Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་གྱི་ཆོ་ག་དུད་རྩིའི་ཐིག་ལེ།
   


 
previousདཔལ་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་གྱི་ཆོ་ག་དུད་རྩིའི་ཐིག་ལེ།next

དཔལ་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་གྱི་ཆོ་ག་དུད་རྩིའི་ཐིག་ལེ།


TNT11_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་གྱི་ཆོ་ག་དུད་རྩིའི་ཐིག་ལེ་ཞེས་བྱ་བ་བཞུགས།


TNT11_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟཱི། དཔལ་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩི་ཐིག་ལེ་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཡེ་ཤེས་དབང་ཕྱུག་སྙིང་རྗེའི་བདུད་རྩི་ཡིས། །བདག་གི་སྙིང་ལ་དབུགས་དབྱུང་ཉེར་གནས་མཛོད། །གསང་སྔགས་རྒྱ་མཚོའི་ཕ་མཐའ་རིག་མིན་ཡང༌། །དམ་པའི་གསུང་གི་རྗེས་འབྲང་འདིར་རྩོལ་ཏེ། དད་དང་ཕན་པའི་བློ་ཅན་གྱིས། །བྱ་བ་འགའ་ལ་འཇུག་འགྱུར་བ། །དེ་ནི་ལེགས་སམ་ཉེས་ཀྱང་རུང༌། །དམ་པ་རྣམས་ཀྱིས་བཀག་པ་མེད། །རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་གྱི་ཆོ་ག་ཆེན་པོ་རྣམས་ཀྱིས་ཉེ་བར་སྦྱར་བ་དེ་དག་ལག་ལེན་ཏུ་འདེབས་དཀའ་བ་དང༌། འདི་ལ་རྩལ་འདོན་དུ་བྱེད་པ་ཡང་ཉུང་བའི་ཕྱིར་དུས་མཐའ་འདིར་གཞན་ལ་ཤིན་ཏུ་ཕན་པར་མ་མཐོང་ཞིང༌། མཁས་པར་མངོན་པའི་ང་རྒྱལ་ཅན་ཕྱིས་བྱུང་འགའ་ཞིག་གིས་མདོར་བསྡུས་སུ་སྦྱར་བ་འགའ་ཞིག་མཐོང་ཡང་ལྷག་ཆད་ནོར་བའི་སྐྱོན་མང་པོས་སྙིང་པོ་མེད་པར་བྱས་སྣང་བས། འདིར་དེ་དག་ལས་ཟློག་སྟེ་ཉུང་གསལ་འཁྱེར་བདེ་རང་གཞུང་དང་མཐུན་


TNT11_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ལྷག་ཆད་ནོར་བའི་སྐྱོན་དང་བྲལ་བར་བྱའོ། །འདི་ལ་བསྙེན་པའི་ཆོ་ག་ནི། ཡེ་ཤེས་དབང་ཕྱུག་མ་ལྷ་(《ཛ》+བཅུ་)གསུམ་མའམ། བསྡུ་ན་ལུགས་འདི་ཉིད་ཀྱི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱིས་ཀྱང་རུང་ལ། དེའི་རྗེས་སུ་ཡེ་ཤེས་དབབ་པའི་བསྙེན་པ་ནི། ཨོཾ་བཛྲ་སཏྭ་ཨཱ་བེ་ཤ་ཡ་ཨཱ། ཞེས་པའམ། ཨོཾ་ཡོ་ག་ཨཱ་བེ་ཤ་ཡ་ཨ། ཅེས་པ་འབུམ་ཕྲག་གསུམ་མོ། །ཡང་ན་ཨོཾ་མ་ཎི་གུ་རུ་དྲྀ་དྷ་ཙི་ལི་ཙི་ལི་ཧཱུཾ་ཕཊ། སུམ་འབུམ་བཟླས་ན་ལྟས་པ་ཙམ་གྱིས་འབེབས་ནུས་སོ། །ཨོཾ་མ་ཏ་ལི་ཧཱུཾ་ཕཊ། སུམ་འབུམ་བཟླས་ན་ཐོས་པ་ཙམ་གྱིས་སོ། །ཨོཾ་མ་ཏ་ལི་ཙིཏྟ་ཙ་ལི་ཏི་ཧཱུྃ་ཧཱུྃ་ཕཊ། འབུམ་གྱི་ཐག་རིང་དུ་གནས་པ་ལ་ཡང་ངོ༌། །ཨོཾ་བ་ཏ་ལི་བ་ཏ་ལི་ཧཱུྃ་ཕཊ། འབུམ་གྱིས་མིང་ཙམ་བརྗོད་པའི་ཡུལ་ལ་ཡང་ངོ༌། །ཨོཾ་བ་ཏ་ལི་བ་ཏ་ལི་ཧཱུྃ་ཕཊ། སུམ་འབུམ་བཟླས་པས། རྡོ་ཤིང་སོགས་བརྟན་པའི་དངོས་པོ་ལ་ཡང་ངོ༌། །དེ་ནས་རྫས་བསགས་ཏེ། ར་ནག་གི་ཚེ་བུ་བཞི་དང༌། ལྕེ་སྟེ་ཡན་ལག་ལྔ། གུ་གུལ་དང༌། ཚིལ་ཆེན་ཏེ་སྨན་བདུན་བདུད་རྩིའི་ཆུ་དང་སྦྱར་བ་ལ། རྡོ་རྗེ་


TNT11_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ས་བོན་མང་དུ་བཟླས་པའམ། ཡང་འོལ་མ་སི་དང༌། དྷ་ཏུ་ར་དང༌། ལྕགས་ཀྱུ་ལྔ་དང་གུ་གུལ་དང༌། མར་ནག་སོགས་སྦྱར་བ་ལྕེ་ལ་བཞག་རྒྱུ་ཡིན་ཏེ། དེ་ལྟར་ཡེ་ཤེས་འབེབས་པའི་རྫས་རྣམས་ཀྱང་བསྒྲུབ་པར་བྱའོ། །འདིར་སློབ་མ་རྗེས་བཟུང་ཡེ་ཤེས་འབེབས་པ་ལྟ་བུ་ཅིག་བཤད་ཀྱང༌། སྤྱི་དང་འདྲ་བར་བྱེད་པ་ལེགས་ཤིང༌། ས་ཆོག་ཀྱང་དཀྱིལ་ཆོག་མདོར་བསགས་ལས་སྤྱི་དང་མི་འདྲ་བ་འགའ་རེ་བཤད་ནའང༌། གསང་བ་སྤྱིའི་ཆོ་ག་ལྟར་བྱས་ན་ལེགས་སོ། །སྟ་གོན་ལ་ཇོན་དུ་འགྲོ་བ་ནི། སྒྲུབ་ཐབས་ནས་བཤད་པ་ལྟར་གྱི་ཡོ་བྱད་རྣམས་བཤམས། སྐྱབས་འགྲོ་ནས་བརྩམས་ཏེ་རྟེན་གྱི་དཀྱིལ་འཁོར་ཡང་རང་ལ་ཐིམ་གྱི་བར་བདག་བསྐྱེད་རྫོགས་པར་བསྒོམ། དེ་ནས་སའི་ལྷ་མོ་སྟ་གོན་ནི། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་བདེ་བ་ཆེན་པོའི་ཆར་ཡང་དུ་བཤད་པ་ལྟར་བྱ་ལ། དེ་ནས་ལྷ་སྟ་གོན་ནི་དཀྱིལ་འཁོར་གྱི་ས་གཞིར་སྐྱ་ཐིག་བཏབ་ལྷ་གནས་སུ་ཚོམ་བུ་བཀོད། མཐའ་མཆོད་གཏོར་གྱིས་བསྐོར། ཨོཾ་ཧཱུཾ་སྭཱཧཱ། ལན་བདུན་ནས། ཨོཾ་གུཾ་སྭཱ་ཧཱའི་བར་དུ་སྒྲུབ་ཐབས་ལྟར་མཆོད་པ་བྱིན་གྱིས་བརླབ། ཚོམ་བུ་ལ་དམིགས་ནས། ཨོཾ་ཛྙཱ་ན་ཌཱ་ཀི་ནི་ཧཱུཾ། ཨོཾ་ཡོ་གཱཾ་པ་ར་ཧཱུཾ། ཨོཾ་བཛྲ་ཌཱ་ཀི་ནི་སུཾ། ཨོཾ་གྷོ་རི་ཌཱ་ཀི་ནི་ཀྵུཾ། ཨོཾ་བེ་ཏ་ལི་ཌཱ་ཀི་ནི་ཡུཾ། ཨོཾ་ཙཎྜ་ལི་ཌཱ་ཀི་ནི་ཧཱུཾ། ཨོཾ་སིང་ཧ་ཌཱ་ཀི་ནི་། ཨོཾ་བྱ་གྷྲ་ཌཱ་ཀི་ནི༌། ཨོཾ་ཛ་མྦྷུ་ཀ་ཌཱ་ཀི་ནི་། ཨོཾ་ཨུ་ལུ་ཀ་ཌཱ་ཀི་ནི་། ཨོཾ་ཌཱ་ཀི་ནི་ཕུཾ། ཨོཾ་དཱི་པི་ནི་པྲེཾ། ཨོཾ་ཙཱུ་ཥི་ཎི་ཕྲོཾ། ཨོཾ་ཀཾ་པོ་ཛཾ་ཕྲེཾ། ཞེས་བརྗོད། མདུན་བསྐྱེད། ཨོཾ་ཧཱུཾ་སྭཱ་ཧཱས་


TNT11_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བསྲུང་བའི་འཁོར་ལོའི་ནང་དུ་ཡཾ་ལས་རླུང་ཞེས་པ་ནས་ཉི་མའི་གདན་རེ་རེའོ། །དབུས་ཀྱི་གདན་གྱི་སྟེང་དུ་ཡེ་ཤེས་མཁའ་འགྲོ་མ་ཞེས་པ་ནས། སེམས་པའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ཤར་དུ་རྡོ་རྗེ་མཁའ་འགྲོ་མ་ཟླ་བའི་མདོག་ཅན། བྱང་དུ་དྲག་མོ་མཁའ་འགྲོ་མ་གསེར་གྱི་མདོག་ཅན། ནུབ་ཏུ་རོ་ལངས་མཁའ་འགྲོ་མ་བྱི་རུའི་མདོག་ཅན། ལྷོར་གདོལ་པ་མོ་མཁའ་འགྲོ་མ་བུང་བུའི་མདོག་ཅན་ཞེས་པ་ནས་ཐོད་པ་བསྣམས་པའོ། །བྱང་ཤར་དུ་སེང་གདོང་མ་གཡས་སེར་གཡོན་དཀར་བ། ཤར་ལྷོར་སྟག་གདོང་མ་གཡས་དཀར་གཡོན་སྔོ་བ། ལྷོ་ནུབ་ཏུ་ཅེ་སྤྱང་གདོང་མ་གཡས་སྔོ་གཡོན་དམར་བ། ནུབ་བྱང་དུ་འུག་གདོང་མ་གཡས་དམར་གཡོན་སེར་བ་ནས་སྡིག་མཛུབ་མཛད་པ། ཤར་སྒོར་རྒྱལ་དབང་མ་ནས། དྲག་ཏུ་རྒོད་པ། བྱང་སྒོར་ནས་གནས་པ། ནུབ་སྒོར་ནས་གསོལ་བ། ལྷོ་སྒོར་འཕྲོག་བྱེད་མ་ནས་ཡོངས་སུ་བསྐོར་བའོ། །རང་གི་སྙིང་ཀའི་ས་བོན་ལས། འོད་ཟེར་ནས། རྡོ་རྗེ་རྩེ་ལྔ་པས་མཚན་པར་གྱུར་གྱི་བར་ཡེ་ཤེས་དགུག་གཞུག་དང༌། དབང་བསྐུར་རྒྱས་གདབ་བྱའོ། །ཨོཾ་ཧ་ཧོ་ཧྲཱི་སྭཱཧཱས་མཆོད་པ་བྱིན་གྱིས་བརླབ་བ་ནས། བདུད་རྩི་མྱང་བ་རྫོགས་ཀྱི་བར། སྒྲུབ་ཐབས་ལྟར་བྱས་ནས་གསོལ་


TNT11_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

བ་གདབ་པར་བྱ་སྟེ། ཡེ་ཤེས་དབང་ཕྱུག་བཅོམ་ལྡན་འདས། །རིག་པའི་རྒྱལ་པོ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་རྣམས་ལ་ཕན་པ་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བདག་མིང་རྡོ་རྗེ་ཆེ་གེ་མོ། །ནངས་པར་དཀྱིལ་འཁོར་བྲི་བར་འཚལ། རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་ལན་གསུམ་མོ། །ཨོཾ་བཛྲ་ཨུ་ཏིཥྛ་ཞེས་དཀྱིལ་འཁོར་ནམ་མཁར་བཏེགས་ལ། ཨརྒྷཾ་ནས། ཤབྟའི་བར་གྱིས་མཆོད། སེམས་ཅན་སྒྲོལ་བྱེད་སོགས་ཀྱིས་བསྟོད། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཇི་སྲིད་སྤྱན་མ་དྲངས་ཀྱི་བར་དུ་མདུན་གྱི་ནམ་མཁར་བཞུགས་ལ། བདག་ཅག་སློབ་མར་བཅས་ལ་བསྲུང་བ་དང༌། ནངས་པར་དཀྱིལ་འཁོར་ཆེན་པོ་བྱིན་གྱིས་བརླབ་པའི་འཕྲིན་ལས་མཛད་དུ་གསོལ། ཅེས་བརྗོད་དོ། །བུམ་པ་ལ་སོགས་པ་རྫས་སྟ་གོན་ནི་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་བུམ་པ། ཤར་དུ་ཐིག་སྐུད། ལྷོར་རྡོ་རྗེ། བྱང་དུ་དྲིལ་བུ། ནུབ་ཏུ་བདུད་རྩི་ལྔས་གང་བའི་དུང་ཆོས། མཚམས་བཞི་དང་བུམ་པའི་མདུན་ངོས་དེ་སྔར། ཚོན་རྩི་ལྔ་བཞགམཐའ་མཆོད་པས་བསྐོར། བསང་སྦྱངས། སྟོང་པའི་ངང་ལས། པཾ་ལས་སྣ་ཚོགས་པདྨ་དང༌། ཨ་ལས་ཟླ་བའི་གདན། དེའི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་


TNT11_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ཀྱི་གོས་ཟུང་དང་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་རྣམ་རྒྱལ་བུམ་པའི་ནང་དུ། དག་པའི་ཆུ་བོ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་དཀར་མོ་མཆོག་གི་འོད་ཟེར་འཕྲོ་བ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས། རང་སྣང་གི་ཡབ་ལ་འཁྱུད་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛ། ཨོཾ་ཤྲིཾ་སྭཱཧཱ། ཨོཾ་ཧཱུཾ་སྭཱཧཱ། ཨོཾ་ཀུཾ་སྭཱཧཱ། ཨོཾ་ཀྵུཾ་སྭཱཧཱ། ཨོཾ་ཨིཾ་སྭཱཧཱ། ཨོཾ་གུང་སྭཱཧཱ། ཅེས་པས་མཆོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་ཁུ་ཚུར་གཉིས་ལས་འཛུབ་མོ་གཉིས་སྦྱར་བའི་ཕྱག་རྒྱ་སྙིང་གར་བཞག་ལ། ཨོཾ་ཨཱཿསྭཱཧཱ། ཞེས་དམ་ལ་བཞག།བཟུང་ཐག་ནས་བཟུང་བའམ། ལག་པ་གཡས་པས་བཟུང་བའི་རྡོ་རྗེའི་བུམ་པའི་ཁར་རེག་ལ། }གས་དེ་ཉིད་བརྒྱ་རྩ་བཟླའོ། །དེ་ནས ཨོཾ་ཧཱུཾ་སུཾ་ཀྵུཾ་ཡུཾ་ཧཱུཾ་སྭཱཧཱ། ཞེས་བརྒྱ་རྩ་དུང་ཆོས་ལ་བཟླ། དེས་རྡོར་དྲིལ་དང་སྐུད་པ་ལ་བསངས་གཏོར་བྱས་ལ། ཨོཾ་ཧཱུཾ་སྭཱཧཱ། བརྒྱ་རྩས་དེ་རྣམས་བྱིན་གྱིས་བརླབས། ཨོཾ་སྭཱཧཱ། བརྒྱ་རྩས་ཚོན་རྩི་ལ་སོགས་པ་བྱིན་གྱིས་བརླབ་བོ། །དེ་ནས་གཏོར་མ་བཤམས་ཏེ། ཨོཾ་སརྦ་བི་མ་ལ་ཞེས་པ་ནས་ཛཿཧཱུཾ་ཕཊ་སྭཱཧཱའི་བར་དང༌། བཀྲ་ཤིས་ཀྱི་བར་དུ་མངོན་རྟོགས་བཞིན་གཏོར་འབུལ་བྱའོ། །དེ་ནས་སློབ་མ་སྟ་གོན་ནི། སློབ་མ་ཁྲུས་བྱས་དེས་མཎྜལ་ཕུལ་བསང་ཆུས་བསངགཏོར་བྱ། སྤྲོ་ན་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་བསྐྱེད་པ་དང༌།


