ནི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་དབང་ཆོག


TNT12_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་དབང་ཆོག་བཞུགས།


TNT12_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། སངས་རྒྱས་རྡོ་རྗེ་བདེ་བ་ཆེ། ཁྲག་འཐུང་དཔལ་གྱི་དཀྱིལ་འཁོར་ནི། །ཡེ་ཤེས་ལྔ་ལྡན་ལ་བཏུད་ནས། །དཀྱིལ་འཁོར་ཆོ་ག་བྲི་བར་བྱ། །འདིར་ཡེ་ཤེས་མཁའ་འགྲོ་ནི་གུ་མའི་མན་ངག།ལུགས་འདིའི་ཁྲིད་ཚུལ་ཀུན་གྱི་སྔོན་དུ་འགྲོ་བ། བདེ་མཆོག་ལྷ་ལྔའི་དབང་གི་ཆོ་ག་ནི། རྣམ་པ་གཉིས་ཏེ་རས་བྲིས་ལ་བརྟེན་པ་དང༌། རྡུལ་ཚོན་ལ་བརྟེན་པའོ། །དེ་ལ་དང་པོའི་དབང་དུ་བྱས་ནས། ལྷག་གནས་དང་དངོས་གཞི་དང་རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་ལ་སྔོན་འགྲོ་གཏོར་མ་སུམྦྷས་བསངས། སྭབྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱི་ཞེས་བྱིན་གྱིས་བརླབས། ཕཻཾ་བཛྲ་ཨ་རལླི་ཧོ་ནས། དྲྀ་ཤྱ་ཧོའི་བར་གྱི་མགྲོན་རྣམས་བཀུགཨོཾ་ཁ་ཁཱ་མན་ཆད་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི༴


TNT12_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོའི༴ ཤ་ཟའི༴ སྨྱོ་བྱེད༴ བརྗེད་བྱེད༴ མ་མོའི༴ དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་ཇི་སྙེད་ཡོད་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག། དམ་ཅན་ཁྱེད་རྣམས་དཀྱིལ་འཁོར་གྱི། །ལས་ལ་བསྲུང་བ་དམ་པ་དང༌། །ཡུལ་ཕྱོགས་འདི་དང་སྦྱིན་བདག་དང༌། །སློབ་མ་ལ་ཡང་ཤིས་པར་མཛོད། །གསང་སྤྱོད་ལྟ་བར་མི་དབང་པའི། །འབྱུང་པོའི་ཚོགས་རྣམས་གང་ཡིན་པ། །གཏོར་མའི་ལྷག་མ་འདི་ལོང་ལ། །ད་ལྟ་ཉིད་དུ་གཞན་དུ་དེངས། །ཅི་ཏེ་འགྲོ་བར་མི་བྱེད་ན། །རྡོ་རྗེ་འཛིན་ཆེན་ཁྲོས་པའི་བཀས། །མཚོན་ཆ་འབར་བའི་སྤྲིན་སྤྲོས་ནས། །ལུས་སེམས་རྡུལ་དུ་བརླག་ཏ་རེ། །ཞེས་གཏོར་མ་ཕྱིར་དོར་ལ་མཚམས་བཅད། དེ་ནས་མཆོད་པ་ཞིག་


TNT12_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་ལ། གནས་དང་ཡོ་བྱད་བསངས་སྦྱངས། སྟོང་པའི་ངང་དུ་ཧཱུཾ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་དུ་ཆུད་པའི། བྷྲུཾ་ལས་གནས་ཁང་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཨོཾ་ཨཱཿཧཱུཾ་རྣམས་ལས་བྱུང་ཞིང༌། ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོགབདུག་སྤོས༌། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་བཟང་ཞིང་གྱ་ནོམ་པ། ཡུལ་དུས་ཆད་པ་མེད་པར་ཡོངས་སུ་ཁྱབ་ཅིང༌། རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ། རང་བཞིན་བདེ་སྟོང་གི་ཡེ་ཤེས། རྣམ་པ་མཆོད་རྫས་ཀྱི་སྤྲིན་ཕུང༌། བྱེད་ལས་རང་གཞན་མཐའ་དག་ཟག་མེད་ཀྱི་བདེ་བས་ཚིམ་པར་བྱེད་པས། ཕྱི་ནང་ཐམས་ཅད་དུ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། དེ་བཞིན་དུ། པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ། དྷཱུཔེ། ཨཱ་ལོ་ཀེ །གནྡྷེ། ནཻ་བེ་ཏྱ། ཤཔྟ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ། ཨོཾ་བཛྲ་སྥཱ་ར་ཎ་ཁཾ། རོལ་མོས་བྱིན་འབེབས་ཞིང༌། ཨོཾ་བཛྲ་གཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏ་པྲ་ཙ་ལི་ཏེ། པྲཛྙ་པ་ར་མི་ཏ། ན་ད་སམྦྷ་བེ་ཏ་བཛྲ་དྷརྨ་ཧྲི་ད་ཡ་ནི་སནྟོ་ཥ་ནི་ཧཱུཾ་


TNT12_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ྄་ཧཱུཾ་ཧོ་ཧོ་ཧོ་ཨ་ཁཾ་སྭཱཧཱ། ཞེས་ལན་གསུམ་བརྗོད། དེ་ནས་བདག་བསྐྱེད་ནི། སྐྱབས་འགྲོ་ནས། དཀྱིལ་འཁོར་ཉེར་བསྡུའི་གནས་གསུམ་བྱིན་རླབས་ཀྱི་བར་ཡན་ཆད། སྒྲུབ་ཐབས་བཞིན་དུ་བྱ། དེ་ནས་དཀྱིལ་འཁོར་གྱི་ས་གཞིར་མཆོད་པ་རྒྱ་ཆེར་བཤམས། གཏོར་མ་གཉིས་ཀྱང་བཤམས་ཏེ། སླར་ཡང་གོང་བཞིན་མཆོད་པ་བྱིན་གྱིས་བརླབས། རོལ་མོ་བྱིན་འབེབས་མི་དགོས། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད། གཅིག་ཏུ་འདུས་ཏེ། མདུན་གྱི་ནམ་མཁར་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་གྱུར་པ་ནི། སྐད་ཅིག་གིས་ཕྱི་རོལ་དུར་ཁྲོད་བརྒྱད་དང་བཅས་པའི་སྲུང་འཁོར་གྱི་དབུས་སུ། འབྱུང་བཞི་རི་རབ་དང་བཅས་པའི་དབུས་སུ། སྣ་ཚོགས་རྡོ་རྗེ་ལ་གནས་པའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དབུས་ཀྱི་གདན་གྱི་སྟེང་དུ་དཔལ་ཧེ་རུ་ཀ་ཞེས་པ་ནས། འཁོད་པར་གྱུར། དངོས་གཞིའི་སྐབས་སུ་འཆད་པར་འགྱུར་བ་ལྟར། མཆོད་བསྟོད་གཏོར་བསྔོ་རྣམས་བྱ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་བཅས་པ་རྣམས་ཀྱིས།


TNT12_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

སང་ཉིན་དཀྱིལ་འཁོར་ཆེན་པོ་བྱིན་གྱིས་རློབ་པ་དང༌། བདག་དང་སློབ་མར་བཅས་པ་ལ་དངོས་གྲུབ་སྩོལ་པའི་འཕྲིན་ལས་མཛད་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ། བསྡུ་ན་དེ་ཙམ་གྱིས་ཆོག་ལ། རྒྱས་པ་ལ་དགའ་ན་ཕྱིས་ཀྱི་ལག་ལེན་ལྟར། བཅོམ་ལྡན་འཁོར་ལོ་སྡོམ་པ་མཆོག། རིགས་སྔགས་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་ཕྱིར་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་བྲི་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་སྣང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་ཕྱིར་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་མངའ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་རྡོ་རྗེ་ཆེ་གེ་ཅན། །བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པ་ཉེར་སྦྱོར་བས། །འགྲོ་བ་སྦྱང་ཕྱིར་བྲི་བར་བྱ། །དེ་ཕྱིར་བདག་དང་སློབ་མ་ལ། །རྗེས་སུ་བརྩེ་བས་ཉེར་བཟུང་ནས། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་འབྱོན་པར་མཛད་པར་རིགས། །


TNT12_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀྱང་ལན་གསུམ་གསོལ་བ་བཏབ། །ཡིག་བརྒྱ་ལན་གསུམ། གང་ཡང་བདག་བློ་སོགས་བཟོད་པར་གསོལ་ནས། ཨོཾ་མུཿཞེས་དབྱིངས་སུ་གཤེགས་སུ་གསོལ། ལྷ་ལྷག་པར་གནས་པའི་དོན་ནོ། །བུམ་པ་གཉིས་སྤྱི་དང་མཐུན་པར་བཤམས། བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་ཞིང༌། མགྲིན་པ་ཕྲ་བ། མཆུ་འཕྱང་བ། ལྷའི་གོས་ཀྱི་མགུལ་བཅིངས་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ཞེས་པ་ནས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་གྱི་བར། བདག་སྐྱེད་དང་འདྲ་བ་ལས། རང་ཉིད་ཅེས་སོགས་ཀྱི་ཚིག་དོར་རོ། །དེ་ནས་བུམ་བཟླས་ནི། ཡབ་ཡུམ་གྱི་ཉེ་སྙིང་དང༌། མཁའ་འགྲོ་མ་བཞིའི་སྔགས་རྣམས་ཅི་འགྲུབ་ཏུ་བཟླ། ཨ་བྷི་ཥེ་ཀ་ཏའི་སྔགས་ཀྱང་ཉེར་གཅིག་ལ་སོགས་པས་བྱིན་གྱིས་བརླབས། བུམ་པའི་མཆོད་པ་སངས་སྦྱངས་བྱིན་རླབས་བྱས་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཡབ་ཡུམ་གྱི་རྐང་པ་བརྒྱད་པས་བསྟོད། ཡིག་བརྒྱ་དང་བཟོད་གསོལ་བྱས་ལ། ཨོཾ་ཨཱཿཧཱུཾ་ཞེས་པས་མཆོད་ཡོན་ཕུལ། བུམ་ནང་གི་ལྷ་རྗེས་ཆགས་ཀྱི་མེས་ཡོངས་སུ་ཞུ་ཏེ་བྱང་ཆུབ་


