cover

ཏཱ་ར་ནཱ་ཐའི་གསུང་འབུམ།

པོད། པ༽

ཏཱ་ར་ནཱ་ཐ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔལ་གཏུམ་པོ་ཁྲོ་བོ་ཆེན་པོ་མི་གཡོ་བླ་མེད་ཀྱི་སྒྲུབ་ཐབས་བདུད་ལས་རྣམ་པར་རྒྱལ་བ།


TNT13_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གཏུམ་པོ་ཁྲོ་བོ་ཆེན་པོ་མི་གཡོ་བླ་མེད་ཀྱི་སྒྲུབ་ཐབས་བདུད་ལས་རྣམ་པར་རྒྱལ་བ་བཞུགས་སོ། །


TNT13_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟཱི། དཔལ་གཏུམ་པོ་ཁྲོ་བོ་ཆེན་པོ་མི་གཡོ་བའི་སྒྲུབ་ཐབས་བདུད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །དཔལ་ལྡན་སྲིད་ཞིའི་ལམ་གཉིས་མངོན་བཅོམ་ནས། །འགྱུར་མེད་བདེ་བའི་རང་བཞིན་དཀྱིལ་འཁོར་ལས། །དཔག་ཡས་རིགས་ཀྱི་དཀྱིལ་འཁོར་ཚོགས་སྤྲོ་བ། །མི་གཡོ་མགོན་པོས་སྲིད་འདི་སྐྱོང་བར་མཛོད། །གང་གི་གཉིས་མེད་ཡེ་ཤེས་ནི། །གདོད་མའི་མགོན་པོ་མི་གཡོ་བ། །མ་བཅོས་རིམ་པ་མངོན་གྱུར་ཕྱིར། །བཅོས་མའི་རིམ་པའི་སྒྲུབ་ཐབས་མཚར། །འདིར་དཔལ་གཏུམ་པོ་ཁྲོ་བོའི་རྒྱུད་མི་གཡོ་བ་རྣལ་འབྱོར་བླ་ན་མེད་པར་ཡོངས་སུ་གྲགས་པའི་རིམ་པ་ལས་འོངས་པ་ལྷ་དགུའི་བདག་ཉིད་ཀྱི་བསྐྱེད་རིམ་བསྒོམ་པར་འདོད་པས། མཆོད་པ་ལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཚོགས་པར་བྱས་ནས། །བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ལྟར། སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱའི་སྒོམ་བཟླས་རྣམས་ཀྱང་ཇི་ལྟར་རིགས་པར་བྱའོ། །དེ་ནས་ལེགས་པར་སྦྱངས་པའི་མཎྜལ་ལ་དྲི་བཟང་གི་ཐིག་ལེ་བཀོད། མདུན་དུ་མཆོད་པ་བཤམས། ཐལ་མོ་སྦྱར་ཏེ། ཁྲོ་བོ་གཏུམ་པོ་ཁྲོས་པའི་མིག་ཅན་རལ་གྲི་གཡས་པའི་ཕྱག་མཛེས་ཤིང༌། ཞགས་པར་བཅས་


TNT13_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁུ་ཚུར་སྡིག་མཛུབ་བསྒྲེང་བར་བཅས་པ་གཞན་པའི་ཕྱག་གིས་ཏེ། པུས་མོ་ས་ལ་གཏོད་པའི་སྐུ་ནི་ངེས་པར་སྤྲིན་ནག་དང་འདྲ་བ། བགེགས་རྣམས་འཇོམས་མཛད་མགོན་པོ་མི་གཡོ་ཁྱོད་ཀྱིས་སྲིད་འདིའི་བགེགས་ཞི་མཛོད། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་སཏྭཱ་ཧཾ། རང་ཉིད་མི་གཡོ་བར་གྱུར། ལག་པ་གཉིས་སུ་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་རེ་རེ། བཛྲ་པདྨ་ཧ་སྟོ྅ཧཾ། ལག་པ་གཡས་རལ་གྲིའི་ཕྱག་རྒྱ་བྱས་ལ། སྙིང་ག་དཔྲལ་བ་སྤྱི་བོ་རྣམས་སུ་རེག་ཅིང༌། ཨོཾ་ཧཱུཾ་ཏྲཾ་ཧྲི་ཁིཾ་ཧཱུཾ། ཕྲག་པ་ལ་སོགས་པ་རྣམས་སུ་རེག་ཅིང༌། ཕྲག་པ་གཡས་སུ་ཡ་མཱན་ཏ་ཀྲི་ཏ་ཧཱུཾ། གཡོན་དུ་པྲཛྙཱནྟ་ཀྲི་ཏ་ཧཱུཾ། ཁར་པདྨནྟ་ཀྲི་ཏ་ཧཱུཾ། གསང་བར་བི་གྷཱནྟན་ཀྲི་ཏ་ཧཱུཾ། ཨོཾ་ཧཱུཾ་སྭཱཧཱ་བཛྲཾ། རྡོ་རྗེ་བླངས། ཨོཾ་ཨཱཿསྭཱཧཱ་གྷནྚཾ་དྲིལ་བུ་བླངས། རྡོ་རྗེ་གསོར་ཞིང༌། དྲིལ་བུ་སྙིང་གར་ལན་བརྒྱད་དཀྲོལ། ཨོཾ་ཨཱཿཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ལན་བདུན་གྱི་བསང་ཆུ་བྱིན་གྱིས་བརླབས། ཨོཾ་ཨཱཿབི་གྷྣཱ་ནུ་ཏ་སཱ་ར་ཡ་ཧཱུཾ་ཕཊ། ཅེས་གནས་དང་ཡོ་བྱད་ལ་བསང་ཆུ་གཏོར། ཨོཾ་ཨཱ་བཛྲ་པུཥྤེ་ཧཱུཾ། སོགས་ཀྱིས་མཆོད་པ་བྱིན་གྱིས་བརླབས། ཐོད་པའི་ནང་དུ་དམ་རྫས་རྣམས་ཧཱུཾ་དང་མཾ་ལས་བྱུང་བའི་མི་བསྐྱོད་པ་ཡབ་ཡུམ་དུ་གྱུར། སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས་བདུད་རྩིར་བཞུ། ཨོཾ་སརྦ་བྷཀྵ་ཀཱ་མི་ནི་བྷཀྵ་ཤོ་དྷ་ནི་གུ་ཧྱ་བཛྲི་ཎི་ཀྲོ་དྷེ་ཤྭ་རི་སརྦ་དྲ་བྱཾ་བྱ་བི་ནི་ཤྭ་དྷ་ཡ་ཤྭ་དྷ་ཡ་ཧཱུཾ། ཨོཾ་ཨ་མྲྀ་ཏེ་ཨ་མྲྀ་ཏཾ་པྲ་ཝེ་ཤ་ཡ་ཧཱུཾ། ཞེས་ནང་མཆོད་བྱིན་གྱིས་བརླབས། རལ་གྲིའི་ཕྱག་རྒྱ་བསྣུན་སྟབས་སུ་བྱས་ལ། ཨོཾ་བཛྲ་ཡཀྵ་སརྦ་པཱ་ས་ནོཏཙྪ་ཊ་ཡ་ཧཱུཾ་ཕཊ་ཀྱིས་བགེགས་བསྐྲད། ཕྱག་རྒྱ་དེ་ཉིད་གཡས་སུ་བསྐོར། ཨོཾ་ཤྲཱི་ཙཎྜ་མ་ཧཱ་རོ་


TNT13_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཥ་ཎ་རཀྵ་རཀྵ་མཾ་ཧཱུཾ་ཕཊ། རྡོ་རྗེའི་གུར་དུ་གྱུར། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝན་བིདྱ་ར་ཛཱ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ཞེས་གནས་གསུམ་དུ་མེ་ཏོག་རེག ཨོཾ་ཨཱཿབཛྲ་ས་ནེ་ཧཱུཾ། ས་ལ་དོར། གདོང་ལའང་སྔགས་དེས་དོར། མཎྜལ་ལ་དྲི་བཟང་བྱུགས་ཚུལ་བྱ། ཨོཾ་ཨཱ་ཏིཥྛ་བཛྲ་ཧཱུཾ། ཨོཾ་ཨཱཿབཛྲ་བྷུ་མི་ཧཱུཾ། མཎྜལ་འབྱུང་བཞི་རི་རབ་དང་བཅས་པའི་གཞལ་མེད་ཁང་དུ་གྱུར། ཧཱུཾ་ལན་དགུ དྲིའི་ཐིག་ལེའི་གནས་སུ་ཉི་མའི་དཀྱིལ་འཁོར་དགུར་གྱུར། རང་གི་སྙིང་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས། གདོད་མ་ནས་གྲུབ་པའི་གཏུམ་པོ་ལྷ་དགུའི་དཀྱིལ་འཁོར་སྤྱན་དྲངས། ཨོཾ་ཙཎྜ་མ་ཧ་རོ་ཥ་ཎ་ས་པཱ་རི་ཝཱ་ར་ས་ཧི་ཏ་ཨཱ་གཙྪ་ཨཱ་གཙྪ་ཛཿཧཱུཾ་ཞེས་མཎྜལ་གྱི་སྟེང་དུ་བཞུགས་པར་བསམས། བཾ་ཞེས་པས་རང་གི་གདན་ལ་ཞེན་ཞིང་བཞུགས། ཧོ་ཞེས་པས་བདག་ལ་དགྱེས་ཏེ་དངོས་གྲུབ་སྩཽལ་བའི་ཕྱིར་དེ་འཕངས་མཐོ་བར་བཞུགས་པར་བསམ། ཨ་ཏྲ་མནྚ་ལེ་ཨ་དྷི་ཥྛཱ་ན་ཀུ་རུ་ཕཊ་སྭཱཧཱ། ཞེས་གསོལ་བ་བཏབ། ཨོཾ་ཤྲཱི་ཙཎྜ་མ་ཧཱ་རོ་ཥ་ཎ་བྷནྚ་ར་ཀ་ས་པ་རི་ཝཱ་རེ་པྲ་ཝ་ར་སཏྐཱ་རཱ་ཡ་པཱདྱཾ་པྲ་ཏི་ཙྪ་སྭཱཧཱ། ཨཉྩ་མ་ནཾ། བྲོ་ཀྵ་ནཾ། ཨརྒྷཾ་རྣམས་ཀྱིས་ཆུ་བཞི་ཕུལ། ན་མཿ སརྦ་ཏ་ཐཱ་ག་ཏ་སུ་ལ་ལི་ཏ་ན་མི་ཏ་ན་མ་ཏཻ་བྷ་ག་ཝནྟཾ་ཛཿཧཱུཾ་བཾ་ཧོཿཀུ་སུ་མ་ཨཉྫ་ལི་ནཱ་ཐ་ཧོཿ ཞེས་མེ་ཏོག་གཏོར། ཨོཾ་ཀྲ་ཥྞི་ཨ་ཙ་ལ་པུཥྤེ་པྲ་ཏཱིཙྪ་ཧཱུཾ་ཕཊ་དེ་བཞིན་དུ། ཤྭེ་ཏེ་ཨ་ཙ་ལ། བི་ཏ་ཨ་ཙ་ལ། རཀྷ་ཨ་ཙ་ལ། ཤྱཱ་སཾ་ཨ་ཙ་ལ། དེ་ཥ་བཛྲི་ཎཱི། མོ་ཧ་བཛྲི་ཎཱི། པི་ཤུུ་ཎ་བཛྲི་ནཱི། ར་ག་བཛྲི་ཎཱི། ཨཱིརྵྱ་བཛྲི་ཎཱི། ཞེས་པ་རྣམས་འདོན་པ་སྤོས་ནས་སོ་སོར་


TNT13_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ཕུལ། དེ་བཞིན་དུ། ནཻ་ཝེདྱ་བར་དུ་ཕུལ། ཨོཾ་བཛྲ་ས་ཏུ་སུ་སཾ་གྲ་ཧ་ཏ། བཛྲ་རཏྣ་མ་ནུཏྟ་རཾ། བཛྲ་དྷརྨ་གཱ་ཡ་ནཱི། བཛྲ་ཀརྨ་ཀ་རོད་བྷ་ཝེ། ཁྱབ་འཇུག་ཕྱི་མར་འཐག་པར་བྱེད་ཅིང་བདུད་ཀྱི་ཁེངས་པ་རབ་བཅིལ་དབང་ཕྱུག་ཀྱང་ནི་འཇོམས། །ཚངས་པའི་སྒོ་ར་དུམ་བུར་མཛད་དེ་ས་ཆུ་བྱིན་ཟ་རླུང་གི་ཁམས་རྣམས་ཉམས་བྱེད་པ། །འཇིགས་བྱེད་རི་རབ་གཟའ་ཚོགས་བཅས་པའི་མཐོ་རིས་ས་སྟེང་ས་འོག་སྐྱོང་དང་ཕྱོགས་སྐྱོང་ཀླུ། །འཇིག་རྟེན་གསུམ་གནོན་རྣམ་རྒྱལ་སྐུ་ཅན་དཔལ་ལྡན་མི་གཡོ་གཏུམ་ཆེན་ཁྲོ་བོ་རྒྱལ་གྱུར་ཅིག སོ་སོར་མཐེབ་སྲིན་གྱིས་ནང་མཆོད་གཏོར་ཞིང༌། ཨོཾ་ཀྲྀ་ཥྞ་ཨ་ཙ་ལ་ན་མཿ དེ་བཞིན་དུ། ཤྭེ་ཏ་ཨ་ཙ་ལ་སོགས། ཨིརྵྱ་བཛྲི་ཎིའི་བར་དུ་སོ་སོའི་མཚན་སྤེལ་ལ་འབུལ། ལྷ་རྣམས་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོས་ཐུགས་རྒྱུད་གང༌། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས། ཡན་ལག་བདུན་པ་བྱ། སྤྲོ་ན་སྐབས་འདིར་འོག་ནས་འབྱུང་བ་ལྟར་དཀྱིལ་འཁོར་གྱི་གཏོར་མ་དང༌། ཆ་གསུམ་ནས་འབྱུང་བ་ལྟར་ཕྱོགས་སྐྱོང་བཅུའི་གཏོར་མ་དང༌། མཁའ་འགྲོ་སྤྱི་གཏོར་རྣམས་ཀྱང་འབུལ་ལོ། །རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་གསུམ། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་ནོངས་པ། །དེ་ཀུན་མགོན་པོས་བཟོད་མཛད་རིགས། །ཚུལ་ཁྲིམས་ཙནྡན་ལུས་ལ་བྱུགས། །བསམ་གཏན་གྱི་ནི་གོས་གྱོན་ཏེ། །བྱང་ཆུབ་ཡན་ལག་མེ་ཏོག་བཀྲམ། །ཇི་ལྟར་བདེ་བར་ཞུགས་སུ་གསོལ། ཛཿཧཱུཾ་བཾ་ཧོཿ ཞེས་དཀྱིལ་འཁོར་ཐམས་ཅད་བདག་ཉིད་


TNT13_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཉིས་སུ་མེད་པར་ཐིམ། མངོན་རྟོགས་མདོར་བསྡུས་སུ་སྒོམ་པའི་ཚེ། ཨོཾ་ཨཱཿཏིཥྛ་བཛྲ། མན་ཆད་མཎྜལ་གྱི་མཆོད་པ་འདི་བོར་ལ། བསོད་ནམས་ཚོགས་གསོག་སྤྱི་དང་མཐུན་པ་ཞིག་བྱས་པས་ཀྱང་རུང་ངོ༌། །དེ་ནས་ཚད་མེད་བཞི་སྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་སོགས། རང་གི་སྙིང་གའི་ཧཱུཾ་ཡིག་ལས་འཕྲོས་པའི་མེ་ལྕེས་བདག་ལུས་ཁམས་གསུམ་སྣོད་བཅུད་དང་བཅས་པ་ཅིག་ཅར་བསྲེགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་བར་དོའི་རྣམ་ཤེས་སྒྱུ་མ་ལྟ་བུའི་ལུས་དཀར་པོ་མཚན་དཔེས་སྤྲས་པ་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་པདྨ་དཀར་པོ་འཛིན་པ། རང་སྣང་གི་ཤེས་རབ་མས་འཁྱུད་ཅིང༌། པད་དཀར་དང་ཟླ་བའི་གདན་ལ་བཞུགས་པ་སྟེང་གི་ནམ་མཁའ་ལ་འཁོར་བར་གྱུར། འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར། རཾ་ལས་མེའི་དཀྱིལ་འཁོར། བཾ་ལས་ཆུའི་དཀྱིལ་འཁོར། ལཾ་ལས་སའི་དཀྱིལ་འཁོར་རྣམས་སྟེང་ནས་སྟེང་དུ་བརྩེགས་པ། དེའི་སྟེང་དུ་སུཾ་ལས་རིའི་རྒྱལ་པོ་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་ལྕོག་བརྒྱད་དང་ལྡན་པ། གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་གླིང་བཅུ་གཉིས་རྒྱ་མཚོ་ཆེན་པོ་ཁོར་ཡུག་དང་བཅས་པ། རི་རབ་ཀྱི་རྩེ་མོར་ཨེ་ལས་ཆོས་འབྱུང་དཀར་པོའི་ནང་དུ། པཾ་ལས་སྣ་ཚོགས་པདྨའི་ལྟེ་བར། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཕྱོགས་ཀྱི་མདོག་ཅན་ལས་འོད་ཟེར་འཕྲོས། རྡོ་རྗེའི་ས་གཞིར་གུར་མི་བྱེད་ཅིང་བསྟན་པ་ཕྱི་རོལ་ཡེ་ཤེས་ཀྱི་མེ་དཔུང་དྲག་ཏུ་འབར་བས་བསྐོར་བ། སྣ་ཚོགས་རྡོ་རྗེའི་ལྟེ་བར། བྷྲུཾ་སེར་པོ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། རྩིག་པ་རིམ་པ་ལྔ་དང༌། འདོད་ཡོན་


TNT13_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྣམ་བུ་དང༌། ཕ་གུ་དང༌། དྲྭ་ཕྱེད་དང༌། ཤར་བུ་དང༌། མདའ་ཡབ་ཀྱི་མཛེས་པ། སྒོ་བཞིའི་མདུན་ན་ཀ་བས་བཏེགས་པའི་རྟ་བབས། སྣམ་བུ་བཅུ་གཅིག་དང་ལྡན་པ། བསྲུང་བའི་འཁོར་ལོའི་ཕྱི་རོལ་དངོས་གྲུབ་འབྱུང་བའི་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བའོ། །གཞལ་ཡས་ཁང་གི་ལྷ་སྣམ་ཤར་དཀར། ལྷོ་སེར༌། ནུབ་དམར། བྱང་ལྗང་དབུས་སྔོ་བ། འཕར་མ་གཅིག་དང་བཅས་པ། དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་ལྟེ་བ་དང་འདབ་མ་རྣམས་ལ། ཨ་ལས་ཟླ་བའི་དཀྱིལ་འཁོར་དགུ །དེ་རྣམས་ཀྱི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་དགུ དབུས་ཀྱི་གདན་གྱིས་སྟེང་དུ་ཧཱུཾ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འདྲ་བའི་ཡུམ་མཱ་མ་ཀཱི་ལ་འཁྱུད་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བ་སྒྱུ་མ་ལྟ་བུའི་སྒྲས། རང་ཉིད་བར་དོའི་རྣམ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་ནཱ་དའི་རྣམ་པར་གྱུར་ཏེ་སྐར་མདའ་འཕོ་བ་ལྟར་ཡབ་ཀྱི་སྤྱི་བོ་ནས་ཞུགས། བྱང་ཆུབ་ཀྱི་སེམས་སུ་བཞུ་སྟེ་ལྷ་མོའི་པདྨར་སྤྲོས་པ་ཧཱུཾ་མཐིང་ཀར་གྱུར། དེ་ལས་འཕྲོས་པའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཞེ་སྡང་རྡོ་རྗེའི་གོ་འཕང་ལ་བཀོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཧཱུཾ་ལ་ཐིམ་པ་ལས་རང་ཉིད་མི་གཡོ་བ་ནག་པོ་གཏུམ་པོ་ཁྲོ་བོའི་སྐུར་གྱུར་ཏེ། ཡུམ་གྱི་མཁའི་གཡས་ཕྱོགས་ཀྱི་མཐའ་ལས་ཕྱིར་ཕྱུང༌། ཨོཾ་ཀྲྀཥྞ་ཨ་ཙ་ལ་ཧུཾ་ཕཊ། རང་ཉིད་མི་གཡོ་བ་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་


TNT13_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྙོམས་པར་ཞུགས་ནས་རྒྱུའི་རྡོ་རྗེ་འཛིན་པ་ལ་རྡོ་རྗེ་རལ་གྲིས་བརྡེགས་པས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་ཞུ། མཱ་མ་ཀཱི་དང་ལྷན་ཅིག་བདུད་རྩི་དེ་ཉིད་གསོལ་བས་ཚིམ་ཞིང་དགྱེས་པ་ཆེན་པོས་རྗེས་ཆགས་ཀྱི་གདུང་བས་ཡོངས་སུ་འཁྱུད་པ་ལས། མཱ་མ་ཀཱི་ཞེ་སྡང་རྡོ་རྗེ་མའི་རྣམ་པར་འགྱུར། ཨོཾ་དེ་ཥ་བཛྲི་ཧཱུཾ་ཕཊ། དབུས་ཀྱི་གདན་གྱི་སྟེང་དུ་བདག་གཉིས་གཙོ་བོ་ཡབ་ཡུམ་གྱི་སྐུར་གྱུར་པ་ནི་མཐིང་ཀ་ཨིནྚ་ནཱི་ལའི་འོད་ཟེར་འབར་བའི་སྐུ བརྒྱད་གཉིས་ལོན་པའི་རྣམ་པ་ཅན། འཕྲེང་བག་ཆགས་ཤིར་གྲིམས་པ། ཞལ་གཅིག་ཕྱག་གཉིས་ཆེས་ཆེར་ཁྲོས་པ། རབ་ཏུ་གཏུམ་པས་ཁྲོ་གཉེར་བསྡུས་ཤིང༌། ཤིན་ཏུ་རྣོ་བས་མཆེ་བ་དང་བཅས་པ། ཡ་སོས་མ་མཆུའི་སྒྲོས་མནན་པ། སྟེང་འོག་ཏུ་ཕྱོགས་པར་ཡོ་བའི་གཡས་གཡོན་གྱི་སྤྱན་གཉིས་དང་སྤྱན་དབུས་མ་ཐད་ཀར་གཟིགས་པ་སྟེ་གསུམ་ཀའང་དམར་ཞིངཟླུམ་པ། ཟུར་ཕུད་ལྔ་དང་ལྡན་ཞིང་རིན་པོ་ཆེའི་ཅོད་པན་ཅན། ཕྱག་གཡས་འབར་བའི་རལ་གྲི་འཕྱར་བ། གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་འོག་ཏུ་ནོར་འཛིན་མ་ལ་གཏོད་པ། ཞབས་གཡས་པ་གྱེན་དུ་འདེགས་ཤིང་བརྡབས་པས་བདུད་བཞིའི་རང་བཞིན་ཚངས་པ་དབང་པོ་ཉེ་དབང་དྲག་པོ་རྣམས་སྐྲག་པར་མཛད་པ། ཞབས་གཡོན་གྱི་པུས་མོ་གདན་ལ་བཙུགས་པ། གཡོན་ངོས་སུ་འགྱིང་བག་དང་བཅས་ཏེ་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཞབས་གཡས་གཡོན་གོ་བཟློག་ཀྱང་རུང་ངོ༌། །དེ་ལ་འཁྱུད་པའི་ཡུམ་ཞེ་སྡང་རྡོ་རྗེ་མ་ལོ་བཅུ་གཉིས་ལོན་པའི་རྣམ་པ་ཅན་ལང་ཚོ་ལ་བབས་ཤིང་ནུ་མ་རྒྱས་པ་


TNT13_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་རྡོ་རྗེ་གྲི་གུག་འཕྱར་ཞིང༌། གཡོན་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་ཡབ་ལ་སྟོབ་པ་དབུ་སྐྲ་ལྟག་པར་ཕྱེད་བཅིངས་སུ་བྱས་པ་བྱིན་པ་གཉིས་ཀྱིས་དགྱེས་པར་འཁྲིལ་བའི་སྐུ་ཅན་བཅོམ་ལྡན་འདས་དང་མཚུངས་པའི་ཤེས་རབ་མ་སྟེ། གཉིས་ཀའང་རིན་པོ་ཆེའི་དབུ་རྒྱན་སྙན་རྒྱན་མགུལ་རྒྱན་འོག་པག་གདུ་བུ་དོ་ཤལ་དོ་ཤལ་ཕྱེད་པ་རྐང་གདུབ་ཀྱི་གཡེར་ཁ་ལ་སོགས་པས་ཉེ་བར་བརྒྱན་པ། བདེ་བ་ཆེན་པོ་དང་སྟོང་པ་ཉིད་ཟུང་དུ་འཇུག་པའི་ངོ་བོར་དག་པའོ། །ཤེས་རབ་ཀྱི་མཁའ་ཨ་ལས་པདྨ་དམར་པོ་འདབ་མ་གསུམ་པ། བནྡྷུཀ་ལྟ་བུའི་རྡུལ་གྱིས་མཚན་པའི་ཟེའུ་འབྲུ་ལ་ཨས་མཚན་པ། ཐབས་ཀྱི་བསང་བ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ནོར་བུ་ལ་ཨོཾ་གྱིས་མཚན་པ། ལྷ་མོའི་སྤྱི་བོར་ཨོཾ་ཨཱཿཧུཾ། རྗེས་ཆགས་ཀྱི་རོལ་པ་ཆེན་པོ་དང་བཅས་པས་སྙོམས་པར་ཞུགས་པས་དགའ་བའི་སྒྲས། དེ་བཞིན་གཤེགས་པ་ཐམས་ཅད་རིགས་ལྔའི་རྣམ་པར་སྤྱན་དྲངས། ཡབ་ཀྱི་སྤྱི་བོ་ནས་ཞུགས་བྱང་ཆུབ་ཀྱི་སེམས་ཨ་ཝ་དྷུ་ཏཱིའི་ལམ་ནས་ཡུམ་གྱི་མཁར་བབས་པ་དཀར་དམར་རོ་གཅིག་ཏུ་འདྲེས་པ་ལས་ཐིག་ལེའི་གོང་བུ་བརྒྱད་དུ་གྱུར། དེ་རྣམས་ཧཱུཾ་ཡིག་བརྒྱད་དུ་གྱུར། དེ་རྣམས་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་རིགས་བཞི་ཡབ་ཡུམ་གྱི་གོ་འཕངས་ལ་བཀོད། སླར་འདུས་ཏེ་ཐིམ་པ་ལས་ལྷ་བརྒྱད་དུ་གྱུར། ཡབ་རྣམས་ཡུམ་གྱི་བྷ་གའི་གཡས་ཀྱི་མཐའ་དང་ཡུམ་རྣམས་གཡོན་གྱི་མཐའ་ནས་སྤྲོས། ཨོཾ་ཤྭེ་ཏ་ཨ་ཙ་ལ་ཧཱུཾ་ཕཊ། མི་གཡོ་བ་དཀར་པོ་འཁོར་ལོས་མཚན་པའི་


TNT13_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་འཛིན་པ་ཤར་གྱི་གདན་གྱི་སྟེང་དུ་འཁོད། ཨོཾ་མ་ཧཱ་བཛྲི་ཧཱུཾ་ཕཊ། གཏི་མུག་རྡོ་རྗེ་མ་དཀར་མོ་འཁོར་ལོས་མཚན་པའི་གྲི་གུག་འཛིན་པ་ཤར་ལྷོའི་གདན་ལ་འཁོད། ཨོཾ་བཱི་ཏ་ཨ་ཙ་ལ་ཧཱུཾ་ཕཊ། མིག་གཡོ་བ་སེར་པོ་རིན་པོ་ཆེས་མཚན་པའི་རལ་གྲི་འཛིན་པ་ལྷོའི་གདན་ལ་འཁོད། ཨོཾ་བཱི་ཤུ་ན་བཛྲི་ཧཱུཾ་ཕཊ། ཕྲ་མ་རྡོ་རྗེ་མ་སེར་མོ་རིན་པོ་ཆེས་མཚན་པའི་གྲི་གུག་འཛིན་པ་ལྷོ་ནུབ་ཀྱི་གདན་ལ་འཁོད། ཨོཾ་རཀྟ་ཨ་ཙ་ལ་ཧཱུཾ་ཕཊ། མི་གཡོ་བ་དམར་པོ་པདྨའི་མཚན་པའི་རལ་གྲི་འཛིན་པ་ནུབ་ཀྱི་གདན་ལ་འཁོད། ཨོཾ་རཱ་ག་བཛྲི་ཧཱུཾ་ཕཊ། འདོད་ཆགས་རྡོ་རྗེ་མ་དམར་མོ་པདྨས་མཚན་པའི་གྲི་གུག་འཛིན་པ་ནུབ་བྱང་གི་གདན་ལ་འཁོད། ཨོཾ་ཤྱཱ་མ་ཨ་ཙ་ལ་ཧཱུཾ་ཕཊ། མི་གཡོ་བ་ལྗང་ཁུ་སྣ་ཚོགས་ཨུདྤ་ལས་མཚན་པའི་རལ་གྲི་འཛིན་པ་བྱང་གི་གདན་ལ་འཁོད། ཨོཾ་ཨིརྵ་བཛྲི་ཧཱུཾ་ཕཊ། ཕྲག་དོག་རྡོ་རྗེ་མ་ལྗང་ཁུ་ཨུདྤ་ལས་མཚན་པའི་གྲི་གུག་འཛིན་པ་བྱང་ཤར་གྱི་གདན་ལ་འཁོད། ཁྲོ་བོ་བཞི་པོ་ནི་བཅོམ་ལྡན་འདས་དང་མཚུངས་པ། འོན་ཀྱང་གཡོན་པའི་སྡིགས་མཛུབ་གྱེན་དུ་བསྒྲེང་པའོ། །ལྷ་མོ་བཞི་པོ་ནི་བཅོམ་ལྡན་འདས་མ་དང་མཚུངས་ཏེ་འོན་ཀྱངཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང༌། གཡོན་བདུད་བཞིའི་ཁྲག་གིས་རིམ་པས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། ཞབས་གཡས་ཀྱི་མཐིལ་དང་གཡོན་གྱི་པུས་མོ་ཉི་མའི་དཀྱིལ་འཁོར་ལ་གཏད་པའོ། །དེ་ནས་གཙོ་བོ་ཡབ་ཡུམ་རྗེས་སུ་ཆགས་པའི་བདེ་བ་ཆེན་པོ་འདོད་ཆགས་ཆེན་པོའི་དམ་ཚིག་གི་སྦྱོར་བ་ལས་བྱང་ཆུབ་སེམས་སུ་ཞུ་བར་གྱུར།


TNT13_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷ་མོ་བཞིས་འགྲོ་བའི་དོན་ལ་བསྐུལ་བ་ནི། གཏི་མུག་རྡོ་རྗེ་མས། ཁྱབ་བདག་བྱམས་པ་རྣམས་སྤངས་ནས། །སྟོང་པའི་རང་བཞིན་དུ་མ་མཛད། ཁྱོད་དང་རྣམ་བྲལ་བདག་འགུམ་པས། །འགྲོ་ཀུན་སྟོང་པར་མ་མཛད་ཅིག ཕྲ་མ་རྡོ་རྗེ་མས། སྙིང་རྗེའི་སེམས་བྲལ་བདག་འགུམ་པས། །ཁྱབ་བདག་སྟོང་པར་མ་མཛད་ཅིག །བདག་གི་ལུས་འདི་སྡུག་བསྔལ་བས། །འཚོ་བ་དང་བྲལ་ཅི་སྟེ་མཛད། འདོད་ཆགས་རྡོ་རྗེ་མས། ཅི་སྟེ་མཁས་པ་ཁྱོད་ཀྱི་ནི། །དགའ་བ་སྤངས་ནས་སྟོང་པར་འཇུག །འཇིག་རྟེན་མ་ལུས་པ་རྣམས་དང༌། །བདག་གི་ཡིད་ནི་ཁྱོད་ལ་གཏད། ཕྲག་དོག་རྡོ་རྗེ་མས། ལང་ཚོ་དང་ལྡན་བཏང་སྙོམས་པའི། །མིག་ནི་སྟོང་པ་འབྲས་མེད་ཅན། །སྟོང་པའི་རང་བཞིན་ཉིད་སྤོང་ལ། །བདག་ལ་མཉམ་ཉིད་སྦྱོར་བ་མཛོད། ཅེས་པའི་གླུ་སྒྲ་སྙན་ལྟ་བུའི་ཡོངས་སུ་སད་དེ། ཐིག་ལེ་ལས་སྐད་ཅིག་གིས་བཅོམ་ལྡན་འདས་ཡན་ལག་མ་དང་བཅས་པ་སྔོན་བཞིན་དུ་གྲུབ་པར་གྱུར། ལྷ་ཐམས་ཅད་ཀྱི་དཔྲལ་བར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿཡིས་མཚན་པ། ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ། ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་གཏུམ་པོ་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་སྲས་དང་བཅས་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ པུཥྤེ་སོགས་ཀྱིས་མཆོད། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ས་པཱ་རི་ཝཱ་རཱ་ས་ཧི་ཏ་ཨཱ་གཙྪ་ཨཱ་གཙྪ་ཛཿཧཱུཾ་བཾ་ཧོཿ ཨ་ཏྲ་མཎྜལ་ཨདྷཥྛཱ་ནཾ་ཀུ་རུ་


TNT13_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཕཊ་སྭཱཧཱ། ལན་གསུམ་གྱིས་མཐར། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་དབང་གི་ལྷ་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ པུཥྤེ་སོགས་ཀྱིས་མཆོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏཱ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གི་སྐུ་ཁྲུས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་གསུངས་ཤིང་དབང་བསྐུར་བས་ལྷ་ཐམས་ཅད་ཀྱི་སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་བོར་གནས་པ་ཡོངས་སུ་གྱུར་པ་ལས་གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པ། ཤར་དང་ཤར་ལྷོ་པ་ལ་རྣམ་སྣང་ལྷོ་དང་ལྷོ་ནུབ་པ་ལ་རིན་འབྱུང་ནུབ་དང་ནུབ་བྱང་པ་ལ་འོད་དཔག་མེད་བྱང་དང་བྱང་ཤར་པ་ལ་དོན་གྲུབ་ཀྱིས་དབུ་བརྒྱན། རངགི་སྙིང་ག་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྷ་མོ་བརྒྱད་དང་བཅས་པས་མཆོད། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་རླབས་ལ་སོ་སོའི་སྔགས་རེའི་མཐར་འབྲུ་གསུམ་གྱི་ནང་མཆོད་འབུལ་ཀྱིས་སྦྱངས། དཀྱིལ་འཁོར་པ་ཐམས་ཅད་ཀྱིས་གཙོ་བོ་ལ་བསྟོད་པར་བསམས་ལ། འོད་འཕྲོ་གཏུམ་པའི་སྤྱན་དང་འཇིགས་རུང་ཁྲོ་གཉེར་དང་ལྡན་ཚེམས་ཀྱིས་མ་མཆུ་མནན། གཡོན་པའི་པུས་མོ་ས་ལ་རྣམ་བཀོད་གཞན་པའི་ཞབས་ཀྱིས་གདུལ་དཀའི་བདུད་རྣམས་གནོན། སྲིད་གསུམ་འཇིགས་འཕྲོག་མཆོག་གིས་རལ་གྲིའི་ཕྱག་དང་ཁུ་ཚུར་སྡིགས་མཛུབ་ཞགས་པ་ཅན། རྟག་པར་ཨིནྚ་ནཱི་ལ་ལྟར་འབར་གཏུམ་ཆེན་ཁྲོ་བོ་མི་གཡོ་རྒྱལ་གྱུར་ཅིག ཞེས་བསྟོད་པར་བྱའོ། །དེ་ནས་རླུང་ཁ་སྦྱོར་


TNT13_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་ཏུ་བཟུང་ལ། ཆོས་ཐམས་ཅད་མཉམ་པ་ཉིད་སྒྱུ་མ་ལྟར་ཤེས་པའི་སྒོ་ནས་གཏི་མུག་རྡོ་རྗེ་མི་གཡོ་བ་དཀར་པོ་ལ་རྡོ་རྗེ་རལ་གྲིས་སྡིགས་པས་འོད་ཀྱི་ཕུང་པོར་གྱུར་ནས་བདག་ལ་ཐིམ། རང་ཉིད་མི་གཡོ་བ་དཀར་པོའི་གཟུགས་སུ་གྱུར་ནས་གཏི་མུག་རྡོ་རྗེ་མ་དང་ལྷན་ཅིག་འདོད་ཆགས་ཆེན་པོའི་དམ་ཚིག་གི་སྦྱོར་བ་ལ་གནས་པར་བསམས། སླར་ཡང་རང་སྣང་གི་ཡེ་ཤེས་ལས་གྲུབ་པའི་མི་གཡོ་བ་དཀར་པོ་དང་གཏི་མུག་རྡོ་རྗེ་མ་ཤར་དང་ཤར་ལྷོར་སྔར་བཞིན་འཁོད། རང་ཉིད་ཞེ་སྡང་རྡོ་རྗེའི་གཟུགས་ཀྱི་དབུས་སུ་གནས་པར་བསམས། དེ་བཞིན་དུ་རིགས་ལྷག་མ་གསུམ་ལའང་སྦྱར། དེ་ལྟར་ན་ཟླ་བ་གཅིག་ཉིད་ཀྱི་གཟུགས་བརྙན་དུ་མ་ཆུ་དང་མེ་ལོང་སོགས་ལ་འཆར་བ་བཞིན་དུ། རང་ཉིད་དཔའ་བོ་གཅིག་པུའི་རང་བཞིན་ལྷ་དགུའི་དཀྱིལ་འཁོར་དུ་འཆར་བ་སྣང་ལ་རང་བཞིན་མེད་པ་ལ་མཉམ་པར་བཞག དེ་ནས་དག་པ་དྲན་པ་ནི། སྒོམ་པའི་རིམ་པ་དག་པ་དང་བཅས་པ་རྒྱས་པར་རྒྱུད་ཀྱི་རྒྱལ་པོ་ཉིད་ལས་འབྱུང་བ་དེ་ཉིད་ཇི་ལྟ་བ་བཞིན་བརྗོད་པའམ། ཕྱག་ལེན་ལ་མདོ་ཙམ་བརྗོད་པར་མཛད་པ་ནི། གྲུ་བཞི་ཚངས་པའི་གནས་བཞི་སྟེ། །སྒོ་བཞི་བདེན་པ་བཞི་པོའོ། །བསམ་གཏན་བཞི་ཡི་རྟ་བབས་དང༌། །འཕགས་ལམ་བརྒྱད་ཀྱི་ཀ་བ་རྣམས། །སེམས་རྩེ་གཅིག་པས་འཕར་མ་དང༌། །པདྨ་སྐྱེ་གནས་དག་པ་ཉིད། །སྤྲུལ་པ་ཁ་དོག་སྣ་ཚོགས་པ། །གནས་ནི་གསུང་རབ་ཡན་ལག་དགུ །འདོད་ཆགས་ཆེན་པོས་ཕྱོགས་དམར་པོ། །རིགས་བཞི་དབྱེ་བས་མཚམས་རྣམས་ནི། །སེར་དང་ལྗང་སེར་ནག་པོ་སྟེ། །ཉི་ཟླ་ཁུ་ཁྲག་དག་པའོ། །


