རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྲེག་བླུགས་ཀྱི་ལག་ལེན།


TNT12_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྲེག་བླུགས་ཀྱི་ལག་ལེན་བཞུགས།


TNT12_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་རྡོ་རྗེ་རྣལ་འབྱོར་མའི་བསྲེག་བླུགས་འབྲིང་པོའི་ལག་ལེན་ནི་འདི་ཡིན་ཏེ། དང་པོར་ཡོ་བྱད་ཚོགས་པར་བྱ་བ་ལ། དུང་ཆོས་སམ་ཐོད་པར་བསངས་ཆུ་ཀུ་ཤ་དང་བཅས་པ། གཏོར་མ་རྒྱན་གྱིས་བརྒྱན་པ་གཉིས། པད་འདབ་མེད་པ་གཉིས། བསྲེག་རྫས་ཀྱི་ཁྱད་པར་ཏིལ་ནག་ལོགས་སུ་བྱ། གཞན་ནས་གྲོ་སྲན་འབྲས་སོགས་འབྲུ་སྣ་ཚོགས་བསྲེགས་པ། དུར་བ། ཟས་མཆོག །ཀུ་ཤ །བ་གླང་གི་ཤ་སྐམ་པོ་ལ་ཆང་དང་བདུད་རྩི་རིལ་བུ་བསྲེས་པས་བྱུགས་པ་དང༌། དེ་བཞིན་དུ་ཐིག་སྐུད་རྡུལ་ཚོན། རྡོར་དྲིལ། ཌ་མ་རུ། ནང་མཆོད། ཉུངས་ཀར། ཐལ་བ། བ་བྱུང༌། དྲི་བཟང། ཐོད་པའམ། དུང་ཆོས་སུ་མཆོད་ཡོན། གཞན་ཡང་མཆོད་པའི་ཡོ་བྱད་རྣམས་ཚང་བར་བྱས། མར་ཁུ་དང༌། ཡམ་ཤིང་དང༌། དཔལ་འབར་སོགས་ཀྱང་བཞག་གོ །གཉིས་པ་ཆོ་གའི་སྔོན་འགྲོ་ནི། སྐྱབས་འགྲོ་ནས་བཟླས་པའི་བར་བདག་བསྐྱེད་རྫོགས་པར་བསྒོམ། བསངས་ཆུ་ལ་དམིགས་ནས་སུམྦྷ་བརྒྱ་དང༌། མཆོད་ཡོན་ལ་དམིགས་ནས། ཨོཾ་ཨཱཿཧཱུཾ་བརྒྱ་རྩ་བཟླས་ལ་བཞག །ཐབ་གང་དུ་བྱ་བའི་ས་གཞིར། གཏོར་མ་ལྕོག་


TNT12_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཟླུམ་དེ་བཞག་ལ། བསངས་སྦྱང་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་སྔོན་འགྲོ་གཏོར་མ་དང་འདྲ། འཕྲིན་ལས་བཅོལ་བ་ནི། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོས་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །སྲེག་བླུག་དོན་དུ་ཁྱོད་ཀྱིས་སྩོལ། །ཞེས་ལན་གསུམ། གང་དག་ནག་པོའི་ཕྱོགས་ལ། ཞེས་སོགས་ཀྱིས་བགེགས་བསྐྲད་ལ་གཏོར་མ་ཕྱིར་དོར། ཨོཾ་བྷུཾ་ཁཾ་ནམ་མཁའ་རང་བཞིན་དུ་གྱུར། ཧཱུཾ་ལཾ་ཧཱུཾ་རྡོ་རྗེའི་རང་བཞིན་དུ་གྱུར། དེ་ནས་སུམྦྷ་བཟླ་བཞིན་དུ་ཉུངས་ཀར་དང་ཐལ་བ་གཏོར་རོ། །བ་བྱུང་དང་དྲི་བཟང་གིས་བྱུགས། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བསྲུང༌། དེ་ནས་ས་གཞི་དེར་ཐིག་བཏབ་ལ། ཐབ་ཀྱི་དཀྱིལ་འཁོར་ལེགས་པར་བྲིས། དེ་ཡང་ཐབ་སོར་ཉི་ཤུ་ལས་མི་ཆུང་བ། མུ་རན་ཁ་ཁྱེར་སོར་བཞི། དེ་རྣམས་དབྱིབས་གྲུ་གསུམ། རྩེ་མོ་རང་ལ་བསྟན་པ། དབུས་སུ་པད་འདབ་བརྒྱད་ཀྱི་ལྟེ་བར་གྲི་གུག །མུ་རན་ལ་རྡོ་རྗེ་དང༌། ཁ་ཁྱེར་ལ་པདྨ་འམ། གྲི་གུག་གི་འཕྲེང་བ་ཅན། དེ་རྣམས་ཀྱི་གཞི་ཁ་དོག་དམར་པོ་ཡིན། སྟེགས་