TNT12_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་སུ་གྱུར་ཞེས་བརྗོད། ཅི་སྟེ་ལས་བུམ་ལོགས་སུ་སྒྲུབ་པར་འདོད་ན། སྔ་མའི་བཟླས་པ་སོང་མཚམས་སུ། ལས་བུམ་གྱི་ནང་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ། སྐད་ཅིག་གིས་བསྐྱེད་ནས། སུམྦྷའི་སྔགས་ཅི་ནུས་སུ་བཟླས། མཆོད་པ་མན་ཆད་ཕྱོགས་གཅིག་ཏུ་མཛད། མཆོད་ཡོན་དང་གཟུངས་ཐག་ཕྱོགས་སོ་སོར་བྱེད་པའམ། སྔ་ཕྱིར་སྤོ་བའི་སྲོལ་ཀྱང་ཡོད། འོན་ཀྱང་འདི་ལ་ལས་བུམ་གཞུང་ལས་མ་བཤད་ཅིང་ངེས་པར་དགོས་པ་མ་ཡིན་ནོ། །བུམ་པ་ལྷ་གནས་སོ། །སློབ་མ་རྣམས་ལ་སྔོན་འགྲོའི་བྱ་བ་རྣམས་སྐབས་འདིར་བྱེད་པ། སློབ་མ་ལྷག་གནས་ཀྱི་དོན་ཡིན་ཅིང༌། ལྷག་པོར་བྱ་བ་ནི། སྒོ་གསུམ་བྱིན་གྱིས་བརླབས་ནས་མཆོད་པ་འབུལ་བ་ཡིན་ནོ། །དེ་ཡང་འདི་ལྟར་སྔོན་འགྲོ་རྣམ་པ་བཅུའི་ནང་གི་གསང་བ་བསྒྲགས་པ་དང་ཡེ་ཤེས་དབབ་པ་དང་ནངས་པར་དགོས་པས་སྐབས་འདིར་མི་མཛད་བསམ་པ་འཆོས་པ་དང༌། སྐྱབས་སེམས་དང༌། སྤྲོ་བསྐྱེད་པ་དང༌། མཎྜལ་དང་བཅས་པའི་གསོལ་བཏབ་དང༌། གནང་བ་སྦྱིན་པ་དང༌། རྟོག་པ་བསྡུ་པ་དང༌། ཡན་ལག་ལྔ་པ་དང༌། སྡོམ་པ་འབོགས་པ་རྣམས་སོང་བའི་རྗེས་སུ། ནང་མཆོད་དང་དྲི་བཟང་བསྲེས་པའི་ཐིག་ལེས་སློབ་མའི་གནས་གསུམ་དུ་འབྲུ་གསུམ་བརྗོད་དེ་བྱིན་གྱིས་བརླབས་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་སྐུ་རྡོ་རྗེ་རྣམ་སྣང་གི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། གསུང་རྡོ་རྗེ་འོད་


TNT12_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་ཀྱི་རྣམ་པར་སྤྱན་དྲངས་ཏེ་མགྲིན་པར་ཐིམ། ཐུགས་རྡོ་རྗེ་མི་བསྐྱོད་པའི་རྣམ་པར་སྤྱན་དྲངས་ཏེ་སྙིང་གར་ཐིམ་པར་མོས་མཛོད། ཅེས་བྱ། འདི་ནི་སྔོན་འགྲོ་དགུ་པར་བྱེད་ཅིང༌། བཅུ་པ་ནི་གཟེངས་བསྟོད་པ་སྟེ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཞེས་པ་ནས། དེས་ཀྱང་འདི་ལ་དགའ་བར་གྱིས། །ཞེས་པའི་བར་རོ། །དེ་ལྟར་ན་མདོར་ལེན་གྱི་དབང་དུ་བྱས་པའི་སྔོན་འགྲོ་རྣམ་པ་བཅུ་པོ་དེ་དག་ནི། སློབ་མ་ལྷག་གནས་སོ། །དགུ་པ་དང་བཅུ་པའི་བར་དུ། སོ་ཤིང༌། འཁྱོར་ཆུ། བསྲུང་སྐུད། ཀུ་ཤ་རྣམས་སྟེར་བའི་ལག་ལེན་ཀྱང་འགའ་ཞིག་ལ་སྣང་བ་སྤྱིར་མི་འགལ་ཡང༌། གཞུང་ན་མེད་པས་ངེས་པར་དགོས་པ་མ་ཡིན་ནོ། །གཉིས་པ་དངོས་གཞི་ལ། དཀྱིལ་འཁོར་སྒྲུབ་པ་མཆོད་པ་འབུལ་བ། བདག་ཉིད་འཇུག་པ། སློབ་མ་དབང་བསྐུར་ཏེ་བཞི་ལས། དང་པོ་ནི། སྔོན་འགྲོ་གཏོར་མ་གནས་ཡོ་བྱིན་རླབས། བདག་བསྐྱེད་ཉེར་བསྡུའི་བར། གོང་ལྷག་གནས་ཀྱི་སྐབས་བཞིན་དུ་བྱ། དེ་ནས་མདུན་སྐྱེད་ཀྱི་དཀྱིལ་འཁོར་བཀྲམ། མཆོད་པ་བཟང་པོ་དང༌། གཏོར་མ་ཟླུམ་གཏོར་གཉིས་སམ། ཐོད་གཟུགས་དར་མཚོན་སྣ་ལྔས་བརྒྱན་པ་གང་རུང་བྱ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས་ཨེ་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ཞེས་པ་ནས། ལྟེ་བ་མཐིང་ནག་གྲུ་བཞི་པ་ཧཱུཾ་གིས་མཚན་པ།


TNT12_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། བསྲུང་འཁོར་རྡོ་རྗེའི་ཕྱག་གཞི་རྭ་བ་དྲྭ་བ་གུར་བླ་རེ་མདའི་དྲྭ་བ་མེ་དཔུང་འབར་བ་དང་བཅས་པར་གྱུར། བསྲུང་བའི་འཁོར་ལོའི་ནང་དུ་བྷྲུཾ་ལས་གཞལ་མེད་ཁང་ཆེན་པོ། གྲུ་བཞི་པ་སྒོ་བཞི་པ། རྟ་བབས་བཞིས་བརྒྱན་པ། འདོད་ཡོན་གྱི་སྣམ་བུ་དང༌། ཕ་གུ་དང་དྲྭ་ཕྱེད་དང༌། རིན་པོ་ཆེ་དང་མདའ་ཡབ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། གདུགས་དང་རྒྱལ་མཚན་དང་བ་དན་དང་རྔ་ཡབ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལྷ་དང་མི་ལས་ཁྱད་པར་དུ་འཕགས་པའི་མཆོད་པའི་སྤྲིན་དུ་མས་གང་བ། ནང་ཀ་བ་བརྒྱད་དང་ལྡན་པའི་སྟེང་རྡོ་རྗེའི་གདུང་ཟླུམ་པོ་དང༌། དེའི་སྟེང་དུ་རྡོ་རྗེའི་ཐལ་གདུང་གཉིས་མིག་མངས་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་ཉེ་བར་བརྒྱན་པ། གཞལ་ཡས་ཁང་གི་ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད་དང༌། དེ་དག་ཏུ་གནས་པའི་ཕྱོགས་སྐྱོང་བ་བརྒྱད་དང༌། ཞིང་སྐྱོང་བ་བརྒྱད་དང༌། ཆུ་དང༌། མེ་དང༌། རླུང་དང༌། སྤྲིན་དང༌། རི་དང༌། མཆོད་རྟེན་རྣམས་བརྒྱད་བརྒྱད་དང་བཅས་པ། འབྱུང་པོ་དང༌། སྲིན་པོ་དང༌། ཤ་ཟ་དང༌། རོ་ལངས་དང༌། མཁའ་འགྲོ་མའི་ཚོགས་རྣམས་རྒྱུ་བ། རོ་དང་


TNT12_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ཀེང་རུས་དང་བྱ་དང་གཅན་གཟན་སྣ་ཚོགས་པས་ཡོངས་སུ་གང་བའོ། །གཞལ་ཡས་ཁང་གི་ནང་གི་ལྷ་སྣམ། ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར། དབུས་སྔོ་བའི་སྟེང་དུ། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ལྟེ་བ་དང་ཞེས་པ་ནས། བཅས་པའོ། །དེའི་སྟེང་དུ། རང་ཉིད་གནས་པར་གྱུར། བདག་ཉིད་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པར་གྱུར་པ་ལས། རང་ཉིད་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་ནས། དབུས་ན་བཞུགས་པའོ། །ཐུགས་ཀ་ནས་མཾ་ཏཾ་པཾ་ལཾ་རྣམས་སྤྲོས་པ་ཏེ། ཕྱོགས་བཞིར་འཁོད། བྷྲུཾ་ཨཾ་ཛྲིཾ་ཁཾ་བཞི་སྤྲོ་སྟེ། མཚམས་བཞིར་འཁོད་པ་རྣམས་ཡོངས་སུ་གྱུར་པ་ལས། ཤར་གྱི་འདབ་མ་ལ་ནས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། དབང་གི་ལྷ་ཐམས་ཅད་ཀྱང་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ། བར་འདིར་ལྷ་སོ་སོའི་སྙིང་པོ་ཅི་འགྲུབ་ཏུ་བཟླས་པའི་མཐར། ལྷ་དྲུག་པོ་རེ་རེའི་སྔགས་ཀྱི་མཐར། ཧེ་རུ་ཀའི་ཡིག་བརྒྱ་སྦྱར་བ་ལན་གསུམ་གསུམ་གྱིས་བརྟན་པར་བྱའོ། །གཉིས་པ་དཀྱིལ་འཁོར་མཆོད་པ་ནི། མཆོད་པ་བྱིན་རླབས་བྱས་ལ། བདེ་མཆོག་སྒྱུ་འཕྲུལ་འཁོར་ལོའི་རོལ་པ་ལས། །ཡན་ལག་བརྒྱད་ལྡན་རྡོ་རྗེ་ཨརྒྷའི་རྒྱུན། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་རབ་སྤེལ་བས། །མཁའ་འགྲོ་དྲ་བའི་འཁོར་


