རྗེ་བཙུན་རྔོན་པའི་གདམས་ངག་ལས་འབྱུང་བ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བདེ་བ་སྦྱིན་པ།


TNT12_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྔོན་པའི་གདམས་ངག་ལས་འབྱུང་བ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བདེ་བ་སྦྱིན་པ་ཞེས་བྱ་བ་བཞུགས།


TNT12_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བདེ་མཆོག་དཔའ་བོའི་ལོངས་སྤྱོད་རྫོགས་གསལ་བ། ཁམས་གསུམ་རྒྱལ་མ་དམར་བའི་འོད་ཆགས་སྐུ། །གློག་ཕྲན་ལྟར་གཡོ་གཉེན་ལྕུག་འཁྲིལ་ལྡེམ་མ། །བཅུ་དྲུག་ལང་ཚོའི་དཔལ་ལྡན་ལ་ཕྱག་འཚལ། །ཤེས་རབ་ཕ་རོལ་ཕྱིན་པའི་ཟློས་གར་ནི། །འཆི་མེད་ན་ཆུང་སྒྱུ་མའི་འཇོ་སྒེག་ཅན། །མཚར་སྡུག་འོད་ཀྱི་ཕྱོགས་ཆ་རྣམས་འགེངས་མའི། སྐུར་སྟོན་རྒྱལ་བའི་ཡུམ་གཅིག་བཅོམ་ལྡན་མ། །འཆར་ཀ་གསར་བའི་འོད་རིས་འཆང་ལྡན་བདེ་བས་མྱོང་བའི་བག་ཡངས་མ། །གཞོམ་མེད་དྷུ་ཏིའི་གླུ་དབྱངས་རྣ་བའི་བཅུད་ལེན་རབ་སྦྱོར་ཆུ་སྐྱེས་དབང༌། །རབ་རྒྱས་མཆོག་ཏུ་བཞད་པའི་ཟེའུ་འབྲུའི་སོ་འཕྲེང་གསལ་མཛེས་ངོམ་པ་འདི། །བདག་ཡིད་རྐང་དྲུག་གཞོན་ནུ་ལྷན་སྐྱེས་སྦྲང་ཆང་གིས་མྱོས་རོལ་བར་མཛོད། །འདོད་པའི་སྒྱུ་རྩལ་རླབས་ཕྲེང་གཡོ་བའི་ཆུ་རླུང་དེ་ཡིས། །བདེ་ཆེན་ཡོངས་འདུ་འབྲས་བུར་སྨིན་པའི་དཔལ་ཡོན་བཟང་པོས། །བདག་སེམས་གཞོན་ནུ་རིང་དུ་དུབ་པ་ངལ་བསོའི་བསྟི་ནས། །གཉུག་མའི་ལུས་ཀྱི་བསྐྱེད་ཚལ་བརྒྱན་པར་མཛོད་ཅིག །ཀ་ཡེ། རབ་ཆགས་ལག་པའི་འཁྲི་ཤིང་ཕྱག་རྒྱར་འཁྱུད། །རབ་བདེ་མ་མཆུའི་སྦྲང་རྩི་འཇིབ་བྱེད་པ། །རྣམ་ཀུན་རྩེ་འཇོའི་རོལ་བའི་དཔའ་བོ་བཞིན། །བདག་ཀྱང་


TNT12_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོའི་གནས་ལ་འགོད་པར་མཛོད། །རྗེ་བཙུན་རྔོན་པའི་གདམས་ངག་ལས་འབྱུང་བ་བཞིན་བཛྲ་ཝ་རཱ་ཧཱི་སྒྲུབ་པར་འདོད་པས། ཡིད་དང་མཐུན་པའི་གནས་སུ་བདེ་བའི་སྟན་ལ་གདོང་བྱང་ངམ་ནུབ་ཏུ་ཕྱོགས་པས། དང་པོར་ཕྱོགས་སྐྱོང་རྣམས་ལ་གཏོར་མ་ཕུལ་ལ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་འགྲོ་བའི་བླ་མའི་མཎྜལ་དང༌། ཡི་གེ་བརྒྱ་པའི་བསྒོམ་བཟླས་ཅི་སྲིད་མཚན་མ་མ་ཐོབ་ཀྱི་བར་དུ་བྱའོ། །བླ་མའི་མཎྜལ་གཞན་དུ་ཤེས་ལ། ཕྱོགས་སྐྱོང་གི་གཏོར་མ་ནི་འོག་ནས་འབྱུང་ངོ༌། །མི་ཤེས་སམ་མི་སྤྲོ་ན་མ་བྱས་ཀྱང་ཆད་པའི་སྐྱོན་མེད་དོ། །དེ་ནས་ཕྱིས་བསྙེན་པའི་སྐབས་སུ་ནི་སྐྱབས་སེམས་སྔོན་དུ་བཏང་སྟེ། ཨཉྩ་མཱ་ནཾ་གྱི་ཁ་དག་པ་སྔོན་དུ་འགྲོ་བས་རང་གི་སྤྱི་བོར་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་ལ། སྤྲོ་ན་འདིར་ཡང་བླ་མའི་མཎྜལ་བྱེད། ཨོཾ་ཨཱཿཤྲཱི་མནྶངྒུ་རུ་ཙ་རཱ་ཎ་ཀ་མ་ལཱ་ཡ། སཾམྱཀྫྙ་ན་བྷ་ས་ན་ཀ་རཱ་ཡ་ན་མསྟེ་ཧཱུཾ། མོས་པ་དྲག་པོས་ཕྱག་བྱས་ལ། ཨོཾ་ཤཱུ་ནྱ་ཏ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཐོད་པའི་ནང་གི་མྱོས་བྱེད་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུཾ་རྩ་སྔགས་བརྗོད་ཅིང་ཆོས་འབྱུང་བྲི་[ཨོཾབཾཨཱཿཧཱུཾ]ཨོཾ་


TNT12_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ཧཱུཾ་བཾ་ཟུར་གསུམ་དང་ལྟེ་བར་དགོད། སོར་མོ་བཅུས་མ་ད་ན་བླངས་ལ། སོར་བཅུ་བསྣོལ་བ་སྤྱི་བོ་ནས་རྐང་པའི་བར་དུ་རེག་པས་ཁྲུས་དང༌། བསྲུང་བ་བྱ་སྟེ་ཨོཾ་ཨཱཿཧཱུཾ་ཞེས་བཟླས་བརྗོད་བྱའོ། །དེ་ནས། གཡོན་གྱི་མཐེབ་མཛུབ་གུང་སྲིན་མཐེའུ་ཆུང་རྒྱབ་རྣམས་སུ་པདྨ་དང་ཉི་མའི་གདན་ལ་རིམ་པས། ཨོཾ་བཾ། ཧཾ་ཡོཾ། ཧྲཱིཾ་མོཾ། ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ལྷ་མོ་དྲུག་གི་ངོ་བོ། ཨོཾ་བཛྲ་པུཥྤེ་ཨཱ་ཧཱུཾ་གིས་རེ་རེ་བཞིན་མེ་ཏོག་ཕུལ། ཨོཾ་ཨ་ཧཱུཾ་གིས་ནང་མཆོད་ཕུལ། དེ་ཞུ་ཞིང་ཐིམ་པ་གནས་དྲུག་ཏུ་སྲུང་ཞིང་ཐིམ་པར་བསམ་མོ། །མདུན་དུ་ས་གཞི་དག་པ་ལ། བདུད་རྩིས་ཆོས་འབྱུང་སོར་གསུམ་པ་བྲིས་པའི་དབུས་སུ་བཾ་དེ་ལ་ཀ་ར་བཱི་ར་ལ་སོགས་པའི་མེ་ཏོག་དམར་པོ་མཆོད། དེའི་སྟེང་དུ་ཀ་པཱ་ལ་བདུད་རྩིས་བཀང་བ། ཨོཾ་ཨཱཿཧཱུཾ། བདུག་པས་བདུག་པར་བྱའོ། །མེ་ལོང་དག་པ་ལ་སིནྡྷུ་རའི་དཀྱིལ་འཁོར་བྱས་ལ་[ཧཱཧྲིཿབཾ]ཚད་མེད་བཞི་བསྒོམས་པར་བྱ་སྟེ། དེ་ནས་འོག་ནས་འབྱུང་བ་ལྟར་དག་པ་གསུམ་དྲན་པར་བྱའོ། །ལྟེ་བའི་ཆོས་འབྱུང་སྔགས་འཕྲེང་ས་བོན་དང་བཅས་པའི་འོད་འཕྲེང་དང་མདུན་གྱི་སྔགས་ཀྱི་འོད་ཟེར་ལྕགས་ཀྱུ་ལྟ་བུས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་རྡོ་རྗེ་རོལ་པ་མོ་ས་གསུམ་ན་བཞུགས་པ་ཐམས་ཅད་དང༌། རང་བཞིན་གྱི་གྲུབ་པ་ཐམས་ཅད་ཕཻཾ། ཛཿཧཱུཾ་བཾ་ཧོཿ དགུག་གཞུགས་བཅིང་མཉེས་བྱའོ། །ལྷ་མོ་སྔགས་ཀྱི་གཟུགས་བརྙན་སྤྲུལ་པའི་དཀྱིལ་འཁོར་སྤྲོ་བ། ཧཱུཾ་ཨཿརྡོ་རྗེ་དང་དྲིལ་བུ་བཟུང༌། སུམྦྷ་ལན་བདུན་གྱིས་སྔགས་པའི་བསང་ཆུས། ཨོཾ་ཨཱཿཁནྜ་རོ་ཧེ་སརྦ་བིགྷྣ་ནུ་སཱ་ར་ཡ་ཧཱུཾ་ཧཱུཾཾཾ་ཕཊ། ཧཱུཾ་ལས་བྱུང་བའྀ་


