Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
སྐུ་གསུམ་རྡོ་རྗེ་ཕག་མོ་ཞེས་བྱ་བ་དབུ་བཅད་མར་གྲགས་པའི་སྒྲུབ་མཆོད་ངག་འདོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐུ་གསུམ་རྡོ་རྗེ་ཕག་མོ་ཞེས་བྱ་བ་དབུ་བཅད་མར་གྲགས་པའི་སྒྲུབ་མཆོད་ངག་འདོན།next

སྐུ་གསུམ་རྡོ་རྗེ་ཕག་མོ་ཞེས་བྱ་བ་དབུ་བཅད་མར་གྲགས་པའི་སྒྲུབ་མཆོད་ངག་འདོན།


TNT12_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་རྡོ་རྗེ་ཕག་མོ་ཞེས་བྱ་བ་དབུ་བཅད་མར་གྲགས་པའི་སྒྲུབ་མཆོད་ངག་འདོན་བཞུགས།


TNT12_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་གསུམ་རྡོ་རྗེ་ཕག་མོ་ཞེས་བྱ་བའི་སྒྲུབ་ཐབས། དཔལ་གྱི་བློ་གྲོས་མའི་རང་བཞིན་དེའི་སྒྲུབ་མཆོད་ཀྱི་ཆོ་ག་བཤད་པར་བྱའོ། །དེ་ཡང་རྡོ་རྗེ་ཕག་མོ་དབུ་བཅད་མའི་ལག་ལེན་འདི་ལ་འཇུག་པར་འདོད་པས། རྗེ་བཙུན་ཞལ་གཉིས་མའི་སྒྲུབ་མཆོད་ཀྱི་ཚིག་དོན་གཉིས་ཀ་བློ་ལ་ངེས་པོར་བྱའོ། །འོག་གཞིའི་དཀྱིལ་འཁོར་ལ་པདྨ་འདབ་བརྒྱད། ལྟེ་བར་ཆོས་འབྱུང་ཅན། མེ་ལོང་ལ་ཆོས་འབྱུང་རྐྱང་པ་དགའ་འཁྱིལ་བཞི་དང་བཅས་པ། དབུས་ཀྱི་ཆ་ལ་གཙོ་མོའི་སྔགས་ཡིག་འབྲུ་རྣམས་བརྩེགས་པ་དང༌། དེའི་གཡས་ཕྱོགས་སུ་བཻ་རོ་ཙ་ནའི་སྔགས་དང༌། གཡོན་དུ་བརྞའི་སྔགས་རྣམས་བརྩེགས་ཏེ་འབྲི། གཞན་མདུན་བསྐྱེད་ཀྱི་བཤམས་ལ་ཁྱད་པར་མེད། སྒྲུབ་པ་པོ་རང་ཉིད་ཀྱི་མདུན་དུ་ཙནྡན་དམར་པོའི་ལྡེ་གུས་བྱུགས་པའམ། ཕྱེ་མ་བཀྲམ་པའི་མཎྜལ་ཚོམ་བུ་གསུམ་པ། གཏོར་ཕྲན་གཅིག་དང་མཆོད་པར་བཅས་པ་བཤམས། ཆོ་གའི་རིམ་པ་ལ། ཨོཾ་སུམྦྷ་ནས་བཟུང༌། འོད་དུ་ཞུ་ནས་བདག་ཉིད་ལ་ཐིམ་གྱི་བར་དང༌། ནང་མཆོད། སུམྦྷས་བསངས་ནས། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱི་བར་བདུད་རྩིའི་དབུས་སུ་ཆོས་འབྱུང་གི་


