Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲོལ་མ་འབྱུང་བའི་རྒྱུད་ཀྱི་བསྡུས་དོན་གསལ་བའི་སྒྲོན་མེ།
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་མ་འབྱུང་བའི་རྒྱུད་ཀྱི་བསྡུས་དོན་གསལ་བའི་སྒྲོན་མེ།next

སྒྲོལ་མ་འབྱུང་བའི་རྒྱུད་ཀྱི་བསྡུས་དོན་གསལ་བའི་སྒྲོན་མེ།


TNT12_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་འབྱུང་བའི་རྒྱུད་ཀྱི་བསྡུས་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས།


TNT12_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་བེ། རྒྱུད་ཀྱི་བསྡུས་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོར་བླ་མ་ལ་བཏུད་དེ། །ཕྱི་ནས་དེ་བཞིན་ལྷ་རྣམས་ལའོ། །གང་ཞིག་རྒྱུད་ཀྱི་བསྡུས་པའི་དོན། །མདོ་ཙམ་དམ་པས་བསྐུལ་ཕྱིར་བྲི། །དུས་མཐར་ཡུལ་གྱི་མཐར་སྐྱེས་ཤིང༌། །བློ་དམན་བརྩོན་འགྲུས་ཞན་མོད་ཀྱི། །སྔར་བྱས་དགེ་བ་འདིར་སད་པས། །ཟབ་མོའི་དོན་ལ་དད་པ་ཐོབ། །སློབ་དཔོན་ཞལ་སྔའི་བཀའ་དྲིན་གྱིས། །རྒྱུད་ཀུན་སྣང་བྱེད་རྒྱུད་འདི་ཐོས། །རྐྱེན་དང་རང་བཞིན་རྡོ་རྗེ་ཡི། །བླ་མ་ཇི་བཞིན་བསྟེན་པའི་མཐུས། །ཅུང་ཟད་བློ་གྲོས་མིག་ཐོབ་ནས། །དོན་བསྡུས་བརྩོམ་ལ་སྤྲོ་བ་སྐྱེས། །འདི་ནི་སྡེ་སྣོད་གང་དུ་གཏོགས། །རྒྱུད་འདིའི་མཚན་ནི་ཅི་ཞིག་ཡིན། །སུ་ཞིག་གིས་ནི་འདི་སྤྱན་དྲངས། །འདི་གསུམ་ཐོག་མར་བཤད་པར་བྱ། །དངོས་ནི་དགོས་དོན་བསྡུས་དོན་ཚིག་དོན་གསུམ། །འདིར་ནི་དེ་ཡི་བསྡུས་པའི་དོན་བཤད་པ། །རྩ་བའི་རྒྱུད་ཀྱིས་དོན་དངོས་རྒྱས་པར་བཤད། །ཕྱི་མའི་རྒྱུད་ཀྱིས་ཐེ་ཚོམ་བཅད་པའོ། །དང་པོ་ལ་ཡང་དངོས་དང་རྒྱུད་[དེ་ནས་དེ་བཞིན་]གཏད་པ་


TNT12_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ལ་ལེའུ་དང་པོ་སྔགས་བཤད་ཅིང༌། །མཆོག་གཙོར་བསྒྲུབ་པའི་ཆོ་ག་གཉིས་པ་དང༌། །གཙོ་བོར་ལས་ཚོགས་རབ་འབྱམས་གསུམ་པའོ། །མདོར་བསྟན་སྒོ་ནས་བཤད་པར་ཞལ་བཞེས་དང༌། [དེ་ནས་དངོས་གྲུབ།]སྔགས་ཀྱི་ཕན་ཡོན་སྔགས་ཀྱི་བྱུང་ཚུལ་དང་[འདས་པའི་དུས།]སྔགས་ཀྱི་དགོས་པ་དང་ནི་རིག་སྔགས་དངོས། །གཉིས་པ་ཕན་ཡོན་རྣམ་པ་གསུམ་དུ་བཤད། །ལས་ཀྱི་དངོས་གྲུབ་[བུད་མེད་]བདེ་ཆེན་འགྲུབ་པ་[མི་དང་]དང༌། །འཇིག་རྟེན་པ་ཡི་དངོས་གྲུབ་ཆེ་ཐོབ་པའོ། །བཞི་པ་སྐུ་བཞིའི་དབྱེ་བས་རྣམ་པ་བཞི། [ངེས་པར།] ལྔ་པ་དཀྱིལ་འཁོར་ལྷ་དང་[དེ་ནས་]ལས་སྔགས་གཉིས། །[ཨོཾ་ཀུ་རུ།] དེ་ལ་མུ་གསུམ་དབྱེ་སྟེ་དང་པོའོ། །དང་པོ་སྔགས་སྟོན་གཞན་གཉིས་ཆོ་ག་འཆད།[མཁའ་ལ་འགྲོ།]།ལེའུ་གཉིས་པའི་བསྡུས་དོན་ལྔས། །ལམ་གྱི་སྔོན་འགྲོ་ཕུར་གདབ་དང༌། །རྣལ་འབྱོར་ཆེན་པོར་འབྲས་བུར་བཅས། །རྗེས་སུ་རྣལ་འབྱོར་ཤིན་ཏུ་སྦྱོར། །རྣལ་འབྱོར་དང་པོ་བཤད་རྣམས་སོ། །དང་པོ་ཕུར་བུས་གདབ་པ་ལ། །ཏིང་ངེ་འཛིན་གྱི་ཕུར་གདབ་དང༌། །དེ་ནས་བཅོམ་ལྡན་འདས་མའི། །དགྲ་