TNT11_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ང་རྒྱལ་ལ་གནས་པས་ནང་དབང་བསྐུར་བ་ཡང་བྱ། མདོར་བསྡུས་སུ་ན་དེ་མེད་ཀྱང་ཆོ་ག་གང་ལྟར་ཡང༌། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ་སོགས་སྤྱི་དང་མཐུན་པ་ལན་གསུམ་གྱིས་གསོལ་བ་བཏབ། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཞེས་སོགས་མངོན་བྱང་ལས་འབྱུང་བའི་ཚིག་གིས་སྤྲོ་བ་བསྐྱེད། བདག་གིས་སྡིག་པ་བགྱིས་པ་དང༌། །སོགས་ཀྱིས་བཤགས་པ་དང༌། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །སོགས་ཡི་རང་དང༌། སེམས་བསྐྱེད་མངོན་པར་སངས་རྒྱས་ནས་སོགས་སྐྱབས་འགྲོ་དང༌། སངས་རྒྱས་འབྱུང་བ་ཇི་ལྟ་བར་སོགས་སེམས་བསྐྱེད་དང༌། བདག་གིས་དགེ་བའི་ལས་རྣམས་ཀྱིས། །སོགས་བསྔོ་བ་རྣམས་བྱས་ལ། སློབ་མ་ཡེ་ཤེས་དབང་ཕྱུག་མ་དཀར་མོ། ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པའི་སྐུར་གྱུར། གནས་གསུམ་དུ་བདུད་རྩི་ཐིག་ལེ་བྱས་ལ། ཨོཾ་བཛྲ་ཙི་ཏ་ཧཱུཾ། ཨོཾ་བཛྲ་ཝཱ་ཀྱ་ཨཱཿ ཨོཾ་བཛྲ་ཀཱ་ཡ་ཧོཿ ཞེས་བརྗོད། མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་ཕུལ། ཨོཾ་ཨཿཛི་ཏ་སཾ་རྦརྟ་ནི་ཧཱུཾ་ཞེས་ལན་བདུན་བསྔགས་པའི་སོ་ཤིང་སྦྱིན་ལ། སྤྱི་དང་མཐུན་པར་དོར། ཨོཾ་སརྦ་བི་མ་ལ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ། ཞེས་འཁྱོར་ཆུ་སྦྱིན། སྲུང་སྐུད་དང་ཀུ་ཤ་སྤྱི་དང་མཐུན། སངས་རྒྱས་ཆོས་དང་དགེ་འདུན་ལ། །ཅེས་པ་ནས། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་པའི་བར། རྗེས་ཟློས་ལན་གསུམ་གྱིས་སྡོམ་པ་བཞིན། སྤྲོ་བ་བསྐྱེད་པ་ནི། །ཐེག་པ་ཆེན་པོ་འབྲས་འབྱུང་བའི། །ལམ་


TNT11_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དཔལ་དང་ལྡན་པ་འདི། ཁྱེད་རྣམས་རྣམ་པར་གྲོལ་བ་ཡི། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །མཚམས་མེད་ལྔའི་ལས་ཅན་ཡང༌། །ཚོན་རྩི་མཐོང་བས་གྲོལ་བར་འགྱུར། །དཀྱིལ་འཁོར་ཞུགས་དང་དབང་བསྐུར་བ། །གཙང་མའི་གནས་སུ་སྐྱེ་བར་འགྱུར། །སྦྱིན་བདག་ལས་ཅན་རྣལ་འབྱོར་པས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཇི་བཞིན་ལམ་འདི་རྡོ་རྗེ་ཉོན། །མཉམ་པར་བཞག་པས་གཙུག་ལག་འདིའི། །ཡི་གེ་དང་ནི་ཚིགས་བཅད་ཙམ། །གང་དག་ཉན་བྱེད་དེ་དག་ནི། །མཐོ་རིས་ལོངས་སྤྱཽད་ཐོབ་འགྱུར་བའམ། ཡང་ན་འཁོར་ལོ་བསྒྱུར་བའོ། །ཞེས་པའམ། འཇིག་རྟེན་དུ་ནི་ཀུན་མཁྱེན་དགཅེས་སོགས་སྤྱི་དང་མཐུན་པར་བརྗོད་ཀྱང་རུང༌། དེ་ནས་རྨི་ལམ་བརྟག་ཅིང་ངན་ན་སྲུང་བ་ནི་སྤྱི་དང་འདྲའོ། །དེ་དག་ནི་སྟ་གོན་དུ་གནས་པའི་སྐོར་རོ། །དེ་ནས་སྔར་གྱི་ཐིག་སྐུད་སྣོད་གཙང་མར་བཞག་ལ། བསངས་སྦྱངས། ཨོཾ་སུཾ་ཀྵུཾ་ཡུཾ་ཧཱུཾ་རྣམས་ཡོངས་སུ་གྱུར་བ་ལས། ཐིག་སྐུད་རེ་རེ་ཡང་ལྷ་མོ་དགུ་དགུའི་བདག་ཉིད་དུ་གྱུར། ཧུཾ་ཧུཾ་ཧུཾ་ཞེས་སྐུད་པ་བསྒྲིལ་ཞིང་བརྐྱང་ལ། མཐར་ཐལ་མོ་ཁ་སྦྱོར་དུ་བཟུང་སྟེ། ཨོཾ་ཨ་ཨཱ་ཨཱཿཨཾ་ཧཱུཾ་སྭཱཧཱ། ཞེས་ལན་མང་དུ་བཟླས་ཤིང་བྱིན་གྱིས་བརླབ་ལ་ཐིག་གདབ་པར་བྱའོ། །ཐིག་གི་བྱ་བ་རྫོགས་པ་ན་རྡུལ་ཚོན་ལྔ་པོ། ཧཱུཾ་སུཾ་ཀྵུཾ་ཡུཾ་ཧཱུཾ་རྣམས་ལས་བྱུང་བའི་ཚོན་སྣ་ལྔ་པོ་ལྷ་མོ་ལྔའི་ངོ་བོར་གྱུར། ས་བོན་ལྔ་པོ་དེ་


TNT11_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལན་མང་དུ་བཟླས་ཏེ། སློབ་དཔོན་གྱིས་དང་པོར་རྡུལ་ཚོན་དགྱེ་ཞིང༌། ཕྱི་ནས་སློབ་མ་རྣམས་ཀྱིས་ཀྱང་ངོ༌། །ཐིག་དང་ཚོན་གྱི་མཚན་ཉིད་ནི་གཞན་དུ་འབྲི་བར་འགྱུར་རོ། །ཐིག་མཚོན་གྱི་བྱ་བ་སྤྱི་དང་མཐུན་པར་བྱས་ཀྱང་རུང་མོད་ཀྱི། །གོང་དུ་བཤད་པ་ཉིད་ལུགས་འདིའི་སྒོས་ཆོས་སུ་བཤད་པའི་ཕྱིར། འདི་ཁོ་ན་ལྟར་བྱའོ། །དེ་ནས་རྒྱན་དགོད་པ་ནི་སྤྱི་དང་འདྲ་བ་ལས་ཁྱད་པར་དུ་ཤར་དུ་སེང་གེ བྱང་དུ་རྨ་བྱ། ནུབ་ཏུ་ངང་པ། ལྷོར་ཆུ་སྲིན་གྱིས་མཚན་པ་གཉིས་གཉིས་ཏེ་རྒྱལ་མཚན་བརྒྱད་དང༌། ཤར་དུ་རྒྱལ་དང་བཀྲ་ཤིས། བྱང་དུ་དངོས་གྲུབ་དང་རྫུ་འཕྲུལ། ནུབ་ཏུ་རྒྱལ་བ་དང་རྣམ་རྒྱལ། ལྷོར་གྲུབ་པ་དང་འཇིགས་པ་སྟེ། བུམ་པ་བརྒྱད་འགོད་པར་བཤད་ཅིང༌། དངོས་སུ་མེད་ན་ཡིད་ཀྱིས་བྱའོ། །དེ་ནས་དཀྱིལ་འཁོར་སྲུང་བ་ནི་ཧཱུཾ་ཞེས་སྔོན་དུ་འགྲོ་བས་བཤད་ནས་བཛྲ་ཌཱ་ཀི་ནི་ཨཱཿཧཾ་ཨོཾ་ཧཱུཾ་ཧ་ན་ཧ་ན་མཱ་ར་ཡ་དུཥྟཱ་ན་གྷཱ་ཏ་ཡ་གྷཱ་ཏ་ཡ་ཨཿཨཿཧཱུཾ་ཧྲཱི་ཕཊ། བྱང་ནས་གྷོ་རི་ཌཱ་ཀི་ནི་ཨཱཿཧཾ། ཨོཾ་ཧཱུཾ་ཨཿཕཊ། ནུབ་ནས་བཻ་ཏཱ་ལི་ཌཱ་ཀི་ནི་ཨཱ་ཧཾ། ཨོཾ་ཧཱུཾ་ཨཱཿཕཊ། ལྷོ་ནས་ཙནྜ་ལི་ཌཱ་ཀི་ནཱི་ཨ་ཧ། ཨོཾ་ཧཱུཾ་ཨཾ་ཕཊ། སླར་ཡང་དབུས་སུ་བསམ་ནས་ཤར་ནས། ཛྙཱ་ན་ཌཱ་ཀི་ནི་ཨཱ་ཧི། ཨོཾ་ཧཱུཾ་ཧ་ན་སོགས་གོང་བཞིན་སྤྲོས་པ་ལ་དགའ་ན་སྐབས་འདིར་སྟང་སྟབས་བཅུ་བཞི་བྱའོ། །སེམས་མ་རྡོ་རྗེ་མའི་ཕྱག་རྒྱས་བསྐོར་ཏེ། ཨོཾ་ཧཱུཾ་ཕུ་ཕཊ། རྡོ་རྗེ་གུར་དུ་གྱུར། རྡོ་རྗེ་བསྡམས་པ་ལས་མཐེ་བོང་དང་མཐེ་ཆུང་གཉིས་བསྒྲིག་ཏེ་བརྐྱང་བ་བསྐོར་ཏེ། ཨོཾ་ཛཾ་བྷ་ནི་ཧཱུཾ་ཕཊ། རྡོ་རྗེ་རྭ་བར་གྱུར་ལག་པ་


TNT11_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གན་རྐྱལ་དུ་བརྐྱང་བ་རྩེ་སྤྲད། སའི་གནས་ལྔར་བརྡབས་ཏེ། ཨོཾ་ཛུཾ་ཕཊ། ས་འོག་རིམ་པ་བདུན་དུ་ཕུག་པས་བགེགས་རྣམས་ཀྱིས་སྙིང་གར་ཕུར་བུས་གདབ་ཅིང༌། རྡོ་རྗེའི་ས་གཞི་བཅིངས་པར་འགྱུར། དེ་ནས་དངོས་གཞི་སྒྲུབ་པའི་ཆོ་ག་ལ་གཉིས་ལས། དང་པོ་བུམ་པ་སྒྲུབ་པ་ནི། བུམ་པ་བཅུ་བཞིའམ་བརྒྱད་འབྱོར་ན་རབ་སྟེ། ལྷ་མོ་བཅུ་གསུམ་དང་ལས་ཐམས་ཅད་པ་སྟེ་བཅུ་བཞི་དང༌། ཡང་ན་བཀྲ་ཤིས་བུམ་པའི་ནུབ་ཀྱི་རྣམ་རྒྱལ་དུ་གཙོ་བུམ་དང༌། རོ་ལངས་མའམ་སེངྒེ་མ་ལ་ལས་བུམ་འཚོལ་བ་ཡིན་ནོ། །འོན་ཀྱང་དེང་སང་ལག་ལེན་བུམ་པ་གཉིས་ལ་བྱེད་པས། སྤྱི་དང་མཐུན་པར་བཀོད་ལ། བསངས་སྦྱངས། བུམ་པ་གོང་བཞིན་བསྐྱེད་ནས། ཨོཾ་ཏཱ་པ་ཏེ་ཏཱ་པ་ཏེ་མ་ཧཱ་ཏཱ་པ་ཏེ་ཧཱུཾ་སྭཱཧཱ། ལན་བདུན་ལྷའི་ཆུ་བོ་དལ་གྱི་འབབ་པར་གྱུར། གཡོན་པའི་མཐེ་བོང་དང་མཐེའུ་ཆུང་རྩེ་སྦྱར་བུམ་པ་ལ་རེག་ཚུལ་བྱེད་ཅིང༌། ཨོཾ་ཧཱུཾ་སུཾ་ཀྵུཾ་ཡུཾ་ཧཱུཾ་སྭཱཧཱ། ཞེས་ལན་བདུན་བཟླས་ཤིང༌། བསྡུ་ན་ལྷའི་རྣམ་པ་བསྐྱེད་པ་མེད་པར་སྔགས་བཟླས་པ་ཙམ་ཀྱིས་ཀྱང་ཆོག་མོད་ཀྱི། བླ་མ་གོང་མ་རྣམས་ཀྱི་ལག་ལེན་ལྟར་ན། རྣམ་རྒྱལ་བུམ་པའི་དབུས་སུ་ཡེ་ཤེས་མཁའ་འགྲོ་མ་ཞེས་པ་ནས་ཐོད་པ་བསྣམས་པའོ། །བྱང་ཤར་དང་ལས་བུམ་དུ་སེང་གདོང་མ་ཞེས་པ་ནས། རྡོ་རྗེ་རྩེ་ལྔ་པས་མཚན་པར་གྱུར༴ གྱི་བར་ལྷ་སྟ་གོན་གྱི་སྐབས་བཞིན་ཡིན་ནོ། །དེ་ནས་གཟུངས་ཐག་ནས་བཟུང༌། ཨོཾ་ཧཱུཾ་སྭཱཧཱ། ཞེས་པ་ཉིད་ཅི་འགྲུབ་དང༌། དམ་བརྒྱའི་སྐབས་སུ་བཤད་པའི་སྔགས་སམ། ལྷ་རྣམས་