TNT12_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་ཧྲཱིཿཟུར་གསུམ་ལ་གཡོན་བསྐོར་གྱི། ཨོཾ་ཨཱཿཧཱུཾ། དེའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་དང༌། ཁྱད་པར་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདུད་རྩི་བྱང་ཆུབ་ཀྱི་སེམས་སུ་སྤྱན་དྲངས་ཏེ་ཐིམ། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲི། བདག་དང་གནས་ལ་བདུད་རྩི་གཏོར། ཨོཾ་ཧྲཱིཿགྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྟན་ཧཱུཾ་ཕཊ། རྡོ་རྗེ་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ། བགེགས་རྣམས་ཐམས་ཅད་ཚར་བཅད། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་སྲུང་བའི་འཁོར་ལོ་གྲུབ་པར་གྱུར། རང་གི་ལྟེ་བར་ཨོཾ་བཾ་དམར་མོ་ནས། ཙཎྜི་ཀའི་ངོ་བོ་རྣམས་ཀྱི་རྒྱས་བཏབ་པར་གྱུར། ཨོཾ་སྭ་བྷཱ་ཝ༴ ཨོཾ་བཛྲ་ཤུདྡྷོ྅༴ ཨོཾ་ཡོ་ག་ཤུདྡྷོ༴ སྟོང་པའི་ངང་ལས་རང་གི་ལྟེ་བར་རཾ་ཡིག་དམར་པོ་གནས་པ་ལས། ཡེ་ཤེས་ཀྱི་མེ་འོད་འཕྲོས། ལུས་འོད་ཀྱི་གོང་བུར་གྱུར་པ་ལས། ཆོས་འབྱུང་གྲུ་གསུམ་དམར་པོ་རྩ་བ་ཕྲ་བ་ཐུར་དུ་བསྟན་ཅིང༌། གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པའི་ཕྱི་རོལ་ཕྱོགས་བཞིར། དགའ་བ་འཁྱིལ་བ་བཞི་དང་བཅས་པ། དུར་ཁྲོད་བརྒྱད་སྲུང་བའི་འཁོར་ལོ་དང་བཅས་པས་བསྐོར་བའི་དབུས་སུ། དྲི་བྲལ་ཆུ་སྐྱེས་དཀར་པོ་འདབ་མ་བཞི་པའི་ལྟེ་བ་ལ། རང་གི་སེམས་ཉིད་ཀྱི་ངོ་བོ་འོག་ཏུ་ཟླ་བ་དང༌། སྟེང་དུ་ཉི་མའི་དཀྱིལ་འཁོར་ཁ་སྦྱོར་གྱི་དབུས་སུ་ཧྲཱིཿཡིག་དམར་སེར་རོ། །དེ་ལས་གྲི་གུག་ཧྲིཿས་མཚན་པ། དེ་ཐམས་


TNT12_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས། དབུས་སུ་སངས་རྒྱས་མཁའ་འགྲོ་མ་སྐུ་མདོག་ཉི་མ་འཆར་ཀའི་མདངས་ལྟར་དམར་སེར་འོད་དུ་འབར་བ། ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོ་དང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་མནན་པ། ཕྱག་གཡས་རྡོ་རྗེ་གྲི་གུག་ཅུང་ཟད་ཐུར་དུ་སྡིགས་པའི་ཚུལ་གྱིས་བསྣམས་པ། གཡོན་ཐོད་ཁྲག་སྟེང་ཕྱོགས་སུ་གཏོད་པའི་ཚུལ་གྱིས་འཛིན་པ། ཕྱི་རོལ་གཡོན་དུ་ཐབས་ཀྱི་རང་བཞིན་གྱི་ཁ་ཊྭཱཾ་ག་དཀར་པོ་བསྒྲེངས་པ་སྐུའི་གཡོན་ངོས་སུ་རྡོ་རྗེ་རབ་བསྔགས་མ་ལྗང་ཁུ་ཞབས་གཡས་བསྐུམ་གཡོན་བརྐྱང་བ། ཕྱག་གཡས་ཐོད་ཁྲག་འཕྱར་ཞིང༌། གཡོན་གྲི་གུག་ཐུར་དུ་སྡིགས་པ། གཡས་སུ་རྡོ་རྗེ་རྣམ་པར་སྣང་མཛད་མ་སེར་མོ་ཞབས་གཡོན་བསྐུམ་གཡས་བརྐྱང་བ། ཕྱག་གཡོན་ཐོད་ཁྲག་འཕྱར་ཞིང༌། གཡས་གྲི་གུག་ཐུར་དུ་སྡིགས་པ། གཙོ་འཁོར་གསུམ་ཀར་ཡང་གཅེར་བུ་མོ་དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། མི་བཟད་པའི་ཞལ་ཅུང་ཟད་གདངས་ཤིང་ཧ་ཧར་བཞད་པ། ཁྲོ་གཉེར་བསྐྱོད་པས་འཇིགས་པ་ཡང་འཇིགས་པར་མཛད་པ། དབུ་སྐྲ་ནག་པོ་སིལ་བུར་གྲོལ་བ། ལང་ཚོ་ལ་བབ་ཅིང་ནུ་འབུར་རྒྱས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་ཕྱག་རྒྱ་ལྔ་དང་ལྡན་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །བཅོམ་


