ཕྲག་པ་གཉིས་སུ་བཽ་ཥ་ཊ་ཧེ་ནག་པོ་དཔལ་ཧེ་རུ་ཀ མིག་གཉིས་སུ་ཧཱུཾ་ཧོ་དམར་སེར་རྡོ་རྗེ་ཉི་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཧཾ་ལྗང་ཁུ་མ་རྟ་མཆོག་གི་ངོ་བོ། ལྷ་མོ་རྣམས་ཀྱི་ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཨོཾསྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲིཾ་ཧྲིཾ་སེར་མོ་སྐྱོང་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོ། དེ་ནས་ལྷ་ཐམས་ཅད་ཀྱི་དཔྲལ་པར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་ནས། ཞེས་པ་ནས། རྐང་བརྒྱད་གཉིས་ཀྱི་བསྟོད་པའི་བར་བསྒྲུབས་ཐབས་བཞིན་བྱས་ནས། གཙོ་བོ་ཡབ་ཡུམ་གྱི་སྙིང་པོའི་མཐར་ཨོཾ་ཨཱཿཧཱུཾ། སྦྱར་བ་ལན་གསུམ་གྱིས་ནང་མཆོད་ཕུལ། ཨོཾ་སརྦ་བཱི་ར་ཌཱ་ཀི་ནཱི་ཡེ་མཎྜལ་དེ་བ་ཏ་ས་པ་རི་ཝ་རེ་བྷྱཿ ཨ་མྲྀ་ཏ་པཱུ་ཙ་པྲ་ཏཱི་ཙྪ་ན་མཿལན་བཅུ་བདུན་ནམ། ཨོཾ་ཁཎྜ་རོ་ཧེ་ཧཱུཾ་ཕཊ། ལན་གསུམ་གྱིས་ནང་མཆོད་ཕུལ། བུམ་པ་བཅུའི་ཕྱོགས་ལ། བཀྲ་ཤིས་བུམ་པ་བརྒྱད་ལ་སྒོ་མཚམས་མ་བརྒྱད་ཀྱི་སྔགས་སོ། ཡབ་ཀྱི་རྐང་པ་ཞེ་བརྒྱད་པ་དང༌། ཡུམ་གྱི་རྐང་བརྒྱད་ཀྱིས་


TNT07_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། ཨོཾ་ཨཱཿཧཱུཾ། ལན་མང་དུ་བཟླ་བཞིན་པས་དུང་ཆོས་དང་ཐོད་པ་བླངས། ཨོཾ་སརྦ་བཱི་ར་ཌཱ་ཀི་ནི། མཎྜལ་ལ་དེ་བ་ཏ་ས་པ་རི་ཝ་ར་བྷྱཿ ཨརྒྷཾ་པཱུ་ཛ་པྲ་ཏཱིཙྪ་ན་མཿ ཞེས་མཆོད་ཡོན་བུམ་པར་བླུག རྣམ་རྒྱལ་བུམ་པའི་ལྷ་རྣམས་རྗེས་སུ་ཆགས་པའི་རྐྱེན་གྱིས། བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ཆུ་རྒྱུན་དུ་ཞུ་བར་གྱུར། བུམ་པ་བཅུ་ཡོད་ན། རྣམ་རྒྱལ་བུམ་པ་དང༌། བཀྲ་ཤིས་བུམ་པ་བརྒྱད་ཀྱི་ཞེས་འཇུག ལས་བུམ་ལ་ནི་མཆོད་ཡོན་འབུལ་མོད། ལྷ་མི་བཞུ་བར་བཞུགས་པ་ཉིད་ཡིན་ནོ། །སླར་ཡང༌། ཨོཾ་ཨཱཿཧཱུཾ། ལན་བདུན་བཟླས་པས། མེ་ཏོག་དཀར་པོ་བུམ་པར་བླུགདེ་རྗེས་གཟུངས་ཐག་ནས་བཟུང་སྟེ། ཡབ་ཡུམ་གྱི་རྩ་སྔགས་ཚར་རེ་ཙམ་བཟླ་བའི་སྲོལ་ཡང་ལ་ལར་འདུག་པ་ལྟར་ཡང་བྱ། དེ་ནས་གཙོ་བོའི་སྙིང་པོ་སྟོང་དང་བརྒྱད། ལས་བུམ་ལ་ཁཎྜ་རོ་ཧའི་སྔགས་ཐུང་བརྒྱ་རྩ་བརྒྱད། ཐུན་མོང་དུ་ཡུམ་གྱི་སྙིང་པོ་བརྒྱ་རྩ་དང༌། ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ། བརྒྱ་རྩ་བཟླས་ཡི་གེ་བརྒྱ་པ་དང་བཟོད་གསོལ་བྱས། ལས་བུམ་ལ་དམིགས་ཏེ། ཇི་སྲིད་དཀྱིལ་འཁོར་བྱས་པ་ཡི། །བྱ་བ་མ་རྫོགས་དེ་སྲིད་དུ། །བཅོམ་ལྡན་འདས་མ་ཁྱོད་ཀྱིས་ནི། །བདག་གི་གདུག་པ་བསྐྲད་པར་མཛོད། །ཅེས་གསོལ་བ་གདབ་བོ། །བར་འདིར་གཏོར་བསྔོའི་ཆོ་གས་དཀྱུས་ཀྱི་གཏོར་མ་དེ་ངེས་པར་འབུལ་དགོས། ཆད་དུ་མི་རུང་ངོ༌། །འབྱུང་པོ་ཐམས་ཅད་པའི་གཏོར་ཆོག་ཆེན་མོ་དེ། སྟ་གོན་གྱི་སྐབས་ཀྱི་ཆོ་གའི་ཡན་ལག་རང་དུ་མེད་མི་རུང་


TNT07_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཀྱང༌། འདི་འདྲའི་རིགས་ཀྱི་མེད་མི་རུང་མིན་ཟེར་བ་མཐོང་ངམ་ཐོས་ན། བླ་ཆོས་འབའ་ཞིག་དོན་གཉེར་གྱིས་ཙམ་མེ་འཇོག་པ་དེ་ལྟ་བུ་མ་བྱེད་པར། ཆོ་ག་དེ་དག་ངེས་པར་བྱེད་པ་གལ་ཆེའོ། །དེ་ནས་སྙན་གསན་དབབ་སྟེ། ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་ཧཱུཾ་གིས་མཚན་པར་གྱུར། བཅོམ་ལྡན་ཧེ་རུ་ཀ་དཔལ་མཆོག །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་ཕྱིར་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་འབྲི་བ་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནས་པར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་མངའ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་ཅན། །ཆེ་གེ་འབྱུང་བའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པ་ཉེར་སྦྱོར་བས། །འགྲོ་བ་སྦྱང་ཕྱིར་བྲི་བར་བྱ། །དེ་ཕྱིར་བདག་དང་སློབ་མ་ལ། །རྗེས་སུ་བརྩེ་བར་ཉེར་བཟུང་ནས། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་འབྱོན་པར་མཛད་པའི་རིགས། །ཞེས་ལན་གསུམ་གསོལ་བ་གདབ། སླར་ཡང་མཆོད་པ་ཁ་གསོས་བྱིན་གྱིས་


TNT07_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

རླབས། ཚོགས་ཞིང་གི་སྐབས་ལྟར། ཕྱི་མཆོད། ཆུ་གཉིས། ཉེར་སྤྱོད། རིག་མ་བཅུ་དྲུག་རྣམས་ཀྱིས་མཆོད། རྐང་བརྒྱད་གཉིས་ཀྱིས་བསྟོད། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་༴ སོགས་ཀྱིས་བཟོད་པར་གསོལ། བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་མ་ལུས་པ་ཐམས་ཅད་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། ཨོཾ་བཛྲ་ཨུ་ཏིཥྛ་ཞེས་དཀྱིལ་འཁོར་ནམ་མཁར་གཏེག །སླར་ཡང༌། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད། རྐང་བཞི་བཅུ་ཞེ་བརྒྱད་པས་བསྟོད། སུམྦྷ༴ ལན་གསུམ་གྱིས་བསྲུང་བ་བྱ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་མཁའ་འགྲོ་རྒྱ་མཚོའི་ལྷ་ཚོགས་ཐམས་ཅད། ཇི་སྲིད་སྤྱན་མ་དྲངས་གྱི་བར་དུ། གནས་འདི་ཉིད་ཀྱི་ནམ་མཁར་བཞུགས་ལ། སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་སུ་བརྩེ་བའི་སྤྱན་རས་ཀྱིས་བཅའ་བ་དང༌། བདག་དང་སློབ་མར་བཅས་པའི་བགེགས་ཐམས་ཅད་ཞི་ཞིང༌། སླད་ཀྱིས་དཀྱིལ་འཁོར་བྱིན་གྱིས་རླབས་པར་དགོངས་པ་མཛད་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་དཀྱིལ་འཁོར་ཞག་གི་ཆོ་ག་ནི། ཐིག་སྐུད་ལྔ་ཚན་ལྔ་སྣོད་གཙང་མ་ལྔར་བཞག ཨོཾ་ཁཎྜ་རོ་ཧས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨོཾ་ཨཱཿཨོཾ་ཧཱུཾ་ལས་ཤར་གྱི་ཐིག་སྐུད་དཀར་པོ་སངས་རྒྱས་རྣམ་པར་སྣང་མཛད་ཧེ་རུ་ཀ་དཀར་པོ། འཁོར་ལོ་དང་དྲིལ་བུ་འཛིན་པ། ཡུམ་སངས་རྒྱས་མཁའ་འགྲོ་མས་འཁྱུད་པ། ཨོཾ་ཨཱཿསྭ་ཧཱུཾ་ལས་ལྷོའི་ཐིག་སྐུད་སེར་པོ་རིན་ཆེན་ཧེ་རུ་ཀ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་ལ། ཡུམ་རིན་ཆེན་


TNT07_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་སེར་མོས་འཁྱུད་པ། ཨོཾ་ཨཱཿཨཿཨཿཧཱུཾ་ལས་ནུབ་ཀྱི་ཐིག་སྐུད་དམར་པོ་པདྨ་ཧེ་རུ་ཀ་སྐུ་མདོག་དམར་པོ། པདྨ་དང་དྲིལ་བུ་འཛིན་པ་ལ། ཡུམ་པདྨ་མཁའ་འགྲོ་མ་དམར་མོས་འཁྱུད་པ། ཨོཾ་ཨཱཿཧཱ་ཧཱུཾ་ལས་བྱང་གི་ཐིག་སྐུད་ལྗང་ཁུ། སྣ་ཚོགས་ཧེ་རུ་ཀ་སྐུ་མདོག་ལྗང་ཁུ་རལ་གྲི་དང་དྲིལ་བུ་འཛིན་པ་ལ། ཡུམ་སྣ་ཚོགས་མཁའ་འགྲོ་མ་ལྗང་ཁུས་འཁྱུད་པ། ཨོཾ་ཨཱཿཧཱུཾ་ཧཱུཾ་ལས་དབུས་ཀྱི་ཐིག་སྐུད་ནག་པོ། རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ། ཡུམ་རྡོ་རྗེ་མཁའ་འགྲོ་མ་སྔོན་མོས་འཁྱུད་པ། དེ་ལྟར་ན་དཔའ་བོ་རིགས་ལྔ་རྣམས་ནི། རལ་པའི་ཐོར་ཚུགས་དང༌། ཐོད་པའི་འཕྲེང་བ་དང༌། ཕྱག་རྒྱ་དྲུག་དང༌། སྟག་ལྤགས་ཀྱི་ཤམ་ཐབས་དང༌། གཡས་བརྐྱང་གི་སྟབས་ཅན། ཡུམ་ལྔ་པོ་རྣམས་ནི། གྲི་གུག་དང༌། ཐོད་པ་འཛིན་པ། དབུ་སྐྲ་གྲོལ་བ། ཕྱག་རྒྱ་ལྔས་བརྒྱན་ཞིང༌། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། ཐམས་ཅད་ཀྱང་རིགས་བདག་རང་རིགས་ཀྱིས་དབུ་རྒྱན་ཅན། སྤྱན་གསུམ་པ་ཡབ་ཡུམ་སྙོམས་པར་སྦྱོར་བའི་སྐུ་ཅན། རྣམ་སྣང་ཧེ་རུ་ཀ་ཟླ་བ་དང༌། གཞན་རྣམས་ཉི་མ་ལ་བཞུགས་པ། ཉི་ཟླའི་འོད་ཟེར་རབ་ཏུ་འཕྲོ་བའོ། །དེ་ནས། ལྷ་ཐམས་ཅད་ཀྱི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཨོཾ་ཨཱཿཨོཾ་ཧཱུཾ། སོགས་གོང་གི་བསྐྱེད་སྔགས་ལྔ་པོ་དེ་ལན་བདུན་སོགས་ཅི་རིགས་པ་བཟླས། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད།


TNT07_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ༴ སོགས་ཀྱིས་བསྟོད། ཞུ་བ་ལས་བྱུང་བའི་ཐིག་སྐུད་ལྔ་ཚན་ལྔར་གྱུར། རང་གི་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ་སེར་པོ། མིག་འབྲས་ཧཱུཾ་གི་མཚན་པ། ཨོཾ་དཱིཔྟ་དྲྀཥྟི་ཨང་ཀུ་ཤ་ཛཿ སྟ་གོན་གྱི་ལྷ་དང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀར་ཡེ་ཤེས་ཀྱི་ཐིག་སྐུད་འོད་ཟེར་ལྔ་ཚན་ལྔའི་རྣམ་པ་བཞུགས་པར་གྱུར། འཁོར་ལོའི་ཐིག་སྐུད་རབ་ཏུ་སྩོལ། །བདག་གི་རྡོ་རྗེའི་སྲད་བུར་ཤོག །ལན་གསུམ། འབར་བའི་ལྟ་སྟངས་ཀྱི་འོད་ཟེར་ལྕགས་ཀྱུ་ལྟ་བུས་བཀུག་སྟེ། དམ་ཚིག་གི་ཐིག་སྐུད་སོ་སོ་ལ་ཐིམ། བདག་ཉིད་དཔལ་ཧེ་རུ་ཀ་དང༌། སློབ་མ་རྡོ་རྗེ་ཕག་མོར་གྱུར། ཛྫཿཛྫཿཛྫཿ ཞེས་ཐིག་སྐུད་བརྐྱང་ལ་ཐིག་སྣ་གཏད། ཨོཾ་ཨ་ན་ནྱ་ཨ་ནུ་ག་ཏཱ་སརྦ་དྷརྨཱཿཔ་ར་སྤ་ར་ཨ་ནུ་པྲ་པྲྀཥྟ་སརྦ་དྷརྨཱ་ཨཏྱན་ཏ། ཨ་ནུ་པྲ་པྲྀཥྟཿསརྦ་དྷརྨཱ་ཧཱུཾ། ཞེས་དང༌། ཡབ་ཡུམ་གྱི་ཉེ་སྙིང་བཟླ་ཞིང༌། ཐིག་སྐུད་བསྒྲིལ། ཐིག་སྐུད་ཀྱྀ་སྣེ་གཉིས་སུ་ཧཱུཾ་དང་ཨཾ་གིས་མཚན་པར་གྱུར། པུཥྤེ༴ སོགས་ཀྱིས་མཆོད། ཨོཾ་བཛྲ་ས་མ་སུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་བརྒྱ་རྩ་བརྒྱད་བཟླས། ཨོཾ་ཨཱཿཧཱུཾ། ཡང་མང་དུ་བརྗོད། དེ་ནས་ས་གཞི་ལ། ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ། ཅེས་བཟླས་ཏེ། ཡེ་ཐིག་འདེབས། འགྲུབ་ན་གཙོ་བོའི་ཞལ་འཇིག་རྟེན་ལྷོ་ལ་གཏོད། ཡེ་ཐིག་འདེབས་ལུགས་གཡོན་སྐོར་དུ་བྱེད་དེ། ནག་པོ་ལུགས་ཀྱི་དཀྱིལ་ཆོག་ཏུ་བཤད་པ་ལྟར་རོ། །བསྡུ་ན་ཐིག་སྐུད་ལྷའི་ངོ་བོར་བསྒོམ་པ་ཙམ་གྱིས་ཀྱང་ཆོག


TNT07_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

།རྒྱས་པར་ན་ཡེ་ཤེས་སྤྱན་འདྲེན་དང༌། དབང་བསྐུར་རྒྱས་གདབ་ཀྱང་རུང་ངོ༌། །རྡུལ་ཚོན་རྣམས་ཁཎྜ་རོ་ཧས་བསངས་བ་ནས་བཟུང། དམ་ཚིག་གི་རྡུལ་མཚོན་ལ་ཐིམ་ཞེས་པའི་བར། ཐིག་སྐུད་ཅེས་པ་རྣམས་རྡུལ་མཚོན་དུ་འདོན་པ་སྤོ། རྡུལ་མཚོན་མང་པོ་གང་གིས་ནི། །སེམས་ཅན་སངས་རྒྱས་ཐོབ་བྱའི་ཕྱིར། །སེམས་ཅན་རྗེས་སུ་ཆགས་པ་ཡི། །བདེན་འདིས་ཚོན་རྩི་འབར་བར་ཤོག །པུཥྤེ༴ སོགས་ཀྱིས་མཆོད། ཨོཾ་ཨཱཿཧཱུཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བརྒྱ་རྩ་སོགས་བཟླ། འདི་ནི་ཆོས་ཉིད་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་བྱེད་པ། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །ཚོན་གྱི་ལས་ནི་ཡང་དག་བརྩམས། ཞེས་བརྗོད། དེ་ནས་དཀྱིལ་འཁོར་འབྲི་བའི་སྐོར་ནི། སྤྱིའི་ཆོ་གས་རིགས་འགྲེའོ། །བཞི་པ་དཀྱིལ་འཁོར་སྒྲུབ་པ་ནི་མཆོད་པ་བཤམས་ཤིང་ཡོ་བྱད་ཚང་བ་ན། ཐོག་མར་སྔོན་འགྲོ་གཏོར་མ་དང༌། སྐྱབས་སེམས་དང༌། རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང༌། འདི་ཉིད་ཀྱི་གཏོར་མ་བྱིན་རླབས་ལྟར་ནང་མཆོད་བྱིན་རླབས་བྱ། དེ་ནས་རྩ་སྔགས་ཚར་གཅིག་བརྗོད། བདག་ཉིད་བཅོམ་ལྡན་འདས་དཔལ་ཧེ་རུ་ཀར་གྱུར། རྡུལ་ཚོན་དང༌། དཀྱིལ་འཁོར་ཡོ་བྱད་དང་བཅས་པ་དང༌། ནམ་མཁའི་དཀྱིལ་འཁོར་ལ་ཡང་དམིགས་ནས་སྦྱང་བ་དང༌། ཁྲུས་གསོལ་བྱ་སྟེ། དེ་ཡང་བགེགས་གཏོར་བསངས་སྦྱངས་ནས་བཟུང། སྐུ་ཕྱིས་འབུལ་བའི་བར། ནག་པོ་ལུགས་ཀྱི་དཀྱིལ་མཆོག་ཏུ་བཤད་པ་བཞིན་བྱ། སྤྲོས་པ་ལ་མོས་ན།


TNT07_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཏིལ་སྦྱང་གི་རྗེས་སུ་དྲུག་བཞི་ལྡན་གྱི་སྦྱང་བ་ཡང་བྱེད་དེ། གཞན་དུ་ཤེས་སོ། །ཨོཾ་ཧཱུཾ། ཞེས་པ་ནས། སྤངས་པའོ་ཞེས་པའི་བར་བདག་བསྐྱེད་རྫོགས་པར་བསྒོམས། བཟླས་པ་ཡང་ཅི་རིགས་བྱའོ། །དེ་ནས་འདི་སྐད་ཅེས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ༴ སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ། ཨོཾ་བཛྲ་གྷཎྜེ་ར་ནཱི་ཏ༴ སོགས་ལན་གསུམ་རོལ་མོ་དང་བཅས་པར་བྱ། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་སངས་རྒྱས་འཁོར་དང་བཅས་པ་ཐམས་ཅད་དང༌། ནམ་མཁར་བཞུགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ། མཆོད་པ་ཐམས་ཅད་ཀྱི་མཆོད་པར་གྱུར། ཆུ་གཉིས་ཉེར་སྤྱོད་རིག་མ་བཅུ་དྲུག་དང་བཅས་པ་རྣམས་ཀྱིས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ༴ སོགས་ཀྱིས་བསྟོད། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་ནི་རྡོ་རྗེ་ཆེ་གེ་ཡི། །འདིར་ནི་དཀྱིལ་འཁོར་བྲི་བ་ཉིད། །སངས་རྒྱས་ལ་སོགས་ཀུན་འབྱོན་འཚལ། །དངོས་གྲུབ་འདིར་ནི་ཡང་དག་སྩོལ། །ཞེས་ལན་གསུམ་གྱིས་སྙན་མནན། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནི། ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ཎ་བཛྲ་བནྡྷ་ནཾ་ཀ་རོ་མི། ཕྱག་འཚལ། རང་གི་ཐུགས་ཀའི་ཡེ་ཤེས་རྡོ་རྗེ་ཧཱུཾ་ཡིག་ལས། འོད་ཟེར་མཐའ་ཡས་པ་སྤྲོས། ནམ་མཁར་བཞུགས་པའི་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་རྒྱུད་བསྐུལ་ནས། ཐུགས་ཀ་ནས་སྤྲུལ་པའི་ཧེ་རུ་ཀ་ཡབ་


TNT07_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་སྤྱན་དྲངས་ཏེ་རང་གི་ཐུགས་ཀའི་ཧཱུཾ་ཡིག་ལ་ཐིམ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཁཎྜ་རོ་ཧས་བསངས། སྭ་བྷཱ་ཝས་སྦྱངས། སྟ་གོན་དུ་གནས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ཡང་བྲིས་པའི་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའི་ཕྱོགས་ཉེ་བ་ན་བཞུགས་པར་གྱུར། གཟུགས་བརྙན་གྱི་དཀྱིལ་འཁོར་མི་དམིགས་ཏེ། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར༴ ཞེས་པ་ནས། ཟླ་བའི་གདན་རྣམས་སོ། །དབུས་ཀྱི་གདན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་མཉེས་པར་བྱས། སེམས་ཅན་གྱི་ཁམས་ཐམས་ཅད་སྦྱངས། འཁོར་ལོ་བཅུ་གསུམ་གྱིས་ལྷ་ཚོགས་རྣམས་ཀྱི་གོ་འཕང་ལ་བཀོད། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། གཟུགས་བརྙན་གྱི་དཀྱིལ་འཁོར་ལྷ་ཚོགས་ཡོངས་སུ་རྫོགས་པ་གྲུབ་པ་དང༌། ནམ་མཁར་བཞུགས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་མཆོག་ཏུ་གསལ་ཞིང་འབར་བར་བཞུགས་པ་ནི། དབུས་སུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ༴ ཞེས་པ་ནས། ཕྱག་རྒྱ་མ་ངེས་པའོ། །ཞེས་པའི་བར་སྒྲུབ་ཐབས་བཞིན་འདོན། རང་གི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་མཐའ་ཡས་པ་འཕྲོས། ནམ་མཁར་བཞུགས་པའི་སྟ་གོན་གྱི་ལྷ་ཡེ་ཤེས་དཀྱིལ་འཁོར་གྱི་ལྷ་ཚོགས་ཕཻཾ། ཛཿཧཱུཾ་བཾ་ཧོཿ ཉི་ཤུ་རྩ་བདུན་སོགས་མང་དུ་བརྗོད། ཨོཾ་ཡོ་ག་ཤུདྡྷ༴ གཙོ་བོའི་ཐུགས་


TNT07_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཉི་མ་ལ་ཧཱུཾ་ལྗང་སྔོན༴ ནས་ཕྱི་རོལ་ཐམས་ཅད་གང་བར་གྱུར། གྱི་བར་གོ་ཆ་དགོད། ཧཱུཾ་ཞེས་ལན་གསུམ་བརྗོད་དཀྱིལ་འཁོར་པ་ཐམས་ཅད་གཙོ་བོའི་ཡེ་ཤེས་གཅིག་གི་ངོ་བོར་གྱུར། ཨོཾ་བཛྲ་བེ་ག་ཀྲ་མ་ཧཱུཾ། ཨོཾ་ཨཱཿཧཱུཾ། མདུན་བསྐྱེད་དཀྱིལ་འཁོར་ཆེན་པོའི་ནང་དུ་རང་ཉིད་ཞུགས་པར་གྱུར། མཆོད་པ་བྱིན་རླབས་སྤྱི་འགྲོ་ལྟར་བྱས་ནས། ཆུ་གཉིས་ཉེར་སྤྱོད། རོལ་མོ། རིག་མ་བཅུ་དྲུག་རྣམས་སྔགས་ཙམ་གྱིས་ཕུལ། རྐང་པ་བཞི་བཅུ་ཞེ་བརྒྱད་པས་བསྟོད། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་མེ་ཏོག་བཟུང་ལ། ཧཱུཾ་ཞེས་བརྗོད། བདག་ཉིད་ཧེ་རུ་ཀ་རྡོ་རྗེ་ཧཱུཾ་མཛད་ཀྱི་ངོ་བོར་གྱུར། ཨོཾ་མ་ཧཱ་ར་ཏ་སུ་ཌི་ཏ། སུ་ཏོ་ཥྱ། སུ་སུ་ཁོ། བཛྲ་སཏྭ། ཨདྱ་སིདྡྷྱ་མཾ། ཞཻས་པ་ལན་གསུམ་གྱིས། དཀྱིལ་འཁོར་གྱི་ཕྱི་རོལ་དུ་བསྐོར་བ་བྱས་པར་གྱུར། གོ་སྐབས་ཡངས་ན་དངོས་སུ་ཡང་སྐོར་བ་བྱའོ། །ཨཱ་ཁཾ་བཱི་ར་ཧཱུཾ། སླར་ཡང་དཀྱིལ་འཁོར་དུ་ཞུགས། ཨོཾ་པྲ་ཏིཙྪ་བཛྲ་ཧོཿཨོཾ་པྲ་ཏི་གྲིཧྞེ་སྟྭཾ། ཨི་མཾ་ས་ཏྭ་མཧཱ་བ་ལ། བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་དྲུང་དུ་གནས་ནས། ཁྲོ་བོའི་ལྟ་སྟངས་དང་བཅས་པས་སྒོ་ཕྱེ། ཨོཾ་བཛྲ་ཨུཏ་གྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ལན་བཞི་བདུད་རྩི་ལྔ་དང་དྲི་ཆབ་སྦྱར་བས་བཀང་བའི་དུང་ཕོར་རམ་ཐོད་པ་དཀྱིལ་འཁོར་གྱི་དྲུང་དུ་བཞག ཨོཾ་བཛྲ་ཨ་མྲྀ་ཏེ་ཨ་མྲྀ་ཏཾ་པྲ་བེ་ཤཱ་ཡ་ཧཱུཾ། ལན་གསུམ། ཨོཾ་བཛྲ་གཱ་མི་ནི། སརྦ་བྷ་ཀྵཾ་ཤོ་དྷ་ཡ་གུ་ཧྱ་བཛྲི་ཎི་སྭཱཧཱ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པ་རྣམས་ཀྱིས་བདག་ལ་སྔགས་ཀྱི་དངོས་གྲུབ་དམ་པའི་བཀའི་གནང་བ་སྩལ་དུ་གསོལ། ལན་གསུམ་


TNT07_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་རིག་པའི་རྣལ་འབྱོར་པས། །མི་བྱ་བ་ནི་ཅི་ཡང་མེད། །དེ་ཉིད་ཤེས་ནས་དེ་ནས་ནི། །དཔའ་བོས་འདོད་པ་ལྔ་སྤྱད་དོ། །བདག་ཉིད་དཔའ་བོ་ཀུན་གྱི་དངོས། །བདག་ཉིད་ལྷ་མོ་ཀུན་གྱི་གནས། །དེ་ཕྱིར་བདག་གིས་ཐམས་ཅད་བྱ། །བདག་ཉིད་ཧེ་རུ་ཀ་དཔལ་མཆོད། །རྟེན་ཅིང་འབྲེལ་བར་འབྱུང་ཆོས་ཅན། །སེམས་ཅན་སྒྱུ་མའི་རང་བཞིན་ནོ། །ཁམས་གསུམ་དེ་ལྟར་ཤེས་ནས་ནི། །འགྲོ་བའི་དོན་ནི་མཉམ་མེད་བྱོས། །ཞེས་བཀའི་གནང་བ་སྩལ་བར་གྱུར། །བདག་མིང་འདི་ཞེས་བགྱི་བ། བླ་མ་དང་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་ལན་གསུམ། སླར་ཡང་རང་གི་སྙིང་གའི་ཧཱུཾ་ཡིག་ལས་འོད་ཟེར་མཐའ་ཡས་པ་འཕྲོས། རང་བཞིན་གྱི་གནས་ནས་དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པ། མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ཆེན་པོ་ཡེ་ཤེས་ཀྱི་འཁོར་ལོ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྲས་དང་བཙུན་མོར་བཅས་པས་བསྐོར་བ་ཕེཾ། མ་ལུས་འགྲོ་བའི་རང་བཞིན་མངོན་སུམ་མཛད། །མི་བཟད་བདུད་ཀྱི་དཔུང་གིས་ཕྱག་བྱས་པ། །རང་བྱུང་མཐའ་ཡས་འགྲོ་བའི་རང་བཞིན་ཏེ། །སེམས་ཅན་སྙིང་པོ་གཅིག་གྱུར་འདིར་གཤེགས་ཤིག །སུམྦྷ༴ སོགས་ཀྱིས་བསངས། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ལན་མང་དུ་བརྗོད། ཡེ་ཤེས་འཁོར་ལོ་མདུན་བསྐྱེད་དཀྱིལ་འཁོར་ཆེན་པོའི་སྟེང་གི་ནམ་མཁའ་ལ་རབ་ཏུ་དགེས་པས་བཞུགས་པར་གྱུར། མཆོད་ཡོན་དང༌། ཉེར་སྤྱོད་ཙམ་སྔགས་ཀྱིས་


TNT07_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ལ། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ༴ ཞེས་སོགས་མཚན་བརྒྱས་བསྟོད། རོལ་མོའི་སྒྲ་སྒྲགས། ཛཿཧཱུཾ་བཾ་ཧོ། ལན་ཉེར་བདུན་ཙམ་དང༌། ཡོ་ག་ཤུདྡྷོ༴ ལན་གསུམ། དམ་ཚིག་གི་དཀྱིལ་འཁོར་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་རོ་གཅིག་ཏུ་གྱུར། སླར་ཡང་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བསྐུལ་བས། དབང་གི་ལྷ༴ ཞེས་པ་ནས། དབང་གི་ལྷ་རྣམས་རིགས་བདག་ལ་ཐིམ། ཞེས་པའི་བར་སྒྲུབ་ཐབས་བཞིན་ནོ། །གང་འདིར་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་དཀྱིལ་འཁོར་གྱི་འཁོར་ལོ་ནི་ཕྱག་རྒྱ་ཆེན་པོའོ། །རྗེས་ཆགས་ཀྱི་བདེ་བས་གང་བ་ནི། དམ་ཚིག་གི་ཕྱག་རྒྱའོ། །ཐུགས་ཀའི་ཧཱུཾ་ཡིག་ནི་སྟོང་ཉིད་སྙིང་རྗེར་གནས་པ་སྟེ་ཆོས་ཀྱི་ཕྱག་རྒྱའོ། །ཐུགས་རྗེ་ཆེན་པོ་བསྐྱེད་དེ་སྤྲུལ་པས་སེམས་ཅན་གྱི་དོན་མཛད་པ་ནི་ལས་ཀྱི་ཕྱག་རྒྱའོ། །ཞེས་བརྗོད་ཅིང་དོན་བསམ་ལ། སླར་ཡང་འདི་སྐད་ཅེས། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །རང་རང་ཁ་དོག་ཕྱག་མཚན་འཆང༌། །སྤྲུལ་པའི་སྐུ་ཡི་གཟུགས་ཀྱིས་ནི། །ཕྱག་རྒྱ་ཆེན་པོར་རབ་ཏུ་གྲགས། །དཔའ་བོ་གཉིས་ཀྱི་སྙོམས་འཇུག་པ། །བསྒོམས་པའི་བདག་ཉིད་དེ་དོན་དུ། །ཤེས་རབ་མི་མོའི་གཟུགས་འཛིན་པ། །དེ་ནི་དམ་ཚིག་ཏུ་ནི་བརྗོད། །བྱང་ཆུབ་ས་བོན་སྐྱེད་བྱེད་གང༌། །ཞིང་དུ་བྱེད་པའི་བདག་ཉིད་དེ། །ཡང་དག་མཐར་ནི་རྣམ་དག་པས། །ཆོས་ཀྱི་ཕྱག་རྒྱ་ཞེས་བརྗོད་དོ། །སེམས་ཅན་ཕུང་པོ་མ་ལུས་པའི། །རྫོགས་པའི་བྱང་ཆུབ་ཐོབ་བྱེད་དུ། །རྡོ་རྗེ་པདྨའི་ལྟེ་བ་ཡིས། །ལས་


TNT07_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱག་རྒྱ་ཞེས་གྲགས་སོ། །འོན་ཀྱང་དེ་བཞིན་ལྷ་མོ་རྣམས། །དགའ་རོལ་དམ་ཚིག་ཏུ་ནི་དྲན། །རང་གི་འབད་རྩོལ་སྐད་ཅིག་པ། །ལས་ཀྱི་ཕྱག་རྒྱར་དེ་བཞིན་འགྱུར། །ཞེས་བརྗོད་ཅིང་མཉམ་པར་བཞག་གོ བར་འདིར་མདུན་བསྐྱེད་ཀྱི་བཟླས་པ་ཇི་ལྟར་འོས་པ་བྱ་སྟེ། གཙོ་བོ་ཡབ་ཡུམ་གྱི་རྩ་སྔགས་ཉི་ཤུ་རྩ་གཅིག་ཙམ་བཟླ། དེ་ཙམ་མི་ནུས་ན། རྩ་སྔགས་གཉིས་ཚར་གཅིག་གམ་གསུམ་གང་རིགས་བརྗོད་ནས། སྙིང་པོ་བརྒྱ་རྩ་སོགས་བཟླ། ལྷ་ཚོགས་ཐམས་ཅད་ཀྱི་མཚན་སྔགས་བཟླ་བར་འདོད་ནའང༌། ཚར་གཅིག་ཙམ་འདོན་པར་ཟད་དེ། འོན་ཀྱང་སྤྲོས་པར་དགོས་པ་ནི་མ་ཡིན་ནོ། །དེ་ནས་དཀྱིལ་འཁོར་དུ་བུམ་པ་འགོད་དེ། རྣམ་རྒྱལ་དཀྱིལ་འཁོར་གཙོ་བོའི་མདུན་ཐད་གཞལ་ཡས་ཁང་ཕྱི་མའི་ཤར་སྒོ་དང་ཉེ་བར་བཞགགཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ཅི་རིགས་པ་བཟློས། དེའི་བྱང་དུ་ལས་བུམ་ཀྱང་བཞག་སྟེ། ཥཎྜ་རོ་ཧ་ཅུང་ཟད་བཟླས་སོ། །དྲུག་གི་ཕྱོགས་ལའང་གཉིས་པོ་དེ་དང་འདྲ། གཞན་བཞི་མཚམས་བཞིར་བཞག་གོ །བཅུའི་ཕྱོགས་ལའང་གཉིས་པོ་འདྲ། བཀྲ་ཤིས་ཀྱི་བུམ་པ་བརྒྱད་ནི། སྒོ་བཞི་དང་གྲྭ་བཞིའི་ཐད་ཀྱི་ཕྱི་རོལ་དུ་དགོད། དེ་ནས་མདུན་བསྐྱེད་ཀྱི་མཆོད་པ་དངོས་ནི། མཆོད་པ་བསངས་སྦྱངས་བྱིན་རླབས་སྤྱི་འགྲོ་ལྟར་བྱས་པའི་མཐར། ཨོཾ་ཨཱཿཧཱུཾ། ལན་མང་དུ་བཟླ་ཞིང༌། ཨོཾ་སརྦ་བིད་པཱུ་ར་པཱུ༴ སོགས་དང༌། ཨོཾ་པུཥྤཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། དྷུ་པཾ་དཱི་པཾ་གནྡྷཾ་ནཻ་བི་ཏྱཾ་བྷྲི་ཀྵཾ་རྣམས་ལའང་སྦྱར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧ་སྱ༴ ལ་སྱ༴ ར་ཏི༴ པུཥྟ༴ ས་ཧཱུ་ཤྱ་ཡ༴ ཨ་ནུཏྟ་ར། པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུཾ། ཞེས་དང༌། ཨོཾ་ཨ་ནུཏྟ་ར། སརྦ་པཱུ་ཛ་མེ་གྷ་ས་མུད་ག་ཏེ་སྥ་ར་ཎ་


TNT07_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཨི་མཾ་ག་ག་ན་ཁཾ་ཧཱུཾ་ཕཊ། སྔགས་ལན་གསུམ་གསུམ་མོ། །དེ་ནས་མཆོད་པ་འབུལ་བ་དངོས་ནི། དྭངས་ཤིང་དྲི་མེད་ཡིད་འོང་བའི༴ ཞེས་པ་ནས། སྤརྴ་ཀཱ་མ་གུ་ཎའི་བར་དུ་ནག་པོ་ལུགས་ཀྱི་དཀྱིལ་ཆོག་བཞིན་དུ་ཕུལ། ལྷ་མོ་བཅུ་དྲུག་ལ་ཚིགས་བཅད་གཞན་མང་པོ་ཡོད་པའང་བྱས་ན་ལེགས་པར་འོང༌། ནང་མཆོད་བླ་མ་རྒྱུད་པའི་སྐབས། རྡོ་རྗེ་འཆང་དབང་ཕྱག་ན་རྡོ་རྗེ་དང༌། །རྣལ་འབྱོར་མ་དཔལ་སྤྱན་རས་གཟིགས་དབང་དང༌། །བློ་གྲོས་རིན་ཆེན་ཤཱ་བཱ་རི་པ་ལ། །ཡེ་ཤེས་བདུད་རྩི་མཆོག་གི་མཆོད་པ་འབུལ། །མཻ་ཏྲི་གུ་པ་རྒྱ་གར་ཕྱག་ན་དང༌། །ཀ་མ་ལ་པ་ཛ་ཡ་སྱ་ན་དང༌། །སུམ་པ་ལོ་ཙཱ་རྗེ་བཙུན་གྲགས་རྒྱལ་ལ། །ཡེ་ཤེས་བདུད་རྩི་མཆོག་གི༴ ས་སྐྱ་པཎ་ཆེན་རིན་ཆེན་སྐྱོབ་པ་དཔལ། །རྒྱལ་ཚ་ཆོས་དབང་མང་མཁར་ལོ་ཙ་བ། །བློ་ཆེན་པ་དང་བླ་མ་ཡེ་ཤེས་དཔལ། །དར་མ་བཟང་པོ་གྲགས་ཆེན་སྤང་ཁང་པ། །སློབ་དཔོན་རིན་བརྩོན་མཁན་ཆེན་བྱང་སེང་པ། །ཐེག་ཆེན་ཆོས་རྗེ་བྲག་ཐོག་བསོད་བཟང་ལ། །ཡེ་ཤེས་བདུད་རྩི༴ ཀུན་དགའ་རྣམ་རྒྱལ་རྒྱ་སྟོན་བྱང་དབང་དང༌། །གྲོལ་མཆོག་ཞབས་དང་མཁས་མཆོག་བྱམས་པའི་མཚན། །འཁོར་ལོའི་དབང་ཕྱུག་རྩ་བའི་བླ་མ་ལ། ཡེ་ཤེས་བདུད་རྩི༴ ཡང་ན་རང་ཅག་ཆོས་ནན་ཏན་བྱ་བའི་འོས་སུ་བགྲང་བ་ནི། སུམ་པ་ལོ་ཙཱ་མཁས་པ་ས་མུ་དྲ། །སེང་གེ་རྒྱལ་མཚན་ཡང་ཀླུངས་ལོ་ཙཱ་བ། །རོང་པ་ཤེར་སེང་ཀྱི་སྟོན་འཇམ་དབྱངས་གྲགས། །ཀུན་མཁྱེན་ཆེན་པོ་དུས་གསུམ་སངས་རྒྱས་དང༌། །སློབ་དཔོན་


TNT07_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གྲགས་མཁན་ཆེན་བྱང་སེང་བ། །དེ་མན་ཆད་སྔར་བཞིན་བྱས་ན། བརྒྱུད་པ་ཤིན་ཏུ་བཟང་བ་ལ། རོང་པ་ཤེར་སེང་ཡན་ཆད་ཀྱི་བརྒྱུད་རིམ་ཤིན་ཏུ་རྙེད་དཀའ་བར་གྱུར་པ་ཡུན་རིང་ལོན་པ་ལས། ཕྱིས་མཁན་ཆེན་གྲུབ་པ་ཤེས་རབ་ཀྱི་གསན་ཡིག་ལས་རྙེད་པའོ། །རྒྱུད་པའི་རྣམ་གྲངས་མི་འདྲ་བ་རྣམས་གཞན་དུ་བཤད་ཟིན་ཏོ། །ཤིན་ཏུ་ཉེ་བརྒྱུད་ནི། ཧེ་རུ་ཀ་དཔལ་རྡོ་རྗེ་ཕག་མོ་དང༌། །ཤཱ་བཱ་རི་དབང་རྗེ་བཙུན་གྲོལ་མཆོག་དང༌། །གདོད་མའི་མགོན་པོ་ལྷ་དབང་གྲགས་པ་ལ། །ཡེ་ཤེས་བདུད་རྩིའི་མཉེས་མཆོད་དམ་པ་འབུལ། །གཞན་ཡང་རྩ་བའི་བླ་མ། བརྒྱུད་པའི་བླ་མ༴ ཞེས་པ་ནས། ཨ་ནུ་རཱ་ག་ཎའི་བར་འདྲ་བ་ལས། འཁོར་ཚོགས་ཀྱི་སྐབས་རྣམས་མི་དགོས། ཅི་སྟེ་ཤིན་ཏུ་སྤྲོས་པ་ལ་དགའ་ན། དུས་འཁོར་གྱི་ཨརྐ་ཆེན་མོ་བཞིན་བྱས་ན་འོང༌། དེ་རྗེས་རོལ་མོའི་སྒྲ་དང་བཅས་ཏེ་རྐང་བརྒྱད་གཉིས་ཀྱིས་བསྟོད། དེ་ནས་རྐང་པ་བཞི་བཅུ་ཞེ་བརྒྱད་པ་དང༌། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ༴ སོགས་མཚན་བརྒྱ་དང༌། བསྐལ་པའི་མེ་ལྟར་འབར་བ་འཇིགས་པའི་གཟུགས་ལྡན་པ། སོགས་མཚན་བརྒྱ་གཉིས་པས་ཀྱང་བསྟོད། བར་འདིར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་མཛད་པའི་བསྟོད་ཆེན་ཀྱང་འདོན། དེ་རྗེས། ཁྲུས་ཀྱི་རྫིང་བུ་དམ་པ་དང༌། ཞེས་པ་ནས་གཟིགས་ཤིང་ལས་ཀུན་མཛད་པ་ཡིན། ཞེས་པའི་བར་ཡང༌། ནག་པོ་དཀྱིལ་ཆོག་གི་མཆོད་འཕྲེང་བཞིན་ནོ། །བར་འདིར་ཕྱི་རོལ་གཏོར་མ་གཏོང་སྟེ། རྒྱས་པར་ན་འབྱུང་པོ་ཐམས་ཅད་པ་དང༌། ཞིང་སྐྱོང་གི་གཏོར་མ་གཉིས་ཀར་བྱེད། འབྲིང་དུ་གང་རུང་ཅིག་བྱ། བསྡུས་པར་ན་མཁའ་འགྲོ་སྤྱི་གཏོར་དཀྱུས་ཉིད་ཡིན་པ་ལས། དྲྀ་ཤྱ་ཧོ་ཞེས་པའི་རྗེས་སུ། གང་དུ་བཅོམ་ལྡན་འདས་ལྷན་


TNT07_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །འོངས་པའི་ཕྱོགས་ཀྱི་བདག་པོ་རྣམས། །གང་ཡང་རྗེས་སུ་འབྲང་ཞེས་འདིར། །གནས་པ་དེ་དག་ཐམས་ཅད་རྣམས། །བདག་ནི་རྗེས་སུ་བཟུང་བའི་ཕྱིར། །ཇི་ལྟར་ཡོད་པའི་དྲི་དང་ནི། །མེ་ཏོག་སོགས་དང་གཏོར་མ་ཡང༌། །སོ་སོར་བཞེས་ཏེ་སེམས་ཅན་ལ། །བྱམས་པའི་སེམས་དང་སློབ་མ་ལ། །གེགས་མེད་པར་ནི་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་མཆོད་ཡོན་ཕུལ། པུཥྤེ༴ ལ་སོགས་པ་ཉེར་སྤྱོད་ལྔས་མཆོད། ཨོཾ་ཁ་ཁ༴ མན་ཆད་དུ་སྤྱི་དང་འདྲ། མཆོད་པ་བསྡུ་བ། མཆོད་ཡོན་བསྒྲེང་བ། མཚམས་བཅད་པ་སོགས་ཀྱང་ཕྱི་རོལ་གཏོར་མ་སྤྱི་འགྲོའི་རིམ་པས་ཆོགའོན་ཀྱང་འདིར་སྐོར་བ་སྒོ་དབྱེ། མེ་ཏོག་འབུལ་བ་རྣམས་ནི་མི་དགོས་ཏེ། སྔར་ཟིན་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་སྤྲོས་པ་ལ་དགའ་བ་དང༌། ག་ཁྱེར་འདོད་པས་བྱེད་སྙམ་ན་མཛོད་ཅིག །དེ་ལ་བདག་གིས་ཅི་ཞིག་བྱ། དེ་ནས་བདག་འཇུག་གི་དོན་དུ་ཁྲུས་བྱས་ཏེ། འཇུག་པའི་མཎྜལ་ཕུལ་ནས། རྡོ་རྗེ་ཕག་མོ་རབ་སྦྱོར་བ། །བདག་གི་སྟོན་པ་དགའ་ཆེན་ཁྱོད། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །ཞཻས་པ་ནས། གཞུག་ཏུ་གསོལ། ལན་གསུམ། ཨོཾ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིདྡྷི་ཧཱུཾ། བདག་ཉིད་གཙོ་བོ་ཧེ་རུ་ཀ་ཕྱག་གཉིས་པའི་སྐུར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷི་ཨ་ལང་ཀ་ར་བསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་བཛྲ་རཀྵ་ཧཾ། ཨོཾ་བཛྲ་ཨུཥྞི་ཥ་ཧཱུཾ་ཕཊ། ཨོཾ་ཙཀྵུར་བནྡྷ་བ་ར་མ་ཎ་ཡ་ཧཱུཾ། ཨཱ་ཧཾ་བྷཱི་ར་ཧཱུཾ། ཨོཾ་དངོས་གྲུབ་


TNT07_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་གྲོང་ཁྱེར་ཉམས་དགའ་བ། །ཐར་པའི་གྲོང་དུ་དཔལ་ལྡན་བདེ་ཆེན་འཇུག །མཆོག་གི་བདེ་བ་དམ་པའི་དངོས་གྲུབ་ཀྱི། །ཛཿཧཱུཾ་བཾ་ཧོཿརབ་ཏུ་གྲུབ་པར་མཛོད། །བདག་ཉིད་དཀྱིལ་འཁོར་དུ་ཡོངས་སུ་ཞུགས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པསྠ་ནཱ་ཡ། ཨསྨ་ནཾ་ནིརྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་མཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་པཱུ་ཛ་ཨུ་པསྠ་ནཱ་ཡ། ཨཏྨ་ནཾ་ནིརྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཻ་རོ་ཙ་ན་ཨ་དྷི་ཏིཥྛ་སྭ་མ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ། ཨཏྨ་ནཾ་ནིརྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ན་ཡ། ཨཏྨ་ནཾ་ནིརྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟ་ཡ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ། ཨཏྨ་ནཾ་ནིརྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ། ཞེས་ཕྱོགས་བཞི་ཕྱག་འཚལ་བྱ། དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །རྡོ་རྗེའི་རིགས་ཀུན་བསྡུས་པ་ལ། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །ཕྱིར་མི་ལྡོག་པའི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང༌། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །མགོན་པོ་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་པ་ནི་རྨད་བྱུང་ཆེ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །ཞེས་ལན་གསུམ། འདི་ཛ་ཡ་སྱ་ནའི་ལུགས་སོ། །ཚིག་འདིས་གསོལ་བ་འདེབས་


TNT07_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་དུམ་བུ་ལ་བཅོས་ཀ་བྱེད་པ་བས། གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཞེས་སོགས་རྒྱུད་ནས་འབྱུང་བ་དེ་རྫོགས་པར་བྱས་ན་ཀ་ལེགས་སོ། །བདག་མིང་འདི་ཞེས་བགྱི་བ་ཡི། །བྱང་ཆུབ་སེམས་ནི་ཡོངས་བཟུང་ལ། །གསང་བའི་དཀྱིལ་འཁོར་འདིར་འཇུག་ཅིང༌། །དམ་ཚིག་སྡོམ་པ་ནོང་པར་མཛོད། །ལན་གསུམ། གསང་བ་ཆེན་པོ་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །བདག་འདོད་དོ་ཞེས་དེ་ལ་འདོན་པ་སྤོ། དེ་ལྟར་ན་གསོལ་གདབ་དང་འདི་དག་ཀྱང༌། དཀྱིལ་ཆོག་གཉིས་ཀྱི་ལུགས་འདི་ཡང་འགལ་བ་ཆེར་མེད་དམ་སྙམ་ནས་བཀོད་པ་ཡིན། སྤྱིར་ནི་རྒྱུད་གཞུང་ཚད་ལྡན་ལྟར་བྱས་ན་ཀ་བརླིང་ངོ༌། །དེ་ནས་སྡོམ་པ་སྒྲག་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་ཡིད་འོང༌། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །སློབ་དཔོན་ཁྱོད་ཀྱིས་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་སྒྲགས་སོ། །སློབ་དཔོན་ཁྱོད་ཀྱིས་བཟུང་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །འདི་ནི་པདྨའི་རིགས་དག་པའི། །དམ་


TNT07_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །དེ་ལས་གཞན་ཡང་བཅུ་བཞི་ནི། །ཕས་ཕཾ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བསླབ་པར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། ཁ་ན་མ་ཐོ་སྦོམ་པོར་འགྱུར། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །འདོད་ལ་ལོག་པར་མི་སྤྱད་ཅིང༌། །རྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤངས་བར་བྱ། །སེམས་ཅན་དོན་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤངས། །དམ་པ་ཉེ་བར་བསྟེན་བྱ་ཞིང༌། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པ་ནི་རྗེས་སུ་སྲུང༌། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་ཡོངས་མི་སྤང༌། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། ཁྱོད་ཀྱིས་བརྙས་པར་མི་བྱ་སྟེ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོད་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་ཡང་


TNT07_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

དག་བཤད། །ཅེས་དམ་ཚིག་སྒྲགས། སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་དུ་ནི་བདག་གིས་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས་ནས་མྱ་ངན་འདས་ལ་འགོད། །ལན་གསུམ་གྱིས་སྡོམ་པ་བཟུང༌། རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་དང་དོན་དམ་གཉིས་སུ་མེད་པའོ། །ཨོཾ་བཛྲ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཡོ་གི་ཀཱ་ཡ་ཝཱཀ་ཙིཏྟ་ཨུ་ཏ་པ་ཡ་མི། ཨ་ཤེ་ཤ་ཨ་ན་བ་ཤེ་ཥ། སཏྭ་དྷ་ཏུ་ཧི་ཏ། སུ་ཁོཏྟ་མ་སིདྡྷི་ཨཱ་དྱན་ཏ་བྷ་ཝ་སིདྡྷ་མ་ཧེ་ཤྭརྱ་དྷི་པ་ཏྱ་ཙ་ཡ། ཞེས་སེམས་བསྐྱེད་པ་ལ་ཆེད་དུ་བརྗོད་པ་བྱས། ས་མ་ཡ་སྟྭཾ་ཞེས་མེ་ཏོག་སླར་ཡང་བཟུང༌། བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བྱ། །ཞེས་དཀྱིལ་འཁོར་ལ་གསོལ་བ་བཏབ། ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་ཡོལ་བ་བསལ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཁྱོད་ཀྱིས་འདི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདིའོ། །གལ་ཏེ་ཁྱོད་


TNT07_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་བོ་འགེམས། །ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཧཱུཾ་འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནྀ། །རྡོ་རྗེ་བདུད་རྩིའི་ཆུ་འདིས་ཐོབ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ཏ་ཀ་ཋ་ཋ་ཋ་ཧཱུཾ། དེང་ཕྱིན་ཆད་བུ་ཁྱོད་ཀྱི་དཔལ་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མ་བྱེད་ཅིག །བྱས་ན་ཡང་དེ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྷུང་བར་འགྱུར་ཏ་རེ། དེ་དག་ནི་དམ་ལ་བཞག་པའོ། །ཡེ་ཤེས་དབབ་པ་ནི། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། ལན་གསུམ། རང་ཧེ་རུ་ཀ་ཕྱག་གཉིས་པ་ཞབས་གཡས་བརྐྱང་གི་སྟབས་བྱས་བཞུགས་པར་གྱུར། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པའི་ལྟེ་བ་ལ། རྩ་ཨ་ཝ་དྷུཏཱི་ཆུ་ཤིང་གི་མེ་ཏོག་ལྟ་བུའི་ནང་ན། དཔྱིད་དང་ཐིག་ལེ་ཁ་སྦྱོར་བར་གནས་པ་ནི། དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ། ཡུམ་རྡོ་རྗེ་ཕག་མོས་འཁྱུད་པ། བདེ་བ་ཆེན་པོ་རབ་ཏུ་འབར་བའི་འོད་ཟེར་དུ་མ་འཕྲོ་བ། ཕྱོགས་བཞིར་ལཱཾ་མཱཾ་པཱཾ་ཏཱཾ་ཡུམ་བཞི། མཚམས་བཞིར་ཨོཾ་ཡིག་བཞི་ཐོད་པ་བཞིའི་ངོ་བོ། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ།


TNT07_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

པུ་ཛཿ ནས་མ་བུ་ཁམས་རྣམས་དཔའ་བོ་དང་རྩ་རྣམས་དཔའ་མོ། བུ་ག་བརྒྱད་ལ་ཧཱུཾ་རིང་པོ་བརྒྱད་སྒོ་མཚམས་མ་བརྒྱད་ཀྱི་ངོ་བོ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་དཔལ་ཧེ་རུ་ཀ་རིག་མའི་ཚོགས་དང་བཅས་པ་དང༌། འཁོར་ལོ་བཅུ་གཉིས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་རྣམ་པར་སྤྱན་དྲངས་ཏེ། ལུས་ཀྱི་སྟོད་ཀྱི་ཆ་ལ་ཐུགས་རྡོ་རྗེའི་རིགས་ཀྱི་ལྷ་ཚོགས་རྣམས་ཁ་དོག་ནག་པོའི་རྣམ་པས་ཐིམ། བར་གྱི་ཆ་ལ་གསུང་རྡོ་རྗེའི་རིགས་ཀྱི་ལྷ་ཚོགས་རྣམས་དམར་པོའི་རྣམ་པས་ཐིམ། སྨད་ཀྱི་ཆ་ལ་སྐུ་རྡོ་རྗེའི་རིགས་རྣམས་དཀར་པོའི་རྣམ་པས་འཇུག་ཅིང༌། གཙོ་བོ་རིག་མར་བཅས་པ་དང༌། དེ་མ་ཡིན་པའི་དཔའ་བོ་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་ཡང༌། བ་སྤུའི་བུ་ག་ནས་ཞུགས་ཏེ་སྙིང་གར་ཐིམ་པའི་རྐྱེན་གྱིས་སྙིང་གའི་དཔའ་བོ་ཡབ་ཡུམ་སྙོམས་པར་ཞུགས། སྦྱོར་མཚམས་ནས། བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་འཕྲོས་པས། ལུས་ཐམས་ཅད་བདེ་བ་ཆེན་པོས་གང༌། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་ལྷ་ཚོགས་དཔག་ཏུ་མེད་པ་ཆར་བབས་པ་བཞིན་ཏུ་བྱུང་སྟེ། སྙིང་གར་ཐིམ། ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨ་བེ་ཤ་ཡ་ཧཱུཾ། ཞེས་རོལ་མོའི་སྒྲ་བྱ། ཏིཥྛ་བཛྲ་ཌི་ཌྷོ་མེ་བྷ་ཝ། ཤ་ཤྭ་ཏོ་མེ་བྷ་ཝ། ཧྲི་ད་ཡ་མེ་ཨ་དྷི་ཏིཥྛ། སརྦ་སིདྡྷིཾ་མེ། པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ།


TNT07_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ ཞེས་པའི་བརྟན་པར་བྱའོ། །དཀྱིལ་ཆོག་གི་གཞུང་གཉིས་ལས་ནི། མེ་ཏོག་མགོ་ལ་བཅིངས་ནས་མིག་འབྱེད་པའི་བར་ལ། བདེན་སྟོབས་གཉིས་པ་བརྗོད་པ་དང༌། མིག་ཕྱེ་ནས་བལྟ་བར་བསྐུལ་བའི་བར་ལ་ནམ་མཁའི་ཁ་དོག་དྲི་བ་བྱས་པ་ནི། སུ་དང་ཡང་མི་མཐུན་པའི་ལག་ལེན་ཨར་ཁ་མར་འདུག་ཅིང༌། སྐྱེ་བོ་མང་པོ་ལ་དབང་ཕྱོགས་གཅིག་ཏུ་བསྐུར་ན། ཤིན་ཏུ་བྱེད་སྟབས་མི་བདེའོ། །དེས་ན། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་པ་ནས། ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །ཅེས་བདེན་སྟོབས་དང་པོ་དེ་བརྗོད་ནས། རང་གི་ལས་དང་རྗེས་སུ་མཐུན་པའི་ནམ་མཁའི་ཁ་དོག་མཐོང་བར་གྱུར། ཡང་དག་པ་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་རྣམས་རིགས་ཀྱི་རིམ་པ་དང༌། །བསོད་ནམས་ཅི་འདྲ་དེ་འདྲར་ཤོག །དེ་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་བདེན་སྟོབས་གཉིས་པ་བརྗོད། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཨོཾ་པྲ་ཏི་གྲྀཧྞ་སྟྭཾ། བེ་ཤ་ཀུ་ལཾ་ཤི་ཥྱ་མཧཱ་བ་ལ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་ཛྙཱ་ན་ཙཀྵུ་ཧཱུཾ་ཨ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེ། ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །


TNT07_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཕུན་སུམ་ཚོགས་ཀུན་དང༌། །དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །དཔལ་འཁོར་ལོ་སྡོམ་པ་མཁའ་འགྲོ་རྒྱ་མཚོ་ལས་འབྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་མཐོང་བར་གྱུར། སློབ་མ་དབང་བསྐུར་གྱི་དུས་ཡིན་ན་དཀྱིལ་འཁོར་མཐའ་དག་རྒྱས་པར་བསྟན་ནོ། །བདག་འཇུག་ལ་ཡང་དེ་བཞིན་བྱས་ན་བཟང་མོད་ཀྱི། བྱེད་པའི་སྲོལ་མེད་དོ། །ཨོཾ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དེ་རིང་བདག་གིས་མཐོང༌། །གསང་བའི་དཀྱིལ་འཁོར་ཆེན་པ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །ས་མ་ཡ་ཧོ་ཧོ་ཧོ། །ཞེས་ཆེད་དུ་བརྗོད་དོ། །དེ་ནས་འཁོར་ལོའི་ལྷའི་དག་པ་བཤད་པ་ནི། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པ། །དཔལ་ནི་ཧེ་རུ་ཀ་ཞེས་བྱ། །རྡོ་རྗེ་ཡེ་ཤེས་དབྱེར་མེད་ཕྱིར། །རྟག་ཏུ་སྒྲིབ་པ་ལས་སྒྲིབ་དང༌། །འདོད་ཆགས་དམན་པའི་སྦྱོར་བ་གང༌། །རྡོ་རྗེ་སྔོན་སོང་ཅན་ཕག་མོ། །མཆོག་ཏུ་འགྲོ་བའི་ངང་ཚུལ་ནི། །མཁའ་འགྲོ་མ་དང༌། དེའི་རིགས་ལྔ། རྟག་ཏུ་བདུག་པ་ཟ་བས་ལཱ་མ་དང༌། དེའི་རིགས་ལྔ། དུམ་བུར་བྱེད་ཅིང་སྐྱེད་པས་དུམ་སྐྱེས་མ་དང༌། དེའི་རིགས་ལྔ། སྣ་ཚོགས་པའི་གཟུགས་འཛིན་པས་གཟུགས་ཅན་མ་དང་དེའི་རིགས་ལྔ། གཙོ་བོས་ནི།


TNT07_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་རྣམས་དག་པས་ཕྱག་བདུན་ཅུ་དོན་གཉིས། རྒོད་པ་སོགས་དག་པས་ཕྱག་དང་པོ་བཞི། དགའ་བ་བཅུ་དྲུག་ཡེ་ཤེས་དང་བཅས་པ་ནི་ཞལ་བཅུ་བདུན། འཁོར་འདས་མནན་པས་ཞབས་གཉིས་སམ། སྟོང་ཉིད་བཅོ་བརྒྱད་དག་པས་ཞབས་བཅོ་བརྒྱད། གནས་བཅུ་གཉིས་དང༌། ས་བཅུ་གཉིས་དག་པས་འཁོར་ལོ་བཅུ་གཉིས། ཡེ་ཤེས་དང་ཆོས་དང་ལོངས་སྤྱོད་རྫོགས་པ་ཀུན་ནས་མཉམ་པས་ཕོ་བྲང་ནང་མ་གསུམ་པོ་ཟླུམ་པོ། མཐའ་བཞི་སྤྱོད་ཅིང་སྤྲུལ་པ་ཀུན་ཏུ་རྒྱས་པས་ཕྱི་མ་གྲུ་བཞི་པ། རླུང་གཉིས་དབུ་མར་འདུས་པ་དང༌། སྐུ་གསུམ་དང་དགའ་བཞི་དང་ཡེ་ཤེས་ལྔ་དག་པས། དེ་དག་གི་རྩིག་པའི་རིམ་པའོ། །བཞི་པ་ཀུན་གྱི་ཐུན་མོང་དུ། །བྱིན་གྱིས་བརླབས་པའི་ཐིག་ཡིན་ཕྱིར། །མཉམ་པ་ཚད་མེད་ལ་སོགས་སོ། །ཚུལ་ཁྲིམས་སྡོམ་པ་བླ་མེད་པ། །རྒྱན་གང་ཡིན་པར་ཡང་དག་བཤད། །དད་པའི་དབང་པོ་སོགས་ཅན་སེམས། །རྩིག་པ་ལྔ་རུ་འབྱུང་བ་ཡིན། །རྣམ་པར་ཐར་པ་རྣམ་པ་བཞི། །གང་ཞིག་སྒོར་ནི་ཡང་དག་བཤད། །ཡང་དག་རབ་ཏུ་སྤོང་བ་བཞི། །རྟ་བབས་ཀྱི་ནི་ཀ་བར་འབྱུང༌། །དྲན་པའི་ཡེ་ཤེས་བཞི་རྣམས་ནི། ཁ་ཁྱོར་བཞི་རུ་དྲན་པར་བྱ། །རྫུ་འཕྲུལ་གྱི་ནི་རྐང་པ་བཞི། །སྒོ་འཁྱུད་རྣམ་པ་བཞི་ཡིན་ནོ། །བྱང་ཆུབ་ཡན་ལག་བདུན་འཕྲེང་བ། །བ་དན་མེ་ཏོག་འཕྲེང་བར་བརྗོད། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །ཏིང་འཛིན་གཉིས་སུ་བཏགས་པ་ཡིན། །


TNT07_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་ཡེ་ཤེས་ཁྱད་པར་ནི། །རྔ་ཡབ་ཏུ་ནི་བརྗོད་པའོ། །ཉོན་མོངས་ཐམས་ཅད་ཟད་བྱེད་པས། །དེ་བཞིན་དྲ་བ་ཞེས་བརྗོད་དོ། །ཡང་དག་གཅོད་པའི་རབ་འཕྲོག་དང༌། །རྣམ་པར་སེལ་བའི་རབ་འཕྲོག་པས། །ཚོགས་གཉིས་ཀྱི་ནི་སྦྱོར་བ་སྟེ། །ཉོན་མོངས་རྣམས་ཀྱི་ཕྱེད་འཕྲོག་ཕྱིར། །དྲ་བ་ཕྱེད་པ་ཞེས་བརྗོད་དོ། །འཕགས་པའི་ལམ་ནི་ཀ་བ་བརྒྱད། །དེ་ཡི་དབུས་ཀྱི་པདྨ་གང༌། །སྐྱོན་གྱིས་མ་གོས་པར་བསྟོན་ནོ། །འཁོར་ལོ་བཅུ་གཉིས་བཤད་པ་རྣམས། །ས་ཡི་མི་མཐུན་ཕྱོགས་སྤང་བ། །ཡང་དག་བཤད་པའི་རྩིབས་འདི་རྣམས། །ཉོན་མོངས་ཉེ་བའི་ཉོན་མོངས་སེལ། །རྡོ་རྗེ་འཕྲེང་བ་ལ་སོགས་གང༌། །གློ་བུར་བ་ཡི་དྲི་མ་སེལ། །ཆ་ཤས་བཅུ་དྲུག་རྣམས་ཀྱི་བར། །དུར་ཁྲོད་དག་པར་ཤེས་པར་བྱ། །མདོར་ན་ཡང་དག་པའི་ཡེ་ཤེས་ཀྱི་རྣམ་པར་རོལ་བ་མཐའ་དག་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་ཤར་བའོ། །དེ་དག་གི་འཇུག་པའི་ཆོ་ག་བཤད་ཟིན་ཏོ། །དེ་ནས་རྡོ་རྗེའི་སློབ་མའི་དབང་གི་དོན་དུ་མཎྜལ་ཕུལ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་པ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །སྙིང་པོའི་དཀྱིལ་འཁོར་གྱི་ནང་དུ། ཤར་ཕྱོགས་ཀྱི་ལྷ་སྣམ་ལ་དབང་སྟེགས་ཀྱི་གདན་ལ་རང་ཉིད་ཕྱག་གཉིས་པའི་རྣམ་པས་གནས་པར་གྱུར། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ཕྱག་གཉིས་པ་ཞིག་ཆད། སྦྱང་བའི་ལས་མཛད་པར་གྱུར།


TNT07_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་བཛྲ་སསྟྭ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱཧཱ། ཨོཾ་ཧཱུཾ་ཌ་ཌི་ཏ་ཕཊ། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱཧཱ། ཨོཾ་སརྦ་མ་ལ་ཨ་བ་ར་ཎ་བི་ཥོ་དྷ་ནི་སྭཱཧཱ། ཨོཾ་པུནྱ་ཛྙཱ་ན་དྷ་ར་སམྦྷ་རཎྜོ་པ་ཀཱ་ཡ་སྭཱཧཱ། ཨོཾ་བྷ་ར་བྷ་ར་སམྦྷ་ར་སམྦྷ་ར་སྭཱཧཱ། བདེན་པ་བདར་བའི་མཐར། བདག་ཅག་རྣམས་ཀྱི་ཕུང་པོ་དྲུག ཁམས་དྲུག དབང་པོ་དྲུག་ལ་སོགས་པ་ལ་གནས་ཏེ། དབང་གི་ཡེ་ཤེས་སྐྱེ་བ་ལ་བར་དུ་གཅོད་ཅིང༌། མི་མཐུན་པར་གྱུར་པ་བྱུར་དང་སྐལ་བ་ངན་པ་དང༌། བཀྲ་མི་ཤིས་པར་འགྱུར་བ། བགེགས་དང་ལོག་འདྲེན་གནོད་བྱེད་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོངས་ཤིགཅེས་རོལ་མོའི་སྒྲ་སྒྲོགས་སོ། །ཨོཾ་བཛྲ་པཱ་དྱཾ་སྭཱཧཱ། ཨོཾ་བཛྲ་པྲོ་ཀྵ་མ་ཎཾ་སྭཱཧཱ། ཨོཾ་བཛྲ་ཨནྩ་མ་ནཾ་སྭཱ་ཧཱ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་སྭཱཧཱ། པུཥྤེ༴ ཨཱ་ལོ་ཀེ༴ ཧཱུཾ་ལན་བདུན་བརྗོད། བདག་ཅག་རྣམས་ཀྱི་བྱུར་དང༌། སྐལ་བ་ངན་པ་དང༌། བཀྲ་མི་ཤིས་པ་ཐམས་ཅད་ཤཱན་ཏིང་ཀུ་རུ་སྭཱཧཱ། ཁཎྜ་རོ་ཧིས་བསངས། སྭ་བྷ་ཝས་སྦྱངས། དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་མི་དམིགས་ཏེ། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རྡོ་རྗེ་མཁའ་འགྲོ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཐོར་ཚུགས་དང༌།


TNT07_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པའི་ཕྲེང་བ་དང༌། རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་སྨད་དཀྲིས་ཅན། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། སྤྱན་གསུམ་པོ་ཁྲོ་ཞིང་སྒེག་པའི་ཉམས་དང་ལྡན་པ། ཡུམ་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ། གྲི་གུག་དང་ཐོད་པ་འཛིན་ཞིང་ཕྱག་རྒྱ་ལྔས་བརྒྱན་པ་དང་མཉམ་པར་སྦྱོར་བ། དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་གྱི་རྣམ་པར་ཕཻཾ། ཛཿཧཱུཾ་བཾ་ཧོཿ དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་གི་ལུས་ལ་ཕོག་པས་འོད་ཀྱི་གོང་བུར་གྱུར། དཀྱིལ་འཁོར་གྱི་གཙོ་བོའི་ཞལ་དུ་ཞུགས། གཞིར་གནས་ཀྱི་བྱང་ཆུབ་སེམས་དང་འདྲེས། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་ནང་དུ་བབས། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རྡོ་རྗེ་མཁའ་འགྲོ༴ ནས་ཐུགས་ཀར་ཧཱུཾ་གི༴ བར་རྣམ་རྒྱལ་བུམ་པའི་སྐབས་བཞིན། ཡང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་མཐའ་ཡས་པར་ནམ་མཁའ་གང་བར་བཞུགས་པའི་དེ་བཞིན་གཤེགས་པ། རིག་པའི་ལྷ་མོ་སྲས་དང་བཅས་པ་ཐམས་ཅད་ནམ་མཁའི་དབྱིངས་སུ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། སོགས་ཉེར་སྤྱོད་ལྔ། ཤཔྟ་དང་བཅས་པས་ཕུལ།


TNT07_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་བཞིན་འདི་ལ་གནང་བ་མཛོད། །ཅེས་གསོལ་བ་བཏབ་པས། ནམ་མཁར་བཞུགས་པའི་དབང་གི་ལྷ་ཐམས་ཅད་རྗེས་སུ་ཆགས་པས་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ། དཀྱིལ་འཁོར་གྱི་གཙོ་བོའི་དབུ་གཙུག་ཚངས་པའི་བུ་ག་ནས་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་ཆུ་སྐྱེས་དབུས་སུ་བྱོན་པའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་ཉིད་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་གྱི་སྐུར་གསལ་བ་ལ་དབང་བསྐུར་ཞིང༌། དྲི་མ་མཐའ་དག་སྦྱངས་ཏེ་དག་པའི་ཤེལ་ལྟར་གྱུར། བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་ལས། དེ་བཞིན་གཤེགས་པ་ཡབ་ཡུམ། བྱང་ཆུབ་སེམས་དཔའ་ཡབ་ཡུམ། ཁྲོ་བོའི་དབང་པོ་རྡོ་རྗེ་མཁའ་འགྲོ་མའི་ཚོགས་དང་བཅས་པ་དང༌། དབང་གི་ལྷ་ཚོགས་མཐའ་ཡས་པར་སྤྲུལ་ཏེ། གསང་བའི་ཆུ་སྐྱེས་ལས་ཕྱི་རོལ་དུ་བྱོན། མཁའ་དབྱིངས་ཐམས་ཅད་གང་བར་བཞུགས་ཏེ། ཧཱུཾ་ཞེས་བྱ་བས་རང་ཉིད་འཁོར་ལོའི་དབང་ཕྱུག་མའི་གསང་བའི་མཐའ་ནས་ཕྱིར་སྤྲོས་ཏེ། དབང་སྟེགས་ཀྱི་སྟེང་དུ་འཁོད་པར་གྱུར། དེའི་ཚེ་རྡོ་རྗེ་ཕག་མོ་དང༌། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རིག་མ་རྣམས་ཀྱིས། བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ། ཕྱག་གིས་ཅུང་ཟད་ཡོ་


TNT07_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

བར་འཛིན་ཞིང༌། ཡལ་འདབ་ཀྱིས་འཐོར་བ་དང༌། ཕྱོགས་ཐམས་ཅད་ནས་སྣ་ཚོགས་པའི་མཆོད་པས་བསྟིབས་ཤིང༌། གུར་གུམ་དང་མེ་ཏོག་ལ་སོགས་པའི་ཆར་ཕབ། རྔ་བོ་ཆེའི་སྒྲ་སྒྲགས། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་ཤིས་པ་བརྗོད་པར་གྱུར། ཨོཾ་བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །དེ་ནས་སྤྲོ་ན། བཀྲ་ཤིས་གང་ཞིག་མཐའ་དག་རྡོ་རྗེའི་རིགས་དང་ལྡན། །ཞེས་སོགས་བྱ་ཞིང༌། བསྡུ་ན། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཙམ་བརྗོད། དུང་ཆོས་སམ་རྣམ་རྒྱལ་བུམ་པའི་ཆུ་ཐོགས་ཏེ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀ་ན་ཏྭ་ཨ་བྷི་ཥིཉྩ་མི། སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་དྷི་ཏྭེ་ན་ཌི་ཌྷོ་མེ་བྷ་ཝ། ཞེས་པའི་མཐར། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །རྡོ་རྗེ་གསང་བ་གསུམ་བྱུང་བ། །སངས་རྒྱས་ཀུན་གྱི་སྦྱིན་པར་བྱ། །ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་གསུངས་ཞིང༌། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་ལུས་ཀྱི་ནང་ཐམས་ཅད་གང༌། སྡིག་སྒྲིབ་ཐམས་ཅད་དག ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུ་བརྒྱན། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། སོགས་ཉེར་སྤྱོད་ལྔས་མཆོད། དེ་ལྟར་ན་ཆུའི་


TNT07_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ། ཞེ་སྡང་དག རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་གོ་འཕང་མངོན་དུ་འགྱུར་བའི་རྟེན་འབྲེལ་བསྒྲིགས། ཆུ་དབང་ངོ༌། །ཨོཾ་སྭ་བྷཱ་ཝ་བདག་དང་དབང་རྫས་དབུ་རྒྱན་གཉིས་ཀ་མི་དམིགས་ཏེ། སྟོང་པའི་ངང་ལས། ཨཾ་ལས་རིན་པོ་ཆེ་ཨཾ་གིས་མཚན་པ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས། གཉིས་ཀའང་རིན་ཆེན་ཧེ་རུ་ཀ་སྐུ་མདོག་སེར་པོ། གཡས་རིན་པོ་ཆེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཐོར་ཚུགས་དང༌། ཐོད་པའི་འཕྲེང་བ་དང༌། ཕྱག་རྒྱ་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་སྨད་དཀྲིས་ཅན། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། སྤྱན་གསུམ་པ། ཁྲོ་ཞིང་སྒེག་པའི་ཉམས་ཅན། ཡུམ་རིན་ཆེན་མཁའ་འགྲོ་མ་སེར་མོ་གྲི་གུག་དང་ཐོད་པ་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། གཙོ་བོའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་རིན་ཆེན་མཁའ་འགྲོ་ཡབ་ཡུམ་གྱི་རྣམ་པར་ཕཻཾ། ཛཿཧཱུཾ་བཾ་ཧོཿ ལན་གཉིས། དབང་རྫས་ཀྱི་རིན་ཆེན་འབྱུང་ལྡན་ཞུ་བ་ལས། དབུས་སུ་མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་ལྷའམ། དཔལ་རྡོ་རྗེ་འཛིན་པ་མཐའ་བསྐོར་དུ་རྒྱལ་བ་རིགས་ལྔའི་སྐུ་གཟུགས་ཀྱིས་མཚན་


TNT07_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་རྫས་དབུ་རྒྱན་དུ་གྱུར། ཨོཾ་བཛྲ་དྷཱ་ཏྭི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་སཏྭ་བཛྲི་ཎི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་བཛྲི་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་བཛྲི་ཨ་བྷི་ཥིཉྩ་ཧྲཱི། ཨོཾ་ཀརྨ་བཛྲ་ཨ་བྷི་ཥིཉྩ་ཨཿ ཞེས་རང་རང་གི་ཕྱག་རྒྱ་གནས་ལྔར་གཏུགས་པའམ། བསྡུ་ན་དབུ་རྒྱན་བྱིན་གྱིས་རློབས་པའི་སྔགས་སུ་བྱས་ཀྱང་རུང་ངོ༌། །དེ་ནས་དབང་བསྐུར་རྡོ་རྗེ་ཆེན་པོ༴ སོགས། མཐར། ཨོཾ་ཨཱཿབཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་བརྗོད་ཅིང༌། ཨོཾ་བཛྲ་ཏུ་ཥྱ་ཧོཿ ཨོཾ་ཧཱུཾ་ཧྲཾ་ཧྲིཿཨཿ དར་དཔྱངས་བཅིངས། ཨོཾ་བཛྲ་ཨུ་ཏ་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ། ཨ་ཧཾ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། ལས་ཀྱི་ནང་ཐམས་ཅད་གང༌། ཉེས་སྐྱོན་ཐམས་ཅད་དག ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས། རིན་ཆེན་འབྱུང་ལྡན་ཉིད་ཀྱིས་དབུ་བརྒྱན། ཨོཾ་བཛྲ་པུཥྤེ༴ སོགས། དེ་ལྟར་ན་ཅོད་པན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག ཚོར་བའི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་གྱི་གོ་འཕང་མངོན་དུ་འགྱུར་བའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །ཅོད་པན་གྱི་དབང་དེས་རིགས་བསྒྲེས་ཏེ། བདག་དང་དབང་རྫས་རྡོ་རྗེ་གཉིས་ཀ་མི༴ ཛྲིཾ་ལས་པད་ཛྲི་གིས༴ པདྨ་མཁའ་འགྲོ་སྐུ་མདོག་དམར་པོ་གཡས་པདྨ༴ ཡུམ་པདྨ་མཁའ་འགྲོ་མ་དམར་མོ། ཐམས་ཅད་པདྨ་མཁའ་འགྲོ་མ་ཡབ་ཡུམ་གྱི་རྣམ་པར༴ པདྨ་མཁའ་འགྲོ་


TNT07_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་ཞུ་བ་ལས། དབང་རྫས་རྡོ་རྗེ༴ དབང་བསྐུར་རྡོ་རྗེ་ཆེན་པོ༴ སོགས་ཀྱི་རྗེས་ལ། སངས་རྒྱས་རྣམས་ཀྱིས་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་བཟུང༌། །ཨོཾ་ཨཱཿམ་ཧཱ་བཛྲ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཨུ་ཏ་ཀ༴ སོགས། སྤྱི་བོར་འཁྱིལ་བ་ལས་འོད་དཔག་མེད་ཀྱིས་དབུ་རྒྱན། ཨོཾ་བཛྲ་པུཥྤེ༴ དེ་ལྟར་ན་རྡོ་རྗེ༴ འདོད་ཆགས༴ འདུ་ཤེས་ཀྱི༴ སོ་སོར་རྟོག་པའི༴ འོད་དཔག་མེད་ཀྱི༴ ཞེས་འདོན་པ་སྤོ། རྡོ་རྗེའི་དབང་ངོ༌། །དེ་བཞིན་དུ། བདག་དབང་རྫས་དྲིལ་བུ༴ ཁཾ་ལས་རལ་གྲི་ཁཾ་གིས༴ སྣ་ཚོགས་མཁའ་འགྲོ་སྐུ་མདོག་ལྗང་ཁུ༴ གཡས་རལ་གྲི༴ ཡུམ་སྣ་ཚོགས་མཁའ་འགྲོ་མ་ཡང་སྐུ་མདོག་ལྗང་ཁུ༴ ཐམས་ཅད་སྣ་ཚོགས་མཁའ་འགྲོ་ཡབ་ཡུམ་གྱི་རྣམ་པར༴ དབང་རྫས་ཀྱི་སྣ་ཚོགས་མཁའ་འགྲོ༴ དབང་རྫས་དྲིལ་བུར་གྱུར། དབང་བསྐུར་རྡོ་རྗེ༴ སོགས་ཀྱི་མཐར། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་དྲིལ་བུ་གཏད། ཨོཾ་བཛྲ་གྷཎྜེ་ཨ་ཨ། བཅོམ་ལྡན་བཟུང་ངོ་བདག་ལ་ནི། །ཡང་དག་ཉེ་བར་གྱུར་པར་མཛོད། བཛྲ་ཨུ་ཏ་ཀ་འཁྱིལ་བ་ལས་དོན་ཡོད་གྲུབ་པས། བཛྲ་པུཥྤེ༴ དྲིལ་བུའི་དབང་༴ ཕྲག་དོག༴ འདུ་བྱེད་ཀྱི༴ བྱ་བ་སྒྲུབ་པའི༴ དོན་ཡོད་གྲུབ་པའི༴ དྲིལ་བུའི་དབང་ངོ༌། །བདག་དང་དབང་རྫས་དྲིལ་བུ་གཉིས་ཀ༴ པདྨ་དང་ཟླ་བའི་སྟེང་དུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ༴ སངས་རྒྱས་མཁའ་འགྲོ༴ སྐུ་


TNT07_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དཀར་པོ་གཡས་འཁོར་ལོ་དང༌། ཡུམ་སངས་རྒྱས་མཁའ་འགྲོ་མ་དཀར་མོ༴ ཐམས་ཅད་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་གྱི་རྣམ་པར༴ དབང་རྫས་ཀྱི་སངས་རྒྱས་ཀྱི་མཁའ་འགྲོ་ཡབ་ཡུམ། དབང་རྫས་རྡོ་རྗེ་དྲིལ་བུར་གྱུར། དབང་བསྐུར་རྡོ་རྗེ། ཨོཾ་བཛྲ་སཏྭ་སྟྭཾ། ཨ་བྷི་ཥིཉྩ་མི། བཛྲ་ན་མཿཨ་བྷི་ཥེ་ཀ་ཏ། དཔལ་རྡོ་རྗེ་ཧེ་རུ་ཀ་ཁྱོད་ཡིན་ནོ། །བཛྲ་ཨུ་ད་ཀ༴ རྣམ་པར་སྣང་མཛད་ཀྱིས་དབུ་རྒྱན། བཛྲ་པུཥྤེ༴ མིང་གི་དབང་༴ གཏི་མུག༴ གཟུགས་ཀྱི་ཕུང་པོ༴ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས༴ རྣམ་པར་སྣང་མཛད་ཀྱི་གོ་འཕང་༴ དེ་ལྟར་རིག་པའི་དབང་ལྔ་པོ་འདི་དག་ལ། སྤྲོས་པ་ལ་དགའ་ན། རེ་རེ་བཞིན་དུ་མགོར་བྱང་ཆུབ་རྡོ་རྗེ་སོགས་ཀྱི་གསོལ་བཏབ་དང༌། དབང་ལྷ་སྤྱན་དྲངས། མཆོད་བསྟོད་གསོལ་བ་བཏབ། ཆུ་དབང་གི་སྐབས་བཞིན་དབང་རྫས་སྔོན་ལ་ལྷར་བསྐྱེད་དེ། ཡེ་ཤེས་པ་བསྟིམ། བར་དེར་དབང་རྫས་ལ་མཆོད་བསྟོད། རིགས་ལྔ་སོ་སོའི་སྔགས་ལན་བདུན་ནམ། ཉེར་གཅིག་ཙམ་བཟླ། དེ་རྗེས་སློབ་མ་སྔོན་བཞིན་ནང་ཆོག་གིས་བསྐྱེད། མཆོད་ཅིང་གསོལ་བ་བཏབ། ནང་དབང་བསྐུར་ནས་ཕྱིར་སྤྲོས། དབང་སྟེགས་ཀྱི་སྟེང་དུ་བཀོད་པ་ལ། རེ་རེ་བཞིན་ཤིས་བརྗོད་བྱེད་དེ། རིགས་ལྔའི་བཀྲ་ཤིས་སོ་སོར་བཀྲམ། གཞན་ཁ་འགེངས་ཇི་ལྟར་འོས་པ་བྱ། སློབ་མའི་ཀྱང༌། ཨོཾ་ཨ་བྷི་ཥིཉྩ་སོགས་ཀྱིས་གསོལ་བ་བཏབ། དེ་ནས་དབང་དངོས་གཞི་སོ་སོར་བསྐུར། རིགས་བདག་གིས་དབུ་


TNT07_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་པའི་རྗེས་སུ། དབང་གི་ལྷ་རྣམས་ཡེ་ཤེས་པའི་ཚུལ་དུ་བསྟིམ། དེ་ནས་མཆོད་པ་དང་དག་དྲན་བྱ། དབང་ལྷ་དང༌། དབང་རྫས་དང༌། སློབ་མ་མཆོད་པ་ལ་མཆོད་ཡོན་དང༌། རོལ་མོ་བྱེད་མི་བྱེད་ཀྱི་ཁྱད་དང༌། དབང་རྫས་དང་སློབ་མ་ལ་བསྟོད་པ་བྱེད་པའང་ཡོད་དེ། ཆོ་ག་སྤྲོས་པ་ལ་མོས་ན། དེ་ལྟར་བྱས་པས། ལྷག་པའི་སྐྱོན་མེད་ཅིང་གཞུང་དོན་དང་མཐུན་པས་ལེགས་པར་འགྱུར་གྱི། ཐོབ་ཐང་མེད་པའི་བསྐྱེད་ཆོག་དང༌། ལྷད་ཀྱི་ཚིག་མང་པོ་འཇུག་པ་སོགས་ནི་མི་བྱའོ། །རིག་དབང་འདི་རྣམས་དབང་ཐམས་ཅད་ཀྱི་གཞི་རྟེན་དུ་འདུག་པས། སྤྲོས་པ་ཅུང་ཟད་སྐྱེད་ཀྱང་མི་ལེགས་པ་ནི་མ་ཡིན་ནོ། །སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ། གང་གིས་བདག་གི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་གྱུར་པ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། །དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཁྲུས་ཀྱི་ཁང་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། རང་ཉིད་དཔལ་རྡོ་རྗེ་འཆང་ཆེན་པོ་ཧེ་རུ་ཀ་ཕྱག་གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཐུགས་ཀར་བསྣོལ་བ། རལ་བའི་ཐོར་ཚུགས་དང༌། ཐོད་པའི་འཕྲེང་བ་དང༌། རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་སྨད་དཀྲིས་ཅན། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང་སྤྱན་གསུམ་པ། ཁྲོ་ཞིང་སྒེག་པའི་ཉམས་དང་ལྡན་པའི་སྐུར་གྱུར།


TNT07_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་པར་ཨོཾ། མགྲིན་པར་ཨཱ། ཐུགས་ཀར་ཧཱུཾ། རྒྱས་པ་ལ་དགའ་བས། འདི་ནང་ཆོག་གིས་བསྐྱེད་ཀྱང་རུང་ངོ༌། །ཡང་ན་བསྒོམ་བྱའི་ལྷ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་གཉིས་དུ་བསྐྱེད་ནའང་ཤིན་ཏུ་ལེགས་སོ། །དེ་ནས་བུམ་པའི་ཐོད་པ་ཐོགས་ཏེ། དབང་བསྐུར་རྡོ་རྗེ་ཆེན་པོ༴ སོགས་ཀྱི་མཐར། ཨོཾ་ཨཱཿབཛྲ་ཨ་བྷི་ཥིཉྩ། རྩ་སྔགས་གཉིས་ཀྱི་མཐར། བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་ཆུ་དབང་བསྐུར། བསྡུ་ན་ཡབ་ཡུམ་གྱི་སྙིང་པོས་བྱས་རུང་ཙམ་ཡིན། ཧེ་རུ་ཀ་རིགས་ལྔས་རྡོ་རྗེའི་འཕྲེང་བས་མཚན་པའི་ཅོན་པན་གྱིས་དབང་བསྐུར། ཨོཾ་བཛྲ་དྷཱ་ཏྭི་ཤྭ་རི༴ ཞེས་པ་ནས། ཨ་བྷི་ཥིཉྩ་ཨཿ ཨོཾ་ཨཱཿབཛྲ་མུ་ཀུ་ཊ༴ ནས། ཧྲིཿཨཱཿ ཁྲོ་བོའི་རྡོ་རྗེ་གཏད་ལ། རྟག་ཏུ་འདོད་ཆགས་ལས་བྱུང་ཁྲོ། །རྡོ་རྗེ་མེ་ཡི་ཕུང་པོའི་སྐུ། །འབར་བའི་རྡོ་རྗེ་རྣལ་འབྱོར་ཆེ། །མཁའ་འགྲོ་མ་ཀུན་འབར་བའོ། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུ་ལའོ། །ཧྲཱིཿལས་བྱུང་བའི་དྲིལ་བུ་བཅོམ་ལྡན་འདས་མའི་ངོ་བོ་གཏད་དེ། ཨོཾ་ཨ་ཀཱ་རོ་མུ་ཁཾ༴ སོགས་དང༌། ཧྲཱིཿཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་བ་ཡི། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཨ་


TNT07_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་ངོ་བོ་ཉིད་ཀྱིས་བདག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པས་སེམས་དཔའ་མཆོག །དམ་པའི་སྲིད་པ་བྱེད་པར་འགྱུར། །དབང་བསྐུར་རྡོ་རྗེ་སོགས་ཀྱི་མཐར། ཀྱེ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །རིག་མ་རྡོ་རྗེ་ཕག་མོའམ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། སྐུ་མདོག་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། བཞད་པ་དང༌། འཁྱུད་པའི་བདེ་བ་སྐུ་ཉམས་སུ་བསྟར། ཤིན་ཏུ་བླ་བས་བདེ་འགྱུར་དང༌། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་ཁྱོད་ཀྱིས་ལོང༌། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བརྟན་བཞིན་དུ། །རང་གི་ལྷག་པའི་ལྷར་སྦྱོར་བར། །བདག་དང་གཞན་ལ་མཆོད་པར་གྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པ། །ཕྱག་རྒྱའི་དམ་ཚིག་ཞེས་སུ་བརྗོད། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཇི་སྲིད་འཁོར་བའི་གནས་མཆོག་ཏུ། །མཁས་མཆོག་བཞུགས་པར་གྱུར་གྱི་བར། །དེ་སྲིད་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཡིད་ཀྱི་ལུས་སུ་བརྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་སྒྲགས། །དེ་ནས་


TNT07_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་བྱེད་དུ་བུམ་པའི་ཆུས་དབང་བསྐུར་དགོས་ཏེ། དབང་བསྐུར་རྡོ་རྗེ༴ ནས་ཡར་ལུད་པ་ལས་རྡོ་རྗེ་འཆང་ཆེན་པོས་དབུ་རྒྱན། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་ཀྱི་ལྷ་དཔལ་ཧེ་རུ་ཀ །མཁའ་འགྲོ་རྒྱ་མཚོའི་འབྱུང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་ཤིང༌། ཕྱོགས་བཅུའི་ནམ་མཁའི་ཁམས་གང་བའི་དབང་གི་ལྷ་རྣམས་དང་ལྷན་ཅིག་རང་ལ་ཐིམ། ཛཿཧཱུཾ་བཾ་ཧོཿ ཨརྒྷཾ། ནས། ཤཔྟའི་བར་གྱིས་མཆོད། རོལ་མོ་དང་བཅས་ཏེ། བསྟོད་པ་ཇི་ལྟར་འོས་པས་བསྟོད། སློབ་མ་དཀྱིལ་འཁོར་གྱི་གཙོ་བོར་བསྐྱེད་པ་ཡིན་ན་རྐང་བརྒྱད་དང༌། རྡོ་རྗེ་འཆང་དུ་བསྒོམ་པ་ཡིན་ན་དེ་ཉིད་ལྔ་པས་བསྟོད་ཟེར་རོ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བརྟན་བཞུགས་བྱ། དེ་ནས་བརྩམས་ཏེ་རྣལ་འབྱོར་པས། །རྒྱུད་ཀུན་ལས་ནི་གསུངས་པ་ཡི། །མ་ལུས་ལུས་པ་མེད་འགྱུར་བའི། །ཆོ་ག་ཡིས་ནི་དཀྱིལ་འཁོར་བྲིས། །ཇི་ལྟར་རྣམ་པར་འདོད་པ་ཡིས། །རང་འདོད་ལྷ་ཡི་འཇུག་པ་ཉིད། །རྣལ་འབྱོར་པ་ཡི་དངོས་གྲུབ་གང༌། །མཆོག་དང་འབྲིང་དང་ཐ་མ་ནི། །ཇི་ལྟར་དམིགས་པའི་ཡིད་ཀྱིས་སུ། །ཇི་ལྟར་ནུས་པ་གཞན་དུ་སྒྲུབ། །ཕྲན་ཚེགས་ལ་སོགས་པ་ཡི་ལས། །དེ་ཡིས་དངོས་གྲུབ་སྒྲུབ་པ་ལ། །རང་དང་གཞན་ལ་གྲགས་པ་ཡི། །དེ་འགྲུབ་པ་ལ་ཐེ་ཚོམ་མེད། །ཅེས་བརྗོད་དེ། རྡོ་རྗེ་སློབ་དཔོན་གྱི་དབང་གི་ཆོ་གའོ། །སྐབས་འདིར་རྗེས་གནང་ལ་སོགས་པའི་མཐའ་རྟེན་


TNT07_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བྱས་ཀྱང་ལེགས་སོ། །དེ་ལྟར་ན་ཕྱི་དབྱིབས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཚིག་ཉི་ཤུ་རྩ་གཉིས་སྲུངས། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་ལེགས་པར་བསྒྲིགས་པ་ཡིན་ནོ། །གསང་དབང་གི་དོན་དུ་མཎྜལ་ཕུལ། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱང་ཆུབ་ཐོབ། །དེ་ཕྱིར་གསང་བའི་དབང་གིས་ནི། །མགོན་པོས་བདག་ལ་ཐུགས་བརྩེར་མཛོད། །ལན་གསུམ། འབྲུ་གསུམ་གྱིས་མིག་དར་བཅིངས། རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་འཁོར་ལོའི་དབང་ཕྱུག་དཔལ་ཧེ་རུ་ཀ་དབྱེར་མ་མཆིས་པ་ཉིད། རིག་མ་རིགས་ཐམས་ཅད་ཀྱི་འཁོར་ལོའི་བདག་མོ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོས་ཡང་དག་པར་འཁྱུད་པའི་སྐུ་ཅན་དུ་གྱུར། དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡབ་ཀྱི་གསང་གནས་མི་དམིགས་ཏེ། སྟོང་པའི་ངང་ལས་ཞེས་པ་ནས་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། ཞེས་པའི་བར་སྒྲུབ་ཐབས་བཞིན། ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པ་ན་བཞུགས་པའི། དེ་བཞིན་གཤེགས་པ་ཡབ་ཡུམ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། སྟེང་གི་ནམ་མཁར་བཞུགས་པ་ཐམས་ཅད་ཀྱང༌། ཐབས་ཤེས་སྙོམས་པར་ཞུགས་པའི་རྐྱེན་གྱིས་རྗེས་ཆགས་བྱང་ཆུབ་ཀྱི་སེམས་སུ་ཞུ་སྟེ།