TNT12_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གྲུ་བཞི་སེར་པོ། ཟུར་བཞིར་མགོ་ནང་དུ་བསྟན་པའི་ཟླ་ཕྱེད་རྡོ་རྗེའོ། །ཐབ་ནང་དུ་བུད་ཤིང་སྙོམས་པར་བརྩིགས་ལ་མེ་ཚང་བཅའ། སྟེགས་བུའི་ཕྱི་རོལ་ཅི་བདེ་བར། ཐབ་ཀྱི་གཡས་སུ་མཆོད་ཡོན་དང་ཞབས་བསིལ། དེའི་ནང་དུ་འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆུ་གཉིས་བཤམས། རང་གི་གཡོན་དུ་སྔ་མའི་འཕྲོ་ལས་མཐུད་དེ་སྲེག་རྫས་རྣམས་བཤམས། ཐབ་ཀྱི་གཡོན་ཀྱི་ཕྱོགས་སུ་ཉེར་སྤྱོད་ལྔ་དང༌། དེའི་ནང་དུ་ཡང་འཇིག་རྟེན་པའི་ཉེར་སྤྱོད་ལྔ་བཤམས། རྒྱབ་ཀྱི་ཕྱོགས་ཅི་བདེ་བར་གཏོར་མ་གསུམ་པོ་རྣམས་བསྒྲིག །རང་དང་ཐབ་ཀྱི་བར་དུ་མེ་ཡོལ་བརྩིགས། རྡོར་དྲིལ་ནང་མཆོད་རྣམས་རང་གི་མདུན་དུ་བཤམས། དགང་བླུགས་ཀྱང་མདུན་དུ་བཞག་གོ །མདུན་དུ་མི་བདེ་ན་གཡས་སུ་འཇོག་ཅིང༌། བུད་ཤིང་མར་ཁུ་ནི་ཅི་བདེ་བར་འཇོག་པ་ལས་གནས་ངེས་པ་མེད། སྒྲུབ་པའི་མཆོད་ཡོན་དང་བསངས་ཆུ་ཡང་གཡོན་གྱི་ཕྱོགས་སུ་འཇོག་པ་ལག་ལན་ཡིན། སུམྦྷ་བཟླས་ཤིང་བསངས་ཆུ་གཏོར་ལ། གནས་ཡོ་བྱིན་རླབས་བཞིན་མཆོད་རྫས་རྣམས་བྱིན་གྱིས་བརླབས། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྲེག་རྫས་རྣམས་ལ་བསྟན་ཏེ། འབྲུ་གསུམ་གང་མང་བཟླས། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ལས་ཐམས་ཅད་པའི་ཐབ་ཁུང་དམར་པོ། ཆོས་འབྱུང་གི་དབྱིབས་ཅན། ཁ་ཁྱེར་དང་མུ་རན་དང༌། སྟེགས་བུ་དང་སོ་སོའི་མཚན་མ་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་ལྷ་རྫས་ཀྱི་བུད་ཤིང་གིས་གང་བ་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཨོཾ་ཨཿཧཱུཾ་ལན་བདུན་བཟླས་ཏེ་དཔལ་འབར་སྤར། སུམྦྷས་བསངས་ཆུ་གཏོར་