TNT12_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྫས་རྣམས་སུ་གྱུར། སྔགས་རྒྱས་བྱིན་གྱིས་བརླབས་ནས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས་ནཻ་ཝི་ཏྱའི་བར་གྱིས་མཆོད། འོག་ནས་འབྱུང་བ་ལྟར་ནང་མཆོད་བྱིན་རླབས་རྒྱས་བསྡུས་གང་རུང་བྱས་ལ། སྔགས་ཀྱི་མཐར་འབྲུ་གསུམ་བཏབ་པས་མཆོད། རྐང་བརྒྱད་ཀྱིས་བསྟོད་ཅིང༌། སྤྲོ་ན། རླུང་གིས་བསྐྱོད་པས་འོག་གི་འཁོར་ལོ་ནས་བཞེངས་གློག་གི་ཟེར་ལྟར་འོད་གསལ་ཞིང༌། །རྩིབས་ཅན་གསུམ་པོ་བསྲེགས་ནས་འཇིག་རྟེན་གསུམ་གྱིས་མཆོད་གྱུར་བདུད་རྩིའི་རྒྱུན་རབ་གསལ། །སངས་རྒྱས་ཡེ་ཤེས་བཅུད་དང་འདྲེས་ཤིང་སྐྱོན་བྲལ་ཤིན་ཏུ་ཀུན་དགའི་ཚོགས་སྟེར་བ། །དངོས་དང་དངོས་མེད་རྣམ་དབྱེ་བྲལ་བ་རྡོ་རྗེ་ཕག་མོས་འགྲོ་འདི་སྲུངས། །མུ་ཏིག་གིས་སྤྲས་བྱི་རུའི་ཆུན་པོ་ལྟར་གསལ་སྐར་བཅས་དགོང་ཁའི་ཐུན་མཚམས་འདྲ། །མེ་སྟག་རབ་འཕྲོ་འཇིགས་བྱེད་མེ་འབར་ལྟ་བུར་ཕྱོགས་དང་ནམ་མཁའ་གསལ་བྱེད་ཅིང༌། །མེ་ཏོག་དཀར་པོ་དང་ལྡན་ཀཾ་ཤུ་ཀ་ཡི་མེ་ཏོག་འབར་བའི་ཚོགས་འདྲ་བ། །གཟི་བརྗིད་དུ་མས་རྣམ་བརྒྱན་དམར་བའི་སྐུ་མངའ་རྡོ་རྗེ་ཕག་མོས་ཁྱེད་ལ་སྲུངས། །ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་བརྗོད། དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཡན་ལག་བདུན་པ་བྱ། ཀ་སོགས་ཡི་གེས་སྐོར་ཏེ་སྤྲུལ་པའི་རྩིབས་ཅན་ཉི་དབང་དཀྱིལ་འཁོར་ལ་བཞུགས་ཤིང༌། །འབར་བའི་མེ་ལྟར་རབ་འབར་བདུད་རྩི་འཛག་པ་པདྨའི་སྐུད་པ་ལྟར་


TNT12_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་བ། །རིག་མ་སངས་རྒྱས་ཚོགས་རྣམས་བསྲེག་ཅིང་འཁོར་ལོ་གསུམ་པོ་བྱེད་པ་གང་ཡིན་པ། །ཀུན་དགའ་དང་བཅས་རོལ་བ་གྱེན་གཤེགས་ཕག་མོ་བདག་གི་སེམས་ལ་གསལ་གྱུར་ཅིག།ཛཿཧཱུཾ་བཾ་ཧོཿ རང་གི་སྙིང་གར་སྔགས་ཀྱི་དཀྱིལ་འཁོར་ཐིམ་པར་བསམ། ལྷ་མོ་ཚད་མ་སོགས་འདོན། ཚད་མེད་བཞི་སྒོམ་པར་བྱའོ། །དེ་ནས་ཀླུའི་འདུག་སྟངས་སམ། མིན་ན་སྐྱིལ་ཀྲུང་འཆའ། བརླ་གཡས་དང་གཡོན། དཔུང་པ་གཡོན་པ་རྣམས་སུ་ཐལ་མོ་བརྡབ་པའི་སྒྲ་བྱེད་ཅིང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སོགས་དང༌། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། དག་པ་གསུམ་དྲན་པའོ། །དེ་ནས་སྟོང་པ་ཉིད་སྒོམ་ཞིང༌། ཨོཾ་ཤཱུ་ནྱ་ཏ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་ཨ་ནི་མི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙ་ན་བཛྲ་སྭ་བྷཱ་ཝཱ་ཨཏྨ་ཀོ྅ཧཾ། དེའི་ཚེ་དབུགས་ཕྱི་རོལ་ཏུ་བཀག་གོ །དེ་ནས་རྔུབ་པ་དང་མཉམ་དུ་སྒྱུ་མ་ལྟ་བུར་དྲན་པས། རང་སེམས་ཧྲིཿདེ་ལས་འོད་ཟེར་འཕྲོས། གདུག་པ་ཐམས་ཅད་ཚར་བཅད། ཨོཾ་ཧྲི་གྷ་གྷ་གྷ་ཏཱ་ཡ་གྷ་ཏཱ་ཡ་སརྦ་དུཥྟཾ་ཕཊ། ཧཱུཾ་ལས་རྡོ་རྗེ་གུར་དང་ར་བ་དང་ས་གཞི་དང་མེ་དཔུང་འབར་བའི་སྲུང་བའི་འཁོར་ལོར་གྱུར། སྲུང་འཁོར་གྱིས་དབུས་སུ་སངས་རྒྱས་ཐམས་ཅད་འདུས་པ་ལས། ལྷ་མོ་སྐུ་མདོག་དཀར་མོ་དེའི་བྷ་ག་ལས་འོད་འཕྲོས་པས་སྤྱན་དྲངས་པའི་སངས་


TNT12_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་གཅིག་ཏུ་འདུས་པ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀས་བཅོམ་ལྡན་འདས་མ་ལ་འཁྱུད་ཅིང་རྡོ་རྗེ་བདེ་བ་ཆེན་པོའི་དམ་ཚིག་གིས་སྙོམས་པར་ཞུགས། རང་གི་རྣམ་ཤེས་རླུང་དང་བཅས་པ་བཾ་ཡིག་གི་རྣམ་པས་སྦྱོར་མཚམས་སུ་ཞུགས་ནོར་བུའི་ཐིག་ལེ་དཀར་པོ་ལ་ཐིམ། དེ་ཤེས་རབ་མའི་རྡུལ་ལ་ཐིམ་པས་ཡབ་ཡུམ་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་ཐིག་ལེར་གྱུར། དེ་ལས་བྷ་ག་ཆོས་འབྱུང་གྲུ་གསུམ་གདེངས་ག་གྱེན་དུ་བསྟན་པ། ཕྱི་རོལ་དགའ་བ་འཁྱིལ་བ་བཞི་དང་བཅས་པ་ཕྱི་རོལ་དུར་ཁྲོད་དང་སྲུང་བའི་འཁོར་ལོས་བསྐོར་བར་གྱུར། ཧཱུཾ་ཞེས་པའི་སྒྲས་ཐིག་ལེ་དེ་ཉིད་ཆ་གསུམ་དུ་གྱུར་པའི་འོག་མ་ཉི་མ། བར་མ་ཟླ་བ། སྟེང་མ་བཾ་ལས་རྡོ་རྗེ། དེ་རྣམས་འདྲེས་པ་ལས་སྐུ་ཡོངས་སུ་རྫོགས་པར་བཞེངས་ཏེ། པད་ཉིའི་གདན་ལ། རང་ཉིད་རྗེ་བཙུན་རྡོ་རྗེ་ཕག་མོ་ལི་ཁྲིའི་མདངས་ལྡན། ཐུན་མཚམས་ཀྱི་སྤྲིན་ལྟར་དམར་སེར་རྣམ་པར་འགྱུར་བའི་བཞིན། རྩ་ཞལ་ཤིན་ཏུ་མཛེས་ཤིང་ལྷག་པར་ཆགས་པས་འཛུམ་ཞིང་བཞད་པ། མཆེ་བའི་མྱུ་གུ་གཙིགས་ཤིང་ཡིད་ཙམ་ཁྲོ་བ། དམར་ཤིང་བཀྲ་ལ་རབ་ཏུ་གཡོ་བའི་སྤྱན་གཉིས་ཟུར་མིག་ཏུ་བལྟ་ཞིང༌། སྤྱན་དབུས་མ་གཡོ་བ་མེད་པར་གྱེན་དུ་གཟིགས་པ། བུང་བ་ལྟར་གནག་པའི་སྐྲ་ཚོགས་ཕྱེད་ལྟག་པར་བཅིངས། ཕྱེད་སིལ་བུར་གྲོལ་བས་སྐུ་སྟོད་ཁྱབ་པ་ལ་མེ་ཏོག་གི་


TNT12_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་མཛེས་པ། སྙན་གཡས་པའི་རྒྱབ་ཏུ་ཕག་ཞལ་མཐིང་ག་ཁྲོ་ཞིང་འཁྲུག་པ། མཆེ་བ་བཟང་རིང་ཅན། གྱེན་དུ་ཕྱོགས་ཤིང་ཧཱུཾ་སྒྲ་སྒྲོག་ལ་རྣ་བ་འཕྱང་བ། ཕྱག་གཡས་དང་པོ་གྲི་གུག་ཐུར་དུ་སྡིགས་པ། གཉིས་པས་ཅང་ཏེ་སྟེང་དུ་ཁྲོལ་བ། གཡོན་དང་པོས་ཐོད་པ་ཟླ་བ་དང་མེ་ཏོག་གི་རྒྱུན་གྱིས་གང་བ་བསྣམས་ནས་གསོལ་བ། གཉིས་པ་རྩེ་གསུམ་འོག་ཏུ་བསྣུན་པ། ཞབས་གཉིས་གཡོན་བརྐྱང་གིས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་མཛད་པ། གཅེར་མོ་བརྒྱད་གཉིས་ལོན་པ་ལྟར་ལང་ཚོ་བདོ་བ། སྐུ་ཤ་རྒྱས་ཤིང་འཇམ་ལ་མཉེན་ལྕུག་གི་ལུས་ཅན་མ། རབ་ཏུ་ཆགས་པས་པདྨ་བཞད་པའི་ཟེའུ་འབྲུ་འོད་ཕྲེང་འཁྲུག་པ། ནུ་མ་མཐོ་ཟླུམ་མཛེས་ཤིང་སྐེད་སྐབས་ཕྲ་བས་གསུམ་འཁྱོག་གི་གར་སྟབས་ཀྱི་ལྡེམ་སྐྱོག་ཅན། ཉི་མ་བཅུ་གཉིས་ལས་ལྷག་པའི་གཟི་བརྗིད་འབར་ཞིང༌། རང་ཐབས་ཁ་ཊྭཱཾ་ག་དཀར་པོ་མཆན་ཁུང་དུ་གནས་པ་ལ་འཁྱུད་པས་ཡན་ལག་དང་འདུས་པ། མཚན་ཉིད་དང་ལྡན་པའི་བུ་མོ་པདྨ་ཅན་གྱིས་རྣམ་པ། ཕྱག་རྒྱ་ལྔ་དང༌། འཛག་པའི་མགོ་བོ་བརྒྱ་ཕྱེད་ཀྱི་དོ་ཤལ་ཅན། ཀུནྡ་ལྟར་དཀར་བའི་ཐོད་སྐམ་ལྔའི་ཅོད་པན་དང༌། རུས་འཕྲེང་སིལ་སིལ་གྱིས་སྐྲ་མཚམས་རྒྱས་པར་བརྒྱན་པ། མི་རོའི་སྟེང་ན་གར་མཛད་པས། འབར་ཞིང་གཡོ་བའི་བསྐལ་བའི་མེའི་དབུས་ན་