TNT07_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་དབང་ཕྱུག་ཡབ་ཡུམ་གྱི་ཞལ་དུ་ཞུགས། གཞིར་གནས་ཀྱི་བྱང་ཆུབ་ཀྱི་སེམས་དང་རོ་གཅིག་ཏུ་འདྲེས། རྩ་འཁོར་ལོ་བཞིར་དགའ་བཞིའི་ཡེ་ཤེས་བརྟན་པར་བྱས། རྡོ་རྗེ་ནོར་བུ་དང༌། ནཱ་ར་ནཱ་སི་ཀར། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིང་དུ་སྐུ་ཉམས་སུ་བསྟར་བའི་རྟེན་བྱང་ཆུབ་ཀྱི་སེམས་ཡང་དག་པར་བླང་སྟེ་ལྕེ་ཐོག་ཏུ་བཞག་པར་གྱུར། དབང་བསྐུར་རྡོ་རྗེ་སོགས་ཀྱི་མཐར། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གི་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །འདི་སྟེ་དཔའ་བོ་ལྷ་མོ་རྣམས། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། ཁམས་ལྔ་ལྡན་པའི་རོར་རྟོགས་བྱེད། །བདེ་བ་གང་དེ་མྱོང་བར་བྱོས། །ཨོཾ་ཨཱཿཧཱུཾ། བདག་འཇུག་གི་སྐབས་སུ་དེ་ཙམ་གྱིས་ཆོག་ལ། རྒྱལ་བདེའི་དཀྱིལ་ཆོག་ནས། བྱང་ཆུབ་ཀྱི་སེམས། བསྒྲུབས་ཟིན་ནས་སློབ་པ་ལ་སྦྱིན་པའི་བར་དུ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། ཞེས་སོགས་ཤིས་བརྗོད་བྱེད་གསུངས་ཏེ། ཤིས་བརྗོད་དེ་ལྟར་བྱེད་ན་ལུགས་གསུམ་ཡོད་དེ། གསང་དབང་གི་མིག་དར་བཅིངས་མ་ཐག་ཏུ། དབང་ལྷ་སྤྱན་དྲངས་ཤིས་བརྗོད་བྱེད། སྤྲོ་ན་ཆུ་དབང་བསྐུར་བ་ནི་ལུགས་གཅིག་དང༌། གསང་དབང་དངོས་བསྐུར་གྲུབ་མཚམས་སུ་ཤིས་བརྗོད་སྔོན་དུ་འགྲོ་བས། བྱང་ཆུབ་ཀྱི་སེམས་དང༌། བུམ་ཆུ་བསྲེས་ཏེ་དབང་བསྐུར་བ་ནི་ལུགས་གཉིས་པ་དང༌།


TNT07_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་ནམ་མཁར་སྤྱན་དྲངས་པའི་ཤིས་བརྗོད་སྔོན་དུ་སོང་ནས། ཆགས་ལ་འདོད་ཆགས་བདག་ཉིད་སྦྱོར། །ཞེས་སོགས་ཆེད་དུ་བརྗོད་པ་དང་ལྷན་ཅིག་ཞུ་བར་བྱེད་པ་ནི་གསུམ་པ་ཡིན་ནོ། །འདི་གསུམ་གང་དང་ཡང་མི་མཐུན་པར། བྱང་ཆུབ་ཀྱི་སེམས་སྒྲུབས་ཟིན་པའི་རྗེས་ལ་བྱེད་པ་ཙམ་ལ་ནི། ཁུངས་མེད་ཅིང་རིག་པས་ཀྱང་མི་འཐད་པའོ། །ཨོཾ་ཨཱཿཧཱུཾ། མིག་དར་བསལ། གང་དེ་དགའ་བའི་རང་བཞིན་སྙིང་ལ་བདེ་བྱེད་དེ་ཡང་བཏགས་པ་ཙམ། །གང་ཡང་ཆགས་བྲལ་ཡང་ནི་རྒྱུའམ་གཉིས་ཀ་སྲིད་པའི་རྩེ་མོའི་རྒྱུ། །ཇི་སྲིད་རྒྱ་ལ་ཡིད་ཀྱི་རྣམ་པར་རྟོག་པ་འཕྲོ་བ་སྤངས་པའི་གཟུགས། །དེ་སྲིད་མྱ་ངན་འདས་པ་གཞན་ལ་ཡོད་མིན་ཡུལ་ནི་རྟོགས་པའི་བདག །འདི་ནི་དེ་ཉིད་མི་ཤེས་པའི། །སློབ་མ་རྣམས་ལ་བཤད་མི་བྱ། །བློ་ལྡན་རྟོག་པ་མེད་པ་ལ། །ཤིན་ཏུ་གསང་བ་འདི་ནི་སྦྱིན། །དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ལམ་རང་ལུས་ཐབས་ལྡན་གྱི་རྫོགས་པའི་རིམ་པ་བསྒོམ་པ་ལ་དབང༌། དམ་ཚིག་ཏུ་བཟའ་བ་རྣམས་ཀྱི་སྦས་དོན་ལ་སྤྱོད། འབྲས་བུ་ལོངས་སྤྱོད་རྫོགས་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་སྒྲིགས་པ་ཡིན་ནོ། །དེ་ནས་སློབ་མས་སློབ་དཔོན་དང་དཀྱིལ་འཁོར་ལ་མཆོད་པར་མོས། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་བརྗོད་པར་ཡང་འདོད་དེ། །འགལ་བ་ནི་མེད་དོ། ཤེར་དབང་གི་མཎྜལ་ཕུལ། བདག་མིང་རྡོ་


TNT07_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེ་གེ་མོ། །བྱང་ཆུབ་སེམས་ནི་སྒོམ་བྱེད་པ། །སློབ་དཔོན་ཞབས་ཀྱི་ཆུ་སྐྱེས་ལ། །དབང་བསྐུར་དོན་དུ་གསོལ་བ་འདེབས། །སློབ་དཔོན་གོ་འཕང་ཆེ་རང་བཞིན། །སྐལ་པ་ཆེན་པོ་བདག་ལ་སྩོལ། །བདེ་གཤེགས་རྣམས་ཀྱི་དབང་བསྐུར་ནི། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པ། །བརྟུལ་ཞུགས་མཆོག་ནི་ཁྱོད་དྲིན་གྱིས། །བདག་ལ་ངེས་པར་སྩལ་ནས་ཀྱང༌། །དེས་ནི་སེམས་ཅན་དཔག་མེད་དོན། །ཇི་ལྟར་འདུལ་བཞིན་བདག་བགྱིད་དོ། །ལན་གསུམ། ཨོཾ་ཨཱཿཧཱུཾ། མིག་དར་བཅིངས། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་འཁོར་ལོ་ལ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བསྐོར་བ་ཕཻཾ། ཨརྒྷཾ། ནས་ཤཔྟའི་བར་གྱིས་མཆོད། ཕུན་སུམ་ཚོགས་པ་མངའ་བ། །ཞེས་སོགས་བཀྲ་ཤིས་བརྗོད། ཨོཾ་མཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀ་སྟྭཾ་ཨ་བྷི་ཥིཉྩ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་ཏྭེ་ནོ་ཌི་ཌྷོ་མེ་བྷ་ཝ། སིདྡྷྱ་ན་མ་སྟེ་བྷ་ག་བཱན་བཛྲ་དྷ་ར་སུ་ར་ཏ་སྟྭཾ་ཨ་ཧཾ་བཛྲ་སཏྭ་ཨོཾ་ཨཱཿཧཱུཾ། བཛྲ་ཨ་བྷི་ཥིཉྩ། ཞེས་བུམ་པའི་ཆུས་དབང་བསྐུར། གཟུངས་མ་ཡིད་འོངས་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །རྡོ་རྗེ་རྗེས་ཆགས་སྦྱོར་བ་ཡི། །བདེ་བ་དམ་པ་མྱོང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་བ་གསུམ་འདི་དག་པ་ཡིན། །


TNT07_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་འདི་དང་བྲལ་བར་ནི། ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་རིག་མ་གཏད། དཔའ་བོ་བྱང་ཆུབ་སེམས་བཟའ་བར། །ཁྱོད་ནི་སྤྲོ་བ་ཡིན་ནམ་ཅི། །རིགས་ལྔ་ལས་ནི་བྱུང་བ་ཡི། །རིག་མ་མཆོད་པར་རྟག་གུས་སམ། །བཤང་བ་གཅི་བ་སྟོབ་དང་ཁྲག །སོགས་བཟའ་ད་ལྟ་ཡིད་ཆེས་སམ། །རྗེས་སུ་མཐུན་སྨྲོས་དམ་ཚིག་བཟང༌། །ཇི་ལྟར་བདེ་བར་བུ་སྨྲོས་ཤིག །ཅེས་དྲིས་པ་ལ།དེ་ལ་སོགས་པའི་དམ་ཚིག་རྣམས། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །བུད་མེད་རྟག་གུས་ཅིས་མ་བགྱིད། །བྷ་ག་ཉིད་ལ་ཙུམ་པ་ནི། །ཞེས་ལན་བཏབ། ཨེ་མ་བདག་གི་པདྨ་ནི། །བདེ་བ་ཀུན་དང་ཡང་དག་ལྡན། །གལ་ཏེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་ང་འདུག་སྟེ། །སངས་རྒྱས་བསྙེན་པ་ལ་སོགས་པ། །བྱ་བ་ཐམས་ཅད་པདྨར་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །མོ་ཀྵ་ཧོ། བདག་དང་རིག་མ་མི་དམིགས་ཏེ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་མཁའ་འགྲོ་རྒྱ་མཚོ་འབྱུང་བ་དཔལ་ཧེ་རུ་ཀ འཁོར་ལོ་བདེ་མཆོག་ལ་ཡུམ་རྡོ་རྗེ་ཕག་མོས་ཡང་དག་པར་འཁྱུད་པའི་སྐུ་ཅན་དུ་གྱུར། ཡབ་ཀྱི་གསང་གནས༴ ཞེས་པ་ནས། ཡབ་ཡུམ་རྗེས་སུ་


TNT07_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པས་སྙོམས་པར་ཞུགས་པར་གྱུར། རྗེས་ཆགས་ཀྱི་མེས་བདུན་ཁྲི་ཉིས་སྟོང་གི་རྩའི་ཚོགས་པ་བྱང་ཆུབ་ཀྱི་སེམས་རྣམས་བདེ་བ་ཆེན་པོའི་གནས་སྤྱི་བོར་འདུས། དེ་ལས་བྱང་ཆུབ་ཀྱི་སེམས་མགྲིན་པར་བྱོན་པ་དགའ་བ། སྙིང་གར་བྱོན་པ་མཆོག་ཏུ་དགའ་བ། ལྟེ་བར་བྱོན་པས་དགའ་བྲལ་གྱི་དགའ་བ། གསང་བར་བྱོན་པ་ལྷན་ཅིག་སྐྱེས་པའི་དགའ་བ། དེ་རྗེས་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྫོགས་པར་གྱུར། ཤེས་རབ་སྦྱོར་བས་དཔལ་ལྡན་ནི། །འདི་ཉིད་ཡང་དག་མཚོན་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་དག་གི་སེམས། །ནོར་བུའི་ནང་དུ་སོན་ལྟ་བས། །ནོར་བུའི་གནས་དེ་ཉིད་དུ་དེ་ཁོ་ན་ཉིད་མངོན་དུ་བྱས་ཏེ། སླར་ཡང་རྣལ་འབྱོར་གྱི་སྟོབས་ཀྱིས། ལུགས་ཟློག་གི་དགའ་བ་བཞིའི་རིམ་པས། མས་བརྟན་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་སྟོང་གཉིས་སུ་མེད་པ་མངོན་དུ་བྱས་པར་གྱུར། ཨོཾ་ཨཱཿཧཱུཾ། མིག་དར་ཕྱེ། དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། ལམ་གཞན་ལུས་ཤེས་རབ་ཀྱི་རྫོགས་རིམ་བསྒོམ་པ་ལ་དབང། དམ་ཚིག་ཏུ། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་སྒྲུབ། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་སྒྲིགས་པའོ། །དབང་བཞི་པའི་དོན་དུ་མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སོགས་ཤློ་ཀ་གཉིས་ཀྱིས་གསོལ་བ་བཏབ། རྟོགས་


TNT07_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་བཞི་པ་ནི། ཟུང་འཇུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་ཡིན་ལ། དེ་ཉིད་གང་གི་རྟོགས་པའི་ཤེས་པ་དེ་ཡང་ཁོ་ན་ཉིད་ཀྱི་མཚན་ཉིད་ཅན་ནོ། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་སྙིང་པོ་མཁའ་དང་མཚུངས། །རྡུལ་བྲལ་མཐར་སྟེར་ཞི་བ་ཉིད། ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །དེ་ལྟར་ན་དོན་དམ་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག ལམ་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་བསྒྲིགས་པའོ། །ད་ནི་དབང་གི་མཐའ་རྟེན་རྣམས་བཤད་དེ། སློབ་མ་ལ་དབང་བཞི་པོ་ཇི་ཙམ་བསྐུར་བ། དེའི་མཐར་འདི་རྣམས་བྱེད་པ་ཡིན་མོད་ཀྱང༌། དབང་བཞི་ཀ་སྡེབས་གཅིག་ལ་བྱེད་ན། སྐབས་འདིའམ་བུམ་དབང་གི་མཐར་བྱེད་པ་གཙོ་ཆེ་སྟེ། གཉིས་པོ་གང་བྱས་ཀྱང་འདྲའོ། །དེ་ཡང་འདི་ལྟར། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །སྲིད་པའི་མཚོ་ལས་མངོན་པར་རྒལ། །ཆོས་རྣམས་གཟུགས་བརྙན་ལྟ་བུར་ནི། །སེམས་ཅན་ཀུན་ལ་བསྟན་པར་བགྱི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྒྲ་ཡི་རྗེས་སུ་འགྲོ་བ་ཡི། །ཤེས་རབ་མངོན་དུ་རྟོགས་གྱུར་ཅིག །གང་གི་འཇིག་རྟེན་ཐམས་ཅད་དུ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཀུན་ཏུ་སྒྲ་བསྙན་ལྟ་བུ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །དེ་བཞིན་གཤེགས་


TNT07_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི། །སྐྱེ་མེད་ལྷག་པར་རྟོགས་གྱུར་ཅིག །གང་གི་སངས་རྒྱས་གང་ཀུན་དང༌། །འཇིག་རྟེན་པ་ཡི་ཁམས་ཀུན་དུ། །བླ་མེད་བསམ་མི་ཁྱབ་པའི་དྲི། །རང་གི་ལུས་ལས་སྤྲོ་བར་བྱ། །རོ་ཀུན་གཅིག་གི་རྣམ་པར་ནི། །རང་བཞིན་མེད་པའི་གཟུགས་ཀྱི་སུ། །ལྷག་པ་རུ་ནི་རྟོགས་གྱུར་ཅིག །གང་གི་སངས་རྒྱས་བྱང་སེམས་དང༌། །སྲོག་ཆགས་གྱུར་པ་ཐམས་ཅད་ལ། །ལྷ་རྫས་དཔེ་མེད་རོ་ཡི་མཆོག །སྤྲུལ་ནས་སུ་ནི་སྦྱིན་པར་བྱོས། །རེག་བྱས་རྗེས་སུ་མ་གོས་པར། ཁྱོད་ཀྱིས་ལྷག་པར་རྟོགས་གྱུར་ཅིག །གང་གི་རེག་བྱའི་ཁྱད་པར་རྣམས། །རང་གི་སེམས་ལས་བྱུང་ཞེས་པ། །ལྷག་པར་མོས་བྱས་སྣ་ཚོགས་པའི། །བླ་མེད་རེག་བྱའི་ཁྱད་པར་རྣམས། །རང་གི་སེམས་ནི་ཡོངས་གྱུར་པའི། །ལྷ་རྣམས་དག་ནི་ཐམས་ཅད་དང༌། །དེ་བཞིན་གཤེགས་པ་ཀུན་དང་ཡང༌། །བྱང་ཆུབ་སེམས་དཔའ་སོགས་ཀུན་ལ། །ཡང་དག་སྦྱོར་བ་རེག་བྱའི་བདེ། །ངེས་པར་སྦྱར་བར་བྱ་བ་ཡིན། །ལྷ་མཆོད་པའི་རྗེས་གནང་ངོ༌། །ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱིས་བུ་ཁྱོད་ཀྱི། །མི་ཤེས་པ་ཡི་རབ་རིབ་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལ་ཧྲི་ཊྲཾ། མིག་ཐུར་རོ། །ཨ་ཨ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་པ་ནས། འོན་ཀྱང་རྣལ་འབྱོར་མ་སྲས་སྐྱེ། །མེ་ལོང་ངོ༌། ཨོཾ་སརྦ་ཏ་ཐཱ་ག་ཏ་


TNT07_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ནུ་ར་ག་ཡ་ཧོ། ཨོཾ་ནས། རྭ་ག་ཡ་མ། མདའ་གཞུའོ། །ཧཱུཾ་རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །གསལ་ཞིང་དྭངས་ལ་རྙོགས་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའི་རང་བཞིན་གཙོ། །གང་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་སེམས་ནི་འདི་ཉིད་ཡིན་པར་ཤེས་པར་གྱིས་ཤིག །མེ་ལོང་གཉིས་པའོ། །ཨོཾ་བཛྲ་ཧེ་ཏུ་མཾ། ཨོཾ་བཛྲ་བྷ་ག་རཾ། ཨོཾ་བཛྲ་གྷཎྜེ་ཨཱཿ ཨ་ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཐམས་ཅད་མཆོག་གི་མཉམ་ཉིད་གསལ། །དེང་ནས་བརྩམས་ཏེ་དམ་བཅས་པའི། །སེམས་ནི་བསྐྱེད་པ་ཙམ་གྱིས་ནི། །དེ་རིང་ཕན་ཆད་འཇིག་རྟེན་ལ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས་ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཆོས་བཤད་དོ། །ཤེས་རབ་ཐབས་ཀྱི་སེམས་ཀྱིས་ནི། །མི་བྱ་བ་ནི་ཅི་ཡང་མེད། །རྟག་ཏུ་དོགས་པ་མེད་བྱས་ནས། །འདོད་པ་ལྔ་ལ་ལོངས་སྤྱོད་བྱ། །ངོ་བོ་ཉིད་ཀྱི་སེམས་ཅན་དོན། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟ་དེ་ལྟར་སེམས་ཅན་དོན། །ཆགས་སོགས་དག་པས་སྒྲུབ་པར་གྱིས། །གང་གཞན་དམ་ཚིག་ལ་སྡང་བ། །སྐྱེ་བོ་དམ་ཚིག་ཉམས་པ་དག །སངས་རྒྱས་བསྟན་པ་སྐྱོང་བ་ཡི། །འབད་པ་ཡིས་ནི་བསད་པར་བྱ། །སེམས་ཅན་ཀུན་ལ་ཕན་དོན་དུ། །སངས་རྒྱས་རྣལ་འབྱོར་སྦྱོར་


TNT07_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིས། །ཕ་རོལ་ནོར་ནི་ཕྲོགས་གྱུར་ཀྱང༌། །སྡིག་པས་གོས་པར་མི་འགྱུར་རོ། །འདོད་ཆགས་ལྟ་བུའི་བདེ་བ་མེད། །སྐྱེ་བོ་རྣམས་ལ་དེ་རྟག་སྦྱིན། །སེམས་ཅན་དོན་དུ་གཞན་བུད་མེད། །བསྟེན་པས་བསོད་ནམས་ཐོབ་པར་འགྱུར། །སངས་རྒྱས་ལ་སོགས་སྨོད་པ་ལ། །རིན་ཆེན་འབྱུང་ལྡན་རྣལ་འབྱོར་གྱིས། །ཚིག་རྩུབ་སྦྱོར་བ་བྱས་ན་ནི། །བླ་མེད་དངོས་གྲུབ་ཐོབ་པར་འགྱུར། །འོད་དཔག་མེད་པའི་རྫུན་ཚིག་སྨྲ། །དོན་ཡོད་གྲུབ་པའི་ཏིང་འཛིན་མཆོག །རྒྱུད་གསུངས་ཆོ་གས་བློ་ལྡན་ཀུན། །དམ་ཚིག་དག་པ་བརྟན་པར་བྱ། །ཆོས་རྣམས་ཀུན་ལ་སེར་སྣ་དང༌། །སེམས་ཅན་རྣམས་ལ་མི་ཕན་དག །ཉམས་ང་ཤིན་ཏུ་ཆེ་ན་ཡང༌། །བུ་ཁྱོད་ཀྱིས་ནི་དེ་མི་བྱ། །སེམས་ཅན་གྱི་དོན་བྱེད་པའི་རྗེས་གནང་ངོ༌། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ། རྡོ་རྗེ། རིན་ཆེན། པདྨ། སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར། དཀྱིལ་ཆོག་ལས། དེ་བཞིན་གཤེགས་པ་རྒྱལ་བ་རྒྱལ། །ཀུན་གྱི་བདག་པོ་ཞེས་བྱ་བའི། །རྡོ་རྗེ་འཁོར་ལོ་ཁྱོད་ཀྱི་བསྐོར། །ཞེས་བརྗོད་པར་ཡང་འདོད་དོ། །དེ་ལྟར་ན་རྒྱལ་བ་རྒྱལ་ཞེས་པའི་ཐད་དུ། རཏྣ་དྷྲི་ག་དང༌། ཨ་རོ་ལི་ཀ་དང༌། པྲ་ཛྙཱ་དྷྲི་ག་དང༌། བཛྲ་དྷྲི་ག་རྣམས་འདོན་པ་སྤོ་བར་ཡང་


TNT07_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །འོན་ཀྱང་འདི་ནི་སྔགས་ཅིག་གི་གུང་ནས་དུམ་བུར་བསྒྱུར་བར་མངོན་ནོ། །རིགས་ལྔའི་སྤྲུལ་བཤད་ཀྱི་རྗེས་གནང་ངོ༌། །དེ་ནས་འགྲུབ་ན་རྩ་སྔགས་ལན་གསུམ། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མ་འདི་ཉིད་ཀྱི་རྒྱུད་ལ་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་གསུང་རིག་སྔགས་ཀྱི་ནུས་མཐུ་མ་ལུས་པ་འཇུག་པར་གྱུར་ཅིག །དེ་ལྟར་ན་སྔགས་ཀྱི་རྗེས་གནང་སྟེ། དེ་དག་ནི་རྗེས་གནང་ངོ༌། །དབང་རྫས་རྡོ་རྗེ་མི་དམིགས་ཏེ། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། གཡས་རྡོ་རྗེ་དང་པདྨ། ཡུམ་རྡོ་རྗེ་སྙེམ་མ་དཀར་མོ། གྲི་གུག་དང་ཐོད་པ་འཛིན་པ་ནས་མཉམ་པར་སྦྱོར་བ་དཔྲལ་པར་ཨོཾ༴ ནས། ཧཱུཾ། ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད། རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་རྣམ་པར་ཕཻཾ། ཛཿཧཱུཾ་བཾ་ཧོཿ དེ་ཞུ་བ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པར་གྱུར། རང་གི་སྙིང་གར་ཡང་རྡོ་རྗེ་སེམས་དཔའ། འདི་སྟེ་སངས་རྒྱས་ཐམས་ཅད་


TNT07_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཀ་ཏྭཱ། དྷ་ར་ཡ་མི། བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ། རྡོ་རྗེའི་བརྟུལ་ཞུགས་སོ། །བདག་ཉིད་དཔལ་ཧེ་རུ་ཀ་ཡབ་ཡུམ་ཞལ་ཕྱག་རྒྱན་གོས་མཚོན་ཆ་ཐམས་ཅད་རྫོགས་པར་གྱུར། ཧཱུཾ་ལས་བྱུང་བའི་ཅང་ཏེའུ། ཨ་ལས་བྱུང་བའི་ཐོད་པ། ཨོཾ་ལས་བྱུང་བའི་ཚངས་པའི་སྐུད་པ་རྣམས་སུ་གྱུར། ཡབ་ཡུམ་གྱི་སྙིང་པོ་ཚར་བཞི། ཧེ་རུ་ཀ་དཔལ་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། ཁ་ཊྭཱཾ་ཅང་ཏེའུ་ལྷུང་བཟེད་སྣོད། །བྱིན་པ་དཔའ་བོས་བཟུང་བར་གྱིས། ཁ་ཊྭཱཾ་ག་དང་ཌ་མ་རུ། །ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེ་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་པ། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་དག ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་གྱིས། །སྤྱོད་པའི་བརྟུལ་ཞུགས་སོ། །སྔགས་ཀྱི་རྗེས་གནང་དང༌། བརྟུལ་ཞུགས་རྣམ་པ་གཉིས་པོ་འདི། །མིང་དབང་དང༌། སློབ་དཔོན་གྱི་བར་དུ་བྱས་ཀྱང་ལེགས་སོ། །སྲིད་པའི་ངན་འགྲོ་ལས་བཏོན་ནས། །སྲིད་པ་ཤིན་ཏུ་ཞི་བའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། བདག་གིས་ཁྱོད་ནི་ལུང་བསྟན་ནོ། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་སརྦ་


TNT07_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཐཱ་ཏ་ག་སིདྡྷྱ་ས་མ་ཡ་སྟྭཾ། བྷཱུརྦྷུ་ཝ་སྭ། གང་ཡང་འདི་ལྟར་ལུང་བསྟན་པ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །བཅུག་པ་དང་ནི་མཐོང་བས་ཀྱང༌། །སྡིག་པ་ཀུན་ལས་རྣམ་གྲོལ་ནས། །དེ་རིང་ཁྱེད་རྣམས་བདེ་བར་གནས། བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་ཡིན་ཏེ། །མི་ཐུབ་ཚུགས་པ་ཡོད་མིན་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པ་མཆོག་ཏུ་གྱུར་པ་ཡིན། །དངོས་གྲུབ་དམ་ཚིག་སྡོམ་པ་འདི། ཁྱོད་ཀྱིས་རྟག་ཏུ་སྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་ནི། །གང་ཞིག་སྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་སྤངས་མི་བྱ། །དམ་པའི་ཆོས་ནི་མི་སྤང་ཞིང༌། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །ཚུལ་ཆེན་བསྟན་པ་མི་བྱའོ། །རང་གིས་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་མི་གདུང་ཞིང༌། །ཅི་བདེ་བར་ནི་བདེ་བ་བཟུང༌། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་དོར་མི་བྱ། །སློབ་དཔོན་སྨད་


TNT07_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །བླ་མ་སངས་རྒྱས་ཀུན་མཚུངས་པས། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ནི་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། །རིམས་དང་དུག་དང་དབྱིག་དུག་དང༌། །མཁའ་འགྲོ་རྣམས་ཀྱིས་གཙེས་པ་དང༌། །བགེགས་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་དམྱལ་བར་ལྷུང་བར་འགྱུར། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་ལ་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་དབུལ་བར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་སྲུངས། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །དེང་ཁྱེད་སྐྱེ་བ་འབྲས་བུར་བཅས། །གང་ཕྱིར་འདི་ལ་ལེགས་གནས་པས། །དམ་ཚིག་ལྷ་རྣམས་ཀུན་མཉམ་པར། །གནས་པར་འགྱུར་བར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པས། །དེ་རིང་ཚེ་ལྡན་དེ་དབང་བསྐུར། ཁམས་གསུམ་གྱི་ནི་


TNT07_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་གནས་པ་ཡིན། །དེར་ནི་བདུད་ལས་རྣམ་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །དེ་རིང་ཁྱོད་ཀྱིས་སངས་རྒྱས་ཉིད། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་རབ་དྭངས་རྡོ་རྗེ་ཉིད་དུ་ཀྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟེན་པར་གྱིས། །དེ་རིང་འགྲོ་བ་བདེ་མྱུར་རྡོ་རྗེ་སེམས་དཔའ་དང༌། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་བསྟེན་པར་འགྱུར། །དེ་ནས་སྤྱི་བོར་གདུགས་བཟུང་བསྐོར་བ་བྱས་པར་མོས་ལ། སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། །ཞེས་དང༌། སྔགས་དང་རྒྱུད་རྣམས་འཛིན་གྱུར་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། སྔགས་བཤད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་བཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། ཁྱོད་ལ་རྟག་ཏུ་སྲུང་བར་མཛད། །ཅེས་སློབ་དཔོན་གྱི་གནས་ལ་དབུགས་ཕྱུང༌། དཀྱིལ་འཁོར་ཀུན་གྱིས་ཡོངས་སུ་བསྐོར་བ་ཡི། །མངའ་བདག་སྐུ་མདོག་སྔོན་པོ་རྒྱལ་གྱུར་ཅིག །དམར་བས་ཇི་ལྟར་མཛེས་བྱས་རྒྱལ་གྱུར་ཅིག །དམ་ཚིག་གིས་


TNT07_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་མཛེས་པ་རྒྱལ་གྱུར་ཅིག །ཟླ་ཕྱེད་མགོ་བོར་བརྒྱན་པ་རྒྱལ་གྱུར་ཅིག །ལྷ་མོའི་འཁོར་གྱིས་བརྒྱན་པ་རྒྱལ་གྱུར་ཅིག །ཨེ་མ་ཧོ། དང་པོའི་སངས་རྒྱས་དོན་དམ་སྐུ་ཅན་རྒྱལ། །ཆོས་འདོད་ནོར་དང་ཐར་པ་སྟེར་མཛད་རྒྱལ། །ཡེ་ཤེས་ལྔ་ལྡན་དགའ་ལྡན་རང་བཞིན་རྒྱལ། །མགོན་པོ་བདེ་ཆེན་ཕྱག་ན་རྡོ་རྗེ་རྒྱལ། །ཞེས་མེ་ཏོག་གཏོར། གཙོ་བོས་ཇི་ལྟར༴ སོགས་གཏང་རག་གི་མཎྜལ་ཕུལ། དེང་ནས་བརྩམས་ཏེ༴ སོགས། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཞེས་སོགས། དམ་ཚིག་གསུམ་གྱི་གླུ་བདེན་སྟོབས་བརྗོད་པ་དང་བཅས་པ་སྤྱི་དང་མཐུན་པར་བརྗོད། རྗེས་ཆོག་ནི། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། མཆོད་ཡོན་ཉེར་སྤྱོད་རོལ་མོ་རིག་མ་བཅུ་དྲུག་རྣམས་སྔགས་དང་ཕྱག་རྒྱའི་འབུལ། རྩ་སྔགས་གཉིས་སམ། སྙིང་པོ་གཉིས་ཀྱི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་ཕུལ། རྐང་བརྒྱད་གཉིས་དང༌། རྐང་པ་བཞི་བཅུ་རྩ་བརྒྱད་པས་བསྟོད། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས། བདག་ཅག་རྣམས་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས༴ ནས། བྱིན་གྱིས་རློབས་ཀྱི༴ བར། དངོས་གྲུབ་བླང༌། ཡིག་བརྒྱ་བཟླས། མ་འབྱོར༴ སོགས་དང༌། མ་རྙེད༴ སོགས། བཟོད་པར་གསོལ། བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག༴ སོགས་དང༌། རྟེན་རྣམས་ལ་བརྟན་བཞུགས་བྱ། སྒྲུབ་མཆོད་ཞག་སྦྲེལ་བྱེད་ན། ཉི་


TNT07_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྔ་མ་རྣམས་ལ། རྡུལ་མཚོན་གྱི་དཀྱིལ་འཁོར་ལ་ཡང་བརྟན་བཞུགས་བྱ། ཉི་མ་ཐ་མ་ལ་རྡུལ་མཚོན་གཤེགས་སུ་གསོལ་བ་སོགས་སྤྱི་དང་འདྲ་སྟེ། བདེ་བ་ཆེན་པོའི་ཆར་ཡང་དུ་བལྟའོ། །སྒྲུབ་མཆོད་ཞག་སྦྲེལ་བྱེད་པའི་ཉི་མ་ཕྱི་མ་རྣམས་ལ། མདུན་བསྐྱེད་དཀྱིལ་འཁོར་སྒྲུབ་པའི་དམ་ཚིག་གི་སྐབས། འཁོར་ལོ་བཅུ་གཉིས་ཀྱི་ལྷ་ཚོགས་རྣམས་ཀྱི་གོ་འཕང་ལ་བཀོད་སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། དབུས་སུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ༴ ཞེས་སྦྲེལ། རང་གི་སྙིང་གའི་ཧཱུཾ་ཡིག་ལས༴ ཞེས་པ་ནས། ཡོ་ག་ཤུདྡྷའི་བར་སྟ་གོན་དང་བསྲེ་བ་དེ་བོར་བ་ཙམ་གྱིས་ཆོག་གོ །སློབ་མ་སྟ་གོན་གྱི་བྱ་བ་ནི། དཔལ་མཁའ་འགྲོའི་དབང་ཆོག་གི་ཐོ་ཡིག་གོ་དོན་དཔྱད་པ་དང་བཅས་པ་ཞིག་བྲིས་ཟིན་པར་ཤེས་ལ་ཆོ་ག་མ་འདུས་པ་རྣམས་ནི། གསང་བ་སྤྱིའི་ཆོ་ག་འཕྲེང་བ་སོགས་ལས་ཤེས་པར་བྱའོ། །དེ་ལྟར་བཤད་པ་འདི་ནི་ཚད་ལྡན་གྱི་གཞུང་རྣམས་ཀྱི་རྒྱ་ལས་མ་འདས་པ་ཡང་ཡིན་ལ། དེང་སང་བརྒྱུད་པའི་རིམ་པ་རྒྱལ་བའི་སྡེ་ལ་འདེད་པར་སྣང་བས། དེའི་གཞུང་གི་ལེགས་པའི་ཆ་རྣམས་མ་བོར་བར་བླངས་པའང་ཡིན་ནོ།། །།འདིར་སྨྲས་པ། རྨད་བྱུང་རྒྱུད་ཀྱི་རྒྱལ་པོ་བླ་མེད་འདིའི། །དབང་བསྐུར་ཉེ་བརྒྱུད་བྱིན་རླབས་ཚན་ཀ་ཅན། །གཞན་ལ་མ་ལྟོས་རང་ལ་ཡོད་པའི་ཕྱིར། །རྒྱལ་སྡེ་སོགས་ལ་བརྟེན་དགོས་ནམ་ཡང་མེད། །འོན་ཀྱང་ད་ལྟའི་འགྲོ་ཀུན་རྟོག་པས་བཅིངས། །སྐུར་པ་སྤོང་ཕྱིར་རང་བརྒྱུད་ཚོལ་བར་མཛད། །སྐྱེ་བོ་རྣམས་


TNT07_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བློ་ངོར་འདི་ཙམ་བསྒྲིགས། །ཟབ་དོན་གཞན་དུ་འཆད་འགྱུར་གསང་བ་ཆེ། །འདི་ཙམ་བྱས་པའི་དགེ་བས་ཀྱང༌། །འགྲོ་ཀུན་ཧེ་རུ་ཀ་ཐོབ་ཤོག །བདག་འདྲ་འཁོར་བར་གནས་ཀྱང་བླ། །མིག་འཕྲུལ་ལྟ་བུར་གཞན་དོན་བྱ། །ཞེས་པ་རྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་རྒྱ་མཚོ་ལས་བྱུང་བའི། །རྩ་བའི་དཀྱིལ་འཁོར་གྱི་བདག་འཇུག་འཁྱེར་བདེ་བ་གསང་བའི་སྙིང་པོ་འདི་ཡང༌། རྒྱལ་ཁམས་པ་ཏྭ་ར་ནཱ་ཐའི་བློ་གྲོས་ཀྱི་ཟེར་མ་ཙམ་མོ། །མངྒལཾ།། །།ལེགས་བཞེངས་དགེབས་བདག་ཅག་གིས། །འདི་དང་ཚེ་རབས་ཐམས་ཅད་དུ། །རྒྱལ་བསྟན་རིན་ཆེན་གུས་བཀུར་ཏེ། །སྒོ་གང་ཐད་ནས་རྟག་འཛིན་ཤོག ཅེས་པ་འང་ཆོས་གྲོགས་ལ་མཁོ་ཕྱིར་རིགས་སྨྲས་པའོ། །


TNT07_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

འཁོར་ལོ་སྡོམ་པ་ཁྲོ་བོ་རྣམ་པར་རོལ་པ་ཞེས་བྱ་བ་རྡོ་རྗེ་ཧེ་རུ་ཀའི་སྒྲུབ་ཐབས།


TNT07_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྡོམ་པ་ཁྲོ་བོ་རྣམ་པར་རོལ་པ་ཞེས་བྱ་བ་རྡོ་རྗེ་ཧེ་རུ་ཀའི་སྒྲུབ་ཐབས་བཞུགས།


TNT07_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ན་མོ་སམྦྷ་རཱ་ཡ། འཁོར་ལོ་བདེ་མཆོག་ཁྲོ་བོ་རྣམ་པར་རོལ་པ་ཞེས་བྱ་བ་རྡོ་རྗེ་ཧཱུཾ་མཛད་ཧེ་རུ་ཀའི་སྒྲུབ་ཐབས། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྡོ་རྗེ་ཅན་འདི་དུས་ལས་རབ་གྲོལ་མཆོག་ཏུ་དུལ་བའི་རང་བཞིན་ཏེ། །འགྲོ་རྣམས་མུན་པ་མཐར་བྱེད་རབ་ཏུ་ཆེ་བའི་ནང་གི་འོད་ཟེར་ནི། །རྟག་ཏུ་འཆར་བ་རང་གི་རིག་མ་དང་འདུས་བདུད་བཞི་འཇོམས་དཔའ་བོ། །འཇིག་རྟེན་གསུམ་རྒྱལ་བདེ་བའི་རོལ་པ་འགྲོ་བའི་སྙིང་ལ་འཇུག་པར་མཛོད། །སྡོམ་པའི་རྒྱུད་རྒྱལ་དངོས་གྲུབ་ཀྱི། །ཆུ་གཏེར་འདི་ནི་ཆུ་གཏེར་བཞིན། །མཆོག་ཏུ་རྒྱ་ཆེ་གཏིང་ཡང་ཟབ། །ཇི་ལྟར་རྒྱ་མཚོའི་འགྲམ་དག་ཀྱང༌། །རྐྱལ་བས་ཚུགས་མིན་དེ་བཞིན་རིན་ཆེན་འབྱུང་གནས་འདིའི། །སྦྱོར་བ་རེ་རེའང་ཚུ་རོལ་མཐོང་བའི་བློས་མི་སྤྱོད། །འོན་ཀྱང་དཀར་པོའི་བློ་ཡིས་རྣམ་འབྱེད་རྡོ་རྗེ་ཅན། །དེང་བདག་སྙིང་ལ་ཞུགས་སྙམ་འདི་ལ་བློ་མིག་ཐོབ། །དེ་ལྟར་ན་གཟུ་བོར་གནས་པས་མཉན་པའི་རིགས་སོ། །འདིར་དཔལ་ལྡན་འཁོར་ལོ་སྡོམ་པ་ཤྲཱི་ཧེ་རུ་ཀ་རྡོ་


TNT07_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཁྲོ་བོ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ལ་སོགས་པ་ཁྲོ་བོ་བཅུའི་བཀའི་འཁོར་ལོས་སྡང་བ་དང་མ་རུངས་པའི་སེམས་ཅན་ཕྱི་དང་ནང་གི་བདག་ཉིད་ཐོགས་པ་མེད་པར་འཇོམས་པའི་སྦྱོར་བ་དང་སྔགས་དང་རྒྱུད་འདི་ཉིད་ཀྱིས་ལས་གྲུབ་པར་བྱ་བ། དང་པོའི་ལས་ཅན་ལ་སོགས་པ་གང་ཟག་བཞིས་སོ་སོར་བྱ་བ་ནི། ཇི་སྙེད་ཅིག་བཤད་པ་ལས། ཉེ་བར་མཁོ་བ་ཅུང་ཟད་ཅིག་བརྗོད་ན། ཏིང་ངེ་འཛིན་གྱིས་བསྲུང་ཞིང་ཕྱིར་ཟློག་གི་སྦྱོར་བ་དང༌། ཁྲོ་བོ་རྣམས་ཀྱི་བསྙེན་པ་དང༌། ཕྱིར་ཟློག་གི་འཁྲུལ་འཁོར་དང༌། ཞལ་བཞི་པའི་འཁྲུལ་འཁོར་ལས་ཚོགས་དང༌། དེ་རྣམས་ཉིད་ཀྱིས་ངེས་པ་ནང་དུ་བསྟན་པའོ། །བསྲུང་བ་བསྙེན་པ་ཟློག་འཁོར་དང༌། །ལས་ཚོགས་དང་ནི་རྫོགས་རིམ་མོ། །དང་པོ་སྒོམ་པའི་རྣལ་འབྱོར་གྱིས་བསྲུང་ཟློག་ཀྱང༌། རྒྱས་པ་དང༌། བར་མ་དང༌། བསྡུས་པའི་དབྱེ་བས་རྣམ་པ་མང་པོར་འགྱུར་བ་ལས། རེ་ཤིག་འཁོར་ལོ་སྡོམ་པ་ལ་དགའ་བའི་སྔགས་པ་ལས་དང་པོ་པ་རྣམས་ལ་ཉེ་བར་མཁོ་བར་སྣང་བས། མན་ངག་ལས་ཀྱང་འབྱུང་བ། རྒྱུད་དོན་ལས་


TNT07_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མི་འདའ་བ་ཁོ་ནར་བསྲུང་འཁོར་རྒྱས་པ་ཉིད་ཚིག་ཟོར་ཡང་པའི་སྒོ་ནས་ཐོག་མར་བརྗོད་ལ། རྒྱས་བསྡུས་ཀྱི་འདོར་ལེན་ཅི་རིགས་པ་དག་ནི་ཕྱིས་བཤད་པར་བྱའོ། །དེ་ཡང༌། ཨོཾསྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་ཤཱུནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་པད་ཉི་ལ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་རྭ་རྣམས་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་མཐིང་ཁ་ཧཱུཾ་གིས་མཚན་པ། དེའི་སྟེང་དུ་བྷྲུཾ་ལས་བཀའི་འཁོར་ལོ་སེར་པོ་རྩིབས་བཅུ་པ་གཡས་བསྐོར་དུ་མགྱོགས་པར་འཁོར་བ། རྡོ་རྗེ་འབར་བའི་སྤྲིན་ཕྱོགས་བཅུར་འཕྲོ་བ། དེའི་ལྟེ་བར་པཾ་ལས་སྣ་ཚོགས་ཆུ་སྐྱེས་དང༌། རཾ་ལས་ཉིན་མོར་བྱེད་པའི་གདན་ལ། ཐོག་ཐ་མེད་པའི་སེམས་ཀྱིས་རང་སྣང་ཧཱུཾ་དཀར་པོ་ལས། བདག་ཉིད་རྡོ་རྗེ་སེམས་དཔའ་མི་བསྐྱོད་པའི་དབུ་རྒྱན་ཅན། དཔའ་བོ་བདེ་བའི་གོ་འཕངས་ལ་བཞུགས་པ། ཞལ་གསུམ་པ། རྩ་ཞལ་དང་སྐུ་ལུས་དག་པའི་ཤེལ་དང་སྟོན་ཟླ་ལྟར་དཀར་ཞིང་ཞི་བ། གཡས་སེར་གཡོན་ལྗང་བའི་ཞལ་གཉིས་རྣམ་པར་འགྱུར་བ། རྩ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ལྕགས་ཀྱུ་དང་ཞགས་པ། གཡོན་གཉིས་ཀ་པཱ་ལ་དང་ཁ་ཊྭཾ་ག་བསྣམས་པ། ཐོད་པའི་ཅོད་པན་དང་རྒྱན་ཐམས་ཅད་པ། མཚན་དཔེས་སྤྲས་པའི་སྐུ། གཡས་རྐྱང་གི་སྟབས་


TNT07_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། འདོད་ཆགས་རྡོ་རྗེའི་འོད་འཕྲེངས་འཁྲུགས་པའི་དཀྱིལ་འཁོར་ན་རོལ་པ། ཧཱུཾ་ལས་བྱུང་བའི་ཐབས་ཀྱིས་རྡོ་རྗེ། རྡོ་རྗེ་རྩེ་གཅིག་པ་དང་ཨཱཿལས་ཤེས་རབ་ཀྱི་པདྨ། པདྨ་དམར་པོ་འདབ་མ་གསུམ་པ། སྙིང་པོའི་བུ་གར་བྱཱཾ་དང་དྱཾ་གྱིས་མཚན་པ། ཨོཾ་ཨཱཿཧཱུཾ་རྡོ་རྗེ་པད་མར་བསྐྱོད་པའི་དགའ་བའི་སྒྲ་དང༌། ཐུགས་ཀའི་འོད་ཀྱིས་སངས་རྒྱས་ཐམས་ཅད་མི་བསྐྱོད་པ་ཁྲོ་བོ་བཅུ་དང་བཅས་པའི་རྣམ་པར་བཀུག་སྟེ། ཞལ་དུ་ཞུགས་ལྷ་མོའི་པདྨར་བབས་པ། ཧཱུཾ་བཅུ་གཅིག་ལས་ཞེ་སྡང་རྡོ་རྗེ་ཧེ་རུ་ཀ་ཁྲོ་བོ་བཅུ་དང་བཅས་པར་གྱུར། མི་བསྐྱོད་པ་ཐུགས་ཀར་དྲངས་ཧཱུཾ་ཞེས་ཕྱིར་ཕྱུང༌། སྣང་བའི་སེམས་ཅན་ཐམས་ཅད་ཚར་བཅད། རྡོ་རྗེ་ཁྲོ་བོའི་ས་ལ་བཀོད། རང་ལ་ཐིམ་པས་བདག་ཉིད་རྡོ་རྗེ་འཇིགས་བྱེད་ཧཱུཾ་མཛད་ཧེ་རུ་ཀར་གྱུར་པ་ནི། སྐུ་མདོག་མཐིང་ནག་ཁྲོ་བོ་འབར་བའི་འཕྲེང་བ་འཁྲུག་པ། མཆེ་བ་གཙིགས་ཤིང་འཇིགས་པར་མཛད་པ། གདོན་བགེགས་ཐམས་ཅད་ཟ་བར་བྱེད་པའི་ཞལ་གསུམ་དབུས་མཐིང་ཁ། གཡས་སེར། གཡོན་ལྗང་བ། གསུམ་ཀའང་ལྷག་པར་ཁྲོས་པའི་གད་རྒྱངས་ཅན། མེ་ལྟར་འབར་ཞིང་འཁྲུགས་པའི་སྤྱན་གསུམ་གསུམ་སྡང་མིག་ཏུ་གཟིགས་པ། ཞལ་གདངས་པ། ལྗགས་འདྲིལ་བ། གློག་འཕྲེང་ལྟ་བུའི་སྨིན་རྫི་གཡོ་བའི་ཁྲོ་གཉེར་བསྡུས་པ། ཐོད་པའི་དུམ་བུས་


TNT07_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

འོག་པག་དང༌། ཕྱག་རྒྱ་དྲུག་དང༌། ཀླུ་བརྒྱད་ཀྱིས་བརྒྱན་པ། ཐོད་སྐམ་ལྔའི་དབུ་རྒྱན་དང༌། མི་མགོའི་མེ་ཏོག་གི་དོ་ཤལ་ཅན། སྟག་ལྤགས་ཀྱིས་སྨད་དཀྲིས་པ། རྩ་བའི་ཕྱག་གཉིས་ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱས་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་ཐུགས་ཀར་འཛིན་པས་རང་སྣང་གི་རིག་མ་ལ་འཁྱུད་པ། པད་ཉི་ལ་གཡས་བརྐྱང་བས་འཇིགས་བྱེད་དང་དུས་མཚན་མ་མནན་པའོ། ཁྲོ་བོ་བཅུ་རྣམས་ཐུགས་ཀར་དྲངས། ཧཱུཾ་ཐུགས་ཀ་ནས་ཕྱིར་སྤྲོས། ཕྱོགས་མཚམས་ཀྱི་རྩིབས་བརྒྱད་ཀྱི་སྟེང་དང༌། སྟེང་འོག་གི་རྩིབས་བརྒྱད་ཀྱི་ནང་ལ་ཅུང་ཟད་མ་རེག་པ་རྣམས་སུ་པད་ཉི་དང་ཕྱོགས་སྐྱོང་བ་བཅུའི་གདན་ལ་འཁོད་པ་ནི། ཤར་དུ་རྡོ་རྗེ་གཏུམ་པོ་སྔོན་པོ་སྔོ་སེར་ལྗང་བའི་ཞལ་གསུམ་པ། བྱང་དུ་རྡོ་རྗེ་ཉི་མ་མེ་སེར་པོ་སེར་ནག་ལྗང་བའི་ཞལ་གསུམ་པ། ནུབ་ཏུ་རྡོ་རྗེ་གཙུག་ཏོར་དམར་པོ་དམར་ནག་ལྗང་བའི་ཞལ་གསུམ་པ། ལྷོར་རྡོ་རྗེ་འཁྱིལ་པ་ལྗང་ཁུ་ལྗང་དཀར་སེར་བའི་ཞལ་གསུམ། མེར་རྡོ་རྗེ་གནོད་སྦྱིན་དུད་ཀ་དུད་སེར་ལྗང་བའི་ཞལ་གསུམ། བདེན་བྲལ་དུ་རྡོ་རྗེ་དུས་དམར་པོ་དམར་སེར་ལྗང་བའི་ཞལ་གསུམ། རླུང་དུ་རྡོ་རྗེ་སྟོབས་པོ་ཆེ་ནག་པོ་ནག་སེར་ལྗང་བའི་ཞལ་གསུམ། དབང་ལྡན་དུ་རྡོ་རྗེ་འཇིགས་རུང་སྔོན་པོ་སྔོ་སེར་ལྗང་བའི་ཞལ་གསུམ་པ་མི་གཡོ་བ། དེ་རྣམས་ཕྱག་དང་པོ་གཉིས་ཅང་ཏེའུ་དང་རྡོ་རྗེ་དྲིལ་བུ་བསྣམས་པ། སྟེང་དུ་གཙུག་ཏོར་


TNT07_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་བསྒྱུར་བ་དཀར་པོ་དཀར་ནག་ལྗང་བའི་ཞལ། ཕྱག་དང་པོ་གཉིས་འཁོར་ལོ་དང་དྲིལ་བུ། འོག་ཏུ་རྡོ་རྗེ་ས་འོག་མིག་སྨན་ལྟར་གནག་པ། ནག་སེར་ལྗང་བའི་ཞལ། ཕྱག་དང་པོ་གཉིས་རྩེ་གསུམ་དང་དྲིལ་བུ་འཛིན་པ། དེ་ཐམས་ཅད་རྒྱན་དང་ཆ་ལུགས་གཙོ་བོ་ལྟ་བུ། གཙོ་འཁོར་ཐམས་ཅད་ཀྱང་ཕྱག་དྲུག་གི་ལྷག་མ་གཡས་གཉིས་ན་ལྕགས་ཀྱུ་དང་ཞགས་པ། གཡོན་གཉིས་ན་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། རྩ་བའི་ཕྱག་གིས་རང་སྣང་གི་ཤེས་རབ་ལ་འཁྱུད་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཁྲོ་བོ་བཅུ་ནི་སྡུག་བསྔལ་དང་ཀུན་འབྱུང་དང༌། འགོག་པ་དང༌། ལམ་དང༌། ཟད་པ་དང༌། མི་སྐྱེ་བ་དང༌། ཀུན་རྫོབ་དང༌། ཕ་རོལ་སེམས་དང༌། ཆོས་དང༌། རྗེས་སུ་ཤེས་པ་སྟེ། རིམ་པ་ཇི་ལྟ་བ་བཞིན་དུའོ། །དེ་ཐམས་ཅད་ཀྱི་སྙིང་གར་ཨོཾ་ཨོཾ་ཧ། ཞེས་པ་ནས། ཙཎྜ་ཀིའི་ངོ་བོ། ཞེས་པའི་བར་རམ། ཡང་ན་སྒྲུབ་ཐབས་ལྟར་ཞལ་ཕྱག་རྫོགས་པའི་གོ་ཆ་བཀོད། དཔྲལ་པར་ཨོཾ་དཀར་པོ་སོགས་རྡོ་རྗེ་གསུམ་གྱི་བྱིན་གྱིས་བརླབས། རང་གི་སྙིང་གའི་ཧཱུཾ་གི་འོད་ཟེར་མུ་མཐའ་མེད་པས་ཁྲོ་བོའི་དཀྱིལ་འཁོར་སྤྱན་དྲངས་ཕཻཾ་ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་ཀྱི་འཁོར་ལོ་སད། དབང་གི་ལྷ་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་སྤྱན་དྲངས། ཆུ་གཉིས་དང་ཉེར་སྤྱོད་ལྔ་འབུལ། དེ་བཞིན་གཤེགས་


TNT07_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དཔལ་བདེ་མཆོག་གི་སྒྲུབ་ཐབས་བཞིན་ཆུས་དབང་བསྐུར་བས། ཧཱུཾ་མཛད་ལ་རྡོ་རྗེ་སེམས་དཔའ། རྡོ་རྗེ་གཏུམ་པོ་ལ་རྣམ་སྣང༌། ཉི་མ་ལ་རིན་འབྱུང༌། གཙུག་ཏོར་ལ་འོད་དཔག་མེད། འཁྱིལ་པ་ལ་དོན་གྲུབ། གཞན་ཐམས་ཅད་ལ་མི་བསྐྱོད་པའམ། ཡང་ན། གཙོ་བོ་ལ་རྡོ་རྗེ་སེམས་དཔའི་དབུ་བརྒྱན། གཞན་རྣམས་ལ་མི་བསྐྱོད་པས་དབུ་བརྒྱན། ཨོཾ་ཀྲོདྷ་རཱ་ཛ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པྲ་དྱ་པུཥྤེ། ནས། ཤཔྟའི་བར་གྱིས་མཆོད། ཞལ་བཞི་པའི་སྔགས་བརྗོད་ནས། ཕྱོགས་བཅུའི་བགེགས་ཐམས་ཅད་མེད་པར་གྱིས་ཤིག ཅེས་ཁྲོ་བོ་རྣམས་ལ་བཀའ་བགོས་པས། ཁྲོ་བོ་རེ་རེ་ལས་ཕུར་བུའི་ཁྲོ་བོ་ཞལ་དྲུག་ཕྱག་བཅུ་གཉིས་པ་རྩ་ཞལ་སྔོ། གཡས་སེར་པོ་དུད་ཁ་གཡོན་དམར་པོ་ལྗང་ཁུ། ཕྱག་དང་པོ་གཉིས་རྡོ་རྗེ་དྲིལ་བུ་འཛིན་པས། རང་སྣང་གི་རིག་མར་སྦྱོར་བ་དེ་འོག་གཉིས་ལྷ་ཆེན་པོའི་པགས་པའི་སྟོད་གཡོགས། ལྷག་མ་གཡས་བཞིས་ཁ་ཊྭཱཾཾ་ག ལྕགས་ཀྱུ། ཚངས་མགོ གྲི་གུག གཡོན་བཞིས་ཐོད་པ། ཞགས་པ། ཅང་ཏེའུ། གྲི་གུག མི་མགོའི་ཅོད་པན་དང་དོ་ཤལ། ཕྱག་རྒྱ་དྲུག་དང༌། ཀླུ་མཐའ་ཡས་དང་རྣམ་རྒྱལ་གྱིས་བརྒྱན་པ། རབ་ཏུ་ཁྲོས་པ། ཁྲོ་བོའི་མཚན་ཉིད་རྫོགས་པ། ཞབས་གཅིག་པུ་མདུང་རྩེ་ལྟ་བུའི་ཕུར་བུར་གྱུར་པ། གང་གིས་ཀྱང་བཟོད་གླགས་


TNT07_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་མེ་དཔུང་འུར་འུར་འབར་བ་ཅན་ཏེ། སྟེང་ཞལ་ནི་སྟེང་གི་ཁྲོ་བོ་སྟག་དང༌། འོག་ནི་བྱི་བའི་གདོང༌། ཤར་ནས་ཕྱོགས་གཡོན་བསྐོར་དང༌། མེ་ནས་མཚམས་གཡས་བསྐོར་གྱིས་རྟ་གདོང་དཀར་པོ། གླང་པོ། བྱི་བ། སེང་གེ ཁྱི་དང༌། འུག་པ། ཕག་དང༌། ཁྲའི་གདོང་ཅན་ནོ། །ཡང་ཧཱུཾ་བཞི་པ་ལན་གཉིས་བརྗོད་ཅིང༌། སྡིགས་མཛུབ་སེ་གོལ་ཕྱོགས་བཅུར་གདབ་ཅིང༌། ཤར་དང་སྟེང་དུ་ཁྭ་གདོང་མ་སྔོ་བ། བྱང་དུ་འུག་གདོང་མ་ལྗང་བ། ནུབ་དང་འོག་ཏུ་ཁྱི་གདོང་མ་དམར་བ། ལྷོར་ཕག་གདོང་མ་སེར་བ། ཤར་ལྷོར་གཤིན་རྗེ་བརྟན་མ་སྔོ་སེར་ཕྱེད་པ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་སེར་དམར་ཕྱེད་པ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་དམར་ལྗང་ཕྱེད་པ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་ལྗང་སྔོན་ཕྱེད་པ། ཡང་ན་ཐམས་ཅད་དམར་མོར་མན་ངག་ལས་འབྱུང་བའང་རུང་ངོ༌། །ཐམས་ཅད་ཀྱང་ལང་ཚོ་གཞོན་ནུ་དྲེགས་ཤིང་ཁྲོས་པ། ཕྱག་གཡས་རྡོ་རྗེ་ཐོ་བ། གཡོན་སྔར་སྤྲོས་པའི་ཕུར་བུའི་ཁྲོ་བོ་རེ་རེ་བཟུང་བ་ལས། ཕོ་ཉ་དཔག་ཏུ་མེད་པ་སྤྲོས་ཏེ། བགེགས་ཀུན་ཚར་བཅད། ཨོཾ་བཛྲ་ཨངྐུ་ཤ་ཡ་ཨ་ཀརྵ་ཡ་ཧཱུཾ། ཨོཾ་བཛྲ་པཱ་ཤ་བནྡྷ་ཧཱུཾ། ཨོཾ་བཛྲ་ཀ་ལི་ཏ་སྫ་བ་ཧཱུཾ། ཨོཾ་བཛྲ་མུཥྟི་གྷྀཧྞ་ཧཱུཾ། ལྕགས་ཀྱུ་དང་ཞགས་པ་ལ་སོགས་པ་མཚོན་ཆ་སྣ་ཚོགས་འཛིན་པའི་ཕོ་ཉ་རྣམས་ཀྱིས་ཕྱོགས་བཅུའི་བགེགས་མ་ལུས་པ་འདུས་པ་


TNT07_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སྐྱོང་བཅུར་གྱུར་པ་རྣམས་རྡོ་རྗེ་ལྕགས་ཀྱུས་སྙིང་གར་བཏབ། རྡོ་རྗེ་ཞགས་པས་བཅིངས། མཚོན་ཆ་ཐམས་ཅད་ཀྱིས་བསྡིགས། ཁུ་ཚུར་གྱིས་བཟུངས་ནས། འཁོར་ལོའི་རྩེ་མོ་དང་ཉེ་བའི་ཕྱི་རོལ་དུ་ཧཱུཾ་ལས་བྱུང་བའི་ཁྲོན་པ་གྲུ་གསུམ་པ་ཟབ་མོ། ཕྱོགས་མཚམས་བརྒྱད་དང༌། ཤར་གྱི་ཤར་དང༌། ནུབ་ཀྱི་ནུབ་ན་གནས་པ་སྟེ་བཅུ་པོ་རྣམས་སུ་བཅུག མ་མོ་བརྒྱད་པོ་རྣམས་ཀྱིས་ལུགས་འབྱུང་དང་ལུགས་ཟློག་གི་རིམ་པས། དེ་རྣམས་ཀྱི་སྤྱི་བོར་ཕུར་བུས་བཏབ། ཨོཾ་གྷ་གྷ་གྷཱ་ཏཱ་ཡ་གྷཱ་ཏཱ་ཡ་སརྦ་དུཥྟན་ཕཊ། ཀི་ལཱ་ཡ་ཀི་ལཱ་ཡ་སརྦ་པཱ་བཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀི་ལཱ་ཡ་བཛྲ་དྷ་ར་ཡ་ཛྙཱ་པ་ཡ་ཏི་སརྦ་བིགྷྣ་ཀཱ་ཡ་ཝཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ལན་གསུམ་བརྗོད། ཕུར་བུ་རྣམས་ལུགས་འབྱུང་དང་ལུགས་ཟློག་གི་རིམ་པས་ཐོ་བས་བརྡུང༌། ཨོཾ་བཛྲ་མུངྒ་ར་བཛྲ་ཀི་ལཱ་ཡ་ཨ་ཀོ་ཊྭཱ་ཡ་ཤ་ཧཱུཾ་ཕཊ། ལན་གསུམ་གྱིས་བགེགས་རྣམས་ཀྱི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་བ་རྐང་པ་རྣམས་སུ་ཕུག་སྟེ་རྡོ་རྗེའི་ས་གཞི་ལ་སྦྲགས་པས་བགེགས་རྣམས་ལུས་གཡོ་བ་མེད། དག་རླུང་རྒྱུ་བ་མེད་པ་སེམས་རྟོག་པ་ཐམས་ཅད་ཆད་ནས། བདེ་བ་ཆེན་པོ་དེ་བཞིན་ཉིན་དང་རོ་གཅིག་ཏུ་གྱུར། ཡང་ཞལ་བཞི་པའི་སྔགས་བརྗོད་པས། སྔགས་རྣམས་འོད་ཟེར་འཕྲོ་བ། གསེར་གྱི་ས་གཞི་ནས་ཚངས་པའི་འཇིག་རྟེན་ལ་ཐུག་པའི་ལུས་ཆེ་ཞིང་འབར་བའི་འོད་ཟེར་


TNT07_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ལས། སྐད་ཅིག་གིས་གྲུབ་པ་ནི། རྡོ་རྗེའི་ར་བ་གྲུ་བཞི་པ་སྟེང་དུ་རྡོ་རྗེའི་གུར། དེ་གཉིས་ཀྱི་མཚམས་སུ་བླ་བྲེ། ཕྱི་རོལ་དུ་རྡོ་རྗེ་རྩེ་ལྔའི་མདེའུ་ཅན་གྱི་མདའ་དྲ་སྲིད་རྩེའི་བར་དུ་ཁྱབ་པ། དེ་ཐམས་ཅད་ཀྱི་ཕྱི་ནང་ཀུན་རྡོ་རྗེ་མེ་རི་སྒྲ་དྲག་པོ་དང་བཅས་པ་བསྐལ་པ་འཇིག་པའི་དུས་ཀྱི་མེ་དཔུང་ལྟ་བུ་གནོད་བྱེད་ཐམས་ཅད་ཀྱིས་བལྟར་ཡང་མི་བཟོད་པར་གྱུར། དེ་དང་དུས་མཉམ་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རླུང་གི་དཀྱིལ་འཁོར་ལ་ཐུག་པར་སྣ་ཚོགས་རྡོ་རྗེའི་ས་གཞི། ཨོཾ་མེ་དྷི་ནི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུཾ། ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་པཾ་ཧཱུཾ། ཨོཾ་བཛྲ་པཱི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། སླར་ཡང་ཕོ་ཉ་མོ་རྣམས་ཀྱིས་མ་རུངས་པ་ཐམས་ཅད་ཚར་བཅད་དེ། རྡོ་རྗེའི་རྭ་བ་ལ་ཐིམ་པས་ཆུ་ཆུ་ལ་བརྡབས་པའི་ཟེགས་མ་ཕྱིར་འཕྲོས་པ་ལྟར། རྡོ་རྗེ་དང་པདྨ་དང༌། འཁོར་ལོའི་རྭ་བ་རྣམས་སུ་གྱུར། ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་ཧཱུཾ་ཕཊ། ཨོཾ་པདྨ་པྲ་ཀ་ར་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་པྲ་ཀ་ར་ཧཱུཾ་ཧཱུཾ་ཕཊ། དེ་ནས་འོག་ནས་འབྱུང་བའི་ཁྲོ་བོ་བཞི་སྤྲོས་ཤིང༌། ཁྲོ་བོ་རྣམས་ཀྱི་བཟླས་པ་བྱ་བའམ། ཡང་ན་མན་ངག་གི་ཚུལ་ལས་མངོན་བརྗོད་དྲུག་ཅུ་པའི་སྐབས་ལས་འབྱུང་བ་ལྟར་འདིར་བླངས་ཏེ། འདི་ལྟར། རང་ཉིད་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ཧཱུཾ་ཞེས་


TNT07_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས་སྐད་ཅིག་གིས་རབ་ཁྲོས་ཧཱུཾ་མཛད་ཞལ་གསུམ་པ་ལས་བརྒྱད་པར་གྱུར་ཏེ། དྲག་ཤུལ་ཅན་གྱི་གཟུགས་རྩ་ཞལ་དང་སྐུ་མདོག་དུས་སྤྲིན་ལྟར་གནག་པ། གཡས་གསུམ་དཀར་སྔོ་སེར་བ། གཡོན་གསུམ་སྔོ་དཀར་སེར་བ་སྟེང་ཞལ་དམར་པོ། ཕྱག་བཅུ་དྲུག་གི་དང་པོ་གཉིས་རྡོ་རྗེ་དྲིལ་བུས་ཐུགས་ཀར་འཁྱུད་པ། གཉིས་པ་གཉིས་ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་དཔྲལ་པར་འཇོག་པ། ལྷག་མ་གཡས་པས་ཐོད་པ། རལ་གྲི། འཁོར་ལོ། ཐོ་བ། ཅང་ཏེའུ་རྣམས་དང༌། གཡོན་རྣམས་ཀྱིས་ཁ་ཊྭཱཾ་གལྕགས་ཀྱུ། སྡིགས་མཛུབ་དང་བཅས་པའི་ཞགས་པ། རིན་པོ་ཆེ། མདུང་རྩེ་གསུམ་པ་དང་བཅས་པའི་ཚངས་པའི་མགོ་བོ་རྣམས་འཛིན་པ། ཐ་མ་གཉིས་ཀྱིས་མིའི་པགས་པ་སྟེང་དུ་འཛིན་པ། རྒྱན་དང་ཆ་བྱད་ཡོངས་སུ་རྫོགས་པ་ཐུགས་ཀའི་ཧཱུཾ་ལས་ཁྲོ་བོ་བཞི་དུས་གཅིག་ཏུ་སྤྲོས་པ་ནི། འདོད་རྒྱལ་སྔོན་པོ་སྔོ་སེར་ལྗང་བ། གཡས་གཉིས་པས་ཐོ་བ། དབྱུག་སྔོན་ལྗང་ཁུ་ལྗང་སེར་གཡས་གཉིས་པས་བེ་ཅོན། སྟོབས་ཆེན་དམར་པོ་དམར་སེར་ལྗང༌། གཡས་གཉིས་པས་ཏྲི་ཤུ་ལ། མི་གཡོ་མགོན་པོ་དུད་ཁ་དུད་སེར་ལྗང་བ། གཡས་གཉིས་པས་རལ་གྲི། ཐམས་ཅད་ཀྱི་དང་པོ་གཉིས་འཇིག་རྟེན་གསུམ་རྒྱལ་གྱི་ཕྱག་རྒྱ་དཔྲལ་པར་འཇོག་པ་གཡོན་གཉིས་པས་དྲིལ་བུ་དང་བཅས་པའི་ཐོད་པ། ཐ་མ་གཉིས་


TNT07_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གྱེན་དུ་གསོར་ཞིང་ཁ་ཊཾ་ག་བསྣམས་པ། བར་པ་གཉིས་ཀྱིས་རང་སྣང་གི་རིག་མ་ལ་འཁྱུད་པ། བདུད་བཞི་ཞབས་ཀྱིས་གནོན་པ་རྣམས་སྤྲོས། སྡང་བ་ཐམས་ཅད་ཚར་བཅད། བར་ཆད་བསྲུང་བའི་ལས་མཛད། ཡང་ཞལ་བཞི་པ་བརྗོད། སྒོ་མཚམས་མ་བརྒྱད་སྤྲོས། སྔར་བཞིན་ལས་མཛད། ཨོཾ་ཁ་བཛྲ་དྷྲྀ་ཀ་བཛྲ་ཧཱུཾ་ཀ་ར་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྜ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཛཱ་ལཱ་ན་ལཱརྐ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲོ་ཥྞེ་ཥ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཡཀྴ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱ་ལི་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་མཧཱ་བཱ་ལ་བཛྲ་ཧཱུཾ་ཕཊ། ཨོཾབཛྲ་བྷི་ཥ་ཎ་བཛྲ་ཧཱུཾ་ཕཊ། ཞེས་ཁྲོ་བོ་བཅུ་གཅིག་དང༌། གཙོ་བོ་ཉིད་ཀྱི་གསང་སྔགས། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨཽཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྲི་ཧཱུཾ་ཧཱུཾ་ཕཊ། ཞེས་སྐད་གསང་མཐོན་པོས་བཟླ་བར་བྱའོ། །གལ་ཏེ་ཕྱིར་ཟློག་བྱ་བར་འདོད་ན་ཧཱུཾ་ཞེས་བརྗོད་པས་ཁྲོ་བོ་ཐམས་ཅད་ཆེར་འཁྲུགས་ཏེ་ཞལ་ཕྱིར་གཟིགས། འཁོར་ལོ་གཡོན་དུ་དྲག་ཏུ་འཁོར། ཁྲོ་བོ་ཐམས་ཅད་ལས་ཕོ་ཉ་དཔག་ཏུ་མེད་པ་དང༌། ཁྱད་པར་རང་གི་སྙིང་གའི་ཧཱུཾ་གི་འོད་ཀྱིས་གཙུག་ཏོར་འཁོར་ལོས་སྒྱུར་བ་བསྐུལ། གཉིས་ཀ་ལས་ཁྲོ་མོ་བཅུའམ། ཁྲོ་བོ་བཞིའི་སྤྲིན་དཔག་ཏུ་མེད་པ་སྤྲོས། གདུག་པ་ཐམས་ཅད་དང༌། སྒྲུབ་བྱ་བཀུགམེ་རླུང་གི་སྟེང་དུ་བཅིང་པ་ལྔས་བཅིངས་མགོ་མཇུག་ལྗོག་དེར་བཞག་པ། འཁོར་ལོའི་


TNT07_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་ཀྱིས་ཕྱེ་མར་གཏུབས། མེས་བསྲེགས་པའི་ཐལ་བ་རླུང་གིས་གཏོར་བར་བསམ། གང་ཡང་སྐྱེས་བུ་གཞན་གྱི་ཕྱིར་ནི། སྒྲུབ་བྱའི་སྙིང་གའི་ཧཱུཾ་གི་ནཱ་ད་དམ། འཁོར་ལོའི་ལྟེ་བར་ཆུད་པར་བསྒོམ་མོ། །སྔགས་འདི་ནི་རང་དང་གཙུག་ཏོར་འཁོར་ལོས་བསྒྱུར་བ་གཉིས་པའི་རྒྱུ་མཚན་རྣམས་གནད་འདི་གཅིག་པུས་རྟོགས་ནུས་པས་འདབ་བཞིའི་རིམ་པས་རྩ་ལག་བཞི། བདེ་བ་ཆེན་པོའི་གནས་ན་གནས། །ཞེས་པའི་ཚིག་རྐང་གཉིས་པོ་འདི་ཁོ་ནས་ཀྱང༌། དུས་འཁོར་སོགས་ཀྱི་རྒྱུད་སྡེ་མང་པོ་ལ་ངེས་པ་སྟེར་བ་འདི་ནི་ངོ་མཚར་ཆེའོ། །མན་ངག་གི་གཞུང་བྱ་བ། རྒྱུད་དོན་གྱི་མདུད་པ་འཁྲོལ་ནུས་པ་འདི་ལྟ་བུ་དགོས་ཀྱི། མན་ངག་དང་རྒྱུད་བཤད་རྒྱབ་འགལ་དུ་འགྲོ་བ་དང༌། གྲུབ་ཐོབ་ཀྱི་གསུང་ཡིན་ཟེར་ནས་སངས་རྒྱས་ཀྱི་གསུང་དང་འགལ་བ་མང་པོ་དག་སྣང་སྟེ། རྩོད་དུས་ཀྱི་ཐ་མ་འདིར། སྐལ་མེད་རྣམས་ཀྱི་སྙིང་ལ་ནི་ཤིན་ཏུ་འཕྲོད་ཀྱང༌། ཟབ་དོན་གྱི་སྐལ་བ་ཅན་བློ་གྲོས་མཆོག་རྣམས་ཀྱིས་ནི། མཛོད་ཕུགས་མི་གཙང་བས་བཀང་བ་དང་འདྲ་བར་མཐོང་ངོ༌། །གསུམ་པ་ནི་ཨེ་ཝཾ་ས་བོན་བླངས་ནས་ནི། །པདྨའི་མེ་ཏོག་ཁ་བྱེ་བར། །བུང་བའི་གཟུགས་ཀྱིས་རབ་དགའ་བའི། །དཔའ་བོ་སྦྲང་རྩི་མནོམ་པར་བྱེད། །ཅེས་པ་སྟེ། འདི་ལ་ཤུང་ཀེ་ལོ་ཙཱ་བ་གྲགས་རྒྱལ་གྱིས། ཨེ་ཝཾ་ཡི་གེའི་ས་བོན་ལེན། །ཆུ་སྐྱེས་ཀྱི་ནི་མེ་ཏོག་ལ། །སྦྲང་རྩིར་བྱེད་པའི་གཟུགས་ཀྱིས་ནི། །རབ་དགའི་དབང་པོ་སྦྲང་རྩི་མནོམ། །ཞེས་འདོན་པ་གོ་བདེ་ཞིང་བརྗོད་སླ་བ་ཙམ་སྣང་ངོ༌། །འདིའི་དོན་འགྲེལ་པར། ཨེ་ཝཾ་ཕ་


TNT07_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ས་བོན་བླངས་པ་དང༌། པདྨ་མངལ་གནས་དང༌། བུང་བ་དྲི་ཟ་དང༌། རབ་དགའ་དཀར་དམར་གྱི་དབུས་སུ་སེམས་རྒྱལ་བ་ལ་འཆད་ཀྱང་དེ་གཞུང་གི་དོན་དུ་མི་སྣང་ངོ༌། །ཨེ་ཝཾ་ནི་གོང་དུ་བཤད་པ་ལྟར་གྱི། སྒྲ་གཅན་དང་དུས་མེ་ཡིན་ཞིང༌། དེར་ཡང་སྐབས་འདིར་བདེ་བའི་ཕྱོགས་ནས་བསྟན་པས། ཉི་མ་གཅིག་གིས་བསང་བར་མཛོད་ཅིག་ཞེས་སོགས་དམོད་ཚིག་བརྗོད་ལ། རང་གི་ལག་མཐིལ་སྣ་ཚོགས་རྡོ་རྗེར་བསམ་ལ་ཐལ་མོ་བརྡབས་པས། དགྲ་བགེགས་སྐད་ཅིག་གིས་ཐལ་བར་བརླག་པར་བསམ། ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིས། །ཞེས་པ་ལ་སོགས་པ་དང༌། བགེགས་དང་ལོག་པར་འདྲེན་པ་རྣམས། །འདུལ་དཀའ་འདུལ་བྱེད་སོགས་བརྗོད་གལ་ཏེ་ཐུན་མཚམས་སུ་འདི་ཉིད་ཆེད་ཀྱི་བྱས་པ་ཡིན་ན། མཆོད་བསྟོད་གཏོར་མ་དབུལ་བ་སོགས་བྱའོ། །སྔོན་གྱི་བོད་མཁས་པ་རྣམས་ཕྱིར་བཟློག་ལ། སྟེང་དང་དབུས་ཀྱི་ཁྲོ་བོ་བརྗེ་བར་བཞེད་དེ། གཞན་དང་མཐུན་པས་ལེགས་མོད། འོན་ཀྱང་འདི་སྐོར་གྱི་རྒྱུད་དང་རྒྱ་གཞུང་ཁུངས་མ་རྣམས་ལས་མ་བཤད་ཅིང༌། གསང་འདུས་དང༌། རྡོ་རྗེ་གུར་སོགས་དང་འདི་ཅུང་མི་འདྲའོ། །དེ་ལྟར་བརྗེས་ན་གཙོ་བོ་འཕོ་བའི་གནད། བསྲུང་བྱ་སྦ་བའི་གནད། ལྷའི་རྣམ་པའི་གནད། འཁོར་ལོ་འཁོར་བའི་གནད། སྔགས་ཟླ་བའི་གནད་ཅེས་བོད་སྔ་མ་རྣམས་ཀྱི་བརྡ་ཆད་དུ་གནད་ལྔ་ཞེས་གསུངས་པ་དེ་ཡང་ཚང་བར་མངོན། སྤྱིར་དེ་རྣམས་ཀྱི་མན་ངག་རྒྱ་གར་གྱི་སློབ་དཔོན་ཚད་ལྡན་གྱིས་བཤད་པས། ཐ་སྙད་ནི་རྒྱ་གཞུང་ལས་འབྱུང་ངོ་ཞེས་ངལ་


TNT07_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྒྲུབ་མི་དགོས་ཤིང་འགྲུབ་དཀའོ། །རྡོ་རྗེ་གུར་དུ་ནི་ཁྲོ་བོ་བཅུའི་ལས་ཚོགས་ཀྱི་གཙུག་ཏོར་གྱི་སྐབས་འཁོར་ལོའི་ལྟེ་བར་ཁྲོ་བོ་སྒོམ་ནས་ཕྱིར་བཟློག་བྱ་བར་གསུངས། ལེའུ་བཅུ་གཉིས་པར་དཀྱིལ་འཁོར་གྱི་ཐུན་མོང་མ་ཡིན་པའི་བསྲུང་འཁོར་གསུངས་པ་རྣམས་མན་ངག་གི་སྡེབས་པ་ལས། གཙོ་བོ་འཕོ་བའི་ཚུལ་འབྱུང་ལ། འདིར་ནི་དེ་ལྟར་མེད་པས། གཙོ་བོ་སྤོ་བ་ཡང་མི་དགོས་སོ་ཞེས་རིག་པར་བྱའོ། །གཞན་ཡང་རྡོ་རྗེ་རྭ་གུར་སྔོན་དུ་བསྒོམ་ནས། འཁོར་ལོ་ཕུར་གདབ་སོགས་ཕྱིས་བྱེད་པ་ཡང་ལུགས་གཞན་ཏེ། དང་པོ་ནག་པོ་ལུགས་དང་མཐུན་ལ། འདི་ནི་ལཱུ་ཡི་པ་དང་མཐུན་ཞིང་འདི་གཉིས་ཀའང་ཤིན་ཏུ་རྒྱས་པའོ། །གཉིས། ཡང་ཕུར་བུའི་ཁྲོ་བོ་དང་ཧཱུཾ་མཛད་ཕྱི་མ་ཁྲོ་བོ་བཞི་དང་བཅས་པ་བོར་བ་སྔ་མ་ལྟ་བུ་དང༌། གསུམ། ལྭ་བའི་ཞལ་སྔ་ནས་ཀྱི་འགྲེལ་པར་བསྟན་པ་ལྟར། ཧཱུཾ་བཞི་པས་ཁྲོ་མོ་བཅུ་སྤྲོས། ཕུར་གདབ་བྱས། རྭ་གུར་སོགས་སྔགས་ཚན་དྲུག་གིས་བཀོད། དེའི་དབུས་སུ་འཁོར་ལོ་རྡོ་རྗེ་སེམས་དཔའ་དང་བཅས་པ་བསྐྱེད། རྡོར་སེམས་ཡོངས་སུ་གྱུར་པ་ལས། ཁྲོ་བོ་བཅུ་གཅིག་སྐད་ཅིག་གིས་བསྐྱེད་པ་ནི། ནག་པོ་པའི་ཞབས་དང་འབྲེལ་ལ། བཞི། རྭ་གུར་སོགས་བསྐྱེད་ལ། འཁོར་ལོ་ཁྲོ་བོ་བཅུ་གཅིག་དང་བཅས་པ་བསྒོམས། ཧཱུཾ་བཞི་པས་ཁྲོ་མོ་སྤྲོས་ནས། ཕུར་གདབ་སོགས་བྱེད་པ་ནི་ཉ་ལྟོ་བའི་ཞབས་དང་མཐུན་ནོ། །ལྔ། མངོན་བརྗོད་དུ་བསྟན་པ་ཡང་འདི་དང་མཐུན་ཏེ། འོན་ཀྱང་ཕུར་གདབ་ནི་ཧཱུཾ་བཞི་


TNT07_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཀའ་བསྒོས་ནས། ཁྲོ་བོ་བཅུས་བྱེད་པ་ཡིན་ཏེ། འདི་གསུམ་ལ་རྡོ་རྗེ་སེམས་དཔའི་ཐུགས་ཀའི་ཧཱུཾ་ལས་ཁྲོ་བོ་བརྒྱད་སྤྲོས། གཙོ་བོ་ཧཱུཾ་མཛད་དུ་བསྒྱུར། དེ་དང་དུས་མཉམ་དུ་སྟེང་འོག་བསྐྱེད་པ་སྟེ། མངོན་བརྗོད་དངོས་བསྟན་དུ་ཁྲོ་བོ་བརྒྱད་སྤྲོ་ཞེས་པ་ལས། ཇི་ལྟར་སྤྲོ་མི་གསལ་ལོ། །དྲུག །ཡང་རྡོ་རྗེ་སེམས་དཔའ་ཧཱུཾ་མཛད་དུ་བསྒྱུར་ནས་ཁྲོ་བཅུ་སྙིང་ག་ནས་སྤྲོ་བ་དང༌། བདུན། མཁའ་ནང་ནས་ས་བོན་ལས་བསྐྱེད་དེ་སྤྲོ་བ་དང༌། བརྒྱད། མཁའ་ནང་དུ་མི་བསྐྱོད་པ་ཁྲོ་བཅུ་དང་བཅས་པ་བསྐྱེད། མི་བསྐྱོད་པ་སྤྲོས་ཏེ་རང་ལ་བཅུག་པས། ཧཱུཾ་མཛད་དུ་བསྒྱུར། ཧཱུཾ་མཛད་ཀྱི་རང་སྣང་གི་རིག་མའི་མཁའ་ལས་ཁྲོ་བོ་བཅུ་སྤྲོ་བ་རྣམས་ཀྱང་ལུགས་གཞན་དང་གཞན་ནོ། །དགུ། འདིར་བསྲུང་བའི་དོན་ཙམ་དུ་འཁོར་ལོ་རྩིབས་བརྒྱད་མི་བསྒོམ་པ་གཙོ་བོ་དང༌། སྟེང་འོག་གི་ཁྲོ་བོ་ཞལ་ཕྱག་གཞན་དུ་བཤད་པ་ཡང་ཡོད་དེ། བཅུ། དེའི་ཕྱིར་རྣམ་པ་དུ་མ་ཡོད་དོ། །འདི་རྣམས་དང༌། འདི་དང་མཐུན་པ་རྣམས་ཀྱང་རྒྱས་པའོ་རྫོགས་ཕྲེང་དང༌། མན་ངག་སྙེ་མའི། སྙེ་མ་ཉེར་བདུན་པར་བཤད་པའི་ཁྲོ་བོའི་ཞལ་ཕྱག་རྣམས་ནི། མངོན་བརྗོད་ཀྱི་ལུགས་ཡིན་པར་སྣང་ན་ཡང༌། ད་ལྟ་བོད་དུ་འགྱུར་བའི་མངོན་བརྗོད་རྣམས་དང་མི་མཐུན་པ་ནི་དཔེ་གཞན་ཞིག་ཡོད་པར་མངོན། མན་ངག་སྙེ་མའི་རྡོར་སེམས་སྒྲུབ་ཐབས་ཀྱི་བསྲུང་འཁོར་ཡང་རྒྱས་པ་ཡིན་ནོ། །བཅུ་གཅིག ལཱུ་བཅུ་གཉིས་ནག་གི་བཅུ་གསུམ། སྒྲུབ་ཐབས་ཀྱི་སྲུང་


TNT07_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང༌། ཕག་མོ་མངོན་འབྱུང་དང༌། བཅུ་བཞི། སྙེ་མ་ཉེར་བདུན་པའི་སྲུང་འཁོར་དང༌། བཅོ་ལྔ། དེ་རྣམས་དང་མཐུན་པ། འདི་ལྟར་ཁྲོ་བོ་བཅུ་ཁོ་ན་བསྒོམ་པ་དང༌། བཅུ་དྲུགཕུར་གདབ་དང་རྭ་གུར་ཙམ་བྱེད་པ་སྟེ། རྭ་གུར་སྔོན་མ་དང༌། ཕུར་གདབ་ཕྱིས་བྱེད་པ་དང༌། བཅུ་བདུན། ཕུར་གདབ་ཀྱི་རྗེས་སུ་རྭ་གུར་བྱེད་པ་རྣམས་ནི་འབྲིང་པོའོ། །བཅོ་བརྒྱད། སྔགས་དྲུག་གིས་བྱིན་གྱིས་རླབས་པའི་རྭ་གུར་ཙམ་བྱེད་པ་དང༌། བཅུ་དགུ། ཧཱུཾ་བཞི་པས་སྐད་ཅིག་གིས་རྭ་གུར་གྲུབ་པ་དང༌། ཉི་ཤུ། དེ་དང་མཐུན་པ་རྣམས་ནི་བསྡུས་པ་ཡིན་ནོ། །དེ་ལ་བསྲུང་བའི་འཁོར་ལོ་འདི་ནི། དཀྱིལ་འཁོར་བསྒོམ་པའི་སྐབས་ལས་གཞན་དུ་བྱ་དགོས་པའི་གསལ་ཁ་མི་སྣང་ལ། ཕྱིར་བཟློག་ནི་གཙོ་བོར་གཞན་གྱི་བྱད་མ་བཟློག་པའི་དྲག་ཤུལ་གྱི་སྦྱོར་བ་ཡིན་པས། རྒྱུན་གྱི་རྣལ་འབྱོར་ལ་འགྲུབ་ན་ཆེས་ལེགས་མོད། མ་འགྲུབ་ཀྱང་རུང་ངོ༌། །པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་ཀྱི་ཞལ་སྔ་ནས། རྡོ་རྗེ་ཕྲེང་བར་དཀྱིལ་འཁོར་ལ་ཆུ་རྡོལ་ལ་སོགས་པའི་གནོད་པ་བསྲུང་བ་ལ་ཡང་འདི་གསུངས་སོ། །དེ་ལྟར་ཤེས་པ་ན་ལྷག་པའི་སྐྱོན་མེད་ཅིང༌། ཤིན་ཏུ་རྒྱས་པ་ཡང་བྱར་ཡོད་ལ། སྐབས་མེད་པའི་ཚེ། ཤིན་ཏུ་བསྡུས་པ་བྱས་ཀྱང་དགོས་པའི་ཆོ་ག་མ་ཆད་པ་ཞིག་འོང་བ་ཡིན་ནོ། །ལཱུ་ནག་གི་ལུགས་གཉིས་དང༌། དྲིལ་བུ་ལྷར་ལྔར་གསུངས་པའི་དོན་གཙུག་ནོར་དུ་བཤད་པ་སྟེ། རྩ་གཅིག །དེ་གསུམ་པོ་གྲགས་ཆེ་བས་མ་བྲིས་སོ། །གཉིས་པ་


TNT07_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་བསྙེན་པ་ནི། ཐུན་མོང་བའི་སྲུང་འཁོར་ཡན་ཆད་བསྒོམས་ཏེ། ཆོས་འབྱུང་གི་ནང་དུ། འབྱུང་བཞི་རི་རབ་གཞལ་ཡས་ཁང་མངོན་བྱང་ལྔ་ལས་རྡོ་རྗེ་སེམས་དཔའ་དང༌། དེ་ཞུ་བ་གླུས་བསྐུལ་ཏེ་ཁྲོ་བོ་ཧཱུཾ་མཛད་ཞལ་གསུམ་པར་བསྐྱེད། གོ་ཆ་བགོ སྐུ་གསུང་ཐུགས་བྱིན་གྱིས་བརླབས། ཡེ་ཤེས་དགུག་གཞུག་བྱ། སེམས་དཔའ་གསུམ་བརྩེགས་བསྒོམ། དབང་བསྐུར་ཏེ་མི་བསྐྱོད་པའི་ཅོད་པན་བྱ། དེ་རྣམས་སྦྱོར་བའོ། །ཡུམ་གྱི་གནས་ལྔ་བྱིན་གྱིས་རླབས། ཁྲོ་བོ་བཅུ་མཁའ་སྤྲོ་སྔར་སྲུང་འཁོར་དུ་བསྟན་པ་བཞིན་བྱས་ཏེ། ཡེ་ཤེས་དགུག་གཞུག་དང་དབང་བསྐུར་བྱ། མཆོད་བསྟོད་བྱ་སྟེ། དཀྱིལ་འཁོར་རྒྱལ་མཆོག་གོ །དེ་ནས་བཟླས་པ་བྱ་སྟེ་རྗེས་ཀྱི་བྱ་བ་རྣམས་བྱའོ། །འདི་ནི་ནག་པོའི་ཞབས་ཀྱི་མན་ངག་སྦྱར་བ་ཡིན་ལ། གཅིག །ལྷ་ཐམས་ཅད་མངོན་བྱང་ལྔ་ལས་བསྐྱེད་ལ། གོ་ཆ། ཡེ་ཤེས་དབང་བསྐུར་རྒྱས་བཏབ་བྱ་བ་ལོ་ཨི་པའི་མན་ངག་དང་སྦྱར་བ་སྟེ། འདི་གཉིས་ནཱ་རོ་ཏ་པའི་མན་ངག་ལས་འབྱུང༌། གཉིས། མངོན་བརྗོད་ཀྱི་རྒྱུད་ཀྱི་དངོས་བསྟན་ནི་བསྲུང་འཁོར་དངོས་བསྟན་དེ་ཉིད་བསྒོམ་ནས་བཟླས་པ་བྱས་ལ། རྗེས་ཀྱི་ཆོ་ག་བྱ་བ་སྟེ། ཁྲོ་བོ་ཙམ་གྱི་བསྙེན་པ་ནི་དེ་ཁོ་ནས་རུང་ལ། གསུམ། སྔ་མ་ནི་བདེ་མཆོག་ཁྲོ་བོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཡིན་པས། ཐུན་མོང་གི་ཆོ་ག་ལཱུ་ནག་གམ། དེ་དང་མཐུན་པ་རྣམས་དང་ཐུན་མོང་སྟེ་དེའི་ཕྱིར་དེ་གཉིས་སུ་རིག་པར་བྱའོ། །ཡང་གཞན་རྣམས་


TNT07_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་དང་འདྲ་བ་ལས། རྡོར་སེམས་ཧཱུཾ་མཛད་དུ་བསྒྱུར་ལུགས་མངོན་བརྗོད་ཀྱི་དངོས་བསྟན་ལྟར་བྱེད་པའི་ལུགས་ཀྱང་ཡོད་དོ། །བཞི། ཡང་འཁོར་ལོའི་ལྟེ་བར་ཧཱུཾ་མཛད་གཅིག་པུ་བསྙེན་བསྒྲུབ་ཡན་ལག་བཞིས་བསྐྱེད་པ་དང༌། ཁྲོ་བོ་གཞན་བཅུ་པོ་ལ་ཡང་ཡན་ལག་བཞིས་བསྐྱེད་ཀྱི་སྒྲུབས་ཐབས་བོད་འགའ་ཞིག་གིས་མཛད་ལ། ལྔ། འདི་གཞན་གྱིས་རྒྱས་བཀབ་པ་སྟེ་རུང་མོད། འོན་ཀྱང་འདིར་ཁྲོ་བོ་ལྷག་མ་རྣམས་ཀྱི་ལས་ཚོགས་ཐུན་མོང་མ་ཡིན་པ་སྒྲུབ་ཚུལ་མང་པོ་མི་སྣང་བས་རེ་ཞིག་ཉེ་བར་མཁོ་བ་ཆེན་པོ་མི་སྣང་ངོ༌། །དེ་བཞིན་དུ་ཧཱུཾ་ལས་ཕུར་བུའི་ཁྲོ་བོ་སྒོམ་སྟེ། འདིའི་སྒྲུབ་ཐབས་ཀྱང་ཆོ་ག་མངོན་བྱང་ལྔས་བསྐྱེད་དང༌། གཅིག་ཞུ་བ་གླུས་བསྐུལ་གྱི་ཚུལ་གྱིས་སྔར་ཁྲོ་བོའི་བསྙེན་པ་ལྟར་བསྐྱེད་པ་ཡིན་ནོ། །འདི་ལ་ལྷ་སྣམ་གྱི་དབུས་སུ་པདྨ་འདབ་བརྒྱད། དབུས་སུ་གཙོ་བོ། ལྷོ་ནུབ་ཏུ་ལས་བྱེད་ཀྱི་ཕུར་བུ་སྒོམ་པ་ཡིན་ལ། ཁྭ་གདོང་ལ་སོགས་པ་སྒོ་བཞིར་སྒོམ་ལ། གླང་གདོང་སོགས་མེ་ལ་སོགས་པ་གསུམ་དུ་འགོད། གཙོ་བོ་ཞལ་ནུབ་བསྟན་ནོ། །ཞེས་ཁ་ཅིག་འདོད་ཅིང༌། འགའ་ཞིག་གླང་གདོང་སོགས་གཙོ་བོའི་གནས་གསུམ་དུ་འགོད་མོད། ལུགས་དང་པོ་ལྟར་འཐད་ལ། འོན་ཀྱང་ལྷོ་ནུབ་ཀྱི་ཕུར་བུ་མི་དགོས་སོ་སྙམ་མོ། །སྔགས་ནི། ཨོཾ་གྷ་གྷ། སོགས་དང༌། ཨོཾ་ཀི་ལཱི་ཀི་ལཱ་ཡ་ཧཱུཾ་ཞེས་སོགས། ཧཱུཾ་མཛད་ཞལ་བརྒྱད་པའི་ནི། གཙོ་རྐྱང་ཁོ་ན་སྟེ། ཆོས་འབྱུང་དུ། པདྨ་ལ་ས་བོན་ལས་བསྐྱེད་


TNT07_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

དེ། འགྲེལ་པ་ལྟར་མཐར། ཡན་ལག་བཞི་བསྐྱེད་བྱ། བཟླས་པའི་སྐབས་སུ་ཁྲོ་བོ་བཞི་སྤྲོ་བ་ཡིན་ནོ། །དེ་ཡང་ཁྲོ་བོ་ཧཱུཾ་མཛད་ཀྱི་འཁོར་ལོ་ལ་སོགས་པ་ལས་ཚོགས་སྒྲུབ་པ་ལ་བདེ་མཆོག་ཉིད་ཀྱི་དཀྱིལ་འཁོར་གྱི་བསྙེན་པ་ཡོངས་སུ་རྫོགས་པ་གྲུབ་པས་ནི། ཧཱུཾ་མཛད་ཀྱི་སྒོས་བསྙེན་མི་དགོས་སོ། །བསྙེན་པའི་གྲངས་ནི་འབུམ་ཕྲག་བཞིར་སྔོན་གྱི་བོད་རྣམས་གསུངས་ལ། དཔལ་ཧེ་རུ་ཀའི་བསྙེན་པ་གྲུབ་པས་ཧཱུཾ་མཛད་ཀྱི་བཟླས་པ་ཁྲི་བྱས་ནས་ལས་སྒྲུབ་བོ་ཞེས་དམ་པ་སྔ་མ་རྣམས་འདོམས་པར་མཛད་དོ། །འདིར་དཔྱད་པར་བྱ་བ་ནི་འདི་ཡོད་དེ། གང་ལ་ལ་ཧཱུཾ་མཛད་ཁོ་ན་རྣལ་འབྱོར་ཏིང་ངེ་འཛིན་གསུམ་དང༌། ཡན་ལག་བཞི་སོགས་ཀྱིས་མི་སྒྲུབ་ན་དེས་སྔགས་ཀྱི་གྲངས་ཙམ་རྫོགས་པས་བསྙེན་པར་འགྱུར་རམ། དཔལ་སངས་རྒྱས་ཐོད་པ་ལ་སོགས་པ་གཞན་ཞིག་གིས་བསྙེན་པ་ནི་བྱས་ལ། རྒྱུད་འདིར་མ་ཡིན་པས་ཧཱུཾ་མཛད་ཀྱི་བཟླས་པ་ཁྲི་ཡིས་ལས་སྒྲུབ་བམ། འོན་ཏེ་མ་ཡིན་ཞེ་ན། བསྐྱེད་པའི་རིམ་པ་ཡོངས་སུ་མ་རྫོགས་པའི་ལྷའི་རྣལ་འབྱོར་གྱིས་ནི། རྫ་རྔ་བཅིངས་པ་ལ་སོགས་པ་སྔགས་དེ་ཁོ་ནའི་ལས་འགྲུབ་པ་ནི་ཡོད་ལ། གཞན་ནི་མ་ཡིན་ཞིང༌། དཀྱིལ་འཁོར་གྱི་ལས་མཐའ་དག་ལ་ཡང་མི་དབང་ལ་སེམས་ཀྱི་དྲི་མ་སྦྱངས་པའང་སྟོབས་ཆུང་བས། དེ་ནི་འབྲས་བུ་ཆེ་བ་མ་ཡིན་ལ། གང་བསྐྱེད་རིམ་ཡོངས་སུ་རྫོགས་པའི་སྒོ་ནས་བསྙེན་པ་གྲུབ་པས་ནི། དེ་དག་རྒྱ་ཆེན་པོ་འགྲུབ་པས་ན། དཔལ་ཧེ་རུ་ཀའི་བསྐྱེད་རིམ་ཡོངས་སུ་རྫོགས་པ་དང་


