Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བདེན་གཉིས་ཞལ་ཅན་སྒྲུབ་ཅིང་མཆོད་པའི་ཆོ་ག་བདེ་བ་ཆེན་པོའི་དཔལ་འབར་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བདེན་གཉིས་ཞལ་ཅན་སྒྲུབ་ཅིང་མཆོད་པའི་ཆོ་ག་བདེ་བ་ཆེན་པོའི་དཔལ་འབར་བ།next

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བདེན་གཉིས་ཞལ་ཅན་སྒྲུབ་ཅིང་མཆོད་པའི་ཆོ་ག་བདེ་བ་ཆེན་པོའི་དཔལ་འབར་བ།


TNT12_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བདེན་གཉིས་ཞལ་ཅན་སྒྲུབ་ཅིང་མཆོད་པའི་ཆོ་ག་བདེ་བ་ཆེན་པོའི་དཔལ་འབར་བ་ཞེས་བྱ་བ་བཞུགས།


TNT12_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ན་མོ་གུ་ར་ཝེ། ཡེ་ཤེས་བསྐལ་བའི་མེ་ཡི་གཟི་འོད་ཅན། །སྒེག་འཆང་དུ་མས་རྣམ་བརྒྱན་དྲག་མོ་ཆེ། །མི་ཕྱེད་སྔགས་ཀྱི་དེ་ཉིད་རྟག་འཆར་བ། །རྡོ་རྗེ་བཙུན་མོས་བདག་ལ་ཐུགས་བརྩེར་མཛོད། །དཔག་ཡས་སྒྲུབ་ཐབས་ཆུ་གཏེར་བསྲུབས་པ་ལས། །ནམ་མཁའི་ནོར་བུ་དང་མཚུངས་སྙིང་པོ་སྟེ། །གསང་བའི་མན་ངག་ཨོ་རྒྱན་ལས་བྱུང་བ། །བདེན་གཉིས་ཞལ་ཅན་མཆོད་པའི་ཆོ་ག་བརྩམ། །དེ་ཡང་དུས་བཟང་པོ་ལ་སྟེགས་བུའི་སྟེང་དུ་རྡུལ་ཚོན་གྱི་མཎྜལ་འདྲི་སྟེ། པདྨ་དམར་པོའམ། སྣ་ཚོགས་པདྨ་འདབ་བརྒྱད། ལྟེ་བ་ཟླུམ་པོ་ལ་ཆོས་འབྱུང་གྲུ་གསུམ་དམར་པོ་རྩེ་མོ་མདུན་དུ་བསྟན་པ། གྲུ་བཅར་ལྗང་ཁུ་བྱ། པདྨའི་ཕྱི་རོལ་དུ་རྒྱས་པར་ན་དུར་ཁྲོད་རྡོ་རྭ་འོད་ཟེར་འཕྲེང་བས་བསྐོར་བ་འབྲི། བསྡུ་ན་དུར་ཁྲོད་མེད་ཀྱང་ཆོག།ཤིན་ཏུ་བསྡུ་ན་རྡོ་རྭ་མེ་རིའི་ཚབ་ཏུ་རེ་ཁ་ནག་པོ་དང་དམར་པོས་བསྐོར་བ་ཙམ་བྱེད་པའང་ཡོད། དེའི་སྟེང་དུ་མཉྫི་ལ་ཐོད་པ་མྱོས་བྱེད་ཀྱིས་བཀང་བ་དང༌། མེ་ལོང་ཆང་གིས་བརླན་པ་ལ་སིནྡྷུ་ར་སྙོམས་པར་བཀྲམ། གསེར་གྱི་སྨྱུ་གུ་གཡོན་པའི་མཐེབ་སྲིན་གྱིས་གཟུང་ནས་འབྲི་བར་བཤད་ཀྱང༌། མྱུ་གུ་ཇི་ལྟར་འོས་པ་གསེར་གྱི་མཚན་


TNT12_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ཏེ་གཡས་པའི་མཐེབ་མཛུབ་གིས་བཟུང༌། གཡོན་པའི་མཐེབ་སྲིན་གྱིས་ཀྱང་སྨྱུ་གུའི་རྩ་བ་ནས་འཛིན་པ་ཙམ་མཛད་པའི་སྲོལ་ཡིན། ཆོས་འབྱུང་གྲུ་གསུམ་གྱི་ནང་དུ། རྩ་སྔགས་ཡིག་འཕྲེང་བདུན་པ་འབྲི་ན། ཨོཾ་གསུམ་ལ་འཕྲེང་གཅིག །སྔགས་ཚན་གསུམ་ལ་རེ་རེ། ཧཱུཾ་གསུམ་ལ་གཅིག །ཕཊ་གསུམ་ལ་གཅིག །སྭཱཧཱ་ལ་གཅིག་གོ །གསུམ་དུ་བྱེད་ན། ཡིག་འབྲུ་དང་པོ་བཅུ་བདུན་ལ་གཅིག །དེ་ནས་བཅུ་གཅིག་ལ་གཅིག །དེ་ནས་བཞི་ལ་གཅིག་གོ །ཆོས་འབྱུང་གི་ཕྱི་རོལ་ཕྱོགས་བཞིར་དགའ་བ་འཁྱིལ་བ་ལག་བཞི་པ་རེ་རེ་འབྲི། མདུན་གྱི་དེ་མདུན་དྲང་ཐད་ལ་མི་བྱེད་དེ། རྩེ་མོ་གཡོན་དུ་བྱ། ངག་སྦྱོར་གྱི་གནད་གཅིག་ཀྱང་ཡོད་དོ། ཁ་ཅིག་སིནྡྷུ་རའི་དཀྱིལ་འཁོར་སྣོད་དུ་བཅུག་དར་དམར་གྱིས་འགེབས་པའི་སྲོལ་ཡང་ཡོད་དེ་ཕལ་ཆེར་མི་བྱེད་པའི་དར་དམར་པོའི་གུར་ཁང་ངམ། བླ་བྲེའམ། ཡོལ་ཁང་གིས་བཅད། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱད་དང་གཏོར་མ་ལྔ་བཤམས། རྡོར་དྲིལ། ནང་མཆོད། ཌཱ་མ་རུ། རོལ་མོ་དང་མིག་དར་སོགས་འོག་ཏུ་དགོས་པ་རྣམས་ཚོགས་པར་བཤམས། བུམ་པ་ཡང་སྤྱི་དང་མཐུན་པར་འཆའོ། །སྔོན་འགྲོ་གཏོར་མ་


TNT12_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཡོ་བྱིན་རླབས་དང༌། །ཞུ་འབུལ་སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་བསྒོམ། །དྲུག་པོ་སྤྱི་མཐུན་སྔོན་འགྲོ་ཡིན་ཞེས་བྱ། །དེ་ནས་ཆོ་གའི་རིམ་པ་ལ་འཇུག་སྟེ། ཐོག་མར་སྔོན་འགྲོ་གཏོར་མ་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ་ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ཞེས་པས་བྱིན་གྱིས་བརླབས། ཕཻཾ་བཛྲ་ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀཱི་ནི་ས་མ་ཡ་སྟྭཾ། དྲྀ་ཤྱཧོ། ཞེས་པས་སྤྱན་དྲངས། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵ་ས། བྷཱུ་ཏ་པྲེ་ཏ་བི་ཤཱ་ཙ། ཨུནྨ་ད། ཨ་པསྨཱ་ར། ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞཱནྟུ་ས་མ་ཡ་རཱཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪཱནྟུ། ཡ་ཐཻ་བཾ། ཡ་ཐཻ་ཥཾ། བྷུཉྫ་ཐ། པི་ཝ་ཐ། ཛི་གྷྲ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡ། སཏྶུ་ཁཾ། བི་བྲྀདྡྷ། ས་ཧ་ཡི་ཀ་བྷ་ཝཱནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ལན་གསུམ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། པཱ་དྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་བེ་ཏྱེ། ཤཔྟ་ཨཱཿཧཱུཾ། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ། ཕོ་ཉ་གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། སྔགས་ལས་སྐྱེས་


TNT12_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

པ། ལས་ལས་སྐྱེས་པའི་མཁའ་འགྲོ་མ་རྣམས་དང༌། གནས་གསུམ་གྱི་རྡོ་རྗེ་མཁའ་འགྲོ་མ་རྣམས་དང༌། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་ཐམས་ཅད་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾཿ ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། །གནོད་སྦྱི་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་འཆེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་


TNT12_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་པ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་གསུངས། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་དང་ཆོས་འཕེལ་དང༌། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པའི་ཕྱིར་དང༌། འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར། རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་པར་འཚལ་ན། དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ཕྱོགས་སྐྱོང་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། ཇི་སྲིད་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བར་ཆད་སྲུང་བའི་འཕྲིན་ལས་མཛོད་ཅིག །


TNT12_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་བའི་འབྱུང་པོ་གདུག་པ་ཅན་གསང་སྤྱོད་ལྟ་བར་མི་དབང་བ་རྣམས་གཏོར་མའི་ལྷག་མ་འདིས་ཚིམ་པར་གྱིས་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །སུམྦྷ་དྲག་ཏུ་བཟླས་ལ་རོལ་མོའི་སྒྲ་དང་བཅས་ཏེ་གཏོར་མ་ཕྱི་རོལ་དུ་དོར། དེ་ནས་གནས་དང་ཡོ་བྱད་བྱིན་གྱིས་བརླབས་པ་ནི། གོང་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲུཾ་ལས་བྱུང་བའི་རིན་པོ་ཆེ། སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་དང་བཅས་ཤིང་ཐོགས་པ་མེད་པའི་དབུས་སུ། ཨཱཿལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོགབདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྱུར་པ་ངོ་བོ་བཟང་ཞིང་རྒྱ་ཆེ་བ། ཡུལ་ནམ་མཁའི་མཐས་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པཱ་དྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་ཧཱུཾ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝེ་


TNT12_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཏྱེ་ཨཱཿཧཱུཾ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨོཾ་བཛྲ་གཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཊ་པྲ་ཙ་ལི་ཏེ་པྲཛྙཱ་པ་ར་མི་ཏ་ནཱ་ད་སཾ་བྷ་ཝཏ། བཛྲ་དྷརྨ་ཧྲིཿད་ཡ། སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱ་ཧཱ། དེ་ནས་སྤྲོ་ན་ཞུ་འབུལ་བྱ། བསྡུ་ན་མ་བྱས་ཀྱང་འགལ་བ་མེད། སྐྱབས་འགྲོ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས། བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་བྱ། དེའི་ཆེད་དུ་རྡོ་རྗེ་རྣལ་འབྱོར་མ་བསྒོམ་པར་བགྱིའོ། །ལན་གསུམ་བྱ། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ་ཕྱག་རྒྱ་ལྔས་


TNT12_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ་དང་མཉམ་པར་སྦྱོར་བ། ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩིར་སྤྱན་དྲངས། ཧཱུཾ་ལ་ཐིམ་བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན་བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀ་བྷ་ཝ་མཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ། ཅེས་མང་དུ་བཟླ། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམ། །བླ་མ་མགོན་པོས་སྐྱོབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོ་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། གནས་ཀྱི་ངེས་པ་བླ་མར་གསོལ་འདེབས་དང༌། །ཚོགས་ཞིང་གོ་ཆ་ནང་


TNT12_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བྱིན་རླབས་གཉིས། །ལག་པའི་བྱ་བ་སྲུང་འཁོར་སྔོན་འགྲོ་ཡིན། །ངག་གསུམ་གཞལ་ཡས་ཁང་དང་དམ་ཚིག་བསྐྱེད། །ཡེ་ཤེས་སྤྱན་འདྲེན་གོ་ཆ་དབང་བསྐུར་བྱ། །དག་དྲན་མཆོད་དང་བསྟོད་པ་བཟླས་པ་དང༌། །སླར་ཡང་མཆོད་བསྟོད་གསོལ་བ་འདེབས་པ་སྟེ། །དེ་དག་བདག་བསྐྱེད་སྒོམ་པའི་དངོས་གཞི་ཡིན། །དེ་ཡང་རང་ཉིད་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་གདོང་ཕྱོགས་པའམ་ཕྱོགས་པར་མོས་ལ། འདི་སྐད་ཅེས་བརྗོད་དེ། བདག་ཉིད་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་ཆོས་ཀྱི་དབྱིངས་ཆོས་ཀྱི་འབྱུང་གནས་ཨོ་ཌྀ་ཡ་ན་རྡོ་རྗེའི་གནས་སུ་གྱུར། རང་གི་སྤྱི་བོར་རྩ་བའི་བླ་མ་ཧེ་རུ་ཀ་དང་གཉིས་སུ་མེད་པ་འཛུམ་བག་དང་བཅས་ཤིང༌། རུས་པའི་རྒྱན་གྱིས་སྤྲས་པ། སྐྱབས་གནས་ཐམས་ཅད་ཀྱི་ངོ་བོར་བཞུགས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་ལན་གསུམ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱང་སྟེང་གི་ནམ་མཁའ་ལ་བཞུགས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་པཱདྱཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝེ་ཏྱེ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཅེས་བྱའོ། །འོག་ནས་ཨརྒྷཾ་ནས་ཤཔྟ་འབར་གྱིས་མཆོད་ཅེས་བྱུང་ཚད་འདི་དང་འདྲ་བར་བྱ།


TNT12_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་མོ་སྙིང་ཁར་སྦྱོར་བཞིན་པས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཐེག་ཆེན་བདུད་རྩི་རབ་བཤད་པར། །འཁོར་ལོ་བསྐོར་བར་གསོལ་བ་འདེབས། །ཇི་སྲིད་འཁོར་བ་གནས་ཀྱི་བར། །མྱ་ངན་མི་འདའ་གསོལ་བར་འཚལ། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིད་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་འགྲོའི་ཚོགས་དང་བཅས་པ་འོད་དུ་ཞུ་ནས་བདག་ཉིད་ལ་ཐིམ། རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་བཾ་ཧཾ་ཡོཾ། ཧྲིཾ་མོཾ། ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ནང་མཆོད་བྱིན་རླབས་ཐུན་མོང་བ་ནི། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ། དེའི་ནང་གི་ཤར་དུ་གོ་ལས་བ་ལང་གི་ཤ་བྲུཾ་གྱིས་མཚན་པ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ་ཁཾ་གིས་མཚན་པ། ནུབ་ཏུ་ད་ལས་རྟའི་ཤ་ཛྲིཾ་གིས་མཚན་པ། ལྷོ་རུ་ཀུ་


TNT12_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཁྱིའི་ཤ་ཨཾ་གིས་མཚན་པ། དབུས་སུ་ན་ལས་མིའི་ཤ་ཧཱུཾ་གིས་མཚན་པ། ཤར་ལྷོར་བཾ་ལས་དྲི་ཆེན་ལམ་གྱིས་མཚན་པ། ལྷོ་ནུབ་ཏུ་ར་ལས་རཀྟ་མཱཾ་གྱིས་མཚན་པ། ནུབ་བྱང་དུ་མ་ལས་རྐང་མར་བཾ་གྱིས་མཚན་པ། བྱང་ཤར་དུ་མུ་ལས་དྲི་ཆུ་ཏཱཾ་གིས་མཚན་པ། དབུས་སུ་ཤུ་ལས་བྱང་སེམས་བཾ་གྱིས་མཚན་པ། དེའི་སྟེང་གི་ནམ་མཁའ་ལ་ཁ་ཊྭཱཾ་ག་དཀར་པོ་མགོ་བོ་ཐུར་དུ་ལྟ་བའི་སྟེང་དུ་བཾ་དམར་པོ་དེ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩི་བྱང་ཆུབ་སེམས་ཀྱི་རྣམ་པར་སྤྱན་དྲངས་ཏེ་བཾ་ལ་ཐིམ། བཾ་ཡིག་ཁ་ཊྭཱཾ་ག་དང་བཅས་པ་ཞུ་ནས་རྫས་ལ་ཐིམ། རླུང་གིས་མེ་འབར། རྫས་རྣམས་ཞུ་ཞིང་ཁོལ་ནས་མང་པོར་སྤེལ་ཏེ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ་དུ་བརྗོད། ཁྱད་པར་གྱི་ནང་མཆོད་བྱིན་རླབས་ནི། གཡོན་པའི་མཐེབ་སྲིན་གྱིས་དབུས་ནས་བརྩམས་ཏེ་ཆོས་འབྱུང་གཡོན་སྐོར་དུ་བྲི་ཚུལ་བྱ་ཞིང༌། ཨོཾ་གསུམ་མ་ཚར་གཅིག་བརྗོད། མཐེ་བོང་གི་རྩེར་ཨོཾ། མཐེ་ཆུང་གི་རྩེར་ཨཱཿ འཁྲིག་མའི་ངོས་ལ་ཧཱུཾ། ལག་མཐིལ་དུ་བཾ། དེ་ཉིད་ཀྱི་གཟུགས་བརྙན་ཤར་བ་ལྟར་ཆོས་འབྱུང་གི་ནང་གཡོན་ཟུར་དུ་ཨོཾ། གཡས་ཟུར་དུ་ཨཱཿ མདུན་ཟུར་ཧཱུཾ། དབུས་སུ་བཾ་ཡིག་སྟེ་ཡི་གེ་བཞི་འཁོད་པར་གྱུར་པ་ལས་འོད་འཕྲོས། ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་ཐམས་ཅད་ཀྱི་ཐུགས་རྒྱུད་