TNT13_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སོགས་ཕུང་པོ་ལྔ་པོ་ནི། །འགྱུར་མེད་ཡེ་ཤེས་ལྔ་དག་པ། །གཏུམ་ཆེན་ལྔ་སྟེ་ཁམས་ལྔ་པོ། །སྟོང་པ་ལྔ་དག་ཡུམ་རྣམས་སོ། །ཤེས་རབ་ཐབས་དངོས་རལ་གྲི་ཞགས། །དབྱེར་མེད་རྡོ་རྗེ་སྡིགས་མཛུབ་སྟེ། །ཚངས་དང་ས་འོག་སྐྱོང་བའི་ཕྱག། སྟེང་དང་འོག་ཏུ་འཕྱར་ཞིང་གཏོད། །ཞབས་སྟབས་བདུད་བཞི་རྣམས་ཉེད་པ། །གཞོན་ནུ་མ་ཡི་བདེ་བ་ལ། །དགྱེས་སྤྱོད་ཞབས་གཞན་འཛིན་མར་གཏོད། །དེ་ཕྱིར་རྡོ་རྗེ་བྱང་ཆུབ་འདིའོ། །སྟོན་པ་རྒྱལ་བ་གཅིག་པུ་ཉིད། །ལྔ་ཡི་ཚུལ་གྱིས་ཡང་དག་གནས། །ཤེས་རབ་ཕ་རོལ་ཕྱིན་གཅིག་པུའང༌། །རྣམ་ལྔའི་ཚུལ་གྱིས་ཡང་དག་གནས། དེ་ནས་བཟླས་པ་ནི། སྙིང་གར་པད་ཉི་ལ་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པ་གསལ་བཏབ་སྟེ། དེ་ལས་སྔགས་ཀྱི་འཕྲེང་བ་བྱུང༌། འཁོར་ལོ་ལྟར་འཁོར་བའི་ཚུལ་སྤྱི་དང་འདྲ་བར་བསྒོམས་ནས། ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་བྱ་བ་གསང་སྔགས་ཡི་གེ་བཅུ་པོ་འདི་ཉིད་གཙོ་བོར་བཟླ་ཞིང༌། གཞན་ཡང༌། ཨོཾ་ཨ་ཙ་ལ་ཧཱུཾ་ཧཾ། ཞེས་པ་དང༌། ཨོཾ་ཧཱུཾ་ཕཊ། ཅེས་པ་དང༌། ཧཱུཾ་ཧཱུཾ་ཧཱུཾ་ཞེས་པ་རྣམས་ཀྱང་སྙིང་པོའོ། །རྒྱུད་ལས་འཕྲེང་བའི་སྔགས་གཞན་ཡང་གསུངས་མོད། ཕྱག་ལེན་ལ་འདི་ཁོ་ན་བཟླ་བར་མཛད། ཨོཾ་ཧྲྃ་ཧྲྃ་ཧྲཽཾ་ཙཎྜ་རཱུ་པེ་ཙ་ཊ་ཙ་ཊ། པྲ་ཙ་ཊ་པྲ་ཙ་ཊ། ཀ་ཧ་ཀ་ཧ། པྲ་ཕུ་ར་པྲ་ཕུ་ར། པྲ་ཕཱ་ར་ཡ་པྲ་ཕཱ་ར་ཡ། ཧ་ན་ཧ་ན། གྲ་ས་གྲ་ས། བནྡྷ་བནྡྷ། ཛམྦྷ་ཡ་ཛམྦྷ་ཡ། སྟམྦྷ་ཡ་སྟམྦྷ་ཡ། མོ་ཧཱ་ཡ་མོ་ཧཱ་ཡ། སརྦ་ཤ་ཏྲཱུ་ནཱཾ། མུ་ཁ་བནྡྷ་ནཱཾ། ཀུ་རུ་ཀུ་རུ། སརྦ་ཊཱ་ཀི་ནཱི་ནཱཾ། གྲ་ཧ་བྷུ་ཏ། པི་ཤཱ་ཙ་བྱ་དྷི། ཡཀྵ་ཎཱཾ་ཏྲ་ས་ཡ་ཏྲ་ས་ཡ།


TNT13_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མ་ར་མ་ར། མཱ་ར་ཡ་མཱ་ར་ཡ། རུ་རུ་ཙཎྜ། ཙཎྜ་རུ་ཀ་རཀྵ་རཀྵ། ལྷ་སྦྱིན་ལ་ཙཎྜ་མ་ཧཱ་སེ་ནཿ སརྦཾ་ཨཱ་ཛྙ་པ་ཡ་ཏི། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། རྩ་བའི་སྔགས་སོ། ན་མཿསརྦ་ཨ་ཤ་པ་རི་པཱུ་ར་ཀེ་བྷྱོཿ སརྦ་ཏ་ཐཱ་ག་ཏ་བྷྱཿ སརྦ་ཏྲཊ་ཨ་མོ་གྷ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ།བྷྲ་མ་ཡ་བྷྲ་མ་ཡ་ཧཱུཾ། ཏྲཊ་མོ་ཧཾ། ཞེས་པ་ནི་མི་གཡོ་བ་རིགས་ལྔ་སྤྱིའི་སྔགས་སོ། །ཨོཾ་བཛྲ་ཡོ་གི་ནཱི་ཧཱུཾ་ཕཊ། ཨོཾ་པྲཛྙཱ་པ་ར་མི་ཏཱ་ཧཱུཾ་ཕཊ། ཨོཾ་བཽ་ཧེ་རི་ཧཱུཾ་ཕཊ། ཅེས་པ་གསུམ་ནི་ཡུམ་གྱི་སྙིང་པོའོ། །ཨོཾ་པི་ཙུ་པི་ཙུ་པྲཛྙཱ་ཝརྔྷ་ནི་ཛྭ་ལ་ཛྭ་ལ་མེ་ཝརྡྷ་ནི།དྷི་རི་དྷི་རི་བུརྔྷི་ཝརྡྷ་ནི་སྭཱཧཱ། ཞེས་པ་ནི་ཡུམ་གྱི་རྩ་སྔགས་དང་འཕྲེང་བ་བྱིན་གྱིས་རླབས་པའི་སྔགས་ཀྱང་ཡིན་ནོ། །གོང་དུ་བཤད་པའི་སོ་སོའི་མངལ་འབྱིན་གྱི་སྔགས་རྣམས་ཀྱང་ཅི་རིགས་པར་བཟླའོ། །དེ་ནས་མཐར་དཀྱིལ་འཁོར་བསྡུ་བར་འདོད་ན། རང་གི་སྙིང་གའི་ཧཱུཾ་དང་སྦྱོར་མཚམས་ནས་འོད་ཟེར་འཕྲོས་ཏེ། སྣོད་བཅུད་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བྱས། དེ་རྣམས་འོད་དུ་ཞུ་སྒོམ་པའི་དཀྱིལ་འཁོར་ལ་ཐིམ་ཕྱོགས་ཀྱི་དཔའ་བོ་བཞི་པོ་བདག་ཉིད་ལ་ཐིམ་ལྷ་མོ་བཞི་པོའང་ཡུམ་ལ་ཐིམ་སྟེ་ཡབ་ཡུམ་རྗེས་ཆགས་ཀྱི་བདེ་བ་ཆེན་པོས་རྟེན་གྱི་དཀྱིལ་འཁོར་དང་བཅས་པ་འོད་གསལ་དུ་སྐད་ཅིག་གིས་ཐིམ་པར་གྱུར། དེ་ལས་རང་ཉིད་དཔའ་བོ་གཅིག་པའི་རྣམ་པར་གྱུར་པའི་གནས་གསུམ་བྱིན་གྱིས་རླབས། དགེ་བ་བྱང་ཆུབ་ཏུ་བསྔོས་ནས། ཐུན་མཚམས་ཀྱི་བྱ་བ་ལ་འཇུག གཏོར་མ་འབུལ་བར་འདོད་ན། ཁ་ཟས་བཟང་དགུ་ལས་བྱས་པའི་གཏོར་མ། ཉེར་སྤྱོད་ལྔ་དང༌། ནང་མཆོད་སོགས་འདུས་བྱས། མནྜལ་མཆོད་པའི་སྐབས་སུ་བཤད་པ་བཞིན་ཨ་མྲྀ་ཏ་དང་བསང་ཆུས་


TNT13_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས། མཆོད་པ་རྣམས་ཀྱང་སྔགས་ཙམ་གྱིས་བྱིན་གྱིས་རླབས། དེ་ནས ཨོཾ་སྭ་བྷ་ཝཱ་ཤུདྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱིས་སྟེང་དུ། ཨ་ལས་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བྷྲུཾ་ཨཾ་ཛིཾ་ཁཾ་ཧཱུཾ་ལས་ཤ་ལྔ། མཾ་ལཾ་པཾ་ཏཾ་བཾ་ལས་བདུད་རྩི་ལྔ་རྣམས་རང་རང་གི་ས་བོན་གྱིས་མཚན་པ། རླུང་གཡོས་མེ་སྦར་རྫས་རྣམས་ཞུ་བའི་རླངས་པ་དུ་བ་ལྟར་འཁྲིགས་པའི་དབུས་སུ་ཨོཾ་ལས་རལ་གྲིའི་རྩེ་མོ་ཐུར་དུ་བསྟན་པ་སྟེང་དུ་ཧཱུཾ་ཡིག་དང་བཅས་པ། དེ་ལས་བྱུང་བའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་ཐམས་ཅད་དང་འཇིག་རྟེན་ཁམས་ཀྱི་བདུད་རྩི་ཐམས་ཅད་བཀུག་ནས་ཧཱུཾ་ལ་ཐིམ། ཧཱུཾ་ཡིག་རལ་གྲི་དང་བཅས་པ་ལྷུངས་ནས་རྫས་རྣམས་དང་རོ་གཅིག་ཏུ་འདྲེས་པ་ལས་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཡོངས་སུ་ཆད་པ་མེད་པར་འགྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་རླབས། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་གཏུམ་པོ་ལྷ་དགུའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཙཎྜ་ནས་ཛཿཧཱུཾ་བཾ་ཧོཿའི་བར་གོང་བཞིན། ལྷ་རྣམས་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ནས་གསོལ་བར་གྱུར། ཨོཾ་ན་མོ་བྷ་ག་ཝ་ཏེ་ཤྲཱི་ཙནྚ་མ་ཧཱ་རོ་ཥ་ཎཱ་ཡ་དེ་ཝ་ཨ་སུ་ར་མ་ནུ་ཥྟྱ་དྲཱ་ས་ནཱ་ཡ། སམ་བྷ་མ་ར་ས་ལ་བི་ནཱ་ཤ་ནཱ་ཡ། རཏྣ་མུ་ཀུ་ཊ་ཀྲི་ཏ་སི་ར་སེ། ཨི་མཾ་བ་ལིང་གྲྀཧྞ་གྲྀཧྞ། སརྦ་བི་གྷྣཱཾ་ཧ་ར་ཧ་ར། ཙ་ཏུརྨཱ་ར་ན།


TNT13_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བཱ་ར་ཡ། ནི་བཱ་ར་ཡ། ཏྲཱ་ས་ཏྲཱ་ས། བྷྲ་མ་བྷྲ་མ། ཙྪིནྡྷ་ཙྪིནྡྷ། བྷིནྡྷ་བིནྡྷ། ནཱ་ཤ་ཡ་ནཱ་ཤ་ཡ། ཏ་པ་ཏ་པ། ཤོ་ཥ་ཡ་ཤོ་ཥ་ཡ། ཙྪེ་ད་ཙྪེ་ད། བྷེ་ད་བྷེ་ད། དུཥྟཾ་ས་ཏྭཾ་མཱ་མ་བི་རུདྡྷ་ཙིཏྟ་ཀྟྲན། བྷརྨིཾ་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་ལན་བདུན་ལ་སོགས་པས་ཕུལ། ཆུ་བཞིན་སྔོན་དུ་འགྲོ་བའི་སྒོ་ནས་ཉེར་སྤྱོད་ལྔས་མཆོད། ཨོཾ་བཛྲ་ལཱ་སྱེ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཾ། ཨོཾ་བཛྲ་གྲི་རྟི་ཧྲིཿ ཨོཾ་བཛྲ་ནྲི་རྟི་ཨཱཿ ཨོཾ་བཛྲ་དྷུ་པེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཏྲཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲིཿ ཨོཾ་བཛྲ་གནྡྷེ་ཨཱཿ ཀྱཻ་མཐའ་གཉིས་རྣམ་པར་མ་གཡོས་ཀྱང༌། །སྤྲུལ་པའི་གཟུགས་ཀྱིས་འགྲོ་དོན་དཔག་མེད་མཛད། །འཇིགས་བྱེད་ཆེན་པོས་འགྲོ་བ་ཀུན་སྒྲོལ་ཞིང༌། །སྲིད་པ་གསུམ་ན་དགྱེས་པའི་གར་མཛད་དེ། །སྲིད་པའི་ཆུ་བོ་སྐེམས་ཤིང་བདུད་རྣམས་འཇོམས། །སྲིད་པའི་རླུང་གིས་མི་གཡོ་ཐུགས་རྗེས་མགོན། །རབ་བརྗིད་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གོང་བཞིན་ནང་མཆོད་འབུལ། དངོས་གྲུབ་བླངས་ལ་ཡི་གེ་བརྒྱ་པས་བཟོད་པར་གསོལ། ཕྱོགས་སྐྱོང་བཅུ་དང་མཁའ་འགྲོ་སྤྱིའི་གཏོར་མའང་ཕུལ་ལ། འདོད་དོན་གསོལ་བ་གདབ་པའི་བར་དུ་བྱས་ནས། མ་རྙེད་ཡོངས་སུ་མ་ཚང་དང༌། སོགས་དང༌། རྫོགས་སངས་རྒྱས་དང་དེ་ཡི་སྲས། །མཆོད་འོས་ལྷ་དང་ཚངས་པ་སོགས། །འཇིག་རྟེན་སྐྱོང་རྣམས་ཆོ་ག་འདིས། །བྱ་བ་ནོངས་ནམས་བཟོད་པར་མཛོད། ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་


TNT13_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དཀྱིལ་འཁོར་བདག་ཉིད་ལ་ཐིམ སེ་གོལ་ཕྱིར་གཏོགས་ཅིང༌། ཨོཾ་གཙྪ་གཙྪ་སྭ་བྷཱ་ཝ་ནཱཾ། ཞེས་པས་འཇིག་རྟེན་པའི་ལྷ་རྣམས་དགྱེས་པ་དང་བཅས་ཏེ་རང་རང་གི་གནས་སུ་གཤེགས་པར་བསམ། ཐུན་མཚམས་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མ་བྲལ་པར་སྤྱོད་ཅིང༌། དེ་ལྟར་བསྐྱེད་པའི་རིམ་པ་དང་བཟླས་བརྗོད་ལ་བརྩོན་པས་དེ་ཐམས་ཅད་ཀྱང་སྤྲོས་མེད་ཀྱི་ཡེ་ཤེས་མཆོད་ལ་རེག་པའི་ཕྱིར་འདི་ཉིད་རྒྱུད་ལས་འབྱུང་བའི་རིམ་པས་རྫོགས་པའི་རིམ་པ་སྒོམ་པར་བྱ་སྟེ། རིམ་གཉིས་ཀྱི་ཡེ་ཤེས་བརྟན་པ་ན་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པས་འབྲས་བུ་མཆོག་ལ་སྦྱར་བར་བྱའོ། །གཞན་ཡང་ཡེ་ཤེས་ཀྱི་སྟོབས་རྙེད་ནས་རང་གཞན་གྱི་དོན་དུ་འཕྲིན་ལས་རབ་འབྱམས་རྣམས་ཀྱང་སྒྲུབ་པར་བྱའོ། །མ་ལུས་བདུན་སྡེ་ཀླད་པ་འགེམས་བྱེད་པ། །གང་འདི་སྲིད་གསུམ་གཡུལ་ལས་རྣམ་རྒྱལ་བའི། །བླ་མེད་རྒྱལ་ཐབས་མཆོག་གྱུར་དེང་འདིར་སྤེལ། །སྲིད་ལས་རྒྱལ་འདོད་རྣམས་ཀྱིས་འདི་ལོང་ཤིག །འདིར་འབད་དགེ་བས་མཐའ་དག་འགྲོ་འདི་ཡི། །འཆིང་བ་གཅོད་བྱེད་དེ་ཡི་སྙིང་རྗེ་ཆེ། །བྱང་ཆུབ་མཆོག་ལ་མྱུར་བར་འདྲེན་མཛད་པ། །དཔལ་ལྡན་གཏུམ་པོའི་གོ་འཕང་མྱུར་ཐོབ་ཤོག །དཔལ་ལྡན་གཏུམ་པོ་ཁྲོ་བོ་ཆེན་པོ་མི་གཡོ་བ་ལྷ་དགུའི་སྒྲུབ་ཐབས་བདུད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་འདི་ཡང༌། སེམས་ཅན་མང་པོ་ལ་ཕན་པར་མཐོང་ནས་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཉེ་བར་སྦྱར་ནས་བསྐུལ་བ་པོ་དང་ཡི་གེ་པ་ནི་སྡེ་སྣོད་འཛིན་པ་ཤཱཀྱ་བསྟན་འཛིན་ནོ།། །།མངྒ་ལཾ། །ཞུས་དག །

དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་རོལ་བ།


TNT13_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་རོལ་བ་ཞེས་བྱ་བ་བཞུགས་སོ། །


TNT13_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སེམས་ཀྱི་རྡོ་རྗེར་བཞག་ཀྱང་མི་གཡོ་བ། །གཟུང་འཛིན་དྲི་ལན་མར་བཅས་རྡོ་རྗེ་བཞི། །སྒྱུ་མས་རྨོངས་གང་དབང་བཞིའི་ཆུ་ཐིགས་ཀྱིས། །རྣམ་པར་གསོ་མཛད་དཔའ་བོ་གང་དེས་སྲུངས། །དེ་ལ་སློབ་དཔོན་དམ་ཚིག་དང་ལྡན་ཞིང་བསྙེན་པ་ཡོངས་སུ་དག་པས། སློབ་མ་རྗེས་སུ་བཟུང་བར་འདོད་ན་དེའི་བྱ་བ་ནི་འདི་ལྟར་ངེས་པར་བྱ་སྟེ། སའི་ཆོ་ག་དང༌། སྟ་གོན་དུ་གནས་པ་དང༌། ཐིག་ཚོན་གྱི་བྱ་བ་དང༌། དཀྱིལ་འཁོར་མངོན་པར་སྒྲུབ་པ་དང༌། དམ་ཚིག་གི་གཏོར་མ་འབུལ་བ་དང༌། བདག་ཉིད་འཇུག་ཅིང་དབང་བླངས་པ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བ་དང༌། རྗེས་ཀྱི་བྱ་བའི་རིམ་པ་རྣམས་སོ། །དེ་ལྟར་བརྒྱད་ལས་དང་པོ་ནི། དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ལས་ཤེས་པར་བྱའོ། །གཉིས་པ་ནི། སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་རླབས་སྤྱི་དང་འདྲ། དེ་རྗེས་བདག་བསྐྱེད་


TNT13_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་འབྲི་བའི་སར་ས་ལྷའི་ཚོམ་བུ་མཆོད་གཏོར་དང་བཅས་པ་བཤམ། བསངས་སྦྱངས། སྟོང་པའི་ངང་ལས་རུས་སྦལ་གྱི་སྟེང་དུ། པད་ཟླའི་གདན་ལ་པཾ་ལས་སའི་ལྷ་མོ་གསེར་གྱི་མདོག་ཅན། ཕྱག་གཡོན་པས་གསེར་གྱི་བུམ་པ་ཐུགས་ཀར་འཛིན་པ། གཡས་པ་རང་གི་དཔུང་པའི་རྩ་བར་ཐལ་མོ་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཛཿཧཱུཾ་བཾ་ཧོཿ ཨོཾ་པྲི་ཐི་ཝཱི་པུཥྤེ་པྲ་ཏཱིཙྪ་བཾ་ཧཱུཾ་སྭཱཧཱ། དེ་བཞིན་དུ་ཤཔྟའི་བར་དུ་སྦྱར། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང། །ས་དང་ཕ་རོལ་


TNT13_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །བཅོམ་ནས་དཀྱིལ་འཁོར་བྲི་བར་བྱ། །གཏུམ་ཆེན་དྲག་པོ་མཆོད་པ་ཡི། །སྣ་ཚོགས་རིན་ཆེན་འཛིན་པའི་ས། །ལྷ་མོ་ཁྱོད་ནི་དབང་གྱུར་གྱི། །རྡོ་རྗེ་འཛིན་བདག་དཀྱིལ་འཁོར་འབྲི། ཞེས་ལན་གསུམ་གསོལ་བ་བཏབ། དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག ཛཿཧཱུཾ་བཾ་ཧོཿ སའི་ཕྱོགས་གཅིག་ཏུ་བཞུགས་པར་གྱུར། ནོར་འཛིན་མ་ལྷག་པར་གནས་པའོ། །དཀྱིལ་འཁོར་གྱི་གནས་ཐམས་ཅད་དྲི་བཟང་གིས་བྱུགས་ཏེ། ལྷ་གནས་དགུར་ཐིག་ལེའི་ཟླུམ་པོ་ཚོམ་བུར་བཅས་པ་དགོད། མཐའ་མཆོད་གཏོར་གྱིས་བསྐོར་རོ། །བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར། ཞེས་པ་ནས། པདྨ་འདབ་བརྒྱད་པ། ཞེས་པའི་བར་བདག་བསྐྱེད་བཞིན་བསྐྱེད། དེའི་ལྟེ་བ་དང་འདབ་མ་རྣམས་ལ་ཧཱུཾ་ཡིག་རྣམས་ཡོངས་སུ་གྱུར་པ་ལས་དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་ཁྲོ་བོ་གཏུམ་པོ་སྐུ་མདོག་མཐིང་ཀ་ཨིནྜ་ནི་ལ་ཞེས་པ་ནས། ངོ་བོར་དག་པའོ། །ཞེས་པའི་བར་མངོན་རྟོགས་བཞིན། ཤར་དུ་མི་གཡོ་བ་དཀར་པོ་འཁོར་ལོས་མཚན་པའི་རལ་གྲི་འཛིན་པ། ལྷོ་རུ་མི་གཡོ་བ་སེར་པོ་རིན་པོ་ཆེས་མཚན་པའི་རལ་གྲི་འཛིན་པ། ནུབ་ཏུ་མི་གཡོ་བ་དམར་པོ་པདྨས་མཚན་པའི་རལ་གྲི་འཛིན་པ། བྱང་དུ་མི་གཡོ་བ་ལྗང་ཁུ་སྣ་ཚོགས་ཨུཏྤ་ལས་མཚན་པའི་རལ་གྲི་འཛིན་པ། ཤར་ལྷོར་གཏི་མུག་རྡོ་རྗེ་མ་དཀར་མོ་འཁོར་


TNT13_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ལོས་མཚན་པའི་གྲི་གུག་འཛིན་པ། ལྷོ་ནུབ་ཏུ་ཕྲ་མ་རྡོ་རྗེ་མ་སེར་མོ་རིན་པོ་ཆེས་མཚན་པའི་གྲི་གུག་འཛིན་པ། ནུབ་བྱང་དུ་འདོད་ཆགས་རྡོ་རྗེ་མ་དམར་མོ་པདྨས་མཚན་པའི་གྲི་གུག་འཛིན་པ། བྱང་ཤར་དུ་ཕྲག་དོག་རྡོ་རྗེ་མ་ལྗང་ཁུ་ཨུཏྤ་ལས་མཚན་པའི་གྲི་གུག་འཛིན་པ། ཁྲོ་བོ་བཞི་པོ་རྣམས་ནས་དཀྱིལ་འཁོར་ལ་བསྟོད་པའོ། །ཞེས་པའི་བར་མངོན་རྟོགས་བཞིན་ནོ། །རངགི་སྙིང་གར་པད་ཟླ་དང་ཉི་མ་ལ་གནས་པའི་ཧཱུཾ་ལས་འོད་ཟེར་འཕྲོས་འོག་མིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་གཏུམ་པོ་ལྷ་དགུའི་དཀྱིལ་འཁོར། ཞེས་པ་ནས། གཉིས་སུ་མེད་པར་ཐིམ་གྱི་བར་མངོན་རྟོགས་བཞིན་ནོ། །དེ་ནས་མཆོད་པ་རྣམས། ཨོཾ་ཨཱཿ་བིགྷཱ་ནུ་ཏ་སཱ་ད་ཡ་ཧཱུཾ་ཕཊ། གྱིས་བསངས། སྭ་བྷ་ཝས་སྦྱངས། བླ་མེད་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ནས། ཨོཾ་ཤྲཱི་ཙཎྜ་མ་ཧཱ་རོ་ཥ་ཎ་བྷཊྚ་རཱ་ག་ས་པཱ་རི་ཝ་ར་སད་ཀ་ར་ཡ་པཱདྱཱཾ་པྲ་ཏཱིཙྪ་སྭཱཧཱ། ཨཉྩ་མ་ཎཾ། པྲོ་ཀྵ་ཎཾ། ཨརྒྷ རྣམས་ཀྱིས་ཆུ་བཞི་ཕུལ། ཨོ་ཤྲཱི་ཙཎྜ་སོགས་ཀྱི་མཐར། པུཥྤེ་ནས་ཤཔྟའི་བར་སྦྱར་བས་མཆོད། ཨོཾ་བཛྲ་ས་ཏྭ་སུ། ཞེས་པ་ནས། བདེ་བ་ཆེན་པོས་ཐུགས་རྒྱུད་གང་གི་བར་སྒྲུབ་ཐབས་བཞིན་ཏེ་ལྷ་ལྷག་པར་གནས་པའོ། །ལྷ་གྲངས་དང་མཉམ་པའི་བུམ་པ་བཅུ་དང༌། །ལས་ཐམས་ཅད་པའི་བུམ་པ་སྟེ་བཅུ་གཅིག་གམ། མ་རྙེད་ན་རྣམ་རྒྱལ་དང་ལས་བུམ་གཉིས་ཀྱིས་ཀྱང་རུང་སྟེ། བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པད་མ་དང་ཨ་ལས་ཟླ་བའི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ལྟོ་བ་ལྡིར་ཞིང་མགྲིན་པ་


TNT13_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་བ་མཆུ་འཕྱང་བ་ལྷའི་གོས་ཀྱིས་མགུལ་ཆིངས་དང་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་གང་བའོ། །དུང་ཆོས་སྟེང་དུ་བཞག་སྟེ། ཨོཾ་ཨཱཿཧཱུཾ། ཡེ་ཤེས་བདུད་རྩི་ལྔས་གང་བར་གྱུར། ཧཱུཾ་མེ་ཏོག་གི་འཕྲེང་བ་བཅིང་བའི་རྡོ་རྗེ་བཞག་ལ། ཨོཾ་ཏ་བྷེ་ཏ་བྷེ་མ་ཧཱ་ཏ་བྷེ་སྭཱཧཱ། ལྷའི་ཆུ་བོ་གངྒཱ་བཀུག་སྟེ་འདྲེས་པར་གྱུར། བུམ་པ་བཅུ་ཡོད་ན་དབུས་ཀྱི་གཉིས་ལ་གཙོ་བོ་ཡབ་ཡུམ་གཞན་རྣམས་ལ་ཕྱོགས་མཚམས་ཀྱི་ལྷ་བརྒྱད་བསྐྱེད། བུམ་པ་གཉིས་ཡིན་ན་རྣམ་རྒྱལ་དུ་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་དང༌། ལས་བུམ་དུ་སླར་ཡང་མི་གཡོ་བ་ལྗང་ཁུ་བསྐྱེད་པ་ཡིན་ཏེ། དེ་ཡང༌། རྣམ་རྒྱལ་བུམ་པའི་དབུས་སུ་ཆོས་འབྱུངདཀར་པོའི་ནང་དུ་ནས། འདབ་མ་བརྒྱད་པ། དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་ཁྲོ་བོ་གཏུམ་པོ་མཐིང་ཀ་སོགས་དང༌། ཤར་དུ་མི་གཡོ་བ་དཀར་པོ། སོགས་གོང་དང་འདྲ་བ་ལས། བྱང་དང་ལས་བུམ་དུ་མི་གཡོ་བ་ལྗང་ཁུ་ཞེས་འདོན་པ་སྤོ། ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ་བསྟིམ་པ་ཡང་གོང་གི་ལྷ་སྟ་གོན་བཞིན་ནོ། །བུམ་པའི་མཚན་མ་རྣམས་ཀྱང་རིགས་ལྔ་དང་བདུད་རྩི་འཁྱིལ་བའི་ངོ་བོར་གྱུར། པཱཏྱ ནས། ཤབྟའི་བར་གོང་བཞིན་མཆོད། ལྷ་རྣམས་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་འདྲེས་པར་གྱུར། ལག་པ་གཡོན་པས་མེ་ཏོག་གི་འཕྲེང་བ་ནས་བཟུང་སྟེ། སོ་སོའི་སྔགས་རྣམས་བརྒྱ་རྩའམ་ཉེར་གཅིག་ལ་སོགས་པ་ཅི་རིགས་པ་བཟླས་ཏེ། མེ་ཏོག་དཀར་པོ་བདུན་གཞུག་པར་བྱའོ། །ལས་བུམ་གྱིས་བུམ་པ་ཐམས་ཅད་ལ་བསངས་ཏེ། ཇི་སྲིད་དཀྱིལ་འཁོར་


TNT13_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་ཐམས་ཅད་བཟློག་པའི་འཕྲིན་ལས་མཛད་དུ་གསོལ། ཧཱུཾ ཞེས་བརྗོད་དེ། དུང་ཆོས་ཀྱི་ཆུ་བུམ་པར་བླུག་པར་བྱའོ། །བུམ་པ་ལྷག་པར་གནས་པའོ། །སྟ་གོན་གྱི་རྗེས་ཆོག་ནི། དེ་ནས་གོང་བཞིན་དཀྱིལ་འཁོར་ལ་མཆོད་བསྟོད་བྱས་ལ། བདུག་སྤོས་ཐོགས་ཏེ། དཔལ་ལྡན་མི་གཡོ་གཏུམ་པའི་ལྷ། །ཞེ་སྡང་རྡོ་རྗེ་མ་དང་ལྡན། །བརྩེ་བའི་སྟོབས་ཀྱིས་འགྲོ་དོན་དུ། །འཁོར་ལོ་བདག་ནི་བྲི་བར་བགྱིད། །མཆོད་པའི་དོན་དང་དབངབསྐུར་ན། །འགྲོ་བའི་དོན་ལ་གཞོལ་བ་ཡི། །རྡོ་རྗེ་མཁའ་འགྲོ་མཁའ་འགྲོ་མས། །རབ་ཏུ་དགྱེས་པ་མཛད་པའི་རིགས། །འཇིག་རྟེན་སྐྱོང་བ་གྲགས་ལྡན་རྣམས། །བདག་ལ་འདིར་ནི་དགོངས་སུ་གསོལ། །གཏུམ་པོ་དྲག་པོའི་དཀྱིལ་འཁོར་ནི། །འགྲོ་བའི་དོན་དུ་བྲི་བར་བགྱིད། རྡོ་རྗེ་འཛིན་པ་ཆེ་གེ་བདག །ཇི་ལྟར་ནུས་པས་མཆོད་བགྱིད་དེ། །སློབ་མ་རྣམས་དང་བདག་ལ་ཡང༌། །རྗེས་སུ་བརྩེ་བས་ཉེར་བཟུང་ནས། །དཀྱིལ་འཁོར་བར་བཅས་ཐམས་ཅད་ཀྱིས། །ངེས་པར་བརྟག་པར་རིགས་པ་ལགས། །ཁྱེད་ཅག་སེམས་ཅན་དོན་མཛད་པའི། །རང་གི་དམ་བཅའ་དྲན་པར་བཛོད། ཅེས་ལན་གསུམ་གསོལ་བ་བཏབ་པས་ལེགས་སོ་ཞེས་གནང་བ་སྦྱིན་ནས་དེ་ཉིད་དུ་མི་སྣང་བར་བསམ་མོ། །བདག་ཉིད་ཀྱི་གནས་གསུམ་བྱིན་གྱིས་རླབས་པ་དང༌། སྨོན་ལམ་གདབ་པ་དང༌། ཤིས་བརྗོད་རྣམས་བྱའོ། །དེ་ནས་མཚན་ཉིད་དང་ལྡན་པའི་སློབ་མ་རྣམས་མཎྜལ་སྔོན་དུ་འགྲོ་


TNT13_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བས་གནས་པ་ལ། ཀྱེ་ཀྱེ་བཞིན་བཟང་རྣམས་སྲིད་པའི་བདེ་བ་དག་ཀྱང་ཡིད་བརྟན་མེད་པ་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པ་དེའི་ཕྱིར། དེ་བཞིན་གཤེགས་པའི་སྐུ་གསུམ་གྱི་གོ་འཕང་ཁོ་ན་དོན་དུ་གཉེར་བས་དཀྱིལ་འཁོར་དུ་འཇུག་པར་བྱའོ་ཞེས་བསྒྲགས་ནས། སྐྱེ་རྒ་འཆི་བ་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བའི། །སྲིད་པའི་མཚོ་ལས་བདག་སྒྲོལ་མཛོད། །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་སྩོལ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། དེ་ནས་སྐྱབས་འགྲོ་སྦྱིན་པ་ནི། ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །དམ་པའི་ཆོས་ལའང་བདག་སྐྱབས་མཆི། །དགེ་འདུན་ལའང་མི་ཕྱེད་དད། །ཞེས་ལན་གསུམ་རྗེས་བཟློས་བྱ། སྲོག་གཅོད་མ་བྱིན་ལེན་པ་དང༌། །གཞན་གྱི་བུད་མེད་བརྫུན་སྨྲ་རྣམས། །ལྔ་པ་ཆང་གི་བཏུང་བ་ཉིད། །ཐམས་ཅད་སྦྲུལ་བཞིན་དོར་བར་བྱ། ཞེས་བསླབ་གཞི་ལྔ་བཟུང༌། ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་སྦྱིན་པ་ནི། བདག་གིས་སེམས་ཅན་བསད་མི་བྱ། །ཕ་རོལ་ནོར་ནི་དབྲོག་མི་བྱ། །བདག་ནི་ཚངས་པ་སྤྱོད་པ་སྤྱད། །བརྫུན་གྱི་ཚིག་ཀྱང་སྤང་བར་བགྱི། །མྱོས་བྱེད་ཆང་གི་བཏུང་བ་ནི། །བདག་གིས་


TNT13_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུའང་བཏུང་མི་བྱ། །གར་དང་གླུ་དང་རྒྱན་རྣམས་དང། །དགའ་སྟོན་བཅས་པ་སྤང་བར་བྱ། །ཁྲི་སྟན་མཐོ་དང་ཁྲི་སྟན་ཆེ། །དུས་མིན་ཁ་ཟས་སྤང་བར་བྱ། །ཇི་ལྟར་གསོ་སྦྱོང་ཡན་ལག་བརྒྱད། །དགྲ་བཅོམ་རྗེས་སུ་བདག་གིས་སློབ། །ཇི་ལྟར་སངས་རྒྱས་ཀྱིས་གསུངས་ལྟར། །རྣམ་དག་བདག་གིས་བཟུང་བར་བགྱི། །དེ་ཡིས་གཡོན་ཅན་བདུད་ལས་རྒྱལ། །བླ་མེད་སངས་རྒྱས་མཆོག་ཐོབ་བྱ། །སྲིད་པས་དུབ་པའི་ལུས་ཅན་རྣམས། །ཀུན་གྱི་སྐྱབས་སུ་འགྱུར་བར་ཤོག །སྲིད་པ་དེ་སྲིད་ཇི་སྲིད་དུ། །འཁོར་གྱི་འཇིག་རྟེན་ཕན་དགའ་བའི། །བློ་ལྡན་སྐྱེས་བུ་དེ་གཤེགས་སྐྱེས། །ལེགས་པ་རྣམས་དང་འགྲོགས་པར་ཤོག །ཅེས་ལན་གསུམ་རྗེས་བཟློས་བྱར་གཞུག བསླབ་པའི་གནས་ལྔ་དང༌། ཡན་ལག་བརྒྱད་པ་འདི་རབ་བྱུང་ལ་མ་བྱས་ཀྱང་ཆོག་པར་སེམས་སོ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་མཆོག །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །གང་གི་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་ཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་


TNT13_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ནས་སེམས་བསྐྱེད་པ་འདིའི་རྗེས་བཟློས་བྱར་གཞུག་སྟེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་བ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ལན་གསུམ། སློབ་མ་གདོང་བྱང་དུ་ཕྱོགས་པའི་གནས་གསུམ་དུ་ཐིག་ལེ་བཀོད། དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་རྣམས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར། སླར་ཡང་གནས་གསུམ་དུ་དྲི་བཟང་གི་ཐིག་ལེ་བཀོད་ལ་བརྟན་པར་བྱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་སོགས་ཀྱིས་མཆོད་པ་ལྔ་ཕུལ། ཧཱུཾ་ལས་བྱུང་བའི་སོ་ཤིང་བྱིན་ཏེ། ཨོཾ་བཛྲ་ཧ་ས་ཧ་ཞེས་དཀྱིལ་འཁོར་གྲུ་བཞི་པར་འདོར་དུ་བཅུག སོ་སོའི་དངོས་གྲུབ་ཀྱི་ལྟས་ལུང་བསྟན། ཁྱོར་ཆུ་ལན་གསུམ་དུ་བྱིན་ལ། ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨཱ་སརྦ་པ་པཾ་ནིཥྩ་ཨ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ནཱ་ཡ་ཧཱུཾ། ཞེས་བརྗོད། དྷཱིཿ་དང་ཧ་ལས་བྱུང་བའི་རྩ་ཀུ་ཤ་ཆེ་ཆུང་སྔས་དང་གདན་གྱི་དོན་དུ་བྱིན། བསྲུང་སྐུད་མདུད་པ་གསུམ་དང་ལྡན་པ་སྙིང་པོ་དང་ཧཱུཾ་བདུན་གྱིས་བྱིན་གྱིས་རླབས་ལ་དཔུང་པར་བཅིང༌། ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་ནས་ཟབ་མོའི་ཆོས་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །རྒྱ་ལམ་ལ་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་