TNT12_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ། སྤྲུལ་པ་མཐའ་ཡས་པ་སྤྲོས་ཤིང་སྡུད་པའི་སྔགས་འཆང་མ། དེའི་ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲེཾ་ཧྲིཾ་སེར་མོ་བསྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཚིགས་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙིཎྜ་གའི་རང་བཞིན། དེ་རྣམས་ཡོངས་སུ་གྱུར་པ་ལས་ལྷ་མོ་དྲུག་པོ་གྲི་གུག་དང་ཐོད་པ་ཁ་ཊྭཱཾ་ག་བསྣམས་པའོ། །ཨོཾ་ཝཱ་རཱ་ཧཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡཱ་མཱི་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་མོ་ཧ་ནཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སཉྩ་ལཱི་ནཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སནྟྲ་སཱ་ནཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙཎྜི་ཀཱ་ཧཱུཾ་ཧཱུཾ་ཕཊ། དཔྲལ་བར་འཁོར་ལོ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུཾ་སྔོན་པོ། འབར་བའི་ཕྱག་རྒྱ་དང་བཅས། ཕཻཾ། རྡོ་རྗེ་རྣལ་འབྱོར་མ་ལ་གནས་གསུམ་གྱི་མཁའ་འགྲོ་མའི་བསྐོར་བ་སྤྱན་དྲངས་མདུན་དུ་བཞུགས་པ་ལ། ཨརྒྷཾ་སོགས་དང༌། ནང་མཆོད་ཀྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བསྟོད། ཛཿཧཱུཾ་བཾ་ཧོཿའཁྱུད་རྒྱ་དང་བཅས། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། དབང་གི་ལྷ་དཔལ་ཧེ་རུ་ཀས་རྡོ་རྗེ་རིན་པོ་ཆེའི་བུམ་པས་དབང་བསྐུར། ཨོཾ་བཛྲ་བྷཱ་ཝ་ཨ་བྷི་ཥིཉྩ་ཧཱུཾ། དྲི་མ་ཐམས་ཅད་དག་སྤྱི་བོར་མི་བསྐྱོད་པས་དབུ་བརྒྱན། ཨོཾ་ཨཾ་པྲཾ་ཨཾ་པཱཾ་པུཾ་དྷུཾ་ཙུཾ་ཨཾ་བཾ་གཾ་ཏཱིཾ་ནཾ་ལཾ་བྲུཾ་ཤཾ་ཨཱཿ


TNT12_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ཞེས་མཆོད་པའི་གཟུངས་མ་རྣམས་ཕྱིར་ཕྱུང་ནས་མཆོད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ། དེ་བཞིན། པྲོཀྵ་ནཾ། ཨཉྩ་མ་ནཾ། པཱདྱཾ། པུཥྤེ། དྷཱུ་པེ། དཱི་པེ། ཙུརྞ། ཝཱསྟཾ། གྷནྡྷཾ། ཏཱི་ལཾ། ནེ་ཝཱི་དྱཾ། ལཾ་བ་ནཾ། གྲྀ་ཧཾ། ཨུ་དྱ་ནཾ། ཨོཾ་གཱི་ཏཱི། ནིརྟི། ཤཔྟ་ཨཱཿཧཱུཾ། དེ་ནས་སྒོ་མཚམས་མ་བརྒྱད་གྲི་ཐོད་ཌཱ་མ་རུ། ཁ་ཊྭཱཾ་ག་ཐོགས་པ་ལྗང་ཁུ་རྣམས་ཀྱིས་བསྟོད་པར་བསམ་ཤིང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོར་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེ་དབང་ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་ལ་འདུད་དོ། །རྣམ་པར་རྟོག་མེད་ཡང་དག་རྟོག །ཡིད་ནི་རབ་ཏུ་མི་གནས་པ། །ཡིད་ལ་མེད་ཅིང་བསམ་པ་མེད། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། ཁམས་གསུམ་པ་ཡི་ངོ་བོ་ཉིད། །བསྐལ་བའི་མེ་ལྟར་གཟི་བརྗིད་འབར། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཞེས་བསྟོད། དེ་ནས། ལྟེ་བ་དང་སྤྱི་བོ་དང༌། དེ་ནས་ཕག་གདོང་གི་དཔྲལ་བའི་བར་དུ་དྷཱུ་ཏཱི་དམར་པོ་མཚན་ཉིད་བཞི་དང་ལྡན་པ་ལྟེ་བ་ནས་ཟེ་འབྲུའི་བར་དུ་བྱ་གདོང་


TNT12_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཞིང་ཕྲ་བ། ལྟེ་བའི་ནང་དུ་ཆོས་འབྱུང་གི་དབུས་སུ་ཧྲཱིཿ ཨོཾ་ཨཱཿཧཱུཾ། སྔགས་འཕྲེང་ཚན་པ་གསུམ་དུ་བཀོད་པ་དང༌། དགའ་འཁྱིལ་བཞི་དང་བཅས་པ། ཕག་གདོང་གི་སྨིན་མཚམས་སུ་ཟླ་བ་ལ་བཾ། བྱ་གདོང་གི་རྩེར་ཉི་མ་ལ་བཾ། ཡི་གེ་རྣམས་ལས་སྟེང་འོག་ཏུ་འོད་སྦུ་གུ་ལྟ་བུ་འཕྲོས། སྣ་བུག་གཡོན་དང་བྱ་གདོང་ལས་བྱུང༌། འཇིག་རྟེན་གསུམ་གྱི་བུད་མེད་རྣམས་ཀྱི་སྤྱི་བོ་དང༌། ཁ་ག་མུ་ཁ་ལས་ཁུ་རྡུལ་དང༌། སྐྱེས་བུའི་སྤྱི་བོ་དང༌། ཤཾ་ཁ་ལས་ཁུ་བ་དྲངས་ཏེ། ཉི་ཟླ་གཉིས་དང་འདྲེས། དེ་ཐམས་ཅད་སྟེང་འོག་ནས་སྔགས་ཕྲེང་ལ་ཐིམ། ཐམས་ཅད་བྱ་གདོང་གི་ཁར་བྱོན་པ་ལ་རྩེ་གཅིག་ཏུ་དམིགས་ཤིང་བདེ་བས་མྱོས་པས་འདར་གཡོ་བ་ལ་བསམ་ནས་སྔགས་བཟླ། དམིགས་པ་དེ་ཡང་ཡང་གསལ་བཏབ་ཡང་འཁོར་ལོ་གྲུ་གསུམ་གཡོན་སྐོར་དུ་བར་མེད་དུ་འཁོར་བ། འོད་ཟེར་སྤྲོ་བསྡུའི་བདག་ཉིད་དུ་མོས་ལ། ཐུར་སེལ་དྲངས་ཤིང་རྩེ་གཅིག་ཏུ་སྒོམ། སྐྱོན་སྔགས་བཟླའོ། །ཨོཾ་བཛྲ་ཝཱ་རཱ་ཧཱི་ཨ་བེ་ཤ་ཡ་ཨཱཿ སརྦ་དུཥྟཾ་ཧྲིཿསྭཱཧཱ། སྙིང་པོའོ། །ཨོཾ་ཨོཾ་ཨོཾ་སརྦ་བུདྷ་ཌཱ་ཀི་ནི་སོགས་ནི་རྩ་སྔགས་སོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཉེ་སྙིང་ངོ༌། །ཨོཾ་ཧྲཱིཿབཾ་ཕཻཾ་ཨཱཿཧཱུཾ། ཤིན་ཏུ་ཉེ་སྙིང་པོའོ། །ཨོཾ་བཛྲ་ཝཱ་རཱ་ཧཱི་ཛྙཱ་ན་ཨ་བེ་ཤ་ཡ་ཨཱཿཨཱཿཧྲཱི་སྭཱཧཱ། ཡེ་ཤེས་དབབ་པའི་སྔགས་སོ། །དེ་ནས་འགོག་པའི་བཟླས་པ་དང༌། རྡོ་རྗེའི་བཟླས་པ་རྣམ་པ་གཉིས་ཀ


TNT12_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འང་སྤྲོ་ན་བྱའོ། །ཐུན་མཚམས་ལ་འཇུག་པའི་ཚེ་རབ་གནས་དང༌། འཁོར་དང་སྤྲུལ་པ་ཐམས་ཅད་སྒྱུ་མ་ལྟ་བུར་བསམ། རང་བཞིན་གྱིས་དག་པ་སྭ་བྷཱ་ཝ་སོགས་གསུམ་བརྗོད་དེ། རྗེས་གཞིག་གིས་བསྡུས་ལ། སླར་ཡང་སྐད་ཅིག་གིས་ལྷ་མོ་ལངས་ཏེ། དག་པ་རྡོ་རྗེ་གསུམ་དྲན་པར་བྱས་ཏེ་ཐུན་མཚམས་ལ་འཇུག་གོ །མདོར་བསྡུ་ན་གཞུང་གི་དངོས་བསྟན་གྱི་ཆོག་གོ་ཅེས་ཁོ་བོས་སྨྲའོ། །ཐུན་མཚམས་སུ་གཏོར་མ་འབུལ་བར་འདོད་ན། ཟན་དང་ཆང་དང་བྱི་སྐྱུ་སོགས་ལས་གཏོར་མ་བྱ། སུམ་བྷཱས་བསངས། སྭ་བྷཱ་ཝཱས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཨོཾ་ཨཱཿཧཱུཾ་ལས་མི་མགོའི་སྒྱེད་བུ་གསུམ། ཨ་ལས་ཀ་པཱ་ལ། དེའི་ནང་དུ། ཧཱུཾ་བྲུཾ་ཨཾ་ཛྲིཾ་ཁཾ་ལས་ཤ་ལྔ། བཾ་མཾ་ལཾ་པཾ་ཏཾ་ལས་བདུད་རྩི་ལྔ། རླུང་གཡོས་མེ་སྦར་རྫས་བཅུ་ཞུ་བ་ཉི་མའི་ཁ་དོག་ཅན། ནམ་མཁར་ཁ་ཊྭཱཾ་ག་མགོ་བོ་ཐུར་དུ་སྟན་པ་ལས་བདུད་རྩིའི་རྒྱུན་བབས། དེ་ཞུ་ནས་རྫས་ལ་ཐིམ། ཨོཾ་ཨ་ཨཱཿཨི་ཨཱི་ནས། ཧཀྵ་ཧཱུཾ་ཧཱུཾ་ཕཊ་རྣམས་ཞུ་བ་ཨོཾ་ཨཱཿཧཱུཾ་དུ་གྱུར། དེའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་བདུད་རྩིར་སྤྱན་དྲངས་ཏེ། ཡི་གེ་འབྲུ་གསུམ་དང་བཅས་པ་ལ་ཐིམ། དེ་ཡང་གཏོར་མ་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ མདུན་བསྐྱེད་མེད་ན་སྐབས་འདིར། ཕཻཾ་ནས། ཡོ་ག་ཤུདྡྷ་སོགས་ཀྱི་བར་གོང་བཞིན། ལྗགས་ཧཱུཾ་ལས་རྡོ་རྗེ་རྩེ་གཅིག་པའི་འོད་ཀྱི་སྦུ་གུས་དྲངས་ཏེ་གསོལ་བར་བསམ། པདྨའི་སྐོར་བས། ཕཻཾ། ཨོཾ་བཛྲ་ཨ་རལླི་