TNT12_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ། ཡེ་ཤེས་ཀྱི་བདུད་རྩི་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྣམ་པ་ཅན་སྦྱོར་མཚམས་ནས་སྤྱན་དྲངས་ལ་ཐོད་པའི་ནང་གི་བདུད་རྩི་ལ་ཐིམ། ཨོཾ་ཨཱཿཧཱུཾ། ལན་གསུམ་གཡས་པའི་མཐེབ་སྲིན་གྱིས་བདུད་རྩི་བླངས་ལ། གཡོན་པའི་མཐེ་ཆུང་ནས་མཐེ་བོའི་བར་སོར་མོ་ལྔ་དང༌། ཐམས་ཅད་འདུས་པའི་སེན་མོའི་ངོས་ལ་བདུད་རྩིའི་ཐིག་ལེ་བྱ་ཞིང༌། ཨོཾ་བཾ་ནས་ཕཊ་ཕཊ་ཀྱི་བར་བརྗོད། ཡི་གེ་འབྲུ་གསུམ་ལན་དྲུག་བརྗོད་ཅིང༌། དེ་རྣམས་ལ་བདུད་རྩི་གཏོར། ཡང་འབྲུ་གསུམ་ལན་གསུམ་བརྗོད་ཅིང་ལག་པའི་ལུས་ཐམས་ཅད་ལ་བྱུག་ཚུལ་བྱ། གོ་ཆ་དྲུག་པོ་རང་ལུས་ལ་ཐིམ་པར་གྱུར། གཡོན་པའི་མཐེབ་སྲིན་གྱིས་གནས་དང་རྫས་ལ་ཕྱོགས་ཀུན་དུ་གཏོར། ཨོཾ་ཨཱཿཧཱུཾ། ཨོཾ་ཧྲི་གྷ་གྷ། གྷ་ཏ་ཡ། གྷ་ཏ་ཡ། སརྦ་དུཥྟཾ་ཧཱུཾ་ཕཊ། ལན་གསུམ། བགེགས་ཐམས་ཅད་བསྐྲད། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། ཞེས་དག་པ་གསུམ་གྱི་སྔགས་བརྗོད། སྟོང་པའི་ངང་ལས་རང་ལུས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད་སྲུང་བའི་འཁོར་ལོ་དང་བཅས་པས་ཡོངས་སུ་བསྐོར་བའི་གཞལ་མེད་ཁང་གི་དབུས་སུ།


TNT12_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ་རྩ་བ་ཕྲ་བ་ཐུར་དུ་བསྟན་ཅིང༌། གདེངས་ཀ་རྒྱས་པ་གྱེན་དུ་ཕྱོགས་པའི་སྟེང་གུར་དུ་ཕུབ་པའི་ཚུལ་རུས་སྦལ་གྱི་རྒྱབ་ལྟར་མཐོ་བ། ཕྱི་རོལ་ཏུ་དགའ་བ་འཁྱིལ་བ་བཞི་དང་བཅས་པའོ། །དེའི་ནང་དུ་ངག་སྔགས་ཀྱི་ཡིག་འབྲུ་དང༌། སེམས་ལྷ་སྐུའི་རྣམ་པར་གྱུར་པ་ནི། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་མི་རོ་སེར་པོ་མགོ་གཡོན་དུ་བསྟན་པའི་སྙིང་གར་ཨོཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་བཾ་དམར་པོ་ལས་འོད་འཕྲོས། ས་གསུམ་གྱི་དྲི་མ་སྦྱངས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཚུར་གཅིག་ཏུ་འདུས་ཤིང་ཐིམ་པ་ལས་བདག་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ། བནྡྷུ་ཛི་བ་ཀ་དང༌། སིནྡྷུ་ར་དང༌། སེ་འབྲུའི་མེ་ཏོག་དང་འཆར་ཀའི་མདངས་ཀྱིས་འཁྱུད་པ། དྲག་པོ་ཆེན་མོ་འཇིགས་པའང་འཇིགས་པར་མཛད་པ་མོ་ཉི་མ་བྱེ་བའི་འོད་དང་མཚུངས་པའི་གཟི་བརྗིད་ཅན་རྩ་ཞལ་ལྷ་མོའི་རྣམ་པ་འཛུམ་ཁྲོ་ཆགས་པའི་ཉམས་ཅན་ཧུར་བག་ཆགས་པ། མཆེ་བའི་མྱུ་གུ་ལྷག་གེར་གཙིགས་ཤིང་རྒྱ་ཆེར་བཞད་པ་མོ། གཡས་ཞལ་ཕག་གདོང་ཤིན་ཏུ་ཁྲོས་ཤིང་གྱེན་དུ་ཕྱོགས་པས་གཟིགས་པ། དྲག་ཤུལ་ཆེན་པོའི་ང་རོ་ཅན། ཕྱག་གཡས་རྡོ་རྗེའི་གྲི་གུག་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། མཆན་ཁུང་གཡོན་དུ་རྡོ་རྗེ་ཁ་ཊྭཱཾ་ག་དཀར་པོ་གྱེན་དུ་བསྒྲེང་བ། དབུ་སྐྲ་ནག་པོ་ཅུང་ཟད་ལི་བ་སིལ་བུར་གྲོལ་ཞིང་བན་བུན་དུ་བསྐྱོད་པས་ཕྱོགས་ཆ་


TNT12_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འགེངས་པ། དམར་ཞིང་བཀྲ་ལ་ཟླུམ་པོར་གཡོ་བའི་སྤྱན་གསུམ་དང་ལྡན་ཅིང་ཁྲོ་གཉེར་གཡོ་བ། རྡོ་རྗེ་ནག་པོའི་འཕྲེང་བ་ལ་བརྒྱུས་པའི་ཐོད་སྐམ་ལྔའི་འཕྲེང་བ་ཅན། རྒྱུ་མས་སྦྲེལ་བའི་ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་འཕྱང་བ། འཁོར་ལོ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུ་སྟེ་མི་རུས་ལས་གྲུབ་པའི་ཕྱག་རྒྱ་ལྔས་བརྒྱན་པ། གཅེར་བུ་ལོ་བཅུ་དྲུག་ལོན་པ་ལྟར་ལང་ཚོ་ལ་བབ་པའི་གཞོན་ནུ་མ་ཟེའུ་འབྲུ་གསལ་བར་བཞད་པའི་མཚོ་སྐྱེས་དང་ནུ་འབུར་ཟུང་དག་མཐོ་ལ་རྒྱས་པ། སྐེད་སྐབས་ཕྲ་ཞིང་སྐུ་ལུས་གསུམ་འཁྱོག་ཉིད་ཀྱི་ལྡེམ་བག་ཅན། ཞབས་གཡོན་རྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱི་བཞུགས་པ། མ་ལུས་པའི་སྤྲུལ་པ་འཆར་བའི་སྐུ་ཅན་བསྐལ་བའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་སྒེག་ཅིང་རོལ་བའོ། །ལྟེ་བར་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་ཡིག་དམར་པོ་དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྡོ་རྗེ་རྣལ་འབྱོར་མ་ལ་དཔའ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་བཞིན་པས་ཕཻཾ་ཞེས་བརྗོད། ཛཿཧཱུཾ་བཾ་ཧོཿ གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲེཾ་ཧྲིཾ་སེར་མོ་སྐྱོང་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་


TNT12_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀཱའི་ངོ་བོ་རྣམས་སུ་གྱུར། སླར་ཡང་བཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་ཕཻཾ། དབང་གི་ལྷ་རྣམས་ཀྱིས་བདུད་རྩིའི་གང་བའི་བུམ་ཐོད་ཐོགས་ཏེ་མདུན་གྱི་ནམ་མཁར་བཞུགས་པ་ལ། བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་པ་དང༌། རང་སྔགས་གསུང་བཞིན་པས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པའི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པས་དབུ་བརྒྱན་དབང་གི་ལྷ་རྣམས་ཀྱང་རང་ལ་ཐིམ། དེ་ནས་དག་པ་དྲན་པ་ནི། པདྨའི་གདན་ནི་ཉོན་མོངས་པས་མ་གོས་པའོ། །མི་རོའི་གདན་ནི་རྟོག་པ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་དོ། །ཉི་མ་ནི་བདེ་བ་ཆེན་པོའི་སྣང་བ་རྒྱས་པའོ། །སྐུ་མདོག་དམར་མོ་ནི་ཐུགས་རྗེས་སེམས་ཅན་ལ་ཆགས་པའོ། །ཞབས་གཉིས་ནི་བདེན་གཉིས་ཟུང་དུ་འཇུག་པའོ། །གྲི་གུག་ནི་དུག་གསུམ་གཅོད་པའོ། །ཐོད་པ་ནི་བདེ་བ་སྐྱོང་བའོ། །ཐོད་སྐམ་ལྔ་ནི་རིགས་ལྔའོ། །མགོ་རློན་གྱི་འཕྲེང་བ་ནི་ཡི་གེ་ལྔ་བཅུ་དག་པའོ། །ཕྱག་རྒྱ་ལྔ་ནི་ཕ་རོལ་ཏུ་ཕྱིན་པ་ལྔའོ། །


TNT12_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཡས་བསྐུམས་ཤིང་གཡོན་བརྐྱང་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །སྐྲ་གྲོལ་བ་ནི་མཚན་མས་མ་བཅིངས་པའོ། ཁ་ཊྭཱཾ་ག་ནི་ཐབས་དང་མ་བྲལ་བའོ། །སྐུ་གཅིག་པུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཅེར་བུ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །མེ་དཔུང་འབར་བ་ནི། ཀུན་ཏུ་ཁྱབ་པའི་ཡེ་ཤེས་ཀྱི་སྣང་བ་སྤྲོ་བའོ། །ཞེས་སོ། །ལྟེ་བའི་བཾ་ཡིག་ལས། ཁྭ་གདོང་མ་དང་འུག་གདོང་མ། ཁྱི་གདོང་མ་དང་ཕག་གདོང་མ། །གཤིན་རྗེ་བརྟན་མ་ཕོ་ཉ་མོ། །མཆེ་བ་མ་དང་འཇོམས་མ་སྟེ། །མ་མོ་བརྒྱད་པོ་སྐུ་མདོག་ལྗང་ཁུ། ཅང་ཏེའུ་དང༌། ཁ་ཊྭཱཾ་ག་དང༌། ཐོད་པ་བདུད་རྩིས་གང་བ་ཐོགས་ཤིང༌། མཆོད་རྫས་སྣ་ཚོགས་འཛིན་པའི་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་བ་སྤྲོས་ཏེ། མཆོད་པ་དང་བསྟོད་པའི་ལས་མཛད་པར་གྱུར། ཨརྒྷཾ་ནས་ཤཔྟའི་བར་གྱི་ཕྱི་མཆོད་དང་ཨོཾ་གསུམ་མའི་མཐར། ཨོཾ་ཨཱཿཧཱུཾ་གིས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེའི་དབང་ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་


TNT12_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མོ་ལ་འདུད་དོ། །རྣམ་པར་རྟོག་མེད་ཡང་དག་རྟོག །ཡིད་ནི་རབ་ཏུ་མི་གནས་ཤིང༌། །ཡིད་ལ་མེད་ཅིང་དྲན་པ་མེད། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། ཁམས་གསུམ་པ་ཡི་ངོ་བོ་ཉིད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཞེས་པས་བསྟོད། མཆོད་མ་རྣམས་ལྟེ་བའི་བམ་ལ་ཐིམ། ཡི་གེ་འབྲུ་གསུམ་ལན་གསུམ་བརྗོད་ཅིང་བདུད་རྩི་ལན་གསུམ་མྱངས། ཨོཾ་ཨོཾ་ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱཧཱ། ཟེས་ངག་བཟླས་དང༌། ཡིད་བཟླས་དང༌། འགོག་པའི་བཟླས་པ་རྣམས་ཅི་རིགས་པར་བྱའོ། །སླར་ཡང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བཱ་རཱ་ཧཱི་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པདྱཾ་ནས་ཤཔྡའི་བར་ལའང་སྦྱར། ཨོཾ་གསུམ་མའི་མཐར། ཨོཾ་ཨཱཿཧཱུཾ་བདུད་རྩི་མྱང༌། འོག་ནས་འབྱུང་བ་ལྟར། ཨོཾ་ན་མོ་བྷ་ག་ཝ་ཏཱི་ནས། ཁ་གེ་ཧཱུཾ་ཧཱུཾ་ཕཊ། ཀྱི་བར་རྐང་བརྒྱད་ཀྱིས་བསྟོད། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་ཞིང་བརྟན་པར་མཛད་དུ་གསོལ། ཞེས་བརྗོད། དེ་ནས་མདུན་བསྐྱེད་ནི། བསང་སྦྱངས་གཟུགས་བརྙན་གསུམ་བསྐྱེད་ཅིང༌། དཀྱིལ་འཁོར་དམ་ཡེ་གོ་ཆ་དང༌། །དབང་བསྐུར་མཆོད་བསྟོད་བཟླས་པ་དང༌། །གསོལ་བཏབ་མདུན་བསྐྱེད་བསྒྲུབ་པ་ཡིན། །དཀྱིལ་འཁོར་ལ་དམིགས་ཏེ།


TNT12_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སུམྦྷས་བསངས། ཨོཾ་སྭ་བྷཱ་ཝ་ནས། ཡོ་ག་ཤུདྡྷོ྅ཧཾ་གིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་དཀྱིལ་འཁོར་འོག་མ་རྡུལ་ཚོན་གྱི་དཀྱིལ་འཁོར་ནི། ཧཱུཾ་ཡིག་ལས་བྱུང་བའི་སྲུང་འཁོར་དུར་ཁྲོད་པདྨའི་ཁོར་ཡུག་དང་བཅས་པའི་ལྟེ་བར་གཞལ་ཡས་ཁང་ཆོས་འབྱུང་དང་བཅས་པ་དང༌། དཀྱིལ་འཁོར་བར་མ་བདུད་རྩིའི་དཀྱིལ་འཁོར་ནི། མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨཱཿལས་བྱུང་བའི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ལྟ་བུར་འཁྱིལ་བའི་དབུས་སུ་ཆོས་འབྱུང་དམར་པོའི་གཡོན་གྱི་ཟུར་དུ་ཨོཾ། གཡས་ཀྱིས་ཟུར་དུ་ཨཱཿ མདུན་གྱི་ཟུར་དུ་ཧཱུཾ། དེ་རྣམས་ཀྱི་དབུས་སུ་བཾ། ཡི་གེ་དེ་རྣམས་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ཁྱབ། སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད། བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་སྤྱན་དྲངས། སྣོད་བཅུད་ཐམས་ཅད་ཀྱི་དྭངས་མ་རྣམས་ཀྱང་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་བསྡུས། ཐོད་པའི་ནང་གི་བདུད་རྩི་ལ་ཐིམ་པས་ཡེ་ཤེས་རྣམ་པ་ལྔའི་ངོ་བོར་གྱུར། ཨོཾ་ཨཱཿཧཱུཾ་ལན་ལྔ། དཀྱིལ་འཁོར་སྟེང་མ་སིནྡྷུ་རའི་དཀྱིལ་འཁོར་ནི། བདུད་རྩིའི་དཀྱིལ་འཁོར་གྱི་དབུས་ཀྱི་སྟེང་དུ། ཨོཾ་ལས་བྱུང་བའི་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་བདེ་བ་ཆེན་པོའི་རང་བཞིན་ཅན་གྱི་ནང་གི་དབུས་ཀྱི་ཆ་ལ། རྟེན་དང་བྲལ་བའི་


TNT12_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱི་བར་སྣང་ལ། ཨོཾ་ཨོཾ་ཨོཾ་ནས་སྭཱཧཱ། ཕྱི་རོལ་ཕྱོགས་བཞིར་གཡུང་དྲུང་འཁྱིལ་བ་དཀར་པོ་ལག་བཞི་དང་ལྡན་ཞིང་གཡོན་སྐོར་དུ་འཁོར་བ། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་གནས་སུ་གྱུར་པའོ། །དེ་ལྟར་རྡོ་རྗེ་གསུམ་གྱི་རང་བཞིན་སྐུ་གསུམ་རྣམ་པར་དག་པའི་དཀྱིལ་འཁོར་གསུམ་པོ་དེ་ཐམས་ཅད་རོ་གཅིག་ཏུ་འདྲེས་པ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ཞེས་པ་ནས། རུས་སྦལ་གྱི་རྒྱབ་ལྟར་མཐོ་བ། ཕྱི་རོལ་དགའ་བ་འཁྱིལ་བ་བཞི་དང་བཅས་པའོ། །དེའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་ཞེས་པ་ནས། འདུས་ཤིང་ཐིམ་པ་ལས། རྡོ་རྗེ་རྣལ་འབྱོར་མ་ཞེས་པ་ནས། རྩེ་ལྔ་པས་དབུ་བརྒྱན། དབང་གི་ལྷ་རྣམས་ཀྱང་མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། འོག་ནས་འབྱུང་བའི་རྐང་བརྒྱད་ཀྱི་བསྟོད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་བཅོམ་ལྡན་འདས་མའི་ཐུགས་ཀ་ནས་འོད་ཟེར་གྱིས་ཚོགས་དཔག་ཏུ་མེད་པ་སྤྲོས། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཁྱབ། སངས་རྒྱས་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་མཛད། བཅོམ་ལྡན་འདས་མ་ཉིད་ཀྱི་གོ་འཕང་ལ་བཀོད། སླར་འདུས་ཏེ་ཐུགས་ཀའི་སྔགས་འཕྲེང་ལ་ཐིམ་པར་གྱུར། དེ་ལས་ཀྱང་འོད་ཟེར་བྱུང་བདག་གི་སྙིང་གར་ཐིམ། སྐབས་འདིར། ཨོཾ་གསུམ་མ་ཅི་ནུས་བཟླ། བཟླས་པ་འཇོག་ཁར། ཨོཾ་སུམྦྷ་སོགས་རིག་པའི་རྒྱལ་པོ་ལན་བདུན་ཙམ་བཟླ། ཧེ་རུ་ཀའི་ཡི་གེ་