TNT07_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པའི་བསྙེན་པ་ནི་གལ་ཆེ་ལ། དེ་ལྟར་མ་ཡིན་ན་རྒྱུད་འདིར་དབང་བསྐུར་བ། རྣལ་འབྱོར་ཆེན་པོའི་རྒྱུད་གཞན་གྱི་བསྙེན་པ་ལེགས་པར་གྲུབ་པས་ཀྱང་རུང་སྟེ། དེ་ལ་འདིར་ཁྲོ་བོ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རྒྱས་པ་སྔར་བསྟན་པ་ནི། བསྐྱེད་རིམ་ཡོངས་སུ་རྫོགས་པའོ། །འོ་ན། འདིར་ཐིག་ལེའམ་ཕྲ་མོ་སྒོམ་པ་ནི་ཇི་ལྟ་བུ་ཞེ་ན། སྔར་བསྟན་པའི་རྗེས་སུ་དཀྱིལ་འཁོར་གྱི་ལྷ་མ་ལུས་པ་སྤྲོ་བསྡུའི་སྦྱོར་བས། རྨི་ལམ་ལྟ་བུར་བསམ་པའི་ལས་རྒྱལ་པོ་མཆོག་སྒོམ་མོ། །དེ་ནས་ལྟེ་སྙིང་མགྲིན་སྤྱིའི་མདུད་པའི་བུ་གར་ཨ་ཧཱུཾ་ཨོཾ་ཧཾ། གསང་བའི་འཁོར་ལོའི་རླུང་གིས་མེ་བསྐུལ་བས་གཏུམ་མོའི་རང་བཞིན་ཨཾ་འབར་བའི་མེས་ཧཾ་ཞུ། དེས་ཡི་གེ་གསུམ་གང༌། ཨཾ་དང་དབྱེར་མེད་ལྷན་སྐྱེས་ཀྱི་ཐིག་ལེར་གྱུར་པ་ལས། འོད་ཟེར་གྱི་རེ་ཁ་ཕྲ་མོ་མེ་ལྕེ་གཅིག་ཏུ་འབར་བ་ལྟ་བུ་དེའི་མཐུས་བདུད་རྩི་འཛག་པའི་ཐིག་ལེས་རེ་ཁ་བསིལ་བར་གྱུར་པ། སེམས་བརྟན་པའི་མཚན་མ་ཐོབ་ཀྱི་བར་དུ་སྒོམ་མོ། །མཚན་མ་རྣམས་ཀྱི་ཉེ་བར་དམིགས་པས་བརྟན་པར་ཤེས་ན། རེ་ཁའི་འོད་ཀྱིས་ཐམས་ཅད་གསལ་བར་བྱས་པ་སྒོམ་སྟེ། ཐིག་ལེའི་རྣལ་འབྱོར་རོ། །ཡང་ན་སྙིང་གའི་སྔགས་ཀྱི། འོད་ཀྱིས་འགྲོ་བ་ཐམས་ཅད་སངས་རྒྱས་སུ་བྱས་ནས། ནང་དུ་འདུས་པ་ཐིག་ལེའི་རྣམ་པའི་ཧཱུཾ་དུ་གྱུར་པ་ལས་ཡིད་བཞག་གོ །དབུགས་འབྱིན་པ་ན་སྤྲོ། རྔུབ་པ་ན་བསྡུད་པ་ཡང་ཡང་སྒོམ་མོ། །འདིས་བྱིང་རྒོད་ཀྱང་


TNT07_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་ལོ། །བསྡུ་བའི་མཐར་ཐིག་ལེ་གཅིག་པུ་དང༌། སྤྲོ་བསྡུ་ཇི་ཙམ་དུ་བྱས་པ་དེ་ཙམ་གྱི་དཀྱིལ་འཁོར་ཡང་བསམ་མོ། །དེ་ལས་གཞན་ཡང་ཏིང་ངེ་འཛིན་སེམས་དཔའི་འོད་དྷུ་ཏཱི་ནས་སོང་བས་སྤྱི་བོའི་ཧཾ་ཞུ་བའི་འབར་འཛག་ལ་གཙོ་བོར་སྙིང་གར་ཡིད་འཇོག་པ་དེ། ཐིག་ལེའི་རྣལ་འབྱོར་རོ། །ཕྲ་མོའི་རྣལ་འབྱོར་ནི་སེམས་བརྟན་པར་བྱེད་པའི་ཐབས་དམ་པའོ་ཞེས་པས་ཨཾ་ལ་སོགས་པ་ཡི་གེ་ཐམས་ཅད་ཞུ་བའི་ཐིག་ལེ་ཡུངས་འབྲུ་ཙམ་པར་དཀྱིལ་འཁོར་རྫོགས་པ་རྡོ་རྗེ་ནོར་བུའམ། དེ་ལས་འཕྲོས་པའི་པདྨའི་སྣ་རྩེར་བསམ་ལ་བརྟན་ན་དཀྱིལ་འཁོར་སྤྲོའོ། །ཡང་སྙིང་གའི་སྔགས་ཀྱི་འོད་ཀྱིས་བཀུག་པའི་དེ་བཞིན་གཤེགས་པ་ཞལ་དུ་ཞུགས་ཞུ་བའི་ཐིག་ལེ་པདྨའི་སྣ་རྩེར་བསྒོམ་པ་ཡང་སྟེ་ཕྲ་མོའི་རྣལ་འབྱོར་རོ། །དེ་ནས་ནི། རྫ་རྔ་བཅིང་པའི་ངེས་དོན་གྱི་རྡོ་རྗེའི་བཟླས་པ་དང་མཐུན་པ་བསྐྱེད་རིམ་རྡོ་རྗེའི་བཟླས་པའོ། །རྣམ་པ་འདི་གསུམ་ནི་ཡན་ལག་གཞན་གྱི་མཐུ་ལས་རྫོགས་པའི་རིམ་པར་ཡང་འགྱུར་ཏེ། གང་དུ་ཕྲ་ཐིག་དང་རྡོ་རྗེའི་བཟླས་པ་མི་གསལ་བའི་རྒྱུད་ཐམས་ཅད་དུ་ཡང་འདི་སྦྱར་རོ། །ཞེས་པ་ནི་མཁས་པ་རྣམས་ཀྱི་ལུགས་ཏེ། རྡོ་རྗེ་སློབ་དཔོན་ཡེ་ཤེས་ཞབས་ལ་སོགས་པའི་མན་ངག་གོ །དེ་ལ་འདིར། བཟླས་པའི་དམིགས་པ་ཐམས་ཅད་ཀྱང་བླང་དུ་རུང་མོད། འོན་ཀྱང་གཙོ་བོ་ནི་མདོ་ལིའི་བཟླས་པ་ཡིན་ཏེ། དེ་སྐད་དུ། འཁོར་ལོའི་སྦྱོར་བདག་ཉིད་ཀྱིས་ཟླ། །དངོས་གྲུབ་ཀུན་གྱི་འབྲས་བསྐྱེད་པའོ། །ཞེས་པའི་


TNT07_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་སྦྱོར་བ་ནི་མདོ་ལིའི་བཟླས་པར་སྔོན་གྱི་བླ་མ་མཁས་པ་རྣམས་འཆད་པ་ལྟར་དོན་ལའང་གནས་པའོ། །གསུམ་པ་བྲིས་པའི་ཕྱིར་ཟློག་གི་སྦྱོར་བ་ནི། འདི་ལྟར་ཡིན་ཏེ། འཁོར་ལོ་རྩིབས་བརྒྱད་པ་ལ་གནས་པའི་པདྨ་འདབ་མ་བརྒྱད་པའི་ལྟེ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེ་སྟེ། འཁོར་ལོ་ནི་པད་འདབ་ཀྱི་ཕྱི་རོལ་དུ་རྩེ་མོ་འབུར་ཙམ་ཐོན་པའི་རེ་ཁ་བྲིའོ། །རྡོ་རྗེའི་ལྟེ་བར་ཧཱུཾ་གི་ནང་དུ་བཾ། བཾ་གྱི་ནང་དུ་ཨོཾ་ཨཱཿཧཱུཾ། ཆེ་གེ་མོ། རཀྴཾ་ཀུ་རུ་ཨོཾ་ཨཱཿཧཱུཾ། ཤར་རྭ་དབུས་མ་ལ། རྀ་ཌཱཾ་དེ་རྀཾ། བྱང་རཱྀཾ་ལཾ་དེ་རཱྀཾ། ནུབ་ཏུ་ལྀཾཁཾ་དེ་ལྀཾ། ལྷོར་ལཱྀཾ་རཾ་དེ་ལྀཾ། འདབ་མ་བརྒྱད་ལ་ཤར་ནས་ལྷོར་ཧཱུཾ་ཁཾ་པྲཾ་དེ་ཧཱུཾ་ཧཱུཾ་མཾ་ཙཾ་དེ་ཧཱུཾ་ཧཱུཾ་ཀཾ་པྲཾ་དེ་ཧཱུཾ་ཧཱུཾ་བིཾ་མཾ་དེ་ཧཱུཾ། མེ་ནས་དབང་ལྡན་དུ། ཧཱུཾ་སུཾ་བིཾ། དེ་ཧཱུཾ་ཧཱུཾ་ཨཾ་ཁཾ་དེ་ཧཱུཾ་ཧཱུཾ་བཾ་ལཾ་དེ་ཧཱུཾ་ཧཱུཾ་བཾ་དྲུཾ་དེ་ཧཱུཾ། དེའི་ཕྱི་རོལ་ཁོར་ཡུག་གཉིས་ཀྱི་བར་དུ། སྔར་གྱི་རིམ་པས། ཀཾ་ཁཾ་གཾ་གྷཾ་དང༌། ངཾ་ཙཾ་ཚཾ་ཛཾ་ངོ༌། དེའི་ཕྱི་རོལ་སྣ་ཚོགས་རྡོ་རྗེ་རྭ་དབུས་མ་རྣམས་ལ་ཤར་ནས་གཡས་བསྐོར་གྱིས། ཧཱུཾ་བཞི་པའི་རྐང་པ་རེ་རེ་བཀོད་པ་ཧཱུཾ་དང་ཕཊ་ཀྱི་བར་དུ་མིང་བཅུགདེའི་ཕྱི་རོལ་ཁོར་ཡུག་གཉིས་ཀྱི་བར་དུ་ཤར་ནས་གཡོན་སྐོར་གྱིས་ཨཱ་ལི་བཅུ་གཉིས་ཀླད་ཀོར་ཅན་བྱ། དེའི་ཕྱི་རོལ་པད་འདབ་བཅུ་དྲུག་ལ་ཤར་ནས་གཡོན་སྐོར་གྱི་དབྱངས་བཅུ་དྲུག་ཟླ་ཕྱེད་ཐིག་ལེ་ཅན། ཕྱི་རོལ་ཁོར་ཡུག་གཉིས་ཀྱི་བར་དུ་གཡོན་བསྐོར་གྱིས་ཧེ་རུ་ཀའི་ཡིག་བརྒྱ་བྲི། དེའི་ཕྱིར་


TNT07_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་རྩིབས་བཅུ་དྲུག་ལ་ཤར་ནས་གཡོན་བསྐོར་གྱིས། ཨཾ་ཨཻཾ། བཾ་མཾ། མཾ་པཱཾ། བཾ་སུཾ། སུཾ་ཤྱཱཾ། བཾ་སུཾ། མཾ་ཧཾ། བིཾ་ཁཾ། མཾ་ཙཾ། རཾ་ཁཾ། ཧཾ་ཤོཾ་ཨཾ་ཙཾ། ཧེཾ་སུཾ། པཾ་མཾ། བེཾ་ཙཾ། བཾ་མཾ། ས་བོན་གཉིས་ཚན་གཉིས་ཚན་པ་ཨོཾ་དང་ཧྲིཿསྤེལ་བ་སྟེ། ཨོཾ་ཧྲཱིཿཨཾ་ཨཻཾ་དེཾ་ཧྲཱིཿཨོཾ་ལ་སོགས་པའོ། །དེའི་ཕྱི་རོལ་ཁོར་ཡུག་གཉིས་ཀྱི་དབུས་སུ་གཡོན་སྐོར་ཕྱི། ཛྷིཾ་ཉཾ་ཊཾ། ཋཾ་ཊཾ་དྷཾ་ཎཾ། ཏཾ་ཐཾ་དཾ་དྷཾ་ནཾ་པཾ་ཕཾ་བཾ་བྷཾ། དེའི་ཕྱི་རུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྩིག་པ་རྐྱང་པ་བྱ། སྒོ་མཚམས་སུ་ཧཱུཾ་ཕཊ་ཡཾ་ཀཾ་ཡཾ་དེ་ཧཱུཾ་ཕཊ། དེ་བཞིན་དུ་ཧཱུཾ་ཕཊ་སྤེལ་བའི་རཾ་ཨུཾ་རཾ། ལཾ་ཤྭཾ་ལཾ། ཝཾ་སུཾ་ཝཾ། ཤཾ་ཡཾ་ཤཾ ཥཾ་ཡཾ་ཥཾ། སཾ་ཡཾ་སཾ། ཧཾ་ཡཾ་ཧཾ་རྣམས་བཀོད། དེ་རྣམས་མིང་ལ་སྐོར་བར་བྱ། སྒོའི་སྟེང་དུ་རྡོ་རྗེ་རྩེ་ལྔ་ཕྱེད་ཟུར་གྱི་སྟེང་དུ་ཟླ་ཉི་ཕྱེད་པའི་སྟེང་དུ་རྡོ་རྗེ་ཕྱེད་པ། རྡོ་རྗེ་བརྒྱད་པོའི་རྭ་དབུས་མ་ལ་སྔར་གྱི་རིམ་པས་རྐང་པ་བརྒྱད་པ་བྲི། དེའི་ཕྱིའི་ཁོར་ཡུག་གཉིས་ཀྱི་བར་དུ། ཤར་ནས་གཡོན་བསྐོར་གྱི་ཕྱིར་བཟློག་གི་སྔགས་རིངས་བྲི། དེའི་ཕྱི་རོལ་ཀྵས་སྐོར། དེའི་ཕྱིར་ཋས་སྐོར། དེའི་ཕྱི་རོལ་ཨཱ་ལིས་སྐོར། དེའི་ཕྱི་རོལ་ཀཱ་ལིས་སྐོར། འདི་ལ་ཁ་ཅིག་ཕྱིར་ཟློག་ཡི་གེ་རེ་རེ་ཀྵའི་ནང་དུ་བཅུག་པ་དེ་ཡང་ཋའི་ནང་དུ་ཆུད་པར་བྱ་ཞེས་གསུང་ངོ༌། །དེའི་ཕྱི་རོལ་བདེ་མཆོག་གི་རྩ་སྔགས་ཀྱིས་སྐོར། དེའི་ཕྱི་རོལ་རིགས་ལྔའི་ཕྱག་མཚན་གང་རུང་གིས་སྐོར་ནས་འོད་ཟེར་


TNT07_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་བྲི། འདི་ལ་སམྦྷུ་ཊི་ལྟར་ན་གོང་གི་ཧཱུཾ་བཞི་པ་ལ་རྐང་པ་བཞི་པ་ལ་ཨཽཾ་མེད་ལ། ཧཱུཾ་ཧཱུཾ་སྭཱཧཱ་ཞེས་པ་ཡོད་དོ། །དེ་ཡང་རིགས་ངན་ནམ་བྲམ་ཟེ་མོའམ། རྒྱལ་པོའི་བུ་མོའི་མེ་ཏོགགླང་པོའི་ཁྲམ་པའི་ཆང༌། སྙོམས་འཇུག་ལས་སྐྱེས་པའི་ཁུ་བ། གི་ཝཾ། ཞུན་ཆེན་གྱི་སྣག་ཚ་རྣམས་རྡོ་རྗེ་དང་པདྨའི་ཆུས་བསྡུར་ཏེ། གླང་པོ་ཆེའི་ཆང་མ་རྙེད་ན་སིང་པོའོ། །མི་ལྤགས་སམ་གྲོ་གའམ་རས་ལ་བྲི་སྟེ། བདེ་མཆོག་ཞི་ཁྲོ་གང་རུང་གི་བདག་མདུན་ལྷའི་རྣལ་འབྱོར། གཏོར་མ་འབུལ་བ་རྣམས་བྱས་ལ། འབྱུང་པོའི་གཏོར་མ་བཏང༌། ཁ་ཤར་དུ་བལྟས་ལ་བྲི་གཞི་ལ་གི་ཝཾ་གུར་གུམ་ཙནྡན་ལ་སོགས་པས་བྱུག་གོ །གལ་ཏེ་བསད་ཟློག་ལྟ་བུ་དྲག་ཤུལ་ལ་ནི། དུག་དང་ཁྲག་དང་ཀེ་ཚེ་དང༌། ནིམ་པ་དང༌། ལན་ཚ་དང༌། དགྲ་བོའི་རྗེས་ཀྱི་རྡུལ་དང༌། དེའི་རྡོ་རྗེའི་ཆུ་བསྲིས་པས་བྱུག་གོ །ལས་གཞན་རྣམས་ལ་སྤྱི་དང་མཐུན་པའི་ཆོ་ག་སྦྱོར་རོ། །དེ་ནས་ལས་དང་མཐུན་པའི་སྨྱུག་གུའམ། པིར་གྱིས་ལེགས་པར་བྲིས་ནས། ཁ་ནུབ་ཏུ་བསྟན་ནས་རབ་གནས་བྱའོ། །རབ་གནས་ནི་བགེག་བསྐྲད། ཁྲུས་བྱ། ཁྲོ་བོ་བཅུ་གཅིག་བསྐྱེད་པའམ། ཇི་ལྟར་བྲིས་པ་བསྐྱེད། ས་བོན་རྣམས་ལྷ་དེ་དག་དང༌། ཕྱིར་ཟློག་གི་འབྲུ་རེ་རེ་ཞིང་འཁོར་ལོས་སྒྱུར་བ། གཞན་རྣམས་ཀྱང་ཧེ་རུ་ཀའི་ངོ་བོར་མོས་པ་ལས། འཁོར་ལོ་ཇི་ལྟ་བུའི་ཡེ་


TNT07_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དགུག་གཞུག དབང་བསྐུར། སྤྱན་དབྱེ་བརྟན་བཞུགས། མཆོད་བསྟོད་བྱས་ལ། ཁྲོ་བོ་བཅུ་གཅིག་བསྐྱེད་ན། སྤྱན་དབྱེ་བྱས་མ་ཐག དེ་ཞུ་བ་འཁོར་ལོ་སྔ་མ་ལྷར་ལྟའོ། །དེ་ལ་གཏོར་མ་ཕུལ་ལ་ཚོགས་མཆོད་བྱ། དེ་ནས་སྒྲུབ་པ་ན་གཞལ་ཡས་ཁང་གི་དབུས་སུ་འཁོར་ལོ་རྩིབས་བཅུ་པའི་ལྟེ་བ་ལ་ཧཱུཾ་མཛད་སྒོམ། དེ་ཡོངས་སུ་གྱུར་པ་ལས་ཁང་བརྩེགས་དང་འཁོར་ལོ་རྣམ་སྣང་གི་ངོ་བོ། བྲིས་པའི་ཡི་གེ་སྔར་བཞིན་བསྐྱེད། ཡེ་ཤེས་པ་བཅུག མིང་ཡིག་རྣམས་དེ་ཡོངས་སུ་གྱུར་པའི་སྒྲུབ་བྱར་ལྟས་ལ། ཡིད་ཀྱིས་འཁོར་ལོ་སྒྲུབ་བྱར་བཅས་པ། ཁ་ནས་བཅུག་སྟེ་ཞུ་བའི་ཁུ་བ་རྣམས་རྡོ་རྗེའི་ལམ་ནས་བྱུང༌། ལྷ་མོའི་པད་མར་སྔར་བཞིན་བསྐྱེད་པ་ལ། ནང་དབང་བསྐུར། དེ་ནས་སྒྲུབ་བྱ་ལ་ནི། ཁྲོ་བོ་རྣམས་དང༌། ཁྱད་པར་བགེགས་མཐར་བྱེད་ཀྱི་ཚོགས་སྤྲོས་པ་རྣམས་ཀྱིས་བསྲུང་བའི་ཕྱིར། ཕྱི་ནས་སྐོར་བར་བསམ། བདུད་རྩི་ལྔ་དང་བྱང་སེམས་ཀྱི་ལུས་གང་བདེ་བས་ཁྱབ། སྔགས་ཀྱི་འོད་ལས་བྱུང་བའི། ལྷ་དཀར་པོ་བུམ་པ་བདུད་རྩིའི་དཀར་པོས་གང་བ་ཐོགས་པ་རྣམས་ཀྱིས་དབང་བསྐུར་ཞིང༌། མཉམ་པར་སྦྱར་བས་ཞུ་བའི་ཁུ་བས་ཀྱང་དབང་བསྐུར་བཞིན་པར་བསམ་སྟེ་དཔའ་བོའི་རྩ་སྔགས་དང༌། ཨོཾ་ཧྲཱིཿཧ་ཧ་ཆེ་གེ་མོ་ལ་ཤིནྟཾ་རཀྵཾ་ཀུ་རུ་ཀུ་རུ་ཧཱུཾ་སརྦ་པཱ་པཾ་ཕཊ། ཞེས་པ་དང༌། ཨུཥྟི་ཥ་བརྒྱ་རྩ་


TNT07_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་ཞིང༌། དེ་ནས་སྔགས་འདོན་བཞིན་པས་གྲུ་བཞིར་ལྟབ་དེར། སྐུད་པ་དཀར་པོས་འཁོར་ལོས་མི་མངོན་པར་དུམ་དཀྲི། དེ་ཉིད་མགྲིན་པའམ་དཔུང་པར་གདགས་པས་ཀྱང༌། རྡོ་རྗེ་ལྷ་མོས་བྱིན་གྱིས་རློབས་ཅིང་བགེགས་མེད་པར་བྱེད་པ་དང༌། གཡུལ་དུ་ཡང་རྒྱལ་བར་འགྱུར་ཞེས་གསུངས་ལ། འོན་ཀྱང་གདོན་དྲག་པོ་དང་བྱད་མ་བཟློག་པ་ལ་སྒྲུབ་པ་བྱེད་པ་གལ་ཆེ་སྟེ། ཁམ་ཕོར་དཀར་པོའམ། དགེ་བའི་ཐོད་པར་ཕྱི་ནང་གི་བདུད་རྩི་ལྔ། མར་དང་སྦྲང་རྩི་འོ་མ་རྣམས་ཤས་ཆེ་བས་བགང༌། དེར་འཁྲུལ་འཁོར་གཞུག བཀྲ་ཤིས་ཀྱི་སྐུད་པའི་སྣ་རིང་པོར་བཞག་ལ། དེ་སྲིན་ལག་གིས་བཟུང་དགོས་པས། སྣོད་ཁ་སྦྱོར་གྱི་བར་ནས་བཏོན་དགོས་ཞེས་བླ་མ་རྣམས་གསུངས། བདག་བསྐྱེད་ཁྲོ་བོ་བཅུ་གཅིག་མདུན་བསྐྱེད་ཁྲོ་བོ་བཅུ་བསྒོམ་པ་ནས་བཟླས་པའི་བར་སྔར་ལྟར་བྱས་ལ་འཁྲུལ་འཁོར་ཡང་བདག་བསྐྱེད་ཀྱི་འཁོར་ལོའི་ལྟེ་བར་སྒོམ་པར་འདོད། དེ་ནས་གཟུངས་ཐག་ནས་བཟུངས་ལ་སྔར་གྱི་དམིགས་པས་བཟླས་པ་བྱ། རྩེ་གཅིག་ཏུ་དེ་ལྟར་ཐུན་བཞིའམ། དྲུག་ལ་སོགས་པས་ཇི་སྲིད་མཚན་མ་བརྟན་པོ་མ་བྱུང་བར་དུ་བྱ་བ་ཡིན་ལ། ཐུན་འཇོག་འཁོར་ལོ་མཆོད་བསྟོད་གཏོར་མ་ཕུལ། གསོལ་བ་གདབ་པ་སོགས་བྱའོ། །ངེས་པའི་རྟགས་མཐོང་ན། འཁོར་ལོ་ཕྱུང་ལ་མཆོད་བསྟོད། དངོས་གྲུབ་བླང༌། ཡི་གེ་བརྒྱ་པ་མང་དུ་བཟླས།


TNT07_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ་ཏེ་དྲི་བཟང་གི་ཆུས་བཀྲུ་བར་བྱ་ལ། ཡང་ན་གཤེགས་སུ་མ་གསོལ་བར། འོ་སྦྲང་དང་མར་དང་བདུད་རྩི་ལྔ་བསྲེས་པའི་ཆུས་བཀྲུས་ནས་གང་ལ་གཏོར་བ་ནད་དང་ལྡན་པའང་ནད་མེད་བྱེད། ཅེས་འབྱུང༌། དེ་ལྟར་ན། ལས་ཚོགས་ཀྱི་མཆོག་ཞི་བའི་དབང་དུ་བྱས་པའི་ཕྱིར་ཟློག་འདི་ཉེ་བར་མཁོ་བས་བྲིས་སོ། །ལས་གཞན་དག་ལ་ཡང་སྤེལ་ཚིག་གི་ཁྱད་པར་དང༌། ལས་བཞིའི་བྱེད་པ་སོ་སོ་སྤྱིའི་རིམ་པས་རྡོ་རྗེ་མཁའ་འགྲོ་སོགས་ལས་འབྱུང་བ་ལྟར་བྱ། ཁྱད་པར་དྲག་པོ་ལ་ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱིས་ཁ་སྦྱོར་འབྱེད་པའི་སྦྱོར་བ་དང༌། ལས་སྔགས་ཨོཾ་ཕཊ་ཆེ་གེ་བྷཀྵ་ཡ་ཕཊ་ཀྵ་ཧཱུཾ་ཕཊ། ཞེས་པ་དང་ཧཱུཾ་ཕཊ། རཾ་རཾ་རཾ་ཆེ་གེ་མཚམས་མེད་པ་ལྔ་བྱེད་པ་རཾ་རཾ་རཾ་ཧཱུཾ་ཕཊ། ཞེས་པའི་བཟླས་པ་བཞི་ཁྲི་སོགས་སྔོན་དུ་སོང་བ་དགོས་སོ། །འོན་ཀྱང༌། དེ་ལྟར་གསུངས་པའི་ཆོ་ག་ཡིས། །ཡང་དག་གསུང་པས་གང་གསུངས་པའི། །གསོད་པ་དེ་ཡང་རྨོངས་རྣམས་ཀྱི། །ཕྱིན་ཅི་ལོག་ཏུ་བརྟགས་བྱས་ཤིང༌། །ཕྱིན་ཅི་ལོག་ཏུ་བཟུང་བ་འདི། །སྲེད་དང་ཞེ་སྡང་མུན་སྒྲིབས་པས། །སྐྱེ་བོ་རྣམས་ནི་བསད་བྱས་ན། ཁ་ནི་ཐུར་བསྟན་མནར་མེད་འགྲོ། །ཞེས་དེའི་སྦྱོར་བ་མངོན་ཤེས་མེད་པས་མི་སྒྲུབ་པར་གསུངས་སོ། །བཞི་པ་ལ། ཐུན་མོང་མ་ཡིན་པ་འཁྲུལ་འཁོར་གྱི་ལས་ཚོགས་དང་ཐུན་མོང་བ་


TNT07_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གྱི་ལས། དང་པོ་ལ་འཁྲུལ་འཁོར་བཞི། དེ་རེ་རེ་ལ་ཡང་ལས་གསུམ་གསུམ་སྟེ། ལས་ཆེན་བཅུ་གཉིས་སྒྲུབ་ཚུལ་འཁོར་ལོ་སོ་སོའི་མིང་བོད་ཁ་ཅིག་གིས། རྡོ་རྗེ་རོལ་པ་རྟའི་འགྲོས། །ཡི་དྭགས་སྲིན་པོ་གདོང་གི་འགྲོས། །གཤིན་རྗེ་རོ་ལངས་གཟུགས་དང༌། མ་མོ་རིགས་ལྡན་གྱི་འགྲོས་ཞེས་གསུངས་པ་དང༌། ཡང་གཞན་དག་རིགས་ལྡན་དང་རྟ་འགྲོས་གཉིས་ལས་གཤིན་རྗེ། ཡི་དྭགས་རོ་ལངས་སྲིན་པོ་གདོང་རྣམས་གཞན་དུ་མི་བཞེད་ཅིང༌། རིགས་ལྡན་རྟ་འགྲོས་གཉིས་ལ་གཉིས་གཉིས་སུ་མཛད། རིགས་ལྡན་གྱི་འགྲོས་ཆེ་བས་རྨོངས་རིངས་ཡན་ལག་ཉམས་པ་གསུམ་དེར། དུར་ཁྲོད་ཀྱི་རས་ལ་ཁྲག་དང་དུག་དང་སྐེ་ཚེས་བྲིས་ལ། དེ་ཡང་དཔའ་བོའི་ཐོད་རློན་ནམ་བྲམ་ཟེའི་ཐོད་པ་སྐམ་པོར། སྣག་ཚ་དང༌། དེ་རྣམས་བསྲེས་ལ་བྱ་རོག་གི་སྒྲོ་རྩའམ། རྐང་གིས་བྲི། དབུས་ཀྱི་ལེ་ཚེ་སྟོང་པ་ལ་སྒྲུབ་བྱའི་མིང་སྤེལ་ཚིག་དང་བཅས་པ་འདྲི་སྟེ། དེ་ཡང་རྡོ་རྗེ་འཛིན་པས་བདེ་མཆོག་གི་རྣལ་འབྱོར་རྫོགས་པར་བསྒོམ་ལ། ཧཱུཾ་མཛད་ཀྱི་ང་རྒྱལ་གྱིས་འབྱུང་པོ་ཐམས་ཅད་པའི་གཏོར་མ་སྔོན་དུ་འགྲོ་བས་བྲིའོ། །ཚེས་བཅུའམ་བཅུ་བཞི་ལ་ཤ་ཆེན་དང་ཁྱི་དང་ཕག་དང་ཁྱིམ་བྱའི་ཤའི་གཏོར་མ་དང་སྦྱིན་བསྲེག་བྱ། གོས་སྔོན་པོ་གྱོན། ཁ་ལྷོར་ལྟས་ཏེ། ཐོད་པ་ཁ་སྦྱར་དུག་ཁྲག་སྐེ་ཚེའི་མར་ཁུ། ནིམ་པ་རྣམས་ཀྱིས་བཀང་བར་བཅུག འཁྲུལ་


TNT07_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་དབུས་སུ་སྒྲུབ་བྱ་བསམ་ལ་སྤེལ་ཚིག་དང་བཅས་པ་སྔགས་ཟློས་ཤིང༌། ལག་པས་རྡོ་རྗེ་བཟུངས་ནས་བརྡེགས་པས་འཇིགས་པར་བྱེད་པར་བསམ། རིགས་ལྡན་འགྲོས་ཤེས་བྱ་བ་ནི། ཀླུ་རིགས་ལྡན་གྱི་འགྲོས་ཏེ་ཀླུ་རྣམས་གྱ་གྱུར་འགྲོ་བ་ལྟ་བུ་ཞེས་བྷ་བ་བྷ་དྲས་བཤད་ཅིང་དེ་ཡང༌། སྦྲུལ་འཁྱིལ་བ་ལྟ་བུ་སྟེ། ཆེ་བ་འདི་ནི་ལྷོ་ནུབ་ཀྱི་ཟུར་ཕྱི་མ་ནས་གཡས་སུ་སྐོར་བ་ཐ་མ་དབུས་ཀྱི་ལྷོའི་རེ་མིག་ཏུ་འབྱུང༌། ཆུང་བ་ལ་ཟུར་བཞིའི་རེ་མིག་དགུ་དགུ་ལ་སྔགས་ཚར་རེ་རེ་རང་རང་ཕྱོགས་ཀྱི་ཟུར་རྩེ་ནས་གཡས་སྐོར་ཐ་མ་རང་རང་གི་དཀྱིལ་དུ་འབྱུང་བ་འདི་ནི་བླ་མ་བོད་པ་རྣམས་བཞེད་དོ། །འཇིགས་མེད་འབྱུང་གནས་ཀྱི་ཞལ་སྔ་ནས་ནི་རིགས་ལྡན་ཆེ་བ་མདུན་ནས་མགོ་རྩོམ་པར་བཞེད་དེ་ཐ་མ་དབུས་ཀྱི་བྱང་དུ་འོང་བ་ཡིན་ནོ། །འཁྲུལ་འཁོར་བཞི་པོས་བཅུ་གཉིས་སུ་འགྲོ་བའང༌། རྫས་དང་སྤེལ་ཚིག་སྲོག་གཟུགས་སོགས་ཀྱིས་ཕྱེ་བ་ཡིན་ལ། དེ་ལ་བཞི་ཀའང༌། གཞལ་ཡས་ཁང་རྩིག་རྐྱང་སྒོ་བཞི་པའི་ནང་དུ་བྲི་ཞིང༌། སྣ་ཚོགས་རྡོ་རྗེ་མི་བྱེད་པའང་ཡོད་མོད། སྔགས་བཏུ་བའི་གཞི་ལ་དེ་ལྟར་ཡིན་མོད་ཀྱང༌། འདི་ལ་གཞལ་ཡས་ཁང་ཡོད་མེད་གདམ་ང་ཡིན་ཞིང༌། སྣ་ཚོགས་རྡོ་རྗེ་ངེས་པར་དགོས་པས་ལྟེ་བ་གྲུ་བཞི་པ་ལ་རེ་མིག་ཞེ་དགུ་བྱ། སྣ་ཚོགས་རྡོ་རྗེ་སྣ་ཚོགས་པདྨ་ལ་གནས་པ། ཕྱི་རོལ་ཁོར་ཡུག་གསུམ་


TNT07_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྐོར་ཕཊ་ཡི་སྔོན་དུ་མིང་སྤེལ་འདྲི་བར་འཕགས་ཡུལ་གྱི་སློབ་དཔོན་མན་ངག་རིགས་པ་དག་བཞེད་དེ། དེ་ལྟར་ན་སྤྲོས་པས་ཆོག་གོ །ལས་གསུམ་པོ་དེ་རྣམས་ཀྱི་འཁོར་ལོ་གང་དུ་སྦ་བ་ནི་དུར་ཁྲོད་དམ་རོ་བསྲེགས་པའི་སར་རོ། །རིགས་ལྔར་ཆུང་བ་ནི་དབང་དགུག་རྨུགས་པའི་ལས་བྱེད་དེ། དབང་དགུག་གྲོ་ག་ལ་གུར་གུལ་དང༌། གི་ཝཾ་དང༌། སྡོང་རོས་ཀྱིས་བྲི། རྨུགས་པ་དུར་ཁྲོད་ཀྱི་རས་ལ་དུག་དང་སྐེ་ཚེའི་ཁུ་བས་སོ། །འདི་ལ་ཧཱུཾ་གཉིས་ཀྱི་བར་དུ་གཟིར་བའི་ལེ་ཚེ་སྟོང་པ་ལ་སྒྲུབ་བྱའི་མིང་དང་སྤེལ་ཚིག་གོ །དབང་དགུག་ལ་བྲམ་ཟེའི་ཐོད་པར་གཞུག སྦ་མི་དགོས་རྨུགས་པ་ལ་གཡུལ་དུ་བསད་པའི་ཐོད་པ་དུར་ཁྲོད་དུ་སྦ། རྟ་འགྲོས་ཆེ་བ་ནི། ཟུར་གྱི་རེ་མིག་དགུ་དགུ་ལ་མགོ་རང་རང་གི་བདེན་བྲལ་ནས་བརྩམས་མཇུག་རླུང་དུ་འོང་བ་ནི། དབུས་ཀྱི་རེ་མིག་སོགས་ལ་འགྱོག་པོར་འཕྱོང་བ་དེར། སྲིན་དབང་མེ་དང་ཆུ་གནོད་སྦྱིན། གཤིན་རྗེ་དང་ནི་རླུང་དུའོ། །རེ་མིག་སྟོང་པ་བཅུ་བདུན་དུ་མིང་སྤེལ་བྱ། འདི་ལ་སྔ་མ་རྣམས་ཕཊ་མི་དགོད་ལ། ཧཱུཾ་གཉིས་ཏེ་རེ་མིག་གཅིག་ཏུ་བྲི། ཕཊ་ཀྱང་འགོད་ཅེས་ལུགས་གཞན་ནོ། །འདིས་བསད་སྐྲད་དབྱེ་གསུམ་རོ་རས་ལ་དུག་ཁྲག་སྐེ་ཚེ་རྣམས་ཀྱིས་བྲི། བྲིས་གཞི་སྲོག་གཟུགས་ནི་བསད་པ་ལ་ཡི་དྭགས་གཤིན་རྗེ་དང་རོ་ལངས་གང་རུང་སྣོད་ཐོད་པ་མཚན་ངན། སྐྲད་པ་རྔ་མོའམ་


TNT07_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧེ། དབྱེ་བ་ལ་རྟ་དང་མ་ཧེ། སྣོད་ཀྱང་དེ་དག་གི་ཐོད་པ་དང༌། དེ་ནས་དུར་ཁྲོད་དམ་དགྲའི་སྒོར་གནོན། རྟ་འགྲོས་ཆུང་བ་ནི། རེ་མིག་དགུ་དགུ་རང་རང་གི་ཟུར་ནས་མགོ་རྩོམ། རེ་མིག་རེ་རེ་བོར་བའི་སྤེལ་མ། འདི་ལ་མིང་སྤེལ་གྱི་གནས་སུམ་ཅུ་སོ་གསུམ་མོ། །འདིའི་ལས་ནི། ཕུར་གདབ། མ་ནིང༌། གཟུགས་བརྗེ་བ་གསུམ་སྟེ། རོ་རས་ལ་ཁྲག་སོགས་ཀྱིས་བྲི། ལམ་གྱི་བཞི་མདོར་སྦའོ། །ཐོག་མར་སྔགས་བཏུས་ཏེ། དེ་ནས་བྲིས་གཞི་ལ་སྤོ། དེ་ནས་ལྷར་བསྐྱེད་པ་སོགས་ཀྱི་རབ་གནས་བྱ། དེ་ནས་དཀྲིས་ཏེ་སྣོད་དུ་སྒྲུབ་པ་དང་སྦ་བ་སོགས་བྱ་སྟེ། ཐུན་མོང་བ་རྣམས་གཤིན་རྗེ་གཤེད་ལྟར་བྱའོ། །གཞལ་ཡས་ཁང་བྱེད་པ་སོགས་འདི་རྣམས་རྡོ་རྗེ་མཁའ་འགྲོ་ལྟར་ཡིན་ཞིང༌། སཾ་བྷུ་ཊི་དང་གཞན་དུ་རྫ་རྔའི་དབྱིབས་ཀྱི་འཁོར་ལོ་བྱ་བར་གསུངས། དེ་ཡང་ཁ་སྦྱོར་གྱི་ལུགས་ལ་ནི། འདིར་བསྟན་འཁོར་ལོ་དང་པོ་གཅིག་པུ་ལ། སོ་སོ་རྫས་དང་སྤེལ་ཚིག་སོགས་ཀྱིས་དབྱེ་བ་སྟེ། སྙེ་མ་ཉེར་བདུན་པར། འདིར་ནི་འཁོར་ལོ་འདི་ལྟར་དགོད་པ་ཁོ་ནས། གནོན་པ་དང་བཅིང་པ་ཞེས་སོགས་བཤད་དོ། །རྒྱུད་དུ་འཁོར་ལོ་གཅིག་ལས་མ་བཤད་པས་འདི་ལེགས་པ་ཡིན་ཏེ། དེ་ཡང་འཁོར་ལོའི་གཙོ་བོ་ཡང་རྣམ་དག་ལ་སོགས་པའི་ངེས་པ་ལས་ན། རིགས་ལྡན་གྱི་འགྲོས་ཆེ་བར་གྲགས་པ་གཙོ་བོར་སྣང་ལ། འཁོར་


TNT07_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གཅིག་ཉིད་ཀྱིས་ལས་ཀུན་སྒྲུབ་པ་ནི། དེ་ཉིད་ལས། འཁོར་ལོ་རྫ་རྔའི་དབྱིབས་སུ་གྱུར་པ། རྡོ་རྗེ་དང་པདྨས་མཚན་པ། སྐུ་རྡོ་རྗེ་ལ་སོགས་པ་བསྡུས་ནས་ཕྱི་རོལ་དུ་རི་མོ་གསུམ་གྱིས་བསྐོར་ཏེ་ལས་ཀྱི་རྡོ་རྗེ་རབ་ཏུ་སྒོམས་པས་དགྲ་ཐམས་ཅད་ངེས་པར་གནོན་ཞིང༌། ལས་ཐམས་ཅད་བྱེད་དོ་ཞེས་གསུངས་སོ། །འདིར་ནི་ས་བཅད་ཙམ་སྨོས་ཀྱི་རྒྱས་པར་རྡོ་རྗེ་མཁའ་འགྲོའི་རབ་བྱེད་དགུ་པ་ལས་ཤེས་སོ། །རྒྱུད་དེར་སྔགས་བཏུ་བ་ན། རྀ་རཱྀ་ལྀ་ལཱྀ་བོར་པའི་དབྱངས་བཅུ་གཉིས་ལ། འཕེལ་བ། གཏི་མུག །བཟང་པོ། ཁྱུ་མཆོག རུས་སྦལ། ཆུ་སྲིན། ཡུགས་ས་མོ། རྨེ་བ། འབུགས་པ། འཕྱོ་བ། རྨི་ལམ། ས་ཡི་དབང་ཕྱུག་ཞེས་མིང་ནི་བརྡ་སྦྱར་བར་གོ་བར་བྱའོ། །གཉིས་པ་བསམ་གཏན་གྱི་ལས་ནི་རྡོ་རྗེ་མཁའ་འགྲོ་དང༌། མཁའ་འགྲོ་རྒྱ་མཚོར། ཨཱ་ལི་ཀཱ་ལིའི་དོན་གྱི་ལས་ཚོགས་ཇི་སྙེད་པ་དེ་དག་སྟེ། རྩ་རྒྱུད་དུ་སྔགས་བཏུ་བའི་གཞི་ཨཱ་ལི་ཀཱ་ལིའི་དཀྱིལ་འཁོར་བཤད་པའི་དོན་འཆད་པ་སྟེ། ཕལ་ཆེར་སྔགས་ཀྱི་བྱེད་ལས་བཤད་པ་ཡིན་ཞིང༌། དཀྱིལ་འཁོར་མི་འདྲ་ཡང་ཡི་གེ་འདྲ་བའི་ཕྱིར་སྔགས་བཏུ་རྣམས་ཀྱི་ཐུན་མོང་ཡིན་པར་རིག་གོ ། འདི་དག་བཤད་རྒྱུད་དེ་གཉིས་འགྲེལ་པ་དང་བཅས་པར་བལྟའོ། །འདིར་ཧ་ཅང་མང་བར་འགྱུར་བས་བཞག་གོ །ལྔ་པ་ལ་རྫ་རྔའི་བཅིངས་པའི་ངེས་དོན། བསྲུང་བཟློག་གི་སྦྱོར་བའི་ངེས་དོན། སྐབས་


TNT07_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་འབྲེལ་བའི་རྫོགས་རིམ་སིལ་བུ་སྣ་ཚོགས་པའོ། །དང་པོ་གཉིས་ནི་སྐབས་ཀྱི་དོན་དུ་སྣང་བས་འདིར་འཆད་ལ། ཕྱི་མ་ནི་ཨཱ་ལི་ཀཱ་ལིའི་ལས་ཚོགས་ཀྱི་བར་བར་ན་ཡི་གེའི་ནང་གི་བཤད་པ་རྫོགས་རིམ་མང་དུ་ཡོད་པ་དེ་དག་ཡིན་པས་བཤད་རྒྱུད་དེ་དག་ཏུ་རྟོགས་པར་བྱའོ། །དང་པོ་ལ། སྔགས་ཀྱི་ངེས་དོན་དང༌། ལས་ཀྱི་ངེས་དོན་ཏེ། སྔགས་བཏུས་ཟིན་པའི་ནང་བཤད་གཉིས་དང༌། རྫ་རྔའི་དཀྱིལ་འཁོར་གྱི་ངེས་དོན་ནམ། སྔགས་བཏུ་བར་བྱ་བ་དང༌། འཐུ་བཞིན་པའི་ནང་བཤད་དེ་གསུམ་ལས། དང་པོ་ནི་ཧཱུཾ་བཞི་པའི་ཧཱུཾ་གི་མཚོན་དོན་མི་འགྱུར་བའི་བདེ་བ་ཡིན་ཏེ། བདེ་སྟོང་ནམ་མཁའི་མཐས་ཀླས་པའི་བརྟན་གཡོ་ཀུན་ལ་མཉམ་པ་ཉིད་ཀྱིས་ཁྱབ་པ་ནི། གནས་ཏེ་འདོད་སྲེད་མེད་པའི་ཤེས་རབ་ཀྱི་ཆ་ནཱ་དས་མཚོན་ལ། ཆ་གཟུགས་ཀུན་ཞེས་པ་ལ་ཆ་ཐིག་ལེ་སྟེ། ཐིག་ལེ་དང་བཅས་པའི་ཧཱུཾ་ཡིག་གིས་ནི་ཐིག་ལེ་འཕོ་མེད་ཀྱི་ངོ་བོ་རང་རིག་བདེ་བ་དང༌། ཕྱི་ནང་གི་ཧཱུཾ་དེ་གཉིས་ལྷ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཀུན་ཏུ་འབྱུང་བའམ། གྱུར་པའི་ས་བོན་ཏེ་གྲུབ་པའི་སློབ་དཔོན་ཀརྨ་ལིའི་ཞལ་སྔ་ནས། ཀུན་ཏུ་གྱུར་པའི་ས་བོན་ནི། །ཡི་གེ་ཧཱུཾ་གི་ཆ་གཟུགས་ཅན། །མི་འགྱུར་བ་ནི་བདེ་བ་སྟེ། །ནམ་མཁའ་དང་མཉམ་གནས་མེད་པའོ། །ཞེས་གསུངས་སོ། །གཉིས་པ་ནི་གོ་ཆ་བཅིངས་པ་སྟེ། དེ་ཡང་ཕྱོགས་བཅིང་པ་ལ་སོགས་


TNT07_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྲུང་བའོ། །འདི་ལ་ཤེས་རབ་དང་ཐབས་ཀྱི་ཆ་གཉིས་ལས། དང་པོ་ནི། ཐམས་ཅད་སྟོང་པ་འོད་གསལ་བ་ཡང་ཡིན་ལ། བརྟེན་ཏེ་རྡུལ་ཕྲ་རབ་མེད་པའི་ལྷ་སྐུའི་དཀྱིལ་འཁོར་ཡང་ཡིན་པ། དེས་གཉིས་སྣང་དང་གཉིས་འཛིན་ཐམས་ཅད་ཉེ་བར་ཞི་བའི་ཚུལ་གྱིས་བསྲུང་བའོ། །དེ་ཡང་དེ་ཉིད་ཀྱིས། དེ་ནས་གོ་ཆ་བཅིང་བྱས་ནས། །ཐམས་ཅད་སྟོང་པ་རྟེན་མེད་པ། །ཞེས་སོ། །གཉིས་པ་ཐབས་ཀྱི་ཆ་ནི་རྒྱུད་གཞན་གདན་བཞི་ལ་སོགས་པ་དང༌། མངོན་སྤྱོད་བཞི་པ་ལས། བྱམས་པའི་གོ་ཆ་བགོས་པ་སྟེ། །སྙིང་རྗེ་ཡི་ནི་གོ་ཆ་བགོས། །ཤེས་རབ་མཚོན་ཆ་བསྒོམ་ལྡན་པས། །ཉོན་མོངས་བདུད་ལས་ངེས་རྒྱལ་འགྱུར། །འདིར་ཤེས་རབ་ནི་སྟོང་ཉིད་རྟོགས་པ་ཡིན་ལ། མཚོན་ཆ་ནི་རྡོ་རྗེའི་ར་བའོ། །གསུམ་པ་ནི། རྩ་རྒྱུད་སུམ་ཅུ་པ་ལས། དེ་ནས་གཞན་ཡང་བཤད་བྱ་བ། །ཤིན་ཏུ་རྙེད་དཀའ་དགོད་པ་སྟེ། །གང་གིས་ཤེས་པ་ཙམ་གྱིས་ནི། །མྱུར་དུ་དངོས་གྲུབ་སྒྲུབ་བྱེད་པ། །ས་ཡི་ཆ་མཉམ་ཡིད་འོང་བར། །ཙནྡན་གྱིས་ནི་ཉེ་བར་བཀུ། །དྲི་བཟང་དྲི་ལྡན་ས་ལ་ནི། །མེ་ཏོག་སིལ་མ་བཅལ་བཀྲམ་ཞིང༌། །སྤོས་ཀྱི་དྲི་ཡིས་ཉམས་དགའ་བར། །བདག་གི་བྱ་བ་བྱས་ནས་ནི། །ཕྱོགས་བཅིང་པ་ཡང་བྱས་ནས་སུ། །དེ་ནས་རྫ་རྔ་བཅིང་བྱས་ཏེ། །རི་མོ་དགུ་ཡིས་ལེགས་པར་བསྐོར། །ཡི་གེ་ཕྱི་མོ་མཉམ་བྲིས་ལ། །ཤིན་ཏུ་མཉམ་གཞག་


TNT07_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

དགོད་པར་བྱ། །དེར་གནས་པ་ལས་དཔའ་བོ་ནི། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །རིམ་བཞིན་འབྱུང་དང་རིམ་མིན་པས། །དབྱངས་དང་ཡི་གེ་སྒྲུབ་པ་པོས། །གྲངས་དེ་དག་གི་ནང་ཆུད་པ། །དགེ་བ་ཐུབ་པར་བྱས་ནས་ནི། །ཞེས་གསུངས་པ་འདི་ངེས་དོན་ཏེ། འདི་ལ་གཉིས། ས་གཞི་ཡི་ངེས་དོན་དང༌། རེ་མིག་གི་ངེས་དོན་ནོ། །དང་པོ་ནི། དངོས་གྲུབ་སྒྲུབ་བྱེད་ཞེས་པ་ལ། ལས་དང་དངོས་གྲུབ་སྔར་བསྟན་པ་ལྟར། འཁྲུལ་འཁོར་དང་བསམ་གཏན་གྱིས་སྒྲུབ་ཅེས་གསུངས། འདིར་ནི་མན་ངག་གི་རིམ་པ་ཕྱིར་ཟློག་བརྒྱད་ཀྱིས་མཆོག་གི་དངོས་གྲུབ་བསྒྲུབ་ཅེས་བྱའོ། །ས་ཡི་ཆུ་མཉམ་པ་དཀྱིལ་འཁོར་གྲུ་བཞི་འབར་འབུར་མེད་པའི་ངེས་དོན། ཆོས་ཐམས་ཅད་བདེན་གཉིས་ཡུལ་སེམས་རང་གཞན་དོན་གཉིས། སྤང་བླང། ཕན་གནོད། འཁོར་འདས་རྣམས་རང་བཞིན་མཉམ་ཉིད་ཡིན་པ་མ་རྟོགས་པར་བྱིས་པས་སྡུག་བསྔལ་བ་ཐོབ་ལ། རྣལ་འབྱོར་པས་མན་ངག་ལས་འབྱུང་བ་ལྟར་མཉམ་པ་ཉིད་བསྒོམ་པས། རང་བཞིན་དེ་མངོན་དུ་འགྱུར་བས། དེའི་ཚེ་ཟུང་འཇུག་ཅེས་བྱའོ། །ཙནྡན་ནི་ཚུལ་ཁྲིམས་ཏེ། དེ་ཡང་སེམས་གཉིས་སྣང་འཛག་བཅས་ཀྱི་ཚེ་རང་བཞིན་སྟོང་པར་རྟོགས་པའི་འཛག་མེད་ཀྱི་ཚུལ་ཁྲིམས་ཏེ། བསིལ་བར་བྱེད་པས་ཙནྡན་དང་མཚུངས་པ་ཡིན་ལ། དེ་ཡང༌། ཚུལ་ཁྲིམས་ཙནྡན་གྱིས་ལུས་བྱུགས། །བསམ་


TNT07_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱིས་ནི་གོས་དག་གྱོན། །བྱང་ཆུབ་ཡན་ལག་མེ་ཏོག་བཀྲམ། །ཞེས་འབྱུང་ངོ༌། །དྲི་ཞིམ་པོའི་དྲིས་བྱུགས་པའི་ས་ནི་ཞུ་བདེའི་བྱང་ཆུབ་ཀྱི་སེམས་འཕོ་མེད་དུ་བཅིངས་པའི་བདེ་བ་སྟོང་པར་སྦྱོར་བས་རླན་པའི་སེམས་ཏེ་རྒྱུད་གཞན་ལས། བདེ་བ་ཆེན་པོའི་ནམ་མཁར་གནས། བྱང་ཆུབ་སེམས་ནི་སད་པ་དང༌། དེ་ཉིད་ཀྱིས་ཀྱང་བྱུག་པ་ནི། ཞེས་ཏེ། ནམ་མཁའ་ནི་རང་བཞིན་གྱིས་སྟོང་པ་དང༌། སད་པ་ནི་གྱེན་དུ་བཅིངས་པའི་མིང་ངོ༌། །མེ་ཏོག་བདུན་ནི། པདྨ། ཨུཏྤལ། ཛཱ་ཏི། ཀརྞི་ཀ མ་ལི་ཀ ཡུ་ཐི་ཀ ཀཱ་ར་བཱི་ར་ཏེ། དེ་ཡང་བྱང་ཆུབ་ཡན་ལག་བདུན་མཚོན་པ་ཡིན་ཏེ། འཕགས་ལམ་ཡན་ལག་འབྲས་བུ་དང་མཚུངས་པ། དེ་དངོས་སུ་འབྱིན་པས་ན་མེ་ཏོག་ལྟ་བུ་ཞེས་པ་ཐུན་མོང་ངོ༌། །ཐུན་མོང་མ་ཡིན་པ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱིས་མཐོང་བའི་ལམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། བྱང་ཆུབ་ཡན་ལག་བདུན་ཏེ། མེ་ཏོག་བསིལ་མའོ། །གཞན་ཡང༌། ཡང་དག་དགའ་བའི་མེ་ཏོག་གིས། །རྡོ་རྗེ་ཉི་མ་པདྨར་ཕྱུང༌། །མེ་ཏོག་བདག་ཉིད་ལ་མཆོད་པ། །རྡོ་རྗེ་གསུམ་གྱི་བདག་ཉིད་མཆོག།ཅེས་གསུངས་ཏེ། ཞུ་བདེའི་ལྷན་སྐྱེས་ཀྱི་དགའ་བ་རྡོ་རྗེ་ནོར་བུར་མངོན་དུ་གྱུར་པ་ནི། གསལ་ཞིང་མཛེས་པས་ཡང་དག་དགའ་བའི་མེ་ཏོག་ཅེས་བྱ་ལ། ཉི་མ་ནི་ཤེས་རབ་མའི་མེ་ཏོག་སྟེ། ཁྲག་གི་དྭངས་མ་པདྨའི་ལྟེ་བར་ཕྱུང་བ། བདག་ཉིད་ཀྱིས་དྷུ་ཏཱིས་


TNT07_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

བཏུང་བར་བྱ་སྟེ། འདི་ལས་གང་ཞིག་ཐོབ་ན། ཁུ་ཁྲག་རླུང་གསུམ་དག་པས་དྭངས་མའི་འཇའ་ལུས་སེམས་དང་དབྱེར་མེད་པ་མངོན་དུ་འགྱུར་ཏེ། དེ་ལྟར་ན་སེམས་དེ་བཞིན་ཉིད་ལ་འཇུག་པ་འདོད་ཆགས་ཆེན་པོས་སྒྲུབ་པ་མཐར་ཕྱིན་པས་རིག་པའི་སྐྱེས་བུ་མངོན་དུ་བྱེད་ཚུལ་དང༌། ཕྱག་རྒྱའི་ལམ་ལ་དང་པོར་སློབ་པས་ཀྱང༌། འདིའི་ལམ་དང་མཐུན་པ་ཞིག་དགོས་ཤིང༌། ནུས་མཐུ་དེ་ལྟ་བུ་ཚང་པའི་བུད་མེད་ཀྱི་རང་བྱུང་ནི་འདིར་མེ་ཏོག་གོ །དེ་ལྟར་མེ་ཏོག་གི་ངེས་དོན་གསུམ་ག་ལའང་ཇི་བཞིན་མ་ཡིན་པའི་སྒྲ་སྟེ། རིམ་པས་སྤྱི་དོན་དང༌། མཐར་ཐུག་དང༌། སྦས་དོན་རྣམས་གཙོ་ཆེའོ། །སྤོས་ཀྱི་དྲི་ནི། དེ་སྐད་དུ། རྣམ་རྟོག་ཚོགས་ཀྱི་ཡུལ་མིན་ཞིང༌། ལྟེ་བར་གཏུམ་མོའི་མེ་ཡིས་ནི། །ངེས་པར་བསྲེགས་པ་དེ་ཡིས་སྤོས། །ཞེས་གསུངས་པས། རྣམ་རྟོག་གི་རྩོལ་བ་ལ་མ་ལྟོས་པའི་གཏུམ་མོ་ཡེ་ཤེས་ཀྱི་མེས་ཕུང་པོ་སོགས་བསྲེགས་པའི་བདེ་བ་སྟེ། འདི་ཡང་མཐོང་བའི་ལམ་ཡན་ཆད་དུ་མངོན་དུ་འགྱུར་ལ་དྲོད་ཐོབ་པ་ན་ཡང་རྗེས་མཐུན་པ་ནི་མངོན་དུ་བྱེད་ནུས་སོ། །གཞན་ཡང་སྤྱི་དོན་གྱི་ངེས་དོན་འདི་དག་སྟེ། མངོན་བརྗོད་བཞི་པར། མཉམ་པའི་སེམས་ནི་དྲི་ཡིན་ཏེ། །གྲུ་བཞི་པ་ནི་བྱུག་པ་ཡིན། །ལུས་དང་ཏེའུ་དང་ཙནྡན་ནི། །མཉམ་པར་གནས་པ་ཉིད་ཡིན་ནོ། །མེ་


TNT07_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་བཟོད་པ་རྣལ་འབྱོར་པ། །འབད་པས་གཏོར་བ་ཡིན་པར་བཤད། །རང་བཞིན་དག་པ་མར་མེ་སྟེ། །མཉམ་ཉིད་བསྒོམ་པ་གདུག་པ་ཉིད། །ཅེས་གསུངས་ཏེ། མཉམ་པའི་སེམས་ཀྱི་དྲི། དངོས་པོ་ཐམས་ཅད་ལ་བྱུག་པ་ཞེས་སྦྱར་ཏེ། བྱམས་པ་དང་སྡང་བ་རང་བཞིན་མེད་པས་མཉམ་པར་བསྒོམ་པ་དང༌། བཟོད་པ་ཡང་བདེ་སྡུག་དང་ཡངས་དོག་སོགས་རང་བཞིན་མེད་པས་བཟོད་པ་སྟེ། གང་རང་བཞིན་མེད་པར་ཤེས་པས་སྣང་བ་ཐམས་ཅད་མཉམ་པར་བཟོད་དོ། །ཆོས་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་པ་སྣང་བ་དང་སྟོང་པ་རེས་འཇོག་མ་ཡིན་པར་རྟོགས་པ་ནི་མར་མེ་དང༌། དེའི་ཕྱིར་འཁོར་བ་རང་བཞིན་མཉམ་པར་བསྒོམ་པ་བདུག་སྤོས་ཞེས་བརྡར་བརྟགས་པ་སྟེ། འདི་དག་ནི་མན་ངག་དམ་པ་རིགས་པས་རྩ་བཤད་སྦྱར་བའོ། །བདག་གི་བྱ་བ་ཧཱུཾ་ཡིག་དང་ཕྱོགས་བཅིང་བ་གོ་ཆ་སྟེ། གོང་དུ་བཤད་པ་དེའོ། །གཞན་ཡང་འདི་ཡོད་དེ། མར་མེ་དང༌། བཤོས་ཀྱི་ངེས་དོན་ཐབས་ཀྱི་རྒྱུད་ལས་འདི་ལྟར་འབྱུང་བ་ཡང་འདིའི་དོན་ཡིན་ཏེ། ཡི་གེ་ཧཱུཾ་ལས་ཡང་དག་བྱུང༌། །སྔགས་ཀྱི་འོད་ཟེར་ཤིན་ཏུ་གསལ། །མར་མེ་འབར་བའི་ཡང་དག་འོད། །སྔགས་ཀྱི་འོད་ཟེར་ནི་རླུང་བཅུ་པོ་རྣམས་ཏེ། འོད་ཟེར་གྱི་རྣམ་པར་སྣང་བ་དང༌། སྔགས་ཀྱི་དེ་ཉིད་དུ། རང་བཞིན་གྱིས་གནས་པའི་ཕྱིར། དེ་ནི་འགྱུར་མེད་ཧཱུཾ་སྟེ་སྙིང་གའི་ཐིག་ལེ་དང༌། མི་ཤིགས་


TNT07_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ལས་འབྱུང་ལ། ཁམས་ཀྱི་སྒྲོད་པ་དེར་ཟད་པ་ན། ཡང་དག་པའི་འོད་གསལ་འཆར་བ་ནི་བདག་གི་བྱ་བ་སྟེ། སྙིང་གའི་ཐིག་ལེའམ། རྣམ་པར་ཤེས་པ་ནི་བདག་ཅེས་བྱའོ། །འདིར་ནི་གང་དང་གང་ལོངས་སྤྱོད། །དབང་པོ་ཐམས་ཅད་ཡང་དག་བརྟེན། །དེ་དག་ཐམས་ཅད་ཐུགས་རྡོ་རྗེ། །བཟའ་བའི་མཆོད་པས་མཆོད་པར་བྱ། །ཡུལ་དང་དབང་པོ་ཐམས་ཅད་རང་བཞིན་མེད་པ། རྣམ་པ་ཐམས་ཅད་པའི་སྟོང་པའི་དཀྱིལ་འཁོར་ཡུལ་དུས་ཆད་པ་མེད་པར་ལོངས་སྤྱོད་པའི་དབང་པོ་ཐམས་ཅད་པ་སྟེ། དབང་པོ་ཐམས་ཅད་རང་གར་གནས་ཀྱང་གཡོ་བ་མེད་པའི་མན་ངག་གི་ཡེ་ཤེས་དམ་པ་ཞེས་བྱའོ། །འགའ་ཞིག་ལྟར་ལས་དང་པོ་པ་ཁོ་ནས་ཚོགས་དྲུག་ལྷུག་པར་འཇོག་པ་ལྟར་ནི་མ་ཡིན་ཏེ་ཁྱད་པར་ཆེན་པོ་ཤེས་དགོས་སོ། །འདི་གཉིས་ནི་རྩ་རྒྱུད་ཀྱིས་གཞུང་འདིའི་དོན་འཆད་པ་སྟེ། སྐབས་འདིར་མར་མེ་སོགས་ཀྱི་ནི་མ་ཡིན་ནོ། །གཉིས་པ་ལ་གཉིས་ལས། མིང་གི་དོན་མུ་ར་ཛེ་ཡི་གེ་གསུམ་གྱི་སྐུ་གསུམ་མཚོན་ཞིང༌། ཆོས་ལོངས་སྤྲུལ་གསུམ་རིམ་པས་ཐུགས་གསུང་སྐུ་ཡིན་ལ། དེ་ལྟར་མུ་ར་ཛེའི་སྔགས་ནི་ཐུགས་གསུང་སྐུའི་སྔགས་ཏེ་འབྲུ་གསུམ་མོ། །དེ་ཡང་གཉུག་མའི་སྔགས་ཏེ་ལྡང་འཇུག་གནས་གསུམ་དེ་གསུམ་གྱི་གདངས་སུ་རང་བཅས་སུ་ཡོད་པ་དེ་ལ་གནད་དུ་བསྣུན་ན། སྐུ་གསུམ་མངོན་དུ་བྱེད་པའི་ནུས་པ་ཅན་ཡིན་ལ། འདི་དངོས་ནི་ངག་གི་ཆོས་ཡིན་ཀྱང༌།


TNT07_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་སེམས་གསུམ་དབྱེར་མེད་པའི་ངེས་པས། ངག་ཉིད་ལའང་སྒོ་གསུམ་གྱིས་རབ་ཏུ་ཕྱེ་བ་དང༌། རྡོ་རྗེ་གསུམ་གྱི་རང་བཞིན་ཉེ་བར་ལེན་པས་གནས་པ་ཡིན་ཏེ། དེ་ཡང་ལྭ་བའི་ཞབས་ཀྱིས། རྫ་རྔ་ཞེས་བྱ་བ་ལ་ཡི་གེ་གསུམ་ནི་སྐུ་གསུང་ཐུགས་ཀྱི་དབྱེ་བས་སྐུ་གསུམ་མོ་ཞེས་སོ། །གཉིས་པ་རེ་མིག་གི་ངེས་དོན་ནི། དེ་ལ་རི་མོ་བརྒྱད་དང་དབུས་ཀྱི་རི་མོ་སྟེ་དགུའོ། །དབུས་ཀྱི་རི་མོ་ནི་རི་མོ་བརྒྱད་ཀྱི་གཞི་ཡིན་པ་བཞིན། སྣང་བ་ཐམས་ཅད་ཀྱི་རྩ་བ་ཡང་རླུང་གི་དྭངས་མ་མི་ཤིགས་པ་ཉིད་ཡིན་ལ། དེ་ཡང་དབུས་ཀྱི་རི་མོས་མཚོན་ནོ། །དེ་ཡང་རྫ་རྔའི་རྣམ་པ་དབུས་སུ་བཀོད་པས་རླུང་སྔགས་དབྱེར་མེད་པར་སྟོན་པ་ཡིན་ཏེ། ལྭ་བ་པས། རླུང་གི་ཤིན་ཏུ་སྐོར་བ་ཡི། །རི་མོ་བརྒྱད་པ་ཡང་དག་བརྟེན། རི་མོ་དགུ་པ་དབུས་སུའོ། །ཞེས་སོ། །ཡི་གེ་ཕྱི་མོ་མཉམ་པའི་དོན། །སློབ་དཔོན་དེ་ཉིད་ཀྱིས། །སྟོང་པའི་རྣམ་པ་དྲི་མེད་དགོད། །ཨཱ་ལི་ཀཱ་ལི་མཉམ་རྒྱས་བྱ། །དབྱངས་གསལ་ཞེ་བརྒྱད་སྟེ་བཅུ་དྲུག་ཚན་གསུམ་ནི་མཉམ་པའི་དོན་ཡིན་ལ། འོག་ཏུ་དགའ་བ་བཞིའི་རང་བཞིན་ཞེས་འབྱུང་བ་དང༌། སྟོང་པའི་རྣམ་པ་ཞེས་པ་ནི་སྟོང་པ་བཅུ་དྲུག་གི་གཟུགས་སམ་མཚོན་བྱེད་དྲི་མ་མེད་པ་ནི། རང་བཞིན་ངོ་བོ་ཉིད་ཀྱིས་དག་པའི་རང་བཞིན་རྣམ་དག་གི་དོན་ནོ། །དེས་ན་སྟོང་ཉིད་བཅུ་དྲུག་དང༌། དགའ་བ་བཅུ་དྲུག་སྦྱར་བའི་བདེ་སྟོང་གི་ཡེ་ཤེས་


TNT07_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྣམས་རེ་རེ་ལ་སྙིང་རྗེ་གསུམ་གསུམ་དུ་དབྱེ་བས་བཅུ་དྲུག་ཚན་གསུམ་སྟེ་དམིགས་པ་མེད་པ་བཅུ་དྲུག་དབྱངས་དང༌། ལྷག་མ་གསལ་བྱེད་དེ། བདེ་ཆེན་ཐུགས་རྗེའི་བདག་ཉིད་ཅན་ཞེས་པའི་ངེས་པའོ། །དེ་ནས་དབུས་ཀྱི་ཡི་གེ་འཆད་པ་ན། རྔའི་དོན་སླར་ཡང་བཤད་དེ། དགའ་བ་བཞི་ཡི་རང་བཞིན་ཅན། །ཆོས་ཀྱི་རྔ་ཆེན་མི་ཤིགས་པ། །སངས་རྒྱས་ཀྱི་ཆོས་ཀྱི་རྔ་དང༌། ལུས་ཀྱི་དབུས་སྙིང་གའི་མི་ཤིགས་པའི་རྔའོ། །དགའ་བཞིའི་རང་བཞིན་ཅན་ནི་དགའ་བ་བཞི་འབྱུང་བ་ཅན་ནོ། །རེ་མིག་སྟོང་པའི་རྣམ་པ་ཅན་ལ། ཡི་གེ་རེ་རེ་མཉམ་པར་བཀང་བ་ནི། གསུང་རབ་ཡན་ལག་བཅུ་གཉིས་པའི། ཆོས་ཀྱི་ཡི་གེ་ཡོངས་རྫོགས་པ། ཆོས་ཀྱི་རྔ་དབྱངས་གསལ་གྱི་བདག་ཉིད་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་རྫོགས་པར་སྟོན་པ་མཚོན་ལ། ངག་གི་བྱ་བ་ཐམས་ཅད་ཀྱི་རྩ་བ་ནི་མི་ཤིགས་པའི་རླུང་ཡིན་ཞིང༌། དེ་ནི་ཡི་གེ་ཞེ་བརྒྱད་པོའི་རྟེན་ཀྵས་མཚོན་ནོ། །གོང་དུ་རྔའི་མིང་དང༌། འདིར་དོན་བཤད་དོ། །གྲངས་དེ་དག་གི་ནང་ཆུད་དང༌། །ཞེས་པའི་དོན། གྲངས་དེ་དག་གི་ནང་སོན་པར། །ཆོས་བདག་མེད་ལ་ཡང་དག་བརྟེན། །དབྱངས་གསལ་ལས་སྔགས་མཐུ་བ་ནི། །གསུང་རབ་ཡན་ལག་བཅུ་གཉིས་ཀྱི། །དབྱངས་གསལ་གྱི་སྙིང་པོ་བདག་མེད་པའི་ཡེ་ཤེས་མཐུ་བའོ། །ཞལ་བཞི་པར་ནི་རྣམ་གྲགས་པ། བདུད་བཞི་


TNT07_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་འཇོམས་པ་པོ། དེ་ལྟར་བཏུས་ཟིན་པའི་སྔགས་ཀྱིས་བདུད་བཞི་འཇོམས་པའི་དོན་དགའ་བཞིའི་བདེ་སྟོང་གི་ཡེ་ཤེས་ཀྱིས་བདུད་བཞི་འཇོམས་པའོ། །རླུང་ལ་ཞོན་ནས་སྤྲོ་བྱེད་ཅིང༌། ཁམས་གསུམ་པོ་ནི་ཡང་དག་བསྡུད། རླུང་གི་དེ་ཉིད་ཡང་དག་རིག།སུམྦྷའི་སྔགས་ཟླ་བའི་ཚེ་སྤྲོ་བསྡུ་བྱེད་པ་ནི། ཁམས་གསུམ་པའི་རྩ་བ་རླུང་གི་དེ་ཉིད་རིག་ནས། རླུང་ལ་རྡོར་བཟླས་བྱེད་པ་སྟེ། ཡི་གེ་དང་རླུང་དབྱེར་མེད་པ་སྔར་བསྟན་པ་ལྟར་རོ། །དེ་དག་ནི། འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ཞེས་པའི་དོན་ཏེ། རིམ་བཞིན་འབྱུང་དང་རིམ་མིན་པའི། །ཨཱ་ལི་ཀཱ་ལི་ལས་བྱུང་བ། །བརྗོད་དང་རྗོད་བྱའི་ཡི་གེ་སྟེ། །སྒྲ་སྙན་ལྟ་བུའི་རྣམ་པར་རྟོགས། །འདི་ལ་གཉིས། བརྗོད་བྱ་ལ་སྦྱར་ན་ཨཱ་ལི་ཀཱ་ལི་རིམ་དང་རིམ་མིན་གྱིས་མཐུ་བའི་དོན་དགའ་བཞི་ལུགས་འབྱུང་ལུགས་ལྡོག་གོ །ཨཱ་ལི་ཀཱ་ལིས་ནི་ཁམས་དཀར་དམར་གཉིས་མཚོན་ལ། དེས་ན་བདེ་བ་ནི་དཀར་དམར་འདུས་པ་ལས་བྱུང་བའོ། །རྗོད་བྱེད་ལ་སྦྱར་བ་ནི། འདིར་བཀོད་པ་ནི་ཡི་གེ་མིན་གྱི་ཡི་གེའི་བརྡའི་གཟུགས་ཡིན་པ་ལྟར་དེས་ནི་ངག་ཐམས་ཅད་བྲག་ཆ་ལྟ་བུའོ། །ཞེས་བསྟན་ཞིང་ནང་གི་སྦྱོར་བས་རླུང་ཐམས་ཅད་མི་ཤིགས་པ་དང༌། སྟོང་པ་ལ་ཐིམ་པས་སྒྲ་ནམ་མཁའ་དང་མཉམ་པ་གང་ཡིན་པ་སྟེ། དེ་ལྟར་ན། མི་ཤིགས་པའི་རྡོར་ཟླས་ཀྱིས་དྲངས་པའི་དགའ་བ་བཞིའི་ལྷན་སྐྱེས་ཀྱི་བདེ་ཆེན་དང༌།


TNT07_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་ཀྱི་དོན་སྦྱར་ཞིང་བསྒོམ་པ་འདི་ནི་རྫ་རྔའི་རེ་མིག་ལ་དབྱངས་གསལ་བཀོད་ནས་སྔགས་ཐུ་བའི་ངེས་དོན་ནོ། །གཉིས་པ་བསྲུང་ཟློག་གི་སྦྱོར་བའི་ངེས་དོན་ལ། བསྲུང་བ་དང་ཕྱིར་ཟློག་གཉིས་ཀྱི་དང་པོ་ལ། རྩ་རྒྱུད་ལེའུ་གཉིས་པ་ལས། རྭ་བ་རྣམས་ནི་ཕྱོགས་སུ་དགོད། །འོག་ཏུ་ཡང་ནི་མཚོན་ཆ་དགོད། །འཁོར་ལོའི་བདག་ཉིད་མཚོན་ཆ་མཉམ། །སྟེང་དུ་མདའི་དྲྭ་བ་བྱ། །དེ་ལྟར་བདག་ཉིད་མཁའ་སྤྱོད་དུ། །གུར་བྱས་འདི་ནི་གོ་ཆར་འགྱུར། །ཞེས་པ་ལ་རྒྱུད་གཞན་ནས་གསལ་བར་གསུངས་པའི་ངེས་པ་ནི་སྦྱིན་པའི་རྭ་བ་བྱིན་པར་བྱ། སྟེང་དུ་ཚུལ་ཁྲིམས་དྲྭ་བའོ། །བཟོད་པའི་ཕུར་བུ་འོག་ཏུ་གདབ་ཅེས་པས། གཟུང་འཛིན་ལས་གྲོལ་བའི་གཉིས་མེད་ཡེ་ཤེས་དང་ལྡན་པ། ཆོས་ཀྱི་དང༌། ངོ་བོ་ཐམས་ཅད་རྩ་བཞིན་གཏོར་བ། ཟང་ཟིང་དང༌། འགྲོ་བ་ལ་གནོད་པ་མེད་པ་མི་འཇིགས་པའི་སྦྱིན་པའི་རྭ་བ་དང༌། གཞན་ལ་གནོན་པ་འགོག་པའི་ཚུལ་ཁྲིམས་གསུམ་ནི། གུར་དང་མདའ་དྲ། བཟོད་པ་གསུམ་ནི་ཕུར་བུའི་ས་གཞི་སྟེ་སྣ་ཚོགས་རྡོ་རྗེའི་ས་གཞིའོ། །འདི་ནི་སྤྱི་དོན་ཡང་ཡིན་ལ་ངེས་དོན་ཡང་ཡིན་ནོ། །གཉིས་པ་ནི། རྩ་རྒྱུད་ལས། བདེ་བའི་དཀྱིལ་འཁོར་བསྲུང་དོན་དུ། གདུག་པ་ཐམས་ཅད་ཁྱད་པར་གྱི། །འདི་ནི་རྙེད་པ་ཙམ་གྱིས་ཀྱང༌། །རྟག་མི་དགོས་པར་འཚོ་


TNT07_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །འཁོར་ལོའི་སྦྱོར་བདག་ཉིད་ཀྱིས་ཟླ། །དངོས་གྲུབ་ཀུན་གྱི་འབྲས་བསྐྱེད་པའོ། །གདུག་པ་ནི་ཀུན་རྟོག་གོ །རིག་རྒྱལ་འཁོར་ལོ་བསྒྱུར་བ་སྟེ། རྣམ་པར་མི་རྟོག་པས་མཚན་འཛིན་འཁོར་ལོས་གཅོད་པ་ལྟར་གཅོད་པས་རྟག་པ་སྟེ། ཐེ་ཚོམ་མེད་པར་འཆི་བ་དེར་འོད་གསལ་དུ་འགྱུར་ལ། དངོས་གྲུབ་ཀུན་ཀྱང་འདིས་ཐོབ་བོ། །མངོན་བརྗོད་ལས། ཕྱིར་ཟློག་ཆེན་མོ་བསྲུང་བ་དང༌། རྡོ་རྗེ་ཁ་བཞིས་རྣམ་པར་མཚན། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡི། །རིམ་པ་གསུམ་པ་རྡོ་རྗེས་མཚན། །ཐམས་ཅད་མཆོག་གི་བསྲུང་བ་ཆེ། །དངོས་གྲུབ་ཐམས་ཅད་རབ་ཏུ་གསོལ། །བདུད་དང་བདུད་མིན་པ་ཡང་མིན། །རང་གི་སེམས་ནི་བཅིང་བར་བྱ། །རང་གི་སེམས་ནི་བཅིངས་པ་ལ། །བདུད་ཀྱི་འཇུག་པ་ག་ལ་ཡོད། །ཅེས་པ་ལ། ཕྱིར་ཟློག་གི་འཁོར་ལོའི་རྡོ་རྗེ་རྩེ་བཞི་པ་ནི་དབང་ཕྱུག་བརྒྱད་རྡོ་རྗེ་བཞིས་ཕྱེ་བ་དང༌། ཁོར་ཡུག་གསུམ་ནི་སྐུ་གསུམ་དང་རྡོ་རྗེ་གསུམ་མོ། །འདིར་ཐམས་ཅད་མཆོག་གི་བསྲུང་བ་ནི། དངོས་པོ་ཐམས་ཅད་སྟོང་པར་རྟོགས་པའི་ཡེ་ཤེས་ཀྱིས་གཉིས་འཛིན་གྱི་བདུད་ཐམས་ཅད་བཅིང་བ་ལ་ཕྱི་རོལ་བདུད་ཀྱི་འཇུག་པ་མེད་དེ། རང་བཞིན་དེ་ལ་བདུད་དང༌། བདུད་མིན་ཏེ་བར་དུ་གཅོད་པ་དང་མི་གཅོད་པ་ངོ་བོས་གྲུབ་པ་མེད་ཅིང༌། མཉམ་པ་ཉིད་ཀྱིས་ཕྱིར་རོ། །དེ་ལྟར་འདིར་ཕྱིའི་བར་ཆད་སྔགས་དང་རྣལ་འབྱོར་གྱིས་ཕྱིར་ཟློག་པ་དང༌།


TNT07_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་གྱིས་ཕྱིར་ཟློག་པ་དང༌། ནང་གི་བར་ཆད་རླུང་གིས་དང༌། མཉམ་པ་ཉིད་ཀྱིས་དང༌། ཡེ་ཤེས་འཁོར་ལོས་ཟློག་པ་དང༌། གཉིས་ཀའི་ལ་སྙིང་རྗེ་ཆེན་པོའི་ཕྱིར་ཟློག་པ་དང༌། རིག་པའི་སྐད་ཅིག་གིས་ཕྱིར་ཟློག་པ་དང༌། འབྲས་བུ་ལ་བར་ཆོད་སྲིད་ཞི་མཉམ་ཉིད་ཀྱིས་ཟློག་པའོ། །དེ་ལྟར་འདི་ནི་ཞལ་གྱི་གདམས་པ་སྟེ། མན་ངག་དང་ལྡན་པ་དག་འདོམས་པར་མཛད་པ་གང་ཡིན་པ་དེ་བཤད་ཟིན་ཏོ། །འདི་དག་གི་འཐད་པ་རྒྱས་པར་རྒྱུད་འགྲེལ་རྣམས་དང༌། བླ་མའི་ཞབས་ལ་བརྟེན་ཞིང་རྟོགས་པར་བྱ་ལ་འདིར་ནི་རེ་ཤིག་ཆོག་གོ །མཆོག་ཏུ་འཇིགས་བྱེད་ཧེ་རུ་ཀ་དཔལ་རྡོ་རྗེ་ཁྲོ་བོའི་སྤྲིན་སྤྲོ་བ། །དེ་ཡི་རྣལ་འབྱོར་གསལ་བར་བྱས་པའི་ཕུན་ཚོགས་ལས་འདིས་འགྲོ་རྣམས་ཀྱི། །བདུད་ཀྱི་དྲ་བ་བཅད་ནས་རྡོ་རྗེའི་དཀྱིལ་འཁོར་འདིར་ནི་འདུ་བར་ཤོག།སྡོམ་པའི་རྒྱུད་རྒྱལ་ཤིན་ཏུ་རྒྱ་ཆེའི་བསྲུང་བའི་སྦྱོར་བ་རྣམ་མང་པོ། །མཐའ་དག་ཉུང་ངུའི་ཚིག་གིས་གསལ་བར་བྱའོ་གཟུར་གནས་པའི། །མཁས་པའི་སྐྱེ་བོ་རྣལ་འབྱོར་འདིར་གནས་རྣམས་ཀྱིས་རོལ་རྩེད་མཛོད། །བླ་མར་བསྙེན་བཀུར་བྱས་གང་མན་ངག་རྣམས་ཀྱི་རིན་ཆེན་མཚོ། །ཕལ་ཆེར་རྒྱུད་སྡེ་རྒྱ་ཆེན་མ་མཐོང་མཐོང་ན་ཡང༌། །རྒྱ་ཆེ་བསྡུ་བར་མི་ནུས་གཞན་དག་མ་འཁྲུལ་མེད། །འགའ་ཞིག་མན་ངག་བྲལ་ཏེ་ཕལ་ཆེར་འདི་ན་ཉམས། །མ་ནོར་མན་ངག་ལྡན་པས་བཤད་དེ་འདིས་ཀྱང་བློ། །ཟབ་དང་རྒྱ་ཆེ་དཔོག་པ་མིན་ནམ་རྡོ་རྗེ་


TNT07_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་ཡི། །སྒྲུབ་ཐབས་ཡན་ལག་བཏུས་འདིས་རྒྱུད་དོན་དཔག་མེད་གསལ་བར་གྱུར། །བསམ་གཏན་རྫུན་སྨྲ་རྣམས་ལ་འདི་ནི་ཤིན་ཏུ་རྩུབ་པའི་སྒྲ། །གང་ཡང་རྒྱུད་རིག་མཆོག་ཏུ་དགའ་བསྐྱེད་རྣ་བའི་བདུད་རྩི་ཡིན། །སྦྱོར་བ་འདི་ཡི་ཡི་གེ་ནི། །གསལ་པོ་སྔོན་ཆད་མ་མཐོང་ནས། །རྒྱུད་གཞུང་འགྲེལ་བཅས་གཞན་ཡང་ནི། །ཕྱོགས་འདིའི་རྡོ་རྗེ་ཅན་མང་པོ། །ཀུན་གྱི་རིམ་པའང་མཐོང་བ་དང༌། །མན་ངག་ལྡན་ཕྱིར་ཕན་བློས་བཤད། །གྲུབ་པ་རིག་པ་འཛིན་པ་དང༌། །འཕགས་པ་རྣམས་ཀྱིས་འདི་ཉིད་མཁྱེན། །མང་ཐོས་མཁས་སྨྲ་མཁས་པའི་ཚུལ་འཛིན་པ། །རང་ཕྱོགས་རྟག་པར་རྟག་ཏུ་འཛིན་འདོད་པས། །གྱ་གྱུའི་བློ་གྲོས་བློ་ལྡན་འདི་དག་རྣམས། །འདི་ལ་ཅི་འདོད་ཅི་དགའ་སྤྱོད་ཅིང་རུང༌། ཞེས་པ་ནི་བདེ་མཆོག་ཁྲོ་བོ་རྣམ་པར་རོལ་པའི་སྒྲུབ་ཐབས་ཡན་ལག་རྒྱས་པ་དང་བཅས་པ་ཚིག་ཉུང་འདི་ནི། དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་རང་ལོ་ཉེར་གཉིས་པ་སྨིན་དྲུག་གི་ཉ་བ་ལ་གྲུབ་པའི་གནས་བསམ་གཏན་སྡིངས་སུ་སྦྱར་བའོ།། །།དགེ་ལེགས་འཕེལ། ཤུ་བྷ་མཱ་སྟུ་སརྦ་ཛཱ་ག་ཏཾ། །མངྒ་ལཾ། །གཉིས་ཞུས།

དཔལ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་སྒྲུབ་ཐབས་དགའ་བདེ་རྒྱ་མཚོ།


TNT07_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་སྒྲུབ་ཐབས་དགའ་བདེ་རྒྱ་མཚོ་ཞེས་བྱ་བ་བཞུགས།


TNT07_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་སྒྲུབ་ཐབས་དགའ་བདེ་རྒྱ་མཚོ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ཁྱབ་བདག་རིགས་ཀུན་འཁོར་ལོས་བསྒྱུར། །དཔལ་ལྡན་བདེ་ཆེན་ཕྱག་འཚལ་ནས། །དྲྭ་བ་སྡོམ་པ་ལས་འབྱུང་བའི། །རིགས་བསྡུས་དཀྱིལ་འཁོར་སྒྲུབ་ཐབས་བཤད། །དེ་ལྟར་ཡང་རྩ་བའི་རྒྱུད་ལས། །སྦྱོར་བ་བཞི་ཡི་རིམ་པ་ཡིས། །དེ་ཡི་ལམ་ལ་རབ་ཏུ་སྦྱོར། །ཞེས་རྣལ་འབྱོར་བཞི་ལྡན་དུ་བསྒོམ་པར་གསུངས་ལ། བདག་ཉིད་ཆེ་བའི་ལྷར་སྦྱོར་བས། །བདག་ལ་བདག་གིས་རབ་ཏུ་མཆོད། །ཅེས་གཙོ་བོ་བསྐྱེད་པ་རྣལ་འབྱོར་དང༌། རྣལ་འབྱོར་ཐམས་ཅད་བདེ་བ་ཡི། །རྗེས་སུ་སྦྱོར་བས་མཆོད་བྱེད་ཅིང༌། །ཞེས་རིག་མ་སྒྲུབ་ཅིང་རྗེས་ཆགས་བརྩམ་པ་ནི་རྗེས་སུ་རྣལ་འབྱོར་དང༌། རྒྱུད་ལ་མྱང་བར་བྱེད་པས་ནི། །ཤིན་ཏུ་


TNT07_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བས་འགྲུབ་པར་འགྱུར། །ཞེས་མངལ་གནས་ནས། དཀྱིལ་འཁོར་སྤྲོ་བ་ཤིན་ཏུ་རྣལ་འབྱོར་དང༌། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ར་སཱ་ཡ་ཎའི་བདེ་བ་འདི། །རྡོ་རྗེ་སེམས་དཔའི་ཚེ་དཔལ་དང༌། །ནད་མེད་ལང་ཚོ་བདེ་མཆོག་འགྲུབ། །ཅེས་སྐྱེ་མཆེད་བྱིན་རླབས་དབང་བསྐུར་མཆོད་བསྟོད་ལ་སོགས་པ་ནི། རྣལ་འབྱོར་ཆེན་པོའོ། །དེ་ལ་དང་པོར་འདི་ཉིད་ཀྱི་མཆོད་ཆོག གཏོར་འབུལ་ལ་སོགས་པ་སྔོན་དུ་སོང་ན་ཤིན་ཏུ་ལེགས། ཡང་ཕྱོགས་འདིར་བར་སྐབས་སུ་བྱོན་པའི་བླ་མ་རྣམས་ཀྱི་ཕྱག་བཞེས་ལྟར། སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་རླབས་ཙམ་བྱེད་པའང་མི་འགལ་ཞིང་ལེགས་པའི་ཡན་ལག་ཡིན་ལ། སྒྲུབ་ཐབས་ཙམ་ཉམས་སུ་ལེན་པ་ལ་དེ་དག་མ་བསྒྲུབས་ཀྱང་འགལ་བ་མེད་པས། སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱ་རྣམས་བླ་མེད་སྤྱི་དང་འདྲ་བར་བྱས་ནས། ནད་མཆོད། སུམྦྷའམ། ཨོཾ་བཛྲ་


TNT07_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཀཾ་ལས་བྱུང་བའི་ཐོད་པ་ནང་འོད་གསལ་ཆགས་ཐོགས་མེད་པ་ལ་གནས་པའི་དྲི་ཆེན་དྲི་ཆུ་རཀྟ་རྐང་དང་བྱང་སེམས་ཏེ་བདུད་རྩི་ལྔ་དང་བ་གླང་ཁྱི་རྟ་གླང་པོ་ཤ་ཆེན་ཏེ་སྒྲོན་མ་ལྔ། ཧཱུཾ་ཨོཾ་ཧྲིཿཏྲཾ་ཧཾ། ཡེ་ཤེས་ལྔའི་རང་བཞིན་གྱིས་མཚན་པ། དེའི་སྟེང་དུ་ཨ་ལས་བྱུང་བའི་ཟླ་བ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་རྡོ་རྗེ། རླུང་གཡོས་མེ་སྦར་རྫས་དང་ཡི་གེ་རྣམས་ཞུ། ཧཱུཾ་ཨོཾ་ཧྲིཿཧྲིཿཧཱཾ་ཧཾ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲཾ་ཏ་ཧཱུཾ་ཧྲཱིཿཐཱ། ཞེས་བརྗོད། རིགས་དྲུག་གི་ས་བོན་ལས་ཕྱག་མཚན་དང་དེ་ལས་སྐུར་གྱུར་པའི་འཕྲོ་འདུས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་རྡོ་རྗེ་ལ་བཞུགས། རྡོ་རྗེ་དང་ཟླ་བ་སྣོད་དུ་ལྷུང་བ་ལས་ཞུ་སྟེ་འོད་ཟེར་ལྔ་དང་ལྡན་པའི་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དང་དྲི་རོ་ནུས་པའི་མཐུ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ རང་ཉིད་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར་པའི་ལག་པ་གཡས་པར་ཉི་མའི་དཀྱིལ་འཁོར་དྲུག་གི་དབུས་སུ། ཧཱུཾ་ཨོཾ་ཧཾཿཧྲཱིཿཏྲཾ་ཧཾ་རྣམས་ལས། རྡོར་སེམས་རྣམ་སྣང་ཁྲག་འཐུང་དང༌། །གར་དབང་ཉི་མ་རྟ་མཆོག་གོ །ལག་པ་གཡོན་པར་ཟླ་བའི་དཀྱིལ་འཁོར་དྲུག་གི་སྟེང་དུ། ཨ་ཡིག་དཀར་པོ་དྲུག་ལས། ཀུན་ཏུ་བཟང་མོ་སངས་རྒྱས་སྤྱན། །


TNT07_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲོ་དྷཱི་ཤྭ་རཱི་གོས་དཀར་མོ། །མཱ་མ་ཀཱི་དང་སྒྲོལ་མའོ། །ལྕེ་ལ། ན་མསྟཱུ་སརྦ་བུདྡྷེ་བྷྱཿཞེས་པས་མཚན་པ། ཨོཾ་ཨཱཿཧཱུཾ་བདུད་རྩི་མྱང༌། བདག་ཉིད་སེམས་དཔའ་སུམ་བརྩེགས་སུ་གྱུར། དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། མཛོད་སྤུ་ནས་སྤྲོས་པའི་འོད་ཟེར་གྱིས་སྲིད་པ་གསུམ་པོ་སྦྱངས། རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད། རང་གི་ཚངས་བུག་ཏུ་ཞུགས་ཤིང་ཐིམ། སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་ཏེ་ཟླ་བའི་གདན་ལ་བཞུགས། ཛཿཧཱུཾ་བཾ་ཧོ། ཨོཾ་བཛྲ་ས་མཱ་ཛ་ཧཱུཾ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན། མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ། ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ཞེས་སྤྱན་དྲངས། མཧཱ་ས་མ་སྟྭཾ། ལན་གཉིས་ཀྱིས་ཆུ་གཉིས་ཕུལ། ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུཾ། བགེགས་ཐམས་ཅད་བཤིག་ཅིང་བསྲུང་བའི་འཁོར་ལོས་མཚམས་བཅད། ཨོཾ་ཨཱཿཧཱུཾ། མཆོད་པ་དཔག་ཏུ་མེད་པ་སྤྲུལ། ན་མོ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ནཾ་བཛྲ་བནྡྷ་ནཾ་ཀ་རོ་མི། ཨོཾ་ཨ་ཏི་བྷུ་ཧོ། །ཞེས་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་བསྡུས་པ་ནི། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པ། །རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨོཾ། ཨོཾ་བཛྲ་དྷུ་པེ་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲ་ནཻ་བི་དྱ་ཏྲཱཾ། ཨོཾ་བཛྲ་ཨཱ་ཧཾ་ར་ཧཱིཿ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ཨ་ལཾ་ཀ་ར་པ་ན་བཻ་ཧཱུཾ་སྭཱ་ཧཱ།