TNT12_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ་དྲི་ཤྱ་ཧོ་ཞེས་ལན་བདུན་ཀྱིས་དབུལ། ཨརྒྷཾ་སོགས་དང༌། ནང་མཆོད་དང༌། བསྟོད་པ་དང༌། རྣལ་འབྱོར་མ་དཔལ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་ཞེས་སོགས་བརྗོད། སྲིད་དང་ཞི་བ་མཉམ་པར་སོགས་བྱ། དེ་ནས། ཕཻཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵས་སོགས་དང༌། ཨརྒྷཾ་སོགས་དང༌། ནང་མཆོད་དང༌། ལྷ་ཡི་ཚོགས་རྣམས་སོགས་སྤྱི་དང་མཐུན་པར་བྱ་སྟེ་འཇིག་རྟེན་པ་ལ་འབུལ་བའོ། །དེ་ནས་ལས་ཀྱི་མཁའ་འགྲོ་མ་རྗེ་བཙུན་མ་དང་འཇིག་རྟེན་པ་ཕཻཾ། ཨོཾ་བཛྲ་ཌཱ་ཀི་ནཱི་ཨེ་མཾ་བཱ་ལིཾ་གྲྀཧྣ་གྲྀཧྣ་ཧ་ཧ་ཧ་ཧ་ཁ་ཁ་ཁ་ཁ། ཨ་ཨ་ཨ་ཨ་མ་མ་སིདྡྷི་མེ་པྲ་ཡཙྪ་ཧཱུཾ་ཕཊ་སྭཱཧཱ་ཞེས་རྗེ་བཙུན་མ་དང༌། ཨོཾ་ཧྲིཿཧཾ་ཧཱཾ་ཧཿཧཱཿཧིཿཧཱིཿཕཻཾ་ཕཻཾ། ཞེས་འཇིག་རྟེན་པ་ལ་འབུལ་ལོ། །དེ་ནས་ཡང་མཆོད་བསྟོད་དངོས་གྲུབ་བླངས་ཡི་གེ་བརྒྱ་པ་བརྗོད། གཤེགས་སུ་གསོལ་བ་སྟེ། དེ་ཡང་གཙྪ་གཙྪ་སྭ་སྠཱ་ནཾ། ཞེས་འཇིག་རྟེན་པ་རྣམས་གཤེགས་སུ་གསོལ། ཨོཾ་ཡོ་ག་ཤུདྡྷ་སོགས་ཀྱི་ཡེ་ཤེས་པ་རང་ལ་བསྡུའོ། །གཏོར་མའི་ཆོ་གའོ། །ཡང་ཕྱི་རོལ་མཆོད་པ་བསྡུས་པ་ནི། ཕཻཾ་གྱིས་སྤྱན་དྲངས་ནས། ཡོ་ག་ཤུདྡྷའི་བར་བྱ། ཨོཾ་ཨཱཿཧཱུཾ་ཞེས་མཆོད་པ་རྣམས་ཡིད་ཀྱི་བྱིན་གྱིས་བརླབས། ཨོཾ་ཌི་ཡ་པུ་ལི་རཱ་མ་གི་རི་ཀ་མཾ་ཁྱཾ་ཤྲཱི་ཧཱཊྚ་དྷརྨ་སཾ་བྷོ་ག་ནིརྨ་ཎ་མཧཱ་སུ་ཁ་ཀཱ་ཡ་ཞེས་བསྟོད། ཨོཾ་བཛྲ་ཡོ་གི་ནི་པུཥྤེ་དྷུ་པཾ་དཱི་པཾ་གནྡྷཾ་བཱ་ལིཾ་གྲྀཧྣ་གྲྀཧྣ་མ་མ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་མཆོད་གཏོར་ཆབས་གཅིག་ཏུ་འབུལ། རྗེས་གཏོར་ཆོག་ལྟར་བྱའོ། །འདི་ནི་


TNT12_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་བསམ་པ་ཁོ་ན་ཡིན་གྱི་རྫས་དང་ཡོ་བྱད་མེད་ཀྱང་ཆོག་གོ །བྱ་རོག་གི་གཏོར་མའི་སྔགས་ནི། ཨོཾ་ཀླཾ་ཀླཾ་ཀླཾ་དྷརྨ་ཏཱ། ཨཱ་ཀཱ་ཤ་ཙཱ་རི་ཎཿསིདྡྷི་དཱ་ཡི་ནཿ ཀཾ་བཱཾ་ཡཾ་ཤཾ་པ་ལ་སིདྡྷི་ཀཱ་ག་སནྟཱ་ན། པྲ་སཱུ་ཏྲཱ། ཀཱ་ཀ་བ་ལིཾ། གྲྀཧྣ་ཏུ་ཀླཾ་ཀླཾ་ཀླཾ་སྭཱཧཱ། ཆུ་གནས་ཀྱི་སེམས་ཅན་ལ་ནི། ཨོཾ་ཤླཾ་ཤླཾ་ཤླཾ་ཨ་པྲ་ཏིཥྛ་ཙཱ་ལ་ཙ་རི་ཎཿཤྱ་མ་ཤ་མ་ལ་སིདྡྷི་ཤུ་ན་ཀ །སཾ་ཏ་ན་ཛཱ་ཤུ་ན་ཀཱ་བཱ་ལིཾ་གྲྀཧྣནྟུ་ཀླཾ་ཀླཾ་ཀླཾ་སྭཱཧཱ། ཁྱི་ལ་སོགས་པ་ས་ལ་རྒྱུ་བ་སྤྱི་ལ། ཨོཾ་བྷྲིམ་བྷྲིམ་བྷྲིམ་ཤུ་ནྱ་ཏཱ། ད་ཤཱ་ཤཱ་ཙཱ་རི་ཎཿནི་སཾ་བ་ལཱ། སིདྡྷ་བྷཱུ་ཏ་གོ་ཏ་ཛཱུ་ནི། བྷཱུ་ཏ་ནི་བཱ་ལིཾ་གྲྀཧྣ་ཏུ་གྲྀཧྣ་ཏུ་བྷྲིཾ་བྷྲིཾ་བྷྲིཾ་སྭཱཧཱ། ལྕེ་སྤྱང་གི་གཏོར་མ་ལ། ཨོཾ་ཧྲོཾ་ཧྲོཾ་ཧྲོཾ་ཕཊེ་ཀླ་ར་ཀླ་རཱི་ཎ་ཀུ་ལ་པྲ་སཱུ་ཏ་སི་པ། ཧི་ལི་ཧི་ལི་བ་ལིཾ་གྲྀཧྣ་ཏུ། སརྦ་སིདྡྷི་མ྄། ད་དནྟུ་ད་དནྟུ་ཧྲོཾ་ཧྲོཾ་ཧྲོཾ་སྭཱཧཱ། དེ་ཡང་ཚེས་བཅུ་ལ་སོགས་པ་ལ་ཐོག་མར་རྡོ་རྗེ་མཁའ་འགྲོ་མ་གཏོར་མ་དང་བནྦྷུ་སོགས་མེ་ཏོག་དམར་པོས་མཆོད། དེ་ནས་བྱ་རོག་ལ་སོགས་དེ་དག་ཡིད་ཀྱིས་བསངས་སྦྱངས། ས་བོན་ལས་ལྷར་བསྐྱེད། ཕཻཾ། གྱི་ཡེ་ཤེས་པ་གཞུག་དབང་བསྐུར་རྒྱས་བཏབ་ཡིད་ཀྱིས་མདོར་བསྡུས་སུ་བྱས་ལ། ལག་གཡས་ནམ་མཁར་རྡོ་རྗེ་སྡིག་འཛུབ་བྱ། གཏོར་མ། ཏིལ་དང༌། ནས་དང༌། ཤ་ཆེན་དང་མར་སྲེས་པ། ཡིད་ཀྱིས་བྱིན་གྱིས་བརླབས་ནས་སྔགས་བརྗོད་ཅིང༌། ལག་གཡོན་པས་སྦྱིན། ལྟས་བརྟག།ཡིག་བརྒྱ་བརྗོད་དེ་བཟོད་པར་གསོལ། གཤེགས་སུ་གསོལ་ཏེ་བཀྲ་ཤིས་བྱའོ། །བསྙེན་པའི་སྐབས་ཅི་རིགས་དང༌། ཚེས་བཅུའི་མཆོད་པ་རྒྱས་བསྡུས་གང་བྱེད་རུང༌། སྐུ་གཟུགས་ཀྱི་དྲུང་དུ་ཤ་ཆེན་གྱི་སྤོས་འབུལ་བའི་སྔགས་ནི། ཨོཾ་ཨཱཿཧྲིཾ་ཧཱུཾ་ཧཱུཾ་ཧཿཧཿཉེར་གཅིག་བརྗོད་