TNT12_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་མ་སངས་རྒྱས་མཁའ་འགྲོ་མའི་གསང་བར། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའི་ཡི་གེ་བརྩེགས་མ་རྣམས་དང༌། རྡོ་རྗེ་རབ་བསྔགས་མའི་གསང་བར། ཆོས་འབྱུང་གི་ནང་དུ། ཨོཾ་བཛྲ་བརྞ་ནཱི་ཡེ་ཧཱུཾ་ཕཊ། ཅེས་པའི་ཡི་གེ་བརྩེགས་མ་རྣམས་དང༌། རྡོ་རྗེ་རྣམ་སྣང་མའི་གསང་བར། ཆོས་འབྱུང་གི་ནང་དུ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ། ཅེས་པའི་ཡི་གེ་བརྩེགས་མ་རྣམས་ཏེ། ཆོས་འབྱུང་རྣམས་དམར་པོ། སྔགས་རྣམས་ལྷ་རང་རང་གི་སྐུ་མདོག་དང་མཚུངས་པ། འོད་ཟེར་འབར་བའོ། །གཙོ་མོའི་ཕྱག་གཡས་ཀྱི་གྲི་གུག་གིས་རང་ཉིད་ཀྱི་མགྲིན་པ་ནས་བཅད་པས། རྩ་ཨ་བ་དྷུ་ཏཱི་དང་རྐྱང་མ་དང༌། རོ་མ་གསུམ་ཆད་པ་ན། བདག་དང་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ཞེ་སྡང་གཏི་མུག་རྣམས་རྒྱུན་ཆད། མ་རུངས་པ་ཐམས་ཅད་ཤིན་ཏུ་སྐྲག་པར་གྱུར། ཕྱག་གཡོན་པས་དབུ་སྐྲའི་ཕྱེད་ནས་བཟུང༌། སྤྱན་གསུམ་ཐུར་དུ་གཟིགས་པས་ས་འོག་གི་འཇིག་རྟེན་བསྐྱོད་པར་བྱས། རྩ་གསུམ་བཅད་མཚམས་ཀྱི་ཨ་བ་དྷུ་ཏཱི་ནས་མེ་དང་མུན་པའི་རང་བཞིན་ཁུ་རྡུལ་འདྲེས་པའི་རྒྱུན་བྱུང་སྟེ། གཙོ་མོ་རང་ཉིད་ཀྱི་ཞལ་དུ་འཇུག་པར་གྱུར། གཡོན་རྐྱང་མ་ནས་མི་བསྐྱོད་པ་དང་འདྲེས་པའི་ཀུནྡའི་རྒྱུན་བྱུང་སྟེ། གཡོན་རྡོ་རྗེ་རབ་བསྔགས་མའི་ཞལ་དུ་བབས། རོ་མ་ནས། རང་བྱུང་དང་འདྲེས་པའི་རཀྟའི་རྒྱུན་བྱོན་པ།