TNT12_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕུར་བུས་གདབ་པ་དང་[གྲོག་མཁར།]།ལོག་འདྲེན་གནོད་བྱེད་གཞན་ལ་གདབ། [སྦྲུལ་དང༌།] རྡོར་སེམས་ཕུར་བུས་འདེབས་པའོ། [ཡེ་ཤེས།] །ཐོག་མཐའ་གཉིས་ལ་དྲང་ངེས་གཉིས། །གཉིས་པ་རྣལ་འབྱོར་ཆེན་པོ་དང༌། །དེ་ཡི་འབྲས་བུ་བཤད་པའོ། །དང་པོ་བསྐྱེད་རིམ་རྣལ་འབྱོར་ཆེ། །དེ་ལ་དངོས་ཟླ་བ་དང་བརྟུལ་ཞུགས་དང༌། །[ཡང་ན།] དེ་ཡི་བསམ་གཏན་ལས་ཚོགས་[རང་སྔགས་]སོ། །རྫོགས་རིམ་རྣལ་འབྱོར་ཆེན་པོ་ལ། གསུངས་པ་དང་ནི་དོགས་གཅོད་གཉིས། །དང་པོ་ལུས་[ལྟེ་བའི་དབུས་སུ་]དང་ངག་དང་[རང་སྔགས་]ནི། །སེམས་ཀྱི་མི་ཤིགས་རྣལ་འབྱོར་[ས་བོན་]གསུམ། །ཕྱི་མ་ལ་ནི་ཞུས་དང་ལན། །[དེ་ནས་རྡོ་རྗེའི་སྙིང་པོ།] དོགས་པ་[དོན་ལ་དགོས་པ་ནི་འགྲོ་བ་སོགས་]གསུམ་དང་དོགས་གཅོད་[པདྨའི་སྙིང་པོ་སོགས། ཧཱུཾ་]གསུམ། །དོགས་གཅོད་གསུམ་[རིམ་པ་རླུང་གིས་ལུས་ནི་ཤེས་རབ་རྟོགས་]ཀའང་འཕྲོས་དང་བཅས། །འབྲས་བུ་སྐུ་གསུམ་བཤད་པ་ལ། །[དེ་ལ་འདིའི་སྐུ་གསུམ།] །ཉེར་ལེན་གཞི་ཡི་སྐུ་གསུམ་དང༌། །[སེམས་མེད།] །སྐབས་དོན་དངོས་[རང་བྱུང་]དང་ལུས་དཀྱིལ་འཁོར་[རྩ་ཡི།] །རྗེས་སུ་རྣལ་འབྱོར་བཤད་པ་ལ། །ཞུས་པ་[དྲི་མ་དང་]ཞུས་ལེན་གཉིས། །དེ་ལ་ངོ་བོ་[སྟོན་ཅིག་]དབྱེ་བ་དང་[ཨ་ཞེས་བྱ།]།སྒྲ་[རྣམ་ཤེས་]དོན་དང་ནི་རྣམ་པ་གསུམ། །[དེ་ཕྱིར་]ཤིན་ཏུ་སྦྱོར་ལའང་ཞུ་[སྤྲེའུ་]ལན་གཉིས། །ལན་ལ་ཆགས་ཆེན་ལམ་དགོས་པའི། །རྒྱུ་མཚན་[ཉོན་ཅིག] འཕྲོས་དང་བཅས་པ་དང༌། །


TNT12_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རྣལ་འབྱོར་དངོས་དང་ནི། །སྔོན་འགྲོ་[ཧ་ཧོ་]དང་ནི་ཡེ་ཤེས་བཤད། །སྒྲ་དོན་སྒོ་ཡེ་ཤེས་[ནས་]ཆེ་བ་བསྟན། །དངོས་ལ་གནས་དང་གྲོགས་དང་ནི། །[མིག་བཟང༌།] །ཆོ་ག་[དང་པོར་]བྱེད་པའི་དབྱེ་བ་དང༌། །[ཕྱོགས་དང༌། ] ཡུལ་གྱི་མཚན་ཉིད་བཤད་པའོ། །[ཟབ་ཅིང༌།] །ཡེ་ཤེས་ལ་ནི་དགའ་བཞི་དང་[དེ་ལས།] །སྙིང་སྟོབས་བརྒྱད་དང་[རེ་བས་]ཡེ་ཤེས་ལྔ། །བསྙེན་སྒྲུབ་བཞི་ཡི་དབྱེ་བའོ། །[རྡོ་རྗེ་ཆུ་སྐྱེས།]ལྔ་པ་མཐར་ཐུག་[འདིའི་རྡོ་རྗེ་]གནས་སྐབས་གཉིས། [དམ་ཚིག]རྣལ་འབྱོར་དང་པོ་བཤད་པ་ལ།[བར་དོ་སྦྱོང་བྱེད་ཨུཏྤལ་རྟེན་བསྐྱེད་དང་ནམ་མཁའི། །གཙོ་བོ་བསྐྱེད་ཟླ་བ་དང་འཁོར་ཚོགས་སྤྲོ། །རང་རང་གོ་ཆ་བགོད་དང་ཨོཾ་ཡེ་ཤེས་བསྲེ་ཡེ་ཤེས།] །དབང་བསྐུར་[བ་དབང་བསམ་དང་སེམས་འཛིན་པའོ་རང་ལྟར། །རྣལ་འབྱོར་བཞི་པོ་རེ་རེ་ལའང༌། མིང་དངོས་དེ་ལ་འདི་ནི་ཞེས་བྱ་བ་བཞི་པོ་རྣམས་སོ། །རྒྱས་བཤད་གཉིས་གཉིས་དབྱེ། ལེའུ་གསུམ་པ་བཤད་པ་ལ་དབང་བསྐུར་དེ་ནས་སྒྲོལ་མ་དཀྱིལ་རྡོ་རྗེའི་]དཀྱིལ་འཁོར་འཁོར་སྒྲུབ་པ་དང༌། [ཡང་]འཕོ་བ་སྤྱོད་[གསུངས་]པ་དམ་ཚིག་[དེ་ལ་འདི་ནི་]དང༌། །འཁྲུལ་འཁོར་ལ་བརྟེན་ལས་ཚོགས་དང༌། །[དེ་ལས།] །འཁྲུལ་འཁོར་སྤངས་པའི་ལས་རྣམས་དང༌། །[གཞན་ཡང་རྩ་བའི།]དཀྱིལ་འཁོར་འཕྲོས་དང་ལྷ་ཡི་འཕྲོས། །དབང་བསྐུར་བཞི་པ་བཤད་པ་དང༌།[འདུ་བ་རྡོ་རྗེར་]བཙན་ཐབས་སྦྱོར་དང་མངོན་བྱང་བཤད། །[ལྷ་མོའི།]དཀྱིལ་འཁོར་འཕྲོས་ནི་རྣམ་གཉིས་ཏེ། །སྐུ་དང་[ཡང་གསུང་]གསུང་