TNT13_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །བསྐལ་པ་བྱེ་བ་དུ་མ་ཡི། །སྔོན་ཆད་སྡིག་པ་བྱས་པ་དག །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་སྤྱོད་པ་མཆོག་འདི་ལས། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་ཀྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱོད་རྣམས་ཐེག་ཆེན་དུ། །སད་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་འདིར་ནི་དོང་པས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །རྨི་ལམ་བརྟག་ཅིང་ངན་ན་བསྲུང་བ་ནི། །བུ་ཀྱེ་ད་ནི་དཀྱིལ་འཁོར་མཆོག །མཐོང་བར་འགྱུར་རོ་ཉོལ་ཞིག་དང༌། །རྨི་ལམ་མཐོང་བ་གང་ཡིན་པ། །དེ་ཀུན་ང་ལ་ལེགས་པར་སྨོན། ཞེས་བརྗོད། སློབ་མ་ལྷག་པར་གནས་པའོ། །ནང་བར་རྨི་ལམ་དྲིས་ལ། ལེགས་ན་དེ་མ་ཐག་ཏུ་དཀྱིལ་འཁོར་གྱི་ལས་རྩོམ། གལ་ཏེ་མི་


TNT13_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

འཚམས་པ་རྨི་ན་བསྲུང་བ་དང་སྦྱིན་བསྲེག་གི་ལས་བྱས་ལ་སླར་ཡང་དཀྱིལ་འཁོར་བྲི་བར་བྱའོ། །གསུམ་པ་ནི། གཞོན་ནུ་མས་བཀལ་བའི་ཐིག་སྐུད་ཁ་དོག་སྣ་ལྔ་པ་དགུ་སྒྲིལ་དཀྱིལ་འཁོར་གྱི་ཕྱིའི་ཚད་ལས་སོར་བརྒྱད་ཀྱིས་ལྷག་པ། རྩ་སྔགས་ལན་གསུམ་གྱིས་བསྔགས་ཏེ། བདག་ཉིད་བཅོམ་ལྡན་འདས་དང༌། སྒྲུབ་གྲོགས་ཞེ་སྡང་རྡོ་རྗེ་མར་གྱུར། ཐིག་སྐུད་ལྟེ་བའི་ཐད་ཀར་དྲངས། མིག་གཉིས་སུ་མ་དང་ཊ་ལས་ཉི་མ་དང་ཟླ་བ། ཁྲོ་བོའི་ལྟ་བས་དཀྱིལ་འཁོར་བཀུག་སྟེ། ཐིག་སྐུད་ལ་ཐིམ། བདུད་རྩི་ལྔས་བྱུག ཨོཾ་ཨཱཿབྷ་ག་ཝཱན། བཛྲ་སྭཱུ་ཏྲཾ་ཨ་ཀྵོ་བྷྱ་པྲ་ཡཙྪ་ཙཀྲ་སཱུ་ཏྲ་ཎ་ཡ་ཧཱུཾ། ཞེས་སྟེང་དུ་གདབས་པས་ནམ་མཁར་བཞུགས་པའི་ལྷ་རྣམས་བསྐུལ་བར་བསམ། ཨ་ནོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿ པ་ར་སྤ་ར་ཨ་ནུ་པྲ་བིཥྟ། སརྦ་དྷརྨ་ཨ་དྱན་ཏ་ཨ་ནུ་ག་ཏ་སརྦ་དྷརྨཿ ཞེས་བརྗོད་ཅིང་སྦྲིལ་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་བཅིངས་ལ། ཛཿ ཡིག་གིས་སློབ་མ་ལ་གཏད། ཨོཾ་སཱུ་ཏྲ་ས་མཱ་ཡཱ་མ་ཏི་ཀྲ་མ་ཧཱུཾ། སེམས་ཅན་ཀྱི་དོན་དུ་ཁྱོད་ཀྱི་དུས། ཞེས་བརྗོད་ཅིང༌། ཡེ་ཤེས་ཀྱི་ཐིག་རྩ་ཐིག་བརྒྱད་པོ་གདབ་པར་བྱ་སྟེ། ནུབ་ཤར་ལྷོ་བྱང་མེ་དབང་ལྡན། །རླུང་སྲིན་རླུང་དབང་མེ་བདེན་བྲལ། །སྲིན་པོ་རླུང་སྟེ་སློབ་དཔོན་དང༌། །སློབ་མའི་གནས་སུ་གཉིས་གཉིས་ཤེས། །ཚངས་ཐིག་གཉིས་དང་ལོགས་ཐིག་བཞི། །ཟུར་ཐིག་གཉིས་རྣམས་གདབ་ཚུལ་ཡིན། དེ་བཞིན་དུ་ལས་ཐིག་ཐིག་ཆེན་བརྒྱད་ཀྱང་གདབ་ལ། དཀྱིལ་འཁོར་ཁྲུ་གང་ནས་ཁྲུ་ལྔའི་ཚད་དུ་བྱ་བར་གསུངས་སོ། །ཆ་བཅུ་དྲུག་རྣམ་པར་རྒྱལ་བ་ནས་བརྩམས་ཏེ། ཐིག་གི་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་ཁྲོ་བོའི་བརྙེས་པ་དང་བཅས་པས་སྒོའི་རྩ་ཐིག་རྣམས་དབྱེ་ཞིང་ཧི་ཧི་ཞེས་བརྗོད།


TNT13_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཕྱུང་ནས། ཨོཾ་ཨཱཿཧཱུཾ་བཛྲ་མུཿསྭཱཧཱ། ཐིག་སྐུད་ཀྱི་ཡེ་ཤེས་པ་གཤེགས། ཚོན་རྩི་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་རྡུལ་ཚོན་སྔོན་པོ་མི་གཡོ་བ་ནག་པོ་དང་ཞེ་སྡང་རྡོ་རྗེ་མ། །དཀར་པོ་གཏུམ་པོ་དཀར་པོ་དང་གཏི་མུག་རྡོ་རྗེ་མ། །སེར་པོ་གཏུམ་པོ་སེར་པོ་དང་ཕྲ་མ་རྡོ་རྗེ་མ། །དམར་པོ་གཏུམ་པོ་དམར་པོ་དང་འདོད་ཆགས་རྡོ་རྗེ་མ། ལྗང་ཁུ་གཏུམ་པོ་ལྗང་ཁུ་དང་ཕྲག་དོག་རྡོ་རྗེ་མ་རྣམས་ཀྱི་ངོ་བོར་གྱུར། རྩ་སྔགས་ལན་གསུམ་གྱིས་བསྔགས། །ཐིག་གི་སྐབས་བཞིན་ཡེ་ཤེས་པ་སྤྱན་དྲངས། ཨོཾ་བཛྲ་ཙི་ཏྲ་ས་མཱ་ཡ་ཧཱུཾ་གིས་བསྔགས་ཤིང༌། མཐེབ་སྲིན་གྱི་མཉེ། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧོ། ཞེས་རྡོ་རྗེ་ཤུགས་ཀྱི་འཇུག་པས་དབུས་སུ་སོང་སྟེ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །རང་ཉིད་གཏུམ་ཆེན་དྲག་པོ་ཡི། །དཀྱིལ་འཁོར་དམ་པ་བཞེངས་པར་བྱ། ཞེས་བརྗོད་ཅིང༌། དབང་ལྡན་ནས་རེ་ཁ་ལྔ་སྒོ་ཚད་གཅིག་ཙམ་སློབ་དཔོན་གྱིས་བྲི་བར་བྱ་སྟེ། ནང་ནས་ནག་ལྗང་དམར་སེར་དཀར་པོའི་རིམ་པས་སོ། །ཕྱི་ནས་ཐིག་དེར་ཚོན་དགྱེ་བར་བྱ་སྟེ། ཚོན་གྱི་ལས་གཞན་རྣམས་ཟིན་པ་ན་ལྷ་སོ་སོའི་གདན་ལ་དབུས་སུ་གཙོ་བོའི་ཕྱག་མཚན་རལ་གྲི་གཡས་དང༌། ཡུམ་གྱི་གྲི་གུག་གཡོན་དུ་འབྲི། །འདབ་མ་རྣམས་ལའང་ཕྱག་གཡས་ཀྱི་མཚན་དགོད་པར་བྱ་སྟེ། རྫོགས་པར་ཟིན་པ་ན། ཨོཾ་ཨཱཿཧཱུཾ་གིས་ཚོན་གྱི་ཡེ་ཤེས་པ་རྣམས་གཤེགས་སུ་གསོལ། །བུམ་པ་བཅུ་ཡོད་ན་ཤར་སྒོའི་གཡས་སུ་གཙོར་བུམ་གཉིས། །གཞན་རྣམས་ཕྱོགས་མཚམས་བརྒྱད་དུ་འགོད། བུམ་པ་གཉིས་ཁོ་ན་ཡིན་ན་


TNT13_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་སྒོའི་གཡས་སུ་རྣམ་རྒྱལ། གཡོན་དུ་ལས་བུམ་བཀོད་ལ། མཐའ་སྐོར་དུ་མཆོད་གཏོར་དང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པར་བྱའོ། །ཧཱུཾ་ཞེས་བརྗོད་པ་དང་གཙོ་བོའི་བསྙེམས་པ་དང་བཅས་ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་བརྗོད་དེ་རྒྱན་རྣམས་བྱིན་གྱིས་རླབས། བཞི་པ་ནི། སྔོན་འགྲོ་གཏོར་མ་དང་གནས་ཡོ་བྱིན་རླབས་སོང་ནས། བདག་ཉིད་དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ་འདུག་པར་བསམས་ལ། སྐྱབས་འགྲོ་ནས་བརྩམས་ཏེ། ཚད་མེད་བཞི་སྒོམ་པ་ཡན་ཆད་མངོན་རྟོགས་ལྟར་མཎྜལ་མཆོད་པ་རྫོགས་པར་བྱས། དེ་ནས་རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསྒོམ། བྲིས་པའི་དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས་རང་གི་སྙིང་གའི་ཧཱུཾ་ཡིག་ལས་འཕྲོས་པའི་མེ་ལྕེས། ཞེས་པ་ནས་ལན་གསུམ་གྱི་མཐར། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཞེས་པའི་བར་སྒྲུབ་ཐབས་བཞིན་རྫོགས་པར་བསྒོམ། སླར་ཡང་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་གདོད་མ་ནས་གྲུབ་པའི་དཀྱིལ་འཁོར་དང༌། སྟ་གོན་གྱི་ལྷ་གཏུམ་པོ་ཡེ་ཤེས་སེམས་དཔའ་ལྷ་དགུའི་སོགས་ནས། ཛཿཧཱུཾ་བཾ་ཧོཿའི་བར་ཡེ་ཤེས་ཤེས་པ་བསྟིམ་པའང་གོང་བཞིན་ནོ། །སླར་ཡང་དབང་གི་ནས། དོན་གྲུབ་ཀྱིས་དབུ་རྒྱན། གྱི་བར་དབང་བསྐུར་རྒྱས་བཏབ་ཀྱངསྒྲུབ་ཐབས་བཞིན་དུ་བྱའོ། །དེ་ནས་བརྟན་པར་བྱས་པའི་ཕྱིར་ལས་ཀྱི་རྡོ་རྗེ་གཟུངས་ཐག་རྡོ་རྗེ་ལྷ་སོ་སོའི་གནས་སུ་བཟུང་ལ། སློབ་དཔོན་གྱི་གཡོན་པའི་ཁུ་ཚུར་མེ་ཏོག་དང་བཅས་པས་དེ་སྣེ་ནས་བཟུང་སྟེ། སོ་སོའི་རང་སྔགས་བདུན་ལ་སོགས་པ་ཅི་རིགས་པར་བཟླའོ། །མཐར་དབུས་སུ་བཟུང་ལ་ཡི་གེ་བརྒྱ་པའང་ཅི་རིགས་བཟླ། དེ་ནས། རང་གི་སྙིང་ག་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་


TNT13_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཆོད་པར་གྱུར། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱ། རབ་འབྱམས་རྒྱལ་བའི་ཡེ་ཤེས་རོལ་པ་ལས། །ཀུན་བཟང་མཆོད་ཡོན་རྣམ་པ་ཐམས་ཅད་པ། །མཁའ་མཉམ་ཀུན་ཏུ་མི་ཟད་འབྱུང་བ་འདིས། །གཏུམ་ཆེན་ཁྲོ་བོའི་འཁོར་ལོ་མཆོག་དགྱེས་མཛོད། ཨོཾ་ཤྲཱི་ཙཎྜ་མ་ཧཱ་རོ་ཥ་ཎ་ས་པཱ་རི་པྲ་ཝ་ར་སད་ཀ་ར་ཡ་ཨརྒྷ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། མཆོད་ཡོན་ཞེས་པར་ཞབས་བསིལ་ཨརྒྷཾ་ཞེས་པར་པཏྱཾ། དེ་བཞིན་དུ། ཞལ་བསིལ་དང༌། ཨཉྩ་མ་ནི་འཐོར་འཐུང་དང༌། པྲོ་ཀྵ་ཎཾ་སྦྱར་རོ། །ཀུན་ཏུ་བཟང་པོའི་འབྱོར་པས་ཡོངས་བཟུང་ནས། །རྣམ་མང་མེ་ཏོག་མཆོད་སྤྲིན་ལྷུན་སྟུག་པ། །ཡིད་འོང་རིག་མའི་དགའ་སྟོན་གྱུར་པ་ཡང༌། །བཅོམ་ལྡན་འཁོར་དང་བཅས་ལ་དབུལ་བར་བགྱི། ཨོཾ་ཤྲཱི་ཙཎྜ་མ་ཧཱ་རོ་ཥ་ཎ་ས་པཱ་རི་ཝཱ་ར་པུཥྤཾ་པྲ་ཏཱིཙྪ་སྭཱཧཱ། ཚིག་རྐང་གཉིས་པ་ལ། དྲི་ཞིམ་བདུག་སྤོས་སྤྲིན་ཕུང་རབ་འཁྲིགས་པ། དྷུ་པེ༴ མུན་སེལ་སྣང་བྱེད་འཕྲེང་བ་རབ་འབར་བ། ཨཱ་ལོ་ཀེ༴ །གདུང་སེལ་དྲི་བཟང་ཆུ་རྒྱུན་རབ་བསྟར་པ། གནྡྷེ༴ བཅུད་ལྡན་ཞལ་ཟས་ཇི་སྙེད་རབ་བཀོད་པ། ནཻ་ཝི་ཏེ། སྙན་འགྱུར་སྣ་ཚོགས་རོལ་མོ་རབ་སྦྱར་བ། ཤཔྟ་ཅེས་འདོན་པ་སྤོ། ཨོཾ་བཛྲ་སཏྭ་སུ་སོགས་སྒེག་སོགས་བརྒྱད། མཆོད་ལྷ་བཅུ་དྲུག་དང༌། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང༌། འདོད་ཡོན་ལྔ་དང༌། བཀྲ་ཤིས་རྟགས་བརྒྱད་དང༌། །གོས་ཟུང་ལ་སོགས་པ་འབུལ། །ནང་མཆོད་གཏོར་མ་ལྟར་བྱིན་གྱིས་རླབས་དགོས་ཏེ། སྟོང་པའི་ངང་ལས་ཡཾ་ཞེས་པ་ནས་


TNT13_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་རླབས། ཨོཾ་ཀྲྀཥྞ་ཨ་ཙ་ལ་ཧཱུཾ་ཕཊ་སོགས་སོ་སོའི་མཚན་སྔགས་ཀྱིས་ནང་མཆོད་ཕུལ། སྤྲོས་པ་ལ་དགའ་ན་དང་པོར་རྩ་བརྒྱུད་ཀྱི་བླ་མ་ལ་འབུལ་བ་དང༌། ལྷ་ཚོགས་ཀྱི་གཞུག་ཏུ་ཆོས་སྐྱོང་སྲུང་མ་ཕྱོགས་སྐྱོང་དང་རིགས་དྲུག་སོགས་ལ་འབུལ་བ་ཡང་བྱས་པས་ལེགས་པར་འགྱུར་རོ། །དེ་ཡང་འདི་ལྟར། རྡོ་རྗེ་འཆང་དབང་ན་གཱ་རྫུ་ན་དང༌། །ཤཱ་པཱ་ར་དབང་ཀླུ་ཡི་བྱང་ཆུབ་དང༌། །ཤཱཀྱ་སྲུང་བ་ཆོས་ཀྱི་གྲགས་པ་དང༌། །རིན་ཆེན་བཟང་པོ་རིན་ཆེན་འབྱུང་གནས་དང༌། །གྲགས་པའི་རྒྱལ་མཚན་རོལ་བའི་རྡོ་རྗེ་དང༌། །ཡེ་ཤེས་རྒྱ་མཚོ་ཉི་མ་སེང་གེ་དང༌། །སངས་རྒྱས་དབྱངས་དང་ཤཱཀྱ་སེང་གེ་ཡི། །རྒྱལ་མཚན་ཞེས་དང་ནགས་ཀྱི་རིན་ཆེན་དང༌། །རོང་པོ་རྗེ་དང་བློ་གྲོས་ཆོས་སྐྱོང་དང༌། །ཤཱཀྱ་མཆོག་ལྡན་སངས་རྒྱས་འོད་ཟེར་དང༌། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་ཞབས། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །ཨོཾ་ཨཱཿཧཱུཾ་ཨ་ཀཱ་རོ་ལན་མང་དུ་བརྗོད། མགོན་ཁྱོད་བཀྲེས་སྐྱེམ་མི་མངའ་ཡང༌། །འོ་ཐུག་བུར་ཁུ་སྦྲང་རྩིའི་ཆུ། །ལྷན་སྐྱེས་སྦྱར་དང་ཡོངས་གྱུར་པ། །རྣམ་པ་མང་པོའི་བཏུང་བས་མཆོད། བཛྲ་པཱི་པ་ཐཱ། བདུད་རྩི་ལྔའི་བཟའ་བ་ནི། །དངོས་གྲུབ་ཀུན་གྱི་དེ་ཉིད་མཆོག །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །རྒྱལ་བའི་ཡེ་ཤེས་ལྔ་ཐོབ་ཤོག པཉྪ་ཨ་མྲྀ་ཏ། སྒྲོན་མ་ལྔ་ཡི་བཟའ་བ་ནི། །སངས་རྒྱས་ཀུན་ཀྱི་དམ་ཚིག་གཙོ། །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །རྒྱལ་བའི་སྐུ་


TNT13_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་ཡོངས་རྫོགས་ཐོབ་པར་ཤོག པཉྩ་པྲ་དཱི་པ། སྦྲང་རྩི་བུ་རམ་འབྲུ་ཡི་ཆང༌། །ཤིང་ལས་སྐྱེས་དང་བཅོས་མའི་ཆང༌། །ཤེས་རབ་རང་བཞིན་མྱོས་བྱེད་ལྔས། །གསང་སྔགས་ལྷ་ལ་མཆོད་པར་བགྱི། པཉྪ་མ་ད་ན། བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང༌། །དམངས་རིགས་མཐར་སྐྱེས་ལས་བྱུང་བ། །བདེ་ཆེན་བསྐྱེད་བྱེད་རིག་མ་ལྔ། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །པཉྩ་མུ་དྲ། དེ་ནས་བསྟོད་པ་ནི། ཁྱབ་འཇུག་ཕྱེ་མར་འཐག་པར་བྱེད་ཅིང༌། སོགས་དང༌། འོད་འཕྲོ་གཏུམ་པའི་སྤྱན་དང་འཇིགས་རུང༴ སོགས་དང༌། གཏུམ་པོ་ཁྲོས་པའི༴ སོགས་ཀྱི་མཐར། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བགེགས་རྣམས་བསྡུ་ཞིང་མཐར་མཛད་པ། །དཔལ་ལྡན་དཔའ་བོ་གཅིག་པུའི་སྐུ། །སྐུ་གསུམ་གཅིག་པ་ལ་ཕྱག་འཚལ། །གཡས་པའི་ཕྱག་གིས་ཐབས་དག་གི། རང་བཞིན་ཤེས་རབ་རལ་གྲི་འཕྱར། །གཡོན་ན་ཤེས་རབ་དངོས་པོ་ཡི། །སྡིགས་མཛུབ་དང་ནི་ཞགས་པ་འཛིན། །ས་འོག་བདུན་པོ་བསྐྱོང་བའི་ཕྱིར། །གཡོན་པའི་སྤྱན་གྱིས་འོག་ཏུ་གཟིགས། །ཚངས་པའི་སྒོ་ང་བདུན་བསྐྱོད་སླད། །གཡས་པས་སྟེང་གཟིགས་ལ་ཕྱག་འཚལ། །དེ་ནི་ས་གཞི་བསྲུང་བའི་ཕྱིར། །གཡོན་པའི་པུས་མོ་བཞག་མཛད་དེ། །བདུད་རྣམས་རབ་ཏུ་སྤོང་བའི་དབྱིབས། །གཡས་པའི་ཞབས་ཁྱོད་ལ་ཕྱག་འཚལ། །མི་བསྐྱོད་མགོན་པོར་དེ་མཚོན་ཕྱིར། །


TNT13_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཅོད་པན་གོས་བཀྲ་བའི། །ཀླུབས་ཤིང་ཞེ་སྡང་རྡོ་རྗེ་མར། །སྙོམས་ཞུགས་ཁྱོད་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་བསྐྱེད་པའི་སྙིང་པོ་ཡི། །ཕོ་ཉའི་དགྲ་འཇོམས་མདུང་གི་ཕྱག །ཉི་མ་བྱེ་བ་ལས་ལྷག་འོད། །དཔལ་ལྡན་གཏུམ་དྲག་ལ་ཕྱག་འཚལ། །ཨ་ཡིག་གིས་ནི་སྟོངཉིད་བརྗོད། །ཙ་ཡིག་གིས་ཀྱང་བདེ་བ་ཆེ། །ལ་ཡིག་གིས་ནི་དེ་དག་གཅིག །དེ་ཕྱིར་མི་གཡོ་ཁྱོད་ཕྱག་འཚལ། །བརྒྱད་གཉིས་ལོན་པས་ཡོངས་གང་བ། །མཚན་ཉིད་བྲལ་བའི་སྐད་ཅིག་དངོས། །ཆགས་བྲལ་གྱིས་ཀྱང་མི་གཡོ་ཉིད། །དེ་ཡི་ཕྱིར་ཡང་ཁྱོད་ལ་འདུད། །ཆགས་བྲལ་ལ་ནི་གཏུམ་ཞེས་བྱ། །དེ་ནི་བདུད་ལ་དྲག་པོའོ། །བདེ་བའི་རྒྱལ་པོ་འཆར་བ་སྟེ། །དེ་ཕྱིར་གཏུམ་དྲག་ཁྱོད་ཕྱག་འཚལ། །བརྒྱད་པོ་གང་ཞིག་འཆར་བ་ན། །ཡུལ་དབང་ལྷན་ཅིག་འགྲོ་འགྱུར་པ། །རྫོགས་པའི་ཀུན་དུ་དགའ་བའི་ཐབས། །དེ་ལ་མགོ་བོས་ཕྱག་འཚལ་ལོ། །རྣམ་པ་ཀུན་ཀྱི་མཆོག་ལྡན་པ། །ཕྱག་རྒྱ་ཆེན་པོ་འགྱུར་མེད་བདག །མེ་ལོང་ལ་ནི་པྲ་ཕབ་བཞིན། །སྣང་བ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ལ་བསྟོད་ཀྱང་མ་བསྟོད་དེ། །མཚོན་པར་དཀའ་ཡང་དགའ་བསྐྱེད་ཕྱིར། །བདག་གི་བསོད་ནམས་གང་ཐོབ་པ། །དེ་ཡིས་ཕལ་ཆེར་མི་གཡོར་འགྱུར། ཞེས་པས་ཀྱང་བསྟོད་པར་བྱའོ། །དེ་ནས་རླུང་ཁ་སྦྱོར་བཟུང་བ་སོགས་ཀུན་དུ་སྤྱོད་པ་ཡིད་ལ་དྲན་པར་བྱ། གྲུ་བཞི་ཚངས་པའི་ཞེས་པ་ནས་


TNT13_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བརྡྷ་ནི་སྭཱཧཱ། ཞེས་པའི་བར་དག་དྲན་དང་བཟླས་པ་བྱ། ལྔ་པ་ནི། གཏོར་མ་ཨ་མྲྀ་ཏས་བསངས། ཨོཾ་སྭཱ་བྷཱ་ཝ་ནས། མི་གཡོ་མགོན་ལ་ཕྱག་འཚལ་བསྟོད། མཚན་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུཾ། བཏགས་པས་ནང་མཆོད་ཕུལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་པ་ནས། ཀུན་འགྲུབ་ཤོག ཅེས་པའི་བར་བརྗོད་དོ། །འཇིག་རྟེན་པའི་གཏོར་མའང་སྐབས་འདི་ཉིད་དུ་འབུལ་བར་བྱའོ། །དེ་ནས་གཙོ་བོ་ལས་རང་འདྲ་བ་གཉིས་པ་ཆད་དེ་གཏོར་མའི་ལས་མཛད་པར་བསམ་ལ། དཀྱིལ་འཁོར་ཁང་པའི་ཕྱི་རོལ་ཏུ་ཕྱོགས་སྐྱོང་དང་མཁའ་འགྲོ་སྤྱི་གཏོར་གི་ཆོ་གས་ཕྱི་རོལ་གཏོར་མ་བཏང་ལ། བགེགས་བསྐྲད་དེ་ནང་དུ་འོང༌། ན་མཿསརྦ་ཏ་ཐཱ་ག་ཏ་སུ་ལ་ལི་ཏ་སོགས་ཀྱིས་གཙོ་བོ་ལ་མེ་ཏོག་དོར། ཨོཾ་བཛྲ་ཨུདྒྷ་ཊ་ཡ་ས་མཱ་ཡ་པྲ་བེ་ཤ་ཡ་ཧཱུཾ། ལན་བཞིས་སྒོ་དབྱེ། ས་མཱ་ཡ་པྲ་བེ་ཤ་ཡ་མཱི། མེ་ཏོག་མགོ་ལ་བཞག སེམས་ཅན་རྣམས་ལ་དངོས་སུ་ཐམས་ཅད་ཀྱི་བཀའ་དྲིན་སྩོལ་ཅིག ཅེས་གསོལ་བ་བཏབ། དེ་ནས་འགྲུབ་ན་སྤྱིན་སྲེག་གི་མཆོད་པ་བྱ་སྟེ། དེའི་ཆོ་ག་ནི་འོད་ཀྱི་སྙེམ་རབ་ལྟའོ། །དྲུག་པ་ནི། དཀྱིལ་འཁོར་དུ་འཇུག་པའི་དོན་དུ་མཎྜལ་ཕུལ་ལ། བདག་རྣམ་པར་སྣང་མཛད་ཀྱི་ངོ་བོར་གྱུར། ཨོཾ་ཙཀྵུ་བནྡྷ་ཝ་རཱ་མ་ན་ཡ་ཧཱུཾ། གིས་མིག་དར། ཨཱཿཁཾ་ཝི་ར་ཧཱུཾ། གིས་མེ་ཏོག སྙིང་གར་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་ནག་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། དཔྲལ་བར་འཁོར་ལོ་ལ་ཨོཾ་དཀར་པོ། ཨོཾ་ཨཱཿཧཱུཾ། ཀྱེ་དགའ་བ་ལ་དགའ་ཁྱོད་སུ་ཡིན། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །སྙིང་གར་ཟླ་བ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ཨོཾ་སརྦ་ཡོ་ག་ཙིཏྟ་


TNT13_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤ་ཏ་ཡ་མི། སུ་ར་ཏེ་ས་མ་ཡ་སྟཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་པར་འགྱུར་གྱི། དེ་བཞི་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཨཱ་ཁཾ་བཱི་ར་ཧཱུཾ། འདིར་སྤྲོ་ན་འཕྲེང་བ་ལས་འབྱུང་བའི་བསྐོར་བ་དང༌། ཕྱག་འཚལ་བདུན་པོ་རྣམས་བྱའོ། །བསྡུས་པ་ལ་མོས་ན། ཨོཾ་ན་མསྟེ་ཧཱུཾ། ཨོཾ་ན་མོ་མེ་ཧཱུཾ། ཨོཾ་ན་མོ་ན་མ་ཧཱུཾ། ཞེས་བྱ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདིའོ། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་བོ་འགེམས། །ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །


TNT13_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་བསྲུང་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་དུས་ཀྱི་བྱ་བ་བྱས་ནས་དམྱལ་བར་ལྷུང་པར་འགྱུར་ཏ་རེ། དེ་ནས་ཡེ་ཤེས་དབབ་པ་ནི། རང་སྐད་ཅིག་གིས་སྟོང་པའི་ངང་ལས་ཨཱ་ཡིག་ལས་བྱུང་བའི་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་ཏུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ། རྡོ་རྗེས་མཚན་པར་ཉི་མ་ལ་ཧཱུཾ་སྔོན་པོ། མགོ་བོར་པཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པར་ཟླ་བ་ལ་ཧ་དཀར་པོ། མགྲིན་པར་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་གཡོ་བའི་བ་དན་གཉིས་ཀྱིས་མཚན་པར་ཟླ་བ་ལ་ཨཱཿ དམར་པོ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་སྐུ་དང་གསུང་རྡོ་རྗེའི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས། ཧཱུཾ་ཧ་ཨཱཿ ཡིག་རྣམས་ལ་ཐིམ། རྐང་པ་དག་གི་འོག་ནས་རླུང་གི་དཀྱིལ་འཁོར་ཀྱིས་སྦར་བའི་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་ཡི་གེ་རས་མཚན་པ་འོད་ཟེར་འཕྲོ་བ་ལ་གནས་པའི་ཛྷཻཾཿཡིག་དམར་པོས་འདེགས་བཞིན་པར་


TNT13_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་ཛྷཻཾཿཡིག་གི་འོད་ཟེར་གྱི་ཚོགས་རྐང་པའི་བུ་ག་ནས་ཞུགས་པ་རྣམས་དང༌། ཡི་གེ་ཧཱུཾ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་ལུས་མཐའ་དག་ཀུན་ནས་གང་བར་གྱུར། ཨཱ་བེ་ཡ་སྟྭཾ་བྷ་ཡ་ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཧཿཨཱཿཛྷཻཾཿ རང་གི་འདོད་པའི་དོན་དང་མཐུན་པའི་དངོས་གྲུབ་ཀྱི་ལྟས་ནམ་མཁའི་ཁ་དོག་ཀྱང་མཐོང་བར་མོས། སློབ་མ་དབང་བསྐུར་སྐབས་ཁ་དོག་འདྲི་ཞིང་ལན་འདེབས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་རྣམས་རིགས་ཀྱི་རིམ་པ་དང༌། །བསོད་ནམས་ཇི་ལྟར་དེ་ལྟར་ཤོག །དེ་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཏྲཾ་ལས་བྱུང་བའི་མེ་ཏོག་གི་འཕྲེང་བ། ཨོཾ་ཏིཥྟ་བཛྲ་ཏྲི་ཊྡོཧ་མེ་བྷ་ཝ་ཤཱ་ཤྭ་ཏོ་མེ་བྷ་ཝ་ཧྲི་ད་ཡ་མེ་ཨ་དྷི་ཏིཥྟ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ ཨཱ་ཁཾ་བཱི་ར་ཧཱུཾ། པྲ་ཏཱིཙྪ་ཀུ་སུ་མཉྫ་ལིནྣཱ་ཐ་ཧོ། ཞེས་མེ་ཏོག་དོར། ཨོཾ་པྲ་ཏི་གྲྀཧྞ་ཨི་མཾ་ས་ཏྭ་མ་ཧཱ་བཱ་ལ། ཞེས་མེ་ཏོག་སྤྱི་བོར་བཞག ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་དང༌། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །ཕྱེ་བས་དབང་པོ་ཐམས་ཅད་པ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་ཛྙ་ན་ཙཀྵུ་ཧཱུཾ་ཨཱཿསྭཱཧཱ། ཀྱེ་རྡོ་རྗེ་ལྟོས་ཤིག རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བར་གྱུར། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་


TNT13_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་འདི་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས། །དངོས་གྲུབ་ཀུན་གྱི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པདྨ་མཆོག་རོལ་བས། །གསང་སྔགས་རྣམས་ལ་སྒྲུབ་པ་གྱིས། ཨོཾ་རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང༌། །གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། ས་མ་ཡ་ཧོ་ཧོ་ཧོཿ རིག་པའི་དབང་གི་དོན་དུ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། ཞེས་ལན་གསུམ་གསོལ་བ་བཏབ། རྩ་བའི་དཀྱིལ་འཁོར་གྱི་ཕྱིར་རོལ་ཏུ་ཁྲུས་ཀྱི་ཁང་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སྒོ་ནུབ་ཏུ་བསྟན་པ། དབུས་སུ་སྣ་ཚོགས་པདྨའི་གདན་ལ་བདག་ཉིད་གཙོ་བོའི་རྣམ་པ་དཀྱིལ་འཁོར་ལ་ཕྱོགས་པས་གནས་པར་གྱུར། ཨོཾ་ཨཱཿཙཎྜ་མཧཱ་རོ་ཥ་ཎ་སརྦ་བིགྷྣཱ་ནུ་ཏ་སཱ་ད་ཡ་ཧཱུཾ་ཕཊ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་བདག་གི་ལུས་ལ་རེག་པས་འོད་ཀྱི་ཕུང་པོར་འགྱུར། གཙོ་བོའི་ཞལ་དུ་ཞུགས། རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་ཐོན་ཏེ་ཐམས་ཅད་སྟོང་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ལས་སྐད་ཅིག་གིས་ཧཱུཾ་དང་རལ་གྲི་ཡོངས་སུ་


TNT13_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལས་རང་ཉིད་གཏུམ་པོ་ཆེན་པོ་ནག་པོ་ཤེས་རབ་མ་དང་བཅས་པའི་སྐུར་གྱུར། སྤྲོ་ན་མངོན་རྟོགས་བཞིན་ཞལ་ཕྱག་གསལ་གདབ་བོ། །མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། །སངས་རྒྱས་ཐམས་ཅད་ཁྲོ་བོ་གཏུམ་པོའི་རྣམ་པར་སྤྱན་དྲངས་ཏེ་རང་ཉིད་ལ་ཐིམ། སླར་ཡང་ཐུག་ཀའི་འོད་ཟེར་གྱིས་ཕྱོགས་བཅུ་མཐའ་ཡས་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་རིག་པའི་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས། མེ་ཏོག་ལ་སོགས་པས་མཆོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་བཞིན་འདི་ལ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། །དེ་བཞིན་གཤེགས་པ་ཡབ་ཡུམ་དེ་རྣམས་སྙཽམས་པར་ཞུགས་པས། །བྱང་ཆུབ་སེམས་ཀྱི་རྣམ་པར་གྱུར། །གཙོ་བོའི་སྤྱི་བོ་ནས་ཞུགས། རྡོ་རྗེའི་ལམ་ནས་བྱུང་བས་སྤྱི་བོ་ནས་དབང་བསྐུར་ཏེ་རངགི་སྒོ་གསུམ་དྲི་མ་བྲལ་ཞིང་དག་པའི་ཤེལ་ལྟར་གྱུར། པདྨའི་མཐའ་ནས་ཕྱིར་ཕྱུང་བས་དབང་སྟེགས་ཀྱི་གདན་ལ་འཁོད། བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་ཏུ་གྱུར་པ་རྣམས་ཀྱང་དེ་བཞིན་གཤེགས་པ་རིག་པའི་ལྷ་མོ་སེམས་དཔའ་སེམས་མ་ཁྲོ་བོའི་ཚོགས་དང་བཅས་པ་རྣམས་ཞལ་ཕྱག་ཡོངས་སུ་རྫོགས་པའི་སྐུར་གྱུར་པ་མཁའ་ནང་ནས་ཕྱིར་ཕྱུང་སྟེ། དབང་བསྐུར་བའི་དོན་དུ་ནམ་མཁའ་གང་བར་བཞུགས། གདུགས་དང་རྒྱལ་མཚན་དང་བ་དན་དང་རོལ་མོའི་སྒྲ་དང་བཅས་ཏེ། གུར་གུམ་དང་ཙན་དན་དང་མེ་


TNT13_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་ལ་སོགས་པའི་ཆར་འབེབས་པར་བྱེད། ཕྱག་གིས་ཅུང་ཟད་ཡོ་བར་འཛིན་པའི་བུམ་པ་དཀར་པོ་བྱང་ཆུབ་སེམས་ཀྱིས་གང་བས་དབང་བསྐུར་བཞིན་པ་དང༌། ལྷ་མོ་རྣམས་ཀྱིས། ཨོཾ་བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་ཀྱི་བདག་ཉིད་རིགས་ཀུན་གྱྀ་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེས་བྱེད་བདེ་བ་ཆེན་པོ་སྟེ། །དེ་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཨོཾ་ཕུན་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། ཞེས་སོགས་བརྗོད། ཤིང་གི་ཡལ་གས་བུམ་ཆུ་བླངས་ཤིང་སྤྱི་བོར་གཏོར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོར་ནས་དབང་བསྐུར། ལུས་ཐམས་ཅད་གང་བདེ་བ་ཆེན་པོ་མྱོང་ཞིང་དྲི་མ་ཐམས་ཅད་དག་པར་གྱུར། ཆུའི་དབང་ངོ༌། བདག་ཉིད་མི་གཡོ་བ་སེར་པོའི་འཁོར་ལོས་བསྒྱུར་པའི་ངོ་བོ་གྱུར། དབུ་རྒྱན་སྟོང་པའི་ངང་ལས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་རིན་པོ་ཆེ་དང་དྲིལ་བུ་མཛིན་པར་གྱུར། དེ་ཞུ་བ་ལས་རིན་པོ་ཆེའི་དབུས་རྒྱན་ཏུ་གྱུར། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨཱ་བི་ཤ་ཨཱ་བི་ཤ་ཨ་སྱ་ཧྲྀ་ད་ཡ་ཧཱུཾ་ཕཊ། སྔོན་བཞིན་ཆུ་དབང་བསྐུར་རོ། །བདག་ཉིད་མི་གཡོ་བ་དམར་པོའི་འཁོར་ལོས་བསྒྱུར་བའི་ངོ་བོར་གྱུར། དབང་རྫས་རལ་གྲི་སྟོང་པའི་ངང་ལས་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། དེ་ཞུ་བ་ལས་བྱུང་བའི་རལ་གྲིར་གྱུར། ཨོཾ་ཧ་ན་ཧ་ན་མཱ་ར་ཡ་མཱ་ར་ཡ་སརྦ་ཤ་ཏྲུཾ་ཛྙཱ་ན་ཁཌྒ་ཧཱུཾ་ཕཊ། སྔོན་བཞིན་ཆུ་དབང་བསྐུར། རང་ཉིད་མི་


