Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མའི་བདག་འཇུག་གཞན་ལ་ཕན་པ།
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མའི་བདག་འཇུག་གཞན་ལ་ཕན་པ།next

བཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མའི་བདག་འཇུག་གཞན་ལ་ཕན་པ།


TNT12_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མའི་བདག་འཇུག་གཞན་ལ་ཕན་པ་ཞེས་བྱ་བ་བཞུགས།


TNT12_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མའི་བདག་འཇུག་གཞན་ལ་ཕན་པ་ཞེས་བྱ་བ། བླ་མ་སངས་རྒྱས་ལ་ཕྱག་འཚལ་ལོ། །ཐོག་མར་གཏོར་མ་གཏོར་སྣོད་ནང་དུ་མེ་ཏོག་བདུག་སྤོས་སོགས་མཆོད་པ་བཏབ་པ་གཅིག་བཤམ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། ཕཻཾ་བཛྲ་ཨ་རལླི་ཧོཿ ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར། མཁའ་འགྲོ་སྤྱི་གཏོར་སྤྱི་དང་འདྲ། །གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱོད་ཀྱིས་སྩོལ། །གང་ཡང་སའི་ཕྱོགས་འདིར་གཏོགས་པའི་ལྷ་ཀླུ་གནོད་སྦྱིན་ལ་སོགས་པ་སའི་བདག་པོ་རྣམས་དང༌། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་རྣམས་ཀྱིས་ས་གཞི་འདི་དཀྱིལ་འཁོར་གྱི་བྱ་བའི་དོན་དུ་བདག་ལ་སྩལ་དུ་གསོལ། དེ་ལས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བླ་


TNT12_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེད་པར་འགྱུར་བ་ལགས། ཁྱེད་ཅག་སྐལ་བ་མཆོག་ལྡན་ཏེ། །བསོད་ནམས་ཕུང་པོ་གཟི་བརྗིད་ཆེ། །རྫུ་འཕྲུལ་ཆེན་པོ་བཟོད་པར་དཀའ། ཁྱོད་ནི་བདེན་པའི་རྒྱུ་ལས་བྱུང༌། ཁྱོད་ཀྱི་ངག་ཚིག་བདེན་པ་ཡིན། །དེ་ཕྱིར་རྒྱུ་ལ་ལེགས་བསམས་ནས། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །བདག་གི་བདེན་པའི་ཚིག་གསོན་ཅིག།དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་ས་གཞི་འདི་བདག་ལ་སྩོལ་ཅིག །ཨ་པ་ར་སྠཱ་ནཾ་གཙྪ་གཙྪ། ཞེས་གཏོར་མ་ཕྱི་རོལ་དུ་དོར་རོ། །དེ་ནས་ས་ལྷའི་མཆོད་གཏོར་བཤམ། ཨ་མྲྀ་ཏས་བསངས། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་སྣོད་བཟང་པོ་རྣམས་སུ། ཧཱུཾ་ལས་བྱུང་བའི་མཆོད་པ་སྣ་ཚོགས་པ་བཟང་ཞིང་རྒྱ་ཆེ་ལ་ནམ་མཁའི་མཐས་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས། ནཻ་བི་ཏྱེའི་བར། ཨོཾ་ཨཱཿརཱུ་པ་བཛྲ་ཧཱུཾ། ཤཔྟ། གནྡྷ། ར་ས། སྤར་ཤ །དྷརྨ་དྷཱ་ཏུའི་བར་རོ། །ཡང་བསངས་


TNT12_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས། ཨོཾ་ལས་བྱུང་བའི་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུཾ། ཞུ་བ་ལས་བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱུཿཧཱུཾ་ཧ་ཧོ་ཧྲཱིཿ གཡས་ཀྱི་སོར་མོ་གསུམ་ལ་གཏུག །ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་པྲི་ཐི་བཱི་དེ་བཱི་ཨཱ་ཀརྵ་ཡ་ཛཿ སའི་ལྷ་མོ་འཁོར་དང་བཅས་པ་བྱུང༌། ཚོམ་བུའི་སྟེང་དུ་འཁོད་པར་གྱུར་པ་ནི། ལྟེ་བ་ཡན་ཆད་སའི་དཀྱིལ་འཁོར་ལས་ཕྱུང་བ། ཕྱག་གཡོན་གསེར་གྱི་བུམ་པ་འཛིན་ཞིང༌། གཡས་དབང་པོར་ཁས་ལེན་པའི་ཕྱག་རྒྱ་ཅན་མཛེས་སྡུག་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ཨོཾ་ཚུར་བྱོན་ཚུར་བྱོན་ས་ཡི་ནི། །ལྷ་མོ་ཆེན་མོ་འཇིག་རྟེན་ཡུམ། །རིན་ཆེན་ཀུན་གྱིས་རབ་གང་མ། །བཟང་པོའི་རྒྱན་གྱིས་རྣམ་བརྒྱན་མ། །དོ་ཤལ་རྐང་གདུབ་སྒྲ་ལྡན་མ། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་ཡོན་འདི་དག་མཆོད་ནས་སུ། །དཀྱིལ་འཁོར་ལས་ནི་ལེགས་གྲུབ་མཛོད། །ཨོཾ་པྲི་ཐི་བཱི་དེ་བི་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། མཆོད་ཡོན་གྱི་གནས་སུ་མེ་ཏོག་སོགས་དང༌། ཨརྒྷཾ་གྱི་གནས་སུ། པུཥྤེ་ནས། ཤཔྟ་ཨཱཿཧཱུཾ་གི་བར་བརྗོད། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གསོལ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྟོབས། །བཅོམ་ནས་དཀྱིལ་འཁོར་བྲི་བར་བྱ། །ལན་གསུམ། ཨོཾ་


TNT12_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པྲི་ཐི་བཱི་དེ་བཱི་ས་པ་རི་བ་རེ་བྷྱཿ ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ། སརྦ་དུཥྟན་ས་མ་ཡ་མུ་དྲ། པྲ་བྷ་ཉྫ་ཀ །མ་མ་ཤཱིནྟཾ་རཀྵ་ཙ་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ལན་བདུན་གྱིས་གཏོར་མ་ཕུལ། སའི་ལྷ་མོ་སླར་ཡང་ས་དེ་ཉིད་ལ་ཐིམ། དེ་ནས་སློབ་དཔོན་དཀྱིལ་འཁོར་གྱིས་ས་གཞི་ལ་འདུག་ནས། ཨོཾ་ཧྲཱི་སྭཱཧཱ། ཞེས་པ་ནས་བཟུང༌། མཎྜལ་མཆོད་ཆོག་སྔོན་དུ་འགྲོ་བའི། སྟྭཾ་བྷ་ནི་ཏཱ་རེ་སྭཱཧཱ། ཞེས་པའི་བར་སྒྲུབ་ཐབས་ནས་འབྱུང་བ་ལྟར་དཀྱིལ་འཁོར་བསྒོམ། བཟླས་པ་བྱ། དེ་ནས་མཆོད་པ་བཤམས། སྤྱི་དང་མཐུན་པར་བྱིན་གྱིས་རླབས། བདག་ཉིད་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ། བདག་ཉིད་དཔལ་དོན་ཡོད་གྲུབ་པ་རྡོ་རྗེའི་རྟའི་རྒྱལ་པོ་རབ་ཏུ་ཁྲོས་པ་སྐུ་མདོག་སྔོ་སངས། སྔོ་དཀར་དམར་ལྗང་བའི་ཞལ་སྤྱན་གསུམ་པ། སྟེང་ཞལ་རྟ་གདོང་སྔོན་པོའོ། །ཕྱག་གཡས་པས་སྣ་ཚོགས་རྡོ་རྗེས་མཚན་པའི་རལ་གྲི་དང༌། གཡོན་པས་སྣ་ཚོགས་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པ། གཡས་ལྷག་མ་རྣམས་ཀྱིས་འབར་བའི་རྡོ་རྗེ་མདའ་དང་གཏུན་ཤིང་འཛིན་པ། གཡོན་ལྷག་མ་རྣམས་ཀྱིས་ཐོད་པ་གཞུ་དགྲ་སྟ་བསྣམས་པ། སྟག་ལྤགས་དང་དར་དང་རིན་པོ་ཆེ་དང་རུས་པ་དང་སྦྲུལ་གྱིས་བརྒྱན་པ། ཞབས་གཉིས་གཡོན་བརྐྱང་བའི་རོལ་པའི་སྟབས་ཀྱིས། པདྨ་དང་ཉི་མའི་སྟེང་དུ་ལྷ་དང་ལྷ་མིན་ཐམས་ཅད་གནོན་པའི་ཚུལ་གྱིས་བཞུགས་པ་མེ་དཔུང་འབར་བའི་དབུས་ན་རོལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་རྡོ་རྗེ་སྒྲོལ་མས་ཡང་དག་


TNT12_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཁྱུད་པའི་སྐུར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་དེ་ཉིད་ལྔ་པས་བསྟོད། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང༌། །ཡེ་ཤེས་སྤྱོད་པ་རྣམས་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་གསོལ་བ་བཏབ། འགྲོ་བ་ཐམས་ཅད་སྡུག་བསྔལ་གྱིས་གཟིར་བ་ལས་ཡོངས་སུ་བསྒྲལ་བའི་ཕྱིར། བདག་གིས་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་སྤྲུལ་བར་བྱའོ། །ཨོཾ་བཛྲ་ཨུ་ཏིཥྛ་ཀྲོ་དྷ་དྲྀཥྟི་ཨཱཿ ཀྲོ་དྷ་དྲྀཥྟི་ཧཱུཾ། རྐང་མཐིལ་གཉིས་སུ་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ། པད་སྐོར་དང་རྡོར་དྲིལ་འཛིན་བཞིན་པས། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་གནས་གསུམ་དུ་གཏུགས། ཨོཾ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ། ཧཱུཾ་ཞེས་གཡས་སྐོར་དུ་བསྐོར་ནས། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་


TNT12_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་སྙིང་རྗེའི་སྟོབས། །བཀའ་ཡི་འཁོར་ལོ་རབ་སྦྱོར་བ། །རྡོ་རྗེ་རབ་ཏུ་འབར་བ་འདིས། །ལུས་གསུམ་ལས་སྐྱེས་དགས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །འདིར་ནི་འཇིག་འགྱུར་གཞན་དུ་མིན། །ན་མཿས་མནྟ་བུདྡྷེ་བྷྱོ། སོགས། བདུད་རྩི་འཁྱིལ་བའི་སྔགས་བཟླས། ས་གཞི་ལ་ཡུངས་ཀར་གཏོར་རོ། །ཨོཾ་བྷུ་ཁཾ་ནམ་མཁའི་རང་བཞིན་དུ་གྱུར། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྷྲྀ་ཧྣ་གྷྲྀཧྞ་ཧཱུཾ། གྷྲྀཧྞ་པཱ་ཡ་གྷྲྀཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཧོ་བྷ་ག་བཱན་བིདྱ་རཱ་ཛ་ཧཱུཾ་ཕཊ། ཕུར་བུ་གཅིག་འདུས་བྱས་ལ། སྤྲུལ་པའི་ཁྲོ་བོ་ཁྲོ་མོ་མཐའ་ཡས་པ་སྤྲོས་ཏེ། ཞེས་པ་ནས། གདུག་པའི་སེམས་ཅན་རྣམས་ཐར་ས་མེད་པར་བཅིངས་པར་གྱུར། ཞེས་པའི་བར་སྒྲུབ་ཐབས་ལྟར་བྱ། ཁྲོ་བོ་བདུད་རྩི་འཁྱིལ་པ་གཉིས་པ་ཞིག་སྤྲོས་ཏེ། ཕུར་བུ་སྲུང་བའི་དོན་དུ་བཞུགས་པར་གྱུར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། སོགས་ཉེར་སྤྱོད་ལྔ་ཕུལ། དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་ཕུར་བུ་སྲུང་བ་དང༌། བགེགས་ཐམས་ཅད་བཟློག་པའི་འཕྲིན་ལས་མཛོད་ཅིག།བདག་ཉིད་བདུད་རྩི་འཁྱིལ་པར་གྱུར་པའི་རྐང་པ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པར་གྱུར། ཧཱུཾ་ཞེས་བཟླ་ཞིང་སྐོར་བ་ལན་གསུམ་བྱེད། གསེར་གྱི་ས་གཞི་ལ་ཐུག་གི་བར་བགེགས་རྣམས་ཐལ་བར་བརླག་པར་བྱས། ཡང་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ས་གཞི་རྭ་བ་དྲ་བ། གུར་བླ་རེ། ཡེ་ཤེས་ཀྱིས་མེ་དཔུང་འབར་བའི་སྲུང་བའི་འཁོར་ལོར་གྱུར།


TNT12_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་སྲུང་བ་བྱའོ། །ནམ་མཁར་བཞུགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་དམིགས་ནས། ཨརྒྷཾ་ལ་སོགས་པས་མཆོད། མཚན་ངེས་པས་བསྟོད། བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བསྲུང་བ་བྱས་ཏེ་བཞག་གོ །དེ་ལྟར་ན་ཞག་དང་པོ་སའི་ཆོ་གའོ། །ནངས་པར་སྔ་བར་བོད་ལུགས་བཞིན་དུ་སྔོན་འགྲོ་གཏོར་མ་མཁའ་འགྲོ་སྤྱི་གཏོར་དང༌། གནས་ཡོ་བྱིན་རླབས་བྱས་ནའང་ཉེས་སྐྱོན་མི་བསྐྱེད་ཅིང༌། ཆོ་ག་མཛེས་པའི་ཡན་ལག་ཙམ་དུ་འགྱུར་རོ། །དེ་བཞིན་དུ་སྐྱབས་སེམས་དང་ཡིག་བརྒྱ་ཡང་ངོ༌། །དེ་རྗེས་སྤྱི་འགྲོའི་མཎྜལ་གྱི་ཆོ་ག་ནས་བརྩམས་ཏེ། དེ་ཡང་སྟོང་པ་ཉིད་དུ་ཐིམ་པར་གྱུར། ཨཱཿསྟོང་པའི་ངང་ལས་རང་ཉིད་བཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མའི་སྐུར་གྱུར། མདུན་གྱི་ས་གཞིར། ལྷ་རྣམ་གྱི་གནས་སུ་ཚོམ་བུ་དང་མཆོད་གཏོར་བྱ། དབང་ལྡན་གྱི་ཕྱོགས་སུ་སའི་ལྷ་མོའི་ཚོམ་བུ་དང་མཆོད་གཏོར་ཡང་བཤམས་ནས། ས་འོག་ནས་སའི་ལྷ་མོ། །ཞེས་པ་ནས། ལན་བདུན་གྱི་གཏོར་མ་འབུལ་བའི་བར་གོང་བཞིན། དེས་གསུངས་པ། ཀྱེ་རིག་པ་འཛིན་པ་དེང་ཁྱོད་ཀྱི། །སྔགས་ཀྱི་ཆོ་ག་རབ་ཏུ་གྲུབ། ཁྱོད་ཀྱིས་དཀྱིལ་འཁོར་བྲི་བ་དང༌། །མཚུངས་པ་མེད་པར་འགྲོ་དོན་གྱིས། །སའི་ལྷ་མོ་སླར་ཡང་ས་དེ་ཉིད་ལ་ཐིམ། དཀྱིལ་འཁོར་གྱི་ས་གཞི་བསངས་སྦྱངས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ཨོཾ་ཏཱ་རེ་ཤཱིནྟཾ་ཀུ་རུ་སྭཱཧཱ། ཨོཾ་ཨཱཿཧཱུཾ། དེ་བཞིན་དུ་ཐམས་ཅད་ཀྱི་མཐར་འབྲུ་གསུམ་སྦྱར་ཏེ། ཨོཾ་ཏཱ་རེ་པུཥྟིཾ་ཀུ་རུ་ཨོཾ། ཨོཾ་ཏཱ་རེ་བ་ཤ་མ་ན་ཧོ། ཨོཾ་ཏཱ་རེ་ནི་བ་ར་ཎ་ཕཊ། ཨོཾ་ཏ་ཐཱ་ག་ཏ་ཏཱ་རེ་ཡཾ་ཧཱུཾ།