TNT12_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གི་[དེ་ནས་གསུང་གི]དཀྱིལ་འཁོར་རོ། །བསྡུས་དོན་གསལ་བའི་སྒྲོན་མེ་ལས། རྩ་བའི་རྒྱུད་ཀྱི་བསྡུས་དོན་ཏེ་དང་པོའོ། །གཉིས་པ་ཕྱི་མའི་རྒྱུད་ལ་ནི། །ལེའུ་རྣམ་པ་གཉིས་ཡིན་ཏེ། །རྒྱས་བཤད་ཚུལ་གྱིས་བཞི་པ་དང༌། །དོན་བསྡུས་ཚུལ་གྱིས་ལྔ་པའོ། །དང་པོ་ལ་ནི་དུམ་བུ་བཞི། །རྒྱུད་ཀྱི་སྙིང་པོ་མཚན་ངེས་པ། །ཐབས་གཙོར་གྱུར་པའི་དུམ་བུ་དང༌། །ཤེས་རབ་གཙོ་གྱུར་དུམ་བུ་དང༌། །དཀྱིལ་འཁོར་དང་ནི་ཆོ་གའི་འཕྲོས། །དང་པོ་སྒྲ་ནི་ཇི་བཞིན་པར། །འབྲས་བུའི་རྣམ་བཞག་འཆད་པ་དང༌། །ཇི་བཞིན་མིན་སྨྲས་ལེགས་བཤད་ན། །ལམ་གྱི་གསང་བ་སྟོན་པར་བྱེད། །ཕྱི་མ་ལའང་རྣམ་པ་གསུམ། །དབང་དང་བསྐྱེད་རིམ་རྫོགས་རིམ་མོ། །འདི་དག་ཕྱག་འཚལ་ཉེར་གཅིག་དང༌། །སྦྱོར་བ་ཨ་ཏི་ཤ་ཡིས་བཞེད། །གཉིས་པ་ལ་ནི་དཀྱིལ་འཁོར་དང༌། རྒྱུད་ཀྱི་སྦྱོར་བ་བཤད་པ་གཉིས། །དཀྱིལ་འཁོར་ཀུན་རྫོབ་དོན་དམ་སྟེ། །དང་པོ་ཐབས་དང་ཤེས་རབ་གཉིས། །ཐབས་ལ་དཀྱིལ་འཁོར་ཕན་[དེ་ལ་འདིར་ནི་]ཡོན་དང༌། །བསྐྱེད་ཆོག་[བ་མོ་]རྣམ་པའི་ཁྱད་པར་[རྡོ་རྗེ་ཞེ་སྡང་]དང༌། །བསྙེན་པ་[ཨོཾ་ཛོ་ལ་]དང་ནི་ལས་ཀྱི་སྔགས། །[ཨོཾ་ཨ་ཧྱ་ཏི།]མཆོད་པའི་བྱ་བ་[ཤ་ཆེན་]རྣམས་ཀྱིས་ནི། །ཧེ་རུ་ཀ་ཡི་དཀྱིལ་འཁོར་བསྡུས། །ཤེས་རབ་སྐུ་ཡི་དཀྱིལ་འཁོར་དང༌། །[ཡང་གསུང༌།] །ཕག་མོའི་ཏིང་འཛིན་དཀྱིལ་འཁོར་བསྟན། །[ཡང་གསུང་བའི་ཕྱི་མ།] །དོན་དམ་རྡོ་རྗེའི་དཀྱིལ་འཁོར་ལ། །[དེ་ལ་འདི་ནི།] །རིགས་ལྔ་ཐབས་ཀྱི་སོ་སོར་ཕྱེ། །ཡེ་ཤེས་ལྔ་ཡི་[ཤོ་ལོ་ཀ་རེ་རེ་]མཚན་ཉིད་བསྟན། །ཤེས་རབ་གཙོ་མོར་བསྡུས་


TNT12_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གསུང༌། །དེ་ལ་ཞུས་པ་[དེ་ནས་རྡོ་རྗེ་]དང་ནི་ལན། །ལན་ལ་[ཉོན་ཅིག་]བསྟན་བཤད་བསྡུས་གསུམ་[འཁོར་བ་]ཡོད། །རྒྱས་བཤད་སྣང་བ་སེམས་སུ་བསྟན་[ཐོགས་མེད།]བདེན་པ་གཉིས་སུ་བསྟན་པ་དང༌། །[སྲིད་མེད།] །སྤྲོས་བྲལ་རང་བཞིན་བཤད་པ་དང་[དྲི་མེད།]།ལོག་རྟོག་གོལ་ས་གཅོད་པའོ། །[ཐམས་ཅད་དངོས་པོ།] །གཉིས་པ་རྒྱུད་ཀྱི་སྦྱོར་བ་ལ། [དེ་ན་དེ་བཞིན།] །སྣ་ཚོགས་ལས་རྣམས་རྒྱས་པ་ཡི། །སྣ་ཚོགས་ཉི་ཤུའི་སྒྲུབ་ཐབས་དང༌། །[ཨོཾ་མ་ཎི།] །རྨུག་འཛིན་ཧེ་རུ་ཀའི་སྒྲུབ་ཐབས། །ཕྱག་རྒྱ་སྒྲོལ་མའི་དཀྱིལ་འཁོར་དང་[ཏཱྃ་ཡིག] །གཏོར་མའི་ཆོ་ག་[སྔགས་འདིས་]བུམ་ཆོག་དང༌། [སྒྲོལ་མའི།] །བགེགས་དང་ཆོམ་པོ་བསྲུང་བ་དང་[ཐག་ཀུ] །ཕག་མོ་རྨི་ལམ་ཞལ་བལྟ་[ཕག་མོའི་]དང༌། །དབང་བྱེད་སྒྲོལ་མ་[སྒྲོལ་མ་]བྱམས་པ་དང༌། །[བྱམས་པའི།]།ཀུ་རུ་ཀུལླེའི་གནོད་སྦྱིན་མོ་[ཀུ་རུ།] རོ་ལངས་མ་ཡི་ཆོ་ག་གཉིས། [ལྷོ།] གདུགས་དཀར་ཅན་གྱི་ཆོ་ག་དང༌། [རང་ཉིད།]། ས་འོག་དངོས་གྲུབ་སྒྲུབ་པ་ལག་ན་དང༌། །གཤིན་རྗེ་གཤེད་ཀྱི་དྲག་ཤུལ་སྒྲུབ། །[དཔའ་བོ།] །འབྱུང་པོ་རྣམས་ཀྱི་སྒྲུབ་ཐབས་དང༌། །[གཞན་ཡང༌།] མི་གཡོ་མགོན་པོའི་དབུགས་དབྱུང་དང༌། །འཇིག་པ་བརྒྱད་སྐྱོབ་སྔགས་དང་ནི། །[ཨོཾ་ཏཱ་རེ།] །ལས་ཚོགས་ཕྲ་མོ་སྣ་ཚོགས་དང༌། [འཁོར་ལོ།] །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་[ནམ་མཁའི་]དུ། །དབང་བསྐུར་བ་ཡི་ཆོ་ག་དང༌། །རྡོ་རྗེ་སློབ་དཔོན་ལས་དང་ནི་[ས་ཆོག] །རྒྱུད་ཆེན་གཞན་ལ་ཁ་འཕང་དང་[ཁ་སྦྱོར་]བཞི་པའི་ཡེ་