TNT12_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཐབ་ལ་གཡོན་བསྐོར་དུ་ལན་གསུམ་བསྐོར་ནས་མེ་ཚང་དུ་བཅུག །ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ། དེ་ནས་ཧཱུཾ་བདུན་བཟླས་ཏེ་རླུང་གཡབ་ཀྱིས་སྦར། ཡང་སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་འབར་བའི་མེ་ཉིད། རཾ་ལས་མེ་ལྷ་དཀར་པོ་བགྲང་འཕྲེང་དང་སྤྱི་བླུགས་འཛིན་ཞིང༌། པད་ཟླ་དང་ར་སྐྱེས་ལ་གནས་པ། པདྨ་དཀར་པོ་ལྟ་བུའི་བཞིན་ཅན། མེ་ལྕེ་སྟོང་གི་འཕྲེང་བ་འཁྲིགས་པའི་སྐུ་ཅན་དུ་གྱུར་པའི་ཐུགས་ཀར་མེའི་དཀྱིལ་འཁོར་གྲུ་གསུམ་ལ་གནས་པའི་རཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ ཨོཾ་ཨེ་ཧྱཻ་ཧི། མཧཱ་བྷཱུ་ཏ། དེ་ཝ་རྀ་ཥི། དྭཱི་ཛཱ། སཏྭ་མ། གྲི་ཧྀ་སྟྭ། ཡུདྡྷཾ། ཨ་སྨིན་པ་ནི། ཧི་ཏྭ་བྷ་བ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་པའི་མཐེ་བོང་ནང་དུ་བསྟན་པའི་ཐལ་མོ་རྣ་བའི་དྲུང་དུ་གཡབ་ཅིང༌། སུམྦྷས་བསངས་ཆུ་གཏོར་ཏེ། ཕྱི་འབྲང་རྣམས་བསྐྲད། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་བྷྱཿ བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། བསྒྲུབས་པའི་མཆོད་ཡོན་ཏེ། མཆོད་ཡོན་འབུལ་བའི་སྣོད་དུ་བླུག །ཛཿཧཱུཾ་བཾ་ཧོཿ ཨོཾ་ཨགྣི་དེ་བ་ཏ་ས་མ་ཡ་སྟྭཾ། ཞེས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་དམ་ལ་བཞག་གོ །ཨོཾ་ཨགྣི་ཡེ་སྭཱཧཱ། ལན་གསུམ་གྱི་དགང་བླུགས་ཕུལ་ལ། ཨོཾ་ཨགྣ་ཡེ་ཨ་དཱི་བྱ་ཨ་དཱི་བྱ་ཨ་བཱི་ཤ་བཱི་ཤ་མཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ན་ཡ་སྭཱཧཱ། ཨརྒྷཾ་ནས་ཤཔྟའི་བར་གྱི་མཆོད། འཇིག་རྟེན་


TNT12_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཇིག་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་བསྟོད་ཅིང་སྤྲོ་ན། ཚངས་དབང་འཇིག་རྟེན་སོགས་ཀྱང་བྱ། ཡང་གོང་བཞིན་དགང་བླུགས་གཅིག་ཕུལ་ཏེ། འཇིག་རྟེན་པའི་མེ་ལྷ་ཁོ་ན་མཆོད་པའི་ཆོ་གའོ། །ཡང་སུམྦྷས་བསངས། སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་འཇིག་རྟེན་པའི་མེ་ལྷའི་ཐུགས་ཀར་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྡོ་རྗེའི་ས་གཞི། རྭ་བ་དྲ་བ། ཞེས་པ་ནས། ཡོ་ག་ཤུདྡྷོ྅འི་བར་མདུན་བསྐྱེད་བཞིན་གསལ་བཏབ། མཆོད་པ་ལ་ཕྱི་མཆོད་འབུལ་བ་ནི། རྒྱས་པར་ན་སྒྲུབ་མཆོད་ཀྱི་མཆོད་འཕྲེང་བཞིན་ནམ། བསྡུ་ན་ཚིགས་བཅད་རྣམས་བོར་བའི་སྔགས་དང་ཕྱག་རྒྱས་ཕུལ། ཨོཾ་གསུམ་མའི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བསྟོད། དེ་ནས་སྲེག་རྫས་འབུལ་བ་ནི། ཨོཾ་གསུམ་མ་དང༌།ན་མཿས་མནྟ་བུདྡྷ་ནཱཾ། ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་པ་ལན་རེ་དང༌། ཨོཾ་ཨགྣ་ཡེ་སྭཱཧཱ། ལན་བདུན་གྱི་མཐར། བདག་གི་སྡིག་སྒྲིབ་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། བཏགས་པས་དགང་བླུགས་ཕུལ། ཨོཾ་བོ་དྷི་བྲིཀྵ་ཡེ་སྭཱཧཱ། ཡཾ་ཤིང་དང༌། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ། ཏིལ། ཨོཾ་སརྦ་སཾ་པ་དེ་སྭཱཧཱ། ཟས་མཆོག །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། དུར་བ།