TNT12_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་རྡོ་རྗེ་རྣམ་པར་སྣང་མཛད་མའི་ཞལ་དུ་བབས། ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུའོ། །འདིར་སྔགས་གསུམ་པོ་མང་ཉུང་ཇི་ལྟར་འོས་པ་བཟླའོ། །ཐུར་སེལ་གྱེན་དུ་དྲངས་པའི་སྦྱོར་བ་ལས། གཙོ་མོའི་གསང་བར་གནས་པའི་སྔགས་ལས་འོད་ཟེར་འཕྲོས། རྩ་གསུམ་གྱི་ལམ་ནས་བྱུང༌། གཡོན་གྱི་རྡོ་རྗེ་རབ་བསྔགས་མ་འོད་ཟེར་གྱིས་དྲངས་ཏེ། བདག་ཉིད་ལ་ཐིམ། བཛྲ་བརྞའི་སྐབས་རྐྱང་མ་ནས་ཞུགས་ཏེ། གཙོ་མོའི་གསང་བའི་ཆོས་འབྱུང་གི་ནང་དུ། གཙོ་མོ་ཉིད་ཀྱི་སྔགས་ཀྱི་གཡོན་དུ། སྔར་གྱི་རྣམ་པས་བཞུགས་པར་གྱུར། གཡས་ཀྱི་རྡོ་རྗེ་རྣམ་པར་སྣང་མཛད་མ་ཡང་འོད་ཟེར་གྱིས་དྲངས། རང་ཉིད་ལ་ཐིམ། བཻ་རོ་ཙ་ནའི་སྔགས། རོ་མའི་ལམ་ནས་བརྒྱུད། གསང་བའི་ཆོས་འབྱུང་གི་ནང་དུ། གཙོ་མོའི་སྔགས་ཀྱི་གཡས་སུ་སྔར་གྱི་རིམ་པས་འཁོད། གཙོ་མོ་ཉིད་ཀྱི་དབུ་ཡང་རང་གནས་སུ་བྱོན། གཅིག་ཏུ་འབྲེལ་བར་གྱུར། རང་གི་མདུན་གྱི་མཎྜལ་ལ་དམིགས་ཏེ། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་གྲུ་གསུམ་དམར་པོ་རྩ་བ་ཕྲ་བ་ཅེས་པ་ནས། སྐུ་མདོག་དང་མཚུངས་པ་འོད་ཟེར་འབར་བའོ། །ཞེས་པའི་བར་གོང་བཞིན་ལས། རང་གི་སེམས་ཉིད་ཀྱི་ངོ་བོ་ཞེས་པ་བོར། ལྟེ་བར་ཨོཾ་བཾ་དམར་མོ་ནས། ཙཎྜི་ཀའི་ངོ་བོ་རྣམས་སུ་གྱུར། ཕཻཾ་ཛཿཧཱུཾ་བཾ་ཧོ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། མེ་ཏོག་ལ་སོགས་པའི་མཆོད་པ་