TNT12_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བཤད་པའོ། །དང་པོ་ལ་ནི་སྔགས་[ཨོཾ་མ་ཎི་]དང་ལྷའི་[ཉི་མའི།]།ས་བོན་བསྟན་པ་[ཧྲིཿ] གསུམ་དུ་དབྱེ། །མི་གཡོ་མགོན་པོའི་དབུགས་དབྱུང་ལ། །སྒྲུབ་ཐབས་[དེ་ནས་]སྔགས་དང་[ཨོཾ་]ལས་ཚོགས་དང༌། །[ཚེ་ཡིག] །སྔོན་བྱུང་ཚུལ་གྱིས་དཀྱིལ་འཁོར་བསྟན། །[སྔོན་ཚེ།] དམ་ཚིག་བཤད་[བུད་མེད་]དེ་རྣམ་པ་ལྔ། བཞི་པའི་ཡེ་ཤེས་བཤད་པ་ལ། །རྒྱུད་གཞན་དུ་ནི་སྦས་པ་དང་[འོན་ཀྱང༌། ]ངོ་བོ་མདོ་ཙམ་བརྗོད་པ་དང༌། [མི་ཤེས།] །གསུམ་པ་བཞི་པའི་ཁྱད་པར་དང༌། [སྐྱེན་ལས།] །ཀུན་རྫོབ་དོན་དམ་དབྱེ་བ་དང་[ལས་དང༌།] བདེ་བ་ཆེ་ལ་འཁྲུལ་བ་བཀག་[འཇིག་རྟེན།]དོན་དམ་དབྱིངས་ཀྱི་གོལ་ས་བཅད་[ལུས་དང༌།] །བདེ་བ་ཆེན་པོའི་རང་བཞིན་བཤད། །[དངོས་དང༌།] །དེ་ཉིད་དམ་པའི་བདག་ཏུ་བསྟན་[ཀུན་བྱེད།] །ངེས་དོན་འགོག་ལམ་གཉིས་སུ་དབྱེ། །རང་བཞིན་ཀུན་གཞིར་[ཇི་ལྟར་]བཤད་པ་དང༌། །ཡོན་ཏན་དབྱེར་མེད་བསྟན་པ་དང་[རྫོགས་སངས།] །ལྷུན་གྲུབ་རྡོ་རྗེ་བཞི་རྣམས་སོ། །གསུམ་པ་ཤེས་རབ་[རྡོ་རྗེ་]དུམ་བུ་ལ། །ཞུས་པ་དང་ནི་ཞུས་ལན་གཉིས། །དང་པོ་ཞུ་བ་པོ་དང་ནི་[དེ་ནས།] །ཞུ་བའི་རྒྱུ་དང་[ཡེ་ཤེས་སུ་གྱུར་]ཞུ་བའི་ཡུལ། [བཅོམ་ལྡན།] །ཇི་ལྟར་ཞུས་[ལུས་དང་]པའི་ཚུལ་རྣམས་སོ། །དེ་ལ་དྲི་བ་བཅུ་གཅིག་གོ [ཇི་ལྟར་བརྟེན་ཞེས་སོགས།] །གཉིས་པ་ལན་ལ་བཅུ་གཅིག་སྟེ། །རྡོ་རྗེ་འཆང་དང་རིགས་ལྔ་ཡི། །དབུགས་དབྱུང་དཀྱིལ་འཁོར་བསྟན་པ་དང་[སྟོན་ཅིག] །བསྡུས་རྒྱུད་གསུངས་པའི་དགོས་པ་དང་[ཚེ་ཐུང༌།] །ཆགས་ཆེན་གསུངས་