TNT12_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་ལྟར་ན་གཏོར་མའི་ཆོ་གའོ། །གཞོན་ནུ་མའི་མཆོད་པ་ནི། བུ་མོ་གཞོན་ནུ་མ་སྐྱེ་གནས་མ་ཉམས་པ་སུམ་ཅུ་རྩ་བདུན་ནམ། བཅུ་གསུམ་མམ། དྲུག་གམ། ལྔའམ། གཅིག་ཀྱང་རུང༌། ཡན་ལག་མ་ཉམས་པ། རབ་སྔགས་ཀྱི་སྤྱོད་པ་ཅན། འབྲིང་དབང་བསྐུར་བ། ཐ་མ་དབང་མ་ཐོབ་པས་ཀྱང་རུང༌། དམ་ཚིག་ཉམས་པའི་ནི་ཡེ་ནས་མི་བཏུབ་པའི་དེ་ལ་བརྟག་དགོས། གལ་ཏེ་སྐྱེ་གནས་མ་ཉམས་པ་མ་བརྙེས་ན། བུ་མ་བཙས་པ་བཟུང་ངོ༌། །གལ་ཏེ་དེ་ཡི་མ་བཏུབ་ན། ཁྱེའུ་འམ། རིགས་སོ་དྲུག་གི་བུ་མོའི་གཟུགས་བརྙན་གྱིས་ཀྱང་ཆོག་ཙམ་ཡིན་གསུང༌། གང་ལྟར་ཉི་མ་དང་པོ་ལ་ཕྱི་རོལ་མཆོད་པ་རྒྱས་པར་བྱ། གཞོན་ནུ་མ་རྣམས་ལ་སྙན་མནན། ནངས་པར་ཕྱི་རོལ་མཆོད་པ་རྒྱས་བསྡུས་གང་རུང་བྱ། གཞོན་ནུ་མ་རྣམས་དབང་ཐོབ་ན་དཀྱིལ་འཁོར་ཁང་པར་འཇུག །མ་ཐོབ་ན་ཕྱི་རོལ་ལམ་ཡོལ་བས་བཅད། དེ་ཡང་རང་གི་གཉིས་ཀ་མཐོང་བར་བྱེད། ཆོ་ག་ནི་སྔོན་འགྲོ་གཏོར་མ་དང༌། གནས་དང་མཆོད་པ་བྱིན་དབབ། བུ་མོ་རྣམས་བསངས་སྦྱངས་ནས། བསྐྱེད་ཆོག་མདུན་བསྐྱེད་ཇི་ལྟ་བར་བྱེད། སོ་བདུན་ཡོད་ན་ལྷ་སོ་བདུན་དུ་བསྐྱེད། དེ་བཞིན་དུ་གྲངས་བཞིན་དུ་བཅུ་གསུམ་མ་དང༌། གོ་ཆ་དྲུག་གིས་བསྐོར་བའི་བདུན་མ་དང༌། སྙིང་པོའི་རྣལ་འབྱོར་མ་བཞི་ཡིས་བསྐོར་བའི་སྔ་མ་དང༌། གཙོ་མོ་རྐྱང་བ་བསྐྱེད། གཏོར་མའི་བར་མདུན་བསྐྱེད་དང་འདྲ། ཚོགས་མཆོད་བཞིན་བྱིན་གྱིས་བརླབས་ནས། བཟའ་བཅས་སྣ་ཚོགས་སྦྱིན། བར་ཆད་སྲུང་བའི་སྔགས་བཟླས་ཤིང༌། ལྟས་བརྟག །ལྷག་གཏོར་བཏང༌། བཀྲ་ཤིས་བརྗོད་པའི་བར་རྗེས་ཆོག་ཀྱང་འདྲ་བ་ལས་མཆོད་པའི་སྐབས།


TNT12_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སོ་རྩི་དང༌། མེ་ཏོག་གི་ཕྲེང་བ་དང༌། བཏུང་བའི་ཁྱད་པར་སྦྱིན་པར་བྱ་གསུང་ངོ༌། །དེ་ནས་སྦྱིན་སྲེག་སྔགས་ཀྱི་བཅུ་ཆ་ལས་མི་ཉུང་བས་ལྷ་མཉེས་པར་བྱ་སྟེ། དེའི་ཆོ་ག་ནི་གཞན་ཏུ་ཤེས་པར་བྱའོ། །དེ་ནས་སྒྲུབ་པ་ནི་དཀྱིལ་འཁོར་རྫོགས་པའམ། མེ་ལོང་གི་དཀྱིལ་འཁོར་འོག་ནས་འབྱུང་བ་ལྟར་བྱས་ནས། བདག་མདུན་ཆབས་གཅིག་ཏུ་བྱས་ནས་སྒྲུབ་པ། ཟླ་བ་ཕྱེད་དམ། ཟླ་བ་གཅིག་གམ། ཟླ་བ་དྲུག་ཏུ་བྱའོ། །དེ་ནས་ཡང་ཡང་བསྐུལ་ཚིག་གི་སྔགས་དང༌། སྦྱོར་བ་དྲག་པོས་བསྒྲུབས་པས་གྲུབ་པར་འགྱུར་སྟེ། དེ་ནས་ནི་ལས་དང་དངོས་གྲུབ་ཐོགས་མེད་དུ་འགྲུབ་གསུང༌། དེ་ནས་ཕྱི་རོལ་མཆོད་པ་ནི་འགྲུབ་ན་རྡུལ་ཚོན་གྱི་དཀྱིལ་འཁོར་ནི། ཇི་ལྟར་འཁོར་ལོ་སྡོམ་པའི་ཆོ་ག་བཞིན་ཏེ། འདིར་སྟ་གོན་ནི་མི་བྱེད། གཞན་ས་ཆོག་ནས་བཟུང་རྫོགས་པར་བྱ་གསུང༌། དེ་ཙམ་མ་གྲུབ་ན། གཞལ་མེད་ཁང་རྫོགས་པ་མཐའ་མ་ཉི་མ་ཙམ་བྲི། དབུས་སུ་ཉི་མ་ལ་ཆོས་འབྱུང་བྱ་སྟེ། དེ་ཡང་མ་གྲུབ་ན་བསྡུས་པ་ཆུ་ཚོན་གྱིས་བྲི་བར་བྱ་སྟེ། ད་ལྟར་འདི་ལ་ཕྱག་བཞེས་གཙོ་བོར་མཛད་དོ། །དཀྱིལ་འཁོར་དཀར་པོ་གྲུ་བཞི་པའི་དབུས་སུ་ལྗང་ཁུ། ཟླུམ་པོ་དེའི་དབུས་སུ་ཆོས་འབྱུང་དམར་པོ། ཕྱི་རོལ་ཏུ་དགའ་འཁྱིལ་བཞི། དབུས་སུ་བཾ་ཕྱོགས་བཞིར་ལས་བཞིའི་མཎྜལ། ཡང་མཎྜལ་ལྗང་ཁུ་གཉིས། བུམ་པ་སྒྲུབ་ན་མཎྜལ་ལྗང་ཁུ་དང༌། དབུས་སུ་དཀར་པོ། དེར་མེ་ཏོག་སྣ་ཚོགས་བགྲམ་སྟེ་ལག་ལེན་བཞིན་བྱའོ། །དབུས་སུ་སྒྱེད་བུ་གསུམ་གྱི་སྟེང་དུའམ། མཉྫི་ལ་ཀ་པཱ་ལ་ཆང་དང་བདུད་རྩིས་བཀང་བ་བཞག།དེ་ནས་མེ་ལོང་དག་པ་ལ། གཞོན་ནུ་མའི་མཚལ་གྱི་སྤགས་པའི་རས་དམར་པོ་ལ་སིནྡྷུ་ར་རྩགས་ཏེ་དགྲམ། གསེར་གྱི་སྨྱུག་གུ་མཐེབ་སྲིན་གྱིས་བཟུང་ནས་ལག་ལེན་བཞིན་འདྲི།


TNT12_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྔོན་འགྲོའི་གཏོར་མ་འབུལ་དེ། སུཾ་བྷས་བསངས། སྭབྷ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲིཿ ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ཨཱ་ཀརྵ་ཡ་ཛཿ པདྨ་ཀ་མ་ལ་ཡ་སྟཾ། ཨོཾ་ཨིནྡྲ་ཡ། ཨགྣཱ་ཡེ་སོགས་ཀྱི་མཐར་པྲ་བ་ར་སངྐ་རཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པཱ་དྱཾ། ཨཉྩ་མ་ནཾ། པྲོཀྵ་ནཾ། པུཥྤེ་སོགས་ཀྱིས་མཆོད། ཨ་ཀཱ་རོ་ལན་གསུམ་གྱིས་སམ་བདུན་གྱིས་ཕུལ། ཤར་ཕྱོགས་རྡོ་རྗེ་གདན་གྱི་ལྷ་ཚོགས་སོགས་ཀྱིས་གསོལ་བ་བཏབ་པའམ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་ལ་སོགས་ལ། །གསང་སྤྱོད་དོན་དུ་གཏོར་མ་འདི། །འབུལ་གྱི་ཡང་དག་བཞེས་སུ་གསོལ། །སུཾ་བྷས་བགེགས་སྐྲད། དེ་ནས་གནས་དང་ཡོ་བྱད་བྱིན་གྱིས་བརླབས། བདག་བསྐྱེད་རྫོགས་པར་སྒོམ། མདུན་བསྐྱེད་དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས། ཡཾ་རཾ་བཾ་ལཾ་སུཾ་རོ་གཅིག་ཏུ་འདྲེས་པ་ལ་པདྨ་དང་ཉི་མ། ཆོས་འབྱུང་དང་བཅས་པ། དེའི་ནམ་མཁའ་ལ་ཡཾ་ལས་རླུང༌། རཾ་ལས་མེ། དེའི་སྟེང་དུ་ཨོཾ་ཨཱཿཧཱུཾ་ལས་མི་མགོའི་སྒྱེད་བུ་གསུམ་དེ་ལ་གནས་པའི། ཨ་ལས་ཀ་པཱ་ལ་དུམ་བུ་གཅིག་པ། ནང་དུ་ཧཱུཾ་བྷྲུཾ་ནས་ཧ་ཧོ་ཧྲིཿ ཡི་བར་གཏོར་ཆོག་ལྟར་རོ། །དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། གདུག་པ་ཐམས་ཅད་ཚར་བཅད། ཞེས་པ་ནས། སྲུང་འཁོར་གྱི་དབུས་སུ་ཞེས་པའི་བར་མངོན་རྟོགས་ལྟར་རོ། །ཨོཾ་པི་ཋོ་པ་པི་ཋཱ་ཡ་སྭཱ་ཧཱ། ཨོཾ་ཀྵེ་ཏྲོ་པ་


TNT12_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཀྵེ་ཏྲཱ་ཡ་སྭཱ་ཧཱ། ཨོཾ་ཚནྡོ་པ་ཚནྡཱ་ཡ་སྭཱ་ཧཱ། ཨོཾ་མེ་ལ་པ་ཀོ་པ་མེ་ལ་ཀཱ་ཡ་སྭཱ་ཧཱ། ཨོཾ་ཤྨ་ཤ་ནེ་པ་ཤྨ་ཤ་ནཱ་ཡ་སྭཱ་ཧཱ། ཨོཾ་པི་ལ་པོ་པ་པི་ལ་པཱ་ཡ་སྭཱ་ཧཱ། པུ་ཛ་ཨོ་ཨ་གོ་ར་དེ་མ་ཀ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི། པྲེ་གྲོ་སཽ་སུ་ན་སི་མ་ཀུ། ཧཱུཏ྄་བརྒྱད་བརྗོད་དེ་གནས་བྱིན་གྱིས་བརླབས། ཉི་མའི་སྟེང་དུ། ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་ཕྱི་དཀར་ལ་ནང་དམར་པ་གདེངས་ཀ་གྱེན་དུ་བསྟན་པ། ཕྱི་རོལ་དགའ་བ་འཁྱིལ་བ་བཞི་དང་བཅས་པ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ། ཆོས་འབྱུང་དབུས་སུ་པད་ཉི་ལ། བཾ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རྗེ་བཙུན་རྡོ་རྗེ་ཕག་མོ་ནས། དབུ་བརྒྱན་གྱི་བར་གོང་ལྟར་རོ། །རྩ་སྔགས་བརྗོད་པས། གཙོ་མོ་དང་འདྲ་བའི་རྡོ་རྗེ་སངས་རྒྱས་མཁའ་འགྲོ་མ་དང༌། རབ་སྔགས་མ་དང༌། རྡོ་རྗེ་རྣམ་སྣང་མ་དཔག་ཏུ་མེད་པར་གྱུར། ཨོཾ་མཾ་ཏཾ་བཾ་ལཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཧཱུཾ་ཕཊ་སྭཱ་ཧཱ། །ཡུམ་བཞི་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་སྤྲོ་བའི་བདག་ཉིད་དུ་བསམ། འབར་བའི་ཕྱག་རྒྱ་དང་ཕཻཾ་ཞེས་པས་ལས་ཀྱི་མཁའ་འགྲོ་དང༌། སྐྱེ་གནས་གསུམ་གྱི་བདག་ཉིད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་སྤྱན་དྲངས། ཨོཾ་སརྦ་ཏྲ་བྱཾ་བི་ཤོདྷ་ནི་ཧཱུཾ་ཕཊ་ཅེས་པའམ། མཆོད་པ་བསངས་སྦྱངས་བྱིན་རླབས་སྤྱི་དང་མཐུན་པས་ཀྱང་བྱ། དེ་ནས་