TNT12_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་རཏྣ་ཏཱ་རེ་མཾ་ཧཱུཾ། ཨོཾ་པདྨ་ཏཱ་རེ་པཾ་ཧཱུཾ། ཨོཾ་བཛྲ་ཏཱ་རེ་ཧཱུཾ་ཧཱུཾ། ཨོཾ་ཨཾ་ཀུ་ཤ་ཏ་རེ་ཛཿཧཱུཾ། ཨོཾ་པཱ་ཤ་ཏཱ་རེ་ཧཱུཾ་ཧཱུཾ། ཨོཾ་ཤྲིངྑ་ལ་ཏཱ་རེ་བཾ་ཧཱུཾ། ཨོཾ་གྷཎྜ་ཏཱ་རེ་ཧོཿཧཱུཾ། ཨོཾ་མོ་ཧ་ནི་ཏཱ་རེ་མཾ་ཧཱུཾ། ཨོཾ་པྲ་ཤ་མ་ཏཱ་རེ་སྭཱཧཱ་ཧཱུཾ། ཨོཾ་སྟཾ་བྷ་ནི་ཏཱ་རེ་ལ་ཧཱུཾ། ཨོཾ་ཛམ་བྷ་ནི་ཏཱ་རེ་ཁཾ་ཧཱུཾ། ཨོཾ་ཨཱ་ཀརྵ་ནི་ཏཱ་རེ་ཧྲཱིཿཧཱུཾ། ཨོཾ་ཀཱི་ལ་ཀཱ་ཏཱ་རེ་ཛཿཧཱུཾ། ཨོཾ་ཨུ་ཙཊྚ་ཀཱ་ཏཱ་རེ་ཕཊ་ཧཱུཾ། ཨོཾ་དྭེ་ཥ་ཏཱ་རེ་ཕཊ་ཧཱུཾ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཨོཾ་ཀ་ནི་དྷུ་ནི་ཧཱུཾ་ཕཊ། ཨོཾ་ཧ་ཡ་གྲྀ་བ་ཧཾ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཅེས་པ་མིང་སྔགས་སུ་གྲགས་པ་རྣམས་ལན་གསུམ་གསུམ་བརྗོད། སྟོང་པའི་ངང་ལས་སྲུང་བའི་འཁོར་ལོའི་ནང་དུ་དངོས་གྲུབ་འབྱུང་བའི་ནས། སྒོ་བཞིར་ཉི་མ་ཞེས་པའི་བར་བརྗོད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་བཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མ་ཆེན་མོ་དཀྱིལ་འཁོར་གྱི་འཁོར་ལོའི་ཚོགས་དང་བཅས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་སྡེ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ཕཻཾ། བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བསངས་གཏོར་བྱ། ཐམས་ཅད་གཅིག་ཏུ་འདུས་པ་དཀྱིལ་འཁོར་དུ་གྱུར། ཡི་གེ་བཅུ་པའི་མཐར། ཨརྒྷཾ་པྲ་ཏཱི་ཙྪ་ན་མཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཕཊ། ཨོཾ་ཏིཥྛ་ཨཱ་ས་ན་ཧཱུཾ། དེ་ནས་མིང་སྔགས་སྔགས་རེ་རེའི་མཐར། ཨོཾ་ཏིཥྛ་སོགས་སྦྱར། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལེ་ཧཱུཾ་ཕཊ། ཨོཾ་ཏིཥྛ་ཨཱ་ས་ན་ཧཱུཾ།


TNT12_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་གདན་ལ་བཞུགས་པར་གྱུར། ནམ་མཁར་བཞུགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡང་ཕཻཾ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་རྣལ་འབྱོར་མ་ཞེས་པ་ནས། འབར་བའི་འཕྲེང་བ་འཁྲུགས་པའོ། །ཤར་དུ་ཞི་བའི་སྒྲོལ་མ་དཀར་མོ་ནས། ཞི་བའི་ཉམས་ཅན་ནོ། །བྱང་དུ་རྒྱས་པའི་ནས། དགྱེས་པའི་ཉམས་ཅན་ནོ། །ནུབ་ཏུ་དབང་གི་ནས། ཆགས་པའི་ཉམས་ཅན་ནོ། །ལྷོར་དྲག་པོའི་ནས། ཁྲོས་པའི་ཉམས་ཅན་ནོ། །ཤར་ལྷོར་དེ་བཞིན༴ །ལྷོ་ནུབ་ཏུ་རིན་ཆེན༴ ནུབ་བྱང་དུ་ཆོས༴ བྱང་ཤར་དུ་ལས་ཀྱི༴ །ཐམས་ཅད་ཀྱང་ནས། མཚུངས་པའོ། །ཤར་སྒོར་ལྕགས་ཀྱུ༴ ལྷོ་སྒོར་ཞགས་པ༴ ནུབ་སྒོར་ལྕགས་སྒྲོག༴ བྱང་སྒོར་དྲིལ་བུ༴ ཐམས་ཅད་ཀྱང་ཁྲོ་མོའི་ནས། བརྐྱང་པས་གནས་པའོ། །ཤར་གྱི་གཡས་ལས་རྨོངས་བྱེད་མ། ཞེས་པ་ནས། གཉིས་ཀའང་དུད་ཁ་ཤིན་ཏུ་ཁྲོས། ཤར་ལྷོར་གཤིན་རྗེ་གཤེད་པོ་ནག་ནས། ཡང་སྤྲུལ་ཕོ་ཉའི་ཚོགས་ཀྱང་འགྱེད། །ལྷ་དེ་ཐམས་ཅད་ཀྱི་ཞེས་པ་ནས། ཏཱཾ་ལྗང་སྔོན་འོད་ཟེར་འཕྲོ་བའི་བར་རོ། །འོག་དངོས་གཞིའི་སྐབས་སུ་འཆད་པར་འགྱུར་བ་ལྟར། མཆོད་བསྟོད་གཏོར་མ་འབུལ་བ་སོགས་བྱས་ལ། སྙན་གསན་དབབ་སྟེ། བདུག་སྤོས་ཐོགས་པས། དམ་ཚིག་སྒྲོལ་མ་བཅོམ་ལྡན་འདས། །རིགས་སྔགས་


TNT12_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ལ་ཕྱག་འཚལ་ལོ། །སྙིང་རྗེའི་ཡིད་ཀྱིས་དཀྱིལ་འཁོར་བྲི། །དེ་ཕྱིར་བྱིན་རླབས་གནང་བར་མཛོད། །དགོངས་ཤིག་སངས་རྒྱས་སྡེ་དང་ཚོགས། །གང་ཡང་བསྟན་ལ་མངོན་དགའ་རྣམས། །སེམས་ཅན་འདི་ལ་བྱིན་རླབས་ཤིང༌། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །ལན་གསུམ། སྐབས་འདི་ཉིད་དུ་ནམ་མཁར་འདེགས་པ་ཡིན་མོད་ཀྱང༌། ཅུང་ཟད་སྤྲོས་པ་ལ་དགའ་ན་བར་འདི། བོད་རྣམས་ལ་རྗེས་ཆོག་ཏུ་གྲགས་པ་ལྟར། མཆོད་པ་གསར་པ་བཤམས་པའམ་ཁ་གསོས། བྱིན་རླབས་སྤྱི་འགྲོ་ལྟར་བྱས། ཨོཾ་བྷ་ག་བཱན་ཨཱརྱ་ཏཱ་ར་ས་པ་རི་བ་རེ། ཨརྒྷཾ་པྲ་ཏིཙྪ་སྭཱཧཱ་ནས་ཤཔྟ་ཨཱཿཧཱུཾ་གི་བར་གྱིས་མཆོད། ཡི་གེ་བཅུ་པ་ལ་སོགས་པ་ལྷ་སོ་སོའི་མཚན་སྔགས་ཀྱི་མཐར། འབྲུ་གསུམ་བཏགས་པས་ནང་མཆོད་ཕུལ། མཚན་ངེས་པས་བསྟོད། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་སོགས། གཙོ་བོས་ནུས་པ་སོགས། གང་ཡང་བདག་བློ་སོགས། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧོཿ དཀྱིལ་འཁོར་གྱི་ལྷ་ནམ་མཁར་བཏེགཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱི་སོགས་ཀྱིས་བསྟོད། བདུད་རྩི་འཁྱིལ་བའི་སྔགས་ཀྱི་མཐར། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ། ཅེས་ལན་གསུམ་གྱིས་སྲུང་བ་བྱ། དེ་ནས་བུམ་པ་སྟ་གོན་ནི། སྐབས་འདི་ཉིད་དུ་བུམ་པའི་ཡོ་བྱད་རྣམས་ཚོགས་པར་བྱས་པ་ཙམ་བུམ་པའི་སྟ་གོན་ཡིན་ནོ། །སློབ་མ་སྟ་གོན་གྱི་བྱ་བ་ནི། མྱ་ངན་འདས་པའི་སེམས་བསྐྱེད་དང༌། ནང་དབང་དང༌། གསོལ་བཏབ་དང༌། སྤྲོ་བ་བསྐྱེད་པ་དང༌། སྡོམ་པ་སྦྱིན་པར་གསོལ་བ་དང༌།


TNT12_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་བསྒྲགས་པ་རྒྱས་པ་དང༌། བཟུང་བ་བསྡུས་པ་དང༌། སོ་ཤིང་དང༌། ཁྱོར་ཆུ་དང༌། སྲུང་སྐུད་དང༌། ཀུ་ཤ་སྦྱིན་པ་དང༌། སྲུང་བ་དང༌། མཐོང་བར་འགྱུར་བར་སྒྲོག་པ་རྣམས་ཡིན་ཏེ། དཀྱིལ་ཆོག་ཏུ་བཤད་ཟིན་ཏོ། །དེ་དག་ནི་ནུབ་གཉིས་སྟ་གོན་གྱི་ཆོ་གའོ། །ཐིག་ཚོན་བྱིན་རླབས་ཀྱང་སྤྱི་དང་འདྲ་མོད། ངག་འདོན་ཙམ་བརྗོད་ན། ཐིག་ཚོན་བཀོད། མཆོག་གཏོར་བཤམས། བསངས་སྦྱངས། སྟོང་པའི་ངང་ལས་ཤར་དུ་ཐིག་སྐུད་དང་རྡུལ་ཚོན་སྔོན་པོ་ཧཱུཾ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ། རང་དང་འདྲ་བ་དང་མཉམ་པར་སྦྱོར་བ། ལྷོར་སེར་པོ་ཏྲཱཾ་ལས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་གཡས་རིན་པོ་ཆེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་མཱ་མ་ཀི་སེར་མོ་རང་དང་མཚུངས་པ་དང༌། སོགས་ནུབ་ཏུ༴ དམར་པོ་ཧྲཱིཿལས་འོད་དཔག་མེད་སྐུ་མདོག་དམར་པོ། གཡས་པདྨ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་གོས་དཀར་མོ་དམར་མོ་རང་དང་སོགས། བྱང་དུ༴ ཐིག་སྐུད་དང་རྡུལ་ཚོན་ཨོཾ་ལས་རྣམ་པར་སྣང་མཛད་དཀར་པོ། འཁོར་ལོ་དང༌། དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ། རང་དང་མཚུངས་པ་དང་མཉམ་པར་སྦྱོར་བ། དེ་བཞིན་དུ་སྦྱར་ཏེ། དབུས་སུ་ལྗང་ཁུ་ཨ་ལས་དོན་ཡོད་གྲུབ་པ་སོགས། སྐུ་མདོག་ལྗང་ཁུ།


TNT12_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་རལ་གྲི་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་སྒྲོལ་མ་ལྗང་ཁུ་སོགས། ཐམས་ཅད་ཀྱང་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཡབ་རྣམས་ཐོར་ཚུགས་དང་ལྡན་ཞིང་རྡོ་རྗེའི་སྐྱིལ་ཀྲུང༌། ཡུམ་རྣམས་ཞལ་གཅིག་ཕྱག་གཉིས་དང༌། པདྨའི་སྐྱིལ་ཀྲུང༌། དཔྲལ་བར་ཨོཾ་དཀར་པོ་ནས། ཧཱུཾ་སྔོན་པོ། མིག་ཏུ་ཀྵིཾ་དཀར་པོ་ནས། ཀུན་ཏུ་བཟང་པོའི་ངོ་བོའོ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་རྒྱལ་བ་རིགས་ལྔ་དང༌། ཡུམ་ལྔ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་རྡོ་རྗེ་རོལ་པ་མོའི་ཚོགས་རྣམས་སྤྱན་དྲངས། ཨོཾ་བཛྲི་བྷ་བ་ཨ་བྷི་ཥིཉྩ་ཞེས་དབང་བསྐུར། ཉེས་སྐྱོན་ཐམས་ཅད་སྦྱངས། དཔལ་རྡོ་རྗེ་སེམས་དཔའ་རེ་རེས་དབུ་བརྒྱན་པར་གྱུར། ཨོཾ་པཉྩ་ཀུ་ལ་དྷི་པ་ས་པ་རི་བཱ་རེ་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་སོགས་ནས། ཤཔྟ་ཨཱཿཧཱུཾ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་དེ་ཉིད་ལྔ་པས་བསྟོད། སྒྲུབ་ཐབས་ལྟར་གཏོར་མ་བྱིན་གྱིས་བརླབས་ནས། ཨོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨ། ཨ་ཀཱ་རོ་སོགས་ལན་གསུམ་མམ་ལྔའམ་བདུན་གྱིས་ཕུལ། ཡང་ཨརྒྷཾ་སོགས་བསྡུས་པས་མཆོད། མཁའ་ལྟར་ཀུན་ཏུ་ཁྱབ་པ་ཡི། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །ཡོན་ཏན་འཕྲིན་ལས་མཉམ་པ་ཉིད། །བདེ་གཤེགས་ཡབ་ཡུམ་རྣམས་ལ་འདུད། །མཆོད་སྦྱིན་གཏོར་མ་ནས། ཀུན་འགྲུབ་ཤོག །རིགས་