TNT12_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགོས་པ་དང༌། །བསྙེན་པ་སྤྱི་ཡི་དགོས་པ་དང༌། །རླུང་གི་སྦྱོར་བའི་རྣམ་བཞག་དང༌། །དགའ་བཞིའི་ལམ་གྱི་རབ་དབྱེ་དང༌། །ཤེས་རབ་མ་ཡི་དམ་ཚིག་དང་[དུས་བཞིར།] །དཀའ་བ་མེད་པའི་ལམ་བཤད་དང༌། །རིག་པ་[བསྐལ་པ་]བརྟུལ་ཞུགས་སྤྱོད་ཚུལ་དང༌། །བཙན་ཐབས་སྦྱོར་བའི་རབ་དབྱེ་དང༌། །མངོན་པར་བྱང་ཆུབ་མཚན་ཉིད་དོ། །དང་པོ་[སེམས་ཅན་ཁམ་སོགས་] གདུལ་བྱ་[དྲུག་]ཞིང་[ཆོས་འབྱུང་]དང་[འདས་པའི་དུས་སོགས་]དུས། དཀྱིལ་འཁོར་ལམ་དང་[བདག་ཉིད་བདེ་བ་ཆེ་སོགས་དྲུག་]དགོས་པ་[བདེ་ནས་མངོན་པར་ཞེན་སོགས་]ཡིས། །དབྱེ་བ་དྲུག་པོ་ཀུན་ལ་དབྱེ། །དོན་བསྡུས་དབུགས་དབྱུང་གཉིས་སུ་བསྟན་[འདིར་ནི།] །བཞི་པ་ལ་ནི་བསྙེན་པ་དང༌། །སྒྲུབ་པ་[སྦྱིནསྲེག་]སྒྲུབ་ཆེན་སྤྱོད་པའོ། །དང་པོ་གང་ཟག་[སྡིག་པ་]སྔོན་འགྲོ་དང་[བགེགས་འཇོམས། ཡན་ལག་]།གྲོགས་དང་གནས་དང་[བྲམ་ཟེ་]ཆོ་ག་དང༌། [བྲིས་སྐུ།] །ཕྱི་ནས་བསྙེན་པ་ཆེན་པོའོ། [ཕྱི་ནས། །སྒྲུབ་ཆེན་གྱི་སྤྱོད་པ་]ཁྱད་པར་བདུན་དང་སྒྲུབ་པ་པོ་[དམ་ཚིག ]ཉམས་མེད་བདུན་ལྡན་[དམ་ཚིག་]སྟོབས་བཞི་ཚངས་[ལྷ།] །ལྔ་པ་རླུང་སྦྱོར་[གཡོན་པས་]རླུང་མཚན་ཉིད་[ལྟེ་བ།] །རླུང་གི་སྒོ་དང་དགོས་པ་[དེ་བཞིན་]པའོ། [བྱེད་པའོ།]།དྲུག་པ་གང་ཟག་[སྒྲུབ་པའི་]གནས་དང་ཡུལ། [ལང་ཚོ།] །དགའ་བཞི་སྐད་ཅིག་བཞི་མཚན་ཉིད། །[ལུས་ནི།]།འཆིང་ཐབས་[མཆོག་ཏུ་]ཐུན་མོང་མིན་དགོས་པ། །[ཞིང་དང་]སོ་སོ་སྐྱེ་དང་[ཆུ་སྐྱེས་] འཕགས་པ་ཡི། །ར་ས་མ་ཎིའི་བདེ་བ་དང་[རབ་ཏུ།] །ཆགས་ཆེན་པ་བཤད་[གཟུགས་མཛེས་]དེ་སྦས་དང་[ཕུང་པོ།] །ངེས་[དང་པོ་]བསྟན་དབང་བསྐུར་


TNT12_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་[ནུས་དྲའི་]བསལ་དང༌། །ཤེས་རབ་མཆོག་གི་ལམ་བསྟན་[བུད་མེད་དང༌།] །ཐེག་པ་གཞན་གྱི་དོགས་གཅོད་དོ། །[འདུ་ཤེས།]བརྒྱད་པ་ལ་ནི་དོན་དངོས་དང༌། །[བསྐལ་པ།] །ས་ཀྱི་ཕྱག་རྒྱའི་དགོས་པ་བཤད་[མེར་མེ།] །དགུ་པ་[ཡང་]གསང་སྤྱོད་སྨྱོན་སྤྱོད་དང༌། །[གཞན་དུ་]ཀུན་བཟང་[རྫུ་འཕྲུལ་] ཕྱོགས་ལས་རྣམ་རྒྱལ་དང༌། །[དེ་ནས།] །ཚོགས་ཀྱི་བདག་པོའི་སྤྱོད་པའོ། [ཡང་ན།] །བཅུ་པ་བཙན་ཐབས་སྦྱོར་བ་དྲུག་[རྡོ་རྗེའི་སོགས།]།བཅུ་གཅིག་པ་ལ་ཆོ་ག་དང༌། །[མངོན་པར།] །ཡུལ་དང་[གདོལ་མ་]བྲལ་ཚུལ་[ཐིག་ལེ་]འབྲས་བུ་དང༌། །[འདི་ལས།] །བྱང་ཆུབ་ཆོ་ག་གཞན་བསྟན་དང་[ཡང་ན།] ཁ་སྦྱོར་ཡན་ལག་བཤད་པའོ། །[སངས་རྒྱས།] །འདིར་ནི་དུམ་བུ་བཞི་པ་ལ། དབང་བསྐུར་འཕྲོས་དང་[ཡང་གསུང་པ།]ལྷ་ཡི་འཕྲོས། །ལེའུ་ལྔ་པ་བཤད་པ་ལ། །གསོལ་བཏབ་[དེ་ནས་]དབང་བསྐུར་[དཔལ་རྡོ་རྗེ་]དེ་ཉིད་བཤད། །དེ་ལ་བདུད་གཞོམ་སྦྱོར་བ་དང༌། །[རབ་ཏུ།] །མངོན་བྱང་རྣམ་ལྔའི་དག་འབྲས་དང༌། །[ཨོཾ།]།ལམ་དང་ལམ་གྱི་[དབང་པོ་]ས་མཚམས་བཤད། །[མི་གསལ།]།ལྟ་བའི་དོན་བསྡུ་[གཟུགས་མེད་]སྒྲུབ་པ་པོའི། །ཐབས་མཁས་སྤྱོད་པའི་ཁྱད་པར་དང་[དམིགས་དང༌།] །ལས་རྒྱའི་གསང་བ་རིམ་[ཇི་ལྟར་]གཉིས་ཀྱི། །གསང་བ་[རྟོག་པས་]ས་ལམ་རྣམ་བཞག་དང༌། །གང་[ཆོམ་པས་]ཟག་བདུན་བཤད་[ལས་དང་པོ་]རང་བཞིན་བསྟན། །[སྟོང་པ་མ་ཡིན་]སྔགས་ཀྱི་དམ་ཚིག་སྤྱོད་པ་བཤད། །[རྣལ་འབྱོར་དབང་པོ།] །དེ་ལྟར་ལེའུ་ཀུན་ལ་ཡང༌། །དངོས་དང་རང་མིང་