TNT12_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ནི། ཐོག་མར་མེ་ཏོག་འབུལ་ཏེ། སྔགས་རེ་རེའི་མཐར་ཨོཾ་བཛྲ་པུཥྤེ་སོགས་སྦྱར་བ་སྟེ། ཨོཾ་སརྦ་བུདྡྷ་ཌ་ཀི་ནཱི་ཡེ་བཛྲ་པུཥྤེ་ཨཱཿཧཱུཾ་ཕཊ་སྭཱཧཱ། བཛྲ་བརྞ་ནཱི་ཡེ༴ །བཛྲ་བཻ་རོ་ཙ་ནཱི་ཡེ༴ །ཌཱ་ཀི་ནཱི། ལཱ་མེ། ཁནྚ་རོ་ཧེ། རཱུ་པཱི་ནཱི། ཨ་ཨཱ་ནས། ཨཾ༴ །ཨོཾ་བཾ་ཝཱ་ར་ཧཱི། ཧཾ་ཡོཾ་ཡ་མི་ནཱ། ཧྲིཾ་མོཾ་ཧ་ནཱི། ཧྲེཾ་ཧྲིཾ་པཉྩ་ནཱི། ཧཱུཾ་ཧཱུཾ་སནྟྲ་ས་ནཱི༴ །ཕཊ་ཕཊ་ཙཎྜི་ཀཱི༴ ནནྡ་བུརྡྷ་ཡ༴ །དེའི་རྗེས་སུ་ཆུ་བཞི་དང༌། ཉེར་སྤྱོད་ལྔ་དང༌། ཡང་དག་དགའ་བའི་མེ་ཏོག་གི །སོགས་དང༌། རིན་ཆེན་བདུན་དང༌། ལྷ་མོ་བཅུ་དྲུག་དང༌། ནང་མཆོད་དང༌། གསང་མཆོད། རྐང་བརྒྱད་དང༌། ཨོཾ་ཌི་ཡ་སོགས་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་དང༌། སྐྱེ་བ་དང་ནི་འཇིག་པ་དང་བྲལ་མཆོག་གི་ལུས་ཅན་མ། །དམར་བའི་འོད་ཆགས་རྣམ་པར་རྒྱལ་མ་ཁམས་གསུམ་གཟུགས་ཅན་མ། །ཡོན་ཏན་ཚོགས་ཀྱི་བརྒྱན་པའི་སྐུ་མངའ་རྡོ་རྗེ་ཡན་ལག་མ། །སངས་རྒྱས་ཀུན་གྱི་སྐྱེད་མཛད་མ་ལ་རྟག་ཏུ་མངོན་པར་ཕྱག་བགྱིའོ། །གང་དང་གང་ཞིག་གཤིན་རྗེ་མ་དང་དེ་ནས་བཅོམ་ལྡན་རྨོངས་བྱེད་དུས་ཀུན་སྐྱོང་བྱེད་མ། །གཞན་པ་སྐྲག་བྱེད་མ་དང་གང་ཡང་དྲི་མེད་རྣལ་འབྱོར་མ་ཡི་དབང་ཕྱུག་གཏུམ་བྱེད་མ། འཁོར་ལོ་ལ་གནས་ཞལ་གཅིག་ཕྱག་བཞི་སྔོ་དང་དཀར་མོ་དང་ནི་གསེར་གྱི་མདོག་ཅན་མ། །ལྗང་དང་དུ་བ་དང་མཚུངས་གར་བྱེད་དེ་རྣམས་ཞབས་ལ་རང་གི་


TNT12_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བོས་ཕྱག་བགྱིའོ། །དེ་ནས་རྣལ་འབྱོར་མའི་རྩ་སྔགས་ཆེན་པོ་ཡང་སྤྲོ་ན་བསྟོད་བསྐུལ་དུ་བྱ་གསུངས་དེའི་རྗེས་སུ་གཏོར་མ་ཕུལ་ལ། ཨོཾ་སརྦ་བྷཀྵ་ཀཱ་མོ་ནཱི་སརྦ་བྷཀྵ་ཤོདྷ་ནཱི་གུ་ཧྱ་བཛྲ་ཎཱི་ཀྲོ་དྷེ་ཤྭ་རཱི་སརྦ་དྲ་བྱི་བྱ་བི་ནི་ཤོ་དྷ་ཡ་ཤོ་དྷ་ཡ་ཧཱུཾ། བཟླས་བརྗོད་ཡུན་རིང་དུ་བྱས་ལ། ཚོགས་ལ་ལོངས་སྤྱོད་དེ་དེའི་ཆོ་ག་གཞན་དུ་རྟོགས་པར་བྱའོ། །དེ་ནས་མཆོད་བསྟོད་བྱ། དངོས་གྲུབ་དང་འདོད་པའི་དོན་ལ་གསོལ་བ་གདབ་པ་དང༌། ཡི་གེ་བརྒྱ་པ་མང་དུ་བརྗོད་ནས། སྔགས་དམན་པ་དང་ཆོ་ག་དམན། །བྱ་བ་དམན་པར་གང་གྱུར་པ། །རབ་དང་མཆོག་གི་དངོས་གྲུབ་གཙོ། །ལྷ་མོ་དེ་དག་བཟོད་མཛད་རིགས། །སྲིད་དང་ཞི་བ་སོགས་དང༌། མཉམས་པ་ཆགས་པ་དང་ནི་ཆགས་པ་བཅོམ། ཁྱོད་ཀྱིས་དངོས་ཀུན་རང་བཞིན་ནམ་མཁའ་དང་ནི་འདྲར་གཟུགས་ཀྱང༌། །མགོན་པོ་ཤིན་ཏུ་ལྕི་བའི་ཐུགས་རྗེའི་ཆུ་རྒྱས་སེམས་ལ་ནི། །མཛོད་ཅིང་ལྷ་མོ་རྣམས་ཀྱི་བདག་ལ་རྗེས་བརྩེར་མཛད་དུ་གསོལ། །བདག་ལ་འཕྲིན་ལས་དང་དངོས་གྲུབ་ཐམས་ཅད་གེགས་མེད་པར་སྩལ་བ་དང༌། །མྱུར་དུ་དཔལ་ཧེ་རུ་ཀ་ཉིད་ཀྱི་གོ་འཕང་ཐོབ་པར་མཛད་དུ་གསོལ། ཚུལ་ཁྲིམས་ཙ་དན་གྱི་ལུས་བྱུགས། །བསམ་གཏན་གྱིས་ནི་གོས་དག་གྱོན། །བྱང་ཆུབ་ཡན་ལག་མེ་ཏོག་བཀྲམ། །ཇི་ལྟར་བདེ་བར་བཞུགས་སུ་གསོལ། །ལྷ་མོ་ཚད་མ་སོགས། ཛཿཧཱུཾ་བཾ་ཧོཿ དཀྱིལ་འཁོར་གྱི་འཁོར་ལོ་རང་ལ་ཐིམ། འཇིག་རྟེན་པ་རྣམས་ལ། ཁྱོད་ཀྱིས་སེམས་ཅན་སོགས་དང༌།


TNT12_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་གཙྪ་གཙྪ་སྭ་བྷཱ་བཱ་ནཾ་ཀྲྀ་ཏནྟེ་ན་ཏ་ཐཱ་གཙྪ་སརྦ་བུདྡྷ་ཤྩ་བི་སརྫ་ཡ་མ་མ་ཀརྨཾ་ཀུ་རུ་སྭཱ་ཧཱ། ཨ་ཀཱ་རོ་བརྗོད་པས་དཀྱིལ་འཁོར་དབྱེ། ལྟེ་བར་ཨོཾ་བཾ་སོགས་གོ་ཆ་བགོ །སྣང་བ་ལྷར་དྲན་བཞིན་པས། རྡོ་རྗེ་བཙུན་མོ་འགྲུབ་གྱུར་ནས་སོགས་དང༌། རིགས་སུ་སྐྱེ་དང་སོགས་སྨོན་ལམ་བཏབ་བཀྲ་ཤིས་བྱ་སྟེ་མཆོད་པའི་ཆོ་ག་རྒྱས་པའོ། །གལ་ཏེ་བྱིན་རླབས་བྱ་བར་འདོད་ན། བཟླས་པ་ཡན་ཆད་སྔར་ལྟར་བྱ། དེ་ནས་བུམ་པ་སྒྲུབ་སྟེ། སྒྲུབ་ཚུལ་ནི་སྤྱི་དང་མཐུན་ལ་མདུན་བསྐྱེད་དང་བུམ་པ་གཉིས་ཀ་ལ་མཆོད་གཏོར་ཕྱོགས་གཅིག་ཏུ་འབུལ་བ་ཡོད་དེ། དེ་ལ་ནི་མདུན་བསྐྱེད་བཟླས་པ་གྲུབ་ནས་བུམ་པ་བསྐྱེད་ཅིང་བཟླས་ནས། བཞུ་ཟིན་པ་ལ། མཆོད་པ་རྒྱས་པ་མཛད་པ་ཕྱག་ལེན་ཡིན་ཅིང་ཚད་ལྡན་དང་འགལ་བའང་མེད་དོ། །དེ་ནས་བདག་འཇུག་ནི། མིག་དར་འཆིང་བ་མན་ཆད་དང༌། བསྡུ་ན་ཡེ་ཤེས་དབབ་པ་མན་ཆད་མཛད། བོད་ཀྱི་ལག་ལེན་དང་བསྟུན། མཎྜལ་འབུལ་བ་ནས་བརྩམས་ཏེ། སློབ་མའི་བྱ་བ་ཇི་ལྟ་བ་བཞིན་ཡང་རུང་བར་མངོན། དེ་ཡང་ཚོགས་ཀྱི་འཁོར་ལོའི་ལྷ་དང་བླ་མ་མཉེས་པར་བྱས་ལ་ཡོན་ཕུལ་ཏེ། སྒྱུ་མའི་འཁོར་ལོར་རྣམ་པར་འཁོར་བ་རྣམས། །སྐྱོབ་མཛད་ཚིག་འབྲུ་སྤངས་པ་དངོས་ཀུན་རྟོགས། །མགོན་པོ་ཁྱོད་ནུ་ནམ་མཁའི་དཀྱིལ་འཁོར་སྟེ། །འགྲོ་བའི་སྐྱེ་བོ་སྐྱོབ་པ་ཁྱོད་ཀྱིས་སྐྱོངས། །ཞེས་གསོལ་བ་ལན་གསུམ་བཏབ། ས་ཁམས་པ་ལ་སྐྱེས་བུའི་གཟུགས་བྱ། སློབ་མའི་ལྟེ་བར་རཾ། དེའི་གདུང་བས་སྡིག་སྒྲིབ་ཐམས་ཅད་ཤ་ཟའི་གཟུགས་ཀྱིས་གཟུགས་བརྙན་ལ་ཐིམ། ཧཱུཾ་ལས་སྐྱེས་པའི་ཕུར་བུ། ཨོཾ་གྷ་གྷ་གྷ་ཏཱ་ཡ་སོགས་ཀྱིས། ཕུར་བུས་གདབ། ཨོཾ་བཛྲ་མུཏྒ་ར་