TNT12_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བཞིན་དུ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་བརྞ་ནཱི་ཡེ་ཧཱུཾ་ཕཊ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་གཡོན་པའི་མཐེབ་སྲིན་གྱིས་མེ་ཏོག་ཕུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནི་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པུཥྤེ་ནས་ཤཔྟའི་བར་གྱིས་འབུལ། ནུས་ན་དེ་ཐམས་ཅད་ལ་སྔགས་གསུམ་པོ་རེ་རེ་བཞིན། མཆོད་སྔགས་སྦྱར་ཏེ་འབུལ་བ་ཡིན་ནོ། །དེ་བཞིན་དུ་སྔགས་གསུམ་པོ་རེ་རེའི་མཐར། འབྲུ་གསུམ་བཏགས་པས་ནང་མཆོད་ཕུལ། ཨོཾ་ཌི་ཡ་པུལླི་ར་མ་གི་ཏི་ཀཱ་མ་ཀྵཾ་ཤི་ཧཊྚ། དྷརྨ་སམྦྷོ་ག་ནི་རྨ་ཎ་མཧཱ་སུ་ཁ་ཀཱ་ཡ་ན་མཿ ཅེས་པ་ལན་གསུམ་གྱིས་བསྟོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་ནས། རྡོ་རྗེ་ཕག་མོ་ལ་འདུད་དོ། །འོག་མའི་བར་བྱ། གཏོར་མ་འབྲུ་གསུམ་ལན་བདུན་སོགས་ཀྱིས་བྱིན་གྱིས་རླབས། ཨོཾ་བཛྲ་ཨ་རལླི་ཧོཿ ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། ལན་བདུན་གྱིས་ཕུལ། སྔགས་གསུམ་ཚར་གཅིག་བརྗོད་དེ། མདུན་བསྐྱེད་ཀྱི་སྔགས་གསལ་བཏབ། རླུང་ཕྱིར་བསལ། ཡང་སྔགས་གསུམ་ཚར་གཅིག་བརྗོད། རང་གི་སྔགས་གསུམ་གསལ་བཏབ། རླུང་ནང་དུ་རྔུབས། ཐུར་སེལ་སྟེང་དུ་བསྐྱོད་པའི་སྦྱོར་བས། རང་གི་གསང་བའི་སྔགས་གསུམ་ལས་འདོ་ཟེར་འཕྲོས། དབུ་མའི་ལམ་བརྒྱུད། ཤངས་ཀྱི་བུ་ག་གཡས་པ་ནས་ཐོན། མདུན་གྱི་ལྷ་མོ་གསུམ་གྱིས་ཤངས་བུག་གཡོན་ནས་ཞུགས་སྐུ་ལུས་ཀྱི་ནང་གང༌། གསང་བའི་སྔགས་ལས་འོད་ཟེར་ཉམས་བདེ་བ་དང་ལྡན་པ་སྤྱན་དྲངས། རང་རང་གི་


TNT12_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཤངས་བུག་གཡས་ནས་ཐོན། བདག་ཉིད་ཀྱི་སྣ་གཡོན་གྱི་སྒོ་ནས་ཞུགས། ཨ་བ་དྷཱུ་ཏིའི་ལམ་བརྒྱུད། གསང་བར་གནས་པའི་ཆོས་འབྱུང་གི་སྔགས་གསུམ་ལ་ཐིམ། དམིགས་པ་དེ་ཉིད་ཡང་ཡང་གསལ་བཏབ་ཅིང༌། སྤྲོ་བསྡུའི་དམིགས་པ་ཡང་ལྷག་པོར་བསྣན་ཏེ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། ཨོཾ་བཛྲ་བརྞ་ནཱི་ཡེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཅེས་ཅི་ནུས་སུ་བཟླས། སླར་ཡང་གོང་བཞིན་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་རྐང་བརྒྱད་ཀྱིས་བསྟོད། མདུན་དུ་བཞུགས་པའི་བཅོམ་ལྡན་འདས་མ་གསུམ་ཡང་འོད་དུ་ཞུ་ནས་བདག་ཉིད་ལ་ཐིམ། ཨོཾ་ཡོ་ག་ཤུདྡྷ༴ མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས། དཀྱིལ་འཁོར་འོག་མ་ཧཱུཾ་ལས་བྱུང་བའི་ནས། དེ་རྣམས་ཀྱི་དབུས་སུ་ཧྲཱིཿ ཡི་གེ་དེ་རྣམས་ལས་ནས། ཆོས་འབྱུང་གྲུ་གསུམ་ཁ་དོག་དམར་བ། བདེ་བ་ཆེན་པོའི་ནས་བར་སྣང་ལ་དབུས་སུ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། གཡོན་དུ༌། ཨོཾ་བཛྲ་བརྞ་ནཱི་ཡ་ཧཱུཾ་ཕཊ། གཡས་སུ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ། ཅེས་པའི་ཡི་གེ་བརྩིགས་མ་རྣམས་སོ། །ཕྱི་རོལ་ཕྱོགས་བཞིར་ནས། གཅིག་ཏུ་འདྲེས་པ་ལས། ཆོས་འབྱུང་གྲུ་གསུམ་དམར་པོ་རྩ་བ་ཕྲ་བ་ཞེས་པ་ནས་འོད་ཟེར་འབར་བའོ། །ལྟེ་བར་ཨོཾ་བཾ་དམར་མོ་ནས། ཙཎྜི་ཀའི་ངོ་བོ། །ཕཻཾ་ཛཿཧཱུཾ་བཾ་ཧོཿ ཨོཾ་ཡོ་ག་ཤུདྡྷོ྅༴ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པ་རི་ཝ་ར་ཨརྒྷཾ་སྭཱཧཱ་ནས། ཤཔྟ་ཨཱཿཧཱུཾ་གི་བར་གྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་