TNT07_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

བོདྷྱཾ་རཏྣ་མེ་གྷ་སྥ་ར་ཎ་ཧཱུཾ། ཞེས་ཕྱི་མཆོད་དང༌། ཨོཾ་ན་མཿསརྦ་པཉྩ་རཱ་ས་ཡ་ཎ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ནང་མཆོད་དང༌། ཨོཾ་བོ་དྡྷི་ཙིཏྟི་མ་ཧཱ་སུ་ཁ་ཧཱུཾ། ཞེས་གསང་མཆོད་ཕུལ། འགྲུབ་ན་ཁྱད་པར་གྱི་བཤགས་པ་ཡང་བྱ། བླ་མ་སངས་རྒྱས་ཆོས་དགེ་འདུན། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌། །རྣམ་ཀུན་བཏུད་དེ་སྐྱབས་མཆི་ཞིང༌། །མཆོད་འོས་གཞན་ལའང་ཕྱག་འཚལ་ལོ། །སྡིག་པ་ལས་ནི་བཟློག་བགྱི་ཞིང༌། །བསོད་ནམས་ཐམས་ཅད་ཡོངས་སུ་བཟུང༌། །ལུས་ཅན་རྣམས་ཀྱི་བསོད་ནམས་དག །ཀུན་ལ་རྗེས་སུ་ཡི་རང་ངོ༌། །བདག་ནི་ལུས་བཏུད་ཐལ་སྦྱར་ནས། །གསང་བའི་ཐེག་ཆེན་བཤད་པ་དང༌། །འགྲོ་གནས་བར་དུ་བཞུགས་སླད་དུ། །རྫོགས་པའི་སངས་རྒྱས་རྣམས་ལ་གསོལ། །དེ་ལྟར་བགྱིས་པའི་བསོད་ནམས་གང༌། །བདག་གིས་བགྱིས་དང་མ་བགྱིས་གང༌། །དེས་ནི་སེམས་ཅན་ཐམས་ཅད་ཀྱང༌། །བླ་མེད་བྱང་ཆུབ་གནས་ཐོབ་ཤོག ཅེས་རྒྱུན་བཤགས་བྱ། འདི་ནི་སློབ་དཔོན་ཀུ་ཀུ་རཱ་ཛའི་ཆོ་ག་ལྔ་པ་ལས་འབྱུང་བ་ཡིན། གཏམ་བྱ་རིན་ཆེན་འཕྲེང་བའི་ཚིག་གི་ཟུར་ཅུང་ཟད་བསྒྱུར་བར་སྣང་ལ། གསང་དོན་རྣམ་པར་བཀོད་པ་དང༌། ཧཱུཾ་མཛད་གྲགས་པའི་ཡན་ལག་བཞི་པ་ལས་འབྱུང་བ་སོགས་ནི། ཧ་ཅང་མང་གྲགས་པས་མ་བཀོད་དོ། །མཐར། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ཏིཥྟ་དྲི་དྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཾཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ་བཛྲི་


TNT07_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་ཝ་མཧཱ་ས་མ་ཡཱ་ས་ཏྭ་ཨཱཿ ཨོཾ་ཨཱཿཧཱུཾ། རྡོ་རྗེ་ཁུ་ཚུར་གཉིས་གཤིབས་པའི་མཐེ་བོང་བསྒྲེངས་ནས་གཡོབ། རྡོ་རྗེ་ཐལ་མོའི་རྨད་ལན་གསུམ་བརྡབ། ཨོཾ་བཛྲ་གཙྪ་མུ། ཨོཾ་བཛྲ་ཏུ་ཥྱ་ཧོཿ ཞེས་གཤེགས་སུ་གསོལ། དེ་དག་ནི་ཡུལ་དམན་པ་དང་མཆོག་ལ་ཚོགས་བསགས་པའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པད་ཉི་ལ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། རྡོ་རྗེའི་ས་གཞི་ར་བ་དྲ་བ་གུར་བླ་རེ་ཕྱེ་རོལ་བསྐལ་པའི་མེ་དཔུང་རབ་ཏུ་འབར་བར་གྱུར། དེའི་དབུས་སུ་བདག་ཉིད་རྡོ་རྗེ་སེམས་དཔའོ། །དཔུང་པ་གཉིས་པ་སྣོལ་ཞིང་སེ་གོལ་གཏོགས་པའི་སྒྲ་དང༌། བཛྲ་ས་མཱ་ཛཿ སངས་རྒྱས་ཐམས་ཅད་བཀའ་བགྲཽོ་བ་མཛད་དེ་གཅིག་ཏུ་འདུས་པ། བདག་ཉིད་རྡོ་རྗེ་སེམས་དཔའ་ལ་ཐིམ་པ་ཧཱུཾ་དུ་གྱུར། ཧཱུཾཿ རིང་པོ་གསུམ་སྣ་བུག་ནས་བརྗོད། རང་ཉིད་ཁྲོ་བོ་ཐམས་ཅད་ཀྱི་རྒྱལ་པོ་དཔལ་ཧེ་རུ་ཀར་གྱུར་པ་ནི། སྐུ་མདོག་སྔོན་པོ་རབ་ཏུ་ཁྲོས་པའི་རྩ་ཞལ་མཐིང་ནག འབར་བ་ཆེན་པོའི་འོད་ཟེར་ཅན་གཡས་དཀར་གཡོན་སེར་རྒྱབ་དམར་བ་སྟེ་ཞལ་བཞི་པ། ཕྱག་བརྒྱད་ཀྱི་དང་པོ་གཉིས་རྡོ་རྗེ་དང་ཁ་ཊཱཾ་ག་དྲིལ་བུ་གསིལ་པ་དང་བཅས་པ་འཛིན་པ། གཉིས་པ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། གསུམ་པ་གཉིས་ཀྱིས་རལ་གྲི་དང་ཐོད་པ། བཞི་པ་གཉིས་ཀྱིས་མདའ་དང་གཞུ་འཛིན་པ། དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས་ཤིང༌། ཡུམ་ཆེན་ཀྲོ་དྷི་ཤྭ་རིས་འཁྱུད་པ། དེའི་ཐུགས་ཀ་ནས་ཁྲོ་བོ་


TNT07_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་རྒྱལ་པོ་སྤྲོས། ཕྱོགས་བཅུའི་བགེགས་ཚོགས་ཐམས་ཅད་བཀུག་སྟེ། ཧཱུཾ་ལས་བྱུང་བའི་ཁྲོན་པ་རྣམས་སུ་བསྒྱུར། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཕཊ། ཨོཾ་ཨིནྡྲ་ཡ་ཛཿ ཡ་མ་ཡ་ཛཿ ཝ་རུ་ཎཱ་ཡ་ཛཿ ཀུ་བཻ་ར་ཡ་ཛཿ ཨགྞ་ཡེ་ཛཿ ནཻ་རི་ཏྱ་ཛཿ བྷེ་ར་མ་ཧཱ་ཡ་ཛཿ ཨཱི་ཤཱ་ན་ཡ་ཛཿ ཙནྡྲ་ཡ་ཛཿ སུརྻ་ཡ་ཛཿ སུ་ར་ཏཱ་ཡ་ཛཿ ཨ་ར་པ་ཏ་ཡ་ཛཿ རང་གི་སྙིང་ག་ནས་ཁྲོ་བོ་བཅུ་སྤྲོས། ཨོཾ་བཛྲ་ཀྲོདྷ་ཡ་བི་ཛ་ཨ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོདྷ་ཡ་མཱནྷ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོདྷ་ཧ་ཡ། གྲཱྀ་བ་ཧཱུཾ་ཧྱ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོདྷ་ཨ་མྲྀ་ཏ་ཀུཎྜ་ལི། ཧཱུཾ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོདྷ་ནཱི་ལ་དཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོདྷ་ཨཱརྱ་ཨ་ཙ་ལ་ཧཱུཾ་བནྡྷ་བནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོདྷ་ཨ་པ་ར་ཛི་ཏ་ཧཱཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ་བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ་གརྫགརྫ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མཧཱ་བ་ལ་ཧཱུཾ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཁྲོ་བོ་ཐམས་ཅད་སྐུ་མདོག་ནག་པོ་ནག་དཀར་དམར་བའི་ཞལ་གསུམ། གཡས་རྡོ་རྗེ་རལ་གྲི་ཐོ་བ། གཡོན་ཐོད་ཁྲག་ཞགས་པ་ལྕགས་ཀྱུ། སྨད་ཕུར་པའི་རྣམ་པ་ཅན་དུ་གྱུར། དེ་ནས་ཁྲོ་བོ་བདུད་རྩི་འཁྱིལ་བ་ཐོ་བ་བསྣམས་པ་སྤྲུལ་ཏེ། ཁྲོ་བོ་རྣམས་ཕྱོགས་བཅུའི་བགེགས་ལ་ཕུར་བུའི་ཚུལ་དུ་བཏབ་པར་གྱུར། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་


TNT07_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

ཡ། སརྦ་དུཥྟ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི། སརྦ་བིགྷྣན་ཀཱ་ཡ་ཝ་ཀཱ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ལན་གསུམ་བརྗོད། འོད་ཟེར་རྣོན་པོ་འཁྲུག་ཅིང་འབར་བས་ཀྱང་བགེགས་ཐམས་ཅད་བསྲེགས། རྡོ་རྗེ་གུར་གྱི་དབུས་སུ་འཁོར་ལོ་རྩིབས་བཅུ་པ་གྲུབ་སྟེ། ཁྲོ་བོ་བཅུ་རྣམས་དེ་ལ་བཞུགས་ཤིང་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་ཀྱིས་བགེགས་བསྲུང་བའི་ལས་མཛད་པར་གྱུར། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་དག་ནི་ཀུན་རྫོབ་དང་དོན་དམ་པའི་སྲུང་འཁོར་ཏེ་སྔོན་འགྲོའི་རིམ་པ་རྣམས་སོ། །སྟོང་པའི་ངང་ལས་རང་ཉིད་སྟོང་གསུམ་གྱི་ཡང་ཐོག་ཏུ་གནས་པས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཡ་མི་མཎྜལ་ཧཱུཾ་བྷྲཱུཾ། སྐད་ཅིག་ཙམ་གྱིས་ཨེ་ལས་ནམ་མཁའི་རང་བཞིན་ཆོས་འབྱུང་དཀར་པོ་ཀུན་ཏུ་བཟང་མོའོ། །དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་རྡོ་རྗེ་རྒྱ་གྲམ་དང་བ་དན་གྱིས་མཚན་པ་སྒྲོལ་མའོ། །དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བ་དཀར་པོ་རྩེ་མང་པོས་མཚན་པ་གོས་དཀར་མོའོ། །དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་མཱ་མ་ཀཱི་ལའོ། །དེའི་སྟེང་དུ་ལཾ་ལས་དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེས་མཚན་པ་སྤྱན་མའོ། །དེར་ཁཾ་ལས་བྱུང་བ་འོ་མའི་རྒྱ་མཚོའི་དབུས་སུ། སུཾ། ལས་


TNT07_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། རོལ་མཚོ་རི་དང་བཅས་པས་བརྒྱན་པའོ། །དེ་དག་ནི་གཞིའི་ཏིང་ངེ་འཛིན་ནོ། །དེའི་སྟེང་དུ་པཾ་ལས་པདྨ་ལ་གསེར་གྱི་འཁོར་ལོ། དེའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེའི་དབུས་སུ་ཧཱུཾ་ལས་གཞལ་མེད་ཁང་ཆེན་པོ་གྲུ་བཞི་རྟ་བབས་བཞིས་བརྒྱན་པ། ནང་ནས་རིམ་པ་བཞིན་དུ་དཀར་མཐིང་དམར་སེར་ལྗང་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ་ལས། རང་བྱུང་ཉི་ཤུ་རྩ་ལྔའི་འོད་ཟེར་འཕྲོ་པའོ། །ཕ་གུ་དང་དྲ་ཕྱེད་དང་ཤར་བུ་དང་མདའ་ཡབ་དང་འདོད་ཡོན་གྱི་སྣམ་བུ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། འཁྱམས་ཀྱི་ཕྱི་རིམ་ལ། འཇིག་རྟེན་པའི་ལྷ་སྣམ་དཀར་པོས་བསྐོར་བ། དེའི་ཕྱི་རོལ་པདྨ་དང་འཁོར་ལོ་དང༌། རྡོ་རྗེའི་ར་བ་མེ་དཔུང་འབར་བས་བསྐོར་བ། ཕྱི་རོལ་ཕྱོགས་མདོག་དང་མཚུངས་པའི་ས་གཞི་ལ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་ལ། ཕྱོགས་སྐྱོང་དང༌། ཞིང་སྐྱོང་དང༌། ཤིང་དང༌། མེ་དང༌། ཆུ་དང༌། སྤྲིན་དང༌། མཆོད་རྟེན་དང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་དང༌། རོ་ལངས་དང༌། ཤ་ཟ་དང༌། འབྱུང་པོ་དང༌། དཔའ་བོ་དང༌། རྣལ་འབྱོར་མ་དང༌། གྲུབ་པ་ཐོབ་པ་དག་གནས་ཤིང༌། རོ་དང༌། དུམ་བུ་དང༌། འཐོར་བ་དང༌། ཀེང་རུས་དང༌། བྱ་དང༌། གཅན་གཟན་སྣ་ཚོགས་པས་ཁྱབ་པའོ། །དེའི་ཕྱི་རོལ་རྒྱལ་མཚན་དང་བ་དན་ལ་སོགས་པ་འདོད་ཡོན་


TNT07_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཀྱིས་གང་བའི་སྣམ་བུ་སེར་པོ། དེའི་ཕྱི་རོལ་རྡོ་རྗེའི་ར་བ་སྔོན་པོས་བསྐོར་བའོ། །གཞལ་ཡས་ཁང་ཆེན་པོ་དེའི་ནང་གི་སྟེང་འོག་རྣམས་ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་སེར་དབུས་ལྗང་ཁུའོ། །དེའི་དབུས་སུ་ནང་གི་གཞལ་ཡས་ཁང་རྣམས་སོ། །སྐབས་འདིར་དབུས་སུ་གདུང་བཞིའི་རེ་མིག་དགུ་པ་བྱས་ནས། མཚམས་བཞི་ལ་རྟ་མཆོག་གི་དཀྱིལ་འཁོར་བཞི་དང༌། དབུས་དང་ཕྱོགས་བཞིར་རིགས་ལྷག་མ་ལྔ་དགོད་དོ། །དེ་ཤར་དུ་དཀྱིལ་འཁོར་དགུ་བྱེད་པ་ནི་རྒྱས་པ་ཡིན་ལ། རྟ་མཆོག་གི་དཀྱིལ་འཁོར་གཅིག་ནི་བྱས་ཏེ། དཀྱིལ་དུ་ཡང་དག་བྱེད་པ་ནི་འབྲིང་པོར་འགྱུར་ལ། ལྷ་དགུ་དགུའི་ནང་གི་དཀྱིལ་འཁོར་ཁོ་ན་དྲུག་བཀོད་ནས་མཆོད་ལྷ་དང༌། བཅས་པ་དཀྱིལ་འཁོར་ཆེན་པོ་ཁོ་ན་ལ་བཀོད་ནས་བསྡུས་པ་ཡིན་ནོ། དཀྱིལ་འཁོར་དགུའམ་དྲུག་ལ་བསྲུང་འཁོར་ཚུན་ཆོད་དང་དུར་ཁྲོད་དང་བཅས་པ་ཡོངས་རྫོགས་བྱེད་པ་དང༌། གཞལ་ཡས་ཁང་རྟ་བབས་དང་བཅས་པ་བྱེད་པ་དང༌། རྟ་བབས་མེད་པ་སྟེ་གསུམ་པོ་ཡང་དེ་དང་དེ་ཉིད་ལ་བལྟོས་པའི་རྒྱས་འབྲིང་བསྡུས་གསུམ་མོ། །མཆོག་གི་འཁོར་གྱི་ལྷ་འགོད་ཚུལ་ལ། དཀྱིལ་འཁོར་དགུ་པ་ལྟར་ན། ཤར་ལྷོ་ཤར་དང་མཚུངས་པ་སོགས་ཕྱོགས་བཞིའི་དཀྱིལ་འཁོར་དང་མཚུངས་པར་མི་འདྲ་བ་བཞི་ཡིན་ནོ། །ཡང་དཀྱིལ་འཁོར་དྲུག་པ་ལྟར་གྱིས་དབུས་དང་ཕྱོགས་བཞིར་དཀྱིལ་འཁོར་ལྔ་དང༌། དབང་ལྡན་དུ་རྟ་མཆོག་གི་དཀྱིལ་འཁོར་ཐོབ་ཐང་ཡིན་ཡང༌། བྲི་ཆ་ལ་མི་མཛེས་པས། བླ་མ་རྣམས་ཀྱི་མན་ངག་གིས་ཤར་གྱི་དཀྱིལ་འཁོར་ཤར་དབང་ལྡན་དང༌། ལྷོའི་དཀྱིལ་འཁོར་ལྷོ་མེ་མཚམས་ལ་ཉེ་བ་དང༌། ནུབ་ཀྱི་དཀྱིལ་འཁོར་ནུབ་བདེན་བྲལ་ལ་


TNT07_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བ་དང༌། བྱང་གི་དཀྱིལ་འཁོར་ཡང་རླུང་མཚམས་ལ་ཉེ་བའི་ནུབ་དང༌། བྱང་ཤར་ཀྱི་དཀྱིལ་འཁོར་དབང་ལྡན་ལ་ཉེ་བའི་བྱང་ཕྱོགས་སུ་འགོད་པ་སྟེ། བདེ་མཆོག་འཁོར་ལོ་བསྒྱུར་དྲུག་བཞིན་བྱེད་དོ། །ཕྱོགས་རྣམས་སུ་ཇི་ལྟར་འགོད་པ་ལ། ཁ་ཅིག ཤར་དུ་རྣམ་སྣང༌། ལྷོར་རྡོ་རྗེ་ཉི་མ། ནུབ་ཏུ་གར་དབང༌། བྱང་དུ་རྟ་མགྲིན་འགོད་པ་སོགས་འདུག་ཀྱང༌། ཡན་ལག་བཞི་པ་ལས། གཉིས་གོང་བཞིན། ལྷོར་ཧེ་རུ་ཀ བྱང་དུ་ཉི་མ། མཚམས་སུ་རྟ་རྒྱལ། དབུས་སུ་རྡོར་སེམས་འགོད་པ་ཉིད་ཤིན་ཏུ་ལེགས་པར་མཐོང་སྟེ། འོན་ཀྱང་རང་རང་གི་མོས་པའི་དབང་དང༌། གང་ཞིག་གཙོ་བོར་སྒྲུབ་པའི་དབང་ལས། དཀྱིལ་འཁོར་གཙོ་བོ་འཕོ་བའི་ཚུལ་གྱིས་འགོད་ན་ནི། རྣམ་པ་དྲུག་གར་ཡང་འབྱུང་སྟེ། རྡོ་རྗེ་གུར་རིགས་བསྡུས་བཞིན་ནོ། །སྤྱི་ལྡོག་ནས་རྒྱུད་འདི་རྡོ་རྗེ་སེམས་དཔའ་གཙོ་བོར་འགྱུར་པ་ཡིན་པས། ཧེ་རུ་ཀ་དཀྱིལ་དུ་བཞག རྡོར་སེམས་མཐར་བཏོན་ནས། རིགས་བསྡུས་ལ་མཉམ་སྦྱོར་ཁྲོ་བོ་དང༌། རྡོར་སེམས་རིགས་རྐྱང་ལ་མཉམ་སྦྱོར་ཞི་བའི་ཐ་སྙད་བྱེད་པ་ནི་མི་ལེགས་པར་མཐོང་ངོ༌། །དེས་ན་རེ་ཞིག་ལ་དཀྱིལ་འཁོར་དྲུག་པའི་དབང་དུ་བྱས་ཏེ་བརྗོད་ན། དབུས་ཀྱི་གཞི་ལྗང་ཁུ་ལ། གཞལ་མེད་ཁང་མཚན་ཉིད་ཐམས་ཅད་རྫོགས་པ་དྲུག་སྟེ། རྩིག་པ་དང་ལྷ་སྣམ་གྱི་ཕྱོགས་མདོག་ནི། དཀར་སེར་དམར་ལྗང་མཐིང་ག་ནི། རྡོར་སེམས་ཁྲག་འཐུང་དཀྱིལ་འཁོར་ལའོ། །སྔོ་སེར་དམར་ལྗང་དཀར་བ་ཤར། །དཀར་སེར་ནག་ལྗང་དམར་བ་ནུབ། །དཀར་ནག་དམར་ལྗང་སེར་བ་དབུས། །མཚམས་ཀྱི་དཀྱིལ་འཁོར་གཞི་དཀྱིལ་འདྲ། །ཡང་ལུགས་གཅིག་ལྟར་ན་དཀྱིལ་འཁོར་ཕྱི་ནང་ཐམས་


TNT07_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཚུངས་པར་རྩིག་པ་དང་ལྷ་སྣམ་ཀྱི་ཕྱོགས་མདོག་དཀར་སེར་དམར་ལྗང་སྔོ་བའི་རིམ་པར་བྱས་ཀྱང་རུང་ངོ༌། །ཕོ་བྲང་དབུས་མ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་དབུས་སུ་ཟླུམ་པོ་རྡོ་རྗེའི་མུ་ཁྱུད་ཅན། ཕོ་བྲང་ཤར་མའི་དབུས་སུ་ཟླུམ་པོ་འཁོར་ལོའི་མུ་ཁྱུད་ཅན། ལྷོ་མའི་དབུས་སུ་ཟླ་གམ་ཆེན་པོ་ཁ་དོག་དམར་པོ་སྒོ་གཅིག་ཤར་དུ་བསྟན་པ། ཐོད་པའི་འཕྲེང་བས་བསྐོར་ཞིང༌། ཞིང་གི་འཕན་གདུགས་སོགས་འཇིགས་པའི་རྒྱན་གྱིས་བརྒྱན་པ། དེའི་དབུས་སུ་ཟླུམ་པོ་རེ་མིག་དགུ་པ་ལ་ཁྲོ་བོའི་རྡོ་རྗེ་འཕྲེང་བས་བསྐོར་བ། དབུས་སུ་པདྨ་དྲེགས་བྱེད་ཉི་ཟླ་བརྩིགས་པའི་གདན་རེ་མིག་བརྒྱད་ལ་བམ་ཆེན་རེ་རེའོ། །དཀྱིལ་འཁོར་ནུབ་མའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་དབྱིབས་ཅན། ཀ་བ་དང་མུ་ཁྱུད་ལ་པདྨའི་འཕྲེང་བས་བསྐོར་བའོ། །བྱང་མའི་དབུས་སུ་རིན་པོ་ཆེ་ཟུར་བརྒྱད་པའི་དབྱིབས་ཅན་གྱི་དཀྱིལ་འཁོར་ལ་རིན་པོ་ཆེའི་མུ་ཁྱུད་ཀྱིས་བསྐོར་བའོ། །མཚམས་ཀྱི་དཀྱིལ་འཁོར་རྒྱ་གྲམ་གྱི་འཕྲེང་བས་བསྐོར་བའི་ནང་སྣ་ཚོགས་རྡོ་རྗེ་ཉིས་རིམ་ལྷའི་གནས་ཐམས་ཅད་དུ་པདྨའི་གདན་དང་བཅས་པའོ། །ཐམས་ཅད་ཀྱང་ནང་ལེ་ཚེ་དགུ་དགུ་དང་ལྡན་པ། རྟ་མཆོག་གི་དཀྱིལ་འཁོར་མ་གཏོགས་དབུས་ཀྱི་ལེ་ཚེ་ལ་པདྨ་འདབ་མ་བརྒྱད་པའི་གདན་རེ་རེ་པདྨ་ཐམས་ཅད་ཀྱི་མཚམས་ཀྱི་འདབ་མ་རྣམས་ལ། རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐོད་པས་ཁ་བརྒྱན་པ་རེ་རེ་དང༌། རྟ་མཆོག་ལ་སྣ་ཚོགས་རྡོ་རྗེ་ནང་མའི་མཚམས་


TNT07_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར་བུམ་པ་དང་བཅས་པར་གྱུར། དཀྱིལ་འཁོར་ཐམས་ཅད་ལ་མཚུངས་པར་སྒོ་བཞི་དང་གྲྭ་བཞིར་པདྨའི་གདན་ནོ། །དེ་དག་ནི་རྟེན་གྱི་དཀྱིལ་འཁོར་བསྒོམས་པའི་ཏིང་ངེ་འཛིན་ནོ། །དཀྱིལ་འཁོར་དྲུག་པོ་ཐམས་ཅད་གྱི་གཙོ་བོའི་གནས་པདྨ་ཉི་ཟླའི་གདན་རྣམས་ལ། རང་གི་སེམས་ཉིད་དཔལ་མཆོག་དང་པོ་བཞུགས་པར་མཛད་དེ། ཡོད་པ་མ་ཡིན་མེད་པ་མིན། །དབུ་མར་ཡང་ནི་དམིགས་སུ་མེད། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་པའོ། །སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་རང་བཞིན་གྱིས་འོད་གསལ་བའི་ཏིང་ངེ་འཛིན་ནོ། །དེའི་ཚེ་བདེ་མཆོག་མ་ལ་སོགས་པ་བཞིས། རྣམ་པ་མང་པོའི་འདོད་ཆགས་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་ཏུ་རྣམ་པར་འཕྲུལ། ཏེ་ན་ཏེ་ཏེ་ཧཱུཾ། རྣམ་པ་མང་པོ་རབ་ཏུ་དགའ་བའི་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་ཏུ་སྤྲུལ་རོལ་རྣམ་པར་སྤྲུལ། །རྣམ་པ་མང་པོ་ཁྲོ་བོའི་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མས་རབ་ཏུ་རྣམ་པར་འཕྲུལ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རྣམ་པ་མང་པོ་སྲོག་གི་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མས་


TNT07_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རབ་ཏུ་རྣམ་པར་འཕྲུལ། །ཧཱུཾ་ཤིཥྱ་བི་ཤ་ཧཱུཾ། ཞེས་བསྐུལ་བས་སྟོང་པའི་ངང་ལས། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ལས་ཟླ་བའི་དཀྱིལ་འཁོར་དབྱངས་ཀྱིས་མཚན་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་སྟེང་དུ་ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ྈྐ་ྈྑ་ྉྤ་ྉྥ་ང་རོ་དང་རྣམ་བཅད་རྣམས་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གསལ་བྱེད་ཀྱིས་མཚན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཉི་ཟླའི་འོད་ཀྱི་འཕྲོ་འདུ་ལས་ཧཱུཾ་དུ་གྱུར། དེ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་དམར་པོ་འཕྲོ་བའི་ལྟེ་བར་ཧཱུཾ་གིས་མཚན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལས་འོད་འཕྲོས་རིགས་དྲུག་གི་དཀྱིལ་འཁོར་སྤྲུལ། སེམས་ཅན་ཐམས་ཅད་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད། སླར་འདུས་ཏེ་ཐིམ་པས་ཤིན་ཏུ་འོད་ཟེར་འབར་བར་གྱུར་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །བཛྲོ྅ཧཾ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་དྲུག་ཀར་གྱི་དབུས་སུ་རྡོ་རྗེ་སེམས་དཔའི་སྐུ་རེ་རེ་ཡོངས་སུ་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨ། ཛཿཧཱུཾ་བཾ་ཧོ་སུ་ར་ཏ་སྟྭཾ། གངས་རི་རྡུལ་བྲལ་མེ་ཤེལ་འོད། །དཀར་མཐིང་དམར་དང་སེར་པའི་ཞལ། །རྡོ་རྗེ་ཁ་ཊྭཱཾ་མདའ་གཞུ་འཛིན། །ཀུན་ཏུ་བཟང་མོ་རང་འདྲས་འཁྱུད། །དེ་ལྟར་བདག་ཉིད་རྒྱུ་རྡོ་རྗེ་འཛིན་པར་གྱུར་པ་དྲུག་པོ་


TNT07_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྐུ་ལ་རིགས་དྲུག་གི་ལྷའི་རྡུལ་ཕྲ་རབ་ཀྱིས་ཁྱབ་པར་གྱུར། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་རིགས་བདག་བཞུགས་སའི་གནས་ལྔར་གདུགས་ཏེ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྡོ་རྗེ་ཐལ་མོ་ལས་མཐེ་བོང་བསྣོལ། གུང་མཛུབ་རྡོ་རྗེ་རྩེ་གསུམ་པའི་ཚུལ་དུ་བྱས་པ། མཁའ་དབྱིངས་དབང་ཕྱུག་མའི་ཕྱག་རྒྱས། སྤྱི་མགྲིན་སྙིང་ལྟེ་ཡན་ལག་ཐམས་ཅད་ལ་རེག་སྟེ། ཨོཾ་དྷརྨ་དྷ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡབ་རྣམས་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་འབར་བ་ནོར་བུའི་རྩེ་མོ་ཅན་ཕཊ་ཀྱིས་མཚན་པའོ། །ཤེས་རབ་མ་རྣམས་ཀྱི་བྷ་ག་ཨཱཿལས་པདྨ་སེར་པོ་འདབ་མ་བརྒྱད་པ་ཕྱི་རོལ་ཆོས་འབྱུང་གི་དབྱིབས་ཅན། ཟེ་འབྲུ་ལ་ཨས་མཚན་པའོ། །ས་མ་ཡ་ཧོ་ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོ། ཨོཾ་པྲ་བེ་ཤ་ཡ་ཕཊ། ཨ་ལ་ལ་ལ་ལ་ཧོ། ཞེས་ཡབ་ཡུམ་བཅུ་གཉིས་སྙོམས་པར་ཞུགས་པས། བདེ་བ་ཆེན་པོའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་མཉེས་ཤིང་བསྐུལ། སེམས་ཅན་ཐམས་ཅད་ཀྱི་དྲི་མ་སྦྱངས། སླར་འདུས་ཏེ་སོ་སོའི་སྐུ་ལ་ཐིམ། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེའི་ལམ་ནས་ཤེས་རབ་མ་རྣམས་ཀྱི་པདྨར་སྤྲོས། ཡབ་ཡུམ་བཅུ་གཉིས་ཀ་སོ་སོའི་གནས་སུ་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བར་གྱུར། བདེ་མཆོག་མ་ལ་སོགས་པ་རང་རང་གི་ལྷ་མོ་བཞི་བཞིས་སོ་སོར་བསྐུལ་བ་ནི། སྟོང་པ་ཤིན་ཏུ་རྣལ་འབྱོར་ཡོད་མེད་མཐུས། །ནམ་མཁའི་ཉིད་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག


TNT07_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བསྐུལ་བས། བྱང་ཆུབ་སེམས་ཀྱི་ཐིག་ལེ་དྲུག་པོ་རྣམས། ཧཱུཾ་ཨོཾ་ཧཱིཿཧྲཱིཿཧྲཱཾ་ཧཾ་རྣམས་སུ་གྱུར། དེ་ལས་འོད་འཕྲོས་སངས་རྒྱས་ཐམས་ཅད་བསྐུལ་ཏེ་ཚུར་འདུས་ཐིམ་པ་ལས་འབྲས་བུ་རྡོ་རྗེ་འཛིན་པ་རིགས་དྲུག་གི་འཁོར་ལོས་བསྒྱུར་བ་རྣམས་སུ་བཞེངས་པར་གྱུར་པ་ནི། དེ་ཡང་དཀྱིལ་འཁོར་དབུས་མའི་གཙོ་བོའི་གནས་སུ་ཧཱུཾ་ལས་དཔལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་དུང་དང་ཀུན་ད་དང་ཟླ་བའི་འོད་ལྟར་དཀར་བ་ལ་ཡིད་ཙམ་དམར་བའི་མདངས་ཆགས་པ། སྒེག་ཅིང་འཛུམ་ལ་རབ་ཏུ་རྒྱས་པའི་སྤྱན་གདངས་པ། ཞལ་བཞི་ཕྱག་བཞི་རྩ་ཞལ་དཀར་བ་གཡས་སྔོ་གཡོན་དམར་རྒྱབ་སེར་བ། ཕྱག་གཡས་ཀྱི་དང་པོས་འབར་བའི་རྡོ་རྗེ་རྩེ་ལྔ་པ་དང༌། གཡོན་གྱི་དང་པོས་དྲིལ་བུ་དཔྱངས་པའི་ཁ་ཊྭཱཾ་ག་འཛིན་པས་རབ་ཏུ་སྙེམས་པ་དང་བཅས་པའི་ཚུལ་གྱིས་ཤེས་རབ་མ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་མདའ་དང་གཞུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། སྟོད་གཡོགས་དར་དཀར་གསེར་གྱི་ངང་རིས་ཅན་དང་སྨད་གཡོགས་ཚིག་གུའི་ན་བཟའ་གསོལ་བ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རང་དང་འདྲ་བའི་ཡུམ་ཀུན་ཏུ་བཟང་མོ་དང་མཉམ་པར་སྦྱོར་བའོ། །དཀྱིལ་འཁོར་ཤར་མའི་དབུས་སུ། ཁཾ་ངམ་ཨོཾ་ལས་སངས་རྒྱས་རྒྱལ་བ་རྟག་པ་རྣམ་པར་སྣང་མཛད་དཀར་ལ་སེར་བའི་མདངས་ཅན། རྩ་བའི་ཞལ་དཀར་བ་གཡས་སེར་གཡོན་དམར་རྒྱབ་ལྗང་བ། ཕྱག་དང་པོ་གཉིས་ཀྱིས་སྟོད་གཡོགས་


TNT07_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གོས་ངུར་སྨྲིག་གསོལ་བའི་གྲྭ་དང་ལྷུང་བཟེད་བདུད་རྩིས་གང་བ། འོག་མ་གཉིས་ཀྱིས་མཁར་གསིལ་དང་གླེགས་བམ་འཛིན་པ། འཁོར་ལོས་བསྒྱུར་བའི་ཆ་ལུགས་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སངས་རྒྱས་སྤྱན་མ་དཀར་མོ་འཁོར་ལོ་དང་ཐོད་པ་འཛིན་པས་རབ་ཏུ་འཁྱུད་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དཀྱིལ་འཁོར་ལྷོ་མའི་དབུས་སུ་ཧཱུཾ་ངམ་ཧྲཱིཿལས་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་རབ་ཏུ་ཁྲོས་པའི་རྩ་ཞལ་མཐིང་ནག་འབར་བ་ཆེན་པོའི་ཟེར་ཅན། གཡས་དཀར་གཡོན་སེར་རྒྱབ་དམར་བ་སྟེ་ཞལ་བཞི་པ། ཕྱག་བརྒྱད་ཀྱི་དང་པོ་གཉིས་རྡོ་རྗེ་དང་ཁ་ཊྭཱཾ་ག་དྲིལ་བུ་དཔྱངས་པ་དང་བཅས་པ། གཉིས་པ་གཉིས་ཀྱིས་འཇིགས་བྱེད་ཆེན་པོའི་པགས་པ་རླུང་གིས་བསྐྱོད་པའི་ཚུལ་ཅན། གསུམ་པ་གཉིས་ཀྱིས་མདའ་དང་གཞུ། བཞི་པ་གཉིས་ཀྱིས་ཐོད་པ་ཁྲག་གིས་གང་བ་དང༌། སྙིང་ཆེན་པོས་གང་བ་འཛིན་པ། དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས་པ། སྤྱན་གསུམ་གདངས་མིག་དམར་པོ་ལས་མེ་སྟག་འཕྲོ་བ། དབུ་སྐྲ་སྨ་ར་སྨིན་མ་སེར་ནག་གྱེན་དུ་འཁྱིལ་ཞིང༌། རྡོ་རྗེའི་བ་སྤུ་གཡས་སུ་འཁྱིལ་བ། ཞལ་གདངས་པ་མཆེ་བ་གཙིགས་པ། ལྗགས་འགྲིལ་བ། རྐན་སྒྲ་གདབ་པ། ཞབས་གཡས་ཅུང་ཟད་བསྐུམ་པ་ཡུམ་གྱི་བརླ་ལ་འཁྱུད་ཅིང༌། གཡོན་བརྐྱང་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་པ་གཤེ་བ་འཇིགས་སུ་རུང༌། །སྙིང་རྗེ་རྔམ་དང་ཞི་བ་དང༌། །


TNT07_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

གར་དགུའི་རོ་དང་ལྡན་པ་ཉིད། །གུ་ལང་དང༌། དབང་ཆེན་དང༌། ཟླ་བ་དང༌། ཉི་མ་དང༌། གཤིན་རྗེ་དང༌། ཚངས་པ་ལ་སོགས་པ་དྲེགས་པ་ཐམས་ཅད་ཞབས་འོག་ཏུ་གནོན་པ། ཡུམ་ཀྲོ་དྷཱི་ཤྭ་རཱི་སྔོ་སྐྱ་ཐོད་ཁྲག་དང་བ་དན་རྩེ་གསུམ་པའི་ཕྱག་རྒྱ་ཅན་གྱིས་ཡང་དག་པར་འཁྱུད་པའོ། །ཡང་ན་ཧེ་རུ་ཀ་ཕྱག་བཞི་པ། གཡས་གཉིས་རྡོ་རྗེ་དུང་ཁྲགགཡོན་གཉིས་བཤོར་ཐོད་ཞགས་པ་འཛིན་པ། ལྷ་ཆེན་པོའི་གཡང་གཞི་སྟོད་གཡོགས་སུ་བསྣམས་པའོ། །བསྡུ་ན་ཧེ་རུ་ཀ་ཕྱག་གཉིས་པ། རྡོ་རྗེ་དང་ཐོད་ཁྲག་བསྣམས་པ། ཁ་ཊྭཱཾ་ག་སེར་རལ་ཁར་བྱས་པ། ཡུམ་ལ་ཡང་ཁ་ཊྭཱཾ་ག་རྒྱབ་ཀྱི་ཕྱོགས་སུ་སེར་རལ་ཁ་ལ་བརྟེན་པ་ཁྱད་པར་གཞན་རྣམས་སྔར་དང་མཚུངས་པར་བསྒོམས་ཀྱང་རུང་ངོ༌། །སྟོད་གཡོགས་གཉིས་དང་སྨད་གཡོགས་དང༌། །ཐོད་འཕྲེང་གསུམ་དང་སྦྲུལ་རྒྱན་བརྒྱད། ཁྲག་ཞག་ཐལ་བ་ཕྱག་རྒྱ་དྲུག །དེ་དག་དཔལ་གྱི་ཆས་བརྒྱད་དོ། །དཀྱིལ་འཁོར་ནུབ་མའི་དབུས་སུ། ཧྲཱིཿལས་པདྨ་གར་གྱི་དབང་ཕྱུག་དམར་ལ་དཀར་བའི་མདངས་ཅན། ཞལ་བཅོ་ལྔ་ཉམས་དང་ཁ་དོག་སྣ་ཚོགས་པ། རྩ་ཞལ་སྐུ་ལུས་དང་མཚུངས་པའི་མདོག་ཅན། ཆགས་པའི་ཉམས་ལྡན་ནོ། །ཕྱག་གཡས་ལྔ་བཅུའི་རྡོ་རྗེ་འཁོར་ལོ་རིན་ཆེན་དབྱུག་པ་རལ་གྲི་ལ་སོགས་པ་སྣ་ཚོགས་པའི་མཚོན་ཆ་འཛིན་ཞིང༌། གཡོན་ལྔ་བཅུ་ཁ་དོག་མ་ངེས་པའི་པདྨའི་སྡོང་བུ་འབའ་ཞིག་འཛིན་པ། ཞབས་ཉི་ཤུ་རྩ་བཞི་གཡས་བརྐྱང་བའི་སྟབས་ཀྱིས་བཞུགས་པ། ཡུམ་གོས་དཀར་མོ་དམར་མོ་པདྨ་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ། མཚན་དཔེ་


TNT07_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཤིང་དར་དང་རིན་པོ་ཆེས་བརྒྱན་པའོ། །ཡང་ན་ཞལ་གཅིག་ཕྱག་བཞི་པ་དང་པོ་གཉིས་ཆོས་འཆད་ཀྱིས་པད་སྡོང་གཉིས་འཛིན་པ། འོག་མ་གཉིས་ཀྱིས་མདའ་གཞུ། ཞབས་རྒྱལ་པོ་རོལ་བའི་ཚུལ་དུ་བསྒོམས་ནའང་ལེགས་སོ། །དཀྱིལ་འཁོར་བྱང་མའི་དབུས་སུ་ཏྲཾ་ལས་རྡོ་རྗེ་ཉི་མ། གསེར་གྱི་མདོག་ཅན་ཞལ་བཞི་སེར་བ། རེས་འགའ་དམར་ཞིང་ཡིད་ཙམ་ཁྲོ་བ། ཕལ་ཆེར་ལྷག་པར་འཛུམ་པས་བཞད་པ། ཕྱག་དང་པོ་གཉིས་མདའ་དང་གཞུ། འོག་མ་གཉིས་ཀྱིས་རལ་གྲི་འཕྱར་ཞིང་ཉི་མའི་དཀྱིལ་འཁོར་དང་རྡོ་རྗེས་མཚན་པའི་པདྨ་བསྣམས་པ། རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་ཞིང་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་མཱ་མ་ཀཱི་སྔོན་མོ་རིན་པོ་ཆེ་དང་ཐོད་པ་འཛིན་པས་ཤིན་ཏུ་འཁྱུད་པའོ། །མཚམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ། ཧཱུཾ་ངམ་ཧཾ་ལས་རྡོ་རྗེ་རྟ་མཆོག་རོལ་བའི་སངས་རྒྱས་སྐུ་ལུས་ལྗང་ཁུ། རྩ་ཞལ་དམར་བ་གཡས་སྔོ་གཡོན་དཀར། སྟེང་ཞལ་རྟ་གདོང་ལྗང་ཁུ་མགྲིན་པ་གཏོད་དེ་སྒྲ་འབྱིན་པ། ཕྱག་བརྒྱད་ཀྱི་གཡས་རྣམས་བ་དན་གསུམ་པའི་ཕྱག་རྒྱ་དང་རྒྱ་གྲམ་དང་རལ་གྲི་དང་མདའ་རྣམས་འཛིན་པ། གཡོན་བཞིས་སྣ་ཚོགས་པདྨ་དང་ཤཀ་ཏི་དང་བེ་ཅོན་དང་གཞུ་འཛིན་པ། ཞབས་བཞི་གཡས་བརྐྱང་བའི་དང་པོས་དུས་མཚན་མ་དང་དཔལ་མོ། གཉིས་པས་ཞི་བ་མ་དང་དགའ་བ་མ། གཡོན་བསྐུམ་པའི་དང་པོས་དྲག་པོ་དང་ཁྱབ་འཇུག །གཉིས་པས་འདོད་ལྷ་དང་ཚངས་པ་མནན་པ། ཞབས་ཀྱི་མཐིལ་ནས་རྡོ་རྗེའི་


TNT07_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

རྨིག་པ་འབྱིན་པས་དེ་རྣམས་འཚིར་བར་མཛད་པ། སྤྱན་གསུམ་མཆེ་བ་གཙིགས་སྐྲ་སེར་གྱེན་དུ་བརྫེས་པ། དྲག་པོ་ཆེན་པོ་གར་གྱི་ཉམས་དགུ་དང་ལྡན་པ། གྲུ་མོ་ཕན་ཆད་ཀྱི་ཕྱག་རྣམས་དམར་ཞིང༌། པུས་མོ་མན་ཆད་ཀྱི་ཞབས་རྣམས་ནག་པོ། རང་འོད་ཀྱི་ཡུམ་དམ་ཚིག་སྒྲོལ་མ་ལྗང་སྐྱ། སྣ་ཚོགས་རྡོ་རྗེ་དང་ཐོད་པ་འཛིན་པས་ངེས་པར་འཁྱུད་པ་སྣ་ཚོགས་རྡོ་རྗེའི་ལྟེ་བར་བཞུགས་པའོ། །ཡང་ན་རྟ་མཆོག་ལྗང་ཁུ་ཕྱག་བཞི་པ། དང་པོ་གཉིས་སྣ་ཚོགས་རྡོ་རྗེ་དང༌། སྣ་ཚོགས་པདྨ། འོག་མ་གཉིས་མདའ་གསུམ་པ་དང༌། རལ་གྲི་འཛིན་པར་བྱས་ཀྱང་རུང་ངོ༌། །དེ་ལྟར་ན་འབྲས་བུ་རྡོ་རྗེ་འཛིན་པ་དྲུག་པོ་ཐམས་ཅད་ཀྱི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་རྣམས་དང༌། དེ་རྣམས་ཀྱི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ། ཧཱུཾ་ཨོཾ་ཧིཿཧྲཱིཿཏྲཱཾ་ཧཾ་རྣམས་སུ་གྱུར། ཡེ་ཤེས་སེམས་དཔའི་ལྷ་ཚོགས་ཕཻཾ། འབར་བའི་ཕྱག་རྒྱ་བསྐོར། ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བཞིས། བདུད་རྩིའི་བུམ་པས་ཁྲུས་གསོལ་ཞིང་དབང་བསྐུར། ཛཿཧཱུཾ་བཾ་ཧོཿ སྤྱི་བོ་ནས་ཞུགས་ཏེ་འདྲེས་པས་དམ་ཚིག་པ་རྣམས་དང་གཉིས་སུ་མེད་པར་ཐིམ། དབང་རྟགས་སུ་དེ་བཞིན་གཤེགས་པ་ལྔ་ལྔས་དབུ་ལ་བརྒྱན། མཁའ་དབྱིངས་དབང་ཕྱུག་མའི་ཕྱག་རྒྱ་རིགས་བདག་གི་གནས་ལྔར་གཏུགས་ལ། ཨོཾ་ཨ་བྷི་ཥིཉྩ་མཾ། ལན་ལྔ། སོར་མོ་ཐམས་ཅད་ནང་དུ་བསྣོལ། །


TNT07_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོའི་ངོས་རྣམས་ཀུན་སྤྲད་ལ། །མཐེ་བོས་རྡོ་རྗེས་མནན་པ་ནི། །སྣ་དང་མིག་ཕུགས་ལྟ་བུ་སྟེ། །ཞེས་པའི་ཐོད་སྐམ་གྱི་ཕྱག་རྒྱ་ཡང་གནས་ལྔར་གཏུགས་ལ། ཧཱུཾ་བཛྲ་ཨབྷི་ཥིཉྩ་མཾ། རིན་པོ་ཆེའི་ཕྱག་རྒྱ་སྤྱི་བོར་གཏུགས་ལ། ཨེ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ། རྡོ་རྗེ་ཁུ་ཚུར་དཔྲལ་མགྲིན་སོགས་གནས་ལྔར་རེག ཨོཾ་ཊྲཱུཾ་ལན་མང་དུ་བརྗོད་པའི་མཐར། ཨོཾ་པ་ཊ་ལཾ་བ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བཛྲ་ཏུ་ཥྱ་ཧོ། ཞེས་དར་དཔྱངས་བཅིང་ངོ༌། །སྐབས་འདི་དག་ཏུ། གསང་དོན་རྣམ་པར་བཀོད་པ་དྲུག་ལས། རྡོ་རྗེ་སེམས་དཔའ་ལ་རྒྱུ་འབྲས་ཀྱི་དབྱེ་བ་མེད་དེ། གནས་ལྔ་བྱིན་རླབས་ཀྱི་རྗེས་ཐོགས་ཉིད་ལ་དབང་བསྐུར་སོགས་མཛད་ཅིང༌། རིགས་ལྷག་མ་ལྔ་ལ་དེའི་རྗེས་ཐོགས་སུ། སྐད་ཅིག་ཙམ་གྱིས་འབྲས་བུ་རྡོ་རྗེ་འཛིན་པར་བསྒྱུར་བར་མཛད་དོ། །སློབ་དཔོན་ཧཱུཾ་ཀ་རས་དྲུག་ཀ་ལ་རྒྱུ་འབྲས་རྡོ་རྗེ་འཛིན་པའི་དབྱེ་བ་དང་ཞུ་བ་གླུས་བསྐུལ་མཛད་དོ། །དེ་ནི་འབྲས་བུར་བཞེངས་ལུགས་བླ་མེད་སྤྱི་དང་མཐུན་པས་ཤིན་ཏུ་ལེགས་པར་མངོན་ལ། སྤྱིར་ཡང་རྡོར་སེམས་དང་རིགས་གཞན་ལྔ་ལ་རྒྱུ་འབྲས་རྡོར་འཛིན་བྱེད་མི་བྱེད་ཀྱི་དབྱེ་བ་ཡང་མེད་དོ། །ཡང་རྒྱུད་གཅིག་གསུངས་པའི་དཀྱིལ་འཁོར་གཅིག་གི་མངོན་རྟོགས་རྒྱས་པ་མཉམ་པོ་ལ། སྤྱི་ལྡོག་ནས་ཞུ་བ་གླུས་བསྐུལ་ཡོད་མེད་གཉིས་ཀ་འབྱུང་བ་འཁོར་ལོ་སྡོམ་པ་སོགས་དང་འདྲ་བས། རྒྱུ་རྡོར་སེམས་སྔོན་དུ་མ་བཏང་བར་ཡང་མངོན་བྱང་ལྔ་ལས་ཧེ་རུ་ཀ་སོགས་སྐྱེད་པར་རུང་ནི་རུང་ངོ༌། །རིགས་རྐྱང་ལ་དེ་ལྟར་ཡིན་པ་བཞིན་དུ་རིགས་བསྡུས་ལ་ཡང་གོ་བར་བྱའོ། །དེ་དག་ནི་རྣལ་འབྱོར་དང་པོའོ། །རྗེས་སུ་ཆགས་པ་རྣམ་མང་བདེ་བའི་པདྨོ་རྣམས། །དགའ་


TNT07_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཆོད་པས་གསལ་བར་རྗེས་སུ་མཆོད་བྱས་པས། །མཆོག་ཏུ་རྟག་པའི་རྣལ་འབྱོར་བདེ་བས་བདེ་སྒྲུབ་མཛོད། །ཨེ་མ་ཧོ་མཆོག་ཏུ་བདེ་བའི་དམ་ཚིག་ངོ་བོ་ཉིད། །མཆོག་ཏུ་བདེ་བའི་རྣལ་འབྱོར་སྐལ་བཟང་མཆོག་དགྱེས་པ། །རང་གི་དམ་ཚིག་རྟག་ལ་རོལ་ཅིག་རོལ་ཅིག་ཧོ། །ཞེས་པའི་གླུས་བསྐུལ། འཁོར་ལོས་བསྒྱུར་བ་དྲུག་གི་དབྱེ་བས། ཡབ་རྣམས་ཀྱི་གསང་གནས་ཧཱུཾ་ཨོཾ་ཧིཿཧྲཱི་ཧྲཱཾ་ཧཾ་རྣམས་ལས། རྡོ་རྗེ་འབར་བ༴ ནས། ཐམས་ཅད་ཀྱི་དྲི་མ་སྦྱངས་པར་གྱུར། རྗེས་སུ་རྣལ་འབྱོར་རོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རིགས་དྲུག་གི་གསུང་གི་ཡི་གེར་གྱུར་པ་རྣམས་སོ་སོའི་བ་སྤུའི་བུ་ག་ནས་ཞུགས། བདེ་བ་ཆེན་པོའི་གནས་སུ་འདུས་ཏེ་བྱང་ཆུབ་ཀྱི་སེམས་དང་རོ་གཅིག་པར་གྱུར་པ། འཁོར་ལོ་བཞི་ནས་བརྒྱུད་རང་རང་གི་བརྟ་ཀ་སྟེ་རྡོ་རྗེ་ནོར་བུའི་རྩེ་མོར་ཕྱིན། ཡང་རྗེས་ཆགས་ཀྱི་འོད་ཟེར་ཀྱིས་འགྲོ་བ་ཐམས་ཅད་སྦྱངས། རིགས་དྲུག་གི་དཀྱིལ་འཁོར་དང་རྡོ་རྗེ་རྣམ་པ་གསུམ་གྱི་གོ་འཕང་ལ་བཀོད། སླར་འདུས་ཏེ་ཐིམ་པ་ཤེས་རབ་མ་དྲུག་པོ་རྣམས་ཀྱི་དབང་གི་གནས་སོ་སོར་གཞལ་ཡས་ཁང་སོ་སོ་ལྷའི་གདན་དང་བཅས་པར་གྱུར། ལྷ་སོ་སོའི་གནས་སུ་རང་མདོག་དང་མཐུན་པའི་ཐིག་ལེ་རེ་རེ། དེ་རྣམས་ཡོངས་སུ་གྱུར་པ་ལས། ཆོས་ཀྱི་སྙིང་པོའི་ཡི་གེ་སྟེ་ས་བོན་རྣམས་སུ་གྱུར། དབུས་ཀྱི་རྣམས་གཙོ་བོ་དྲུག་པོ་རྣམས་སུ་གྱུར། ཕྱིའི་དཀྱིལ་འཁོར་གྱི་གཙོ་མོ་དྲུག་པོ་


TNT07_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་མཁའ་ནང་ནས་ཕྱིར་སྤྲོས། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨཱཿཛ་ཧཱུཾ་བཾ་ཧོ་སུ་ར་ཏ་གྷཾ། ཨོཾ་བྷུ་ཁཾ། ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཡ་ཧྲཱིཿསརྦ་དུཥྟན་ས་མ་ཡ་མུ་དྲ་པྲ་པཉྫ་ཀ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་ནིརྟེ་ཤྭ་ར་ཧྲཱིཿཛ། ཨོཾ་སིདྡྷྱཾནྟུཿས་མ་ཡཿསིདྡྷྱ་མཧཱ་བཛྲ་རཏྣ་བ་བ་ཊ་ཊ་ཏྲཾ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། སྤྲུལ་པ་དཔག་ཏུ་མེད་པ་སྤྲོས། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་ཁྱད་པར་ཅན་ཐམས་ཅད་མཛད། སེམས་ཅན་ཐམས་ཅད་རྒྱལ་བ་རིགས་དྲུག་གི་གོ་འཕང་ལ་བཀོད། སོ་སོ་རེ་རེར་གཅིག་ཏུ་འདུས་ནས། རིགས་དྲུག་གི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་ཐུགས་ཀར་ཐིམ། འཁོར་གྱི་ལྷ་མོ་རྣམས་ཀྱང་རྒྱས་པར་ན། རང་སྔགས་ཀྱིས་འབྱིན་པ་ཡིན་ཡང༌། མདོ་ཙམ་ན་ས་བོན་གྱིས་ཕྱུང་བས་ཆོག་སྟེ། ཛཿབདེ་མཆོག་མ་དཀར་མོ་མདའ་གཞུ་འགེངས་པ་དང༌། ཧཱུཾ་ཨེ་མ་ཧོ་བདེ་མ་གསེར་མདོག་ལིང་ག་རྡོ་རྗེས་མཚན་པ་དང་བྷ་ག་རིན་པོ་ཆེས་མཚན་པ་འཛིན་པ་དང་བཾ་སྣང་མཛད་མ་དམར་མོ་སྣ་ཚོགས་རྡོ་རྗེ་དང་བདུད་རྩིའི་ཐོད་པ་འཛིན་ཞིང་ཁ་ཊྭཱཾ་ག་གྲུ་མོར་བརྟེན་པ་དང༌། ཧོཿསློབ་པ་མོ་ལྗང་ཁུ་གཡས་མདའ་འཛིན་པས་འཁྱུད་པའི་ཚུལ་དང་གཡོན་སངས་རྒྱས་ཀྱི་སྐུ་གཟུགས་ཀྱིས་མཚན་པའི་བདུད་རྩིའི་བུམ་པ་འཛིན་པ་རྣམས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་དབུས་ཀྱི་པདྨ་འདབ་མ་བཞི་ལ་ཤར་སོགས་གཡས་སྐོར་གྱིས་གནས་པའོ། །ཨཱཾ་སངས་རྒྱས་བྱང་ཆུབ་མ་དཀར་དམར་ཚངས་པའི་མགོ་བོས་མཚན་པའི་མདའ་


TNT07_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དུས་གཅིག་ཏུ་འཐེན་པའི་ཚུལ་དང་གཞུ་འཛིན་པ། བྷྲུཾ་ཆོས་ཀྱི་འཁོར་ལོ་མ་དཀར་སེར་གཡས་པའྀ་གུང་མོ་ལ་འཁོར་ལོ་དམར་པོ་དང་སྔོན་པོ་གཉིས་བསྐོར་ཞིང་གཡོན་དཀུར་བསྟེན་པ། ཧཿཁམས་གསུམ་རྣམ་རྒྱལ་མ་དམར་སྐྱ་གཡས་མདུང་རྩེ་གསུམ་འཕྱར་ཞིང་གཡོན་རྡོ་རྗེ་ཐུགས་ཀར་བསྟེན་པ། ཁཾ་འདོད་པའི་དབང་མོ་ལྗང་ཁུ་དཔག་བསམ་ཤིང་གི་ལྕུག་མ་རླུང་གིས་བསྐྱོད་པ་འཛིན་ཞིང་གར་མཛད་པ་རྣམས་རེ་མིག་བརྒྱད་ཀྱི་ཤར་སོགས་ཕྱོགས་བཞིར་གཡས་སྐོར་གྱིས་འཁོད། ཨོཾ་གླིང་བུ་མ་སྔོན་མོ། ཧཾ། པི་ཝང་མ་སེར་མོ། ཝཾ། རྔ་ཆེན་མ་དམར་མོ། སཾ། རྫ་རྔ་མ་ལྗང་ཁུ་རྣམས་རེ་མིག་གི་ཤར་ལྷོ་ནས་བརྩམས་ཏེ་གཡས་སྐོར་གྱིས་འཁོད། ཨོཾ་མེ་ཏོག་མ་དམར་སེར། ཨཱཿསྤོས་མེ་མ་དཀར་མོ། ཨཾ་མར་མེ་མ་དམར་མོ། ཨཿ དྲི་ཆབ་མ་ལྗང་ཁུ་རྣམས་ཕྱིའི་མཚམས་ཀྱི་གྲྭ་བཞི་ལ་མེ་ནས་བརྩམས་ཏེ་གཡས་སྐོར་གྱིས་འཁོད། གླིང་བུ་མ་ལ་སོགས་པ་བརྒྱད་རང་རང་གི་མིང་དང་མཐུན་པའི་ཕྱག་མཚན་རྡོ་རྗེས་མཚན་པ་འཛིན་པ། བདེ་མཆོག་མ་ལ་སོགས་པའི་ལྷ་མོ་བཅུ་དྲུག་པོ་དེ་རྣམས་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྒེག་མཛེས་ཆགས་པའི་ཉམས་ཅན། འོད་ཀྱི་དཀྱིལ་འཁོར་འབར་བ། འགྱིང་བག་གི་ཚུལ་དང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་དག་ནི་རྡོར་སེམས་ཀྱི་ཐུན་མོང་མ་ཡིན་པའི་ལྷ་ཚོགས་སོ། ཛཿ རྟ་མགྲིན་འཕངས་མཐོ་


TNT07_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

མ་དཀར་མོ་རྟ་གདོང་ཅན་ལྕགས་ཀྱུ་དང་ཐོད་པ་བདུད་རྩིས་གང་བ་འཛིན་པ། ཧཱུཾ་ཕག་གདོང་མ་སྔོན་མོ་མཆེ་བ་དང་ཞགས་པ་འཛིན་པ། བཾ། སྣང་བ་མ་དམར་མོ་ཁྱི་གདོང་ཅན་ཉི་ཟླས་མཚན་པའི་ལྕགས་སྒྲོག་འཛིན་པ། ཧོཿ ཐལ་བར་འཇིགས་བྱེད་རོ་ལངས་མ་ལྗང་ཁུ་སེར་གེའི་གདོང་ཅན་དྲིལ་བུ་དང༌། འོད་དཔག་མེད་པའི་སྐུས་མཚན་པའི་ཐོད་པ་བདུད་རྩིས་གང་བ་འཛིན་པ་རྣམས་གཉིས་གཉིས་སྤྲོས་ཏེ། དཀྱིལ་འཁོར་དབུས་མ་དང་ཕྱི་རོལ་གཞི་དཀྱིལ་གྱི་ཤར་སོགས་སྒོ་བཞི་ལ་གཡས་སྐོར་གྱིས་འཁོད། དེ་རྣམས་ཀྱང་རང་རང་གི་ཕྱག་མཚན་ལ་རྡོ་རྗེས་མཚན་པ་སྟེ་གཏུམ་ཞིང་ཁྲོས་ལ། དུར་ཁྲོད་ཀྱི་ཆས་དང་ལྡན་པ་གཡས་པ་བརྐྱང་ཞིང་གནས་པ་མེ་དཔུང་འབར་པའི་དབུས་ན་བཞུགས་པའོ། །དེ་དག་ནི་རྡོར་སེམས་དང་གཞི་དཀྱིལ་གྱི་སྒོ་མ་རྣམས་སོ། །ཧཾ་སངས་རྒྱས་ཀུན་བརྗོད་མ་དཀར་མོ་ལྗགས་ཀྱིས་མཚན་པའི་པདྨ་འཛིན་པ། ཧཱུཾ་ཤིན་ཏུ་རྒྱལ་མ་སེར་མོ་ཕྱག་གཉིས་ཐལ་མོ་རྡེབ་པ། ཏྲཱཾ། ཀུན་ནས་བཟང་མོ་དམར་མོ་རྡོ་རྗེ་རྩེ་ལྔ་དང་རིན་པོ་ཆེའི་ཟ་མ་ཏོག་འཛིན་པ། དྷཾ། མི་ཟད་པའི་སྣོད་མ་སྣ་ཚོགས་མདོག་ནོར་བུས་གང་བའི་སྣོད་དང་ཆོས་དུང་འཛིན་པ་རྣམས་རྣམ་སྣང་གི་དཀྱིལ་འཁོར་གྱི་པད་འདབ་བཞི་ལ་འཁོད། ཨོཾ་སངས་རྒྱས་ཀུན་ལྡན་མ་དམར་སེར་རྒྱལ་བ་མི་བསྐྱོད་པའི་སྐུ་ཐུགས་ཀར་འཛིན་པ། བྲུཾ། ཞལ་བཟང་མ་དཀར་མོ་མེ་ལོང་གི་མདོག་ཅན་མེ་ལོང་དང་རྔ་ཡབ་འཛིན་པ། ཧ། སྤྲིན་


TNT07_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མ་སྔོན་མོ་སེར་བ་འབེབས་པའི་རྡོ་རྗེའི་སྤྲིན་འཛིན་པ། ཁཾ། ནམ་མཁའི་སྤྱན་མ་སེར་སྐྱ་པདྨ་མིག་འབྲས་ཀྱིས་མཚན་པ་འཛིན་པ། རེ་མིག་བརྒྱད་ཀྱི་ཤར་སོགས་ཕྱོགས་བཞིར་གཡས་སྐོར་གྱིས་འཁོད། ཨོཾ། གླིང་བུ་མ་ཞེས་པ་ནས། མེ་དཔུང་འབར་བའི་བར་མཆོད་ལྷ་བརྒྱད་དང༌། སྒོ་མ་བཞི་པོ་སྔར་དང་འདྲ་བ་ལས། བདུད་རྩིས་གང་བ་འཛིན་པ་རྣམས་སྤྲོས་ཏེ་སྒོ་བཞི་ལ་གཡས་སྐོར་གྱིས་འཁོད། ཅེས་འདོན་པ་སྤོ། ཕྱག་མཚན་ལ་རྡོ་རྗེས་མཚན་པ་ཞེས་པའི་གནས་སུ། འཁོར་ལོས་མཚན་པ་སྟེ། དེ་དག་ནི་རྟག་པ་སྟེ་རྣམ་སྣང་གི་ལྷ་ཚོགས་སོ། །ཧྲཱིཿ གོ་རཱི་དཀར་སེར་ཅུང་ཟད་ཞི་བའི་མདངས་ཅན་ཞལ་བཞི་པ་ཕྱག་བརྒྱད་ཀྱིས་མདའ་གཞུ་འགེངས་པས་ཚངས་པའི་མགོ་བཞི་འབིགས་པ། ཧྣི། ཙཽ་རི་དམར་སེར་དྲག་མོའི་ཉམས་ཅན་གཡས་གུང་མོས་འཁོར་ལོ་རྩིབས་བརྒྱད་པ་གཏོད་པ། གཡོན་ཐུགས་ཀར་ལྕགས་ཀྱུ་འཛིན་པ་ཁ་ཊྭཱཾ་ག་ལ་འཁྱུད་པ། ཛྫིཿ པྲ་མོ་ཧ་དམར་ནག་རྨོངས་བྱེད་ཀྱི་ཚུལ་ཅན་སྟེང་ཞལ་ཕག་གདོང་ཅན་ཕྱག་དང་པོ་གཉིས་རྩེ་གསུམ་དང་ཐོད་པ། འོག་མ་གཉིས་འཁོར་ལོ་དང་ཁུ་ཚུར་བཅིངས་པ། གཡས་བརྐྱང་གི་སྟབས། ཛིཿ བཻ་ཏཱ་ལི་དཀར་མོ་ཤི་བ་སློང་བའི་ཚུལ་ཅན། ཐོད་པ་བདུད་རྩིས་གང་བ་དང༌། བ་དན་གསུམ་པའི་ཕྱག་རྒྱ་མཛད་པ་རྣམས་ཕྱོགས་བཞིའི་རེ་མིག་ལ་འཁོད། ཧཱུཾ། པུཀྐ་སི་སྣ་ཚོགས་པའི་མདོག་དང་གར་གྱི་སྟབས་ཅན། རྡོ་རྗེ་རྩེ་ལྔ་དང་


TNT07_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་བསམ་ཤིང་གི་ལྕུག་མ་འཛིན་པ། འདིའི་སྐུ་མདོག་གི་ཁྱད་པར་ནི། བོལ་བཞི་བརླ་དཔུང་དཀར་བ་ལ། ལུས་སྒྲོལ་ཉ་བཞི་དམར་བ་སྟེ། །ཕྱག་མཆོག་ལོ་མ་སྔོན་པོ་འདྲ། །ཞེས་གསུངས་ཤིང༌། ཞལ་རས་སྔོན་པོར་དོན་གྱིས་ཐོབ་བརླ་སེར་སྐྱར་བཤད་པ་ཡང་ཡོད་དོ། །ཕཊ་ཙཎྜ་ལི་སྔོ་ནག་དགུགས་སྐྱོད་པའི་ཚུལ་ཅན་རླུང་རས་རྡོ་རྗེས་མཚན་པ་དང་ཏྲི་ཤུ་ལ་འཛིན་པ། ཧཱུཾ། གྷསྨ་རི་སེར་ནག་མི་རོ་ཟ་བའི་ཚུལ་ཅན་རལ་གྲི་དང་མེ་ཐབ་འཛིན་པ། ཕཊ། སྨེ་ཤ་མ་མཐིང་ནག་རྣམ་པར་གཡེང་བའི་ཚུལ་ཅན་གཡས་གཉིས་རྡོ་རྗེ་དང་དུང་དམར། གཡོན་གཉིས་བཤོར་ཐོད་དང་ཞགས་པ། ཁ་ཊྭཱཾ་ག་སེ་རལ་ཁར་ཐོགས་པ་རྣམས་མཚམས་ཀྱི་རེ་མིག་བཞི་ལ་འཁོད། དེ་ལྟར་ཁྲོ་མོ་བརྒྱད་པོ་རྣམས་ནི། ཞིང་ལྤགས་དང་དར་གྱི་ན་བཟའ་གསོལ་བ། སྦྲུལ་དང་ཐོད་འཕྲེང་དང་རིན་པོ་ཆེས་བརྒྱན་པ། པད་ཉི་རོའི་གདན་ལ་གར་སྟབས་ཀྱིས་བཞུགས་པའོ། །མེ་མདའ་འཛིན་མ་དཀར་མོ་མདའ་གཞུ་ཐོགས་པ། ཝཾ། ཁ་ཊྭཱཾ་འཛིན་མ་སེར་མོ་ཁ་ཊྭཱཾ་ག་དྲིལ་བུར་བཅས་པ་ཐོགས་པ། ཡཾ། འཁོར་ལོ་འཛིན་མ་དམར་སེར་འཁོར་ལོ་རྩིབས་བརྒྱད་འཛིན་པ། རཾ། སྣ་ཚོགས་བ་དན་འཛིན་པ་ལྗང་ཁུ་བ་དན་ལ་དྲིལ་བུ་དཔྱངས་པ་འཛིན་པ། གཙོ་བོའི་པདྨའི་འདབ་མ་བཞི་ལ་འཁོད། མེ་ཏོག་མ་སོགས་ལྷག་མ་སྔར་དང་འདྲ་བ་ལས། ཁྲོ་བོའི་ཉམས་དང་ལྡན་ཞིང༌། ཕྱག་མཚན་གྱི་སྐབས། ཁྲོ་བོའི་རྡོ་རྗེས་མཚན་པ་ཞེས་བྱའོ། །དེ་དག་ནི་ཧེ་རུ་ཀའི་ལྷ་ཚོགས་རྣམས་སོ། །


TNT07_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿ རྣམ་གཟིགས་མ་དམར་མོ་ཕྱག་གཡས་པས་པདྨ་དམར་པོ་སྙེམས་པའི་ཚུལ་གྱིས་འཛིན་ཞིང་གཡས་པས་ཁ་འབྱེད་པ། ཧཱུཾ། སྒྲོལ་མ་ལྗང་ཁུ་པདྨ་སྔོན་པོའི་སྡོང་བུ་དཀུར་བསྟེན་ཞིང་གཡས་པས་དེ་ཉིད་འདྲེན་པ། བཾ། ས་འཛིན་མ་སྔོན་མོ་འཁོར་ལོ་དང་པད་དཀར་འཛིན་པ། ཧོཿ ཁྲོ་གཉེར་མ་དཀར་མོ་མདུང་རྩེ་གསུམ་པའི་ཕྱག་རྒྱས་གར་བྱེད་ཅིང་ཨུཏྤལ་མཐིང་ག་འཛིན་པ་རྣམས་འདབ་མ་བཞི་ལ་འཁོད། ཧཱུཾ། གཏུམ་པའི་དབང་ཕྱུག་མ་དཀར་མོ་གཡས་རྡོ་རྗེ་གཏོད་ཅིང༌། གཡོན་པདྨ་དམར་པོ་འཛིན་པ། ཧེ། སྣ་ཚོགས་པདྨོ་མ་སྔོ་ལྗང་འཁོར་ལོ་གྱེན་དུ་གཏོད་པ་དང་སྣ་ཚོགས་པདྨོ་འཛིན་པ། ཨཱཿ པདྨའི་ན་བཟའ་མ་གསེར་མདོག་ཆུ་སྲིན་གྱི་རྒྱལ་མཚན་དང་པདྨ་སེར་པོ་འཛིན་པ། ཧོཿ པདྨའི་དབང་ཕྱུག་མ་དམར་མོ་རྡོ་རྗེ་རྩེ་ལྔ་དང་པདྨ་དམར་པོ་འཛིན་པ། རེ་མིག་བརྒྱད་ཀྱི་སོགས་འགྲེ། གླིང་བུ་མ་སོགས་སྔར་དང་འདྲ་བ་ལས། ཆགས་པའི་ཉམས་ཅན་པདྨའི་འཕྲེང་བས་ཀླུབས་པའོ། །དེ་དག་ནི་པདྨ་གར་དབང་གི་ལྷ་ཚོགས་སོ། །ཨོཾ་དབང་བསྐུར་མ་དམར་མོ་རྡོ་རྗེས་མཚན་པའི་རིན་པོ་ཆེའི་ཅོད་པན་འཛིན་པ། ཧྲཱིཿ གཏེར་ལྡན་མ་སེར་མོ་རིན་པོ་ཆེས་གང་བའི་བུམ་པ་འཛིན་པ། ཧོཿ རྒྱལ་མཚན་མཆོག་ལྡན་མ་དཀར་དམར་རྒྱལ་མཚན་ནོར་བུའི་ཏོག་ཅན་འཛིན་པ། ཧཾ། མཆོད་ཆེན་མ་ལྗང་ཁུ་རྫས་སྣ་ཚོགས་ཀྱིས་གང་བའི་སྣོད་འཛིན་པ་རྣམས། རྡོ་རྗེ་ཉི་མའི་དཀྱིལ་འཁོར་གྱི་དབུས་ཀྱི་འདབ་མ་བཞི་ལ་འཁོད། ཛཿ


TNT07_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་གཞུ་མ་དམར་སེར་མདའ་གཞུ་འཛིན་པ། ཧཱུཾ། རལ་གྲི་སྔོན་མོ་རལ་གྲི་དང་ཁྲ་ཊྭཱཾ་ག་འཛིན་པ། བཾ། ཉི་མ་དམར་སེར་ཉི་མའི་དཀྱིལ་འཁོར་འཛིན་པ། ཧོཿ མེ་འབར་མ་ལྗང་དམར་རྡོ་རྗེས་མཚན་པའི་མེ་ཐབ་འཛིན་པ་རྣམས་རེ་མིག་གི་ཕྱོགས་བཞིར་འཁོད། གླིང་བུ་མ་སོགས་སྔར་དང་འདྲ་བ་ལས། ཕྱག་མཚན་གྱི་སྐབས། ནོར་བུ་རིན་པོ་ཆེས་མཚན་པ་སྐུ་ལ་ནོར་བུ་དམར་པོའི་མདངས་འོད་འཕྲོ་བའོ། །དེ་དག་ནི་རྡོ་རྗེ་ཉི་མའི་ལྷ་ཚོགས་སོ། །རྟའི་རྒྱལ་པོའི་དཀྱིལ་འཁོར་ལ་ནི། ཛཱིཿ རྟ་མཆོག་གི་གཡས་སུ་ལྷ་མོ་སྣ་ཚོགས་པདྨ་མ་ལྗང་སེར། ཧཿ རྟ་མཆོག་གི་གཡོན་དུ་ལྷ་མོ་སྣ་ཚོགས་རྡོ་རྗེ་མ་ལྗང་ཁུ། གཉིས་ཀའང་གཡས་རང་མིང་དང་མཐུན་པའི་ཕྱག་མཚན་དང༌། གཡོན་ཐོད་ཁྲག་འཛིན་པ། ཁྲོ་མོའི་ཆ་བྱད་རྫོགས་པའོ། །དཀྱིལ་འཁོར་གཅིག་པའི་སྐབས། རིགས་བཞི་ཇི་ལྟར་སྦྱར་ཀྱང་རུང་བ་ལས། ལས་དང་རིན་ཆེན་ཕྱོགས་མཚུངས་རྒྱུད་སྡེ་སྤྱི་ལུགས་ཀྱི་ཕྱིར་ངེས་པར་རྡོ་རྗེ་ཉི་མ་དང་མཚུངས་པ་ཡིན་པས་ཞི་དཀྱིལ་དུ་བྱེད་ན་དེ་ལྟར་བྱ་ལ། ཡང་རྣམ་སྣང་དང་མཚུངས་པར་འདོད་པའང་ཡོད་དོ། ཁྲོ་དཀྱིལ་དུ་བྱེད་ན་ཧེ་རུ་ཀའི་ལུགས་བཞིན་ནོ། །དེ་ལ་རྟ་མཆོག་ཁྲོ་བོ་གཙོ་ཆེ་བས། ཧྲཱིཿ གཽ་རཱི་དཀར་སེར་ཞེས་སོགས་ལ། ཕྱག་རྒྱ་མཛད་པ་རྣམས་སྣ་ཚོགས་རྡོ་རྗེའི་ཤར་ལ་སོགས་པའི་དབུས་ཀྱི་རྭ་བཞི་ལ་འཁོད། ཅེས་པ་དང༌། སེ་རལ་ཁར་ཐོགས་པ་རྣམས་སྣ་ཚོགས་རྡོ་རྗེའི་རྭ་བར། མཚམས་བཞི་ལ་འཁོད། ཅེས་འདོད་པ་སྤོ། །མཾ་མདའ་འཛིན་མ་ནས་འདབ་མ་བཞི་ལ་འཁོད་ཀྱི་བར་མི་དགོས། ཨ་མེ་ཏོག་མ་སོགས། གོང་དུ་བཤད་པ་ལྟར་


TNT07_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ལྷ་མོ་ཐམས་ཅད་ཀྱི་ཕྱག་མཚན་ལ་སྣ་ཚོགས་རྡོ་རྗེས་མཚན་པའོ། །དེ་ལྟར་ཡེ་ཤེས་ཀྱི་ལྷ་ཚོགས་མངོན་དུ་བཞེངས་པ་ན། ཉི་མ་དང་ཉི་མའི་འོད་ཟེར་གྱི་ཚུལ་དུ་ཤར་དུ་ལྷ་ཆེན་བརྒྱད་དང་ཕྱོགས་སྐྱོང༌། ལྷོར་གཤིན་རྗེ་དང་མ་མོའི་ཚོགས། ནུབ་ཏུ་ཕོ་ཉ་དང་ཀླུ་ཆེན་བརྒྱད། བྱང་དུ་གནོད་སྦྱིན་བརྒྱད་དང་འབྱུང་པོའི་ཚོགས། གཞན་ཡང་བཀའ་སྡོད་དམ་ཅན་སྲིད་པ་གསུམ་གྱི་འབྱུང་པོ་དཀྱིལ་འཁོར་ལ་མངོན་པར་དད་པ་མཐའ་ཡས་པའི་ཚོགས་རྣམས་ཕྱི་རོལ་འཇིག་རྟེན་པའི་སྣམ་བུ་ལ་འཁོད་པར་གྱུར། རིགས་བསྡུས་ཀྱི་སྐབས་འདིར་ལྷ་མོ་ཐམས་ཅད་རང་སྣང་གི་ཡབ་དང་བཅས་པ་འདོད་པའི་སྐབས་ཀྱང་ཡོད་མོད་ཀྱི། མཐའ་གཅིག་ཏུ་ངེས་པར་དགོས་པའང་མ་ཡིན་པས། ཐམས་ཅད་འཁོར་ལོས་བསྒྱུར་བའི་རིག་མར་བྱས་ན་བསྒོམ་པ་བདེའོ། །དེ་ལྟར་ན་དཀྱིལ་འཁོར་དྲུག་ལྟར་ལ་འཁོར་གྱི་ལྷ་མོ་བརྒྱ་དང་ཉི་ཤུ་རྩ་གཉིས། དཀྱིལ་འཁོར་ཕྱི་མ་ལ་སྒོ་བ་བཞི། དེ་སྟེང་གཙོ་བོ་ཡབ་ཡུམ་བཅུ་གཉིས་ཏེ། བརྒྱ་དང་སོ་བརྒྱད་དོ། །གཙོ་བོ་ཡབ་ཡུམ་གཉིས་མེད་དང༌། རྡོར་སེམས་དཀྱིལ་འཁོར་དང་གཞི་དཀྱིལ་གྱི་སྒོ་བ་རྣམས་རིགས་མཐུན་སྡོམ་པས། བརྒྱ་དང་ཉི་ཤུ་རྩ་བརྒྱད་དུའང་བཤད་པ་ཡིན་ནོ། །སྤྱིར་དཀྱིལ་འཁོར་དགུ་པའི་དབང་དུ་བྱས་ནས། ཉིས་བརྒྱ་དང་དྲུག་གམ། ཞེ་གཉིས་སམ། དྲུག་ཅུའི་བར་གྱི་རྣམ་གཞག་ཀྱང་ཡོད་དོ། །བླ་མ་གོང་མ་རྣམས་དཀྱིལ་འཁོར་དྲུག་ཚོམས་ལ་གཙོ་བོར་མཛད་པ་རྐྱང་པར་འདུག་པ་དང༌། ཅུང་ཟད་བསྡུས་པ་ཉེ་བར་འཁོ་བའི་ཕྱིར་འདིར་དཀྱུས་ལ་དྲུག་པའི་དབང་དུ་བྱས་ཏེ་བཤད་པ་ཡིན་ནོ། །འོན་ཀྱང་བདག་གི་རྣམ་པར་རྟོག་པ་ནི་དཀྱིལ་འཁོར་དགུ་པ་ཉིད་བཟང་ཞིང༌། རྟ་མཆོག་ལ་པད་འདབ་ཀྱི་ལྷ་མོ་རྣམས་ཀྱི་དོད་སྣ་ཚོགས་


TNT07_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དང་སྣ་ཚོགས་རྡོ་རྗེ་མ་གཉིས་ཉིད་ཡིན་པས། དཀྱིལ་འཁོར་སོ་སོའི་འདབ་མའི་ལྷ་མོ་རྣམས་སྤངས་པ་ཉིད་ཡིན་པར་ངེས་སོ་སྙམ་མོ། །ཡང་རྡོར་སེམས་དང་རྣམ་སྣང་གི་ལྷ་རྣམས་སེམས་དཔའི་སྐྱིལ་ཀྲུང༌། ཧེ་རུ་ཀའི་རྣམས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས། གར་དབང་གི་རྣམས་སྐྱིལ་ཀྲུང་ཕྱེད་པའི་རོལ་པས་བཞུགས་པ། རྡོ་རྗེ་ཉི་མའི་རྣམས་རྡོ་རྗེའི་སྐྱིལ་ཀྲུང། རྟ་མཆོག་གི་རྣམས་ཁྲོ་བོའི་སྐྱིལ་ཀྲུང་སྟེ། བརྐྱང་བསྐུམ་མོ་ཞེས་ཀྱང་འགའ་ཞིག་ལས་འབྱུང་ངོ༌། །དེ་དག་ནི་ཤིན་ཏུ་རྣལ་འབྱོར་ཞེས་བྱའོ། །དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་མིག་དང་གཟུགས་ཕུང་ལ་རྣམ་པར་སྣང་མཛད། རྣ་བ་དང་ཚོར་བ་ལ་རྡོ་རྗེ་ཉི་མ། ལྕཻ་དང་འདུ་ཤེས་ལ་པདྨ་གར་དབང༌། སྣ་དང་འདུ་བྱེད་ལ་རྟ་མཆོག ཡིད་དང་རྣམ་ཤེས་ལ་ཧེ་རུ་ཀ ལུས་དང་ཡེ་ཤེས་ལ་རྡོ་རྗེ་སེམས་དཔའོ། །སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་ནས་ཡེ་ཤེས་ཀྱི་འཁོར་ལོ་བཛྲ་ས་མཱ་ཛཿ བཛྲ་པུཥྤེ་པུ། དྷཱུ་པེ་དྷུ། ཨཱ་ལོ་ཀི་ཧྲི། གནྡྷེ་གཾ སརྦ་པཱུ་ཛ་སྥ་ར་ཎ་ཧཱུཾ། ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བཞིས་བདུད་རྩིའི་བུམ་པས་ཁྲུས་བྱས་ཤིང་གནས་གསུམ་དུ་དབང་བསྐུར། དྲི་མ་ཐམས་ཅད་དང་བྲལ་བར་བྱས། ལྷ་རྣམས་ཀྱི་སྤྱི་བོ་ནས་གཉིས་སུ་མེད་པར་ཐིམ། ཛཿཧཱུཾ་བཾ་ཧོཿ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཾ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲིཿ ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨ། ཨོཾ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ། པ་ཊ་ལཾ་བ་ཧཱུཾ། ཨོཾ་བཾཾ་བཛྲ་རུཥྟུ་ཧེཿ ཁཾ་ཨ་བྷི་ཥིཉྩ་མཾ། ཞེས་རྣམ་སྣང་གི་ལྷ་ཚོགས་དང༌། ཧི་ཨ་བྷི་ཥིཉྩ་མཾ། ཧེ་རུ་ཀའི་དང་། ཧྲཱིཿཨ་བྷི་ཥིཉྩ་མཾ། པདྨ་གར་དབང་གི་དང༌། ཏྲཱཾ་ཨ་བྷི་


TNT07_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

ཥིཉྩ་མཾ། ཞེས་རྡོ་རྗེ་ཉི་མའི་དང༌། ཧཾ་ཨ་བྷི་ཥིཉྩ་མཾ། ཞེས་རྡོ་རྗེ་རྟ་མཆོག་གི་དཀྱིལ་འཁོར་ལ་དབང་བསྐུར་རོ། །རྣལ་འབྱོར་གྱི་ཡན་ལག་ལ། མཆོད་པ། བསྟོད་པ། བཟླས་པ། ཐིག་ལེ་ཕྲ་མོ་སྟེ་ལྔ་ལས། དང་པོ་ནི། ཨོཾ་ཨཱཿཧཱུཾ་ཨ་ཏི་བྷུ་ཧོ། བནྡྷ་ནཾ་ཀ་རོ་མི། གུ་རུ་པ་ཏི་ཨ་ལ་ལ་ཧོ། ཞེས་ཕྱག་བྱ། ཨོཾ་འབྱུང་བ་ཆེན་པོ་ཐམས་ཅད་འབྱུང༌། སྟོང་གསུམ་རྡུལ་སྙེད་མ་ལུས་པའི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ལྷ་མོའི་ཚོགས་རྣམས་མ་ལུས་སྤྲོ། །མེ་ཏོག་བདུག་པ་མར་མེ་མ། །དྲི་མཆོག་ཀུན་གྱིས་མཆོད་པར་བྱ། །ཨོཾ་པ་ན་པོ་ནུ་པུར་ར་ཏི་པུ། སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུཾ། ཞེས་མཆོད་པ་སྤྲུལ། ཨོཾ་བཛྲ་པུཥྤེ། བཛྲ་དྷུ་པེ། བཛྲ་ཨཱ་ལོ་ཀེ བཛྲ་གནྡྷེ། པྲ་ཏིཙྪ་ཧོ། ཤྲཱི་བྷཾ་ག་ཝཱན། ཁ་ཁ་ཁཱ་ཧི། ཞེས་ཕུལ། གཞན་ཡང༌། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། སོགས། ཤཔྟའི་བར་དུ་སྦྱར་རོ། །དེ་ནས་ཧཱུཾ་ཞེས་སྐད་གསངས་མཐོན་པོས་གླུར་བླང་སྟེ། དཔལ་རྡོ་རྗེ་སེམས་དཔའི་གླུའི་ཕྱག་རྒྱ་བཅིངས། འདི་ལ་ཆོས་ཀྱི་སྙིང་པོའི་གསལ་ཁ་གཞུང་རྣམས་ན་མེད། ཀུན་ཏུ་བཟང་མོ་ལ་སྔགས་ལོགས་པའང་མེད་མོད། ཡབ་ཡུམ་གཉིས་སུ་མེད་པ་ཉིད་ཀྱི་ཕྱིར་གཙོ་བོའི་སྙིང་པོ་བརྗོད་དོ། །རྡོ་རྗེ་སེམས་དཔའ་བདེ་ཆེན་སྐལ་བཟང་དཔལ་ཁྱོད་བདག་ཅག་བསྒྲུབས་ལ་རྟོགས་པར་མཛད་དུ་གསོལ། ཀྱཻ། དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་བདེ་བ་མཁའ་འགྲོ་སྒྱུ་མའི་ཚོགས་རྣམས་བདེ་བའི་མཆོག །འགྲོ་བའི་རྒྱུད་རྣམས་རྣམ་པ་སྣ་ཚོགས་འདུལ་མཆོག་གྲུབ་པ་བདག་ལ་གྲུབ་པར་མཛད་དུ་གསོལ། །ཨ་ལ་ལ་ཧོ། དེ་བཞིན་གཤེགས་པའི་སྦྱོར་བ་རྣམ་པ་


TNT07_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་གར་རྣམས་བསྟན་དུ་གསོལ། །ཛཿཧཱུཾ་བཾ་ཧོཿ ཀྱཻ་མ་བདེ་མཆོག་བདེ་བས་བཟུང་ལ་རྣམ་པར་སྤྲུལ་ཧཱུཾ་སྣང་བར་མཛད་དུ་གསོལ། །ཨ་ལ་ལ་ལ་ལ་ཧོ། དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མས་སློབ་མ་བཟུང་དུ་གསོལ། །རབ་ཏུ་དགའ་བ་རྗེས་སུ་ཆགས་པའི་མདའ་གཞུ་རབ་ཏུ་ཕྲ་བས་རྒྱས་བཏབ་པའི། །རབ་ཏུ་དགའ་བའི་སྦྱོར་བའི་བདེ་བས་མྱོས་པའི་བདེ་བས་ཐམས་ཅད་བདག་ལ་གྲུབ་པར་མཛོད། །རབ་ཏུ་བདེ་མཆོག་རྣམ་པ་སྣ་ཚོགས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེང་བའི་ལོངས་སྤྱོད་དང༌། །རབ་ཏུ་དགའ་བའི་དབང་ཕྱུག་ཆེ་མཆོག་གྲུབ་པ་དེ་བཞིན་གཤེགས་པ་རབ་ཏུ་སྣ་ཚོགས་བདེ་མཆོག་རོལ་ཅིག་ཧོཿ ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའི་གླུའོ།། རྣམ་པར་སྣང་མཛད་ཀྱི་གླུའི་ཕྱག་རྒྱ་བཅིངས་ལ། ཨཽཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྵ་སིདྡྷི་ལོ་ཙ་ནེ། སརྦ་ཨརྦ་སིདྡྷ་ནི་སྭཱ་ཧཱ། ཞེས་ཆོས་ཀྱི་སྙིང་པོ་ལྷ་མོ་རྣམས་ཀྱི་ལྕེ་ལ་བཀོད་དེ། ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པ་ནི། སོགས་དང༌། ཨོཾ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་པ་གྲུབ་པར་མཛོད། །དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛོད། །མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད། །མཉམ་པ་ཆེན་པོའི་གནས་ལ་རོལ་དུ་གསོལ། །རྟག་པའི་གླུའོ། །དཔལ་ཧེ་རུ་ཀའི་གླུའི་ཕྱག་རྒྱ་དང༌། སུབྷ་གསྟ་མ་ཧཱ་ན་དེ་བོ། ཧ་རི་མི་རི། ཤྲི་ཡེ། ཞེས་བཀོད་ལ།


TNT07_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་རྡོ་རྗེ་ལས་ཀྱི་མདའ་གཞུ་ལ་ཕྱག་འཚལ། །རྡོ་རྗེ་ཆགས་པའི་དམ་ཚིག་དཔལ་ཁྱོད་འདུད། །རྡོ་རྗེ་ཁ་ཊྭཱཾ་རབ་ཏུ་འཇིགས་ལ་འདུད། །རྡོ་རྗེ་དྲིལ་བུ་རབ་ཏུ་འཁྲོལ་བའི་དཔལ། །གཟིགས་པ་རྣམ་པ་སྣ་ཚོགས་འགྱུར་བའི་རྒྱས་ཐོབ་ལ། །རྣམ་པ་སྣ་ཚོགས་འོ་བྱེད་འཁྱུད་པས་རྨོངས་མཛད་དེ། །རྣམ་པ་སྣ་ཚོགས་བདེ་བའི་མཆོག་བརྟན་ཀུན་སྩོལ་མ། །རྣམ་པ་སྣ་ཚོགས་བདེ་མཆོག་ངོ་མཚར་བརྟན་དུ་གསོལ། ཧེ་རུ་ཀའི་གླུའོ། །གར་དབང་གི་ཕྱག་རྒྱ་དང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཀོད་ལ། ལ་ལར་རབ་ཏུ་དྲག་ཅིང་སྐྱེ་བོ་དག་ལ་དྲག་པའི་བུད་མེད་སྐུ་ལྟར་སྣང༌། །འགྲོ་བ་མཐའ་དག་འདུལ་ཕྱིར་ལ་ལར་རབ་ཏུ་སྣང་བའི་འཁོར་ལོ་ཕྱག་ན་བསྣམས་པའི་སྐུ། །ལ་ལར་ངེས་ཤིང་ཞི་བར་མི་འགྱུར་སྦྱིན་པ་ཚངས་པའི་སྐུར་ཡང་སྟོན་པར་མཛད། །ལ་ལར་རབ་ཏུ་འབར་བའི་ཆགས་པ་པདྨོའི་དམ་ཚིག་བདག་ལ་གྲུབ་པར་མཛོད། །གར་གྱི་དབང་ཕྱུག་གི་གླུའོ། །རྡོ་རྗེ་ཉི་མའི་ཕྱག་རྒྱ་དང༌། ཏྲཾ་བ་བ་ཊ་ཊ་ཊ་ཏྲ་ཊ། ཞེས་བཀོད་ལ། ཐམས་ཅད་དབང་བསྐུར་དབང་ཕྱུག་དམ་པ་མི་ཟད་པ་ཡི་གཏེར་མཆོག་བདག་ལ་གྲུབ་པར་མཛད་དུ་གསོལ། །སྐུ་མཆོག་རྒྱལ་མཚན་རྒྱལ་བ་བསྒྲེང་རྡོ་རྗེ། །རིན་ཆེན་ཤིན་ཏུ་ཆེ་བ་བདག་ལ་སྩོལ། །རྡོ་རྗེ་ཉི་མའི་གླུའོ། །རྟའི་རྒྱལ་པོའི་ཕྱག་རྒྱ་དང༌། ཧྲིཿཔདྨ་བ་ཊ་སུ་ཁ་ཡོ་གཱི་ཤྭ་ར། ཧི་ཧི་ཧི་ཧི་ཧི། ཞེས་བཀོད་ལ། ལ་ལར་མཁས་པའི་གཟུགས་ཀྱང་འཛིན། །ལ་ལར་དུས་མཐའི་དུས་ལྟར་དྲག །


TNT07_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལར་རྒྱལ་བའི་དབང་བཞིན་ཞི། །ལ་ལར་རྟ་མཆོག་སྦྱོར་བས་འགྲུབ། །མྱོས་བྱེད་སྤྱད་ལས་ལྷག་པར་བདེ་བ་འདོད་པའི་གཟུགས་སྟོན་པ། འདུལ་བའི་དབང་གིས་གཤིན་རྗེ་སྟོང་ལས་ལྷག་པར་རབ་ཏུ་འཇིགས། ཞི་བའི་སྐུ་ནི་ཚངས་པ་སྟོང་ལས་ལྷག་པར་རབ་ཏུ་མཛེས། །དཀྱིལ་འཁོར་ཀུན་གྱི་མཆོག་འགྱུར་དེ་བཞིན་གཤེགས་ཀུན་གྲུབ་པར་མཛོད། །ཅེས་པ་ནི་རྟ་མཆོག་གི་གླུའོ། །འཛུབ་མོ་སྐྱིལ་ཀྲུང་དུ་བསྣོལ་མཐེ་བོས་བཀབ་སྟེ་མཛུབ་མོའི་རྩེ་མིག་འབྲས་ལྟར་སྟོན་པ་ནི་རྡོ་རྗེ་སེམས་དཔའི་གླུའི་ཕྱག་རྒྱའོ། །ཐལ་མོ་ཁོང་སྟོང་མཛུབ་མོའི་རྩེ་མོ་བཀུག་སྟེ་མཐེ་བོའི་རྩེ་དང་སྦྱར་བ་ནི་རྟག་པའིའོ། །རྡོ་རྗེ་ཐལ་མོ་ཁ་གྱེན་དུ་འཕྱེ་མཛུབ་མོ་བཀུག མཐེ་བོང་མཆེ་བ་ལྟར་ཕྱིར་བརྐྱང་བ་ནི་ཧེ་རུ་ཀའིའོ། །རྡོ་རྗེ་ཐལ་མོ་ལས་གུང་མོ་རྩེ་སྦྱར། མཐེ་བོང་མཐེ་ཆུང་འདབ་མ་བཞིར་བྱས་པ་ནི་པདྨ་གར་དབང་གིའོ། །རྡོ་རྗེ་ཐལ་མོ་ལས་མཛུབ་མོ་ཕྱིར་བཀུག་སྟེ་དེའི་རྩེ་མོ་མཐེ་བོས་མནན་པ་ནི་རྡོ་རྗེ་ཉི་མའིའོ། །རྡོ་རྗེ་ཐལ་མོ་ལས་མཐེ་ཆུང་སྲིན་ལག་མཉམ་པར་བརྐྱང་མཛུམ་མོ་བཀུག་སྟེ་རྩེ་སྤྲད་པ་ནི་རྟའི་རྒྱལ་པོའིའོ། །ཨོཾ་འབྱུང་བ་ཐམས་ཅད་ལྔ་ལས་བྱུང༌། །རང་ལས་མ་བྱུང་གང་ཡང་མེད། །གཙང་སྨེའི་དྲི་རྟོག་ཀུན་བྲལ་བའི། །བདུད་རྩི་བྱང་ཆུབ་སེམས་ཆེན་པོ། །བདག་སོགས་གཉིས་སུ་མེད་པའི་ཕྱིར། །མཉམ་པ་ཆེན་པོའི་གནས་ལ་རོལ། །ཨོཾ་ན་མཿསརྦ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུཾ་སྭཱ་ཧཱ། བྱིན་རླབས་མཚན་དང་རྒྱན་ལྡན་པའི། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །གསང་བ་ཆེན་པོ་རྣམ་པར་རོལ། །ཨོཾ་མཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་ལ་ལ་ཧོ། །