TNT12_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སྡོམ་གྱུར་ཅིག །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེའི་ཚིག་རྐང་གཉིས་པར། ཞབས་ཀྱི་པདྨའི་གདུང་སེལ་རྡོ་རྗེའི་ཆུ། །ཞེས་དང༌། ཨརྒྷཾ་གྱི་ཚབ་ཏུ་པཱ་དྱཾ་སྦྱར་ཏེ་ཆུ་གཉིས་སོ། །ཨོཾ་བཟང་ཞིང་དགེ་བའི་མེ་ཏོག་ནི། །གཙང་ཞིང་གཙང་མའི་གནས་ལས་སྐྱེས། །བདག་གི་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཡང་དག་དགའ་བའི་མེ་ཏོག་གི །རྡོ་རྗེ་ཉི་མ་པདྨར་ཕྱུང༌། །མེ་ཏོག་བདག་ཉིད་ལ་མཆོད་པ། །རྡོ་རྗེ་གསུམ་གྱི་བདག་ཉིད་མཆོག།ཨོཾ་བཛྲ་པུཥྤེ་ཨཱཿ ཧཱུཾ། །དྲི་ཡིས་རྒྱས་པ་ལྷ་ཡི་རྫས། །ནགས་ཚལ་བཅུད་ནི་ཡིད་འོང་འདི། །བདག་གི་སོགས་ཚིག་རྐང་གཉིས་གོང་བཞིན། རྣམ་རྟོག་ཚོགས་ཀྱི་ཡུལ་མིན་ཅིང༌། །ལྟེ་བར་གཏུམ་མོ་འབར་བ་ཡི། །ངེས་པར་བསྲེགས་པ་དེ་ཡི་སོགས། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །དྷཱུ་པེ། སྲིན་པོ་འཇོམས་ཤིང་གཙང་བྱེད་ལ། །མུན་པ་སེལ་བྱེད་དགེ་བ་འདི། །བདག་གིས་སོགས། ཡི་གེ་ཧཱུཾ་ལས་ཡང་དག་བྱུང༌། །སྔགས་ཀྱི་འོད་ཟེར་ཤིན་ཏུ་གསལ། །མར་མེ་འབར་བའི་ཡང་དག་འོད། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །དཱི་པཾ། གཙང་དག་སྐྱེ་གནས་ལས་སྐྱེས་པ། །དགེ་བའི་དྲི་བཟང་དམ་པ་འདི། །བདག་གི་སོགས། བདེ་བ་ཆེན་པོའི་ནམ་མཁར་གནས། །བྱང་ཆུབ་སེམས་ནི་སད་པ་དང༌། །དེ་ཉིད་


TNT12_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀྱང་བྱུག་པ་ནི། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །གནྡྷེ། སྨན་རྣམས་བཅུད་གཙང་ཡི་གར་འོང༌། །སྔགས་ཀྱི་ཞལ་ཟས་མཆོག་འདི་དག།བདག་གི་སོགས། འདིར་ནི་གང་དང་གང་ལོངས་སྤྱོད། །དབང་པོ་ཐམས་ཅད་ཡང་དག་བརྟེན། །དེ་དག་ཐམས་ཅད་ཐུགས་རྡོ་རྗེ། །བཟའ་བའི་མཆོད་པས་མཆོད་པར་བྱ། །ནཻ་བི་ཏྱ། དེ་ལས་གཞན་ཡང་མཆོད་པའི་ཚོགས༌། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་ཚིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག།རྡོ་རྗེ་པདྨ་ཡང་དག་སྦྱར། །ཞུགས་པ་ལ་སོགས་རིམ་ལས་བྱུང༌། །རྣལ་འབྱོར་པ་ཡི་གཞོམ་མེད་སྒྲ། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། །གྷནྚེར་ཎི་སོགས་དང་རོལ་ཆེན་བྱ། ནང་མཆོད་གཏོར་མ་བྱིན་གྱིས་བརླབས། ཁྱབ་བདག་དང་པོའི་སངས་རྒྱས་རྡོ་རྗེ་འཆང༌། །རྡོ་རྗེ་བཙུན་མོ་དཔལ་གྱི་ནི་གུ་མ། །མཁས་གྲུབ་ཆེན་པོ་ཁྱུད་པོ་རྣལ་འབྱོར་ལ། །རྣམ་དག་བདུད་རྩི་མཉེས་མཆོད་དམ་པ་འབུལ། །ཨོཾ་ཨཱཿཧཱུཾ། རྨོག་ལྕོག་མཉམ་མེད་རིན་ཆེན་བརྩོན་འགྲུས་དང༌། །དབོན་སྟོན་སྤྱན་རས་གཟིགས་དབང་སྐྱེར་སྒང་པ། །ཐོག་རྡུགས་གྲུབ་ཆེན་གཉན་སྟོན་རི་གོང་བར། །རྣམ་དག༴ འགྲོ་བའི་བླ་མ་སངས་རྒྱས་སྟོན་པ་དང༌། །གཙང་མ་ཤངས་སྟོན་ཚུལ་ཁྲིམས་འབུམ་པའི་ཞབས། ཁྱུང་པོ་གསུམ་པར་བྱོན་པའི་


TNT12_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་མགོན་ལ། །རྣམ་དག༴ བྱ་བྲལ་རི་ཁྲོད་དབང་ཕྱུག་རས་ཆེན་དང༌། །མཁྱེན་ལྡན་ཤངས་པ་དཀར་པོ་རིན་རྒྱལ་བ། །མཉམ་མེད་ཆེན་པོ་སངས་རྒྱས་དཔལ་བཟང་ལ། །རྣམ་དག༴ གྲུབ་ཆེན་ཆོས་རྗེ་ནམ་མཁའི་རྒྱལ་མཚན་དང༌། །རྒྱ་སྒོམ་སྦས་པའི་རྣལ་འབྱོར་ལེགས་རྒྱལ་བ། །འཇམ་མགོན་གྲུབ་པའི་དཔའ་བོ་དམ་པའི་རྗེར། རྣམ་དག༴ འཆི་མེད་དབང་པོ་མཆོག་གཟིགས་ལྷ་དབང་གྲགས། །མཁས་མཆོག་བྱང་ཆུབ་ཐུགས་མངའ་རྡོ་རིངས་དབོན། །རྒྱུད་པ་ཀུན་འདུས་རྩ་བའི་བླ་མ་ལ། རྣམ་དག༴ འཁོར་ལོ་བདེ་མཆོག་རྡོ་རྗེ་རྣལ་འབྱོར་མ། །མཁའ་འགྲོ་ལཱ་མ་ཁཎྜ་རོ་ཧི་དང༌། །གཟུགས་ཅན་མ་སོགས་དཀྱིལ་འཁོར་ལྷ་ཚོགས་ལ། །རྣམ་དག༴ མྱུར་མཛད་སྤྱན་རས་གཟིགས་མགོན་རེ་མ་ཏཱི། །ཀྵེ་ཏྲ་པཱ་ལ་ཛི་ན་མི་ཏྲ་དང༌། །ཊཱཀྐི་རཱ་ཛ་བདུད་མགོན་ཊཀྴད་ལ། རྣམ་དག༴ ཕྱོགས་བདག་ཞིང་སྐྱོང་ཀླུ་ཡི་དབང་པོ་དང༌། །དཔའ་བོ་མཁའ་འགྲོ་དུར་ཁྲོད་གནས་པའི་ཚོགས། །གཉུག་མར་གནས་པའི་གཞི་བདག་མ་ལུས་ལ། །རྣམ་དག་བདུད་རྩིའི་མཉེས་མཆོད་དམ་པ་འབུལ། །ཨོཾ་ཨཱཿཧཱུཾ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ་ལན་བདུན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷ་བ་ཨཱཏྨ་ཀོ྅ཧཾ། འདིར་ནི་ཐོག་མ་དབུས་ཐ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །


TNT12_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་བརྗོད་ཅིང་མཉམ་པར་བཞག །དེ་ནས་བསྟོད་པ་ནི། ཨོཾ་བཅོམ་ལྡན་དཔའ་བོའི་དབང་ཕྱུག་ཆེན་པོ་ནི། །བསྐལ་པ་ཆེན་པོའི་མེ་དང་མཉམ་པའི་འོད། །རལ་པ་གྱེན་དུ་བརྫེས་པའི་ཅོད་པན་ཅན། །མཆེ་བ་གཙིགས་པ་དྲག་པོ་འཇིགས་པའི་ཞལ། །གཟི་བརྗིད་ལྡན་པ་སྟོང་ཕྲག་ཕྱག་གིས་ནི། །དགྲ་སྟ་ཞགས་གདེངས་མདུང་དང་ཁ་ཊྭཱཾ་ག།བསྣམས་ཤིང་སྟག་གི་ལྤགས་པའི་ན་བཟའ་འཛིན། །དུད་ཁ་མུན་ནག་ཆེན་པོའི་སྐུ་ལ་འདུད། །ཧཱུཾ་ཧཱུཾ་ཕཊ། ཅེས་དང༌། ཨོཾ་ན་མོ་བྷ་བ་ཏེ་བཱི་རི་ཤཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་ཀལྤ་ཨགྣི་སནྣི་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། དེ་བཞིན་དུ། ཨོཾ་དང་ཧཱུཾ་ཧཱུཾ་ཕཊ། མཚུངས་པར་སྦྱར་ལ། ཛ་ཊ་མུ་ཀུ་ཊོཊྐ་ཊ་ཡ། དཾ་ཥྟ་ཀ་ར་ལོ་གྲ་བཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷ་སུ་རཱ་ཡ། པ་ར་ཤུ་པ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷ་རི་ཎི། བྱཱ་གྷྲ་ཛི་ནཱམྦ་ར་དྷ་རཱ་ཡ། མཧཱ་དྷུ་མྲཱནྡྷ་ཀ་ར་བ་པུ་ཥཱ་ཡ། ཞེས་ཡབ་ཀྱི་རྐང་བརྒྱད་དང༌། ཨོཾ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མོ་ནི། །གཞན་གྱི་མི་ཐུབ་འཇིག་རྟེན་གསུམ་ཡུམ་རིག་མ་ནི། །དབང་ཕྱུག་འབྱུང་པོའི་འཇིགས་པ་ཀུན་སེལ་རྡོ་རྗེ་ཆེ། །རྡོ་རྗེའི་གདན་མ་མི་ཕམ་དབང་མཛད་གཞན་མི་རྒྱལ། །སྤྱན་འཕྲུལ་དུག་སྐེམ་དྲག་མོ་ཁྲོ་མོ་མཆེ་