TNT13_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བ་ལྗང་ཁུའི་འཁོར་ལོས་བསྒྱུར་བའི་ངོ་བོར་གྱུར། དབང་རྫས་ཞགས་པ་སྟོང་པའི་ངང་ལས་དོན་ཡོད་གྲུབ་པ་ལྗང་ཁུ་རལ་གྲི་དང་དྲིལ་བུ་འཛིན་པ། དེ་ཞུ་བ་ལས་བྱུང་བའི་ཞགས་པར་གྱུར། ཨོ་གྲྀཧྣ་གྲྀཧྣ་ཀ་ཏ་ཀ་ཏ་ཀཏྟྱ་ཀཏྟྱ་སརྦ་དུཥྟཾ་པཱ་ཤེ་ན་བནྡྷ་བནྡྷ་མ་ཧཱ་ས་ཏྱ་ཏེ་དྷརྨ་ཏ་སྭཱཧཱ། ཡང་གོང་བཞིན་ཆུ་དབང་བསྐུར། རང་ཉིད་མི་གཡོ་བ་དཀར་པོའི་འཁོར་ལོས་བསྒྱུར་བའི་ངོ་བོར་གྱུར། ཨོཾ་ཧེ་ཤྲཱི་བྷ་ག་ཝན་ཀྲྀཥྞ་ཨ་ཙ་ལ་སིདྡྷི་ཏྭཾ་ཧཱུཾ་ཕཊ། གལ་ཏེ་མི་གཡོ་བ་དཀར་པོ་ལ་མེ་ཏོག་ཕོག་པ་ཡིན་ན། ཀྲྀཥྞའི་གནས་སུ་ཤྭེ་ཏ་སྦྱར་བ་ལ་སོགས་པ་ཤེས་པར་བྱའོ། །བདག་འཇུག་གི་བྱ་བ་ལ་གནས་པའི་གང་ཟག་ཀྱང་བུད་མེད་ཡིན་ན་དབང་ཕྱི་མ་བཞི་པོ་འདི་དག་ལས་ཐ་དད་དུ་བྱ་བའི་ཚུལ་ཡང་སློབ་མ་དབང་བསྐུར་བའི་སྐབས་སུ་འཆད་པ་བཞིན་ཤེས་པར་བྱའོ། །དབང་འདི་རྣམས་བསྐུར་བས་བྱ་བ་དང་སྤྱོད་པའི་རྒྱུད་མཐའ་དག་ཉན་པ་དང༌། བཤད་པ་དང༌། སྔགས་སྒྲུབ་པ་རྣམས་ལ་དབང་བར་འགྱུར་རོ་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ལ། འཁོར་ལོ་ཕྱིར་མི་ལྡོག་པའི་དབང། །དམ་པ་བདག་ལ་སྩལ་ནས་ནི། །མགོན་པོ་འཁོར་ལོ་ལྷ་དག་གི །དེ་ཉིད་སློབ་དཔོན་འཕྲིན་ལས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། ལན་གསུམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་


TNT13_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མགོན་པོ་རྣམས། ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། ཅེས་པའི་བར་གྱིས་རིགས་ལྔའི་སྡོམ་བཟུང་ལན་གསུམ། གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། ལན་གསུམ། དབང་སྟེགས་ཀྱི་སྟེང་དུ་བདག་ཉིད་ཧཱུཾ་དང་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རང་སྣང་གི་ཡུམ་དང་མཉམ་པར་སྦྱོར་བ། ཧཱུཾ་ལས་བྱུང་བའི་རྡོ་རྗེ། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟངཔོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཨཱཿལས་སྐྱེས་པའི་དྲིལ་བུ། །འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བར་བཞེད། སྲིད་པ་ངོ་བོ་ཉིད་ཀྱིས་བདག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་མཆོག་སེམས་དཔའ་ཡི། །དམ་པའི་སྲིད་པ་བྱེད་པར་འགྱུར། །ཡིད་ཀྱི་ལུས་ནི་བརྟན་པ་ཉིད། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེ་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །ཡེ་ཤེས་ཕྱག་རྒྱའི་བྱིན་རླབས་ནས། །འདོད་པ་ཀུན་ལ་ལོངས་སྤྱོད་


TNT13_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པས། །དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱོས། །རང་ཉིད་མི་བསྐྱོད་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རིག་མ་མཱ་མ་ཀཱི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བའི་ཕྱག་རྒྱ་ཆེན་པོའི་ངོ་བོར་མོས་ལ། ཁ་སྦྱོར་གྱི་རིམ་པས་རྗེས་སུ་ཆགས་པ་དང་བཅས་པ་འཁྱུད་པ་ཙམ་ལས་བྱུང་བའི་བདེ་བ་རང་རིག་པའི་བདག་ཉིད་དུ་གྱུར་པ་ནི། རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་ཏོ། །ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱིས་ནི་དབང་དུ་བརྗོད། དེ་ནས་བུམ་ཆུ་བླངས་ཏེ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་ཀྱིས་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡི། །སངས་རྒྱས་ཐམས་ཅད་སྦྱིན་པར་བགྱི། ཨོཾ་སརྦ་ནས། བདེ་བ་ཆེན་པོ་མྱོང་བའི་བར་གོང་བཞིན། བག་ཆགས་དང་བཅས་པའི་དྲི་མ་ཐམས་ཅད་དག ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། དབང་གི་ལྷ་ཐམས་ཅད་ཀྱང་རང་ལ་གཉིས་སུ་མེད་པར་ཐིམ། ཨོཾ་སུ་པྲ་ཏིཥྛ་པ་བཛྲེ་སྭཱཧཱ། པུཥྤེ་ལ་སོགས་པས་མཆོད། གཞལ་ཡས་ཁང་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ལྷ་རྣམས་ནི་ཡེ་ཤེས་ལྔ་དང༌། ཚད་མེད་པ་བཞིའི་བདག་ཉིད་དོ། །སྙིང་པོའི་སྔགས་ལན་གསུམ་བཟླས་ལ། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་ཉེ་བར་མཛད་དུ་གསོལ། །བཅོམ་ལྡན་འདི་ལ་སྦྱིན་


TNT13_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ཀྱི། །འདི་ལ་ཉེ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་བདག་གི་རྒྱུད་ལ་མི་གཡོ་གཏུམ་པོ་ཁྲོ་བོའི་གསུང་རིག་སྔགས་ཀྱི་ནུས་མཐུ་མ་ལུས་པ་འཇུག་པར་གྱུར་ཅིག །དེ་ལྟར་ན་བུམ་པའི་དབང་ཐོབ་པས་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་མངོན་དུ་བྱས་པ་ཡིན་ནོ། །གསང་དབང་གི་དོན་དུ་མཎྜལ་ཕུལ། གཟུགས་དང་ལང་ཚོས་བརྒྱན་པའི་ཤེས་རབ་མ་ཕུལ་བར་མོས། ཁྱོད་ལ་འདི་ནི་འབུལ་ལགས་ཀྱི། །འདོད་དོན་བདེ་བ་རབ་ཏུ་སྩོལ། །བདག་ནི་འདོད་པའི་བདེ་དོན་ཕྱིར། །མགོན་པོ་ཁྱོད་ཀྱི་བརྩེ་བས་བཟུང༌། ཞེས་ལན་གསུམ། གོང་བཞིན་མིག་དར་བཅིང༌། དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་སྙིང་པོའི་སྔགས་བཟླ་བཞིན་དུ། རྗེས་ཆགས་ཀྱི་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་གཡོན་པའི་ཕྱག་གི་མཐེ་བོང་དང་མིང་མེད་ཀྱི་བླངས་ཏེ། བདག་གི་ལྕེ་ལ། ཧཱུཾ་ཕཊ་ཀྱི་རྣམ་པར་བཀོད། ཨོཾ་ཨཱཿཧཱུཾ། བདུད་རྩི་མྱང༌། ཨཱ་ཧོ་མ་ཧཱ་སུ་ཁཾ། རྡོ་རྗེ་མགོ་བོར་བཞག་ལ། དེ་རིང་བདག་གིས་སངས་རྒྱས་ཀྱི་ཡེ་ཤེས་བསྐྱེད་པར་བྱ་ཡི། གང་གིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་གྱི། འོན་ཀྱང་ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་འདི་སྨྲ་བར་མི་བྱའོ། །ཞེས་དང༌། རལ་གྲིའི་ཕྱག་རྒྱ་སྙིང་གར་བཞག་སྟེ། གལ་ཏེ་སྨྲ་ན་དེ་ཡི་ཚེ། །


TNT13_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རྣོ་བའི་རལ་གྲི་འདི། ཁྲོ་བོ་གཏུམ་པོའི་ཕྱག་ན་གནས། །གང་གིས་དམ་ཚིག་འཇིག་བྱེད་པ། དེ་ལ་འདི་ཡིས་མཆོག་ཏུ་གཅོད། །སྐྱེ་བ་བྱེ་བ་སྟོང་རྣམས་སུ། །མི་རྣམས་རལ་གྲི་ལག་ཕྱར་བས། །ཡན་ལག་ཀུན་གཅོད་མགོ་བོ་ནི། །གཅོད་ལ་གཅིག་ཏུ་འབད་པར་བྱེད། །གལ་ཏེ་དམ་ཚིག་དྲལ་གྱུར་ན། ཁྱོད་ཀྱང་དེ་ལྟར་འགྱུར་བ་ཡིན། བྷ་གའི་དཀྱིལ་འཁོར་ལ་དམིགས་ནས། གོང་བཞིན་མེ་ཏོག་ཕུལ། གོང་བཞིན་གདོང་གཡོགས་བསལ། བྷ་གའི་དཀྱིལ་འཁོར་གསལ་བར་བྱས་པ་བལྟ་སྟེ། དེ་ལས་བྱུང་བའི་བདེ་བ་ནི་གསང་བའི་དབང་ངོ༌། །དེ་ལྟར་ན་གསང་བའི་དབང་བསྐུར་བ་ཐོབ་པས། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས། ཤེས་རབ་ཡེ་ཤེས་ཀྱི་དོན་དུ་མཎྜལ་ཕུལ། གསང་དབང་གི་སྐབས་ལྟར་གསོལ་བ་བཏབ། དབང་ཕྱི་མ་འདི་གཉིས་ལ་མིག་དར་འཆིང་བ་མི་མཛད་དོ། །སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོས་བདག་ཉིད་ལ་རིགས་དང་མཐུན་པའི་ཕྱག་རྒྱ་གཏད་ལ། བཟང་མོ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱི་བསྔགས། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། རིགས་ཀྱི་བུ་ཁྱོད་ཉོན་ཅིག དེ་ལ་དང་པོ་འཁྱུད་པ་དང་ཙུམ་པ་ལ་སོགས་པ་ཕྱིའི་བྱ་བ་སྣ་ཚོགས་པ་ལས་ཐོབ་པའི་བདེ་བ་ནི་དགའ་བ་དང་པོའོ། །རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ལས་མཆོག་ཏུ་དགའ་བའོ། །བསྲུབ་ཅིང་བསྐྱོད་པའི་སྦྱོར་བ་ལས་བྱང་ཆུབ་ཀྱི་སེམས་གཙུག་ཏོར་ནས་ནོར་བུའི་མགུལ་བར་སོན་པའི་བར་ནི།


TNT13_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་པའི་དགའ་བའོ། །བདེ་བ་རྒྱུན་ཆད་ཅིང་སྔོན་བདེ་བར་སྣང་བ་དྲན་པ་ནི་དགའ་བྲལ་གྱི་དགའ་བའོ། །དེ་ནས་ཤེས་རབ་མ་ཕྱོགས་ཀྱི་གོས་ཅན་མ་གཅེར་བུར་གནས་པའི་གསང་བའི་ཆུ་སྐྱེས་གསལ་བར་བྱས་ཏེ། ཅི་སྟེ་བུ་ཁྱོད་འདི་སྤྲོའམ། །ང་ལས་མི་གཙང་ལེན་པ་ནི། །བཤང་གཅི་རཀྟ་ཟ་བ་དང༌། །བྷ་གའི་མཐའ་ནས་འཇིབ་བྱེད་དམ། ཞེས་དྲིས་པ་ལ། ཁྱོད་ལས་དམ་ཚིག་བཟའ་བར་ནི། །ཅི་ཡི་ཕྱིར་ན་བདག་མི་སྤྲོ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བདག་གིས་མི་མོ་ཀུན་གུས་བྱ། །དེས་ཀྱང་བདག་ཉིད་བདེ་བ་ཆེན་པོ་ལ་གུས་པར་རིགས་ནས། ཨཱ་ཧོ་བདག་གི་པདྨ་ནི་བདེ་བ་ཐམས་ཅད་ཡང་དག་ལྡན། གང་ཞིག་ཆོ་གས་བསྟེན་བྱེད་པ། །བདག་ལ་དངོས་གྲུབ་སྩོལ་མཛད་མ། །དལ་བུས་དལ་བུས་རབ་སྦྱོར་བ། །པདྨར་བྱ་བ་ཇི་བཞིན་གྱིས། ཞེས་སྨྲ་ཞིང་ལྟོས་པ་མེད་པར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཆེད་དུ་སེམས་རྩེ་གཅིག་ཏུ་གནས་པ་ལས། བདག་ཉིད་བཅོམ་ལྡན་འདས་དང་རིག་མ་ཞེ་སྡང་རྡོ་རྗེ་མར་གྱུར། ཤེས་རབ་ཀྱི་མཁའ་ཞེས་པ་ནས། ཨོཾ་ཨཱ་ཧཱུཾ་ཞེས་པའི་བར་སྒྲུབ་ཐབས་བཞིན་བྱིན་གྱིས་བརླབས། སྙོམས་པར་ཞུགས་པ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས། དེ་ནས་འཛག་པར་སེམས་པ་ན། སེམས་གཅིག་པུར་ནི་རེངས་འགྱུར་ནས། །བདེ་བ་བསྐྱེད་བྱེད་མི་གཡོ་བ། །མི་ཚོར་བ་ཡི་སེམས་ཀྱིས་བསྒོམ། །དེ་ལྟར་ན་ཤེས་རབ་ཡེ་ཤེས་དབང་ཐོབ་པས། ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་མངོན་དུ་བྱས། དབང་བཞི་པའི་


TNT13_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སོགས་ཀྱིས་གསོལ་བ་བཏབ། དངོས་པོ་དང་དངོས་མེད་ཐམས་ཅད་བྲལ་བ་ཤེས་རབ་དང་ཐབས་ཡང་དག་པར་སྦྱོར་བ་བདེ་བ་ཆེན་པོའི་རང་བཞིན་དཔལ་མི་གཡོ་མགོན་པོའི་བདག་ཉིད་ཅན་དགའ་བ་བཞི་གཅིག་པའི་སྐུ། སྲིད་པ་དང་ཞི་བའི་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཐུགས་ཐར་བ་ནི། འདོད་ཆགས་ཆེན་པོ་ལས་སྐྱེ་བར་འགྱུར་ཏེ། འཇིག་རྟེན་པའི་ཆགས་པ་ཟད་པ་ལས་ཟད་པར་གྱུར་པ་མི་གཡོ་བའི་དོན་ཡོངས་སུ་ཤེས་པས་སངས་རྒྱས་ཀྱི་དངོས་གྲུབ་རབ་ཏུ་འགྲུབ་པར་འགྱུར་རོ། །ཞེས་བརྗོད་ཅིང་དེའི་ངང་ལ་མཉམ་པར་བཞག །དེ་ལྟར་ན་དབང་བཞི་པ་ཐོབ་པས་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱས་སོ། །བདག་ཉིད་རྡོ་རྗེ་སེམས་དཔའི་སྐུ་གྱུར། འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། ཨོཾསརྦ་ཏ་ཐཱ་ག་ཏཱ་སིདྡྷི་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭནྡྷ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ། འདིར་ནི་ངས་ཁྱོད་ལུང་བསྟན་བགྱི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་ཞི་བའི་ཕྱིར། །སྲིད་པའི་ངན་འགྲོ་ལས་རབ་བཏོན། ཨོཾ་སརྦ་ཏ་ཐཱ་ག་ཏི་སིདྡྷ་ས་མ་ཡ་སྟྭཾ་བྷུརྦྷུ་ཝ་སྭ། འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས། །སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།


TNT13_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་གནས་སུ་རྡོ་རྗེ་རིན་ཆེན། པདྨ། ལས་ཀྱི་ཞེས་པ་རྣམས་བཅུག ཤེས་རབ་ཐབས་ཀྱི་རང་བཞིན་བདག །ཡིད་བཞིན་ནོར་བུ་ལྟར་མཐོང་བས། །སྐྱོ་མེད་དོགས་དང་བྲལ་བ་ཡི། །དེ་ལྟར་སེམས་ཅན་དོན་གྱིས་ཤིག །ད་ནི་ཁྱོད་རྣམས་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་དག་ཀྱང་དགོངས་པར་འགྱུར། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པ་ན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱོད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །མི་ཐུབ་ཚུགས་པ་ཡོད་མིན་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་མཐར་གྲུབ་བོ། །འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་ཀྱིས། །འགྲོ་བ་བདེ་བ་ཉུང་ལ་རྡོ་རྗེ་སེམས་དཔའ་དང༌། །མཚུངས་པའི་རྟག་པ་ཉིད་དུ་ཁྱོད་རྣམས་ཕྱིན་པར་འགྱུར། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་འགྱུར། །གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང༌།


TNT13_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་གཏང་རག་གི་དོན་དུ་མཎྜལ་ཕུལ། དེང་ནས་བརྩམས་ཏེ སོགས་བརྗཽད། བདུན་པ་ནི་སྤྱི་དང་མཐུན་པར་དམ་ཚིག་གསུམ་གྱི་གླུ་བླངས། །དེ་ནས་ཆོ་གའི་བྱ་བ་རྣམས་ནི་བདག་སྒོམ་པ་དང༌། གཞན་ལ་དམིགས་པ་འབོགས་པའི་ཁྱད་པར་མ་གཏོགས་བདག་འཇུག་གི་སྐབས་དང་འདྲ་བ་ལས། དངཔོ་ཡོལ་བས་བཅད། གསང་གདམས་སོང་མ་ཐག་ཡོལ་བའི་ནང་དུ་བཅུག །ལྷ་ངོ་བསྟན་པའི་སྐབས་སུ་མངོན་རྟོགས་དང་བསྟུན་པའི་རྒྱས་བསྡུད་ཅི་རིགས་པ་བཤད་པ་ལ། དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། ཅེས་བརྗོད་བུད་མེད་ལ་དབང་བསྐུར་བའི་ཚེ། ཅོད་པན་ལ་སོགས་པའི་དབང་རྣམས་འདི་ལྟ་སྟེ། སིནྡྷུ་རའི་ཐིག་ལེ་སྨིན་མཚམས་སུ་བྱིན་ལ། རྒྱལ་སྲིད་ཀྱི་བཙུན་མོ་ཆེན་པོའི་གཟུགས་སུ་དམིགས་ནས་དར་དཔྱངས་བཅིངས་ཏེ། ཨོཾ་བྷ་ག་ཝ་ཏཱི་ཨཱ་བི་ཤ་ཨཱ་བི་ཤ་ཨ་སྱ་ཧྲི་ད་ཡ་ཧཱུཾ་ཕཊ། ཞེས་བརྗོད་པར་བྱའོ། །རལ་གྲིའི་གནས་སུ་ལྕགས་ཀྱུ་གྲི་གུག་བྱིན་ལ། ཨོཾ་ཀརྟི་ཀེ་སརྦ་མཱ་ར་ཎི། མཾ་ས་ཀརྟཱ་ཡ་ཀརྟ་ཡ་ཧཱུཾ་ཕཊ། ཅེས་བརྗོད། ཞགས་པའི་དོད་དུ་ཐོད་པ་བྱིན་ལ། ཨོཾ་བཛྲ་ཀ་པཱ་ལ་སརྦ་ཤ་ཏྲུ་ཎཱཾ། རཀྟཾ་དྷཱ་ར་ཡ་དྷཱ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད། མིང་དབང་གི་སྐབས་སུ། ཨོཾ་ཤྲཱི་དྭེ་ཥ་བཛྲི་སིདྡྷཱ་སྟྭཾ་ཧཱུཾ་ཕཊ། དེ་བཞིན་དུ་རིགས་ཀྱི་དབྱེ་བས། མོ་ཧ་བཛྲ་སོགས་སྦྱར། འདི་དག་ཏུ་སེར་སྣ་རྡོ་རྗེ་མ་ལ་སོགས་པ་ལྷའི་ང་རྒྱལ་འཕོ་བར་བྱའོ། །སྤྲོས་པ་ལ་དགའ་ན་སྔགས་ཀྱི་རྗེས་གནང་གི་མཐར་མིག་ཐུར་མེ་ལོང་མདའ་གཞུའི་རྗེས་གནང་དང༌། བཞི་པའི་རྗེས་ལ་རིག་མའི་བརྟུལ་ཞུགས་དང་ལུང་བསྟན་གྱི་རྗེས་སུ་ཆོས་བཤད་དང། འཇུག་ཏུ་དབུགས་འབྱུང་རིང་པོ་སོགས་རྡོ་རྗེ་འཕྲེང་བས་ཁ་སྐོངས་མཛད་པ་ཕྱག་ལེན་དུ་སྣང་བ་ཤིན་ཏུའང་ལེགས་པའོ། །གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ། །དངོས་ཀྱི་དབང་བསྐུར་བའི་རིམ་པ་ནི་རྒྱུད་


TNT13_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས་གསལ་བར་འབྱུང་བ་བཞིན་ནོ། །དབངབསྐུར་བའི་སྔོན་དང་ཐ་མར་སྦྱིན་སྲེག་དང་ཚོགས་ཀྱི་འཁོར་ལོ་དང༌། སླར་ཡང་འཇིག་རྟེན་པའི་གཏོར་མས་མཉེས་པར་བྱའོ། །ཕྱི་ནས་དཀྱིལ་འཁོར་ལ་སྔར་བཞིན་དུ་མཆོད་ཅིང་བསྟོད་པ་དང༌། ཡི་གེ་བརྒྱ་པས་ནོངས་པ་བཟོད་པར་གསོལ་བ། བྲིས་སྐུ་ལ་སོགས་པ་གཞན་དང་གཞན་ལ་བརྟན་བཞུགས་བྱས་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དམིགས་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། ཨོཾ་བཛྲ་མུཿ ཞེས་ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ། ཨོཾ་ཨཱཿཀ་རོ་མུ་ཁཾ་སརྦ་དྷཱརྨཱ་ཎཾ་ཨ་ཏྱ་ནུཏྤ་ནྣ་ཏྭ་ཏ། ཨོཾ་ཨཱཿཧཱུཾ་མུཿ ཞེས་འདོན་ཞིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་པས་དྲིལ་བུ་འཁྲོལ་ཞིང་ལག་པ་ན་གནས་པའི་རྡོ་རྗེས་ཤར་ཕྱོགས་ནས་བརྩམས་ཏེ་ཐིག་ལམ་ནས་གཙོ་བོའི་བར་དུ་དབྱེ་ཞིང༌། རྡུལ་ཚོན་ཅུང་ཟད་རང་གི་མགོ་བོར་བླུགས་ནས་པདྨ་ལ་སོགས་པ་རྣམས་དང༌། སྒོ་དང་ཟུར་རྣམས་ནས་དབྱེ་བར་བྱའོ། །དེ་ནས་སྐམ་པའི་ཕྱག་རྒྱས་ཕུར་བུ་ཕྱུང་ལ། ཨོཾ་བཛྲ་ཀཱི་ལོ་ཏྐཱི་ལ་ཡ། སརྦ་ཀཱི་ལ་ན་བཛྲ་དྷ་ར་ཨ་ཛྙཱ་པ་ཡཱ་ཧཱུཾ་ཕཊ་ཧོཿ ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྡྷ་སཱ་དྷ་ནི་སྭཱཧཱ། ཞེས་པས་ཕུར་ཁུང་དུ་འོ་མས་གཏོར། ཕུར་བུའི་ལྷ་གཤེགས་སུ་གསོལ་ཞིང་ཁུང་བུ་བགང༌། དེ་ནས་རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པ་སྤྱི་དང་འདྲའོ། །རྒྱུད་སྡེའི་རྒྱ་མཚོའི་དབང་བཞིའི་ཡིད་བཞིན་ནོར། །རྡོ་རྗེའི་ཚིག་གི་འོད་ཟེར་ཆེས་གསལ་བའང༌། །མཐའ་དག་སྐྱེ་བོས་ཉེར་སྤྱོད་མ་ནུས་པས། །བློས་ལྡན་དོན་མཐུན་གང་དག་འདིར་ཞུགས་ཀྱེ། །དཀྱིལ་འཁོར་ཆོ་ག་བྲིས་པ་ལས། །བསོད་ནམས་གང་ཞིག་འདིར་ཐོབ་པ། །དེ་ལས་


TNT13_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་པོ་ཁྲོ་བོའི་རྒྱལ། །མི་གཡོ་མགོན་པོ་ཉིད་གྱུར་ཅིག །དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་རོལ་པ་ཞེས་བྱ་བ་འདི་ནི་དོན་གཉེར་འགའ་ཞིག་གིས་བསྐུལ་བ་དང༌། རྒྱུད་སྡེ་དེ་ཉིད་ལ་མཆོག་ཏུ་མོས་པ་ཆེན་པོས་ཉེ་བར་དྲངས་ཏེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་བརྒྱད་པ་ལ་ཆོས་འཁོར་བསམ་སྟེངས་སུ་སྦྱར་བ་ལས། བློ་དམན་གྱི་དོན་དུ་ཕྱིས་ཅུང་ཟད་འཁྱེར་བདེ་བར་བྱས་པའོ། །དགེ་བས་བསྟན་པ་རིན་པོ་ཆེ་སྤྱི་དང༌། ཁྱད་པར་གཏུམ་པོ་ཁྲོ་བོའི་རྒྱུད་ཀྱི་རྒྱལ་པོ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། ། །ཞུས་དག། བཀྲ་ཤིས། །

དཔལ་འཁོར་ལོ་ཆེན་པོའི་སྒྲུབ་ཐབས་སྲིད་གསུམ་འདུལ་བྱེད།


TNT13_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་ཆེན་པོའི་སྒྲུབ་ཐབས་སྲིད་གསུམ་འདུལ་བྱེད་ཅེས་བྱ་བ་བཞུགས་སོ། །


TNT13_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔག་ཡས་རྒྱལ་བའི་མཐུ་སྟོབས་གཅིག་བསྡུས་པ། །བཅོམ་ལྡན་རྡོ་རྗེ་འཛིན་པར་གུས་བཏུད་ནས། །གང་དེའི་སྒྲུབ་ཐབས་གྲུ་ཆེན་ལེགས་བཟུང་སྟེ། །བྱིན་རླབས་རྒྱ་མཚོའི་ཀླཽང་དུ་འཇུག་པར་བྱ། །དེ་ལ་དཀྱིལ་འཁོར་ཆེན་པོ་འདི་ཉིད་ཀྱི་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པས། སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་སྒོམ་བཟླས་རྣམས་སྤྱི་དང་མཐུན་པར་བྱ་བ་ལས། འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྡུག་བསྔལ་ཀུན་གྱི་གནས་གྱུར་པའི། །འཁོར་བའི་འདམ་ནས་གཙོ་བོས་དྲོངས། །བཅོམ་ལྡན་འདས་བདག་དང་༴ སོགས་བརྗོད་པ་ནི་ཁྱད་པར་རོ། །རང་སྐད་ཅིག་གིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྐུར་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་ནག་པོ་དེ་ལས་བྷྲུཾ་ཡིག་ཅིག་སྤྲོས་པ་མདུན་གྱི་ནམ་མཁར་རིན་པོ་ཆེའི་རང་བཞིན་གྱི་དཀྱིལ་


TNT13_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སྔོན་པོ་འཛམ་བུའི་གླིང་གི་དབྱིབས་ཅན་དུ་གྱུར། ཡང་པཾ་གཅིག་འཕྲོས་པ་ལས། དེའི་སྟེང་དུ་པདྨ་འདབ་མ་བཞི་པ་ཟླ་བའི་གདན་ལྔ་དང་བཅས་པར་གྱུར། ཧཱུཾ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། བླ་མ་དང་ཡིད་དམ་གྱི་ལྷ་དང་མཁའ་དབྱིངས་གང་བའི་དཀོན་མཆོག་རྒྱ་མཚོའི་ཚོགས་ཐམས་ཅད་སྤྱན་དྲངས་ཏེ་གདན་ལ་བཞུགས་པར་གྱུར། ན་མོ་གུ་རུ་བྷྱཿ དབུས་སུ་རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན། ན་མོ་བཛྲ་པཱ་ཎི་མཎྜ་ལ་དེ་བེ་བྷྱཿ ཤར་དུ་ཡི་དམ། ན་མོ་བུདྷ་ཡ། ལྷོར་སངས་རྒྱས། ན་མོ་དྷརྨཱ་ཡ། ནུབ་ཏུ་དམ་ཆོས། ན་མོཿསདྒྷ་ཡ། བྱང་དུ་དགེ་འདུན་རྣམས་སོ། །ཕྱོགས་བཅུའི་སངས་རྒྱསཐམས་ཅད་དང༌། །དཀྱིལ་འཁོར་གསང་བའི་ལྷ་ཚོགས་དང༌། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །སྒོ་གསུམ་དད་པས་ཕྱག་


TNT13_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ཎི་མཎྜལ་དེ་བེ་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པཱ་ཏྱཾ་ཨཉྩ་མ་ནཾ། མེ་ཏོག་སོགས་ལ་སྔགས་ཀྱི་མགོ་འདྲ་བ་ལ། བཛྲ་པུཥྤེ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ། བཛྲ་དྷུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནྱཻ་ཝེ་ཏེ། ཤཔྟ༴ ཞེས་སྦྱོར། སངས་རྒྱས་ཆོས་དང་དགེ་འདུན་ལ། །མཆོད་པ་བླ་ན་མེད་པས་མཆོད། །འཁོར་བ་ཐོག་མ་མེད་པ་ནས། །འཚམས་མེད་ལྔ་དང་ཉེ་བ་ལྔ། །མི་དགེ་བཅུ་དང་ལྕི་བ་བརྒྱད། ཁ་ན་མ་ཐོ་ལ་སོགས་པ། །འཕགས་པའི་ཚོགས་ལ་སོ་སོར་བཤགས། །འཇིག་རྟེན་དགེ་བཅུ་ཇི་སྙེད་དང༌། །ཉན་ཐོས་རང་རྒྱལ་དགེ་འདུན་བཅས། །རྒྱལ་བ་སྲས་བཅས་འགྲོ་དོན་མཛད། །དེ་དག་ལ་ནི་ཡི་རང་ངོ༌། །ཕྱོགས་བཅུའི་སངས་རྒྱས་ཞིང་ཁམས་ན། །མངོན་པར་རྫོགས་པར་སངས་རྒྱས་ནས། །རིང་པོ་མ་ལོན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །འཁོར་བ་ཇི་སྲིད་མ་སྟོངས་པར། །མྱ་ངན་མི་འདའ་གསོལ་བ་འདེབས། །དགེ་བཅུ་ཇི་སྙེད་སྤྱོད་པ་དང༌། །བསྡུ་བའི་དངོས་པོ་བཞི་རྣམས་དང༌།ཕ་རོལ་ཕྱིན་པ་བཅུ་ལ་སོགས། །བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །བདག་གི་ལུས་འདི་ཇི་སྲིད་དུ། །ལེན་པ་རྡོ་རྗེ་སློབ་དཔོན་དང༌། །འཁོར་ལོ་ཆེན་པོའི་ལྷ་ཚོགས་དང༌། །སངས་རྒྱས་སྲས་དང་བཅས་པ་ལ། །བདག་ཡིད་དང་བས་དབུལ་བར་བགྱི། །རྐང་གཉིས་


TNT13_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་སངས་རྒྱས་དང༌། །འདོད་ཆགས་བྲལ་བའི་ཆོས་རྣམས་དང༌། །ཚོགས་ཀྱི་ཞིང་གྱུར་དགེ་འདུན་ལ། །དད་པའི་སེམས་ཀྱིས་སྐྱབས་སུ་མཆི། །བྱང་ཆུབ་མཆོག་གི་རང་བཞིན་ཅན། །སེམས་ཅན་ཀུན་ལ་ཁྱབ་པར་གནས། །མ་རྟོགས་འཁོར་བར་འཁྱམས་པ་རྣམས། །དེ་དག་དོན་དུ་སེམས་བསྐྱེད་དོ། །དུས་གསུམ་སངས་རྒྱས་སྲས་བཅས་པས། །བསླབ་དང་སློབ་པར་འགྱུར་བ་ཡི། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང༌། །སྡོམ་པའི་ཚུལ་ཁྲིམས་ལྡན་པ་དང༌། །དགེ་བ་ཆོས་སྡུད་ཚུལ་ཁྲིམས་རྣམས། །ཡང་དག་བླངས་ཏེ་གནས་པར་བགྱི། །དུས་འདི་ཉིད་ནས་བཟུང་ནས་ནི། །འཁོར་བའི་ཉེས་པས་མ་གོས་པར། །མཆོད་པ་ཀུན་དང་ལྡན་པར་ནི། །དུས་ཀུན་དུ་ནི་བདེ་བར་མནོས། །སོ་སོའམ་བྲེང་ཆགས་སུ་ལན་གསུམ་མོ། །རྒྱས་པ་ལ་དགའ་ན། མཎྜལ་དང་མཆོད་པ་བཤམ། བསངས་སྦྱངས། བྱིན་རླབས་མཆོད་པའི་ཚིགས་བཅད་སོགས་ཀྱང་བརྗོད་དོ། །སེམས་ཅན་ཐམས་ཅད་བདེ་བ་དང་༴ ཞེས་པ་ནས། གནས་པར་གྱུར་ཅིག་གི་བར་ཚད་མེད་བཞི་སྤྱི་མཐུན་ལྟར་འདོན། ཨོཾ་ཤུནྱ་ཏ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། ལན་གསུམ། དེ་དག་ནི་སྔོན་འགྲོའོ། །སྟོང་པའི་ངང་ལས་རང་སེམས་ཧཱུཾ་ཡིག་མཐིང་ནག་ནམ་མཁར་གནས་པར་གྱུར། དེ་ལས་རཾ་ཆད་པ་ལ་ཉི་མའི་དཀྱིལ་འཁོར། ཧཱུཾ་ཆད་པ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར།


TNT13_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ལྗང༌། ལྟེ་བ་མཐིང་ནག་ཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། རྡོ་རྗེའི་ས་གཞི་རྭ་བ་དྲ་བ་གུར་བླ་རེ་ཕྱི་རོལ་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་བའི་འཁོར་ལོར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ། ལན་གསུམ། གཞུང་ལས། རླུང་དང་ཆུའི་དཀྱིལ་འཁོར་གྱི་སྟེང་དུ་སྲུང་འཁོར་བསྒོམ་པར་བཤད་ཀྱང་ད་ལྟ་ལག་ལེན་ལ་མི་མཛད་དོ། །ཡང་ཧཱུཾཿལས་ཨེ་ཆད་པ་ལས་ཆོས་ཀྱི་འབྱུང་གནས་ཕྱི་དཀར་ལ་ནང་དམར་བ་གདེངས་ཀ་གྱེན་དུ་བསྟན་པ། རྒྱ་ཁྱོན་དཔག་ཏུ་མེད་པར་གྱུར། ཧཱུཾ་ལས་ཡཾ་རཾ་བཾ་ལཾ་རྣམས་ཆད་ཆོས་འབྱུང་གི་ནང་དུ་རིམ་པས་འཁོད། ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོན་པོ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་མེ་ལྕེ་གསུམ་གྱིས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེ་ཕྱེད་པ་བཞིས་མཚན་པའོ། །འདིར་བླ་མ་སྨར་ཆེན་པོ་འབྱུང་བཞིན་ལུགས་ཟློག་ཏུ་བཞེད་དོ། །འདི་ཉིད་ཀྱི་གཞུང་ལས། ལུགས་འབྱུང་ལུགས་ཟློག་གཉིས་ཀ་མི་གསལ་མོད། གཞལ་ཡས་ཁང་གི་གདན་མ་ཡིན་པར་རྒྱུར་གཏོང་བའི་རིགས་ལ་ལུགས་འབྱུང་ལུགས་ཟློག་གང་བྱས་ཀྱང་མི་འགལ་ཞིང༌། །བླ་མའི་མན་ངག་ཉིད་ཀྱི་ཕྱིར་གཉིས་ཀར་རུང་ངོ༌། །ནམ་མཁའི་ཧཱུཾ་ལས་བྷྲུཾ་ཞིག་ཆད་དེ། འབྱུང་བ་བཞི་ལ་ཐིམ། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས། རྟེན་གྱི་དཀྱིལ་འཁོར་གཞལ་མེད་ཁང་རྗེས་འབྲང་དང་བཅས་


TNT13_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྲུབ་པ་ནི། སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེགས་བུ་ལ་གནས་པའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་གྲུ་བཞིའི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དུ་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། རིན་པོ་ཆེའི་ཕ་གུ་སེར་པོ་དང༌། དྲ་ཕྱེད་དང༌། ཤར་བུ་དང༌། མདའ་ཡབ་ཀྱིས་བསྐོར་བ། རྩིག་པའི་ཕྱི་རོལ་གྱི་འགྲམ་དུ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་མཆོད་པའི་གཟུངས་མ་རྣམས་འཁོད་པ། སྒོ་ཁང་རྣམས་ཀྱི་སྟེང་དུ། ཟུར་བཞི་ནས་ཀ་བ་རྣམས་ཀྱིས་བཏེགས་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་འཁོར་ལོ་དང༌། གདུགས་དང༌། རི་དྭགས་ཀྱི་གཟུགས་བརྙན་དང་བཅས་པ། ནང་ཀ་བ་བརྒྱད་དང་ལྡན་པའི་སྟེང་གཙང་ཁང་ཕྱུར་བུར་གྱུར་པའི་དབུས་ཀྱི་རྩེ་མོ་རྡོ་རྗེ་རིན་པོ་ཆེ་ཏོག་གིས་བརྒྱན་པ། འོག་གཞི་ཉི་མའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཁོར་ཡུག་ནག་པོ་རིམ་པ་གཉིས་ཀེང་རུས་ཀྱི་འཕྲེང་བས་བརྒྱན་པའི་བར་སྟོངས་ཀྱི་གཞི་ལ་དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། ཤིང་དང༌། སྤྲྀན་དང༌། མེ་དང༌། ཆུ་དང༌། མཆོད་རྟེན་དང༌། ཀླུ་དང༌། གྲུབ་པ་ཐོབ་པའི་དཔའ་བོ་དང༌། རྣལ་འབྱོར་མ་དང༌། རོ་དང༌། རོ་ལངས་དང༌། ཤ་ཟ་དང༌། སྲིན་པོ་དང༌། བྱ་དང་གཅན་གཟན་སྣ་ཚོགས་