TNT11_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འབྱིན་སྔགས་གང་རུང་གི་སྒོ་ནས། འཁོར་གྱི་བཟླས་པ་ཡང་ཅི་འགྲུབ་བྱས་ཏེ། མཐར་མངོན་རྟོགས་བཞིན་མཆོད་པ་བྱིན་གྱིས་རླབས། ཨོཾ་ཤྲཱིཾ་སྭཱཧཱ། ལ་སོགས་པས་མཆོད། སེམས་ཅན་སྒྲོལ་བྱེད༴ སོགས་ཀྱིས་བསྟོད་ནས། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་༴ སོགས་ཀྱིས། བཟོད་པར་གསོལ་མཆོད་ཡོན་ཕུལ། ལྷ་རྣམས་འདོད་ཆགས་ཆེན་པོའི་མེས་ཡེ་ཤེས་ཀྱི་བདུད་རྩི་ཞུ་བར་གྱུར། ཞེས་བརྗོད་དོ། །གཉིས་པ་དཀྱིལ་འཁོར་བསྒྲུབ་པ་ལ། བདག་བསྐྱེད་དང་མདུན་བསྐྱེད་གཉིས་ལས་དང་པོ་ལ་དཀྱིལ་ཆོག་སྙིང་པོ་མདོར་བསགས་ལས། རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས། རྡོ་རྗེ་སེམས་དཔའ་གཙོ་རྐྱང་གིས་ཆོག་པའི་ལུགས་ཡོད་ཀྱང༌། ཡེ་ཤེས་དབང་ཕྱུག་མའི་དཀྱིལ་འཁོར་ལ་དེ་མི་འགྲིག་ཅིང༌། བོད་དུ་འགྱུར་བའི་རྒྱུད་འདི་ལ་བླ་མ་གོང་མ་རྣམས་ཀྱི་མན་ངག་ལྟར། དཀྱིལ་འཁོར་ཡོངས་རྫོགས་སྒོམ་པ་ཉིད་ལེགས་པས་དེའི་དབང་ལྟར་བྱས་ནས་བཤད་པར་བྱའོ། །མཁའ་འགྲོ་སྤྱི་གཏོར་གྱི་སྒོ་ནས་སྔོན་འགྲོ་གཏོར་མ་བཏང་གནས་ཡོ་བྱིན་གྱིས་བརློབ་པ་ཡང་བྱ་སྟེ། སེངྒེ་མའི་སྔགས་ཀྱིས་བསང་བ་ལས་གཞན་སྡོམ་པའི་ཆོ་ག་སོགས་སྤྱི་དང་འདྲའོ། །དེ་རྗེས་སྐྱབས་འགྲོ་ནས་བརྩམས་ཏེ། དཀྱིལ་འཁོར་ཉེར་བསྡུའི་བར་རྫོགས་པར་བསྒོམ། སླར་ཡང་ཐུན་མཚམས་ཀྱི་ལྷ་སྐུར་ལངས་པར་གྱུར། གཉིས་པ་མདུན་བསྐྱེད་ནི། བསངས་སྦྱངས་སྟོང་པའི་ངང་ལས། ཧཱུྃ་ལས་བྱུང་བའི་བསྲུང་བའི་འཁོར་ལོའི་ནང་དུ་ཡུཾ་ལས་རླུང་གི༴ ནས་ཉི་མའི་གདན་རེ་རེའོ། །དབུས་ཀྱི་གདན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ།


TNT11_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞིར་སུཾ་ཀྵུཾ་ཡུཾ་ཧཱུཾ་རྣམས་ལས་བྱུང་བའི་ཁ་ཊཱཾ་ག་མཚམས་བཞིར་རྣམས་ལས་བྱུང་བའི་ལྕགས་ཀྱུ་སྒོར་བཞིར་ཕུཾ་ཕྲེཾ་ཕྲོཾ་ཕྲིཾ་རྣམས་ལས་བྱུང་པའི་རང་རང་གི་ཕྱག་རྒྱ་རྣམས་ཡོངས་སུ་གྱུར་པ་ལས་དབུས་ཀྱི་གདན་གྱི་སྟེང་དུ། ཡེ་ཤེས་མཁའ་འགྲོ་མ་སྔོན་མོ༴ ཞེས་པ་ནས། ཡོངས་སུ་བསྐོར་བའོའི་བར་ལྷ་སྟ་གོན་དང་བུམ་བསྐྱེད་ཀྱི་སྐབས་བཞིན་ནོ། །ཨོཾ་བཛྲ་ཀཱ་ཡ་ཧཱུཾ་ནས་རྡོ་རྗེ་རྩེ་ལྔ་པས་མཚན་པར་གྱུར༴ གྱི་བར་ཡང་སྒྲུབ་ཐབས་བཞིན་ནོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྟ་གོན་གྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨོཾ་སྭཱ་ཧཱས་བསངས། ཨོཾ་ཤྲིཾ༴ སོགས་ཀྱིས་མཆོད། སེམས་ཅན་སྒྲོལ་བྱེད༴ སོགས་ཀྱིས་བསྟོད། ཛཿཧཱུཾ་བཾ་ཧོཿལན་བཅུ་དྲུག་སོགས་ཀྱིས་གཉིས་སུ་མེད་པར་བསྲེའོ། །འདིར་མདོར་བསགས་ཀྱི་ཆོ་ག་འགྱུར་སྔ་ཕྱི་གཉིས་ལ་འགྱུར་ཁྱད་ཙམ་མ་ཡིན་པར་རྒྱ་དཔེ་རང་ལས་དོན་གཏན་ནས་མི་འདྲ་བར་ཤིན་ཏུ་ཁྱད་ཆེ་བར་སྣང་བས། སྤྱིར་ཡིད་བརྟན་དཀའ་བ་ཙམ་ཡིན་ནའང༌། འདིར་སྦྱར་བ་ནི། བླ་མ་གོང་མ་རྣམས་ཀྱི་མན་ངག་ཡིན་པ་ལས། མདོར་བསགས། འགོས་འགྱུར་དང་ཕལ་ཆེར་མཐུན་ལ། དེ་ཉིད་བླ་མེད་ཀྱི་དཀྱིལ་ཆོག་ཕལ་ཆེར་དང་ཡང་མཐུན་པའི་ལེགས་པར་ཡང་མངོན་ནོ། །འགྱུར་རྙིང་ལས་ནམ་མཁའི་ལྷ་འབེབས་པ་ཁོ་ན་ལས་གཞན་མ་བཤད་དེ། རྒྱུད་སྡེ་འོག་མའི་ཆོ་ག་འགའ་ཞིག་དང་འདྲ་རུང་ཙམ་མོ། དེའི་རྗེས་སུ་མཆོད་པའི་བྱ་བ་ནི་མཆོད་པ་བཟང་རྒྱས་སུ་བཤམས། བསྡུ་ན་སྒྲུབ་ཐབས་སུ་བྱུང་བའི་


TNT11_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བསྟོད་བདུད་རྩི་མྱང་བ་ཙམ་གྱིས་ཀྱང་ཆོག་ལ། ཅུང་ཟད་རྒྱས་པར་བྱེད་ན། དྭངས་ཤིང་དྲི་མེད་ཡིད་འོང་བའི༴ སོགས་དང༌། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། སྣ་ཚོགས་ལྷ་ཡི་དྲི་ཞིམ་པ༴ སོགས། ཨོཾ་པྲ་ཏཱིཙྪ་སུ་གནྡྷེ་ཧཱུཾ་སྭཱཧཱ། ཨོཾ་ལྷ་ཡི་མེ་ཏོག་ཤིན་ཏུ་དམར༴ སོགས། ཨོཾ་པུཥྤེ་མཱ་ལེ་ཧཱུཾ་སྭཱཧཱ། ཨོཾ་ཙནྡན་ག་བུར་སོགས། ཨོཾ་དྷཱུ་པེ་ཤྭ་རི་ཧཱུཾ་སྭཱཧཱ། ཨོཾ་མར་མེ་འོད་ཟེར༴ སོགས། ཨོཾ་ཏཱིཀྵ་ཎཱ་དཱི་པེ་ཧཱུཾ་སྭཱཧཱ། ཨོཾ་ཁ་དོག་དྲི་དང་༴ སོགས། ཨོཾ་ཀུ་རུ་ཀུ་རུ་མཧཱ་བ་ལི་ཧཱུཾ་སྭཱཧཱ། ཨོཾ་པ་ཊ་ཧ་དང་༴ སོགས། ཨོཾ་བཛྲ་ཤབྟ་ཨཱཿཧཱུཾ། དེ་ནས་གོས་ཟུང་སྤྱི་དང་མཐུན་པར་འབུལ། ཏེ་ན་ཧཱུཾ་ཏེ་ན་ཧཱུཾ་ཏེ་ན་ཏེ་ཏེ་ཧཱུཾ༴ ཞེས་པའི་སྐབས། ལྟེ་སྙིང་དཔྲལ་བ་རྣམས་སུ་པད་སྐོར་བྱས་ལ། སླར་སྙིང་གར་ཕབ། ཧཱུཾ་ཧཱུཾ༴ ཞེས་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་ཅིང་སྒེག་པའི་ཚུལ་དུ་བྱ། དེ་ཉིད་ཐམས་ཅད་ཀྱི་སྔོན་ཏུ་འགྲོ་བའི། པི་ཝཾ་ཚུལ་གྱི་བསྒྲེང་བས་དང༌། བཛྲ་བཱི་ནི། པི་ཝཾ་གི་ཚུལ་དང༌། གླིང་བུའི་ཚུལ་གྱིས་འབུད་པ་དང༌། བཛྲ་ཝཾ་སེ། གླིང་པུའི་ཚུལ་ལོ། །བཛྲ་ཤང་ཁ་རྡོ་རྗེ་ཁུ་ཚུར་གྱི་མཐེ་ཆུང་རྩེ་སྦྱར་བ་དུང་གི་ཚུལ་ཁར་བཞག་གོ །སིལ་ཁྲོལ་ཚུལ་གྱིས་བསྡེབ་པ་དང༌། བཛྲ་ཛ་ལ་ཧ་རི། མཁར་རྔ་བརྡུང་བའི་ཚུལ་ལོ། །ཕྱག་འཚལ་ཚུལ་གྱིས་འདུད་པ་དང༌། །བཛྲ་བནྡྷི་དཔྲལ་བར་ཐལ་མོ་སྦྱར་བའོ། །རྔ་ཡབ་ཚུལ་གྱིས་གཡོབ་པ་དང༌། །བཛྲ་ཙ་མ་ར། ལག་པ་གཡས་བརྐྱང་སྟེ་བསྐྱོད་པའོ། །རྒྱལ་མཚན་ཚུལ་གྱིས་བསྒྲེང་བ་དང༌། བཛྲ་དྷྭ་ཛ་ལག་གཉིས་


TNT11_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་བསྒྲེང་བ། བླ་བྲེའི་ཚུལ་གྱིས་བྲི་བ་དང༌། བཛྲ་བི་ཏ་ན་རྡོ་རྗེ་ཁུ་ཚུར་གྱི་འཛུབ་མོ་བརྐྱང་བས་ངོས་གཉིས་སུ་བླ་རེ་བྲི་བའི་ཚུལ་ལོ། །བ་དན་ཚུལ་གྱིས་འཕྱར་བ་དང༌། །བཛྲ་པ་ཏང་གི གཡོན་པའི་མཛུབ་མོ་སྒྲེང་བ་ལ། གཡས་པའི་གོང་མཛུབ་བསྒྲེང་བས་བསྐོར་བ་དང༌། གདུགས་ཀྱི་ཚུལ་གྱིས་དགབ་པ་དང༌། བཛྲ་ཚ་ཏྲང་གགཡོན་དེ་དང་འདྲ་བ་ལས་གཡས་ཀྱི་ལག་མཐིལ་བཀབ་བའོ། །རྔ་ཟླུམ་ཚུལ་གྱིས་བརྡེབ་པ་དང༌། བཛྲ་མུ་ར་ཛེཾ། རྔ་སྟེང་ནས་བརྡུང་བའི་ཚུལ་ལོ། །རྫ་རྔའི་ཚུལ་གྱིས་བརྡུང་བ་དང༌། བཛྲ་པ་ཊ་ཧ། བློ་གཉིས་ནས་བརྡུང་བའི་ཚུལ་ལོ། །གར་གྱི་ཚུལ་གྱིས་ཡན་ལག་བསྐྱོད། །བཛྲ་ཎི་ཏ། གར་གྱི་ཚུལ་བྱའོ། བཞད་པའི་ཚུལ་གྱིས་འཛུམ་པ་དང༌། བཛྲ་ཧ་སྱེ། རྒོད་པའི་ཚུལ་ལོ། །སྒེག་པའི་ཚུལ་གྱིས་སྒེག་པ་དང༌། བཛྲ་བ་ལི་སྱ་བརླ་གཡོན་པའི་སྟེང་དུ་ལག་མཐིལ་ཁ་སྦུབ་དུ་བཞག་པ་དང༌། ལག་གཉིས་རྣ་བའི་ཐད་དཀར་ཕྱར་རོ། ཁྲོ་བོའི་ཚུལ་གྱིས་འཇིགས་པ་དང༌། བཛྲ་ཨུ་གྲ རྡོ་རྗེ་བསྡམས་པ་སར་བཞག་པའོ། །མདའ་འཕེན་ཚུལ་གྱིས་དྲང་བ་བྱ། བཛྲ་ཤཱ་ར་གཡོན་གྱི་ཕྱོགས་སུ་མདའ་འཕང་བའི་ཚུལ་ལོ། །རྡོ་རྗེ་གསོར་ཞིང་ཕྱག་འཚལ་ལོ། །བཛྲ་པྲོལླ་གཡས་ཀྱི་རྡོ་རྗེ་གསོར་བའི་ཚུལ་ལོ། །ཆགས་པའི་ཚུལ་གྱིས་ནུ་མ་འཇིབ། བཛྲ་ཨོཊྚ། ལག་གཉིས་ནུ་མ་འཚིར་བའི་ཚུལ་ལོ། །གུས་པའི་ཚུལ་གྱིས་ཐལ་མོ་སྦྱོར། བཛྲ་བྷཀྟ། སྙིང་གར་ཐལ་མོ་སྦྱར་བའི་ཚུལ་ལོ། །དེ་ལྟར་ན་ཕྱག་རྒྱ་ཉི་ཤུའི་མཆོད་པའོ། །ཕྱག་རྒྱ་སྤྱི་དང་


TNT11_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་བཅས་ལ། ཨོཾ་ཧཱུཾ་སྭཱཧཱ། སྒེག་མོ་དང་༴ ཞེས་པ་ནས། མར་མེ་མའི་བར་སྒེག་སོགས་བརྒྱད་ཀྱིས་མཆོད། དེ་བཞིན་དུ་རྒྱལ་སྲིད་སྣ་བདུན་དང་འདོད་ཡོན་ལྔ་ལ་སོགས་པ་སྣ་ཚོགས་པའི་མཆོད་པས་མཆོད་པར་བྱའོ། །སྤྱི་བོར་ཐལ་མོ་སྦྱར་ནས་ལྟག་པར་དར་སྣེ་འཕྱང་བ་དང༌། ཨོཾ་ཧཱུཾ་སྭཱཧཱ། ཞེས་དར་དཔྱངས་དང༌། སྔགས་དེ་ཉིད་དང༌། ལག་པ་གཡོན་པས་མགོའི་གནས་ལྔར་གཏུགས་པས་ཅོད་པན་དང༌། གཡས་འཛུབ་མོ་བརྐྱང་བའི་རྣ་བ་མགྲིན་པ་དཔུང་པ་འཁྲིག་མ་ནུ་མ་རྐང་པ་སོགས་ལ་རེག་སྟེ་སྔགས་དེ་ཉིད་དཻ་རྒྱན་ཆའོ། །ན་བཟའ་སྐོན་པའི་ཚུལ་དང་སྔགས་དེ་ཉིད་དེ་དགོས་སོ། །ཐལ་མོ་ཁོང་སྟོང་དུ་མཉམ་པར་སྦྱར། ཨོཾ་ཛཾ་སྭཱཧཱ་འབྲས་བུ་སྣ་ཚོགས་སོ། །ལག་མཐིལ་གཡས་པའི་སྟེང་དུ་གཡོན་པའི་མཐེབ་སྲིན་སྦྱར་བ་དང༌། ཨོཾ་ཧ་ཧོ་ཧྲི་ཧཱུཾ་སྭཱཧཱ། བདུད་རྩི་ལྔ་དང༌། རྡོ་རྗེ་བསྡམས་པ་ཁ་ཕྱེ་ལ། ཨོཾ་ཤྲཱིཿཧཱུཾ་གྷུང་ཛཿསཿསྭཱཧཱ། ལྕགས་ཀྱུ་ལྔ་སོགས་བཟའ་བ་སྣ་ཚོགས་སོ། །དེ་ནས་དྲིལ་བུ་སིལ་ཞིང༌། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་གྷུཾ་ཕྲུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་གྷེ་གྷེ་གྷེ་ཧཱུཾ། ཨོཾ་ཏེ་གྷུ་ཏེ་གྷུ་ཧཱུཾ། མཛེས་པའི་རྡོ་རྗེ༴ ཞེས་པ་ནས། ཧོ་ཧོ་ཧོ་སྭཱཧཱ། སྤྲོ་ན་ཧཱུཾ་བདེ་བའི་ཐུགས་གདན༴ སོགས་ཀྱང་བརྗོད། སེམས་ཅན་སྒྲོལ་བྱེད༴ སོགས་ཀྱི་མཐར། བཅོམ་ལྡན་ཡན་ལག་དང་འབྲེལ་བདེ་བ་ཆེན་པོའི་བྱང་ཆུབ་བརྙེས། །སྒེག་དང་ཁྲོ་དང་བཞེད་པའི་དེ་ཁོ་ན་ཉིད་སྐུ། །ཨིནྡྲ་ནཱི་ལ་དང་མཚུངས་འབར་བ་མཛེས་པའི་ལུས། །དཔལ་ལྡན་ཡེ་ཤེས་མཁའ་འགྲོ་མ་ཁྱེད་ཞབས་ཀྱི་པདྨར་འདུད། །སངས་རྒྱས་ཀུན་ཀྱི་རིགས་ཀྱི་ཆུ་ལས་བྱུང་བ་དག་པའི་