TNT12_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

གཙིགས་མ། །སྐྲག་བྱེད་གསོད་བྱེད་འཇོམས་བྱེད་རྣལ་རྒྱལ་གཞན་ལས་རྒྱལ། །རྨུགས་བྱེད་རྨོངས་བྱེད་རེངས་བྱེད་རྡོ་རྗེ་ཕག་མོ་ནི། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་མོ་མཁའ་འགྲོར་འདུད། །ཧཱུཾ་ཧཱུཾ་ཕཊ། བྷ་ག་བ་ཏེ་བཛྲ་བཱ་རཱ་ཧི་བཾ། ཨཱརྱ་པཱ་ར་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མཧཱ་བིདྱ་ཤྭ་རི། སརྦྦ་བྷུ་ཏ་བྷ་ཡ་བཱ་ཧེ་མཧཱ་བཛྲེ་བཛྲ་ས་ནེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་བ་ཤྱཾ་ཀ་རཱི་ནཻ་ཏྲ་བྷྲ་མ་ཎི། ཤོ་ཁ་ཎི་རོ་ཥ་ཎི་ཀྲོདྷ་ནི་ཀ་ར་ལི་ནཱི། ཏྲ་ས་ནཱི་མ་ར་ཎཱི་པྲ་བྷེ་ད་ནཱི་ཨ་པ་ར་ཛ་ཡ། བི་ཛ་ཡེ་ཛམྦྷ་ནི་སྟམ་བྷ་ནི་མོ་ཧཱ་ནི། བཛྲ་བཱ་རཱ་ཧི་མཧཱ་ཡོ་ཀི་ནཱི་ཀཱ་མེ་ཤྭ་རཱི་ཁ་གེ ཞེས་པ་ལ་རྐང་པའི་རེ་རེའི་མགོར། ཨོཾ་ན་མོ་དང་ཐ་མར་ཧཱུཾ་ཧཱུཾ་ཕཊ། སྦྱར་བ་ཡུམ་གྱི་རྐང་པ་བརྒྱད་པས་བསྟོད། གཞན་ཡང༌། ཡེ་ཤེས་ལྔ་ལྡན་ངོ་བོ་ཉིད། །རིགས་རྣམས་ཀུན་གྱི་བདག་པོ་སྟེ། །སངས་རྒྱས་ཀུན་འདུས་ཧེ་རུ་ཀ །བདེ་མཆོག་དཔའ་བོ་ལ་ཕྱག་འཚལ། །སངས་རྒྱས་རིགས་ཀྱི་དཀྱིལ་འཁོར་ཀུན། །མཉམ་ཉིད་གཅིག་ཏུ་བསྡུས་པའི་སྐུ། །མཁའ་ཁམས་ཤེས་རབ་ཕ་རོལ་ཕྱིན། །རྡོ་རྗེ་ཕག་མོ་ལ་ཕྱག་འཚལ། །རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ཀུན། །གཅིག་ཏུ་འདུས་པའི་ངོ་བོ་ཉིད། །ཆུ་ཁམས་རྣམ་དག་སྙིང་རྗེའི་དངོས། །མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ལས་ཀྱི་རིགས་ཀྱི༴ གཅིག་ཏུ།


TNT12_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ཁམས་རྣམ་དག་བཏང་སྙོམས་དངོས། །ལཱ་མའི་དབང་ཕྱུག་མ་ལ་འདུད། །པདྨའི་རིགས་ཀྱི༴ གཅིག་ཏུ། མེ་ཁམས་རྣམ་དག་དགའ་བའི་དངོས། །དུམ་སྐྱེས་མ་ལ་ཕྱག་འཚལ་འདུད། །རྡོ་རྗེ་རིགས་ཀྱི༴ གཅིག་ཏུ། ས་ཁམས་རྣམ་དག་བྱམས་པའི་དངོས། །གཟུགས་ཅན་མ་ལ་ཕྱག་འཚལ་འདུད། །བདེ་གཤེགས་རྣམས་ཀྱི་བྱིན་རླབས་པ། །གཟུངས་མ་རྣམས་ཀྱི་ངོ་བོ་ཉིད། །བདུད་རྩིས་གང་བའི་བུམ་པ་དང༌། །པདྨའི་སྣོད་ལ་ཕྱག་འཚལ་འདུད། །ཐར་པ་ཆེན་པོའི་གཞལ་མེད་ཁང༌། །བྱང་ཆུབ་ཕྱོགས་ཀྱིས་རྣམ་པར་བརྒྱན། །ལྷ་རྣམས་བཞུགས་པའི་གདན་དང་བཅས། །རྟག་པའི་རང་བཞིན་ཁྱོད་ལ་འདུད། །རྣམ་ཤེས་བརྒྱད་པོ་རྣམ་དག་པ། །མི་གནས་མྱ་ངན་འདས་པའི་ཚུལ། །འཇིག་རྟེན་སྐྱོང་བ་རྣམས་ཀྱི་གནས། །དུར་ཁྲོད་བརྒྱད་ལ་ཕྱག་འཚལ་འདུད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །བདུད་ཚོགས་མ་ལུས་ཟིལ་གནོན་པ། །མི་ཕྱེད་བསྲུང་བའི་འཁོར་ལོ་ལ། །རྟག་ཏུ་གུས་པས་ཕྱག་འཚལ་འདུད། །ཆོས་ཉིད་ཤེས་རབ་གྲུ་གསུམ་གནས། །ཡེ་ཤེས་ལྷ་ཚོགས་ཁམས་ལྔས་བརྒྱན། །དཀྱིལ་འཁོར་མ་ལུས་སྤྲུལ་པའི་གཞི། །བདེ་ཆེན་དེ་ལ་ཕྱག་འཚལ་འདུད། །དེ་ལྟར་བསྟོད་པའི་དགེ་བ་ཡིས། །རྒྱུད་ལྔ་འགྲོ་བ་རྣམ་དག་ནས། །


TNT12_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ལྔ་ཡེ་ཤེས་གོ་འཕངས་ནི། །རྡོ་རྗེ་འཛིན་པའི་མཐུས་ཐོབ་ཤོག །ཅེས་པས་ཀྱང་བསྟོད། མཆོད་བསྟོད་དེ་ཙམ་ནི་ངེས་པར་བྱ་དགོས་ལ། རྒྱས་པ་ལ་སྤྲོ་ན། གོས་ཟུང་དང༌། རིམ་བཅུ་དྲུག་དང༌། རྒྱལ་སྲིད་སྣ་བདུན་ལ་སོགས་པ་མཆོད་པའི་རྣམ་གྲངས་ཇི་སྙེད་ཡོད་པ་ཀུན། གཞན་ནས་ཁ་བསྐང་དེ་འདིར་སྦྱར་བས་རུང་ལ། འདིར་ནི་ཡིག་རྙིང་དུ་གཏོགས་པའི་མཆོད་འབུལ་རྒྱས་ལ། ཉོག་པ་རྣམས་ཀྱི་སྤྲོས་པ་སྤངས་ཏེ། ཡིད་བརྟན་ཐུབ་ངེས་པ་རྣམས་བསྡུས་ཏེ་བཀོད་པ་ཡིན་ནོ། །དེ་ནས་གཏོར་མ་འབུལ་བ་ནི། ཕལ་ཆེར་སྒྲུབ་ཐབས་སུ་བཤད་པ་དང་འདྲ་བ་ལས། ཡེ་ཤེས་ལྷ་ལ་གཏོར་མ་ཕུལ་བའི་རྗེས་ཐོགས་དེ་ཉིད་ལ། གཏོར་ཆོག་ལྟར་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ལ་གཏོར་མ་འབུལ། དེ་རྗེས། ཨོཾ་ཁ་ཁ་སོགས་ཀྱིས་འབྱུང་པོའི་ཚོགས་ལ་གཏོར་མ་སྦྱིན་ནོ། །གསུམ་པ་ནི་སྔོན་འགྲོ་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་མཎྜལ་ཕུལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་རྒྱུན་བཤགས་ནི། བདག་གིས་སྡིག་པ་བགྱིས་པ་དང༌། །བགྱིད་དུ་རྩལ་དང་ཡི་རང་གང༌། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །མ་ལུས་དེ་དག་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །སྒོམ་དང་བཟླས་བརྗོད་བསོད་ནམས་ཀྱི། །ཚོགས་ལ་བདག་ནི་ཡི་རང་ངོ༌། །སེམས་བསྐྱེད་མངོན་པར་སངས་རྒྱས་ནས། །


TNT12_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག།དེ་ལ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །དེ་བཞིན་བདག་གིས་སེམས་བསྐྱེད་དོ། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ཤོག།འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང༌། །སེམས་ཅན་སྡུག་བསྔལ་མང་པོ་གཟིར་ལས་སྒྲོལ། །ཞེས་ལན་གསུམ། དེ་ནས་སྡོམ་བཟུང་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཇི་ཙམ་དུས་ནས་བཟུང་ནས་སུ། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ཉིད་ནས་བཟུང་ནས་སུ། །ནམ་ཞིག་བྱང་ཆུབ་སྙིང་པོ་ལ། །ཡོངས་སུ་གནས་ཀྱི་བར་དག་ཏུ། །བདག་གི་བྱང་ཆུབ་མཆོག་གི་སེམས། །མ་ལུས་པར་ནི་བསྐྱེད་པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པས། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་


TNT12_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་སྟེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམ་སྟེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང༌། །ལས་ཀྱི་རིགས་མཆོག་ཆེན་པ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱིད། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ། ཨཱ་ཁཾ་བཱི་ར་ཧཱུཾ། ལན་གཉིས་ཀྱིས་མིག་དར་དང་མེ་ཏོག་བླང༌། ཉུངས་དཀར་གཏོར་ཞིང་སུམྦྷའི་སྔགས་ཀྱི་བགེགས་བསྐྲད། བདུད་རྩི་ལྕེ་ལ་བཞག་ཏེ། ཨོཾ་ཨཱཿཧཱུཾ་གིས་བསྲུང་བ་བྱ། རང་གི་སྙིང་ཁར་ཧེ་ནག་པོ་རྒྱུ་དང་བྲལ་བ། མགྲིན་པར་རུ་དམར་པ་ཚོགས་དང་བྲལ་བ། དཔྲལ་བར་