TNT13_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡོངས་སུ་གང་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའོ། །རྒྱན་གྱི་རྣམ་པ་ཐམས་ཅད་དང་ལྡན་པའི་གཞལ་མེད་ཁང་ཆེན་པོའི་ནང་གི་ལྷ་རྣམས་ཤར་དཀར། ལྷོ་སེར་ནུབ་དམར། བྱང་ལྗང༌། དབུས་སྔོ་བའི་སྟེང་དུ་འཁོར་ལོ་སྔོན་པོ་རྩིབས་བཞི་པ། མུ་ཁྱུད་ལ་གྲི་གུག་དང༌། ཐོད་སྐམ་གྱི་འཕྲེང་བས་བསྐོར་པ། འཁོར་ལོའི་ལྟེ་བར་སྣ་ཚོགས་པདྨའི་སྟེང་དུ་གཡས་སུ་ཚངས་པ་དཀར་པོ་དང༌། གཡོན་དུ་བརྒྱ་བྱིན་སེར་པོ་ཁ་བུབ་ཏུ་གནས་པ། དེ་གཉིས་ཀྱི་སོགས་ཕྲག་ཏུ་གཡས་སུ་ཟླ་བ་དང་གཡོན་དུ་ཉི་མའོ། །འཁོར་ལོའི་རྩིབས་རྣམས་ལ་ཤར་དུ་དྲི་ཟ་ཕོ་མོ། ལྷོར་གཤིན་རྗེ་ཕོ་མོ། ནུབ་ཏུ་ཆུ་བདག་ཕོ་མོ། བྱང་དུ་གནོད་སྦྱིན་ཕོ་མོ་རྣམས་ཁ་བུབ་བྱིན་བཅིངས་སུ་བསྣོལ་བའི་སྟེང་དུ་ཉི་མའི་དཀྱིལ་འཁོར་རེ་རེའོ། །སྒོ་བཞིའི་སྒོ་ཕུགས་ཀྱི་ནང་གཡས་དང་གཡོན་དུ་ཟླ་བའི་གདན་རེ་རེའང་གྲུབ་པར་གྱུར། དབུས་ཀྱི་གདན་གྱི་སྟེང་དུ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ གཡས་སྐོར་དང་གཡོན་སྐོར་ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་སྟེང་དུ་ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ཝ་ལ། ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ། གཡས་སྐོར་དང་གཡོན་སྐོར་ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཉི་མའི་


TNT13_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ནམ་མཁར་གནས་པའི་རང་སེམས་ཧཱུཾ་ཡིག་སྒྲ་དང་བཅས་བཞིན་དུ་ནམ་མཁའ་ནས་བབས་ཏེ། ཟླ་ཉིའི་བར་དུ་བཞུགས། དེ་ལས་ཐོད་པ་དུམ་བུ་གཅིག་པ། དཔྲལ་བ་ལ་ཨཾ་ཡིག་གིས་མཚན་པ། དེའི་ནང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཐོད་པར་ཕྱེད་ཙམ་ནུབ་པའི་ལྟེ་བར་ཧཱུཾ་གིས་མཚན་པ་ནི་སོ་སོར་རྟོགས་པའི་ཡེ་ཤེས་སོ། །དེ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཚུར་འདུས། རྡོ་རྗེ་ཐོད་པ་ས་བོན་དང་བཅས་པ་ལ་ཐིམ་པ་ནི། བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །ཉི་ཟླ་ས་བོན་ཕྱག་མཚན་དང་བཅས་པ་རོ་གཅིག་ཏུ་འདྲེས་པ་ལས། སྐུ་ཡོངས་སུ་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཡང་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྗེས་སུ་གནང་ཞིང་བྱིན་གྱིས་རླབས་པ། སྐུ་མདོག་མཐིང་ནག་དུས་མཐའི་སྤྲིན་དང་མཚུངས་ཤིང༌། གློག་འཕྲེང་ལྟར་རྣོ་ཞིང་ཚ་བའི་ཁ་རླངས་འབྱིན་པ། ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་མཐིང་ནག་ཤིན་ཏུ་ཁྲོས་ཤིང་རྔམ་པ། ཨ་ལ་ལའི་གད་རྒྱངས་འབྲུག་སྒྲ་ལྟར་སྒྲོག་པ། གཡས་ཞལ་དཀར་པོ་ཡིད་ཙམ་འཛུམ་ཞིང་བཞད་པ། གཡོན་ཞལ་དམར་པོ་ཡ་སོས་མ་མཆུ་མནན་ཞིང་


TNT13_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མ་རུངས་པ་རྣམས་ཞེ་ལ་མནན་པ། ཞལ་རེ་རེ་ལ་མེ་སྟག་གི་ཕུང་པོ་ལྟར་དམར་བའི་སྤྱན་གསུམ་གསུམ་དང༌། མི་བཟད་པའི་མཆེ་བ་རྣོན་པོ་བཞི་བཞི་གཙིགས་པ། ཟླ་བ་ཉ་གང་བ་ལྟར་རབ་ཏུ་རྒྱས་པའི་བཞིན་གྱི་དཀྱིལ་འཁོར་ཁྲོ་གཉེར་བསྡུས་ཤིང༌། སྨ་ར་ཨག་ཚོམ་སྨིན་མ་མེ་ལྟར་འབར་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང་རྩེ་མོར་རྡོ་རྗེས་བརྒྱན་པ། ཕྱག་དྲུག་གི་གཡས་ཀྱི་དང་པོས་འབར་བའི་རྡོ་རྗེ་རྩེ་ལྔ་པ་རྭ་གདེངས་པ་འཕྱར་ཞིང་གསོར་བ། གཡོན་དང་པོ་སྡིགས་མཛུབ་ཀྱིས་གདུག་པ་ཅན་མ་ལུས་པ་སྡིགས་ཤིང་གསོད་པ། ཕྱག་བར་པ་གཉིས་ཡུམ་ལ་འཁྱུད་ཚུལ་གྱི་ཐལ་མོ་བརྡབས་པས་རི་རབ་གཞིག་ཅིང༌། བདུད་ཀྱི་འཇིག་རྟེན་མཐའ་དག་རླག་པར་མཛད་པ། ཕྱག་ཐ་མ་གཉིས་ཀྱིས་ཀླུ་རྒྱལ་གདུག་པ་སྦྲུལ་ནག་པོའི་གཟུགས་ཅན་རེ་རེ་སྐེད་པ་ནས་བཙིར་ཏེ། སྟ་ཟུར་གཡས་གཡོན་གྱི་ཐད་ཀ་ནས་འཛིན་ཞིང་མགོ་བོ་རྩ་ཞལ་དུ་གསོལ་ནས་མཇུག་མ་ཞབས་གཉིས་ཀྱིས་འོག་ཏུ་མནན་པ། སྐུ་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ། ཞབས་གཡས་བསྐུམ་པས་ཚངས་པ་དང་ཟླ་བ་མནན་ཞིང༌། གཡོན་བརྐྱང་བས་བརྒྱ་བྱིན་དང་ཉི་མ་བརྫིས་པ། སྟག་གི་པགས་པའི་སྨད་དཀྲིས་བརླའི་སྟེང་དུ་འཕྱང་ཞིང༌། དར་སྔོན་པོའི་སྟོད་གཡོགས་ཅན། ནོར་རྒྱས་དང་དུང་སྐྱོང་རྒྱལ་རིགས་སེར་པོས་དབུ་རྒྱན།


TNT13_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོ་དང་གཉེན་དགའ་རྗེ་རིགས་དམར་པོས་སྙན་ཆ། པདྨ་དང་ཆུ་ལྷ་བྲམ་ཟེའི་རིགས་དཀར་པོས་དཔུང་རྒྱན། སྟོབས་རྒྱུ་དང་རིགས་ལྡན་དམངས་རིགས་ནག་པོས་ཚངས་སྐུད་དང༌། སྐེ་རགས་བྱས་པ་སྟེ་གདུག་པའི་སྦྲུལ་རྣམས་ཀྱིས་སྐུ་ལ་བརྒྱན་པའོ། །ཐོད་སྐམ་གྱི་དབུ་རྒྱན། མི་མགོའི་དོ་ཤལ། རིན་པོ་ཆེའི་ཅོད་པན་ལ་སོགས་པ་ཆ་བྱད་ཐམས་ཅད་ཡོངས་སུ་རྫོགས་པ། བསྐལ་པའི་མེ་ལྟ་བུའི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེ་ལྟར་རང་ཉིད་དམ་ཚིག་སེམས་དཔའི་ཐུགས་ཀར་ཉི་མའི་གདན་ལ་སངས་རྒྱས་ཀྱི་གོས་སྔོན་ཅན་མི་བསྐྱོད་པ་སྔོན་པོ། གཡས་རྡོ་རྗེ་རྩེ་ལྔ་པ་འཕྱར་བ། གཡོན་སྡིགས་མཛུབ་ཐུགས་ཀར་གཏོད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པས་བཞེངས་པ་ནི་ཡེ་ཤེས་སེམས་དཔའོ། །དེའི་ཡང་ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་མེ་འབར་བ་ནི། ཏིང་ངེ་འཛིན་སེམས་དཔའོ། །གཙོ་བོ་བཅོམ་ལྡན་འདས་ཀྱི་པང་དུ་ཡུམ་ལྷ་མོ་མཛེས་ལྡན་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཁྲོ་མ་འཛུམ་གྱི་རྣམ་པ་ཅན། ཕྱག་གཡས་རྡོ་རྗེ་གྲི་གུག་ནམ་མཁའ་ལ་འཕྱར་ཞིང༌། གཡོན་ཐོད་པ་དམར་གྱིས་གང་བ་འཛིན་པས་གཙོ་བོའི་མགུལ་ནས་འཁྱུད་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་ཤིང་སྤྱན་གསུམ་པ། རུས་པའི་རྒྱན་དྲུག་དང་ལྡན་པ། ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་


TNT13_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། ཞབས་གཡས་བརྐྱང་ཞིང༌། གཡོན་ཡབ་ཀྱི་སྐུ་ལ་འཁྲིལ་བ། བདེ་བ་ཆེན་པོའི་དགའ་བས་བརྒྱན་པའོ། །དེ་ནས་འཁོར་གྱི་ལྷ་ཚོགས་སྤྲོ་བར་བྱ་སྟེ། ཡབ་ཀྱི་གསང་གནས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་ཞིང་རྩེ་མོར་ཕཊ་ཀྱིས་བརྒྱན་པ། ཡུམ་གྱི་མཁའ་ཨཿལས་བྱུང་བའི་པདྨ་དམར་པོ་འདབ་མ་གསུམ་པ་ཨཿཡིག་གིས་མཚན་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་བསྐུལ་བས་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། མཁའ་དབྱིངས་གང་བའི་སངས་རྒྱས་འཁོར་དང་བཅས་པ་ཐམས་ཅད་སྤྱན་དྲང་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། ཐུགས་ཀར་རྗེས་ཆགས་ཀྱི་མེས་ཡོངས་སུ་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པ་བྱང་ཆུབ་ཀྱི་སེམས་དཀར་ལ་དམར་བའི་མདངས་ཅན་གྱི་ཕུང་པོར་གྱུར། དེ་ཉིད་ཆ་བཅུ་དྲུག་པ་གཉིས་སུ་གྱུར། ཆ་བརྒྱད་ཐིག་ལེ་དཀར་དམར་ཉི་ཟླ་ཁ་སྦྱོར་གྱི་རྣམ་པ་བཞིར་གྱུར། ཆ་བཞི་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དང༌། བཞི་ཡོངས་སུ་གྱུར་པ་ལས་ཐོད་པར་གྱུར། ཐོད་ཁྲག་གི་ནང་དུ་རྡོ་རྗེ་ཕྱེད་ནུབ་ཙམ་ཆ་བཞི་མཁའ་ནང་ནས་ཕྱིར་སྤྲོས་ཏེ། འཁོར་ལོའི་རྩིབས་བཞི་ལ་འཁོད། ཨོཾ་བཛྲ་སྥ་ར་ཎ་ཧཱུཾ་ཕཊ། ལན་བརྒྱད། ཤར་དུ་ཁྲོ་བོ་ཆེན་པོ་བདུད་ལས་རྒྱལ་བྱེད་སྐུ་མདོག་དཀར་པོ་ཕྱག་བཞིའི་གཡས་ཀྱི་དང་པོ་རྡོ་རྗེ། གཡོན་དང་པོ་འཁོར་ལོའི་ལྟེ་བ་ནས་ཡར་བཏོན་པའི་མདུང་རྩེ་གསུམ་པ་འཛིན་པ་ལ། ཡུམ་འོད་ཟེར་ཅན་མ་དཀར་མོ་གཡས་


TNT13_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་གྲི་འཕྱར་ཞིང༌། གཡོ་ཐོད་ཁྲག་འཛིན་པས་འཁྱུད་པའོ། །ལྷོ་ཕྱོགས་སུ་ཁྲོ་བོ་གཟི་བརྗིད་མཐའ་ཡས་སྐུ་མདོག་སེར་པོ། ཕྱག་བཞིའི་གཡས་ཀྱི་དང་པོ་རྡོ་རྗེ་འཕྱར་ཞིང༌། གཡོན་རིན་པོ་ཆེས་མཚན་པའི་དབྱུག་པ་བསྣམས་པ། ཡུམ་མདངས་ལྡན་མ་སེར་མོ་གཡས་རྡོ་རྗེ་ཟངས་གྲི་དང༌། གཡོན་ཐོད་ཁྲག་འཛིན་པས་འཁྲུད་པ། གཤིན་རྗེ་ཕོ་མོ་ཞབས་ཀྱི་འོག་ཏུ་གནོན་པའོ། །ནུབ་ཏུ་ཁྲོ་བོ་རྔམ་པའི་སྒྲ་སྒྲོག་སྐུ་མདོག་དམར་པོ། ཕྱག་བཞིའི་གཡས་དང་པོས་རྡོ་རྗེ་འཕྱར་ཞིང༌། གཡོན་དང་པོས་པདྨ་དམར་པོ་དང་སྦྲུལ་ཞགས་འཛིན་པ། འདིར་པདྨ་དམར་པོས་མཚན་པའོ། །སྦྲུལ་ཞགས་ཞེས་ཕལ་ཆེར་འཆད་ཀྱང༌། སྦྲུལ་ཞགས་ལ་པདྨས་མཚན་པ་མི་བདེ་བས་དཀྱུས་ལྟར་བྱའོ། །ཡུམ་སྒྲ་དབྱངས་ཅན་མ་ལི་ཁྲིའི་མདོག་ཅན་གཡས་དགྲ་སྟ་དང༌། གཡོན་ཐོད་ཁྲག་འཛིན་པས་འཁྱུད་པ། ཆུ་ལྷ་ཕོ་མོ་ཞབས་ཀྱིས་གནོན་པ། བྱང་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་ཁུ། ཕྱག་བཞིའི་གཡས་དང་པོ་རྡོ་རྗེ་རྩེ་ལྔ་འཕྱར་ཞིང༌། གཡོན་དང་པོ་སྣ་ཚོགས་རྡོ་རྗེས་མཚན་པའི་བེ་ཅོན་འཛིན་པ། ཡུམ་རླུང་འབྱིན་མ་སྣ་ཚོགས་མདོག་ཅན་ནམ་ལྗང་ཁུ་ཕྱག་གཡས་འཁོར་ལོ་དང༌། གཡོན་ཐོད་ཁྲག་འཛིན་པས་འཁྱུད་པ། དེ་ལྟར་ཁྲོ་བོ་བཞི་པོ་ཐམས་ཅད་ཕྱག་འོག་མ་གཉིས་ཐུགས་ཀར་སྡིགས་མཛུབ་བསྣོལ་བའི་ཕྱག་རྒྱས་རང་རང་གི་ཡུམ་ལ་འཁྱུད་པ། སྟག་ལྤགས་ཀྱི་སྨད་དཀྲིས་དང། དར་སྔོན་པོའི་སྟོད་གཡོགས་དང༌། སྦྲུལ་


TNT13_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱན་དང༌། མི་མགོ་སྐམ་རློན་གྱི་དོ་ཤལ་ལ་སོགས་པ་རྒྱན་དང་ཆ་བྱས་བཅོམ་ལྡན་འདས་གསང་བའི་བདག་པོ་ཉིད་དང་མཚུངས་ཤིང༌། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །ཁྲོ་མོ་བཞི་པོ་རྣམས་ཀྱང་གཅེར་བུ་རུས་པའི་རྒྱན་ཅན་ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་འཕྱང་བ། གཡས་བརྐྱང་གི་སྟབས་ཀྱིས་རང་རང་གི་ཐབས་དང་སྦྱོར་བ་སོགས་ཆ་བྱད་ཐམས་ཅད་བཅོམ་ལྡན་འདས་མ་དང་མཚུངས་པའོ། །ཨོཾ་སྥ་ར་ཎ་ཧཱུཾ་ཕཊ། ལན་བརྒྱད་བརྗོད། མཁའ་ནང་དུ་གནས་པའི་ཐིག་ལེ་ཆ་ལྷག་མ་བརྒྱད་ཕྱིར་སྤྲོས་ཏེ། སྒོ་བཞིའི་ཟླ་བའི་གདན་རྣམས་སུ་འཁོད་པ་སྒོ་སྐྱོང་རྣམས་སུ་གྱུར་པ་ནི། ཤར་གྱི་སྒོ་ཁྱུད་ཀྱི་ནང་གི་གཡས་སུ་རྡོ་རྗེ་ལྕགས་ཀྱུ་དང༌། གཡོན་དུ་ལྕགས་ཀྱུ་མ་སྟེ་གཉིས་ཀར་ཡང་སྐུ་མདོག་དཀར་བ། ཕྱག་གཉིས་ལྕགས་ཀྱུ་བསྣམས་པའོ། །ལྷོའི་སྒོ་ཁྱུད་ཀྱི་ནང་གི་གཡས་སུ་རྡོ་རྗེ་ཞགས་པ་དང༌། གཡོན་དུ་ཞགས་པ་མ་སྟེ་གཉིས་ཀར་ཡང་སྐུ་མདོག་སེར་པོ་ཕྱག་གཉིས་ཞགས་པ་འཛིན་པའོ། །ནུབ་གྱི་སྒོ་ཁྱུད་ཀྱི་ནང་གི་གཡས་སུ་རྡོ་རྗེ་ལྕགས་སྒྲོག་དང༌། གཡོན་དུ་ལྕགས་སྒྲོག་མ་སྟེ་གཉིས་ཀར་ཡང་སྐུ་མདོག་དམར་བ་ཕྱག་གཉིས་ལྕགས་སྒྲོག་འཛིན་པའོ། །བྱང་གི་སྒོ་ཁྱུད་ཀྱི་ནང་གི་གཡས་སུ་རྡོ་རྗེ་དྲིལ་བུ་དང༌། གཡོན་དུ་དྲིལ་བུ་མ་སྟེ་གཉིས་ཀར་ཡང་སྐུ་མདོག་ལྗང་ཁུ། ཕྱག་གཉིས་དྲིལ་བུ་འཛིན་པ་དང༌། སྡིགས་མཛུབ་མཛད་པའོ། །དེ་


TNT13_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་སྟག་སྤགས་དང༌། སྦྲུལ་རྒྱན་ཅན་ཡབ་རྣམས་གཡོན་བསྐུམ་གཡས་བརྐྱང་དང༌། ཡུམ་རྣམས་གཡས་བསྐུམ་གཡོན་བརྐྱང་བས་གནས་པའོ། །སྒོ་སྐྱོང་འདི་རྣམས་ཁ་སྦྱོར་གྱི་སྐུ་ཅན་མ་ཡིན། ཡབ་ཡུམ་སོ་སོར་ཞལ་སྤྲོད་དུ་བཞུགས་པ་ཡིན། འདི་དག་ལ་ཐིག་ལེ་ལས་སོ་སོའི་ཕྱག་མཚན་དུ་གྱུར་ནས་བསྐྱེད་པའི་ལུགས་ཡོད་པ་ལྟར་བྱས་ཀྱང་འགལ་བ་མེད་དོ། །དེ་ལྟར་འཁོར་བཅོ་བརྒྱད་པོ་ཐམས་ཅད་ཀྱང་སྤྱན་གསུམ་པ་མཆེ་བ་གཙིགས་པ་ཁྲོ་གཉེར་བསྡུས་པ་སྐྲ་སེར་གྱེན་དུ་བརྫེས་པ། གར་གྱི་ཉམས་དགུ་དང་ལྡན་ཞིང༌། གདུལ་དཀའ་མ་ལུས་པ་འདུལ་བར་མཛད་པ། ཁྲོ་བོ་དང་ཁྲོ་མོའི་ཆ་བྱད་ཡོངས་སུ་རྫོགས་ཤིང་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་མཛད་པའོ། །དེ་དག་ནི་དམ་ཚིག་གི་དཀྱིལ་འཁོར་རོ། །དེ་ནས་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་གསང་བའི་བདག་པོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་བྱོན་པ་དང༌། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་གཅིག་ཏུ་འདུས་པ་རྣམས་རོ་མཉམ་དུ་འདྲེས་ཏེ། དཔལ་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་དུ་གྱུར་པ་བཛྲ་ས་མ་ཛཿ མ་ལུས་སེམས་ཅན༴ ནས། བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་༴ ཞེས་པ་ནས། མཆོད་པ་བླ་ན་མེད་པས་མཆོད་ཀྱི་བར། གོང་ཚོགས་ཞིང་གི་སྐབས་ལྟར་ཕྱག་མཆོད་བྱ། སོ་སོའི་ཕྱག་རྒྱ་དང་བཅས་ཏེ། ཛཿཧཱུཾ་བཾ་ཧོཿ གཉིས་


TNT13_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པར་ཐིམ། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གར་ཉི་མ་ལ་ཧཱུཾ་མཐིང་ནག་གོ །དེ་རྣམས་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༌། ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་བསྡུས་ཏེ། གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལ་ཐིམ། ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་སངས་རྒྱས་ཐམས་ཅད་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པས་རྣམ་པར་ཨོཾ་བཛྲ་ས་མ་ཛཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ༴ སོགས་ཉེར་སྤྱོད་ལྔས་མཆོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་ལ་རིགས་ཤེས་པར་བྱ་བའི་ཕྱིར་དབང་བསྐུར་དུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། རྡོ་རྗེ་དང་འཁོར་ལོ་ལ་སོགས་པའི་མཚན་མ་དང་ལྷན་གཅིག་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཕྱག་ཏུ་བསྣམས་པའི་དབང་གི་ལྷ་རྣམས་ཀྱིས་ཨོཾ་ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ལྷ་རྣམས་ཀྱྀས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲེ་ཡེ་ཧཱུཾ། ཞེས་གསུངས་ཤིང༌། དབང་བསྐུར་བས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་སྐུ་ལུས་གང༌། སྒོ་གསུམ་གྱི་དྲི་མ་ཐམས་ཅད་སྦྱངས།


TNT13_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་འཁོར་ཐམས་ཅད་ལ་དབང་རྟགས་སུ་རྒྱལ་བ་མི་བསྐྱོད་པ་རེ་རེས་དབུ་རྒྱན་པར་གྱུར། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། གསལ་ཞིང་དྭངས་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། ཞེས་བརྗོད་ལ། དཀྱིལ་འཁོར་གྱི་ལྷ་རྣམས་སྣང་སྟོང་གཉིས་སུ་མེད་པར་ཐོས། ཡང་ཚོགས་ཞིང་གི་སྐབས་བཞིན། ཨརྒྷཾ྄༴ ནས་ཤབྷའི་བར་གྱི་མཆོད་པ་ཕུལ། ཧཱུཾ་དེ་ནས་གསང་བའི་དཀྱིལ་འཁོར་འདིར། །རྡོ་རྗེ་མེ་དཔུང་འོད་དང་ལྡན། །དེ་ཉིད་མཁའ་དང་འབྱུང་བ་ལས། །དུར་ཁྲོད་བརྒྱད་དང་ལྡན་པའི་གནས། །ཧཱུཾ་ཐབས་དང་ཤེས་རབ་སྦྱོར་བ་ཡི། ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །བགེགས་རིགས་སྟོང་ཕྲག་འཇོམས་མཛད་པའི། །འཁོར་ལོའི་བདག་པོར་ཕྱག་འཚལ་བསྟོད། ཐབས་དང་སོགས་ཚིགས་རྐང་གོང་མ་གཉིས་འདྲ་བ་ལས། དྲི་ཟ་གདུག་པ་འདུལ་མཛད་པའི། །བདུད་ལས་རྒྱལ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་གདུག་པ་འདུལ་མཛད་པའི། །རྡོ་རྗེ་གཟི་བརྗིད་ཕྱག་འཚལ་བསྟོད། །ཆུ་ལྷ་གདུག་པ་འདུལ་མཛད་པའི། །རྔམ་པ་སྒྲ་སྒྲོག་ཕྱག་འཚལ་བསྟོད། །གནོད་སྦྱིན་གདུག་པ་འདུལ་མཛད་པའི། །རྡོ་རྗེ་ལས་ལ་ཕྱག་འཚལ་བསྟོད། །ཧཱུཾ་འབྱུང་བ་ལྔའི་བདག་ཉིད་ཆེ། །མཛེས་ལྡན་འོད་ཟེར་ཅན་མ་དང༌། །མདངས་ལྡན་སྒྲ་དབྱངས་རླུང་འབྱིན་ཏེ། །སྐྱེད་བྱེད་ལས་ཀུན་


TNT13_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ལ་བསྟོད། །བཀའ་ཉན་ཕོ་ཉ་ལས་མཛད་པ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །འགུགས་ཤིང་སྡུད་དང་སྡོམས་དང་འཛིན། །མཐའ་འདུལ་ལས་ཀུན་སྒྲུབ་ལ་བསྟོད། ནང་མཆོད་དམིགས་ནས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུ་ཊ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། གིས་སྦྱངས། སྟོང་པའི་ངང་ལས་འོག་ཏུ་ཡཾ་ལས་རླུང་དེའི་སྟེང་དུ་རཾ་ལས་མེ། དེའི་སྟེང་དུ་ཀཾ་ལས་ཐོད་སྐམ་གྱི་སྒྱེད་པུ་གསུམ། དེའི་སྟེང་དུ་ཨཱཿལས་ཐོད་པ་དུམ་བུ་གཅིག་པ། ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤར་དུ་གོ་ལས་བ་གླང་གི་ཤ ལྷོར་ཀུ་ལས་ཁྱིའི་ཤ ནུབ་ཏུ་ད་ལས་གླང་པོ་ཆེའི་ཤ བྱང་དུ་ཧ་ལས་རྟའི་ཤ དེ་རྣམས་ཀྱི་སྟེང་ན། ཤར་དུ་བེ་ལས་དྲི་ཆེན། ལྷོར་ར་ལས་རཀྟ། ནུབ་ཏུ་ཤུ་ལས་བྱང་སེམས། བྱངདུ་མ་ལས་ཀླད་པ་རྣམས་ཡེ་ཤེས་ལྔའི་ངོ་བོ། དེ་རྣམས་ཀྱི་སྟེང་དུ་ཨོཾ་མགོ་བོ་ཐུར་དུ་བསྟན་པ། དེའི་སྟེང་དུ་ཨ་ལས་བྱུང་བའི་ཟླ་བ་ལ་གནས་པའི་རྡོ་རྗེ་ཧཱུཾ་གིས་མཚན་པ། ཧཱུཾ་དེ་ལས་འོད་ཟེར་འོག་ཏུ་འཕྲོས། རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་ཁོལ་བ་ཁ་དོག་དམར་པོར་གྱུར། ཡང་ཧཱུཾ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། རྡོ་རྗེ་ཧཱུཾ་ལྡན་ལ་ཐིམ། དེ་ཟླ་བ་ལ་ཐིམ། དེ་ཨོཾ་ལ་ཐིམ། ཨོཾ་ཡིག་དམ་རྫས་ལ་ཐིམ་པས་ཁ་དོག་དྲི་


TNT13_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ནུས་མཐུ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ལན་མང་དུ་བརྗོད། སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་ཞལ་དུ་ཨི་དམ་ཨ་མྲྀ་ཏ་མཧཱ་སྭ་ད་ཧཱུཾ། ཕྱག་ན་རྡོ་རྗེ་མཁའ་འགྲོ་སེང་གདོང་མ། །གྲུབ་ཐོབ་ས་བ་རི་དང་ཛ་བ་རི། །དེ་བ་པུརྞ་གར་ལོ་ཆོས་ཀྱི་བཟང༌། །རིན་ཆེན་དངོས་གྲུབ་སྨར་སྟོན་ཆོས་རྒྱལ་དང༌། །སྒང་སྟོན་ཤེར་བླ་ཇོ་སྲས་ཤེར་འབུམ་དང༌། །ཤུག་སྦུག་སྔགས་འཆང་[ཁྲུ་སྟོན་ཤེས་རབ་གྲུབ་ཟེར]གྲུ་སྟོན་རྡོ་རྗེ་སེང༌། །བཅོམ་ལྡན་རིག་རལ་ཞང་སྒོམ་ཞིག་[རིན་རྒྱལ]པོ་དང༌། སངས་རྒྱས་[འཇམ་དབྱངས]དཔལ་དང་ཀུན་མཁྱེན་དགེ་འདུན་བཟང༌། རྒྱུད་འཛིན་སངས་རྒྱས་བྲག་དཀར་སེམས་དཔའ་དང༌། བསོད་ནམས་རྒྱལ་མཚན་རྗེ་བཙུན་རྡོ་རིངས་དབོན། །རྩ་བའི་བླ་མ་དཀྱིལ་འཁོར་འཁོར་ལོའི་མགོན། །འཁྲིད་ལུང་བཤད་རྒྱུད་བླ་མ་རྣམས་ལ་མཆོད། ཨི་དམ༴ སོགས་སྦྱར། ཡང་ཆོས་ཀྱི་བཟང་༴ ཞེས་པའི་རྗེས་ལ། གཤེན་རིགས་སྟོན་པ་རིན་ཆེན་དངོས་གྲུབ་དང༌། །ཆོས་ཀྱི་རྒྱལ་མཚན་ཤེས་རབ་རྡོ་རྗེ་དང༌། །ཐུབ་པ་ཤེས་རབ་བརྩོན་འགྲུས་སེང་གེ་དང༌། །ཆོས་རྒྱལ་ཤེས་རབ་གྲུབ་སྟེ་སྨར་སྟོན་དྲུག །རིན་ཆེན་སེང་གེ་མཁས་མཆོག་རིན་ཆེན་གྲུབ། །རྒྱལ་བ་ཆོས་གྲུབ་བཀའ་བཞི་རིན་རྒྱལ་བ། །དཀོན་མཆོག་དཔལ་བཟངདོན་གྲུབ་རྒྱལ་མཚན་དང༌། །བཀྲ་ཤིས་རྒྱལ་མཚན་དཔལ་ལྡན་ཆོས་བཟང་སོགས། དབང་རྒྱུད་བླ་མ་རྣམས་ལ་མཆོད་པ་


TNT13_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། ཡང་བརྩོན་འགྲུས་སེང་གེའི་རྗེས་ལ། ཆོས་ཀྱི་རྒྱལ་པོ་ཞེས་ཏེ་སྨར་སྟོན་ལྔ། །གན་ཆག་དབང་རྒྱལ་མཇིམས་ཆེན་རྒྱལ་མཚན་དཔལ། །ཀུན་མཁྱེན་ཆེན་པོ་ས་བཟང་པཎ་ཆེན་སོགས། །བྱིན་རླབས་བརྒྱུད་པ་རྣམས་ལ་མཆོད་པ་འབུལ། བརྒྱུད་པ་འདིའི་འཕྲོས་འཁྲིད་དང་ཚིག་བརྒྱུད་ནི་འཕགས་པ་ཀུན་བཟང། བྲག་དཀར་བྱང་སེམས། སེམས་དཔའ་བསོད་ནམས་རྒྱལ་མཚན། མཁན་ཆེན་བཀྲ་ཤིས་རྣམས། རྗེ་བཙུན་གྲོལ་མཆོག རྗེ་ལྷ་དབང་གྲགས་པ་རྣམས་སོ། །ཨོཾ་ནཱི་ལམྦར་དྷ་ར་བཛྲ་པཱ་ཎི་ཧྲི་ད་ཡ་མཧཱ་ཀྲོ་དྷཱ་སཏྭ་ཧཱུཾ་ཧཱུཾ་ཕཊ། ཨི་དམ༴ སོགས་སོ། འདི་ཉིད་ཀྱི་རྫོགས་རིམ་དངོས་རྣམས་སྒོམ་པར་འདོད་ན་སྐབས་འདིར་བསྒོམ། བཟླས་པ་ནི།ཏདྱ་ཐཱ། བྷོ་བྷོ་པ་ན་ནཱ་ག་པ་དྷི་པ་ཏ་ཡེ་ཨི་དམ་ནཱི་ལཱ་བ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲྀ་ད་ཏ་ཡཾ་ཡ། ས་མ་ཏི། ཀྲ་མ་ཏི། ཨུཏ་པ་དཱ་ནཾ། བྷ་ཝི་ཥྱ་ཏི་ཧཱུཾ་ཧཱུཾ། ཞེས་པ་འདི་གཙོ་བོའི་རྒྱུན་སྔགས་སོ། །ཨོཾ་པ་ར་ཀྲ་མཱ་ཡ་ཕཊ། ཀྲི་ཏཱན་ཏ་ཡ་ཕཊ། ཀྲི་ཏཱན་ཏ་རུ་པཱ་ཡ་ཕཊ། རོ་ཥ་ཎ་ཡ་ཕཊ། །བི་དྷ་ར་ཎཱ་ཡ་ཕཊ། ཀྲོ་དྷ་སཏྭ་ནཱ་ཡ་ཕཊ། ནཱི་ལ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་ཡ་ཕཊ། དེ་དག་ནི་ཁྲོ་བོ་ཡབ་བཞི་ཡུམ་བཞིའོ། །ཨོཾ་ཧ་ར་ཧ་ར། དྷ་ར་དྷ་ར། པྲ་ཧ་ར་པྲ་ཧ་ར། མཱ་ར་ཡ་མཱ་ར་ཡ། ཧཱུཾ་ཕཊ། སྒོ་བ་བཞིའི་འོ། །ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷཱ། །ཧ་ས་ཧ་ས། ནཱ་ཤ་ཡ་ན་ཤ་ཡ་ཧཱུཾ་ཕཊ། སྒོ་མ་བཞིའི་སྔགས་ཏེ། བསྙེན་པའི་སྐབས་གཙོ་བོ་ལ་བཞི་འབུམ། འཁོར་ལ་བཞི་ཁྲི། ཞེས་འཆད་པ་དང༌། ཡང་དཀྱིལ་འཁོར་འབྲི་བ་སོགས་ཀྱི་དོན་ལ། གཙོ་བོ་ལ་བཞི་ཁྲི།


TNT13_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་བཞི་སྟོང་གིས་ཀྱང་ཆོག་པར་འདོད་པའང་ཡོད་མོད་ཀྱང༌། སྔར་དཀྱིལ་འཁོར་གཞན་གྱི་བསྙེན་པ་མ་སོང་ན་བཞི་འབུམ་ཉིད་བཟླ་བ་ལེགས། ཡང་བསྙེན་པའི་དུས་གཙོ་བོའི་རྒྱུན་བཟླས་ཁོ་ན་བྱེད་ཅིང༌། བསྙེན་སྒྲུབ་སྒྲེལ་བའི་དུས་གཙོ་འཁོར་སྒྲགས་ཏེ་བཟླའོ་ཞེས་འདོད་པའང་ཡོད་མོད་ཀྱི། ལག་ལེན་དུ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མཧཱ་ཀྲོ་དྷ་སཏྭ་ཧཱུཾ་ཕཊ། ཅེས་པའི་ཉེ་སྙིང་བཞི་ཁྲི་སོགས་ཇི་ལྟར་འོས་པ་སྔོན་དུ་འགྲོ་བའི་སྒོ་ནས། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧྲྀ་ད་ཡ་མཧཱ་ཀྲོ་དྷ་སཏྭ་ཧཱུཾ་ཕཊ། ཅེས་པ་ལ་འབྲུ་འབུམ་སོང་ན་རབ། མ་ཐ་ཡང་བཞི་འབུམ་བཟླའོ། །དེ་ནས་གཙོ་བོའི་རྒྱུན་སྔགས་ཀྱང་བཞི་འབུམ་མམ་བཞི་ཁྲི་སོགས་བཟླས་ཀྱང་ལེགས་མོད་ཀྱི། དེ་བས་ཀྱང་རྩ་སྔགས་ཡོངས་རྫོགས་ཉིད་བཟླ་བ་བཟང་སྟེ། བཟླས་པའི་གཙོ་བོ་སྙིང་པོ་དང་རྩ་སྔགས་གང་རིགས་ཤིག་ལ་བྱེད་རྒྱུ་ཡིན་པས་སོ། །དེ་ལ་རྩ་སྔགས་ནི། ཏདྱ་ཐཱ། བྷོ་བྷོ་པ་ན་ནཱ་ག་ཨ་དྷི་པ་ཏ་ཡེ། ཨི་དམ་ནཱི་ལཱཾ་བ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲི་ད་ཡཾ་ཡ། ས་མ་ཏི་ཀྲ་མ་ཏི། མ་ཀུ་ལ། ཨུཏ་པ་ཏ་ནཾ། བྷ་ཝི་ཥྱ་ཏི། ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མ་ཏི་ཀྲ་མ་ཐཱ། ཧ་ར་ཧ་ར་ནཱ་ག་ནཱཾ། པྲ་ཧ་ར་པྲ་ཧ་ར་ནཱ་ག་ནཱཾ། ཚིནྡྷ་ཚིནྡྷ་ནཱ་ག་ཧྲི་ད་ཡ་ནི། བྷིན་དྷ་བྷིན་དྷ་ནཱ་ག་མརྨ་ཎི་བི་ཤིརྻཱནྟུ། ནཱ་ག་ཤ་རཱི་ར་ཎི། བི་སྥོ་ཊ་ཡ་ནཱ་ག་ནཱ་ཡ་ནི། ཏདྱ་ཐཱ་ཧཱུཾ་ཕཊ། ནཱ་ག་བི་ར་ཆ་ཡ་ཧཱུཾ་ཕཊ། ནཱ་ག་ཨུད་ས་ད་ན་ཡ་ཧཱུཾ་ཕཊ། ནཱི་ལ་བ་ས་ན་ཡ་ཧཱུཾ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་པ་རི་ཀྲ་མ་ཡ་ཧཱུཾ་ཕཊ། ཀྲི་ཏན་ཏཱ་ཡ་ཧཱུཾ་ཕཊ། ཀྲི་ཏན་ཏ་རཱུ་པ་ཡ་ཧཱུཾ་ཕཊ། རོ་ཥ་ཎ་ཡ་ཧཱུཾ་ཕཊ། ཏྲཱ་ས་ནཱ་ཡ་ཧཱུཾ་ཕཊ།