TNT12_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མཧཱ་བེ་ག་ཡེ་སྭཱཧཱ། ཨོཾ་བཛྲ་གྷསྨ་རི་སྭཱཧཱ། ཨོཾ་བཛྲ་བི་ཛ་ཡེ་སྭཱཧཱ། ཨོཾ་བཛྲ་པུཥྟ་ཡེ་སྭཱཧཱ། ཨོཾ་བཛྲ་མཧཱ་བ་ལ་ཡེ་སྭཱཧཱ། ཞེས་པ་རྣམས་ཀྱིས་འབྲུ་སྣ་ཚོགས་བསྲེས་པ་འབུལ། ཨོཾ་མཧཱ་ཤྲཱི་ཕ་ལ་དྷ་ན་སྭཱཧཱ། འབྲས་བུ་སྣ་ཚོགས་དང༌། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱཧཱ། ཀུ་ཤ་དང༌། ཨོཾ་ཨགྣ་ཡེ་ཧེ་རུ་ཀ་མཧཱ་བཛྲ་ཨགྣ་ཡེ་སྭཱཧཱ། བཅུ་པ་ཞེས་བ་གླང་གི་ཤ་ལ་བདུད་རྩི་བྲན་པ་འབུལ། དེ་ལྟར་སྲེག་རྫས་ཚན་པ་རེ་རེ་ལ། རྫས་སྔགས་ཀྱི་འགོར་ལྷ་སྔགས། ཨོཾ་གསུམ་མ་དང་མེ་ལྷའི་སྔགས། འཇུག་ཏུ་བདག་གི་སྡིག་སྒྲིབ་ནད་གདོན་བར་ཆད་མི་མཐུན་པའི། ཕྱོགས་ཐམས་ཅད་ཤནྟི༵༵༵ཾ་ཀུ་རུ་སྭཱཧཱ། ཞེས་པ་རེ་སྦྱར་ཏེ་ཚར་གཅིག་ཕུལ་ལ། སླར་གྲངས་འཛིན་པ་ནི། སྤྲོ་ན་རྒྱས་པ་ལ་ཨོཾ་གསུམ་མ་དང༌། འབྲིང་དུ་ན་སངས་རྒྱས་ཀུན་གྱི་མཁའ་འགྲོ་མའི་སྔགས། ཤིན་ཏུ་བསྡུ་ན། ཨོཾ་བཛྲ་བཻ་རོ་ཙ་ནི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་སྟེ་ཅུང་ཟད་རྒྱས་པ་ན། ལྷ་སྔགས་དེ་ལ་གོང་བཞིན་ལས་སྔགས་བཏགས་པ་ཁོ་ནས་བསྲེག་པར་བྱ་སྟེ། སྡིག་པ་ཞི་བ་ལ་རྫས་ཀྱང་ཏིལ་ཉིད་ལ་གཙོ་བོར་བྱ་ཞིང༌། མ་འབྱོར་ན་ཡུངས་ཀར་རོ། །ལྷ་སྔགས་གཙོ་བོར་བཟླ་བ་འདི་ལྟ་བུ་ལ། སྤྱིར་ནི་སྲེག་རྫས་གང་གིས་ཀྱང་ཁ་སྐོང་གི་གྲངས་འཛིན་དུ་རུང་ངོ༌། །ཐུན་གྱི་མཐར། གཏོར་མ་དང་པོ་རྡོ་རྗེ་རྣལ་འབྱོར་མ་ལ་འབུལ་ཞིང༌། གཉིས་པ་མཁའ་འགྲོ་སྤྱི་གཏོར་དེ། དེ་དག་གཏོར་ཆོག་གི་སྐབས་བཞིན་བྱ་ལ། གསུམ་པ་འཇིག་རྟེན་པའི་མེ་ལྷ་ལ་འབུལ་ནི། ཨོཾ་ཨགྣ་ཡེ་ཨ་དི་བྱ་སོགས་ཀྱི་མཐར། ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་