TNT12_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་ཐོ་བས་བརྡུང༌། དེ་ཉིད་སྟོང་པའི་ངང་དུ་ཐིམ། གཏོར་མ་གཅིག་ལ་སྒྲོན་མེ་ལྔ་བཙུག །སློབ་མའི་དཔྲལ་བ་མགྲིན་པ་སྙིང་ག་ལྟེ་བ་རྣམས་ལ་སྐོར་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཨོཾ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀཾ་ཊྱཾ་ཀ་ཊེ་སྭཱཧཱ། ཨོཾ་གྷུཊྚ་གྷུཊྚ་གྷཊྚི་ནི་གྷུཊྚི་ནི་གྷ་གྷ་གྷ་ཏཱ་ཡ་གྷ་ཏཱ་ཡ་སྭཱ་ཧཱ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་ཨརྠ་སཱ་དྷ་ནི་སྭཱ་ཧཱ། སློབ་མ་འདིའི་འཁོར་ལོ་བཞིར་གནས་ནས་ཁམས་བཞི་ལ་གནོད་པ་སྐྱེད་པ་ལུས་ངག་སེམས་དང་ཡེ་ཤེས་རྡོ་རྗེ་བཞིར་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ཕྱིར་དེངས་ཤིག །གང་དག་མི་འགྲོ་བ་དེ་རྣམས་རྡོ་རྗེ་ཁ་ཊྭཱཾ་ག་འདིས་ཚལ་བ་རྒྱར་དགས་པར་འགྱུར་རོ། །སུམྦྷ་དང་རོལ་མོ་སྒྲ་བྱ། སྒྲོན་མེ་ཆུར་བཅུག་ལ་ལམ་གྱི་བཞི་མདོར་གཏོར་མ་དོར། སློབ་མའི་མགོ་བོར་རྡོ་རྗེ་བཞག་ནས། སུམྦྷ་བཟླས་པས་སྲུང་ངོ༌། དེ་ནས་མཎྜལ་ཕུལ། དེ་ལ་སློབ་དཔོན་གྱི། ཨཱ་ཁཾ་བཱི་ར་ཧཱུཾ། གིས་མེ་ཏོག་གི་ཕོན་པོ་ལག་ཏུ་གཏད། སྔགས་དེ་ཉིད་ཀྱི་མིག་དར་བཅིང༌། ཨོཾ་ཨཱཿཧཱུཾ་གིས་བདུད་རྩི་མགོ་ལ་གཏོར། ཁ་ཊྭཱཾ་གའི་ཡུ་བ་སློབ་དཔོན་གྱི་བཟུང༌། དེའི་འགྲམ་ནས་སློབ་མས་འཇུས་ཏེ། སྙིང་པོ་བཟླ་ཞིང་ནད་དུ་ཁྲིད། དུར་ཁྲོད་ཀྱི་གནས་སམ། དགའ་འཁྱིལ་གྱི་གནས་ལ་འདུག་པར་མོས་སུ་འཇུག དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། ཞེས་སོགས་ཀྱི་གསང་བར་གདམས། ཨོཾ་པཉྩ་ཨ་མྲི་ཏོ་ཏ་ཀ་ཋ་ཋཋཿ འདི་ནི་ཁྱོད་ཀྱིས་དམྱལ་བའི་ཆུ། །ཞེས་སོགས་ཀྱིས་དམ་བཞག་དང་མནའ་ཆུ་བླུད། དེ་ནས་སློབ་མ་ཕག་མོར་བསྒོམས་པ་ལ། ལྟེ་བ་ལ་སོགས་པར།


TNT12_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ་སོགས། སྒོམ་དུ་བཅུག་ནས། རྡོ་རྗེས་རེག་ཅིང༌། ཨོཾ་བཾ་ཝཱ་རཱ་ཧཱི་ཧཱུཾ་ཕཊ་སྭཱ་ཧཱ། ནས་རྩནྚི་ཀའི་བར་བརྗོད། དེ་ནས་སློབ་མ་ལུས་ཐང་ཤ་བཅད་པའི་ཚུལ་གྱི་ཉ་བཞི་སྒྲིམ། ཨོཾ་སྭ་བྷ་བ་སོགས་དག་པ་གསུམ་དྲན་དུ་བཞུག །སློབ་མའི་རྐང་པ་རླུང་གི་དཀྱིལ་འཁོར། སུམ་མདོ་མེ། དེར་ཆོས་འབྱུང་གྲུ་གསུམ། དབུས་སུ་འབར་བའི་ཀློག་དང་བཅས་པ། སློབ་དཔོན་ལ་མོས་གུས་དུང་བྱས་པས། སློབ་དཔོན་དང་མདུན་བསྐྱེད་དང༌། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་ཕག་མོའི་རྣམ་པས་ལྟེ་བར་སིབ་སིབ་ཐིམ། དེའི་རྐྱེན་གྱིས་དེ་རྗེ་བཙུན་རྡོ་རྗེ་ཕག་མོའི་སྐུར་གྱུར་ནས་བདེ་བའི་གར་མཛད་པས་མེ་ལྕེས་ལུས་ཐམས་ཅད་ཁྱབ་པར་འབར། སྤྱི་བོ་ནས་བྱང་སེམས་བབས། བདེ་བས་ཁྱབ། ལུས་ཀྱི་ནང་འོད་ཟེར་སྣ་ལྔས་ཁྲིག་མེར་གང༌། ཆོས་འབྱུང་མི་མངོན་པ་ཙམ་དུ་གཡོན་དུ་འཁོར་བ་ལ་སེམས་གཏོད་དུ་བཞུག་ཅིང༌། རོལ་མོའི་སྒྲ་བྱ། སློབ་དཔོན་གྱི་ལག་གཡས་རྡོ་རྗེ་གསོར་ཞིང་བདུག་པས་བདུག །ཨོཾ་ཡཾ་རཾ་པཾ་ལཾ་ཧཱུཾ་བཛྲ་བཱ་རཱ་ཧཱི་ཨ་བེ་ཤ་ཡ་ཨཱཿཨཱཿཨཱཿཞེས་དང༌། རྩ་སྔགས་དང་སྙིང་པོའི་མཐར་གོང་གི་དབབ་སྔགས་བཏགས་པ་ལན་བརྒྱའམ་ཅི་རིགས་སུ་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ཡ་ཏིཥྛ་བྷ་བཱན་ཏུ་ཞེས་མེ་ཏོག་སྤྱི་བོར་བཞག །ཨོཾ་ཏིཥྛ་བཛྲ་སྭཱཧཱ། རྡོ་རྗེ་རྒྱ་ཁྲམ་སྤྱི་བོར་བཞག །དེ་ནས་མེ་ཏོག་ཏྲཾ་ལས་བྱུང་བའི་རིན་པོ་ཆེའི་མེ་ཏོག་ཏུ་མོས་ནས། རྡོ་རྗེ་ཐིག་ལེ་དངོས་ཀུན་ཟ་མ་ཏོག །མ་ལུས་འགྲོ་ལ་བདེ་སྟེར་མིག་འཕྲུལ་ལྟ། །ཀུན་འགྲོ་དཔལ་


TNT12_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཕག་མོ་ཆོས་ཀུན་བསྐྱེད། །སྒྱུ་འཕྲུལ་སྙིམ་པའི་མེ་ཏོག་བཞེས་ཤིག་ཧོ། །སྤྲོ་ན་ཏིཥྛ་བཛྲ་ཌི་ཌྷོ་སོགས་བརྗོད་ཅིང་གཏོར། བསྡུ་ན་ཨོཾ་པྲ་ཏིཙྪ་བཛྲ་ཧོཿ དེ་ནས་མེ་ཏོག་སློབ་མའི་སྤྱི་བོར་བཅིངས་ཏེ། པྲ་ཏི་གྲྀཧྣ་སྟྭཾ། ཨི་མཾ་སཏྭ་མཧཱ་བཱ་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སོགས་དང༌། མིག་གཉིས་ལ་འབར་བ་དང་བཅས་པའི་ཨོཾ་གྱི་འོད་ཀྱིས་གསལ་བར་བསྒོམ་སྟེ་གདོང་གཡོག་དགྲོལ། ཡང་ན་མིག་དར་བཅིངས་དགྲོལ་མི་མཛད་པའང་ཡོད་དེ་དངོས་བསྟན་ནོ། །དེ་ནས་དཀྱིལ་འཁོར་གསལ་བར་སྒོམ་དུ་གཞུག །འཇུག་པ་རྫོགས་སོ། །མཎྜལ་ཕུལ་ལ། ལྷ་མོ་སྐུའི་རྡོ་རྗེ་ནི། སྒྱུ་འཕྲུལ་རྒྱལ་པོ་ཕྱག་འཚལ་བསྟོད། ཁྱོད་ཀྱི་གོ་འཕང་མཉམ་མེད་པ། །བདག་ལ་དེ་རིང་གནང་བར་མཛོད། དེ་བཞིན་དུ། ལྷ་མོ་གསུང་གི༴ །མི་ཤིགས་རྒྱ་མཚོ༴ ཁྱོད་ཀྱི༴ བདག་ལ༴ །ཐུགས་ཀྱི༴ །བདེ་བའི ༴ ཁྱོད་ཀྱི༴ །བདག༴ །ཡེ་ཤེས༴ །ཡེ་ཤེས་རྒྱལ་པོ་ཕྱག་འཚལ་བསྟོད། ཁྱོད་ཀྱི་གོ་འཕང་མཉམ་མེད་པ། །བདག་ལ་དེ་རིང་གནང་བར་གསོལ། །ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས། སློབ་མ་རྣམས་པད་ཉི་ལ་བཾ་ལས་རྡོ་རྗེ་རྣལ་འབྱོར་མར། བསྒོམས་པ་ནས། རིགས་བདག་གི་དབུ་རྒྱན་པའི་བར་མངོན་རྟོགས་ལྟར་རམ། དེ་ཙམ་མི་ནུས་ན། གོ་ཆ་འགོད་པ་དང༌། ཡེ་ཤེས་པ་གཞུག་པ་བོར་ཀྱང་ཆོག་གསུང༌། འོན་ཀྱང་གཞུང་གི་དངོས་བསྟན་ནི། ལྷར་བསྐྱེད་དབང་བསྐུར་གོ་ཆ་ས་བོན་ཙམ་གྱི་འགོད་པ་ཡིན་ནོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭབྷཱ་བ་ཨཏྨ་ཀོ྅ཧཾ། བུམ་པའི་དབང་ངོ༌། །སློབ་དཔོན་དང་དབྱེར་