TNT12_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་པའང་ལན་དགུ་སོགས་ཇི་ལྟར་འོས་པ་བཟླ། དེ་ནས་པད་སྐོར་དུ་འགྲོ་བའི་ཐལ་མོ་སྦྱར་ནས། །བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་རྡོ་རྗེ་ཕག་མོའི་ལྷ་ཚོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་ཕྱག་རྒྱ་ཆེན་མོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་ཐོབ་པའི་འཕྲིན་ལས་མཛད་དུ་གསོལ། ཇི་སྲིད་དེ་མ་ཐོབ་ཀྱི་བར་དུ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་སྩོལ་བ་དང༌། སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང༌། གནོད་པ་ཐམས་ཅད་ལས་སྐྱབ་པ་དང༌། བགེགས་དང་ཉེ་བར་འཚེ་བ་ཐམས་ཅད་བཟློག་པར་མཛད་དུ་གསོལ། ཚེ་དང་བསོད་ནམས་དང་དཔལ་དང་འབྱོར་པ་དང་ཡེ་ཤེས་དང༌། ཡོན་ཏན་གྱི་ཆོས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཁམས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་དབང་དུ་བསྡུ་བ་དང༌། གདུལ་དཀའ་མ་ལུས་པ་ཚར་གཅོད་ཅིང་འདུལ་བ་དང༌། རིག་པ་འཛིན་པ་དང༌། རལ་གྲི་དང༌། རོ་ལངས་དང༌། གནོད་སྦྱིན་མོ་དང༌། བཅུད་ཀྱི་ལེན་དང༌། གཏེར་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྩོལ་བ་དང༌། ཡང་དག་པ་མཁའ་སྤྱོད་ཀྱི་གནས་སུ་དཀྲི་བར་


TNT12_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དུ་གསོལ། ཁྱད་པར་དུ་ཡང་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་ཅག་གིས་མཆོད་པ་ཕུལ་བ་རྣམས་དགྱེས་པའི་ཐུགས་ཀྱིས་བཞེས་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། སྤྱན་འདྲེན་མཆོད་པ་བྱིན་གྱིས་བརླབས། །ཆུ་གཉིས་ཉེར་སྤྱོད་གོས་ཟུང་དང༌། རིག་མ་བཅུ་དྲུག་རིན་ཆེན་བདུན། །འདོད་ཡོན་ལྔ་དང་ནང་མཆོད་གཉིས། རྗེས་ཆགས་ཡིད་བྱུང་བསྟོད་དང་གླུ། །གཏོར་ཆོག་རྣམས་ཏེ་མཆོད་པའི་སྡོམ། །རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པ་བཛྲ་ས་མཱ་ཛཿ ཞེས་མགྲོན་སྤྱན་དྲངས། མཆོད་པ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་བཟང་ཞིང་རྒྱ་ཆེ་ལ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་པར་གྱུར། ཨོཾ་བཛྲ་ཨརྒྷཾ པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟ་ཨཱཿཧཱུཾ། ཞེས་མཆོད་པ་བྱིན་གྱིས་བརླབས། དེ་ནས་མཆོད་པ་འབུལ་བ་ནི། དྭངས་ཤིང་དྲི་མེད་ཡིད་འོང་བའི། །


TNT12_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །མཆོག་ཏུ་གུས་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནི་ས་པ་རཱི་ཝ་ར་བཛྲ་ཨརྒྷཾ་པྲཏཱིཙྪ་སྭཱཧཱ། དྭངས་ཤིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཞབས་བསིལ་མཆོག་འདི་དག །མཆོག་ཏུ་གུས་པས་ཁྱེད་ལ་འཕུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ནས་བཛྲ་པཱདྱཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་ལྷ་ཡི་མེ་ཏོག་ཤིན་ཏུ་དམར། །དྲི་ཞིམ་ཤིན་ཏུ་མཛེས་པ་ཡི། །མེ་ཏོག་དེ་རིང་བཞེས་ནས་སུ། །འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ནས་བཛྲ་པུཥྤེ་པྲ་ཏཱིཙྪ་ཨཱཿཧཱུཾ་སྭཱཧཱ། ཨོཾ་ཙན་དན་ག་བུར་དང་བཅས་པའི། །དྲི་ཞིམ་སྤོས་མེ་དགེ་བ་ཡི། །མཐུ་དང་ལྡན་པར་བྱ་བ་འདི། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །དྷཱུ་པཾ༴ ཨོཾ་མར་མེ་འོད་ཟེར་འབར་བ་འདི། །ངན་འགྲོའི་མུན་པ་འཇོམས་པར་བྱེད། །ཨ་ཡི་མིག་འབྱེད་བཀྲ་ཤིས་པའི། །མར་མེ་ཁྱེད་ཀྱིས་བཞེས་སུ་གསོལ། །དཱི་པཾ༴ ཨོཾ་སྣ་ཚོགས་ལྷ་ཡི་དྲི་ཞིམ་པ། །སྣ་ཚོགས་ག་བུར་རྣམ་བརྒྱན་པ། །སྣ་ཚོགས་ཡི་གེ་ཧཱུཾ་ལས་བྱུང༌། །དྲི་འདི་འབུལ་གྱི་བཞེས་སུ་གསོལ། །གནྡྷ༴ ཨོཾ་ཁ་དོག་དྲི་དང་རོ་ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །འབུལ་གྱི་ཡང་དག་བཞེས་སུ་གསོལ། །ནཻ་ཝི་ཏྱ༴ །ཨོཾ་པ་ཊ་ཧ་དང་


TNT12_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཅང་ཏེའུ་སོགས། དུང་དང་རྔ་སོགས་སྒྲ་དབྱངས་དང༌། །ཡིད་འཕྲོག་སིལ་སྙན་སྣ་ཚོགས་རྣམས། །འབུལ་གྱི་ཡང་དག་བཞེས་སུ་གསོལ། །བཛྲ་ཤཔྟ༴ གོས་ཟུང་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་གོས་སྲབ་པ་འཇམ་པ་ཡང་བ་དྭངས་ཤིང་ཐོགས་པ་མེད་པ་ལྷ་རེ་རེ་ལ་ཡང་ཟུང་དུ་སྦྱར་བ་དང་ལྡན་པར་གྱུར། སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག༴། ཝསྟྲ་ཡེ༴ །ཨོཾ་ཝཱི་ནི་བཛྲི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་པི་ཝཾ་མ། །སྟོན་མཁའི་མདོག་མཚུངས་པི་ཝཾ་ལག །པི་ཝཾ་སྒྲ་དང་དབྱངས་ལྡན་པ། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནི་ས་པ་རི་ཝཱ་ར་ཝཱི་ནི་བཛྲི་ཎི་པཱུ་ཛི་ཏེ་ཨཱཿཧཱུཾ། ཨོཾ་ཝཱཾ་སེ་བཛྲི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་གླིང་བུ་མ། །གསེར་གྱི་མདོག་ཅན་གླིང་བུའི་ལག །གླིང་བུའི་སྒྲ་དང་དབྱངས་ལྡན་པ། །ནམ་མཁའ་ཁྱབ་པས༴ །ཝཾ་སེ༴ ཨོཾ་མྲི་ཏཾ་ག་བཛྲི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་རྫ་རྔ་མ། །བནྡྷུའི་མདོག་ཅན་རྫ་རྔའི་ལག །རྫ་རྔའི་སྒྲ་དང་དབྱངས་ལྡན་པ། །ནམ་མཁའ་ཁྱབ་པས༴ །མྲི་ཏཾ་ག༴ །ཨོཾ་མུ་ར་ཛེ༴ །རྡོ་རྗེ་ལྷ་མོ་རྔ་ཟླུམ་མ། །མརྒད་མདོག་མཚུངས་རྔ་ཟླུམ་ལག །རྔ་ཟླུམ་སྒྲ་དང་དབྱངས་ལྡན་པ། །ནམ་མཁའ་ཁྱབ་པས ༴ །མུ་ར་ཛེ༴ །ཨོཾ་ཧ་སྱ༴ །རྡོ་རྗེ་ལྷ་མོ་བཞད་པ་མོ། །


TNT12_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཀང་ཤུའི་མདོག་མཚུངས་བཞད་པའི་ཞལ། །འཛུམ་པའི་བཞིན་དང་དབྱངས་ལྡན་པ། །ནམ་མཁའ་ཁྱབ་པས༴ །ཧ་སྱ༴ །ཨོཾ་ལཱ་སྱ༴ །རྡོ་རྗེ་ལྷ་མོ་སྒེག་པ་མོ། །དབང་སྔོན་མདོག་མཚུངས་སྒེག་པའི་ཚུལ། །སྙེམས་པའི་ལུས་དང་གླུར་ལྡན་པ། །ནམ་མཁའ་ཁྱབ་པས༴ །ལཱ་སྱ༴ །ཨོཾ་གཱི་ཏི༴ །རྡོ་རྗེ་ལྷ་མོ་གླུ་དབྱངས་མ། །འཆར་ཀའི་མདོག་མཚུངས་གླུ་ལེན་མ། །གླུ་དང་རོལ་མོའི་སྒྲ་ལྡན་པ། །ནམ་མཁའ་ཁྱབ་པས༴ །གཱི་ཏ༴ །ཨོཾ་ནྲྀ་ཏི༴ །རྡོ་རྗེ་ལྷ་མོ་གར་མཁན་མ། །མ་རྒད་མདོག་མཚུངས་གར་མཛད་མ། །ལག་པ་གར་བྱེད་རྐང་སྟབས་བསྒྱུར། །ནམ་མཁའ་ཁྱབ་པས༴ །ནྲྀ་ཏ༴ །ཨོཾ་པུཥྤེ༴ །རྡོ་རྗེ་ལྷ་མོ་མེ་ཏོག་མ། །གུར་གུམ་མདོག་མཚུངས་མེ་ཏོག་ལག །མེ་ཏོག་ཆར་དང་རོལ་མོར་བཅས། །ནམ་མཁའ་ཁྱབ་པས༴ །པུཥྤེ༴ །ཨོཾ་དྷཱུ་པེ༴ །རྡོ་རྗེ་ལྷ་མོ་བདུག་སྤོས་མ། །དུ་བའི་མདོག་མཚུངས་བདུག་སྤོས་ལག །བདུག་པའི་སྤྲིན་དང་རོལ་མོར་བཅས། །ནམ་མཁའ་ཁྱབ་པས༴ །དྷཱུ་པེ༴ །ཨོཾ་དཱི་པེ༴ །རྡོ་རྗེ་ལྷ་མོ་མར་མེ་མ། །གློག་འོད་མདོག་མཚུངས་མར་མེའི་ལག །མར་མེའི་འོད་དང་རོལ་མོར་བཅས། །ནམ་མཁའ་ཁྱབ་པས༴ །དཱི་པེ༴ །ཨོཾ་གནྡྷེ༴ །རྡོ་རྗེ་ལྷ་མོ་དྲི་ཆབ་མ། །པྲི་ཡང་མདོག་མཚུངས་དུང་ཆོས་ལག །


TNT12_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཡི་ཆར་དང་རོལ་མོར་བཅས། །ནམ་མཁའ་ཁྱབ་པས༴ །གནྡྷེ༴ །ཨོཾ་རཱུ་པ༴ རྡོ་རྗེ་ལྷ་མོ་གཟུགས་མཛེས་མ། །སྟོན་ཟླའི་མདོག་མཚུངས་མེ་ལོང་ལག །ཡིད་འོང་གཟུགས་དང་རྒྱན་ལྡན་པ། །ནམ་མཁའ་ཁྱབ་པས༴ །རཱུ་པ༴ །ཨོཾ་ར་ས༴ །རྡོ་རྗེ་ལྷ་མོ་ཞལ་ཟས་མ། །ཛ་པའི་མདོག་མཚུངས་ཞལ་ཟས་ལག །ཞལ་ཟས་བདུད་རྩིའི་ཆར་འབེབས་མ། །ནམ་མཁའ་ཁྱབ་པས༴ །ར་ས༴ །ཨོཾ་སྤརྵེ༴ །རྡོ་རྗེ་ལྷ་མོ་ན་བཟའ་མ། །མརྒད་མདོག་མཚུངས་ན་བཟའི་ལག །གོས་དང་རེག་དང་འཁྱུད་པར་ལྡན། །ནམ་མཁའ་ཁྱབ་པས༴ །སྤརྵེ༴ །ཨོཾ་དྷརྨ་དྷཱ་ཏུ་བཛྲི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་ཆོས་དབྱིངས་མ། །ཀུནྡའི་མདོག་མཚུངས་ཆོས་འབྱུང་ལག །ཟག་པ་མེད་པའི་བདེ་སྟེར་མ། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནི་ས་པ་རི་ཝཱ་ར་དྷརྨ་དྷཱ་ཏུ་བཛྲི་ཎི་པཱུ་ཛི་ཏེ་ཨཱཿཧཱུཾ། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་ཆད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནི་ས་པ་རི་ཝ་ར་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧ྄ཱུཾ། རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །དབུལ་ཞིང་འཕོངས་པ་རྒྱུན་ཆད་ནས། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག༴ །མ་ཎི་རཏྣ་


TNT12_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པཱུ་ཛི་ཏེ༴ །བཙུན་མོ༴ མ་རིག་མུན་པ་རྒྱུན་ཆད་ནས། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ཏེ། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཝ་སྟཱི༴ །བློན་པོ་རིན་ཆེན༴ །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག༴ །མ་ཧཱ་སྟ༴ །གླང་པོ་རིན་ཆེན༴ །ལྟ་ངན་རྣམས་ནི་རབ་བསལ་ཞིང༌། །བླ་མེད་ཐེག་པ་རབ་བཞོན་ནས། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག༴ །ཧ་སྟཱི་རཏྣ༴ །རྟ་མཆོག་རིན་ཆེན༴ །སྲིད་པའི་གཟེབ་ལས་ངེས་གྲོལ་ནས། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་སྟེ། །སངས་རྒྱས་ཞིང་ཀུན་བགྲོད་པར་ཤོག༴ །ཏུ་རཾ་ག་ཨ་ཤྭ༴ །དམག་དཔོན་རིན་ཆེན༴ །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག༴ །ཁཌྒ༴༴ ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་འཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་རཱུ་པ་ཀ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུཾ། །ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་དང༌། །ཡོན་ཏན་ཚིག་མཆོག་སྒྲ་དབྱངས་ཅི་མཆིས་རྣམས། །མོས་བློས་དཀྱིལ་འཁོར༴ །བཞེས་ཤིག༴ །ཤཔྟ་ཀ་མ་གུ་ཎ༴ །ཕྱོགས་དུས་ཀུན་ན་ཙན་དན་སྦྲུལ་སྙིང་དང༌། །ཨ་ཀ་ར་ལ་སོགས་


TNT12_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ཚིམ་བྱེད་རྣམས། །མོས་བློས་དཀྱིལ་འཁོར་ལྷ༴ །བཞེས་ཤིག༴ །གནྡྷེ༴ །ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་མཆིས་པ་རྣམས། །མོས་བློས་དཀྱིལ་འཁོར༴ །བཞེས་ཤིག༴ །ར་ས༴ །ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས༴ །མོས་བློས་དཀྱིལ་འཁོར༴ །བཞེས་ཤིག༴ །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནི་ས་པཱ་རི་ཝཱ་ར་སྤརྵེ་ཀ་མ་གུ་ཎ་པཱུ་ཛི་ཏྱེ་ཨཱཿཧཱུཾ། ཁྱད་པར་གྱི་མཆོད་པ་ནི། ནང་མཆོད་ལ་གཉིས་ཀྱི་སྐབས་འདིར་ཚེས་བཅུའི་དུས་སམ༴ །རང་གཞན་གྱི་དོན་གལ་ཆེ་བའི་གནས་སྐབས་སུ། བདུད་རྩིའི་མཆོད་པ་རྒྱས་པ་འབུལ་བར་སྤྲོ་ན། དཀྱིལ་འཁོར་གྱི་མདུན་ཕྱོགས་སུ། དམ་རྫས་སྦྱར་བའི་མྱོས་བྱེད་ཀྱིས་གང་བའི་ཐོད་པ་སྟེགས་བུ་ལ་བཀོད་པ་དང༌། ཆང་ཕལ་པའང་དྲི་བཟང་གི་ཆུ་དང༌། དམར་ཆེན་དང་འོ་མ་ལ་སོགས་པ་མཆོད་ཡོན་གྱི་སྣོད་སོ་སོར་འགྲུབ་ན་བཟང༌། བསྡུ་ན་དེ་དག་གཅིག་ཏུ་བསྲེས་པའི་མཆོད་ཡོན་གྱི་སྣོད་དུང་ཆོས་དང་བུམ་པ་སོགས་ཇི་ལྟར་འོས་པ་དང༌། སྣོད་གཅིག་ཏུ་མཐེབ་ཀྱུ་བ་ལས་བརྒྱན་པ་སུམ་ཅུ་སོ་ལྔ་ནས་བརྒྱ་ལྔ་བཅུའི་བར་ཇི་ལྟར་འོས་པ་སྤུངས། སྣོད་གཅིག་ཏུ་མེ་ཏོག་དམར་པོ་དངོས་སམ་འབྲུ་ཁ་དོག་བསྒྱུར་བ་བླུགས། དེ་ལྟར་ནང་མཆོད་མཆོད་ཡོན་མཐེབ་ཀྱུ་མེ་ཏོག་རྣམས་བཞི་ཚོམས་སུ་བཞག་པའི་དཀྱིལ་དུ་སྟེགས་བུ་ལ་བཟེད་ཞལ་བཀོད། སྤོས་ཕོར། མར་མེ། དྲི་ཆབ་རྣམས་ཅུང་ཟད་ཐག་རིང་པ་གཅིག་གི་རྒྱབ་ཕྱོགས་སུ་བཤམས། ནང་མཆོད་བསངས་སྦྱངས་ནས། ཨོཾ་ཨཱཿཧཱུཾ།