TNT13_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཀུམྦྷཎྜ་ཨུཏ་ས་ཏ་ན་ཡ་ཧཱུཾ་ཕཊ། པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཧཱུཾ་ཕཊ། ཡཀྵ༷་ཨ་པ་སྨ་ར་བི་ནཱ་ཤ་ཀ་ར་ཡ་ཧཱུཾ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ། མཱ་ར་ཡ། ནཱ་ཤ་ཡ། ནཱ་ཤ་ཡ། སརྦ་བི་གྷྣཱན། བི་ནཱ་ཤ་ཀ་ར་ཡ་ཧཱུཾ་ཕཊ། སརྦ་ཤ་ཏྲུན་སང་གྷ་བི་ནཱ་ཤ་ཀ་ར་ཡ་ཧཱུཾ་ཕཊ། ཨོཾ་ནཱི་ལཱཾ་བ་ར་དྷ་ར། བཛྲ་པཱ་ཎི་དྷ་ར་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་ལྟར་ཅི་ནུས་སུ་བཟླས་པའི་མཐར་ཡང་གོང་བཞིན་མཆོད་བསྟོད་བྱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་དཔལ་ཕྱག་ན་རྡོ་རྗེ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་གྱུར། དེ་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དགྱེས་པ་ཆེན་པོས་འོད་དུ་ཞུ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་ཐིམ། སྲུང་འཁོར་གཞལ་ཡས་ཁང་དང་བཅས་པ་ཡང་ལྷ་བཅོ་བརྒྱད་ལ་ཐིམ། སྒོ་མ་བཞི་དང་ཁྲོ་མོ་བཞི་གཙོ་མོ་ལ་ཐིམ། སྒོ་སྐྱོང་བཞི་དང་ཁྲོ་མོ་བཞི་འཁོར་ལོའི་དབང་ཕྱུག་གི་ཐུགས་ཀར་ཐིམ། བཅོམ་ལྡན་འདས་མ་ཡང་གཙོ་བོའི་ཐུགས་ཀར་ཞུགས། དཔལ་གསང་བའི་བདག་པོའི་སྐུ་སྣང་སྟོང་བདེ་བའི་རང་བཞིན་ཅན་དེ་ཡང་འོད་གསལ་བའི་དབྱིངས་སུ་ཐིམ། ཞེས་ཅུང་ཟད་མཉམ་པར་བཞག སླར་ཡང་རང་ཉིད་གསང་བའི་བདག་པོ་ཕྱག་གཉིས་པའི་སྐུར་གྱུར། དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དགེ་བ་འདི་ཡིས་མྱུར་དུ་བདག ཅེས་སོགས་དང༌། གཞན་ཡང་བྱང་ཆུབ་ཏུ་བསྔོ་བ་སོགས་ཇི་ལྟར་འོས་པ་བྱས་ཏེ། ཐུན་མཚམས་ལ་འཇུག་གོ །ཐུན་


TNT13_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སུ་གཏོར་མ་གཏོང་བར་འདོད་ན། གཏོར་མ་བཅུ་གསུམ་མམ། ལྔའམ། གསུམ་མམ། བསྡུ་ན་གཅིག་བཤམ་ཞེས་གོང་མ་རྣམས་གསུང་པ་ལྟར་ཡིན་ལ། ཀླུ་ལ་དཀར་གཏོར་ཅིག་བཤམ་ན་ལེགས། གཞན་དམར་གཏོར་བྱ། མཆོད་པའང་བཤམས། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུཾ་ཞུ་བ་ལས་འབྱུང་བའི་མཆོད་ཡོན། ཞབས་བསིལ། ཞལ་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐའ་ཀླས་པར་འགྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། དེ་བཞིན་དུ། པཱ་དྱི་ཨཉྩ་མ་ནཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་དེ་བཞིན་དུ་ཤབྷའི་བར་དུ་སྦྱར། ཨོཾ་བཛྲ་གྷཎྜ་ར་ཎི་ཏ༴ སོགས། གཏོར་མ་བྱིན་རླབས་གོང་དུ་བཤད་པའི་ནང་མཆོད་བྱིན་རླབས་དང་འདྲ། གཏོར་མགྲོན་བསྐྱེད་ཚུལ་ལ་ཕྱི་རོལ་མཎྜལ་མཆོད་པ་མཆོད་པ་དང་འབྲེལ་བའི་དབང་དུ་བྱས་ནས། དབུས་སུ་པདྨ་འདབ་བརྒྱད་ལ་ལྷ་བཅོ་བརྒྱད། དེའི་ཕྱི་རོལ་དམའ་བར་པདྨ་དམར་པོ་འདབ་བརྒྱད་ལ་ཀླུ་བརྒྱད། དེའི་ཕྱི་རོལ་སྣ་ཚོགས་འདབ་མ་བཅུ་དྲུག་ལ། གནོད་སྦྱིན་བརྒྱད་དང་བདུད་བརྒྱད་དེ་དམ་ཅན་ཉེར་བཞི་དེ་ལྟར་བསྐྱེད་པར་འཆད་མོད། དེ་ལྟར་བྱས་ཀྱངལེགས་མོད་ཀྱི། དཀྱུས་ཀྱི་ཉམས་ལེན་ལ་དཀྱིལ་འཁོར་ཡོངས་རྫོགས་སྐད་ཅིག་གིས་བསྒོམས་ནས། ཀླུ་དང་གནོད་སྦྱིན་བདུད་སོགས་དུར་ཁྲོད་དུ་གནས་པར་བསྒོམས་ཏེ། གཏོར་མ་ཕུལ་བའི་ཆོག་གོ །དེ་ནས་མཎྜལ་མཆོད་པའི་གཏོར་མ་དང། ཕྱི་རོལ་གཏོར་མ་དང༌། རྒྱུན་འཁྱེར་གཏོར་ཆོག་སྟེ་གསུམ་པོ་དབྱེ་བ་ཕྱེད་དགོས་ཤིང༌། དཀྱིལ་འཁོར་ཆེན་པོའི་


TNT13_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གཏོར་རྒྱུན་འཁྱེར་དང་འདྲའོ། །འདིར་དེ་ལྟ་བུའི་དབང་བྱས་ནས། བསངས་སྦྱངས། སྟོང་པའི་ངང་ལས། མདུན་གྱི་ནམ་མཁར་ཆོས་འབྱུང་གྲུ་གསུམ་གྱི་ནང་དུ་རྡོ་རྗེའི་ས་གཞིའི་སྟེང་དབུས་སུ་གཞལ་མེད་ཁང་གདན་དང་བཅས་པ། མཐའ་སྐོར་དུར་ཁྲོད་ཆེན་པོ་བརྒྱད། ཕྱི་རོལ་བསྲུངས་བའི་འཁོར་ལོས་བསྐོར་བ་དང་བཅས་པ་གྲུབ་པར་གྱུར། ཏདྱ་ཐཱ། བྷོ་བྷོ༴ ནས། ཥྱ་ཏི་ཧཱུཾ་ཧཱུཾ། དབུས་སུ་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ཡབ་ཡུམ་བཞུགས་པར་གྱུར། ཨོཾ་པ་ར་ཀྲ་མ༴ ནས། བ་ལ་ཡ་ཕཊ། ཤར་དུ་ཁྲོ་བོ་བདུད་ལས་རྒྱལ་བ་དང་འོད་ཟེར་ཅན་མ། ལྷོར་གཟི་བརྗིད་མཐའ་ཡས་དང་མདངས་ལྡན་མ། ནུབ་ཏུ་རྔམ་པ་སྒྲ་སྒྲོག་དང་སྒྲ་དབྱངས་མ། བྱང་དུ་བདུད་རྩི་འཁྱིལ་བ་དང༌། རླུང་འབྱིན་མ་རྣམས་བཞུགས་པར་གྱུར། ཨོཾ་ཧ་ར་ཧ་ར༴ ནས། ནཱ་ཤ་ཡ་ཧཱུཾ་ཕཊ། སྒོ་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཡབ་ཡུམ་རྣམས་བཞུགས་པར་གྱུར། དུར་ཁྲོད་ཀྱི་ས་གཞི་ལ་ཀླུ་དང༌། གནོད་སྦྱིན་བདུད་དེ་དྲག་པོ་སྡེ་གསུམ་རྣམས་འཁོད་པ་ནི། ཕུཿཡིག་ལས་བྱུང་བའི་ཀླུ་བརྒྱད་དང༌། ཀྵཿཡིག་ལས་བྱུང་བའི་གནོད་སྦྱིན་བརྒྱད་དང༌། ཧཱུཾ་ཡིག་ལས་བྱུང་པའི་བདུད་རྒྱལ་བརྒྱད་ཀྱང་འཁོད་པར་གྱུར། སྟེང་གི་ནམ་མཁའ་ལ་རྩ་རྒྱུད་ཀྱི་བླ་མ་རྣམས་དང༌། །སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་ཐམས་ཅད་བཞུགས་པར་གྱུར། རང་གི་སྙིང་ག་


TNT13_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོད་ཟེར་འཕྲོས། དཔལ་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་ཀྱི་ལྷ་ཚོགས་ལ། བླ་མ་དཀོན་མཆོག་དམ་ཅན་སྲུང་མའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སྤྲོས་པ་ལ་མོས་ན་དབང་བསྐུར་རྒྱས་བཏབ་ཀྱང་བྱེད་དེ། དམ་ཅན་རྣམས་ལ་གསང་བདག་ཕྱག་གཉིས་པ་རེས་དབུ་བརྒྱན། བསྡུ་ན་མི་དགོས། ཨོཾ་ཨཱཿ ཏྭ་རཏྣ་ཀུ་རུ་ཧཱུཾ། ཏེ་ཛོ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁ་ཧི། ལན་བདུན། ཨོཾ་ཨཱཿབུདྡྷ་དྷརྨ་སདྒྷ་ཧཱུཾ། བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ། ཨརྒྷ྄ཾ༴ ནས། ཤཔྟའི་བར་གྱི་མཆོད། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། སོགས་ཤོ་ལོ་ཀ་གཅིག་དང༌། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། སོགས་གསུམ་གྱིས་བསྟོད། བླ་མ་དམ་པ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱིས་བདག་ལ་བྱིན་གྱིས་རློབ་ཅིང་ཐུགས་རྗེས་བཟུང་སྟེ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། གཏོར་མ་དང་པོའོ། །ཏདྱ་ཐཱ་བྷོ་བྷོ༴ ནས། ཥྱ་ཏི་ཧཱུཾ་ཧཱུཾ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན། ཨོཾ་པ་ར་ཀྲ་མ༴ ནས། ནཱ་ཤ་ཡ་ཧཱུཾ་ཧཱཾ་ཕཊ། བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་དཀྱིལ་འཁོར་བ་རྣམས་ལ་འབུལ། ཨརྒྷཾ༴ ནས། ཤབྷའི་བར་གྱིས་མཆོད། ཕྱག་ན་རྡོ་རྗེ་དྲག་པོ་ཆེ། །རྡོ་རྗེ་ཁྲོ་བོ་དྲག་ཆེན་འཇོམས། །རྡོ་རྗེ་མི་ཐུབ་འཇིགས་བྱེད་ཆེ། །རྡོ་རྗེ་གཟི་བརྗིད་སྔགས་ཀྱི་གཙོ། །རྡོ་རྗེ་


TNT13_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་དོན་ཀུན་མཛད། །ཐབས་འདུལ་འཁོར་ལོ་ཆེ་ལ་འདུད། ཅེས་དང༌། དེ་ནས་འབྱུང་བ་ལྔ་ཡིས༴ ནས། ལས་ཀུན་སྒྲུབ་ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག གཏོར་མ་གཉིས་པའོ། །ནོར་རྒྱས་དུང་སྐྱོང་སེར་པོ་ཤར། །དགའ་བོ་ཉེ་དགའ་དམར་པོ་ལྷོ། །པདྨ་ཆུ་ལྷ་དཀར་པོ་ནུབ། །སྟོབས་རྒྱུ་རིགས་ལྡན་ནག་པོ་བྱང༌། །ཐམས་ཅད་གདེངས་ཀ་བདུན་དང་ལྡན། །ཐལ་མོ་སྦྱར་བའི་ཚུལ་གྱི་གནས། །དགའ་རབ་དབང་ཕྱུག་ཐལ་ཀ་འཁོར་ལོ་འཛིན། །མེ་ཏོག་མ་ནི་སྨུག་ནག་ལྕགས་ཀྱུ་བསྣམས། །ཐོད་འཕྲེང་ཅན་ནི་ནག་པོ་རལ་གྲི་འཛིན། །མཛེས་ལྡན་མ་ནི་སྔཽན་མོ་གྲི་གུག་བསྣམས། །བུམ་པའི་རྣ་བ་སྔོན་པོ་དགྲ་སྟ་འཛིན། །འོད་ཟེར་འཕྲོག་མ་དམར་ནག་མི་མགོ་བསྣམས། །སེན་མོ་དགུ་པ་ནག་པོ་རྡོ་རྗེ་འཛིན། །མདངས་འཕྲོག་མ་ནི་ལྗང་ནག་རྒྱུ་ཞགས་བསྣམས། དེ་ལྟར་བདུད་རྒྱལ་ཡབ་ཡུམ་ཐམས་ཅད་ནི། །གཡོན་པ་སྡིགས་མཛུབ་བརྐྱང་བསྐུམ་ཚུལ་གྱིས་བཞེངས། །བོང་བུའི་རྣ་བ་ཐལ་ཀ་རལ་གྲི་འཛིན། །ཤ་ཟ་མོ་ནི་སྔོན་པོ་འཁོར་ལོ་ཐོགས། །རྣ་བ་འཕྱང་བ་དུད་ཁ་དབྱུག་ཐོ་འཕྱར། །རལ་པ་ཅན་མ་དམར་མོ་མདའ་གཞུ་འཛིན། རལ་པ་གྱེན་བསྒྲེང་དམར་ནག་མདུང་ཐུང་བསྣམས། །གདོང་སེར་སེར་མོ་གྲི་གུག་བརྡེག་པའི་སྟངས། །རལ་གྲིའི་སོ་ཅན་ནག་པོ་དགྲ་སྟ་འཕྱར། །སེང་གེའི་


TNT13_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་མ་དུད་ཁ་རྩེ་གསུམ་འཛིན། །གནོད་སྦྱིན་དེ་བརྒྱད་ཕྱག་གཡོན་ཐོད་ཁྲག་བསྣམས། །ཀུན་ཀྱང་འཁོར་ཚོགས་དཔག་ཏུ་མེད་པས་བསྐོར། ཨོཾ་ནཱི་ལཱཾ་༴ ནས། ཀྲོ་དྷ་སཏྭ་ཧཱུཾ་ཕཊ། ཨོཾ་ནཱ་ག་ས་པཱ་རི་ཝ་ར་བཱ་ལཱིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨོཾ་ནཱི་ལཱཾ༴ ནས། སཏྭ་ཧཱུཾ་ཕཊ། ཨོཾ་མ་ཧཱ་པྲེ་ཏ་ས་པཱ་རི་ཝ་ར་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨོཾ་ནཱི་ལཱཾ༴ ནས། ས་ཏྭ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཡཀྵ་ས་པཱ་རི་ཝ་ར་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཐུན་མོང་དུ། ཨ་ཀཱ་རོའི༴ སྔགས་ལན་བདུན་སོགས་ཀྱི་ཕུལ། སླར་ཡང་ཨརྒྷཾ༴ ནས། ཤཔྟའི་བར་གྱིས་མཆོད། བརྒྱ་ཁྲིར་ཞབས་བཞག་འཇིགས་པའི་མེ། །གད་རྒྱངས་བཞད་མཛད་ཞལ་གསུམ་པ། །དང་པོའི་ཞལ་དུ་གདུག་པ་འཛིན། །སྟོབས་ཆེན་རབ་ཏུ་གནོན་པ་པོ། །ཀླུ་ཆེན་མ་རུང་གདུག་པ་ཅན། །ནོར་རྒྱས་དང་ནི་དུང་སྐྱོང་དང༌། །དགའ་བོ་དང་ནི་འཇོག་པོ་དང༌། །པདྨ་ཆེན་པོ་པདྨ་དང༌། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང༌། །རྒྱ་མཚོ་དག་ལ་གནས་པ་ཡི། །ཀླུ་དང་ས་བདག་གཉན་རྣམས་ནི། །སྤྲུལ་པ་ལས་ལ་གྲུབ་པ་ཡི། །གླེན་པ་ང་རྒྱལ་རྫུ་འཕྲུལ་ཅན། །སྤྲུལ་པ་འབུམ་སྡེ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་བཞེས་ཤིག །བཅོམ་ལྡན་མགོན་པོ་ཞལ་གསུམ་པ། །ཕྱག་དྲུག་རྡོ་རྗེ་སྡིག་པ་གཡོན། །དྲག་པོའི་ཐལ་མོས་སྐྲག་པར་བྱེད། །ཐ་མས་སྦྲུལ་གདུག་རི་རབ་མནན། །


TNT13_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་རྫུ་འཕྲུལ་ལྡན་པའི་བདུད། །དགའ་རབ་དབང་ཕྱུག་ཐོད་འཕྲེང་ཅན། །བུམ་རྣ་སེན་དགུ་ཤ་ཟའི་བདུད། །གཙུག་ན་མེ་ཏོག་མཛེས་མ་དང༌། །འོད་ཟེར་འཕྲོག་དང་མདངས་འཕྲོག་མ། །གདོན་རིགས་སྟོང་ཕྲག་བརྒྱད་ཅུའི་འཁོར། །མ་ལུས་འཁོར་བཅས་ཐམས་ཅད་ཀུན། །མཆོད་སྦྱིན་གཏོར་མ་འདི་བཞེས་ཤིག །བཅོམ་ལྡན་མགོན་པོ༴ ནས། རི་རབ་མནན་གྱི་བར་གོང་བཞིན། འཁོར་དུ་གནོད་སྦྱིན་ཆེན་པོ་ནི། །ཤ་ཟ་རབ་འཇིགས་རལ་པ་ཅན། །གདོང་སེར་སེང་གེ་གནོད་སྦྱིན་མོ། །བོང་བུའི་རྣ་བ་རྣ་བ་འཕྱང༌། །རལ་པ་གྱེན་བསྒྲེང་རལ་གྲིའི་སོ། །གནོད་སྦྱིན་འཁོར་ཏེ་ལྔ་བརྒྱར་བཅས། །དམ་རྫས་གཏོར་མ་འདི་ལོང་ཞིག ཅེས་དང༌། མཆོད་སྦྱིན་གཏོར་མ༴ ནས། ཀུན་འགྲུབ་ཤོག གི་བར་བརྗོད། ཨོཾ་ཕུན་སུམ་ཚོགས་པ་མངའ་བ༴ སོགས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་དང༌། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་༴ སོགས། ཁྱོད་ཀྱི་སེམས་ཅན༴ ནས། བཛྲ་མུཿགདུག་པའི་ཚོགས་རྣམས་མ་ལུས་འདུལ་བ་དང༌། །སེམས་ཅན་འཁོར་བ་མ་ལུས་བསྒྲལ་བའི་ཕྱིར། །གསང་བའི་བདག་པོ་འཕགས་པ་གོས་སྔོན་ཅན། །འཁོར་དང་བཅས་པ་བདག་གིས་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སོགས། གཞན་ཡང་སྨོན་ལམ་དང་བཀྲ་ཤིས་ཇི་ལྟར་འཚམ་པར་བྱའོ། །འདིའི་སྒོས་ཀྱི་གཏོར་ཆོག་ནི་དེ་ཙམ་ཡིན་ལ། ཆོས་སྐྱོང་ཡེ་ཤེས་པའི་གཏོར་བསྔོ་གཞན་བྱེད་ན། དཀྱིལ་འཁོར་བའི་རྗེས་དྲག་པོ་གསུམ་གྱི་སྔོན་ལ་འབུལ་ཞིང༌། འཇིག་རྟེན་པ་གཞན་


TNT13_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཏོར་བསྔོ་བྱེད་ན། དྲག་པོ་གསུམ་གྱི་རྗེས་སུ་མ་གཏོགས། །སྔོན་ལ་བྱར་མི་བཏུབ། ལར་ཡང་འདྲེ་ཕལ་པ་ནང་གཏོར་ལ་འཇུག་པ་ནི་ལེགས་རྒྱུ་མེད་ལགས། དྲག་པོ་གསུམ་གྱི་རྗེས་ལ། འཁོར་ལོ་བདེ་མཆོག་ནས་འབྱུང་བའི་མཁའ་འགྲོ་སྤྱི་གཏོར་འདི་མཛད་པ་གོང་མ་རྣམས་ཀྱི་ཕྱག་ལེན་དུ་ཡང་འདུག་ཅིང༌། ཤིན་ཏུ་གལ་ཆེ་ཞིང་ལེགས་པའང་ཡིན་ནོ། །རྣལ་འབྱོར་གྱི་ཡན་ལག་གཞན་རྣམས་ནི། གསང་སྔགས་བླ་མེད་སྤྱི་དངའདྲ་བའི་ཕྱིར། དེ་དག་གི་རིགས་འགྲེ་སྦྱར་བས་རུང་བའི་ཕྱིར་འདིར་མ་སྨོས་སོ། །བོད་ཡུལ་འདིར་གསང་སྔགས་གསར་མ་ལ་ཡང་ཕྱག་ན་རྡོ་རྗེའི་ཆོས་སྐོར་ཤིན་ཏུ་མང་སྟེ། འབྲོ་མར་ལུགས་ཀྱི་སྐོར་གོས་སྔོན་ཅན་དུ་གྲགས་པ་དང༌། འབྱུང་པོ་འདུལ་བྱེད་ཀྱི་སྐོར་དང༌། གཏུམ་པོ་ཁྱུང་ཤམ་ཅན་གྱི་སྐོར་དང༌། ཨུ་ཙའི་ཆོས་སྐོར་དང༌། འཁོར་ལོ་ཆེན་པོའི་སྐོར་དང༌། མདོ་ལུགས་སུ་གྲགས་པའི་སྐོར་དང༌། རྡོ་རྗེ་བེ་ཅོན་གྱི་སྐོར་དང༌། རྡོ་རྗེ་བདེ་ཁྲོས་ཀྱི་སྐོར་དང༌། རྡོ་རྗེ་མེ་ལྕེའི་སྐོར་རྣམས་ལ་ཆེ་བ་དགུར་གྲགས། དེ་དག་ཏུ་མི་གཏོགས་པ་སངས་རྒྱས་གསང་བས་མཛད་པ་སོགས་སྔ་དར་དང༌། སྟོང་ཉིད་ཏིང་འཛིན་གྱིས་མཛད་པ་སོགས་ཕྱི་དར་ལ་འགྱུར་བའི་གཞུང་ཕྲ་མོ་ཡང་རྣམ་གྲངས་ཤིན་ཏུ་མང་བ་ཡོད་དོ། །ཆེ་བ་དགུ་པོ་རྣམས་ཅི་རིགས་པ་ལ་མཁས་པ་མང་པོས་དཔྱད་གཞིར་མཛད་པ། སྤྱིར་རྒྱ་གཞུང་ཡིན་མིན་ཐེ་ཚོམ་ཅན་ཡང་འགའ་རེ་སྣང་མོད་ཀྱི། ཆོས་སྐོར་འདི་རྣམས་བོད་ཡུལ་དུ་ཤིན་ཏུ་གྲགས་ཆེ་ཞིང༌། ཐམས་ཅད་ལ་ནུས་མཐུ་མངོན་གྱུར་དུ་ཐོབ་པའི་གསང་སྔགས་པ་མང་དུ་བྱུང་བ་ཁོ་ན་ཡིན་པས། བྱིན་རླབས་ཀྱི་གཟི་བྱིན་ཆེས་འབར་བ་ཤ་སྟག་ཏུ་འདུག་པས། སྐུར་བ་ནམ་དུ་ཡང་མི་བཏབ་ཅིང༌། གུས་པ་བསྐྱེད་པར་བྱའོ། །དེར་མ་ཟད་ཆེ་བ་དགུ་པོ་རྣམས་ལའང་འགའ་ཞིག་ལ་རྒྱུད་གཞུང་གཉིས་ཀ་དང༌། ཁ་ཅིག་ལ་སྒྲུབ་ཐབས་ལ་སོགས་


TNT13_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞུང་འགའ་ཟུང་དཻ་རྒྱ་དཔེ་ལས་བསྒྱུར་བ་རྩོད་མེད་དུ་ཡོད་པ་ཁོ་ན་ཡིན་པས། ཆ་ལག་གི་གཞུང་ཕྲན་ཐོར་བུ་པ་རྣམས་ལ་བོད་རྩོམ་ཡོད་དུ་ཆུག་ཀྱང་ཞལ་གདམས་ཡིན་པའི་ཕྱིར་འགལ་བ་མེད་དེ། ཆོས་སྐྱོང་མགོན་པོ་སོ་སོའི་གདམས་ངག་གི་དཔེ་བུམ་བཞིན་ནོ། །ཡངབྱིན་རླབས་མེད་པའི་རྒྱ་གཞུང་ལས་བྱིན་རླབས་ཡོད་པའི་བོད་གཞུང་ངོ་མཚར་ཆུང་ངུ་མེད་པའང་མཁྱེན་པར་མཛོད། །ཁྱད་པར་དུ་འཁོར་ལོ་ཆེན་པོའི་ཆོས་སྐོར་འདི་རྣམས་མཆོག་ཏུ་བྱིན་རླབས་ཆེ་ཞིང༌། རྒྱུད་གཞུང་རྩ་བ་རྣམས་རྩོད་མེད་ཡིད་ཆེས་ཅན་ཡིན་པས། སྔོན་གྱི་མཁས་པ་འགའ་ཞིག་གིས་ཟུར་ཟ་ཙམ་གསུངས་ཟེར་ཡང་སྙིང་པོ་མེད། བཅོམ་ལྡན་རིག་རལ་དང༌། ཀུན་མཁྱེན་ཆེན་པོ་ཇོ་ནང་པ་དང༌། བུ་སྟོན་རིན་པོ་ཆེ་དང༌། ཆོས་རྗེ་བླ་མ་བསོད་ནམས་རྒྱལ་མཚན་དང༌། རྗེ་བཙུན་ཙོང་ཁ་བ་ཆེན་པོ་དང༌། བོ་དོང་བ་ཆེན་པོ་སོགས་བོད་ཡུལ་རང་གི་ཤིང་རྟ་ཆེན་པོ་ཕྱོགས་རེ་ཙམ་ཡིན་པ་གཞུང་ལུགས་ཐམས་ཅད་ལ་ཆོས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་ཆོས་འདི་ལ་རྩིས་སུ་མཛད་པས་རྩོད་པ་དང་བྲལ་བར་གྱུར་ཏོ། །འཁོར་ལོ་ཆེན་པོའི་སྒྲུབས་ཐབས་སྦྱར་བ་ལས། །བྱུང་བའི་དགེ་བ་དྲི་མེད་གང་བསགས་དེས། །ནམ་མཁའི་ཁོངས་ན་གནས་པའི་སེམས་ཅན་རྣམས། །ཐུགས་ཀྱི་རྡོ་རྗེའི་གོ་འཕང་ཐོབ་པར་ཤོག། ། །དཔལ་འཁོར་ལོ་ཆེན་པོའི་སྒྲུབས་ཐབས་སྲིད་གསུམ་འདུལ་བྱེད་ཅེས་བྱ་བ་འདི་ཡང༌། །བླ་མ་གོང་མ་རྣམས་ཀྱི་མན་ངག་དང་མཐུན་པར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རྣམ་འབྱུང་གི་ལོའི་དང་པོ་ལ་སྦྱར་བའོ། །ཞུས་དག། མངྒལཾ། །

དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དཀྱིལ་ཆོག་སྲིད་གསུམ་འདུལ་བྱེད།


TNT13_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དཀྱིལ་ཆོག་སྲིད་གསུམ་འདུལ་བྱེད་ཅེས་བྱ་བ་བཞུགས་སོ། །


TNT13_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གསང་བདག་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དཀྱིལ་ཆོག་སྲིད་གསུམ་འདུལ་བྱེད་ཅེས་བྱ་བ། །བླ་མ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །གང་ཞིག་དྲན་པ་ཙམ་གྱིས་ནི། །འཁོར་བའི་འཇིགས་པ་ཀུན་བཅོམ་ཞིང༌། །ཞི་བའི་མཐའ་ལའང་མི་ལྟུང་བར། །གོ་འཕང་མཆོག་ལ་འགོད་དེར་འདུད། །གང་ཞིག་འགྲོ་རྣམས་སྨིན་ཞིང་གྲོལ་བའི་སླད། །རྡོ་རྗེ་འཛིན་པས་དཀྱིལ་འཁོར་ཆོ་ག་གསུངས། །བླུན་པོ་སྤྱི་བརྟོལ་ཅན་གྱིས་ཡུལ་མིན་ཏེ། །སྔགས་རིག་མཁས་རྣམས་མགུ་བ་འདི་ལ་འཇུག །རྒྱལ་བའི་བཀའ་སྡེ་སྣོད་གསུམ་དང༌། ཤིང་རྟ་ཆེན་པོའི་གཞུང་རྣམས་ངེས་པར་བསྟེན་དགོས་པའི་ཆོས་ཡིན་ཡང༌། ད་ལྟའི་མཚན་ཉིད་པ་རྣམས་ཀྱི་བྱེད་ཚུལ་ནི། ཚིག་ལ་འཆེལ་ཞིང་གཞུང་དང་ལག་ལེན་རྒྱབ་འགལ་དུ་འགྱུར་པས་རང་གི་ཡུན་རིང་སྦྱངས་པའི་ཆོས་ལ་མ་མགུ་བར་བདུད་རྩིའི་ཟས་


TNT13_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ཏེ། མི་གཙང་བའི་ཟས་ལ་ཁྱི་རྣམས་རྩོད་པ་ལྟ་བུར་གྱུར་པ་དང༌། ཡང་སྒོམ་ཆེན་པར་ཁས་མཆེ་བ་དག་ལྟ་སྐད་མཐོ་མཐོ་པོ་འགའ་ཞིག་གི་ཚིག་ལ་ཞེན་ནས། དཀྱིལ་འཁོར་ལ་སོགས་པའི་ཐབས་ཁྱད་པར་ཅན་རྣམས་རིས་སུ་འབོར་བ་ནི། ཚད་པའི་ནད་མ་སྨིན་པ་ལ་ག་བུར་གྱི་སྨན་བཏང་བ་བཞིན་ཉམས་ཉེས་སུ་གྱུར་པ་དང༌། ཡང་ཁ་ཅིག་སྤྲོས་པ་བྱེད་པ་རྣམས་ལ་རྙེད་བཀུར་འབྱུང་བ་མཐོང་ནས། བརྒྱུད་པ་མེད་ཅིང་ལག་ལེན་ནོར་བའི་ཆོ་ག་བརྫུས་མ་རྣམས་ཀྱིས་བླུན་པོ་མགོ་སྐོར་བ་དང༌། སྒྲ་དང་རྟོག་གེ་སོགས་ལ་ཤེས་འདོད་ལངས་པས་སྒོམ་ཆེན་པའི་རང་ཚུགས་ཞིག་པ་དག་ནི། དཔེར་ན། རྒྱལ་སྲིད་ཀྱི་བྱ་བ་བོར་ནས་ཆང་འཚོང་མའི་ཁྱིམ་རྟག་ཏུ་བསྟེན་པ་དང་མཚུངས་སོ། །དེ་ལྟ་བས་ན་མཁས་འདོད་དང་གྲུབ་པར་རྫུ་བའི་མཐའ་གཉིས་སུ་མ་ལྷུང་བར། ཡང་དག་པའི་ལམ་ལས་འབྲས་བུ་མཆོད་གྲུབ་པར་འདོད་ན། དུས་ཀྱི་ཐ་མ་འདི་ལྟ་བུར་རྡོ་རྗེ་ཐེག་པ་ལ་ངེས་པར་བརྟེན་དགོས་ཤིང༌། དེའི་རྩ་བ་ཡང་ཁུངས་དང༌། བརྒྱུད་པར་ལྡན་ཞིང༌། ལག་ལེན་མ་ནོར་བའི་དབང་གི་ཆོ་གས་


TNT13_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པ་ཅི་དགོས་སོ། །ཞེས་པ་འདི་ཐམས་ཅད་དུ་གོ་བར་བྱའོ། །སྐབས་འདིར་དཔལ་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་ལ། དང་པོར་སློབ་མ་རྗེས་བཟུང་ངམ་ལྷ་དང་བླ་མ་ལ་གསོལ་བ་གདབ་ཅིང་སྲུང་བའི་ཆོ་ག་ནི། གཞུང་ཉིད་ལ་རྒྱས་ཤིང་གསལ་བར་ཡོད་པ་ལྟར་ཡིན་ཏེ། དེ་ཡང་སློབ་དཔོན་གྱི་མཎྜལ་བཅས། སློབ་མའི་གསོལ་བ་འདེབས་པ་དང་དྲི་བ་དྲི་ལན་བྱ། མཎྜལ་དེར་ཚོམ་བུ་བཀོད། ལྷ་སྤྱན་དྲངས་ནས་རྒྱུན་བཤགས་ཡན་ལག་བཅུ་པ་ཕྱེད་དུ་འཇུག །བསྲུང་བའི་དོན་དུ། ཨོཾ་ཨ་མྲྀ་ཏ་ཧཱུཾ། ཞེས་པ་བདུད་རྩི་འཁྱིལ་བའི་སྔགས་ཐུང་གི་བཟླས་ལུང་ཙམ་སྦྱིན་པ་ཡིན་ཏེ། འོན་ཀྱང་དེ་དག་ཕྱིས་ལག་ལེན་མི་མཛད་པར་སྣང་བས་གོ་ཡུལ་ཙམ་དུ་བྱས་པས་ཆོག་གོ །གཉིས་པ་བསྙེན་པ་བྱེད་ཚུལ་ཡང་སྤྱི་དང་མཚུངས་ཤིང༌། བུམ་ཆོག་ལ་བརྟེན་ནས་བསྙེན་པ་ཁ་གསོ་བྱེད་པའི་སྲོལ་ཡང་བྱུང་ངོ། །གསུམ་པ་ས་ཆོག་ནི། བརྟག་བསླང་སྦྱང་བཟུང་བསྲུང་བ་སྟེ་ལྔའོ། །དང་པོ་བརྟག་པ་ནི་སྤྱི་དང་འདྲ། གཉིས་པ་ས་བསླང་བ་ནི། གཏོར་མ་མེ་ཏོག་སྤོས་དང་ཏིང་ལོར་བཅས་པ་ཞིག ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་དུ་བྷྲཱུཾ་ལས་བྱུང་བའི་གཏོར་སྣོད་ཀྱི་ནང་དུ། ཨོཾ་ལས་བྱུང་བའི་གཏོར་མ་ཡོ་བྱད་ཐམས་ཅད་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲི། གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་སརྦ་ས་པཱ་རི་ཝ་རི་བྷྱཿ ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་ནས་བདུན་ལ་སོགས་པའི་བར་དང༌། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷཱ་ར་སམྦྷཱ་ར་ཧཱུཾ། ལན་བདུན། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས།


TNT13_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཤཔྟ་ཨཱཿཧཱུཾ། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱོད་ཀྱིས་རྩོལ། ལན་གསུམ་དང་དྲིལ་སིལ་བྱ། དེ་རྗེས་རོལ་ཆེན་དང་བཅས་ཏེ་གཏོར་མ་ཕྱིར་དོར་རོ། །དེ་ནི་སྒོས་ཀྱི་བདག་པོ་ལས་བསླང་བ་ཡིན་ནོ། །དཀྱིལ་འཁོར་གྱི་ས་གཞིའི་དབུས་སུ་མཎྜལ་ཚོམ་བུ་མཆོད་གཏོར་དང་བཅས་པ་བཤམས། བསངས་སྦྱངས། ཊཀྐི་ནི་ཧཱུཾ་ཛ། ཨོཾ་ཧཾ། ལན་གསུམ། ཧཾ་གི་སྒྲ་དང་ཧཱུཾ་གི་འོད་ཀྱིས་བསྐུལ་ནས། ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་བྱུང༌། ཚོམ་བུའི་སྟེང་དུ་བྱོན་པ་ནི། སའི་ལྷ་མོ་གསེར་གྱི་མདོག་ཅན་ཞི་བའི་ཉམས་དང་ལྡན་པ། ཕྱག་གཉིས་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་བསྣམས་པ། རྒྱན་དང་ན་བཟའ་དཀར་པོ་ཅན། ཀྱཻ་རིག་པ་འཛིན་པ་དཀྱིལ་འཁོར་གྱི་ལས་ཅི་བགྱི་བ་བཀའ་སྩལ་དུ་གསོལ། ཞེས་གསུངས་པར་གྱུར། མཆོད་པ་བསངས་སྦྱངས། སྟོང་པའི་ངང་ལས་ཨ་བདུན་ལས་ཐོད་པའི་སྣོད་བདུན་གྱི་ནང་དུ་ཧཱུཾ་བདུན་ལས་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་དང༌། གཞན་ཡང་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་གྱིས་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ། ནས། ཤཔྟ་ཨཱཿཧཱུཾ། གི་བར། ཨོཾ་པྲི་ཐི་བཱི་དེ་བི་བྷྱཿ ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། དེ་བཞིན་དུ། པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས། ཤཔྟ་ཨཱཿཧཱུཾ། གི་བར་དང༌། གྷཎྜེ་སོགས།


TNT13_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲི། གསུམ། ཨོཾ་པྲི་ཐི་བཱི་དེ་བཱི་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་ཡེ་སྭཱཧཱ། ལན་གསུམ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཧེ་རུ་ཀ་དཔལ་དཔའ་བོ་ཡིས། །ཇི་ལྟར་བདུད་ཀྱི་སྟོབས་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། ལན་གསུམ། ཀྱཻ་རིག་པ་འཛིན་པ་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་མཛོད་ཅིག ཨོཾ་པྲི་ཐི་བཱི་དེ་བཱི་བྷྱཿ ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། སའི་ལྷ་མོ་སླར་ཡང་ས་དེ་ཉིད་ལ་ཐིམ་པར་གྱུར། དེ་ནི་ས་སྤྱིའི་བདག་མོ་ས་ལྷ་ལས་བསླང་བའོ། །གསུམ་པ་ས་སྦྱང་བ་ནི། ཨོཾ་བྷུ་ཁཾ། ནམ་མཁའི་རང་བཞིན་གྱུར། ཧཱུཾ་ལ་ཧཱུཾ། རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་ནི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཀྲོ་དྷ་སཏྭ་ཧཱུཾ་ཕཊ། ཅེས་བཟླས་ཏེ་ཡུངས་ཆུ་ཐལ་བ་རྣམས་གཏོར། ས་ཕྱོགས་ནམ་མཁའ་ལྟར་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སོ། །སྦྱིན་སྲེག་གི་ས་སྦྱང་བ་བྱེད་ན་སྐབས་འདིར་བྱ། བཞི་པ་བཟུང་བ་ནི། ས་ཕྱོགས་འདི་བདག་དཔལ་ཕྱག་ན་རྡོ་རྗེའི་ཉེར་སྤྱོད་ཀྱི་གཞི་ཡིན་ནོ། །ས་ཕྱོགས་འདི་རྡོ་རྗེའི་གདན། ང་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །ས་ཕྱོགས་འདི་