TNT12_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་སངས་རྒྱས་རིགས་ལྔའི་ངོ་བོ་རྡོ་རྗེ་སེམས་དཔའ་འམ། ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས། བྱང་སེམས་དཀར་དམར་ལྕེ་ཐོག་ཏུ་མྱངས་པར་བསམ་ལ་སྦྱིན་ཅིང་བཏུང༌། བདུད་རྩི་དེ་ཉིད་ལྟེ་བའི་བཾ་ལ་ཐིམ། དེ་ལས་མེ་འབར་སྤྱི་བོའི་ཧཾ་ཞུ་བའི་བདེ་བ་ལ་མཉམ་པར་འཇོག །ཨོཾ་ཨཱཿཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཝཱཏྨ་ཀོ྅ཧཾ། གསང་དབང་ངོ༌། །སློབ་མ་ཧེ་རུ་ཀའི་ངོ་བོ་རྡོ་རྗེ་སེམས་དཔར་སྒྱུར་གསུང༌། བུད་མེད་གཟུགས་ནི་སྤངས་ནས་གཞན། །བཅོམ་ལྡན་འདས་ཀྱི་གཟུགས་སུ་བྱ། །ནུ་མ་སྤངས་པ་བོ་ལར་གྱུར། །ལྷག་མ་བདག་ཉིད་ཆེན་པོ་ཉིད། །འདིའི་ངེས་པ་ལས་ལྷ་མོའི་མཚན་རྣམས་བསྒྱུར་གྱི་ཕྱག་མཚན་སོགས་མི་བསྒྱུར་བར་བཞེད་ཀྱིན་སྣང་བས་གང་མོས་སོ། །དེ་ནས་ཕྱག་རྒྱ་མཚན་ཉིད་རྫོགས་པ་གཏད་ལ། སྤྱི་བོར་རྡོ་རྗེ་བཞག་སྟེ། ལྷ་མོ་འདི་ནི་ཁྱོད་དང་མཐུན། །འདི་ནི་སངས་རྒྱས་ཀུན་གྱིས་བསྔགས། །གཉིས་སུ་མེད་དང་བདག་མེད་པའི། །འདོད་པ་ལྔ་ལ་སྤྱད་པར་གྱིས། །ཞེས་བརྗོད་དེ། དེ་རྡོ་རྗེ་ཕག་མོར་གྱུར། སྙོམས་པར་ཞུགས། ལྷ་མོ་དམ་འཁྱུད་ཙུམ་པ་ན། །རྣལ་འབྱོར་གསལ་པའི་རྣམ་ཤེས་སོ། །འདོད་བཅས་སྦྱོར་བ་གཉིས་པ་ནི། །རྗེས་སུ་རྣལ་འབྱོར་ཡིན་པར་འདོད། །རྩོལ་བྲལ་ཤིན་ཏུ་རྣལ་འབྱོར་ནི། །ལྷག་པའི་བདེ་བ་གསུམ་པའོ། །རྣལ་འབྱོར་ཆེན་པོ་གསུམ་ལས་གཞན། །མཚན་ཉིད་བྲལ་བའི་སྐད་ཅིག་མའོ། །སྦྱོར་དང་འཛག་དང་ལྷུང་བ་ལས། །སྐད་ཅིག་


TNT12_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བོ་མཐོང་ཞེས་གསུང༌། །བདེ་བའི་ཉམས་མྱོང་དྲན་པར་བྱས་ཏེ་མཉམ་པར་བཞག །གནས་བཞིར་དཀྱིལ་འཁོར་གྱིས་སིནྡྷྲུ་རའི་ཐིག་ལེ་བྱ། ཨོཾ་ཨཱཿཧཱུཾ་ཨཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭབྷ་ཝཱ་ཝཱཏྨ་ཀོ྅ཧཾ། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དེ་ནས་ལུས་གནད་བཅས་དབུགས་ཕྱིར་དབྱུང༌། རང་རྡོ་རྗེ་སེམས་དཔའ་ཁ་སྦྱོར་སྒྱུ་མ་ལྟ་བུ། རླུང་ནང་དུ་རྔུབ། དེ་ཉིད་མཐའ་ནས་དབུས་སུ་ཡལ་བ་ལ་དམིགས་མེད་དུ་མཉམ་པར་བཞག །དེ་ནས་བདེ་སྟོང་དབྱེར་མེད་དེ་ཉིད་ལྷ་སྐུར་ལྡང༌། སྡུག་མ་ནམ་མཁའི་ནོར་བུ་དང༌། །འདུས་བྱས་སྤྲོས་པ་ཀུན་ཟློག་ཀྱང༌། །དེ་ནི་རྒྱ་ཆེན་ཡིད་ལ་བྱེད། །ཨཱ་ཧོ་འོད་གསལ་མཛེས་མའོ། །ཤེས་རབ་མཛེས་མ་ལ་ཆགས་སྦྱོར་བ་ཡིས། །འདུས་བྱས་འདུས་མ་བྱས་པ་ལས་གྲོལ་བ། །བསྐལ་བའམ་བསྐལ་པ་སྟོང་གི་བར་དུ་ཡང༌། །ཡེ་ཤེས་འདི་སྦྱོར་སྒྲུབ་པས་གནས་པར་བྱོས། །ཨ་རེ་ཨ་རེ་ཨཱ་ཧོ། དབང་བཞི་པའོ། །གཙོ་བོས་ཇི་ལྟར་སོགས་དང༌། མཎྜལ་འབུལ། དེ་ནས་སྤྱི་ལྟར། དེང་ནས་བརྩམས་ཏེ་སོགས་བྱ་སྟེ་བོད་སྔ་མའི་ཕྱག་ལེན་ལྟར་རུང་ངོ༌། །བླ་མ་རྒྱ་གར་བའི་ཕྱག་བཞེས་ནི། མཎྜལ་དང་ཡོན་ཕུལ་ཏེ། དེང་དུ་བདག་ཚེ་འབྲས་བུ་ཡོད། །དེ་རིང་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་གྱུར། །ཞེས་སློབ་མས་རྗེས་ཟློས་བྱེད་པའོ། །རྗེས་ཀྱི་བྱ་བ་ནི་སྔར་མཆོད་པའི་སྐབས་དང་འདྲའོ། །ལུགས་འདི་ལ་ཉལ་བ་དང༌། ལྡང་བ་དང་ཟས་ཀྱི་རྣལ་འབྱོར་ལ་སོགས་པ་ནི་ཁྱད་པར་ཟུར་པ་མེད་པས་མ་སྤྲོས་སོ། །སྤྱིར་འདིའི་གཞུང་ནི་ཟབ་དོན་རིམ་གཉིས་ཁོ་ན་ལས་འཕྲོས་པའི་རིམ་པ་ཆེར་མ་


TNT12_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ། བླ་མའི་མན་ངག་གིས་རྒྱས་པར་བསྟན་པ་དེ་དག་གོ །བྱིན་རླབས་ཀྱི་ཆོ་ག་ནི་རྩེན་མས་ཁ་བསྐངས་པའང་མཛད་མོད་ཀྱི་གཞུང་གི་དངོས་བསྟན་འདི་ཁོ་ན་ལེགས་པ་ཡིན་ནོ། །གོ་དོན་ནི་གཞུང་གི་སྟེང་དུ་རྟོགས་པར་བྱའོ། །གང་ཞིག་མཐའ་ལ་མི་གནས་དབུ་མར་གཤེགས། །འགྲོ་འོང་མེད་ལས་སྲིད་པའི་གནས་ཀུན་ཏུ། །དམིགས་མེད་ཐུགས་རྗེས་སེམས་ཅན་མ་དམིགས་ཀྱང༌། །འགྲོ་ཀུན་སྒྲོལ་མཛད་འདི་ནི་ཡ་མཚན་རྨད། །དེ་འདྲའི་རྗེ་བཙུན་བླ་མ་ལ་ཕྱག་འཚལ། །འདི་ན་མན་ངག་ལྡན་པར་རབ་སྦྱར་ཡང༌། །བྱིས་པའི་བློ་ནི་དོན་ལ་རྣམ་པར་འཁོར། །དེ་བས་འཁྲུལ་ན་དམ་པ་རྣམས་བཟོད་མཛོད། །ཀུན་དགའ་སྙིང་པོས་འདིར་ནི་རྣམ་ཕྱེ་བའི། །དགེ་བ་གང་ཡིན་དེ་ཡང་ང་རྒྱལ་མེད། །གལ་ཏེ་ཡོད་ནའང་འགྲོ་ཀུན་ཐར་བར་ཤོག །འདི་དག་གིས་ཀྱང་དོན་མཆོག་མི་འགྱུར་རམ།། །།ཞེས་པ་རྔོན་པའི་གདམས་ངག་ལས་འབྱུང་བའི་སྒྲུབ་ཐབས་བདེ་བ་སྦྱིན་པ་ཞེས་བྱ་བ་འདི་ནི་དཔལ་སྟག་ལུང་ཐང་པ་རྗེ་བཙུན་བླ་མ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མི་འཕྲོག་པའི་ཐུགས་རྗེའི་མངའ་བདག་རྗེ་བཙུན་ཀུན་དགའ་བཀྲ་ཤིས་ཀྱི་བཀའ་སྩལ་སྤྱི་བོས་ནོད་ཏེ་ཏཱ་ར་ནཱ་ཐས་རང་ལོ་ཉེར་གསུམ་ལ་སྦྱར་བའོ། །།མངྒ་ལཾ་བཱི་པཱུ་ལཾ། །


TNT12_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།