TNT12_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དཀར་པོ་གང་དུ་ཡང་མི་གནས་པ། ལྟེ་བར་ཤྲཱི་སེར་པོ་གཉིས་སུ་མེད་པའི་ཡེ་ཤེས་སུ་གྱུར། ཤྲཱི་ཧེ་རུ་ཀོ྅ཧཾ། ཞེས་སྟོང་པ་ཉིད་དུ་སེམས་བསྐྱེད། དེ་ནས། ཨཱ་ཁཾ་བཱི་ར་ཧཱུཾ། ཞེས་ཡོལ་བའི་ནང་དུ་བཅུག།ཨོཾ་ན་མཿཏེ་ཧཱུཾ། ན་མོ་མེ་ཧཱུཾ། ན་མོ་ན་མཿཧཱུཾ་སྭཱཧཱ། ཞེས་ཕྱག་འཚལ་དུ་གཞུག།དེ་ནས་གསང་བ་བསྒྲགས་པ་ནི། གནས་གསུམ་དུ་དྲི་བཟང་གི་ཐིག་ལེ་བྱས་ལ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ། རྡོ་རྗེ་དཀར་པོ་རྩེ་ལྔ་པ། ཨོཾ་སརྦ་ཡོ་ག་ཙིཏྟྭ་ཨུ་པ་ད་ཡ་མི༌། སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་སུ་ར་ཏ་ས་མ་ཡ་སྟྭཾ། ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་མགོ་བོར་བཞག་ལ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། ཁྱོད་ཀྱི་སྤྱི་བོར་གཞག་པ་ཡིས། །སངས་རྒྱས་སྐུ་རུ་ཁྱོད་འགྲུབ་ཅིང༌། །མི་ཕྱེད་ཡེ་ཤེས་ཐོབ་པར་འགྱུར། །སྙིང་གར་བཞག་ལ། རྡོ་རྗེ་འཛིན་པ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲ་ན་ནི། །དེ་མ་ཐག་ཏུ་དྲལ་སྟེ་གཤེགས། །བདུད་རྩི་ལྔའི་ནང་མཆོད་བླུད་ལ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་


TNT12_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ནི། །ཡེ་ཤེས་བདུད་རྩིས་ཆུ་འདིས་འགྲུབ། །ཨོཾ་བཛྲ་སརྦ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུཾ། ཡང་རྡོ་རྗེ་སྤྱི་བོར་བཞག་ལ། དེང་ནས་གཟུང་སྟེ་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱི། །ང་ཡི་ཇི་ལྟར་བཀའ་སྩལ་པ། །གུས་པའི་ཚུལ་གྱིས་ཉན་པར་གྱིས། །གལ་ཏེ་ང་ལ་བརྙས་པ་ན། །སངས་རྒྱས་ཐམས་ཅད་བརྙས་པ་ཡིན། །མི་བདེ་མ་སྤངས་དུས་བྱས་ནས། །དམྱལ་བ་ཆེན་པོར་གྱུར་ཏ་རེ། །བཅུ་པ་ཡེ་ཤེས་དབབ་པ་ནི། བདེ་བར་གཤེགས་པ་ཐམས་ཅད་ཀྱིས། །བྱིན་གྱིས་བརླབས་པའི་ཡེ་ཤེས་མཆོག།སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གཙོ་བོས་བདག་ལ་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སྟོང་པའི་ངང་ལས་རང་ཉིད་འཁོར་ལོ་བདེ་མཆོག་དཔའ་བོ་གཅིག་པའི་སྐུར་གསལ་བའི། རྐང་མཐིལ་གཉིས་ཀྱི་འོག་ཏུ། ཡི་གེ་ཛྷཻཾཿདམར་པོ་བསྐུལ་བར་བྱེད་པ་པོ། གསང་བར་ཨཿདམར་པོ་གསུང་རྡོ་རྗེ། སྙིང་གར་ཧཱུཾ་ནག་པོ་ཐུགས་རྡོ་རྗེ། སྤྱི་བོར་ཧཾ་དཀར་པོ་སྐུ་རྡོ་རྗེ། སྙིང་གི་ནང་དུ་འཁོར་ལོ་བདེ་མཆོག་ཡབ་ཡུམ་མཚོན་གང་བ་རྣམས་འཁོད་པར་གྱུར། སློབ་དཔོན་ནམ་མདུན་བསྐྱེད་དཀྱིལ་འཁོར་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསུང་སྐུ་རྡོ་རྗེ་རྣམས་འོད་ཟེར་མཐིང་དམར་དཀར་གསུམ་གྱི་རྣམ་པར་སྤྱན་དྲངས། གནས་གསུམ་གྱི་ཧ྄ཱུཾ་ཨཱཿཧ་


TNT12_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཐིམ། ཛྷཻཾཿཡིག་ལས་འོད་ཟེར་འཕྲོས་པས། རྐང་བའི་བུ་ག་ནས་ཞུགས། ལུས་ནང་གི་ཡི་གེ་གསུམ་བསྐུལ་བས། དེ་རྣམས་ལས་འོད་ཟེར་གྱིས་ལུས་ཀྱི་ནང་ཐམས་ཅད་གང་ཞིང༌། ལུས་སེམས་ཐམས་ཅད་བདེ་བས་ཁྱབ། ཡང་སློབ་དཔོན་ནམ། མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ། སངས་རྒྱས་ཐམ་ཅད་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། རང་གི་སྙིང་གར་སིབ་སིབ་ཐིམ་པར་གྱུར། སྤོས་དང་རོལ་མོའི་སྒྲ་དང་བཅས་ཏེ། ཡི་གེ་བདུན་པ་མང་དུ་བཟླས་ཤིང༌། ཨོཾ་ཏིཥྛ་མཧཱ་ཀྲོདྷ་ཨ་བེ་ཤ་ཡ་ཧཱུཾ། ཞེས་པ་བཟླས་པས་ཡེ་ཤེས་དབབ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ་ལན་གཉིས་ཀྱི་བརྟན་པར་བྱས་ལ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ་ཞེས་པས་དཀྱིལ་འཁོར་གྱི་ལྷ་ལ་མེ་ཏོག་དོར། སྟོབས་དང་ལྡན་པའི་སེམས་ཅན་ཁྱོད། །འདི་ནི་སོ་སོར་བཟུང་བར་གྱིས། །ཞེས་མེ་ཏོག་སྤྱི་བོར་བཅིངས། ཧེ་རུ་ཀ་དཔལ་དང་ཁྱོད་ཀྱི། །མིག་འབྱེད་པར་ནི་རྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་པ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་ཛྙཱ་ན་ཙཀྵུ་ཧཱུཾ་ཨ། དེ་ནི་ཕྱིའི་དཀྱིལ་འཁོར་དུ་འཇུག་པ་ཡིན་ལ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་གི་ལུས་ལ་ཕོག །འོད་ཀྱི་གོང་བུ་གྱུར། དཀྱིལ་


TNT12_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་གཙོ་བོའི་ཞལ་ནས་ཞུགས། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས། རང་ཉིད་ཧེ་རུ་ཀ་ཕྱག་གཉིས་པ་ཡབ་རྐྱང་གི་རྣམ་པར་གྱུར། ཡང་སངས་རྒྱས་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས་བྱང་ཆུབ་ཀྱི་སེམས་དང་རོ་གཅིག་ཏུ་འདྲེས་ཏེ། རྡོ་རྗེའི་ལམ་ནས་བྱུང་བའི་ཐིག་ལེའི་རྒྱུན་གྱིས་དབང་བསྐུར་བས་རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྣམ་པར་དག་པའི་ངོ་བོ་གདོད་ནས་གྲུབ་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་གྱུར། ཧཱུཾ་ཞེས་བྱ་བས་གསང་བ་ནས་ཕྱིར་སྤྲོས་ཏེ། ཕྱིའི་གཞལ་ཡས་ཁང་གི་ཤར་སྒོའི་ནང་དུ་པད་ཉི་ལ་མཁོད་པར་གྱུར། སློབ་མ་ལ་དབང་སྐུར་བའི་སྐབས་ཡིན་ན། དེ་ནས་སྐབས་འདིར། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མཐའ་དག་སྒྲུབ་ཐབས་དང་མདུན་བསྐྱེད་ཀྱི་སྐབས་བཞིན་ལྷ་ངོ་བསྟན་པར་བྱ་ལ། བདག་འཇུག་གི་སྐབས་ནི། ཕྱི་དཀྱིལ་མཐོང་བར་མོས་པ་ཙམ་གྱི་ཆོག་གོ །དེ་ནས། རང་བཞིན་གྱི་ནི་དག་པའི་བདག། ལུས་ནི་རང་བཞིན་དྲི་མ་མེད། །དཔའ་བོ་དཔའ་མོ་དབང་མོའི་གནས། །དཀྱིལ་འཁོར་ལ་ནི་བུ་ཁྱོད་ལྟོས། །ཞེས་ནང་གི་དཀྱིལ་འཁོར་བལྟ་བར་བསྐུལ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་ཀྱི་སྐུ་ལ་གནས་པའི་རྩ་རྣམས་མཁའ་འགྲོ་མ་དང༌། ཁམས་རྣམས་དཔའ་བོའི་རང་བཞིན་དུ་ངེས་པར་གྱིས་ཤིག །དེ་ནི་ནང་གི་དཀྱིལ་འཁོར་དུ་འཇུག་