TNT12_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་གྱི་བར་གོང་བཞིན་བྱིན་གྱིས་བརླབས། མཆོད་པ་རྣམས་ཀྱང་བསངས་སྦྱངས། སྟོང་པའི་ངང་ལས་ཞེས་པ་ནས་ཤཔྟ་ཨཱཿཧཱུཾ་གིས་བར་གོང་བཞིན་བྱིན་གྱིས་བརླབས། ཨོཾ་གསུམ་མའི་མཐར། ཨོཾ་ཨཱཿཧཱུཾ། ཞེས་བཏགས་པ་ཉེར་གཅིག་ནས་བརྒྱ་རྩའི་བར་བརྗོད། སྔགས་རེ་རེ་བཞིན་ལས་བྱེད་པ་བཞིན། ནང་མཆོད་མཆོད་ཡོན། མཐེབ་ཀྱུ། མེ་ཏོག་རྣམས་ནས་ལན་རེ་འབུལ། སློབ་དཔོན་གྱིས་ཅང་ཏེའུ་དང་དྲིལ་བུའི་སྒྲ་བྱེད། དེའི་རྗེས་སུ། ཨོཾ་བཛྲ་པཱ་རཱ་ཧཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མི་ནཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མོ་ཧ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་སཉྩ་ལི་ནི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་སནྟྲ་ས་ནི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྜི་ཀཱ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀ་ཀ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལུ་ཀ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤྭ་ན་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་ར་སྱཻ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་ཌྀ་ཌྷྲ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དུ་ཏི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾ་ཥྟི་ཎེ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ། རྣམས་ལའང༌། ཨོཾ་ཨཱཿཧཱུཾ། ལན་གསུམ་གསུམ་བཏགས་པས་འབུལ། མཇུག་ཏུ་རོལ་ཆེན་དང་རྐང་བརྒྱད་ལྟ་བུའི་བསྟོད་པ་གང་རུང་གཅིག་བྱའོ། །དེ་ནས་དཀྱུས་ཀྱི་ནང་མཆོད་འབུལ་ཏེ། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཞེས་ནང་མཆོད་བྱིན་རླབས་ཁ་གསོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས་རྨད་བྱུང་བསམ་གྱིས་མི་ཁྱབ་པ་མངའ་བ། དྲིན་ཅན་རྩ་བའི་བླ་མ་མཚན་འདི་ཞེས་བྱ་བའི་


TNT12_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ དབང་ཕྱུག་བརྒྱད་ལྡན་ཁྱབ་བདག་རྡོ་རྗེ་འཆང༌། །རྒྱལ་བའི་ཡུམ་གཅིག་རྡོ་རྗེ་རྣལ་འབྱོར་མ། །མཁའ་འགྲོའི་དབང་ཕྱུག་ལྷ་ལྕམ་དཔལ་མོ་མཛད། །མུ་སྟེགས་འདུལ་མཛད་དཔའ་བོ་བི་རཱུ་པ། །སྤྲོས་བྲལ་དོན་གཟིགས་ཨ་ཝ་དྷཱུ་ཏིའི་ཞབས། །གདོད་མའི་མགོན་པོ་དཔལ་ལྡན་ཤཱ་བཱ་རི། །མཐུ་སྟོབས་ནུས་པ་མངོན་གྱུར་རྒྱལ་པས་བྱིན། །རྡོ་རྗེ་བཙུན་མོས་བྱིན་བརླབས་སངས་རྒྱས་བྱིན། །གནས་ལྔ་མཐར་སོན་དེ་ཝ་ཨཱ་ཀ་ར། །འགྲོ་བའི་དོན་མཛད་ཧ་དུ་དཀར་པོའི་ཞབས། །ཟབ་དོན་མངའ་བདག་དཔྱལ་ལོ་ཀུན་རྡོར་མཚན། །བླ་མ་མཉེས་མཛད་སྐྱི་སྟོན་དཀོན་མཆོག་འབར། །བཤེས་གཉེན་དམ་པ་རྒྱལ་ཚབ་རིན་པོ་ཆེ། །བྱང་ཆུབ་ཐུགས་ལྡན་ལོ་ཙྪ་བྱམས་པ་དཔལ། །ཆེན་པོའི་གཙུག་རྒྱན་མཁན་པོ་བསོད་ནམས་དབང༌། །བྱང་ཆུབ་ཐུགས་ལྡན་སེམས་དཔའ་ཆེན་པོའི་ཞབས། །དཔག་ཡས་གདམས་པའི་མཛོད་འཛིན་ཡང་རྩེ་བ། །མཐའ་ཡས་ཤེས་བྱའི་གནས་རིག་རིན་ཆེན་གྲུབ། །གཞོན་ནུ་བསོད་ནམས་མཚན་ཅན་བྲག་ནག་པ། །མཁས་བཙུན་དམ་པ་མཁན་ཆེན་རིན་རྒྱལ་བ། །དམ་པས་རྗེས་བཟུང་རྒྱལ་དབང་གྲགས་པ་དང༌། །མཚན་མཆོག་ལྡན་པ་རྒྱལ་བ་ཕྱག་ན་བ། །བྱིན་རླབས་མཆོག་ལྡན་འཛིམས་ཆེན་བསོད་རྒྱལ་བ། །ངེས་དོན་བསྟན་འཛིན་


TNT12_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབང་ཕྱུག་མཚན། །ལེགས་པའི་ལམ་སྟོན་ཀུན་དགའ་དཔལ་འབྱོར་ཏེ། །བསླབ་གསུམ་ལྡན་པ་དཀོན་མཆོག་རིན་ཆེན་ཞབས། །གནས་ལུགས་མངོན་གྱུར་ལུང་རིག་རྒྱ་མཚོའི་དཔལ། །ཡོངས་རྫོགས་བསྟན་པའི་སྲོག་ཤིང་རྗེ་བཙུན་མགོན། །བརྒྱུད་པ་ཀུན་འདུས་རྩ་བའི་བླ་མ་ལ། །རྣམ་དག་བདུད་རྩིའི་མཉེས་མཆོད་དམ་པ་འབུལ། །མཐའ་ཡས་འགྲོ་ཀུན་འཆི་མེད་བདུད་རྩིའི་དཔལ། །ཡེ་ཤེས་རྣམ་ལྔའི་རྒྱ་མཚོ་ཐོབ་པར་ཤོག །ཨོཾ་ཨཱཿཧཱུཾ། སྤྲོ་ན་རེ་རེ་བཞིན་དུ་རྣམ་དག་བདུད་རྩི་སོགས་ཚིག་གསུམ་སྦྱར་བར་བྱའོ། །དེ་ནས་འདི་སྐད་ཅེས། གཞན་ཡང་རྩ་བའི་བླ་མ། བརྒྱུད་པའི་བླ་མ། དབང་བསྐུར་རྒྱུད་བཤད། མན་ངག་ནོས། ཆོས་ཀྱི་འབྲེལ་བའི་སྔ་མ་དམ་པ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། ཨོཾ་གསུམ་མ་ཚར་གཅིག་བརྗོད། ཕྱོགས་བཅུ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །ཡུམ་གྱུར་སྒྱུ་འཕྲུལ་ཆེན་མོ་བཅོམ་ལྡན་མ། །མཁའ་སྤྱོད་གཙོ་མོ་རྡོ་རྗེ་ཕག་མོ་ལ། །རྣམ་དག༴ །རྡོ་རྗེ་ཕག་མོ་གཞན་དང་གཤིན་རྗེ་མ། །རྨོངས་བྱེད་མ་དང་དཔལ་ལྡན་སྐྱོང་བྱེད་མ། །སྐྲག་བྱེད་མ་དང་རྡོ་རྗེ་ཙཎྜི་ཀ །རྣམ་དག༴ །རིགས་ཀྱི་བཙུན་མོ་འཁོར་ལོས་བསྒྱུར་མ་བཞི། །ཉི་ཤུ་རྩ་བཞི་གནས་སོགས་རྣལ་འབྱོར་མ། །རྡོ་རྗེ་མ་མོ་མ་རུང་འཇོམ་མཛད་བརྒྱད། །རྣམ་དག༴ །སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣལ་འབྱོར་མ། །


TNT12_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེའང་བྱེ་བ་ཕྲག་རེའི་རྗེས་འབྲང་བཅས། །ཐུན་མོང་མིན་གྱུར་མཁའ་འགྲོའི་ཚོགས་རྣམས་ལ། །རྣམ་དག༴ གཞན་ཡང་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་ལྷ་ཚོགས་རྣམས་ཀྱི༴ །གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱིས་སངས་རྒྱས་བྱང་སེམས་འཕགས་ཚོགས་ཐམས་ཅད་ཀྱི༴༴ །དཔལ་ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་ཀྱི༴༴ གཞན་ཡང་ཆོས་འཁོར་སྲུང་ཞིང་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་སྲུང་མ་རྣམས་ཀྱི༴༴ །གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང༌། ཚན་དོ་དང་ཉེ་བའི་ཚན་དོ། འདུ་བ་དང་ཉེ་བའི་འདུ་བ། འཐུང་གཅོད་དང་ཉེ་བའི་འཐུང་གཅོད། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་རྩ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་སྤྲུལ་པའི་སྐུ་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་རྣམས་ཀྱི༴༴ །ཞིང་སྐྱོང་བཞི་བཅུ་ཞེ་བརྒྱད། ཕོ་ཉ་གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པའི་མཁའ་འགྲོ་མ་རྣམས་ཀྱི༴ གཞན་ཡང་གནོད་སྦྱིན།


TNT12_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་པོ། འབྱུང་པོ། ཡི་དྭགས། ཤ་ཟ། སྨྱོ་བྱེད། བརྗེད་བྱེད། མ་མོ། ཞིང་སྐྱོང༌། ཕོ་ཉ། འཕྲོག་མ། གྲུབ་པ་རྣམས་ཀྱི༴ །གཞན་ཡང་བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་འཁོར་དང་བཅས་པ་དང༌། གནས་བདག་གཞི་བདག །གྲོང་བདག །གཉུག་མར་གནས་པ་རྣམས་ཀྱི༴ །འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བས་རྒྱུད་ཚིམ་ནས། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭཱ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བདུད་རྩི་མྱངས། དེ་ནས་རྗེས་ཆགས་ནི། ཨོཾ་ཨོཾ་ཨོཾ་སརྦ་སོགས་ལན་ལྔ་ཙམ་བྱེད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། དེ་ནས་ཡིད་བྱུང་ནི། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་བྱེད་པའམ་ཡང་ན་འདི་སྐད་ཅེས། ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང༌། གསང་སྔགས་དང་ཕྱག་རྒྱའི་མཐུ་དང་བདག་གི་མོས་པ་དང་ཏིང་ངེ་འཛིན་དང་སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་


TNT12_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་དང༌། དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ། ཨཱ་བརྟ་ཡ་ཧོ། ན་མཿས་མནྟ་བུངྔྷཱ་ནཱཾ། ཨ་བྷི་སྨ་ར་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་དྷརྨ་དྷཱ་ཏུ་ཨ་ཀ་ཤ་ས་མནྟ་མཾ། སརྦ་ཏ་ཐཱ་ག་ཏ་ཨ་པ་རི་ཤོ་དྷ་མཎྜ་ལེ་མ་མ་པྲ་ཎི་དྷི་པུཎྱེ་ཛྙཱ་ན་བ་ལེ་ན། སརྦ་ཏ་ཐཱ་ག་ཏ་བ་ལེ་ན་སཔྟ་སྭ་སྠཱ་ན་བ་ལཉྩ་ཡེ་སྭཱཧཱ། དེ་ནས་བསྟོད་པ་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་ཝཱ་རཱ་ཧཱི་ཝཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མ་ཨཱརྱ་ཨ་པ་ར་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མཧཱ་བི་དྱཻ་ཤྭ་རི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མཿསརྦ་བྷུ་ཏ་བྷ་ཡ་ཝ་ཧེ་མཧཱ་བཛྲེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་ས་ན་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་བ་ཤྱཾ་ཀ་རི་ནཻ་ཏྲ་བྷྲ་མ་ནཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བི་ཥ་ཎི་ཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ཀ་རཱ་ལི་ནཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མསྟྲ་ས་ནི་མཱ་ར་ཎི་པྲ་བྷེ་ད་ནི་ཨ་པ་ར་ཛ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་ཝ་རཱ་ཧཱི་མཧཱ་ཡོ་གི་ནི་ཀཱ་མེ་ཤྭ་རི་ཁ་གེ་ཧཱུཾ་ཧཱུཾ་ཕཊ། ཅེས་རྐང་བརྒྱད་ལ་རོལ་ཆེན་བྱེད། དེ་ནས་དྲིལ་གསིལ་དང་བཅས་ཏེ། རྒྱལ་བ་རྒྱ་མཚོའི་ཡུམ་གྱུར་བཅོམ་ལྡན་མ། །ཆོས་དབྱིངས་ཤེས་རབ་ཕ་རོལ་ཕྱིན་མའི་དངོས། །ཟག་མེད་བདེ་སྟོང་ལྷན་ཅིག་


TNT12_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་མའི་སྐུ། །རྡོ་རྗེ་བཙུན་མོའི་ཞབས་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཕག་མོ་སྣ་ཚོགས་བདེ་མ་དང༌། །བདག་མེད་ཡེ་ཤེས་དབང་ཕྱུག་སྣ་ཚོགས་ཡུམ། །རྡོ་རྗེ་སྒྲོལ་མ་རོ་ལངས་མ་ལ་སོགས། །སྣ་ཚོགས་མཚན་འཆང་ཁྱོད་ལ་ཕྱག་འཚལ་ལོ། །ཨེ་ཡིག་དཔལ་ལྡན་པདྨ་བྷ་ག་དང༌། །གསང་བ་ཆོས་འབྱུང་ཆོས་དབྱིངས་ནམ་མཁའི་ཁམས། །སེང་གེའི་ཁྲི་སོགས་བརྡ་ཐབས་དུ་མས་མཚོན། །ཤེས་རབ་ལྷ་མོའི་གཙོ་ལ༴། ཆོས་དབྱིངས་རང་བཞིན་མཚན་དང་དཔེ་བྱད་རྫོགས། །དོན་དམ་འཁོར་འདས་སྲིད་པ་གསུམ་གྱི་གཟུགས། །མཐའ་ཡས་སྤྲུལ་པའི་སྣང་བ་ཕྱོགས་བརྒྱར་འབར། །སྐུ་ཡི་དབང་ཕྱུག་མ་ལ༴ །ཟབ་མོ་གསང་སྔགས་ཆོས་དབྱིངས་སྒྲ་བརྒྱ་པ། །ངེས་ཚིག་མིང་དོན་རྒྱ་མཚོའི་འཇུག་པ་ཅན། །མཐའ་དག་མགོན་གྱི་གསུང་དབྱངས་རྡོ་རྗེ་མ། །གཞོམ་མེད་ལྷ་མོ་ཁྱོད་ལ་ཕྱག་འཚལ་ལོ། །རང་བཞིན་སྤྲོས་བྲལ་མི་འགྱུར་ཆོས་དབྱིངས་དང༌། །མ་ལུས་ཤེས་བྱའི་གནས་ཚུལ་ཀུན་གསལ་བ། །ཀུན་མཁྱེན་ཡེ་ཤེས་ལྷུན་གྲུབ་རྣམ་མི་རྟོག །མཁའ་སྤྱོད་ཐུགས་ཀྱི་རྡོ་རྗེར༴ །གང་གི་རྣམ་འཕྲུལ་ཡིད་བཞིན་སྒྱུར་མཛད་པས། །དཔག་ཡས་འགྲོ་བའི་དོན་སྒྲུབ་མཐུ་དཔལ་ཅན། །འཕྲུལ་ལྡན་དབང་ཕྱུག་མངའ་བདག་རྣལ་འབྱོར་མ། །སྒྱུ་འཕྲུལ་བདེ་བའི་གཏེར་ལ༴ །རྡོ་རྗེ་ལྷ་མོ་ཁྱོད་ཐུགས་ཡེ་ཤེས་དང༌། །སྐུ་དང་འཕྲིན་ལས་དབྱིངས་