TNT12_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པའོ། །བསྡུས་དོན་གསལ་བའི་སྒྲོན་མེ་ལས། །རྒྱུད་ཕྱི་མའི་བསྡུས་དོན་སྟེ་གཉིས་པའོ། །རྒྱུད་ཀྱི་རྒྱལ་པོ་འདི་བསྡུ་ན། །རྒྱུད་གསུམ་དུ་ནི་རྣམ་བསྡུས་ཏེ། །རྒྱུ་རྒྱུད་རང་བཞིན་དང་ནི་རྒྱུ། །རང་བཞིན་བཤད་པའི་དོན་བཅུ་གཅིག།སྣང་བ་སེམས་སུ་བསྟན་པ་དང༌། །ཆོས་ཀུན་སྤྲོས་པ་བྲལ་བར་བསྟན། །འཁོར་བ་རང་བཞིན་མེད་སྒྲུབ་ཅིང༌། །དོན་དམ་རང་བཞིན་ཡོད་པར་བསྟན། །སེམས་ཉིད་བདེ་སྟོང་ཟུང་འཇུག་དང༌། །དེ་ལ་སྐུ་གསུམ་རྡོ་རྗེ་བཞི། །དཀྱིལ་འཁོར་ཡོན་ཏན་དབྱེར་མེད་བསྟན། །དེ་ཉིད་ཀུན་གཞིར་བཤད་པ་དང༌། །གནས་སྐབས་རིགས་ཀྱིས་དབྱེ་བའོ། །དེ་ཉིད་རྒྱུ་རུ་བསྟན་པར་བྱ། །དེ་ལ་རྒྱུ་རྒྱུད་ངོ་བོ་དང༌། །མཚན་ཉིད་དབྱེ་བ་དངོས་བརྟགས་ཁྱད། །བཅོ་ལྔ་རྒྱུ་རྒྱུད་མངོན་རྟོགས་སོ། །ཐབས་རྒྱུད་མངོན་རྟོགས་དབང་དང་ལམ། །སློབ་དཔོན་སློབ་མའི་མཚན་ཉིད་དང༌། །བསྟེན་ཚུལ་བསྙེན་པའི་ཆོ་ག་དང༌། །ས་ཆོག་སྟ་གོན་ཐིག་ཚོན་ལས། །འབྲི་དང་རྒྱན་བཀྲམ་སྒྲུབ་པ་དང༌། །མཆོད་དང་བདག་ཉིད་འཇུག་པ་དང༌། །དཀྱིལ་འཁོར་འཇུག་དང་དབང་བསྐུར་དང༌། །ཉེར་བསྡུ་རྡུལ་ཚོན་བསྡུ་བ་སྟེ། །བཅོ་ལྔ་དབང་གི་མངོན་རྟོགས་ཡིན། །ལམ་ལ་སུམ་ཅུ་རྩ་དྲུག་སྟེ། །དམ་ཚིག་བསྐྱེད་རྫོགས་ལྟ་བ་དང༌། །སྤྱོད་པ་ལམ་གྱི་མངོན་རྟོགས་ཡིན། །རབ་གནས་སྦྱིན་སྲེག་གཏོར་མ་དང༌། །ལས་ཚོགས་རྣམས་ནི་སློབ་དཔོན་ལས། །དམ་ཚིག་བསྲུང་བྱ་བསྒྲུབ་བྱ་གཉིས། །སྒྲུབ་པོ་མཚན་ཉིད་གནས་དུས་གྲོགས། །


TNT12_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད་སྒོམ་པའི་ཆོ་ག་སྟེ། །བདུན་བདུན་བསྙེན་སྒྲུབ་གཉིས་ལ་དབྱེ། །ལས་སྦྱོར་སྒྲུབ་པོའི་མཚན་ཉིད་དང༌། །རྫས་སྔགས་བསམ་གཏན་ལྷ་བསྐུལ་བའི། ཁྱད་པར་ལྔ་དང་ལྡན་པར་བཞེད། །རྫོགས་རིམ་ལ་ནི་རྣལ་འབྱོར་གསུམ། །ལྟ་བ་ཐུན་མོང་ཐུན་མོང་མིན། །འཁྲུལ་བའི་གོལ་ས་བཅད་དེ་གསུམ། །སྤྱོད་པ་ངོ་བོ་ངེས་ཚིག་དུས། །དབྱེ་བ་ཆོ་ག་འབྲས་བུའོ། །དབྱེ་ན་ཐུན་མོང་བརྟུལ་ཞུགས་དང༌། །ཉེ་རྒྱུ་མངོན་པར་བྱང་ཆུབ་གཉིས། །དང་པོ་ལ་ནི་རྣམ་པ་ལྔ། །ལས་ཀྱི་ཚོགས་ལ་ལས་དངོས་གྲུབ། །ལས་ལ་སངས་རྒྱས་ལྷ་རྣམས་ཀྱི། །ཆོ་ག་དང་ནི་ལས་ཕལ་བ། །ཕྱི་མ་འཁོར་ལོ་ལ་བསྟེན་དང༌། །མ་བསྟེན་གཉིས་སུ་མཁས་རྣམས་བཞེད། །འབྲས་བུ་སྐུ་དང་ཡེ་ཤེས་དང༌། །འཕྲིན་ལས་རྣམ་པ་གསུམ་དུ་འདོད། །སྐུ་ནི་གཉིས་དང་གསུམ་དང་བཞི། །ཡེ་ཤེས་རྣམ་པ་ལྔ་ཞེས་བསྟན། །འཕྲིན་ལས་ངེས་པ་དབུགས་དབྱུང་དྲུག །མ་ངེས་རྣམ་པ་སྣ་ཚོགས་སོ། །དེ་ལྟར་དོན་བསྡུས་བླ་མའི་གསུང༌། །གཞན་ཡང་རྒྱུད་ཀྱི་ཚད་དང་ནི། །དཀྱིལ་འཁོར་དང་ནི་ལྷའི་སྒྲུབ་ཐབས། །དབང་ཆོག་དང་ནི་ལས་ཚོགས་དང༌། །བསྐྱེད་རྫོགས་གཉིས་ཀྱི་བསམ་གཏན་དང༌། །དངོས་གྲུབ་ཆོ་ག་འབྲས་བུ་དང༌། །ལམ་གྱི་ཆེ་བ་བསྟན་པ་དང༌། །དངོས་པོའི་རང་བཞིན་བཤད་པ་ཡིས། །རྒྱུད་དོན་ཐམས་ཅད་བསྡུས་སོ་ཞེས། །མར་མེ་མཛད་དཔལ་ཡེ་ཤེས་གསུངས། །སྒོམ་བྱ་ཤེས་བྱའི་རང་བཞིན་དང༌། །སྒོམ་པོ་སྒྲུབ་པོའི་རབ་དབྱེ་དང༌། །འཇུག་སྒོ་དབང་དང་