TNT12_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱིས་མཆོད། གཟི་བརྗིད་ཆེན་པོ་མེ་ཡི་ལྷ༌། །འདོད་པ་ཐམས་ཅད་རབ་སྟེར་བ། །རང་གཞན་དོན་སྦྱོར་ས་ལ་བཞུགས། །ཚངས་སྲས་མཆོག་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གཏོར་མ་འདི་བཞེས་སོགས། སླར་ཡང་མཆོད་པ་ཁ་གསོས་ཏེ། བྱིན་གྱིས་བརླབས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གཱི་ནི་སོགས་ཀྱི་འབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་དང༌། རྐང་བརྒྱད་ཀྱིས་བསྟོད། འདོད་དོན་ཞུ་བ་ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ་རྣམས་དཀྱིལ་འཁོར་ཆོ་གའི་སྐབས་དང་འདྲ། མེ་ལྷ་སྤྱན་འདྲེན་པའི་ཕྱག་རྒྱ་ཕྱིར་བསྐྱེད་ལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་མཛད་ལགས་ཀྱིས། །མགུ་ཞིང་ཚིམ་པར་གྱུར་ནས་ཀྱང༌། །རང་གནས་བདེ་བར་གཤེགས་སུ་གསོལ། །གཙྪ་གཙྪ་སྭཱསྠ་ནཾ། ཞེས་གཤེགས་སུ་གསོལ། སྨོན་ལམ་དང་བཀྲ་ཤིས་ཅི་འགྲུབ་བྱའོ། །ཐུན་མང་པོ་དང་ཉིན་ཞག་མང་པོ་སྦྲེལ་ནས་བྱེད་ན། ཐུན་རེ་བཞིན་ནམ་མ་འགྲུབ་ན་ཉིན་རེ་བཞིན། སྔོན་འགྲོ་གཏོར་མ་བཏང༌། བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་རྫས། སྲེག་རྫས་བྱིན་གྱིས་བརླབས་པ་མན་ཆད་གོང་བཞིན་བྱའོ། །བསངས་ཆུ་དང༌། མཆོད་ཡོན་སྒྲུབས་པ་ཡང་ཁ་གསོ་བར་སྤྲོ་ན་བདག་བསྐྱེད་ཀྱི་བཟླས་པའི་མཐར་དེ་དག་ལ་དམིགས་ནས་སུམྦྷ་ནི་དང་འབྲུ་གསུམ་ཅི་རིགས་བཟླའོ། །སྦྱིན་སྲེག་གི་མེ་ཁས་མི་འབུད་པ་དང༌། མེ་མ་ཤི་བར་མི་དཀྲུག་པ་སོགས་སྤྱི་དང་འདྲའོ། །ལག་པ་པུས་མོའི་ཁོང་ལས་མི་འདའ་བ་དང༌། རྡོར་དྲིལ་དང་མ་བྲལ་བ་བྱེད་པ་སོགས་འདི་ལ་མི་དགོས་སོ། །འདིའི་སྲེག་རྫས་རྫས་སྔགས་སོ་སོའི་འབུལ་བའི་སྐབས་དེ་འཇིག་རྟེན་དང༌།


TNT12_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལས་འདས་པའི་མེ་ལྷ་ལ་ཐུན་མོང་དུ་འབུལ་བ་ཡིན་ལ། གྲངས་འཛིན་པ་ནི་འཇིག་རྟེན་ལས་འདས་པ་ཁོ་ན་ལའོ། །དེ་ལྟ་ན་འདི་སྦྱིན་སྲེག་འབྲིང་པོ་ཡིན་ལ། བསྡུས་པ་ནི་འཇིག་རྟེན་པའི་མེ་ལྷའི་ཆོ་ག་རྣམས་དོར་ཞིང༌། འཇིག་རྟེན་འདས་པའི་སྐབས་ཀྱི་རྫས་སྔགས་སོ་སོ་བ་ཡང་སྤངས་ཏེ། འབར་བའི་ཕུང་པོ་ཉིད་དྲང་སྲོང་མེ་ལྷའི་ངོ་བོར་ལྷག་པར་མོས་པས་ཆེད་པའོ། །རྒྱས་པ་ནི། བདེ་མཆོག་ལཱུ་ནག་གི་ཆོ་ག་འདོན་པ་སྤོས་པ་ཁོ་ནའོ། །དེ་ལྟར་ན་རྒྱས་འབྲིང་བསྡུས་གསུམ་གྱི་རིམ་པ་རྣམས་མ་འདྲེས་པར་བྱའོ། །ཞེས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །།མངྒ་ལཾ།། །།