TNT12_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནམ་མཁའ་སྟེ། །འདི་དག་བརྟན་གཡོ་ཀུན་ལ་ལྷན་ཅིག་ཁྱབ། །ཀུན་ཁྱབ་ཀུན་འགྲོའི་གཙོ་མོར༴ །ཀུན་གཞི་རྣམ་དག་མི་གནས་མྱ་ངན་འདས། །སྣ་ཚོགས་གནས་དང་མཆོད་པའི་བཀོད་པར་བཅས། །ཞིང་ཁམས་འབྱོར་པ་ཕུན་ཚོགས་རྒྱ་མཚོ་ལ། །དབང་ཕྱུག་འཁོར་ལོས་བསྒྱུར་མ༴། ཇི་ལྟར་བཞེད་པའི་དོན་ཀུན་འབད་མེད་པར། །སྨོན་ལམ་དབང་བསྒྱུར་གང་ལ་གང་འདུལ་བའི། །འཕྲིན་ལས་རྒྱུན་མི་འཆད་པར་དོན་མཛད་མ། །འདོད་པ་ཀུན་སྩོལ་ཁྱོད་ལ༴ །སྟོབས་སོགས་ཡོན་ཏན་གཞལ་དུ་མེད་པ་ཡིས། །རབ་གང་རྟག་ཏུ་ཕན་བདེ་སྤྲོ་བ་དང༌། །སྲིད་ཞིའི་དགེ་ལེགས་ཐམས་ཅད་འབབ་པའི་གནས། །ཆུ་གཏེར་དང་མཚུངས་ཁྱོད་ལ༴ གྲངས་མེད་བརྗོད་ལས་འདས་པ་མཁའ་འགྲོའི་གཙོ། །བྱེ་བ་ཕྲག་སྟོང་ལྷག་བཅས་ཁྲག་ཁྲིག་ཟུང༌། །རྣལ་འབྱོར་མ་དཔལ་ཁྱོད་ཀྱི་ཕོ་ཉར་སྤྲུལ། །མཁའ་འགྲོ་ཀུན་གྱི་བདག་མོ༴ །སུམ་ཅུ་རྩ་བདུན་འཁོར་ལོས་བསྒྱུར་མའི་སྐུ། །མྱོས་བྱས་རི་བོ་མངའ་དང་ཡོན་ཏན་གྲངས། །ཟུང་འཇུག་ལྷན་སྐྱེས་ངོ་བོར་སྡོམ་མཁས་མ། །རྗེ་བཙུན་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་འབུལ། །ཉེས་བྱས་ཐམས་ཅད་སྙིང་ནས་སོ་སོར་བཤགས། །ཡི་རང་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །རྟག་ཏུ་བཞུགས་གསོལ་དགེ་བ་བྱང་ཆུབ་བསྔོ། །དཀྱིལ་འཁོར་གཙོ་བོ་དཔའ་བོ་


TNT12_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་མོ་དང༌། །སངས་རྒྱས་སྲས་བཅས་དབང་གི་ལྷ་མོ་ལ། །ཇི་སྲིད་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བླ་མེད་ཐེག་པར་བདག་གིས་སེམས་བསྐྱེད་དོ། །དབང་བཞི་མནོས་ཤིང་དམ་ཚིག་ལམ་ལ་གནས། །བྱིན་རླབས་རྒྱུད་སྦྱངས་རིམ་པ་གཉིས་ལ་སློབ། །ངོ་མཚར་སྤྱོད་པ་གསུམ་གྱི་རོལ་པ་སོགས། །མཐའ་དག་ལམ་རྣམས་བདག་གིས་བསྟེན་པར་བགྱི། །ཏིང་འཛིན་བརྟན་ཅིང་འཕྲིན་ལས་ཐོགས་མེད་འགྲུབ། །ཕོ་ཉ་གསུམ་འདུས་གྲུབ་པ་བརྒྱད་སོགས་ཐོབ། །འགྲོ་བའི་དོན་སྤྱོད་མཐུ་དང་ལྡན་པ་ཡི། །ཚེ་འདིར་ཧེ་རུ་ཀ་དཔལ་ཐོབ་པར་ཤོག །རྣལ་འབྱོར་རོ་གཅིག་བདུད་རྩི་འཐུང་བས་རྣམ་པར་དག་པའི་ཐུགས། །གནས་ལ་སོགས་པའི་ཡུལ་དུ་བགྲོད་པས་རྣམ་པར་དག་པའི་གསུང༌། །དཔལ་ལྡན་གནས་ཀྱི་དབུས་སུ་འཁོར་ལོའི་དཀྱིལ་འཁོར་མགོན་པོ་མཆོག །བླ་མ་མཆོག་ལ་མགོ་བོས་བཏུད་དེ་རྟག་པར་ཕྱག་བགྱིའོ། །དེ་ནས་ཞེས་སོགས་དག་ཆེན་པོས། །རྒྱུད་ནི་རྫོགས་པར་གྱུར་པ་གང༌། །འཁོར་ལོ་སྡོམ་པའི་འདྲེན་པ་མོ། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ལྷ་མོ་འཕྲེང་བས་བརྒྱན་པའི་སྐུ་ཡི་རིན་པོ་ཆེ། །ལུས་ཀུན་དབང་པོའི་དབང་ཕྱུག་མ་ཡིས་རྟག་ཏུ་མཛེས། །འཁོར་ལོའི་གནས་ཀྱི་མགོན་པོ་དྲི་མེད་ལྷན་ཅིག་སྐྱེས། །སྡོམ་པའི་རྣལ་འབྱོར་སྙིང་པོ་ལ་ནི་རྟག་ཕྱག་འཚལ། །ཨེ་ཡིག་རྣམ་པའི་སྙིང་པོ་ཁུ་བའི་གནས་གྱུར་


TNT12_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་སྦུབས་ནི་དམ་པ་སྟེ། །དེ་ཡིས་དབུས་སུ་སྐྱེས་པའི་ངང་མོ་དམ་པ་ཀུནྡ་ལྟར་དཀར་ཐམས་ཅད་དག །ཀུན་མཁྱེན་སངས་རྒྱས་ཤིན་ཏུ་རྣམ་པར་དག་པའི་གནས་ཏེ་ལྷ་མོ་མཛེས་མའི་གཞི། །དྲི་མེད་ལྷན་ཅིག་སྐྱེས་པའི་གྲུབ་གཞི་འདྲེན་པ་ལ་ནི་བདག་ཕྱག་འཚལ། །སྐྱེ་བ་དང་ནི་འཇིག་པ་དང་བྲལ་མཆོག་གི་ལུས་ཅན་མ། །དམར་བའི་འོད་ཆགས་རྣམ་པར་རྒྱལ་མ་ཁམས་གསུམ་གཟུགས་ཅན་མ། །ཡོན་ཏན་ཚོགས་ཀྱིས་བརྒྱན་པའི་སྐུ་མངའ་རྡོ་རྗེའི་ཡན་ལག་མ། །སངས་རྒྱས་ཀུན་གྱི་བསྐྱེད་མཛད་མ་ལ་རྟག་ཏུ་མངོན་པར་ཕྱག་བགྱིའོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། ནས། ཕག་མོ་ལ་འདུད་དོ། །དཔྱིད་ཀྱི་རྒྱལ་པོའི་གླུ་དབྱངས་ཀྱི་མཆོད་པ་ནི། ཧཱུཾ་ཁྲོ་བོ་བདེ་བ་དགྱེས་པ་ཡི། །བདེ་བའི་ལོངས་སྤྱོད་ལས་བྱུང་བ། །བདེ་བ་དབབ་པའི་སྦྱོར་བ་ཡིས། །རབ་ཏུ་རྨོངས་པ་བསྟེན་པར་བྱེད། །ཨ་ལ་ལ་ལ་ལ་ཧོ། ཨ་ཨི་ཨཱ༔ ཨ་རལླི་ཧོ། བདེ་ཆེན་བདེ་བའི་གར་གྱིས་རོལ། །རྣལ་འབྱོར་མ་མཆོག་པདྨའི་བདེ། །ཨ་ལ་ལ་ལ་ལ་ཧོ། དགྱེས་པ་རྣམས་ཀྱི་བདེ་བ་མཆོག །རྣལ་འབྱོར་མ་མཆོག་མཆོད་པར་མཛོད། །ཨ་ཨི་ཨཱ་ཨ་རལླི་ཧོ། རབ་དགྱེས་མགོན་པོ་ཁྱོད་བཞུགས་མཛོད། །མཁའ་འགྲོ་དྲྭ་བའི་བདེ་བ་སྩོལ། །དགྱེས་པའི་བདེ་བ་གསོལ་བར་མཛོད། །ཞི་བའི་གར་གྱིས་གར་མཛད་པ། །བདག་ལ་བདེ་ཆེན་བདེ་བ་སྩོལ། །ཐར་བའི་མཚན་ཉིད་ལྡན་པ་ཁྱོད། །


TNT12_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ལ་ལ་ལ་ལ་ཧོ། ཨ་ཨི་ཨཱ་ཨ་རལླི་ཧོ། བདེ་བ་སྤངས་པས་གྲོལ་མི་འགྱུར། །བདེ་མེད་སྡུག་བསྔལ་གྱིས་མི་གྲོལ། །བདེ་དེ་ཆུ་སྐྱེས་དབུས་ན་གནས། །ཆགས་པའི་དངོས་པོར་ཁྱོད་མ་གྱུར། །བདེ་བ་ཆེ་ཡིས་གྲོལ་བར་མཛོད། །པདྨ་རྒྱས་པའི་རོ་ཉིད་ཀྱིས། །བུང་བ་ལྟ་བུར་ཚིམ་པར་མཛོད། །འདི་ཡིས་མགོན་པོ་བསྐུལ་ན་ནི། །དཀྱིལ་འཁོར་དུ་ནི་ངེས་པར་འགྲུབ། །སྙན་ཅིང་འཇེབས་པའི་དབྱངས་ཀྱིས་ནི། །དཔྱིད་ཀྱི་རྒྱལ་པོས་གླུ་བླངས་པས། །དྲི་མེད་མཁའ་འགྲོ་དྲྭ་བ་ཡིས། །གཟིགས་ཤིང་ལས་ཀུན་མཛད་པ་ཡིན། །དེ་ནས་གཏོར་མ་འབུལ་བ་ནི། །གཏོར་མ་རྣམས། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། ཡཾ་ལས་རླུང་ནས། བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་གི་བར་གོང་ནང་མཆོད་བྱིན་རླབས་ལྟར་གཏོར་མ་བྱིན་གྱིས་བརླབས་འདིར་མདུན་བསྐྱེད་ཀྱི་ཡེ་ཤེས་པ་སྤྱན་འདྲེན་མི་དགོས་ཀྱང༌། ཐུགས་དམ་བསྐུལ་བའི་ཕྱིར་དང༌། ཞིང་སྐྱོང་སོགས་མགྲོན་གཞན་སྤྱན་འདྲེན་དགོས་པའི་ཕྱིར། འབར་བའི་ཕྱག་རྒྱ་དང་བཅས་དེ། ཕཻཾ་བཛྲ་ཨ་རལླི་ནས། དྲྀ་ཤྱ་ཧོ་ཞེས་པས་སྤྱན་དྲངས། མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཨི་དཾ། པུཥྤེ། དྷུ་པེ། དཱི་པཾ། གནྡྷེ། བ་ལིཾ། གྲྀཧྞ་གྲྀཧྞ་མ་མ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱཧཱ་ལན་གསུམ་གྱིས་ཡེ་ཤེས་མཁའ་འགྲོ་མ་ལ་འབུལ།


TNT12_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་གསུམ་མ་ཚར་གཅིག་བརྗོད་ནས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ་མཆོད་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་ནང་མཆོད་འབུལ། རོལ་མོའི་སྒྲ་དང་བཅས་རྐང་བརྒྱད་ཀྱིས་བསྟོད། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།རྣལ་འབྱོར་མ་དཔལ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། བདག་ལ་སྲུངས། དངོས་གྲུབ་ཀུན་གྱི་སྟཽངས་གྲོགས་མཛོད། །དུས་མིན་ནས་ཀུན་འགྲུབ་ཤོག །ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཕཻཾ་བཛྲ་ཨ་རལླི་ཧོཿ བཛྲ་ཌཱ་ཀི་ནཱི། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་རྡོ་རྗེ་མཁའ་འགྲོ་མ་ཡེ་ཤེས་པ་སྤྱི་ལ་འབུལ། གཏོར་མ་གཉིས་པ་ནི། ཨོཾ་ཧྲིཾ་ཧཾ་ཧཾ། ཧེ་ཧེ། ཧ་ཧ། ཧི་ཧི། ཕཻཾ་ཕཻཾ། ཞེས་ལན་བདུན་གྱིས་ལས་ཀྱི་མཁའ་འགྲོ་ལ་འབུལ། དེ་ནས་གཏོར་མ་གསུམ་པ་ནི། སྒོས་ཀྱི་ཆོས་སྐྱོང་བྱེད་ན། དང་པོར་ཕུལ་བའི་རྗེས་ལ་དང༌། མིན་ན་སྐབས་དེ་ནས་སྤྱི་གཏོར་གྱིས་ཆོག་སྟེ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་ནས། འདོད་པ་ཀུན་འགྲུབ་ཤོག་གི་བར། སྔོན་འགྲོ་གཏོར་མ་དང་མཚུངས་པས། འཇིག་རྟེན་མཁའ་འགྲོ་དང་འབྱུང་པོ་སྤྱི་ལ་འབུལ། དེ་ནས་གཏོར་མ་བཞི་པ་གཞི་བདག་དང༌། ལྔ་པ་རིགས་དྲུག་དང་ཡི་དྭགས་ལ་ཁ་འབར་མའི་སྔགས་ཀྱིས་སྦྱིན་ནོ། །སྐབས་འདིར་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དེ་གཏོར་མའི་ཆོ་གའོ། །དེ་ནས་


TNT12_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་སྒྲུབ་པ་ནི། བུམ་པའི་མཆོད་པ་བཤམས། བསངས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་ཡེ་ཤེས་ནས། ཤཔྟ་ཨཱཿཧཱུཾ་གི་བར་གོང་བཞིན་མཆོད་པ་བྱིན་གྱིས་བརླབས། བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་ཞིང་མགྲིན་པ་ཕྲ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱི་མགུལ་ཆིངས་དང༌། དཔག་བསམ་གྱི་ཤིང་གི་ཁ་རྒྱན་དང་བཅས་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཞེས་པ་ནས། རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་དབུ་བརྒྱན། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བསྟོད། རང་གི་སྙིང་ག་ནས་སྔགས་ཀྱི་འཕྲེང་བ་བྲེང་མ་ཆད་པར་སྤྲོས་གཟུངས་ཐག་ལ་བརྟེན་ནས་སོང་བས། བུམ་ནང་གི་རྗེ་བཙུན་མའི་ཐུགས་རྒྱུད་བསྐུལ། དེའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས་པས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། ཨོཾ་གསུམ་མ་བརྒྱ་རྩ་སོགས་དང༌། ཨོཾ་སུམྦྷ་སོགས་ཉི་ཤུ་རྩ་གཅིག་དང༌། ཨོཾ་སརྦ་ཏཱ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་པའང་ཇི་ལྟར་འོས་པ་བཟླ། དེ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བཱ་རཱ་ཧཱི་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ་ནས་ཤཔྟའི་བར་དུ་སྦྱར། ཨོཾ་བཛྲ་གནྡྷེ་ནས་ཨཱ་ཁཾ་སྭཱཧཱ། ཞེས་རོལ་ཆེན་ཕུལ། ཨོཾ་གསུམ་མའི་རྗེས་སུ། རྗེ་


TNT12_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། ལན་གསུམ་གྱི་ནང་མཆོད། ཨོཾ་ན་མོ་ནས། ཁ་གེ་ཧཱུཾ་ཧཱུཾ་ཕཊ་ཀྱིས་བསྟོད། མ་འབྱོར་པ་དང་ཉམས་པ་དང༌། །སོགས་ཤོ་ལོ་ཀ་གཅིག །ཡིག་བརྒྱ་ལན་གསུམ། ཨོཾ་གསུམ་མའི་མཐར། ཨོཾ་ཨཱཿཧཱུཾ། ལན་བདུན་གྱི་དུང་ཆོས་ཀྱི་ཆུ་ཕུལ། སྐབས་འདིར་བུམ་པའི་ལྷ་ཞུ་བ་དང་གཤེགས་སུ་གསོལ་བར་མི་བཞེད། རྗེས་ཆོག་གི་སྐབས་ལྷན་ཅིག་ཏུ་བྱེད་པ་ཡིན། དེ་ནས་བདག་འཇུག་ནི། ཚོགས་པ་ཡོད་ན་བུམ་ཆུ་འགྱེད། གང་ལྟར་ཡང༌། སུམྦྷ་བཟླས་ཏེ་གནས་དང་ཡོ་བྱད་ལ་གཏོར། ཇི་ལྟར་བལྟམས་པ་ནས། སྐུ་ཁྲུས་གསོལ། ཨོཾ་སརྦ་ནས་ཤྲཱི་ཡེ་ཧཱུཾ་དེ་ནས། ཨོཾ་བཛྲ་བྷཱུ་མེ་ཨཱཿཧཱུཾ། སོགས་མཎྜལ་ཕུལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མེད་མ་མཆིས་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་སྤྱིའི་ཡོན་དུ་མཎྜལ་འབུལ་བར་བགྱིའོ། །ཞེས་བརྗོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། ཞེས་པ་ནས། མགོན་པོས་བདག་ནི་གཞུག་ཏུ་གསོལ། ལན་གསུམ་སློབ་མ་དབང་བསྐུར་ཡིན་ན་སྐབས་འདིར་བགེགས་གཏོར་གཏོང་དགོས་ཀྱང༌། བདག་འཇུག་གི་སྐབས་འདིར་རྡོ་རྗེ་གསོར། ཡུངས་ཀར་སོགས་འཐོར་ཞིང༌། དྲག་རོལ་དང་བཅས། ཨོཾ་སུམྦྷ་སོགས་བཟླའོ། །མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་མོའི་ལྟེ་བའི་བཾ་ལས་མེ་འོད་འཕྲོས། བདག་གི་སྤྱི་བོ་ནས་ཞུགས་རྩ་ཐམས་ཅད་ཀྱི་ནང་གང༌། བགེགས་དང་སྡིག་སྒྲིབ་དྲི་མ་ཐམས་ཅད་བསྲེགས་ཤིང་སྦྱངས་པར་གྱུར། ཨོཾ་ཨཱཿབིགྷྣན་ཏ་ཀྲྀ་ཏ་ཧཱུཾ་ཧཱུཾ། ལན་བདུན། སྤྱི་བོ་ཚངས་བུག་སྣ་ཚོགས་རྡོ་རྗེས་བཀག་པར་