TNT12_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མ་སོགས། ཤློ་ཀ་གཉིས་ཀྱིས་བསྟོད། བར་འདིར་ཨོཾ་སརྦ་བུདྡྷ་སོགས་སྔགས་གསུམ་སོ་སོར་ཅུང་ཟད་བཟླས་ནས། མཐར་གཅིག་ཏུ་དྲིལ་བ་གོང་བཞིན་བཟླ་བར་བྱའོ། །མཐར་སུམྦྷ་དང༌། ཡི་གེ་བརྒྱ་པ་ཡང་ཅུང་ཟད་བཟླས། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་སྐུ་གསུང་རྡོ་རྗེ་ཕག་མོའི་ལྷ་ཚོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཚོགས་ཞེས་པ་ནས། གཟིགས་ཤིང་ལས་ཀུན་མཛད་པ་ཡིན། །ཞེས་པའི་བར་དུ་ཞལ་གཉིས་མའི་ཆོ་ག་བཞིན་ནོ། །དེ་ནས་གཏོར་མ་བསངས་སྦྱངས། ཡཾ་ལས་ནས་གསོལ་བར་གྱུར། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། ཨོཾ་བཛྲ་བརྞ་ནཱི་ཡེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཨི་དཾ་པུཥྤེ་སོགས་ཀྱིས་འབུལ་བ་ནས། ཀུན་འགྲུབ་ཤོག །གོང་མའི་བར་དང༌། ཁ་ཁ་ཁཱ་ཧཱི་ཁཱ་ཧི་ནས། ཡིག་བརྒྱ་ལན་གསུམ་བར་གྱི་གཏོར་ཆོག་བྱས། བུམ་པ་བསངས་སྦྱངས་ནས། ཡོངས་སུ་གང་བའི་དབུས་སུ། ཆོས་འབྱུང་གྲུ་གསུམ་དམར་པོ་རྩ་བ་ཕྲ་བ་ནས། ཡོ་ག་ཤུདྡྷོའི་བར་གོང་མདུན་བསྐྱེད་བཞིན། དེ་ནས་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་པ་སོགས། ཆོ་ག་ལྷག་མ་རྣམས་ཞལ་གཉིས་མའི་སྐབས་དང་ཁྱད་པར་མེད་དེ། འོན་ཀྱང་བཟླས་པའི་སྐབས་སུ་སྔགས་གསུམ་སོ་སོ་དང་ཅི་རིགས་པར་སྦྲེལ་བ་ནི་ཁྱད་པར་རོ། །དེ་ནས་བདག་འཇུག་གི་རིམ་པ་ཡང༌། ཕལ་ཆེར་མཚུངས་ཏེ། ཇི་ལྟར་བལྟམས་པ་ནས་སུམྦྷ་བཟླ་བའི་བར། ལྟེ་བར་ཨོཾ་བཾ་ནས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ཞེས་པ་ནས།