TNT11_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །སྤྱན་དཀྱུས་རིང་རབ་གསལ་ཞིང་སྙིང་རྗེའི་རྒྱན་གྱིས་བརྒྱན། ཁ་ཊྭཾ་ག་དང་བདུད་རྩིས་གང་བའི་ཐོད་པ་བསྣམས། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་ཁྱོད་ཞབས་ཀྱི་པདྨར་འདུད། །འོད་ཀྱི་རང་བཞིན་ནོར་བུའི་རིགས་ལས་བྱུང་བའི་དྲི་མེད་ལུས། །ཕྱག་གི་ཁུ་ཚུར་གྱིས་ནི་ཁ་ཊྭཱཾ་ག་དང་པདྨའི་སྣོད། །དྲག་པོའི་ཆར་གྱི་རྒྱུན་དང་འདྲ་བས་ས་སྟེང་ཚིམ་མཛད་པའི། །དཔལ་ལྡན་དྲག་མོའི་མཁའ་འགྲོ་མ་ཁྱོད་ཞབས་ཀྱི་པདྨར་འདུད། །ཆུ་ལས་སྐྱེས་བཞིན་དེ་ཉིད་དབུགས་ཀྱི་ཐིག་ལེའི་ངོ་བོ་ཉིད། །ཕྱག་མཚན་ཁ་ཊྭཾ་གས་མཚན་པདྨའི་འདབ་མ་འཛིན་མཛད་ཅིང༌། །སྐྱེ་བོ་རྨོངས་པའི་ཐེ་ཚོམ་ངེས་པར་སེལ་མཛད་པའི། །རོ་ལངས་མཁའ་འགྲོ་མ་ཁྱོད་ཞབས་ཀྱི་པདྨར་འདུད། །ལས་ཀྱི་རྗེས་སུ་བྱེད་པའི་མེ་ཡི་རང་བཞིན་རྣམ་པར་དག་པའི་ལུས། ཁ་ཊྭཾ་གས་མཚན་པད་སྣོད་ཀྱིས་ནི་ཕྱག་གཉིས་མཚན། །ཤ་ཟ་གཏུམ་པོའི་ཚོགས་ཀུན་ཕྱེ་མར་རབ་ཏུ་རློག །གཏུམ་མོ་མཁའ་འགྲོ་མ་ཁྱོད་ཞབས་ཀྱི་པདྨར་འདུད། །དཔལ་ཆེན་སེངྒེ་འུག་པ་མོ་ནི་མང་པོ་ཧཱུཾ་སྒྲོགས་ང་རོ་ཅན། །དཔལ་ལྡན་སྟག་མོ་རྩེ་སྤྱང་མོ་ཡང་སྐྱེ་བའི་རིམ་ནི་གདུག་པ་འཇོམས། །ཞགས་པ་ལྕགས་ཀྱུ་སྡིགས་འཛུབ་དག་གིས་བསྣམས་པའི་ཕྱག ཁྱེད་ཀྱི་ཞབས་ཀྱི་པདྨར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་མཁའ་འགྲོ་རབ་མཆོག་འབར་བྱེད་འཇིགས་བྱེད་མ། །འཕྲོག་བྱེད་མ་ནི་རྟག་ཏུ་


TNT11_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་དངོས་གྲུབ་མང་ལ་སྟེར། །གདུལ་དཀའ་འདུལ་བར་མཛད་པའི་སེམས་ཀྱི་བདག་ཉིད་རྒྱལ། ཁྱོད་ཀྱི་ཞབས་ཀྱི་པདྨར་ཕྱག་འཚལ་སྐྱབས་སུ་མཆི། ཞེས་པས་བསྟོད། ཨོཾ་ཤུདྡྷ་དྷརྨ་ཧཱུཾ་ཨ་ཨཱ་ཨཱཿཨཾ་སྭཱཧཱ། ཞེས་ལན་མང་དུ་བརྗོད་དོ། །དེ་ནས་གཏོར་མ་འབུལ་བ་ནི། དང་པོ་སློབ་དཔོན་གྱིས་དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་སེམས་དཔའི་ང་རྒྱལ་ལ་གནས་པས། བརྒྱ་བྱིན་གདུགས་ནི་ཐོགས་པ་དང༌། །ཚངས་པ་བསིལ་གཡབ་གཡོབ་པར་བྱེད། །སེངྒེ་མདུན་གནས་གསོལ་ཀ་པ། །འཕྲོག་བྱེད་ཡོན་ཏན་སྒྲོག་བྱེད་ཅིང༌། །འཇིག་རྟེན་གསུམ་གྱིས་ཕྱག་བྱས་པ། །རྡོ་རྗེ་སེམས་དཔའ་རྒྱལ་གྱུར་ཅིག །ཅེས་ཤིས་པ་བརྗོད་དོ། །དེ་ནས་ཤར་དུ་སོང་ནས་ཧཱུཾ་ཞེས་རྡོ་རྗེའི་ལྟ་བ་དང༌། རོལ་པའི་སྟབས་ཀྱིས་འདུག་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ལོ། །དཀར་གསུམ་མངར་གསུམ་འབྲས་དཀར་མེ་ཏོག་དཀར་པོ་སོགས་ཀྱི་གཏོར་མ་དང༌། དྲི་བཟང་གི་མཎྜལ་གྲུ་བཞི་པ་མེ་ཏོག་དཀར་པོ་བཀྲམ་པ་མདུན་དུ་བཀོད། མཆོད་པ་རྣམས་ཀྱང་བཤམ་མོ། །དེ་ནས་ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་གཡོབ་ཅིང༌། ཨོཾ་བ་ཏཱ་ལི་མཧཱ་བ་ཏཱ་ལི་ཧཱུཾ་ཧཱུཾ་ཧཱུཾ་ཛ་སྭཱཧཱ། ཞེས་ལན་གསུམ་དང༌། ཨོཾ་རྒྱུ་བ་དང་ནི་ཆེར་རྒྱུ་བ། །ཡི་དྭགས་རྒྱུ་བ་ཉི་མ་ཟླ། །དངོས་གྲུབ་གདོང་དང་རྒྱལ་བ་དང༌། །རྟ་ཡི་རྒྱལ་དང་ཟླ་བའི་རྒྱལ། །ལྷ་མོ་ཨུ་མ་གངྒཱ་དང༌། །གཟུགས་མཛེས་དགའ་མ་འདུས་པ་དང༌། །གཟའ་རྣམས་ཀུན་དང་ཚོགས་ཀྱི་གཙོ། །ཀརྟི་ཀ་དང་དཔལ་ལྡན་མ། །ལྷ་མོ་རི་བོང་


TNT11_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཉིད། །ལྷག་པ་དང་ནི་ལྷག་པ་ཆེ། །ལྷ་ཡི་རྒྱལ་པོ་ལྷ་མིན་རྒྱལ། །པུཀྐཱ་སི་དང་སྤོས་ཆེན་མོ། །ཧཱུཾ་ཧོཿཨཱ་ཀརྵ་ཡ་ཨཱརྵ་ཡ། ས་མ་ཡ་ཨ་དྷི་པ་ཏི་ཧཱུཾ་ཕཊ་ཛཿསྭཱཧཱ། ཞེས་སྤྱན་དྲངས། ཕྱག་རྒྱ་སྔ་མ་ལས་འཛུབ་མོ་གཉིས་འདུད་དེ། ཨོཾ་བྷཀྵ་བྷཀྵ་ས་མ་ཡ་ཨ་དྷི་པ་ཏི་ཛུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལན་བདུན་ལ་སོགས་པས་ཕུལ་ཨརྒྷཾ་ནས་ཤབྟའི་བར་གྱིས་མཆོད་མཆོད་སྦྱིན་གཏོར་མ་འདི་བཞེས་ལ་ནས་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་གྱིས་ཕྲིན་ལས་བཅོལ། སེམས་ཅན་ཐམས་ཅད་ནད་མེད་ཅིང༌། །ཞེས་སྨོན་ལམ་བཏབ་ཡིག་བརྒྱ་བཟོད་གསོལ་སོགས་བྱ། མཆོད་ཡོན་འགྲོ་ཕྱོགས་སུ་བསྒྲེང་བས་རོལ་མོའི་སྒྲ་དང་བཅས་ཏེ་གཏོར་མ་ཤར་ཕྱོགས་སུ་བཏང་ངོ༌། །དེ་ནས་བྱང་ཕྱོགས་སུ་སོང་སྟེ་སྤྱིའི་བྱ་བ་སྔར་དང་འདྲ་བ་ལས། །གཏོར་མ་སྤོས་དང་མེ་ཏོག་དྲི་ཞིམ་དང༌། །འོ་མའི་ཁམ་ཕོར་སོགས་དང༌། །སློབ་དཔོན་མཉམ་པའི་རྐང་སྟབས་དང༌། །མཎྜལ་མེ་ཏོག་སེར་པོ་བཀྲམ་མོ། །ཨོཾ་རྒྱུ་བ༴ སོགས་ཀྱི་དོད་དུ། ཨོཾ་མཐའ་ཡས་དང་ནི་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང༌། །དུང་སྐྱོངས་དང་ནི་རིགས་ལྡན་དང༌། །ལྷ་མོ་ལྷ་མོ་ཆེན་མོ་དང༌། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང༌། །སོག་མ་མེད་དང་གུ་ལི་ཏ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང༌། །ཚ་བ་ཚ་བ་ཆེན་པོ་དང༌། །དཔལ་གྱི་འོད་དང་འོད་པོ་ཆེ། །


TNT11_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་འོད་དང་གཟུགས་མཛེས་དང༌། གཟུགས་ཆེན་འོད་བཟང་ལྟོ་འཕྱེ་ཆེ། །སྨིག་སྒྱུ་དང་ནི་སྨིག་སྒྱུ་ཆེ། །ཨོཾ་ཨཱ་གཙྪ་ཨ་གཙྪ་མཧཱ་ནཱ་ག་ཨ་དྷཱི་པ་ཏི་སརྦ་བྷུརྦྷུ་ཝ་ཕུཾ་ཕཊ་སྭཱཧཱ། གཡོན་གྱི་མཐེ་བོའི་སྟེང་དུ་གཡས་ཀྱི་ལག་མཐིལ་བཞག་སྟེ། སོར་མོ་རྣམས་གདེངས་ཀ་ལྟར་བྱས། ཨོཾ་ཧི་ལི་ཧི་ལི་མཧཱ་ཧི་ལི་ཕྲུཾ་ཕྲེཾ་ཕུཿསྭཱཧཱ། ལན་བདུན་གྱིས་ཕུལ། ཨརྒྷཾ་སོགས་པས་མཆོད་པ་མན་ཆད་སྔར་དང་འདྲ་བ་ལས། གཏོར་མ་བྱང་ཕྱོགས་སུ་གཏང་ངོ༌། །དེ་བཞིན་དུ་ནུབ་ཕྱོགས་སུ་ཡང་བྱ་བ་སྤྱི་རྣམས་སྔར་དང་འདྲ་བ་ལས། ཟླུམ་པོའི་འདུག་སྟངས་དང༌། །གཏོར་མ་ཞོ་དང་སྦྲང་རྩི་དང༌། །སྔེ་ཚེའི་སྣུམ་མཁུར་གྱིས་བརྒྱན་པ་དང༌། །མཎྜལ་མེ་ཏོག་དཀར་པོ་བཀྲམ་པའོ། །ཨོཾ་ནོར་བུ་བཟང་དང་གང་བ་བཟང༌། །རྒྱལ་བཟང་དགའ་བྱེད་ཕུར་བུ་དང༌། །ཕུར་བུ་ཆེ་དང་པདྨའི་གཙུག །དུང་གི་གཙུག་ཕུད་གར་དང་ནི། །གར་ཆེན་འབིགས་པར་བྱེད་པ་དང༌། །གཅོད་པར་བྱེད་དང་བགང་བར་བྱེད། །ནོར་བུ་ནོར་མིན་ཤིན་ཏུ་ནོར། གཟུགས་བཟང་རོལ་པ་རོལ་ཆེན་པོ། །རྒོད་དང་འཚེ་དང་རྣམ་པར་བསྐྱོད། །དཔལ་བཟང་དང་ནི་གཟུགས་མཛེས་རྣམས། །བདེ་བ་ཆེན་པོའི་བཀའ་འདི་ཡིས། །གནོད་སྦྱིན་གནོད་སྦྱིན་མོ་འདིར་སྦྱོན། །ཧཱུཾ་ཨཱ་པ་ད་ར་ཨཱ་པ་ད་ར། །ཨོཾ་པ་ཏ་ལི་པ་ཏ་ལི་བྷཀྵ་པ་ཡ་ཡོ་གི་ནི་མ་ཏ་ཧཱུཾ་ཧཱུཾ་ཧཱུཾ་སྭཱཧཱ། ཞེས་སྤྱན་དྲངས། ལག་གཉིས་རྡོ་རྗེ་ཁུ་ཚུར་བཅིངས་ཤིང་སྦྱར་ནས་སྙིང་ཁར་བཞག ཨོཾ་དྷ་ན་ཨ་དྷི་པ་ཏ་ཡེ་པ་ཏ་ཡེ་ཕུཾ་སྭཱཧཱ། ལན་བདུན་གྱིས་ཕུལ། རྗེས་གོང་དང་འདྲ་བ་ལས་གཏོར་མ་ནུབ་


TNT11_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་བཏང་ངོ༌། །དེ་ནས་ལྷོ་ཕྱོགས་སུ་ཙན་དན་དམར་པོ་དང༌། ཁྲག་གི་མཎྜལ་གྲུ་གསུམ་ལ། མེ་ཏོག་དམར་པོ་དང་སྔོན་པོ་སོགས་བཀྲམ། གཏོར་མ་ཤ་ཁྲག་སྒོག་གཙོང་འཁུར་བ་སྣུམ་འཁུར་སོགས་ཀྱིས་བརྒྱན། ཁྲག་གི་མཆོད་ཡོན་དང་བཅས་པ་བཤམ། སློབ་དཔོན་གྱིས་རྐང་པ་ལན་གསུམ་དུ་སྤོས་པས་གྲུ་གསུམ་གྱི་རྣམ་པར་བྱས། དེའི་དབུས་སུ་རྡོ་རྗེའི་རྐང་སྟབས་སྔོན་དུ་འགྲོ་བས། གཡས་བརྐྱང་གི་གནས་ལ། ཨོཾ་ཤིང་གཅིག༴ ཞེས་པ་ནས ཐམས་ཅད་འདིར་བྱོན་ཅིག ཨོཾ་ཀ་ཀ་ཏ་སོགས། འཆི་མེད་རྣམ་རྒྱལ་གྱི་ཕྱག་རྒྱ་ལས་མཛུབ་མོ་འདུད་ཏེ། ཨོཾ་ཏིཥྛ་ཧཱུཾ། བྷཀྵ་བྷཀྵ་ཛཿཕཊ་སྭཱཧཱ། ལན་བདུན་གྱིས་ཕུལ། རྗེས་སྔགས་དང་འདྲ་བ་ལས། གཏོར་མ་ལྷོ་ཕྱོགས་སུ་གཏང་ངོ༌། །འདི་དག་ལ་སྤྲོ་ཞིང་ནུས་ན། ཤར་གྱི་གཏོར་མ་བཏང་ནས། ཤར་དང་དེའི་ཕྱོགས་བྲལ་གྱི་བགེགས་རྣམས་བསྐྲད་ཅིང་ཚམས་རྔམ་རོལ་མོ་དང་བཅས་པས་དཀྱིལ་འཁོར་གྱི་དྲུང་དུ་འོངས་ནས། ཉེ་རེག་བྱས། ཕྱག་བཙལ། རྡོ་རྗེའི་གླུ་བླང༌། ཡང་གོང་བཞིན། ཤིས་པ་བརྗོད་ནས་བྱང་ཕྱོགས་སུ་སོང་ནས་གཏོར་མ་སྦྱིན་པ་སོགས་ཐམས་ཅད་ལ་དེས་རིགས་འདྲེ་བར་བྱ། དེ་ཙམ་མི་ལྕོགས་ན། ཤར་ཕྱོགས་ཀྱི་གཏོར་མ་བཏང་ནས་བྱང་དུ་འགྲོ་བ་སོགས། གཡོན་སྐོར་གྱིས་སོང་ནས། ལྷོ་ཕྱོགས་ཀྱི་གཏོར་མ་བཏང་གྲུབ་མཚམས། ཕྱོགས་བཞིའི་བགེགས་བསྐྲད་ཅིང་ཚམ་རྔམ་བྱས་ནས་ནང་དུ་འོང༌། ཉེ་རེག་ལ་སོགས་པ་མ་བྱས་ཀྱང་ཆོག་ལ། ཡེ་ཤེས་དབང་ཕྱུག་མའི་དཀྱིལ་འཁོར་ཆོ་གའི་དབང་དུ་བྱས་པ་ལ། ཤར་བྱང་ནུབ་གསུམ་གྱི་གཏོར་ཆོག་བོར་ཀྱང་རུང༌། མ་རྒྱུད་སྤྱིའི་ཆོ་ག་ཕྱོགས་བཞི་གཏོར་ཆོག་ཞོར་ལ་