TNT12_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཡབ་ཡུམ་བཅུ་བྱང་ཆུབ་ཀྱི་སེམས་སུ་ཞུ་ནས། ཐིག་སྐུད་ཁ་དོག་ལྔ་རྣམས་དང༌། རྡུལ་ཚོན་ཁ་དོག་ལྔ་རྣམས་སུ་གྱུར། ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུཾ་ཧཱུཾ། ཨོཾ་ཨཱཿརཏྣ་དྷྲྀཀ་ཏྲཱཾ་ཧཱུཾ། ཨོཾ་ཨཱཿཨ་ར་ལྀཀ་ཧྲཱིཿཧཱུཾ། ཨོཾ་ཨཱཿཛི་ན་ཛིཀ་ཨོཾ་ཧཱུཾ། ཨོཾ་ཨཱཿཔྲཛྙཱ་དྷྲྀཀ་ཨཱ་ཧཱུཾ། ཞེས་མང་དུ་བཟླས། ཛྫཿཛྫཿཛྫཿ ཞེས་ཐིག་སྐུད་བརྐྱངས། ཨོཾ་ཨ་ནོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨ་པ་རསྤ་ར། ཨ་ནུ་པྲ་བྲྀཥྟ་སརྦ་དྷརྨ་ཨཱརྻན་ཏ། ཨ་ནུ་པྲ་པྲྀཥྟ་སརྦ་དྷརྨ་ཧཱུཾ། ཞེས་སྒྲིལ། ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །འགྲོ་དོན་མཛད་དུས་འདི་ལགས་པས། །དེང་འདིར་བྱིན་གྱིས་རློབས་ཤིག་ཅེས། །ཐིག་སྐུད་སྒྲས་ནི་བསྐུལ་མ་འདེབས། །ཧཱུཾ་ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སུ་ཏྲ་ས་མ་ཡ། མཱ་ཏི་ཀྲ་མ་ཧཱུཾ། དེ་ནས་ལས་ཐིག་གདབ་སྟེ། གཞན་ནི་སྤྱི་དང་འདྲ། རྟ་བབས་སྒོ་ཚད་གཅིག་ཏུ་བྱ། །སྣམ་བུ་བཞི་པར་བྱེད་ན་ནི། །སྣམ་བུ་འོག་མ་ཀ་རྒྱན་མཉམ། །གཉིས་པ་ཆ་ཆུང་རེ་རེས་རིང༌། །གསུམ་པ་མུན་པའི་སྣམ་བུ་མཉམ། །བཞི་པ་དེ་ལས་གཅིག་གིས་བསྐུམ། །གསུམ་པའི་དབུས་སུ་ཚངས་ཐིག་གི །གཡས་གཡོན་ཆ་ཆུང་རེ་རེ་དང༌། །གཉིས་པ་ལ་ནི་གསུམ་གསུམ་དང༌། །དང་པོ་ལ་ནི་གཉིས་གཉིས་ཏེ། །ཡང་ན་གླང་རྒྱབ་མིག་གསུམ་བྱ། །སྣམ་བུ་བཅུ་གཅིག་སྤྱི་དང་མཚུངས། །དེ་ཡི་ནང་ཚན་གསུམ་པོ་ཡང༌། །ཇི་ལྟར་འདོད་པ་སྦྱར་དུ་རུང༌། །ཀ་བ་ཀ་རྒྱན་མུན་པ་དག།རྩིག་པའི་ཐིག་ལ་རེག་པར་གདབ། །རྟ་བབས་ཀྱི་ནི་གཡས་གཡོན་དུ། །མཆོད་རྟེན་གཉིས་ནི་བྱ་བར་འདོད། །ཆ་ཆུང་གཉིས་ནི་སྟེགས་བུ་སྟེ། །དེ་ནས་གཉིས་ནི་དྲིལ་བུའོ། །བཞི་པ་བུམ་པའི་གནས་སུ་འདོད། །རྩིག་


TNT12_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནང་གི་ཁྱད་པར་ནི། །བཞི་པ་དང་ནི་གསུམ་པ་གཉིས། །ཕྱེད་གདབ་ནང་མའང་ཕྱེད་དུ་གདབ། །དེ་དབུས་རེ་མིག་དགུ་པ་སྟེ། །དེ་ནས་སྒོ་ཡི་རྩ་ཐིག་ཕྱིས། །རྡུལ་ཚོན་བླངས་ཏེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ། ཞེས་མང་དུ་བཟླས་ཏེ། ཕུར་ཁུང་དགང༌། འདི་ནི་ཆོས་ཉིད་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །དམ་ཚིག་སྒྲོལ་མ་ཞེས་བྱ་བའི། །དཀྱིལ་འཁོར་སྙིང་པོ་བྲི་བར་བྱ། །ཨོཾ་ས་མ་ཡ་ཧོ་ཨཱ་ཧཾ། ཞེས་དབང་ལྡན་ནས་བརྩམས་ཏེ་བྲི་བར་བྱའོ། །དབུས་ཀྱི་གདུང་དང་ཀ་བ་ནག།རེ་མིག་རྣམས་དང་གྲུ་ཆད་སྔོ། །ཨུཏྤལ་དམར་པོ་སིལ་མར་བཀྲམ། །ཕྱི་ནས་རིམ་བཞིན་སྣམ་བུ་ལྔ། །ནག་དམར་སྣ་ཚོགས་སེར་དང་དཀར། །ལྷ་རྣམས་ཕྱོགས་མདོག་རྩིག་པ་ནི། །ནང་ནས་ལྗང་དམར་སེར་ནག་དཀར། །དྲ་ཕྱེད་ཕྱི་བསྟན་མུན་པ་ནག།མཆོད་རྟེན་དཀར་ཞིང་ཁྱམ་ལྗང་ཁུ། །ཀ་རྒྱན་གླང་པོ་སེངྒེ་སོགས། །དབུས་སུ་ཨུཏྤལ་སྔོན་པོ་བྲི། །ཕྱོགས་བཞིར་པད་དཀར་གསེར་བུམ་དང༌། །ལྕགས་ཀྱུ་རལ་གྲི་ཕྱོགས་མདོག་བྲི། །མཚམས་བཞིར་ཨུཏྤལ་སྐུ་མདོག་མཚུངས། །གྲྭ་བཞིར་ཐོ་བ་རལ་གྲི་དང༌། །དབྱུག་པ་ཕུར་བུ་རྣམ་པར་དགོད། །ལས་ཀྱི་སྣམ་བུ་དབུས་མ་ལ། །ལྷ་ཡི་མདོག་མཚུངས་གདན་དུ་བྱ། །ཕྱག་མཚན་བྲི་ན་གཡས་ཀྱིའོ། །སྒོ་བཞིར་ལྕགས་ཀྱུ་ཞགས་པ་དང༌། །ལྕགས་སྒྲོག་དྲིལ་བུ་མཛེས་པར་བྲི། །བུམ་པ་སྒྲུབ་པ་ནི། ལྷ་གྲངས་དང་མཉམ་པའི་བུམ་པའམ། མ་འབྱོར་ན་བུམ་པ་ལྔ། སྟེགས་བུའི་སྟེང་དུ་ལྔ་ཚོམས་སུ་བཀོད། ལས་བུམ་ལོགས་ཞིག་ཏུ་བྱ་སྟེ། བུམ་པ་དྲུག་གོ །འདིར་དྲུག་གི་དབང་དུ་བྱས་ནས། བུམ་པ་བསང་སྦྱངས། སྟོང་པའི་ངང་


TNT12_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་སེར་པོ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་ཞིང་མགྲིན་པ་ཕྲ་བ་མཆུ་འཕྱང་བ། ལྷ་རྫས་ཀྱིས་དཀྲིས་པའོ། །ཨོཾ་ཏཔྟེ་ཏཔྟེ་མཧཱ་ཏཔྟེ་སྭཱཧཱ། ལྷའི་ཆུ་བོ་རབ་ཏུ་འབབ་པར་གྱུར། ཨོཾ་ཀལྤ་པྲྀ་ཀྵཱ་ཡ་སྭཱཧཱ། དཔག་བསམ་ཤིང་གིས་ཁ་བརྒྱན་པར་གྱུར། དབུས་ཀྱི་བུམ་པའི་གནས་སུ་པདྨ་ཟླ་བ་ཉི་མ་བརྩེགས་པའི་གདན་ལ། ཏཱཾ་ལས་བཅོམ་ལྡན་འདས་མ་ཆེན་མོ་དམ་ཚིག་སྒྲོལ་མ་རྣལ་འབྱོར་མ་ཞེས་པ་ནས། འཕྲེང་བ་འཁྲུགས་པའོ། །ཤར་དུ་ཏཱཾ་ལཾ་ལས་སོགས། ལྷོར་ཏཱཾ་མཾ་ལས་སོགས། ནུབ་ཏུ་ཏཱཾ་པཾ་ལས་སོགས། བྱང་དུ་ཏཱཾ་ཧཱུཾ་ལས་སོགས། གཙོ་མོ་དང་མཚུངས་པའོ། །ཤར་དུ་ཛཿལས་སོགས། ལྷོར་ཧཱུཾ་ལས་སོགས། ནུབ་ཏུ་བཾ་ལས་སོགས། བྱང་དུ་ཧོཿལས་ནས། གཡོན་བརྐྱང་བས་གནས་པའོ། །མཚམས་རྣམས་སུ་ཧཱུཾ་རེ་རེ་ཡོངས་སུ་གྱུར་པ་ལས། ཤར་ལྷོར་གཤིན་རྗེ་གཤེད་པོ་ནག་ཅེས་པ་ནས། ཡང་སྤྲུལ་ཕོ་ཉའི་ཚོགས་ཀྱང་འགྱེད། །ཅེས་པའི་བར་མངོན་རྟོགས་བཞིན། ཤར་གྱི་བུམ་པའི་ནང་དུ། སྭཱཧཱ་ལས་ཞི་བའི་ནས། ཞི་བའི་ཉམས་ཅན་རྨོངས་བྱེད་མ་དང་དུག་ཞི་བར་བྱེད་མ་སྤྲོ་བ། བྱང་གི་བུམ་པར་ཨོཾ་ལས་ནས། དགྱེས་པའི་ཉམས་ཅན། རེངས་བྱེད་མ་དང་གནོན་པར་བྱེད་མ་སྤྲོ་བའོ། །ནུབ་ཀྱི་བུམ་པར་ཧོཿལས་ནས། ཆགས་པའི་ཉམས་ཅན། འགུགས་པར་བྱེད་མ་དང་ཕུར་བུས་འདེབས་པར་བྱེད་མ་སྤྲོ་བའོ། །ལྷོའི་བུམ་པར་ཕཊ་ལས་ནས།


TNT12_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་སྒྲོལ་མ། ཁྲོས་པའི་ཉམས་ཅན། བསྐྱོད་བྱེད་མ་དང༌། དབྱེ་བྱེད་མ་སྤྲོ་བའོ། །ལས་བུམ་དུ་ཧཱུཾ་ལས་བདུད་རྩི་འཁྱིལ་བ་ནག་ཅེས་པ་ནས། འདོད་ལྷ་ཞབས་ཀྱིས་མནན། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས། བཅོམ་ལྡན་འདས་མ་སྒྲོལ་མའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ནས། གནས་ཀྱི་དབང་བསྐུར་སྦྱིན་པར་བྱ། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ་ཨཱ་ཧཾ། ཞེས་དབང་བསྐུར། གཙོ་མོ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པ་དང༌། འཁོར་རྣམས་ལ་གཙོ་མོས་དབུ་རྒྱན། ཡི་གེ་བཅུ་པ་ཅི་འགྲུབ་དང༌། རྩ་སྔགས་བརྒྱ་རྩ་བརྒྱད་བཟླ། ལས་བུམ་ལ་དམིགས་ནས་བདུད་རྩི་འཁྱིལ་བའི་སྔགས་ཀྱང་བརྒྱ་རྩ་སོགས་བཟླའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཉེར་གཅིག་ཙམ་བཟླ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་ཨཱཿཏཱཾ་ཧཱུཾ། སྭཧཱ་ཨོཾ་ཧོ་ཕཊ། ཏཾ་ལཱཾ་ཏཱཾ་མཱཾ་ཏཱཾ་པཱཾ་ཏཱཾ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ ཨོཾ་ཨཱཿཧཱུཾ། ཞེས་ནང་མཆོད་ཕུལ། ཨ་ནུ་རཱ་གའི་སྔགས་ཀྱིས་རྗེས་ཆགས་བྱ། མཚན་ངེས་པས་བསྟོད། ཡིག་བརྒྱ་ལན་གསུམ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ན་མཿ ཨོཾ་ཨཱཿཧཱུཾ། མེ་ཏོག་དཀར་པོ་དང་བཅས་པའི་མཆོད་ཡོན་ཕུལ། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མེད་དུ་འདྲེས་པར་གྱུར། ལས་བུམ་གྱི་ཆུ་བླངས་ཏེ་བུམ་པ་ལ་བསྐོར། གནས་ཁང་ལ་གཏོར། བདུད་རྩི་འཁྱིལ་བའི་སྔགས་བཟླས། བར་ཆད་སྲུངས་ཤིག་ཅེས་བརྗོད། དེ་ནས་


TNT12_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་ཟིན་པ་ལ། བྱུར་བསལ་བ་དང༌། བསྲུང་བ་བྱས། རོལ་མོའི་སྒྲ་དང་བཅས་ཏེ་བུམ་པ་རྣམས་དཀྱིལ་འཁོར་ལ་བསྐོར་ཞིང༌། བུམ་པ་ལྔ་པོ་འཇོག་སྟབས་བདེ་ན། དཀྱིལ་འཁོར་གྱི་དབུས་སུ་སྟེགས་བུའི་སྟེང་དུ་བཞགལས་བུམ་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་དམ། སློབ་དཔོན་གྱི་མདུན་དུ་བཞག་གོ །དེ་དག་ནི་ཉི་མ་གསུམ་པའི་བྱ་བའོ། །ནངས་པར་སྔ་བར་ཡོ་བྱད་རྣམས་ཚོགས་པར་བྱས་ཏེ། སྔོན་འགྲོ་གཏོར་མ། གནས་ཡོ་བྱིན་རླབས། སྐྱབས་འགྲོ་སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས་རྣམས་སྔོན་དུ་བཏང༌། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས་འོག་ཏུ་རླུང་གི་དཀྱིལ་འཁོར་ནག་པོ་ཞེས་པ་ནས། སྲུང་བའི་འཁོར་ལོར་གྱུར། དེའི་ནང་དུ་དངོས་གྲུབ་འབྱུང་བའི་དུར་ཁྲོད་ཆེན་པོ། ཞེས་པ་ནས། སྒོ་བཞིར་སྣ་ཚོགས་པདྨའི་གདན། དེ་ནས་བྲིས་པའི་དཀྱིལ་འཁོར་ལ་ལྷ་ཞལ་ཕྱག་གི་རྣམ་པ་ཅན་རྫོགས་པར་བཀོད་ཡོད་ན་སྐད་ཅིག་གིས་ལྷ་རྣམས་བསྐྱེད་དགོས་ཤིང༌། རས་བྲིས་ལ་ཡང་དེ་བཞིན་ནོ། །ས་བོན་ལ་ཡི་གེ་ཉིད་དང༌། ཐིག་ལེ་ལས་ས་བོན་ཕྱག་མཚན་གང་རུང་བསྐྱེད་དགོས། འོན་ཀྱང་སྐབས་འདིར་ཕྱག་མཚན་འགོད་པ་ཉིད་གཙོ་ཆེ་བས། དབུས་ཀྱི་གདན་གྱི་སྟེང་དུ་རབ་ཏུ་རྒྱས་པའི་ཨུཏྤལ་སྔོན་པོ། སྡོང་བུ་དང་བཅས་པ་འོད་ཟེར་འཕྲོ་བའོ། །རེ་མིག་བརྒྱད་ལ། ཤར་དུ་པདྨ་དཀར་པོ། བྱང་དུ་གསེར་གྱི་བུམ་པ་རབ་ཏུ་གང་བ། ནུབ་ཏུ་ལྕགས་ཀྱུ། ལྷོ་རུ་རལ་གྲི། ཤར་ལྷོར་ཨུཏྤལ་དཀར་པོ། ལྷོ་ནུབ་ཏུ་ཨུཏྤལ་