TNT13_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མིན་གྱི་ཞིང་ཁམས། ང་ཉིད་དཔལ་ཕྱག་ན་རྡོ་རྗེ་ལྷ་བཅོ་བརྒྱད་ཀྱི་བདག་ཉིད་དོ། །ཞེས་བློས་གཟུང་ལ། སློབ་དཔོན་དཀྱིལ་འཁོར་གྱི་ས་གཞིར་འདུག མཆོད་པ་བཤམ། སྤྲོས་པ་ལ་མོས་ན་འོག་ནས་འབྱུང་བ་ལྟར་སྔོན་འགྲོ་གཏོར་མ་བཏང༌། གནས་ཡོ་བྱིན་རླབས་བྱ། བསྡུ་ན་མཆོད་པ་བྱིན་རླབས་ཙམ་བྱས་ཏེ། སྐྱབས་འགྲོ་སེམས་བསྐྱེད་ནས་གཟུང༌། །བཟླས་པ་རྫོགས་ཀྱི་བར་བདག་བསྐྱེད་དཀྱིལ་འཁོར་ཀྱི་མངོན་རྟོགས་རྒྱས་པ་ཡོངས་རྫོགས་བསྒོམས། དེ་ནས་ཕྱོགས་ཀྱི་སློབ་མ་རྣམས་ཀྱིས་སྔར་གྱི་མཆོད་པ་ཁ་གསོས་ཤིང་བྱིན་རླབས་བྱ། སློབ་དཔོན་གྱིས་བསྒོམ་པའི་དཀྱིལ་འཁོར་ལ་ཕུལ་བར་མོས་ཏེ། །ཆུ་གསུམ་ཉེར་སྤྱོད་རོལ་མོ་དང་བཅས་པ་སྔགས་ཙམ་གྱིས་ཕུལ། ཁྲོ་མོ་བཞིའི་ང་རྒྱལ་དང་ལྡན་པས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང༌། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་ཀྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཨོཾ་བཛྲ་ཨུ་དྷིཥྛ། དཀྱིས་འཁོར་ནམ་མཁའ་ལ་བཏེགས་གཙོ་བོའི་ཐུགས་ཀ་


TNT13_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རང་ཉིད་ཕྱག་གཉིས་པར་སྤྲུལ། ཨ་ཧཾ་བཛྲ་པཱ་ཎི། མིག་གཡས་སུ་མ་ལས་ཉི་མ། གཡོན་ཊ་ལས་ཟླ་བ། མིག་འབྲས་ཧཱུཾ་དུ་གྱུར། ཧཱུཾ་ཧཱུཾ་མང་དུ་བརྗོད། ཧཱུཾ་ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེའི་སྟོབས། །བཀའ་ཡི་འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་རབ་ཏུ་འབར་བ་འདིས། །ལུས་གསུམ་ལས་སྐྱེས་དགེས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །འདིར་ནི་འཇིག་འགྱུར་གཞན་དུ་མིན། །མི་དང་མི་མིན་འབྱུང་པོའི་ཚོགས། །གདོན་གྱི་རིགས་སུ་གཏོགས་པ་རྣམས། །འདི་རུ་མ་འདུག་གཞན་དུ་དེངས། སུམྦྷ་དྲག་ཏུ་བརྗོད། ཧཱུཾ་ཧཱུཾ་ཞེས་བྱང་ཤར་གྱི་མཚམས་ནས་གཡས་སུ་བསྐོར་བར་བྱའོ། །སྟངས་སྟབས་ལ་སོགས་པ་ཤེས་ཤིང་སྤྲོ་ན་སྐབས་འདིར་བྱེད། གཞུང་ལས། བདེ་མཆོག་ནག་པོ་དཀྱིལ་ཆོག་དང་མཐུན་པར་བཤད། བསྡུ་ན་མེད་ཀྱང་ཆོག་གོ །ཨོཾ་བཛྲ་ཀཱི་ལ་ཡ་སརྦ་བི་གྷ་ནན་བནྡྷུ་ཧཱུཾ་ཕཊ། ཅེས་མང་དུ་བཟླས་པས་ཕུར་བུ་བྱིན་གྱིས་བརླབས། བྱང་ཤར་ནས་བརྩམས་ཏེ་ཕྱོགས་མཚམས་བརྒྱད་དུ་འདེབས་ཏེ། སུམྦྷ་རེ་རེའི་མཐར། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྟན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ་བཛྲ་དྷ་རོ་ཨ་ཛྙ་པ་ཡ་ཏི། སརྦ་བིགྷྣན་ཀཱ་ཡ་ཝ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ཚར་རེ་རེ་བརྗོད། ཨ་རྒྷ་ལ་སོགས་པས་མཆོད། སྤོས་འདུག ཡུངས་དཀར་གཏོར། བརྟན་བཞུགས་བྱ། མངོན་རྟོགས་ནས་འབྱུང་བ་ལྟར་དཀྱིལ་འཁོར་ལ་གཏོར་མ་རྒྱས་པར་འབུལ་ལོ། །


TNT13_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་ས་བཅད་བཞི་པ་སྟ་གོན་ནི། སྔོན་འགྲོ་གཏོར་མ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུ་ཊ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲི། ལན་གསུམ། ཕཻ།ཾ ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས། བྷུ་ཏ་པྲེ་ཏ་པི་ཤ་ཙ། ཨུནྨནྟ། ཨ་པ་སྨཱ་ར། ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། ཡ་ཐེ་བཾ། ཡ་ཐེ་ཥྟཾ། བྷུཉྫ་ཐ། པི་ཝ་ཐ། ཛིགྷྲ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡ། སད་སུ་ཁ། བི་ཤུདྡྷ་ས་ཧ་ཡི་ཀ །བྷ་ཝཱནྟུ་ཧུཾ་ཧུཾ་ཕཊ་ཕཊ་སྭཱཧཱ། ལན་གསུམ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། །དྷུ་པ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་ཏེ། ཤཔྟ་ཨཱཿཧཱུཾ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། ཀླུ་ཡི༴ གནོད་སྦྱིན༴ སྲིན་པོའི༴ འབྱུང་པོའི༴ ཡི་དྭགས༴ ཤ་ཟའི༴ སྨྱོ་བྱེད༴ བརྗེད་བྱེད༴ མཁའ་འགྲོའི༴ མ་མོའི་ཚོགས་རྣམས་མ་ལུས་དང༌། །མ་ལུས་པ་ནི་ཐམ་ཅད་དག །འདིར་བཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་མཆིས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་


TNT13_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་པ། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་ཀྱིས་བཀའ་དྲིན་བདག་ལ་རྩོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་པ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡིས། །ལས་ཀྱི་དངོས་གྲུབ་བདག་ལ་རྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་བྱ་བ་དང༌། འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕངས་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་དཔལ་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བར་འཚལ་ན།


TNT13_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ཆོས་སྐྱོང་བའི་སྲུང་མ་ལ་སོགས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བགེགས་རྣམས་བཟློག་ཅིང་འདོད་པའི་དོན་ཐམས་ཅད་སྒྲུབ་པའི་འཕྲིན་ལས་མཛོད་ཅིག །གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་བ་གསང་སྤྱོད་ལྟ་བར་མི་དབང་བ་རྣམས་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག སུམྦྷ་བརྗོད། གནས་ཡོ་བྱིན་རླབས་ནི། ཨོཾ་བཛྲ་ཨ་མྲྀ་ཏ༴ ཨོཾ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས་གནས་ཁང་ཧཱུཾ་ཡིག་ལས་འབྱུང་བའི་སྲུང་འཁོར་གྱི་ནང་དུ། བྷྲུཾ་ལས་བྱུང་བའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་པ་རྣམས་རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྱུར་པ། ངོ་བོ་བཟང་ཞིང་རྒྱ་ཆེ་བ། ཡུལ་ནམ་མཁའི་མཐའ་ཀླས་པ། དུས་འཁོར་བ་ཇི་སྲིད་མ་སྟོང་ཀྱི་བར་དུ། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཨོཾ་བཛྲ་ཨརྒྷཾ་


TNT13_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པཥྤེ་ཨཱཿཧཱུཾ། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀེ གནྡྷེ་ནཻ་ཝི་ཏེ། ཤཔྟ་ཨཱཿཧཱུཾ། ཨོཾ་སརྦ་བིད་པུ་ར་པུ་ར་སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ཏེ། པྲ་ཛྙཱ་པ་ར་མི་ཏ། ནཱ་ད་སཾ་བྷ་ཝེ། བཛྲ་དྷརྨ་ཧྲི་ད་ཡ། སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱཧཱ། ཞེས་གནས་ཡོ་བྱིན་གྱིས་བརླབས། །བར་འདིར་ཚོགས་པ་ཡོད་ཅིང་སྤྲོ་ན་ཞུ་འབུལ་བྱ། དེ་རྗེས་སྐྱབས་འགྲོ་ནས་བརྩམས་ཏེ། །གསང་བའི་བདག་པོ་ཕྱག་གཉིས་པའི་སྐུར་གྱུར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཞེས་པའི་བར་མངོན་རྟོགས་རྫོགས་པར་བསྒོམ་ཏེ། དེ་དག་ནི་སྟ་གོན་གྱི་སྔོན་དུ་བྱ་བའི་རིམ་པའོ། །འདི་ཉིད་ཀྱི་གཞུང་ལས་ཀྱང༌། སའི་ལྷ་མོའི་ཆོ་ག་ལན་ཅིག་ལས་མ་གསུངས་ཤིང༌། བླ་མ་གོང་མ་རྣམས་ས་ལྷ་ས་ཆོག་གི་སྐབས་སུ་སོང་བས་འདིར་མི་དགོས་གསུང་པ་ལྟར་རོ། །སྐབས་འདིར་སྟ་གོན་དངོས་ནི་གསུམ་སྟེ། བུམ་པ་དང་ལྷ་དང་སློབ་མ་སྟ་གོན་ནོ། །དང་པོ་ནི། ལྷ་གྲངས་དང་མཐུན་པར་བྱེད་ན་ཡབ་ཡུམ་མཉམ་སྦྱོར་གྱི་དབང་དུ་བྱས་ནས་དགུ ལས་བུམ་དང་བཅུའོ། །དྲུག་ཏུ་བྱེད་ན་གཙོ་བོ་ལ་གཅིག ཕྱོགས་བཞིའི་ལྷ་ལ་རེ་རེ་དང་ལས་བུམ་མོ། །གསུམ་བྱེད་ན། གཙོ་བུམ་དང༌། ལྷ་ཐམས་ཅད་པ་སྟེ་རྣམ་རྒྱལ་དང༌། ལས་བུམ་མོ། །བསྡུ་ན་བུམ་པ་གཉིས་ཀྱིས་ཆོག་སྟེ་རྣམ་རྒྱལ་དང་ལས་བུམ་མོ། །དེ་ལྟར་ན་བུམ་པ་སྤྱི་དང་མཐུན་པར་བཤམ། གཟུངས་རིང་ཚར་གསུམ་གྱིས་བགེགས་དང་བྱུར་བསལ་ཞིང་བྱིན་གྱིས་བརླབ། །སྭ་བྷ་ཝས་སྦྱངས། སྟོང་པའི་ངང་


TNT13_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ལས་པཾ་པཾ་ལས་སྣ་ཚོགས་པདྨའི་སྟེང་དུ། ཨ་ཨ་ལས་ཟླ་བའི་གདན་རེ་རེ། དེ་རྣམས་ཀྱི་སྟེང་དུ་བྷྲུཾ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་ཞིང༌། མགྲིན་པ་ཕྲ་བ། མཆུ་འཕྱང་བ། ལྷ་རྫས་གོས་ཀྱི་མགུལ་བཅིངས་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བ། རྣམ་རྒྱལ་བུམ་པའི་ནང་དུ། རང་གི་ཐུགས་ཀའི་ཧཱུཾ་ལས་སུཾ་ཞིག་སྤྲོས་ཏེ་རི་རབ་ཏུ་གྱུར། ཧཱུཾ་སྤྲོས་ཏེ་འཁོད་པ་ལས་དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་གྱུར། དེའི་ལྟེ་བར་པཾ་ལས་པདྨའི་སྡོང་པོ་པདྨ་འདབ་མ་བརྒྱད་པའི་ལྟེར་བར། བྷྲུཾ་ལས་གཞལ་ཡས་ཁང་ལྷའི་གདན་དང་བཅས་པར་གྱུར། ཏདྱ་ཐཱ་བྷོ་བྷོ་ནས་ཥྱ་ཏི་ཧཱུཾ་ཧཱུཾ། དབུས་ཀྱི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སངས་རྒྱས་གངྒཱའི་ཀླུང་ནས་དགའ་བས་བརྒྱན་པའོ། །ཨོཾ་པ་ར་ཀྲ་མ་ནས། བ་ལ་ཡ་ཕཊ། འཁོར་ལོའི་རྩིབས་བཞི་ལ། ཤར་དུ་ཁྲོ་བོ་ཆེན་པོ་ནས། བཅོམ་ལྡན་འདས་མ་དང་མཚུངས་པའོ། །ཨོཾ་ཧ་ར་ཧ་ར་ནས་ནཱ་ཤ་ཡ་ཧཱུཾ་ཕཊ། ཤར་གྱི་སྒོ་ཁྱུད་ཀྱི་ནས་འཕྲིན་ལས་མཛད་པའོ། །ལས་བུམ་གྱི་ནང་དུ་ཧཱུཾ་ལས་བདུད་རྩི་འཁྱིལ་བ་ལྗང་ཁུ། ཕྱག་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱས་ཁྲོ་བོའི་རྡོ་རྗེ་དང་དྲིལ་བུ་འཛིན་ཞིང༌། པད་ཉི་ལ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། བཅོམ་ལྡན་འདས་དང་མཚུངས་པར་ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པའོ། །


TNT13_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་དཔལ་ཕྱག་ན་རྡོ་རྗེ་ལྷ་བཅུ་བརྒྱད་བདུད་རྩི་འཁྱིལ་པ་དང་བཅས་པའི་རྣམ་པར་བཛྲ་ས་མཱ་ཛཿ ཨ་མྲྀ་ཏས་བསངས། ཨ་རྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཛ་ཧཱུཾ་བཾ་ཧོ། ལྷ་ཐམས་ཅད་ཀྱི་སྤྱིར་བོར་ཟླ་བ་ནས་ཧཱུཾ་མཐིང་ནག་གོ །ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། །མི་བསྐྱོད་པ་རེ་རེས་དབུ་རྒྱན་པར་གྱུར། ཡང་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྙིང་པོའི་མཐར། ཨོཾ་ཨཱཿཧཱུཾ། ཕྱག་ན་རྡོ་རྗེ་དྲག་པོ་ཆེ། སོགས་ཀྱིས་བསྟོད། རང་གི་སྙིང་ག་ནས་སྔགས་ཀྱི་འོད་ཟེར་དམར་པོ་འཕྲོས། བུམ་ནང་གི་ལྷའི་སྐུ་ལ་ཐིམ་པས་འོད་ཟེར་དམར་པོས་ཁྱབ། བ་སྤུའི་བུ་ག་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། གཙོ་བོ་ལ་བསྐྱེད་སྔགས་བརྒྱ་རྩ་བརྒྱད་བཟླ་དགོས། འཁོར་གྱི་སྔགས་ཐུང་རྣམས་ཉི་ཤུ་རྩ་གཅིག་རེ་བཟླ་ཟེར་ཏེ་ཅི་བདེ་ཡིན། ལས་བུམ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུ་ཌ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་ཉེར་གཅིག་གམ་བརྒྱ་རྩ་བཟླ། གལ་ཆེ་ཤོས་མེད་མི་རུང་ཐུན་མོང་དུ་གཟུངས་རིང་ཉེར་གཅིག་དང༌། །སྙིང་པོ་ཉེ་སྙིང་གཉིས་ཀྱང་ཇི་ལྟར་འོས་པ་བཟླའོ། །བསྡུ་ན་བཟླས་པ་གཞན་སྤངས་ཏེ་རྩ་སྔགས་ཁོ་ནས་ཀྱང་ཆོག་གོ །མཐར་ཨ་བྷི་ཥེ་ཀ་ཏ་བཟླས་ཤིང་གོང་བཞིན་མཆོད་བསྟོད་ཡིག་བརྒྱ་བཟོད་གསོལ་རྣམས་བྱས། ཨོཾ་ཨཱཿཧཱུཾ་ཞེས་བཟླ་ཞིང་དུང་གི་ཆུ་བླུག ལྷ་རྣམས་འོད་དུ་ཞུ་ཞིང་བུམ་ཆུ་ལ་ཐིམ་པར་གྱུར། སྨོན་ལམ་དང་བཀྲ་ཤིས་ཅུང་ཟད་བརྗོད། །གཉིས་པ་ལྷ་སྟ་གོན་ནི། ས་གཞིའམ་མཎྜལ་ལ་ལྷའི་བཞུགས་གནས་ཀྱི་གྲངས་བཞིན་དུ་དྲིལ་བཟང་གི་ཐིག་ལེ་འགོད་དེ། དབུས་སུ་གྲུ་བཞི། གཞན་བཅུ་གཉིས་སུ་ཟླུམ་པོར་བཀོད། མཆོད་


TNT13_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་རྒྱ་ཆེར་བཤམ། ཐོབ་ཐང་ལ་དྲི་བཟང་གི་ཐིག་ལེའི་སྟེང་དུ་མེ་ཏོག་ཚོམ་བུར་འགོད་ཅིང༌། །སྔགས་རེ་བརྗོད་རྒྱུ་ཡིན་ཡང༌། ལག་ལེན་མི་བདེ་ན་ཤོམས་ཀྱི་དུས་སུ། ཐིག་ལེ་དང་ཚོམ་བུ་བཀོད་པས་ཆོག་གོ །ས་ཆོག་གི་དཀྱིལ་འཁོར་ནམ་མཁར་བཏེག་ན། དེ་ཉིད་སྤྱན་དྲངས་ཏེ་དམིགས་པས་ཕབ་པ་ཉིད་ཀྱིས་ཆོག །ས་ཆོག་གི་སྐབས་དཀྱིལ་འཁོར་རང་ལ་བསྡུས་པའམ། རྡུལ་ཚོན་ལ་ཡང་ས་ཆོག་མི་བྱེད་པའམ། གལ་ཏེ་རས་བྲིས་ཡིན་ན། དམ་ཚིག་པ་བསྐྱེད་དགོས་ཏེ། གང་ལྟར་ཡང་ས་གཞི་བསངས་སྦྱངས། སྟོང་པའི་ངང་ལས་རང་བཞིན་གྱིས་དག་པའི་རྡོ་རྗེའི་ས་གཞིར་གྱུར། ཏདྱ་ཐཱ། བྷོ་བྷོ་ནས་ཥྱ་ཏི་ཧཱུཾ་ཧཱུཾ། ལན་གསུམ། དཔལ་ཕྱག་ན་རྡོ་རྗེ་དང་ཡུམ་མཛེས་ལྡན་མ་ལ་ཕྱག་འཚལ་ལོ། །པ་ར་ཀྲ་མ་ཡ་ཕཊ། བི་ད་ར་ཎ་ཡ་ཕཊ། ཁྲོ་བོ་བདུད་ལས་རྒྱལ་བ་དང༌། ལྷ་མོ་འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ། །ཀྲི་ཏཱནྟ་ཡ་ཕཊ། ཀྲོ་དྷ་སཏྭ་ན་ཡ་ཕཊ། ཁྲོ་བོ་གཟི་བརྗིད་འབར་བ་དང༌། ལྷ་མོ་མདངས་ཅན་མ་ལ་ཕྱག་འཚལ་ལོ། །ཀྲི་ཏནྟ་རཱུ་པ་ཡ་ཕཊ། ནཱི་ལ་ཝ་ས་ན་ཡ་ཕཊ། ཁྲོ་བོ་རྔམ་པ་སྒྲ་སྒྲོག་དང༌། ལྷ་མོ་སྒྲ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །རོ་ཥ་ཎ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་ཡ་ཕཊ། ཁྲོ་བོ་བདུད་རྩི་འཁྱིལ་བ་དང༌། ལྷ་མོ་རླུང་འབྱིན་མ་ལ་ཕྱག་འཚལ་ལོ། །ཧ་ར་ཧ་ར། ཧ་ས་ཧ་ས། རྡོ་རྗེ་ལྕགས་ཀྱུ་དང༌། ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ། པྲ་ཧ་ར་པྲ་ཧ་ར། དྷ་ར་དྷ་ར། རྡོ་རྗེ་ཞགས་པ་དང༌། ཞགས་པ་མ་ལ་ཕྱག་འཚལ་ལོ། །ཚིནྡྷ་ཚིནྡྷ་མཱ་ར་ཡ་མཱ་ར་ཡ། རྡོ་རྗེ་


TNT13_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྒྲོག་དང༌། ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ༌། །བྷིནྡྷ་བྷིནྡྷ་ནཱ་ཤ་ཡ་ནཱ་ཤ་ཡ། རྡོ་རྗེ་དྲིལ་བུ་དང༌། དྲིལ་བུ་མ་ལ་ཕྱག་འཚལ་ལོ། །སྔགས་དེ་རྣམས་སོ་སོར་ལན་གསུམ་གསུམ་བརྗོད། ནམ་མཁའ་ནས་འབེབས་པ་ཡིན་ན། སྔགས་དེ་རྣམས་རེ་རེའི་མཐར་ཨ་བེ་ཤ་ཡ་ཨ། ཞེས་བཏགས་པ་ཚར་གཅིག་བརྗོད། ཡེ་ཤེས་སྤྱན་འདྲེན་མི་དགོས། དམ་ཚིག་པ་བསྐྱེད་པ་ཡིན་ན། ཕྱིས་ཡེ་ཤེས་སྤྱན་འདྲེན་དགོས་སོ། །སྲུང་བའི་འཁོར་ལོའི་ནང་དུ་སྣ་ཚོགས་རྡོ་རྗེའི་སྟེགས་བུ་ལ་གནས་པའི་རིན་པོ་ཆེ་སྣ་ཚོགས ནས་གདན་རེ་རེ་ཡང་གྲུབ་པར་གྱུར། དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་གསང་བའི་བདག་པོ་ནས་དགའ་བས་བརྒྱན་པའོ། །རྩིབས་བཞི་ལ་ཤར་དུ་ཁྲོ་བོ། ནས་བཅོམ་ལྡན་འདས་མ་དང་མཚུངས་པའོ། །ཤར་སྒོའི་སྒོ་འཁྱུད་ནས་འཕྲིན་ལས་མཛད་པའོ། །དེ་ནས་ཡེ་ཤེས་སྤྱན་འདྲེན་དང༌། དབང་བསྐུར་རྒྱས་བཏབ་བྱེད་ན། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཞེས་པ་གཉིས་ཀྱི་གོང་མ་ནས། དབུ་བརྒྱན་པར་གྱུར། ཞེས་པའོ། །དེ་ནས་མཆོད་པ་འབུལ་བ་ནི། བསངས་སྦྱངས་དང་འདོད་ཡོན་ལྔའི་བར་རྣམས་དངོས་གཞིའི་སྐབས་དང་འདྲ་བ་ལས། དེ་རྗེས། ཨོཾ་ཨ་མྲྀ་ཏ་སོགས་ནང་མཆོད་དང༌། ཤེས་རབ་ཐབས་ཀྱི་སྦྱོར་བ་ཡི་སོགས་བསྟོད་པས་བསྟོད། དངོས་གཞིའི་སྐབས་ཀྱི་བདག་འཇུག་གི་འཇུག་ཏུ་འཆད་པར་འགྱུར་བ་ལྟར། ནང་གཏོར་ཕུལ་ནས། སྙན་གསན་དབབ་པར་བྱ་སྟེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །དཔའ་བོ་རྣལ་འབྱོར་མ་དགོངས་གསོལ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་


TNT13_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་འཛིན་པ་ཞེས་བྱ་ཡི། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་འབྲི། །དེང་འདིར་ཐམས་ཅད་ཀུན་གཤེགས་ཤིག །དངོས་གྲུབ་འདིར་ནི་སྩལ་དུ་གསོལ། ལན་གསུམ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྙིང་པོ་ཅུང་ཟད་བཟླ། ཨོཾ་བཛྲ་ཨུ་དྷིཥྛ་ཧཱུཾ་ཕཊ། ཅེས་ནམ་མཁའ་ལ་བཏེག་གོ །དཀྱིལ་འཁོར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཞུགས་ཤིང༌། ཨཱ་ལི་ཀཱ་ལིའི་འཕྲེང་བས་རྒྱས་འདེབས་ཞེས་བླ་མ་གོང་མ་རྣམས་གསུངས་སོ། །དེ་ནས་ཡིག་བརྒྱ་བཟླས། སྨོན་ལམ་དང་བཀྲ་ཤིས་ཇི་ལྟར་འོས་པ་བྱ། རྗེས་ཆོག་གཞན་མི་དགོས། གསུམ་པ་སློབ་མ་སྟ་གོན་ནི། འོག་ཏུ་འཆད་པར་འགྱུར་ལ། ལྷ་གནས་ཀྱི་ཉིན་མོ་བྱེད་ན། གཏོར་འབུལ་གྱི་གོང་འོག་གཉིས་དང༌། དཀྱིལ་འཁོར་ནམ་མཁར་བཏེགས་ཟིན་པ་སྟེ། གནས་སྐབས་གསུམ་པོ་གང་དུ་བྱས་ཀྱང་འདྲའོ། །དེ་དག་ནི་སྨར་ཆེན་པོའི་དཀྱིལ་ཆོག་དང༌། རྒྱ་གཞུང་གི་ཡིག་སྣ་ས་བཅད་མཛད་པ་ནས་བརྩམས། ལུགས་འདིའི་བོད་ཀྱི་བླ་མ་རྣམས་དཀྱིལ་ཆོ་ག་གཞན་ཕལ་ཆེར་གུང་མཐུན་པའི་ཕྱག་ལེན་བརྒྱུད་པའི་རིམ་པ་ཡིན་ཞིང༌། དཀྱིལ་ཆོག་སྤྱི་འགྲོ་རྣམས་དང་གོ་རིམ་མཐུན་པའི་ཕྱིར་དང༌། ལག་ལེན་བདེ་བར་ངོས་འཛིན་པའི་ཆོས་འདི་འདྲའི་རིགས་རྣམས་མན་ངག་གཙོ་བོར་བྱེད་པའི་ཕྱིར་དང༌། ལག་ལེན་གྱི་རྒྱུན་ཡིན་པའི་ཕྱིར། ལག་ལེན་ལ་ནི་རིམ་པ་དེ་ལྟར་བྱའོ། །འོན་ཀྱང་གཞུང་གི་དངོས་བསྟན་ལ་ནི་གོ་རིམ་གཞན་དུ་སྣང་སྟེ། དཀྱིལ་ཆོག་སྤྱི་ལ་གྲགས་པའི་ས་ཆོག་དང་སྟ་གོན་འདྲེས་པ་ལྟ་བུར་ཡོད་ཀྱང༌། །རྒྱ་གཞུངདངོས་བསྟན་རང་ལུགས་ལ་ནི་མ་འདྲེས་ཤིང་གོ་རིམ་མ་འཆོལ་བ་སྟེ། དེ་ཡང་དཀྱིལ་ཆོག་འདིར་ས་བརྟག་པ་མི་གསུངས། གནས་ཀྱི་མཚན་ཉིད་གཞུང་གཞན་དུ་བཤད་ཟིན་པ་དང་འདྲ་བར་དགོངས། དེ་ན་སྐབས་


TNT13_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བདག་བསྐྱེད་རྒྱས་པ་སྔོན་དུ་སོང་ནས་གཞི་བདག་ལས་ས་བསླང༌། སྦྱང་བ་ལ་ལས་དང་སྔགས་དང་སྦྱིན་སྲེག་དང༌། མཚན་མ་མེད་པས་སྦྱང་བའོ། །ཞེས་གསུངས། དང་པོ་ལ་ལྟོ་འཕྱེ་བ་རྟག་ཅེས་ཤོ་ལོ་ཀ་གཅིག་གིས་རྒྱས་བཤད་ཡོད། གཞན་རྣམས་ལ་རྒྱས་བཤད་མ་མཛད་དེ་དོན་གོང་དུ་བཤད་པ་བཞིན་ནོ། །ས་བཟུང་བ་ལ་བློ་དང་ལྷ་ཡིས་ས་བཟུང་ངོ༌། །ཞེས་འབྱུང༌། དང་པོ་དཀྱུས་སུ་བཤད་པ་བཞིན་ཡིན། ལྷ་ཡི་ས་བཟུང་བ་ནི། དཀྱིལ་འཁོར་གྱི་ས་གཞི་ལ་ཐོད་པའི་སྣོད་བཞག །ལྷ་ཚོགས་ཀྱི་སྔགས་བརྗོད་བཞིན་དུ། དེར་མེ་ཏོག་དོར་བས་དཀྱིལ་འཁོར་གྱི་ལྷ་རྣམས་སྐད་ཅིག་གིས་བྱོན་ནས། ས་གཞི་བདག་གིར་མཛད་པར་བསམ་མཆོད་བསྟོད་ཅིག་བྱས་ལ་མི་དམིགས་པར་བསམས། དཀྱུས་ཀྱི་ས་གཞི་ནི་རྡོ་རྗེ་གདན་ཞེས་སོགས་ལའང་འདིའི་དོན་ཚང་བ་ཙམ་ཡིན། གཞུང་དངོས་ལས། བཟུང་བ་གཉིས་ལའང་རྒྱས་བཤད་མ་བྱུང་ངོ༌། །དེ་ནས་སྐབས་འདིར་དཀྱིལ་འཁོར་གྱི་ས་གཞི་ལ་བུམ་པ་རྣམས་བཤམས་ཏེ། ལྷའི་སྐུ་མདོག་དང་མཐུན་པའི་མཎྜལ་བྲིས་པའི་སྟེང་དུ་འགོད་པ་སོགས་ཡོད། བུམ་སྒྲུབ་ངོ་བོ་དཀྱུས་དང་འདྲ། དཀྱིལ་འཁོར་གྱི་ས་གཞིའི་སྟེང་དུ་བུམ་པའི་ལྷ་ཚོགས་འགོད་པ་ཉིད་དཀྱིལ་འཁོར་གྱི་ལྷས་ས་བཟུང་བའང་ཡིན། བུམ་སྒྲུབ་འདི་ཁོ་ནས་ཆོག་ལ་དགོངས་ནས། །སྟ་གོན་གྱི་སྐབས་སུ་མ་བཤད་དོ། །ས་སྲུང་བ་ནི། དཀྱིལ་འཁོར་གྱི་ས་གཞིར་བདག་བསྐྱེད་རྫོགས་པར་བསྒོམ། དཀྱིལ་འཁོར་ནམ་མཁར་བཏེག བདག་ཉིད་ཕྱག་གཉིས་པའི་ང་རྒྱལ་གྱིས་བགེགས་ལ་བཀའ་བསྒོ་བ་དང༌། སྟང་སྟབས་ཐུན་མོང་གི་སྲུང་འཁོར་ཙམ་གསུང་ཏེ། དྲ་བ་ར་བར་གྱུར་པའོ། །ཞེས་པ་ཡན་ཆད་ས་ཆོག་ཡིན། དེ་ནས་སའི་ལྷ་མོའི་ཆོ་ག་གསུངས་པ་ནི་ས་ལྷ་སྟ་གོན་ཡིན་ལ། འདིས་དོན་འགྲུབ་པར་དགོངས་


TNT13_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ས་ཆོག་གི་སྐབས་སུ་ས་ལྷའི་ཆོ་ག་མེད། བོད་ཀྱི་བླ་མ་རྣམས་འདི་ལ་གོ་ཟློག་སྟེ་འཆད། དེ་ནས་སློབ་དཔོན་གྱིས་མཆོད་པ་དང་བཅས་ཏེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། ཞེས་སོགས་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་སྙན་མནན། སློབ་དཔོན་གཙོ་བོར་གསལ་བ་ལ། ཕྱོགས་བཞིའི་གསོལ་འདེབས་བྱེད། དེ་རྗེས་ལྷ་སྟ་གོན་དངོས་ནི། ནམ་མཁའི་དཀྱིལ་འཁོར་ཕབ། ཡེ་ཤེས་པ་སྤྱན་འདྲེན་སོགས་བྱེད་པའོ། །དེའི་འཕྲོས་ལ་གསལ་ཁ་མ་བྱུང་ཡང། ཐིག་ཚོན་གྱི་སྔོན་དུ་དཀྱིལ་འཁོར་ནམ་མཁར་འདེགས་པ་བཤད་པ་སྐབས་འདིར་བླངས་ཀྱང་རུང༌། གཞུང་གི་དངོས་བསྟན་ནི། ལྷ་རྣམས་བཞུགས་བཞིན་པ་ལ་སྔར་བསྒྲུབ་པའི་བུམ་པ་རྣམས་སྤྱན་དྲངས་ཏེ་བཟླས་པ་དངམཆོད་བསྟོད་བྱས། ལས་བུམ་གྱིས་གནས་དང་ཡོ་བྱད་ཐམས་ཅད་ལ་བསངས་གཏོར་ཙམ་བྱའོ། །དེ་ནས་ཡོལ་བས་བཅད་དེ། དེ་ནུབ་མཆོད་པ་མཚན་ཐུབ་ཡོད་པར་བྱེད། སྙན་གསན་དབབ་པ་མ་གསུངས་མོད། གསང་བ་སྤྱྀ་རྒྱུད་ལས་འབྱུང་བས་བྱས་ཀྱང་ལེགས། གང་ལྟར་ཡང་ནང་པར་སྔ་བར་མཆོད་བསྟོད་བྱས་ནས་དཀྱིལ་འཁོར་ནམ་མཁར་འདེགས། དེ་ནས་ཐིག་ཚོན་གྱི་ལས་རྣམས་བྱའོ། །བུམ་པ་སྟ་གོན་གྱི་སྐབས་འདིར་བསྙེན་པ་རྫོགས་པའི་བུམ་པ་ལ། ཞེས་པའི་ཚིག་འབྱུང་བས། བུམ་སྒྲུབ་ལ་བརྟེན་ནས་བསྙེན་པ་ཁ་གསོ་བྱེད་པར། ཟུར་གྱིས་བསྟན་པར་མངོན་ཡང༌། ས་བཟུང་བ་དང༌། སྲུང་བའི་བར་དུ་བསྙེན་པ་ཡོད་དོན་མེད་པས། གཞུང་གི་དཀྱུས་སུ་བཤད་པ་དེ་ནི་ལྷ་ཡིས་ས་བསྲུང་བ་ཡིན་གྱི་བསྙེན་པ་མིན་ནོ། །འོ་ན་གཞུང་དུ། དེ་ནས་བུམ་པའི་སྙིང་པོ་ནི། །འབུམ་ཚོ་གཅིག་ཏུ་བསྙེན་པ་འབུལ། །དུས་དང་གྲངས་དང་མཚན་མ་ཡི། །ཐུན་མཚམས་སྦྱོར་བ་རེ་རེ་ལ། །གཙོ་བའི་བསྙེན་པ་བརྒྱ་རུ་འབུལ། །འཁོར་ལ་


TNT13_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བཅུ་རིམ་གྱིས་འབུལ། ཞེས་འབྱུང་བའི་ཕྱིར། བུམ་བསྙེན་བསྟན་པ་ཡིན་སྙམ་ན། བསྙེན་པ་བརྒྱ་རུ་འབུལ་ཞེས་པ། བཟླས་པ་དང་བསྙེན་པའི་དབྱེ་བ་མ་ཕྱེད་པས་སྐྱེ་བོ་བླུན་པོའི་ཁ་རྒྱུགས་ཤོར་འདུག་ཅིང༌། གཞིའི་བསྙེན་པ་ཡིན་ན་བུམ་པ་ལ་བརྟེན་པ་མི་འཐད། སློབ་མའི་བསྙེན་པ་ཁ་གསོར་གྲགས་པ་དེ་ཡིན་ན་དུས་དང་ཞེས་པ་མི་འཐད། །འདིར་འབུམ་དང་བརྒྱ་དང་ལྔ་བཅུ་ཞེས་འབྱུང་བ། གོང་དུ་འཕྲེང་བའི་སྔགས་ནི་རྩ་གཅིག་བཟླས། ཞེས་པ་དང་འགལ་ཞིང༌། བུམ་པའི་སྙིང་པོ་ངོས་གཟུང་དུ་མེད་པ་སོགས་ཚིག་དོན་གཉིས་ཀ་མི་ལེགས་པ་ཁོ་ནར་སྣང་བས། རང་བཟོ་མཁན་གྱིས་ལྷད་བཅུག་པའི་ཚིག་ཡིན་པར་མངོན་ནོ། །འོག་ཏུ་བསྙེན་པ་རྫོགས་པའི་བུམ་པ་ལ་ཞེས་པ་ཡང༌། བསྙེན་པ་དང་དབང་གི་བུམ་སྒྲུབ་གཉིས་པོ་ཆོ་ག་འདྲ་བའི་དོན་ཡིན་པས། བུམ་པ་ལྟར་ཞེས་པའི་དོན་དུ་འཆད་དགོས་སོ། །གཞན་དུ་ན། བྱིན་གྱིས་བརླབ་ལ་སོགས་པ་ནས། ཞེས་གསུངས་པས། བུམ་བསྙེན་གྲུབ་པ་ལ་སླར་བྱིན་གྱིས་བརློབ་མི་དགོས་པའི་ཕྱིར་དང༌། བུམ་བསྙེན་གྱི་བུམ་པས་ཕྱིས་དབང་བསྐུར་ན་ཧ་ཅང་ཐལ་ཞིང༌། བུམ་བསྙེན་བྱེད་པའི་ལག་ལེན་གཞན་ཀུན་དང་ཡང་འགལ་བའི་ཕྱིར་རོ། །ཡང་རྣམ་པ་གཅིག་ཏུ་ན་བསྙེན་པ་རྫོགས་པའི་བུམ་པ་ལ་བྱིན་གྱི་བརླབ་ལ་སོགས་པ་ནས། མཆོད་པ་ཡན་ཆད་རྫོགས་པར་བྱ། ཞེས་པ་འདི་ཡང༌། དེ་ནས་བུམ་པའི་སྙིང་པོ་ནི། སོགས་ཀྱི་གཞུག་འཐུད་པའི་ཕྱིར་རང་བཟོར་བཅུག་པ་མིན་ན་རུང་སྟེ། ཞེས་བརྟག་པར་ཡང་བྱའོ། །ཡང་ཁ་ཅིག་འདི་སྙམ་དུ་གཞུང་གི་དངོས་བསྟན་གྱི་གོ་རིམ་འདི་ཁོ་ན་བཞིན་བྱེད་བ་ནི་མི་རུང་སྟེ། ཕྱོགས་བཞི་གསོལ་བཏབ་ནི། ས་ཆོག་གི་སྐབས་བགེགས་ལ་བཀའ་བསྒོ་བའི་སྔོན་དུ་དགོས་ཀྱི། སྟ་གོན་གྱི་སྐབས་སུ་མི་རུང་ངོ་སྙམ་ན་དཀྱིལ་ཆོག་གཞན་དང་བསྟུན་ན་དེ་