TNT11_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་དགོས་པ་ཡོད་པས་དེས་བྱེད་དོ། །དེ་ནས་སྐབས་འདིར་འགྲུབ་ན་སྦྱིན་སྲེག་དང༌། ཆུའི་མཆོད་སྦྱིན་རྒྱས་པས་མཉེས་པར་བྱ་ལ། ལོང་མེད་པའམ་མི་ནུས་ན། ལག་མཐིལ་གཡས་པར་ཉི་མའི༴ ཞེས་པ་ནས། བསྲུབས་པའི་རྒྱ་མཚོར་གྱུར༴ གྱི་བར་མངོན་རྟོགས་བཞིན། །རྡོ་རྗེ་འཆང་དབང་རྣལ་འབྱོར་མ། །ཀླུ་སྒྲུབ་ཨཱཪྱ་དེ་བ་དང༌། །ཀུན་ཏུ་བཟང་པོ་སུ་མ་ཏི། །དགེ་བའི་གོ་ཆ་རྣམ་རྒྱལ་དབང༌། །མར་པ་ཆོས་ཀྱི་རྡོ་རྗེ་དང༌། །མདོ་སྡེ་ཐོགས་མེད་གྲགས་པ་དང༌། །རྒྱ་ཚ་ར་མོ་ཀུན་དགའ་དང༌། །གཟི་བརྗིད་དང་ནི་སེངྒེ་སྒྲ། །སྔོ་ཚ་ཀུན་མཁྱེན་ཛམ་གླིང་པ། །ཨ་མོ་གྷ་པ་གྲགས་རིན་པ། །ནམ་མཁའ་ཚུལ་ཁྲིམས་མཁྱེན་རབ་རྫེ། །ཆོས་ལྡན་བློ་གྲོས་ཡེ་རྡོར་བ། །མཁས་དབང་བྱམས་པ་ལྷུན་གྲུབ་སོགས། །རྩ་བརྒྱུད་བླ་མ་རྣམས་མཆོད་དོ། །ཨོཾ་ཨཱཿཧཱུཾ། ལྷ་བཅུ་གསུམ་བསྐྱེད་སྔགས་རྣམས་ཀྱི་མཐར་འབྲུ་གསུམ་བཏགས་ལ་ཕུལ་མགྲོན་སྤྱི་ལ་འབུལ་བ་ཡང་གཞན་གྱི་རིགས་འགྲེ། དེ་རྗེས་སྒྲུབ་ཐབས་སུ་བཤད་པའི་གཏོར་ཆོག་ཚོགས་དང་བཅས་པ་དེ་ཙམ་ཞིག་ངེས་པ་བྱ་བ་ལས། ཨོཾ་སརྦ་བི་མ་ལ༴ ཞེས་པ་ནས། དེ་ཉིད་ལ་ཐིམ། ཨོཾ་ཨཱཿཧཱུཾ། ཨོཾ་ཨ་ཀཱ་རོ༴ ནས ཡོ་ག་ཤུདྡྷོའི་སྔགས་བརྗོད་པའི་བར་དུ་བྱའོ། །དེ་དག་ནི་དཀྱིལ་འཁོར་མཆོད་པའི་ཆོ་གའོ། །དེ་ནས་ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་བཞིན་དེ་ཉིད་ངེས་པར་བྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས།


TNT11_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཀྱིས་དྲི་མེད་མཐོང་བར་ཤོག །ཅེས་བདེན་སྟོབས་བརྗོད། དཀྱིལ་འཁོར་དུ་འཇུག་པའི་དོན་དུ་མཎྜལ་ཕུལ། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སོགས་ཀྱིས་གསོལ་བ་བཏབ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །ཞེས་པ་ནས། །སེམས་ཅན་མྱ་ངན་འདས་ལ་འགོད། །དེ་ལྟར་རྗེས་སུ་བརྩེ་བའི་ཕྱིར། །བདག་གི་ཚུལ་ཁྲིམས་འདི་བགྱིའོ། །ཞེས་སྡོམ་པ་བཟུང༌། ཨཱ་ཁཾ་ཝཱི་ར་ཧཱུཾ་གིས་མེ་ཏོག་དང་མིག་དར་བཏང༌། །སངས་རྒྱས་ཀུན་ཀྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །སྦྱོར་བའི་གདན་ལ་བདག་ཕྱག་འཚལ། །དོན་དམ་སྨྲ་བའི་སེངྒེ་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉིས་བརྒྱ་བསྐྱེད་རྩ་ཉོན་མོངས་ཆོམས་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་གྲུབ་པར་མཛོད། །ཅེས་ལན་གསུམ། མཉམ་པ་ཉིད་གསུམ་གྱི་དོན་དྲན་བཞིན་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། །ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཿབཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་ལས་ནི་རྣམ་པ་བཞི། །ཡིད་ཀྱི་རྣམ་པ་གསུམ་དག་ནི། ལུས་སྡམས་ལས་ནི་དམ་ཚིག་སྲུང༌། །ཞེས་དག་པའི་ཆོས་བཤད། ང་རྒྱལ་དང་ནི་ཁྲོ་བ་དང༌། །བརླང་དང་ཚིག་རྩུབ་སྤང་བར་བྱ། །སྡིག་པའི་གྲོགས་པོ་སྤང་བྱ་


TNT11_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། །སྲོག་གཅོད་རྐུ་བ་དེ་བཞིན་ནོ། །ལོངས་སྤྱོད་ཀུན་ལ་མ་ཆགས་ཤིང༌། །བདག་ཉིད་ངེས་པར་ཆོག་ཤེས་བྱ། །གར་དང་རོལ་མོ་ལྟ་བུ་ཡི། །ཕྱི་ཡི་གཙུག་ལག་ཆགས་མི་བྱ། །ལྕགས་ཀྱུ་ལྔ་སོགས་དམ་ཚིག་རྣམས། །བརྙས་ཤིང་སྤང་བར་མི་བྱའོ། །ཞེས་དམ་ཚིག་ལ་བཀོད། །ཨོཾ་པཉྩ་ཌཱ་ཀི་ནི་པཱུ་ཛ་ཨུ་པསྠཱ་ནཱ་ཡ། ཨཱཏྨ་ནཾ་ནི་ཪྱ་ཏ་ཡཱ་མི་ཨོཾ་ཨཱ་ཙཱཪྱ་པཱུ་ཛ་ཨུ་པསྠཱ་ནཱ་ཡ་ཨཏྨནཱཾ་ནཱིརྱཱ་ཏ་ཡཱ་མི། ཨོཾ་ས་ཀ་ལ་ས་ཏྭ་པ་རི་ཏྲ་ཎཱ་ཨཱཏྨ་ནཱཾ་ནིརྻཱ་ཏ་ཡཱ་མི། དེ་ལྟར་ཤར་ནས་བརྩམས་ཏེ་ཕྱོགས་བཞིར་ཕྱག་འཚལ་བ་གསུམ་པོ་དེ་ཚར་རེ་རེ་བྱའོ། །རང་ཉིད་ཤར་སྒོར་གནས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཁར་ཧཱུཾ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག།གསུང་གི་རྡོ་རྗེར་བྱིན་གྱིས་རླབས། །ཧཱུཾ་ནི་ཉོན་མོངས་བསྲེགས་པ་སྟེ། །ཐུགས་ཀྱི་རྡོ་རྗེར་བྱིན་གྱིས་རླབས། །ཨོཾ་ནི་ཡེ་ཤེས་འགུགས་པ་སྟེ། །སྐུ་ཡི་རྡོ་རྗེར་བྱིན་གྱིས་རླབས། །ཅེས་བརྗོད། ཡིད་འོང་ཁྱོད་ནི་སུ་ཞིག་ཡིན། །ཞེས་དྲིས་པ་ལ། སྡུག་གུ་སྐལ་ཆེན་བདག་ལགས་སོ། །ཨོཾ་ཀི་ལི་ཀི་ལི་མ་ལི་གྷུརྞི་ཏ། བཛྲ་ཙ་ལི་ཏ། ཡུཾ་ཡུཾ་ཡུཾ་སྭཱཧཱ། ཞེས་ཡོལ་བའི་ནང་དུ་གཞུག་གོ དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེ་བས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་


TNT11_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀྱང་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །དུང་གི་ཆུ་ལ། ཧ་ཧོ་ཧྲཱི། ལན་གསུམ་སྔགས་པ་ཁར་འཐུངས་ལ། དེ་རིང་ཡེ་ཤེས་འདི་ཤེས་པས། །བདུད་རྩི་འདི་ནི་མྱང་བར་བྱོས། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་པས། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ཨོཾ་དུརྒ་ཏི་ཨཱ་ཧ་ར་ཡ་སྭཱཧཱ། དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །བྱས་ན་ཡང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས། །དམྱལ་བར་ལྷུང་བར་འགྱུར་ཏ་རེ། ཞེས་པས་དམ་ལ་བཞག དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། དཔལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་དུ་གསོལ། བདག་ཉིད་ཡེ་ཤེས་དབང་ཕྱུག་མ། སྐུ་མདོག་དཀར་མོ་ཕྱག་གཉིས་པ་ཁ་ཊྭཾ་ག་དང་ཐོད་པ་འཛིན་པའི་སྐུར་གྱུར། སྙིང་ཆུ་ཤིང་གི་མེ་ཏོག་ཁ་བྱེ་བ་ལྟ་བུའི་དབུས་སུ། རླུང་གི་ས་བོན་ཡུཾ་ཡིགཕྱོགས་བཞིར་ཡུ་ཡིག་བཞིས་བསྐོར་བ། དབུས་ཀྱི་ཡུཾ་ཡིག་གི་སྟེང་དུ་ཧཱུཾ་སྔོན་པོ་ཡེ་


TNT11_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྔའི་རང་བཞིན་རྐང་པ་གཉིས་ཀྱི་འོག་ཏུ་ཡང་ཡུཾ་ལས་རླུང་གི་དཀྱིལ་འཁོར། དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་གི་རྐང་འོག་གི་རླུང་དྲག་ཏུ་གཡོས་པས་བར་སྣང་ལ་ཡེ་རེ་རེ་བཏེག དེའི་རྐྱེན་གྱིས་སྙིང་གའི་རླུང་གི་ས་བོན་ལྔ་ལས་རླུང་གཡོས། ཧཱུཾ་ཡིག་བསྐུལ་བས། ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་སྣ་ལྔ་མཆོག་ཏུ་འབར་བས། རང་ལུས་གང༌། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀ་ནས། ཡེ་ཤེས་དབང་ཕྱུག་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་རང་ཉིད་ལ་གཉིས་སུ་མེད་པར་ཐིམ། རོལ་མོའི་སྒྲ་དང་བཅས་ཏེ། ཨོཾ་ཨ་ཁཾ་ལ་ལེ་ཧཱུཾ་ཨཿ འགྱུར་རྙིང་གི་དཔེ་འགའ་ཞིག་ལས། ཨོཾ་ལེ་ལེ་ལེ་ཧཱུཾ་ཨ། ཞེས་པའང་ཡོད་ཅེས་པ་དང༌། གོང་དུ་བཤད་པའི་དབབ་པའི་སྔགས་དེ་དག་ལས་ཅི་ལྟར་རིགས་པར་བརྗོད་ཅིང༌། སློབ་མ་དབང་བསྐུར་གྱི་དོན་དུ་དེ་ཙམ་གྱིས་མ་ཕེབས་ན། སློབ་མ་སེངྒེ་མོའི་གཟུགས་སུ་གསལ་པའམ། སྙིང་གར་རྡོ་རྗེའི་རྩེ་མོར་ཧཱུཾ། མཐའ་རླུང་གི་དཀྱིལ་འཁོར་གྱིས་བསྐོར་བའི་ཡུཾ་ཡིག་གིས་བསྐོར་བ། གཞན་སྔར་བཞིན་ལས། ཧཱུཾ་ཞེས་ཡེ་ཤེས་འབེབས་པའི་སྔགས་བསྙེན་པ་གང་སོང་དེས་སྔགས་པའི་མེ་ཏོག་དང་ཆུས་བསྣུན། ཨོཾ་ར་མ་ར་མ་ཧོ་ཧོ་ཧོ་ཨ་ཨ་ཨ་ཕཊ། ཅེས་ཟློས་ཤིང་རོལ་མོ་དང་བཅས་པས། གོང་དུ་བཤད་པའི་བདུག་སྤོས་ཀྱིས་བདུག དམ་རྫས་ལྕེ་ལ་


TNT11_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ། ཏིཥྛ་ཡོ་ག་མཧཱ་ཀྲོ་དྷ་ཧཱུཾ་ཧཱུཾ་ཧཱུཾ་སྭཱཧཱ། ཞེས་པ་བརྟན་བྱེད་ཀྱི་སྔགས་སུ་བླ་མ་གོང་མ་རྣམས་བཞེད་དོ། །སླར་ཡང༌། ཨོཾ་ཏིཥྛ་བཛྲ་ས་མཱ་ཡ། པྲ་ཏི་བ་ཏི་ཏ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱཧཱ། ཞེས་པ་ནི་ཡེ་ཤེས་པ་གཤེགས་པའི་སྔགས་སོ། །ནམ་མཁའི་ཁ་དོག་བརྟག་ན་སྐབས་འདིར་ཡིན་ཡང༌། རང་གཞུང་ནས་གསལ་བར་མ་བཤད་པས་མེད་ཀྱང་ཆོག་གོ །ཏིཥྛ་བཛྲ་ས་མཱ་ཡ་མ་ནུ་པཱ་ལ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཧོཿཧོཿཧོཿསྭཱཧཱ། ཞེས་མེ་ཏོག་དོར། ཨོཾ་པྲ་གྲྀཧྣ་ཏི་ཏྭཾ་ཨི་མཾ་ས་ཏྭ་མཧཱ་བ་ལ། ཡེ་ཤེས་མཁའ་འགྲོ་དེང་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བ་ཡང༌། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་ཛྙཱ་ན་ཙཀྵུ་ཧཱུཾ་ཨ་སྭཱཧཱ། གདོང་གཡོགས་དཀྲོལ། ད་ནི་དད་པའི་ཤུགས་ཀྱི་སུ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོངས། སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཞེས་ལྟ་བར་བསྐུལ། ཨོཾ་བཛྲ་མཎྜལ་མཧཱ་མཎྜལ་པྲ་བེ་ཤོ྅ཧཾ། ཨོཾ་ཡོ་ག་མཎྜལ་མཧཱ་མཎྜལ་དརྴི་ཏོ྅ཧཾ། ཨོཾ་གུ་ཧྱ་མཎྜལ་མཧཱ་མཎྜལ་ཨ་བྷི་ཥི་ཀ་ཏོ྅ཧཾ། ས་མ་ཡ་ཧོ་ས་མ་ཡ་ཧོ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་གསལ་བར་འགྱུར། ཅེས་བརྗོད། སློབ་མ་དབང་བསྐུར་ལ་སྐབས་འདིར་ལྷ་ངོ་བསྟན་ནོ། །བ་དན་རྩེ་གསུམ་