TNT12_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ། ནུབ་བྱང་དུ་ཨུཏྤལ་དམར་པོ། བྱང་དུ་ཨུཏྤལ་ནག་པོ། ཤར་སྒོར་ལྕགས་ཀྱུ། ལྷོ་སྒོར་ཞགས་པ། ནུབ་སྒོར་ལྕགས་སྒྲོག།བྱང་སྒོར་དྲིལ་བུ། ཤར་ལྷོའི་གྲྭར་ཐོ་བ། ལྷོ་ནུབ་ཀྱི་གྲྭར་རལ་གྲི། ནུབ་བྱང་གི་གྲྭར་དབྱུག་པ་དཀར་པོ། བྱང་ཤར་གྱི་གྲྭར་རྡོ་རྗེས་མཚན་པའི་ཕུར་བུ། ལས་ཀྱི་སྣམ་བུ་ལ། ཤར་དུ་རྩེ་གསུམ་དང༌། བདུད་རྩིས་གང་བའི་བུམ་པ། བྱང་དུ་ལྕགས་སྒྲོག་དང་རི་རབ། ནུབ་ཏུ་ལྕགས་ཀྱུ་དང་ཕུར་བུ། ལྷོར་དབྱུག་ཐོ་དང་རལ་གྲི་རྣམས་གྲུབ་པར་གྱུར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཕཊ་ནས། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཀྱི་བར་གོང་ལྷག་གནས་ཀྱི་སྐབས་བཞིན། ལན་གསུམ་གསུམ་བརྗོད། ཡི་གེ་བརྒྱ་པ་ཡང་གཙོ་མོ་ལ་བདུན་སོགས་དང༌། ལྷ་གཞན་རྣམས་ལ་རེ་རེ་བཟླའོ། །དེ་ནས་བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་འདུག་པར་བསམས་ལ། མཎྜལ་གྱི་ཆོ་ག་ཐུན་མོང་བ་དེ་མི་དགོས། རང་སྐད་ཅིག་གིས་བཅོམ་ལྡན་འདས་མ་སྒྲོལ་མར་གསལ་བའི་ཞེས་པ་ནས། ཡེ་ཤེས་ཚོགས་བསག་གི་སྐབས་སྙིང་གའི་འོད་ཀྱིས་སྣང་བ་ཐམས་ཅད་དང༌། བྲིས་པའི་དཀྱིལ་འཁོར་ཡང་འོད་དུ་ཞུ་ནས་བདག་ཉིད་ལ་ཐིམ། བདག་ཉིད་ཀྱང་ཐུགས་ཀའི་ཏཱཾ་ལ་ཞེས་པ་ནས། སྟུ་ཏཱི་བཛྲ་སྭ་བྷ་བ་ཨཱཏྨ་ཀོ྅ཧཾ། ཞེས་པའི་བར་སྒྲུབ་ཐབས་བཞིན་ནོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ནམ་མཁར་བཞུགས་པའི་སྟ་གོན་གྱི་དཀྱིལ་འཁོར་བཅོམ་ལྡན་འདས་མ་སྒྲོལ་མའི་ལྷ་ཚོགས་


TNT12_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བགེགས་བསྐྲད་ཅིང་བསངས་གཏོར་བྱ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་དཔའ་བོ་རྡོ་རྗེའི་བརྟུལ་ཞུགས་ཅན། །རྡོ་རྗེ་སེམས་དཔས་བྱིན་རླབས་དེ་བཞིན་གཤེགས་ལྔ་ཡིས། །དབུ་ལ་བརྒྱན་པ་ནམ་མཁའ་དང་མཉམ་འཇིག་རྟེན་གསུམ་པོ་སྐྱོབ་མཛད་མ། །ཕྱོགས་བཅུ་བདུད་ཀྱི་དཀྱིལ་འཁོར་མ་ལུས་བཅོམ་ཞིང་འཇོམས་མཛད་རབ་བཞད་བཅོམ་ལྡན་འདས་མར་འདུད། །ཅེས་བསྟོད། ཨོཾ་བཛྲ་ཨངྐུ་ཤ་ཛཿ ནས། གྷཎྜེ་ཧོཿ བར་འདིར་འཁོར་ལོའི་དབང་ཕྱུག་མའི་བཟླས་པ་ཡང་ཅི་རིགས་པར་བྱའོ། །མཆོད་པ་རྒྱ་ཆེར་བཤམས། བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་མཆོད་པའི་ཁང་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་བྱུང་བའི་ཐོད་པའི་སྣོད་སྣ་ཚོགས་པ་དག་ཏུ། ཧཱུཾ་ལས་སྐྱེས་པའི་ཞབས་བསིལ། ཞལ་བསིལ། འཐོར་འཐུང༌། མཆོད་ཡོན། མེ་ཏོག།བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། གཟུགས་སྒྲ། དྲི་རོ། རེག་བྱ་ལ་སོགས་པ། ཕྱི་ནང་གསང་བ། དེ་ཁོ་ན་ཉིད་ཀྱི་མཆོད་པའི་སྤྲིན་ཕུང་ནམ་མཁའི་མཐས་ཀླས་པ་འཁོར་བ་ཇི་སྲིད་དུ་འབྱུང་བར་གྱུར། ཨོཾ་བཛྲ་ཨཉྩ་མ་ནཾ་སྭཱ་ཧཱ། པཱདྱཾ༴ པྲོ་ཀྵ་ཎཾ། ཨརྒྷཾ༴ ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བི་ཏེ། རཱུ་པ་བཛྲ། ཤཔྟ། གནྡྷ། རཱ་ས། སྤརྴ། དྷརྨ་དྷཱ་ཏུ་བཛྲ༴ བཛྲ་གྷཎྜེ་ར་ཎི་ཏ་སོགས། ཁྱབ་རྟག་


TNT12_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཡེ་ཤེས་རོལ་པ་ལས། །ཡན་ལག་བརྒྱད་ལྡན་རྡོ་རྗེ་ཨརྒྷའི་རྒྱུན། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་རབ་སྤེལ་བས། །ཡེ་ཤེས་ལྷ་མོའི་དཀྱིལ་འཁོར་མཉེས་གྱུར་ཅིག།ཨོཾ་སརྦ་ཏ་ཐཱ་ག་ཏ་བྷ་ག་བ་ཏཱི་ས་མ་ཡ་ཏཱ་ར་ཡོ་གི་ནཱི་མཎྜལ་ས་པཱ་རི་བཱ་ར་པྲ་བ་ར་སཏྐ་རཱ་རྠཾ་ཨཉྩ་མ་ནི་པྲ་ཏིཙྪ་ན་མཿ དེ་བཞིན་དུ་སྦྱར་ཏེ། རྐང་པ་གཉིས་པ། ཞབས་ཀྱི་པདྨའི་དྲི་བཅིལ་རྡོ་རྗེའི་ཆུ། །པཱདྱཾ། ཞལ་གྱི་རྙོག་སེལ་རྡོ་རྗེ་སྤོས་ཀྱི་ཆུ། །ཨཉྩ་མ་ནཱཾ། ཀུན་ཏུ་འཕོ་བའི་གདུང་སེལ་འཐོར་འཐུང་མཆོག།པྲོ་ཀྵ་ཎཾ། ཨོཾ་ཡང་དག་དགའ་བའི་མེ་ཏོག་གི །རྡོ་རྗེ་ཉི་མ་པདྨར་ཕྱུང༌། །མེ་ཏོག་བདག་ཉིད་ལ་མཆོད་པ། །རྡོ་རྗེ་གསུམ་གྱི་བདག་ཉིད་མཆོག།ས་པ་རི་བ་ར་བཛྲ་པུཥྤེ། རྣམ་རྟོག་ཚོགས་ཀྱི་ཡུལ་མིན་ཅིང༌། །ལྟེ་བར་གཏུམ་མོའི་མེ་ཡིས་ནི། །ངེས་པར་བསྲེགས་པ་དེ་ཡི་སྤོས། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །བཛྲ་དྷཱུ་པེ། ཡི་གེ་ཧཱུཾ་ལས་ཡང་དག་བྱུང༌། །སྔགས་ཀྱི་འོད་ཟེར་ཤིན་ཏུ་གསལ། །མར་མེ་འབར་བའི་ཡང་དག་འོད། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །བཛྲ་ཨཱ་ལོ་ཀེ །བདེ་བ་ཆེན་པོའི་ནམ་མཁར་གནས། །བྱང་ཆུབ་སེམས་ནི་སད་པ་དང༌། །དེ་ཉིད་ཀྱིས་ཀྱང་བྱུག་པ་ནི། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །བཛྲ་གནྡྷེ། འདིར་ནི་གང་དང་གང་ལོངས་སྤྱོད། །དབང་པོ་ཐམས་ཅད་ཡང་དག་བརྟེན། །དེ་དག་ཐམས་ཅད་ཐུགས་རྡོ་རྗེ། །བཟའ་བའི་མཆོད་པས་མཆོད་པར་བྱ། །བཛྲེ་ནཻ་བི་ཏེ།


TNT12_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྐྱེས་རྡོ་རྗེ་ཡང་དག་སྦྱོར། །ཞུགས་པ་ལ་སོགས་རིམ་ལས་བྱུང༌། །རྣལ་འབྱོར་པ་ཡི་མི་ཤིགས་སྒྲ། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །བཛྲ་ཤཔྟ། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། རྩ་བའི་བླ་མ་དང་རིགས་བདག་དབྱེར་མེད་པ་ལ་འབུལ་ཏེ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་སྲུང་མ་དང་བཅས་པ་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ། །དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་མཆོད་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། བར་འདིར་བོད་ལུགས་ལྟར་ན་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་སྨོས་ནས་ཀྱང་འབུལ། ཡི་གེ་བཅུ་པའི་མཐར་འབྲུ་གསུམ། དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་མ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རྣལ་འབྱོར་མའི་ཞལ་དུ་ཨོཾ་ཨཱཿཧཱུཾ། དེ་བཞིན་དུ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་མཚན་སྔགས་ཀྱི་མཐར། འབྲུ་གསུམ་སྦྱར་བས་ཕུལ། བར་འདིར་ཆོས་སྐྱོང་སྲུང་མ་དང༌། འགྲོ་བ་དྲུག་ལ་སྦྱིན་པ་སོགས་ཀྱང་བོད་ལུགས་ཞིག་དང་བསྟུན་པས་ཁྱབ། དེ་རྗེས་རིག་མ་བཅུ་དྲུག་གིས་མཆོད་པ། སྤྲོས་པ་ལ་མངོན་པར་དགའ་ན། མཐོན་མཐིང་ལང་ཚོས་དྲེགས་པའི་ཡིད་འཕྲོག་མ། །ཞེས་སོགས་སྔོན་བྱུང་བློ་གྲོས་གསལ་བ་རྣམས་ཀྱིས་སྦྱར་བ། ཚིག་དོན་ལེགས་པོ་དག་བརྗོད་ཅིང༌། བསྡུ་ན་སྔགས་དང་ཕྱག་རྒྱ་ཙམ་གྱིས་མཆོད་པའོ། །དེ་ནས་ན་བཟའ་འབུལ་ཏེ། བསངས་སྦྱངས། ཧ྄ཱུཾ་ལས་བྱུང་བའི་ལྷ་རྫས་ཀྱི་ཡོ་བྱད་ནམ་བཟའི་ཚོགས་དཔག་ཏུ་མེད་པར་གྱུར། དབང་པོའི་གཞུ་འདྲ་རྟ་མཆོག་རིགས་ལ་སྟེ། །རྟག་པའི་རིགས་ལ་ཀཉྩ་ལི་


TNT12_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་སྦྱར། །སྟག་ལྤགས་གཡང་གཞི་ལ་སོགས་རྡོ་རྗེའི་རིགས། །ཡིད་འོང་རེག་འཇམ་འཇིག་རྟེན་དབང་ཕྱུག་ལ། །རྡོ་རྗེ་ཉི་མར་བྱེ་བའི་རིན་ཐང་ཅན། །དར་དཀར་ཚི་གུའི་ན་བཟའ་བདེ་ཆེན་རིགས། །རྡོ་རྗེ་རེག་བདེའི་བདེ་བ་གོས་ཟུང་རྣམས། །བླ་མ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །བཛྲ་བསྟྲ། གཞན་ཡང་རིན་ཆེན་བདུན་དང༌། འདོད་ཡོན་ལྔ་སོགས་སྤྱི་དང་མཐུན་པའི་སྤྲོས་པ་སྣ་ཚོགས་ཀྱང་བཀག་པ་མ་ཡིན་ནོ། །དེ་རྗེས་མཚན་ངེས་པ་དང༌། ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་ངེས་པར་བྱ་ལ། བསྟོད་པ་གཞན་གྱིས་ཀྱང་བསྟོད་པར་བྱའོ། །དེ་ནས་གཏོར་མ་འབུལ་ཏེ། བསངས་སྦྱངས་སྟོང་པའི་ངང་ལས་ཡཾ་ལས་ནས། ཨོཾ་ཧ་ཧོ་ཧྲཱིཿསྭཱཧཱའི་བར་གྱིས་བྱིན་གྱིས་བརླབས། ན་མོ་རཏྣ་ཏྲ་ཡཱ་ཡ་ནས། སྟཾ་བྷ་ནི་ཏཱ་རེ་ཨི་དཾ་བ་ལིཾ་གྷྲྀཧྞ་གྷྲྀགྞ་སརྦ་དུཥྟ་ན་ས་མ་ཡ་མུ་དྲ། པྲ་བྷཉྫ་ཀ །མམ་མ་ཤཱནྟིང་རཀྵ་ཙ་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་ལན་བདུན་དང༌། ན་མཿས་མནྟ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ཞེས་པ་ནས། བི་སཉྩ་རེ་སྭཱ་ཧཱ། ཞེས་པའི་བར་དུ་དཀྱིལ་འཁོར་པ་སྤྱི་ལ་འབུལ། དུར་ཁྲོད་གནས་པ་རྣམས་ལ། ཨོཾ་ཕཻཾ་སོགས་མཁའ་འགྲོ་སྤྱི་གཏོར་གྱིས་བསྔོ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུཾ། ཨོཾ་སྒྱུ་འཕྲུལ་ཆེན་མོ་དཔལ་ལྡན་མ། །དབྱངས་ཅན་མ་དང་དཀའ་བཟློག་ཁྱོད། །ཟླ་བ་ཉི་མ་ཆུ་ལྷ་དང༌། །གུ་ལང་འཕྲོག་བྱེད་རྣམས་ཀྱིས་བཏུད། ཁྱོད་ནི་སྲིད་གསུམ་བྱེད་པ་མོ། །སེམས་ཅན་ཀུན་ལ་བདེ་སྦྱིན་མ། །བསྐྱེད་དང་འཇིག་དང་བསྲུང་བ་མོ། །ལྷ་མོ་སྒྲོལ་མ་