TNT07_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དེས་ནི་ནམ་མཁའ་དང་ཡང་བསྐྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང༌། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང༌། ཁམས་གསུམ་དག་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོངས་མི་འགྱུར། །ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །


TNT07_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང༌། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །བཅད་གཏུབས་ལ་སོགས་ལུས་ལ་འབྱུང་བར་མི་འགྱུར་ཞིང༌། །གྲིབ་མས་ཕོག་པའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ། །སྐུ་ཡི་ཕྱོགས་ཙམ་མཐོང་བའི་མོད་ལ་འཚོ་བ་དང༌། །གཟིགས་མདངས་ལུས་ལ་འཇུག་པ་བྱེ་བ་སྟོང་ཕྲག་གི །འོད་ཀྱིས་ཕོག་པས་འཇིག་རྟེན་ཁམས་ཀུན་སྣང་བ་དང༌། །ལུས་དང་སེམས་དང་ཚེ་ནི་རྡོ་རྗེ་རབ་བརྟན་ཏེ། །རེ་སྨོན་ཐམས་ཅད་དུས་འདིར་འགྲུབ་པར་མཛད་དུ་གསོལ། །གསུམ་པ་ནི། ཨོཾ་བཛྲ་སཏྭ་མ་ཧཱ་ས་མ་ཡ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་པ་དང༌། གོང་དུ་བཤད་པའི་འབྱིན་སྔགས་དྲུག་པོ་རྣམས་ཀྱང་ཅི་རིགས་པར་བཟླ་ལ། བཟླས་པའི་མན་ངག་ནི་སྤྱི་དང་འདྲའོ། །བཞི་པ་ནི། སྟེང་འོག་གི་སྣ་རྩེ་ལ་བསླབ་པ་ཕྲ་མོའི་རྣལ་འབྱོར་འདུས་པ་ཡེ་ཤེས་ཞབས་ལུགས་སོགས་དང་ཕལ་ཆེར་འདྲ་ལ། ལྔ་པ་སྙིང་གར་དབྱངས་གསལ་བཅུ་དྲུག་པོ་ཚན་གསུམ་བསྐོར་བའི་དབུས་སུ། ཨ་ཡིག་ཟླ་ཕྱེད་ཐིག་ལེར་ལྡན་པའམ། ཕྱག་མཚན་བསྒོམ་པར་བཤད་ལ། མཚན་མ་མེད་པའི་རྣལ་འབྱོར་ནི། ཆོས་ཐམས་ཅད་མཉམ་ཉིད་བདེ་བ་ཆེན་པོ་བཟུང་འཛིན་དང་བྲལ་བ་ལ་མཉམ་པར་འཇོག་པའོ། །རྣལ་འབྱོར་གྱི་རྗེས་ལ་དག་པ་དྲན་པ་ནི། རྟེན་ནི་དགེ་བ་བཅུ་ཡིན་ཏེ། །གྲུ་བཞི་བདེན་པ་བཞི་རུ་བརྗོད། །ཡན་ལག་བཅུ་གཉིས་རྡོ་རྗེའི་རྭ། །ཡོན་ཏན་སྣ་ཚོགས་ཀུན་རྒྱས་ཤིང༌། །ཚངས་


TNT07_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་བཞི་ཁྱབ་མཛད་ཟུར། །ཆོས་རྫོགས་སུམ་ཅུ་རྩ་བདུན་ལས། །ཏིང་འཛིན་བཞི་པོ་འཇུག་པའི་སྒོ། །རང་བཞིན་ཡེ་ཤེས་དྲུག་དག་ལས། །རིགས་ཀྱི་མཚན་མ་སྣ་ཚོགས་རྣམས། །རྣམ་ཐར་བརྒྱད་པོ་ཀ་བར་བཅས། །རྡོ་རྗེ་ཐེག་པའི་ཚུལ་ཉིད་མཛེས། །མཉམ་ཉིད་དཀྱིལ་འཁོར་ཆེན་པོར་བརྗོད། །ཐུགས་རྗེ་ཆེན་པོའི་ཆར་ཕབ་བོ། །ཉོན་མོངས་དྲུག་རྣམས་རྣམ་དག་པ། །དེ་ལས་ཡེ་ཤེས་དྲུག་འཛིན་པ། །རིགས་དྲུག་འཁོར་ལོས་བསྒྱུར་བ་སྟེ། །རྡོ་རྗེ་སེམས་དཔའ་གཅིག་པུའི་ངང༌། །རྟོག་པས་མ་གོས་ཐུགས་རྗེའི་བདག །ཟླ་འདྲ་དམར་བའི་མདངས་དང་ལྡན། །ལྷ་མོའི་ཚོགས་རྣམས་དགོད་བྱ་བ། །ཉོན་མོངས་ཉི་ཤུ་དག་པར་མཛད། །ཅེས་པའོ། །རྗེས་ཐུན་མཚམས་ཀྱི་བྱ་བ་རྣམ་གྲངས་དུ་མ་ཡོད་ཀྱང༌། གཏོར་མའི་ཆོ་ག་ཀུན་ལ་ཉེ་བར་མཁོ་བ་ཡིན་ལ། དེ་ལ་ཡང་རྒྱས་འབྲིང་བསྡུས་གསུམ་གྱི་དབྱེ་བ་དུ་མ་སྣང་ཞིང༌། སྐབས་འདིར་གཏོར་ཆོག་རྒྱས་པ་ནི། ཧ་ཅང་མ་ངེས་པར་འགྱུར་བས། བསྡུས་པའི་ཚུལ་གྱིས་བཤད་པར་བྱའོ། །དེ་ལ་གཏོར་མ་མཆོད་པ་དང་བཅས་པ་འདུས་བྱས། མཎྜལ། ཟླ་གམ་དམར་པོ་དབུས་སུ་ཐིག་ལེ་ལྔ་དང་བཅས་པ་བཤམས། མཆོད་རྫས་རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ནས། ཨོཾ་མཧཱ་ཙཀྲ་མཎྜལ་ཧཱུཾ། ཧཱུཾ་ཨོཾ་ཧིཿཧྲཱིཿཏྲཱི་ཧཾ། ཨོཾ་ཨཱཿཧཱུཾ། ཞེས་དཔའ་བོ་འབྲུ་དགུ་དང༌། ཨོཾ་མཧཱ་ཀྲོ་ཏཱི་ཤྭ་རི། སརྦ་དྲ་བྱཾ་ཤོ་དྷ་ཡ་ཨཱཿཧཱུཾ། ཞེས་ལན་གསུམ་བཟླས་པས་བྱིན་གྱིས་བརླབས། ནང་མཆོད་སྔར་བཞིན་བྱིན་གྱིས་བརླབས་པའམ་འབྲུ་གསུམ་གྱིས་ཁ་གསོ།


TNT07_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་གྱི་དབུས་སུ་རྡོ་རྗེ་རྟ་མཆོག་ཧཾ་ལས་འཁྲུངས་པ། དེའི་མདུན་དུ་ལྷ་ཆེན་པོ་གཡས་སུ་ཚངས་པ། རྒྱབ་ཏུ་བརྒྱ་བྱིན། གཡོན་ཏུ་ཁྱབ་འཇུག །དེའི་ཕྱི་རོལ་ཤར་ཕྱོགས་སུ་ཕྱོགས་སྐྱོང་དང་ཞིང་སྐྱོང༌། ལྷོ་ཕྱོགས་སུ་མ་མོའི་ཚོགས། ནུབ་ཕྱོགས་སུ་ལྷ་ཆེན་པོ་རྣམས་དང་ཀླུ་ཆེན་བརྒྱད། བྱང་དུ་འབྱུང་པོ་སྣ་ཚོགས་པ་དང་འགྲོ་བ་རིགས་དྲུག་གི་གཙོ་བོ་འཁོར་བཅས་གནས་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མགྲོན་གྱི་ལྷ་ཚོགས་ཐམས་ཅད་འབར་བའི་ཕྱག་རྒྱས་སྤྱན་དྲངས། ཨོཾ་བཛྲ་ཊཱ་ཀི་ནཱི་བྷྱོ། ཨེ་ཨ་རལླི་ཧྲིང་ཧྲིང་ཛ་ཛ། ཞེས་སྤྱན་དྲངས། ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ཧོ། ས་མ་ཡ་སྟྭཾ། ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཧོཿ ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཕཊ། ཅེས་དམ་ཚིག་གི་ཕྱག་རྒྱ་བསྟན། ཨོཾ་ཨི་དམ་དྷཱུ་པ། པུཥྤ། དཱི་པ། གནྡྷེ་པཱུ་ཛ་སྥ་ར་ཎ་ཨརྒྷཾ་བ་ལིང་ཁ་ཁ། ཞེས་མཆོད། གོང་དུ་ནང་མཆོད་བྱིན་རླབས་བཞིན་གཏོར་མ་བྱིན་གྱིས་བརླབས་པ་ལས། ཨོཾ་ཨཱཿཧཱུཾ་ཏེ་ཛོ་བ་ལིང་ཏ་བ་ལ་བ་ཏེ། གུ་ཧྱ་སིདྡྷི་ས་མ་ཡ་ཧཱུཾ་ཧྲི་ཐ། ཞེས་བྱིན་གྱིས་བརླབས། འཁོར་ལོས་བསྒྱུར་བ་དྲུག་གི་སྔགས་ཀྱི་མཐར། ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བཏགས་ནས་འཇིག་རྟེན་འདས་པ་ལ་ཕུལ། དེ་དང་སྤེལ་ནས། ཨོཾ་འཇིག་རྟེན་ཀུན་གཙོ་མངའ་མཛད་པའི། །འཇིགས་བྱེད་དྲག་བྱེད་སྟོབས་ལྡན་པ། །བདེ་གཤེགས་སྲས་སོགས་བྲན་མཛད་པའི། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཅན། །དབང་ཕྱུག་ཆེན་པོ་ཆུང་མར་བཅས། །དེ་བཞིན་ཁྱབ་


TNT07_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཚངས་པ་དང༌། །བརྒྱ་བྱིན་འདོད་དགའ་ཆུང་མར་བཅས། །ལྷ་ཆེན་འཁོར་བཅས་ཚོགས་རྣམས་དང༌། །ཕྱོགས་སྐྱོང་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །མཁའ་འགྲོ་དྲག་མོ་གསུས་འཛིན་མ། །དུར་ཁྲོད་མ་མོའི་ཚོགས་བཅས་དང༌། །གཞན་ཡང་ལྷ་སྲིན་སྡེ་བརྒྱད་དང༌། །འགྲོ་བ་དྲུག་པོ་འཁོར་བཅས་རྣམས། །སྐུ་གསུང་ཐུགས་སོགས་སྦྱངས་བྱས་ནས། །རང་གི་ལྷ་ཡི་གཟུགས་འཛིན་རྣམས། །གནས་འདིར་འདུས་པའི་དམ་ཚིག་ཅན། །མཆོད་གཏོར་རྒྱན་དང་བཅས་པ་བཞེས། །དམ་ཚིག་སྲུངས་ཤིག་དམ་ཚིག་ཅན། །ལས་ལ་བརྩོན་པའི་མཁའ་འགྲོ་རྣམས། །མཁའ་འགྲོ་དྲག་མོ་འཁོར་བཅས་རྣམས། །རྣལ་འབྱོར་སྒྲུབ་པའི་གྲོགས་མཛོད་ཅིག །ལས་མཛད་རྡོ་རྗེ་བྲན་བཅས་པས། །ཞི་རྒྱས་དབང་དྲག་ལས་སྒྲུབ་ཅིང༌། །ཐེག་ཆེན་གསང་སྔགས་སྲུང་བ་དང༌། །ནད་དང་གདོན་སོགས་ཞི་བ་དང༌། །ཚེ་དབང་བཀྲ་ཤིས་སྤེལ་བ་དང༌། །བདེ་ལེགས་འབྲས་བུ་གྲུབ་པར་མཛོད། །ཨོཾ་ཨཱཿཧཱུཾ། པདྨ་བ་ཌ་བ་མུ་ཁ་ཧཱུཾ་ཧྲི། ཨོཾ་ཧྲི་བཛྲ་ཌཱ་ཀི་ནི་ནཾ། བ་ལིང་ཏ་པྲ་ཏིཙྪ་ཧཱུཾ་ཁཱ་ཧི། ཨོཾ་ཨཱཿཧྲི་ཁཱ་ཧི། ཞེས་པ་ལན་གསུམ་གྱིས་མགྲོན་སྤྱི་ལ་ཕུལ་ནས། རོལ་མོའི་སྒྲ་དང་བཅས་ཏེ། ཨོཾ་ཐུགས་རྗེ་ཆེན་པོས་གཟིགས་ནས་ཀྱང༌། །སྣ་ཚོགས་རྒྱུད་རྣམས་སྤྲུལ་མཛད་པའི། །གར་མཁན་འཁོར་ལོའི་རྒྱུད་མངའ་བ། །དྲག་པོ་ཞི་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སྣ་ཚོགས་གར་གྱི་རྣམ་པར་སྤྲུལ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལ་སོགས་མཚོན་ཆས་


TNT07_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ལ་ཕྱག་འཚལ་ལོ། །མ་ལུས་ལྷ་ཡི་ལྷ་མཆོག་སྐྱོང་ལ་ཕྱག་འཚལ་ལོ། །དཔའ་བོ་རྩལ་རྫོགས་སྟོབས་བཅུའི་ཤུགས་ལ་ཕྱག་འཚལ་ལོ། །ཨ་ཏི་བྷུ་ཧོ། ཨ་ལ་ལ་ལ་ལ་ཧོ། ཡིག་བརྒྱ་ལན་གསུམ། ཨོཾ་ཕྱོགས་བཅུ་ནམ་མཁའི་མཐས་ཀླས་པར། །སེམས་ཅན་ཀུན་གྱི་དོན་སྒྲུབ་པ། །ཇི་ལྟར་ཐུགས་ཀྱི་དབང་ཕྱུག་བཞིན། །དེ་ཉིད་སྤྱོད་པར་བདག་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པ། །གང་གི་ལམ་གྱིས་གྲོལ་གྱུར་པ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཞིང་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །གཙྪ་མུ། ཞེས་ཡེ་ཤེས་པ་རྣམས་གཤེགས། དམ་ཚིག་པའི་དཀྱིལ་འཁོར་བདག་ལ་ཐིམ། ཐུན་མཚམས་ལ་འཇུག་པའམ། ཉལ་བ་ན། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་ཡང་ཧཱུཾ་ལ་ཐིམ། དེ་ཡང་ནཱ་དའི་བར་དུ་བསྡུས་ཏེ་མཉམ་པ་ཉིད་ཀྱི་ངང་དུ་ཐིམ། ཉལ་བ་ལས་ལངས་པའམ། སྤྱོད་ལམ་ལ་འཇུག་ན། རྡོ་རྗེ་སེམས་དཔའ་ཕྱག་གཉིས་པའི་སྐུར་གྱུར། སྤྱི་བོ་ལ་སོགས་པའི་གནས་བཞིར། ཀཾ་ཧཾ་ཨཾ་ཏུཾ། ཞེས་གོ་ཆ་དགོད། རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཧཱུཾ་ཕཊ་ཨ་བ་ལམྤ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་རིགས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བར་མོས། དགེ་བ་བསྔོའོ། །འདིའི་སྔགས་འཕྲེང་


TNT07_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་བཟླ་བར་མོས་ན། གཙོ་བོ་དྲུག་སྨོས་ཟིན། འཁོར་རྣམས་ཀྱི་སྔགས་ནི། ཛཿབཛྲ་དྲིཥྟི་ས་མ་ཀེ་མ་ཊ། ཧཱུཾ་བཛྲ་ཀེ་ལཱི་ཀཱེ་ལཱི་ཧཱུཾ། བཾ་བཛྲི་ཎི་ས་མ་ར་ན་ཊ། ཧོ་བཛྲ་ཀཱ་མེ་ཤྭ་རི་ཏྲཾ། ཨོཾ་ཨཾ་མ་དུ་བཛྲི་གྷྲུཾ་གྷྲུཾ། ཨོཾ་བཛྲ་མེ་གྷེ་གུ་ལུ་གུ་ལུ་བྲུཾ། ཨོཾ་ཧཿཤ་རང་བཛྲི་ཨཾ་ཨཾ། ཨོཾ་ཁཾ་བཛྲ་ཤེ་ཤི་རི་ཧཱུཾ་ཧཱུཾ། ཨོཾ་ཨཾ་ར་ཏི་བཛྲ་བི་ལཱ་སི་ནི་ཏྲ་ཊ། ཧེ་ར་ཏེ་བཛྲ་གཱི་ཏེ་ཏེ་ཏེ་ཏེ། ཧོ་ར་ཏི་བཛྲ་ཧ་སྱ་ཧ་ཧ་བཾ། ཨོཾ་ཧེ་ར་ཏི་བཛྲ་ནྲྀ་ཏྱ་བེ་ས་བཛྲཾ། ཨོཾ་བཛྲ་པུཥྤེ། ཨཱ་བཛྲ་དྷུ་པེ། ཨོཾ་བཛྲ་ཨཱ་ལོ་ཀེ ཨཿབཛྲ་གནྡྷེ། ཨོཾ་བཛྲཾ་ཀུ་ཤི་ཛཿ ཨོཾ་བཛྲ་པཱ་ཤེ་ཧཱུཾ། ཨོཾ་བཛྲ་ཤྲིཾ་ཁ་ལེ་པཾ། ཨོཾ་བཛྲ་གྷཎྜེ་ཧོཿ རྡོ་རྗེ་སེམས་དཔའི་ལྷ་ཚོགས་རྣམས་སོ། །ཨོཾ་བཛྲ་སཏྭ་ཤཾ །ཨོཾ་བཛྲ་རཏྣ་རཾ། ཨོཾ་བཛྲ་དྷརྨྨ་སཾ། ཨོཾ་བཛྲ་ཀརྨྨ་ཐཾ། ཧཾ་སཏྭ་བ་ཛྲེ། ཛྲཾ་བཛྲ་ར་ཧྲེ་ས་ཏ། ཏྲཾ་བཛྲ་པདྨེ་དྷཾ། བི་ཤྭ་བཛྲི། ལྷག་མ། ཨོཾ་ཨཾ་ར་ཏི་བཛྲ་སོགས་ལ། བཛྲ་གྱི་དོད་དུ་ཙཀྲ་སྦྱར་རོ། །རྣམ་སྣང་གི་ལྷ་ཚོགས་སོ། །ཧཱུཾ་བཛྲ་གུ་ཧྱ་སིདྡྷི་པ་ར་མ་ཡོ་གཱི་ཤྭི་རི་ཧྲཱིཿ ཧཱུཾ་ཧཱུཾ་བཛྲ་ཙཎྜེ་ཤྭ་རི་ཁ་ཊྭཱཾ་གི་མཧཱ་བཛྲ་ཀ་པཱ་ལ་མཱ་ལཱ་མ་ཀུ་ཊ་རུ་ལུ་རུ་ལུ་ཧཱ། ཧཱུཾ་བཛྲ་ནཱ་རཱ་ཡོ་ནི་ཛྫིཿ ཧཱུཾ་བཛྲ་པ་ཏྭ་རེ་ཛིཿ ཧཱུཾ་བཛྲ་པྲ་ཧ་ར་མཊ། ཧཱུཾ་བཛྲ་ཤུ་ལ་གྲི་བྷིནྡ་མཊ། ཧཱུཾ་བཛྲ་ཀོ་ཤེ་ཚིནྡྷ་མཊ། ཧཱུཾ་བཛྲ་བི་མ་ལ་པཱ་ཤེ་མཊ། ཧེ་བཛྲ་ར་ཏི་མཾ། བཾ་མཧཱ་རཏ་བཛྲི་ཧོཿ ཨོཾ་བཛྲ་ལོ་ཙ་ནེ་ཡཾ། རཾ་མཧཱ་ཤྲཱི་བཛྲེ་ཧཱིཿ ཨ་བཛྲ་པུཥྤེ། སོགས་བརྒྱད་ནི་རྡོ་རྗེ་སེམས་དཔའི་སྐབས་བཞིན་ནོ། །ཧེ་རུ་ཀའི་ལྷ་ཚོགས་རྣམས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨཱ་ཛྫཿ ཧཱུཾ་བཛྲ་


TNT07_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

པདྨི་ཧེ་པདྨི་པདྨི་བཾ། ཧོཿཔདྨ་མ་ཎི་རཱ་ཛི། ཧཱུཾ་པདྨ་ཎྜེ་ཤྭ་རི་ཧཱུཾ་ཕཊ། ཧེ་མཧཱ་བི་ཤྭ་པདྨ་མཱུརྟེ་སིདྡྷྱཾ་ཧཱུཾ་ཕཊ། ཧྲཱིཿཔདྨི་པདྨ་ཧཱུཾ་ཨཱཾ། ཧོཿཔདྨི་བི་ཤྭ་ཀྲ་མཱ་ཀྲ་མཱ་ཧཱཾ་ཛྫཿ ཞེས་སོ། །ཧེ་ར་ཏི་པདྨི་བི་ལ་སི་ནི་ཏྲཊ། ཧེ་ར་ཏི་པདྨ་གི་ཏེ་ཏེ་ཏེ། ཧེ་ར་ཏི་པདྨ་ཧཱ་སྱ་ཧཱ་ས་བཾ། ཧེ་ར་ཏི་པདྨ་ནྲྀ་ཏྱ་བི་པ་བ་ཛཾ། ལྷག་མ་བརྒྱད་ནི་སྔར་དང་མཚུངས་པ་ལས། བཛྲ་གྱི་གནས་སུ་པདྨའོ། །པདྨ་གར་དབང་གི་ལྷ་ཚོགས་སོ། །བཛྲ་སཏྭ་ཛཿ བཛྲ་རཏྣ་ཧཱུཾ། བཛྲ་དྷརྨྨ་བཾ། བཛྲ་ཀརྨྨ་ཧོཿ ཨོཾ་པྲ་ཏི་བཛྲི་ནི་ཕཊ། ཨོཾ་བཛྲི་པྲཱི་ཏི་ཧྲཱིཿ ཨོཾ་ཛིཾ་ར་མི་ནི་ཧོཿ ཨོཾ་མཧཱ་མ་ཧོ་ཧཱཾ། ལྷག་མ་བཅུ་གཉིས་ནི་རྡོ་རྗེ་སེམས་དཔའི་སྐབས་བཞིན་ལས།བཛྲ་གྱི་གནས་སུ་རཏྣ་སྦྱར་བའོ། །རྡོ་རྗེ་ཉི་མའི་ལྷ་ཚོགས་སོ། ཨོཾ་བི་ཤཱ་བཛྲ་དྷརྨྨ་ཛྲི། ཨོཾ་བི་ཤྭ་བཛྲ་སཏྭ་ཧཿ ལྷག་མ་གཞན་དང་མཚུངས་ཏེ། རྟ་མཆོག་གི་ལྷ་ཚོགས་སོ། །ལུགས་འདིའི་གཏོར་ཆོག་རྒྱས་པ་ནི། ཡན་ལག་བཞི་པའི་གཞུང་དང་བླ་མ་གོང་མའི་ཡི་གེ་རྣམས་ལས་ཤེས་པར་བྱ་ཞིང༌། མཆོད་པའི་སྤྲོས་པ་རྒྱས་པ་རྣམས་ཀྱང་གཞུང་དག་ལས་ཤེས་པར་བྱའོ། །ཡང་ཉེར་མཁོའི་ཡན་ལག་ཏུ་འགྱུར་ན་ནི། གཏོར་ཆོག་རྒྱས་པ་སོགས་སུ་འབྲི་བར་ཡང་སྤྲོའོ། །རིམ་པ་འདི་ཉིད་ཀྱི་རིགས་སོ་སོའི་དཀྱིལ་འཁོར་རིགས་རྐྱང་གི་སྒྲུབ་ཐབས་རྣམས་ཀྱང་རྟོགས་པར་འགྱུར་ལ། ཅི་སྟེ་ཞུ་བ་གླུས་བསྐུལ་དང༌། རྒྱུ་འབྲས་རྡོ་རྗེ་འཛིན་པའི་དབྱེ་བ་མི་བྱེད་པའི་ལུགས་ལ་མོས་ན། དཔལ་མཆོག་དང་པོའི་སེམས་ཉིད་རྒྱུ་རྡོ་རྗེ་འཛིན་པའི་དོད་ཡིན་ལ། མངོན་བྱང་ལྔ་ལས་འབྲས་བུའི་ལྷ་སོ་སོ་བསྐྱེད་པར་བྱའོ། །རིགས་བསྡུས་ཀྱི་སྐབས་འདིར། འབྲས་བུ་རྡོ་རྗེ་འཛིན་པ་དབུས་སུ་གང་བཀོད་པ་གཙོ་བོ་དེས། དཀྱིལ་འཁོར་མཐའ་དག་སྤྲོ་བར་བྱས་ཀྱང་རུང་བ་ཡིན་མོད་


TNT07_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་རྐྱང་སོ་སོའི་ཆོ་ག་ཞོར་ལ་ཤེས་པར་འགྱུར་བའི་དགོས་པ་ཡོད་པས་དཀྱུས་ཉིད་ལེགས་སོ། །ཤིན་ཏུ་རྨད་བྱུང་བླ་མེད་ཆོས་འདི་ནི། །དུས་མཐའི་སྔགས་ལས་མིང་ཡང་ཐོས་པར་དཀོན། །སྐྱེ་བོ་བློ་དམན་འདི་ལ་གཙོར་བྱེད་ཉུང༌། །དེ་ཕྱིར་གོ་སླ་ཤིན་ཏུ་ཉུང་ངུར་སྦྱར། །གསར་རྙིང་གཞུང་འགྲེལ་དོན་ཀུན་འདི་ལ་འདུས། །དེ་སླད་ཟབ་ཅིང་རྒྱ་ཆེའི་རྒྱུད་སྡེ་ལ། །འཇུག་པར་འགྱུར་སྙམ་འདི་བྲིས་དགེ་བ་ཡིས། །མཁའ་མཉམ་འགྲོ་ཀུན་བདེ་ཆེན་གནས་ཐོབ་ཤོག །ཅེས་པ་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་སྒྲུབ་ཐབས་དགའ་བདེ་རྒྱ་མཚོ་ཞེས་བྱ་བ་འདི། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཉེ་བར་སྦྱར་བའོ།། །།མངྒ་ལཾ།། གཅིག་ཞུས་དག །


TNT07_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

མཉམ་སྦྱོར་དཀྱིལ་ཆོག


TNT07_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་སྦྱོར་དཀྱིལ་ཆོག་བཞུགས། །


TNT07_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། དཔལ་ལྡན་བདེ་ཆེན་མགོན་པོ་ནི། །རིགས་དྲུག་འཁོར་ལོས་བསྒྱུར་བའི་སྐུ། །མཐའ་ཡས་དཀྱིལ་འཁོར་བཅས་བཏུད་ནས། །དཀྱིལ་འཁོར་ཆོ་ག་ཅུང་ཟད་འབྲི། །མཁའ་འགྲོ་སྒྱུ་མ་བདེ་མཆོག་གི །རྒྱུད་དོན་རྟོགས་དཀའ་མཁས་རྣམས་ཀྱིས། །ཕྱོགས་འདིར་རྒྱ་ཆེར་བཤད་མིན་ཡང༌། །རང་དང་རྗེས་མཐུན་འགལ་བ་མེད། །འདི་ལ་ས་ཆོག་ནི། གཞུང་རྙིང་མ་གཉིས་ལས་སྤྱི་དང་མི་འདྲ་བ་ཅུང་ཟད་ཡོད་ཀྱང་གནད་ཕལ་ཆེར་གཅིག་པས་གསང་བ་སྤྱིའི་ཆོ་ག་རྣམས་དང་འདྲ་བར་ཤེས་དགོས་ལ། དེས་ན། ཨོཾ་བྷུ་ཁཾ། ཞེས་པའི་ཚབ་ཏུ། ཨོཾ་བྷྲུཾ་ག་ག་ཎ་ཁཾ་ཨཱཿཧཱུཾ། ཞེས་སྦྱར་བ་དང༌། སྲུང་བ་དང༌། ཕུར་བཏབ་སྒྲུབ་ཐབས་ཀྱི་སྲུང་འཁོར་བཞིན་སྦྱར་བས་འགྲུབ་པ་ཉིད་དོ། །གཉིས་པ་སྟ་གོན་ལ། སྔོན་འགྲོ་གཏོར་མ་དང༌། མཆོད་པ་སོགས་འདུས་བྱས། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། ཞེས་པ་རྟ་མཆོག་གི་སྙིང་པོའམ། ཨོཾ་བཛྲ་ཨ་མྲྀ་


TNT07_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཀུནྜ་ལི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ་ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། གིས་སྦྱངས། སྲིད་པ་གསུམ་གྱི་འབྱུང་པོ་རྣམས་དང༌། རྡོ་རྗེ་མཁའ་འགྲོ་མའི་ཚོགས་རྣམས་ཕཻཾ། ཞེས་སྤྱན་དྲངས། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷུ་ཏ་པྲེ་ཏ་བི་ཤཱ་ཙ། ཨུཏྨ་ད་ཨ་པསྨ་ར་ཌ་ཀ་ཌ་ཀི་ནྱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪནྟུ་སྭཱཧཱ། ཞེས་ལན་གསུམ་ལྔ་བདུན་གྱི་བར་དུ་ཕུལ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས། ཤཔྟའི་བར་གྱིས་མཆོད། ཨོཾ་ལྷ་ཡི་ཚོགས་རྣམས་མ་ལུས་དང༌། ནས ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དཔལ་ལྡན་བླ་མ་དམ་པ། ཞེས། སོགས་ལས་ལ་གཞོལ་ཞིང་མཚམས་བཅད་པའི་བར་སྤྱི་དང་འདྲ། བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་སྲུང་


TNT07_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ནང་དུ། གནས་ཁང་བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་པ། རྒྱ་དང་ཚད་ཡོངས་སུ་ཆད་པ་མེད་པ། དབྱིབས་དང་ཁ་དོག་སྣ་ཚོགས་པའི་རྒྱན་ཐམས་ཅད་གྱིས་རྣམ་པར་བརྒྱན་པ། དཔག་བསམ་གྱི་ཤིང་དང་བུམ་པ་བཟང་པོ་དང་གདུགས་དང་བ་དན་ལ་སོགས་པས་མཛེས་པ་ཕྱི་རོལ་ཏུ་དངོས་གྲུབ་འབྱུང་བའི་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པས་ཡོངས་སུ་བསྐོར་བ། དེའི་ནང་དུ་ཨ་དང་བྷྲུཾ་ལས་བྱུང་བའི་ཐོད་པ་མཚན་ལྡན་ལ་སོགས་པ་སྣོད་ཀྱི་ཁྱད་པར་རྣམ་པ་སྣ་ཚོགས་པའི་ནང་དུ། ཨོཾ་ཨཱཿཧཱུཾ་རྣམས་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོགབདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། གཟུགས། སྒྲ། དྲི་རོ། རེག་བྱ། ཆོས་ཁམས་ཀྱི་ཁྱད་པར་མཐའ་ཡས་པ། རང་བཞིན་བདེ་སྟོང་གི་ཡེ་ཤེས། རྣམ་པ་མཆོད་རྫས་ཀྱི་སྤྲིན་ཕུང༌། བྱེད་ལས་དབང་པོ་མཐའ་དག་ཟག་མེད་ཀྱི་བདེ་བས་ཚིམ་པར་བྱེད་པར་གྱུར། ཨོཾ་མཧཱ་ཀྲོ་དྷེ་ཤྭ་རི་སརྦ་དྲ་བྱ་བི་ཤོ་དྷ་ནི་ཨཱཿཧཱུཾ། ལན་གསུམ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ་ནས། ཤཔྟ་ཨཱཿཧཱུཾ་གིས་བར། ཨོཾ་ཨཱཿརུ་པ་བཛྲ་ཧཱུཾ། ཤཔྟ། གནྡྷ། ར་ས། སྤ་རི་ཤ །དྷརྨ་ར་ཏུ། སོགས་སྦྱར། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་སོགས་རོལ་མོ་བྱིན་དབབ། དེ་ནས་སྐྱབས་འགྲོ་ནས་བརྩམས་ཏེ་བཟླས་པའི་བར་མངོན་རྟོགས་བཞིན་དང༌། རང་གི་སྙིང་གའི་འོད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་བ་ནས། རྡོ་རྗེ་སེམས་དཔའི་སྐུར་གྱུར་ཞེས་པའི་བར་བརྗོད། དེ་ནས་སའི་ལྷ་མོ་


TNT07_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

སྟ་གོན་ནི། ཌཀྐི་ནི་ཧཱུཾ་ཛ། ཨོཾ་ཧཾ། ཧཾ་གི་སྒྲ་དང༌། ཧཱུཾ་གི་འོད་ཀྱིས་བསྐུལ་ནས། ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་བྱུང༌། ཚོམ་བུའི་སྟེང་དུ་བྱོན་པ་ནི། སའི་ལྷ་མོ་གསེར་གྱི་མདོག་ཅན། ཞི་བའི་ཉམས་དང་ལྡན་པ། ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་བསྣམས་པ། རྒྱན་དང་ན་བཟའ་དཀར་པོ་ཅན། ཀྱཻ་རིག་པ་འཛིན་པ་བདག་གི་ལས་ཅི་དགོས་པ་བཀའ་སྩལ་དུ་གསོལ། བདག་བསྐྱེད་ལྟར་མཆོད་པ་བྱིན་གྱིས་བརླབས། ཨོཾ་པྲི་ཐི་ཝཱི་དེ་ཝི་བྷྱཿཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། མཚན་སྔགས་དེ་སྔོན་དུ་འགྲོ་བའི། པ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གྷནྡྷེ། ནཻ་ཝི་ཏེ། ཤཔྟ་ཧཱུཾ། གྷཎྜེ་ར་ཎི་ཏ། སོགས། བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་བདུད་རྩྀ་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲིཿ པྲི་ཐི་ཝཱི་དེ་ཝཱི་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་ཡེ་སྭཱཧཱ། ཨོཾ་ཚུར་བྱོན་ཚུར་བྱོན་ས་ཡི་ནི། །ལྷ་མོ་ཆེན་མོ་འཇིག་རྟེན་ཡུམ། །རིན་ཆེན་ཀུན་གྱིས་རབ་གང་མ། །བཟང་པོའི་རྒྱན་གྱིས་རྣམ་བརྒྱན་མ། །དོ་ཤལ་རྐང་གདུབ་སྒྲ་ལྡན་མ། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་གཏོར་འདི་དག་མཆོད་ནས་སུ། །དཀྱིལ་འཁོར་ལས་ནི་ལེགས་གྲུབ་མཛོད། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །


TNT07_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གསོལ། །ཧེ་རུ་ཀ་དཔལ་དཔའ་བོ་ཡིས། །ཇི་ལྟར་བདུད་ཀྱི་སྟོབས་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ནས་དཀྱིལ་འཁོར་བྲི། །ཀྱཻ་རིག་པ་འཛིན་པ་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་མཛོད་ཅིག །ཨོཾ་པྲི་ཐི་བི་དེ་ཝཱི་བྷྱ ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། སའི་ལྷ་མོ་སླར་ཡང་ས་དེ་ཉིད་ལ་ཐིམ་པར་གྱུར། ས་ཆོག་གི་སྐབས་ནམ་མཁར་བཏེགས་པའི་རིགས་ཡིན་ནའང༌། ས་འོག་ནས་སྤྱན་དྲངས་པ་ལ་ཡིད་ཀྱིས་དབྱེར་མེད་བཅུག་ནས། མཆོད་གཏོར་འབུལ་བ་མན་ཆད་བྱས་པས་འདོད་པའི་དོན་འགྲུབ་པར་འགྱུར་རོ། །ལྷ་སྟ་གོན་ནི། དཀྱིལ་འཁོར་གྱི་ས་གཞི་དྲི་བཟང་དང་དམ་རྫས་ཀྱིས་བྱུགས། ལྷག་གནས་མི་འཚོལ་བའི་ཕྱིར་སྐྱ་ཐིག་ཙམ་བཏབ་ལ། ལྷའི་གནས་སུ་དྲི་བཟང་གིས་ཐིག་ལེ་དང་ཚོམ་བུ་བཀོད། ས་ཆོག་སྔོན་དུ་འགྲོ་ན། ནམ་མཁའི་ལྷ་ཕབ་པ་ཙམ་གྱིས་ཆོག་ཀྱང༌། ལག་ལེན་ལ་དམ་ཚིག་པའང་བསྐྱེད་པར་མཛད་པས། དཀྱིལ་འཁོར་གྱི་ས་གཞི་དྭངས་ཤིང་ཐོགས་པ་མེད་པ་ལ། ཚོམ་བུ་རྣམས་ལྷ་སོ་སོར་རང་རང་གི་གདན་ཇི་ལྟ་བ་བཞིན་དུ་གྲུབ་པར་གྱུར། དཀྱིལ་འཁོར་དབུས་མའི་གནས་སུ་ཧཱུཾ་ལས་དཔལ་རྡོ་རྗེ་སེམས་དཔའ་ནས་བཟང་པོ་དང་མཉམ་པར་སྦྱོར་བའོ། །དཀྱིལ་འཁོར་ཤར་མའི་སའི་དབུས་སུ། ཨོཾ་ལས་སངས་རྒྱས་རྒྱལ་བ་རྣམ་པར་ནས་རབ་ཏུ་འཁྱུད་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དཀྱིལ་འཁོར་ལྷོ་མའི་སའི་དབུས་སུ་ཧྲཱིཿལས་དཔལ་ཧེ་རུ་ཀ་ནས་ཡང་


TNT07_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་འཁྱུད་པའོ། །དཀྱིལ་འཁོར་ནུབ་མའི་སའི་དབུས་སུ་ཧྲཱིཿལས་པདྨ་ནས་རིན་པོ་ཆེས་བརྒྱན་པའོ། །དཀྱིལ་འཁོར་བྱང་མའི་སའི་དབུས་སུ་ཏྲཾ་ལས་རྡོ་རྗེ་ནས་ཤིན་ཏུ་འཁྱུད་པའོ། །མཚམས་ཀྱི་དཀྱིལ་འཁོར་གྱི་སའི་དབུས་སུ་ཧཾ་ལས་རྡོ་རྗེ་རྟ་མཆོག་ནས་ངེས་པར་འཁྱུད་པའོ། །ཛཿབདེ་མཆོག་མ་ནས་བུམ་པ་འཛིན་པ་རྡོ་རྗེ་སེམས་དཔའི་ཕྱོགས་བཞིར་གཡས་བསྐོར་གྱིས་གནས་པའོ། །ཨཾ་སངས་རྒྱས་ནས་གར་མཛད་པ་རྣམས་དེའི་ཕྱི་རོལ་གྱི་ཕྱོགས་བཞིར་འཁོད། ཨོཾ་གླིང་བུ་ནས་ལྗང་ཁུ་རྣམས་མེ་ནས་བརྩམས་ཏེ། སོགས། ཛཿརྟ་མགྲིན་ནས་འཛིན་པ་རྣམས་ཤར་སོགས་ཕྱོགས་བཞི་ལ་གཡས་སྐོར་གྱིས་འཁོད། དེ་རྣམས་ནས་ཞུགས་པའོ། །ཧཾ་སངས་རྒྱས་ཀུན་སྤྱོད་མ་ནས་མེ་དཔུང་འབར་བའོའི་བར་ཡང་དཀྱིལ་འཁོར་སྔ་མས་རིགས་འགྲེས་ཏེ། དཀྱིལ་འཁོར་གྱི་པད་འདབ་བཞི་ཞེས་སོགས་ཀྱི་ཚིག་བོར་བས་འགྲུབ་བོ། །ཧྲཱིཿལས་གཽ་རཱི་དཀར་སེར་ནས་གར་སྟབས་ཀྱི་བཞུགས་པའོའི་བར་ལ། རེ་མིག་ལ་ཞེས་པ་ནས་བོར་བའོ། །མཾ་མདའ་འཛིན་མ་ནས་དཔྱངས་པ་འཛིན་པ། གཙོ་བོའི་ཕྱོགས་བཞི་ལ་འཁོད། མཾ་སོགས་སྔར་གྱི་རིགས་འགྲེ། ཛཿརྣམ་གཟིགས་མ་དམར་མོ་ནས་པདྨའི་འཕྲེང་བས་ཀླུབས་པའོའི་བར་ལ་འདོར་ལེན་སྔར་བཞིན་བྱ། ཨོཾ་དབང་བསྐུར་མ་དམར་མོ་ནས་སྐུ་ལ་ནོར་བུ་དམར་པོའི་མདངས་འོད་འཕྲོ་བའི་བར་ལའང་འདོར་ལེན་སྔར་བཞིན་བྱ།


TNT07_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

ཛིཿགཙོ་བོའི་གཡས་སུ་ནས་ཁྲོ་མོའི་ཆ་བྱད་རྫོགས་པའོ། །ཧྲཱིཿ གཽ་རཱི་དཀར་སེར་སོགས་ར་བར་གྱི་མཚམས་ལ་འཁོད། དེ་ལྟར་ཁྲོ་མོ་ནས་གར་སྟབས་ཀྱིས་བཞུགས་པའོ། །མཾ་མདའ་འཛིན་མ་སོགས་མི་དགོས་མེ་ཏོག་སྔར་བཞིན། དེ་ཐམས་ཅད་ཀྱི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་རིགས་དྲུག་གི་དཀྱིལ་འཁོར་གྱི་འཁོར་ལོ། ཨོཾ་བཛྲ་ས་མཱ་ཛཿཧཱུཾ་ཛཿཧཱུཾ་བཾ་ཧོ། ལན་མང་དུ་བརྗོད། ཨོཾ་བཛྲ་ཨཾ་ཀུ་ཤ་ཛ། ལ་སོགས་པ་བརྗོད་ཀྱང་རུང༌། མཆོད་པ་རྒྱ་ཆེར་བཤམས་ནས། གོང་གི་གནས་ཁང་བྱིན་རླབས་ཀྱི་ཚིག་དོར་ནས། ལྷག་མ་སྔར་བཞིན་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུཾཿཨ་དྷི་བྷུ་ཧོཿ ཞེས་པ་ནས། དམ་ཚིག་མཆོག་གཞུང་དངོས་གྲུབ་དམ་པ་བདག་ལ་སྩོལ་གྱི་བར། རྣལ་འབྱོར་ཆེན་པོའི་ཡན་ལག་གི་སྐབས་ནས་འབྱུང་བ་ལྟར། མཆོད་པས་མཉེས་པར་བྱ། སྤྲོས་པ་ལ་དགའ་ན་དངོས་གཞིའི་སྐབས་ལྟར་མཆོད་པ་ཅུང་ཟད་རྒྱས་པར་སྦྱར་ཀྱང་ལེགས་སོ། །དེ་ནས་སྤོས་དང་བཅས་པའི་རྡོར་དྲིལ་འཛིན་བཞིན་པས། ཐུགས་རྗེ་ཆེན་པོ་བཅོམ་ལྡན་འདས། །མ་ལུས་སེམས་ཅན་དོན་མཛད་པའི། །རྒྱལ་བའི་དཀྱིལ་འཁོར་སྲས་དང་བཅས། །སྟོབས་མཆོག་རྒྱལ་ཆེན་རྣམས་ལ་བསྟོད། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་འདིར། །མགོན་གྱུར་ལས་རྣམས་སྒྲུབ་པའི་ཕྱིར། །རྡོ་རྗེ་གསང་བ་བདག་གིས་བྲི། །སློབ་མ་རྣམས་ལ་བརྩེ་ཕྱིར་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་


TNT07_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཅན། །དཀྱིལ་འཁོར་བྲི་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་མངའ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་ཅན། །བདེ་མཆོག་འབྱུང་བའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པས་ཉེར་སྦྱོར་བས། །འགྲོ་བ་སྦྱངས་ཕྱིར་བྲི་བར་བྱ། །དེ་ཕྱིར་བདག་དང་སློབ་མ་ལ། །རྗེས་སུ་བརྩེ་བས་ཉེར་བཟུང་ནས། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་བྱོན་པར་མཛད་པར་རིགས། །ཞེས་ལན་གསུམ་གྱིས་སྙན་གསན་དབབ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བརྟན་པར་བཞུགས་སུ་གསོལ། འགྲུབ་ན་སྐབས་འདིར་སྦྱིན་བསྲེག་འབུལ་ལོ། །སློབ་མ་སྟ་གོན་ནི། མཎྜལ་ཕུལ་ལ། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། ཞེས་སོགས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་བསྐྱེད་པ་དང་ནང་དབང་བསྐུར་བ་དང༌། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སོགས་ཀྱིས་གསོལ་བ་གདབ་པ་དང༌། བུ་ཚུར་ཤོག་ཤིག་ཐེག་ཆེན་པོས། ཞེས་སོགས་སྤྲོ་བ་བསྐྱེད་པ་རྣམས་སྤྱི་དང་འདྲ། བདག་གི་སྡིག་པ་བགྱིས་པ་དང༌། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །མ་ལུས་སོ་སོར་བཤགས་པར་བགྱི། །སངས་


TNT07_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བྱང་ཆུབ་སེམས་དཔའ་དང༌། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་དང༌། །བསྒོམ་དང་བཟླས་བརྗོད་བསོད་ནམས་ཀྱི། །ཚོགས་ལ་བདག་ནི་ཡི་རང་ངོ༌། །སེམས་བསྐྱེད་མངོན་པར་སངས་རྒྱས་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག །དེ་ལ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །དེ་བཞིན་བདག་གིས་སེམས་བསྐྱེད་དོ། །བདག་གི་དགེ་བའི་ལམ་རྣམས་ཀྱིས། །འཇིག་རྟེན་འདིར་ནི་སངས་རྒྱས་ཤོག །སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །བླ་མེད་གནས་སུ་བསྒྲལ་བར་བགྱི། །ཞེས་རྒྱུན་བཤགས་དང༌། འགྲོ་བའི་མགོན་པོ་བདག་ལ་དགོངས། །མ་ལུས་ཕྱོགས་བཞུགས་བདེ་གཤེགས་རྣམས། །དུས་འདི་ནས་བཟུང་སངས་རྒྱས་བར། །བླ་མེད་བདག་ལ་དགོངས་པར་མཛོད། །ཇི་ལྟར་དུས་གསུམ་མགོན་པོ་རྣམས་ནས་སེམས་ཅན་མྱ་ངན་འདས་ལ་འགོད། ལན་གསུམ་གྱིས་རིགས་ལྔའི་སྡོམ་པ་བཟུང༌། སངས་རྒྱས་ཆོས་དང་དགེ་འདུན་ལ་ཞེས་པ་ནས། དེ་ཡི་ཚངས་སྤྱོད་གཉིས་མེད་པར། །བདག་གི་སྡོམ་པ་ལེགས་པར་བཟུང་གི་བར་ཡང་སྤྲོ་ན་བྱ། ངེས་པར་དགོས་པ་ནི་མིན་ཞིང༌། སྤྲོས་པ་ལ་དགའ་ན་རྡོ་རྗེ་རྩེ་མོ་རྣམས་གསུངས་པ་ལྟར་གྱི། སྡོམ་བཟུང་རྒྱས་པ་བྱས་ནས་སྡོམ་པ་བཟུང་ན་ཤིན་ཏུ་ལེགས། འདིའི་དཀྱིལ་ཆོག་རྙིང་མ་ལས། སངས་རྒྱས་ཆོས་དང་དགེ་འདུན་སོགས། སློབ་དཔོན་གྱི་བཀའ་སྩལ་བའི་ཚུལ་དུ་བྱས་པ་ནི། དོན་ལ་འགལ་བ་མེད་མོད་ཀྱང༌། འདྲ་མིན་དུ་བཅོས་པ་


TNT07_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཡིན་པ་འདྲའོ། །དེ་ནས་གནས་གསུམ་བྱིན་རླབས་དང༌། མཆོད་པ་བཞི་འབུལ་བ་དང༌། སོ་ཤིང༌། ཁྱོར་ཆུ། སྲུང་སྐུད་རྣམས་སྤྱི་དང་འདྲ། ཀུ་ཤ་ལ། ཧཱུཾ་ཨ་ཨོཾ། ཨ་ཧི་ཨ། ཧྲཱིཿཨ་ཏྲཾ་ཨ་ཧཾ་ཨ། སརྦ་སྭ་པ་ན་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་སྦྱིན། འཇིག་རྟེན་དུ་ནི་ཀུན་མཁྱེན་དག།སོགས། ཟབ་མོའི་ཆོས་བཤད་པ་དང༌། རྨི་ལམ་བརྟག་ཅིང་ངན་ན་སྲུང་བ་ནི་སྤྱི་དང་འདྲའོ། །དེ་ནས་བུམ་པ་ལྷག་གནས་ནི། ལྷ་གྲངས་དང་མཉམ་པ་མཆོག་ཡིན་ཡང་འགྲུབ་དཀའ་བས། འཁོར་ལོ་དྲུག་ལ་བུམ་པ་རེ་རེ་དང༌། ལས་བུམ་སྟེ་དྲུག་གམ། དེའི་སྟེང་དུ་བཀྲ་ཤིས་གྱི་བུམ་པ་བརྒྱད་བསྣན་པ་སྟེ། བུམ་པ་བཅུ་བཞི་འགྲུབ་ནའང་ལེགས། ཤིན་ཏུ་བསྡུ་ན་རྣམ་རྒྱལ་དང་ལས་བུམ་གྱིས་ཆོག་སྟེ། སྤྱི་དང་མཐུན་པར་བཤམ། བསངས་སྦྱངས། སྟོང་པའི་ངང་ལས། པཾ་ལས་སྣ་ཚོགས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲུཾ་ལས་རིན་པོ་ཆེའི་བུམ་པ། ལྟོ་བ་ལྡིར་ཞིང༌། མགྲིན་པ་ཕྲ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱི་མགུལ་ཆིངས་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བར་གྱུར། བུམ་པ་གཉིས་ཡོད་ན། རྣམ་རྒྱལ་བུམ་པའི་དབུས་སུ། འཁོར་ལོ་དྲུག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་གདན་ཡོངས་སུ་རྫོགས་པ་གྲུབ་པར་གྱུར། དབུས་ཀྱི་དཀྱིལ་འཁོར་གྱི་གནས་སུ་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་ཞེས་སོགས། དཀྱིལ་འཁོར་གྱི་ས་གཞི་ཞེས་པའི་གནས་སུ། ཆ་ཤས་དབུས་མའི་དཀྱིལ་འཁོར་གྱི་གནས་དང༌། ཆ་ཤས་ཤར་མའི་དཀྱིལ་འཁོར་གྱི་གནས་ཞེས་སོགས་འདོན་པ་སྤོས་ནས། གོང་


TNT07_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྟ་གོན་ལྟར། དམ་ཚིག་པ་བསྐྱེད། ཡེ་ཤེས་པ་བསྟིམ། ཨོཾ་སརྦ་བུདྡྷ་ས་མ་ཡོ་ག་ཌཱ་ཀི་ནི་ཛྭ་ལ་སམྦྷ་ར། མཎྜ་ལ་ས་པ་རི་ཝ་རེ་བྷྱཿ བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། ཤཔྟའི་བར་གྱིས་མཆོད། བསྟོད་ཐུང་གིས་བསྟོད། མེ་ཏོག་འཕྲེང་བའི་གཟུངས་ཐག་ནས་བཟུང་སྟེ། འཁོར་ལོས་བསྒྱུར་བ་དྲུག་གི་སྙིང་པོ་རྣམས་ཅི་ནུས་སུ་བཟླ། ལས་བུམ་དུ་རྟ་མཆོག་བསྐྱེད་ན། ཆ་ཤས་བྱང་མའི་དབུས་དང་ལས་བུམ་དུ་ཞེས་ལྷན་ཅིག་ཏུ་བསྐྱེད་པས་ཆོག །བདུད་རྩི་འཁྱིལ་བ་བསྐྱེད་ན། ལས་བུམ་དུ་ཧཱུཾ་ལས་བྱུང་བའི་བདུད་རྩི་འཁྱིལ་བ་ནག་པོ། ནག་དཀར་དམར་བའི་ཞལ་གསུམ་སོགས་སྲུང་འཁོར་སྐབས་བཞིན་ལས། སྨད་ཕུར་པའི་དབྱིབས་སུ་མི་བྱེད། ལྷག་མ་འདྲ། སྔགས་ཀྱང་བདུད་རྩི་འཁྱིལ་བ་ཉིད་བཟླ། ཡིག་བརྒྱ་ལན་གསུམ་དང༌། བཟོད་གསོལ་སྤྱྀ་དང་མཐུན་པར་བྱས། མེ་ཏོག་དང་བཅས་པའི་མཆོད་ཡོན་ཕུལ་བུམ་ནང་གི་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་ལས་བྱུང་བའི། བུམ་ཆུ་ནུས་པ་ཀུན་དང་ལྡན་པར་གྱུར། ལས་བུམ་གྱི་ལྷ་ནི་བཞུ་མི་དགོས་སོ། །སྟ་གོན་གྱི་ལྷ་ལ་གོང་བཞིན་མཆོད་བསྟོད་བྱས་ནས། ཡིག་བརྒྱ་བཟོད་གསོལ། ཨོཾ་བཛྲ་ཨུ་ཏིཥྛ། ཞེས་ནམ་མཁར་བཏེགས། སླར་ཡང་མཆོད་པ་དཀྱུས་མ་དང་བསྟོད་ཐུང་གིས་བསྟོད། ནངས་པར་དཀྱིལ་འཁོར་བྱིན་གྱིས་བརླབ་པར་གསོལ་བ་བཏབ་བོ། །དེ་ནས་ཐིག་ཚོན་བསངས་སྦྱངས། ཨོཾ་ལས་བྱུང་བའི་ཐིག་ཚོན་དཀར་པོ། ཧིཿལས་བྱུང་བའི་ཐིག་ཚོན་སྔོན་པོ། ཧྲིཿལས་བྱུང་བའི་ཐིག་ཚོན་དམར་པོ། ཏྲཾ་ལས་བྱུང་བའི་ཐིག་ཚོན་སེར་པོ། ཧཾ་ལས་བྱུང་བའི་ཐིག་ཚོན་ལྗང་ཁུ་རྣམས་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་གྱུར། ཨོཾ་དཱི་པ་ཏ་དྲྀཥྟ་ཨང་ཀུ་ཤི་ཛྫཿ ནམ་མཁར་བཞུགས་


TNT07_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་ཚོགས་དང༌། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་ཚོན་སྤྱན་དྲངས་ཏེ་གཉིས་སུ་མེད་པར་འདྲེས། པཉྩ་ཀུ་ལ་ས་པཱ་རི་ཝ་ར་ཨརྒྷཾ། ནས། ཤཔྟའི་བར་གྱིས་མཆོད། མི་བསྐྱོད་རྡོ་རྗེ། སོགས་དེ་ཉིད་ལྔ་པས་བསྟོད། ཐིག་སྐུད་སྒྲིལ་ཞིང༌། རྡོ་རྗེ་སེམས་དཔའི་སྙིང་པོ་སྔོན་དུ་འགྲོ་བས། ཨོཾ་བཛྲ་ས་མཱ་ཡ་སུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། ཨོཾ་ཨཱཿཧཱུཾ། ཞེས་བཟླས། ཨོཾ་ཨཱཿཧཱུཾ་ཛྫ་ཛྫ་ཛྫ། ཞེས་བཏང་ནས། ཨོཾ་བོ་དྷི་ཙིཏྟ་སརྦ་སཏྭ་ཧཱུཾ། ཞེས་ཐིག་སྐུད་དྲངས། ཨོཾ་བཛྲ་ས་མཱ་ཡ་མ་ཏི་ཀྲ་མ་ཧཱུཾ། གི་སྔགས་ཀྱིས་ཡེ་ཐིག་རྣམས་གདབ་པར་བྱ་སྟེ། དཀྱིལ་ཆོག་རྣམ་གསུམ་ལས། ཁ་ལྟ་ཕྱོགས་སོགས་མི་འདྲ་བ་འགའ་རེ་སྣང་ཡང༌། རྩོམ་པ་པོ་སོ་སོའི་འདོད་པ་ཡིན་གྱི། རྒྱུད་སྡེ་འདིའི་ཁྱད་ཆོས་མ་ཡིན་པས་སྤྱི་དང་མཐུན་པར་བཏབ་བོ། །སྔར་ལས་ཐིག་རྫོགས་པར་མ་བཏབ་ན། དེ་ནས་ལས་ཐིག་གི་ཆ་དབྱེ་བར་བྱ་ལ། སྔར་བཏབ་ན་དེར་ཟད་དོ། །ཐིག་གདབ་ཚུལ་ནི་གཞན་དུ་ཤེས་པར་བྱའོ། །ཐིག་གི་བྱ་བ་ཟིན་པ་ན། ཡེ་ཐིག་ལ་མཆོད་བསྟོད་བྱས་ནས། གཙྪ་མུཿ ཞེས་ཡེ་ཤེས་པ་ནམ་མཁའི་དཀྱིལ་འཁོར་ཀྱི་ཐུགས་ཀར་ཐིམ། ཨོཾ་བཛྲ་བེ་ཀྲ་ཨ་ཀྲ་མ་ཧཱུཾ། ཞེས་རི་མོ་བཏེག་ནས་ནང་དུ་འོངས། ཧི་ཧི། ཞེས་སྒོའི་རྩ་ཐིག་དབྱེ། རྡུལ་ཚོན་ལ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། མང་དུ་བཟླས། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །དཔལ་ལྡན་རྒྱལ་པོ་རྡོ་རྗེ་སེམས། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཡང་དག་བདེ་བའི་བྱིན་རླབས་ཀྱིས། །དཀྱིལ་འཁོར་ལས་རྣམས་ཤེས་པར་མཛོད། །ཅེས་དབང་


TNT07_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྱི་རྩིག་པ་ནས་འབྲི་ཞིང༌། ཚོན་བཀྲ་བརྟག་པ་སོགས་སྤྱི་དང་འདྲའོ། །དེ་ནས་རྒྱན་དགྲམ་ཞིང་མཆོད་པ་བཤམས་པ་ནི། མེ་ཏོག་དཀར་པོ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་སྣ་ཚོགས་པ། །འཇིག་རྟེན་དབང་ལ་ཁ་དོག་དཀར། །སེར་པོ་མཁའ་ལས་བྱུང་བ་ལ། །ཙན་དན་བདུག་པ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་དུ་རུ་ཀ །སྤྱན་རས་གཟིགས་ལ་ཀ་པི་ཏ། །གུ་གུལ་རྡོ་རྗེ་ཉི་མ་ལ། །མར་མེའི་འཕྲེང་བ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་མར་མེ་བདུན། །སྤྱན་རས་གཟིགས་ལ་མར་མེ་བརྒྱ། །སྟོང་ནི་རྡོ་རྗེ་ཉི་མ་ལ། །སངས་རྒྱས་རྣམས་ལ་ཙན་དན་དྲི། །རྡོ་རྗེ་ཅན་ལ་གུར་གུམ་ཡིན། །སྤྱན་རས་གཟིགས་ལ་ཙན་དན་དམར། །ག་བུར་རྡོ་རྗེ་ཉི་མ་ལ། །མེ་ཏོག་འཕྲེང་བ་བདུག་པ་ཀུན། །དེ་བཞིན་མར་མེ་ཐམས་ཅད་དང༌། །སྤོས་རྣམས་ཐམས་ཅད་ཇི་སྙེད་པ། །རྡོ་རྗེ་འཛིན་ལ་འབུལ་བར་བགྱི། །ཞེས་གསུངས་ཤིང༌། རྡོ་རྗེ་ཅན་ཧེ་རུ་ཀ་དང༌། རྡོ་རྗེ་འཛིན་རྡོ་རྗེ་སེམས་དཔའ་འོ། །འདི་དང་ཕྱོགས་མཚུངས་རྡོ་རྗེ་གུར་ནས་ཀྱང་གསུངས་ཤིང༌། ཁྱད་པར་ཁ་ཟས་ལ། ཁ་བ་ཚ་བ་རྡོ་རྗེར་འབུལ། །མངར་བ་རྡོ་རྗེ་རྟག་པ་ལ། །སྐྱུར་བ་རྡོ་རྗེ་ཉི་མ་ལ། །དེ་བཞིན་ལཉྩ་འཇིག་རྟེན་རྗེར། །རྟ་ཡི་རྒྱལ་པོར་ཐམས་ཅད་དམ། །བསྐ་བ་རབ་ཏུ་རྟག་པར་བྱ། །ཞེས་པ་ལྟ་བུ་དང༌། རྒྱུད་འདི་ལས་སློབ་དཔོན་མཆོད་པའི་ཡོན་དུ་གསུངས་པ། བུ་མོ་ཤིན་ཏུ་བརྒྱན་པའམ། །དེ་བཞིན་ཆུང་མ་སྡུག་པ་དག །ཕུལ་ནས་རིན་གྱིས་བསླུ་བ་ནི། །སངས་རྒྱས་བྱང་ཆུབ་མཆོག་གི་ཡོན། །མི་ཆེན་དག་ནི་ཕུལ་ནས་སུ། །སླར་ཡང་རིན་གྱིས་བསླུ་བ་ནི། །རྡོ་རྗེ་འཛིན་པ་དཔལ་སྦྱོར་བ། །ཡོན་ནི་མཆོག་གི་ཡོན་ཡིན་ནོ། །མུ་ཏིག་བཟངས་དང་ནོར་བུ་དང༌། །ཤིན་ཏུ་དཀར་དང་རས་ཟུང་དང༌། །དེ་བཞིན་རྟ་ནི་དཀར་པོ་དག །པདྨ་ཅན་གྱི་ཡོན་ཡིན་ནོ། །


TNT07_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲིད་རིན་ཆེན་ལྟར་རྣམས་དང༌། །གོས་དང་རྒྱན་གྱི་ཚོགས་རྣམས་དང༌། །དེ་བཞིན་མཆོད་པ་ཐམས་ཅད་དག །རྡོ་རྗེ་ཉི་མའི་ཡོན་ཡིན་ནོ། །རྟ་མཆོག་ཤིན་ཏུ་བརྒྱན་པ་དང༌། །ཤིང་རྟ་རིན་ཆེན་བཀང་བ་དག །རྟ་ཡི་རྒྱལ་པོའི་ཡོན་ཡིན་ནོ། །ཞེས་གསུངས་པ་ལྟ་བུ། དངོས་དང༌། བྲིས་པ་དང༌། ཡིད་ཀྱིས་བསམས་པས་ཀྱང་ངོ༌། །དེའི་རྗེས་སུ། ལྷག་ཆད་ཁ་བསྐང་བའི་ཕྱིར་རོལ་མོའི་སྒྲ་དང་བཅས་ཏེ་ཡིག་བརྒྱ་མང་དུ་བཟླས། བུམ་པ་རྣམས་ཕྱོགས་ཕྱོགས་སུ་སྤྱན་དྲངས། དཀྱིལ་འཁོར་ལ་བགེགས་སྦྱང་བ། སྡིག་སྒྲིབ་སྦྱང་བ། ཁྲུས་གསོལ་རྣམས་བོད་སྔ་མའི་ལག་ལེན་ལྟར་སྤྲོ་ན་བྱ། དེ་ནས་སྔོན་འགྲོ་གཏོར་མ་བཏང༌། སྒྲུབ་ཐབས་ཀྱི་འཇུག་ཏུ་བཤད་པའི་གཏོར་ཆོག་དང་འདྲ་བ་ལས། འཁོར་ལོས་བསྒྱུར་བ་དྲུག་གི་སྔགས་བོར་བའོ། །ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུཾ། བདག་ཉིད་རྡོ་རྗེ་རྟ་མཆོག་ཏུ་གྱུར། རང་གི་ཐུགས་ཀ་ནས་རྡོ་རྗེ་ཁྲོ་བོ་མཁའ་འགྲོ་མའི་ཚོགས་དང་བཅས་པ་སྤྲོས། བགེགས་བསྐྲད་ཅིང་མཚམས་བཅད་པར་གྱུར། ཧཱུཾ་བཞི་པ་དྲག་ཏུ་བཟླའོ། །རོལ་མོའི་སྒྲ་དང་བཅས་ཏེ། ཡང་དག་གསང་བའི་དཀྱིལ་འཁོར་འདིར། གསང་བའི་དམ་ཅན་སོ་སོ་ནས། །འདུ་བའི་ལས་ནི་མ་གཏོགས་པ། །གསང་བ་ཉན་པར་མི་དབང་བའི། །བགེགས་དང་འབྱུང་པོ་ཐམས་ཅད་ཀུན། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་བཀའ་ལས་འདས་གྱུར་ན། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང༌། །རྡོ་རྗེ་མཚོན་ཆེན་འབར་བ་ཡིས། །རྟག་ཏུ་བརླག་ཅིང་ཕུང་བར་འགྱུར། །ཧཱུཾ་བཛྲ་ཛྭ་ལ་རཾ་ཡཾ་ཁཾ་ཙཀྲ་བི་ཤྭ་ཧཱུཾ་ཕཊ། ཁྲོ་བོའི་སྔགས་དྲག་ཏུ་བརྗོད་པས་མཚམས་བཅད། བླ་མ་ཡི་དམ་སངས་རྒྱས་མཁའ་དབྱིངས་


TNT07_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

གང་བ་ལ་དམིགས་ཏེ། དེ་དག་ལ་གསོལ་བ་འདེབས་བཞིན་ཏུ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཅེས་སོགས་བྱིན་ཕབ། དེ་རྗེས་ནང་མཆོད་དང༌། སརྦ་ད་བྱ་གྱི་སྔགས་ཀྱིས་རྫས་གཞན་མཐའ་དག་དང༌། ནང་གིས་གཏོར་མ་རྣམས་བྱིན་གྱིས་བརླབས། རིགས་རྐྱང་ཧེ་རུ་ཀའི་དཀྱིལ་འཁོར་དང༌། རྟ་མཆོག་གི་དཀྱིལ་འཁོར་དང་རིགས་བསྡུས་ཀྱི་སྐབས་འདིར། རཀྟ་ཡང་བཤམས་ལ། ཨོཾ་མཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱི་ཐ། ཞེས་པས་བྱིན་གྱིས་བརླབས་རིགས་རྐྱང་གཞན་བཞི་ལ། རཀྟ་མི་དགོས། དེ་ནས་གནས་ཁང་དང་མཆོད་པའི་ཡོ་བྱད་གོང་བཞིན་བྱིན་གྱིས་བརླབ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བཤགས་པ་འབུལ་བ་ནི། ཧཱུཾ་གསང་ལྡན་རྡོ་རྗེ་ཆེ་གེ་མོས། །རྡོ་རྗེ་སློབ་དཔོན་སྨོད་འགལ་ཞིང༌། །ལྷ་སྤངས་མཆོད་ལ་འཁུས་པ་དང༌། །སྔགས་དང་ཕྱག་རྒྱ་སྤངས་པ་དང༌། །སྣོད་མིན་གསང་བ་བསྒྲགས་ལ་སོགས། །གཉིས་གསུམ་ཉི་ཤུ་རྩ་བརྒྱད་དང༌། །ཡན་ལག་ཆ་ཤས་ཉམས་དང་འདས། །འགྱོད་སེམས་ངེས་པར་བཤགས་པར་བགྱི། །ཨོཾ་ན་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་པཱ་པཾ་ཤུདྡྷ་ཤུདྡྷ་སྭཱཧཱ། གཞན་ཡང་བཤགས་པའི་ཁྱད་པར་ཇི་ལྟར་འོས་པ་སྦྱར་བས་རུང་ངོ༌། །དེ་ནས་ལག་པ་བྱིན་རླབས། རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུར་ནས་བརྩམས་ཏེ། ལས་མཛད་པར་གྱུར་གྱི་བར་སོང་བ་ན། མདུན་སྐྱེད་ཀྱི་དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས་སྲུང་འཁོར་གཞལ་ཡས་ཁང་ལྷའི་གདན་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ལྷའི་མཚན་མ་རྣམས་ལྷ་ཚོགས་སུ་གྱུར་པ་ནི། དབུས་སུ་དཔལ་ལྡན་ཀུན་བཟང་ཡབ་ཡུམ་དང༌། །བདེ་མཆོག་ངོ་མཚར་བདེ་མ་སྣང་


TNT07_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་མ། །སློབ་མ་སངས་རྒྱས་བྱང་ཆུབ་ཆོས་འཁོར་མ། ཁམས་གསུམ་རྣམ་རྒྱལ་འདོད་པའི་དབང་མོ་བཞུགས། །ཤར་དུ་རྒྱལ་བ་རྟག་པ་ཡབ་ཡུམ་དང༌། །སངས་རྒྱས་ཀུན་བརྗོད་ཤིན་ཏུ་རྒྱལ་མ་དང༌། །ཀུན་བཟང་མི་བཟད་སྣོད་མ་ཀུན་ལྡན་མ། །ཞལ་བཟང་སྤྲིན་ཆེན་ནམ་མཁའི་སྤྱན་མ་བཞུགས། །ལྷ་མོའི་དབུས་སུ་ཁྲག་འཐུང་ཡབ་ཡུམ་རོལ། །ནུབ་ཏུ་པདྨ་གར་དབང་ཡབ་ཡུམ་དང༌། །རྣམ་གཟིགས་སྒྲོལ་མ་ས་འཛིན་ཁྲོ་གཉེར་ཅན། །གཏུམ་པའི་དབང་ཕྱུག་སྣ་ཚོགས་པདྨ་ལ། །པདྨ་ན་བཟའ་པདྨའི་དབང་མོ་བཞུགས། །བྱང་དུ་རྡོ་རྗེ་ཉི་མ་ཡབ་ཡུམ་དང༌། །དབང་བསྐུར་གཏེར་ལྡན་རྒྱལ་མཚན་མཆོག་མ་དང༌། །མཆོད་ཆེན་མ་དང་མདའ་གཞུ་རལ་གྲི་མ། །ཉི་མ་མ་དང་མེ་འབར་བ་མ་རྣམས་བཞུགས། དེ་དག་ཀུན་ལ་ཕྱི་ནང་གྲྭ་རྣམས་སུ། གླིང་བུ་པི་ཝཾ་རྔ་ཆེན་རྫ་རྔ་མ། །མེ་ཏོག་སྤོས་དང་མར་མེ་དྲི་ཆབ་མ། །མཚམས་ཀྱི་དབུས་སུ་རྟ་མཆོག་ཡབ་ཡུམ་དང༌། །སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་མ། །ཕྱི་དང་ནང་གི་དཀྱིལ་འཁོར་ཐམས་ཅད་ལ། །སྒོ་བཞིར་རྟ་གདོང་མ་དང་ཕག་གདོང་མ། །སྣང་བ་མོ་དང་རོ་ལངས་མ་རྣམས་བཞུགས། །ལྷོ་དང་མཚམས་ཀྱི་དཀྱིལ་འཁོར་ཆེན་པོ་ལ། །གཽ་རི་ཙཽ་རཱི་རབ་རྨོངས་བཻ་ཏ་ལཱི། །པུཀྐ་སཱི་དང་གཏུམ་མོ་གྷསྨ་རི། །རྨེ་ཤ་མ་སྟེ་ཁྲོ་མོ་བརྒྱད་པོ་བཞུགས། །རིམ་གཉིས་གྲྭ་བཞིར་འདའ་འཛིན་ཁ་ཊྭཱཾ་མ། །འཁོར་ལོ་འཛིན་མ་སྣ་ཚོགས་བ་དན་འཛིན། །མེ་ཏོག་མ་སོགས་མཆོད་ལྷ་བཞི་དང་བཅས། །དེ་


TNT07_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གདོད་ནས་རྣམ་དག་དམ་ཚིག་གི་དཀྱིལ་འཁོར་མངོན་སུམ་དུ་གྲུབ་པར་གྱུར། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿཧཱུཾ། ཞེས་སྟ་གོན་གྱི་དཀྱིལ་འཁོར་སྤྱན་དྲངས། རྟ་མཆོག་གི་སྙིང་པོ་དང༌། བདུད་རྩི་འཁྱིལ་བའི་སྔགས་ལན་གསུམ་གྱིས་བསངས་གཏོར་བྱ་ཞིང་བགེགས་བསྐྲད། ཧཱུཾ་བཞི་པའི་སྔགས་ཅིག་རྡོ་རྗེ་གསོར་པ་དང་བཅས་པས། སྲུང་འཁོར་གྱི་སྒོ་ཕྱེ་ལ། མཧཱ་ས་མ་ཡ་སྟྭམ། ལག་གཉིས་ཀྱིས་མཆོད་ཡོན་འབུལ་བ་ནས། མཧཱ་སུ་ཁ་ཧཱུཾ། གི་བར་ཚོགས་ཞིང་གི་སྐབས་ལྟར་མཆོད་པ་ཕུལ། འཁོར་ལོས་བསྒྱུར་བ་དྲུག་གི་སྙིང་པོའི་མཐར། ཨ་བེ་ཤྭ་ཡ་ཨ། ཛཿཧཱུཾ་བཾ་ཧོ། བཏགས་པ་དང༌། རྒྱས་པར་སྤྲོ་ན། འཁོར་གྱི་ལྷ་རྣམས་ཀྱི་སྔགས་ཀྱི་མཐར་ཡང་དེ་བཞིན་དུ་བྱ་ལ། མདོར་བསྡུ་ན། ཛཿཧཱུཾ་བཾ་ཧོ་ཨཾ་བྷྲུཾ་ཧཿཁཾ། ཨཾ་ཏཾ་བཾ་སཾ་ཨ་ཨཱ་ཨཾ་ཨཿ ཛཿཧཱུཾ་བཾ་ཧོ། ཧཾ་ཚཾ་ཏྲཾ་དྷཾ་ཨཾ་བྷྲུཾ་ཧ་ཁཾ། ཨོཾ་ཏཾ་ནས་བཾ་ཧོ་གོང་བཞིན་ནོ། །ཧྲཱིཿཧྣི་ནི་ཛྫིཿཛིཿཧཱུཾ་ཕཊ་ཧཱུཾ་ཕཊ། མཾ་བཾ་ཡཾ་རཾ་ཨ་ཨཱ་ཨཾ་ཨཿཛཿཧཱུཾ་བཾ་ཧོ། ཛཿཧཱུཾ་བཾ་ཧོ་ཧཱུཾ་ཧེ་ཨཱཿཧོཿ ཨོཾ་ཏཾ་སོགས་གོང་བཞིན་ནོ། །ཨོཾ་ཧྲཱིཿཧོཿཧཾ་ཛཿཧཱུཾ་བཾ་ཧོ། ཨོཾ་ཏཾ་སོགས་གོང་བཞིན་ནོ། །ཛིཿཧཱཿཧྲིཿཧྣི་སོགས་ཏེ། ས་བོན་སྡེ་ཚན་དེ་རྣམས་ཀྱི་མཐར། ཨ་བེ་ཤ་ཡ་ཨ་ཛཿཧཱུཾ་བཾ་ཧོ། ཞེས་བརྗོད་པས་ཡེ་ཤེས་ཀྱི་ལྷ་རྣམས་གཟུགས་བརྙན་གྱི་དཀྱིལ་འཁོར་དང་བསྲེ་བར་བྱའོ། །སྐབས་འདི་དག་ཏུ་སློབ་དཔོན་ཧཱུཾ་མཛད་ཀྱིས་བརྡའ་སྒོ་དབྱེ་བ་དང༌། བརྡའ་ཕྱག་འཚལ་བ་བཤད་པ་ལྟར་བྱེད་པ་ལེགས་པ་ཡིན་ཏེ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོ། ཨོཾཔྲ་བེ་ཤ་ཡ་


TNT07_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། ཨ་ལ་ལ་ལ་ལ་ཧོ། ཞེས་ཕྱོགས་བཞི་ནས་སྒོ་ཕྱེ། སྤྲོ་ན། ཨོཾ་ཧཱུཾ། ཞེས་དབུས་ནས་ས་མནན་ཏེ། ཨོཾ་ཧཱུཾ་ཕཊ། ཤར་དུའོ། །ཨོཾ་ཧཱུཾ་ཨ་ཕཊ། ལྷོ་རུའོ། །ཨོཾ་ཧཱུཾ་ཨ་ཨ་ཨ་ཕཊ། ནུབ་ཏུའོ། །ཨོཾ་ཧ་མ་ར་དུཥྟན། གྷཱ་ཏ་ཡ་གྷཱ་ཏ་ཡ། ཨ་ཨ་ཨ་ཧཱུཾ་ཧྲཱིཿཕཊ། བྱང་དུའོ། །འདི་དག་བགེགས་བསྐྲད་པ་ཡང་ཡིན་ཏེ། སྒོ་དབྱེ་བ་དང་འབྲེལ་ལོ། །བརྡའ་སྒོ་དབྱེ་བའོ། །ཨོཾ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཕྱོགས་བཞིའི་དཀྱིལ་འཁོར་དབུས་རྣམས་ཀྱི། །སྐྱེ་འགྲོ་རྡུལ་སྙེད་གནས་པ་ཀུན། །བདེ་གཤེགས་ལྷ་ཡི་དཀྱིལ་འཁོརདབྱིངས། །ཕྱོགས་དུས་ཀུན་ནས་ཚོགས་པའི་ལྷ། །གཉིས་སུ་མེད་པས་ཕྱག་འཚལ་ལོ། །ཨོཾ་ཨཱཿཧཱུཾ་ཨ་ཏི་བྷུ་ཧོ། སརྦ་ཏ་ཐཱ་ག་ཏཱ་ནཱཾ་ཀ་རོ་མི། ཨ་ལ་ལ་ལ་ཧོ། ཨོཾ་ཨཱ་ཏི་བྷུ་ཧཱུཾ། པྲ་ཏི་ཨོ་ཏི་བྷུ། སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཡོ་ག་སིདྡྷི་ཨཱཿཧཱུཾ། ཞེས་པ་ལ་སོགས་པ་སྔགས་བདུན་གྱིས་ཕྱག་འཚལ་བ་ཡིན་ནོ། །ཨོཾ་ཨཱཿཧཱུཾ་རང་ཉིད་རྡོ་རྗེ་སེམས་དཔའ་མདུན་བསྐྱེད་དང་རོ་གཅིག་ཏུ་འདྲེས་པར་གྱུར། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་སརྦ་ས་མ་ཡོ྅ཧཾ། ཨོཾ་ཨཱཿཧཱུཾ། མང་དུ་བཟླས། ཨོཾ་དྷརྨ་དྷ་ཏུ། ཨོཾ་ཤུ་ནྱ་ཏཱ། སྟོང་པའི་ངང་ལས། སྟོང་གསུམ་གྱི་ཡང་ཐོག་ཏུ་ཞེས་པ་ནས། རྟ་མཆོག་གི་དཀྱིལ་འཁོར་ལ་དབང་བསྐུར་རོ། །ཞེས་པའི་བར་སྒྲུབ་ཐབས་བཞིན་དུ་བྱས་ལ། དེ་ནས་ཆོ་ག་མདོར་བསྡུས་ཙམ་ལ་དགའ་ན། ཨོཾ་ཨཱཿཧཱུཾ་ཨ་ཏི་བྷུ་ཧོ། ཞེས་པ་ནས། ཨཽཾ་བཛྲ་སཏྭ་མཧཱ་ས་མ་ཡ་ཨཱཿཧཱུཾ་སྭཱཧཱ། ཞེས་བཟླས་པ་བྱེད་པའི་བར་སྒྲུབ་ཐབས་ཁོ་ན་བཞིན་བྱས་པས་ཆོ་ག་མ་ཚང་བ་མེད་ལ། ཅུང་ཟད་སྤྲོས་པ་ལ་དགའ་ན།


TNT07_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །ནམ་མཁའ་མཉམ་པར་སྤྲུལ་ནས་ཀྱང༌། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །ཨོཾ་ཤྲཱི་སརྦ་བུདྡྷ་ས་མ་ཡོ་ག་ཌཱ་ཀི་ནི་ཛ་ལ་སམྦྷ་ར་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། དེ་བཞིན་དུ། ཞབས་བསིལ་དང༌། པཱ་དྱཾ། ཨོཾ་ལྷ་ཡི་མེ་ཏོག་ཤིན་ཏུ་དམར། ཞེས་སོགས་དང༌། བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ་ནཻ་ཝི་ཏེའི་བར་དུ་སྦྱར་རོ། །མེ་ཏོག་ལ་སོགས་པའི་ཚིགས་བཅད་འདི་རྣམས། རྡོ་རྗེ་བདུད་རྩིའི་རྒྱུད་ལས་འབྱུང་བས། རྒྱུད་ཚིག་ལ་བཅོས་མ་བྱས་པ་ཉིད་ལེགས་སོ། །ཕྱོགས་འདིའི་གཞུང་གཉིས་ལས་སྦྱིན་སྲེག་གི་སྐབས་སུ་འབྱུང་བ་ལ། རྒྱུད་ཚིགས་ལ་ཅུང་ཟད་བཅོས་པར་མངོན་ནོ། །ཨོཾ་དཔག་བསམ་ཤིང་སོགས་རྒྱུ་ལས་བྱུང༌། ལྷ་ཡི་ན་བཟའ་ཁྱད་པར་འཕགས། །བཙོ་མ་གསེར་གྱི་མདོག་མཚུངས་དང༌། །སྣ་ཚོགས་རིན་ཆེན་རྒྱན་སོགས་འབུལ། །བཛྲ་ས་མ་ཡེ་སྭཱཧཱ། གཞན་ཡང་མཆོད་པ་རོལ་མོའི་ཚོགས། །སྣ་ཚོགས་རྣམ་པ་དུ་མ་དང༌། །དགའ་བའི་གླུ་དང་དབྱངས་ཀྱི་མཆོག །བཀྲ་ཤིས་སྒྲ་ཀུན་གྱིས་ཀྱང་མཆོད། །བཛྲ་ཤཔྟ་ཨཱཿཧཱུཾ། ཤིན་ཏུ་རྒྱས་པ་ལ་མོས་ན། རྡོར་སེམས་ལྷ་ཉི་ཤུ་རྩ་གཅིག་གི་གླུ་དང་ཕྱག་རྒྱས་མཆོད་དེ། འགྲུབ་ན་ཤིན་ཏུ་གལ་ཆེ་ལ། དེ་བཞིན་དུ་རིགས་དྲུག་གི་གླུ་དབྱངས་རྒྱས་པས་ཀྱང་མཆོད་པར་བྱའོ། །རྡོར་སེམས་ལྷ་ཉེར་གཅིག་དང༌། རིགས་དྲུག་གི་གླུ་དབྱངས་རྒྱས་པ་ནི། ལོགས་སུ་རྟོགས་པར་བྱའོ། །ནང་མཆོད་ཀྱི་སྔོན་དུ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ། ཞེས་ལན་མང་དུ་བཟླས་ནས། སྤྲོས་པ་ལ་མོས་ན། རང་བྱུང་གདོད་ནས་རྣམ་པར་དག །ཅེས་སོགས་གྱེར།


TNT07_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུས་ན་མི་དགོས་ཏེ། ཨོཾ་འབྱུང་བ་ཐམས་ཅད་སོགས། ཨཱཿཧཱུཾ་སྭཱཧཱའི་བར་འདོན། ཨོཾ་ཨཱཿཧཱུཾ། ཧཱུཾ་ཨོཾ་ཧཱིཿཧྲཱིཿདྲཾ་ཧཾ། ཧེ་པཉྩ་ཨ་མྲྀ་ཏ་ར་ས་ཡ་ན་སིདྡྷི་སརྦ་པཉྩ་སིདྡྷི་ཧཱུཾ་ཨོཾ་ཧཱི་ཧྲི་ཐ། ཞེས་མང་དུ་བཟླས་ལ། ཨོཾ་བ་ཧུ་བི་བྷི་དྷ་ཛི་བན་སནྟ་ཀི་ཨེ་ཤེ་ཤ་ནི་ཤེ་ཤ་ས་དྷ་བི་ན་ཡ། སརྦ་ཏ་ཐ་ག་ཏ་ཛ་ལེ་པྲ་ཛ་ལེ་གུརྦ་བི་གརྦ་སརྦ་ཤམྦ་རེ་ཧཱུཾ། བིཥྱ་བི་ཤ་ཧཱུཾ། དེ་བཞིན་ཏུ་ཛི་བན་གྱི་སར། རཱ་ག་དང༌། སུ་ར་ཏ་དང༌། རོ་ཏྲ་སྦྱར་བའམ། ཡང་ན། རྣམ་པ་མང་པོས་སྲོག་གི་རྒྱུད། སོགས་བོད་སྐད་དུ་རྡོ་རྗེའི་གླུ་བླངས་ནས། ཤན་ཏིང་ཀུ་རུ། པ་ཤྱཾ་ཀུ་རུ། པུཥྟིཾ་ཀུ་རུ། མཧཱ་ར་ཡ། བཾ་ཧཱུཾ་སྭཱཧཱ་ཕཊ། ཅེས་གླུ་བླང་ངོ༌། །ཆོས་སྐུ་ཀུན་བཟང་རྒྱལ་བ་རིགས་ལྔ་དང༌། །ཕྱག་ན་རྡོ་རྗེ་དྲི་མ་མེད་པ་དང༌། །རྒྱལ་པོ་ཛ་དང་ཨུ་པ་ར་ཛ་དང༌། །ཀུ་ཀུ་ར་ཛ་མུ་ཏི་ཏ་དང་ནི། །བ་ཧུ་མུ་སྟེ་སངས་རྒྱས་གསང་བ་དང༌། །དྲི་མེད་བཤེས་གཉེན་རྨ་ལོ་རིན་ཆེན་མཆོག །གྱེ་རེ་ཕྱོགས་སྐྱོང་རིན་ཆེན་གཞོན་ནུ་དང༌། །གོའོ་ཚུལ་བྱང་དེ་སྲས་རྣམ་གསུམ་སྟེ། །ཅོ་རོ་རྒྱལ་ཡོན་ལ་གསུམ་གཞོན་ནུ་མཆོག།སྟག་ཚེར་འཇམ་པའི་དཔལ་ཞེས་གྲགས་པ་ཡིན། །བྱང་ཆུབ་འོད་དང་བློ་གྲོས་རྒྱལ་མཚན་དང༌། །རོང་བན་ཚུལ་རིན་རོང་ཟོམ་ཆོས་བཟང་དང༌། །ཡཾ་ཞུད་བློ་ཆེན་མགོ་ཡི་རིགས་བྱུང་ལྔ། །དེ་ཡང་ཟླ་བ་འབར་དང་འབུམ་གྲགས་དང༌། །དངོས་གྲུབ་རྒྱལ་མཚན་དགེ་སློང་ཆོས་རྡོར་དང༌། །མགོ་སྟོན་དངོས་གྲུབ་འབུམ་ཞེས་རིམ་པས་སོ། །དབུས་པ་སངས་འབུམ་ཀུན་མཁྱེན་ཆོས་འོད་དང༌། །མི་བསྐྱོད་རྡོ་རྗེ་བྱང་ཆེན་བསོད་ནམས་


TNT07_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ། །བག་སྟོན་པ་དང་ཚུལ་རྒྱལ་ཡོན་པོ་བ། །བླ་ཆེན་བསོད་རྒྱལ་གྲུབ་ཆེན་ཀུན་བློ་པ། །རྩ་བ་རྒྱུད་པའི་བླ་མ་ཐམས་ཅད་ལ། །རྣམ་དག་བདུད་རྩིའི་མཉེས་མཆོད་དམ་པ་འབུལ། །འཁོར་ལོས་བསྒྱུར་བ་དྲུག་གི་སྙིང་པོ་དང༌། །སྤྲོ་ན་ལྷ་ཐམས་ཅད་ཀྱི་སྔགས་ཀྱི་མཐར་འབྲུ་གསུམ་སྦྱར་བས་འབུལ། ཡང་ན། སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ཞེས་བཏགས་པས་ཀྱང་རུང༌། བྱིན་རླབས་མཚན་དང་ནས་དམ་པ་བདག་ལ་སྩོལ་གྱི་བར་ཡང་སྒྲུབ་ཐབས་བཞིན། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །འདི་ནི་རང་བྱུང་བཅོམ་ལྡན་འདས། །ཆེ་བའི་ལྷ་ལ་ཕྱག་འཚལ་བསྟོད། །འཁོར་བའི་ཉེས་པའི་མ་གོས་ཤིང༌། །འགྲོ་ལ་རྗེས་སུ་ཆགས་པའི་སྐུ། །ཟླ་བ་ལྟར་དཀར་རྩ་དམར་འགྱིང༌། །རྡོར་སེམས་བདེ་བ་ཆེ་ལ་འདུད། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མའི་ལམ་ལ་རབ་འཇོག་པ། །གཏི་མུག་རྒྱ་མཚོ་ཞི་བར་མཛོད། །རྒྱལ་བ་རྟག་པ་ལ་ཕྱག་འཚལ། །ཤིན་ཏུ་གདུལ་དཀའ་དྲག་པོ་ལ། །ཞི་བས་ཕན་པར་མི་འགྱུར་བས། །དེ་བཞིན་གཤེགས་ཀུན་ཁྲོ་བོར་གྱུར།། ཁྲག་འཐུང་ལྷ་ཚོགས་ལ་ཕྱག་འཚལ། །ཆགས་ཆེན་རྡོ་རྗེ་ཆོས་ཀྱི་སྐུ། །ལྟ་བ་ངན་རྣམས་སྦྱང་བའི་ཕྱིར། །སྒྱུ་མ་སྣ་ཚོགས་ཚུལ་སྟོན་པ། །པདྨ་གར་དབང་ལ་ཕྱག་འཚལ། །ཡིད་བཞིན་ནོར་བུ་སྦྱིན་པ་པ། །སེར་སྣས་ཟིལ་གནོན་འགྲོ་བ་སྒྲོལ། །བསམ་པ་ཐམས་ཅད་རྫོགས་མཛད་པ། །རྡོ་རྗེ་ཉི་མ་ལ་ཕྱག་འཚལ། །རྡོ་རྗེ་ལས་ནི་བརྩོན་འགྲུས་ཆེ། །ཁྲོ་དང་ང་རྒྱལ་ལེ་


TNT07_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་འཇོམས། །ཕ་རོལ་གནོན་པ་ཤིན་ཏུ་སྟོབས། །རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །ལྷན་ཅིག་སྐྱེས་པའི་བདེ་བ་ཆེ། །སྙིང་པོའི་ཡེ་ཤེས་ཀུན་ཏུ་སྟོན། །མཉམ་ཉིད་གསང་བ་ཆེན་པོའི་དབྱིངས། །འཁོར་ལོས་བསྒྱུར་མ་རྣམས་ལ་འདུད། །འགྲོ་ཀུན་སྒྱུ་མ་བདེ་མཆོག་ལ། །བདེ་བ་ཆེན་པོའི་ཏིང་འཛིན་སྦྱོར། །ལྷ་མོ་ལྷན་ཅིག་སྤྱོད་རྣམས་ལ། །རབ་ཏུ་དང་བས་ཕྱག་འཚལ་ལོ། །སེམས་ཅན་ཚོགས་རྣམས་ཡོངས་སྦྱངས་ཕྱིར། །རྗེས་སུ་འབྲང་བ་ལྷ་མོའི་སྐུ། །བདེ་བའི་གར་གྱིས་རོལ་མཛད་པ། །ལྷ་མོ་དེ་རྣམས་ལ་ཡང་འདུད། །མི་ཟད་རྡོ་རྗེ་ནམ་མཁའི་དབྱིངས། །བླ་མེད་མཆོད་པས་རྣམ་འཕྲུལ་བ། །མཆོད་པའི་ལྷ་མོ་ཐམས་ཅད་ལ། །ཚོགས་གཉིས་སྒྲུབ་ཕྱིར་ཕྱག་འཚལ་ལོ། །དགུག་གཞུག་ལ་སོགས་ལས་མཛད་ཅིང༌། །འཕྲིན་ལས་ཐམས་ཅད་སྒྲུབ་པ་པོ། །སྒོ་སྐྱོང་གནས་པ་ཐམས་ཅད་ལ། །རྟག་ཏུ་གུས་པས་ཕྱག་འཚལ་ལོ། །ཕྱི་རོལ་གནས་པའི་དམ་ཅན་ཚོགས། །སྒྲུབ་ལ་རྟག་ཏུ་ཕན་པར་བརྩོན། །གཞན་ཡང་དུར་ཁྲོད་གནས་རྣམས་ལ། །རབ་དང་སེམས་ཀྱིས་ཕྱག་འཚལ་ལོ། །ཡེ་ཤེས་ལས་གྲུབ་གཞལ་མེད་ཁང༌། །བདུད་བཞིའི་སྟོབས་ནི་འཕྲོག་བྱེད་པ། །སྲུང་པའི་འཁོར་ལོ་བཅས་རྣམས་ལ། །རབ་ཏུ་གུས་པས་ཕྱག་འཚལ་ལོ། །ཨོཾ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དམ་པ་གྲུབ་པར་མཛོད། དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་


TNT07_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དག་པར་མཛོད། མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པ་མཛོད། །ཨ་ལ་ལ་སྟེ་མཆོད་པར་འབུལ། ཨ་ལ་ལ་སྟེ་དམ་ཚིག་སྐོངས། ཨ་ལ་ལ་སྟེ་དགྱེས་པར་མཛོད། ཨ་ལ་ལ་སྟེ་དངོས་གྲུབ་སྩོལ། དགྱེས་མཉམ་ལོངས་སྤྱོད་མཆོག་ལ་རོལ། ཨོཾ་ཤྲཱི་རཱ་ག་ཧཱུཾ། ཛཿཧཱུཾ་བཾ་ཧོ། རུ་ཊ་མ་ཊ། སྨ་ར་ཏ་ཏི། རུ་ལུ་རུ་ལུ། པྲ་ཧླ་དི་ཛ། ཊཀྐི་ཧཱུཾ་ཛ། ཧུ་ལུ་ཧུ་ལུ། ཨ་ཤུདྡྷ་སདྷ། ད་ཤ་ཡ་སརྦཾ། ཀ་ནི་གུ་ནི་ཧཱུཾ་ཧཱུཾ་ཏ་གྷ་ན་གྷེ་ཏ་གྷེ་གྷེ་ཊ་ཊ་གྷེ་གྷེ་གྷེ། ཏ་གྷེ་ཏ་གྷེ། གྷེ་གྷེ། ཏ་ཏ། ཏ་གྷེ་ཏ་གྷེ། ཧེན་དོན་ཊཀྐི་ཧཱུཾ་ཛ། གྷེ་ཏ། གྷེ་དོན་ཊཀྐི་ཧཱུཾ་ཛཿ ཏྲ་ན་ཨ་ལ་ལ་ལ་ལ་ཧོ། ཞེས་ཐལ་མོ་བརྡབ་པ་སོགས་ལ་རོལ་མོའི་མཆོད་པའོ། །ཏ་གྷེ་གྷེ། ཏ་གྷན་ཏ་གྷན། གྷན་གྷན། རྡོ་རྗེ་སེམས་དཔའི་རོལ་མོའོ། །ཨཾ་ཨཾ་ཨཾ་ཧཾ་ཧཾ་ཧཾ། བཾ་བཾ་བཾ་དྷཾ་དྷཾ་དྷཾ། དམ་ཚིག་གསུམ་གྱིས་བརྡུང་བ་སྟེ་རྟག་པའི་འོ། །དྷེ་ཀོང་ཀོང་ཀོང༌། དྷེ་བཛྲ་བཛྲ་ནུར་ནེ། ཀོང་ཀོང་ཀོང་ཀོང༌། ཧཱུཾ་བྷྱོཿཧཱུཾ་བྷྱོཿཧཱུཾ་བྷྱོ། རུ་ལུ་རུ་ལུ་ཧཱུཾ་བྷྱོཿ བེཾ་ཀོང་ཀོང་ཀོང༌། ཀཽཾ་ཀཽཾ་ཀཽཾ བྷེ་ཀཽཾ་ཀཽཾ་ཀཽཾ ཧེ་རུ་ཀའིའོ། །པད་མ་པདྨ་ཧྲཱིཿ ཚར་གསུམ་གར་དབང་གིའོ། །ཏྲཾ་ཏྲཾ་ཏྲཾ། བ་བ་བ་བ་བ་བ་བ། ཊ་ཊ་ཊ་ཊ་ཊ་ཊ་ཊ། ཏྲན་ཏྲ་ན་ཏྲ་ན། ཏྲན་ཏྲ་ཏེ། ཊ་ཏུཏྟེ་ཊ་ཏུཏྟེ། ཏུཏྟ་ཏྟ། རྒྱལ་པོ་སྟེ་རྡོ་རྗེ་ཉི་མའི་རོལ་མོའི་འོ། །ཊཀྐི་ཧཱུཾ་ཛ། ལན་གསུམ་སྙེམ་པའི་འགྲོས་སོ། །ཏྲ་ཏྲ་ཏྲ་ཏྲ་ཏྲ་ཏྲ་ཏྲ། འགྱུར་བའི་འོ། །ཊ་ཏ་བ་ཊ་ཏ་བ། ཧཱུཾ་ཊ་ཏ་བ་ཊ་ཏ་བ་ཧཱུཾ། རྟ་མཆོག་གིའོ། །ཊ་ཏ་བ་ཊ་ཏ་བ་ཊ་ཏ་བ། ཊ་ཊ་བ་ཊ་ཊ་བ་ཊ་ཊ་བ། ཊ་ཏ་ཤིན་ཏུ་མྱུར་བའི་རོལ་མོའི་འོ། །ཡང་ན། ཨོཾ་ཀོ་ཀོ་པདྨ་པདྨ་ཏྲཾ་ཏྲཾ་ཊཀྐི་ཧཱུཾ། ཞེས་རིགས་