TNT11_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱག་རྒྱས་གནས་རྣམས་སུ་རེག་ཅིང་སྤྱི་བོར་ཀྵུཾ་ནས། གྱི་བར། གནས་བརྒྱད་དུ་བསྲུང་བར་བྱ། དེ་རྣམས་ཀྱི་འཇུག་པའི་ཆོ་ག་ཡིན་ཅིང༌། དཀྱིལ་ཆོག་དངོས་བསྟན་དང་འདྲ་མིན་ཅུང་ཟད་ཡོད་པ་ནི། དཀྱིལ་ཆོག་རྒྱུད་རྒྱས་པ་ལ་བརྟེན་པ་ཡིན་ནོ་ཞེས་འདོད་ལ་དཀྱིལ་འཁོར་འདི་བསྡུས་རྒྱུད་ཀྱི་ཡིན་ཅིང༌། གསང་གདན་དང་པོར་འཇུག་པའི་ཆོ་ག་གསལ་བར་བསྟན་པ་ཉིད་དབང་བཙན་པར་བྱས་ཏེ་བཤད་པ་ཡིན་ལ། བླ་མ་གོང་མ་ཆེས་མཁས་པ་འགའ་ཞིག་ཀྱང་འདི་ལྟར་བཞེད་དོ། །དེ་ནས་དངོས་བཞིའི་དོན་དུ་མཎྜལ་ཕུལ། དེ་རིང་བདག་ལ་དགོངས་སུ་གསོལ། །བདག་ནི་རྣལ་འབྱོར་མཆོག་རབ་སྟེ། །བདག་ནི་རྣལ་འབྱོར་རྒྱལ་པོ་བསྐྱེད། །བདག་གིས་རྣམ་ཤེས་འཕོ་བ་ཤེས། །འདི་ནི་སློབ་མའི་དོན་དེ་ཉིད། །རྒྱལ་པོ་ཉིད་ཀྱིས་དབང་བསྐུར་སྩོལ། །རྣལ་འབྱོར་མ་ཡི་ཚོགས་བཅས་པའི། །རྡོ་རྗེ་མཁའ་འགྲོའི་གོ་འཕངས་ལས། །ཕྱིར་མི་ལྡོག་པར་བདག་འགྱུར་བའི། །རིག་པ་གང་ཡིན་དེང་བདག་སྩོལ། ཨོཾ་སོགས་ཀྱིས་བསང་ཆུས་བསངས་ཤིང་ཡུངས་དཀར་གཏོར། །སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། མཁའ་དབྱིངས་གང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྷ་ཆེན་པོ་རྣམས་ཀྱི་ཞབས་འབྲིང་དང་བཅས་པས་ཤིས་པ་བརྗོད་པར་བསམ་ཏེ། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །སོགས་དང་རོལ་མོའི་སྒྲ་བྱ། ཆུ་དབང་གི་གོང་སྐབས་འདིར། །སློབ་མ་དབང་བསྐུར་གྱི་དུས། །མར་རྔཽག་སོགས་གོང་མ་རྣམས་ནི་གཏོར་མའི་དབང་བསྐུར་བར་བཞེད་དོ། །


TNT11_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་རྒྱུད་ལས། གཉིས་མེད་གཏོར་སྦྱིན་དབང་བསྐུར་བ། དེ་ཡི་ཆོས་ནི་བཤད་པར་བྱ། ཞེས་གསུངས་པའི་དོན་དུ་བཞེད་ལ། འགྲེལ་པ་ནས་གཏོར་མ་གཏོང་བ་སྔོན་དུ་འགྲོ་བས། རྡོ་རྗེའི་དབང་སོགས་བསྐུར་བ་ལ་འཆད་དོ། །དེས་ན་གཏོར་དབང་ནི། རྒྱུད་ཚིག་དེའི་དོན་ལ་ཞུགས་པ་དཀའ་ཡང༌། བྱིན་བརླབ་ཆེན་པོ་དང་ལྡན་པ་དང༌། མན་ངག་ཡིན་པའི་ཕྱིར། བྱས་ན་ལེགས་པའི་ཡན་ལག་ཏུ་འགྱུར་ལ། མ་བྱས་ཀྱང་ཆོ་ག་ཆད་པའི་ཉེས་པ་མེད་དོ། །རང་ཉིད་དབང་སྟེགས་ཀྱི་སྟེང་དུ་མཆོད་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བར་གྱུར། དེའི་སྟེང་དུ་རང་ཉིད་མི་བསྐྱོད་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར། སློབ་དཔོན་མི་བསྐྱོད་པའི་རྣམ་པ་ཅན་དཀྱིལ་འཁོར་གྱི་ཐུགས་ཀ་ནས་སྤྲུལ་ཏེ། ཆུ་དབང་བསྐུར་བར་གྱུར། དེ་རིང་འཁོར་བ་སྒྲོལ་བྱེད་པའི། །བྱང་ཆུབ་ཆེན་པོར་དབང་བསྐུར་བྱ། །ཨོཾ་ཨཱཿཕུཾ་ཕེཾ་ཕཊ་ཧཱུཾ་སྭཱཧཱ། ཨརྒྷཾ་ནས། ཤབྟའི་བར་གྱིས་མཆོད་ཆུའི་དབང་བསྐུར་བས། ཀུན་གཞི་རྣམ་ཤེས་གནས་གྱུར་ཏེ། མེ་ལོང་ཡེ་ཤེས་མངོན་དུ་བྱས་སོ། །བདག་ཉིད་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ། རིན་པོ་ཆེ་དང༌། དྲིལ་བུ་ནས་བརྒྱན་པར་གྱུར། དབང་རྫས་དབུ་རྒྱན་མི་དམིགས་ཏེ་སྟོང་པའི་ངང་ལས། ཨོཾ་ཧཱུཾ་ཏྲཾ་ཧྲི་ཨ་རྣམས་ལས་བྱུང་བའི། རྒྱལ་བ་རིགས་ལྔའི་རང་བཞིན་རིགས་ལྔའི་སྐུ་གཟུགས་ཀྱིས་མཚན་པའི་དབུ་


TNT11_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་དུ་གྱུར། སློབ་དཔོན་རིན་ཆེན་འབྱུང་ལྡན་གྱི་རྣམ་པ་ཅན། དཀྱིལ་འཁོར་གྱི་ཐུགས་ཀ་ནས་སྤྲུལ་ཏེ། ཅོད་པན་གྱི་དབང་བསྐུར་ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་ཅོད་པན་དམ་པ་ནི། །དར་དཔྱངས་ལྡན་པས་དབང་བསྐུར་བྱ། །ཨོཾ་ཧཱུཾ་ཨཱཿསྭཱཧཱ། ཨརྒྷཾ་སོགས་ཀྱིས་མཆོད། ཅོད་པན་གྱིས་དབང་བསྐུར་བས། ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་ཏེ། མཉམ་ཉིད་ཡེ་ཤེས་མངོན་དུ་བྱ། ཅོད་པན་དངོས་སུ་མེད་ན་ཕྱག་རྒྱས་དབང་བསྐུར་ཏེ། རྡོ་རྗེ་སེམས་དཔའ་ལས་གུང་མོ་རྩེ་མོ་ལྟར་བརྐྱང༌། འཛུབ་མོ་རིན་པོ་ཆེའི་དབྱིབས་ལྟར་བྱས་པ། རིན་པོ་ཆེའི་ཕྱག་རྒྱ་མགོ་བོར་གཏུགས། སྤྲོས་པ་ལ་དགའ་ན་གཉིས་ཀར་བྱེད་པའི་ལུགས་ཀྱང་ཡོད་དོ། །དེ་ནས་ལྕགས་སྒྲོག་གི་ཕྱག་རྒྱ་སྟེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་འདྲ་བས། ཨོཾ་བཛྲ་ཀཱ་ཡ་ཧཱུཾ་ཨ་སྭཱཧཱ། ཞེས་སྤྱི་བོ་ལ་སོགས་པའི་གནས་བརྒྱད་དུ་རེག་པས། ཡི་གེ་བརྒྱད་པོ་མཐུ་དང་ལྡན་པར་བྱས་པར་བསམ་མོ། །བདག་ཉིད་འོད་དཔག་མེད་སྐུ་མདོག་དམར་པོ། །པདྨ་དང་༴ ནས བརྒྱན་པར་གྱུར། བླ་མ་འོད་དཔག་མེད་ཀྱི་རྣམ་པ་ཅན་དཀྱིལ་འཁོར་གྱི་ཐུགས་ཀ་ནས་སྤྲུལ། དབང་རྫས་རྡོ་རྗེས་དབང་བསྐུར་བར་གྱུར། སངས་རྒྱས་རྣལ་འབྱོར་ནམ་མཁའ་ཡི། །དབང་ནི་ཁྱོད་ལ་ངས་དབང་བསྐུར། །ཨོཾ་ཤྲི་ཡོ་གི་བ་རི་སྟཾ་ཨ་བྷི་ཥིཉྩ་མཾ་ཏིཥྛ་བཱི་ར་ས་མ་ཡ་སྟྭཾ། རྡོ་རྗེ་བཟུང་དེ་ཉིད་གསོར་ལ་སྙིང་གར་གཏད་དེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་


TNT11_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །སེམས་ཉིད་རིག་སྟོང་གཉིས་སུ་མེད་པ་ནི་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ལྔའི་བདག་ཉིད་དོ། རྡོ་རྗེ་རྣལ་འབྱོར་ནམ་མཁའི་ངོ་བོར་གནས་པའི་རྡོ་རྗེ་ལྷ་ཉི་ཤུ་རྩ་བདུན་གྱིས་དེ་ཉིད་དྲན་པར་བྱ་སྟེ། ལྟེ་བ་ན་རྡོ་རྗེ་སེམས་དཔའ། སྟེང་གི་འདབ་མ་བརྒྱད་ནི་བྱང་ཆུབ་སེམས་དཔའ་བརྒྱད། རྭ་ལྔ་ནི་རྒྱལ་བ་རིགས་ལྔ་འོག་གི་འདབ་མ་བརྒྱད་ནི་ལྷ་མོ་བརྒྱད། རྭ་ལྔ་ནི་མཁའ་འགྲོ་མ་ལྔའི་བདག་ཉིད་དུ་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། རྡོ་རྗེའི་དབང་བསྐུར་པས། ཡིད་ཀྱི་རྣམ་ཤེས་གནས་གྱུར་ནས། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། རང་ཉིད་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་རལ་གྲི་དང་ནས་རྒྱན་པར་གྱུར། བླ་མ་དོན་གྲུབ་པའི་རྣམ་པ་ཅན་དཀྱིལ་འཁོར་གྱི་ཐུགས་ཀ་ནས་སྤྲུལ་ཏེ་དྲིལ་བུའི་དབང་བསྐུར་བར་གྱུར། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །བཛྲ༌། ནྜ་ཨ། དྲིལ་བུ་བཟུང་ཅི་རིགས་པར་དཀྲོལ་ལ། དཀུ་གཡོན་པར་བསྟེན། སྲིད་པ་ངོ་བོ་ཉིད་ཀྱིས་དགངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ཡི། །དངོས་པོ་མཆོག་ཏུ་བྱེད་པར་འགྱུར། །ངག་གྲག་སྟོང་གཉིས་སུ་མེད་པ་


TNT11_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་གསུང་གི་ངོ་བོར་གནས་པའོ། །དྲིལ་བུ་ཡེ་ཤེས་དབང་ཕྱུག་མའི་ངོ་བོར་གནས་པའི་བུམ་པ་དང་ཞལ་གྱི་གནས་སུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ། སྟེང་གི་འདབ་མ་ཞེས་པ༴ ནས། ལྷ་མོ་བརྒྱད་ཀྱི་བདག་ཉིད་དུ་གྱུར། ཨརྒྷཾ་ལ་སོགས་པས་མཆོད་རྡོ་རྗེ་དྲིལ་བུ་འཁྱུད་རྒྱ་དང༌། གཡོན་དུ་འགྱིང་བའི་ཚུལ་བྱས་ལ། བདག་ཉིད་ཡེ་ཤེས་དབང་ཕྱུག་མ་ལ་རྣལ་འབྱོར་ནམ་མཁའི་རང་བཞིན་རྡོ་རྗེ་སེམས་དཔས་འཁྱུད་པར་གྱུར། འདིར་འཁྱུད་ཚུལ་གོ་བཟློག་པས་བསྒོམས་ཀྱང་རུང་ངོ༌། །གཉིས་མེད་གཉིས་མེད་རྣལ་འབྱོར་གྱིས། །ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས། །སངས་རྒྱས་ཀུན་བདག་རྣལ་འབྱོར་གྱིས། །དཔའ་བོའི་དབང་བསྐུར་སྦྱིན་པར་བྱ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མཾ། ཏིཥྛ་བཛྲས་མ་ཡ་སྟྭཾ། ཞེས་བརྗོད་དེ་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ་ཡིན་ལ། དྲིལ་བུ་དང་དེ་གཉིས་བསྡོམས་པ་ནི་བདག་པོའི་དབང་སྟེ། བདག་པོའི་དབང་ཐོབ་པས་སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་ཏེ། བྱ་བ་ནན་ཏན་གྱི་ཡེ་ཤེས་མངོན་དུ་བྱས། མེ་ཏོག་འཐོར་ཞིང༌། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་མགོ་བར་མཛད་དུ་གསོལ། །ལན་གསུམ། རང་གི་མགྲིན་པར་ཟླ་བ་ལ་ཨཾ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཨཱ་ལི་ཀཱ་ལིའི་ཕྲེང་བ་བྱུང་སྟེ། མགྲིན་པའི་ཨཾ་ཡིག་ལ་ཐིམ། ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་


TNT11_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ་སྭཱཧཱ། ལན་གསུམ་མེ་ཏོག་སྤྱི་བོར་བཞག་ཏེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་ཉེ་བར་མཛད་དུ་གསོལ། །}གས་ཀྱི་དབང་ངོ༌། །བདག་ཉིད་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་འཁོར་ལོ་དང་༴ ནས་བརྒྱན་པར་གྱུར། བླ་མ་རྣམ་པར་སྣང་མཛད་ཀྱི་རྣམ་པ་ཅན་དཀྱིལ་འཁོར་གྱི་ཐུགས་ཀ་ནས་སྤྲུལ། མིང་གི་དབང་བསྐུར་བར་གྱུར། རྡོར་དྲིལ་སྤྱི་བོར་བཟུང་ནས། ཧེ་ཤྲཱི་ཡོ་གཱཾ་བ་རི་སྟྭཾ། ཨ་བྷི་ཥིཉྩ་མཾ་ནཱ་མཿ ཨ་བྷི་ཥེ་ཀ་ཏ། }གས་ཀྱི་གསང་མཚན་རྙིང་པ་ཡིད་ལ་དྲན་པར་བྱ་ཞིང༌། སློབ་མ་གསར་པ་ལ་དབང་བསྐུར་བ་ཡིན་ན། སྐྱེས་པ་ལ་རྣལ་འབྱོར་ནམ་མཁའ་དང༌། བུད་མེད་ལ་ཡེ་ཤེས་དབང་ཕྱུག་མར་གདགས་ཏེ། །དཔལ་རྣལ་འབྱོར་ནམ་མཁའ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །དཔལ་ཡེ་ཤེས་དབང་ཕྱུག་མ་ཞེས་བྱ་བའི་དེ་བཞིན་གཤེགས་མའོ། །ཞེས་པ་ལྟ་བུའོ། །ཨརྒྷཾ་སོགས་ཀྱིས་མཆོད། མིང་གི་དབང་བསྐུར་བས་གཟུགས་ཀྱི་ཕུང་པོ་རྣམ་པར་དག་སྟེ། ཆོས་དབྱིངས་ཤིན་ཏུ་དྲི་མ་མེད་པ་མངོན་དུ་གྱུར། ཨོཾ་ཧ་ཧོ་ཧྲི། ཞེས་པས་མཆོད་པ་རྣམས་བྱིན་གྱིས་བརླབ། ཨོཾ་ཤྲི་སྭཱཧཱ༴ ནས་གུང་སྭཱཧཱའི་བར་ལན་བཞིས། ཕྱོགས་བཞིའི་སངས་རྒྱས་འཁོར་བཅས་ལ་མཆོད་པར་མོས་ཤིང༌། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་རེ་རེའི་མཐར་ཡང་གསོལ་བ་གདབ་བོ། །སློབ་མ་དབང་བསྐུར་བའི་དུས་ནི་དཀྱིལ་འཁོར་ཁང་པའི་ཕྱོགས་བཞིར་གོམ་པ་བརྒྱད་བརྒྱད་དོར་ནས། སློབ་