TNT12_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་བསྟོད། །ལྷའི་ཚོགས་རྣམས་ཞེས་པ་ནས། འདོད་པ་ཀུན་འགྲུབ་ཤོག།གི་བར་བྱ། བསྡུ་ན་ནང་གཏོར་དེ་ཙམ་གྱིས་ཆོག་ལ། ཅུང་ཟད་སྤྲོས་པ་ལ་མོས་ན་མཁའ་འགྲོ་སྤྱི་གཏོར་བཞིན་ཕྱི་རོལ་གཏོར་མ་གཏོང༌། མཆོག་ཏུ་སྤྲོས་པ་ལ་མོས་ན། སྙིང་པོ་མདོར་བསགས་སོགས་ལས་འབྱུང་བའི་ཕྱོགས་བཞིའི་གཏོར་མ་བྱེད་དོ། །དེ་རྗེས་ཤར་སྒོ་ནས། ཀོལླ་ཨི་རི་རིཋ་ལ་སོགས་པ་རྡོ་རྗེའི་གླུ་བླངས། ཨོཾ་བཛྲ་ཨུད་གྷཱ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ལན་བཞིས་སྒོ་ཕྱེ། ཨོཾ་རྡོ་རྗེ་སེམས་ཁྱོད་རོལ་ཞིང་རོལ་བར་མཛད། །ཐམས་ཅད་མཐུ་ཡིས་ཐམས་ཅད་སྩོལ་བར་མཛད། །ཇི་སྙེད་མཆོད་པ་དེ་སྙེད་བདག་འབུལ་ན། །འཁོར་བར་གནས་པ་སྐད་ཅིག་གིས་གྲོལ་མཛོད། །ས་མ་ཡ་ཧོ་ཧོ་ཿ ཞེས་གསོལ་བ་བཏབ། ཨོཾ་ཧཱུཾ་ཕཊ། ཨོཾ་མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འདུད། །ཛཿཧཱུཾ་བཾ་ཧོཿརབ་ཏུ་གྲུབ་པར་མཛོད། མགོན་པོ་སྙིམ་པའི་མེ་ཏོག་བཞེས་ཤིག་ཧོ། །ཞེས་མེ་ཏོག་ཕུལ། ས་མ་ཡ་པྲ་བེ་ཤ་ཡ་ཧོ། །ཞེས་དཀྱིལ་འཁོར་དུ་འཇུག་གོ །བར་འདིར་མདུན་བསྐྱེད་ཀྱི་བཟླས་པ་ཅི་ནུས་བྱ། དེ་ནས་བར་འདིར་གསང་བའི་མཆོད་པ་ཡིད་ཀྱིས་འབུལ་བ་ཡིན་ཏེ། ཚིག་གིས་བརྗོད་པ་ནི་མ་བྲིས་སོ། །དེ་རྗེས་རང་གི་སྙིང་ག་ནས་འཕགས་མ་སྒྲོལ་མ་ཕྱག་གཉིས་མ་ཞེས་པ་ནས། ཐར་པ་མེད་པར་བཅིངས་པར་གྱུར། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས། །སོགས་ཀྱིས་བསྟོད་དོ། །སྨོན་ལམ་དང༌། ཤིས་བརྗོད་བསྡུས་པ་ཞིག་བྱའོ། །དེ་ནས་བདག་འཇུག་ནི་མཎྜལ་ཕུལ།


TNT12_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་རྒ་འཆི་བ་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བ། །འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །འདོན་པར་མཛད་པ་ཁྱོད་འབའ་ཞིག།དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་སོགས་ཀྱིས་གསོལ་བ་བཏབ། བར་འདིར་ཆས་འཇུག་གསུམ་བྱེད་ཀྱང༌། བདག་འཇུག་གི་སྐབས་མི་དགོས། ན་མཿས་མནྟ་བུདྡྷེ་སོགས་བདུད་རྩི་འཁྱིལ་བའི་སྔགས་རིང་གིས་མིག་དར་བཅིངས། ཨོཾ་ཨཱཿཧཱུཾ་གནས་གསུམ་དུ་ཡི་གེ་འབྲུ་གསུམ་སྐྱེ་བའི་གནས་ལྔར་ཏཱཾ་ཡིག་རེ་རེས་རྒྱས་གདབ། ཨོཾ་རོ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི། སརྦ་ཨརྠ་སཱ་དྷ་ཡ་སྭཱཧཱ། ཨོཾ་བཛྲ་མཱ་མ་ཀཱི། ཀི་རི་ཀི་རི་ཧཱུཾ་སྭཱཧཱ། ཨོཾ་ཀ་ཊེ་བི་ཀ་ཊེ་བི་ཀ་ཊ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ་སྭཱཧཱ། ཨོཾ་བཛྲ་དྷ་ཏཱི་ཤྭ་རི། སརྦ་དུཥྟཾ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་བི་དྷྭན་ས་ཡ་བི་དྷྭན་ས་ཡ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་ཏྭ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། རོལ་མོའི་སྒྲ་དང་བཅས་ཏེ། ན་མཿས་མནྟ་སོགས་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བགེགས་བསྐྲད། ཡི་གེ་བཅུ་པའི་མཐར། རཀྵ་རཀྵ་སོགས་སྔགས་ལན་བདུན་བརྗོད་དེ། གནས་བདུན་དུ་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བཞག །ཀྱེ་ཁྱོད་སུ་ཡིན། བདག་ནི་སྐལ་བ་བཟང་པོའོ། །སྐལ་བཟང་དེས་ཁྱོད་སུ་ཞིག་བྱ། །སངས་རྒྱས་དམ་ཚིག་བདག་འཚལ་ལོ། །རང་གི་སྙིང་གར་སྙིང་རྗེ་ཆེན་པོའི་ངོ་བོ་ཟླ་བའི་སྟེང་དུ་སྟོང་ཉིད་ཡེ་ཤེས་རྡོ་རྗེ་རྩེ་ལྔ་པའོ། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པཱ་ད་ཡ་མི། མཧཱ་སུ་ཁ་བོ་དྷི་ཙིཏྟ་ཨུ་པ་ད་ཡ་མི་ཨ་ཁཾ་བཱི་ར་ཧཱུཾ། བླ་མ་


TNT12_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཞབས་ཀྱི་པད་མོ་ཡང་དག་པའི་ཡེ་ཤེས་གསལ་བར་བྱེད་པ་དེ་ལ་ཕྱག་འཚལ་ལོ། །ཧཱུཾ་ན་མཿསྟེ་ཧཱུཾ། ན་མཿམཱེ་ཧཱུཾ། ན་མོ་ན་མཿཧཱུཾ་སྭཱཧཱ། ཕྱོགས་རེ་རེ་ནས་ལན་གསུམ་གསུམ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། ཞེས་སོགས་རིགས་ལྔའི་སྡོམ་པ་བཟུང༌། འཕྲེང་བ་ནས་འབྱུང་བ་ལྟར་དམ་བཞག་ལྔའམ། ཡང་ན། རྣལ་འབྱོར་མ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །འདི་ནི་ཁྱེད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཨུཏ་ཏ་ཀ་ཋ་ཋ་ཧཱུཾ། དེང་ནས་བརྩམས་ཏེ་ང་ཡི་བཀའ། ཁྱོད་ཀྱི་བརྙས་པར་མི་བྱ་ཞིང༌། །དམ་ཚིག་དང་འགལ་མི་བྱ་སྟེ། དང་པོར་དམྱལ་བར་འགྲོ་འགྱུར་རོ། །ཞེས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག།དཔལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ། རང་སྐད་ཅིག་གིས་འོད་དཔག་མེད་ཧེ་རུ་ཀར་གྱུར། རྐང་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོན་པོ་བ་དན་གྱིས་མཚན་པ། སྟེང་དུ་རྐང་མཐིལ་གྱི་ནང་དུ་


TNT12_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཆུག་པའི་ཛྷཻཿཡིག་ལྗང་ཁུས་མཚན་པ། སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེས་མཚན་པ། དབུས་སུ་ཉི་མ་ལ་ཧཱུཾ་ནག་པོ་ཐུགས་རྡོ་རྗེ། མགྲིན་པར་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པ། དབུས་སུ་ཉི་མ་ལ་ཨཱཿདམར་པོ་གསུང་རྡོ་རྗེའི་ངོ་བོ། མགོ་བོར་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་བུམ་པས་མཚན་པ། དབུས་སུ་ཟླ་བ་ལ་ཧ་དཀར་པོ་སྐུ་རྡོ་རྗེའི་ངོ་བོ། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད། ཐུགས་དང༌། གསུང་དང༌། སྐུ་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། ཧཱུཾ་ཨཱཿཧཱཿརྣམས་ལ་ཐིམ། རྐང་འོག་གི་རླུང་གཡོས། ཛྷཻཿལ་བསྐུལ། དེའི་འོད་ཟེར་གྱིས་ལུས་ཀྱི་ནང་གང་ཞིང༌། ལུས་གྱེན་དུ་འདེགས་བཞིན་པ་ལ། ཡི་གེ་གསུམ་བསྐུལ་བས་དེ་རྣམས་ཀྱི་འོད་ཟེར་གྱིས་ལུས་ཀྱི་ནང་མཐའ་དག་གང་བར་གྱུར། དཀྱིལ་འཁོར་གྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། རང་གི་བ་སྤུའི་བུ་ག་ནས་ཞུགས་ཏེ་ཐིམ། ཨོཾ་བཛྲ་ཨ་བེ་ཤ་ཡ། ས་སྟཾ་བྷ་ཡ། ར་ར་ར་ར། ཙཱ་ལ་ཡ་ཙཱ་ལ་ཡ། ཧཱུཾ་ཨཱཿཧཱཿཛྷཻཿ ཞེས་ཡེ་ཤེས་ཕབ། སྤོགས་ཆོག་གཉིས་དང་གེགས་སེལ་བདག་འཇུག་གི་སྐབས་སུ་མི་དགོས། ཨོཾ་ཏེཥྛ་བཛྲ་ས་མ་ཡ། པྲ་ཏི་པྲ་ཏི་པ་ཏི་ཏ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་བརྟན་པར་བྱས། སློབ་མ་དབང་བསྐུར་གྱི་སྐབས་ཀྱང་ལུགས་འདི་ལ་ནམ་མཁའི་ཁ་


TNT12_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དོག་དྲི་བ་མི་མཛད། བདེན་སྟོབས་བརྗོད་པ་མཛད་མོད། བདག་འཇུག་གི་སྐབས་སུ་མ་བྱས་ཀྱང་ཆོག།ཨོཾ་ཏིཥྛ་བཛྲ་ཌི་ཌྷོ་མེ་བྷ་བ། ཤ་ཤྭ་ཏྭ་མེ་བྷ་བ། ཧྲི་ད་ཡ་མེ། ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ། པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ ཨཱ་ཁཾ་བཱི་ར་ཧཱུཾ། པྲ་ཏིཙྪ་ཀུ་སུ་མ་ཨཉྫ་ལི། ན་ཐ་ཧོཿ མེ་ཏོག་ཕུལ། ཨོཾ་པྲ་ཏི་གྲྀཧྞ་སྟྭཾ། ཨེ་མཾ་སཏྭ་མཧཱ་བ་ལ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་མེད་པ། །ཐམས་ཅད་མིག་ནི་འབྱེད་པར་མཛད། །ཨོཾ་ཛྙཱ་ན་ཙཀྵུ་ཧཱུཾ་ཨ། ཧེ་བཛྲ་པ་ཤྱ། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱི། །རྡོ་རྗེ་པདྨ་མཆོག་རོལ་བས། །གསང་སྔགས་རྣམས་ལ་སྒྲུབ་པར་གྱིས། །རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་གྱུར། ཨོཾ་བཛྲ་མཎྜལ་མཧཱ་མཎྜལ་པྲ་བེ་ཤོ྅ཧཾ། ཨོཾ་ཡོ་ག་མཎྜལ་མཧཱ་མཎྜལ་དྲྀ་ཤི་ཏོ྅ཧཾ། ཨོཾ་གུ་ཧྱ་མཎྜལ་མཧཱ་མཎྜལ་ཨ་བྷི་ཥིཀྟོ྅ཧཾ། དངོས་གཞི་ལས་སློབ་མའི་དབང་གི་དོན་དུ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སོགས་ཀྱིས་གསོལ་བ་བཏབ། སངས་རྒྱས་ཀུན་དང་སློབ་དཔོན་དབྱེར་མ་མཆིས་པ། དཔལ་དོན་ཡོད་གྲུབ་


TNT12_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྡོ་རྗེ་རྟའི་རྒྱལ་པོ། ཞེས་པ་ནས། འཁྱུད་པའི་སྐུར་གྱུར། ཡེ་ཤེས་སེམས་དཔའི་སྐབས་བཞིན། ཡབ་ཡུམ་སྙོམས་པར་ཞུགས། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་ལུས་འོད་ཀྱི་གོང་བུར་གྱུར་པ་ཞལ་དུ་བཅུག།རྗེས་ཆགས་ཀྱི་མེས་ཐུགས་ཀར་ཞུ། གཞི་གནས་ཀྱི་བྱང་ཆུབ་སེམས་དང་རོ་གཅིག་ཏུ་འདྲེས། རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨར་བབས་པ། དཀྱིལ་འཁོར་གྱི་གཙོ་མོའི་སྐུར་གྱུར། དཔྲལ་བར་ཨོཾ་ནས། ཀུན་ཏུ་བཟང་པོའི་ངོ་བོ། །གཙོ་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མའི་རྣམ་པར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨཾ་ཀུ་ཤ་ཛ་ནས། ཧོཿའི་བར། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། ནམ་མཁར་བཞུགས། པུཥྤེ་སོགས་ཀྱིས་མཆོད། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་བཞིན་བདག་ལ་གནང་བར་མཛོད། །ནམ་མཁར་བཞུགས་པའི་དབང་གི་ལྷ་ཐམས་ཅད། རྗེས་ཆགས་ཀྱི་མེས་བྱང་ཆུབ་ཀྱི་སེམས་སུ་བཞུ། རྡོ་རྗེ་སློབ་དཔོན་གྱི་རྣམ་སྣང་གི་སྒོ་སྤྱི་གཙུག་ནས་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ་ནས། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་བྱུང་བས་སྤྱི་བོ་ནས་