TNT12_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐ་སྙད་མཛད་དོ། །དངོས་གཞི་ལས། རྡོ་རྗེ་སློབ་མའི་དབང་གི་དོན་དུ་མཎྜལ་འབུལ། བསམ་གྱིས་མི་ཁྱབ་ཆོས་ཀྱི་སྣོད། །བདག་ལ་དབང་ནི་བསྐུར་དུ་གསོལ། །ཞེས་ལན་གསུམ་གྱི་གསོལ་བ་འདེབས། དེ་ལ་དང་པོ་ཆུ་དབང་བསྐུར་བའི་ཆོ་ག་ནི། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བདག་དང་དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་གཉིས་ཀ །སློབ་དཔོན་གྱི་ཞལ་དུ་བཅུག།ཐུགས་ཀར་བྱང་ཆུབ་ཀྱི་སེམས་དང་རོ་གཅིག་ཏུ་འདྲེས། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པའི་ཐིག་ལེ་ཆ་གཉིས་སུ་གྱུར་པའི་ཆ་གཅིག་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པར་གྱུར། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་མི་བསྐྱོད་པ། སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་མཱ་མ་ཀཱི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བས། གཡས་རྐྱང་བའི་སྟབས་ཀྱིས་བཞུགས་ཤིང་རུས་པའི་རྒྱན་གྱིས་བརྒྱན་པར་གྱུར། ཧཱུཾ་ཞེས་བྱ་བས་མཁའ་ནང་ནས་ཕྱིར་སྤྲོས་ཏེ། ཕྱི་རོལ་ཏུ་དབང་སྟེགས་ཀྱི་གདན་ལ་འཁོད། བྱང་ཆུབ་ཀྱི་སེམས་ཀྱི་ཆ་གཅིག་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པར་གྱུར། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྤྲུལ་པའི་དབང་གི་ལྷ་རྣམས་ཀྱིས། ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་དེ་ཉིད་ཐོགས་ཏེ་དབང་བསྐུར། ཇི་ལྟར་


TNT12_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། གཙོ་བོ་ཡབ་ཡུམ་གྱི་ཉེ་སྙིང་དང༌། ལྷ་མོ་བཞིའི་སྔགས་ཀྱི་མཐར། ཨོཾ་བཛྲི་བྷ་བ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བུམ་པའི་ཆུས་དབང་བསྐུར། ལུས་ཐམས་ཅད་བདེ་བས་གང༌། སྙིང་གའི་འཁོར་ལོ་བརྟན་པར་བྱས། ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས། མི་བསྐྱོད་པའི་དབུ་བརྒྱན། དེ་ལྟར་ཆུ་དབང་ཐོབ་པས། རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་སོ། །ཞེས་སོ། །འདི་མན་ཆད་ཅོད་པན་གྱི་དབང་སོགས་ནི། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཞེས་པ་ནས། ཡེ་ཤེས་མངོན་དུ་བྱས་སོ་ཞེས་པའི་བར། ཆུ་དབང་གི་སྐབས་དེ་ཉིད་ཀྱི་རིགས་འདྲེས་པ་ལས། ཁྱད་པར་ནི། ཅོད་པན་གྱི་དབང་ལ། བདག་དང་དབང་རྫས་དབུ་རྒྱན་གཉིས་ཀ་ཞེས་དང༌། གཉིས་སུ་གྱུར་པའི་ཆ་གཅིག་ཨཾ་ལས་རིན་པོ་ཆེ་ཨཾ་གིས་མཚན་པ་ཞེས་དང༌། རང་ཉིད་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། ཡུམ་རིན་ཆེན་སྒྲོལ་མ་སེར་མོ་གྲི་གུག་དང་ཞེས་པ་ནས། སེམས་ཀྱི་ཆ་གཅིག་དབུ་རྒྱན་དུ་གྱུར་ལྷ་རྣམས་ཀྱི་དབུ་རྒྱན་དེ་ཉིད་ཐོགས་


TNT12_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དབང་བསྐུར། ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟཾ་ཨ་ཧཾ་ཞེས་དབུ་རྒྱན་བཅིངས། ཨོཾ་རཏྣ་སམྦྷ་བ་ཨ་བྷཱི་ཥིཉྩ་ཧཱུཾ། ཞེས་བུམ་པའི་ཆུས་ཞེས་དང༌། ལྟེ་བའི་འཁོར་ལོ་བརྟན་པར་ཞེས་དང༌། རིན་ཆེན་འབྱུང་ལྡན་གྱི་དབུ་བརྒྱན། དེ་ལྟར་ཅོད་པན་གྱི་དབང་ཐོབ་ཞེས་དང༌། ཚོར་བའི་ཕུང་པོ་ཞེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་སོ། །ཞེས་འདོན་པ་སྤོའོ། །དེ་བཞིན་དུ་སྦྱར་ཏེ། རྡོ་རྗེའི་དབང་ནི། དབང་རྫས་རྡོ་རྗེ་གཉིས་ཀ་ཆ་གཉིས་སུ་གྱུར་པའི་ཆ་གཅིག ཛྲིཾ་ལས་པདྨ་ཛྲིཾ་གི་མཚན་པ། འོད་དཔག་མེ་དམར་པོ། པདྨ་དང་དྲིལ་བུ་འཛིན་པ། ཡུམ་གོས་དཀར་མོ་དམར་མོ། སེམས་ཀྱི་ཆ་གཅིག་རྡོ་རྗེ་འགྱུར། ལྷ་རྣམས་ཀྱིས་རྡོ་རྗེ་དེ་ཉིད་ཐོགས་ཏེ་དབང་བསྐུར་བར་གྱུར། ཨོཾ་མཧཱ་བཛྲ་ཧཱུཾ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་སྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང༌། །སླར་ཡང་བུམ་པའི་ཆུས་དབང་བསྐུར། ཨོཾ་པདྨ་དྷ་ར་ཨ་བྷི་ཥིཉྩ་ཧཱུཾ། མགྲིན་པའི་འཁོར་ལོ། འོད་དཔག་མེད་ཀྱིས་དབུ་བརྒྱན། རྡོ་རྗེའི་དབང་ཐོབ། འདུ་ཤེས་ཀྱི་ཕུང་པོ། སོར་རྟོག་ཡེ་ཤེས་ཞེས་འདོན་པ་སྤོའོ། །དེ་བཞིན་དུ་དྲིལ་བུའི་དབང་ནི། དབང་རྫས་དྲིལ་བུ།


TNT12_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་གཅིག་ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ། དོན་ཡོད་གྲུབ་པ། སྐུ་མདོག་ལྗང་ཁུ་རལ་གྲི་དང༌། ཡུམ་དམ་ཚིག་སྒྲོལ་མ་ལྗང་ཁུ། ཆ་གཅིག་དྲིལ་བུར་གྱུར། དྲིལ་བུ་དེ་ཉིད་ཐོགས་ཏེ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨབྷི་ཥིཉྩ་ཧཱུཾ། ཏིཥྛ་བཛྲ་ས་མ་ཡ། ཞེས་དྲིལ་བུ་བཏང༌། ཨོཾ་ཀརྨ་བྷ་བ་ཨ་བྷི་ཥིཉྩ་ཧཱུཾ། གསང་བའི་འཁོར་ལོ། །དོན་ཡོད་གྲུབ་པས་དྲིལ་བུས་དབང་ཐོབ། འདུ་བྱེད་ཀྱི་ཕུང་པོ། བྱ་བ་གྲུབ་པའི་ཡེ་ཤེས་ཞལ་འདོན་པ་སྤོ། དེ་བཞིན་དུ་མིང་གི་དབང་ནི། དབང་རྫས་རྡོ་རྗེ་དང་བཅས་པའི་དྲིལ་བུ་གཉིས་ཀ །ཆ་གཅིག་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱི་མཚན་པ །རྣམ་པར་སྣང་མཛད། དཀར་པོ་འཁོར་ལོ་དང༌། ཡུམ་སངས་རྒྱས་སྤྱན་མ་དཀར་མོ། །ཆ་གཅིག་རྡོ་རྗེ་དང་བཅས་པའི་དྲིལ་བུར་གྱུར། དབང་གི་ལྷ་རྣམས་ཀྱིས་རྡོ་རྗེ་དང་བཅས་པའི་དྲིལ་བུ་དེ་ཉིད་ཐོགས་ཏེ། ཨོཾ་བཛྲ་སཏྭ་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། བཛྲ་ནཱ་མ་ཨབྷི་ཥེ་ཀ་ཏ། ཀྱཻ་དཔལ། གསང་བའི་མིང་བཏགས། ཨོཾ་བུདྡྷ་བྷ་བཾ་ཨབྷི་ཥིཉྩ་ཧཱུཾ། སྤྱི་བོའི་འཁོར་ལོ། རྣམ་པར་སྣང་མཛད་ཀྱིས། མིང་གི་དབང་ཐོབ་པས། གཟུགས་ཀྱི་ཕུང་པོ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཞེས་འདོན་པ་སྤོ། དེ་ལྟར་དབང་རྣམ་པ་ལྔ་པོ་དེ་ཐོབ་པས་ཕུང་པོ་ལྔ་རྒྱལ་


TNT12_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

བ་རིགས་ལྔ། ཁམས་ལྔ་ཡུམ་ལྔ། དབང་པོ་དང་ཡུལ་རྣམས་སེམས་དཔའ་དང་སེམས་མ། རྣམ་པར་དག་པའི་ལུས་ཀྱི་ཆ་རྣམས་ཁྲོ་བོ་དང༌། ཁྲོ་མོའི་རང་བཞིན་དུ་བྱིན་གྱིས་རླབས་པ་ཡིན་ནོ། །དེ་ནས་སྔགས་ཀྱི་དབང་ནི། བདག་ཉིད་འཁོར་ལོ་བདེ་མཆོག་ཡབ་རྐྱང་གི་རྣམ་པ་ཙན་དུ་གྱུར། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ། ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་བྱུང་ཞལ་ནས་འཐོན། རང་གི་ཁ་སྒོ་ནས་ཞུགས། སྙིང་གར་ཧཱུཾ་གི་མཐའ་བསྐོར་དུ་འཁོད། ཨོཾ་ཤྲཱི་བཛྲ་ཧེ་ཧེ་སོགས་དང༌། ཨོཾ་སརྦ་བུདྡྷ་སོགས་ལན་གསུམ་གསུམ། དེ་ནས་མེ་ཏོག་འབུལ། སྟེར་བྱེད་བཞིན་པར། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེའི་བརྟུལ་ཞུགས་ཀྱི་དབང་ནི། ཡང་རྡོ་རྗེའི་དབང་གི་སྐབས་བཞིན་དུ་ཆུ་དབང་གི་སྐབས་ལ་འདོན་པ་སྤོས་ཏེ། དབང་རྫས་རྡོ་རྗེ་གཉིས་ཀ༴ ཆ་གཅིག༴ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ༴ རྡོ་རྗེ་སེམས་དཔའ་དཀར་པོ༴ རྡོ་རྗེ་དང་དྲིལ་བུ་འཛིན་