TNT12_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་དང༌། །སྒོམ་ཚུལ་རྣལ་འབྱོར་བཞི་རིམ་དང༌། །རྣམ་པ་དཀྱིལ་འཁོར་འཁོར་ལོ་དང༌། །སྒྲུབ་བྱ་ལས་དང་དངོས་གྲུབ་དང༌། ཐོབ་བྱ་འབྲས་བུའི་རྣམ་བཞག་ཅེས། །དོན་བསྡུས་བྱ་ཞེས་མཁས་པའི་མཆོག །སློབ་དཔོན་མི་ཡི་ཉི་མ་གསུང༌། །གཞན་རྣམས་གང་དག་སྔར་བསྟན་ཟིན། །དཀྱིལ་འཁོར་སྐུ་གསུང་ཐུགས་གསུམ་དང༌། །ཧེ་རུ་ཀ་གཉིས་དབུགས་དབྱུང་དྲུག །མི་གཡོ་དབུགས་དབྱུང་ཕག་མོ་སྟེ། །དངོས་སུ་བསྟན་པ་བཅུ་གཉིས་སོ། །མཆོག་སྒྲུབ་རྣམས་ཀྱི་དོན་དུ་གསུང༌། །བྱམས་པ་རྟ་མགྲིན་འཇིགས་པ་བརྒྱད། །སྐྱོབ་བྱེད་གཉིས་དང་བློ་འཕེལ་བའི། །སྒྲོལ་མ་དཀར་མོ་ལྷ་ལྔ་དང༌། །འོད་ཟེར་ཅན་དང་དཀའ་ཟློག་དང༌། །སུམ་བྷ་ལག་ན་རྡོ་རྗེ་སོགས། །ལས་ཚོགས་སྒྲུབ་པའི་དཀྱིལ་འཁོར་རོ། །དག་པའི་སློབ་མས་སློབ་དཔོན་ལ། །ཡང་ཡང་གསོལ་བ་བཏབ་གྱུར་ན། །ཉིན་བདུན་བྱའམ་ཡང་ན་གཞན། །དབང་བཞི་ཡོངས་སུ་རྫོགས་པར་བྱིན། །ཇི་སྲིད་དབང་བཞི་མ་རྫོགས་པས། །དེ་སྲིད་རྒྱུད་རྒྱལ་བཤད་མི་བྱ། །ཕྱི་ནས་རྣལ་འབྱོར་ལ་གནས་པས། །ཐུན་རེ་ཐུན་རེར་གཏོར་མ་དབུལ། །སྲུང་འཁོར་མཚམས་བཅད་མཎྜལ་དང༌། །གསོལ་གསུམ་བཏབ་སྟེ་ཉན་བཤད་བྱ། །བློ་གྲོས་ཆུང་ལ་མདོ་ཙམ་དང༌། །བློ་ལྡན་རྣམས་ལ་རྒྱས་པར་བཤད། །ཚིག་གི་སྦྱོར་བ་ལ་དགའ་བས། །དེ་ལ་གཙོ་བོར་སྒྲ་དོན་དང༌། །རིན་ཆེན་ལྟ་བུའི་གང་ཟག་ལ། །མན་ངག་ཤིན་ཏུ་ཞིབ་མོར་བསྟན། །བྱིན་རླབས་རྗེས་གནང་བཟླས་ལུང་སོགས། །མཐའ་དག་ཞལ་གྱི་རིམ་པ་བསྟན། །


TNT12_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རྟོགས་པ་རྒྱུ་རྒྱུད་ལ། །སློབ་དཔོན་མགོན་པོ་ཨ་ཏི་ཤ །རང་བཞི་མེད་པའི་སེམས་སུ་བཞེད། །མི་ཡི་ཉི་མ་གཞི་དུས་ཀྱི། །ཆོས་རྣམས་ཐམས་ཅད་རྒྱུད་དུ་འདོད། །གྲུབ་ཆེན་ཞི་བའི་ཞལ་སྔ་ནས། །སེམས་ཉིད་བདེ་སྟོང་ཟུང་འཇུག་གསུངས། །དེ་ཡང་བདེན་པའི་མཐའ་བྲལ་བཞེད། །ཕལ་པའི་དབང་དུ་ཆོས་ཀུན་ཡང༌། །རྒྱུ་རྒྱུད་ཙམ་པོར་འཇོག་གོ་གསུང༌། །ངོ་བོ་ནམ་ཡང་འགྱུར་བ་མེད། །གནས་སྐབས་ལམ་དུ་ཞུགས་ན་འགྱུར། །ཐབས་ཀྱི་རྒྱུད་ནི་ལམ་ཁོ་ནར། །རཱ་ཏི་གུཔྟ་ལ་སོགས་གསུངས། །ལམ་ཞུགས་སེམས་སུ་བླ་མ་བཞེད། །གཏན་ཚིགས་ཀྱང་ནི་འདི་ལ་སྣང༌། །འགའ་ཞིག་དམ་ཚིག་རྩ་བར་འདོད། །བླ་མའི་ཞལ་སྔ་སྲོག་ཡིན་གསུང༌། །སྤྱོད་པ་བསྐྱེད་རྫོགས་སོ་སོ་རུ། །སྡུད་པ་འདི་ཉིད་ལེགས་པར་གསུང༌། །རྣལ་འབྱོར་དང་པོ་བསྐྱེད་རིམ་སྟེ། །ལྟ་བ་རྗེས་སུ་རྣལ་འབྱོར་ཡིན། །ཕོ་ཉའི་ལམ་ནི་ཤིན་ཏུ་འདོད། །རང་ལུས་རྫོགས་རིམ་རྫོགས་རིམ་གྱི། །འབྲས་བུར་བཅས་པ་རྣལ་འབྱོར་ཆེ། །རྣལ་འབྱོར་ལ་ཡང་རྣལ་འབྱོར་བཞི། །ལས་རྒྱ་དོན་དམ་མ་ཡིན་དང༌། །ཟབ་ལམ་ངེས་པར་དགོས་པར་བཞེད། །འབྲས་བུ་ཁ་སྦྱོར་ངེས་དོན་ཏེ། །སྐུ་ལ་རང་སྣང་གཞན་སྣང་གཉིས། །རང་སྣང་གིས་བསྡུས་སྐུ་བཞི་པོ། །ལྡོག་ཆ་ཐ་དད་ངོ་བོ་གཅིག །སྣང་བ་སེམས་ཀྱི་རྒྱུ་མཚན་ཕྱིར། །གཞན་སྣང་གདུལ་བྱའི་སེམས་ཀྱིས་བསྡུས། །རང་སྣང་གིས་བསྡུས་ཞིང་ལ་སོགས། །ཐམས་ཅད་ངོ་བོ་གཅིག་ཡེ་ཤེས། ཁ་ཅིག་གཉིས་སྣང་ཡོད་པར་འདོད། །གཞན་དག་སྣང་བ་མེད་པར་འདོད། །དེ་ན་རྒྱལ་བ་