TNT12_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་ཞིང༌། སྒྲིབ་གཉིས་བག་ཆགས་དང་བཅས་པ་བཀྲུས། དག་པའི་ཤེལ་ལྟར་གྱུར། བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་རྣམས་ཡུམ་གྱི་པདྨ་ནས་ཕྱིར་སྤྲོས་ཏེ། དབང་གི་ལྷ་ཚོགས་སུ་གྱུར་ནས་མདུན་གྱི་ནམ་མཁར་བཞུགས། ཧཱུཾ་ཞེས་བྱ་བས་ཡུམ་གྱི་པདྨའི་གཡོན་གྱི་མཐའ་ནས་ཕྱིར་སྤྲོས་ཏེ། ཤར་སྒོ་དང་ཉེ་བའི་ལྷ་སྣམ་ལ་དབང་སྟེགས་ཀྱི་སྟེང་དུ་འཁོད། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །སོགས་དང༌། ཕུན་སུམ་ཚོགས་པ་མངའ་བ་སོགས་བརྗོད། རང་གི་རིགས་ཀྱི་ལྷས་མེ་ཏོག་འཕྲེང་བ་སྤྱི་བོར་བཅིངས་པར་གྱུར། ཨོཾ་པྲཏི་གྲྀ་ཧྞ་སྟྭཾ་སོགས་ལྷ་ཐམས་ཅད་ཀྱི་བུམ་ཆུ་དུང་ཆོས་སུ་བསྡུས་པའམ། རིག་པའི་བུམ་པ་ལོགས་སུ་བཅས་ཡོད་ན་དེས་དབང་བསྐུར། ཇི་ལྟར་བལྟམས་པ་ནས། ཤྲི་ཡེ་ཧཱུཾ། རིན་པོ་ཆེའི་འཕྲེང་བའམ། དར་རས་ཀྱི་ཅོད་པན་བཅིངས། དབང་བསྐུར་རྡོ་རྗེ་སོགས་ཀྱི་མཐར། ཨོཾ་བཛྲི་བྷ་བ་ཨ་བྷི་ཥིཉྩ་ཧཱུཾ། སྙིང་པོ་ཡི་གེ་བཅུ་པ་ལན་གསུམ། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱི། །འདི་ལ་ཉེ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མ་འདི་ཉིད་ཀྱི་རྒྱུད་ལ། བཅོམ་ལྡན་འདས་མ་སྒྲོལ་མ་འཁོར་དང་བཅས་པའི་གསུང་རིག་སྔགས་ཀྱི་ནུས་མཐུ་མ་ལུས་པ་ཐོགས་མེད་དུ་འཇུག་པར་གྱུར་ཅིག །དེ་དག་ནི་རིག་པ་བརྟད་པའི་དབང་


TNT12_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་སྟེ་དབང་པོ་དམན་པ་རྣམས་རྗེས་སུ་འཛིན་པར་བྱེད་དོ། །ཐོད་པར་གནས་པའི་བུམ་ཆུ་བསངས་སྦྱངས། སྟོང་པའི་ངང་ལས། མཱཾ་མཱ་མ་ཀཱི་དང༌། ལཱཾ་སངས་རྒྱས་སྤྱན་མ་དང༌། པཱཾ་གོས་དཀར་མོ་དང༌། ཏཱཾ་དམ་ཚིག་སྒྲོལ་མ་རྣམས་ཞུ་བ་ལས་བྱུང་བའི་བུམ་ཆུ་ནུས་པ་ཐམས་ཅད་དང་ལྡན་པར་གྱུར། སྟོང་པའི་ངང་ལས་བདག་ཉིད་མི་བསྐྱོད་པ་ཧེ་རུ་ཀ་མི་བསྐྱོད་པའི་དབུ་རྒྱན་ཅན། སྐུ་མདོག་སྔོན་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། རང་དང་འདྲ་བའི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་མཉམ་པར་སྦྱོར་བ། རུས་པའི་རྒྱན་དང་ཐོད་པའི་འཕྲེང་བ་ཅན། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་མི་བསྐྱོད་པའི་རྣམ་པར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨངྐུ་ཤ་ཛཿནས། གྷནྜེ་ཧོ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ། སརྦ་ཏ་ཐཱ་ག་ཏ་ཞེས་ལན་གསུམ་དུ་གསོལ་བ་བཏབ། དབང་གི་ལྷ་རྣམས་ཀྱི་བུམ་པའི་ཆུས་དབང་བསྐུར། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་གསུམ་ལས་བྱུང༌། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །གནས་ཀྱི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་ལཾ་མཱཾ་པཱཾ་ཏཱཾ་ཧཱུཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། དེ་ལྟར་ན་ཆུས་དབང་བསྐུར་བས། སེམས་རྣམ་པར་ཤེས་པ་ཀུན་གཞི་གནས་གྱུར་ཏེ། ཇི་ལྟ་བ་གཟིགས་པའི་ཡེ་ཤེས་ཐུགས་རྡོ་རྗེ་མངོན་དུ་བྱས་


TNT12_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །བསངས་སྦྱངས། སྟོང་པའི་ངང་ལས་རྣམ་པར་སྣང་མཛད་ཀྱི་ངོ་བོ་བྷྲུཾ་ཡིག་དང༌། རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཨཾ་ཡིག་དང༌། འོད་དཔག་མེད་ཀྱི་ངོ་བོ་ཛྲིཾ་ཡིག་དང༌། དོན་ཡོད་གྲུབ་པའི་ངོ་བོ་ཁཾ་ཡིག་དང༌། མི་བསྐྱོད་པའི་ངོ་བོ་ཧཱུཾ་ཡིག་ལས་བྱུང་བའི་རིན་པོ་ཆེའི་ཅོད་པན་དེ་བཞིན་གཤེགས་པ་ལྔའི་སྐུ་གཟུགས་ཀྱིས་མཚན་པར་གྱུར། སྟོང་པའི་ངང་ལས་རང་ཉིད་རིན་ཆེན་འབྱུང་ལྡན་ཧེ་རུ་ཀ་རིན་ཆེན་འབྱུང་ལྡན་གྱིས་དབུ་རྒྱན་ཅན་སྐུ་མདོག་སེར་པོ། ཕྱག་གཉིས་ཀྱིས་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། རང་དང་འདྲ་བའི་ཡུམ་མཱ་མ་ཀཱི་དང་མཉམ་པར་སྦྱོར་བ། རུས་པའི་རྒྱན་དང༌། ཐོད་པའི་འཕྲེང་བ་ཅན། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་རྣམ་པར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨངྐུ་ཤ་ཛཿནས། གྷཎྜེ་ཧོཿཡི་བར་བྱ། ཨོཾ་ཨ་བྷི་ཥིཉྩནྟུ་མཾ་སརྦ་ཏ་ཐཱ་ག་ཏཱ་ལན་གསུམ། དབུ་རྒྱན་གྱིས་དབང་བསྐུར། སངས་རྒྱས་རྣམས་ནི་སོགས་ཀྱི་མཐར། ཨོཾ་བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་ཧ྄ཱུཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། བུམ་པའི་ཆུས་དབང་བསྐུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། དེ་ལྟར་ན་ཅོད་པན་གྱི་དབང་བསྐུར་བས། ཉོན་མོངས་ལ་སོགས་པ་འཁོར་བའི་ཆོས་རྣམས་ཀྱི་ཡོན་ཏན་རྣམས་གནས་གྱུར་ཏེ་འཁོར་འདས་མཉམ་པ་ཉིད་ཡོན་ཏན་རྡོ་རྗེ་མངོན་


TNT12_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་སོ། །བསངས་སྦྱངས། སྟོང་པའི་ངང་ལས། ཧཱུཾ་ཁཾ་ཧཱུཾ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དོན་ཡོད་གྲུབ་པའི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པར་གྱུར། སྟོང་པའི་ངང་ལས་བདག་ཉིད་འོད་དཔག་མེད་ཧེ་རུ་ཀ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན་སྐུ་མདོག་དམར་པོ་པདྨ་དང་དྲིལ་བུ༴ ཡུམ་གོས་དཀར་མོ༴ བཅས་པ་ཐམས་ཅད་འོད་དཔག་མེད་ཀྱི་རྣམ་པར༴ གྷཎྜེ་ཧོཿའི་བར། གོང་བཞིན་ལ་འདོན་པ་སྤོ། དབང་གི་ལྷ་རྣམས་ཀྱིས་རྡོ་རྗེས་དབང་བསྐུར། སངས་རྒྱས་རྡོ་རྗེའི་དབང་གིས་ནི། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་བླང་བར་གྱིས། །ཨོཾ་ཧཱུཾ་ཁཾ་ཧཱུཾ། བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་སོགས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུ་ལའོ། །དེ་ལྟར་ན་རྡོ་རྗེའི་དབང་བསྐུར་བས། ངག་མིང་ཚིག་ཡི་གེའི་ཚོགས་གནས་གྱུར་ཏེ། བརྗོད་བྲལ་སྒྲ་དབྱངས་ཐམས་ཅད་པ་གསུང་རྡོ་རྗེ་མངོན་དུ་བྱས། བསངས་སྦྱངས་དྲིལ་བུ་སྟོང་པའི་ངང་ལས། བཅོམ་ལྡན་འདས་མ་འཁོར་ལོ་དབང་ཕྱུག་མ་དམ་ཚིག་གི་སྒྲོལ་མའི་ངོ་བོ་རྡོ་རྗེས་མཚན་པའི་དྲིལ་བུར་གྱུར། སྟོང་པའི་ངང་ལས་བདག་ཉིད་དོན་ཡོད་


TNT12_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ཧེ་རུ་ཀ་དོན་ཡོད་གྲུབ་པའི༴ སྐུ་མདོག་ལྗང་ཁུ་རལ་གྲི་དང་དྲིལ་བུ༴ ཡུམ་ལས་ཀྱི་སྒྲོལ་མ་དང་༴ ཐམས་ཅད་དོན་ཡོད་གྲུབ་པའི་རྣམ་པར༴ ཅེས་འདོན་པ་སྤོ། དབང་གི་ལྷ་རྣམས་ཀྱིས་དྲིལ་བུས་དབང་བསྐུར། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཨོཾ་ཧཱུཾ་ཏཱཾ་ཧཱུཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་སརྦ་ནས། ཤྲཱི་ཡེ་ཧཱུཾ། ཨ་སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་དམ་པ་བྱེད་པར་འགྱུར། །ཨོཾ་བཛྲ་དྷརྨ་ཨཱཿ དེ་ལྟར་ན་དྲིལ་བུའི་དབང་བསྐུར་བས། ལས་དང་བྱ་བ་ཐམས་ཅད་གནས་གྱུར་ཏེ། ལྷུན་གྲུབ་ཐོགས་པ་མེད་པའི་འཕྲིན་ལས་རྡོ་རྗེ་མངོན་དུ་བྱས། ཡང་རྡོ་རྗེ་དང༌། རྡོ་རྗེ་དྲིལ་བུ་བསངས་སྦྱངས། མི་དམིགས་ཏེ་སྟོང་པའི་ངང་ལས། རྡོ་རྗེ་ལྕགས་ཀྱུ་མའི་ངོ་བོས་ཛཿཡིག་དང༌། རྡོ་རྗེ་ཞགས་པ་མའི་ངོ་བོ་ཧཱུཾ་ཡིག་དང༌། རྡོ་རྗེ་ལྕགས་སྒྲོག་མའི་ངོ་བོ་བཾ་ཡིག་དང༌། རྡོ་རྗེ་དྲིལ་བུ་མའི་ངོ་བོ་ཧོཿཡིག་རྣམས་ཞུ་བ་ལས་བྱུང་བའི་རྡོ་རྗེ་དང༌། རྡོ་རྗེ་དྲིལ་བུར་གྱུར། བདག་ཉིད་སྟོང་པའི་ངང་ལས་རྣམ་པར་སྣང་མཛད་ཧེ་རུ་ཀ །རྣམ་པར་སྣང་མཛད་ཀྱི༴ སྐུ་མདོག་དཀར་པོ། འཁོར་ལོ་དང་དྲིལ་བུ། ཡུམ་སངས་རྒྱས་སྤྱན་མ༴ རྣམ་པར་སྣང་མཛད་ཀྱི་


TNT12_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར༴ དབང་གི་ལྷ་རྣམས་ཀྱིས་མིང་གི་དབང་བསྐུར། ཨོཾ་ཛ༔ཧཱུཾ་བཾ་ཧོཿ བཛྲ་ས ཏྭ་སྟྭཾ་ཨ་བྷི་ཥིཙྪ་ཧཱུཾ། བཛྲ་ནཱ་མཿཨ་བྷི་ཥེ་ཀ་ཏ་ཧ་ཤྲཱི། དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཨོཾ་སརྦ་ཏ་ཐཱ༴ དེ་ལྟར་ན་མིང་གི་དབང་བསྐུར་བས། མིང་གི་གདགས་གཞི་ཡུལ་དང་དབང་པོ་ཐམས་ཅད་གནས་གྱུར་ཏེ། ཇི་སྙེད་མཁྱེན་ཅིང་སྣང་སྟོང་གཉིས་སུ་མེད་ཅིང་མི་ཤིག་པ། སྐུ་རྡོ་རྗེའི་གོ་འཕང་མངོན་དུ་བྱས་སོ། །དེ་དག་ནི་སློབ་མའི་དབང་དངོས་གཞི་ཡིན་ལ། མཐའ་རྟེན་ནི། ཨོཾ་བཛྲ་ནེ་ཏྲ་ཨ་ཝ་ཧ་ར་པ་ཏྲ་ལཾ་ཧྲཱིཿ ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨཱཿ ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །རྡོ་རྗེ་སེམས་དཔའི་མེ་ལོང་བཞིན། །འདིར་ནི་གསལ་བདག་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའི་རང་བཞིན་གཙོ། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་རྣལ་འབྱོར་མ་སྲས་སྐྱེ། དྲིལ་བུ་བླངས་ལ། ཨ་ཨ་ཨ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་གྱུར་པ། །ཐམས་


TNT12_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཆོག་གི་མཉམ་ཉིད་གསལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭ། ཨོཾ་ཤུ་ནྱ་ཏཱ༴ སྟོང་པའི་ངང་ལས་སྭཱཧཱ་ལས་རང་ཉིད་ཞི་བའི་སྒྲོལ་མ་དཀར་མོ༴ སངས་རྒྱས་རྣམས་ནི་སོགས་ཀྱི་མཐར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཤཱནྟིཾ་ཀུ་རུ། བཛྲཱི་ཨ་བྷི་ཥིཉྩ་ཧཱུཾ། རང་ཉིད་རྒྱུས་པའི་སྒྲོལ་མ་སེར་མོར་གྱུར། སངས་རྒྱས་རྣམས་ནི་སོགས། དྷ་ན་པུཥྟིཾ་ཀུ་རུ། རང་ཉིད་དབང་གི་སྒྲོལ་མ་དམར་མོར་གྱུར། །སངས་རྒྱས་རྣམས་ནི་སོགས། སརྦ་ས་དྷྱ་པ་ཤཾ་ཀུ་རུ། རང་ཉིད་དྲག་པོའི་ལས་ཀྱི་སྒྲོལ་མ་ནག་མོར་གྱུར༴ སརྦ་དུཥྟ་ན་པྲ་དུཥྟ་ན་མ་རཾ་ཀུ་རུ། ཞེས་འདོན་པ་སྤོ། ལས་བཞིའི་རྗེས་གནང་ངོ༌། །བསངས་སྦྱངས། དབང་རྫས་རྡོ་རྗེ། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར། སྟོང་པའི་ངང་ལས། བདག་ཉིད་རྡོ་རྗེ་སེམས་དཔའ་རྡོ་རྗེ་སེམས་དཔའི༴ རྡོ་རྗེ་དང་དྲིལ་བུ། ཡུམ་རྡོ་རྗེ་སྙེམས་མས། བཛྲ་གྷནྚེ་ཧོ་ཡི་བར་ཆུ་དབང་གི་སྐབས་ལྟར་རོ། །རྡོ་རྗེ་ལག་ཏུ་གཏད། རང་གི་སྙིང་གར་ཡང་རང་དང་འདྲ་བའི་རྡོ་རྗེ་སེམས་དཔར་གྱུར། འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེའི་སེམས་དཔའི་ཕྱག་ན་གནས། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ། དྷ་ར་ཡ་མི་བཛྲ་ས་ཏྭ་ཧི་ཧི་ཧི་ཧི་ཧཱུཾ། ལག་པ་གཡས་སུ་ཧཱུཾ་ལས་བྱུང་བའི་