TNT12_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ༴ ཆ་གཅིག་རྡོ་རྗེར་གྱུར། རྡོ་རྗེ་དེ་ཉིད་ཐོགས་ཏེ། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་ཕྱག་ན་གནས། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཧེ་རུ་ཀ་དཔལ་རྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཥ་སྟྭཾ། དྷ་ར་ཡ་མི། བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ། ཨོཾ་བཛྲ་བྷ་བ་ཨ་བྷི་ཥིཉྩ་མཾ། གཙུག་ཏོར་གྱི་འཁོར་ལོ་རྡོ་རྗེ་སེམས་དཔས་དབུ་བརྒྱན། རྡོ་རྗེ་རྟུལ་ཞུགས་ཀྱི་དབང་ཐོབ། ཡེ་ཤེས་ཀྱི་ཕུང་པོ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་སོ། །སྤྱོད་པའི་རྟུལ་ཞུགས་ཀྱི་དབང་ནི། བདག་ཉིད་ཧཱུཾ་ལས་བྱུང་བའི་ཧེ་རུ་ཀ་འཁོར་ལོ་སྡོམ་པར་གྱུར། ཁ་ཊྭཱཾ་ག་ཌཱ་མ་རུ་ཐོད་པ་ཚངས་སྐུད་རྣམས་གཏད། ཧེ་རུ་ཀ་དཔལ་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། ཁ་ཊྭཱཾ་ཅང་ཏེ་ལྷུང་བཟེད་སྦྱིན། །དཔའ་བོ་ཆེན་པོས་བླང་པར་གྱིས། ཁ་ཊྭཱཾ་ག་ལྷའི་སྐུ། ཌཱ་མ་རུ་སྟོང་པ་ཉིད་ཀྱི་སྒྲ། ཐོད་པ་བདེ་བ་ཆེན་པོ། ཚངས་པའི་སྐུད་པ་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་དོ། །ལུང་བསྟན་ཅིང་གཟེངས་བསྟོད་པ་ནི། དཀྱིལ་འཁོར་གྱི་བདག་པོ་དང་སློབ་དཔོན་དབྱེར་མ་མཆིས་པ། དཔལ་རྒྱལ་བ་ཤཱཀྱ་ཐུབ་པའི་སྐུར་གྱུར་པས་ལུང་བསྟན་ཅིང༌།


TNT12_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

གཟེངས་བསྟོད་པར་གྱུར། འདི་ལྟར་ངས་ཁྱོད་ལུང་བསྟན་ཡིན། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་ལས་ཁྱོད་བཏོན། །ཨོཾ་ཤྲཱི་ཧེ་རུ་ཀ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭ། གསང་བའི་མིང་ཡིད་ཀྱིས་དྲན་པར་བྱ། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་ངེས་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་ཁྱོད་ཞུགས་སོ། །དེ་ནས་ཕྱིར་མི་ལྡོག་པའི་དབང་བསྐུར་གྱི་དོན་དུ་མཎྜལ་ཕུལ། འཁོར་ལོ་ཕྱིར་མི་ལྡོག་པའི་དབང༌། །དམ་པ་བདག་ལ་སྩལ་དུ་གསོལ། །ལན་གསུམ། ཡང་གོང་བཞིན་ཕལ་ཆེར་ཆུ་དབང་ལ་འདོན་པ་སྒྱུར་ཏེ། བདག་དང་དབང་རྫས་དང་པོའི་རྡོ་རྗེ་དང་པོའི་རྡོ་རྗེས་མཚན་པའི་དྲིལ་བུ་གཉིས་ཀ༴གྱུར་པའི་ཆ་གཅིག་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པར༴ རྡོ་རྗེ་འཆང་ཆེན་ཧེ་རུ་ཀ །སྐུ་མདོག་སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་སྔོན་མོ། སེམས་ཀྱི་ཆ་གཅིག་ཆ་གཉིས་སུ་གྱུར་ཏེ། དང་པོའི་རྡོ་རྗེ་དང༌། དང་པོའི་རྡོ་རྗེས་མཚན་པའི་དྲིལ་བུར་གྱུར། རྡོ་རྗེ་དེ་ཉིད་ཐོགས་ཏེ། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །རབ་ཏུ་སྒྲུབ་ཕྱིར་རྡོ་རྗེ་ལོང༌། །


TNT12_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གསོར་ཞིང་སྙིང་གར་གཏད་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག།བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུ་ལའོ། །སླར་ཡང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས། དྲིལ་བུ་དེ་ཉིད་ཐོགས་ཏེ། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ལན་གསུམ་དུ་དཀྲོལ་ཏེ། གཡོན་པ་ལ་བརྟེན་ནས། ཨཿསྲིད་པ་ངོ་བོ་ཉིད་ཀྱིས་དག།ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག།སྲིད་པ་དམ་པ་བྱེད་པར་འགྱུར། །རང་ཉིད་སྐད་ཅིག་གིས་དཔལ་ཧེ་རུ་ཀ །ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ། ལོ་བཅུ་དྲུག་ལོན་པ་ལྟ་བུས་ཡང་དག་པར་འཁྱུད་པ། ཡིད་ཀྱི་ལུས་སུ་བརྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱ་རབ་ཏུ་བསྒྲགས། །ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་བརྗོད། །སླར་ཡང་བུམ་པའི་ཆུས་


TNT12_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར། ཇི་ལྟར་བལྟམས་པ་ནས། བཛྲ་བྷ་བ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར། ལུས་ཐམས་ཅད་གང༌། བདེ་བ་ཆེན་པོ་མྱོང༌། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར༌། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། རྡོ་རྗེ་སློབ་དཔོན་གྱི་དབང་ངོ༌། །དེ་ཉིད་རིག་པའི་རྣལ་འབྱོར་པས། །མི་བྱ་བ་ནི་ཅི་ཡང་མེད། །དེ་ཉིད་ཤེས་ནས་དེ་ནས་ནི། །དཔའ་བོ་འདོད་པ་ལྔ་སྤྱད་དོ། །བདག་ཉིད་དཔའ་བོ་ཀུན་གྱིས་དངོས། །བདག་ཉིད་ལྷ་མོ་ཀུན་གྱི་གནས། །དེ་ཕྱིར་བདག་གི་ཐམས་ཅད་བྱ། །བདག་ཉིད་ཧེ་རུ་ཀ་དཔལ་མཆོག།བརྟེན་ཅིང་འབྲེལ་བར་འབྱུང་ཆོས་ཅན། །སེམས་ཅན་སྒྱུ་མའི་རང་བཞིན་ཏེ། ཁམས་གསུམ་དེ་ལྟར་ཤེས་ནས་ནི། །འགྲོ་བའི་དོན་ནི་མཉམ་མེད་བྱོས། །ཞེས་པ་ནི་རྗེས་གནང་ངོ༌། །དེ་ལྟར་ན་ཕྱི་དབྱིབས་ཀྱི་དཀྱིལ་འཁོར་དུ་ཞུགས། བུམ་པའི་དབང་བསྐུར་ཐོབ། ལམ་བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང༌། སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་མངོན་དུ་བྱས། གསང་དབང་གི་དོན་དུ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་


TNT12_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ། དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་རྗེས་ཆགས་ཀྱི་སྙོམ་པར་ཞུགས་པས། བདེ་བས་སྒྲས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། ཞལ་དུ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། དགའ་བ་བཞིའི་རིམ་པས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྟན་པར་བྱས་པའི། བདེ་བའི་རྟེན་ཀུནྡ་ལྟ་བུ་དང་རྡུལ་གྱི་དྭངས་མ་རྡོ་རྗེ་དང་པདྨ་ལས་མཐེ་བོང་དང་མིང་མེད་ཀྱི་ཡང་དག་པར་བླངས་ཏེ། རང་གི་ལྕེ་ཐོག་ཏུ་བཞག།འདི་དེ་དཔའ་བོ་ལྷ་མོ་རྣམས། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། ཁམས་ལྔ་ལྡན་པའི་རོས་རྟོགས་བྱེད། །བདེ་བ་གང་དེ་མྱང་བར་བྱོས། །ཨོཾ་ཨཱཿཧཱུཾ། ཨ་ཧོ་མཧཱ་སུ་ཁཾ། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་རིང་བུ་ཁྱོད་དབང་བསྐུར་རོ། །ཨོཾ་ཨཱཿཧཱུཾ། དེ་ལྟར་བྱང་ཆུབ་ཀྱི་སེམས་མྱངས་པས། མགྲིན་པའི་འཁོར་ལོ་གང༌། རང་བཞིན་བརྒྱད་ཅུའི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་བརྗོད་བྲལ་རྒྱུད་ལ་སྐྱེས་པར་གྱུར། དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཞུགས། གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་གཏུམ་མོ་


TNT12_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒྱུ་ལུས་སྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུའི་རང་བཞིན་ལྷུན་གྲུབ་མངོན་དུ་བྱས། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པས། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༌། །བདག་ཉིད་ཆེན་པོ་ཁྱོད་ཇི་བཞིན། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ལན་གསུམ། ཕྱག་རྒྱ་ལོ་བཅུ་གཉིས་ནང་ཉི་ཤུའི་བར་གང་ཡང་རུང་བ། ལང་ཚོ་ཕུན་སུམ་ཚོགས་པ་བདག་ལ་གཏད། ལྷ་མོ་འདི་ནི་ཁྱད་པར་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཏུ་ཕྱག་རྒྱ་ལོང༌། །བུ་ཡིས་བླ་མེད་མཆོད་པར་གྱིས། །ལྷ་མོ་དེས་ཀྱང་བཤང་གཅི་དག་ནི་བཟའ་བ་དང༌། ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བརྟེན་པ་ལ་དགའམ། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་གནས་སུ་ཙུམྦྷ་ནི། ཁྱོད་ནི་སྤྲོ་བ་ཡིན་ནམ་ཅི། །ཞེས་དྲིས། དེ་ལ་སོགས་པའི་དམ་ཚིག་ཀུན། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཞེས་ལན་བཏབ་པས། དེ་དགྱེས་ནས་ཕྱོགས་ཀྱི་གོས་ཅན་གསང་རྩ་རྒྱས་པའི་པདྨ་མཚོན་བཞིན་དུ། ཨེ་མ་བདག་གི་པདྨ་ནི། །བདེ་བ་ཀུན་དང་ཡང་དག་ལྡན། །ཅི་ཏེ་ཆོ་ག་བཞིན་བརྟེན་ན། །སངས་རྒྱས་