TNT07_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཆར་གྱིས་བརྡུང་བའོ། །བདག་ཅག་དམ་ཚིག་སོགས་བརྗོད། བཟླས་པ་ཡང་སྔགས་མཆོད་ཀྱི་ཚུལ་ཏུ་བྱ། དག་དྲན་འདིར་བྱེད་ཀྱི་གསལ་ཁ་མེད་ཀྱང༌། སྐབས་འདི་ཁོ་ནར་བྱས་ན་ལེགས་པ་ཡིན་ནོ། །བར་འདིར་སྦྱིན་སྲེག་ལ་སོགས་པ་སྤྲོ་ཞིང་ནུས་ན་འབུལ། དེ་ནས་གཏོར་མའི་ཆོ་ག་ནི་ནང་གཏོར་སྔར་བཞིན་ཕུལ་ལ། ཕྱི་རོལ་པའི་གཏོར་མ་ནི། འདི་སྐོར་གྱི་གཞུང་ལས་འབྱུང་བའི་གཏོར་ཆོག་རྒྱས་པའམ། འབྲིང་པོར་ན་ཕྱོགས་བཞིར་གཏོར་མ་གཏོང་བའམ། ཡང་ན་མ་རྒྱུད་སྤྱི་འགྲོས་ལ་འབྱུང་བའི་ཕྱོགས་གཏོར་བཞིན་དུ་འབུལ། བསྡུ་ན་དཀྱིལ་འཁོར་ཁང་པའི་ཕྱི་རོལ་གཏོར་མ་བཞི་བཤམ། སྒྲུབས་ཐབས་ལས་བཤད་པའི་གཏོར་ཆོག་ཁོ་ནས་སྔོས་ཏེ་ཕྱོགས་བཞིར་གཏོང༌། གཏོར་མ་དང་སྦྱིན་སྲེག་དང་རབ་གནས་ལ་སོགས་པའི་སྐབས་སམ། དཀྱིལ་འཁོར་མཆོད་པའི་ཐ་མར་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དེ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་ཞི་བྱེད་དང་པོའོ། །དེ་ཡི་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །སེམས་ཅན་ཀུན་


TNT07_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕན་ཕྱིར་བྱང་ཆུབ་མངའ་བ་པོ། དོན་རྣམས་ཐམས་ཅད་གྲུབ་པར་བརྟུལ་བ་ཡོངས་ལྡན་པ། །ཚོགས་ཀྱི་ལེགས་དགྱེས་ཐུབ་པའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི། །གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་ཏེ། །དབང་བཅས་ལྷས་བསྐོར་པ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི༴ །ལོ་མ་མེ་ཏོག་འོད་འབར་ཉམས་དགའ་ལུམྦའི་ཚལ། །ལྷ་མང་དག་གིས་བསྟན་པར་མགོན་པོ་བལྟམས་པ་ན། །སྲིད་པ་མཐར་ཕྱིན་པ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས༴ གྲོང་ཁྱེར་སེར་སྐྱའི་གནས་ནས་རྒྱལ་པོའི་ཕོ་བྲང་དུ། །ལྷུམས་ནས་བལྟམས་པ་སྟོན་པ་བདེ་གཤེགས་ཟས་གཙང་སྲས། །མྱུར་བསྐྲུན་བདུད་རྩིའི་ཆུས་གཏོར་བ་ཡི་བཀྲ་ཤིས་གང༌། །བཀྲ་ཤིས༴ །གྲོང་ཁྱེར་དམ་པ་སེར་སྐྱའི་གནས་ཞེས་བྱ་བར་ནི། །རྨད་དུ་གྲགས་པ་ཆེན་པོ་ལྷ་ཡིས་མངོན་བསྟོད་པ། །བསམ་ཡས་དགེ་སྒྲུབ་བསོད་ནམས་ཕུང་པོའི་བཀྲ་ཤིས་གང༌། །བཀྲ་ཤིས༴ །དགེ་ཤིང་ནམ་ཕྱེད་གྲོང་ཁྱེར་ནས་ནི་མངོན་ཕྱུང་སྟེ། །དཀའ་ཐུབ་ཚལ་དུ་མངོན་པར་གཤེགས་ཤིང་ཚངས་ལ་སོགས། །ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི༴ །རབ་ཏུ་འོད་འབར་གསེར་དང་འདྲ་བའི་སྐུ་མངའ་ཞིང༌། །བཻ་ཌཱུརྱ་ལྟར་སྔོན་པོའི་རྩ་བཏིང་སྟེང་བཞུགས་ཏེ། །སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི༴ །ཆུ་བོའི་འགྲམ་ན་


TNT07_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

ཙར་ཀའི་འཕྲེང་གིས་ཡོངས་བསྐོར་བ། །ཤིན་ཏུ་རྨད་དུ་བྱུང་བའི་སྲིད་པ་སེལ་མཛད་པ། །ཀླུའི་རྒྱལ་པོའི་ཕྱག་བྱས་པ་ཡི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ན༴ །ཤིང་རྒྱལ་དྲུང་གཤེགས་བྱམས་པས་སྟོབས་ཀྱིས་བདུད་ཀྱི་ཕྱོགས། །མང་པོ་བཏུལ་ཚེ་ས་སྟེང་དང་ནི་ནམ་མཁའ་ལ། །བཅོམ་ལྡན་བཀྲ་ཤིས་རྣམ་པ་སྣ་ཚོགས་གང་བྱུང་བ། །བཀྲ་ཤིས་དེས་ནི༴ སྡུག་བསྔལ་མཐའ་དག་གཞིག་ཕྱིར་རྡོ་རྗེའི་གདན་བཞུགས་ཏེ། །ནམ་གྱི་ཐོ་རངས་བདུད་བཞི་པོ་དག་རྣམ་བཏུལ་བ། །སྟོན་པ་བདེ་བར་གཤེགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི༴ །གྲོང་ཁྱེར་ཝ་ར་ན་སིར་དྲང་སྲོང་མཆོག་བཞུགས་ནས། །ལྷ་ཡུལ་དང་འདིར་ཤིན་ཏུ་རྨད་དུ་བྱུང་གྱུར་པ། །ཆོས་ཀྱི་འཁོར་ལོ་མཆོག་བསྟན་པ་ཡི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི༴ །བཀྲ་ཤིས་གང་ཞིག་ཕན་བྱེད་དམ་པ་དག་བྱེད་པ། །བསོད་ནམས་དག་བྱེད་འཕགས་པའྀ་སྐྱེ་བོས་མངོན་བསྟོད་པ། །བཅོམ་ལྡན་ཤཱཀྱ་ཐུབ་པ་སེང་གེས་གང་གསུངས་པ། །བཀྲ་ཤིས་དེས་ནི༴ མུ་སྟེགས་བྱེད་པ་ཀུན་གྱི་ང་རྒྱལ་གཞོམས་པ་དང༌། །འགྲོ་ལ་བདེ་བ་བསྐྱེད་ཕྱིར་ཆོ་འཕྲུལ་དམ་པ་དག ཉེ་བར་སྟོན་པའི་རྒྱལ་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི༴ །འགྲོ་ལ་ཕན་ཕྱིར་མཐོ་རིས་གནས་ནས་འདིར་གཤེགས་ཏེ། །ཚངས་པ་ལ་སོགས་ལྷ་ཚོགས་ལག་ན་རྔ་ཡབ་གདུགས། །སྣ་ཚོགས་ཐོགས་པས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི༴ །དེ་བཞིན་གཤེགས་


TNT07_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞི་བའི་མཆོག་ཏུ་ཉེར་གཤེགས་པ། །མན་ད་ར་ཡི་མེ་ཏོག་མང་པོས་མངོན་མཆོད་པ། །ལྷ་མཆོག་རྣམས་ཀྱིས་མངོན་པར་བསྟོད་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི༴ །ལྷ་དབང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་པ། །མཁའ་ལྡིང་གནོད་སྦྱིན་དྲི་ཟའི་དབང་པོས་མཆོད་གྱུར་པ། །དེ་བཞིན་གཤེགས་པ་སྟོབས་བཅུ་ལྡན་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །དེ་ནས་བར་འདིར་སློབ་དཔོན་བདག་ཉིད་འཇུག་པ་བྱ། རྗེས་སུ་དམ་ཚིག་གསུམ་གྱི་གླུ་བླང་བར་བྱ་སྟེ། ཤྲཱི་སུ་ཁ་བཛྲ་སཏྭ་སུ་བྷ་ག་ཏྭཾ་ཨ་ཧཾ། ཨོཾ་ནམ་མཁའ་སྐྱེ་བ་མཚོན་དོན་ཕྱིར། །ཞེས་པ་ལ་སོགས་པའོ། །དེའི་རྗེས་སུ་སློབ་མ་ལ་དབང་བསྐུར་བ་བྱ་སྟེ། འདིར་རེ་ཞིག་སློབ་མ་ལ་དབང་བསྐུར་བ་ནི། འདོན་པ་བསྒྱུར་བ་ཙམ་གྱིས་ཆོག་པས། བདག་འཇུག་གཙོ་ཆེ་བའི་དབང་དུ་བྱས་ནས་བརྗོད་པར་བྱའོ། །དེ་ཡང་འདི་ལྟར་ལས་ཐམས་ཅད་པའི་བུམ་པས་བསངས། མེ་ཏོག་ལ་སོགས་པ་མཆོད་པ། བཞིས་མཆོད། མཎྜལ་ཕུལ། དགའ་ཆེན་ཁྱོད་བདག་སྟོན་པ། སོགས་ཀྱིས་གསོལ་བ་བཏབ། ཨཱ་ཁཾ་ཝཱི་ར་ཧཱུཾ། ལན་གཉིས་ཀྱིས་མིག་དར་དང་མེ་ཏོག་གཏད། ཀྱཻ་ཁྱོད་ཅི་ལ་དགའ། བསྐལ་བ་བཟང་ལ་བདག་དགའོ། །ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །སངས་རྒྱས་ཀུན་གྱི་རང་བཞིན་མཆོག །སློབ་དཔོན་མགོན་ལ་སྐྱབས་སུ་མཆི། །གཙོ་བོ་ལྷ་མོའི་ཚོགས་བཅས་པའི། །དཀྱིལ་འཁོར་ཚོགས་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་དུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །


TNT07_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཆེན་པོ་ཉམས་དགའ་བ། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་གཞུག་པར་བགྱི། །སྙིང་གར་ཀུན་རྫོབ་བྱང་སེམས་ཀྱི་ངོ་བོ་ཟླ་བའི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེའོ། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུད་པཱ་ད་ཡ་མི། ཡང་སྔགས་དེ་ཉིད་ཀྱིས་སློབ་མའི་ལག་ནས་འཇུས་ཏེ་ནང་དུ་ཁྲིད་པར་མོས། པད་སྐོར་ལན་གསུམ། གཡོན་པའི་ཐལ་མོ་ཁ་ཕུབ་པའི་སྟེང་དུ། གཡས་པའི་ཐལ་མོ་སྐན། མཐེ་ཆུང་མཐེ་བོང་སྦྲེལ་བས་རིན་ཆེན་འཕྲེང་བ་བཟུང་ནས་ཡོལ་བའི་ནང་དུ་འཇུག་པར་འདོད་དོ། །བར་འདིར་རྒྱུན་བཤགས་བྱ་སྟེ། དཀྱིལ་འཁོར་རྙིང་མ་གཉིས་ལས། ཐོག་མ་མེད་དུས་འཁོར་བ་ནས། སོགས་ཡོད་ཀྱང༌། སྟ་གོན་གྱི་སྐབས་བཞིན། རྒྱུན་བཤགས་དང་རིགས་ལྔའི་སྡོམ་བཟུང་བྱས་ན་ལེགས་པར་མངོན་ལ། མདོར་བསྡུ་ན་གུར་ནས་འབྱུང་བའི་རྒྱུན་བཤགས་ཉིད་བྱས་པས། དོན་ཚང་ཞིང་ལེགས་ལ་ཟོར་ཡང་བ་ཡིན་ནོ། །གསང་བར་གདམས་པ་ནི། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པར་ཡང་མ་ཡིན་ནོ། །ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་ནས་དམ་ལ་བཞག་པ་ནི། །ཨོཾ་མཧཱ་ས་མ་ཡ་ཨུ་ཏ་ཀ་ཋ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་


TNT07_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྲེག་པར་བྱ། །དམ་ཚིག་སྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ། བཛྲ་ཨུ་ཏ་ཀ་ཧྲཱིཿཋ། དེ་རིང་ཕྱིན་ཆད་ཁྱོད་ཉིད་ཀྱི། རྡོ་རྗེ་སེམས་དཔའ་ང་ཡིན་གྱི། །གང་ཞིག་བསྒོ་བའི་ལས་རྣམས་བྱོས། །ང་ལ་བརྙས་པར་མ་ཕྱེད་ཅིག །གལ་ཏེ་ཅུང་ཟད་བརྙས་ན་ཡང༌། །དུས་མིན་འཆི་ཞིང་དམྱལ་བར་ལྷུང༌། །ཡེ་ཤེས་དབབ་པ་ནི། རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས། །སྐུ་དང་གསུང་འཕྲུལ་ལས་མཛད་པ། །ཕྱག་རྒྱའི་ཆོ་ག་གང་དག་གིས། །དེ་རིང་བདག་ལ་དབབ་ཏུ་གསོལ། །ལན་གསུམ། རང་གི་རྐང་མཐིལ་དུ་ཡཾ། སྙིང་གར་རཾ། མགྲིན་པར་ལཾ། སྤྱི་བོར་ཁཾ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། ཞེས་རྟ་མཆོག་གི་སྔགས་དྲག་ཏུ་བཟླས་པས་སྲུངས་ལ། བདུད་རྩི་ལྔ་དཔའ་བོ་འབྲུ་དགུས་ལྕེ་ཐོག་ཏུ་བཞག །སྙིང་གའི་དབུས་སུ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་མམ། གསལ་བར་ནུས་ན། རིགས་དྲུག་གི་འཁོར་ལོས་བསྒྱུར་བའི་ཡབ་ཡུམ་རྣམས་རྗེས་སུ་ཆགས་པའི་བདེ་བའི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་རིགས་དྲུག་གི་འཁོར་ལོས་བསྒྱུར་བའི་རྣམ་པར་སྤྱན་དྲངས་ཏེ། སྙིང་གར་ཐིམ་པར་གྱུར། ཐུན་མོང་མ་ཡིན་པའི་རྫས་ཀྱི་དུད་པས་བདུགས། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བ་དང༌། རོལ་མོ་སྣ་ཚོགས་པའི་སྒྲ་སྦྱར་ཏེ། ཨོཾ་ཛྙཱ་ན་ཨ་བེ་ཤ་ཡ། ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུཾ་ཨཱཿཧཿཛྷཻ། ཞེས་བརྒྱ་རྩ་སོགས་རྟག་ཏུ་བརྗོད་ལ། དེས་ཡེ་ཤེས་ཕེབས་ན་ཡེ་ཤེས་པ་བསྐུལ་བ་དང༌། མ་ཕེབས་ན་དབབ་


TNT07_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ཏུ། རྣམ་པ་མང་པོས་འདོད་ཆགས་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་ཏུ་རྣམ་པར་འཕྲུལ། །ཏེ་ན་ཏེ་ཏེ་ཧཱུཾ། ཞེས་གླུ་བླངས་ནས། ཨ་ལ་ལ་ལ་ལ་ཧོ། སརྦ་ཏ་ཐཱ་ག་ཏ་བི་ཙཾ་ཏྲ་ཌཱ་ཀི་ནི་ཛཱ་ལེ། ཞེས་རྟག་ཏུ་བཟླས་སྔར་བཞིན་དབབ། རྣམ་པ་མང་པོས་རབ་ཏུ་དགའ་བའི་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །སྒྱུ་མས་ཐམས་ཅད་རབ་ཏུ་སྤྲུལ་རོལ་རྣམ་པར་སྤྲུལ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་དབབ། རྣམ་པ་མང་པོ་ཁྲོ་བོའི་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །སྒྱུ་མས་རབ་སྤྲུལ་རྣམ་པར་འཕྲུལ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཞེས་སྔར་བཞིན་དབབ། རྣམ་པ་མང་པོས་སྲོག་གི་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། རྣམ་པར་འཕྲུལ་ཧཱུཾ་ཤིཥྱ་བི་ཤ་ཧཱུཾ། ཞེས་ཀྱང་དབབ་སྟེ། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་འབེབས་པའི་ཆོ་ག་ཡིན་ནོ། །ཞེས་བཤད་དོ། །སྐབས་འདིར་སློབ་མ་དབང་བསྐུར་བའི་ཚེ། ནམ་མཁའི་ཁ་དོག་དྲི་ཞིང་ལུང་སྟོན། ཡང་དག་གསང་བའི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་སྟེ། །བསོད་ནམས་རིམ་པ་དེ་བཞིན་ཤོག །ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། སྟོབས་དང་ལྡན་པའི་སེམས་དཔའ་ཁྱོད། །འདི་ནི་རབ་ཏུ་བཟུང་བར་བགྱི། །ཨོཾ་རཏྣ་མཱ་ལ་ཨབྷི་ཥིཉྩ་ཏྲཱཾ། ཨོཾ་གྱི་སྔགས་པའི་མིག་ཐུར་པྲ་ཡིག་གིས་མཚན་པས་རབ་རིབ་


TNT07_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

བསལ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཉིད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་པ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ཙཀྵུ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ། ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །མེ་ཏོག་གང་དག་ལྷུངས་གྱུར་པ། །དེ་ནི་ཁྱོད་ཀྱི་རིགས་ཀྱི་ལྷ། །རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་གྱུར། སློབ་མ་ལ་སྐབས་འདིར་ལྷ་ངོ་སྟོན། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་དྲ་བའི་རིགས་མཆོག་འཛིན། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང༌། །དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར། །དམ་ཚིག་ཏིང་འཛིན་རྗེས་ཆགས་དང༌། །གསང་སྔགས་སྙིང་པོ་འཛིན་པར་གྱིས། །དངོས་གཞི་སློབ་མའི་དབང་གི་དོན་དུ་མཎྜལ་ཕུལ་ལ།མཁའ་འགྲོ་སྒྱུ་མའི་དབང་བསྐུར་བ། འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་སྩལ། །དེ་བཞིན་བདག་ལ་དབང་བསྐུར་སྩོལ། །དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྡོ་རྗེ་སློབ་དཔོན་གྱུར། །བདག་ཉིད་དབང་སྟེགས་ཀྱི་སྟེང་དུ་གནས་ཤིང༌། མཆོད་པའི་ཚོགས་ཀྱིས་བསྐོར་བར་གྱུར། ཨོཾ་ཧཱུཾ་ཌ་ཊི་ཏ་ཕཊ། ཅེས་དྲི་བཟང་གི་ཆུ་དང༌། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་སྭཱཧཱ། ཞེས་པས་ཉུང་ཀར་མེ་ནང་དུ་དོར། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱཧཱ། ཞེས་པས་ཀུ་ཤ་དང་བཅས་པའི་ཆུས་གཏོར་ཞིང་བྱ་བ།


TNT07_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

བྱུར་དང་སྐལ་བ་ངན་པ་དང་བཀྲ་མི་ཤིས་པ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱཧཱ། ལས་བུམ་མམ་ནང་མཆོད་ཀྱིས་བསངས་གཏོར་བྱས་ལ། རྟ་མཆོག་གི་སྔགས་ལན་གསུམ་གྱི་སྲུངས། དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཨོཾ་ཕུན་སུམ་ཚོགས་པ་མངའ་བ། སོགས་ཚིགས་སུ་བཅད་པ་གསུམ་དང༌། སྤྲོ་ན་གོང་དུ་སྨོས་པའི་མཛད་པ་བཅུ་གཉིས་སོགས་ཀྱི་ཤིས་བརྗོད་རྒྱས་པར་བྱའོ། །དེ་ནས་བཀྲ་ཤིས་ཀྱི་བུམ་པ་བླངས་ལ། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཅེས་ཕྱི་བུམ་གྱི་ཁྲུས་སོ། །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། དབང་གི་ལྷ་རིགས་དྲུག་གི་དཀྱིལ་འཁོར་ཁྲོ་བོ་བཅུ་དང་བཅས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ མཧཱ་ས་མ་ཡ་སྟྭཾ། ལན་གཉིས་ཀྱིས་ཆུ་གཉིས། ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པ་ནི། །ཞེས་པ་ནས། སྥ་ར་ཎ་ཧཱུཾ། ཞེས་པའི་བར་ཚོགས་ཞིང་གི་སྐབས་ལྟར་མཆོད་དོ། །རིག་པའི་དབང་ལྔ་ལ། ཆོ་ག་སྤྱི་འགྲོས་དང་མཐུན་པར། སློབ་མ་དབང་རྫས་གཉིས་ཀའམ། གང་རུང་རིགས་ལྔ་ཕྱག་གཉིས་པར་བསྒོམ་ཀྱང་ལེགས་པར་ནི་འགྱུར་ལ། འོན་ཀྱང་སྐབས་འདིར་རྡོ་རྗེ་སེམས་དཔའ་རིགས་རྐྱང་གི་དབང་ལ་སློབ་མ་རྡོ་རྗེ་སེམས་དཔའ་ཉིད་དུ་བསྐྱེད་ཅིང༌། རིགས་རྐྱང་གཞན་རྣམས་ལའང༌། རྣམ་སྣང་དང་ཧེ་རུ་ཀ་སོགས་གང་དུ་དབང་བསྐུར་བའི་གཙོ་བོ་དེ་ཀར་བསྐྱེད་ནས། དབང་རྫས་རྣམས་ཧེ་རུ་ཀ་ལ་སོགས་པ་ཐུན་མོང་མ་ཡིན་པའི་རིགས་ལྔར་


TNT07_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་དང༌། དབུ་རྒྱན་ལ་རིགས་སོ་སོའི་དཀྱིལ་འཁོར་མི་འདྲ་བ་ཡོད་པ་བཞིན་དུ། གཞན་རྣམས་ལ་ཡང་དབང་རྫས་ཅུང་ཟད་མི་འདྲ་བའི་ཁྱད་པར་དང༌། སྔགས་ཀྱི་མགོ་འདྲེན་མི་འདྲ་བ་དང༌། དབང་གི་ལས་བྱེད་པའི་ལྷ་མོ་རྣམས་ལ་ཡང་མི་འདྲ་བའི་ཁྱད་པར་ཅུང་ཟད་ཡོད་ལ། རིགས་བསྡུས་ཡིན་ཡང་དབང་སོ་སོར་བསྐུར་ན་དེ་དག་དགོས་མོད་ཀྱི། ཆབས་ཅིག་ཏུ་དབང་བསྐུར་བ་ལ། ལ་ལར་རིགས་ཀུན་གྱི་ཁྱབ་བདག་ཡིན་པའི་ཕྱིར། རྡོ་རྗེ་སེམས་དཔའ་བཞིན་དང༌། ཁ་ཅིག་ཏུ་དྲུག་ཀ་སྡོམ་པ་བཞིན་དུ་བྱས་ན་འདིར་དེའི་དབང་དུ་བྱས་ནས་བཤད་པར་བྱའོ། །བུམ་ཆུ་རྣམས་གཙོ་བོའི་བུམ་པའམ། དུང་ཆོས་ལ་སོགས་པར་བསྡུས། འཁོར་ལོས་བསྒྱུར་བ་དྲུག་གི་སྔགས་བརྗོད། ཨོཾ་སྭ་བྷཱ་ཝས་སྦྱངས། བདག་དང་དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་མི་དམིགས་ཏེ། སྟོང་པའི་ངང་ལས། ཧྲཱིཿ ལས་དཔལ་ཧེ་རུ་ཀ་ཕྱག་བཞི་པ། གཡས་གཉིས་རྡོ་རྗེ་དང་དུང་ཁྲག གཡོན་གཉིས་ཤོར་ཐོད་དང་ཞགས་པ་འཛིན་པ། ཡུམ་ཀྲོ་དྷཱི་ཤྭ་རི་སྔོ་སྐྱ་ཐོད་ཁྲག་དང་བ་དན་རྩེ་གསུམ་པའི་ཕྱག་རྒྱ་ཅན་གྱིས་ཡང་དག་པར་འཁྱུད་པར་གྱུར། དབང་རྫས་ཀྱི་ལྷའི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛ། ཛཿཧཱུཾ་བཾ་ཧོ། དབང་རྫས་ཀྱི་ལྷ་དང་གཉིས་སུ་མེད་པར་ཐིམ། ཡབ་ཡུམ་སྙོམས་པར་ཞུགས་ཏེ་དེ་ཞུ་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་རྣམ་རྒྱལ་བུམ་པའི་ཆུར་གྱུར། མདུན་བསྐྱེད་དཀྱིལ་འཁོར་དང༌། དབང་


TNT07_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡབ་ཡུམ་རྣམས་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་དང་འདྲེས། བདག་ཉིད་ཟླ་བའི་དཀྱིལ་འཁོར་ལ་བཞག་ཅིང་དབང་གི་ལྷ་རྣམས་ཀྱི་ཐུགས་ཀ་ནས། སྤྲུལ་པའི་ཀུན་ཏུ་བཟང་མོ་ལ་སོགས་པ་འཁོར་ལོའི་བདག་མོ་རྣམས་དང༌། བདེ་མཆོག་མ་ལ་སོགས་པ་ལྷ་མོ་བཞི་པོ་རྣམས་ཀྱིས་ཕྱོགས་བཞི་ནས་ཁྲིད་ཅིང་བུམ་པའི་ཆུས་དབང་བསྐུར་བར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི། སོགས་དབྱངས་དང་བཅས་པ་དང༌། ཨོཾ་ལྷ་ཡི་ཆུ་ནི་རྣམ་དག་པས། །རྡོ་རྗེ་གསང་གསུམ་གནས་ལས་བྱུང༌། །རིག་པའི་ལྷ་མོའི་ཚོགས་ལྡན་པས། རང་བཞིན་གཅིག་ཏུ་གྱུར་པ་ཡིན། །ཨོཾ་བཛྲ་ཨ་བྷི་ཥིཉྩ་མི། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དམ། འཁོར་ལོས་བསྒྱུར་བ་དྲུག་གམ། རྡོ་རྗེ་སེམས་དཔའ་སྙིང་པོའི་དཔའ་བོ་འབྲུ་དགུའི་མཐར། ཨ་བྷི་ཥིཉྩ། ཞེས་བཏགས་ལ་ཆུ་དབང་བསྐུར། དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཧེ་རུ་ཀར་མཚོན་པའི་དབང་བསྐུར་བ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་དཔལ་ཧེ་རུ་ཀར་རྟོགས་པར་བྱའོ། །དབུ་རྒྱན་གྱི་དབང་ལ། རྡོ་རྗེ་སེམས་དཔའི་རིགས་ལ་དབུ་རྒྱན། རྩེ་མོ་ལྔ་པ་རིན་པོ་ཆེའི་ཁང་བུ་སྒོ་ཅན་གྱི་དབུས་ན་སངས་རྒྱས་ལྔ་བཞུགས་པ། དར་དཀར་དམར་གྱི་ལག་དང་བཅས་པ། རྒྱུ་རིན་པོ་ཆེ་སོགས་ཁམས་སྲོག་རྩ་བ་གང་ཡང་རུང་བ་དང༌། བརྒྱུད་ཐག་སངས་རྒྱས་དྲུག་མཚོན་པའི་ཐོད་པ་དྲུག་གི་འཕྲེང་བ་ཅན། གཙུག་གི་ནོར་བུ་རྡོ་རྗེའོ། །རྣམ་སྣང་ལ་རྩེ་མོ་གཅིག་པ། རྒྱུ་རིན་པོ་ཆེ་ཁོག་གཅིག་པ། ཁང་བུ་དང༌། སངས་རྒྱས་ཀྱི་སྐུ་དང་ཐོད་པ་ཡང་གཅིག་པ། རྒྱུན་ཐག་འཁོར་ལོའི་འཕྲེང་བ་དང༌། དར་དཔྱངས་ཅན་ནོ། །ཧེ་རུ་ཀའི་ནི་རྒྱུ་རིན་པོ་ཆེ་སྣ་


TNT07_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ། རྡོ་རྗེ་ཕྱེད་པས་མཚན་པ། ཁང་པ་སྒོ་ཅན་དུ་རང་ཉིད་ཞུགས་པ། རྡོ་རྗེའི་འཕྲེང་བ་ཅན་ནོ། །པདྨ་གར་དབང་གི་ཡང་དེ་དང་འདྲ་བ་ལས། ནོར་བུ་དམར་པོས་བརྒྱན་པ་པདྨའི་འཕྲེང་བ་ཅན་དང༌། རྡོ་རྗེ་ཉི་མ་ལ་དབུ་རྒྱན་རྩེ་མོ་བརྒྱད་པ། ཐོར་ཚུགས་ཀྱི་རྩེ་མོ་ལ་རིན་པོ་ཆེ་འབར་བས་མཚན་པ་ལ་རང་ཉིད་བཞུགས་ཤིང༌། རིན་པོ་ཆེའི་འཕྲེང་བ་ཅན་ནོ། །རྟའི་རྒྱལ་པོ་ལ་དེ་དག་ལས་ཇི་ལྟར་རིགས་པའོ། །ཡང་ན་རིགས་ལྷག་མ་རྣམས་ལ། །སངས་རྒྱས་རྡོ་རྗེ་རིན་ཆེན་ཕྱེད། །རྡོ་རྗེ་རིགས་ལ་རྡོ་རྗེ་ཡིན། །སྤྱན་རས་གཟིགས་ལ་སངས་རྒྱས་སྐུ། །ནོར་བུ་འཛིན་གྱི་ནོར་བུ་ཡིན། །ཞེས་ཀྱང་བཤད་དོ། །ཨོཾ་སྭ་བྷཱ་ཝ༴ དབང་རྫས་ཅོད་པན་མི་དམིགས་ཏེ། སྟོང་པའི་ངང་ལས། ཏྲཾ་ལས་བྱུང་བའི་རྡོ་རྗེ་ཉི་མ། ཞལ་བཞི་སེར་བ། ཕྱག་དང་པོ་གཉིས་མདའ་དང་གཞུ། འོག་མ་གཉིས་ཀྱིས་རལ་གྲི་འཕྱར་ཞིང༌། ཉི་མའི་དཀྱིལ་འཁོར་དང་རྡོ་རྗེས་མཚན་པའི་པདྨ་བསྣམས་པ། ཡུམ་མཱ་མ་ཀི་སྔོན་མོ་རིན་པོ་ཆེ་དང་ཐོད་པ་འཛིན་པས་འཁྱུད་པ། དཔྲལ་པར་ཨཽཾ། སོགས་འདོན་པ་བསྒྱུར་བ་མ་གཏོགས་གོང་གི་རིགས་འགྲེ། ཞུ་བ་ལས་བྱུང་བའི་དབུ་རྒྱན་རྒྱལ་བ་རིགས་ལྔ་ཁང་བུ་དང་བཅས་པ་དང༌། ཐོད་པའི་འཕྲེང་བ་དང་དར་དཔྱངས་དང་བཅས་པར་གྱུར། ཨོཾ་སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་ལས་བྱུང་དབུ་རྒྱན་ཆེ། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པའི། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་བ་ར་ཏ་ཀ་བཛྲ་ཨ་ར་ལི་ཧོ། ཨ་བྷི་ཥིཉྩ་ཏྲཾ། ཐོད་པའི་མཚན་མ་དྲུག་དང་བཅས་པའི་དར་དཔྱངས་ཡང་བཅིངས་ཏེ། ཧཱུཾ་བཛྲ་ཀ་པཱ་ལ་ཨ་བྷི་ཥིཉྩ་མི། དེས་


TNT07_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་ཉི་མར་མཚོན་པའི་དབང་བསྐུར་བ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་ཉི་མར་རྟོགས་པར་བྱའོ། །རྡོ་རྗེའི་དབང་ནི། སྭ་བྷཱ་ཝ༴ རྡོ་རྗེ་མི་དམིགས་ཏེ་སྟོང་པའི་ངང་ལས། ཧྲཱིཿ ལས་པདྨ་གར་གྱི་དབང་ཕྱུག་དཀར་ལ་དམར་བའི་མདངས་ཅན། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཆོས་འཆད་ཀྱིས་པདྨའི་སྡོང་བུ་གཉིས་དང༌། འོག་མ་གཉིས་ཀྱིས་མདའ་གཞུ་འཛིན་པ། ཡུམ་གོས་དཀར་མོ་དམར་མོ་པདྨ་དང་ཐོད་པ་འཛིན་པས་འཁྱུད་པ། དཔྲལ་པར་ཨོཾ། སོགས་གོང་བཞིན་ལས་འདོན་པ་བསྒྱུར་ཏེ། རྡོ་རྗེར་གྱུར། ཨོཾ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་ཆེན་པོའི་དོན། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །རབ་ཏུ་གྲུབ་ཕྱིར་བཟུང་བར་གྱིས། །ཨོཾ་བཛྲ་སཏྭ་སྟྭཾ། ཨ་བྷི་ཥིཉྩ་མི། ལན་གསུམ་དུ་གསོར་ཏེ་སྙིང་གར་གཏད། ཨོཾ་ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་རྡོ་རྗེའི་དེ་ཁོ་ན་ཉིད་བརྗོད་དོ། །དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་པདྨ་གར་དབང་དུ་མཚོན་པའི་དབང་བསྐུར་བ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་པདྨ་གར་དབང་དུ་རྟོགས་པར་བྱའོ། །དྲིལ་བུའི་དབང་ནི། ཨོཾ་སྭ་བྷཱ་ཝ་སོགས། དབང་རྫས་དྲིལ་བུ། ཧཾ་ལས་རྡོ་རྗེ་རྟ་མཆོག་ལྗང་ཁུ། ཞལ་གསུམ་སྟེང་ཞལ་རྟ་གདོང་ལྗང་ཁུ། ཕྱག་དང་པོ་གཉིས་སྣ་ཚོགས་རྡོ་རྗེ་དང༌། སྣ་ཚོགས་པད་མ།


TNT07_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མ་གཉིས་པ་དང་གསུམ་པ་རང་རལ་གྲི་འཛིན་པ། ཡུམ་དམ་ཚིག་སྒྲོལ་མ་ལྗང་སྐྱ་གྲི་གུག་དང་ཐོད་ཁྲག་འཛིན་པས་འཁྱུད་པ། ཁྲོ་བོ་ཁྲོ་མོའི་ཆ་བྱད་རྫོགས་པའོ། །དཔྲལ་པར་ཨོཾ། སོགས་གོང་བཞིན་ལ་འདོན་པ་སྤོས་ཏེ་དྲིལ་བུར་གྱུར། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཨོཾ་ཨ་དྷི་པ་ཏི་སྟྭམ་ཨ་བྷི་ཥིཉྩ་མི། དྲིལ་བུ་བཀྲོལ་བཞིན་དུ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག།དམ་པའི་སྲིད་པ་བྱེད་པར་འགྱུར། །ཞེས་དྲིལ་བུའི་དེ་ཁོ་ན་ཉིད་བཟུང༌། དེ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་རྟ་མཆོག་དཔལ་ཏུ་མཚོན་པའི་དབང་བསྐུར་བ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་རྟ་མཆོག་དཔལ་ཏུ་རྟོགས་པར་བྱའོ། །དཀྱིལ་ཆོག་རྙིང་མ་གཉིས་ནས་བཤད་པ་ལྟར་གྱི་དབང་དུ་བྱས་པ་ནི་དེ་ལྟར་ཡིན་ལ། ཡོངས་ནས་སློབ་དཔོན་གྱི་དབང་ལ་སོགས་པ། འོག་ཏུ་བྱེད་པ་འདི་རིགས་ལ། རྡོ་རྗེ་དྲིལ་བུའི་དམ་ཚིག་བཟུང་བ་ཡང་འདིར་མི་བྱེད་པར་དེ་སྐབས་བྱས་ན་ལེགས་པ་ཡིན་ནོ། །མིང་གི་དབང་ནི། ཨོཾ་སྭ་བྷཱ་ཝ། སོགས། དབང་རྫས་རྡོ་རྗེ་དྲིལ་བུ། ཨོཾ་ལས་རྣམ་པར་སྣང་མཛད་དཀར་པོ། དཀར་སེར་དམར་ལྗང་བའི་ཞལ། ཕྱག་དང་པོ་གཉིས་ཀྱིས་ཆོས་གོས་དང་ལྷུང་བཟེད། འོག་མ་གཉིས་ཀྱིས་མཁར་སིལ་དང་གླེགས་བམ་འཛིན་པ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ་འཁོར་ལོ་དང་ཐོད་པ་འཛིན་པས་


TNT07_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་པ། དཔྲལ་པར། སོགས་འདོན་པ་བསྒྱུར་ཏེ། རྡོ་རྗེ་དང་དྲིལ་བུར་གྱུར། ཐབས་ཤེས་སྦྱོར་བ་སྟེ་འཁྱུད་རྒྱས་རྡོར་དྲིལ་སྤྱི་བོར་བཟུང་ལ། གང་ཕྱིར་ཆོས་རྣམས་རྣམ་དག་པས། །སངས་རྒྱས་ཡེ་ཤེས་རང་བཞིན་ཉིད། །དབང་པོའི་སྤྱོད་ཡུལ་གང་དང་གང༌། །བདེ་མཆོག་སྒྱུ་མའི་དཀྱིལ་འཁོར་ཉིད། །ཨོཾ་ཀྱེ་དཔལ་ཆེ་གེ་མོ། ཨ་བྷི་ཥིཉྩ་མི། བཛྲ་ན་མ་ཨ་བྷི་ཥེ་ཀ་ཏ་ཧོ། གསང་མིང་དྲན་པར་བྱ། དེ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན། རྣམ་པར་སྣང་མཛད་དུ་མཚོན་པའི་དབང་བསྐུར་བ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་དཔལ་རྣམ་པར་སྣང་མཛད་དུ་རྟོགས་པར་བྱའོ། །དེ་ནས་ཕན་ཡོན་དང་ཉེས་དམིགས་སྒྲགས་པ་ནི། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མ་བདེ་མཆོག་ཀྱང༌། །རྒྱས་མི་ཐེབས་ཤིང་མི་རྨོངས་ཏེ། །དེ་ལ་གནོད་པར་མི་འགྱུར་རོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །སྡོམ་པ་ཉམས་པར་ཁྱེད་བྱེད་ན། །ཇི་སྙེད་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན། །ལྷ་རྣམས་དང་ནི་མི་རྣམས་དང༌། །དེ་བཞིན་རྣལ་འབྱོར་སྒྲུབ་པ་པོ། །དེ་དག་ལ་ནི་སྙིང་རིང་ནས། །སྙིང་ལས་ཁྲག་ཆེན་འཐུང་བར་འགྱུར། །སེམས་ཅན་ཁམས་རྣམས་མ་ལུས་དོན། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །མི་འགོག་ཆོས་ཉིད་སྦྱོར་བ་ཡིས། །རྟག་པ་ཉིད་དུ་བསྒྲུབ་པར་བྱ། །བདག་གི་ངོ་བོ་རྣམས་སྤངས་ཤིང༌། །དཀའ་ཐུབ་ཀྱིས་ནི་གཟིར་མི་བྱ། །ཅི་བདེ་བར་ནི་བདེ་བར་སྤྱད། །འདི་ནི་ཕྱི་


TNT07_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སངས་རྒྱས་ཡིན། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །དམ་ཚིག་འདའ་བར་དཀའ་བའོ། །གྲུབ་པ་གཅིག་པུ་གཅིག་ལ་སྤྱོད། །ལྷན་ཅིག་སྤྱོད་དང་རྗེས་སྤྱོད་སྡུག །སངས་རྒྱས་བྱང་ཆུབ་བླ་མེད་ཡིན། །ཡན་དག་ཉིད་ཀྱིས་རྟག་ཏུ་བསྟེན། སྤྲོ་ན་དེ་ནས། སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ། སྤྱིར་གོང་དུ་ཐུན་མོང་དུ་མཎྜལ་གསོལ་བཏབ་གཉིས་སོང་བས་འདིར་མ་བྱས་ཀྱང་ཆོག་གོ །བདག་ཉིད་རྡོ་རྗེ་སློབ་དཔོན་མཆོག་ཏུ་མངའ་གསོལ་བའི་དཀྱིལ་འཁོར་ཆེན་པོའི་དབུས། དབང་སྟེགས་ཀྱི་སྟེང་དུ་གནས་ཤིང་མཆོད་པའི་ཚོགས་ཀྱིས་བསྐོར་བར་གྱུར། བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ནས་རྣམ་པར་བརྒྱན་པར་གྱུར། དབང་རྫས་རྡོ་རྗེ་དང་དྲིལ་བུ་མི་དམིགས་ཏེ། སྟོང་པའི་ངང་ལས། ཧཱུཾ་དང་ཨ་ལས་ཀུན་ཏུ་བཟང་པོ་དཀར་པོ། དཀར་སྔོ་དམར་སེར་བའི་ཞལ་བཞི་ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དར་དང་ཁ་ཊྭཱཾ་ག འོག་མ་གཉིས་ཀྱིས་མདའ་དང་གཞུ་འཛིན་པ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རང་དང་འདྲ་བའི་སྐུ་ཅན་གྱིས་འཁྱུད་པར་གྱུར། དཔྲལ་པར་ཨོཾ། སོགས་གོང་བཞིན་འདོན་པ་སྤོས་པ་ལས། ཞུ་བ་ལས་རྡོ་རྗེ་དང་དྲིལ་བུར་གྱུར། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཆེ། །ཟུང་ཅིག་ཡང་དག་བཟུང་བར་བགྱི། །དེ་རིང་རྡོ་རྗེ་སློབ་དཔོན་ཆེ། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་ཆེད་དུ་བརྗོད་ནས། འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། ཁྱོད་


TNT07_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་མཧཱ་བཛྲ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ། ཨེ་ཥ་སྟྭཾ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུཾ། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཨོཾ་བཛྲ་གྷཎྜེ་ཨཿ བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་པང་དུ་གནས་པའི་མཚན་ཉིད་ལྡན་པའི་རིག་མ། རང་དང་འདྲ་བའི་ཡུམ་ཀུན་ཏུ་བཟང་མོ་ལོ་བཅུ་དྲུག་ལོན་པ་ལྟ་བུའི་ན་ཚོད་ཅན་དུ་གྱུར་པ་ལ་འཁྱུད་པ་ཙུམ་པ་དང་མཉམ་པར་སྦྱར་བ་ལས། ཡང་དག་པའི་བདེ་བ་དམ་པ་ཐོབ་པར་གྱུར། ཡིད་ཀྱི་ལུས་རྟེན་དེ་ཉིད་ནི། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། ཨོཾ་མཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ས་མ་ཡ་ཧཱུཾ། གཞུང་རྙིང་མ་གཉིས་ནས་སྤྱོད་པའི་བརྟུལ་ཞུགས་མ་བཤད་ཀྱང༌། སློབ་དཔོན་རིན་ཆེན་རྡོ་རྗེས་བཤད་པ་ལྟར་བྱ་སྟེ། རྒྱས་པ་བྱེད་ནའང་མ་རྒྱུད་སྤྱིས་རིགས་འགྲེ་བ་གཞན་དུ་ཤེས་པར་བྱ་ཤིང༌། བསྡུས་པ་ནི། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། ཁ་ཊྭཱཾ་ཅང་ཏེའུ་ལྷུང་བཟེད་དག །བྱིན་པ་དཔའ་བོས་བཟུང་བར་གྱིས། །རྡོ་རྗེ་སེམས་དཔའ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌཱ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་པ། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག


TNT07_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཊྭཱཾ་ག་ད་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་གྱིས། །ཞེས་སོ། །རིན་ཆེན་རྡོ་རྗེའི་ལུགས་ལ་སློབ་དཔོན་གྱི་དབང་ནི་སྔོན་དུ་འབྱུང་ཡང༌། འདི་ཆོ་ག་རྙིང་མའི་ནང་དུ་འཇུག་པར་འདོད་ན་སྐབས་འདིར་བྱ་སྟེ། དམ་ཚིག་གསུམ་པོ་རྡོ་རྗེ་བརྟུལ་ཞུགས་སུ་བྱེད་པའི་ལུགས་ཡིན་པའི་ཕྱིར། རྡོ་རྗེའི་བརྟུལ་ཞུགས་ཀྱི་རྗེས་སུ་སྤྱོད་པའི་བརྟུལ་ཞུགས་འབྱུང་བ་ནི་ཐམས་ཅད་ཀྱི་སྤྱི་འགྲོས་ཡིན་པའི་ཕྱིར་རོ། །སྤྱོད་པའི་བརྟུལ་ཞུགས་བྱེད་པ་ནི་ངེས་པར་ལེགས་ཏེ། རྒྱུད་འདིར་བསྐྱེད་རིམ་གྱི་རིག་པའི་བརྟུལ་ཞུགས་དང༌། སྤྲོས་བཅས་ཀྱི་སྤྱོད་པ་རྩལ་འདོན་དུ་གསུངས་པའི་ཕྱིར་རོ། །དེ་ནས་གཞུང་རྙིང་མ་གཉིས་ནས་མི་གསལ་ཡང༌། སྤྱི་དང་མཐུན་པར་ཆུ་དབང་བསྐུར་ན་སྤྱི་ལྡོག་ནས་ལེགས་པར་མངོན་ཞིང༌། གཞུང་རྙིང་གཉིས་ཀྱི་ལུགས་ལ། ཅོད་པན་དང་འདིའི་བར་ལྔ་པོ་འདི། ཆུ་དབང་གི་རྗེས་འགྲོའི་དབང་ཞེས་བཏགས་ནས། འདིར་ཆུ་དབང་མི་བྱེད་པ་ཉིད་དེའི་རང་ལུགས་སུ་ནི་སྣང་ངོ༌། །གང་ལྟར་ཡང་བཀྲ་ཤིས་ཀྱི་གླུ་དབྱངས་སྔོན་དུ་འགྲོ་བའི་རོལ་མོའི་སྒྲ་དང་བཅས་ཏེ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ། ཞེས་མེ་ཏོག་དོར་ཞིང་བརྟན་པར་བཞུགས་སུ་གསོལ་ལོ། །དེ་ནས་མཆོད་པ་ནི། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །རྣལ་འབྱོར་མ་དང་དཔའ་ཚོགས་དང༌། །ཤེས་རབ་ཐབས་བཅས་སྙེམས་ཅན་གྱི། །གར་མཆོད་བདེ་བའི་དགའ་སྟོན་གྱིས། །ཨོཾ་བཛྲ་ལ་སྱ་ཧཱུཾ། སྒེག་དང་བཅས་པའི་འཕྲེང་བ་འཕངས། །སངས་རྒྱས་ཀུན་སོགས་རྣལ་འབྱོར་མ། །དེ་ནི་འབྲལ་བར་མི་འགྱུར་ཏེ། །འཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཨོཾ་བཛྲ་མཱ་ལེ་ཧཱུཾ། ལུས་ཅན་ཀུན་


TNT07_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་གྱིས། །དེས་ནི་རྣལ་འབྱོར་མ་དེ་དང༌། །མྱུར་དུ་བདེ་བ་མྱོང་བར་འགྱུར། །ཨོཾ་བཛྲ་གཱི་ཏེ་ཧཱུཾ། དེ་ཉིད་ཐལ་མོ་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་གྱིས། །སངས་རྒྱས་འདུལ་བའི་འཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། །ཨོཾ་བཛྲ་ནིརྟི་ཧཱུཾ། སངས་རྒྱས་རྣམས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཨོཾ་བཛྲ་དྷཱུ་པེ་ཧཱུཾ། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པ། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་འགྱུར། །ཨོཾ་བཛྲ་པུཥྤེ་ཧཱུཾ། ཆོས་ཀྱི་མེ་ནི་ལེགས་སྦར་བས། །པདྨ་གར་དབང་རང་ཉིད་དེ། །སེམས་ཅན་མ་རིག་ལྡོངས་རྣམས་ལ། །ཡེ་ཤེས་སྒྲོན་མེ་སྣང་བར་གྱིས། །ཨོཾ་བཛྲ་ཨཱཿལོ་ཀེ་ཧཱུཾ། ཁྱོད་ཀྱིས་རྒྱལ་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡིས། །བྱང་ཆུབ་ལུས་ཅན་རྣམས་ལ་བགོས། །ཨོཾ་བཛྲ་གནྡྷེ་ཧཱུཾ། དེ་དག་ནི་སློབ་དཔོན་གྱི་དབང་ངོ༌། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲེ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱི། ཞེས་མིག་ཐུར་དང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་


TNT07_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་ཀྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེས། །ཞེས་མེ་ལོང་དང༌། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་དྲིལ་བུ་དང༌། ཨོཾ་རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །གསལ་ཞིང་དྭངས་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའི་རང་བཞིན་གཙོ། །ཛཿབཛྲ་དྲྀཥྟི་ས་མ་ཀེ་མ་ཊ། ཞེས་མདའ་གཞུ་སྦྱིན། ཨོཾ་བཛྲ་ཧེ་ཏུ་མཾ། ཨོཾ་བཛྲ་བྷ་ག་རཾ། ཨོཾ་བཛྲ་གྷཎྜེ་ཨཿ ཨ་དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། ཁྱོད་ཀྱི་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཆོས་ཀྱི་འཁོར་ལོ་ཀུན་ཏུ་ནི། །དྲི་མེད་ཀུན་ཏུ་གང་བར་གྱིས། །སྔར་བཤད་ཚུལ་གྱིས་ཆོ་ག་ཡིས། །སྐྱེ་བོ་ཀུན་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་རྒྱལ་བ་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གྱིས། ཁྱོད་ལ་རྟག་ཏུ་བསྲུང་བར་མཛད། །ཅེས་ཆོས་བཤད་དང༌། མདོར་ན་འཇིག་རྟེན་ཁམས་རྣམས་སུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་


TNT07_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྣ་ཚོགས་ཀྱིས། །རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །བདེ་གཤེགས། ཁྲོ་བོ། པདྨ། རིན་ཆེན། ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་ཏེ་རིགས་ལྔའི་སྤྲུལ་བཤད་དོ། །མདོར་བསྡུ་ན། མེ་ལོང་ནས་འདིའི་བར་མ་བྱས་ཀྱང་རུང་ལ། རིགས་དྲུག་གི་སྤྲུལ་བཤད་ཁོ་ན་བྱས་ཀྱང་ལེགས་སོ། །བདག་གཞན་དོན་གྲུབ་ལས་ཀྱི་ཚོགས། །ཐུན་མོང་འབྲིང་པོ་མཆོག་གྱུར་པའི། །ཞི་རྒྱས་དབང་དྲག་དགུག་པ་དང༌། །སྡང་གནོད་རེངས་པའི་ལས་ཀུན་དང༌། །དབྱེ་རྨོངས་སྐྲད་པའི་ཆོ་ག་རྣམས། །ཐོག་པ་མེད་པར་སྒྲུབ་པར་གྱིས། །རྣམ་ཤེས་སྒྲུབ་དང་ཡེ་ཤེས་སྒྲུབ། །ཕྱག་རྒྱ་ཤེས་པའི་དངོས་གྲུབ་དང༌། །ཐམས་ཅད་གྲུབ་ཅིང་གྲོལ་བ་ཡིས། །དོན་གཉིས་ཡང་དག་སྦྱོར་བར་གྱིས། །རྒྱལ་བ་ཀུན་གྱི་གནས་འཇུག་ཅིང༌། །སྐུ་གསུང་ཐུགས་མཆོག་ཡོན་ཏན་རྒྱན། །འཕྲིན་ལས་བདག་གཞན་གནས་སྦྱར་བའི། །མཁའ་འགྲོ་སྒྱུ་མའི་དངོས་གྲུབ་བསྒྲུབས། །ཞེས་ལས་དང་དངོས་གྲུབ་ཀྱི་སྒོ་ནས་རྗེས་སུ་གནང་ངོ༌། །འདི་ལྟར་ངས་ཁྱོད་ལུང་བསྟན་ཏེ། རྡོ་རྗེ་དཔལ་ལྡན་གསང་བའི་བདག །དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་གྲོལ། །ཀྱཻ། ཆེ་གེ་མོ། ཞེས་བྱ་བའི་དེ་བཞིན་གཤེགས་པ་བྷུརྦྷུ་ཝ་སྭཿ འདོད་ཆགས་བྲལ་བ་ལྟ་བུར་སྡིག ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བ། ཁྱོད་ཀྱིས་ནམ་


TNT07_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་བྱའོ། །མཧཱ་ས་མ་ཡ་ཧཱུཾ་ཕཊ། དེ་རིང་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲི། ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་ནི། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ལུང་བསྟན་ཞིང་གཟེངས་བསྟོད་པའོ། །མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞུགས་པ་དང་ནི་མཐོང་བས་ཀྱང༌། །སྡིག་པ་ཀུན་ལས་རྣམ་གྲོལ་ནས། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆིང་བ་ཡོངས་མེད་དེ། །ཚུགས་མེད་ཐུབ་པར་མི་འགྱུར་བས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་ལས་འདས་སོ། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་ནི། གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཙོམ་མེད། །བྱང་ཆུབ་སེམས་ནི་ཡོངས་མི་སྤངས། དམ་པའི་ཆོས་ལ་མི་སྨད་ཅིང༌། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ཉིད་ངེས་པར་བསྟན་མི་བྱ། །རྡོ་རྗེ་དྲིལ་བུ་མི་སྤང་སྟེ། །སློབ་དཔོན་དག་ལ་གུས་པར་བྱ། །རང་གི་བདག་ཉིད་ཡོངས་སྤངས་ཏེ། །དཀའ་ཐུབ་ཀྱིས་ནི་མི་གདུང་ཞིང༌། །ཅི་བདེ་བར་ནི་བདེ་བ་ཟུང༌། །འདི་ནི་མ་བྱིན་རྫོགས་སངས་རྒྱས། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་གནས་པ་དང༌། །དེར་ནི་བདུད་ལས་རྣམ་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་


TNT07_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་ཡིན། །དེར་ནི་སངས་རྒྱས་རིགས་ཐོབ་པར། །ཁྱེད་རྣམས་ཐེ་ཚོམ་མེད་པ་ཡིན། །དབང་འདི་བསྐུར་བ་ཙམ་གྱིས་ནི། །སློབ་མ་ཡོན་ཏན་བདག་པོར་འགྱུར། སློབ་དཔོན་ཉིད་ཀྱང་བདེ་བ་ཡི། །བརྟན་གཡོ་ཀུན་གྱི་དམ་ཚིག་ཡིན། །དེ་ཁོ་ན་ཉིད་སྟོན་པར་སྤྲོ་ན། རྒྱས་པར་གཞུང་རྙིང་མ་ལས་ཤེས་པར་བྱའོ། །མདོ་ཙམ་མངོན་རྟོགས་ནས་འབྱུང་བ་ལྟར་བྱ་ཞིང༌། སློབ་དཔོན་གྱི་དེ་ཁོ་ན་ཉིད་ནི། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང༌། །སྟང་སྟབས་འདུག་སྟངས་བཟླས་བརྗོད་དང༌། །སྦྱིན་སྲེག་མཆོད་པ་ལས་ལ་སྦྱོར། །སླར་བསྡུ་བ་ཡི་རྣམ་པའོ། །དེ་ལྟར་དེ་ཁོ་ན་ཉིད་བཅུ་ནི་སློབ་དཔོན་གྱི་བྱ་བའོ། །དེ་ལྟར་ན་བུམ་པའི་དབང་བསྐུར་བ་ཐོབ་པས། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོ་བསྒྱུར་བའི་བདེ་མཆོག་གི་ཡེ་ཤེས་མངོན་དུ་བྱས་པར་མོས། གསང་དབང་གི་དོན་དུ་མཎྜལ་ཕུལ། དཔལ་ལྡན་མགོན་པོ་བདེ་བ་ཆེ། །བདེ་ཆེན་བདེ་བའི་གནས་ན་བཞུགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མའི་བདེ་སྩོལ་མཛད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི། །ཡང་དག་དོན་མཆོག་རྣམ་དག་པ། །ཇི་ལྟར་དེ་ཉིད་བདུད་རྩི་ཡིས། །མཆོག་གི་དབང་ནི་བསྐུར་བ་བཞིན། །དེ་བཞིན་བདག་ལའང་འགྲོ་བ་ཡི། །སྡུག་བསྔལ་ཐམས་ཅད་སེལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག །མི་ཤེས་པ་ཡི་རབ་རིབ་སེལ། །གང་གི་བྱང་ཆུབ་བླ་མེད་པ། །དེ་རིང་


TNT07_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཐོབ་པར་མཛོད། །ལན་གསུམ། བུ་ཁྱོད་ཇི་ལྟར་འདོད་པ་བཞིན། །རྒྱལ་བ་ཀུན་གྱི་བདེ་ཆེན་སྦྱིན། །ཞེས་གནང་བ་རྩལ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱག་རྒྱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར། རྗེས་སུ་ཆགས་པ་རྣམ་མང༌། ནས་ཐམས་ཅད་ཀྱི་དྲི་མ་སྦྱངས་པར་གྱུར། གྱི་བར་རྗེས་སུ་རྣལ་འབྱོར་བཞིན། དེ་ལྟ་བུའི་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ། ཀུན་ད་བྱང་ཆུབ་ཀྱི་སེམས་མཐེ་བོང་དང༌། མིང་མེད་ཀྱིས་བླངས་ནས་ལྕེ་ཐོག་ཏུ་བཞག །ཇི་ལྟར་རྒྱལ་བ་བདེ་གཤེགས་ཀྱིས། །རང་གི་སྲས་མཆོག་དབང་བསྐུར་བཞིན། །བྱང་ཆུབ་སེམས་ཏེ་དག་པའི་ཆོས། །རྟོག་པའི་དྲི་མ་དག་པར་བྱ། །ཨོཾ་མཧཱ་བོ་དྷི་ཙིཏྟ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུཾ། ཨ་ཧོ་མཧཱ་སུ་ཁ། ཆེད་དུ་བརྗོད་པ་བརྗོད། དེ་ལྟར་གསང་བའི་དབང་བསྐུར་བ་ཐོབ་པས། སྒྱུ་མ་ཆུ་ཟླ་ལྟ་བུ་བདག་བྱིན་རླབས་པའི་བདེ་མཆོག་གི་ཡེ་ཤེས་མངོན་དུ་བྱས་སོ། །ཡང་ཤེར་དབང་གི་དོན་དུ་མཎྜལ་ཕུལ་ནས། གསོལ་བཏབ་གསང་དབང་བཞིན་ནམ། བཅོམ་ལྡན་འདས་ཞི་བ་ཆེན་པོ་སོགས་དགྱེས་རྡོར་ལྟར་རམ། སྐྱོབ་པ་སྐྱབས་མེད་རྣམས་ཀྱི་སྐྱབས། །སྒྱུ་མ་བདེ་མཆོག་བདག་སྐྱོབ་མཛོད། །རྒྱུ་མེད་པར་ནི་ཐུགས་རྗེ་ཆེ། །མགོན་མེད་བདག་གི་མགོན་མཛོད་ཅིག །བདག་ཉིད་ཆེ་ཁྱོད་ཇི་ལྟ་བར། །གཙོ་བོས་བདག་ཀྱང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་པ་བདག་ལ་སྐྱབས་སུ་གསོལ། །ཞེས་གསོལ་བ་བཏབ། དགའ་སྟེར་གནས་སྟེར་ལྷ་མོ་ནི། །


TNT07_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཟུང་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །བཟུང་ལ་མཆོད་པ་རྟག་ཏུ་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་བ་གསུམ་དུ་དག་པ་ཡིན། །དེ་ཕྱིར་འདི་དང་བྲལ་བར་ནི། ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དངོས་གྲུབ་མཆོག་ཀྱང་ཡོངས་མེད་དོ། །ལྷ་མོ་དེས་གསང་བའི་དཀྱིལ་འཁོར་གསལ་བར་བྱས་ཏེ། རྨད་བྱུང་གསང་བའི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །རྟག་ཏུ་རིམ་བཞིན་སྤྱོད་བྱེད་ན། །དེ་ཉིད་བདེ་ཆེན་འབྲལ་མི་འགྱུར། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཐམས་ཅད་རབ་སྒྲོལ་བྱེད། །ནང་གི་རྩ་ཡི་འཁོར་ལོ་ལ། །པདྨ་ཞེས་ནི་རབ་ཏུ་བརྗོད། །བྷ་གའི་མཁའ་དབྱིངས་ནམ་མཁའ་བཞིན། །འབྱུང་བ་བཞི་པོ་དག་གིས་བརྒྱན། །དེ་ཡི་དབུས་སུ་གནས་པ་ནི། །དེ་ཉིད་བདུད་རྩི་བདེ་ཆེན་གཟུགས། །བྷཉྫ་མོ་ཀྵ་ཧོཿ ཡང་དག་པའི་རིག་མ་དང་མཉམ་པར་སྦྱར་བ་ལས། དགའ་བ་བཞྀའི་རིམ་པས་ལྷན་ཅིག་སྐྱེས་པ་མངོན་དུ་བྱས་པར་གྱུར། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་བདེ་མཆོག་གི་ཡེ་ཤེས་མངོན་དུ་བྱས། བཞི་པའི་དོན་དུ་མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་


TNT07_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། དེ་ལྟར་ཡང༌། སེམས་དཔའ་སངས་རྒྱས་ཀུན་གྱིས་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པ་དང༌། ཐབས་དང་ཤེས་རབ་གཉིས་མེད་པའི། །རྣམ་གསུམ་ཕྱག་རྒྱ་གང་རུང་ལས། །གཉིས་མེད་བདེ་བའི་ཡེ་ཤེས་སྟོང༌། །མངོན་སུམ་མཉམ་མྱོང་རྒྱུད་ལ་སྐྱེ། །ཞེས་པ་ལྟར་ཅུང་ཟད་མཉམ་པར་བཞག་གོ ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །འདོད་པས་ལོག་པར་གཡེམ་པར་བྱ། །རྡོ་རྗེ་མ་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་བཏང་མི་བྱ། །དྲན་པ་གསལ་བས་བཟུང་བྱས་ནས། །ལྷག་པའི་ལྷ་བཞིན་རིན་ཆེན་ཏོག །དབང་བཞི་པ་ཐོབ་པས་ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་མཆོག་གི་ཡེ་ཤེས་མངོན་དུ་བྱས། གཙོ་བོས་ཇི་ལྟར་སོགས་དང༌། གཏང་རག་གི་མཎྜལ་ཕུལ། དེང་ནས་བརྩམས་ཏེ་སོགས་དང་དགེ་བ་བསྔོ། རྗེས་ཆོག་ནི་མཆོད་པ་བཤམས། གོང་བཞིན་བྱིན་རླབས་བྱ། ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་སྔགས་ཙམ་གྱིས་ཕུལ་ནས། བསྟོད་པ་མཉམ་ཉིད་མི་གཡོ་མས་བསྟོད། སྤྲོ་ན་བར་འདི་བསྐང་བ་དང༌། བཤགས་པ་དང༌། དཀྱིལ་འཁོར་ལྷའི་བཀྲ་ཤིས་དང༌། སྦྱིན་སྲེག་དང༌། རྡོ་རྗེའི་གླུ་དབྱངས་ལ་སོགས་པ་བྱ། མ་འགྲུབ་ན་མོས་པ་ཙམ་དུ་བྱས་ནས།


TNT07_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བཏབ་དང༌། ཡིག་བརྒྱ་དང༌། བཟོད་གསོལ་རྣམས་སྤྱི་དང་མཐུན་པར་བྱས། རས་བྲིས་ཡིན་ན་བརྟན་བཞུགས་བྱས་ལ། བདག་སྲུང་བ་དང༌། སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །རྡུལ་ཚོན་གྱི་ཆོ་ག་ཞག་སྦྲེལ་མར་བྱེད་པའི་ཉི་མ་སྔ་མ་རྣམས་ལ་ཡང་དེ་བཞིན་ནོ། །དཀྱིལ་འཁོར་གཤེགས་སུ་གསོལ་བར་བྱེད་ན། ཨོཾ་བཛྲ་ཨུ་ཏིཥྟཿ ཞེས་ལན་མང་པོས་ཡེ་ཤེས་ཀྱི་དཀྱིལ་འཁོར་ནམ་མཁར་བཏེག་ལ། སྔགས་ཙམ་གྱི་སྒོ་ནས་མཆོད་པ་ཕུལ། བསྟོད་ཐུང་ཤླཽ་ཀ་གཅིག་གིས་བསྟོད། ཨོཾ་ཁྱོད་ཀྱིས་སེམས་ཅན༴ སོགས་ཀྱི་མཐར། ཨོཾ་བཛྲ་གཙྪ་མུཿ ཞེས་གཤེགས་སུ་གསོལ་བ་དང༌། ཨོཾ་ཨཱཿཧཱུཾ། ཞེས་བདག་ཉིད་ལ་བསྡུ་བ་ལན་གསུམ་བྱས་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་སྤྱི་དང་མཐུན་པར་བསྡུ། ཡང་ཕུར་བུའི་ཁྲོ་བོ་ལ་མཆོད་བསྟོད་དཀྱུས་མར་བྱས་ནས་ཕུར་བུ་ཕྱུང་ཚོགས་ཀྱི་འཁོར་ལོའམ། མ་གྲུབ་ན་གཏོར་མ་བཏང༌། སྨོན་ལམ་དང་ཤིས་བརྗོད་བྱ་སྟེ། དེ་དག་ཐམས་ཅད་ནི་ཆོས་སྤྱི་འགྲོས་དང་འདྲའོ། །དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དཀྱིལ་འཁོར་འདི་ལ། སློབ་དཔོན་བྲམ་ཟེ་རིན་ཆེན་རྡོ་རྗེ་ཆོ་གའི་རིམ་པ་སྒྲིག་ལུགས་ལེགས་ཤིང༌། ཞལ་གསལ་བ་སློབ་མ་དབང་བསྐུར་གྱི་ཐད་རྣམས། བཤད་རྒྱུད་རྡོར་འཕྲེང་ངམ། དྲིལ་བུ་ལུས་དཀྱིལ་གྱི་དབང་ཆོག་དང་མཐུན་ཤས་ཆེ་བའི་དཀྱིལ་ཆོག་ཁྱད་པར་ཅན་བདེ་བ་སྐྱེད་མར་གྲགས་པ་ཞིག་མཛད་ཡོད་ནའང༌། དེང་སང་གི་དབང་རྒྱུན་འདི་རྙིང་མ་ཡིན་པས། གཙོ་ཆེར་དཀྱིལ་ཆོག་རྙིང་མ་གཉིས་དང་མཐུན་པར་བྱས་ལ། འགྱུར་ཁྱད་རྣམས་འགྱུར་བདེ་བའི་ཕྱོགས་


TNT07_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐུན་པར་བྱས། རྒྱུད་སྡེ་གཞན་གྱི་རྒྱུད་ཚིག་ལ་བཅོས་སླད་ལྟར་སྣང་བ་འགའ་རེ་འདུག་པ། སོ་སོའི་རྒྱུད་ཚིག་བཞིན་དུ་བཅོས། དཀྱིལ་ཆོག་རྙིང་མ་འདི་གཉིས། གསང་སྔགས་རྙིང་མ་དངོས་ཡིན་ཡང༌། ཆོག་སྒྲིགས་རྣམས་རྙིང་མ་བཀའ་གཏེར་ཞེས་ཕྱོགས་འདི་ན་གྲགས་པ་རྣམས་དང༌། མི་འདྲ་བར། གསར་མའི་ཆོ་ག་རྣམས་དང་ཁྱད་པར་མི་སྣང་བའི་ཕྱིར། ཆོ་གའི་རིམ་པ་མི་བདེ་བ་འགའ་རེ་ཡོད་པ་རྣམས། དཀྱིལ་ཆོག་སྤྱི་དང་མཐུན་པར་ཡང་སྦྱར་རོ། །དེ་ལ་སློབ་དཔོན་ཀུ་ཀུ་ར་ཛས་མཛད་པའི་གསང་དོན་རྣམ་པར་བཀོད་པ་དྲུག་དང༌། ཆོ་ག་ལྔ་པ་དང༌། དབང་མཆོག་རྣམས་སྡོམ་པ་རང་གཞན་གྱི་དོན་ཉམས་སུ་བླང་བའི་ལག་ལེན་ཆ་ཚང་བ་གཅིག་ཡིན་ལ། སློབ་དཔོན་ཧཱུཾ་ཀ་རས་མཛད་པའི་ཧེ་རུ་ཀའི་སྒྲུབ་ཐབས་དང༌། ཡན་ལག་བཞིའི་སྣང་བ་དང༌། དབང་ཆོག་སྟེ་གསུམ་སྡོམ་པས་ཀྱང་ཆ་ཚང་གཅིག་གོ །དེ་གཉིས་ནང་སེལ་མི་འདྲ་བ་འཕྲན་བུ་མ་གཏོགས། རྐང་པ་གཅིག་པར་སྣང་ཞིང་རྒྱུད་དང་འགྲེལ་པ་རྣམས་དང་རིན་ཆེན་རྡོ་རྗེའི་དཀྱིལ་ཆོག་སོགས་ལས། དེ་དག་དང་མི་འདྲ་བ་མང་དུ་སྣང་གཞན་སྒྲུབ་ཐབས་ཐོར་བུ་པ་འགའ་རེ་ཡང་ནི་སྣང་ངོ༌། །ཀུ་ཀུར་ར་ཛ་དང༌། ཧཱུཾ་མཛད་ཀྱི་གཞུང་རྣམས་དང༌། བརྒྱ་བྱིན་སྡོང་པོའི་འགྲེལ་ཆེན་རྣམས་ཚིག་ལེགས་ཤིང་དོན་གྱི་དབྱིངས་བཟང་བ། མཁས་གྲུབ་ཁྱད་པར་ཅན་གྱིས་མཛད་པར་ནི་ཐེ་ཚོམ་མེད་ལ། སློབ་དཔོན་དེ་དང་དེ་དག་གིས་མཛད་ངེས་པའམ། བསྟན་པ་སྔ་དར་གྱྀ་ལོ་ཙཱ་བ་ཆེན་པོ་འགའ་ཞིག་གིས་དེ་དང་དེའི་མན་ངག་ཟིན་བྲིས་ཀྱི་ཚུལ་དུ་བཀོད་པ་ཡིན་བརྟག་པར་བྱ་བའི་གནས་ཏེ། ཚིག་ཟུར་དང་བརྗོད་ཚུལ་མང་པོ་ཞིག་ལ། རྒྱ་གཞུང་ཁོ་ན་མིན་ནམ་སྙམ་པ་ཡང་སྣང་ངོ༌། །


TNT07_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སློབ་དཔོན་དེ་དང་དེས་མཛད་པ་དངོས་ཡིན་དུ་ཆུག་ཀྱང༌། བར་བར་དུ་གོ་བདེ་བའི་ཕྱིར་ཚིག་སྣ་བསྲིངས་པ་ཡང་སྲིད་དེ། གང་ལྟར་ཡང་གཞུང་བཟང་པོར་ནི་སྣང་ངོ༌། །འདི་ལ་བོད་ཀྱི་མཁས་པས་ལག་ལེན་གསལ་པོར་སྦྱར་བའི་ཡི་གེ་གཞན་ཉུང་བར་སྣང་ཞིང༌། ཕྱིས་བྱོན་གྱི་མཁས་གྲུབ་འགའ་ཞིག་གིས་མཛད་པ་མཐོང་ཡང༌། རྒྱས་ཆེས་པ་དང་གོ་དཀའ་བར་གྱུར་པས་དུས་མཐའི་འགྲོ་བ་ལ་ཕན་ཆུང་བར་སྣང་ངོ༌། །དེས་ན་འདི། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཚིག་ཟོར་ཡང་ཞིང༌། དོན་ཚང་ལ་ངག་འདོན་ལྷན་ཐབས་སོགས་ལ་མ་ལྟོས་པར་བཀླགས་ཆོག་ཏུ་སྦྱར་བ་ཡིན་ནོ། །རྣལ་འབྱོར་མ་རྒྱུད་ཐམས་ཅད་ཀྱི། །རྩ་བར་གྲགས་པའི་ཆོས་མཆོག་འདི། །ཤིན་ཏུ་དར་བར་གྱུར་ཅིག་སྙམ། །ལྷག་བསམ་དག་པས་འདི་བྲིས་ཏེ། །དེ་ལས་བྱུང་བའི་དགེ་བ་ནི། །སྟོན་ཀའི་ཟླ་བ་ལྟར་དཀར་པོས། །འགྲོ་བའི་མི་ཤེས་མུན་བསལ་ནས། །བདེ་ཆེན་ལམ་བཟང་མཐོང་བར་ཤོག། །། མངྒཾ་ལཾ། ཞུས་དག།


TNT07_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི་བཀྲ་ཤིས་དགེ་ལེགས་རྒྱ་མཚོ།


TNT07_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི་བཀྲ་ཤིས་དགེ་ལེགས་རྒྱ་མཚོ་ཞེས་བྱ་བ་བཞུགས།


TNT07_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། བདེ་ལེགས་སུ་གྱུར་ཅིག །དཔལ་ལྡན་ཕྱོགས་ཀུན་དགེ་ལེགས་སྦྱིན་མཛད་པ། །མཁའ་དབྱིངས་རབ་གང་རྒྱལ་བ་སྲས་བཅས་དང༌། །བླ་མ་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས། །ཤིན་ཏུ་དགེས་པའི་སྤྱན་ནི་རབ་ཕྱེ་ནས། ཁ་ཅིག་མེ་ཏོག་ཆར་འབེབས་རྔ་ཆེན་བརྡུང༌། །གཞན་དག་བཀྲ་ཤིས་གླུ་ལེན་མཆོད་པ་བྱེད། ཁྲོ་བོ་ལྷ་མོར་བཅས་པས་བར་ཆད་བསྲུང༌། ཁྱེད་ལ་གནས་འདིར་རྟག་ཏུ་དགེ་ལེགས་སྩོལ། །དཔལ་ལྡན་རྡོ་རྗེ་ཐེག་པའི་ལམ་བཟང་མཆོག་གིས་འགྲོ་བ་སྨིན་ཞིང་གྲོལ་བར་མཛད་པ་རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོ་འཁོར་ལོའི་མགོན་པོ་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་རྩ་བརྒྱུད་བླ་མ་དམ་པ་རྣམས་ལ་དགེ་ལེགས་ཀྱི་མཚན་མ་ཇི་སྙེད་མངའ་བའི་བཀྲ་ཤིས་དམ་པ་དེས། སྐལ་པ་དང་ལྡན་པ་གང་དག་འདིར་


TNT07_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

འཁོད་པ་རྣམས་གཙོ་བོར་གྱུར་པའི་ཁམས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་སྲིད་པ་དང་ཞི་བའི་ཕུན་ཚོགས་ཀྱི་དཔལ་ལ་གནས་པས་ལྷག་པར་སྐྱོང་བར་གྱུར་ཅིག །རྒྱལ་བ་དབང་ཕྱུག་བརྒྱད་ལྡན་འཁོར་ལོ་སྡོམ། རྣལ་འབྱོར་མ་དཔལ་གསང་བའི་བདག་པོ་དང༌། །ས་ར་ཧ་དང་ཀླུ་སྒྲུབ་ཤཱ་བཱ་རི། །ལཱུ་ཡི་པ་དང་ད་རི་ཌེངྒེ་པ། །རྡོ་རྗེ་དྲིལ་བུ་པ་དང་རུས་སྦལ་ཞབས། །ཛཱ་ལནྡྷ་ར་ནག་པོ་སྤྱོད་པ་དང༌། །གུ་ཧྱ་རྣམ་རྒྱལ་ཞབས་དང་ཏིལླི་པ། །ནཱ་རོ་པ་སོགས་བླ་མ་དམ་པ་ལ། །བྱིན་རླབས་དགེ་ལེགས་མཚན་མ་ཅི་མངའ་བས། །བླ་མ་དམ་པའི་རྣམ་ཐར་ཇི་ལྟ་བ། །འཛིན་ཞིང་རིམ་གཉིས་ལམ་གྱིས་མཆོག་གྲུབ་ནས། །གསང་སྔགས་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །ཐར་པ་ཆེན་པོ་གཞལ་ཡས་ཁང་གི་སྙིང་པོའི་སྣ་ཚོགས་པདྨའི་ལྟེ་བར་


TNT07_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་མོར་བྱེད་པ་ལ། འཇིགས་བྱེད་དང་དུས་མཚན་གྱི་གདན་ལ། མཆོག་ཏུ་མཛེས་པའི་མཚན་དང་དཔེ་བྱད་རབ་ཏུ་འབར་བ་ཨིནྡྲ་ནཱི་ལིའི་ལྷུན་པོ་ལ་ཉིན་མོར་བྱེད་པའི་འོད་ཟེར་འབུམ་གྱིས་འཁྱུད་པ་ལྟ་བུ་དབང་ཕྱུག་བརྒྱད་དང་ཡོན་ཏན་བརྒྱད་དང་ཡན་ལག་བདུན་དང་རོ་མྱང་བརྒྱད་ལ་སོགས་པ་ཡོན་ཏན་ཐམས་ཅད་དང་ལྡན་པའི་སྟོན་པ་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་ཡབ་ཡུམ་ལ་ཤིན་ཏུ་ངོ་མཚར་བའི་དགེ་ལེགས་ཀྱི་མཚན་མ་ཇི་སྙེད་མངའ་བའི་བཀྲ་ཤིས་དམ་པ་དེས་སྐལ་པ་དང་ལྡན་པ་གང་དག་འདིར་འཁོད་པ་རྣམས་གཙོ་བོར་གྱུར་པའི་ཁམས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་སྲིད་པ་དང་ཞི་བའི་ཕུན་ཚོགས་ཀྱི་དཔལ་ལ་གནས་པས་ལྷག་པར་སྐྱོང་བར་གྱུར་ཅིག །བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་བའི། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨར་རྡོ་རྗེ་རོལ་མཛད་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག ། བདེ་བའི་མཆོག་གྱུར་ཧེ་རུ་ཀ་དཔལ་དང༌། །བདེ་སྟེར་ཤེས་རབ་མ་མཆོག་རྣལ་འབྱོར་མ། །བདེ་སྟོང་དཔྱིད་ཐིག་ཟུང་འཇུག་སྦྱོར་བའི་མཆོག །བདེ་ཆེན་འཁོར་ལོ་སྡོམ་པ་ཡབ་ཡུམ་ལ། །དགེ་ལེགས་མཚན་མ་ཇི་སྙེད་མངའ་བ་དེས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །ཐུབ་པ་ཆེན་པོའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་རབ་དང་མཆོག་ཏུ་གྱུར་པ། རྣལ་འབྱོར་མའི་རྒྱུད་བྱེ་བ་ཕྲག་བཅུ་དྲུག་གི་


TNT07_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་གྲུབ་པའི་རྟོག་པ་རྨད་དུ་བྱུང་བ། དཔའ་བོ་ཆེན་པོ་བཀླགས་པས་འགྲུབ་པ། ཐམས་ཅད་དུ་གཞན་གྱིས་མི་ཐུབ་པ་གདོད་ནས་གྲུབ་བརྒྱུད་ཐམས་ཅད་ཀྱི་བླ་མ། དཔལ་ཧེ་རུ་ཀ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྩ་བའི་རྒྱུད་དང༌། བཤད་པའི་རྒྱུད་དང༌། ཡན་ལག་གི་རྒྱུད་དང་བཅས་པ་ལ་ཤིན་ཏུ་ངོ་མཚར་བའི་དགེ་ལེགས་ཀྱི་མཚན་མ་ཇི་སྙེད་མངའ་བའི་བཀྲ་ཤིས་དམ་པ་དེས། སྐལ་པ་དང་ལྡན་པ་གང་དག་འདིར་འཁོད་པ་རྣམས་གཙོ་བོར་གྱུར་པའི་ཁམས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་སྲིད་པ་དང་ཞི་བའི་ཕུན་ཚོགས་ཀྱི་དཔལ་ལ་གནས་པས་ལྷག་པར་སྐྱོང་བར་གྱུར་ཅིག །བདེ་བ་ཆེ་མཆོག་རབ་འབྱམས་རྟོགས་པ་དང༌། །དབང་དང་རིམ་གཉིས་མཐའ་ཡས་རབ་སྟོན་པ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྙིང་པོ་ནི། །དཔལ་ལྡན་འཁོར་ལོ་སྡོམ་པའི་རྒྱུད་སྡེ་ལ། །དགེ་ལེགས་མཚན་མ་ཇི་སྙེད་མངའ་བ་དེས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །རབ་འབྱམས་ནམ་མཁའི་མཐའ་ཀླས་པར་སྒྲུབ་པ་པོ་ལ་དངོས་སྒྲུབ་རྩོལ་ཞིང་གཙོ་བོ་ཉིད་དང་ཐུགས་ཀྱི་ཡེ་ཤེས་མི་གཉིས་པ། དཔའ་བོ་ཆེན་པོ་གཟུགས་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་ཚོར་བ་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་འདུ་ཤེས་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་འདུ་བྱེད་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་རྣམ་ཤེས་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙོ་བོ་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་མིག་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་རྣ་བ་རྡོ་རྗེ་དང༌།


TNT07_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་ཆེན་པོ་སྣ་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་ལྕེ་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་ལུས་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་རྡོ་རྗེ་དང༌། རྣལ་འབྱོར་མ་ཆེན་མོ་ལྟུང་བྱེད་མ་དང༌། རྣལ་འབྱོར་མ་ཆེན་མོ་གསོད་བྱེད་མ་དང༌། རྣལ་འབྱོར་མ་ཆེན་མོ་འགུགས་བྱེད་མ་དང༌། རྣལ་འབྱོར་མ་ཆེན་མོ་པདྨ་གར་གྱི་དབང་ཕྱུག་མ་དང༌། རྣལ་འབྱོར་མ་ཆེན་པོ་པདྨ་དྲ་བ་ཅན་དང༌། གཞན་ཡང་རབ་འབྱམས་ཞིང་ཀུན་གྱི་རྡུལ་སྙེད་དང་མཉམ་པའི་ཡུམ་བཞི་དང་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་རྣམས་དང༌། མ་མོ་རྣམས་དང༌། གོ་ཆའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་རིགས་སུ་གནས་པ་ཐམས་ཅད་ཀྱང་ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་པ་མཛེས་པའི་གར་སྣ་ཚོགས་པ་བྱེད་ཅིང༌། རང་གི་དམ་ཚིག་དང་འཁྱུད་པ་དང་ཙུམ་པ་སོགས་སྙིང་རྗེ་ཆེན་པོའི་ཉམས་ཡོངས་སུ་རྫོགས་པར་མཛད་ཅིང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང༌། རྩ་དང༌། ཁམས་དང༌། རླུང་བྱིན་གྱིས་རླབས་ནས། ལམ་གྱི་གྲོགས་མཛད་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་ཤིན་ཏུ་ངོ་མཚར་བའི་དགེ་ལེགས་ཀྱི་མཚན་མ་ཇི་སྙེད་མངའ་བའི་བཀྲ་ཤིས་དམ་པ་དེས་སྐལ་པ་དང་ལྡན་པ་གང་དག་འདིར་འཁོད་པ་རྣམས་གཙོ་བོར་གྱུར་པའི་ཁམས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་སྲིད་པ་དང་ཞི་བའི་ཕུན་ཚོགས་ཀྱིས་དཔལ་ལ་གནས་པའི་ལྷག་པར་སྐྱོང་བར་གྱུར་ཅིག ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་རློབས་པའི་ལྷ། །གཟུགས་ཀྱི་རྡོ་རྗེ་ལ་སོགས་ལྷ་རྣམས་དང༌། །བགེགས་ཀུན་འཇོམས་ཤིང་ཏིང་འཛིན་དམ་པ་ལས། །གཡོ་བ་མེད་མཛད་གོ་ཆའི་ལྷ་རྣམས་ལ། །དགེ་ལེགས་མཚན་མ་ཇི་སྙེད་མངའ་བ་དེས། །མི་མཐུན་


TNT07_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་སྣ་ཚོགས་པདྨའི་འདབ་མ་ལ། །རིགས་ཀྱྀ་ཡུམ་བཞི་དཔའ་བོའི་ཕྱོགས་བཞིའི་ཞལ་ལ་གཟིགས། །པདྨའི་མུ་ཁྱུད་གྲི་གུག་ཕྲེང་བས་རྣམ་པར་མཛེས། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །མཁའ་འགྲོ་ལཱ་མ་དུམ་སྐྱེས་གཟུགས་ཅན་མ། །དམ་ཚིག་ཅན་འདུས་བརྩེ་བའི་རྗེས་བཟུང་ནས། །ཡོན་ཏན་མ་ལུས་སྐྱེད་པའི་གྲོགས་མཛད་མ། །བསམ་པ་ཙམ་གྱིས་བདེ་སྟེར་ཡུལ་བཞི་ལ། །དགེ་ལེགས་མཚན་མ་ཇི་སྙེད་མངའ་བ་དེས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཚམས་ཀྱི་པདྨའི་འདབ་མ་ལ། །བྱང་ཆུབ་སེམས་དང་ཙན་དན་དྲི་ཆེན་གུར་གུམ་ཆུས། །གང་བའི་སྣོད་བཞིས་དཔའ་བོའི་ཞལ་ལ་རེག་པར་སྤྱོད། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །ཡེ་ཤེས་བདུད་རྩི་ལྔ་ཡིས་རྣམ་གང་བ། །ཐབས་ཀྱི་རང་བཞིན་རྡོ་རྗེ་དམ་ཚིག་སྣོད། །རབ་ཏུ་བསྟེན་ན་ཡེ་ཤེས་ལུས་སུ་འགྱུར། །བྱང་སེམས་འཕེལ་བའི་དངོས་གྲུབ་སྦྱིན་རྣམས་ལ། །དགེ་ལེགས་མཚན་མ་ཇི་སྙེད་མངའ་བ་དེས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་


TNT07_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ནམ་མཁའི་གནས་ན་ལེགས་སྤྱོད་པའི། །འཁོར་ལོ་སྔོན་པོ་རྩིབས་བརྒྱད་མུ་ཁྱུད་རྡོ་རྗེའི་ཕྲེང༌། །གནས་ལ་སོགས་པར་དཔའ་བོ་དཔའ་མོ་གཉིས་མེད་རོལ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །ཐུགས་ཀྱི་རིགས་གྱུར་ཕོ་ཉ་གསུམ་འདུས་ལས། །འོད་གསལ་དགའ་སྟོན་སྦྱིན་མཛད་ནམ་མཁའ་སྤྱོད། །གནས་དང་ཉེ་གནས་དཔའ་བོ་ལྷ་མོ་ལ། །དགེ་ལེགས་མཚན་མ་ཇི་སྙེད་མངའ་བ་དེས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ས་སྟེང་གནས་ན་ལེགས་སྤྱོད་པའི། །འཁོར་ལོ་དམར་པོ་རྩིབས་བརྒྱད་མུ་ཁྱུད་པདྨའི་འཕྲེང༌། །ཞིང་ལ་སོགས་པར་དཔའ་བོ་དཔའ་མོར་གཉིས་མེད་རོལ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །གསུང་གི་རིགས་གྱུར་ཕོ་ཉ་གསུམ་འདུས་ལས། །འོད་གསལ་དགའ་སྟོན་སྦྱིན་མཛད་ས་སྟེང་སྤྱོད། །ཞིང་དང་འདུན་རྟོག་ཉེ་བར་བཅས་པ་ཡི། །དཔའ་བོ་ལྷ་མོར་དགེ་ལེགས་ཅི་མངའ་བས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ས་འོག་གནས་ན་ལེགས་སྤྱོད་པའི། །འཁོར་


TNT07_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་འཁོར་ལོའི་འཕྲེང༌། །འདུ་ལ་སོགས་པར་དཔའ་བོ་དཔའ་མོ་གཉིས་མེད་རོལ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །སྐུའི་རིགས་གྱུར་ཕོ་ཉ་གསུམ་འདུས་ལས། །འོད་གསལ་དགའ་སྟོན་སྦྱིན་མཛད་ས་འོག་སྤྱོད། །འདུ་དང་དུར་ཁྲོད་ཉེ་བར་བཅས་པ་ཡི། །དཔའ་བོ་ལྷ་མོར་དགེ་ལེགས་ཅི་མངའ་བས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་དཀྱིལ་འཁོར་སྒོ་བཞི་མཚམས་རྣམས་སུ། ཁཱ་གདོང་ལ་སོགས་མ་མོ་ཡིད་འཕྲོག་གཟུགས་གཉིས་ལྡན། །ཐུགས་རྗེས་འགྲོ་བའི་དོན་མཛད་གདུག་པ་ཀུན་འདུལ་བའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །རྟ་ཡི་རྒྱལ་པོའི་རིགས་མཆོག་ལས་ཀུན་དང༌། །དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་བསྒྲུབ། །ལམ་གྱི་བར་གཅོད་གདུག་པ་ཐམས་ཅད་འདུལ། །རབ་སོང་གནས་བརྒྱད་ཕོ་ཉས་བདེ་སྟེར་མ། །རྡོ་རྗེ་མ་མོར་དགེ་ལེགས་ཅི་མངའ་བས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །དེ་ལྟར་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་གྱི་བཞུགས་པའི་གནས་ཕུན་སུམ་ཚོགས་པ་དཀྱིལ་འཁོར་ཆེན་པོ་བཞི་ལ་གནས་པའི་རིའི་རྒྱལ་པོ་ལྷུན་པོ་རིན་པོ་ཆེ་


TNT07_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ལས་གྲུབ་པའི་སྟེང་ན་རྡོ་རྗེ་རིན་པོ་ཆེའི་གཞལ་ཡས་ཁང་རྒྱན་དང་མཚན་ཉིད་ཐམས་ཅད་རྫོགས་པ་ཉི་མ་དང་ཟླ་བའི་འོད་ལྟར་འབར་བའི་དཔག་ཚད་བྱེ་བར་ཁྱབ་པ། དྲིལ་བུ་དཔྱངས་པའི་སྒྲ་ལས་ཡན་ལག་དགུ་དང་ལྡན་པ། རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་གཞོམ་དུ་མེད་པའི་དབྱངས་ལ་འཇུག་པའི་སྒྲ་སྒྲོག་པ། སྲུང་བའི་འཁོར་ལོས་བསྐོར་བའི་ཕྱིར་རོལ་སྣ་ཚོགས་པའི་ལྷ་དང༌། ཀླུ་དང༌། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། འབྱུང་པོ་རྣམས་དང་མཁའ་འགྲོ་དང༌། མཁའ་འགྲོ་ཕཻཾ་ཞེས་པ་དང༌། ཨ་ལ་ལའི་སྒྲ་སྒྲོགས་པ། དྲིལ་བུ་དང༌། ཅང་ཏེའུའི་སྒྲ་དང་མཆོད་རྫས་རྣམས་ཀྱིས་གང་བའི་མཆོག་ཏུ་རྨད་དུ་བྱུང་བ་ཆེན་པོ་དང་བཅས་པ་ལ་ཤིན་ཏུ་ངོ་མཚར་བའི་དགེ་ལེགས་ཀྱི་མཚན་མ་ཇི་སྙེད་མངའ་བའི་བཀྲ་ཤིས་དམ་པ་དེས། སྐལ་པ་དང་ལྡན་པ་གང་དག་འདིར་འཁོད་པ་རྣམས་གཙོ་བོར་གྱུར་པའི་ཁམས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་སྲིད་པ་དང་ཞི་བའི་ཕུན་ཚོགས་ཀྱི་དཔལ་ལ་གནས་པས་ལྷག་པར་སྐྱོང་བར་གྱུར་ཅིག།བཀྲ་ཤིས་གང་ཞིག་དྲན་པ་ཉེར་བཞག་བཞི་རྣམས་དང༌། ཡང་དག་སྤོང་དང་རྫུ་འཕྲུལ་རྐང་པ་དབང་པོ་སོགས། བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ཡོངས་རྫོགས་པའི། བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག ། བཀྲ་ཤིས་གང་ཞིག་རིན་ཆེན་ཕ་གུས་མཛེས་པའི་སྟེང༌། །འདོད་པའི་ཡོན་ཏན་ལྔས་ནི་རབ་ཏུ་བརྒྱན་གྱུར་ཅིག །མུ་ཏིག་ཉི་ཟླ་རིན་ཆེན་གསེར་གྱི་དྲིལ་བུ་དཔྱངས། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་


TNT07_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་རྟ་བབས་པདྨ་འཁོར་ལོ་གདུགས། །རི་དྭགས་དང་བཅས་མཛེས་པའི་བ་དན་བཅུ་དྲུག་འཕྱར། །རླུང་གིས་བསྐྱོད་པའི་དྲིལ་བུ་ཆོས་ཀྱི་སྒྲ་སྒྲོགས་པ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཅུ་གཉིས་ས་ཡི་རང་བཞིན་འཁོར་ལོ་ལྔ། །རབ་ཡངས་ཕོ་བྲང་དམ་པ་གཞལ་མེད་ཁང༌། །རིན་ཆེན་རྒྱན་རྣམས་ཀུན་ལྡན་སྣང་བྱེད་གཙོ། །བཅོམ་ལྡན་རྟག་པའི་རྣམ་པར་འཕྲུལ་པ་ལ། །དགེ་ལེགས་མཚན་མ་ཇི་སྙེད་མངའ་བ་དེས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཡོངས་བསྐོར་དུར་ཁྲོད་བརྒྱན་རྣམས་སུ། ཕྱོགས་སྐྱོང་བརྒྱད་དང་ཤིང་ཆེན་བརྒྱད་ནི་གནས་པ་ལ། །གདོང་བརྙན་དང་ལྡན་ཞིང་སྐྱོང་བརྒྱད་ནི་གནས་གྱུར་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཡེ་ཤེས་མེ་བརྒྱད་རབ་འབར་ཞིང༌། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་བརྒྱད་ནི་འདུས་གྱུར་ལ། །དགའ་བོ་ལ་སོགས་ཀླུ་ཆེན་བརྒྱད་ནི་གནས་གྱུར་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཐུགས་རྗེའི་ཆུ་ཆེན་བརྒྱད་འབབ་ཅིང༌། །དཔའ་བོ་རྣལ་འབྱོར་མ་དང་མཁའ་འགྲོའི་ཚོགས་ཀྱི་གང༌། །ཤ་ཟ་སྲིན་པོ་འབྱུང་པོའི་ཚོགས་ཀྱི་ཉེར་བསྟེན་པ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རྡོ་རྗེའི་ས་གཞི་ར་བ་གུར། །