TNT12_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ལྟེ་བར་ཨོཾ་བཾ་དམར་མོས་ནས། ཙཎྜི་ཀའི་ངོ་བོ་རྣམས་སུ་གྱུར། དེ་སྐབས་གནས་རྣམས་སུ་རྡོ་རྗེ་རྒྱ་གྲམ་དུ་རེགཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་ནང་མཆོད་མྱང༌། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱི་བཟུང༌། །ཐེག་ཆེན་བདུད་རྩིར་རབ་བཤད་པར། །འཁོར་ལོ་བསྐོར་བར་གསོལ་བ་འདེབས། །ཇི་སྲིད་འཁོར་བ་གནས་ཀྱི་བར། །མྱ་ངན་མི་མདའ་གསོལ་བར་འཚལ། །སངས་རྒྱས་ཆོས་དང་ཚོགས་མཆོག་སོགས་ལན་གསུམ་གོང་བཞིན། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་ཧྲིཿབི་ཤུདྡྷ་དྷརྨ་སརྦ་པཱ་པཾ་ནིཥྩ་ཨ་སྱེ་ཤོ་དྷ་ཡ་ཤོ་དྷ་ཡ། སརྦ་བི་ཀལྤ་ན་ཨ་པ་ན་ཡ་ཧཱུཾ། ཁྲུས་ཆུ་ཅུང་ཟད་བཏུང༌། སློབ་མའི་བྱ་བ་ཡིན་ན། སྐབས་འདིར་སྡོམ་བཟུང་གི་དོན་དུ་མཎྜལ་རྒྱས་པ་འབུལ། བདག་འཇུག་གི་སྐབས་འདིར། བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། བློ་ཡིས་བླངས་ནས་བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་མཎྜལ་བསྡུས་པ་འབུལ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མའི་སྐུ་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་རང་བཞིན་གསུང༌། །བླ་མའི་གསུང་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་


TNT12_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཐུགས། །བླ་མའི་ཐུགས་ལ་སྐྱབས་སུ་མཆི། །སངས་རྒྱས་གྲོང་ཁྱེར་ཉམས་དགའ་བ། །རྣལ་འབྱོར་མ་ཚོགས་འཁོར་ལོ་ཡི། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །མགོན་པོས་བདག་ནི་འཇུག་པར་མཛོད། །ཅེས་ལན་གསུམ་གསོལ་བ་བཏབ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་དགོད་ཀྱི་བར་རིགས་ལྔའི་སྡོམ་བཟུང་སྤྱི་དང་མཐུན་པར་བྱ། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་བདག་ནི་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པ། །དེའི་ཚངས་སྤྱོད་གཉིས་མེད་པར། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང༌། །ལན་གསུམ་གྱིས་འཁོར་


TNT12_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སྡོམ་པའི་ཐུན་མོང་མ་ཡིན་པའི་སྡོམ་བཟུང་བྱ། ཨོཾ་ཙཀྵུ་བནྡྷ་བཱ་ར་མཱ་ན་ཡ་ཧཱུཾ། མིག་དར། ཨཱ་ཁཾ་ཝཱི་ར་ཧཱུཾ། མེ་ཏོག །ཨོཾ་ཨཱཿཧཱུཾ། གནས་གསུམ་དུ་བདུད་རྩིའི་ཐིག་ལེ་བྱ། རང་གི་སྙིང་གར་ཀུན་རྫོབ་བྱང་སེམས་ཀྱི་ངོ་བོ་ཟླ་བའི་སྟེང་དུ་དོན་དམ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་དུ་ལངས་པའོ། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏ་ཡ་མི། རྡོ་རྗེ་སྙིང་གར་གཏུགས། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾ། ཞེས་བརྟན་པར་བྱས། ཛཿཧཱུཾ་བཾ་ཧོ། དཀྱིལ་འཁོར་དུ་ཞུགས་པར་གྱུར། སློབ་མ་འཇུག་ན་སྐབས་འདིར་ཡོལ་བ་བསལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་པར་འགྱུར་གྱི། དེ་བས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དཔལ་ཧེ་རུ་ཀ་དང༌། རྡོ་རྗེ་རྣལ་འབྱོར་མའི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མ་བྱེད་ཅིག །སྨྲས་ན་དམ་ཚིག་ཉམས་པར་འགྱུར་ཏ་རེ། རྡོ་རྗེ་སྙིང་གར་གཏུགས། རྣལ་འབྱོར་མ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་དེ་གཤེགས། །དེང་ཕྱིན་ཆད་བུ་ཁྱོད་ཀྱི་དཔལ་རྡོ་རྗེ་རྣལ་འབྱོར་མ་ང་ཡིན་གྱི་ངས་འདི་བྱོས་ཤིག་ཅེས་བསྒོ་བ་


TNT12_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མ་བྱེད་ཅིག །བྱས་ན་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྷུང་བར་གྱུར་ཏ་རེ། བུམ་ཆུ་ཅུང་ཟད་བཏུང་ཞིང༌། ཨོཾ་ཨཱཿཧཱུཾ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ཏ་ཀ་ཋ་ཋ་ཋ་ཧཱུཾ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་རྡོ་རྗེ་ཕག་མོ་བདག་ལ་དབབ་དུ་གསོལ། ལན་གསུམ། རང་གཞན་སྲིད་པ་གསུམ་གྱིས་བསྡུས་པའི་སྣོད་བཅུད་ཐམས་ཅད་སྒྱུ་མ་ལྟར་རང་བཞིན་དང་བྲལ་བའོ། །རང་གི་སྤྱི་བོར་རྩ་བའི་བླ་མ་འཁོར་ལོ་སྡོམ་པའི་རྣམ་པ་ཅན་དུ་བཞུགས། རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་གཉིས་སུ་མེད་པ་འདི་ནི། སྲིད་ཞི་མ་ལུས་པའི་ལེགས་པ་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་སྟེ། བདག་ལ་ཐུགས་རྗེས་བཟུང་དུ་གསོལ། རང་ཉིད་འོད་ཀྱི་རང་བཞིན་གྱི་ལུས་རྩ་ཨ་ཝ་དྷཱུ་ཏི་ཆོས་བཞི་ལྡན་གཙོ་བོར་གྱུར་པའི་རྩ་གསུམ་འཁོར་ལོ་བཞི་སྐུ་གསུང་ཐུགས་ཀྱི་སྒོ་དང་བཅས་པ་གསལ་བར་གྲུབ་ཅིང༌། ལྟེ་བར་ཆོས་འབྱུང་གི་དབུས་སུ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་སྐུ་ཚོན་གང་པ་གར་བསྒྱུར་བས་བཞུགས་ཤིང་འབར་བའི་འོད་ཅན་ལྷག་གེར་སྣང་བའོ། །མདུན་བསྐྱེད་དཀྱིལ་འཁོར་གྱི་


TNT12_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་མོའི་ལྟེ་བའི་བཾ་ལས་འོད་འཕྲོས། རང་གི་ལྟེ་བར་གནས་པའི་རྡོ་རྗེ་ཕག་མོའི་སྐུ་ལ་ཐིམ་པས། དྲོད་དང་བདེ་བའི་ཉམས་ཆེར་གཡོ་བ་དང་ལྷན་ཅིག་སྐུ་ལས་སྐྱེས་པའི་མེ་ལྕེ་འབར་བའི་སྣང་བས་ལུས་གང༌། སྡིག་སྒྲིབ་ཐམས་ཅད་བསྲེགས། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་རྡོ་རྗེ་ཕག་མོའི་རྣམ་པར་གྱུར། བཅོམ་ལྡན་འདས་མ་མཁའ་དབྱིངས་གང་བ་རྣམས་ཆར་བཞིན་བབས་ཏེ། རང་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། རོལ་མོ་སྒྲ་དང་བཅས། ཨོཾ་གསུམ་མའི་མཐར། ཨོཾ་བཛྲ་བཱ་རཱ་ཧཱི་ཛྙཱ་ན་ཨ་བེ་ཤཱ་ཡ། ཨ་ཨ་ཧྲཱིཿཧྲཱིཿསྭཱཧཱ། ཞེས་མང་དུ་བརྗོད་དེ་ཡེ་ཤེས་དབབ་པ་དང་པོའོ། །དེ་ནས་ལངས་ཏེ་རྐང་པ་གཤིབས། བྲང་པ་ས་ལ་བཙུགས། ལག་པ་ཐལ་མོ་སྦྱར་བ་སྤྱི་བོར་བརྐྱང༌། ཞེས་བཤད་པ་དངོས་སུ་མ་འགྲུབ་ན་ཡིད་ཀྱིས་མོས། སྣ་རྩེ་ནས་སོར་བརྒྱད་གཞལ་བའི་ནམ་མཁའ་ལ་གཡུང་དྲུང་རིས་དཀར་པོ་མེ་ཏོག་འབར་བ་གནས་པར་གྱུར། རང་གི་ལྟེ་བའི་བཅོམ་ལྡན་འདས་མའི་སྐུ་ལས་ཡང་དག་པ་ཡེ་ཤེས་ཀྱི་གཏུམ་མོ་འབར་བའི་ངོ་བོ་གློག་དང་མཚུངས་པའི་འོད་ཟེར་བྱུང༌། དབུ་མའི་ལམ་བརྒྱུད། སྨིན་མཚམས་གནད་ཀྱི་སྒོ་ཕྱེ་ཞིང་སྣ་སྒོ་ནས་འཐོན། གཡུང་དྲུང་འཁྱིལ་བ་ལ་རེག་པས་དེ་ཉིད་གཡོན་སྐོར་དུ་དྲག་ཏུ་འཁོར་ཏེ། སྣོད་བཅུད་ཐམས་ཅད་གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར། རླུང་ཕྱིར་བཟུང་བ་དང་ལྷན་ཅིག་རོལ་མོའི་སྒྲ་བྱའོ། །སྤོགས་པའི་ཆོ་གའོ། །རང་གི་སྤྱི་བོའི་སྟེང་


TNT12_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གི་ནམ་མཁའ་ལ་བླ་མ་ཧེ་རུ་ཀ་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པ་སྤྱན་དྲངས། སྤྱི་བོའི་སྟེང་གི་ནམ་མཁར་བྱོན། རྗེས་སུ་ཆགས་པའི་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཆུ་རྒྱུན་ལྟར་བབས་ཏེ། སྤྱི་བོ་ཚངས་བུག་ནས་ཞུགས། རྩ་འཁོར་ལོ་བཞི་བརྒྱུད་དེ་ལུས་ཐམས་ཅད་གང་བས་རང་གི་ལུས་ངག་ཡིད་གསུམ་དང་ཕྱི་ནང་གི་སྣང་བ་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་གཅིག་གི་ངོ་བོར་གྱུར། མཐར་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་དང༌། རྩ་བའི་བླ་མ་ཡང་བདུད་རྩི་ཐིག་ལེའི་ངོ་བོར་ཞུ་སྟེ། བདག་ཉིད་ལ་ཐིམ། རོལ་མོའི་སྒྲ་བྱ། ཤིན་ཏུ་སྤོགས་པའི་ཆོ་གའོ། །ཡེ་ཤེས་འབེབས་པ་ཕྱི་མ་གཉིས་ཀྱི་སྐབས་འདིར། ཨོཾ་གསུམ་མའི་མཐར། ཕཻཾ་ཕཻཾ་ཧྲཱིཿཧྲཱིཿ ཅེས་བཏགས་པ་བཟླ་སྟེ། རྗེ་བཙུན་མའི་བྱིན་རླབས་དབང་བཞིའི་སྐབས་འདིར་ཡེ་ཤེས་འབེབས་པ་འདི་རྣམས་གནད་ཀྱི་དམ་པ་གལ་ཆེ་ཤོས་ཤིག་ཡིན་ཏེ། དབང་གི་སྔོན་འགྲོའི་མིང་བཏགས་ཀྱང་དངོས་གཞི་རྐུ་ཐབས་སུ་བསྟན་པ་ཡིན་པས། ཡེ་ཤེས་འཕོ་བའི་དབང་ཞེས་པ་ལ་ཡང་ངེས་པ་རྙེད་པར་བྱའོ། །ཡང་འདི་སྐད་དུ། ལྟོས་ཤིག་རང་གི་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་གྲུབ་པ་མེད། །གྲུབ་པ་མེད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །སྣང་ཙམ་ཉིད་ཀྱང་སེམས་སུ་འདུག །སྣང་བ་སེམས་ཀྱི་དེ་ཉིད་འདི། །བདེ་བ་ཆེན་པོའི་ཡེ་ཤེས་ཡིན། །རྣམ་པར་མི་རྟོག་བསམ་མི་


TNT12_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ། །གསལ་བ་དེ་ཡི་ངོ་བོར་སྣང༌། །མོས་པ་དུ་མའི་སེམས་ཅན་ལ། །ཐབས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །སྣ་ཚོགས་སྒྱུ་མའི་སྦྱོར་བ་ཡིས། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །བསམ་གྱིས་མི་ཁྱབ་གོ་འཕང་ཐོབ། །འདི་ནི་རྗེ་བཙུན་བྱིན་རླབས་ཏེ། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་བརྗོད་ཅིང་དོན་ལ་མཉམ་པར་བཞག །ཏིཥྛ་བཛྲ། ལན་གཉིས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དང༌། །བསོད་ནམས་རིམ་པའང་དེ་བཞིན་ཤོག །ལན་གསུམ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། མེ་ཏོག་འབུལ། ཨོཾ་པྲ་ཏི་གྲྀ་ཧྞ་སྟཾ། ཨི་མཾ་ས་ཏྭ་མཧཱ་བ་ལ། མེ་ཏོག་མགོ་བོར་བཞག །མིག་འབྲས་གཉིས་ཨོཾ་ཡིག་འོད་དུ་འབར་བར་གྱུར། རྣལ་འབྱོར་མ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་པ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པ་ཤྱ། མིག་དར་ཕྱེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེ། ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀུན། ཁྱོད་ལ་མྱུར་དུ་མངོན་དུ་གྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །གསང་སྔགས་སྒྲུབ་ལ་བརྩོན་པར་བགྱི། །རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་


TNT12_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་མཐོང་བར་གྱུར། སློབ་མ་དབང་བསྐུར་ལ་སྐབས་འདིར་དཀྱིལ་འཁོར་དང་ལྷའི་རྣམ་པ་བཤད་དོ། །འོག་གཞིའི་ཆོས་འབྱུང་ནི། དུག་གསུམ་གྱི་ཆོས་ཉིད། བདུད་རྩིའི་ནང་གི་ཆོས་འབྱུང་ནི་ཁམས་གསུམ་གྱི་དེ་བཞིན་ཉིད། མེ་ལོང་གི་ཆོས་འབྱུང་ནི་སྐུ་གསུམ་གྱི་ཡེ་ཤེས་སོ། །གཡུང་དྲུང་རིས་ནི་ཆོས་ཉིད་མི་འགྱུར་བ། བཞི་ནི་དགའ་བ་བཞི། ཡིག་འབྲུ་རྣམས་སྐུ་གསུང་ཐུགས་གཅིག་ཏུ་འདུས་པ། ཟུར་གསུམ་ནི་རྣམ་ཐར་གསུམ། ནང་སྟོང་པ་ནི་སྤྲོས་བྲལ། དམར་བ་ནི་སྙིང་རྗེ། རྩ་བ་ཕྲ་བ་ནི་ཉོན་མོངས་པ་སྤངས་པ། གདེངས་ཀ་ཆེ་བ་ནི་ཡེ་ཤེས་དང་ཡོན་ཏན་རྒྱས་པའོ། །པདྨའི་གདན་ཉོན་མོངས་པས་མ་གོས། ཞེས་པ་ནས། ཡེ་ཤེས་ཀྱི་སྣང་བ་སྤྲོས་པའོ་ཅེས་པའི་བར་ཡང་གོང་བཞིན་བརྗོད། དེ་ཐམས་ཅད་ཀྱང་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ལ་ཚང་བའོ། །དེ་ནས་དབང་གི་དངོས་གཞི་བུམ་དབང་ཞུ་བའི་ཡོན་དུ་མཎྜལ་རྒྱས་པར་ཕུལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། །ལན་གསུམ། ཆོས་ཀྱི་འབྱུང་གནས་དཀྱིལ་འཁོར་གྱི་དམ་པའི་ཤར་ཕྱོགས་སུ་དབང་སྟེགས་རིན་པོ་ཆེའི་ཁྲིའི་སྟེང་དུ། རང་སྐད་ཅིག་གིས་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། མདུན་བསྐྱེད། བཅོམ་


TNT12_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཧེ་རུ་ཀ་ཡབ་ཡུམ། བྱང་ཆུབ་སེམས་དཔའ་ཡབ་ཡུམ། རྡོ་རྗེ་ཁྲོ་བོ་མཁའ་འགྲོ་མའི་ཚོགས་དང་བཅས་པ་རྣམས་མཁའ་དབྱིངས་གང་བ་དབང་གི་དོན་དུ་སྤྱན་དྲངས། ཕཻཾ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་སྩལ་དུ་གསོལ། ཨོཾ་སུམྦྷ་ལན་གསུམ་བཟླས་ཏེ་བྱུར་བསལ། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་སོགས། མེ་ཏོག་དོར་ཞིང་ཤིས་པ་བརྗོད། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་སྤྲུལ་པའི་རྡོ་རྗེ་མཁའ་འགྲོ་མ་དཔག་ཏུ་མེད་པ་རྣམས་ཀྱིས་དབང་བསྐུར་བར་གྱུར། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་གསུམ་མའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། བུམ་པ་སྤྱི་བོར་འཇོག །བུམ་ཆུ་བཏུང༌། བུམ་ནང་གི་ལྷ་ལས་ལྷ་སྐུ་གཉིས་པ་ཞིག་ཆད་རང་ལ་ཐིམ། ཡེ་ཤེས་ཀྱི་ཆུས་ལུས་ཀྱི་ནང་ཐམས་ཅད་གང༌། འཁོར་ལོ་བཞི་གང་བས་དགའ་བ་བཞིའི་ཡེ་ཤེས་བརྟན་པར་བྱས། སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་སྒྲིབ་པ་དང་བྲལ་བར་གྱུར། མས་བརྟན་གྱིས་རིམ་པས་བདེ་ཆེན་འཁོར་ལོའི་བར་དུ་སྟེང་དུ་གཤེགས་པས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་