TNT12_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པར་འགྱུར་ཏ་རེ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག་པ་ནས། ཨ་ཨ་ཧྲི་ཧྲི་སྭཱཧཱའི་བར། ཏིཥྛ་བཛྲ་ནས། མངོན་སུམ་ཉིད་དུ་མཐོང་བར་གྱུར། །པདྨའི་གདན་ནི་ཉོན་མོངས་པ་མ་གོས་པའོ། །འཇིགས་བྱེད་ཆེན་པོ་དང་དུས་མཚན་མ་ནི་གཟུང་བ་དང་འཛིན་པ་སྤངས་པའོ། །ཉི་མ་ནི་བདེ་བ་ཆེན་པོའི་ནས། ཐབས་དང་མ་བྲལ་བའོ། །ལྷ་གསུམ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའོ། །དབུ་བཅད་པ་ནི་སྒྲིབ་པ་ཐམས་ཅད་སྤངས་པའོ། །རྩ་གསུམ་བཅད་པ་ནི། ཉོན་མོངས་པ་གསུམ་དང༌། ཁམས་གསུམ་རྣམ་པར་དག་པའོ། །གཅེར་བུ་ནི་རྣམ་པར་མི་རྟོག་པའོ། །མེ་དཔུང་འབར་བ་ནི་ཀུན་ཏུ་ཁྱབ་པའི་ཡེ་ཤེས་ཀྱི་སྣང་བ་སྤྲོ་བའོ། །འོག་གི་གཞིའི་ཆོས་འབྱུང་ནི། དུག་གསུམ་གྱི་ཆོས་ཉིད་ཅེས་པ་ནས། ཡེ་ཤེས་དང་ཡོན་ཏན་རྒྱས་པའོ། །དེ་ཐམས་ཅད་ཀྱང་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ལ་ཚང་བའོ། །དངོས་གཞིའི་མཎྜལ་འབུལ་བ་ནས། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་མངོན་དུ་གྱུར། ཞེས་པའི་བར་ཡང་འདྲ་བ་ལས། རང་སྐད་ཅིག་གི་བཅོམ་ལྡན་འདས་མ་སྐུ་གསུམ་གྱི་བདག་ཉིད་རྡོ་རྗེ་རྣལ་འབྱོར་མ་གཙོ་འཁོར་གསུམ་གྱི་སྐུར་གྱུར། ཞེས་པ་དང༌། ཨོཾ་གསུམ་མའི་གནས་སུ། གསུམ་དྲིལ་བའི་སྙིང་པོ་འཇུག་པ་ནི་ཁྱད་པར་རོ། །ཆོས་འབྱུང་གྲུ་གསུམ་དམར་པོ་རྩ་བ་ཕྲ་བ་ཞེས་པ་ནས། གཅིག་ཏུ་འབྲེལ་བར་གྱུར་གྱི་བར། སྐུའི་རྗེས་གནང་ངོ༌། །མདུན་བསྐྱེད་བཅོམ་ལྡན་འདས་མའི་ནས། ཤཔྟའི་བར་ཡང་


TNT12_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་ལས། སྔགས་ཀྱི་ཐད་འདོན་པ་སྒྱུར་རོ། །གཙོ་བོས་ཇི་ལྟར། མཎྜལ། དེང་ནས་བརྩམས་ཏེ་སོགས། བཀྲ་ཤིས་ཀྱི་མཐར་ཐུག་པར། རྗེས་ཆོག་ཀྱང་འདྲ་བ་ལས། འདོན་པ་སྒྱུར་བ་ཕྲན་ཚེགས་རྣམས་དྲན་པར་བྱའོ། །དེ་ལྟར་ན་སྐུ་གསུམ་རྡོ་རྗེ་ཕག་མོའི་སྒྲུབ་མཆོད་ཀྱི་རིམ་པ་ངག་འདོན་མ་བདེན་གཉིས་ཞལ་ཅན་གྱི་ཆོ་ག་ལ་འདོན་པ་སྒྱུར་བ་འདི་ཡང༌། བློ་གྲོས་ཤིན་ཏུ་དམན་པ་རྣམས་ལ་དགོས་པར་བྱུང་ནས། ཏཱ་ར་ནཱ་ཐས་སྨྲས་པའོ།། །།ཞུས་དག། བཀྲཤིས།།


TNT12_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསྐུ་གསུམ་རྡོ་རྗེ་ཕག་མོ་ཞེས་བྱ་བ་དབུ་བཅད་མར་གྲགས་པའི་སྒྲུབ་མཆོད་ངག་འདོན།next