TNT12_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གུག །ཨོཾ་ཀརྟི་ཀ །སརྦ་མཱ་ར་ཎཾ། མཾ་ས་ཀརྟཱ་ཡ། ཀརྟཱ་ཡ་ཧཱུཾ་ཕཊ། ལག་པ་གཡོན་དུ་ཨཱཿལས་བྱུང་བའི་ཐོད་ཁྲག།ཨོཾ་བཛྲ་ཀ་པཱ་ལ་སརྦ་ཤཱ་ཏྲུཾ་ཎཾ། རཀྟཾ་དྷཱ་ར་ཡ་དྷཱ་ར་ཡ་ཧཱུཾ་ཕཊ། ལག་པ་གཡས་སུ་ཨོཾ་ལས་བྱུང་བའི་ཅང་ཏེའུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། གཡོན་དུ་ཨུཏྤལ། ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་རྩ་སྔགས་སོ། །ཡང་གཡོན་དུ་ཏཱཾ་ལས་བྱུང་བའི་མདུང་རྩེ་གསུམ་པ། ཨོཾ་ཧ་ན་ཧ་ན་མཱ་ར་ཡ་མཱ་ར་ཡ་སརྦ་ཤཱ་ཏྲུན་ཏྲི་ཤུ་ལ་ཧཱུཾ་ཕཊ། ཧཾ་ལས་བྱུང་བའི་ཁ་ཊྭཾ་ག་མཆན་ཁུང་དུ་བཀོད། ཨོཾ་ཛྭ་ལ་ཛྭ་ལ་བྷྱོཿཧཱུཾ་ཧཱུཾ་ཧཱུཾ་ཕཊ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྒོམས་ཤིག །འདི་ལྟར་ངས་ཁྱོད་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་བཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཧེ་བཛྲ་ཨངྐུ་རི། སརྦ་ཏ་ཐཱ་ག་ཏ་བཛྲ་ཤི་ཥྱ་ས་མ་ཡ། བྷུརྦྷུ་བ་སྭ། གང་ངས་ལུང་བསྟན་པ་འདི་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ཐམས་ཅད་ཀྱིས། བྱང་ཆུབ་ཆེན་པོར་ལུང་སྟོན་པར་མཛད་དེ། སྔགས་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །དེ་ནས་དབང་དེ་ཙམ་ལས་མི་བསྐུར་ན། སྐབས་འདིར་དམ་ཚིག་བཤད་དོ། །རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ། འཁོར་ལོ་ཕྱིར་མི་ལྡོག་པའི་དབང༌། །དམ་པ་བདག་ལ་སྩལ་ནས་ཀྱང༌། །


TNT12_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་འཁོར་ལོ་ལྷ་དག་གི །དེ་ཉིད་སློབ་དཔོན་འཕྲིན་ལས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར། །ཨོཾ་མཧཱ་བཛྲ་ཧཱུཾ། ཐོག་མཐའ་མེད་པའི་སོགས། འདི་ནི་རྣལ་འབྱོར་མ་ཀུན་སོགས། ཨཱཿསྲིད་པ་སོགས། ཡིད་ཀྱི་ལུས་སུ་བརྟན་པའི་ཕྱིར་སོགས། བདག་ཉིད་རྡོ་རྗེ་སེམས་དཔའི་སྐུར་གྱུར་པའི་ཐུགས་ཀར་གཞལ་མེད་ཁང་ལྷའི་གདན་དང་བཅས་པ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་བཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་རྫོགས་པ་བཞུགས་པར་གྱུར། ཨོཾ་ཏཱ་རེ་སོགས་ཡི་གེ་བཅུ་པ་དང༌། ལྷ་རྣམས་ཀྱི་མཚན་སྔགས་རྫོགས་པར་བརྗོད། གཙོ་མོའི་ཐུགས་ཀའི་ལྷ་ཚོགས་རྣམས་ཕྱིར་སྤྲོས་ཏེ། རང་གི་སྙིང་གའི་གཞལ་ཡས་ཁང་གི་ནང༌། ལྷའི་གདན་རྣམས་སུ་འཁོད་པར་གྱུར། བསྡུ་ན་དེ་ཙམ་གྱིས་ཆོག།རྒྱས་པར་ན་ཞལ་ཕྱག་རྣམས་གསལ་གདབ་བོ། །དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའ་ལྷ་ཉི་ཤུ་རྩ་ལྔའི་ཚོགས་རྣམས་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོ། ཨཱཿལས་བྱུང་བའི་བགྲང་འཕྲེང་གསུང་རྡོ་རྗེ་འོད་དཔག་ཏུ་མེད་པའི་ངོ་བོར་གྱུར། ཨོཾ་ཨ་ཨཱ་ཨི་ཨཱི་ནས། ཧ་ཀྵ་ཧཱུཾ་ཕཊ་སྭཱཧཱ། སྙིང་པོ་ལན་མང་དུ་བཟླས། འཕྲེང་བ་སྤྱི་བོར་བཞག སྙིང་གའི་ལྷ་ཚོགས་རྣམས་ས་བོན་གྱི་དཀྱིལ་འཁོར་དུ་གྱུར། མདུན་


TNT12_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་དཀྱིལ་འཁོར་གྱི་ཐུགས་ག་ནས། ཡེ་ཤེས་སེམས་དཔའ་སྔགས་ཀྱི་ཡིག་འབྲུའི་གཟུགས་ཅན་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པའོ། །དེ་སྙིང་གར་བསྟད། སྙིང་པོའི་མཐར། སརྦ་ཏ་ཐཱ་ག་ཏ་སིདྡྷི་སོགས། རྡོ་རྗེ་བརྟུལ་ཞུགས་ཀྱི་སྔགས་བཏགས་ཏེ། ཧི་ཧཱུཾ་ཡིག་འབྲུའི་དཀྱིལ་འཁོར་རྣམས་ཕྱག་མཚན་གྱི་དཀྱིལ་འཁོར་དུ་གྱུར། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལས། ཡེ་ཤེས་སེམས་དཔའ་ཕྱག་མཚན་གྱི་རྣམ་པར་བཛྲ་ས་མ་ཛཿ ཛཿཧཱུཾ་བཾ་ཧོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཚོན་ཆ་འཁོར་ལོ་བླ་ན་མེད། །རྣལ་འབྱོར་མ་ཡི་བུ་ཁྱོད་ལོང༌། །འཁོར་ལོའི་རིག་པ་འཛིན་པར་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་བརྟ་ནི་ཨ་བྷི་ཥིཉྩ་ཧཱུཾ། དེ་བཞིན་དུ། རྡོ་རྗེ་དང༌། བཛྲ། རིན་ཆེན་དང་རཏྣ། ཆུ་སྐྱེས་དང་པདྨ། རལ་གྲི་དང་ཁཊྒ། ཞེས་པ་ནི་ཐུགས་ཀྱི་དབང་ངོ༌། །ཨོཾ་དྷ་ར་དྷ་ར་དྷཱ་ར་ཡ་དྷཱ་ར་ཡ། མརྡྷ་མརྡྷ། བཛྲ་དྷྲྀ་ཀ་ཕཊ། ཨོཾ་བཛྲ་དྷརྨ་ས་མ་ཡ་སྭ་སྟྭཾ། ཧུ་ལུ་ཧུ་ལུ། ཨ་རོ་ལིཀ་ཕཊ། ཨོཾ་བཛྲ་སཱུརྱ། ཏ་མོ་བི་ད་


TNT12_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

མ་ན་སྭཱཧཱ། ཨ་ཧཱཾ། རཏྣ་དྷྲིཀ་ཕཊ། ཨོཾ་ཤ་ཤྭ་ཏོ་པ་ར་མ་ཤ་ཤྭ་ཏོ། ཨེ་ཧྱ་ཧི། ཛི་ན་ཛི་ཀ བྷྲུཾ་ཧཱུཾ་ཕཊ། ཨོཾ་ཕུ་ཕུ་ཕུ་ཧི་ཧི་ཧི་པྲ་ཛྙཱ་དྷྲྀཀ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ཧཾ། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་འཕྲེང་བ་རིན་ཆེན་བདག།ལག་པར་རྣམ་པར་སྣང་མཛད་བརྗོད། །སྐེ་རགས་ལ་ནི་དོན་ཡོད་གནས། ཁ་ཊྭཱཾ་ག་ནི་ཤེས་རབ་སྟེ། །ཐབས་ཀྱི་རང་བཞིན་ཅང་ཏེ་ཉིད། །རྣལ་འབྱོར་མ་ཡི་མིང་བོས་བཟུང༌། །སྣ་ཚོགས་རྡོ་རྗེ་ལག་ཏུ་བཟུང་ལ། ཞི་དང་རྒྱས་དང་དབང་དང་དགུག།སྡང་བར་བྱ་དང་གནོན་སོགས་དང༌། །བསད་དང་བསྐྲད་པ་ཐམས་ཅད་དེ། །ལས་དེ་རྣམས་ནི་བསྒྲུབ་པར་གྱིས། །འདི་ལ་སློབ་མ་དབང་བསྐུར་གྱི་སྐབས། ལས་བཞིའི་བུམ་པས་དབང་བསྐུར་རོ། །གྲུབ་པ་བརྒྱད་ཀྱི་གཟུགས་བརྙན་བསྟར་ཏེ། རལ་གྲི་མིག་སྨན་ས་འོག་དང༌། །མཆིལ་ལྷམ་དེ་བཞིན་རིལ་བུ་སྟེ། །རྣལ་འབྱོར་མ་ཡི་དངོས་གྲུབ་ནི། །དེ་ནི་ཅི་དགར་བསྒྲུབ་པར་བགྱི། །རིག་མ་དམ་ཚིག་སྒྲོལ་མའི་ང་རྒྱལ་དང་ལྡན་པ་ལ། བདག་ཉིད་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོར་གནས་པས། ནུ་མ་ལ་རེག་ཅིང་འཁྱུད་པ་ན། དགའ་བ་དང་པོ་མི་འགྱུར་ཞིང་བརྟན་པར་གྱུར། ཨོཾ་བཛྲ་ཨ་ནུ་རཱ་ག་ན་ཨཱཿཧཱུཾ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སོགས་ཀྱི་མཇུག་ཏུ། ཨོཾ་བཛྲ་ཨུཏྟ་ཀ་ཨ་བྷི་ཥིཉྩ་ཧཱུཾ།


TNT12_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་ར་ཏ་སྟྭཾ། ཨཱ་ཧཾ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་སུ་པྲ་ཏིཥྛ་དང༌། ཡེ་དྷརྨ་བརྗོད། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །སོགས་ཀྱིས་མེ་ཏོག་གཏོར། རོལ་ཆེན་བྱ། སློབ་དཔོན་སྨད་པར་མི་བྱ་སྟེ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །དེ་བཞིན་ཁྲོས་པས་སྤུན་རྣམས་ལ། །ཉེས་པ་བརྗོད་པར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་སྤང་བར་མི་བྱའོ། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རང་གཞན་ཆོས་ལ་སྨད་མི་བྱ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་ཉིད་ནི་བསྟན་མི་བྱ། །བདག་ཉིད་ཕུང་པོ་སྨད་མི་བྱ། །ཆོས་ལ་ཡིད་གཉིས་མི་བྱ་ཞིང༌། །གདུག་ལ་བྱམས་པ་ཉིད་མི་བྱ། །ཆོས་ཉིད་ཚད་ནི་གཟུང་མི་བྱ། །སྐལ་ལྡན་སེམས་ཅན་བསླུ་མི་བྱ། །རྟག་ཏུ་དམ་ཚིག་བསྟེན་པར་བྱ། །ཤེས་རབ་རང་བཞིན་བུད་མེད་ལ། །སྐྱོན་གྱི་ཉེས་པ་མི་བརྗོད་དོ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་བཞིན་བདག་གིས་བགྱིད་པར་འཚལ། །ལན་གསུམ། གསང་བ་འདི་སུ་ལའང་སྨྲ་བར་མི་བྱའོ། །གལ་ཏེ་སྨྲས་ན་དེ་ཡི་ཚེ། །ཤིན་ཏུ་རྣོ་བའི་ཤུ་ལ་ནི། །རྣལ་འབྱོར་མ་ཡི་ཕྱག་ན་གནས། །གང་གི་དམ་ཚིག་འཇིག་བྱེད་པ། །དེ་ལ་འདི་ཡིས་མཆོག་ཏུ་འབིག།ཨོཾ་མ་ཧཱ་ས་མ་ཡ་ཧཱ་ན་ཧཱུཾ་ཕཊ། ཅེས་བརྗོད། སྤྲོ་ན། དེ་རིང་ཁྱོད་ནི་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་


TNT12_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱུད་འཛིན་པ། །སོགས་དང༌། མཆོག་གསང་དཀྱིལ་འཁོར་དམ་པ་འདིར། །ཞེས་པ་ནས། ཁྱེད་རྣམས་བརྟན་པར་འགྱུར་གྱི་བར་དབུགས་དབྱུང་རིང་མོ་འཕྲེང་བ་ནས་འབྱུང་གི་བར་བརྗོད་དེ་བུམ་པའི་དབང་ངོ༌། །དེ་ལྟར་ན་བུམ་པའི་དབང་བསྐུར་བ་ཐོབ་པས། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དག།སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་གོ་འཕང་ཐོབ་པར་འགྱུར་བ་ཡིན་ནོ། །གསང་དབང་གི་དོན་དུ་མཎྜལ་ཕུལ་ལ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རིགས་ཀྱི་ཕྱག་རྒྱ་ཡང་མདུན་དུ་བསྟར། ཁྱེད་ལ་འདི་ནི་འབུལ་ལགས་ཀྱི། །འདོད་དོན་བདེ་བ་རབ་ཏུ་སྩོལ། །བདག་ནི་འདོད་པའི་བདེ་དོན་གཉེར། །མགོན་པོ་ཁྱོད་ཀྱིས་བརྩེ་བས་གཟུང༌། །བྱང་ཆུབ་རྡོ་རྗེ་སོགས་ལན་གསུམ། བདུད་རྩི་འཁྱིལ་བའི་སྔགས་ཐུང་གིས་མིག་དར་བཅིང༌། མགྲིན་པར་ཆོས་འབྱུང་གི་དབུས་སུ་སྔགས་འཕྲེང་གཡོན་དུ་འཁོར་བར་གྱུར། ཨཱ་ལི་ཀཱ་ལི་བརྗོད་ཅིང་རོལ་མོའི་སྒྲ་བྱ། ཨོཾ་བཛྲ་ཨུཏྟ་ཀ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ་ཨ་ཧཾ། ཨོཾ་ལཾ་མཱཾ་པཱཾ་ཏཱཾ་ཧཱུཾ། བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བྷྲུཾ་ཨཱཾ་ཛྲིཾ་ཁཾ་ཧཱུཾ་ཧཱུཾ། རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་ཧཱུཾ་ཁཾ་ཧཱུཾ། བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་ཧཱུཾ་ཏཱཾ་ཧཱུཾ། བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། ཨཱཿསྲིད་པ་སོགས། ཡིད་ཀྱི་ལུས་སུ་བརྟན་པའི་ཕྱིར། །སོགས། ཨོཾ་ཛཿཧཱུཾ་བཾ་ཧོཿ བཛྲ་སཏྭ་སྟྭཾ། བཛྲ་ནཱ་མ་ཨ་བྷི་ཥིཉྩ་མཾ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཡབ་ཡུམ་སྙོམས་