TNT12_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

སྙེམས་པ་ལ་སོགས་པ། །བྱ་བ་ཐམས་ཅད་པདྨར་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་ཞུགས། །པདྨ་བྷཉྩ་ཧོ། བདག་དང་རིག་མ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་གྱི་སྐུར་རྫོགས་པ་ལ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཨོཾ་ལས་སྐྱེས་པའི་ནོར་བུ། བུ་གར་ཕཊ་ཀྱི་ཡོངས་སུ་བཀག་པ། ཧྲིཿལས་བྱུང་བའི་པདྨ་ཨཱཿལས་སྐྱེས་པའི་ཟེ་འབྲུ་རྩེ་མོར་ཨས་མཚན་པ། ཐབས་ཤེས་སྙོམས་འཇུག་རྗེས་སུ་ཆགས་པའི་རྐྱེན་གྱིས། བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་མགྲིན་པར་བྱོན་པས་དགའ་བ། སྙིང་གར་བྱོན་པས་མཆོག་དགའ། ལྟེ་བར་བྱོན་པའི་ཁྱད་དགའ། གསང་བར་བྱོན་པས་གཡོ་མེད་དུ་བརྟན་པར་བྱས་པ་ནི། ལྷན་ཅིག་སྐྱེས་པའི་དགའ་བའོ། །སླར་ཡང་གྱེན་དུ་གཤེགས་པར་གྱུར་ཏེ་མས་བརྟན་གྱི་དགའ་བ་བཞིའི་རིམ་པས། དོན་དམ་རང་རིག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་སྟོང་ཟུང་འཇུག་མངོན་དུ་བྱས། དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ་ཞུགས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། ལམ་གཞན་ལུས་ཤེས་རབ་སྒོམ་པ་ལ་དབང༌། འབྲས་བུ་ཆོས་ཀྱི་སྐུ་རང་བཞིན་ལྷུན་གྲུབ་མངོན་དུ་བྱས། དབང་བཞི་པའི་དོན་དུ་མཎྜལ་ཕུལ། ཁྱོད་ཞབས་པདྨའི་བཀའ་དྲིན་གྱི། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བདག་ལ་བཀའ་དྲིན་སྐྱབས་དུ་གསོལ། །


TNT12_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་སྙིང་པོ་མཁའ་དང་མཚུངས། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །སེམས་ཉིད་སྤྲོས་པ་ཐམས་ཅད་བྲལ་བ། དམིགས་པ་མེད་པའི་སྒྱུ་ལུས་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཟུང་འཇུག་ཏུ་གདོད་མ་ནས་རང་ཤར་བ་ནི། དབང་བཞི་པའི་ཡེ་ཤེས་ཏེ། དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཞུགས། དབང་བཞི་པ་ཐོབ། ལམ་འོད་གསལ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་རང་བཞིན་ལྷུན་གྲུབ་མངོན་དུ་བྱས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ་དབང་བཞི་རྫོགས་པར་ཐོབ་པའི་བཀའ་དྲིན་བཏང་རག་གི་དོན་དུ་མཎྜལ་འབུལ། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱོད་ལ་བདག་ནི་འབུལ་ལགས་ཀྱི། ཁྱོད་ཀྱི་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ལན་གསུམ། དགེ་བ་བསྔོའོ། །བདག་འཇུག་རྐྱང་པ་ལ་ནི་དེ་ཙམ་གྱིས་ཆོག་ལ། སློབ་མ་ལ་དབང་བསྐུར་ན། སླར་ཡང་དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད་བསྡུས་པ་ཞིག་བྱས་ལ། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡིས་


TNT12_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་དག་ལ། ཁྱོད་ཀྱི་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་ཏེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་བཞིན་དེ་ཉིད་ངེས་པར་འབྱུང༌། །བདེན་པ་དེ་ཡི་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །ཅེས་ལན་གསུམ་གྱིས་བདེན་སྟོབས་བརྗོད། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག།སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ཞེས་ལན་གསུམ་དུ་གསོལ་བ་བཏབ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ཀྱང་གནང་བ་བྱིན་པར་བསམ་མོ། །བཞི་པ་ནི། གོང་དུ་ཇི་སྐད་བཤད་པའི་བདག་འཇུག་གི་དོན་དེ་རྣམས། སློབ་མ་ལ་འབོག་པ་ཡིན་ཏེ། བདག་འཇུག་གི་ཚིག་དོན་ལེགས་པར་བྱེད་ན། ལག་ལེན་མཐོང་བ་ཙམ་གྱིས་ཤེས་པར་འགྱུར་བས་ལོགས་སུ་མ་བྲིས་སོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། ཚོགས་ཀྱི་འཁོར་ལོའི་བྱ་བ་རྣམས་རྫོགས་པ་ན། སླར་ཡང་མཆོད་པ་གསར་དུ་བཤམས་པའམ་ཁ་གསོ། །གོང་བཞིན་བྱིན་གྱིས་བརླབས། ཨརྒྷཾ་ནས། ཤཔྟའི་བར་གྱི་ཕྱི་མཆོད་ཕུལ། སྙིང་པོ་དྲུག་པའི་མཐར་འབྲུ་གསུམ་སྦྱར་བས་ནང་མཆོད། རྐང་བརྒྱད་གཉིས་ཀྱི་བསྟོད་པ་རྣམས་བྱས་ལ། བཅོམ་


TNT12_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་རྣམས་ཀྱིས་བདག་དང་སློབ་མར་བཅས་པ་ལ། ཐུགས་བརྩེ་བ་ཆེན་པོར་མཛད་དེ། བར་ཆད་ཞི་བ་དང་དངོས་གྲུབ་མ་ལུས་སྩལ་དུ་གསོལ། ཞེས་པ་དང་གཞན་ཡང་འདོད་དོན་གསོལ་བ་ཅི་རིགས་པར་བཏབ། ཡིག་བརྒྱ་མང་དུ་བཟླ། བཟོད་གསོལ། གཤེགས་གསོལ་སྨོན་ལམ། བཀྲ་ཤིས་བསྔོ་བ་རྣམས་སྒྲུབ་ཐབས་སུ་བཤད་པ་བཞིན་བྱེད་དགོས་པ་ལས། མགྲོན་གཤེགས་གསོལ་གྱི་མཐར། དཀྱིལ་འཁོར་ལ་བརྟན་བཞུགས་བྱ། སྨོན་ལམ་དང་བཀྲ་ཤིས་སོགས་རྒྱས་བསྡུས་ཇི་ལྟར་འདོད་པ་བྱའོ། །གཉིས་པ་རྡུལ་ཚོན་གྱི་ཕྱོགས་ལ་བརྟེན་པ་ནི། ས་ཆོག་དང༌། ཐིག་ཚོན་བྱིན་གྱིས་བརླབས་ནས། ཐིག་གདབ་ཅིང་དཀྱིལ་འཁོར་བྲི་བ་དང༌། རྡུལ་ཚོན་གཤེགས་སུ་གསོལ་བ་ལ་སོགས་པ་དགོས་ཏེ། རྒྱས་པ་ལ་དགའ་ན། རྒྱུ་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་ཆེན་མོར་བཤད་ཟིན་པ་ལས་ཤེས་པར་བྱ་ཞིང༌། ད་ལྟ་ལག་ལེན་བྱེད་པ་ཉུང་བས་འདིར་ནི་མ་བྲིས་ལ། སྙིང་པོ་བསྡུས་པའི་ཡིག་ཆུང་ཞིག་འབྲི་བར་ཡང་འགྱུར་རོ། །དཀྱིལ་འཁོར་གྱི་ཆོ་ག་འདི་ལ་ལྷ་ལྷག་གནས་རྒྱས་པ་དང༌། རས་བྲིས་ཀྱི་སྐབས་སའི་ལྷ་མོའི་ཆོ་ག་ནི་མི་དགོས་ཏེ། འདི་ཉིད་ཀྱི་རང་ལུགས་གོང་དུ་བཤད་པ་ཁོ་ནའི་འགྲུབ་པར་འགྱུར་རོ། །ནི་གུའི་ལུགས་ཀྱི་བདེ་མཆོག་ལྷ་ལྔ་འདི་ལ། དཀྱིལ་ཆོག་རྒྱས་པ་རྒྱ་གཞུང་མ་གཏོགས་


TNT12_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཡིག་དག་གསལ་ཆ་ཚང་བ་ཞིག་ཆེར་མི་སྣང་ལ། ཆོ་གའི་ཡན་ལག་འགའ་རེ་བྲིས་འདུག་ནའང༌། ཤིན་ཏུ་ཉོག་པར་མངོན་ཅིང༌། རྗེ་གྲོལ་མཆོག་གིས་མཛད་པ་འདི་ཡང༌། ཞུ་བ་པོའི་བློ་ངོ་དང་བསྟུན་པའི་རང་ལུགས་ལས་ཕྱིར་ཕྱོགས་པ་མང་དུ་སྣང་བས། འདིར་དག་ཅིང་གསལ་ལ་གཞན་དང་མ་འདྲེས་པར་རང་ལུགས་མ་ཚང་བ་མེད་ཅིང་བཟུང་བདེ་བར་བཀོད་པ་ཡིན་ནོ།། །།རྣལ་འབྱོར་ཅན་ལ་ཉེར་མཁོ་བས། །དཀྱིལ་ཆོག་སྤྲོས་པ་ཉུང་ངུ་འདི། །བཤད་ལས་དགེ་བ་གང་ཐོབ་དེས། །ལྷན་ཅིག་སྐྱེས་པའི་ས་ཐོབ་ཤོག།ཅེས་པའང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །དགེ་ལེགས་འཕེལ།།