TNT11_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱི་རྗེས་སུ་ཟློས་པའི་ཚུལ་གྱིས། མཆོད་པ་དང་གསོལ་གདབ་དེ་རྣམས་བྱེད་པ་གོང་མའི་ཕྱག་བཞེས་སུ་གནང་ངོ༌། །བར་འདིར་རྡོ་རྗེ་སློབ་དཔོན་གྱི་དབང་ལོགས་སུ་བསྐུར་བའི་ལུགས་ཡོད་དེ། དེའི་ལུགས་ལྟར་ན་སྤྱི་དང་འདྲ་ལ། འོན་ཀྱང་གོང་དུ་དམ་ཚིག་གསུམ་སྦྱིན་པ་སྤངས་པས་སོ། །དེ་ལྟར་མོད་ཀྱི་མདོར་བསགས་པ་ལ་སོགས་པའི་ལུགས་འདི་ལ་ནི། བུམ་དབང་སྤྱི་ལ་རྡོ་རྗེ་སློབ་དཔོན་དུ་འཇོག་པའི་ལུགས་ཡིན་པས། འདི་ལོགས་སུ་མི་དགོས་སོ། །དེས་ན་དེའི་རྗེས་སུ་མཐའ་བརྟེན་དང་པོ་རྡོ་རྗེ་བརྟུལ་ཞུགས་ནི། རྡོ་རྗེའི་དེ་ཁོ་ན་ཉིད་ཡིད་ལ་དྲན་ཙམ་བྱས་ཏེ། འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་འདུག ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །རྣལ་འབྱོར་ནམ་མཁའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མཱ་ཡ། ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡ་མི། བཛྲ་སཏྭ་ཧཱུཾ་ཧཱུཾ་ཧཱུཾ་ཧ་ཧ་ཧ་ཧོ། །དེ་ནས་གཉིས་པ་རྗེས་གནང་ནི། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། རྣལ་འབྱོར་མ་དང་དཔའ་ཚོགས་ཀུན། །ཅེས་པ་ལ་སོགས་པ་སྒེག་སོགས་བརྒྱད་ཀྱི་ཚིགས་བཅད་བརྗོད་པ་སྟེ། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་སོགས་དང་འདྲའོ། །མདོར་བསགས་དང༌། ནག་པོ་སྤྱོད་པའི་གཞུང་གི་དཔེ་ཕལ་ཆེར་ན། ལྷ་མོ་དྲུག་ལས་མེད་པ་ལ། སྒེག་དང་བཅས་པའི་ཕྲེང་བ་འཕང༌། །ཞེས་པས་སྒེག་ཕྲེང་མེ་ཏོག་མ་གསུམ་གཅིག་ཏུ་བསྡོམས་སོ་ཞེས་འགའ་ཞིག་འཆད་ཀྱང༌། རྒྱ་དཔེ་མ་དག་པའི་སྐྱོན་ཡིན་པར་མངོན་ནོ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་


TNT11_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲི། ཅེས་མིག་ཐུར་དང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་ཀྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་རྣལ་འབྱོར་མ་སྲས་སྐྱེ། །ཅེས་མེ་ལོང་དང༌། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཞེས་འཁོར་ལོ་དང༌། ཁྱོད་ཀྱི་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། ཞེས་དུང་གཏད་པར་བྱའོ། །དེ་ནས་གསུམ་པ་ལུང་བསྟན་པ་ནི། འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྣལ་འབྱོར་ནམ་མཁའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་རྣལ་འབྱོར་ནམ་མཁའ་ཞེས་བྱ་བའི་དེ་བཞིན་གཤེགས་པ། སིདྡྷི་ས་མ་ཡ་བྷུརྦྷུ་ཝ་སྭཱཿ ཞེས་བརྗོད། བདག་ཉིད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་མཉམ་པར་སྦྱར་བའི་སྐུར་གྱུར། ཤེས་རབ་བཅུ་དྲུག་ལོན་པ་ལ། ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་བརྗོད། །རང་གི་ཐུགས་ཀར་སངས་རྒྱས་ལྔའི་ངོ་བོ། ཨོཾ་ཧཱུཾཾཾ་ཨ་སྭཱ་


TNT11_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། ཞེས་པའི་ཡི་གེ་སྡིག་པའི་གཉེན་པོ་དཔའ་བོ་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་གཟི་བརྗིད་དང་ལྡན་པར་གྱུར། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་རང་རང་གི་སྔགས་ཀྱི་ཕྲེང་བ་བྱུང༌། སྙིང་གའི་ཡིག་འབྲུ་ལྔ་ལ་ཐིམ་པས། རྒྱུད་བྱིན་གྱིས་བརླབ་ཤིང༌། ཡེ་ཤེས་བརྟན་པར་གྱུར། ལྷ་བཅུ་གསུམ་གྱི་སྔགས་ལན་གསུམ་གསུམ་བརྗོད། རང་གི་སྤྱི་བོར་ཀྵུཾ ཞེས་སོགས་ཡི་གེ་བརྒྱད། བཀོད་དེ་བསྲུང་བའོ། །དེ་ལྟར་ན་ཕྱི་དབྱིབས་ཀྱི་དཀྱིལ་འཁོར་དུ་སློབ་དཔོན་གྱི་དབང་བསྐུར་པ་ཐོབ་པས། ཡེ་ཤེས་བསྐྱེད་པའི་རིམ་པར་བསྒོམ་པ། རྣམ་ཤེས་ལས་ཚོགས་དང་འཇིག་རྟེན་པའི་དངོས་གྲུབ་པ་ལ་དབང་བ་ཡིན་ནོ། །འདིར་བླ་མ་གོང་མ་རྔོག་རྣམས་ནི། ལུང་སྟོན་ཡན་ཆད་ལ་སློབ་དཔོན་གྱི་དབང་ཞེས་གསུང་ལ། དེ་ནས་སློབ་མས་མཎྜལ་ཕུལ། གསོལ་བ་བཏབ། སློབ་མ་མེ་ཏོག་ཕོག་པའི་ལྷར་བསྐྱེད། ཆུ་དབང་སྔོན་དུ་འགྲོ་བས། རིག་པ་གཏད་པ་ལ་སྔགས་ཀྱི་དབང་བསྐུར་བ་དང༌། གཙོ་མོའམ་ལྷ་ཚོགས་རྣམས་ཀྱི་དམ་ཚིག་ཕྱག་རྒྱ། སློབ་དཔོན་གྱི་རྗེས་སུ་ཟློས་པའི་ཚུལ་གྱི་སློབ་མ་རྣམས་ཕྱག་རྒྱ་འཆར་གཞུག་པ་ནི། ཕྱག་རྒྱའི་དབང་སྟེ། འདི་ལ་སློབ་མའི་དབང་བསྐུར་ཞེས་གསུང་ངོ༌། །ཚུལ་འདི་སློབ་དཔོན་གྱི་ནི་དབང་བསྐུར་ནས། །རྣམ་ཤེས་ཡེ་ཤེས་བརྟན་པར་བྱ། །ཞེས་དཀྱིལ་ཆོག་ལས་གསུངས་པའི་རྣམ་ཤེས་ཡེ་ཤེས་ཞེས་པའི་དོན་དུ་དགོངས་པར་སྣང་ལ། དེའི་དོན་གྱི་ཕྱོགས་གཅིག་ལ་


TNT11_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པའང་ཡིན་མོད་ཀྱི། ངེས་པར་དགོས་པའང་མ་ཡིན་པས་འདིར་མ་བྲིས་སོ། །ཡང་གཞུང་ལས། སྦྱོར་བ་ཡྀ་ནི་དབང་བསྐུར་ནས། །གསང་བ་ཐམས་ཅད་མངོན་པར་བརྗོད། །ཅེས་པ་ལ་ཐབས་ཀྱི་དབང་བསྐུར་གསང་དབང་དང༌། ཤེས་རབ་ཀྱི་དབང་བསྐུར་གསུམ་པ་སྟེ། དེ་གཉིས་བསྡོམས་པ་ནི་སྦྱོར་བའི་དབང་ངོ༌། །དབང་གོང་མ་འདི་གཉིས་ལ་བླ་མ་གོང་མ་རྣམས་ཀྱི་བཞེད་པས། མཎྜལ་གྱི་དཀྱིལ་འཁོར་འཆར་བ་དང༌། ཡེ་ཤེས་དབབ་པ་དང་མེ་ཏོག་དོར་བ་ལ་སོགས་པ་བཞེད་དོ། །དེ་དག་འགྲུབ་ནའང་བྱིན་རླབས་ཆེ་བའི་ཡན་ལག་ཏུ་འགྱུར་བ་ཡིན་མོད་ཀྱི། ལག་ལེན་བསྡུ་བའི་ཚེ་མ་འགྲུབ་ཀྱང་མི་འགལ་ཏེ། དེ་འདྲ་དེ་འདིའི་སྒོས་ཀྱི་ཁྱད་ཆོས་ཀྱང་མ་ཡིན་ལ། ཚད་ལྡན་གྱི་གཞུང་ཕལ་ཆེར་ལས་ཀྱང་མི་འབྱུང་བས་སོ། །འདིར་ནི་ཉུང་ངུ་ལ་མོས་པ་དག་ལ་ཆོ་ག་ཟོར་ཡང་བར་བརྗོད་པར་བྱ་སྟེ། །ཀུན་རྟོག་ཐམས་ཅད་རྣམས་སྤངས་པས། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །ཡེ་ཤེས་སྐུ་ཁྱོད་ཕྱག་འཚལ་བསྟོད། །ཡོན་ཏན་རྒྱ་མཚོ་ཁྱོད་མཐུ་ཡིས། །དེ་ཉིད་བླ་མེད་ཤེས་པར་འཚལ། །རྡོ་རྗེ་དབང་བསྐུར་ཀུན་མཁྱེན་གྱིས། །བཀའ་དྲིན་དེ་རིང་བདག་ལ་གསོལ། །བཅོམ་ལྡན་ཁྱོད་ཞབས་པདྨ་ནི། །སྤངས་ནས་གཞན་ན་སྐྱབས་མ་མཆིས། །དེ་བས་འཁོར་བ་སྤང་བའི་ཕྱིར། །མགོན་པོས་བདག་ལ་བཀའ་དྲིན་མཛོད། །ཅེས་ལན་གསུམ། ཨཱ་ཁཾ་ཝཱིར་ཧཱུཾ་གིས་མིག་དར་བཅིངས། ཨོཾ་ཨཱཿཧཱུཾ་གིས་བདུད་རྩི་གཏོར། སློབ་དཔོན་དང་དཀྱིལ་འཁོར་གྱི་དབང་ཕྱུག་དབྱེར་མ་མཆིས་པ་དེ་ཉིད། རྣལ་འབྱོར་ནམ་མཁའི་ངོ་བོ་རྡོ་རྗེ་སེམས་དཔའ་


TNT11_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དབང་ཕྱུག་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས། །ཡབ་ཡུམ་གྱི་སྐུ་ལ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། གསང་བར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྟན་པར་བྱས་པའི་བྱང་ཆུབ་ཀྱི་སེམས་བདག་གི་ལྕེ་ཐོག་ཏུ་བཞག ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་ལ་དབང་བསྐུར་ལྟར། །བདག་གིས་གསང་བའི་སེམས་རྒྱུན་གྱི། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོཾ་ཨཱཿཧཱུཾ། འདི་ནི་དེ་ཉིད་བླ་ན་མེད། །གཉིས་མེད་ཡེ་ཤེས་བརྗོད་མི་ནུས། །ཆོས་དབྱིངས་ནམ་མཁའ་ལྟ་བུ་ཡི། །དམ་པའི་བདེ་བ་ཡང་དག་མྱང༌། །ཨ་ཧོ་མཧཱ་སུ་ཁཾ། འབྲུ་གསུམ་གྱིས་གདོང་གཡོགས་བསལ། དེ་ལྟར་ན་ལུགས་ཀྱི་དཀྱིལ་འཁོར་དུ་གསང་དབང་ཐོབ་པས། རྩ་དང་རླུང་དང་ཐིག་ལེའི་རྣལ་འབྱོར་རང་ལུས་ཐབས་ལྡན་གྱི་གསང་བ་རྣམས་བསྒོམ་པ་ལ་དབང་ངོ༌། ཁྲག་ཆེན་པོ་ནི་ག་བུར་བཅས། །ཙནྡན་དམར་དང་ཡང་དག་སྦྱར། །དེ་བཞིན་རྡོ་རྗེའི་ཆུ་དང་བཅས། ལྔ་པ་སེམས་ལས་བྱུང་བར་བཤད། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། དམ་ཚིག་འདི་ནི་བླ་ན་མེད། །བཟང་པོ་ཁྱོད་ཀྱིས་སྐྱང་བར་བྱ། །ཞེས་དམ་ཚིག་བསྒྲག་གོ །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ་ལ། །སངས་རྒྱས་ཀུན་ལ་གསང་བ་ཆེ། །ཇི་ལྟར་དཔལ་ལྡན་ཐུགས་རྡོ་རྗེས། །རྡོ་རྗེ་ཆོས་ནི་བསྟན་


TNT11_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར། །མགོན་པོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། གོང་བཞིན་མིག་དར་བཅིངས། ཨོཾ་ཨཱཿཧཱུཾ། བདུད་རྩི་གཏོར། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རིག་མ་གཏད། གཉིས་མེད་སྦྱོར་བ་དེ་ཉིད་ནི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །སོ་སོར་དེ་ཉིད་ཀྱིས་བཟུང་བ། །རྡོ་རྗེ་དེ་ཉིད་བདག་ཉིད་དེ། །དྲིལ་བུ་ཆོས་ཀྱི་གཟུངས་མའོ། ཕྱག་རྒྱ་ཁ་སྦྱོར་ཚུལ་གྱིས་ནི། །དེ་ལ་ཐབས་ནི་ཐིམ་པར་འགྱུར། །ཐབས་རྡོ་རྗེ་སེམས་དཔའ་དང༌། རིག་མ་ཡེ་ཤེས་དབང་ཕྱུག་མར་གྱུར། ཡབ་ཡུམ་རྗེས་སུ་ཆགས་པས་སྙོམས་པར་ཞུགས། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནས་བྱང་ཆུབ་ཀྱི་སེམས་འོངས་པ། ཐབས་ཤེས་ཀྱི་སྣ་རྩེར་བྱོན་པ་དང་རང་གནས་སུ་གཤེགས་པའི་རིམ་པས། ལུགས་འབྱུང་དང་ལུགས་ཟློག་གི་དགའ་བའི་རིམ་པ་རྫོགས་ཏེ་ལྷན་ཅིག་སྐྱེས་པ་མངོན་དུ་བྱས། ཨོཾ་ཨཱཿཧཱུཾ་གིས་གདོང་གཡོགས་བསལ། བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སོགས་པ་གཞན་ལུས་ཐབས་ལྡན་གྱི་གསང་བ་ཟབ་མོ་སྒོམ་པ་ལ་དབང་ངོ༌། །བུད་མེད་ཐམས་ཅད་མཐོང་བ་ན། །གཡོན་ནས་ལན་གསུམ་བསྐོར་བྱ་ཞིང༌། །སྤྱི་བོས་ཕྱག་ནི་བྱས་ནས་ཀྱང༌། །ལན་གསུམ་བར་དུ་གསོལ་བ་གདབ། །བདག་བུ་ཁྱོད་ནི་མ་ཡིན་ཏེ། །ཇི་སྲིད་བྱང་ཆུབ་འབྱུང་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གི་འོ་མས་སྐྱོངས། །ཞེས་