TNT12_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞུགས་པའི་དགའ་བའི་སྒྲས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། རྗེས་ཆགས་ཀྱི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ། ཐབས་ཀྱི་འཁོར་ལོས་བསྒྱུར་བ་དོན་ཡོད་གྲུབ་པའི་སྤྱི་བོ་ནས་ཞུགས། ཐུགས་ཀར་གཞི་གནས་ཀྱི་བྱང་ཆུབ་སེམས་དང་རོ་གཅིག་ཏུ་འདྲེས་ཏེ། རྩ་ཨ་བ་དྷུ་ཏཱིའི་ལམ་ནས་བརྒྱུད། རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྟན་པར་བྱས། བྱང་ཆུབ་ཀྱི་སེམས་མཐེ་བོང་དང་མིང་མེད་ཀྱི་བླངས་ཏེ་ལྕེ་ཐོག་ཏུ་བཞག་པར་གྱུར། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །དེ་བཞིན་དུ་ནི་བྱང་ཆུབ་སེམས། །བཟང་པོས་བུ་ཁྱོད་དབང་བསྐུར་རོ། །ཨོཾ་ཨཱཿཧཱུཾ། འདི་སྟེ་དཔའ་བོ་ལྷ་མོ་རྣམས། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། ཁམས་ལྔ་ལས་བྱུང་བཅུད་ཀྱི་ལེན། །བདེ་བ་ཆེན་པོ་མྱང་བར་གྱིས། །ཨོཾ་ཨཱཿཧཱུཾ། ཨེ་མ་ཧོ་བདེ་བ་ཆེན་པོའོ། །ཨོཾ་ཛྙཱ་ན་ཙཀྵུ་ཧཱུཾ་ཨཱ། གདོང་གཡོགས་བསལ། པདྨའི་དཀྱིལ་འཁོར་ལ་བལྟས་པས་མཆོག་ཏུ་དགའ་བ་འགྱུར་བ་མེད་པ་བརྟན་པར་བྱས། སླར་ཡང་བདུད་རྩི་མྱང༌། ཁྲག་ཆེན་པོ་ནི་ག་བུར་བཅས། །ཙནྡན་དམར་དང་ཡང་དག་སྦྱར། །དེ་བཞིན་རྡོ་རྗེའི་ཆུ་དང་བཅས། །ལྔ་པ་སེམས་ལས་བྱུང་བར་བཤད། །སངས་རྒྱས་ཀུན་གྱི་མཐུན་པར་གསུངས། །བཟང་པོ་ཁྱོད་ཀྱིས་བསྐྱང་བར་བྱ། །དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ་པས། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི། ངག་གི་སྡིག་སྒྲིབ་ཐམས་ཅད་དག །གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་


TNT12_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་གོ་འཕང་ཐོབ་པར་གྱུར། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །སོགས་ལན་གསུམ་གྱི་གསོལ་བ་བཏབ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དབང་པོ་གཉིས་ཀྱི་སྦྱོར་བ་གང༌། །རང་བཞིན་མེད་པའི་བདག་ཉིད་དེ། །ཡེ་ཤེས་མཚོན་ཆ་རྣམས་འཆང་བ། །མངོན་སྤྱོད་སྣ་ཚོགས་སྤྱོད་པ་པོ། །མ་མོའི་ཚོགས་ཀྱིས་བསྐོར་བའི་སྔགས་ཅན་མ། །དབང་པོའི་དྲ་བ་འཕྲོ་ཞིང་འོད་ཟེར་འཁྲུག།ལྷན་ཅིག་སྐྱེས་པའི་མཛེས་མ་དང་གཅུགས་མཛད། །བློ་གྲོས་ཆེན་པོས་བདག་ལ་དབང་བསྐུར་སྩོལ། །ལན་གསུམ་དུ་གསོལ་བ་བཏབ། སངས་རྒྱས་ཀུན་གྱིས་བྱིན་རླབས་པའི། །ལྷ་མོ་འདི་ནི་ཁྱོད་ལ་ཤིས། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཏུ་ཕྱག་རྒྱ་ལོ། །གཟུང་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བསྔགས། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །བདག་ཉིད་རིགས་ཐམས་ཅད་ཀྱི་ཁྱབ་བདག་དོན་ཡོད་གྲུབ་པ་དང༌། རིག་མ་དམ་ཚིག་སྒྲོལ་མའི་སྐུར་གྱུར། ཨོཾ་ཨཱཿཧཱུཾ། བདུད་རྩི་མྱང༌། ཨོཾ་བཛྲ་ཨུཏ་ཏ་ཀ་ནས་གཟུང༌། དམ་ཚིག་གསུམ་གྱི་བར་གོང་གསང་དབང་གི་སྐབས་བཞིན། སྤྱི་བོར་ཨོཾ་ནས་ཀུན་ཏུ་བཟང་


TNT12_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བར། སྐུ་གསུང་ཐུགས་དང་སྐྱེ་མཆེད་བྱིན་གྱིས་བརླབས། དང་པོ་དགའ་བ་དཔའ་བོ་སྟེ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཤིན་ཏུ་བདེ་དགའ་ཐམས་ཅད་ངེས། །དེ་བདེ་ཐབས་ལས་ཡང་དག་རིག།ཤེས་རབ་སྦྱོར་པས་དཔལ་ལྡན་ནི། །འདི་ཉིད་ཡང་དག་མཚོན་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་དག་གི་སེམས། །ནོར་བུའི་ནང་དུ་སོན་ལྟ་བས། །ཅི་སྟེ་བུ་ཁྱོད་འདི་སྤྲོའམ། །ང་ལས་དམ་ཚིག་ལེན་པར་ནི། །བཤང་གཅི་རཀྟ་བཟའ་བ་དང༌། །བྷ་གའི་མཐའ་ནས་འཇིབ་བྱེད་དམ། ཁྱོད་ལས་དམ་ཚིག་བཟའ་བར་ནི། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བདག་གི་མི་མོ་ཀུན་གུས་བྱ། །ཆུ་སྐྱེས་རབ་ཏུ་རྒྱས་པ་གསལ་བར་བྱས་ཏེ། ཨ་རེ་བདག་གི་པདྨ་ནི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟན་བྱེད་པ། །བདག་ལ་དངོས་གྲུབ་སྩོལ་མཛད་མ། །དལ་བུ་དལ་བུར་རབ་སྦྱོར་བས། །པདྨར་བྱ་བ་ཇི་བཞིན་གྱིས། །དབུས་སུ་ཟེ་འབྲུས་རྣམ་བརྒྱན་པའི། །ཆུ་སྐྱེས་འདབ་མ་གསུམ་པར་གཟིགས། །ཨ་ཧོ་བདེ་བ་ཅན་གྱི་ཞིང༌། །སངས་རྒྱས་སྐུ་མདོག་དམར་པོས་མཛེས། །ནང་གི་རྩ་ཡི་འཁོར་ལོར་ཚོལ། །དེས་ནི་བུ་ཁྱོད་འབྲས་བུར་བཅས། །ཧྲཱིཿལས་པདྨ། ཨཱཿལས་ཟེ་འབྲུ། ཧཱུཾ་ལས་རྡོ་རྗེ། ཨོཾ་ལས་ནོར་བུ། བུ་གར་ཕཊ་ཀྱིས་བཀག་པ་དང་བཅས་པའོ། །རོལ་ཞིག་རོལ་ཞིག་བདག་ལ་


TNT12_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རོལ། །འདོད་པ་གྱིས་ཤིག་དགའ་གསལ་བ། ཁྱོད་ཀྱིས་གཞན་དུ་མི་རྟོག་པ། །རྟོགས་པས་ཐེ་ཚོམ་མ་བྱེད་ཅིག །ཅེས་བསྐུལ་ནས། རྗེས་ཆགས་སྤེལ་བ་དང༌། ཁ་ག་མུ་ཁ་བཙལ་བ་དང༌། རྒྱུ་བསྙེན་སྒྲུབ་བཞི་ལས་འབྲས་བུ་ཡེ་ཤེས་འཆར་བ་དང༌། སྐད་ཅིག་མ་བཞི་ལས་མཚན་ཉིད་བྲལ་བ་ལ་བརྟེན་ནས་ལྷན་ཅིག་སྐྱེས་པ་མངོན་དུ་གྱུར་པ་དང༌། དེ་ལས་སྙིང་སྟོབས་བརྒྱད་དང༌། རྗེས་ཆགས་ཀྱི་ས་བཅུ་ཐོབ་པར་གྱུར་ཏེ། ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་བ་གསུམ་འདི་དག་པ་ཡིན། །དེ་ཕྱིར་ཁྱོད་ཀྱི་རྟག་ཏུ་ནི། །འཁོར་བར་སྦྱོར་བྲལ་མི་བྱའོ། །འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་དངོས་གྲུབ་མཆོག་མེད་དོ། །དེ་ལྟར་ན་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ཡིད་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག །བདེ་སྟོང་མཁའ་མཉམ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་མངོན་དུ་བྱས། དབང་བཞི་པའི་དོན་དུ་མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོར་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ་གྱིས་གསོལ་བ་བཏབ། ལྷན་ཅིག་སྐྱེས་ལས་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །དཔེའི་ལྷན་སྐྱེས་


TNT12_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དོན་གྱི་ཡེ་ཤེས་མཆོན་པར་བྱ་སྟེ། ཀུན་ཁྱབ་གདུང་མེད་རྒྱུན་མི་འཆད། །རྣམ་རྟོག་ཐིམ་ཞིང་རང་རིག་པ། །ཟབ་མོ་གསལ་བ་གཉིས་སུ་མེད། །ཐིག་ལེའི་བདེ་བ་ཁ་སྦྱོར་བའོ། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ་པས། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག།ཟུང་འཇུག་རང་བཞིན་ལྷན་ཅིག་སྐྱེས་པ་ངོ་བོ་ཉིད་སྐུ་ཡེ་ཤེས་རྡོ་རྗེ་ཐོབ་པར་འགྱུར། དེ་ནས་བོད་ལུགས་དང་མཐུན་པར། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་དབང་བཞི་རྫོགས་པའི་བཀའ་དྲིན་གཏང་རག་གི་དོན་དུ་མཎྜལ་ཕུལ། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་ནི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་གྱུར། །དེང་ནས་བརྩམས་ཏེ་སོགས། བསོད་ནམས་འདི་ཡིས་སོགས། ཚོགས་ཀྱི་མཆོད་པ་ནི་བདག་འཇུག་གི་སྔོན་རོལ་དུ་བྱ་བ་ཡིན་ལ། སྐབས་འདིར་བྱས་ཀྱང་མི་འགལ་ལོ། །རྗེས་ཀྱི་ཆོ་ག་ནི་སྤྱིའི་རིགས་འགྲེ་སྟེ། མཆོད་པ་གསར་དུ་གཤོམ་པའམ་ཁ་གསོས་སྔོན་བཞིན་བྱིན་གྱིས་བརླབས། ཨརྒྷཾ྄་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་ཨཱཿརཱུ་པ་བཛྲ་ཧཱུཾ་སོགས། ཨོཾ་ཨ་མྲྀ་ཏ། ཨ་མྲྀ་ཏེ། སྭ་ད་ན་ཧཱུཾ། ནང་མཆོད་ཕུལ། མཚན་ངེས་པས་བསྟོད། བཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། གྲུབ་པ་ཆེན་པོ་བརྒྱད་དང་ཞི་བ་དང༌། རྒྱས་པ་དང༌། དབང་དུ་བྱ་བ་ལ་སོགས་པ་ལས་ཐམས་ཅད་ཐོགས་པ་མེད་པར་བསྒྲུབས་པས། སེམས་ཅན་གྱི་དོན་རྒྱ་ཆེར་འགྲུབ་པར་མཛད་དུ་གསོལ། སྔོན་གྱི་ལས་ལས་གྱུར་པ་དང༌། འཕྲལ་


TNT12_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྐྱེན་ལས་གྱུར་པའི་ཕྱི་ནང་གསང་གསུམ་གྱི་བར་ཆད་ཐམས་ཅད་རྩ་བ་ནས་ཞི་བར་མཛད་དུ་གསོལ། འཇིག་རྟེན་དུ་བདེ་ལེགས་རྒྱ་ཆེན་པོ་རྒྱུན་མི་འཆད་པ་འབྱུང་བར་མཛད་དུ་གསོལ། ཧེ་རུ་ཀའི་ཡི་གེ་བརྒྱ་པ་ལན་གསུམ་སོགས་བཟླ། གཙོ་བོའི་ནུས་པ་སོགས་དང༌། སྔགས་དམན་པ་དང་སོགས། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས། གཏོར་མགྲོན་གྱི་ཡེ་ཤེས་པ་རྣམས་གཤེགས། ཨོཾ་ཛ་ཡ་ཛ་ཡ་སུ་ཛ་ཡ། བི་ཤྭ་རུ་པ་དྷ་རི་གཙྪ་གཙྪ་སྭ་བྷཱ་བཾ་ཀྲྀ་ཏནྟེ་ན་སརྦ་བུདྡྷ་ཤྩ་བི་སརྩ་ན། མ་མ་ཀརྱཾ་ཀུ་རུ་སྭཱཧཱ། སྨོན་ལམ་དང༌། བཀྲ་ཤིས་ཅི་རིགས་པ་བརྗོད་དོ། །ཉི་མ་ཐ་མ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་གཤེགས་སུ་གསོལ་བ་རྣམས་སྤྱི་དང་འདྲ་བ་དང༌། ཁྱད་པར་དུ་ཡང་དཀྱིལ་འཁོར་གྱི་ཆོ་ག་འཕྲེང་བའི་ལུགས་བཞིན་དུ་བྱེད་དོ།། །།ཞེས་པ་སྒྲོལ་མ་རྣལ་འབྱོར་མའི་བདག་འཇུག་ངག་འདོན་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །སློབ་མ་དབང་བསྐུར་གྱི་རིམ་པ་གཞན་དུ་བཤད་ཟིན་ཏོ། །དགེའོ། །ཞུས་དག །མདྒ་ལཾ། །རྗེ་བཙུན་སྒྲོལ་མ་བླ་མ་དབྱེར་མེད་ལ། །སྙིང་ནས་རེ་བས་སྐྱེ་བ་རྗེས་མར་ཡང་། །ཤམྦྷ་ལར་སྐྱེས་བླ་མའི་རྗེས་བཟུང་ནས། །གདམས་ནོད་ས་ལམ་མཐར་ཕྱིན་སངས་རྒྱས་ཤོག །འདི་གུ་ཎ་ས་སྨོན་ལམ་བཏབ་པོ། །


previousབཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མའི་བདག་འཇུག་གཞན་ལ་ཕན་པ།next