TNT07_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

བླ་རེས་ཀུན་ནས་བྲིས་ཤིང་མདའ་ཡི་དྲ་བར་ལྡན། །ཡེ་ཤེས་མེ་དཔུང་འབར་བའི་ཀུན་ནས་ཡོངས་བསྐོར་བའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །རྣམ་ཤེས་བརྒྱད་ཀྱི་སྲིད་པ་སྤངས་པ་ལས། །དུར་ཁྲོད་བརྒྱད་པོ་ཉེར་སྤྱོད་ཡོངས་རྫོགས་པ། །དཀྱིལ་འཁོར་པ་ཀུན་མཆོད་ཅིང་ལས་ཀུན་སྒྲུབ། །སྒྲུབ་ལ་ཞི་རྒྱས་དབང་དང་དྲག་པོའི་ལས། །སྦྱིན་མཛད་དཔའ་བོ་མཁའ་འགྲོ་དཔག་ཡས་ཀྱིས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །མི་ཕྱེད་བསྲུང་བའི་འཁོར་ལོ་དམ་པ་ནི། །རྣམ་པར་ཐར་པ་བཞི་ཡི་བདག་ཉིད་ཅན། །བདུད་དཔུང་འཇོམས་པའི་ཡེ་ཤེས་མེ་ལྕེར་བཅས། །རྡོ་རྗེ་བསྲུང་འཁོར་རབ་ཏུ་བརྟན་པ་ལ། །དགེ་ལེགས་མཚན་མ་ཇི་སྙེད་མངའ་བ་དེས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །འདི་ལ་སྤྲོ་ན་རྫོགས་པ་འདི་བྱས་ལ། དེ་ནས་གཞན་ཡང་རྒྱལ་བའི་བཀའ་ལས་བྱུང་བའི་བཀྲ་ཤིས་ཞིག་གི་ཐོག་དྲངས་ཏེ་ཅི་རིགས་ཤིག་བྱའོ། །མི་སྤྲོ་ན་ཚིག་ལྷུག་རྣམས་བོར་ཏེ་ཚིགས་བཅད་ཁོ་ནས་ཀྱང་རུང་ངོ༌། །ཞེས་བྲམ་ཟེ་རིན་ཆེན་རྡོ་རྗེའི་བཀྲ་ཤིས་དང་སྤེལ་མར་སྦྱར་བ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི་བཀྲ་ཤིས་དགེ་ལེགས་རྒྱ་མཚོ་ཞེས་བྱ་བ་འདི་ཡང༌། ཏཱ་ར་ནཱ་ཐས་རང་ལོ་ཉེར་གསུམ་ལ་སྣྲོན་གྱི་ཟླ་བའི་ཡར་ཚེས་བཅུ་བཞི་ལ་སྦྱར་བའོ།། །།ཞུས་དགབཀྲ་ཤིས།།

འཁོར་ལོ་སྡོམ་པའི་ཚོགས་མཆོད་དགེ་ལེགས་རྒྱ་མཚོ།


TNT07_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྡོམ་པའི་ཚོགས་མཆོད་དགེ་ལེགས་རྒྱ་མཚོ་ཞེས་བྱ་བ་བཞུགས།


TNT07_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། ཨོཾ་སུམྦྷ་བས་བསངས། ཨོཾ་སྭ་བྷཱས་སྦྱངས། སྟོང་པའི་ངང་ལས་ཚོགས་རྫས་རྣམས་ཀྱི་འོག་ཏུ་ཡཾ་ལས་རླུང༌། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་ཚོགས་རྫས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ཉིད་རྣམ་པར་དག་པ། ཨཱ་ལི་ཀཱ་ལི། ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད། བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ག་ན་ཙ་ཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ན་མོ་ཐབས་དང་༴


TNT07_Page_0945
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འདི་ཉིད་དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས༴ འཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་བསྲུང་མ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས༴ དམ་ཚིག་གི་རྩ་བ་མཆེད་གྲོགས་རྡོ་རྗེའི་སྤུན་གྲོགས་རྣམས། ཨོཾ་མི་འབྲལ་སྙིང་གི་གཞལ་མེད་ཁང༌། །མོས་གུས་གཞོམ་མེད་ཕོ་བྲང་ན། །དྲིན་ཅན་རྩ་བའི་བླ་མ་མཆོག །བཀའ་དྲིན་མཉམ་མེད་དམ་པ་རྗེ། །རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་འཐིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དེ་བ། སོགས། སྟུག་པོའི་ཞིང་ཁམས་འཇིག་པ་མེད། །དཔའ་བོ་དཔའ་མོའི་འབུམ་སྡེའི་དབུས། །འཁོར་ལོ་སྡོམ་པ་བཅོམ་ལྡན་འདས། །འདོད་ཆགས་རྡོ་རྗེ་འོད་དཔག་མེད། རྣམ་འཕྲུལ༴


TNT07_Page_0946
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཡོ་འོག་མིན་ཉམས་དགའི་ཞིང༌། །དག་པ་བདེ་སྟོང་མཁའ་སྤྱོད་གནས། །འཁོར་ལོ་སྡོམ་པའི་བདེ་བསྐྱེད་ཡུམ། །རྡོ་རྗེ་ཕག་མོ་མཁའ་འགྲོའི་གཙོ། །རྣམ་འཕྲུལ༴ སོགས། ས་ལ་སྤྱོད་པའི་འོག་མིན་མཆོག །ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་ནས། །རབ་སོང་གནས་གྱི་བདག་པོ་མཆོག །དཔའ་བོ་ཆེན་པོ་ཡབ་ཡུམ་ཡང༌། །རྣམ་འཕྲུལ༴ བདུད་ཚོགས་ཀུན་འདུལ་སོགས་བྱ། མཁའ་འགྲོ་རྒྱ་མཚོ་འདུ་བའི་ཞིང༌། །ཉི་ཤུ་རྩ་བཞིའི་གནས་མཆོག་ཏུ། །སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་བའི། །གནས་གསུམ་དཔའ་བོ་མཁའ་འགྲོ་ཡང༌། །རྣམ་འཕྲུལ༴ སོགས་བྱ། བདུད་ཚོགས་ཀུན་འདུལ་འཕྲིན་ལས་ཞིང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །བགེགས་འཇོམས་འདོད་དོན་ཀུན་སྒྲུབ་པའི། །ཆོས་སྐྱོང་བསྲུང་མ་འཁོར་བཅས་ཀྱང༌། །རྣམ་འཕྲུལ༴ སོགས། བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རིགས་ཀྱི་ཅོད་པན་ལྡཻམ་སེ་ལྡཻམས། །དར་གྱི་ཅོད་པཎ་པུ་རུ་རུ། །རྒྱན་ཆ་མང་པོ་ཁྲོལ་ལོ་ལོ། །རོལ་མོ་མང་པོ་དིར་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུགས། །འཁོར་ཚོགས་འབུམ་སྡེ་ཤར་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་གསལ་ལ་ལ། །བརྗོད་མེད་དབྱིངས་སུ་ཐ་ལ་ལ། །བདེ་བ་ཆེན་པོ་ཁྲིལ་ལི་ལི། །བྱིན་གྱིས་རླབས་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་ལ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །བགེགས་དང་ལོགས་


TNT07_Page_0947
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་བར་ཆད་སོལ། །འཁོར་གསུམ་གཉིས་སུ་མེད་པར་འདྲེས། །གུ་རུ་དེ་ཝ་ཌཱ་ཀི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱ། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་བ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཨ་ཧོ་མཧཱ་སུ་ཁཾ། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོ་མཧཱ་སུ་ཁཾ། ཞལ་ཟས་རོ་བརྒྱ་སོགས་དང༌། གཙོ་བོ་ཡབ་ཡུམ་ལ་སྙིང་པོའི་མཐར། ཨ་ཀཱ་རོས་གསུམ་མམ་བདུན་གྱིས་ཕུལ། ལྷ་གཞན་ཐམས་ཅད་ལ། ཨོཾ་བཛྲ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ནས། ཡ་མ་མ་ཐ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨ་ཀཱ་རོས་འབུལ། ཤ་ས་ནའི་སྔགས་ཀྱིས་ཆོས་སྐྱོང་རྣམས་ལ་འབུལ། ཨོཾ་ཨཿཧཱུཾ་ཧ་ཧོ་ཧྲཱིཿ ཕྲཻཾ་བཛྲ་ཨ་ར་ལི་སོགས་མཁའ་འགྲོ་སྤྱི་གཏོར་གཏོང༌། དམན་པའི་ཡུལ་ལས་རབ་འདས། སོགས་བྱ། དེ་ནས་ཚོགས་ལ་ལོངས་སྤྱོད་དོ། །རྗེས་ཚོགས་ལྷག་བསྡུས། ལམ་སྒྲོན་བཙུགས། བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀཱ་པ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ཨ་ཀཱ་རོ་ལན་གསུམ། ཕྱི་རོལ་སྒོ་དྲུང་ན་གནས་པའི་འབྱུང་པོ་འཆོལ་བའི་ཚོགས། དམ་ཚིག་གི་ཆོ་ག་བལྟ་བར་མི་དབང་བ་རྣམས་ལ་སྦྱིན་ནོ། །རྡོ་རྗེ་ཐེག་པ་ལ་གསང་བ་མཆོག་གི་རྣལ་འབྱོར་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཨོཾ་ཨུ་ཙིཎྜ་བ་ལིཾ་ཏ་བྷ་ཀྵ་སེ་སྭཱཧཱ། སུམ་བྷས་བསངས། རྡོ་རྗེ་གླུ་དང༌། སྨོན་ལམ་བཀྲ་ཤིས་སོགས་བྱའོ་ཞེས་པའང་ཏཱ་ར་ནཱ་ཐས་སྨྲས་པའོ།། །།བཀྲ་ཤིས། ཞུས་དག། །།


TNT07_Page_0948
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དཔལ་འཁོར་ལོ་སྡོམ་པའི་ལག་མཆོད།


TNT07_Page_0949
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པའི་ལག་མཆོད་བཞུགས།


TNT07_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །ལག་མཆོད་བྱེད་པར་འདོད་པས། ཆུ་གཉིས་ཉེར་སྤྱོད་ལྔ་ནང་མཆོད་མེ་ཏོག་ཕུད་ཕོར་ཟན་ཌཱ་མ་རུ་རྣམས་ངེས་པར་ཚོགས་པར་བྱས་པས། བདག་བསྐྱེད་སྔོན་དུ་འགྲོ་བས། ལག་པ་གཡོན་པ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ལག་མཐིལ་དུ་པདྨ་འདབ་མ་ལྔ་པ། ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བའི་གདན། སོར་མོའི་ཚིགས་དབུས་མ་རྣམས་དང༌། སེན་མོ་རྣམས་གཅིག་ཏུ་འདུས་པ་ལ་པད་ཟླའི་གདན་རེ་རེ། དེ་ནས་ནང་མཆོད་ནས་གཡས་ཀྱི་སྲིན་ལག་གིས་བླང་སྟེ། ལག་མཐིལ་དང༌། སོར་མོའི་ཚིགས་དང༌། སེན་མོ་རྣམས་གཅིག་ཏུ་འདུས་པ་ལ་ཐིག་ལེ་བྱ་ཞིང༌། ཨོཾ་ཨོཾ་ཧ། ནས། ཨོཾ་ཕཊ་ཕཊ་ཀྱི་བར་ཚར་གཅིག་བརྗོད། ལག་མཐིལ་གྱི་པདྨའི་ལྟེ་བར། ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ་


TNT07_Page_0951
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་ནས་གཡོན་སྐོར་གྱི་འདབ་མ་ལྔ་ལ་རིམ་པས། ཧཾ་ཡོཾ་སྔོན་མོ༴ ནས། ཙཎྜི་ཀཱའི་ངོ་བོ། མཐེ་བོང་ལ་ཨོཾ་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ། འཛུབ་མོ་ལ་ཨོཾ་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། གུང་མོ་ལ་ཨོཾ་སྭཱཧཱ་ཧཱུཾ་དམར་པོ་པདྨ་གར་གྱི་དབང་ཕྱུག །སྲིན་ལག་ལ་ཨོཾ་བཽ་ཥ་ཊ་ཧེ་ནག་པོ་དཔལ་ཧེ་རུ་ཀ །མཐེའུ་ཆུང་ལ་ཨོཾ་ཧཱུཾ་ཧཱུཾ་ཧོ་དམར་སེར་རྡོ་རྗེ་ཉི་མ། སེན་མོ་རྣམས་གཅིག་ཏུ་འདུས་པའི་ངོས་ལ་ཨོཾ་ཕཊ་ཕཊ་ཧཾ་ལྗང་ཁུ་རྟ་མཆོག་གི་ངོ་བོ། ལག་པའི་ས་ཁམས་སངས་རྒྱས་སྤྱན་མ། ཆུ་ཁམས་མཱ་མ་ཀི མེ་ཁམས་གོས་དཀར་མོ། རླུང་ཁམས་སྒྲོལ་མ། ནམ་མཁའི་ཁམས་པདྨ་དྲ་བ་ཅན་ནོ། །སླར་ཡང་དེ་ཐམས་ཅད་ཀྱི་གནས་སུ་ནང་མཆོད་གཏོར་ཞིང༌། ཨོཾ་ཨཱཿཧཱུཾ། ལན་བཅུ་གཉིས་བརྗོད།


TNT07_Page_0952
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པའི་མཁྲིག་མའི་ཚིགས་ལག་མཐིལ་གྱི་རྒྱབ་ངོས་དང་བཅས་པར་སྐད་ཅིག་ཙམ་གྱིས་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྲུབ་པར་གྱུར་པ་ནི། གཞལ་ཡས་ཁང་འཁོར་ལོ་རིམ་པ་བཞི། ལྷའི་གདན་དང་བཅས་པ། དབུས་ཀྱི་གདན་གྱི་སྟེང་དུ་འཁོར་ལོ་བདེ་མཆོག །ཞེས་པ་ནས། ཐོད་པའི་སྟེང་དུ་རྡོ་རྗེའི་འཕྲེང་བས་མཚན་པའི་བར་མཁའ་ནང་གི་དཀྱིལ་འཁོར་བཞིན་བསྐྱེད། མདུན་གྱི་མཆོད་པ་རྣམས་བྱིན་གྱིས་བརླབས། ཐོག་མར་མེ་ཏོག་ནས་གཡས་པའི་མཐེབ་སྲིན་གྱིས་བླངས། དཀྱིལ་འཁོར་གྱི་ལྷ་ལ་ཕུལ་བར་མོས་ཏེ། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་དང༌། འཁོར་རྣམས་ལ་སྔགས་ཕྲེང་བཞིན་ཚར་གཅིག་བརྗོད་ནས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་ལག་མཐིལ་དུ་སྤུངས། ཡང་བླངས་ཏེ། ཨོཾ་ཨོཾ་ཧ༴ ནས། ཕཊ་ཕཊ། ཀྱི་བར་བརྗོད་ཅིང༌། སོ་སོའི་གནས་སུ་རེག་ལ། ལག་མཐིལ་དུ་སྤུངས། ཟན་ཡང་དེ་བཞིན་དུ་འབུལ་བ་ལས། པུཥྤེ་ཨཱཿཧཱུཾ་གི་ཚབ་ཏུ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད། དེ་བཞིན་ཆང་ལ་སོགས་པ་ཁུ་བའི་རྫས་ཡོད་ནའང་ཆོ་ག་དེ་ཁས་འབུལ། དེ་ནས། དྭངས་ཤིང་དྲི་མེད་ཡིད་འོང་བའི། །ཞེས་པ་ནས་རོལ་མོའི་བར་གྱིས་མཆོད། ཕྱག་རྒྱ་རྣམས་ལག་པ་གཡས་པས་བྱེད། ནང་མཆོད་འབུལ་ཚུལ། མེ་ཏོག་དང་ཟན་འབུལ་བ་དང་འདྲ། ཨ་ནུ་རཱ་ག་ནའི་སྔགས་ཀྱིས་གསང་བའི་མཆོད་པ་འབུལ། ལག་པ་གཡས་ཀྱིས་ཌཱ་མ་རུ་བཀྲོལ་ཞིང༌། རྐང་བརྒྱད་གཉིས་ཀྱིས་བསྟོད། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་རྣམས་ཀྱིས་བདག་ལ་དངོས་གྲུབ་མཐའ་དག་སྩལ་དུ་གསོལ། ཡི་གེ་བརྒྱ་པ་ལན་གསུམ། མ་འབྱོར་པ་དང༌། སོགས་བརྗོད།


TNT07_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

ལག་མཐིལ་གྱི་རྫས་རྣམས་སྣོད་གཅིག་ཏུ་སྤུངས་ལ། ལག་པ་ལ་སོགས་པའི་རྫས་རྣམས་ཕན་ཚུན་དུ་མཉེས་ཤིང༌། ཨོཾ་ཨ་ཀཱ་རོ་སོགས་བརྗོད་པས། ལྷ་རྣམས་རང་གནས་སུ་ཐིམ་པར་གྱུར། ཨོཾ་ཡོ་ག་ཤུདྡྷོ་སོགས་ལ་འཁྱུད་རྒྱ། སྤྱི་བོའི་ཐད་དུ་བྱེད། ཚོགས་འཁོར་དང་མདུན་བསྐྱེད་སོགས་བྱེད་ནའང་སྐབས་འདི་ནས་འཇུག་ཅིང༌། ལག་མཆོད་ཁོ་ན་བྱེད་ན། རང་ཉིད་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་གནས་རྣམས་སུ། ཞེས་པ་ནས། བཀྲ་ཤིས་ཀྱི་བར་རྗེས་ཆོག་ལྟར་བྱའོ། །ལག་མཆོད་ཀྱི་ངག་འདོན་མདོར་བསྡུས་པ་འདི་ཡང་ཏཱ་ར་ནཱ་ཐས་སྨྲས་པའོ།། །།ཞུས་དག བཀྲ་ཤིས།། །།


TNT07_Page_0954
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དཔལ་འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་སྙེ་མ།


TNT07_Page_0955
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་སྙེ་མ་ཞེས་བྱ་བ་བཞུགས།


TNT07_Page_0956
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། དཔལ་འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ཆོ་ག་མདོར་བསྡུས་པ། བླ་མ་དང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གྱ་གྱུས་མངོན་པར་བསྒྲོད་མཁས་གཟུང་འཛིན་མགྲོན། །དྷུ་ཏིའི་ལམ་དུ་ནམ་ཡང་བཅོམ་ལས་སླར། །ཕུང་ཁམས་ཚོགས་རྣམས་འོད་གསལ་འབར་བའི་སྤྲས། །དགའ་སྟོན་མཆོག་ཏུ་རོལ་ལ་ཡ་མཚན་དགྱེས། །འདི་སླད་བཅོམ་པའི་རིམ་པ་ལས། །ཡེ་ཤེས་འཁོར་ལོ་བསྲེག་བླུག་གིས། །ཚིམ་བྱེད་རིམ་པ་འདིར་སྤེལ་ཏེ། །ལས་རྣམས་ཐམས་ཅད་མཐར་འབྱིན་པའོ། །དེ་ལ་འདིར་ཞི་བའི་སྦྱིན་སྲེག་སྒྲུབ་པར་འདོད་པས། ཆོ་ག་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སྔོན་འགྲོ་གཏོར་མ་བཏང༌། གནས་དང་མཆོད་པ་བྱིན་གྱིས་རླབས། སྐྱབས་འགྲོ་ནས་བརྩམས་ཏེ་བདག་བསྐྱེད་བཟླས་པའི་བར་བྱས་ལ། དཀྱིལ་འཁོར་བསྡུས་ནས། སྦྱིན་སྲེགས་གང་དུ་བྱ་བའི་ས་གཞིར་དཀྱིལ་ཆོག་ལྟར་སའི་ལྷ་མོ་སྟ་གོན་བྱ། དེ་ནས་སུམ་བྷ་བརྗོད་ཅིང་ནང་


TNT07_Page_0957
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ལག་པ་རྡོ་རྗེ་དང་བཅས་པས་དྲི་བཟང་གིས་ས་གཞི་ལ་བྱུག་ཅིང༌། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། ཉེར་གཅིག་ཡང་དབུས་སུ་རྡོ་རྗེ་དང་བཅས་པའི་ལག་པ་བཞག །ཨོཾ་བྷུ་ཁཾ་ས་གཞི་ནམ་མཁའི་རང་བཞིན་དུ་གྱུར། ཕུར་གདབ་བྱེད་ན། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཤར་སྔོ། ཞེས་པ་ནས། བྱང་ཆུབ་མ་ཐོབ་གྱི་བར་དུ་བར་ཆད་བསྲུང་བར་གྱུར། ཞེས་མངོན་རྟོགས་བཞིན་ནོ། །དེར་ཚངས་ཐིག་དང༌། ཟུར་ཐིག་བཏབ་ལ། ལྟེ་བ་ནས་གཡས་གཡོན་དུ་མཐོ་གང་གང་གཞལ་བའི་སར་ཟླུམ་ཐིག་བསྐོར་བའི། ཁྲུ་གང་ཟླུམ་པོར་འགྱུར། ཡང་ཐབ་ཆུང་ངུར་བྱེད་ན། ཁྲུ་གང་བསྐོར་བའི། བསྐུམ་གྲུའི་ཚད་དུ་འགྱུར་བ་དང༌། སོར་བརྒྱད་བསྐོར་ཏེ་ཐབས་ཀྱི་ཕྱིའི་ཚད་ལ་གྲུ་གང་དུ་འགྱུར་རོ། །དེ་བཞིན་དུ་ཕྱིའི་ཚད་ལས་གཞན་པའི་ཐིག་མེད་པ་སྤྱི་དང་མཐུན་པའང་རུང་ངོ༌། །


TNT07_Page_0958
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེའི་ཕྱིར་སླར་ཡང་ཁྲུ་ཕྱེ་བསྐོར་ཏེ། དེ་ལ་བསྐོར་ཐིག་རིམ་པ་གཉིས་ཀྱིས་གསུམ་གཏུབས་སུ་བཏང་བས། ནང་ནས་རིམ་པ་བཞིན་ཁ་ཁྱེར་དང༌། མུ་རན་དང་ལས་ཀྱི་ཁ་ཁྱེར་དང་གསུམ་དུ་འགྱུར་རོ། །ཐིག་ཕྱི་མ་དེ་ཉིད་ལ་རེག་པར་སྟེགས་བུ་གྲུ་བཞི་པའི་ཐིག་བཏབ་སྟེ། འདིའི་བྱ་རྗེས་ཟུར་ཐིག་གི་སྟེང་ནས་ལག་ལེན་བཞིན་བཙལ་བར་བྱའོ། །ཐབས་ཀྱིས་ནང་དུ་པདྨ་འདབ་བརྒྱད་ཀྱི་ཐིག་བཏབ། དེ་ནས་ཚོན་འགྱེད་ཅིང་མཚན་མ་འགོད་པར་བྱ་སྟེ། ཐམས་ཅད་ཀྱང་ཁ་དོག་དཀར་པོ་ལ་ཇི་ལྟར་འོས་པའི་བཅད་ཀྱི་རི་མོ་བྱའོ། །པདྨའི་ལྟེ་བ་ལ་རྡོ་རྗེ་དང་གྲི་གུག་སྔོན་པོ་བྲིས། འདབ་མ་བཞི་ལ་ཁ་ཊྭཱཾ་ག་རེ་རེ་བྲིས་ཏེ། ཤར་དུ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་སྣ་ཚོགས་རྡོ་རྗེས་མཚན་པ་དང༌། མཚམས་སུ་བུམ་ཐོད་བྲིས། མ་གྲུབ་ན་ཚོམ་བུ་བཀོད་ཀྱང་རུང༌། ཁ་ཁྱེར་ལ་པདྨ་དཀར་པོའི་འཕྲེང་བ། མུ་རན་ལ་གྲི་གུག་སྔོན་པོའི་ཕྲེང་བ། ལས་ཀྱི་ཁ་ཁྱེར་ལ་རྡོ་རྗེ་སྔོན་པོའི་འཕྲེང་བ་སྟེགས་བུ་སེར་པོ་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རྣམས་བྲིའོ། །བྲིས་ཐབས་རྒྱས་འབྲིང་བསྡུས་གསུམ་འདི་ལས་འདི་ནི་བསྡུས་པའོ། །ཐབ་ཀྱི་ཟླུམ་བསྐོར་དང་མཐུན་པར་འོ་མ་ཅན་གྱི་ཤིང་ངམ། ནགས་ཀྱི་བ་གླང་གི་ལྕི་བའི་མཐོ་གང་ཙམ་གྱི་དཔངས་ཟླུམ་པོར་བརྩིགས་པར་བྱའོ། །ཐབ་ཀྱི་ཤར་ལྷོ་མེ་ཚང་དང༌། ཕྱེ་མར་ཏིང་ལོ་གཅིག་བཅའ། ནང་བུད་ཤིང་གིས་ཁེངས་པར་བྱ། མཐར་མདའ་དྲ་དང་མེ་ལོང་ཕུར་བུ་ཚོན་སྐུད་རྣམས་བཅའ་བའི་ལག་ལེན་མཛད། དེ་རྣམས་མ་འགྲུབ་ཀྱང་མི་འགལ། དཀྱིལ་འཁོར་ལ་འབུལ་བ་ལྟར་ཕྱོགས་མཚམས་བརྒྱད་དུ་ཀུ་ཤ་བཀྲམ། ཤ་ཆང་གིས་བརྒྱན་པའི་གཏོར་མ་གསུམ་དང༌། ལྕེད་ལྡེ་དང༌། བསངས་ཆུའི་དུང་


TNT07_Page_0959
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀུ་ཤའི་འཐོར་གཡབ་དང་བཅས་པ་དང༌། རྡོར་དྲིལ། ཅང་ཏེའུ། ནང་མཆོད། དུང་ཆོས་གཉིས། སྒྲུབ་པ་པོ་འཇིག་རྟེན་པའི་ཤར་དུ་བལྟས་པའི་ཐབ་ཀྱི་གཡས་སུ་མཆོད་པ་དང༌། གཡོན་དུ་བསྲེགས་རྫས་རྣམས་མདུན་ནས་འགོ་བརྩམས་ཏེ་རིམ་པས་བཤམ། ཡམ་ཤིང་འོ་མ་ཅན་གྱི་ཤིང་ལས་བྱུགས་པ། སྦོམ་སུ་མཐེའུ་ཆུང་ཙམ་སྲིད་དུ་སོར་བརྒྱད་ནས་གྲུ་གང་གི་བར་གང་ཡང་རུང་བ། སྦྲང་རྩི་དང་མར་གྱིས་བྱུག་པ། ཡལ་ག་དང་བཅས་པས་ཀྱང་རུང་སྟེ། ཡམ་ཤིང་དང༌། རྩི་བཅུད་ཀྱི་མར་ཁུ་ཡང་ལེགས་པར་འདུ་བྱ་ལ། བུམ་པ་བཅའ་ཞིང་སྒྲུབ་པ་འགྲུབ་ན་ངེས་པར་བྱ་བ་ཡིན་མོད་ཀྱི། བསྡུས་པ་ལ་མ་གྲུབ་ཀྱང་འགལ་བ་མེད་པར་ཤེས་པར་བྱའོ། །དེ་ནས་སྔོན་འགྲོ་གཏོར་མ་དང་གནས་དང་ཡོ་བྱད་བྱིན་གྱིས་རླབས་པ་སྔོན་དུ་འགྲོ་བའི་བདག་བསྐྱེད་ཀྱི་རྣལ་འབྱོར་རྫོགས་པར་བསྒོམ། དཀྱིལ་འཁོར་ཉེ་བར་བསྡུས་ཏེ། བདག་ཉིད་ཕྱག་གཉིས་པའི་ང་རྒྱལ་དང་ལྡན་པས་མཆོད་ཡོན་གཉིས།སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་དང་ཤཾ་ལས་དུང་དཀར་མཚན་ཉིད་དང་ལྡན་པའི་ནང་དུ་ཧཱུཾ་ཧཱུཾ་ལས་བྱུང་བའི་བསངས། ཆུ་དང་མེ་ལྷ་དགའ་བར་བྱེད་པའི་མཆོད་ཡོན་ནུས་པ་ཐམས་ཅད་དང་ལྡན་པར་གྱུར། བསངས་ཆུ་ལ་དམིགས་ནས་སུམྦྷ་གང་མང་དང༌། མཆོད་ཡོན་ལ་ཡི་གེ་བདུན་པ་ཉེར་གཅིག་ཙམ་བཟླས་པ་བྱ། གཉིས་པ་ནི། ཐབ་དང་ཡོད་བྱད། ཐམས་ཅད་ལ་བསངས་ཆུས་གཏོར་ཏེ། སུམ་བྷ། སོགས་དང༌། ཨོཾ་སྭཱཧཱའི་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་རྒྱར་ཁྲུ་གང་བ། ཟབ་སུ་


TNT07_Page_0960
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུ་ཕྱེད་པ་ཁ་ཁྱེར་ལ་པདྨ་དཀར་པོའི་འཕྲེང་བ། མུ་རན་ལ་གྲི་གུག་གི་འཕྲེང་བ་དང༌། ལས་ཀྱི་ཁ་ཁྱེར་ལ་རྡོ་རྗེའི་འཕྲེང་བས་མཚན་པ། ལས་ཀྱི་ཁ་ཁྱེར་དང་བཅས་པ། ཕྱི་རོལ་སྟེགས་བུ་གྲུ་བཞི་པ་ལ་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་ཐོགས་པ་མེད་པ་ནང་ལྷ་རྫས་ཀྱི་བུད་ཤིང་གི་གང་བར་གྱུར། མཆོད་རྫས་དང༌། བསྲེགས་རྫས་རྣམས་མི་དམིགས་ཏེ་སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀཱ་པ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོགབདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་དང་བསྲེགས་རྫས་རྣམས་རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྲུབ་པ། ངོ་བོ་བཟང་ཞིང་རྒྱ་ཆེ་བ། ཡུལ་ནམ་མཁའི་མཐའ་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ། ལས་སོ་སོ་སྒྲུབ་པའི་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་བཛྲ་ཨརྒྷཾ། ནས། ཨ་ཁཾ་སྭ་ཧཱའི་བར་བརྗོད་ལ་རོལ་ཆེན་བྱ། ཨོཾ་ཨ་སྭཱཧཱ། གསུམ་གྱིས་མར། ལན་གསུམ་གྱིས་ཡམ་ཤིང་དང༌། ཨོཾ་ཤྲཱི་སྭཱཧཱས་མར་དང་གསུམ་གྱིས། འབྲུ་དང༌། ཨོཾ་ཛི་རཾ་སྭཱཧཱས་འབྲུ་རྣམས་དང༌། གསུམ་གྱིས་རྫས་གཞན་རྣམས་དང༌། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་རྫས་གཞན་རྣམས་བསངས་ཤིང་བྱིན་གྱིས་རླབས་པར་བྱའོ། །དེ་ནས་ལྕེད་


TNT07_Page_0961
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེ་ལ་མེ་སྦར་ཏེ་ཐལ་མོ་སྦྱར་བའི་བཟུང༌། སུམ་བྷ་བཟླ་ཞིང༌། ཐབ་ལ་གཡོན་བསྐོར་གྱིས་བསྐོར་བ་ལན་གསུམ་བྱ་སྟེ་མེ་ཚངས་དུ་གཞུག ཨོཾ་ཧེ་རུ་ཀ་མཧཱ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ་ཧཱུཾ། ཞེས་བརྗོད་བཞིན་པས། མར་ཁུ་བླུགས་གཟར་ཆུང་ངུར་གསུམ་བླུགས་ལ་མེ་གསོས་སོ། །དེ་ནས་ཀུ་ཤས་བསངས་ཆུ་གཏོར་ལ་སུམྦྷའི་མཐར། ཨོཾ་སྭཱཧཱ་བཏགས་པའི་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རཾ་ལས་ཡེ་ཤེས་ཀྱི་མེའི་ཕུང་པོ་རབ་ཏུ་འབར་བའི་དབུས་སུ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོའི་གདན་ལ། རཾ་ལས་དབྱུག་གུ་རྩེ་གསུམ་པ་རཾ་གྱིས་མཚན་པ་ལས་མེ་ལྷ་པཱ་པ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ། རལ་པའི་ཐོར་ཚུགས་ཅན། མཆོད་ཕྱིར་ཐོགས་འཆང་བ། གཡས་གཉིས་ཀྱིས་དབྱུག་གུ་དང་མི་འཇིགས་པ་སྦྱིན་པ། གཡོན་གཉིས་ན་བགྲང་ཕྲེང་དང༌། སྤྱི་བླུགས་འཛིན་པ། སྐུའི་ཆ་ཐམས་ཅད་ལས་བདུད་རྩི་དཀར་པོའི་རྒྱུན་འབབ་ཅིང༌། འོད་ཟེར་དཀར་པོ་འཕྲོ་བ། དེའི་ཐུགས་ཀར་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་བཾ་ལས་ཆུའི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུབ་པའི་མདུན་གྱི་ཟུར་ལ། གཟུགས་མེད་ཁམས་དང་ས་བླ་དག་པ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། གཡས་ཀྱི་ཟུར་དུ་གཟུགས་ཁམས་དང་ས་སྟེང་དག་པ་ཨཱཿལས་པདྨ་ཨཱཿམཚན་པ། གཡོན་གྱི་ཟུར་དུ། འདོད་ཁམས་དང་ས་འོག་དག་


TNT07_Page_0962
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ། དབུས་སུ་བཾ་དང་རཾ་ལས་དབྱུག་གུ་རྩེ་གསུམ་པ་རཾ་གྱིས་མཚན་པ། དེ་ཐམས་ཅད་རོ་གཅིག་ཏུ་འདྲེས་པ་ལས། ཁམས་གསུམ་གྱི་བདག་པོ་དཔལ་ཧེ་རུ་ཀ་ཞེས་བྱ་བའི་མེ་ལྷ་སྐུ་མདོག་དཀར༴ ནས། འཕྲོ་བ། ཞེས་པའི་བར་གོང་བཞིན་ནོ། །པདྨའི་འདབ་མ་བརྒྱད་དང་སྟེང་འོག་ཏུ། ཨོཾ་ཨེནྡྲ་ཡེ། ཨགྣ་ཡེ། ཡ་མཱ་ཡེ། ནཻ་རི་ཏི་ཡེ། ཝ་རུ་ཎ་ཡེ། ཝ་ཡ་ཝེ། ཀུ་བཻ་ར་ཡེ། ཨི་ཤྭ་ན་ཡེ། ཨུདྷཾ་བྲ་ཧྨ། ཨ་ཀྵོ་པྲི་ཐི་ཝི། ཞེས་བརྗོད་པས་སྐད་ཅིག་གིས་ཤར་ཏུ་བརྒྱ་བྱིན་དཀར་པོ་གླང་པོ་ཆེ་ལ་ཞོན་པ་རྡོ་རྗེ་འཛིན་པ། ལྷོར་གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ་བེ་ཅོན་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ་སྦྲུལ་ཞག་འཛིན་པ། བྱང་དུ་གནོད་སྦྱིན་སེར་པོ་རྟ་ལ་ཞོན་པ་ནེའུ་ལེ་འཛིན་པ། བྱང་ཤར་དུ་དབང་ལྡན་དཀར་པོ་གླང་ལ་ཞོན་པ་ལྕགས་སྒྲོགས་རྩེ་གསུམ་འཛིན་པ། ཤར་ལྷོར་མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ། གཡས་གཉིས་བགྲང་ཕྲེང་དང་མཆོད་སྤྱིན་གཡོན་གཉིས་དབྱུག་གུ་རྩེ་གསུམ་པ་འཛིན་པ་དང་རིལ་བུ་སྤྱི་བླུགས་འཛིན་པ། ལྷོ་ནུབ་ཏུ་སྲིན་པོ་སྔོ་ནག་རོ་ལངས་ལ་ཞོན་པ་རལ་གྲི་འཛིན་པ། ནུབ་བྱང་དུ་རླུང་ལྷ་དུད་ཁ་ཤ་བ་ལ་ཞོན་པ་བ་དན་འཛིན་པ། སྟེང་དུ་ཚངས་པ་སེར་པོ་ངང་པ་ལ་ཞོན་པ་གཎྜེ་འཛིན་པ། འོག་ཏུ་ས་ལྷ་སེར་པོ་ཕག་པ་ལ་ཞོན་པ་བུམ་པ་འཛིན་པ། ཐམས་ཅད་ཀྱང་རང་རང་གི་


TNT07_Page_0963
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་དང་ཆ་ལུགས་ཀྱི་མཛེས་པའོ། །ཕྱི་ནང་གི་ལྷ་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། སྙིང་ཁར་ཨོཾ་ཨོཾ་ཧ་དཀར་པོ། ནས། ཙཎྜི་ཀའི་ངོ་བོའི་བར་སྒྲུབ་ཐབས་བཞིན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། ཤར་ལྷོར་ནས་མེ་ལྷ་དྲང་སྲོང་གི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿས་བཀུག་པར་གྱུར། དབྱུག་གུ་རྩེ་ལྔ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང༌། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག ། བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨེ་ཧྱ་ཧི་མཧཱ་བྷུ་ཏ་དེ་ཝ་རི་ཥི། དྭི་ཛ་སཏྟ་མཧཱ་གྲྀ་སྟྭཾ་ཨ་ཧུ་རི་མ་ཧེ་རི་ཨཥྨི་ན་སནྣི་ཧི་ཏོ་བྷ་ཝ། ཨོཾ་ཧེ་རུ་ཀ་མཧཱ་བཛྲ་པཱ་པ་ཀ་ཨགྣ་ཡེ་མ་མ་ཤིནྟཾ་ཀུ་རུ་སྭཱཧཱ། ཞེས་པས་སྤྱན་དྲངས། པདྨ་ཀཱ་མ་ལ་ཡ་སྟྭཾ། ཞེས་པས་གདན་ཕུལ། ཨོཾ་ཧེ་རུ་ཀ་མཧཱ་བཛྲ་པཱ་པ་ཀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། ནས། ཤཔྟའི་བར་གྱི་མཆོད། ཨོཾ་ཨགྣ་ཡ་སྭཱཧཱ། ལན་བདུན་གྱིས་དགང་གཟར་བཀང་ལ། ཤྲཱི་ཧེ་རུ་ཀ་མཧཱ་བཛྲ་པཱ་པ་ཀ །ཨོཾ་ཨགྣ་ཡེ། ཨ་དི་བྱ། ཨ་དི་བྱ། ཨཱ་བི་ཤ་ཨཱ་བི་ཤ ཤྲཱི་ཡེ་ཧ་བྱ་ཀ་བྱ་ཝ་ཧ་ན་ཡ་སྭཱཧཱ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་ཤནྟི་ཀུ་རུ་ཡེ་སྭཱཧཱ། ཞེས་ལན་གསུམ་གྱིས་འབུལ་བ་ནི་བྱོན་ཟན་ནོ། །ཛཿཧཱུཾ་བཾ་ཧོ། སླར་གནས་གསུམ་བྱིན་རླབས་དང༌།


TNT07_Page_0964
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཆ་འགོད་པ་སྔར་བཞིན་ནོ། །ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། དབང་གི་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཕཻཾ། ཨོཾ་བཛྲ་ས་མཱ་ཛཿ ཉེར་སྤྱོད་ལྔས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷའི་ཐུགས་ཀ་ནས། སྒོ་མཚམས་མ་བརྒྱད་སྤྲུལ་ཏེ། དབང་བསྐུར་བའི་དགོངས་པ་མཛད་ཧེ་རུ་ཀའི་ཡིག་བརྒྱའི་མཐར་གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་དང༌། མཁའ་འགྲོ་མ་བཞིའི་སྙིང་པོ་བརྗོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུཾ། ཡང་སྒོ་མཚམས་མ་བརྒྱད་ཀྱི་སྔགས་ཀྱི་མཐར། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཤིང་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས། མཁའ་འགྲོ་མ་བཞིས་དབུ་རྒྱན། ཨོཾ་པ་དྲ་ལཾ་པ་ཨབྷི་ཥིཉྩ་བཛྲ་ཏུཥྟྱ། ཨོཾ་རཏྣ་མཱ་ལ་ཨབྷི་ཥིཉྩ་ཏྲཾ། སྔར་བཞིན་བསངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ། སྲུང་བ་དང་གཙང་བྱེད་དམ་པ་ནུས་པ་ཕུལ་དུ་ཕྱིན་པར་གྱུར། ཨོཾ་བཛྲ་ས་ཏྭ་ཨ། ལན་བརྒྱད་བརྗོད་ལ་ཀུ་ཤ་བཀྲམས་པར་བསམ་ལ། ཨོཾ་ཀུ་ཤ་འདི་ནི་བཟང་ཞིང་དགེ །ཚངས་པ་ཡི་ནི་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ས་ལ་སྐྱེས་པའི་སྙིང་པོ་མཆོག །ཅེས་པའི་ཀུ་ཤ་ཕུལ། འདིས་བདག་ཅག་འཁོར་བཅས་ལ་གེགས་མེད་ཅིང་ཞི་བར་མཛོད་ཅིག་སྭཱཧཱ། སུམ་བྷ་ལན་བརྒྱད་བརྗོད་ཅིང༌། མདའི་དྲ་བས་མཛེས་ཤིང༌། མེ་ལོང་གི་ཕྲེང་བ་ལ་སོགས་པས་ཡོངས་སུ་བསྐོར་བར་གྱུར། ཞེས་


TNT07_Page_0965
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། མདའ་དྲ་སོགས་བཅིངས་པར་བསམ། མེ་ལྷའི་ཞལ་དང་དགང་བླུགས་ཀྱི་རྩེ་མོར། ཨོཾ་ཨོཾ་ཨོཾ་ཌཱ་ཀི་ནི་ཛི་ན་ཛི་ཀ་སྭཱཧཱ། ཞེས་ལན་གཅིག་བརྗོད། གོང་གི་བྱོན་ཟན་འབུལ་བའི་སྐབས་ལྟར། ཨོཾ་ཨགྣ། དགང་གཟར་ལན་གསུམ་གྱིས་བཀང་ལ། ཨཽཾ་ཧེ་རུ་ཀ་མཧཱ་བཛྲ་པཱ་པ་ཀ་ཨགྣ་ཡེ་སྟྭཾ། ཞེས་ལན་གསུམ་ཕུལ། སྐབས་འདིར་མེ་བཀྲ་བརྟག ངན་ན་བགེགས་སྐྲད། མཆོད་ཡོན་གྱིས་སྣོད་བཟུང་སྟེ། ཨོཾ་ཧེ་རུ་ཀ་མཧཱ་བཛྲ་པཱ་པ་ཀ་ཨགྣ་ཡེ་པྲ་བར་སརྐ་ར་པྲ་ཏཱིཙྪ་སྭཱཧཱ། ཞེས་མཆོད་ཡོན་དང་པོ་དང༌། ཨོཾ་ཨི་མཾ་ཨརྒྷཾ་མ་ཡ་དད་ཏཾ། གྲྀཧྞ་སིད་དྷི་མྨེ་པྲ་ཡཙྪ་ཡེ་སྭཱཧཱ། གཉིས་པ་དང༌། ཨོཾ་ཨི་མཾ་པདྱཾ་མས་ཡ་དད་ཏཾ། གྲྀཧྞ་སིད་དྷི་མྨེ་པྲ་ཡཙྪ་ཡེ་སྭཱཧཱ། ཞབས་བསིལ། ཨོཾ་ཧེ་རུ་ཀ་མཧཱ་བཛྲ་པཱ་པ་ཀ་ཨགྷ་ཡེ་ས་པ་རི་ཝ་ར་པུཥྤེ། ནས། ཤཔྟའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུཾ། ནང་མཆོད་འབུལ། རྡོ་རྗེ་དྲིལ་བུ་འཛིན་པས། ཚངས་དབང་འཇིག་རྟེན་མགོན་གྱི་སྲས། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གི་སྐུ་སྤྲུལ་པ། །རིགས་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་བསྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་ཆིབས། །རིགས་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩི་བཅུད་ལྡན་གནྡྷེ་བསྣམས། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་


TNT07_Page_0966
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཤེས་རབ་ཆེན་པོ་བདག་མེད་ཐུགས་ཆུད་ཅིང༌། །ཐུགས་རྗེ་ཆེན་པོས་འགྲོ་བ་ཀུན་སྒྲོལ་ཡང༌། །ཐབས་ལ་མཁས་པས་དྲང་སྲོང་ཆ་ལུགས་འཛིན། །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་སྩོལ་བ། །རང་གཞན་དོན་སྦྱོར་ས་ལ་བཞུགས། །ཚངས་སྲས་མཆོག་ལ་ཕྱག་འཚལ་ལོ། །ཞེས་པའི་བསྟོད། བསྲེག་རྫས་ཐམས་ཅད་ལ་བསངས་ཆུ་གཏོར་ཏེ། ཨོཾ་སྭཱཧཱ། ལན་མང་དུ་བརྗོད། དེ་ནས་ཡམ་ཤིང་འབུལ་ཞིང༌། ཨོཾ་ཧེ་རུ་ཀ་མཧཱ་བཛྲ་པཱ་པ་ཀ་ཨགྣ་ཡེ། ཞེས་པ་ནི་ལྷ་སྔགས། ཨོཾ་བཛྲ་ཛྭ་ལ་ཡེ་སྭཱཧཱ། ཡམ་ཤིང་གི་རྫས་སྔགས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སརྦ་པ་པཾ་ཤིནྟཾ་ཀུ་རུ་སྭཱཧཱ། ལས་སྔགས་ཏེ། དལ་བའི་ཚེ་གསུམ་ཆར་སྒྲགས་པ་ཉེར་གཅིག་ལ་སོགས་པའི་ཕུལ། བསྡུ་ན་ལྷ་སྔགས་དང༌། ལས་སྔགས་ལན་གཅིག་གིས་བར་དུ། རྫས་སྔགས་ཀྱི་མཐར་སྭཱཧཱ་སྦྱར་བ། བདུན་ནམ་ཉེར་གཅིག་ཕུལ། རྫས་སྔགས་སོ་སོའི་ཁྱད་པར་མ་བཏོགས་འོག་མ་རྣམས་ལ་འདིའི་རིགས་འགྲེ་བར་བྱས་ཏེ། སོ་སོའི་རྫས་སྔགས་ནི། ཨོཾ་ཨགྣ་ཡེ་སྭཱཧཱས་མར་ཁུའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱས་ཏིལ། ཨོཾ་ཧེ་རུ་ཀ་མཧཱ་བཛྲ་ཨགྣ་ཡེ་སྭཱཧཱས་འབྲས་ཆན། ཨོཾ་སརྦ་ས་པོ་ཏེ་སྭཱཧཱས་ཟས་མཆོགཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱས་དུར་བ། ཨོཾ་མི་ཧཱ་བེ་ག་ཡེ་སྭཱཧཱས་ནས། ཨོཾ་བཛྲ་གྣསྨི་རི་ཡེ་སྭཱཧཱས་གྲོ། ཨོཾ་བཛྲ་བི་ཛ་ཡེ་སྭཱཧཱ། སོ་བ་ལ་སོགས་པའི་འབྲུ་སྣ་ཚོགས། ཨོཾ་བཛྲ་


TNT07_Page_0967
[མ་དཔེ་གཟིགས་ན་འདིར་གནོན།]

པུཥྤེ་ཡེ་སྭཱཧཱས་འབྲས། ཨོཾ་མཧཱ་བ་ལ་ཡེ་སྭཱཧཱས་སྲན་མ། ཨོཾ་མཧཱ་ཤྲི་ཕ་ལ་དྷ་ནི་སྭཱཧཱས་འཛའ་ཏི་ལ་སོགས་པའི་འབྲས་བུ་རྣམས། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱཧཱས་ཀུ་ཤ་རྣམས་འབུལ་མར་ཁུ་བླུགས་གཟར་དང༌། གཞན་རྣམས་ལག་པ་གཡོན་པའི་མཐེབ་སྲིན་གྱིས་ཁ་གྱེན་དུ་བསྟན་པས་འབུལ། ཉེར་གཅིག་སོགས་མང་ཉུང་ལོང་སྐབས་དང་སྦྱར། དེ་ནས་གོང་བཞིན་ཕྱི་མཆོད་ནང་མཆོད། ཤེས་རབ་ཆེན་པོ་བདག་མེད་ཐུགས་ཆུད་ཅིང༌། སོགས་དང༌། གཟི་བརྗིད་ཆེན་པོ་མེ་ཡེ་ལྷ། ཞེས་པ་ཡན་ཆད་ཀྱིས་བསྟོད། ཨོཾ་ཧེ་རུ་ཀ་ཛྭ་ལ་ཛྭ་ལ་ཧཱུཾ་ཧཱུཾ་ཞེས་བརྗོད། མར་ཁུ་དགང་བླུགས་རྐྱང་བ་གང་ཕུལ་ནས། མེ་ལྷ་ཐུགས་ཀྱི་དཀྱིལ་འཁོར་དང་བཅས་པ་འབར་བའི་རྣམ་པ་ཅན་དུ་གྱུར། དེ་ནས་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི། མཆོད་རྫས། བསྲེགས་རྫས་རྣམས་ཁ་གསོས་ལ་མེ་དང་བཅས་པ་ཐམས་ཅད་གོང་བཞིན་བསངས་སྦྱངས། མཆོད་པ་དང་བསྲེགས་རྫས་བྱིན་གྱིས་རླབས་པའི་སྔགས་རྣམས་གོང་བཞིན་བརྗོད། སྟོང་པའི་ངང་ལས་མེ་ནང་དུ་སྲུང་བའི་འཁོར་ལོ་ཡོངས་སུ་རྫོགས་པར་གྱུར། ཨོཾ་མེ་དྷི་ནི་བཛྲ་བྷ་ཝ་བྷནྡ་ཧཱུཾ། ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་ལཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་པཾ་ཧཱུཾ། ཨོཾ་བཛྲ་བི་ཏ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛྭ་ལ་དྲི་སཾ་དྲཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ཨརྐ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་སྔགས་དྲུག་པོ་ལན་གསུམ་བརྗོད། སྲུང་བའི་འཁོར་ལོའི་ནང་དུ་ཨེ་ལས༴ ཞེས་པ་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ལྷ་ཚོགས་ཡོངས་སུ་རྫོགས་པར་གྱུར་པ་ནི། དབུས་སུ་གདན་གྱི་སྟེང་དུ་བཅོམ་ལྡན་འདས་འཁོར་ལོ་


TNT07_Page_0968
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་སྐུ་མདོག་སྔོན་པོ༴ ནས། རྡོ་རྗེའི་ཕྲེང་བའི་མཚན་པའོའི་བར་མངལ་དཀྱིལ་བཞིན་བསྐྱེད། དུར་ཁྲོད་ཆེན་པོར་ཤར་དུ་ཚངས་པ། བྱང་དུ་གཞོན་ནུ་ཀརྟི་ཀ ནུབ་ཏུ་ཁྱབ་འཇུག ལྷོར་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པ་འཁོད་པར་གྱུར། རང་གི་སྙིང་ག༴ ཞེས་པ་ནས། དེ་ནས་ཕཻཾ་ཞེས་པའི་བར་དཀྱིལ་འཁོར་རྒྱལ་མཆོག་བཞིན། ཨོཾ་བཛྲ་ཧེ་རུ་ཀ་ཨེ་ཧྱ་ཧི། བྷ་ག་ཝན་ཨི་ཧ་ཝ་ཀྱ་ས་མ་ཡེ་ན་ཙ་པཉྩ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏཱིཙྪ་སྟྭཾ་པུ་ཛ་པྲ་ཝ་ར་ཡ་མི། དཀྱིལ་འཁོར་རྒྱལ་མཆོག་ལྟར་ཕྱི་མཆོད་འབུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བྷ་ར་མཎྜ་ལ་ལ་ཙཀྲ་སརྦ་བི་ར་ཡོ་གི་ནི། ཨོཾ་ཨགྣེ་ཡེ་སྭཱཧཱ། ལན་བདུན་གྱིས་བཀང་ལ། ཨ་དི་བྱ། སོགས་ཀྱིས་སྔགས་སྦྱར་ནས་གོང་ལྟར་བྱོན་ཟན་འབུལ། ཛཿཧཱུཾ་བཾ་ཧོཿ ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ་྅་ཧཾ། གཙོ་བོ་ཡབ་ཡུམ་ཀྱི་གནས་རྣམས་སུ་སྙིང་གར་ཨོཾ་ཨོཾ་ཧ་ནས་བརླར་ཧ་ལྗང་ཁུ་ནས་དོན་ཡོད་གྲུབ་པའི་ངོ་བོའི་བར། འཁོར་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སླར་ཡང༌། ནས། དབང་ལྷ་སྤྱན་འདྲེན༴ ནས། དམ་ཚིག་འཁོར་ལོ་པ་རྣམས་ལ་དོན་ཡོད་གྲུབ་པའི་དབུ་རྒྱན། ཞེས་པས་བར་དབང་བསྐུར་ཡང་དཀྱིལ་འཁོར་རྒྱལ་མཆོག་བཞིན་བྱས་ལ། དར་དཔྱངས་དང༌། རིན་པོ་ཆེའི་ཕྲེང་བའི་སྔགས་གོང་བཞིན། ཨཽཾ་པ་ཏྲ་ལཾ་པ་ཨ་བྷི་ཥིཉྩ་བཛྲ་ཏུཥྟྱ། ཨོཾ་རཏྣ་མ་ལ་ཨ་བྷི་ཥིཉྩ་དྲཾ། ཞེས་བརྗོད། དེ་ནས་ལྷ་ཐམས་ཅད་སེམས་


TNT07_Page_0969
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སུམ་བརྩེགས་སུ་གྱུར། གཙོ་བོའི་ཏིང་ངེ་འཛིན་སེམས་དཔའི་ཐིག་ལེའི་ནང་དུ་དཀྱིལ་འཁོར་ཡོངས་སུ་རྫོགས་པ། ཕྱི་ནང་གི་ལྷ་ཐམས་ཅད་འོད་ཟེར་དཀར་པོ་འབར་བ་ཞི་བའི་ཐུགས་ཅན་དུ་གྱུར། དེ་ནས་སྤྲོ་ན་མདུན་བསྐྱེད་བཞིན་ནམ། བསྡུ་ན་དཀྱིལ་འཁོར་རྒྱལ་མཆོག་བཞིན་མཆོད་བསྟོད་རྫོགས་པར་བྱ། དེ་ནས་སྲེག་རྫས་འབུལ་ཚུལ། ལྷ་སྔགས་རྒྱས་པ་ནི་ལྷ་རང་རང་གི་རྩ་སྔགས་བརྗོད་པ་དང༌། འབྲིང་ལ་གཙོ་བོ་ཡབ་ཡུམ་ལ་རང་སྔགས་གཞན་རྣམས་ལ་ས་བོན། བསྡུས་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བྷ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནི། སོགས་སྦྱོར་ཚུལ་མང་དུ་གསུངས་ཀྱང་ཕྱག་ལེན་ལ་དང་པོ་ཡམ་ཤིང་ལ། རང་སྔགས་རྫོགས་པའི་ལྷ་སྔགས་ཀྱིས་རྗེས་སུ། ཨོཾ་བཛྲ་ཛྭ་ལ་ཡེ་སྭཱཧཱ། ཉེར་གཅིག་གིས་ཕུལ་ནས། ལས་སྔགས་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་སརྦ་པཱ་པཾ་ཤིནྟཾ་ཀུ་རུ་སྭཱཧཱ། སརྦ་བིགྷན། སརྦ་རོ་ཥ། སརྦ་དུཥྛ་ན། སརྦ་བྱཱ་ཧེ། སརྦ་ཛྭ་ར། སརྦ་གྲ་ཧེ། སརྦ་དུར་མི་ཏི། སརྦ་དུར་སོཔྣི། སརྦ་ཨ་ཀ་ལ་མྲྀ་དྱུར་ཤིནྟཾ་ཀུརུ། དེ་ནས་གོང་བཞིན་སྲེག་རྫས་ཚར་རེ་ལ་ལྷ་སྔགས་གཙོ་བོ་ཡབ་ཡུམ་གྱི་སྙིང་པོའམ། ཉེ་སྙིང་གང་རུང་གི་མཐར། རྫས་སྔགས་ཀྱི་གྲངས་ཉེར་གཅིག་སོགས་ཇི་ཙམ་འོས་པའི་འབུལ་ལ། མཇུག་ཏུ་ལས་སྔགས་གོང་བཞིན་ལན་རེ་རེ་བརྗོད། དེ་ནས་སླར་ཡང་གྲངས་ཀྱི་ངོ་བོ་ཏིལ་སྔགས་འབའ་ཞིག་ལ་གྲངས་འཛིན་པ་ཡིན་ནོ། །ཡང་ན་གྲངས་འཛིན་པའི་སྐབས་འདིར། ཨོཾ་ཤྲཱི་ཧེ་རུ་ཀ་བི་མ་ཧེ་བི་དྱ་རཱ་ཛ་དྷི་


TNT07_Page_0970
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡེ་བི་ར་པྲ་ཙོ་ཐ་ཡ་ཨཱཿཧཱུཾ་སྭཱཧཱ། ཞེས་པ་དབྱངས་སྐྱོང་གི་སྔགས་ཀྱིས་ཕུལ་ཡང་རུང་ངོ༌། །བསྲེག་རྫས་འབུལ་བ་རྫོགས་པ་དང༌། སྒྲུབ་ཐབས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་ལྟར་མཆོད་བསྟོད་བྱས་ལ། སྒྲུབ་ཐབས་ནས་འབྱུང་བ་ལྟར་ཡི་དམ། ཆོས་སྐྱོང་མཁའ་འགྲོ་སྤྱི་གཏོར་སོགས་གཏོར་མ་འབུལ་བར་བྱའོ། །དེ་ནས་བཀྲ་ཤིས་རྒྱས་བསྡུས་གང་རུང་བྱས་ལ། ཧེ་རུ་ཀའི་ཡིག་བརྒྱ་ལན་བདུན་ཙམ་བཟླས་ནས། ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ཡིག་བརྒྱའི་མཐར། ཨོཾ་ཧེ་རུ་ཀ་མུ། ཞེས་པས་ཡེ་ཤེས་པ་གཤེགས། སྦྱིན་སྲེག་གི་ཐལ་བ་ཅུང་ཟད་བླངས། རང་གི་གནས་གསུམ་དུ་བྱུགས་ལ། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་རྣམས་རང་ལ་ཐིམ། ཞེས་བརྗོད། དེ་དག་ནི་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པའི་ཆོ་གའོ། །གསུམ་པ་མཇུག་ནི། སླར་ཡང་མར་བླུག་གཟར་གང་ཕུལ་བའི་རྐྱེན་གྱིས། མེ་ལྷ་ཐུགས་དཀྱིལ་དང་བཅས་པ་སྔར་བཞིན་གྲུབ་པར་གྱུར། གོང་འཇིག་རྟེན་པའི་མེ་ལྷའི་སྐབས་ལྟར། སྲེག་རྫས་རྣམས་ཚར་གཅིག་རྫོགས་པར་ཕུལ་ལ། གོང་ལྟར་མཆོད་བསྟོད་བྱ། སླར་ཡང་སྔགས་བདུན་གྱིས་དགང་བླུགས་གང་ཕུལ། མེ་ལྷའི་གཏོར་མ་བསངས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ཨོཾ་ཧེ་རུ་ཀ་མཧཱ་བཛྲ་པཱ་པ་ཀ་ཨགྣ་ཡེ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱ་སོགས་ལན་གསུམ་གྱིས་ཕུལ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་པ་མགོན་གྱིས་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །


TNT07_Page_0971
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །མེ་ལྷ་དྲང་སྲོང་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱི་འདོད་དོན་གསོལ་འདེབས། ཨོཾ་ཨིནྡྲ་ཡེ་ནས། པྲྀ་ཐི་ཝི་དེ་ཝི་བྷྱཿ ཨོཾ་ཨ་ཀཱ་རོ་སོགས་ཀྱིས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་ཕུལ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་ཨཱཿཧཱུཾ་གི་ནང་མཆོད། ཧེ་རུ་ཀ་དཔལ་ཡེ་ཤེས་ནི། །གང་ལ་གང་འདུལ་ཐབས་སྤྲུལ་པ། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་རྣམས། །ཐོགས་མེད་ལས་ཀུན་མཛད་ལ་བསྟོད། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ༴ སོགས་ཀྱི་འཕྲིན་ལས་གཞོལ། སླར་ཡང་གཤེགས་སྐྱེམས་ཀྱི་ཚུལ་དུ། ཨོཾ་ཨགྣ་ཡེ་སྭཱཧཱ། ལན་བདུན་གྱིས་དགང་གཟར་བཀང་ལ། ཨོཾ་ཧེ་རུ་ཀ་སོགས་གོང་གི་སྔགས་དང་བཅས་པའི་མར་དགང་བླུགས་ལན་གསུམ་ཕུལ་ལ་ཡིག་བརྒྱ་ལན་གསུམ་བཟླས། མ་འབྱོར་བ་སོགས། སྤྱན་འདྲེན་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་ཕྱིར་བསྐྱེད་ལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་མཛད་ལགས་ཀྱི། །མགུ་ཞིང་ཚིམ་པར་གྱུར་ནས་ཀྱང༌། །རང་གནས་བདེ་བར་གཤེགས་སུ་གསོལ། །ཨོཾ་ཨགྣ་ཡེ་ཡ་ཧི་བཛྲ་མུཿ སྔར་ཕུར་གདབ་དངོས་སུ་ཕུར་བུ་བཅུ་དང་ལྔ་ལ་བརྟེན་ནས་བྱས་པ་ཡིན་ན། རང་རང་གི་ཕུར་པ་འབྱིན་སྔགས་དང་ཕྱག་རྒྱས་དབྱུང༌། ཡིད་ཀྱིས་བཏབ་པ་ཙམ་ལ་ནི་ཕུར་བ་དབྱུང་བར་བསམས་པ་ཙམ་ལས་སྔགས་དང་ཕྱག་རྒྱ་མི་དགོས་སོ། །དེ་ནས་བདག་ཉིད་གོ་ཆ་གསུམ་གྱིས་བསྲུངས་ནས། སྨོན་ལམ་དང་བཀྲ་ཤིས་སོགས་བྱའོ། །


TNT07_Page_0972
[མ་དཔེ་གཟིགས་ན་འདིར་གནོན།]

མེ་མ་ཤི་བར་མི་དཀྲུག་ཅིང༌། རང་ཤི་ལ་སོང་བ་ན་བུམ་པར་བླུག་ལ་ཆུ་བོར་སྤྱན་འདྲེན་པ། རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པ་དང་འདྲའོ། །དེ་དག་གི་ལག་ལེན་དང་མཐར་གཅོད་པ་ནི་གཞན་དང་གཞན་ལ་བལྟ་བར་བྱའོ། །དེ་རྣམས་ཀྱི་སྡོམ་ནི། ས་ཆོག་ཐབ་ཁུང་བཅའ་བ་དང༌། །ཡོ་བྱད་བསགས་ཤིང་བུམ་པ་སྒྲུབ། །གཏོར་མ་གནས་ཡོ་བྱིན་རླབས་དང༌། །བདག་བསྐྱེད་ཆུ་གཉིས་སྒྲུབ་པ་དང༌། །རྫས་བྱིན་རླབས་ཤིང་མེ་སྦར་ཞིང༌། །ཐབ་ཁུང་མེ་ལྷ་ཕྱི་ནང་བསྐྱེད། །བྱིན་རླབས་སྤྱན་འདྲེན་གདན་ཕུལ་མཆོད། །བྱོན་ཟན་ཕུལ་སྟིམ་གོ་ཆ་དགོད། །དབང་བསྐུར་ཀུ་ཤ་མདའ་དྲང་བཅིངས། །མེ་བཀྲ་བརྟག་ཅིང་མཆོད་བསྟོད་བྱ། །བསྲེག་རྫས་མཆོད་བསྟོད་དགང་བླུགས་ཕུལ། །བསངས་སྦྱངས་བྱིན་རླབས་སྲུང་འཁོར་དང༌། །གཞལ་མེད་ཁང་དང་ལྷ་ཚོགས་བསྐྱེད། །སྤྱན་འདྲེན་མཆོད་བསྟོད་བྱོན་ཟན་འབུལ། །གོ་ཆ་བཅིངས་ནས་དབང་བསྐུར་བྱ། །སེམས་དཔའ་སུམ་བརྩེགས་ཞི་བའི་གཟུགས། །མཆོད་བསྟོད་བསྲེགས་རྫས་མཆོད་བསྟོད་འབུལ། །ཤིས་བརྗོད་ཡིག་བརྒྱ་བཟོད་པར་གསོལ། །གཤེགས་གསོལ་དམ་ཚིག་ཉེ་བར་བསྡུ། །དགང་བླུགས་བསྲེགས་རྫས་མཆོད་བསྟོད་དང༌། །དགང་བླུགས་མེ་ལྷ་ཕྱོགས་སྐྱོང་གི །གཏོར་འབུལ་གཤེགས་སྐྱེམས་ཁ་སྐོང་དང༌། །བཟོད་གསོལ་གཤེགས་གསོལ་ཕུར་བུ་དབྱུང༌། །ཉེར་བསྡུ་སྨོན་ལམ་བཀྲ་ཤིས་བྱ། །ཐལ་བ་ཆུ་བོར་སྤྱན་འདྲེན་ཏེ། །སྦྱིན་སྲེགས་ལས་ཀྱི་སྤྱི་སྡོམ་ཡིན། །དེ་ལྟར་མཆོག་དང་ཐུན་མོང་དངོས་གྲུབ་དོན། །མཐའ་དག་འཕྲིན་ལས་ཉེ་བར་སྒྲུབ་པའི་གཞི། །བསྲེགས་བླུགས་ཆོ་ག་མ་ནོར་སྐྱོན་བྲལ་བ། །མདོ་ཙམ་གོ་བདེའི་ངག་གིས་འདིར་


TNT07_Page_0973
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བྱས། །འདི་བྲིས་དགེ་བའི་འགྲོ་བ་ཀུན། །སྔགས་རྒྱུད་སྦྱོར་བ་མཐར་ཕྱིན་ཏེ། །རྡོ་རྗེ་འཛིན་པའི་ས་གྲུབ་ནས། །དོན་གཉིས་ཕུན་སུམ་ཚོགས་པར་ཤོག། དཔལ་འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ཆོ་ག་མདོར་བསྡུས་པ་དངོས་གྲུབ་སྙེ་མ་ཞེས་བྱ་བ། དོན་གཉེར་མང་པོའི་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་བརྒྱད་པ་ལ་ཆོས་འཁོར་སྡིངས་སུ་ཉེ་བར་སྦྱར་བའོ། །ཞུས་དག།མངྒ་ལཾ།། །།དགེའོ་དགེའོ་དགེའོ།། །།


TNT07_Page_0974
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

མཁའ་འགྲོའི་སྤྱི་གཏོར་རྒྱས་པ།


TNT07_Page_0975
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་སྤྱི་གཏོར་རྒྱས་པ་བཞུགས།


TNT07_Page_0976
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་ལ་བརྩོན་པ་རྣམས་ཀྱིས་མཁའ་འགྲོ་ཐམས་ཅད་པའི་གཏོར་མ་ཆེན་པོ་བྱེད་པར་འདོད་པས། རྩ་རྒྱུད་ཀྱི་དཀྱིལ་འཁོར་དང་འབྲེལ་ན། དཔལ་རྡོ་རྗེ་མཁའ་འགྲོ་ལས་འབྱུང་བའི་ལུགས་འདི་བྱ་སྟེ། ལཱུ་དྲིལ་ནག་གསུམ་སོགས་ཀུན་དང༌། ཁྱད་པར་དུ་ཡང་ནག་པོ་སྤྱོད་པ་པའི་ལུགས་དང་ཤིན་ཏུ་འབྲེལ་བ་ཡིན་ནོ། །དེ་ཡང་རས་བྲིས་ཀྱི་དཀྱིལ་འཁོར་བྱ་བའམ་རྡུལ་ཚོན་ནམ་ཆུ་ཚོན་གྱིས་ཆོས་འབྱུང་གི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་རིམ་པ་གསུམ། ཟླུམ་སྐོར་རིམ་པ་གསུམ་ལེ་ཚེ་ཉི་ཤུ་རྩ་བཞི་པ་བྱས་ཀྱང་རུང༌། ཟླུམ་སྐོར་ནང་མའི་དབུས་སུ་རེ་མིག་དགུར་བྱ། དབུས་སུ་དྲི་བཟང་དང་ཁྲག་གིས་ཟླུམ་པོར་བྱ། རེ་མིག་བརྒྱད་ལ་ལྷའི་མདོག་དང་མཐུན་པའམ། སྔོན་པོ་ལྟ་བུ་ཇི་ལྟར་འོས་པའི་ཚོམ་བུ་ལྔ་ལྔ་བཀོད། རེ་མིག་ཉི་ཤུ་རྩ་བཞི་ལ་ཡང་ཚོམ་བུ་གཉིས་


TNT07_Page_0977
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འགོད་དོ། །རྡུལ་མཚོན་གྱིས་བྲི་བ་མ་ལྕོགས་ན་ཁྲག་གམ་ཙནྡན་དམར་པོའི་མཎྜལ་ལམ། ཆོས་འབྱུང་གི་དབུས་སུ་མཎྜལ་ཕལ་པ་ཚོམ་བུ་ཙམ་བཀོད་པས་ཀྱང་རུང་ངོ༌། །རྒྱུན་གྱི་ཉམས་ལེན་ལ་ཤིན་ཏུ་བསྡུ་ན་ཏིང་ངེ་འཛིན་ཁོ་ནས་ཀྱང་རུང་བས། གཏོར་མའི་དཀྱིལ་འཁོར་ཀྱི་ཕྱི་རུ་འདུས་བྱས་པ་མེད་ཀྱང་ཆོག་གོ །གཏོར་མ་གཅིག་ཁོ་ན་ཡིན་ན་མཎྜལ་གྱི་མདུན་དང༌། གཉིས་ཡོད་ན་འདས་གཏོར་མཎྜལ་གྱི་བྱང་ཤར་དང༌། འཇིག་རྟེན་པའི་གཏོར་མ་ཤར་ལྷོར་འགོད། བཞི་ཡོད་ན་ཕྱོགས་བཞི་དང༌། བརྒྱད་ཡོད་ན་ཕྱོགས་མཚམས་དང༌། ལྷ་གྲངས་དང་མཉམ་པ་ཡོད་ན་དེའི་རིམ་པས་འགོད་དོ། །མཆོད་ཡོན་མདུན་དང་མཆོད་པ་གཞན་རྣམས་གཡས་གཡོན་དུ་བཤམས། སྒྲུབ་ཐབས་ལས་འབྱུང་བའི་མཆོད་པ་བྱིན་རླབས་དང༌། གཏོར་མ་བྱིན་རླབས་དང༌། དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་འདྲེན་པ་


TNT07_Page_0978
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བྱས་ལ། ཨོཾ་བཛྲ་ཌཱ་ཀ་ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། ཨོཾ་ཛཿཧཱུཾ་བཾ་ཧོ་ས་མ་སྟྭཾ་དྲྀ་ཤྱ་ཧོཿ ཞེས་ལན་ལྔ་དང༌། ཨོཾ་ཀ་ར་ཀ་ར༴ སོགས་ལན་གསུམ་གྱིས་ཕུལ། རྡོ་རྗེ་མཁའ་འགྲོའི་དངོས་བསྟན་ལ། ཀྵྨཾ་ཀྵྨཾ། དང་པོར་བྱས་པའི་སྔགས་དེ་ཡོད་ཀྱང༌། རྩ་རྒྱུད་ཀྱི་དཀྱིལ་འཁོར་ལ་སྦྱོར་བའི་ཚེ་དཀྱུས་བཞིན་མཛད་དོ། །ཨརྒྷཾ། ལ་སོགས་པ་དང༌། ནང་མཆོད་དང༌། ཨོཾ་བཱི་ནི་བཛྲ་ཎི་ཧཱུཾ་ཧཱུཾ་ཕཊ། སོགས་རིག་མ་བཅུ་དྲུག་གིས་མཆོད། རྐང་བརྒྱུད་ཀྱི་བསྟོད་པ་དང༌། སྲིད་དང་ཞི་བ། སོགས་ཀྱིས་གསོལ་བ་གདབ། མཎྜལ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་བསྲུང་འཁོར་གྱི་དབུས་སུ། ཧཱུཾ་རྣམས་ལས་བྱུང་བའི་འཇིག་རྟེན་སྐྱོང་བ། ཀྵེ་ཏྲ་པཱ་ལ་བརྒྱད་མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་བཅས་པ་དང༌། ཀྵེཾ་རྣམས་ལས་བྱུང་བའི་གནས་བསྲུང་ཞིང་སྐྱོང་ཉི་ཤུ་རྩ་བཞི་རྣམས་འཁོར་དང་བཅས་པ་གྲུབ་པར་གྱུར། རང་གི་སྙིང་ག་ནས་སྤྲོས་པའི་འོད་ཟེར་གྱིས་ཞིང་སྐྱོང་འཁོར་དང་བཅས་པ་ཕེཾ། ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང༌། །རི་དང་བྲག་དང་ཕུག་གི་ས། །ཡུལ་གྱི་འདབས་དང་ལམ་དང་。ཞིང༌། །ཁྱད་པར་དུ་ནི་ཁང་སྟོང་དང༌། །སྣོད་དང་ཐང་དང་ས་སྟོང་དང༌། །ཁྱད་པར་ཆུ་ལ་གནས་པ་ཡི། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷས་སྦྱིན་མཉམ་དུ་བརྟེན་པ་དང༌། །ནག་པོ་གཙིགས་དང་འཇིགས་བྱེད་དང༌། །དགའ་ལས་འདས་དང་ལོག་འདྲེན་རྣམས། །རྒན་བྱད་མ་དང་དྲག་མོ་དང༌། །འཇིགས་


TNT07_Page_0979
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལྷ་མོ་ཨུ་མས་བསྟོད། །རྒྱལ་དང་རྣམ་པར་རྒྱལ་ཉིད་དང༌། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་སྟེ་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡང་དང་འཕྱང་བ་མོ། །བཅུ་གསུམ་དབང་ཕྱུག་མ་དང་ནི། །འཕྲོག་བྱེད་མ་དང་མར་མེ་མ། །འཇིབ་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་ཅན་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཅན་མ། །ཐོད་ཕྲེང་ཕྲེང་ཅན་ཁ་ཊྭཱཾ་མ། །སྦྲུལ་ཆེན་རལ་གྲི་དགྲ་སྟྭ་ཅན། །རྡོ་རྗེ་དེ་བཞིན་གཞུ་ཅན་མ། །མཁའ་འགྲོ་ལྔ་ཡི་དེ་ཉིད་ཆེ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་པོ་ཆེ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ཏེ། །རྡུལ་མེད་རྣལ་འབྱོར་འབྱིན་པ་མོ། །རྡོ་རྗེ་དབང་མོའི་བཀའ་འདི་ཡིས། །ཐམས་ཅད་ཀུན་ནས་འདིར་སྤྱོན་ཅིག །ཨོཾ་ཀཀྐ་དྷ་ན། བབྦྷནྡྷ་ན། ཁཁྑ་ད་ན། སརྦ་དུཥྟཿནཾ་ཧ་ན་ཧ་ན། གྷ་གྷ་གྷ་ཏ་ན། ཆེ་གེ་མོ། ཤིནྟཾ་ཀུ་རུ་ཧཱུཾཧཱུཾ་ཕཊ་ཕཊ་ཛཿསྭཱཧཱ། ཞེས་སྤྱན་དྲངས། སོ་སོའི་གདན་ལ་འཁོད་པ་ནི། དབང་ལྡན་དུ་ནག་པོ་དྲག་པོ་སྐུ་མདོག་དཀར་བ། རྩེ་གསུམ་དང་ཐོད་ཁྲག་འཛིན་པ། རྒན་བྱད་མ་ལ་སོགས་པ་བཞིས་བསྐོར་བ། ཤར་དུ་དྲག་པོ་ཆེན་པོ་སེར་པོ་གླང་པོ་ཆེ་ལ་ཞོན་པ། རྡོ་རྗེ་དང་གདན་ལ་གནོན་པ། རྒྱལ་མ་ལ་སོགས་པ་


TNT07_Page_0980
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་བསྐོར་བ། མེར་ལྷས་སྦྱིན་དམར་པོ་ར་སྐྱེས་ལ་ཞོན་པ། ཧོམ་གཟར་དང༌། དབྱུག་གུ་གསུམ་པ་དང༌། བ་དན་དང༌། སྤྱི་བླུགས་འཛིན་པ། ནག་མོ་བཟང་མོ་ལ་སོགས་པ་བཞིས་བསྐོར་བ། ལྷོར་ནག་པོ་སྔོན་པོ་མ་ཧེ་ལ་ཞོན་པ། དབྱུག་པ་དང་མདུང་འཛིན་པ། ཟླ་བ་མོ་ལ་སོགས་པ་བཞིས་བསྐོར་བ། ལྷོ་ནུབ་གཙིགས་བྱེད་སྔོ་ནག་མི་རོ་ལ་ཞོན་པ། རལ་གྲི་དང་ཕུབ་ཆུང་འཛིན་པ། མར་མེ་ལ་སོགས་པ་བཞིས་བསྐོར་བ། ནུབ་ཏུ་མི་སྡུག་པ་དཀར་པོ་ཆུ་སྲིན་ལ་ཞོན་པ། ཞགས་པ་ཐོགས་པ། དྲག་མོའི་གཟུགས་ལ་སོགས་པ་བཞིས་བསྐོར་བ། རླུང་དུ་དགའ་བ་ལས་འདས་པ་ནག་པོ་རི་དྭགས་ལ་ཞོན་པ། བ་དན་ཐོགས་པ། ཐོད་ཕྲེང་མ་ལ་སོགས་པ་བཞིས་བསྐོར་བ། བྱང་དུ་ལོག་འདྲེན་སེར་པོ་གནོད་སྦྱིན་མིའི་གཟུགས་ཅན་ལ་ཞོན་པ། ལྕགས་ཀྱུ་དང་རིན་པོ་ཆེའི་དབྱུག་པ་འཛིན་པ། རལ་གྲི་མ་ལ་སོགས་པ་བཞིས་བསྐོར་བ། གཙོ་བོ་བརྒྱད་པོ་རྣམས་ནི་རང་མཚུངས་ཀྱི་ཡུམ་གྱིས་འཁྱུད་པ། ཕྱག་བཞིའི་འོག་མ་གཉིས་སྤྱི་བོར་ཐལ་མོ་སྦྱར་བས་བཅོམ་ལྡན་འདས་ལ་འདུད་པ། འཁོར་རྣམས་ཐམས་ཅད་རང་རང་གི་གཙོ་བོ་དང་འདྲ་བ་ལས། རལ་གྲི་མ་ལ་སོགས་པ་བཞི་དང༌། ཁ་ཊྭཱཾ་མ་ནི་མིང་དང་མཐུན་པའི་ཕྱག་མཚན་ཅན་དང༌། གཞུ་ཅན་མ་སྙིང་གར་འཁྱུད་རྒྱ་མཛད་པའོ། །དེའི་ཕྱི་རོལ་ཡུལ་ཉི་ཤུ་རྩ་བཞིའི་ངོ་བོ་ཁོར་ཡུག་གསུམ་ལ་ཕྱོགས་གཡོན་བསྐོར་དང་


TNT07_Page_0981
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་གཡས་སྐོར་གྱིས་གནས་པ་ནི། དྲག་ཏུ་རྒོད་པར་ཤིང་མཆོག་ཀ་དམ་པ། ཞིང་[འགོས་འགྱུར་དུ། ཡུམ་ཞི་གདོང་དང༌། ཡབ་དྲིལ་ཆེན་དུའང་བཤད།] སྐྱོང་ཞི་གདོང་དྲིལ་བུ་ཆེན་མོར་བཅས། །རྡོ་རྗེ་འཛིན་ཞིང་འཁོར་ལོའི་གདན་ལ་གནས། །ཀོལླ་གི་རིར་རི་རྩེ་ལ་བརྟེན་པའི། །ཞིང་སྐྱོང་མེ་ཞལ་དཔལ་ཆེན་མོ་དང་བཅས། །མི་མགོ་འཛིན་ཞིང་མི་རོའི་གདན་ལ་གནས། །བྷ་ར་ཎ་ཡུལ་ཏཱ་ལའི་ཤིང་ལ་བརྟེན། གཙིགས་[བདེ་བྱེད་མ་དང་སྒྲ་བྱེན་ཟེར།]པ་ཆེན་པོ་སྐྲ་གྱེན་འབར་མར་བཅས། རྩེ་གསུམ་[གཡས་པའི་མཚོན་ཆ་ཟེར།] འཛིན་ཞིང་སིདྡྷི། སིམྦ་ཊི[དངུལ་ཆུའི་གང་བའི་སྣོད།]།དེ་ཝི་ཀོ་ཊི་ར་ཤིང་མཆོག་བཱ་ཊ་ལ། །ལུས་[རྒྱུ་ཅན་ཡང་ཟེར།]ཆེན་པོ་ནི་རྣ་བ་ཆེན་མོར་བཅས། །མདུང་ཐུང་འཛིན་ཞིང་ཡི་དྭགས་གདན་ལ་བཞུགས། །བི་ར་ཛ་ར་ནི་ཨ་མྲ་ལ་བརྟེན་པའི། །ཧ་ཧར་[སྐད་དོད་ཨ་བྷི་ཡོད་ཟེར།]བཞད་པ་ཡུམ་ནི་མེ་འབར་མ། །བ་དན་འཛིན་ཞིང་ཤིང་ལེབ་ལ་གནས་པའོ། །ཨེ་རུཾ་ཌ་རུ་ཀཾརྞྞའི་ཤིང་གི་དྲུང༌། །དྲིལ་བུའི་སྒྲ་ཅན་མེ་ཡི་གདོང་མ་གཉིས། །རྡོ་རྗེ་ཤཀ་[འཕང་མདུང་ཟེར།]ཏི་འཛིན་ཞིང་ཕག་ལ་ཞོན། །སེར་[ཏཏ་ཕུར།]སྐྱའི་གནས་སུ་ཤིང་མཆོག་ཛ་ཊི་[ཏི་ཟེར།]བྱིན་པ་ཆེན་པོ་དམར་སེར་མ་དང་བཅས། །གཏུན་ཤིང་འཛིན་ཞིང་ཡི་དྭགས་གདན་ལ་བཞུགས། །ཨེ་ལའི་གྲོང་དུ་ཨ་པ་ར་ཛི་ཏིའི་ཤིང༌། །གླང་པོའི་


TNT07_Page_0982
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་བ་སྟོབས་ཆེན་མ་དང་བཅས། །ཞགས་པ་ཐོགས་པས་བོང་བུའི་སྟེང་དུ་བཞུགས། ཁ་ཆེའི་ཡུལ་དུ་རི་བོ་ལ་བརྟེན་པའི། །འཇིགས་[སྦུ་གུའི་བྱིན་པ་ཅན་ཟེར་རྩ་བའི་བྱིན་ཅན་ཡང་ཟེར།]བྱེད་ཆེན་པོ་བ་ལང་རྣ་བ་མ། །ལག་ན་ལྕགས་སྒྲོགས་ནོར་སྦྱིན་གདན་ལ་བཞུགས། །མ་རུང་མྱ་ངམ་ཐང་ལ་བརྟེན་པ་ཡི། །གཙིགས་[རིམ་པ་མོ་ཡང་ཟེར།] པའི་ཞལ་ཅན་འཇིགས་ཞལ་[སྐད་དོད་ག་ཏ་ལ་ཟེར་བ་ཡོད་ཟེར།]མ་ལྷན་ཅིགལྕགས་ཀྱུ་ཞགས་པ་ཐོགས་ཤིང་མ་ཧེ་ཞོན། །སྤ་ཤིང་ལྡུམ་ར་ལ་བརྟེན་ན་ག་རར། །མཆེ་[སྤུའི་བྱིན་པ།] གཙིགས་ཆེན་པོ་རོ་ལངས་ཅན་མར་བཅས། །ཐོང་གཤོལ་འཛིན་ཞིང་མི་མགོའི་གདན་ལ་བཞུགས། །པུཎྜ་ཝེརྡྷར་ཨ་ཤྭད་ཐ་ཡི་དྲུང༌། །བུམ་པའི་འབྲས་བུ་ཅན་དང་ཙ་[ཀུམྦྷ་ཎྜི་ཟེར།]མུཎྜཱི་ཁ་ཊྭཱཾ་ག་འཛིན་མི་རོའི་གདན་ལ་འགྱིང༌། །ཛ་ཡནྟི་རུ་ཁང་པ་བརྩེགས་པ་ལ། །རལ་[འུག་གདོང་མ་]པ་གསུམ་པ་བཞིན་མཛེས་[བཞིན་དངས་མ་ཟེར།] མ་དང་བཅས། །ལུག་རྒྱུད་འཛིན་ཞིང་ཀེང་རུས་ལ་གནས་པ། པྲེ་ཏ་པུ་པྲཥྟ་པུ་ང་ཟེར་བའང་ཡོད། རི་ར་ཨུ་དཱུཾ་བ་ར་ལ། །འཇིགས་པར་བྱེད་པ་གློག་གི་[དྲིལ་བུའི་སྒྲ་ཟེར་འུག་གདོང་ཡང་ཟེར།] གདོང་མར་བཅས། །གཞལ་ཡས་ཁང་གནས་དབྱུག་པ་མདུང་ཐུང་འཛིན། །སུ་བ་རར་ནི་ཤལ་མ་ལི་ཡི་ནགས། །ཀུན་མཛེས་དང་ནི་མེ་ལྕེའི་གདོང་མ་གཉིས། །ཤ་ཆེན་ཕུང་པོར་གྲི་གུག་མདུང་


TNT07_Page_0983
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་འཛིན། །ཙཱ་རི་ཏྲ་རུ་ཀ་རཉྫ་ཤིང་ལ། །དྲིལ་བུ་ཆེན་པོ་ཀ་རཉྫར་གནས་མ། །མདུང་ཐུང་འཛིན་ཞིང་འཇམ་འབྲས་སྡོང་པོར་གནས། །ཨོ་ཊྱན་[ཨོ་ཏྲེ་ཡང་ཟེར།] ཡུལ་དུ་མྱ་ངན་མེད་པའི་ཤིང༌། །ཞིང་སྐྱོང་[དྲག་པོ་སྟོབས་ཆེན།] སྒྲ་ཅན་ཡུམ་ནི་ལྷ་ཆེན་མོ། །རྡོ་རྗེ་ལྕགས་སྒྲོག་འཛིན་ཞིང་འདྲེ་བདུད་མནན། །ཛ་ལན་དྷ་རར་གསེར་ཤིང་ལ་བརྟེན་པའི། །ཞིང་སྐྱོང་བསྐྱེད་[མིག་སྐྱེས་ཡང་ཟེར།] པ་ཞེས་བྱ་གཏུམ་མོར་བཅས། །གྲི་གུག་འཛིན་ཞིང་མི་[བདུད་མནན་པར་བྱས་ཀྱང་ཆོག]རོ་ཞབས་ཀྱིས་མནན། །ཀྵི་ར་ཀ་རུ་སཱ་ལའི་ཤིང་སྡོང་ལ། །རི་རབ་ཆེན་པོ་འཇིག་རྟེན་མ་མོར་བཅས། །རལ་གྲི་འཕྱར་ཞིང་མེ་དཔུང་ལ་གནས་པ། །མཱ་ཡ་པུ་རིར་ཤཱ་ཥོ་ཊ་ཤིང་དྲུང༌། །ཞིང་སྐྱོང་འཇིགས་པ་འདོད་པ་མོ་དང་བཅས། །མི་རོའི་ཕུང་པོར་རྡོ་རྗེ་ཤཀ་ཏི་འཛིན། །ཨམྦྲཻ་ཀ་ཡུལ་དེ་བ་[དྷཱ་དྲི་ཟེར།] ད་རུ་ལ། །བརྟུལ་ཞུགས་ཆེན་པོ་སྲུལ་མོ་དང་ལྷན་ཅིག།ཐོང་གཤོལ་ག་ཡ་[ག་དའི་དབྱུག་པ་ཟེར་ཐོར་བ་དང་དབྱུག་པའང་ཟེར།] འཛིན་ཞིང་སེང་གེ་ཞོན། །རྒྱལ་པོའི་ཁབ་ཏུ་ནེ་ལི[ད་ལི་ཀ་ཟེར་ལྷ་རྟེན་གྱི་ཤིང་གཅིག་ཡིན་ཟེར་]ཀེ་ཤིང་ལ། རྒ་བ་ཆེན་པོ་མི་སྡུག་མ་དང་བཅས། །རྡོ་རྗེ་ལྕགས་ཀྱུ་འཛིན་ཞིང་འཁོར་ལོར་གནས། །བོད་ཡུལ་བྲག་གི་ཕུག་ལ་བརྟེན་པ་ཡི། །ཞིང་སྐྱོང་ལོངས་སྤྱོད་ལྷན་ཅིག་སྐྱེས་མར་བཅས། །


TNT07_Page_0984
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྲིན་རྒྱལ་མཚན་འཛིན་ཞིང་ཡི་དྭགས་མནན། །མཱ་ལ་བར་ནི་སྦྲང་རྩིའི་ཤིང་གི་དྲུང༌། །སྣ་[སྐྱེས་པའི་ཟེར་]ཚོགས་དབང་ཕྱུག་དབང་བསྐུར་མ་དང་བཅས། །རོ་གདན་ལ་བཞུགས་རྡོ་རྗེ་ཐོ་བ་འཛིན། །ཀུན་ཀྱང་ལས་དང་མཐུན་པའི་ཉམས་འགྱུར་དང༌། །རྒྱན་དང་ན་བཟའ་ཁ་དོག་འོད་ཟེར་འབར། །ཡང་ན་ཕྱོགས་དང་མཐུན་པའི་ཁ་དོག་བཅས། །འབྱུང་པོའི་ཚོགས་རྣམས་ཀུན་གྱིས་བསྐོར་བར་འགྱུར། །ཡུལ་ཉི་ཤུ་རྩ་བཞིའི་བདག་ཉིད་འཁོར་ལོའི་རྩིབས་སམ་རེ་མིག་སོ་སོ་ལ་བཞུགས་པའོ། །ཨརྒྷཾ། ནས། ཤཔྟའི་བར་གྱིས་མཆོད། སུམྦྷའི་མཐར། ཨོཾ་སརྦ་ཀྵེ་ཏྲ་པཱ་ལ་ས་པ་རི་ཝ་ར་ས་མ་ཡ་སྟྭཾ། ཞེས་དམ་ལ་བཞག ཞིང་སྐྱོང་ཐམས་ཅད་ལ་ལྷན་ཅིག་ཏུ་གཏོར་མ་འབུལ་ཏེ། ལག་པ་གཡོན་གཏོར་སྣོད་སྙིང་གར་འཛིན་ཚུལ་དང༌། གཡས་སྡིགས་མཛུབ་གཏོར་མ་ལ་བསྟན་ཏེ། ཨོཾ་བྷ་ཀྵ་བྷ་ཀྵ་སརྦ་ཡོ་ག་ཡོ་གི་ཤྭ་རཱི་ཧཱུཾ་ཧཱུཾ་ཛཿསྭཱཧཱ། ཞེས་པ་བདུན་ལ་སོགས་པས་འབུལ། མན་རྙེ་ལས་འདི་ཡེ་ཤེས་དབང་ཕྱུག་མ་ཁོ་ནས་གཏོར་སྔགས་སུ་བཤད་པ་ནི་སཾ་པུ་ཊ་དང་རང་རྐང་གི་དབང་དུ་བྱས་པའོ། །ཨོཾ་བཛྲ་ཏིཥྛ་བྷ་ཀྵ་བྷ་ཀྵ་ཛཿསྭཱཧཱ། ཞེས་པས་ཀྱང་ལྷ་གྲངས་དང་མཉམ་པ་སོགས་ལན་མང་དུ་འབུལ་ཞིང༌། མཐར། ཨོཾ་ཁ་ཁ། ནས། ས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱའི་བར་མཁའ་འགྲོ་སྤྱི་གཏོར་གྱི་སྔགས་ལན་གསུམ་ནས་བདུན་གྱི་བར་དུ་ཕུལ། ཨརྒྷཾ། ནས། ཤཔྟའི་བར་གྱིས་ཕྱི་མཆོད་དང་འབྲུ་གསུམ་གྱི་ནང་མཆོད་ཕུལ། སྤྲོ་ན་ཞབས་བསིལ་ཕྱག་ཕྱིས་སོ་རྩི་སོགས་མཆོད་པ་གཞན་


TNT07_Page_0985
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མང་དུ་བསྟབས། གང་ལྟར་ཡང་མཐར་རོལ་མོའི་སྒྲ་དང་བཅས་ཏེ། ཨོཾ་ཤིང་གཅིག་དང་ནི། ནས། གོས་མེད་སྦྱོར་བ་སྐྱེད་བྱེད་མ། །རྡོ་རྗེ་དབང་མོ་འཁོར་དང་བཅས། །ཉི་ཤུ་རྩ་བཞིའི་ཞིང་རྣམས་ལ། །རབ་དགས་ཞིང་སྐྱོང་རིག་མར་བཅས། །བཞི་བཅུ་རྩ་བརྒྱད་འབྱུང་པོ་ཡི། །ཚོགས་དང་བཅས་པ་ཐམས་ཅད་དང༌། །ལྷའི་ཚོགས་རྣམས་མ་ལུས་དང་ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག།ཅེས་པའི་བར་བརྗོད། ལས་སོ་སོའི་དམིགས་བསལ་ཡོད་ན་ལས་ལ་བསྐུལ་བ་ཡང་བྱས་ཏེ་གཏོར་མ་ཕྱིར་བཏང་ངོ༌། །ཡིག་བརྒྱ་བཟླས། མ་འབྱོར་པ་དང༌། སོགས་བཟོད་པར་གསོལ། ཨོཾ་ཁྱོད་ཀྱིས་སེམས་ཅན། སོགས་ཀྱི་མཐར། གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་བཞགགཡས་ས་ལ་རེག་སྟེ། ཨོཾ་ཨཏྨ་ཏིཥྛ་ཧཱུཾ་སྭཱཧཱ། ཞེས་བརྗོད། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཿཡོ་ག་ཤུདྡྷོ་྅ཧཾ། རྣམ་ལྔ་འདོད་སྐོར་བྱ། ཨོཾ་སརྦ་དུཥྟ་གྲྀཧྞ་གྲྀཧྣ་གཙྪ་ཧཱུཾ་ཕཊ། བཛྲ་མུཿ ཞེས་འཇིག་རྟེན་པ་རྣམས་གཤེགས། དཀྱིལ་འཁོར་པ་བདག་ལ་བསྡུའོ། །དེ་ནས་བདག་བསྲུང་བ་དང༌། མཚམས་རྔམ་དང་བསྟོད་པ་རྣམས་བྱ་ཞིང༌། སྨོན་ལམ་གདབ། བཀྲ་ཤིས་ཀྱང་བྱའོ། །ཡང་ནག་པོ་དྲག་པོ་ལ་སོགས་པ་ཁོ་ན་བཀོད་ན། འཇིག་རྟེན་སྐྱོང་བའི་གཏོར་མ་ཞེས་བྱ་ཞིང༌། ཞིང་སྐྱོང་ཉེར་བཞི་ཁོ་ན་བཀོད་ན་གནས་སྲུང་གིས་གཏོར་མ་ཞེས་བྱ་ལ། དེ་གཉིས་སྡོམ་པ་ནི། མཁའ་འགྲོ་སྤྱི་གཏོར་རྒྱས་པའམ། ཞིང་སྐྱོང་གི་གཏོར་ཆོག་ཆེན་མོ་ཞེས་བྱའོ། །ཡང་ཧཱུཾ་མཛད་འབྱུང་པོ་འདུལ་བ་གཙོ་བོར་