TNT12_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པར་གྱུར། དབུ་རྒྱན་དང་དར་དཔྱངས། བྷྲུཾ་ཧཱུཾ་ཛྲིཾ་ཁཾ་མཾ་ཏཱཾ་པཾ་ལཾ་རྣམས་ལས་བྱུང་བའི་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་གྱི་ངོ་བོར་གྱུར། དབང་གི་ལྷ་རྣམས་ཀྱི་ཕྱག་ཏུ་ཐོགས་ཏེ་བདག་ཉིད་ལ་དབང་བསྐུར། དབང་བསྐུར་རྡོ་རྗེ་སོགས་དང༌། ཨོཾ་གསུམ་མའི་མཐར། ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། ཅེས་དབུ་རྒྱན་འཆིང་བའམ། རིན་པོ་ཆེའི་ཕྱག་རྒྱ་སྤྱི་བོར་འཇོག ཨོཾ་མཾ་ཏཱཾ་པཾ་ལཾ་ཧཱུཾ། བཛྲ་པཊྚ་ཀ་ཨ་ར་ལི་ཧོ། ཅེས་པའི་དར་དཔྱངས་བཅིང་པའམ། འཆིང་བའི་ཚུལ་བྱ། དེ་ལྟར་ན་བུམ་པའི་དབང་བསྐུར་བ་ཐོབ་པས། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང༌། སྐུ་རྡོ་རྗེ་སྤྲུལ་སྐུ་མངོན་དུ་འགྱུར་པའི་རྟེན་འབྲེལ་བསྒྲིགས་སོ། །མཎྜལ་བསྡུས་པའམ། གསང་དབང་ཞུ་བའི་ཡོན་དུ་ཅེས་འདོན་པ་སྤོས་པའི་འབྲིང་རྒྱས་གང་རུང་ཕུལ། ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །ངག་གི་དྲི་མ་སྦྱོང་མཛད་པའི། །གསང་བའི་དབང་བསྐུར་བདག་ལ་སྩོལ། །མདུན་བསྐྱེད་བཅོམ་ལྡན་འདས་མའི་ཐུགས་ཀ་ནས་འོད་འཕྲོས། དེ་བཞིན་གཤེགས་པ་ཡབ་ཡུམ་ཐམས་ཅད་སྤྱན་དྲངས། བདུད་རྩིའི་དཀྱིལ་འཁོར་དང་རོ་གཅིག་ཏུ་འདྲེས། དེ་ཉིད་བདག་གི་ལྕེ་ཐོག་ཏུ་བཞག་པར་གྱུར། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གི་གསང་བའི་དབང་གི་ནི། །སེམས་ཀྱི་རྒྱུན་གྱི་དབང་བསྐུར་རོ། །ཨོཾ་གསུམ་མའི་མཐར། ཨོཾ་ཨཱཿཧཱུཾ། བདུད་


TNT12_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་མྱང༌། རྩ་ཐམས་ཅད་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང༌། དུག་གསུམ་གྱི་རྣམ་རྟོག་འགགས། གསལ་སྟོང་བདེ་བའི་ཡེ་ཤེས་སྐྱེས་པར་གྱུར། དེ་ལྟར་ན་གསང་དབང་ཐོབ་པས། ངག་གི་དྲི་མ་དག །ལམ་རང་ལུས་ཐབས་ལྡན་སྒོམ་པ་ལ་དབང༌། གསུང་རྡོ་རྗེ་ལོངས་སྐུ་མངོན་དུ་འགྱུར༴ །ཡང་མཎྜལ་བསྡུས་པའམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་ཡོན་དུ་ཞེས་འདོན་པ་སྤོས། སློབ་དཔོན་བདག་ལ་དགོངས་སུ་གསོལ། །དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ལ། །གསང་བའི་དེ་ཉིད་བསྟན་པ་ལྟར། །དབང་བསྐུར་བ་ནི་བདག་ལ་སྩོལ། །ལན་གསུམ། སིནྡྷུ་རའི་དཀྱིལ་འཁོར་ལས་ལྷ་སྐུ་དང་ཡིག་འབྲུ་དང་ཕྱག་མཚན་དཔག་ཏུ་མེད་པ་བྱུང༌། རང་གི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ། བདེ་སྟོང་ཟུང་འཇུག་ཏུ་བྱིན་གྱིས་བརློབས། བླ་མ་རྡོ་རྗེ་འཆང་གི་རྣམ་པ་མང་དུ་བྱུང་སྟེ་སྤྱི་བོར་ཐིམ། བཅོམ་ལྡན་འདས་མ་ཉིད་ཀྱི་སྐུ་མང་དུ་བྱོན་ནས་ལྟེ་བའི་བཾ་ཡིག་ལ་ཐིམ་པས། དེ་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྐུར་བཞེངས། སློབ་མ་དབང་བསྐུར་གྱི་སྐབས་ཡིན་ན། གནས་དེ་དང་དེ་དག་ཏུ་སིནྡྷུ་རའི་ཐིག་ལེ་བྱེད་པ་ཡིན། བདག་འཇུག་གི་སྐབས་སུ་མོས་པ་ཙམ་བྱ། ཨོཾ་ཨཱཿཧཱུཾ། ལན་གསུམ་བྱ། ལྟེ་བའི་རྡོ་རྗེ་རྣལ་འབྱོར་མའི་སྐུ་ལུས་གཏུམ་མོ་འབར་ཏེ། སྤྱི་བོར་ཧཾ་ཡིག་ཞུ་བས། དགའ་བ་དང༌། མཆོག་ཏུ་དགའ་བ་དང༌། ཁྱད་པར་གྱི་དགའ་བ་དང༌། ལྷན་ཅིག་


TNT12_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་དགའ་བ་རྣམས་ལུགས་འབྱུང་ལུགས་ལྡོག་གི་རིམ་པའི་ཤར་བར་གྱུར། དེ་ལྟར་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས་ཡིད་ཀྱི་དྲི་མ་དག །ལམ་གཞན་ལུས་ཤེས་རབ་སྒོམ་པ་ལ་དབང༌། ཐུགས་རྡོ་རྗེ་ཆོས་སྐུ་མངོན་དུ་འགྱུར༴ །མཎྜལ་བསྡུས་པའམ། དབང་བཞི་ཞུ་བའི་ཡོན་དུ་ཅེས་འདོན་པ་སྤོས། ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམས་གསུམ་ཐོབ། །དེ་དང་རིན་ཆེན་བཞི་པ་ཡང༌། །བདག་ལ་བཀའ་དྲིན་བསྐྱབ་ཏུ་གསོལ། །ལན་གསུམ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་སྙིང་པོ་ནམ་མཁའ་མཚུངས། །རྡུལ་བྲལ་མཐར་སྦྱིན་ཞི་བ་ཉིད། ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །དེ་ལྟར་ན་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང༌། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་མངོན་དུ་འགྱུར༴ །མཐའ་བསྟེན་རྗེས་གནང་དྲུག་ལས། དང་པོ་སྐུའི་རྗེས་གནང་ནི་སློབ་མ་དབང་བསྐུར་ལ། དག་པ་གསུམ་ནས། རིགས་བདག་གི་བར་གྱི་དམིགས་པ་འབོགས་པ་ཡིན་ཡང༌། སྐབས་འདིར་འདི་སྐད་ཅེས་བྱ་སྟཻ། ཚོགས་བསགས་བྱིན་རླབས་སྲུང་འཁོར་བསྒོམ། །དག་པ་གསུམ་པོ་སྔོན་འགྲོ་བས། །ལུས་ནི་སྲུང་འཁོར་གཞལ་ཡས་ཁང༌། །ངག་དང་ཡིད་ནི་ལྷ་མོའི་སྐུ། །ས་བོན་དང་བཅས་དམ་ཚིག་པ། །ཡེ་ཤེས་སྤྱན་འདྲེན་གོ་ཆ་དགོད། །དབང་བསྐུར་རྒྱས་བཏབ་མཆོད་བསྟོད་དོ། །ཞེས་བརྗོད་ཅིང་དོན་དྲན་


TNT12_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བྱ། གཉིས་པ་གསུང་གི་རྗེས་གནང་ནི། མདུན་བསྐྱེད་བཅོམ་ལྡན་འདས་མའི་ཐུགས་ཀའི་བཾ་ཡིག་ལས་སྔགས་རྣམས་ཀྱི་འཕྲེང་བ་བྱུང༌། རང་གི་ཁ་སྒོ་ནས་ཞུགས། སྙིང་ཁའི་གཟུངས་སྔགས་ལ་ཐིམ་པའི་སྔགས་ནུས་པ་མཐུ་དང་ལྡན་པར་བྱིན་གྱིས་རླབས། ཨོཾ་གསུམ་མ་ལན་གསུམ། བར་འདིར་དམ་བཅའ་བའི་ལུང་བྱས་ནའང་ལེགས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། ལན་གསུམ་མེ་ཏོག་སྤྱི་བོར་བཞག །བཅོམ་ལྡན་འདི་ལ་རྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་བདག་གི་རྒྱུད་ལ་རྡོ་རྗེ་རྣལ་འབྱོར་མའི་གསུང་རིག་སྔགས་ཀྱི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་ཐོགས་མེད་དུ་ཡོངས་སུ་འཇུག་པར་གྱུར་ཅིག།གསུམ་པ་ལྷ་མཆོད་པའི་རྗེས་གནང་ནི། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་སོགས། ཤཔྟའི་བར། བདག་ཉིད་དཔའ་བོ་ཀུན་གྱི་དངོས། །བདག་ཉིད་ལྷ་མོ་ཀུན་གྱི་གནས། །དེ་ཕྱིར་བདག་གིས་ཐམས་ཅད་བྱ། །བདག་ཉིད་རྣལ་འབྱོར་མ་དཔལ་མཆོད། །བཞི་པ་སྤྱོད་པའི་རྗེས་གནང་ནི། རྣལ་འབྱོར་མ་དཔལ་ཕྱག་རྒྱ་ནི། །ཕྱི་དང་ནང་དུ་ཡང་དག་གནས། ཁ་ཊྭཱཾ་ཅང་ཏེ་ལྷུང་བཟེད་བཟུང༌། །དཔའ་བོ་ཆེན་པོས་བླང་བར་གྱིས། །བུད་མེད་ཡིན་ན། རྣལ་འབྱོར་མ་ཡིས་ཞེས་འདོན་པ་སྤོས། གཞན་རྣམས་ཐུན་མོང་དུ་སྟེར་བས་འདོན་པ་སྤོ་མི་དགོས།


TNT12_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་རིག་པའི་རྣལ་འབྱོར་པས། །མི་བྱ་བ་ནི་ཅི་ཡང་མེད། །དེ་ཉིད་ཤེས་ནས་དེ་ནས་ནི། །དཔའ་བོས་འདོད་པ་ལྔ་སྤྱད་དོ། །ལྔ་པ་ཆོས་བཤད་པའི་རྗེས་གནང་ནི་དུང་དང་པོ་ཏི་སོགས་གཏད་པར་མོས་ལ། རྟེན་ཅིང་འབྲེལ་བར་འབྱུང་ཆོས་ཅན། །སེམས་ཅན་སྒྱུ་མའི་རང་བཞིན་ནོ། ཁམས་གསུམ་དེ་ལྟར་ཤེས་ནས་ནི། །འགྲོ་བའི་དོན་ནི་མཉམ་མེད་བྱོས། །དྲུག་པ་སྲུང་བའི་བྱིན་རླབས་ནི། ལྟེ་བར་ཨོཾ་བཾ་ནས། ཙཎྜི་ཀཱའི་ངོ་བོ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཨོཾ་གསུམ་མ་དང༌། སུམྦྷ་ཚར་གཅིག་བརྗོད། སློབ་མ་དབང་བསྐུར་ཡིན་ན་སྐབས་འདིར། སྲུང་འཁོར་རམ། དཔུང་སྐུད་འདོགས། དེ་ནས། གཙོ་བོའི་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ། མཎྜལ་རྒྱས་འབྲིང་གང་རུང་ཕུལ་ལ། བྱིན་རླབས་འཕོ་བའི་དབང་བཞི་རྫོགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་དོན་དུ། ཞེས་འདོན་པ་སྤོ། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ན། ཁྱེད་ཀྱི་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ལན་གསུམ། བསོད་ནམས་འདི་ཡིས་སོགས། དགེ་བ་བསྔོ། བར་འདིར་ཚོགས་མཆོད་བྱ་སྟེ། རྡོ་རྗེ་རྣལ་འབྱོར་མའི་ཚོགས་མཆོད་གཞན་དང་འདྲའོ། །ལྷག་གཏོར་དང་འཇིག་རྟེན་པའི་གཏོར་མ་དུས་གཅིག་ལ་གཏོང༌། དེ་ནས་རྗེས་ཆོག་ནི་མཆོད་པ་རྣམས་ཁ་གསོས་ལ་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཞེས་པ་ནས།


TNT12_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཤཔྟ་ཨཱཿཧཱུཾ་གི་བར་གོང་ལྟར་མཆོད་པ་བྱིན་གྱིས་བརླབས། ཨོཾ་སརྦ་ཏ་ཐཱ་ག་ཏ་ནས་ཁ་གེ་ཧཱུཾ་ཧཱུཾ་ཕཊ། ཞེས་པའི་བར་བུམ་བསྐྱེད་ལྟར་མཆོད་བསྟོད་བྱེད། བཅོམ་ལྡན་འདས་མའི་བདག་གི་སྡིག་པ་དང་སྒྲིབ་པ་དང༌། དམ་ཚིག་ཉམས་ཆག་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་མཛད་དུ་གསོལ། ཚེ་དང་བསོད་ནམས་དང་འབྱོར་པ་དང་དབང་ཕྱུག་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་ཚེ་འདི་ཉིད་ལ་སྩལ་ཏུ་གསོལ། གལ་ཏེ་ཚེ་འདིར་འགྲུབ་པའི་སྐལ་བ་མེད་ན་འཆི་ཚེ་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པ་དང༌། མཐར་ཐུག་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབས་ཏུ་གསོལ། ཞེས་འདོད་དོན་ཞུ། དེ་ནས་སྟོབས་བཞི་ཚང་པའི་སྒོ་ནས་བཤགས་པ་ནི། དུས་གསུམ་རྒྱལ་བའི་གཉིས་མེད་ཡེ་ཤེས་སྐུ། །འགྲོ་ལ་བརྩེ་བས་རྗེས་ཆགས་ལྷ་མོའི་སྐུར། །སྟོན་མཛད་རྡོ་རྗེ་ཕག་མོ་རྣལ་འབྱོར་མ། །དཔའ་བོ་དཔའ་མོའི་ཚོགས་བཅས་དགོངས་སུ་གསོལ། །བདག་ཅག་འཁྲུལ་བས་སྔོན་བསགས་སྡིག་ཀུན་དང༌། །སྡོམ་པ་གསུམ་དང་འགལ་བ་གང་བགྱིས་པ། །རྡོ་རྗེ་བཙུན་མོའི་དྲུང་དུ་མཐོལ་ལོ་བཤགས། །འགྱོད་ཅིང་སླན་ཆད་སྡོམ་པར་བགྱི་ལགས་སོ། །རིགས་ལྔའི་དམ་ཚིག་ཚུལ་


TNT12_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མ་བསྒྲུབས་དང༌། །རྩ་བའི་ལྟུང་བ་བཅུ་བཞིས་གོས་པ་དང༌། །སྦོམ་པོ་བརྒྱད་སོགས་ཉེས་པ་གང་ལགས་པ། །དྲི་བྲལ་ལྷ་མོའི་སྤྱན་སྔར་མཐོལ་ལོ་བཤགས། །ཐུན་བཞིའི་ཏིང་འཛིན་ཆགས་གམ་ནོར་བ་དང༌། །བཟླས་པའི་བྱ་བ་འཁྲུལ་དང་ཆོ་ག་ཉམ། །གུས་པ་ལྷོད་དང་རྣམ་གཡེང་དབང་གྱུར་དང༌། །ཉོན་མོངས་དྲག་པོའི་དབང་གྱུར༴ །རྒྱུན་དང་ཁྱད་པར་བཟའ་བའི་དམ་ཚིག་ལ། །ངན་པར་རྟོག་དང་བརྙས་དང་འགོམས་པ་དང༌། །ཚེས་བཅུའི་མཆོད་དང་འཁོར་ལོའི་མཆོད་པ་སོགས། །ངན་ཅིང་དུས་སུ་མ་ཐོངས༴ །ཕྱག་རྒྱ་བཞོན་པ་མཚོན་ཆ་མཚན་མ་དང༌། །ལྷག་མ་འགོམ་དང་དམ་ཅན་ལ་སོགས་བརྙས། །སྔགས་དང་ལྷ་དང་རྒྱུད་ཚིག་དྲི་མེད་ལ། །ཀྱལ་ཀ་བྱས་སོགས་ནོངས་པ་ཤེས་རབ་རིགས་ལ་སྨད་དང་བརྡེག་པ་དང༌། །སྐོར་དང་ཕྱག་འཚལ་ལ་སོགས་མ་གྲུབ་དང༌། །མ་དད་ཉོན་མོངས་རང་དགར་ཆགས་པ་དང༌། །རང་གཞན་བདེ་ཆེན་རྒྱུ་ཉམ་རྡོ་རྗེ་རྣམ་པ་གསུམ་གྱི་དམ་ཚིག་དང༌། །ཐུན་མོང་མ་ཡིན་དམ་ཚིག་བརྒྱད་པོ་དང༌། །དགོངས་ཏེ་གསུངས་པའི་དམ་ཚིག་རྣམ་བཞི་དང༌། །འགལ་བར་གྱུར་པ་ཐམས་ཅད་མཐོལ་ལོ་བཤགས། །སྣོད་མ་ཡིན་ལ་གསང་བ་བསྒྲགས་པ་དང༌། །དབང་བསྐུར་བྱིན་རླབས་རིགས་སྔགས་སྦྱིན་པ་དང༌། །འོས་མིན་འཕྲིན་ལས་གསོལ་དང་གནས་མིན་པར། །སྔགས་རྒྱུད་སྦྱོར་བ་བྱས་སོགས༴ །བཤགས་