TNT12_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་བཅས་འགྱུར། །ཀུན་རྫོབ་མི་སྣང་ཡེ་ཤེས་སྣང༌། །མངོན་ཤེས་ལྡན་པས་གཞན་དག་གི །རྨི་ལམ་བཞིན་ཏུ་ཀུན་རྫོབ་ནི། །བདག་ཉིད་ལ་ནི་མི་སྣང་ཡང༌། །གཞན་ལ་འཁྲུལ་བ་སྣང་བ་མཁྱེན། །སྟོང་ཉིད་བེམ་པོར་སྨྲ་རྣམས་ཀྱིས། །རྒྱུད་འདི་བཤད་པར་མི་ནུས་པས། །ཡེ་ཤེས་དམ་པའི་དོན་ཅན་དུ། །འཇོག་པ་རྒྱུད་འདིའི་དགོངས་པ་ཡིན། །རྒྱལ་བའི་ཡེ་ཤེས་གཟིགས་ཡུལ་དང༌། །སོ་སོ་སྐྱེ་བོའི་བློ་ངོ་གཉིས། །མཚུངས་འདོད་དེ་དག་སངས་རྒྱས་ལ། །ཤིན་ཏུ་བསྐུར་འདེབས་མ་ཡིན་ནམ། །དེ་ཕྱིར་ཆོས་ཉིད་རང་རིག་པ། །བདེ་ཆེན་རྒྱལ་བའི་ཡེ་ཤེས་དང༌། །རྣམ་དབྱེར་མེད་དོན་ངེས་པ་དང༌། །ཀུན་རྫོབ་མེད་དང་དོན་དམ་པ། །ཡོད་ཅིང་རིག་པར་འཇོག་པ་ནི། །རྒྱུད་འདིའི་ཆོས་སྐད་རྩ་བ་ཡིན། །འཁོར་བ་གདོད་ནས་མེད་པའི་ཕྱིར། །སྦྱངས་པས་དག་པར་འགྱུར་གསུང་བ། །བདེན་མེད་ཙམ་ལ་དགོངས་ཞེ་ན། །རྒྱལ་བའི་ཡེ་ཤེས་ཀྱང་དེ་ལྟར། །སྦྱངས་པས་དག་པར་འགྱུར་རོ་ཞེས། ཁྱེད་ཅག་ལུགས་ལ་ཐལ་མིན་ནམ། །དེས་ན་རྒྱུད་ཀྱི་རྒྱལ་པོ་འདི། །རང་བློའི་ལམ་དུ་མི་འདྲེན་ཅིང༌། །གཞུང་གི་དངོས་སུ་ཆེས་གསལ་བ། །བཤད་པ་དེ་དེ་བསྐྱང་བར་བྱོས། །བསྡུས་དོན་གསལ་བའི་སྒྲོན་མེ་ལས་བརྗོད་བྱ་དོན་གྱི་བསྡུས་དོན་སྟེ་གསུམ་པའོ། །གང་ཞིག་ངེས་པའི་མཚན་མ་ལས། །རྣམ་པར་རྙེད་པའི་སྤྱི་བཏོལ་གྱིས། །རྒྱུད་དོན་རྒྱ་མཚོར་ཞུགས་པ་ལ། །མཁས་པ་རྣམས་ཀྱི་བཟོད་པར་མཛོད། །སློབ་དཔོན་གནས་བརྟེན་མར་མེ་མཛད་དཔལ་དང། །མཁས་པ་ཉི་མས་རྣམ་ཕྱེའི་ལེགས་བཤད་དང༌། །ཧེ་རུ་ཀ་དང་རྡོ་རྗེ་མཁའ་འགྲོའི་ལུང༌། །


TNT12_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བཞིན་རྙེད་པ་ཞི་བའི་མན་ངག་རྣམས། །ལེགས་པར་རྡོ་རྗེ་སློབ་དཔོན་ཞལ་སྔ་ནས། །བློ་ལྡན་དམ་པ་འགའ་ལས་ལན་གསུམ་ཐོས། །རྒྱུད་རྒྱལ་ཀུན་གྱི་ངེས་གསང་མཐོང་བ་ན། །དོན་བསྡུས་ཚིགས་བཅད་མར་མེ་ལྟ་བུ་བརྩམས། །དགེ་འདིའི་བློ་ལྡན་རྣམས་ཀྱི་རྒྱུད་ཀྱི་དོན། །ཇི་བཞིན་རབ་རྟོགས་རྡོ་རྗེ་ཐེག་འདི་ཡིས། །ཚེ་འདི་ཉིད་ལ་བྱང་ཆུབ་མཆོག་གཞོལ་བ། །རྡོ་རྗེ་འཛིན་པའི་སྨོན་ལམ་འགྲུབ་གྱུར་ཅིག།ཅེས་པ་འདི་ནི་འཕྲིན་ལས་ཐམས་ཅད་འབྱུང་བ་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་བསྡུས་དོན་སྟེ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ངེས་པར་སྦྱར་བའོ།། །།དགེ་ལེགས་འཕེལ་གྱུར་ཅིག །རྗེས་བཙུན་སྒྲོལ་མ་བླ་མ་དབྱེར་མེད་ལ། །སྙིང་ནས་རེ་བས་སྐྱེ་བ་རྗེས་མར་ཡང་། །ཤམྦྷ་ལར་སྐྱེས་བླ་མའི་རྗེས་བཟུང་ནས། །གདམས་ནོད་ས་ལམ་མཐའི་ཕྱིན་སངས་རྒྱས་ཤོག །འདི་གུ་ནས་སྨོན་ལམ་བཏབ་པས། །


previousསྒྲོལ་མ་འབྱུང་བའི་རྒྱུད་ཀྱི་བསྡུས་དོན་གསལ་བའི་སྒྲོན་མེ།next