TNT07_Page_0986
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་གཏོར་མའི་དཀྱིལ་འཁོར་རྒྱས་པ་འབྱུང་པོ་ཐམས་ཅད་པའི་གཏོར་ཆོག་ཆེན་པོར་གྲགས་པ་གཞན་ཡང་ཡོད་པ། རེ་ཞིག་འདིར་མ་བྲིས་ཏེ་ལོགས་སུ་འབྲི་བར་བྱའོ། །ཞེས་པ་དཔལ་འཁོར་ལོ་སྡོམ་པའི་ཆོ་གའི་ཡན་ལག་ཏུ་མཁོ་བ་འདི་ནི། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་འབྱུང་བ་ལྟར། གཏོར་ཆོག་མདོ་ཙམ་སྨོས་པ་སྟེ། འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ངེས་པར་བརྗོད་པའོ།། །།འདིར་སྔར་གྱི་གཏོར་དཔེ་དང་ངག་སྒྲོས་ཙམ་ལ་མ་བཞག་པར། རྡོ་རྗེ་མཁའ་འགྲོ་རྩ་འགྲེལ་འགྱུར་མི་གཅིག་པ་གསུམ་དང༌། མཁའ་འགྲོ་རྒྱ་མཚོའི་འདི་སྐོར་གྱི་རྩ་འགྲེལ་དང༌། མན་རྙེ་སོགས་ལ་ཞིབ་ཏུ་བརྟགས་ཏེ་ཞུས་དག་ཀྱང་བྱས་པའོ། །བཀྲ་ཤིས། དགེའོ། དགེའོ། དགེའོ།། །།

དཔལ་འཁོར་ལོ་སྡོམ་པའི་ཆོ་གའི་ཡན་ལག་འབྱུང་པོ་ཐམས་ཅད་པའི་གཏོར་ཆོག་ཆེན་མོ།


TNT07_Page_0987
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པའི་ཆོ་གའི་ཡན་ལག་འབྱུང་པོ་ཐམས་ཅད་པའི་གཏོར་ཆོག་ཆེན་མོ་བཞུགས།


TNT07_Page_0988
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲི་ཧེ་རུ་ཀ་མཎྜ་ལེ་བྷྱཿ འདིར་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་ལ་གནས་པ་དག་གིས། དཔལ་རྡོ་རྗེ་མཁའ་འགྲོ་དང་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་འབྱུང་བ་ལྟར། འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག་འདི་ཉིད་སྒྲུབ་པར་བྱའོ། །དེ་ལས་ནི་ལས་དང་དངོས་གྲུབ་ལ་སོགས་པ་འདོད་པའི་ཁྱད་པར་ཤིན་ཏུ་མང་པོ་དག་འགྲུབ་པར་འགྱུར་ཞིང༌། སྐྱེ་བོ་མང་པོ་དག་ལའང་མཆོག་ཏུ་ཕན་པ་ཡིན་ནོ། །དེ་ལ་དུས་ནི་རྒྱུན་གྱི་རྣལ་འབྱོར་དང་འབྲེལ་ན། ཐུན་སོ་སོའི་འཇུག་གི་ཆའམ། ལྷག་པར་མཆོག་ཏུ་བསྔགས་པ་ནམ་ཕྱེད་ཀྱི་ཐུན་མཚམས་ལ་ཡིན་ཞིང༌། ཁྱད་པར་གྱི་དུས་ནི། དཔལ་མཁའ་འགྲོ་རྒྱ་མཚོ་ལས། ཚེས་བརྒྱད་དང་ནི་ཁྱད་པར་དུ། །བཅོ་ལྔ་དང་ནི་ཚེས་བཅུ་བཞིར། །གྲུབ་འདོད་རྣལ་འབྱོར་རྣམས་


TNT07_Page_0989
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི། །འབད་པའི་གཏོར་མ་སྦྱིན་པར་བྱ། །ཞེས་གསུངས་ཤིང༌། དེ་དག་ལ་ཡར་ངོ་དང་མར་ངོའི་དབྱེ་བས་དྲུག་དང༌། སྤྱིར་གཏོར་ཆོག་འདི་ཚེས་བཅུ་མཆོད་པའི་ཡན་ལག་ཡིན་པའི། ཚེས་བཅུ་རྣམ་པ་གཉིས་ཏེ། ཟླ་བ་གཅིག་གི་ནང་དུ་ཉི་མ་བརྒྱད་པོ་དེ་དག་སྔགས་ལ། ལོ་དུས་ཀྱི་དབང་ལྟར་ན་དགུན་ཟླ་འབྲིང་པོའི་ཚེས་བཅུ་ལ་ལྷག་པར་བསྔགས་སོ། །དེ་ཡང་རྩ་བའི་སྔགས་བཟླ་བཞིན་དུ། རྡོ་རྗེ་དང་བཅས་པའི་བ་དན་རྩེ་གསུམ་པའི་ཕྱག་རྒྱས་ནང་མཆོད་བླངས་ཏེ་ས་གཞི་ལ་བྱུགས་པའི་སྟེང་དུ། ཐིག་བཏབ་ནས་ཆོས་འབྱུང་བསྲུང་འཁོར་དང་བཅས་པ་སྒོམ་དོན་བཞིན། རྡུལ་ཚོན་གྱི་འབྲི་བའམ། རས་བྲིས་ཀྱི་དཀྱིལ་འཁོར་སོགས་ཡོད་ནའང་ལེགས་ལ། ཡང་ན་ཆོས་འབྱུང་གི་དབུས་སུ་ཟླུམ་བསྐོར་གསུམ། ལྟེ་བ་ལེ་ཚེ་


TNT07_Page_0990
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་དང་བཅས་པ་འབྲི་བའམ། དེ་ཡང་མ་གྲུབ་ན་ཆོས་འབྱུང་པདྨ་འདབ་བརྒྱད་དང་བཅས་པ་ཙམ་མོ། །ཡང་ན་ཐིག་བཏབ་ནས་ཚོམ་བུ་བཀོད་ཀྱང་རུང་ལ། ཡང་རས་བྲིས་མེད་ཅིང་རྡུལ་ཚོན་གྱིས་བྲི་བ་མི་ལྕོགས་ན། མཎྜལ་ལ་ནང་མཆོད་ཀྱིས་ཆོས་འབྱུང་བྲིས་པའི་དབུས་སུ། ལྷ་གྲངས་དང་མཉམ་པའི་མེ་ཏོག་གམ་འབྲུའི་ཚོམ་བུ་བཀོད་པས་ཀྱང་རུང་ངོ༌། །དེ་ནས་གཏོར་མ་གཅིག་གམ་གཉིས་སམ། འཁོར་ལོའི་གྲངས་དང་མཉམ་པའི་ལྔའམ། ལྷ་གྲངས་དང་མཉམ་པ་སོགས་ཤ་ཁྲག་གཉིས་ཤ་ཆང་དང་སྒོག་ཙོང་ལ་སོགས་པའི་བརྒྱན་པ་ཟས་བཟང་རྒུས་སྦགས་པ་བཞག །ཆུ་གཉིས་ཉེར་སྤྱོད་ལྔ་སོགས་སྤྱི་དང་མཐུན་པར་བཤམས། ནང་མཆོད་བྱིན་རླབས་དང༌། གནས་ཡོ་བྱིན་རླབས་སྔོན་དུ་འགྲོ་བས། བདག་བསྐྱེད་རྒྱས་བསྡུས་གང་ཡང་རུང་བ་ཞིག་སྒོམ་ནས། གཏོར་མ་ཆང་ཆུ་ནང་མཆོད་ཀྱིས་བྲན། སོ་སོའི་སྒྲུབ་ཐབས་ནས་ཇི་སྐད་འབྱུང་བ་ལྟར། གཏོར་མ་བྱིན་གྱིས་རླབས། གཏོར་མའི་དཀྱིལ་འཁོར། སུམ་བྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨེ་ལས་ཆོས་འབྱུང་ནམ་མཁའི་ཁམས་ཀྱི་ནང་དུ། དུར་ཁྲོད་ཆེན་པོའི་ས་གཞི་ལ། བཾ་ལས་ཆུ་ཁམས་ཀྱི་དཀྱིལ་འཁོར་དཀར་པོ་དེའི་ནང་དུ་ཡཾ་ལས་རླུང་ཁམས་ཀྱི་དཀྱིལ་འཁོར་ནག་པོ། དེའི་ནང་དུ་རཾ་ལས་མེ་ཁམས་ཀྱི་དཀྱིལ་འཁོར་དམར་པོ་དེའི་ནང་དུ་ལཾ་ལས་ས་ཁམས་ཀྱི་དཀྱིལ་འཁོར་སེར་པོའོ། །དེ་རྣམས་གྲུ་བཞི་སྒོ་བཞི་པ་རྟ་བབས་དང་བྲལ་བ། དཀྱིལ་འཁོར་ནང་མའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་འདབ་


TNT07_Page_0991
[མ་དཔེ་གཟིགས་ན་འདིར་གནོན།]

མ་བརྒྱད་པ། མུ་འཁྱུད་ལ་རྡོ་རྗེའི་འཕྲེང་བས་བསྐོར་བ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །པདྨའི་ལྟེ་བར་ཉི་མ་དང་མི་རོའི་གདན་ལ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ། གར་གྱི་ཉམས་དགུ་དང་ལྡན་པ། ཕྱག་བཞིའི་[མཁའ་འགྲོ་རྒྱ་མཚོ་ལྟར་ན།]དང་པོ་གཉིས་ཌཱ་མ་རུ་དང་ཁ་ཊྭཱཾ་ག །འོག་མ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ། [ཡང་རྡོ་རྗེ་མཁའ་འགྲོ་ལྟར་ན།] ཕྱག་དང་པོ་གཉིས་གཡས་བ་དན་རྩེ་གསུམ་པའི་ཕྱག་རྒྱས་འཛིན་ཞིང་གསོར་པའི་རྡོ་རྗེ་དང༌། གཡོན་བཤོར་གྱི་རྣམ་པའི་ཐོད་ཁྲག འོག་མ་གཉིས་ཀྱི་མདའ་གཞུ་འགེངས་པ། དྲག་པོ་ཆེན་པོ། སུམ་བཅུ་རྩ་གསུམ་པ་ཐམས་ཅད་ཀྱང་འཇིགས་པར་མཛད་པ། ཧེ་རུ་ཀའི་རྒྱན་དང་ཆ་བྱད་ཐམས་ཅད་ཡོངས་སུ་རྫོགས་པའོ། །འདབ་མ་རྣམས་ལ་ཤར་དུ་ཕྲུཾ་ལས་མཁའ་འགྲོ་རྒྱལ་དབང་མ་དཀར་མོ་ཐལ་མོའི་རྩེ་མོ་ཁར་བཅུག་པ། བྱང་དུ་ཕྲཻཾ་ལས་འབར་བྱེད་མ་སེར་མོ་ཐལ་མོ་སྦྱར་བ་སྤྱི་བོར་བཞག་པ། ནུབ་ཏུ་ཕྲོཾ་ལས་འཇིབ་བྱེད་མ་དམར་མོ། སྙིམ་པ་ཁྲག་གིས་བཀང་བ་ཞལ་དུ་གསོལ་བ། ལྷོར་ཕྲིཾ་ལས་གཡོ་ལྡན་མའམ་ངག་འཕྲོག་མ་སྔོན་མོ། ཕྱག་གཉིས་གཏུན་ཤིང་དང་སྡིགས་མཛུབ་ཅན། བཞི་ཀར་ཡང་སྐྲ་དམར་པོ་གྲོལ་ཞིང༌། མི་རོའི་གདན་ལ་བཞེངས་པ། གཅེར་བུ་སྦྲུལ་དང་རུས་པ་ལ་


TNT07_Page_0992
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པའོ། །མཚམས་ཀྱི་འདབ་མ་རྣམས་ལ་ཐོད་པ་བདུད་རྩིས་གང་བ་བཞིའོ། །ས་ཁམས་འཁོར་ལོའི་སྒོ་བཞིར་ཧྲིཿཕྲཻཾ་ཧི་ཧོཿ མཚམས་བཞིར་ཨོཾ་གཾ་བིཾ་ཨིཾ་རྣམས་ཡོངས་སུ་གྱུར་པ་ལས། ཤར་སྒོར་ཕག་མོ་སྔོན་མོ་ཕག་གདོང་ཅན། །རབ་ཁྲོས་མདའ་གཞུ་རྒྱལ་མཚན་ཐོད་པ་འཛིན། །ལྷོ་སྒོར་ཞི་བ་མ་ནི་དམར་མོ་སྟེ། །ཐོད་པ་ལྕགས་ཀྱུ་ཁ་ཊྭཱཾ་ཅང་ཏེའུ་འཛིན། །ནུབ་སྒོར་གཞོན་ནུ་མ་ནི་སེར་མོ་སྟེ། ཏྲི་ཤཱུ་ལ་བ་དན་གསུམ་པ་གཞུ་དང་མདའ། །བྱང་སྒོར་ཙ་མུཎྜི་ནི་སྐུ་མདོག་ནག ཁ་ཊྭཾ་ཐོད་པ་རྔེ་ཆུང་ཆང་སྣོད་འཛིན། །བྱང་ཤར་ཟུར་དུ་ཚངས་པ་ཁ་དོག་དཀར། །འཁོར་ལོའི་དང་ནི་ཐོད་པ་མདའ་གཞུ་བསྣམས། །ཤར་ལྷོར་ཚོགས་ཀྱི་དབང་མོ་ལྗང་ཁུ་སྟེ། །རྩེ་གསུམ་ཐོད་པ་བགྲང་ཕྲེང་ལ་དུ་འཛིན། །ལྷོ་ནུབ་ཁྱབ་འཇུག་མ་ནི་ནམ་མཁའི་མདོག ། འཁོར་ལོ་ཐོད་པ་ཞགས་པ་རལ་གྲི་འཛིན། །ནུབ་བྱང་མཚམས་སུ་དབང་མོ་མདངས་འོད་སེར། །ཤཀ་ཏི་ཐོད་པ་སྡིགས་མཛུབ་ཞགས་པ་འཛིན། །དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། དབུ་སྐྲ་གྱེན་དུ་བརྫེས་པ། སྟག་ལྤགས་ཀྱི་ན་བཟའ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མི་རོའི་གདན་ལ་བཞུགས་པའོ། །དཀྱིལ་འཁོར་གཉིས་པའི་བྱང་ཤར་ནས་བརྩམས་ཏེ། གཡས་བསྐོར་གྱིས་ཕྱོགས་མཚམས་བརྒྱད་ལ། ཨཱིཾ་ཨིཾ་ཨཾ་ཨཾ་ནེཾ་པཱཾ་བཾ་


TNT07_Page_0993
[མ་དཔེ་གཟིགས་ན་འདིར་གནོན།]

ཀུཾ་རྣམས་ཡོངས་སུ་གྱུར་པ་ལས། འབྱུང་པོར་དབང་ལྡན་དཀར་པོ་ཁྱུ་མཆོག་ཆིབས། །ཕྱག་ན་མདུང་རྩེ་གསུམ་དང་ཐོད་པ་བསྣམས། །ཤར་དུ་ས་སྲུང་བུ་ལ་དབང་པོ་སེར། །རྡོ་རྗེ་དང་ནི་ཐོད་པ་ཕྱག་གིས་འཛིན། །ཤར་ལྷོར་མེ་ལྷ་ལུག་ལ་ཞོན། །དམར་པོ་ཕྱག་ན་མེ་ཐབ་འཛིན། །ལྷོ་ཕྱོགས་གཤིན་རྗེ་ནག་པོ་སྟེ། །མ་ཧེའི་གདན་སྟེང་དབྱུག་ཐོ་འཛིན། །ལྷོ་ནུབ་སྲིན་པོ་སྔོ་སྐྱ་སྟེ། །རལ་གྲི་འཕྱར་ཞིང་ཁྱི་ལ་ཆིབས། །ཆུ་སྲིན་ལ་གནས་ཆུ་ལྷ་དཀར། །ཞགས་པ་ཐོགས་པ་ནུབ་ཕྱོགས་སུའོ། །རླུང་ལྷ་དུང་མདོག་བ་དན་འཛིན། །ནུབ་བྱང་རི་དྭགས་སྟེང་ན་གནས། །གཏེར་བུམ་སྟེང་ན་ལུས་ངན་སེར། །རིན་པོ་ཆེ་འཛིན་བྱང་དུ་གནས། །དེ་ཐམས་ཅད་ཕྱག་བཞིའི་གཡོན་གྱི་དང་པོ་ཐོད་པ་བཅུད་ཀྱིས་གང་བ་དང༌། འོག་མ་གཉིས་སྤྱི་བོར་ཐལ་མོ་སྦྱོར་བས་གཙོ་བོ་ལ་འདུད་པའོ། །དཀྱིལ་འཁོར་གསུམ་པའི་ཤར་ནས་གཡས་བསྐོར་གྱི། སུཾ་ཙཾ་མཾ་བུཾ་བྲྀཾ་ཤྀཾ་ཤཾ་རཾ་ཀེཾ་རྣམས་ཡོངས་སུ་གྱུར་པ་ལས། ཤར་དུ་ཉི་མ་དམར་སེར་རྟ་མཆོག་དཀར་པོ་ཆིབས། །ཉི་མའི་དཀྱིལ་འཁོར་གྱིས་མཚན་པདྨ་ཕྱག་ན་བསྣམས། །ཟླ་བ་དཀར་པོ་ཟླ་དཀྱིལ་ཕྱེད་པའི་མཚན་པ་ཡི། །ཀུ་མུད་འཛིན་པ་ངང་པ་ལ་གནས་ཤར་ལྷོར་བཞུགས། །ལྷ་སྒོར་མིག་དམར་དམར་པོར་སྐྱེས་ལ་གནས་ཤིང༌། །གཡས་པ་གྲི་ཐུང་གཡོན་པས་མི་མགོ་བཟུངས་ཏེ་ཟ། །པད་གདན་ལ་གནས་གཟའ་ལྷག་སེར་པོ་


TNT07_Page_0994
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་བྲལ་ན། །མདའ་གཞུ་འགེངས་ཤིང་ཞི་བའི་ལྟ་བས་གནས་པའོ། །ནུབ་སྒོར་ཕུར་བུ་སེར་སྐྱ་རླུང་དུ་པ་སངས་དཀར། །གཉིས་ཀའང་པདྨ་ལ་གནས་བགྲང་ཕྲེང་སྤྱི་བླུགས་འཛིན། །སྤེན་པ་སྔོ་ནག་རུས་སྦལ་ལ་ཆིབས་རབ་ཏུ་ཁྲོས། །དབྱུག་པ་ཕྱར་ཞིང་ཁུ་ཚུར་དཀུར་བསྟེན་བྱང་སྒོར་བཞུགས། །དབང་ལྡན་ཟུར་དུ་སྒྲ་ཅན་དམར་ནག་སྲིན་པོའི་ལུས། །སྤྲིན་གྱི་གསེབ་ནས་ལུས་སྟོང་ཕྱུང་སྟེ་ཉི་ཟླ་འཛིན། །དེ་དང་ལྷན་ཅིག་མཇུག་རིངས་སྔོན་པོ་སྦྲུལ་མཇུག་ཅན། །ཀླུ་གཟུགས་རབ་ཏུ་ཁྲོས་པ་རལ་གྲི་ཞགས་པ་འཛིན། །དེ་དག་ཀུན་ཀྱང་རང་གི་ཁང་པའི་སྟེང་ན་བཞུགས། །རྒྱུ་སྐར་ལ་སོགས་གདོན་གྱི་ཚོགས་ཀྱིས་རབ་ཏུ་བསྐོར། །རྫུ་འཕྲུལ་ཆེན་པོ་སྟོབས་ལྡན་རང་གི་དམ་ཚིག་སྤྱོད། །དཀྱིལ་འཁོར་ཕྱི་མའི་ཕྱོགས་བཞིར་གཡོན་བསྐོར་གྱིས། །བྲཾ་བིཾ་ཏུཾ་ཀཾ་མཚམས་བཞིར་མཾ་རཾ་བཾ་ཡཾ་རྣམས་ཡོངས་སུ་གྱུར་པ་ལས། དབང་པོ་ཚངས་པ་དཀར་པོ་ནི། །ཞལ་བཞི་ཐོད་པ་ཟླས་འཕྲེང་དང༌། །སྤྱི་བླུགས་པདྨ་འཛིན་པའོ། །ནོར་སྦྱིན་ཕྱོགས་སུ་ཁྱབ་འཇུག་ནག །ཕྱག་བཞི་རལ་གྲི་འཁོར་ལོ་དང༌། །ཐོད་པ་ག་དེའི་དབྱུག་པ་འཛིན། །གཤིན་རྗེར་དྲག་པོ་དུ་བའི་མདོག །མདུང་རྩེ་གསུམ་པ་ཐོད་ཁྲག་དང༌། །ཞགས་པ་བཟླས་འཕྲེང་ཕྱག་ན་བསྣམས། །ཆུ་བདག་ཕྱོགས་སུ་གཞོན་ནུ་སེར། །གདོང་བ་དྲུག་ལྡན་མདུང་ཐུང་དང༌། །དབྱུག་ཏོ་ཐོད་པ་བགྲང་


TNT07_Page_0995
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་འཛིན། །དབང་ལྡན་ས་ཡི་དཀྱིལ་འཁོར་ལ། །པད་མ་ལ་གནས་ནོར་འཛིན་མ། །སེར་མོ་གོས་དཀར་བུམ་པ་དང༌། །མི་འཇིགས་སྦྱིན་པའི་ཕྱག་རྒྱ་ཅན། །བྱིན་ཟེར་མེ་ཡི་དཀྱིལ་འཁོར་ལ། །མེ་ལྕེ་འབར་བའི་སྟེང་དུ་ནི། །མེ་ཡིས་ལྷ་མོ་མེ་ལྷ་མཚུངས། །སྲིན་པོར་ཆུའི་དཀྱིལ་འཁོར་སྟེང༌། །ཆར་སྤྲིན་ལ་གནས་ཆུ་ལྷ་མོ། །མདོག་དབྱིབས་ཕྱག་མཚན་ཆུ་ལྷ་བཞིན། །གཡོ་བའི་ཕྱོགས་སུ་རླུང་དཀྱིལ་ལ། །འཚུབས་མ་རླུང་རས་གཡོ་བས་མཚན། །དེར་གནས་རླུང་གི་ལྷ་མོ་ནི། །ཕྱོགས་སྐྱོང་རླུང་ལྷ་ཉིད་དང་མཚུངས། །དེའི་ཕྱི་རོལ་གཞལ་ཡས་ཁང་གི་སྒོ་གཡས་གཡོན་ལ། ཡི་གེ་ཕུཿཡིག་བརྒྱད་ལས་ཀླུ་ཆེན་པོ་བརྒྱད། སྒོའི་ཕྱི་རོལ་གྱི་ཁྱམས་ལ་ལྷ་མ་ཡིན་དང༌། ལུས་སྲུལ་པོ་ལ་སོགས་པའི་ཚོགས་དང༌། ཕྱི་རོལ་དུར་ཁྲོད་ཀྱི་གནས་ལ། ཞིང་སྐྱོང་ཆེན་པོ་རྣམས་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པ་འཁོད་པར་གྱུར། དེ་ཐམས་ཅད་ཀྱི་དཔྲལ་པར་ཨོཾ། མགྲིན་པར་ཨཿ ཐུགས་ཀར་ཧཱུཾ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དཔའ་བོ་དང་རྣལ་འབྱོར་མ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་མ་ལུས་པ་རྣམས་དང༌། སྲིད་པ་གསུམ་ན་གནས་པའི་འབྱུང་པོའི་ཚོགས་ཀྱིས་བསྐོར་བ། མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་


TNT07_Page_0996
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་པར་གྱུར། ཕྲཻཾ། ཨོཾ་སུམྦྷ། སོགས་ཀྱིས་བསངས། ཨརྒྷཾ། ནས། ཤཔྟའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿ ལན་མང་དུ་བརྗོད། ཨོཾ་ཡོ་ག་ཤུདྡྷཿ སོགས། སླར་ཡང༌། ཨོཾ་བཱི་ནི་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཝཾ་སེ་བཛྲི་ཎེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མྲྀ་ཏཾ་གེ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་མུ་ར་ཛེ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧ་སྱེ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལ་སྱེ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་གིརྟི་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ནྀ་ཏི་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་པུཥྤེ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་དྷུ་པེ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་དེ་པེ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་གནྡྷེ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་རུ་པ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ར་སེ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སྤརྵེ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་དྷརྨ་དྷ་ཏུ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཅེས་པའི་རིག་མ་བཅུ་དྲུག་དང༌། ཨོཾ་སརྦ་ཏ་ཐ་ག་ཏ་ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རི་ཝ་རེ་བྷྱཿ བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་པཱ་དྱཾ། པུཥྤེ་ཨཱ་ཧཱུཾ་ནས་ཤཔྟའི་བར་གྱིས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱི་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མེད་མཁའ། །རང་བཞིན་དག་པ་གོས་པ་མེད། །རིན་ཆེན་


TNT07_Page_0997
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ཕྱག་འཚལ་བསྟོད། རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། སོགས་དེ་ཉིད་ལྔ་པས་བསྟོད། དེ་ལའང་མཁའ་འགྲོ་ལྔའི་མིང་སྦྱོར། སྤྲོས་པ་ལ་དགའ་ན་ལྷ་སོ་སོའི་བསྟོད་པ་སྦྱར་ན་ཡང་ལེགས། བསྡུ་ན་མི་དགོས། རང་གི་ལག་པ་གཡོན་པར་ཨཱ་ལི་ལས་ཟླ་བ། གཡས་པར་ཀཱ་ལི་ལས་ཉི་མ། སྙིམ་པ་ཁ་སྦྱོར་གྱི་དབུས་སུ་ཧཱུཾ་སྔོན་པོ། ཨོཾ་ཨ་ནོ་ནྱ་ཨ་ནུ་ག་ཏཱ་སརྦ་དྷརྨ་ཧཱུཾ། ཨོཾ་པ་ར་སྤ་ར་ཨ་ནུ་པྲ་པྲིཥྟ་སརྦ་དྷརྨ་ཧཱུཾ། ཨོཾ་ཨ་ཏྱཱ་ནཱ་ཨ་ནུ་པྲ་པྲིཥྟ་སརྦ་དྷརྨ་ཧཱུཾ། ལག་པ་རྡོ་རྗེ་རྩེ་ལྔ་པར་གྱུར། པད་བསྐོར་བྱ་ཞིང༌། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡི་ལྷ་མོ་དེ་དག་གི །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །མགྲོན་རྣམས་ཀྱི་ལྗགས་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེར་གྱུར། ཨོཾ་ཨ་རལླི་ཧོཿ ཛཿཧཱུཾ་བཾ་ཧོཿ བཛྲ་ཌ་ཀི་ནྱ་ཡ་ས་མ་ཡ་སྟྭཾ་དྲི་ཤྱ་ཧོཿ ཞེས་པ་ལན་ལྔའམ་བདུན་ལ་སོགས་པས་འཇིག་རྟེན་ལས་འདས་པའི་ལྷ་ཚོགས་ལ་འབུལ། བར་འདིར་སྤྲོ་ན། ཨོཾ་ཌཱ་ཀི་ནི་ཕྲུཾཿཕུ་སྭཱཧཱ། ཨོཾ་དཱི་པི་ནི་ཕྲེཾ་ཕུཿསྭཱཧཱ། ཨོཾ་


TNT07_Page_0998
[མ་དཔེ་གཟིགས་ན་འདིར་གནོན།]

ཙི་ཥི་ཎི་ཕྲེཾ་ཕུཿསྭཱཧཱ། ཨོཾ་ཀཾ་པོ་ཛ་ཕྲཻཾ་ཕུཿསྭཱཧཱ། སྔགས་དེ་བཞི་པོའི་མཐར། ཨོཾ་བྷཀྵ་བྷཀྵ། སོགས་སྦྱོར། འཇིག་རྟེན་པའི་ལྷ་རྣམས་ལ་སོ་སོའི་མཚན་སྔགས་སམ། ཡང་ན། ཨོཾ་ཨཱཿཧྲཱིཿཧཱུཾ་ཕཊ་སྭཱཧཱ། ལ། ཨ་ཀཱ་རོ་བཏགས་པའམ། ཨོཾ་བྷཀྵ་བྷཀྵ་སརྦ་ཡོ་གེ་ཤྭ་རི་ཧཱུཾ་ཧཱུཾ་ཛཿསྭཱཧཱ། བཏགས་པའི་ཕག་མོ་ལ་ཕུལ། དེས་གཞན་རྣམས་ལའང་རིགས་འགྲེའོ། །ཨོཾ་ཨཱཿཕྲཻཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཧིཿཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཧོ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཨོཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿགཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཔེཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཨིཾ་ཧཱུཾ་ཕཊ་སྭཱཧཱ། མ་མོ་གཞན་བདུན་གྱི་སྔགས་སོ། །ཨོཾ་ཨཱཾཿཨིཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཨིཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཨཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཡཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿནྱ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཔཱཾ་ཧཱུཾ་ཕཊ་སྭཱཧཱ། ཨཽཾ་ཨཱཿཔཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཀུཾ་ཧཱུཾ་ཕཊ་སྭཱཧཱ། ཕྱོགས་སྐྱོང་རྣམས་ཀྱིའོ། །ཨོཾ་ཨཱཿསུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཙཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿམཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿབུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿབྲིཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཤུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཤཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿརཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཀཻཾ་ཧཱུཾ་ཕཊ་སྭཱཧཱ། གཟའ་དགུ་པོ་རྣམས་ཀྱིའོ། །ཨོཾ་ཨཱཿབྲཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿབིཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཏུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཀཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿལཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿརཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿབཾ་ཧཱུཾ་ཕཊ་སྭཱཧཱ།


TNT07_Page_0999
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཡཾ་སྭཱཧཱ། ཞེས་པ་རྣམས་ལ་སྔར་བཞིན་སྦྱར་རོ། །རེ་རེ་བཞིན་ཚར་གསུམ་མམ་བསྡུ་ན་ལན་གཅིག་གིས་ཕུལ་ལ། ཐམས་ཅད་ལ་ཐུན་མོང་དུ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས། བྷུ་ཏ། པྲེ་ཏ། བི་ཤཱ་ཙ། ཨུནྨཱ་ཏ། ཨ་པསྨ་ར། ཌཱ་ཀ ཌཱ་ཀི་ནྱ་ད་ཡ། ཨི་མི་བ་ལིཾ་གྲྀཧྞ་ཏུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྟཾ། བུཉྫ་ཐ། བི་བ་ཐ། ཛི་གྷ་ཐ། མཱ་ཏི་ཀྲ་མ་ཐཱ། མ་མ་སརྦ་ཀདྠ་ཡཾ། སད་སུ་ཁཾ་བི་ཤུདྡྷ། མ་མ་ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་ལ་སོགས་པས་ཕུལ། གཡས་ཐོད་པའི་ཕྱག་རྒྱ་དང༌། གཡོན་བ་དན་གསུམ་གདེངས་པའི་ཕྱག་རྒྱས་བཏབ་ཅིང༌། ཨོཾ་ཧེ་ཧོ་ཧྲིཿསྭཱཧཱ། ཞེས་ལན་གསུམ་བཟླས་པས་ནང་མཆོད་བྱིན་རླབས་ཁ་གསོས། ཨོཾ་ཨཱཿཧཱུཾ་ལན་མང་པོས་གཡོན་པའི་མཐེབ་སྲིན་གྱིས་ཐིགས་ཐོར་འབུལ། བླ་མ་དང་དཀྱིལ་གྱི་ལྷ་ཚོགས་མགྲོན་ཐམས་ཅད་མཉེས་པར་བསམ། དཔལ་ཧེ་རུ་ཀའི་རྐང་བརྒྱད་གཉིས་དང༌། དེ་ཉིད་ལྔ་པ་ལ་སོགས་པས་བསྟོད། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། གནོད་སྦྱིན༴ སྲིན་པོའི༴ འབྱུང་པོའི༴ ཡི་དྭགས༴ ཤ་ཟའི༴ སྨྱོ་བྱེད༴ བརྗེད་བྱེད༴ མཁའ་འགྲོའི་ཚོགས༴ མ་མོའི༴ མ་ལུས་པར་ནི་ཐམས་ཅད་དག།འདི་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་མཆེས་པ་


TNT07_Page_1000
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་ཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། རྣལ་འབྱོར་བདག་ཅག་འཁོར་བཅས་ལ། ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བར་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་བསྲུང༌། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིང༌། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་དང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་བྱུང་བ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གིས་བར་གྱིས་འཕྲིན་ལས་བཅོལ། ལས་སོ་སོ་དང་འབྲེལ་ན་དེ་དང་དེའི་ལས་ལ་བསྐུལ་བ་དྲག་ཏུ་བྱ། དེ་ནས་རྡོ་རྗེ་གླུ་འདི་བླང་བར་བྱ་སྟེ། འགྲོ་བ་ཀུན་གྱི་མཆོག་ཏུ་དགའ་བའི་རང་བཞིན་ཏེ། །རྣལ་འབྱོར་


TNT07_Page_1001
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡི་འཁོར་ལོའི་རང་བཞིན་དུ་གནས་ཀྱྀས། །ཨ་རེ་རེ་རེ་གཏི་མུག་ཕྱུགས་ཀྱིས་མི་ཤེས་སོ། །ལྷན་སྐྱེས་མཛེས་མ་བླངས་ནས་བདེ་བ་ཆེ་ལ་མནོས། ཤམ་དུ། །ས་གསུམ་མ་ལུས་འགྲོ་བ་སངས་རྒྱས་ཀྱི་རང་བཞིན། །སྙིང་རྗེའི་གཞོན་ནུ་མ་དང་ལྷན་ཅིག་རོལ་པར་བྱོས། ཨ་རེ། གང་གི་དོན་དམ་ལ་ནི་མ་སྒོམས་པས། དེ་ཡི་སངས་རྒྱས་ཉིད་ནི་ཐོབ་པ་མ་ཡིན་ཏེ། ཨ་རེ། ནང་དང་ཕྱི་ནི་དབྱེ་བ་མེད་པར་གྱིས། །འཇིག་རྟེན་ཐམས་ཅད་བསྒྲལ་བར་ནུས་པའོ། །ཨ་རེ། ཞེས་བྱ་བ་དང༌། ཧཱུཾ་ཁྲོ་བོ་བདེ་བ་དགྱེས་པ་ཡིན། །བདེ་བའི་ལོངས་སྤྱོད་ལས་བྱུང་བ། །བདེ་བ་དབབ་པའི་སྦྱོར་བ་ཡི། །རབ་ཏུ་རྨོངས་པ་བསྟེན་པར་བྱེད། ཨ་ལ་ལ་ལ་ལ་ཧོ། ཨ་ཨི་ཨཱ་ཨ་རལླྀ་ཧོ། བདེ་ཆེན་བདེ་བའི་གར་གྱིས་རོལ། །རྣལ་འབྱོར་མ་མཆོག་པདྨའི་བདེ། །ཨ་ལ་ལ་ལ་ལ་ཧོ། དགྱེས་པ་རྣམས་ཀྱི་བདེ་བ་མཆོག །རྣལ་འབྱོར་མ་མཆོག་མཆོད་པར་མཛོད། །ཨ་ཨི་ཨ་ཨ་རལླྀ་ཧོ། རབ་རྒྱས་མགོན་པོ་ཁྱེད་བཞུགས་མཛོད། །མཁའ་འགྲོ་དྲ་བའི་བདེ་བ་སྩོལ། །དགྱེས་པའི་བདེ་བ་གསོལ་བར་མཛོད། །ཞི་བའི་གར་གྱི་གར་མཛད་པ། །བདག་ལ་བདེ་ཆེན་བདེ་བ་སྩོལ། །ཐར་པའི་མཚན་ཉིད་ལྡན་པ་ཁྱོད། །ཨ་ལ་ལ་ལ་ལ་ཧོ། ཨ་ཨི་ཨ་ཨ་རལླྀ་ཧོ། བདེ་བ་སྤང་བས་གྲོལ་མི་འགྱུར། །བདེ་མེད་སྡུག་བསྔལ་གྱིས་མི་


TNT07_Page_1002
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ། །བདེ་དེ་ཆུ་སྐྱེས་དབུས་ན་གནས། །ཆགས་པའི་དངོས་པོར་ཁྱེད་མ་གྱུར། །བདེ་བ་ཆེ་ཡིས་གྲོལ་བར་མཛོད། །པདྨ་རྒྱས་པའི་རོ་ཉིད་ཀྱིས། །བུང་བ་ལྟ་བུར་ཚིམ་པར་མཛོད། །འདི་ཡིས་མགོན་པོ་བསྐུལ་ན་ནི། །དཀྱིལ་འཁོར་དུ་ནི་ངེས་པར་འགྲུབ། །སྙན་ཞིང་འཇེབས་པའི་དབྱངས་ཀྱིས་ནི། །དཔྱིད་ཀྱི་རྒྱལ་པོའི་གླུ་བླང་བས། །དྲི་མེད་མཁའ་འགྲོ་དྲ་བ་ཡིས། །གཟིགས་ཤིང་ལས་ཀུན་མཛད་པ་ཡིན། །ཨོཾ་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི༴ སོགས་བཀྲ་ཤིས་བརྗོད། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། གང་གི་ལམ་གྱིས་གྲོལ་གྱུར་པ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །ལྷ་མོ་ཚད་མ། སོགས། སྲིད་དང་ཞི་བ་མཉམ་པ་ཆགས་དང་ཀུན་རྟོག་ཆགས་པ་བཅོམ། ཁྱོད་ཀྱིས་དངོས་ཀུན་རང་བཞིན་ནམ་མཁའ་དང་ནི་འདྲར་གཟིགས་ཀྱང༌། །མགོན་པོ་ཤིན་ཏུ་ལྕི་བའི་ཐུགས་རྗེ་ཆུ་རྒྱས་སེམས་ལ་ནི། །མཛོད་ཅིག་ལྷ་མོ་རྣམས་ཀྱིས་བདག་ལ་རྗེས་བརྩེར་མཛད་དུ་གསོལ། །བདག་ལ་འཕྲིན་ལས་དང་དངོས་གྲུབ་ཐམས་ཅད་གེགས་མེད་པར་སྩལ་བ་དང༌། །མྱུར་དུ་དཔལ་ཧེ་རུ་ཀ་ཉིད་ཀྱི་གོ་འཕང་ཐོབ་པར་མཛད་དུ་གསོལ། ཞེས་སོགས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་ལན་གསུམ་དང༌། བཟོད་གསོལ་སྤྱི་དང་འདྲ། ཨོཾ་ཁྱེད་ཀྱིས་སེམས་ཅན༴ སོགས་ཀྱི་མཐར།


TNT07_Page_1003
[མ་དཔེ་གཟིགས་ན་འདིར་གནོན།]

འཐེབ་མཛུབ་གཉིས་བཀུག་སྟེ་ཟླུམ་པོར་བྱས་ལ། སོར་མོ་གཞན་རྐྱང་པ་མིག་གིས་ཕྱག་རྒྱ་བསྟན་རྗེས། པད་སྐོར་དང་ལྟེ་བར་འཁྱུད་རྒྱ་བྱས་ལ། མཐེབ་སྲིན་གྱིས་སེ་གོལ་ཕྱིར་གཏོགས་ཏེ། ཨོཾ་བཛྲ་མཎྜ་ལ་མུཿ ཡེ་ཤེས་པའི་དཀྱིལ་འཁོར་རྣམས་བདག་གིས་དཔྲལ་པར་ཐིམ་པ་དང༌། ཨོཾ་ཡོ་ག་ཤུདྡྷ། སོགས། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་མོས། རོལ་མོའི་སྒྲ་དང་བཅས་ཏེ་འཇིག་རྟེན་པའི་གཏོར་མ་ལམ་གྱི་བཞི་མདོ་སོགས་སུ་བསྐྱལ། ཐམས་ཅད་ཀྱིས་སུམ་བྷ་དྲག་ཏུ་བཟླས། ནང་དུ་འོངས་ནས་གཏོར་སྐྱེལ་བ་ལ་བསངས་ཆུའམ་ནང་མཆོད་ཀྱིས་གཏོར། ཡོན་བདག་ལ་སོགས་པ་གཞན་གྱི་དོན་དུ་གཏོར་མ་བཏང་བ་ཡིན་ན། མཁའ་འགྲོ་མ་རྣམས་འདུས་ལ་གུས་པས་མཆོད་པ་དང༌། དཔའ་བོ་རྣམས་ལ་བཟའ་དང་བཏུང་བ་ཁྱོད་ཀྱི་དྲངས། ཁྱེད་ལ་རྟག་ཏུ་བསྲུང་དང་མཆོག་གི་འབྱོར་པ་དང༌། །ཡང་ན་ཡིད་ལ་འདོད་པ་ཕུན་སུམ་ཚོགས་པར་ཤོག །སྐྱེ་བ་ཀུན་ཏུ་མཆོག་ཏུ་བདེ་བར་གཤེགས་པ་ཡི། གྲུབ་པའི་འཇིག་རྟེན་དབུས་སུ་འགྲོ་བར་འགྱུར་བར་ཤོག །ཅེས་བརྗོད། རང་གཞན་གྱི་དོན་གང་ཡིན་ཀྱང་ཐུན་མོང་དུ། སྨོན་ལམ་དང་བཀྲ་ཤིས་ཇི་ལྟར་འོས་པ་བརྗོད་ཅིང༌། དཔའ་བོ་གཉིས་མེད་མཆོད་པས་སྐྱེ་བ་འདི་ལ་ནི། །སྒྲིབ་པ་ཟད་དང་ཕྱག་རྒྱའི་དངོས་གྲུབ་འགྲུབ་པར་ཤོག །སྐྱེ་བ་ཀུན་ཏུ་མཆོག་ཏུ་བདེ་བར་གཤེགས་པ་ཡི། །གྲུབ་པའི་འཇིག་རྟེན་དབུས་སུ་འགྲོ་བ་ཉིད་གྱུར་ཏེ། །ཞིང་དང་ཉེ་བའི་


TNT07_Page_1004
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སོགས་གནས་བཅུ་གཉིས། །དམ་ཚིག་བརྡ་དང་བདེ་སྤྱོད་རོལ་པ་ཡི། །བུ་བཞིན་དགོངས་པས་བདག་སྒྲིབ་དག་གྱུར་ཅིག །བདེ་བ་མཆོག་གིས་ས་ལ་འགོད་པར་ཤོག །བླ་མའི་ཞབས་ལ་རྟག་ཏུ་འདུད་བྱེད་ཅིང༌། །རྡོ་རྗེའི་དབང་མོའི་ཞབས་དྲན་གྱུར་ནས་ཀྱང༌། །བཙུན་མོའི་ཤུ་ཀྲའི་ཚོགས་ལ་རྟག་སྤྱོད་ཅིང༌། །གསང་བའི་པདྨོར་རོལ་ཞིང་མཆོད་བྱེད་ཤོག །དཔལ་ལྡན་དཔའ་བོ་དཔའ་མོ་ཉི་ཤུ་བཞིའི། །ཞལ་མཐོང་དེ་ཡི་ངོ་བོར་བདག་གྱུར་ཏེ། །འགྲོ་བ་བདེ་བ་དམ་པས་འཕོང་རྣམས་ཀྱི། །ཉེར་འཚོ་རིན་ཆེན་ལྟ་བུར་བདག་གྱུར་ཅིག །རྣམ་པ་མང་པོའི་བསོད་ནམས་འདི་དག་ཀྱང༌། །བདག་གཞན་དགེ་བ་མཆོག་ནི་བསྐྱེད་པའི་གཞི། །དེ་ཉིད་གསལ་བྱེད་རྨོངས་པ་རབ་འཇོམས་པ། །འགྲོ་ལ་མི་འཇིགས་སྟེར་བའི་མངའ་བདག་ཤོག །རྣམ་པར་རྟོག་པ་ཀུན་ལས་འདས་པ་ཡི། །བདེ་ཆེན་འཁོར་ལོ་ཟག་པ་མེད་པའི་དབྱིངས། །ཨཱ་ལི་ཀཱ་ལི་རྟོག་མེད་སྙོམས་འཇུག་མར། །བསགས་པའི་དགེ་རྣམས་ཡོངས་སུ་བསྔོ་བར་བགྱི། །བདག་གི་བསོད་ནམས་འདི་ཡི་ཡང་ཡང་སྐྱེ་བའི་རིམ་པ་རྣམས་སུ་ཡང༌། །ཡུན་རིང་འགྲོ་བའི་དོན་བསྒྲུབ་དོན་ལ་འཇིགས་པ་མེད་པར་དགའ་བ་དང༌། །གཙོ་བོར་སྐུ་ཡི་འོད་ཟེར་ནམ་མཁའ་ཁྱབ་པར་འགྲོ་བས་དབང་བསྐུར་བ། །སྲིད་གསུམ་རྡོ་རྗེ་རོལ་བར་ལྷན་ཅིག་དེ་ཡི་གོ་འཕང་ཐོབ་པར་ཤོག །


TNT07_Page_1005
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་གཏི་མུག་གྲོང་ཁྱེར་མཐའ་དག་བསལ་ནས་ཧེ་རུ་ཀ་གཙོ་མཁའ་འགྲོ་མའི། །འཁོར་ལོས་ཡོངས་བསྐོར་རྒྱལ་བ་བླ་མེད་ཡེ་ཤེས་འབྱུང་གནས་ཐར་པ་དམ་པའི་གྲོང༌། །སྦྱིན་པ་ལ་སོགས་རྣམས་ཀྱིས་འགྲོ་བའི་ཡིད་ལ་རེ་བ་ཡང་དག་རྫོགས་པའི་མཆོག །འདིར་ནི་ཤིན་ཏུ་བརྩེ་བ་ཆེ་ལྡན་འཕགས་པའི་དཔལ་འབྱོར་རྟག་པར་མྱོང་བར་ཤོག །ཅེས་སོགས་ཐུན་མོང་མ་ཡིན་པའི་སྨོན་ལམ་རྣམས་ངེས་པར་གལ་ཆེའོ། །དེ་ལྟར་ན་གཏོར་མའི་ཆོག་འདི་ལ། དཀྱིལ་འཁོར་རིམ་པ་བཞིར་བྱེད་པ་ནི། མཁའ་འགྲོ་རྒྱ་མཚོའི་དགོངས་པ་ཡིནཞིང༌། རྡོ་རྗེ་མཁའ་འགྲོ་ནས་གསུང་བ་ལྟར་ན། དཀྱིལ་འཁོར་རིམ་པ་གསུམ་ཡིན་པའི་འབྱུང་བ་བཞི་དང་མི་སྦྱོར་ལ། རྒྱུད་དེ་ཉིད་ནས་མདོར་བསྟན་གྱི་སྐབས་སུ། དཀྱིལ་འཁོར་ཕྱི་མའི་ལྷ་རྣམས་ལ་གཟའ་བརྒྱད་དང༌། སྒོ་འཁྱུད་བཞིར་ལྷ་ཆེན་བཞི། ཟུར་བཞིར་འབྱུང་བཞིའི་ལྷ་མོ་རྣམས་ཞལ་ཕྱག་ཅན་དུ་མི་མཛད་པར། པདྨ་དང་ཆར་སྤྲིན་ལ་སོགས་པའི་གཟུགས་སུ་མཛད། རྒྱས་བཤད་ཀྱི་སྐབས་དཀྱིལ་འཁོར་ནང་མའི་ལྷ་རྣམས་ལ་མ་མོ་བརྒྱད། དེའི་སྒོ་འཁྱུད་བཞིར་ཚངས་པ་སོགས་ལྷ་ཆེན་བཞིར་འགོད་པར་དངོས་སུ་བཤད་ཅིང༌། དེས་ཟུར་བཞིར་འབྱུང་བཞིའི་ལྷ་མོ་ཡང་འགོད་པར་དོན་གྱིས་ཐོབ། དེ་གཉིས་འདམ་ཁ་ཡིན་པས་གང་ལྟར་བྱས་ཀྱང་འདྲ། གཞལ་ཡས་ཁང་ཀུན་ལ་ལྷ་རྣམས་རིམ་པ་གཅིག་ཁོ་ན་ཡིན་པས། ཕྱི་ནང་གང་ལ་འགོད་ཀྱང་ལྷ་བརྒྱད་པ་རིམ་པ་གཉིས་འགོད་དགོས་པ་དེ་ལ། ལྷ་སྣམ་ཟླུམ་པོར་


TNT07_Page_1006
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར། སྒོ་བཞིའི་གཡས་གཡོན་གྱི་རྩིག་པ་ལ་མ་རེག་ཙམ་བྱ། དེ་ལ་ལྷ་བརྒྱད་དང༌། སྒོ་བཞི་ལ་ལྷ་བཞི། གྲུ་ཆད་བཞི་ལ་འབྱུང་བཞིའི་ལྷ་མོ་བཀོད་པས་ལེགས་པར་འོང༌། དེ་ཡང་དཀྱིལ་འཁོར་ནང་མ་ལ་བཀོད་ན་ལག་ལེན་བདེ་ཞིང༌། ཡང་དབུས་སུ་པདྨ་འདབ་བརྒྱད་ཀྱི་དོན་ལ། ཟླུམ་བསྐོར་ལེ་ཚེ་དགུ་པ་ཕྱོགས་མདོག་ཅན་བྱས་ཀྱང་ལེགས་པར་འོང་ངོ༌། །དེ་ལྟར་འདིར་དཀྱུས་སུ་བཤད་པ་ནི། ཕྱི་གཏོར་གྱི་དབང་དུ་བྱས་པ་ཡིན་ལ། ནང་གཏོར་གྱི་དབང་དུ་བྱས་ན། པདྨའི་ལྟེ་བར་རབ་ཏུ་ཡངས་པའི་དབུས་སམ། ལེ་ཚེ་དགུའི་རེ་མིག་དབུས་མ། ཤིན་ཏུ་ཡངས་པར་གྱུར་པའི་གནས་སུ། དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་སྐད་ཅིག་གི་གྲུབ་པར་མོས། སྐད་ཅིག་རྣམ་པའི་སྔགས་ལན་གསུམ་བརྗོད་ཅིང༌། ཞལ་ཕྱག་རྣམས་རིམ་གྱིས་གསལ་བཏབ། དེ་ནས་ཡེ་ཤེས་པ་སྤྱན་འདྲེན་པ་མན་ཆད་བྱེད་ཅིང༌། འཇིག་རྟེན་འདས་གཏོར་གྱི་སྐབས། མངོན་རྟོགས་དཀྱུས་དང་འདྲ་ཁ་ཅིག་ལྷ་སུམ་ཅུ་སོ་བདུན་པོ་འདི་བསྐྱེད་པ་ལ། འབྱུང་པོ་ཐམས་ཅད་པའི་དཀྱིལ་འཁོར་རྒྱས་པ་དང༌། མཁའ་འགྲོ་སྤྱི་གཏོར་ཆེན་མོའི་དཀྱིལ་འཁོར་ལ་འབྱུང་པོ་ཐམས་ཅད་པའི་དཀྱིལ་འཁོར་འབྲིང་པོ་ཡིན་ཞེས་འཆད་པ་ནི། ལྷ་གྲངས་གཅིག་ཤོས་མང་ཞིང༌། བསྐྱེད་ཆོག་རྒྱས་བསྡུས་ཀྱི་ཁྱད་པར་ཡང་མེད་པས། རྒྱས་འབྲིང་གི་དབྱེ་བ་དེ་འདྲ་ནི་མི་འཐད་ལ། ཅིག་ཤོས་ཞིང་སྐྱོང་ཉིད་གཙོ་བོ་དང༌། འདི་འབྱུང་པོ་སྤྱིའི་དཀྱིལ་འཁོར་ཡིན་པས། ཡུལ་དང་དགོས་པ་གཉིས་ཀར་ཅུང་ཟད་མི་འདྲ་བའི་དཀྱིལ་འཁོར་གཞི་ནས་ཐ་དད་ཡིན་པས། ཕྱིར་ཡང་རྒྱས་བསྡུས་སུ་འཇོག་རྒྱུ་མ་ཡིན་ནོ། །འོན་ཀྱང་དཀྱིལ་འཁོར་གཉིས་པོ་སོ་སོ་དུས་གཅིག་ཏུ་བཞེངས་ནས། ཆོ་གའི་ཁྱད་པར་མི་འདྲ་བ་


TNT07_Page_1007
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ་སོར་སྐབས་དེ་ཉིད་དུ་ལྷག་པོར་སྦྱར། ཆོ་ག་བྱིངས་འདི་ཚར་གཅིག་གིས་འགྲོ་བར་བྱས་ན་ནི་ཤིན་ཏུ་རུང་ལ། ཡང་ཁོ་བོ་ཅག་གི་བླ་མ་དམ་པ་རྒྱ་གར་མཁས་པ་ཞིག་ནི། དབུས་སུ་གཙོ་བོ་མཁའ་འགྲོ་བཞི་དང་བཅས་པ། དེའི་མཐའ་ཟླུམ་བསྐོར་གསུམ་ལ་ཞིང་སྐྱོང་ཉི་ཤུ་རྩ་བཞི། ལྷག་མ་དཀྱིལ་འཁོར་བཞི་ལ་གོང་དུ་བཤད་པ་བཞིན་བྱས་ནས། ཕྱིའི་དུར་ཁྲོད་ལ་ནག་པོ་དྲག་པོ་སོགས་ཞིང་སྐྱོང་བརྒྱད། མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་བཅས་པ་སྒོམ་ཞེས་བཀའ་སྩོལ་བར་མཛད་དོ། །འོན་ཀྱང་རེ་ཞིག་དཀྱིལ་འཁོར་གཉིས་སུ་བྱེད་པ་ཉིད་མི་ལེགས་ཤིང༌། བླ་མ་དམ་པ་དེའི་ལུགས་ལ། གཏོར་མའི་བཤོམས་ཀྱི་ཁྱད་པར། བུམ་པ་ཆང་གིས་བཀང་པའི་སྟེང་དུ། ཁ་ཟས་དང་དམར་གྱིས་གང་བའི་གཏོར་སྣོད་བཞག་པ་ཕྱོགས་མཚམས་བརྒྱད་དུ་རེ་རེ་དང༌། འདས་གཏོར་དེ་ཀ་འདྲ་བ་གཅིག །བརྒྱད་པོའི་ཕྱི་རོལ་ལྷོ་ཕྱོགས་སྟེགས་བུ་མཐོ་བ་ལ་འཇོག་ཅིང༌། ཐམས་ཅད་བ་དན་གྱིས་བརྒྱན་པ། སོ་སོར་དགོས་མཆོད་རེ་རེ་དང་བཅས་པ་ཕྱག་ལེན་དུ་མཛད་ཀྱིན་འདུག་པ་ནི། འདིར་ཡང་ལག་ལེན་དུ་བཏབ་ན་ལེགས་སོ། །ཡང་མཁའ་འགྲོ་རྒྱ་མཚོའི་གཏོར་ཆོག་ཛ་ན་སེ་ནས་མཛད་པ་སོགས་ལས། ཡེ་ཤེས་པ་སྤྱན་དྲངས་མ་ཐག་ཏུ། འཇིག་རྟེན་པ་རྣམས་འོད་གསལ་དུ་བཅུག་ནས། འཁོར་ལོ་སྡོམ་པའི་རྣམ་པ་ཅན་དུ་བཞེངས་གསུངས་པར་འདུག ལར་ཡང་འཕགས་ཡུལ་དང་བལ་པོ་ཕྱི་རབས་པ་རྣམས་གཏོར་ཆོག་ཕལ་ཆེར་ལ་ལྷ་རྣམས་བསྒྱུར་བ་འདི་ཀ་དར་བར་འདུག་པའི་རྩ་བའི་ཁུངས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་


TNT07_Page_1008
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཏོར་མ་ཆེན་པོའི་ཆོ་ག་དེ་ཡིན་འདུག་ཅིང༌། དེའི་ལུགས་ལའང་ནང་གཏོར་ལ་ཡིན་གྱི་ཕྱི་རོལ་པ་དང༌། སྔོན་འགྲོ་གཏོར་མ་སོགས་ལ་མི་བཞེད་ལ། ནང་གཏོར་ལ་ཐུན་མོང་མ་ཡིན་པ་ནང་ཆོག་གིས་བསྐྱེད་པ་དང༌། ཐུན་མོང་བའི། ནང་ཚན་ཞི་བའི་ཕྱོགས་ལ། འོད་གསལ་དུ་འཇུག་ལྡང་བྱེད་པ་དང༌། དྲག་པོའི་ཕྱོགས་ལ་ཕུར་པས་བཏབ་ནས་གསེར་འགྱུར་རྩི་ལྟར་བསྒྱུར་བར་བྱེད། འདི་དག་ལ་ཡེ་ཤེས་ལྷའི་རྣམ་པར་བསྒྱུར་བ་ཡིན་ཀྱང༌། ཕྱག་མཚན་དང་ཕྱིབས་པ་སོགས་མི་འདྲ་བའི་ཁྱད་པར་ཅུང་ཟད་འབྱུང་ངོ༌། །འོན་ཀྱང་འདི་སློབ་དཔོན་དེ་ལས་བརྒྱུད་པ་མིན་པས། གོང་དུ་བཤད་པ་ཉིད་ཀྱིས་ཆོ་ག་ལ། གསང་སྔགས་ཀྱི་རྣལ་འབྱོར་པས་འགྲོ་བ་ཐམས་ཅད་ལྷག་པའི་ལྷར་ཤེས་པ་རྟག་ཏུ་དགོས་ལ། ཁྱད་པར་དུ་ཡང་གཏོར་མགྲོན་ཐམས་ཅད་ཧེ་རུ་ཀའི་ངོ་བོར་མོས་པ་བརྟན་པོ་ནི་ངེས་པར་དགོས་པ་གཞིར་བཞག་ཏུ་སྣང༌། ལྷའི་རྣམ་པ་བསྒྱུར་བ་ནི་མེད་མི་རུང་ཁོ་ན་ཡང་མིན་པས། འཁོར་ལོ་སྡོམ་པའི་ལུགས་གསལ་བར་མཛད་པའི་ཆེན་པོ་རྣམས་ཀྱི་བསྟན་བཅོས་ལས་མ་བཤད་ཅིང༌། མན་ངག་གི་རྒྱུན་ལ་མེད་ཕྱིན་མི་དགོས་སོ། །དེ་བཞིན་དུ་ཛ་ཡ་སེ་ནས་འདས་གཏོར་ཕུལ་མ་ཐག་དེ་དང༌། ཡིག་བརྒྱ་བཟླ་བའི་བར་དུ་ཆོ་ག་ལྷག་མ་མང་དུ་བཅུག་པ་ཡང་འགལ་བ་མེད་མོད་ཀྱི་ལྷག་པོ་ཡིན་ནོ། །གཏོར་མའི་དཀྱིལ་འཁོར་གྱི་སྐབས་སུ། སྒོ་ཕྲག་བཞི་པོ་དངོས་སུ་འབྲི་བ་ཡང་མ་གྲུབ། ཐིག་ཡོངས་རྫོགས་ཡང་གདབ་པར་མ་ནུས་ན། སྒོ་ཕྲག་གསུམ་མམ་བཞིའི་རྩ་ཐིག་དང་ཕྱིའི་


TNT07_Page_1009
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འབྱུང་དང་ནང་གི་ཟླུམ་ཐིག་དང་བཅས་བ་ཙམ་བཏབ་ཀྱང་ལེགས་པར་འགྱུར་ཞིང༌། རྡུལ་མཚོན་གྱིས་འབྲི་བའི་ཕྱོགས་ལ་ནི། གདན་དང་བཅས་པའི་ལྷ་རྣམས་ཀྱི་ཕྱག་མཚན་འབྲི་ནུས་ན་མཆོག་ཡིན་ལ། ཕྱག་མཚན་འབྲི་བ་མ་ནུས་ན་གདན་འབྲི་ཞིང༌། དེ་ཡང་མ་ནུས་ན་རྡུལ་ཚོན་གྱིས་ཚོམ་བུའོ། །རྡོ་རྗེ་མཁའ་འགྲོའི་འགྲེལ་པ་བྷ་ཝ་བྷ་དྲས་མཛད་པ་ན། ཉི་མ་སྤེན་པ་སྒྲ་གཅན་མཇུག་རིངས་རྣམས་ལ་ཉི་གདན་དང༌། གཟའ་གཞན་རྣམས་ལ་ཟླ་གདན་ཞེས་བཤད་ཀྱང༌། འདིར་ནི་དེ་ལྟ་བུ་མི་དགོས་སོ། །མཁའ་འགྲོ་རྒྱ་མཚོའི་རྒྱུད་ད་ལྟ་ཡོད་པ་འདིའི་འགྱུར་དང་དཔེ་ལ། འབར་བྱེད་མ་དང༌། ངག་འཕྲོག་མ་ལྷོ་བྱང་གོ་སྤོས་པར་ཡོད་ཀྱང༌། དཔེའམ་འགྱུར་གྱི་སྐྱོན་ཡིན་ཏེ། མཁའ་འགྲོ་བཞི་པོ་དེའི་བཞུགས་གནས་ཀྱི་ཕྱོགས་ནི་རྣམ་པ་ཀུན་ཏུ་གོང་བཞིན་ཡིན་ལ་རྒྱུད་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ། ད་ལྟར་འབྱུང་བའི་རྒྱུ་མཚན་ཡང་གཏན་ནས་མེད་ཅིང༌། འདིར་རྡོ་རྗེ་མཁའ་འགྲོ་དང་གདན་བཞི་དཔང་པོར་བཞག་པའོ།། །།དེ་ལྟར་ན་མཁའ་འགྲོ་སྤྱི་གཏོར་ཆེན་མོ་དང་འབྱུང་པོ་ཐམས་ཅད་པའི་གཏོར་མ་ཆེན་པོ་འདི་གཉིས། བདེ་མཆོག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡང་ཡིན་ནའང༌། དེང་སང་ཕལ་ཆེར་གྱི་མིང་ཡང་མ་ཐོས་འདུག་པས་ཀུན་ལ་ཕན་པའི་ཕྱིར། ཏཱ་ར་ནཱ་ཐས་ངེས་པར་བརྗོད་པའོ།། །།དར་རྒྱས་འཕེལ། བཀྲ་ཤིས།།


TNT07_Page_1010
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

བདེ་མཆོག་ཨུཥྞི་ཥའི་ངག་འདོན་ཁྱེར་བདེ་བ།


TNT07_Page_1011
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ཨུཥྞི་ཥའི་ངག་འདོན་ཁྱེར་བདེ་བ་བཞུགས།


TNT07_Page_1012
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟཱི། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལས་གསལ་བར་གསུངས་པའི་ཕྱིར་བཟློག་ནི་འདི་ཡིན་ཏེ། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བའི་སྒོ་ནས། ཨོཾ་སྭཱ་བྷཱ་ཝ༴ དང༌། ཤུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང༌། །སྣ་ཚོགས་རྡོ་རྗེ་ལྟེ་བ་ལ། །བྷྲུཾ་ལས་འཁོར་ལོ་རྩིབས་བཅུ་སེར། ཁོང་སྟོང་གཡས་སུ་དྲག་ཏུ་འཁོར། །རྩེ་མོར་རབ་རྣོ་ལྟེ་བ་དང༌། །རྩིབས་བཅུར་པདྨ་ཉི་མའི་གདན། །ཀུན་གྱི་སྟེང་དུ་ཧཱུཾ་ཡིག་ནི། །ལྷ་རྣམས་སོ་སོའི་རང་མདོག་ཅན། །དེ་ལས་འོད་འཕྲོས་སངས་རྒྱས་མཆོད། །གདུག་ཅན་ཐམས་ཅད་ཚར་བཅད་ནས། །ཚུར་འདུས་སོ་སོར་ཐིམ་པ་ལས། །རང་ཉིད་ཧཱུཾ་མཛད་ཧེ་རུ་ཀ །མཐིང་ཀ་སྔོ་སེར་ལྗང་བའི་ཞལ། །རྩ་ཕྱག་ཧཱུཾ་


TNT07_Page_1013
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཕྱག་རྒྱ་ཡི། །རྡོ་རྗེ་དྲིལ་བུ་ཐུགས་ཀར་འཛིན། །ཐ་མས་གླང་ལྤགས་སྟོད་གཡོགས་བསྣམས། །འཇིགས་བྱེད་དང་ནི་དུས་མཚན་དག།གཡས་རྐྱང་ཞབས་ཀྱིས་མནན་ཏེ་བཞུགས། ཁྲོ་མོའི་དབང་ཕྱུག་རྣལ་འབྱོར་མ། །རང་དང་མཚུངས་པས་འཁྱུད་པར་གྱུར། །ཤར་དུ་རྡོ་རྗེ་གཏུམ་པོ་ནི། །ནག་པོ་ནག་སེར་ལྗང་བའི་ཞལ། །བྱང་དུ་རྡོ་རྗེ་ཉི་མ་ནི། །སེར་པོ་ཞལ་སུམ་སེར་ནག་ལྗང༌། །ནུབ་ཏུ་རྡོ་རྗེ་གཙུག་ཏོར་དམར། །བནྡྷུ་སྤྲིན་ནག་དུར་བའི་མདོག།ལྷོ་ཕྱོགས་རྡོ་རྗེ་འཁྱིལ་བ་ལྗང༌། །མར་གད་ཟླ་བ་གསེར་གྱི་མདོག།ཤར་ལྷོར་རྡོ་རྗེ་གནོད་སྦྱིན་ནི། །དུད་ཁ་ཞལ་གསུམ་དུད་སེར་ལྗང༌། །ལྷོ་ནུབ་རྡོ་རྗེ་དུས་དམར་པོ། །དམར་དང་སེར་དང་ལྗང་ཁུའོ། །རླུང་དུ་སྟོབས་ཆེན་


TNT07_Page_1014
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་ནག །ནག་སེར་པ་ལ་ཤ་ཡི་མདོག །དབང་ལྡན་རྡོ་རྗེ་འཇིགས་རུང་སྔོ། །ནག་སེར་ལྗང་ལ་མིག་ཀྱང་ཡོ། །བརྒྱད་པོ་དེ་རྣམས་རྩ་ཕྱག་གཉིས། །ཅང་ཏེའུ་དང་ནི་དྲིལ་བུ་བསྣམས། །སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར། །དཀར་པོ་དཀར་ནག་ལྗང་པའི་ཞལ། །རྩ་ཕྱག་འཁོར་ལོ་དྲིལ་བུ་འཛིན། །འོག་ཏུ་རྡོ་རྗེ་ས་འོག་ནག །དཀར་མིན་སེར་དང་ལྗང་ཁུའོ། །རྩ་ཕྱག་རྩེ་སུམ་དྲིལ་བུ་འཛིན། །ཀུན་ཀྱང་རང་མཚུངས་ཡུམ་གྱིས་འཁྱུད། །ཕྱོགས་སྐྱོང་བཅུ་པོ་ཆུང་མར་བཅས། །སོ་སོའི་ཞབས་ཀྱི་འོག་ཏུ་བརྫིས། ཁྲོ་བོའི་རྒྱལ་པོ་བཅུ་གཅིག་རྣམས། །ཕྱག་དྲུག་གཡས་ཀྱི་ལྷག་མ་གཉིས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་འཛིན། །གཡོན་གཉིས་ཐོད་ཁྲག་ཁ་ཊྭཾ་ག །རབ་ཁྲོས་སྤྱན་གསུམ་མཆེ་བ་གཙིེགས། ཁྲོ་གཉེར་གཡོ་ཞིང་ལྗགས་ཀྱང་འགྲིལ། །སྨ་ར་སྨིན་མ་དབུ་སྐྲ་འབར། །སྟག་གི་པགས་པའི་སྨད་དཀྲིས་ཤིང༌། །ཕྱག་རྒྱ་དྲུག་དང་ཀླུ་ཆེན་བརྒྱད། །མི་མགོའི་དོ་ཤལ་ཅོད་པཎ་ཅན། །གནོད་བྱེད་ཐམས་ཅད་ཞལ་དུ་གསོལ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ལྷ་དང་འབྱུང་པོ་ཀུན་ལ་སྡིག །འབར་འཕྲེང་འཁྲུག་པའི་དབུས་ན་བཞུགས། ལྷ་ཐམས་ཅད་ཀྱི་སྙིང་གར་ཨོཾ་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ། མགོ་བོར་ཨོཾ་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་ཨོཾ་སྭཱཧཱ་ཧུ་དམར་པོ་པདྨ་གར་གྱི་དབང་ཕྱུག ཕྲག་པ་གཉིས་སུ་ཨོཾ་བཽ་ཥ་ཊ་ཧེ་ནག་པོ་དཔལ་ཧེ་རུ་ཀ མིག་


TNT07_Page_1015
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་ཨོཾ་ཧཱུཾ་ཧཱུཾ་ཧོ་དམར་སེར་རྡོ་རྗེ་ཉི་མ། ཚིགས་ཆེན་བརྒྱད་ལ་ཨོཾ་ཕཊ་ཧཾ་ལྗང་ཁུ་རྟ་མཆོག་གི་ངོ་བོ། ལྟེ་བར་ཨོཾ་ཨོཾ་བམ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཨོཾ་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཨོཾ་ཧྲི་མོམ་དཀར་མོ་རྨོངས་བྱེད་མ། དཔྲལ་པར་ཨོཾ་ཧྲེཾ་ཧྲིཾ་སེར་མོ་སྐྱོང་བྱེད་མ། སྤྱི་གཙུག་ཏུ་ཨོཾ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཚིགས་ཆེན་བརྒྱད་ལ་ཨོཾ་ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོ། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་པུ་ཛ་ཨོ་ཨ། གཽ་ར་དེ་མ། ཀ་ཨཽ་ཏྲི་ཀོ ཀ་ལ་ཀ་ཧི། པྲེ་གྲི་སཽ་སུ། ན་སི་མ་ཀུ། ཨོཾ་སྤྱི་བོར་སྐུ་ཡི་རྡོ་རྗེ་དཀར། །ཨཱཿམགྲིན་པར་གསུང་གི་རྡོ་རྗེ་དམར། །ཧཱུཾ་ཐུགས་ཀར་ཐུགས་ཀྱི་རྡོ་རྗེ་མཐིང༌། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། །རང་དང་འདྲ་བའི་བསྲུང་འཁོར་ནི། ཁྲོ་བོའི་ཚོགས་བཅས་མདུན་དུ་བྱོན། །ཕཻཾ། ཛཿཧཱུཾ་བཾ་ཧོ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྡྷརྨ་ཡོ་ག་ཤུདྡྷོ྅ཧཾ། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ པུཥྤེ་ལ་སོགས་པ་ལྔས་མཆོད། ཁྱེད་རྣམས་ཀྱི་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ༴ ནས་ས་མ་ཡ་ཤྲི་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར། གཙོ་བོ་ལ་རྡོ་རྗེ་སེམས་དཔའ། གཏུམ་པོ་ལ་རྣམ་སྣང༌། ཉི་མ་ལ་རིན་འབྱུང༌། གཙུག་ཏོར་ལ་སྣང་མཐའ། འཁྱིལ་བ་ལ་དོན་གྲུབ། གཞན་རྣམས་ལ་མི་བསྐྱོད་པས་དབུ་རྒྱན། ཨརྒྷཾ༴


TNT07_Page_1016
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་མཆོད། ཧཱུཾ་འཇིགས་བྱེད་འཇིགས་པར་བྱེད་པའི་རྡོ་རྗེ་ནི། །དྲག་གཏུམ་མི་བཟད་མ་རུང་ཐམས་ཅད་འཇོམས། །ཧེ་རུ་ཀ་དཔལ་མཐུ་སྟོབས་བསམ་མི་ཁྱབ། །རྡོ་རྗེ་ཁྲོ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །སྤྲོ་ཞིང་ནུས་ན་ཡབ་ཡུམ་གྱི་རྐང་པ་བརྒྱད་པས་བསྟོད། ཨོཾ་ཁ་བཛྲ་དྡྷིག་བཛྲ་ཧཱུཾ་ཀ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྜ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཛྭ་ལཱ་ན་ལཱརྐ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲོཥྞི་ཥ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཡཀྵ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱ་ལི་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་མཧཱ་བ་ལེ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་བྷཱི་ཥ་ཎ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཨུཥྞི་ཥ་ཙཀྲ་ཝརྟི་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཏ་ལ་བཛྲ་ཧཱུཾ་ཕཊ། ཧཱུཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། དེ་ལྟར་ན་སྔགས་བཅུ་གཅིག་པོ་ཅི་རིགས་པ་དང༌། སུམ་བྷ་མང་དུ་བཟླ། རང་གི་ཐུགས་ཀའི་ཧཱུཾ་ལས་སྒོ་མཚམས་མ་བརྒྱད་སྤྲུལ། ཁྭ་གདོང་མ་ལས་སྟེང་དུ་ཁྭ་གདོང་མ་དང༌། ཁྱི་གདོང་མ་ལས་འོག་ཏུ་ཁྱི་གདོང་མ་རྣམས་དམར་མོ་ཞགས་པ་དང་ལྕགས་ཀྱུ་ཐོགས་པ་ཕྱོགས་བཅུར་སྤྲོས། ཡང་ན་སྐུ་མདོག་སོ་སོར་བྱས་ཀྱང་རུང་ངོ༌། །སུམ་བྷ་སོགས་ལན་གཉིས། ཕྱོགས་བཅུའི་བགེགས་ཐམས་ཅད་ཚར་གཅོད་པའི་འཕྲིན་ལས་མཛོད། ཅེས་བཀའ་སྒོས་པས། ཕོ་ཉ་རྣམས་ཀྱིས་བགེགས་ཁ་ཅིག་ནི་


TNT07_Page_1017
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ལ་བཀོད། ནག་པོའི་རིགས་ཅན་ཁ་ཅིག་ནི་བསྒྲལ་ཏེ་བདེ་བ་ཅན་ལ་སོགས་པའི་ཞིང་དུ་གནས་སྤར། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་ནི་བཀུག་སྟེ་འོངས་པ་ཕྱོགས་བཅུར་མཁོད། ཧཱུཾ་ལས་ཕུར་བུ། བཅུ་སྤྲོས། ཕོ་ཉ་རྣམས་ཀྱི་ལག་པར་བཏད། བགེགས་ཀྱི་སྤྱི་བོར་བཙུགས། ཨོཾ་གྷ་གྷ་གྷཱ་ཏཱ་ཡ་གྷཱ་ཏ་ཡ་སརྦ་དུཥྟཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ་བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི་སརྦ་བི་གྷ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཡང་ཧཱུཾ་ལས་ཐོ་བ་བཅུ་སྤྲོས། ཕོ་ཉ་རྣམས་ཀྱི་ལག་པ་གཡས་པར་གཏད། ཕུར་བུས་སྤྱི་བོར་བརྡུང༌། ཨོཾ་བཛྲ་མུད་ག་ར་བཛྲ་ཀཱི་ལ་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། བགེགས་རྣམས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱིས་བར་ཐལ་བྱུང་ནས། དེ་དག་གི་ལུས་གཡོ་བ་མེད། ངག་རླུང་རྒྱུ་བ་མེད། སེམས་རྣམ་པར་རྟོག་པ་ཐམས་ཅད་བཅོམ་ནས་འོད་གསལ་གྱི་ངོ་བོར་གྱུར་ཞིང༌། སྨོན་ལམ་གྱི་མཐུ་ལས་རྣམ་པར་ཤེས་པ་མི་བསྐྱོད་པའི་ཞིང་དུ་སྐྱེས་པར་གྱུར། སྣ་ཚོགས་རྡོ་རྗེ་ལས་འོག་ཏུ་སྣ་ཚོགས་རྡོ་རྗེ་དཔག་ཏུ་མེད་པ་སྤྲོས། དེ་ལས་རྡོ་རྗེའི་ས་གཞི། ཨོཾ་མེ་དྷི་ན་བཛྲི་བྷ་ཝ་བནྡྷ་ཧཱུཾ། དེ་ལས་ཕྱོགས་མཚམས་སུ་འཕྲོས་པ་ལས་རྡོ་རྗེ་ནག་པོ་གདེངས་པ་འགྲེང་བུར་གྱུར་པའི་ར་བ་དང༌། རྡོ་རྗེ་འཕྲེང་


TNT07_Page_1018
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོང་བའི་དྲ་བ། ཧཱུཾ་བཛྲ་པྲ་ཀ་ར་ཧཱུཾ་པཾ་ཧཱུཾ། སྟེང་དུ་འཕྲོས་པ་ལས་རྡོ་རྗེའི་རྭ་བ་དང་དྲ་བའི་གུར། ཨོཾ་བཛྲ་པཉྩ་ར་ཧཱུཾ་བཾ་ཧཱུཾ། དེའི་འོག་ཏུ་རྡོ་རྗེའི་བླ་རེ། ཨོཾ་བཛྲ་བི་ཏ་ན་ཧཱུཾ་ཁཾ་ཧཱུཾ། དེའི་ཕྱི་རོལ་དུ་འོབས་དང་བཅས་པའི་མདའི་དྲ་བ་མདེའུ་རྣོ་བ་སྲིད་པའི་རྩེ་མོ་ལ་ཐུག་པར་གྱུར། ཨོཾ་བཛྲ་ས་ར་ཛ་ལ་ཏྲཾ་སཾ་ཏྲཾ། དེ་ཐམས་ཅད་ཀྱི་ཕྱི་རོལ་ཏུ་བསྐལ་པའི་མེ་ལྟ་བུའི། མེ་རི་འབར་བ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལརྐ་ཧཱུཾ་ཧཱུཾ་ཧཱུཾ། ཕོ་ཉ་རྣམས་ལས་རང་འདྲ་བ་དཔག་ཏུ་མེད་པ་སྤྲོས། རྡོ་རྗེའི་དྲ་མིག་ནས་ཕར་རོ་སྟོད་ཐོན་ཏེ། སྒྲུབ་པ་པོས་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱིས་བར་དུ་གཅོད་པ་ཐམས་ཅད་བསྲུང་བར་མཛད། བཟློག་པ་བྱེད་ན་སླར་ཡང་གོང་བཞིན་མཆོད་བསྟོད་ཅིག་བྱས། ཧཱུཾ་ཞེས་ཁྲོ་བོ་རྣམས་ཞལ་ཕྱིར་གཟིགས་ནས་གནོད་བྱེད་ཐམས་ཅད་ཚར་བཅད་པར་གྱུར། ན་མཿས་མནྟ་ཀཱ་ཡ་ཝཱཀྩིཏྟ་བཛྲ་ཧེ་རུ་ཀ་ནཾ། ཨོཾ་ཨོཾ་ཧཱུཾ་བཛྲ་ཧེ་རུ་ཀ་ཙཀྲ་བརྟི། སརྦ་ལོ་ཀི་ཏ་ལོ་ཀོརྟ་ར་ནི། ཡན་ཏྲ་མན་ཏྲ་རན་ཏྲ་ཙུརྞ་པྲ་ཡོ་ག་རཱི་ནེ། ཡེ་ན་ཀེ་ན་ཙིཏྐྲི་ཏཱ་ནཾ། སརྦཱན། ཨཱ་ཀདཌྷྱ་ཨཱ་ཀདཌྷྱ། ཏཔྫཱ་ཡ་ཏཔྫཱ་ཡ། གྲྀཧྞ་གྲིཧྞ། བྷ་ཀྵ་ཡ་བྷཀྵ་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཀྵྨཾ་ཀྵྨཾ་ཛྙཽཾ་ཛྙཽཾ། མ་ཐ་མ་ཐ། བི་དྷྭནྶ་ཡ། བི་དྷྱནྶ་ཡ། ཤ་ཏ་ས་ཧ་སྲ།


TNT07_Page_1019
[མ་དཔེ་གཟིགས་ན་འདིར་གནོན།]

ཙུརྞཱ་ཡ་ཙུརྞཱ་ཡ། ཨོཾ་བཛྲ་ཧེ་རུ་ཀོཥྟི་ཥ་ཙཀྲ་བརྟི། ཏ་སྱ་བ་མུ་ཁ་ཙཀྵུ་བནྡ་བནྡ་ཧཱུཾ་ཧཱུཾ། ཨ་མུ་ཀ་སྱ་[མ་མ་ཞེས་པ་འདོན་པ་སྤོ་མཆན] ཤཱན་ཏིཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་དྲག་ཏུ་བཟླའོ། །དམིགས་པའི་གནད་རྣམས་མན་ངག་ལས་ཤེས་པར་བྱའོ། །དེའི་མཐར་བདེན་སྟོབས་བརྗོད་ཅིང་སྨོད་པ་གདབ་པ་ནི། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱིས་བཀའ་བདེན་པ་དང༴ ཞེས་པ་ནས། མ་རུང་པ་རྣམས་ཚར་བཅོད་ཤོག གི་བར། ཨུཥྞི་ཥ་རྭ་ལུགས་ཀྱི་ངག་འདོན་ཡིག་ཆུང་དུ་བཤད་པ་བཞིན་བྱ། འོད་གསལ་དུ་བསྡུའམ་མི་བསྡུ་སྐབས་དང་སྦྱར། བཀྲ་ཤིས་དང་སྨོན་ལམ་གང་འགྲུབ་བྱའོ། །ཡང་རྡོ་རྗེ་ཕག་མོའི་རྣལ་འབྱོར་ལ་བསྟེན་པའི་ཕྱིར་བཟློག་བྱེད་ན། སྐྱབས་སེམས་ནས་ཚུར་འདུས་སོར་སོར་ཐིམ་པ་ལས། དབུས་སུ་རང་ཉིད་ཁྲོ་བོ་ཆེ། །གཙུག་ཏོར་འཁོར་ལོས་བསྒྱུར་བ་ནི། །སེར་པོ་སྟེང་དུ་གདུགས་དཀར་ཅན། །ཕྱག་གཡས་འཁོར་ལོ་འབར་བ་བསྐོར། །གཡོན་པ་སྦྲུལ་ཞགས་སྡིགས་མཛུབ་ཅན། །ཤར་དུ་སྔོ་སྐྱ་ཁྭ་གདོང་མ། །བྱང་དུ་ལྗང་སྐྱ་འུག་གདོང་མ། །ནུབ་ཏུ་དམར་སྐྱ་ཁྱི་གདོང་མ། །ལྷོ་ཕྱོགས་སེར་སྐྱ་ཕག་གདོང་མ། །ཤར་ལྷོར་གཤིན་རྗེ་བརྟན་མ་དང༌། །ལྷོ་ནུབ་གཤིན་རྗེ་ཕོ་ཉ་མ། །ནུབ་བྱང་གཤིན་རྗེ་ཆེ་བ་མ། །བྱང་ཤར་གཤིན་རྗེ་འཇོམས་མ་རྣམས། །ཕྱོགས་མདོག་དབང་གིས་ཕྱེད་གཟུགས་ཅན། །སྟེང་དང་འོག་ཏུ་ཁྭ་གདོང་དང༌།


TNT07_Page_1020
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི་གདོང་མ་ཡང་རྣམ་པར་གནས། །དེ་ལྟར་དེ་རྣམས་ཐམས་ཅད་ཀྱང༌། །རབ་ཁྲོས་སྤྱན་གསུམ་མཆེ་བ་གཙིགས་ནས། འབར་འཕྲེང་འཁྲུག་པའི་དབུས་ན་བཞུགས། །གཙུག་ཏོར་འཁོར་ལོས་བསྒྱུར་བ་ཡི། །ཐུགས་ཀ་རབ་ཏུ་ཡངས་པའི་ནང༌། །ཨེ་ལས་ཆོས་འབྱུང་གྲུ་གསུམ་དབུས། །འཁོར་ལོ་དམར་པོ་རྩིབས་དྲུག་ལ། །རྡོ་རྗེ་ཕག་མོ་གཤིན་རྗེ་མ། །རྨོངས་བྱེད་མ་དང་སྐྱོད་བྱེད་མ། །སྐྲག་བྱེད་མ་དང་ཙཎྜི་ཀ །འཁོར་ལོའི་ལྟེ་བ་ཟླུམ་པོ་ལ། །རང་སེམས་བཾ་ཡིག་གྱུར་པ་ལས། ཞེས་པའི་རྗེས་སུ། རང་ཉིད་རྡོ་རྗེ་རྣལ་འབྱོར་མ། །སྐུ་མདོག་དམར་མོ་ཞེས་པ་ནས། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཅེས་པའི་བར་བརྗོད། དེས་མཚོན་ནས་རྡོ་རྗེ་ཕག་མོའི་རིགས་གང་ལ་སྦྱར་ཀྱང་འདྲ། ལྷ་ཐམས་ཅད་ཀྱི་སྙིང་གར་ཨོཾ་ཨོཾ་ཧ། ཞེས་པ་ནས། གསུངས་ཤིང་དབང་བསྐུར། ཞེས་པའི་བར་སྔ་མ་དང་འདྲ་བ་ལས། ཁྲོ་བོའི་ཞེས་པ་ལ་ལྷ་ཚོགས་ཞེས་པ་མདུན་དུ་བྱོན་ཞེས་འདོན་པ་བསྒྱུར། གཙོ་མོ་དང་རྣལ་འབྱོར་མ་དྲུག་ལ་མི་བསྐྱོད་པ། གཙུག་ཏོར་འཁོར་ལོས་བསྒྱུར་བ་ལ་རྣམ་སྣང༌། འཁོར་གཞན་རྣམས་ལ་དོན་ཡོད་གྲུབ་པའི་དབུ་རྒྱན། ཨརྒྷཾ༴ ལ་སོགས་པའི་མཆོད། ཡུམ་གྱི་རྐང་བརྒྱད་ཀྱིས་བསྟོད། ཧྲཱིཿའཇིགས་བྱེད༴ སོགས་ལ། ཧེ་རུ་ཀ་དཔལ་ཞེས་པ་རྣལ་འབྱོར་མ་དཔལ་ཞེས་འདོན་པ་བསྒྱུར་བ་གོང་བཞིན་གྱིས་ཀྱང་བསྟོད་དོ། །དེ་ནས་ཨོཾ་གསུམ་མ་ལྟ་བུ་རྡོ་རྗེ་རྣལ་འབྱོར་


TNT07_Page_1021
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྩ་སྔགས་སྙིང་པོ་སྐབས་སུ་གང་བབས་དེ་དང༌། སུམ་བྷ༴ མང་དུ་བཟླས། བྷྲུཾ་ཞེས་བྱ་བའང་མང་དུ་བརྗོད་ནས། ཨོཾ་ཨུཥྞི་ཥ་ཙཀྲ་བཱརྠི་བཛྲ་ཧཱུཾ་ཕཊ། ཅེས་པ་དང༌། ཀ་ཀ་སྱ་ལ་སོགས་པ་ཡང་མང་དུ་བཟླས། རང་གི་ཐུགས་ཀའི་ཧཱུཾ་ལས་སྒོ་མཚམས་མ་བརྒྱད་སྤྲུལ། ཅེས་པ་ནས། བར་དུ་གཅོད་པ་ཐམས་ཅད་བསྲུང་བར་མཛད། དེ་ནས་སྤྲོ་ན་གོང་བཞིན་མཆོད་བསྟོད་ཚར་གཅིག་བྱ། ཨུཥྞི་ཥའི་སྔགས་ལ། བཛྲ་ཧེ་རུ་ཀ ཞེས་པའི་གནས་གསུམ་དུ། བཛྲ་བཱ་ར་ཧཱི། ཞེས་པ་བཅུག་སྟེ་དྲག་ཏུ་བཟླའོ། །ཕག་མོ་ལས་བཅུའི་གཞུང་ན་གསང་འདུས་ཨུཥྞི་ཥའི་སྔགས་ལ། ཨུཥྞི་ཥ་ཙཀྲ་བཱརྟི། ཞེས་པའི་སྔོན་དུ། བཛྲ་བཱ་ར་ཧི། ཞེས་འདོན་པ་དང༌། སྟེང་འོག་གི་ཁྲོ་མོ་མཁའ་སྤྱོད་མ་དང་ས་སྤྱོད་མ་ཡིན་པར་མཛད་པས། སྤྱིར་ཇི་ལྟར་མོས་པ་དེ་བཞིན་དུ་བྱས་པས་ཆོག་ཀྱང༌། སྐབས་སུ་བབས་པ་ནི་འཁོར་ལོ་སྡོམ་པ་ཉིད་ཀྱི་བཤད་རྒྱུད་ལས་བྱུང་བ་ཡིན་པས། གོང་དུ་སྨོས་པའི་སྔགས་ལ་འདོན་པ་སྤོ་བར་བྱའོ། །ཡང་རྡོ་རྗེ་ཕག་མོའི་ཕྱིར་བཟློག་འདི་ལ། ཁྲོ་བོ་གཙུག་ཏོར་གོང་དུ་སྨོས་པའི་དཀར་པོ་ཞལ་གསུམ་ཕྱག་དྲུག་པར་སྒོམ་ནའང་ལེགས་ལ་གཙུག་ཏོར་འཁོར་ལོའི་བསྒྱུར་བའི་ཚབ་ཏུ་འཆི་མེད་རྡོ་རྗེ་ལྷ་མོ་སྒོམ་ནའང་ཤིན་ཏུ་ལེགས་པ་དང༌། རྡོ་རྗེ་ལྷ་མོ་ཁོ་ན་ལ་བརྟེན་ཏེ་ཕྱིར་བཟློག་བྱས་ཀྱང་རུང་བ་ཡིན་ནོ། །དེ་དག་གི་དོན་རྒྱས་པར་བདེ་མཆོག་ཁྲོ་བོ་རྣམ་རོལ་ཏུ་བཤད་ཟིན་པ་ལྟར་ཡང་ལེགས་པར་རྟོགས་ན་འཕྲིན་ལས་མཐའ་ཡས་བསྒྲུབ་ཏུ་རུང་ངོ༌། །ཞེས་པ་འཁོར་ལོ་བདེ་མཆོག་ཡབ་ཡུམ་ལ་བརྟེན་པའི་བསྲུང་བཟློག་གི་ངག་འདོན་ཡིག་ཆུང་འདི་ཡང༌། ཏཱ་ར་ནཱ་ཐས་སྨྲས་པའོ།། །།


TNT07_Page_1022
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

བདེ་མཆོག་ཁྲོ་བོ་རེག་ཚིག་བཞུགས།


TNT07_Page_1023
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ཁྲོ་བོ་རེག་ཚིག་བཞུགས།


TNT07_Page_1024
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཨོཾ་སྭ་བྷ་བ་ཤུདྡྷ་སྭཱ་བྷཱ་དྷརྨ་སྭབྷ་བ་ཤུདྡྷོ྅ཧཾ། རྡོ་རྗེའི་ས་གཞི་རྭ་གུར་མེ་དཔུང་དང་བཅས་པར་གྱུར། རྩ་གསུམ་རྡོ་རྗེའི་འཁོར་ལོའི་ར་བ་གསུམ་ཡང་གྲུབ། བྷྲུཾ་བྷྲུཾ་བྷྲུཾ་དབུས་སུ་འཁོར་ལོ་རྩིབས་བཅུ་པའི་རང་ཉིད་བདེ་མཆོག་ཁྲོ་བོ་རེག་ཚིག་ནག་པོ། གཡས་རྡོ་རྗེའི་རྩེ་ལ་མེའི་འཁོར་ལོ་རྩིབས་བརྒྱད་པ་དང༌། གཡོན་རྩེ་གསུམ་གྱི་རྩེ་ལ་རླུང་གི་འཁོར་ལོ་རྩིབས་བཞི་པས་བསྐོར་བ། ཞབས་གཡོན་བསྐུམ། གཡས་བརྐྱང་བས་འཇིགས་བྱེད་དུས་མཚན་མནན་པ། འཁོར་ལོ་དང་སྣ་ཚོགས་རྡོ་རྗེ་བརྩེགས་པས་སྤྱི་བོ་རུས་བརྒྱན་དང་དུར་ཁྲོད་ཆས་བརྒྱད་རྫོགས་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཏྲི་ཤུ་ལ་འཛིན་པས་འཁྱུད་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དཔྲལ་པར་བྷྲུཾ་དཀར་པོ། སྙིང་གར་ཧཱུཾ་སྔོན་པོ། ལྟེ་བར་ཨ་སེར་པོ། བོལ་དུ་ཏཾ་ལྗང་ཁུ། མིག་ལ་ཏྲཾ་དཀར་པོ།


TNT07_Page_1025
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་བར་ཧཱུཾ་སེར་པོ། སྣ་ལ་ཏྲི་དུད་ཁ། ལྕེ་ལ་ཨཱཿདམར་པོ། ལུས་ལ་ཁ་ལྗང་ཁུ། ཡིད་ལ་ཏུཾ་མཐིང་ཁའོ། །རྩིབས་བཅུ་ལ་རང་དང་འདྲ་བའི་ཁྲོ་བོ་ཁྲོ་མོ་སྤྲོས། ཨརྒྷཾ་ནས། ཤབྟའི་བར་གྱིས་མཆོད། ཁྲོ་བོ་རེག་ཚིག་སྟོབས་པོ་ཆེ། །མུན་པ་ལྟ་བུའི་སྐུ་འཛིན་ཞིང༌། །ཕཊ་ཀྱི་སྒྲ་འབྱིན་མེ་དཔུང་འབར། །མགོན་དུ་གྱུར་ལ་ཕྱག་འཚལ་བསྟོད། །ཨོཾ་བྷ་ཡ་ནཱ་ཤཱ་ནི། ཏྲ་ས་ནི། སརྦ་མཱ་ར། པྲ་ཏྱངྒི་ར་བི་ནཱ་ཤ་ཡ། ཡེ་ཀེ་ཙིཏྟ། དུཥྟནྶ་ཏྭ་མ་མ་བི་རཱུ་པ་ཀིཾ། ཀུརྦནྟི་ཏ་ནི། སརྦ་མཱ་ར། པྲ་དྱངྐ་རི། ནི་བ་ཏ་ཧཱུཾ་ཕཊ། མེ་རླུང་སྟེང་དུ་དགྲ་བགེགས་བྱད་མ་བཀུག །འཁོར་ལོ་འཁོར་བས་རྩིབས་ཀྱིས་གཏུབས་པར་བསམ་མོ་ཅི་ནུས་བཟླ་ཞེས་ཐལ་མོ་གདེང་ཞིང༌། དཀོན་མཆོག་གསུམ་གྱིས་བདེན་པའི་སྟོབས་ཀྱིས་སུ་གང་དག་བདག་ལ་སྡང་བའི་སེམས་ཅན་དགྲ་བགེགས་བྱད་མ་ཐམས་ཅད་ཀྱི་ལུས་བཅིང་པར་བགྱིའོ། །ངག་བཅིང་པར་བགྱིའོ། །ཡིད་བཅིང་བར་བགྱིའོ། །མཐུ་བརླག་པར་གྱུར་ཅིག །སྟོབས་བརླག་པར་གྱུར་ཅིག རྫུ་འཕྲུལ་བརླག་པར་གྱུར་ཅིག དེས་བསྒྲུབས་པའི་སྔགས་ཀྱི་དེ་ཉིད་བརླག་པར་ཅིག དེས་བསྒྲུབས་པའི་ལྷ་འདྲེ་དེ་ཉིད་ཀྱི་ཤ་ལ་ཟ་བར་གྱུར་ཅིགདེས་བྱས་པའི་སྦྱོར་བ་ཐམས་ཅད་དེ་ཉིད་ལ་བཟློག་པར་གྱུར་ཅིག སྣ་ཚོགས་རྡོ་རྗེ་དང་ཉི་ཟླའི་བར་དུ་བཏགས་པར་བསམ་ལ། ཐལ་མོ་བརྡབ། ཁྲོ་བོ་འབར་བའི་


TNT07_Page_1026
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་ཀྱིས། །དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །ལུས་ངག་ཐལ་བ་རྡུལ་དུ་རློགས། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །བགེགས་དང་ལོག་པར་འདྲེན་པ་རྣམས། གདུལ་དཀའ་འདུལ་ཕྱིར་དཔའ་བོ་ནི། །ཤིན་ཏུ་གཏུམ་པའི་ཁྲོ་གཟུགས་ཀྱིས། །མ་རུང་པ་རྣམས་ཚར་གཅོད་ཤོག །ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའང་ས་སྐྱོང་མིའི་དབང་པོ་གཞོན་ནུ་ཀུན་དགའ་རབ་བརྟན་དབང་གི་རྒྱལ་པོའི་ཐུགས་དམ་དུ་ཏཱ་ར་ནཱ་ཐས་སྨྲས་པའོ། །གཅིག་ཞུས། མངྒ་ལཾ།། །།