TNT12_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་བརྟན་བཞུགས་བྱ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་སིནྡྷུ་རའི་ཡེ་ཤེས་པ་བཤེགས། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མོ། ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། སུམྦྷ་ནས་ལན་གཉིས་ཀྱི་ཚམས་རྔམ། སྔགས་ཀྱི་སྲུང་བ་བྱེད་དོ། །བདག་དང་སྣང་བའི་དངོས་པོ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་སྐུའི་རང་བཞིན། ཨོཾ་གསུམ་མ་ཚར་གཅིག་བརྗོད་ནས། བརྗོད་པ་དང་གྲགས་པའི་སྒྲ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་གསུང་གི་རང་བཞིན། དྲན་རིག་རྣམ་པར་རྟོག་པ་ཐམས་ཅད་རྣལ་འབྱོར་མའི་ཐུགས་ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་དུ་རྣམ་པར་དག་པ་ཡིན་ནོ། །དེ་ནས་སྨོན་ལམ་ནི། བདག་གི་དུས་གསུམ་དགེ་བ་ཅི་སྤྱད་པ། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་རྡོ་རྗེ་ཐེག་པའི་སྣོད་གྱུར་ཏེ། །ཀུན་ཀྱང་རྡོ་རྗེ་འཛིན་པ་ཉིད་གྱུར་ཅིག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །བློ་ལྡན་རིགས་བཟང་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་བསྟན། །རྡོ་རྗེ་ཕག་མོའི་དམ་ཚིག་ལ་གནས་ཤོག །རྡོ་རྗེ་དྲིལ་བུ་ལ་སོགས་རྟག་ཏུ་འཆང༌། །ཟབ་ཅིང་རྒྱ་ཆེའི་ཆོས་དོན་རྟོགས་པ་དང༌། །གོ་ཀུ་ཤུ་ཀྲ་ལ་


TNT12_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཤགས་བྱ་བཤགས་པར་བྱེད་པོ་བྲལ། །འཛིན་པ་དག་ཕྱིར་དག་འཚངས་ཕུལ་བས་ཀྱང༌། །སྒྲིབ་གཉིས་རང་བཞིན་གདོད་ནས་རྣམ་དག་པའི། །གནས་ལུགས་རྟོགས་ནས་སངས་རྒྱས་ཐོབ་པར་ཤོག །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཞེས་སོགས་ཧེ་རུ་ཀའི་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ལ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས་སེམས་སྒྲིབ་པ་དང་ལྡན་པ་དང༌། ཡོ་བྱད་མ་ཚང་བ་དང༌། ཏིང་ངེ་འཛིན་མི་གསལ་བ་དང༌། སྔགས་མ་དག་པ་དང༌། ཆོ་ག་ལྷག་པ་དང་ཆད་པ་ཐམས་ཅད་ལྷག་ཆད་ཁ་བསྐང་ཞིང༌། བདག་ཅག་གི་ལམ་དང་དངོས་གྲུབ་ཀྱི་བར་ཆད་དུ་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བཟོད་པར་གསོལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་རྡོ་རྗེ་ཕག་མོ་ལ་སོགས་པའི་རྟེན་སྐུ་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་ཇི་སྲིད་འབྱུང་བ་བཞིས་གནོད་པ་མ་


TNT12_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རྟག་བཟའ་ཞིང༌། །མཐར་ཐུག་བདེ་ཆེན་སྒྲུབ་པའི་སྐལ་ལྡན་ཤོག །བདེ་གཤེགས་སྤྱན་སྔར་གནས་གསུམ་མཁའ་འགྲོ་ཡི། །དམ་བཅས་སྲུང་ཞིང་དངོས་གྲུབ་མཆོག་སྩོལ་བར། །ཐུགས་དམ་བཅས་ཤིང་རྟག་སྲུང་དངོས་གྲུབ་ནི། །རྣམ་གསུམ་ཚེ་འདི་ཉིད་ལ་ཐོབ་པར་ཤོག །ལྷ་མོ་ཚད་མ་ནས་རྒྱུར་གྱུར་ཅིག །ཅེས་སྨོན་ལམ་བཏབ། དེ་ནས་རྩ་རྒྱུད་ཀྱི་བླ་མ་ལ་གསོལ་བ་འདེབས་པ་ནི། ཆོས་ཀུན་གདོད་ནས་རྣམ་དག་ངོ་བོ་ཉིད། །དང་པོའི་སངས་རྒྱས་བདེ་ཆེན་ལྷན་ཅིག་སྐྱེས། །དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་ཡི་གཟུགས། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་དངོས་ཁྱབ་བདག་རྡོ་རྗེ་འཆང༌། །གདུལ་དཀའ་འདུལ་མཛད་དཔལ་ལྡན་ཧེ་རུ་ཀ །ཤེས་རབ་རང་བཞིན་རྡོ་རྗེ་རྣལ་འབྱོར་མ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ལཀྵིཾ་ཀ་ར་རྣལ་འབྱོར་མ་དཔལ་དངོས། །སྦས་པའི་རྣལ་འབྱོར་ཨོ་རྒྱན་བིརྺ་པ། །ཀུན་འདར་གསང་སྟེ་སྤྱོད་པའི་གཉིས་སྤངས་ཞབས། །རི་ཁྲོད་དབང་ཕྱུག་མཐའ་དག་གྲུབ་པའི་གཙོ། །ཡི་དམ་དངོས་སུ་ཞལ་གཟིགས་བསོད་སྙོམས་པ། །བླ་མས་རྗེས་བཟུང་བུདྡྷ་དདྡའི་ཞབས། །ཕག་མོས་རྗེས་བཟུང་ལྷོ་འབྱུང་ཟླ་བ་སྟེ། །མཆོག་དབང་མཛེས་པ་མཁས་ཤིང་གྲུབ་པའི་ཕུལ། །བླ་མ་མཉེས་མཛད་ཀུན་དགའ་རྡོ་རྗེའི་ཞབས། །མཚན་རྟགས་མངོན་


TNT12_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་མངའ་རིས་དཀོན་མཆོག་འབར། །སྔགས་སྟོན་ནུས་ལྡན་རྒྱལ་ཚབ་རིན་པོ་ཆེ། །འགྲོ་ལ་ཕན་མཛད་བྱམས་དཔལ་ལོ་ཙྪ་བ། །བླ་ཆེན་བསོད་དབང་མན་ངག་གདམས་པའི་མཛོད། །སེམས་དཔའ་བསོད་སེང་དུས་ངན་འགྲོ་བའི་སྐྱབས། །ཆོས་སྒོ་དུ་མའི་བརྒྱུད་འཛིན་རིན་བཟང་བ། གནས་ལྔ་རིག་པའི་དབང་ཕྱུག་བུ་སྟོན་རྗེ། །བཤེས་གཉེན་བཟང་པོའི་རང་བཞིན་བྲག་ནག་པ། །སྡོམ་བརྩོན་མཁས་པ་འཇམ་དབྱངས་རིན་རྒྱལ་བ། །ངུར་སྨྲིག་འཛིན་མཆོག་རྒྱལ་དབང་གྲགས་པ་དང༌། །རྒྱལ་བ་ཕྱག་ན་བསྟན་སྲུང་བྲན་དུ་ཁོལ། །ཟབ་དོན་རྣལ་འབྱོར་བསོད་ནམས་རྒྱལ་མཚན་དཔལ། །འཇམ་དབྱངས་ཆོས་དབང་མཁས་བཙུན་བཟང་པོ་ཕུལ། །ཀུན་དགའ་དཔལ་འབྱོར་ཡོན་ཏན་དུ་མས་བརྒྱན། །དམ་པའི་རྗེས་འཇུག་དཀོན་མཆོག་རིན་ཆེན་ཞབས། །ལུང་རིག་རྒྱ་མཚོ་སྤྲོས་བྲལ་གནས་ལུགས་གཟིགས། །རྩ་བའི་བླ་མ་སྐྱབས་གནས་ཀུན་གྱི་དངོས། །རེ་རེའི་མཐར། ཕྱག་འཚལ་མཆོད་དོ་སྙིང་ནས་གསོལ་བ་འདེབས། །ཐུབ་པའི་བསྟན་ལ་རྣམ་དག་བསླབ་པ་གསུམ། །ལེགས་ནོས་རྩེ་གཅིག་སྒྲུབ་ལ་བརྩོན་པ་དང༌། །བྱང་ཆུབ་སེམས་བསྐྱེད་ཕ་རོལ་ཕྱིན་དྲུག་སོགས། །ཐེག་མཆོག་ལམ་ལ་འཇུག་པར་བྱིན་གྱིས་རློབས། ཁྱད་པར་གསང་བའི་ཐེག་པ་བླ་མེད་དུ། །དབང་བཞིས་སྨིན་བྱས་རྣམ་དག་དམ་ཚིག་སྲུང༌། །རྡོ་རྗེ་སློབ་དཔོན་མཆོག་དང་ལྷག་པའི་


TNT12_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ལྷས། །ཡང་དག་ཡེ་ཤེས་འཕོ་བར་དག་སྣང་ལྷ་ཡི་འཁོར་ལོར་འཇུག་པའི་སྒོ། །ཀུན་རྫོབ་སྣང་ཞེན་སྦྱོང་བའི་ཐབས་ཀྱི་མཆོག །ཟབ་མོ་སྙིང་པོའི་དཀྱིལ་འཁོར་བསྒོམས་པ་ལས། །རབ་འབྱམས་དངོས་གྲུབ་འགྲུབ་པར༴ །སྣ་ཚོགས་སྒྱུ་མའི་འཁྲུལ་འཁོར་བགྲང་ཡས་རྣམས། །དོན་དམ་ལྷན་ཅིག་སྐྱེས་པར་ངེས་སྡོམ་པ། །བདེ་ཆེན་ཙཎྜ་ལི་དང་མཉམ་སྦྱོར་བའི། །རྫོགས་རིམ་ཡེ་ཤེས་རྟོགས་པར༴ །ལམ་འདི་སྒྲུབ་ལ་བར་ཆད་ཀུན་ཞི་ཞིང༌། །མཐའ་དག་ཉེར་འཚོ་ཕུན་ཚོགས་ཀུན་བསྒྲུབ་ནས། །རྡོ་རྗེ་ཕོ་ཉ་གནས་གསུམ་མཁའ་འགྲོ་ཡིས། །ལམ་གྱི་གྲོགས་མཆོག་སྒྲུབ་པར༴ འཁོར་ལོ་རྣམ་བཞིའི་བསྒྲོད་པ་རྣམ་དག་ནས། །བཅུ་གཉིས་ས་ཡི་རིམ་པས་ལེགས་བགྲོད་པའི། །སྐུ་བཞི་ཡེ་ཤེས་ལྔ་ལྡན་རྡོ་རྗེ་འཆང༌། །ཚེ་འདི་ཉིད་ལ་འགྲུབ་པར་བྱིན་གྱིས་རློབས། །དེ་ནས་བཀྲ་ཤིས་ནི། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་པའི། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨོར་རྡོ་རྗེ་རོལ་པར་མཛད། །བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་ཤོག །བཀྲ་ཤིས་གང་ཞིག་ཆོས་ཀྱི་འབྱུང་གནས་ཉམས་དགའ་བར། །སྣ་ཚོགས་ཆུ་སྐྱེས་ཉིན་བྱེད་གདན་ལ་བདེ་བར་བཞུགས། །རྒྱལ་བ་མ་ལུས་བསྐྱེད་པའི་ཡུམ་མཆོག་རྣལ་འབྱོར་མ། །བདེན་པ་དེས་ཀྱང་༴ །


TNT12_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་གང་ཞིག་གསང་ཆེན་ཟབ་མོའི་དོན་སྟོན་པའི། །མཁའ་འགྲོ་གྲངས་མེད་གསུང་གི་སྙིང་པོ་སུམ་ཅུ་གཉིས། །ས་གསུམ་ཁྱབ་པའི་འོད་ཟེར་བྱེ་བའི་འཕྲོ་འདུ་ཅན་བདེན་པ༴ །བཀྲ་ཤིས་གང་ཞིག་འགྱུར་མེད་ལྷུན་གྱིས་གྲུབ་པའི་དབྱིངས། ཁམས་གསུམ་ཀུན་ལ་བདེ་བ་ཆེན་པོས་ཁྱབ་པའི་ཐུགས། །ཚད་མེད་ཡོན་ཏན་འཕྲིན་ལས་ཚོགས་ཀྱི་ཉེར་འབར་མ། །བདེན་པ་དེས་ཀྱང་༴ །བཀྲ་ཤིས་གང་ཞིག་ཞིང་སྐྱོང་མ་མོའི་ཚོགས་རྣམས་ཀྱིས། །བདུད་དང་བགེགས་འཛོམས་ཞི་རྒྱས་དབང་གི་ལས་མཛད་ཅིང༌། །སྲུང་བའི་འཁོར་ལོ་རྒྱ་ཆེན་རྟག་ཏུ་བརྟན་གྱུར་པ། །བདེན་པ་དཻས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་སྩོལ། །ཡང་བརྗོད་པ། གྲུབ་པའི་གཞུང་ལུགས་མཁས་པའི་ལེགས་བཤད་ཅན། །དམ་པའི་མན་ངག་བྱིན་རླབས་མ་ཉམས་པ། །རྫོགས་རིམ་ལས་ཚོགས་ལ་སོགས་ཡན་ལག་རྒྱས། །ལམ་བཟང་འདི་དང་ཕྲད་པ་སྐལ་པ་བཟང༌། ཁུངས་མེད་གཏམ་གྱིས་བླུན་པོ་མགོ་བསྐོར་ནས། །རྒྱལ་བའི་བསྟན་འཛིན་ཡིན་སྙམ་གད་མོའི་གནས། །འགྲོ་མང་དེ་རྗེས་འཇུག་པ་བླུན་མོད་ཀྱི། །དགེ་མིན་ལས་ཀྱི་འབྲས་བུར་ཐུབ་པས་གསུངས། །གསར་རྙིང་ཕན་ཚུན་བསྲེས་པའི་རྫུན་ཆོག་དང༌། །ལྷ་ལྔ་མ་ལ་ལྷན་སྐྱེས་ཟེར་ཞིང་འཁྲུལ། །རྒྱ་གར་ནག་ཆུང་ཏེ་པུ་ཟངས་གླིང་པའི། །ལུགས་ལ་ཏེ་ན་མར་མི་བརྒྱུད་པར་འདྲེན། །གདོན་གྱིས་བསྐུལ་ནས་བརྡོལ་ཐབས་སྨྲས་པ་ལ། ལས་


TNT12_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་སྐྱ་སེར་ཕོ་མོ་ཆུ་ལྟར་རྒྱུག།མ་རྟོགས་ན་ཡང་རྟོགས་ཞེས་རྫུན་ཚིག་སྨྲ། །བསོད་ནམས་བློ་གྲོས་ཅན་རྣམས་བག་ཡོད་བྱེད། །ཅེས་པའང་སྨྲས་སོ། །མཆོག་གྱུར་སྒྲུབ་ཐབས་མཆོག་འདི་བཤད་པ་ལས། །མཁའ་སྤྱོད་ཆེན་པོ་མཁའ་ཁམས་ཆོས་ཀྱི་དབྱིངས། །བདེ་ཆེན་དཀྱིལ་འཁོར་བདེ་བའི་ལམ་གྱིས་བསྒྲུབས། །བླ་མེད་བྱང་ཆུབ་བླ་མའི་དྲིན་ཐོབ་ཤོག། །།ཅེས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བདེན་གཉིས་ཞལ་ཅན་སྒྲུབ་ཅིང་མཆོད་པའི་ཆོ་ག་བདེ་བ་ཆེན་པོའི་དཔལ་འབར་བ་ཞེས་བྱ་བ་འདི་ཡང༌། དབང་ཕྱུག་དམ་པའི་མངའ་བདགས་སྐྱོང་གཞོན་ནུ་ཆོས་བཞིན་པ་ཀུན་དགའ་རབ་བརྟན་དབང་གི་རྒྱལ་པོའི་བཀས་བསྐུལ་ནས། །ཏཱ་ར་ནཱ་ཐས་ངེས་པར་བརྗོད་པའོ། །མདྒ་ལཾ་བི་སྟཱ་རཾ། །གཅིག་ཞུས།།


TNT12_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བདེན་གཉིས་ཞལ་ཅན་སྒྲུབ་ཅིང་མཆོད་པའི་ཆོ་ག་བདེ་བ་ཆེན་པོའི་དཔལ་འབར་བ།next