TNT11_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་བསྒྲགས། དབང་བཞི་པའི་དོན་དུ་མཎྜལ་ཕུལ་ལ། དོན་དམ་སྨྲ་བའི་སེངྒེ༴ སོགས་ལན་གསུམ་གྱིས་གསོལ་བ་བཏབ། རྟག་པར་ཆོས་ཀྱི་དབྱིངས་ཉིད་ཀྱི། །གོ་འཕང་མི་གཡོ་རྒྱུན་དུ་གནས། །རྟག་ཏུ་ཕྲ་ཕྱིར་གོས་མེད་པས། །ཡེ་ཤེས་ལ་ནི་རྣམ་ཤེས་ཐིམ། །རྣམ་ཤེས་ཡེ་ཤེས་ཉིད་གྱུར་ན། །བྱང་ཆུབ་རིམ་པ་མཐོང་བར་གྱུར། །ཆོས་དབྱིངས་རང་བཞིན་འགྱུར་བ་མེད་པ་རྟོག་པའི་དྲི་མས་མ་གོས་ཤིང༌། རྟག་པ་དང་བྲལ་བའི་ཡེ་ཤེས་དེ་ཉིད་རང་བཞིན་བདེ་བ་ཆེན་པོ་སྟེ། བཞི་པའི་ཡེ་ཤེས་སོ། །དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ་པས། མཆོག་གི་གོ་འཕང་སོ་སོར་རང་གི་རིག་པ་མངོན་དུ་བྱས། དེ་ཡང་དཀྱིལ་ཆོག་ལས་གསང་ཆེན་དེ་དག་ཐམས་ཅད་ཀྱི། །དབང་བསྐུར་བ་ནི་གོ་འཕང་མཆོག །ཅེས་པས་དབང་བཞི་པ་བསྟན་ནོ། །དེའི་རྗེས་སུ་དམ་ཚིག་གམ་སྤྱོད་པ་ལ་གདམས་པ་ནི། ཆོས་རྣམས་རང་བཞིན་དག་པ་སྟེ། །དེ་ཡི་དངོས་པོའི་རང་བཞིན་ཉིད། །དངོས་པོ་རང་བཞིན་མེད་པ་རུ། །རྫོགས་པའི་བྱང་ཆུབ་རིམ་པ་བསྟན། །བཟོད་པའི་ཆོས་ནི་སྔོན་འགྲོ་བས། །སེམས་ཅན་རྣམས་ཀྱི་གཟིར་མི་བྱ། ཚིག་རྩུབ་ཀྱལ་པ་མི་སྨྲ་ཞིང༌། །སེམས་ཅན་རྣམས་ནི་སུན་མི་དབྱུང༌། །ཚུལ་ཁྲིམས་སྡོམ་པ་བསྲུང་བྱ་ཞིང༌། །སྐྱེ་བོ་རྣམས་ལ་བརྩེ་མི་བྱ། །བདག་ཉིད་ཤི་བར་གྱུར་ཀྱང་བླ། །སེམས་ཅན་སྲོག་གཅོད་དེ་ལྟ་མིན། །རབ་འབར་མེ་དང་མཚུངས་པས་ན། །གཞན་གྱི་ནོར་ལ་རེག་མི་བྱ། །རྣལ་འབྱོར་པ་ཡི་ལུས་


TNT11_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་ཞིང༌། །ཕན་ཚུན་དབྱེ་བའི་ལས་མི་བྱ། །རྣལ་འབྱོར་སྤྱོད་པའི་རྣལ་འབྱོར་པ། །དེ་ལ་བརྫུན་ནི་ཡོད་མ་ཡིན། །སྤྱོད་པ་བག་ཡོད་བཅས་པ་དང༌། །བཟའ་དང་ལོངས་སྤྱོད་བག་ཡོད་བྱ། །དགའ་བར་རོལ་པ་བག་ཡོད་ཅིང༌། །གཏོར་སོགས་ཆོ་གའང་བག་ཡོད་ལ། །རྣལ་འབྱོར་བ་ནི་འགྲུབ་འདོད་པས། །སེམས་ཅན་བསྟེན་ན་འགྲུབ་པར་འགྱུར། །གང་ཞིག་ཐམས་ཅད་ཤེས་པ་ཡི། །སློབ་མ་སེམས་དགའི་ལས་རྣམས་བྱ། །མཉམ་ཉིད་ཡེ་ཤེས་བསྐྱེད་ནས་སུ། །ཐམས་ཅད་མཉམ་ཉིད་ལྟ་བར་བྱ། །རྟག་ཏུ་མཉམ་པའི་སྤྱོད་པ་བྱ། །རྟག་ཏུ་རྣལ་འབྱོར་བསམ་གཏན་གུས། བསླབ་པ་བླང་བ་སྔོན་འགྲོ་བས། །དཀྱིལ་འཁོར་གཏོར་མ་ལ་སོགས་པ། །སེམས་ཅན་དོན་གྱི་ཚུལ་ཁྲིམས་རྣམས། །བུ་ཡི་སྲོག་བཞིན་བསྐྱང་བར་བྱ། །ཅེས་སོ། །དེ་ནས་གཙོ་བོས་ཇི་ལྟར༴ སོགས་དང༌། གཏང་རག་གི་མཎྜལ་འབུལ། དེང་ནས་བརྩམས་ཏེ། སོགས་དང༌། གཞན་ཡང་སྨོན་ལམ་མང་དུ་གདབ་པར་བྱའོ། །སླར་ཡང་སྦྱིན་བསྲེག་ལ་སོགས་པས་དཀྱིལ་འཁོར་གྱི་ལྷ་རྣམས་མཉེས་པར་བྱ་སྟེ། བདག་ཉིད་འཇུག་པའི་རིམ་པའོ། །སློབ་མ་དབང་བསྐུར་བའི་བྱ་བ་ནི། བདག་འཇུག་ཉིད་ཀྱིས་རིགས་འགྲེ་ཞིང༌། ཁྱད་པར་ཕྲ་མོ་ཡོད་པ་རྣམས་ཀྱང༌། ཞོར་བྱུང་ལ་བསྟན་ཟིན་ཏེ། ལག་ལེན་ནི་མཐོང་བརྒྱུད་པ་ལས་ཤེས་པར་བྱའོ། །དེ་ནས་རྗེས་ཀྱི་ཆོ་ག་ནི། མཆོད་པ་ཁ་གསོས་བའམ། གསར་བར་བཤམས་ཏེ་སྒྲུབ་ཐབས་བཞིན་བྱིན་གྱིས་བརླབ་ནས།


TNT11_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་པྲ་ཏཱིཙྪ་ཨ་རྒྷཾ་ཧཱུཾ་སྭཱཧཱ། ཨོཾ་སུ་གནྡྷེ་སོགས་སྔགས་ཙམ་མཾ། གོང་དུ་བསྟན་པ་ལྟར་ཚིགས་བཅད་དང་བཅས་པས་ཀྱང་མཆོད། ནང་མཆོད་ཕུལ། བསྟོད་ཐུང་གིས་བསྟོད། སློབ་དཔོན་དང་དཀྱིལ་འཁོར་དབྱེར་མེད་པར་མོས་ནས། ཧཱུཾ་ཧཱུཾ་ཧཱུཾ་མགོན་ཁྱོད་ཡོངས་སུ་ཐར་པའང་ཁྱོད། །ཆོས་སྟོན་པའང་ཁྱོད་ཡིན་ཏེ། །སྙིང་རྗེའི་རྒྱུ་ལས་བྱུང་བའི་གཟུགས། །གཟུགས་བཟང་མཐར་ཕྱིན་པའང་ཁྱོད། །ཀྱེ་ཁྱོད་སྲིད་པ་ལས་སྒྲོལ་ཁྱོད། །རྡོ་རྗེ་ཁྱོད་ལ་ཕྱག་འཚལ་འདུད། །ཐར་པ་རྡོ་རྗེ་ཁྱོད་ཉིད་དོ། །དེ་ནས་གཙོ་འཁོར་ཐམས་ཅད་ཀྱིས་གསུངས་པར་མོས་ལ། ཨོཾ་ར་མ་ར་མ་ཧོ། ཧི་ཧི་ཧི་ཧཱུཾ་ཧོ་ཨ། ཨོཾ་ར་མ་ར་མ་ཧོ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧེ་ཨ། ཨོཾ་ར་མ་ར་མ་ཕྲུཾ་ཕྲུཾ་ཧཱུཾ། ཕྲུཾ་ཕྲོཾ་ཨ་ཨོཾ་ར་མ་ར་མ་ཧོ། གྷུ་གྷུ་གྷུ། གྷྲ་གྷོ་ཨཱ་སྭཱཧཱ། ཅེས་གླུར་བླངས་མ་བསྒྲལ་བ་རྣམས་བདག་གིས་བསྒྲལ༴ སོགས་སྨོན་ལམ་བཏབ་དེ་ནས་སློབ་མའམ་ཡོན་བདག་ལ་དུང་ཆོས་ཀྱི་ཆུ་འཐོར་ཞིང༌། ཤིས་པ་བརྗོད་པ་ནི། དེ་རིང་ཁྱོད་ནི་འཁོར་བ་ཡི། །རྒྱ་མཚོ་ལས་ནི་རབ་བརྒལ་ཞིང༌། །རྡོ་རྗེ་ལས་བྱུང་རྡོ་རྗེ་སེམས། །སངས་རྒྱས་གོ་འཕང་དབང་བསྐུར་བས། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱི། །དོན་བྱེད་པ་ཡི་སེམས་དང་ལྡན། །ཞེས་བརྗོད། སློབ་མ་དབང་བསྐུར་དང་མ་འབྲེལ་བའི་སྐབས་སྒྲུབ་མཆོད་ཙམ་ལ། དཀྱིལ་འཁོར་གྱི་གཙོ་མོས་གསུངས་པར་བསམས་ཤིང༌། དུང་གི་ཆུ་རང་ལ་གཏོར་བར་བྱའོ། །དེ་ནས་ཡིག་བརྒྱ་ལན་གསུམ་བརྗོད། མ་


TNT11_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་ཡོངས་སུ་སོགས་དང༌། །གཙོ་བོ༴ སོགས་ཀྱིས་གཟོད་པར་གསོལ། ཨོཾ་ན་མཿཏེ་ཧཱུཾ། ན་མཿམེ་ཧཱུཾ་ན་མོ་ན་མཿཧཱུཾ་སྭཱ་ཧཱས་ཕྱག་བྱ། གཡོན་པའི་ཁུ་ཚུར་སྙིང་ག་དང་གཡས་པས་ཁུ་ཚུར་ས་ལ་བཞག་སྟེ། ཨོཾ་ཁྱོད་ཀྱིས་སེམས་ཅན་སོགས། ཨོཾ་གཙྪ་གཙྪ་སོགས་སྔགས་ཚན་གཉིས་ཀྱིས་མགྲོན་རྣམས་གཤེགས་སུ་གསོལ་བ་ཡིན། སྒྲུབ་མཆོད་ཞག་སྤྲེལ་ལ། ཉི་མ་སྔ་མ་རྣམས་སུ་གཏོར་མགྲོན་ཁོ་ན་གཤེགས་སུ་གསོལ་ནས། དེའི་རྗེས་སུ་རྟེན་དང་རྡུལ་ཚོན་གྱི་ལྷ་ལ་བརྟན་བཞུགས་བྱ་ལ། ཉི་མ་རྟིང་མ་ལ། ཨོཾ་ཁྱོད་ཀྱིས་སོགས་ཀྱིས་གསོལ་གདབ་མགྲོན་དང་དཀྱིལ་འཁོར་པ་ལ་ལྷན་ཅིག་ཏུ་བྱས་ནས། }གས་གཉིས་ཀྱིས་མགྲོན་རྣམས་གཤེགས། ཨོཾ་ཨསྨ་ཏིཥྛ་སོགས་ཀྱིས་དཀྱིལ་འཁོར་བ་རང་གི་ལུས་ལ་བསྡུའོ། །ཨོཾ་གི་ལི་གི་ལི་དི་ནི་ཧཱུཾ་ཛ་སྭཱཧཱ། ཞེས་རྡུལ་ཚོན་ཕྱགས་ཏེ། བུམ་པར་བླུག་ནས་སྤྱན་འདྲེན། དེའི་ཆོ་ག་ནི་སྤྱི་དང་འདྲའོ། །ལྟག་གཏོར་སྐྱེལ་བའི་སྔར་སྐབས་འདིར་བཤད་ཀྱང༌། སྔགས་སྔོན་དུ་གྲུབ་ན་འདིར་མི་དགོས་ལ། སྤྱིར་དཀྱིལ་འཁོར་བྲིས་པའི་ཤུལ་དུ། སླར་ཡང་སྦྱིན་བསྲེག་དང་ཚོགས་འཁོར་བྱ་བར་བཤད་ཅིང༌། རས་བྲིས་ཀྱི་ཕྱོགས་ལ་ནི་ཞག་སྦྲེལ་གྱི་ཉི་མ་སྔ་མ་རྣམས་སྔར་བཤད་པ་དང་འདྲ་བ་ལས། རྟེན་དང་དཀྱིལ་འཁོར་ལ་བརྟན་བཞུགས་ལྷན་ཅིག་བྱས་པས་ཆོག་གོ །གང་ལྟར་ཡང་མཐར། སྨོན་ལམ་དང༌། བཀྲ་ཤིས་རྒྱ་ཆེར་བྱ། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་རྣོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་དུལ་བར་ལྡན། །རྣལ་


TNT11_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ནམ་མཁའ་མཆོག་གི་དབང་ཕྱུག་གར་བྱེད་རོལ། །ཧཱུཾ་ཧཱུཾ་ཧཱུཾ་ཞེས་གླུ་བླང་ངོ༌། །དེ་ལྟར་ན་འདི་ནི་དཀྱིལ་འཁོར་གྱི་ཆོ་ག་སྙིང་པོ་མདོར་བསགས་ལ་གཙོ་བོར་བརྟེན་པ་ཆོ་ག་རྒྱས་པའི་རིམ་པ་ལ་ཚིག་ཟོར་ཡང་བར་སྦྱར་བ་ཡིན་པས། རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་རྒྱས་པ་ལ་ཡང་ཆོ་ག་འདི་ཉིད་འདོན་པ་སྤོས་པས་ཕལ་ཆེར་འགྲུབ་ལ། བསྟོད་པ་དང༌། ལྷ་ངོ་བསྟན་པའི་ཚིགས་བཅད་རྒྱས་པ་ཁ་འགེངས་དགོས་པ་ཡིན་ནོ། །ཡང་སྙིང་པོ་མདོར་བསགས་ལ་མ་བརྟེན་པར། བསྡུས་པའི་རྒྱུད་འདི་ལས་ཇི་ཙམ་གསུངས་པ་རྣམས་གཞིར་བཞག་ནས། ལྷག་མ་རྣམས་གསང་བ་སྤྱིའི་ཆོ་ག་ནས་ཁ་བཀང་ན་ཟོར་ཡང་ཞིང་ལེགས་པ་ཞིག་ཀྱང་འབྱུང་མོད་ཀྱི། རེ་ཞིག་འདིར་མ་བྲིས་སོ། །མར་རྔོག་གོང་མའི་ལུགས་ཀྱིས་ཀྱང༌། དགྱེས་རྡོར་སོགས་དང་མཐུན་རུང་དུ་སྦྱར་བའི་ཡི་གེ་དུ་མ་སྣང་བ་ཡང་ངེས་པར་གྱིས་ཤིག ཟབ་ཡངས་རྒྱུད་ནི་ནམ་མཁའི་དཀྱིལ་འཁོར་འདྲ། །དྲེགས་ལྡན་བློ་མིག་ཁབ་ཀྱི་བུ་གར་ལྟ། །སྔོན་དགེ་གང་ཡིན་བློ་གྲོས་མཐུར་སྨིན་པས། །དེ་ཉིད་གཅིག་ལས་ཆོས་ཀུན་འཇལ་འདི་མཚར། །རྒྱ་བོད་གཞུང་མང་དག་ལས་ལེགས་བཤད་ཀྱི། །སྙིང་པོ་བསྡུས་པའི་དཀྱིལ་འཁོར་ཆོ་ག་འདི། །ཡི་གེར་བཀོད་པའི་དགེ་བ་གང་ཡིན་དེ། །མཁའ་མཉམ་སེམས་ཅན་ཀུན་ལ་རྒྱས་པར་བསྔོ། །ཞེས་དཔལ་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩི་ཐིག་ལེ་ཞེས་བྱ་བ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ངེས་པར་བརྗོད་པའོ། ཤུ་བྷ་མསྟུ། གཅིག་ཞུས་དག །


previousདཔལ་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་གྱི་ཆོ་ག་དུད་རྩིའི་ཐིག་ལེ།next