TNT13_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་སྨྲ་བ་བདེན་དུ་རུང་ཡང༌། འདི་དང་དཀྱིལ་ཆོག་གཞན་ལ་སྐབས་འདི་དག་ཏུ་མི་འདྲ་བ་ཆེར་ཡོད་པས་ལུགས་ཐ་དད་ཉིད་ཀྱི་ཕྱིར། དེ་དེ་འགོད་པར་མི་ནུས་སོ། །ཕྱོགས་བཞི་གསོལ་གདབ་འདི་གང་ནས་བཤད་པའི་རྩ་བར་རང་གི་ཁུངས་ནི། །དཔལ་གསང་བ་འདུས་པའི་ལེའུ་བཞི་པ་ཡིན་ལ། དེར་ནི་གསོལ་བ་བཏབ་པའི་རྗེས་སུ། དཀྱིལ་འཁོར་འབྲི་བ་དང་སྒྲུབ་ཅིང་མཆོད་པ་ཙམ་ཞིག་གསུངས་ཀྱི། ས་ཆོག་གི་སྒོས་ཆོས་ཡིན་པར་གསུངས་པ་མེད་པས། རྩ་བའི་ཁུངས་རྒྱུད་དང་ནི་མི་འགལ་ཏེ། འདིར་ཡང་དཀྱིལ་འཁོར་འབྲི་བའི་སྔོན་དུ་བྱེད་པས་སོ། །དེ་ལ་དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཞེས་པ་ནི། དཀྱིལ་འཁོར་སྤྲུལ་ཞིང་བཤད་དུ་གསོལ། ཞེས་པ་ཡིན་ན། འདིར་ལྟ་སྟ་དགོན་ནས་བརྩམས་ཏེ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་སྤྲུལ་པ་ཡིན་པར་དགོངས་པས་དེ་དང་སྦྲེལ་བ་ཡིན་གྱི་དོན་མེད་དུ་བཀྲུགས་པ་ནི་མ་ཡིན་ནོ། །དེས་ན་དཀྱིལ་ཆོག་རྒྱ་གཞུང་གི་དངོས་བསྟན་ཁོ་ན་ལ་གོ་རིམ་བསྒྱུར་བ་མེད་པར་ལག་ལེན་བྱས་ན་ཡང་འདི་ཉིད་ཀྱི་རང་ལུགས་ཡིན་པའི་ཕྱིར་ལེགས་སོ་སྙམ་པ་ནི་བདག་གི་རྣམ་པར་རྟོག་པའོ། །གྲུབ་ཐོབ་ཛ་བ་རི་པ་རང་གི་དགོངས་པའང་ཁོང་རང་གི་གཞུང་གི་དངོས་བསྟན་ཉིད་ཡིན་དགོས་ཏེ། རྒྱུད་རྣམས་སུ་ནི་ཆོ་གའི་རིམ་པ་འཐོར་ཐབས་དང་འཁྲུགས་ཅན་དུ་འབྱུང་བ་ཡིན་གྱི། དགོངས་འགྲེལ་གྱི་བསྟན་བཅོས་ཆོག་སྒྲིགས་སུ་བསྒྲིགས་པ་འདི་དག་ནི་འཐོར་བ་བསྡུས་འཁྲུགས་པ་བསལ་ཟིན་པ་ཡིན་པས། འདི་དག་ལའང་འཁྲུགས་སྡེབས་དགོས་ན་ཧ་ཅང་ཐལ་བར་འགྱུར་ཏེ། བོད་དུ་བྱས་པའི་དཀྱིལ་ཆོག་རྣམས་ལའང་འཁྲུགས་སྡེབས་དགོས་པར་མི་འགྱུར་རམ། ཡང་གཞུང་འདི་ཉིད་ཁོ་ནའི་དབང་དུ་བྱས་པ་ལ་ཡང་ས་ཆོག་དང༌། སྟ་གོན་འཁྲུགས་ཅན་དུ་ཡོད་ན་སློབ་མ་དབང་བསྐུར་ལ་ཡང་ཡོད་དགོས་པ་ལས། སློབ་མ་སྟ་གོན་གྱི་རིམ་


TNT13_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། དངོས་གཞི་དབང་བསྐུར་ལ་དངོས་བསྟན་གྱི་གོ་རིམ་བཞིན་བྱེད་དུ་རུང་བའི་ཕྱིར། ས་ཆོག་དང་སྟ་གོན་ལ་ཡང་རུང་བ་ཉིད་དེ་རྒྱུ་མཚན་རྣམ་པ་ཀུན་ཏུ་མཚུངས་སོ། །དེས་ན་གཞུང་གི་དངོས་བསྟན་མི་རུང་ངོ་ཞེས་སྨྲ་བར་མི་བྱ་ལ། གཞུང་གི་དངོས་བསྟན་ཀྱང་བྱ་རུང༌། སྒྱུར་བྱེད་ལོ་པཎ་གཉིས་ཀྱི་མན་ངག་འདི་ཡང་རུང༌། འོན་ཀྱང་ད་ལྟ་བྱིན་རླབས་འབྱུང་བའི་རྒྱུན་ཡོད་བཞིན་པ་ཡིན་པས་ལོ་པཎ་གྱི་མན་ངག་ལུགས་ལ་ལག་ལེན་བྱེད་ཟེར་ན་ལེགས་པ་ཡིན་ནོ། །ཛ་བ་རི་པ་རང་གི་མན་ངག་ནི་ཁོང་རང་གི་གཞུང་ལྟར་བྱེད་པ་ཉིད་ལས་གཞན་འོས་མེད་ཀྱང་ཕྱིས་ལོ་པཎ་རྣམས་ཀྱིས་ཀྱང་གནང་བ་ཐོབ་པར་ཤེས་པར་བྱའོ། །གསུམ་པ་དཀྱིལ་འཁོར་ཞག་གི་ཆོ་ག་ནི། ནང་པར་སྔ་བར་ཐིག་ཚོན་རྣམས་འདུས་བྱས། ཚོན་ལྔ་པོ་ལ་རིགས་ལྔའི་ས་བོན་བྲིས། དབུས་སུ་སྔོན་པོ་ཤར་དུ་དཀར་པོ་སོགས་འགོད། ཚོན་གྱི་སྟེང་དུ་སོ་སོའི་ཁ་དོག་དང་མཐུན་པའི་ཐིག་སྐུད་ཀྱང་འཇོག་སྟེ། བྱིན་རླབས་ཕྱོགས་གཅིག་ཏུ་བྱེད་པའི་ལུགས་སུ་འདུག སྤྱིར་གཞུང་རྣམས་ལས་སོ་སོར་བྱིན་རླབས་བྱེད་པར་གསུངས་ཤིང༌། འདི་ཉིད་ཀྱི་གཞུང་ལས་ཀྱང་གསལ་མོད། ཕྱོགས་གཅིག་ཏུ་བྱེད་པའི་ལག་ལེན་ཀ་མང་བར་བྱུང་འདུག བླ་ཆོས་སུ་ཐལ་བའི་ཉེས་སྐྱོན་ཅུང་ཟད་ཡོང་སྲིད་ནའང་རྣམ་པ་གཅིག་ཏུ་ན་འགལ་བ་ཆེར་མེད་དོ། །མཆོད་པ་ལྔ་དང་ནང་མཆོད་བཤམ། དཀྱིལ་འཁོར་ཆེན་པོའི་མངོན་རྟོགས་གཏོར་ཆོག་དང་བཅས་པ་སོང་ན་ལེགས། མིན་ནའང་རང་སྐད་ཅིག་གིས་གཙོ་བོར་བསྐྱེད་ནས་བཟླས་པ་ཅུང་ཟད་བྱ། ཐིག་ཚོན་ཨ་མྲྀ་ཏས་བསངས། སཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཐིག་ཚོན་སྔོན་པོ་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཐིག་ཚོན་དཀར་པོ་ཨོཾ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། ཐིག་ཚོན་སེར་པོ་ཏྲཾ་ལས་རིན་


TNT13_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འབྱུང་ལྡན་གསེར་མདོག་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། ཐིག་ཚོན་དམར་པོ་ཧྲི་ལས་འོད་དཔག་མེད་བྱི་རུའི་མདངས་ཅན་པདྨ་དང་དྲིལ་བུ་འཛིན་པ། ཐིག་ཚོན་ལྗང་ཁུ་ཁཾ་ལས་དོན་ཡོད་གྲུབ་པ་མརྒད་འོད་ཅན་རལ་གྲི་དང་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་རང་སྣང་གི་ཡུམ་གྱིས་འཁྱུད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་རྒྱལ་བ་རིགས་ལྔའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན། མཆོད་པ་རྣམས་བྱིན་གྱིས་རླབས། ཨོཾ་པཉྩ་ཀུ་ལ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ། བཛྲ་པུཥྤེ་ཨཱཿཧཱུཾ། ནས་ཤཔྟའི་བར་ནང་མཆོད་སྔར་བྱིན་རླབས་མ་བྱས་ན་འདིར་བྱེད། ཧཱུཾ་ཨོཾ་ཏྲཾ་ཧྲིཾ་ཁཾ། ཨོཾ་ཨཱཿཧཱུཾ། ཞེས་ལན་གསུམ་གྱིས་ནང་མཆོད་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། སོགས་དེ་ཉིད་ལྔ་པས་བསྟོད། ཧཱུཾ་ཨོཾ་ཏྲཾ་ཧྲིཾ་ཁཾ། ཞེས་ལན་ཉེར་གཅིག་གམ་བརྒྱ་རྩ་སོགས་ཅི་ལྟར་འོས་པ་བཟླས། རྒྱལ་བ་རིགས་ལྔ་ཞུ་བ་ལས་བྱུང་བའི་ཐིག་ཚོན་རྣམས་སུ་གྱུར། ཐིག་སྐུད་རྣམས་ཕྱོགས་གཅིག་ཏུ་བཞག་ལ་བརྐྱང༌། ཨོཾ་བཛྲ་སུ་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུཾ། ལན་མང་དུ་བརྗོད། རྡུལ་ཚོན་མཐེབ་སྲིན་གྱིས་མཉེ་ཞིང༌། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུཾ། མང་དུ་བརྗོད། སློབ་མ་རྡོ་རྗེ་ལྷ་མོ་མཛེས་ལྡན་མར་གྱུར། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨ་པ་རསྤ་ར་ཨ་ནུ་པྲ་


TNT13_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པྲིཥྟ་སརྦ་དྷརྨཿ ཨརྻནྟ་ཨ་ནུ་པྲ་པྲིཥྟ་སརྦ་དྷརྨཿཧཱུཾ། ཞེས་ཐིག་སྐུད་བསྒྲིལ་ལོ། །འདི་ཉིད་ཀྱི་གཞུང་ན་སྔགས་འདིའི་གསལ་ཁ་མེད་པས་སྔགས་འདི་བྱེད་ཕྱིན་སྤྱི་དང་མཐུན་པར་བྱེད་པ་ལེགས་སོ། །དེ་ནས་ཛྫ་ཛྫ་ཞེས་ཐིག་སྣ་སློབ་མ་ལ་གཏད༌། ནམ་མཁའ་གང་བའི་བདེ་གཤེགས་རྣམས། །ཁྱེད་ཀྱིས་འགྲོ་དོན་མཛད་དུས་ལགས། །ཐིག་སྐུད་སྒྲ་ཡིས་བསྐུལ་ནས་ནི། །ཐམས་ཅད་འདིར་ནི་གཤེགས་སུ་གསོལ། ཨོཾ་ཨཱཿཧཱུཾ་སྭཱཧཱ། ཞེས་ཐིག་ཆེན་བརྒྱད་པོ་སྟེང་དང་འོག་ཏུ་གདབ། ནུབ་ཤར་ལྷོ་བྱང་མེ་དབང་དང༌། །རླུང་སྲིན་རླུང་དབང་མེ་སྲིན་པོ། །མེ་རླུང་སྲིན་འབྱུང་ཞེས་བྱའོ། །དེའི་རྗེས་སུ་ལས་ཐིག་རྣམས་བཏབ། སྙིང་པོ་བཟླ་བཞིན་དུ། སློབ་དཔོན་གྱིས་དང་པོར་དབང་ལྡན་གྱི་རྩིག་པ་ནས་འབྲི་སྟེ། དེ་ནས་གཞན་རྣམས་ཀྱིས་བགྱི་སྟེ་སྤྱི་དང་འདྲའོ། །འདི་དག་ནི་གཞུང་ལ་ཁ་འགེངས་བྱས་པ་མན་ངག་གི་ལུགས་ཡིན་ནོ། །གཞུང་གི་དངོས་བསྟན་ནི། ཐིག་སྐུད་ལ་ཡེ་ཤེས་ཀྱི་ཐིག་སྐུད་སྟིམ་པ་ཙམ་དང༌། ཐིག་སྣ་འདྲེན་པ་དང༌། ཨོཾ་ཨཱཿཧཱུཾ་སྭཱཧཱ་ས་ཐིག་འདེབས་པ་དང༌། རྡུལ་ཚོན་སྟོང་པའི་ངང་ལས་ཡིག་འབྲུ་ལྔ། ཡེ་ཤེས་ཀྱི་རྡུལ་ཚོན་སྤྱན་དྲངས་ཏེ་བསྟིམས་པས་རྡུལ་ཚོན་དུ་གྱུར། དེ་ནས་ཚོན་འགྱེད་པ་ཙམ་མ་གཏོགས་མ་གསུངས། རྡུལ་ཚོན་རིགས་ལྔའི་ས་བོན་ལས་བསྐྱེད་པར་གསུངས་པས། ཐིག་སྐུད་ཀྱང་རིགས་ལྔའི་ས་བོན་ལས་བསྐྱེད་པ་ཙམ་གོ་བར་ནུས། ཁ་འགེངས་མ་བྱས་པར་གཞུང་གི་དངོས་བསྟན་འདི་ཁོ་ནས་ཀྱང་ཆོག་པར་སེམས་སོ། །བྲིས་ཟིན་ནས་ཐིག་ཚོན་གྱི་ལྷག་མ་ལ་མཆོད་བསྟོད་གཤེགས་གསོལ་བྱ་སྟེ་སྤྱི་དང་འདྲ། དེ་ནས་རྒྱན་སྣ་ཚོགས་དགྲམ་སྟེ། ས་སྟེགས་ཀྱི་གྲྭ་བཞི་ལ་རལ་གྲི་དང༌། མདའ་དང༌། མེ་ལོང་རྣམས་བཞི་བཞི་འགོད་པར་བཤད། གོང་བཞིན་སྔོན་འགྲོ་གཏོར་མ་བཏང༌། གནས་ཡོ་བྱིན་རླབས་བྱ།


TNT13_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱ་རྣམས་སྔོན་དུ་འགྲོ་བའི་སྒོ་ནས། སྒྲུབ་ཐབས་ལྟར་བདག་བསྐྱེད་རྫོགས་པར་བསྒོམ་སྟེ། བཅོམ་ལྡན་འདས་མ་ཡང་གཙོ་བོའི་ཐུགས་ཀར་བསྡུ། ཞལ་ཕྱག་ལྷག་མ་རྣམས་ཀྱང་རྩ་བའི་ཞལ་ཕྱག་ལ་ཐིམ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། རོལ་མོའི་སྒྲ་དང་བཅས་ཏེ་དང་པོ་བུམ་པ་འགོད། ལྷ་གྲངས་དང་མཉམ་པའི་བུམ་པ་ཡོད་ན་རང་རང་གི་གནས་སུ་འགོད་པར་བཤད་ཀྱང༌། །ལག་ལེན་མི་བདེ་བས་སོ་སོར་འཇོག་པའི་སྟང་ཀ་ཙམ་བྱས་ལ། གཙོ་བོའི་བུམ་པ་ཤར་སྒོའི་གཡས་ལ་ཉེ་བ་དང༌། གཞན་རྣམས་རང་རང་གི་ཕྱོགས་དང་འབྲེལ་བར་ཕྱི་རོལ་དུ་འགོད། བུམ་པ་གཉིས་ཀྱི་ཕྱོགས་ལ་རྣམ་རྒྱལ་བུམ་པ་ཤར་སྒོའི་གཡས་སུ་འགོད་ཅིང་ལས་བུམ་ནི་རྣམ་པ་ཀུན་ཏུ་བྱང་ཤར་དུའོ། །ཡང་གོ་སྐབས་དོག་པས་འགོད་སྟབས་མི་བདེ་བ་དང༌། རས་བྲིས་ཀྱི་ཕྱོགས་ལ་ནི་སྟེགས་བུ་གཞན་ལ་བཞག་པས་རུང་བའི་ཕྱིར། བུམ་པ་འགོད་པའི་ཆོ་ག་འདི་ངེས་པར་དགོས་པའང་མ་ཡིན་ནོ། །དེ་རྗེས་མདུན་གྱི་དཀྱིལ་འཁོར་ལ་དམིགས་ནས། བགེགས་སྦྱང་བ་གསུམ་དང༌། སྡིག་སྒྲིབ་སྦྱང་བ་དང༌། ལས་བུམ་གྱིས་ཁྲུས་གསོལ་བྱེད་པ་རྣམས་སྤྱི་དང་མཐུན་པར་བྱ། གཞུང་དུ་ཚོགས་གསོག་གཉིས་བྱེད་པར་གསུངས་པ་ནི། དངོས་གཞིའི་ཐོག་མར་བདག་བསྐྱེད་རྒྱས་པ་མི་བྱེད་པ་ལ་དགོངས། དེ་ཡང་ནུས་པ་དང་ལྡན་པའི་སློབ་དཔོན་གྱི་དབང་དུ་བྱས་ནས། དཀྱིལ་ཆོག་རྒྱ་གཞུང་ཕལ་ཆེར་ལ་ཡང་བདག་བསྐྱེད་རྒྱས་པ་མེད་མོད་ཀྱང༌། །བྱིན་རླབས་འཇུག་པའི་ཁྱད་ཆེ་བའི་ཕྱིར་དང༌། དཀྱིལ་འཁོར་ཕལ་ཆེར་གྱི་ད་ལྟའི་ལག་ལེན་ལ་བདག་བསྐྱེད་རྒྱས་པ་ཡོད་པ་ལྟར་འདིར་ཡང་སྟེ། དེས་ན་ཚོགས་བསགས་གཉིས་དང༌། དེ་ནས་བདག་ཉིད་ཧཱུཾ་དུ་བསམ། ཞེས་པ་སྐབས་འདིར་བསྒོམ་


TNT13_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་སོ། །མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཨ་མྲྀ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས། ཨོཾ་ཤུ་ནྱ་ཏ་སོགས། རང་གི་ཐུགས་ཀ་ནས་རཾ་ཆད་པ་ལས་ཉི་མའི་དཀྱིལ་འཁོར། ཧཱུཾ་བསྣོལ་མ་ཆད་པ་ལས་ཞེས་པ་ནས། གདན་རེ་རེའང་གྲུབ་པར་གྱུར། དབུས་ཀྱི་གདན་གྱི་སྟེང་དུ། ཧཱུཾ་ཡིག་ཞུ་བ་ལས་བྱུང་བའི་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཧཱུཾ་དེ་རྣམས་གཅིག་ཏུ་འདྲེས་པ་ལས། ལྷ་མཚན་གཙོ་བོ་ཡབ་ཡུམ་གྱི་རྣམ་པར་གྱུར། སྒོ་འབྱེད་པའི་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་དྷ་ར་ཨུཏ་གྷ་ཊ་ས་མ་ཡ་ཧཱུཾ། ལན་བཞི་སྒོ་བཞི་རང་བྱེ་བར་གྱུར། རང་ཉིད་གཞལ་ཡས་ཁང་ཆེན་པོའི་ཤར་སྒོ་ནས་ཞུགས་ཏེ། དབུས་ཀྱི་མཚན་མའི་ལྷ་དང་གཉིས་སུ་མེད་པར་གྱུར། ཡབ་ཀྱི་གསང་གནས་ཧཱུཾ་ལས་ཞེས་པ་ནས། མདངས་ཅན་གྱི་ཕུང་པོར་གྱུར། དེ་ཉིད་ཆ་བཅོ་བརྒྱད་དུ་གྱུར། དབུས་ཀྱི་ཆ་གཉིས་ཐིག་ལེ་དཀར་དམར་ཉི་ཟླ་ཁ་སྦྱོར་གྱི་རྣམ་པར་གྱུར། ཟླ་བ་རྡོ་རྗེ་དང༌། ཉི་མ་ཐོད་ཁྲག་ཏུ་གྱུར། ཐོད་ཁྲག་གི་ནང་དུ་རྡོ་རྗེ་ཕྱེད་ནུབ་ཙམ། དེ་ལས་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡུམ་ལྷ་མོ་མཛེས་ལྡན་མའི་འཁྱུད་པའི་སྐུར་གྱུར། ཨོཾ་བཛྲ་སྥ་ར་ཎ་ཕཊ། མཁའ་ནང་ནས་ཕྱིར་སྤྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་གོ་འཕང་ལ་བཀོད། སླར་འདུས་ཤིང་གཅིག་ཏུ་འདྲེས་པ་རང་ཉིད་ལ་ཐིམ་པ་ནི། བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སངས་རྒྱས་གངྒཱའི་ཀླུང་ཞེས་པ་ནས།དགའ་བས་བརྒྱན་པའོ། །འཁོར་གྱི་ལྷ་ཚོགས་རྣམས་ལ་མཛད་པ་མི་དགོས། བདག་སྐྱེད་ལྟར་སྤྲོ་བ་ཡིན་


TNT13_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

པས། བྱང་ཆུབ་ཀྱི་སེམས་ཆ་བརྒྱད། ཐིག་ལེ་དཀར་དམར་ཉི་ཟླ་ཁ་སྦྱོར་གྱི་རྣམ་པ་བཞིར་གྱུར། ཞེས་པ་ནས། གཡོན་བརྐྱང་བས་གནས་པའོའི་བར་དང༌། དེ་ལྟར་འཁོར་བཅོ་བརྒྱད་པོ་ཐམས་ཅད་ཀྱང་ནི་ཡི་གེ་འབྲུ་གསུམ་ལ་ཐིམ། ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྟ་གོན་གྱི་ལྷ་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་སོགས་གོང་བཞིན། ཨ་མྲྀ་ཏས་བསངས། གོང་བཞིན་མཆོད་ནས། ཛཿཧཱུཾ་བཾ་ཧོཿ སྒྲུབ་མཆོད་ཞག་སྦྲེལ་གྱི་ཉི་མ་ཕྱི་མ་རྣམས་ལ་མི་དགོས། ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ནས། མི་བསྐྱོད་པ་རེ་རེས་དབུ་བརྒྱན་པར་གྱུར། ཞེས་པའི་བར་བདག་བསྐྱེད་བཞིན་ལས། བདག་ལ་རིགས་ཤེས་པར། ཞེས་པ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་རིགས་ཤེས་པ། ཞེས་འདོན་པ་སྤོ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས། རང་ཉིད་ཕྱག་གཉིས་པའི་རྣམ་པ་ཅན་དུ་ཡོངས་སུ་བྱེ་སྟེ། དཀྱིལ་འཁོར་ཆེན་པོའི་ཤར་སྒོའི་ཕྱོགས་སུ་གནས་པས་མཆོད་པའི་ལས་མཛད་པར་འགྱུར། ཨམྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་ནས་ཤཔྟ་ཨཱཿཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤཱ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ། ཧཱུཾ་རབ་མཆོག་བདུད་རྩི་ཨརྒྷའི་རྒྱུན། །དྭངས་ཤིང་གསལ་ལ་རོ་མཆོག་ལྡན། །རབ་ཏུ་དགྱེས་ཤིང་ཚིམ་བྱེད་འདི། །དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ།


TNT13_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ཎི་མཎྜལ་དེ་བ་ཏ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། རབ་ཏུ་དྭངས་ཤིང་དྲི་མ་མེད། །ཡན་ལག་བརྒྱད་ལྡན་སྤོས་ཀྱི་ཆུ། །ཕྱག་དང་ཞབས་དང་བསིལ་བའི་ཕྱིར། །འབུལ་གྱི་མགོན་པོས་བཞེས་སུ་གསོལ། པཱདྱཾ༴ ཧ་རི་ཙན་དན་བརྡར་བའི་ཆབ། །ལྷ་རྫས་དྲི་ཞིམ་ཀུན་དང་སྦྱར། །འགྲོ་ཀུན་གདུང་བ་སེལ་སླད་དུ། །འཐོར་འཐུང་འབུལ་གྱི་བཞེས་སུ་གསོལ། ཨཉྫ་མ་ནཾ༴ ཧཱུཾ་མེ་ཏོག་དམ་པ་འདི་དག་དང༌། །དེ་བཞིན་མཛེས་པའི་མེ་ཏོག་ཀུན། །བདེ་གཤེགས་སྐུ་ལ་འབུལ་བར་བགྱི། །ཆགས་མེད་ཐུགས་རྗེས་བཞེས་སུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ཎི་མཎྜལ་དེ་བ་ཏ་ས་པཱ་རི་ཝ་ར་བཛྲ་པུཥྤེ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུཾ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །ལྷ་རྫས་དམ་པའི་བདུག་སྤོས་ནི། །གཙོ་བོ་འཁོར་དང་བཅས་ལ་འབུལ། །རྟོག་མེད་ཐུགས་རྗེས་བཞེས་སུ་གསོལ། བཛྲ་དྷུ་པེ༴ མུན་པའི་ཚོགས་རྣམས་འཇོམས་བྱེད་ཅིང༌། །ཕྱོགས་ཀུན་གསལ་བའི་མར་མེ་འདི། །ཀུན་མཁྱེན་ཡེ་ཤེས་ཐོབ་བྱའི་ཕྱིར། །ཡེ་ཤེས་ཐུགས་མཆོག་བཞེས་སུ་གསོལ། བཛྲ་ཨཱ་ལོ་ཀེ༴ ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་ཡི་མཆོད་པ་འདི་དག་ནི། །རང་བྱུང་ཐུགས་ལ་དབུལ་བར་བགྱི། །ཀུན་བཟང་ཐུགས་རྗེས་བཞེས་སུ་གསོལ། བཛྲ་གནྡྷེ༴ ཁ་ཏོག་དྲི་དང་རོ་ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །རང་རིག་ཡེ་ཤེས་བསྙེས་ཕྱིར་འབུལ། བཛྲ་ནཻ་ཝི་ཏེ༴


TNT13_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་ཐེག་པ་མཆོག་གི་དོན་སྟོན་པ། །ཤེས་རབ་མཆོག་གི་རྗེས་འགྲོ་རོལ་མོའི་སྒྲ། །བདུད་ཀྱི་འཁོར་ལོ་གཞོམ་ཕྱིར་དབུལ་བར་བགྱི། །ཐུགས་རྗེས་འགྲོ་ལ་མངའ་བརྙེས་འདི་བཞེས་ཤིག །བཛྲ་ཤཔྟ་འབུད་དཀྲོལ་བྱ། དེ་ནས་གོས་ཟུང་དང༌། རྒྱལ་སྲིད་སྣ་བདུན། འདོད་ཡོན་ལྔ་ལ་སོགས་པ་ཚིགས་བཅད་རྣམས་སྤྱི་ཁྱབ་ཏུ་གྲགས་པ་ལ་རིགས་མི་འདྲ་བ་དུ་མ་ཡོད་པས་ཇི་ལྟར་འོས་པ་དང་སྦྱོར་ཞིང༌། སྔགས་ཀྱི་འདོན་པ་བསྒྱུར་ཚུལ་གོང་དུ་བཤད་པས་རིགས་འགྲེའོ། །བར་འདིར་ཕྱི་རོལ་གཏོར་མ་གཏོང་སྟེ། དཀྱིལ་འཁོར་ཁང་པའི་ཕྱི་རོལ་དུ་དཀར་གཏོར་དམར་གཏོར་མཆོད་པ་དང་བཅས་པ་བཤམ། བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་རྒུའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་མང་དུ་བརྗོད་ཅིང༌། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་བྱ། མདུན་གྱི་ནམ་མཁའི་གནས་སུ་ཧཱུཾ་ལས་སྐད་ཅིག་གིས་བཅོམ་ལྡན་འདས་གསང་བའི་བདག་པོ་བཞུགས་པར་གྱུར། ཕྱི་རོལ་རིམ་པ་དང་པོ་ལ་ཕུཿཡིག་བརྒྱད་ལས་ཀླུ་བརྒྱད། རིམ་པ་གཉིས་པ་ལ་ཧཱུཾ་བརྒྱད་ལས་བདུད་རྒྱལ་ཡི་དྭགས་ཆེན་པོ་བརྒྱད། གསུམ་པ་ལ་ཀྵ་ཡིག་བརྒྱད་ལས་གནོད་སྦྱིན་ཆེན་པོ་བརྒྱད། ཕྱི་རོལ་དུ་ཕྱོགས་སྐྱོང་བཅུ་ལ་སོགས་པ་སྲིད་པ་གསུམ་ཀྱི་འབྱུང་པོའི་ཚོགས་ཐམས་ཅད་ཀྱིས་བསྐོར་ཏེ་བཞུགས་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དྲག་པོ་གསུམ་གྱི་ལྷ་ཚོགས་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པ་བཛྲ་ས་


TNT13_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་ཛ། ཛ་ཧཱུཾ་བཾ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ནོར་རྒྱས་དུང་སྐྱོང་སེར་པོ་ཤར་ཞེས་པ་ནས། གནོད་སྦྱིན་འཁོར་སྡེ་ལྔ་བརྒྱར་བཅས། དམ་རྫས་གཏོར་མ་འདི་ལོང་ཞིགཅེས་པའི་བར་བྱ། དེ་རྗེས། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སོགས་འཁའ་འགྲོ་སྤྱི་གཏོར་བཞིན་བསྔོས་ནས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག་གི་བར་དུ་བྱ། མཆོད་ཡོན་འབུལ་བའི་སྔགས་བརྗོད་པ་མེད་གཞན་ལག་ལེན་སྤྱི་དང་མཐུན། །བདུད་རྩི་འཁྱིལ་བའི་སྔགས་ཀྱིས་མཚམས་བཅད། ནང་དུ་ཡོངས་ནས། རང་ཉིད་ཞལ་གསུམ་ཕྱག་དྲུག་པའི་སྐུར་གྱུར། དཀྱིལ་འཁོར་གྱི་གཙོ་བོ་དང་གཉིས་སུ་མེད་པར་འདྲེས། ཞེས་བརྗོད་དོ། །ནང་མཆོད་ནི། ཨོཾ་ཨ་མྲྀ་ཏ་ཀུནྚ་ལི་ནས་གཟུང༌། ནང་མཆོད་བྱིན་རླབས་དང༌། ཨོཾ་ནཱི་ལཾ་སོགས་ལ་ཨི་དཾ་སོགས་སྤྱར་བས་གཙོ་བོ་ལ་འབུལ་བའི་བར་ཡང་སྒྲུབ་ཐབས་བཞིན། ཨོཾ་པ་ར་ཀྲ་མ་ཡ་ཕཊ། སོགས་སྔགས་རེ་རེའི་མཐར་འབྲུ་གསུམ་བཏགས་ཏེ་འབུལ། ཧ་ར་ཧ་ར་ཧཱུཾ་ཕཊ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ཞེས་སོགས་སྦྱོར་བ་ཡིན། དེ་བཞིན་དུ་སྤྱི་འགྲོའི་ཚིག་རྣམས་ཀྱང་སྦྱར་ཏེ། མགྲོན་སྣ་ཚོགས་པ་རྣམས་ལ་འབུལ། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། ཞེས་པ་ནས། བྱང་ཆུབ་ལུས་ཅན་རྣམས་ལ་བགོས། ཨཱཿ ཞེས་པའི་བར་སྒེག་སོགས་བརྒྱད་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། གསང་བའི་མཆོད་པའོ། །དེ་ནས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱ་ཆེར་སྤེལ་ལ། སྣང་སྟོང་སྒྱུ་མ་ལྟ་བུར་ཤེས་པས། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། ནས། འོན་ཀྱངསྐྱོབས་པའི་སྲས་སུ་སྐྱེ། ཞེས་


TNT13_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དེ་བླ་ན་མེད་པའི་མཆོད་པའོ། །ཧཱུཾ་ཐབས་དང་ཤེས་རབ་སྦྱོར་བ་ཡི། ཞེས་པ་ནས། ལས་ཀུན་སྒྲུབ་ལ་བསྟོད། ཅེས་པས་བསྟོད་དོ། །སྤྲོས་པ་ལ་དགའ་ན་བསྟོད་པ་རྒྱས་པ་འདིས་ཀྱང་བསྟོད་པར་བྱ་སྟེ། ཧཱུཾ་རང་བཞིན་མཁའ་ལྟར་ཁྱབ་པ་ཆོས་ཀྱི་དབྱིངས། །སྟུག་པོ་བཀོད་པའི་གནས་མཆོག་དམ་པ་ན། །རྒྱལ་བ་ཀུན་གྱི་གཙོ་བོ་མི་བསྐྱོད་མགོན། །བྱང་ཆུབ་ལྔ་ལྡན་སངས་རྒྱས་སྤྲུལ་པའི་སྐུ། །དཔལ་ལྡན་ལྕང་ལོ་ཅན་གྱི་གནས་མཆོག་ཏུ། །ཐུགས་རྗེ་འགྲོ་རྣམས་འདྲེན་མཛད་གསང་བའི་རྒྱལ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ། །རིས་མེད་ཡེ་ཤེས་ཆོས་ཀྱི་དབྱིངས་སུ་ཞུགས། །རྣམ་ཤེས་འཁོར་བཅས་དག་པའི་ཆོས་ཀྱི་སྐུ། །ཞེ་སྡང་རྣམ་དག་ཞེ་སྡང་ཆེན་པོའི་སྐུ། །གར་དགུའི་ཉམས་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །འགྱུར་མེད་སྐུ་ནི་ནམ་མཁའི་ཁ་དོག་འདྲ། །སྐུ་གསུམ་རྣམ་པར་དག་པའི་ཞལ་རས་གསུམ། །རྣམ་པར་དག་པའི་སྤྱན་གསུམ་མེ་འོད་འཕྲོ། །ཕྱག་དྲུག་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ཆེ་བའི་ཡོན་ཏན་རྒྱས་པའི་དབུ་སྐྲ་འབར། །རྡོ་རྗེ་རྩེ་ལྔ་ཡེ་ཤེས་ལྔ་དང་ལྡན། །སྡིགས་མཛུབ་མ་རྟོགས་འགྲོ་ལ་ཐར་ལམ་སྟོན། །ས་སྟེང་གནོད་སྦྱིན་འདུལ་ལ་ཕྱག་འཚལ་ལོ། །ཟུང་འཇུག་ཐལ་མོས་བདག་ལྟའི་རི་བོ་འཇོམས། །འགྲོ་བའི་ཞེ་སྡང་འཇོམས་ཕྱིར་སྦྲུལ་གདུག་གསོལ། །ནམ་མཁའ་རྒྱུ་བའི་བདུད་དཔུང་འཇོམས་མཛད་ཅིང༌། །ས་འོག་ཀླུ་ཚོགས་འདུལ་ལ་ཕྱག་འཚལ་ལོ། །སྐུ་སྦོམ་གསུས་ཁྱིམ་རྒྱས་པ་ཆོས་ཉིད་ཀློང༌། །ཞབས་གཡས་བསྐུམས་པས་འཁོར་བ་རྟག་མཐའ་


TNT13_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས། །གཡོན་པ་བསྐྱངས་བས་མྱང་འདས་ཆད་མཐའ་བསལ། །ཚངས་དང་བརྒྱ་བྱིན་མནན་ལ་ཕྱག་འཚལ་ལོ། ཁ་ན་མ་ཐོ་སྤངས་པའི་ཆོས་གོས་སྔོ། །སྟག་ལྤགས་ལྷན་སྐྱེས་བྱང་སེམས་གཤིན་རྗེ་འདུལ། །སྦྲུལ་གྱིས་བརྒྱན་པས་ཉོན་མོངས་དུག་གསུམ་དག །འདོད་དགུའི་འཕྲིན་ལས་སྩོལ་ལ་ཕྱག་འཚལ་ལོ། །རྒྱལ་བའི་ཡུམ་མཆོག་རྡོ་རྗེ་མཱ་མ་ཀཱི །མཛེས་ལྡན་ལྷ་མོ་མཉམ་ཉིད་བྱང་ཆུབ་སེམས། །རྣམ་དག་ནམ་མཁའི་ཁམས་ཀྱི་ངོ་བོ་ཉིད། །ཤེས་རབ་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །གཟུགས་ཅན་སྣང་བ་ཆོས་ཀྱི་དབྱིངས་སུ་ཐིམ། །སྐུ་ཡི་མཛད་པ་སྣང་སྟོང་སྒྱུ་མའི་ངང༌། །འགྲོ་བའི་གཏི་མུག་དྲ་བ་འཇོམས་མཛད་པ། ཁྲོ་ཆེན་བདུད་ལས་རྒྱལ་ལ་ཕྱག་འཚལ་ལོ། །མྱོང་བའི་ཚོགས་ཀུན་མཉམ་ཉིད་ཐུགས་རྗེའི་ངང༌། །རྒྱལ་བའི་ཡོན་ཏན་རིན་ཆེན་འོད་ཟེར་འབར། །ང་རྒྱལ་སེར་སྣའི་དྲ་བ་འཇོམས་མཛད་པའི། །རྡོ་རྗེ་ཁྲོ་བོ་གཟི་བརྗིད་ལ་ཕྱག་འཚལ། །འཛིན་བྱེད་དག་པ་སོ་སོར་རྟོག་པའི་དངོས། །རྒྱལ་བ་ཀུན་གྱི་གསུང་གི་གསང་བ་ཅན། །བརྩེ་བའི་འོད་ཀྱིས་འདོད་ཆགས་རྒྱ་མཚོ་སྐེམ། །ཁྲོ་རྒྱལ་རྔམ་པ་སྒྲ་སྒྲོག་ལ་ཕྱག་འཚལ། །བྱ་བ་སྒྲུབ་མཛད་ལས་རྣམས་ཀུན་ལ་ཁྱབ། དེ་བཞེན་གཤེགས་པ་ཀུན་ཀྱི་འཕྲིན་ལས་མགོན། །ཕྲག་དོག་ནགས་ཚལ་ཡེ་ཤེས་འབར་བས་བསྲེགས། །ལེགས་མཛད་བདུད་རྩི་འཁྱིལ་བ་ལ་ཕྱག་འཚལ། །རྣམ་པར་དག་པ་ས་ཡི་ཁམས། །བྱམས་པ་ཚད་མེད་ངོ་བོ་ཉིད། །གདུག་ཅན་ཀུན་ལ་ཕུར་བུས་འདེབས། །འོད་ཟེར་ཅན་མ་ལ་


TNT13_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ། །རྣམ་པར་དག་པ་ཆུ་ཡི་ཁམས། །སྙིང་རྗེ་ཚད་མེད་ངོ་བོ་ཉིད། །གདུག་པ་ཅན་རྣམས་རེངས་ཤིང་གནོན། །མདངས་ཅན་མ་ལ་ཕྱག་འཚལ་ལོ། །རྣམ་པར་ཐར་པ་མེ་ཡི་ཁམས། །དགའ་བ་ཚད་མེད་ངོ་བོ་ཉིད། །འགྲོ་བ་མ་ལུས་དབང་དུ་མཛད། །སྒྲ་དབྱངས་ཅན་མ་ལ་ཕྱག་འཚལ། །རྣམ་པར་དག་པ་རླུང་གི་ཁམས། བཏང་སྙོམས་ཚད་མེད་ངོ་བོ་ཉིད། །འཕྲིན་ལས་མ་ལུས་སྒྲུབ་མཛད་མ། །རྡོ་རྗེ་རླུང་འབྱིན་ལ་ཕྱག་འཚལ། །ཤེས་རབ་དང་བཅས་དད་པའི་སྟོབས། །མ་རིག་ཆུ་བོ་སྐེམ་མཛད་ཅིང༌། །འགུགས་བྱེད་རྡོ་རྗེ་ལྕགས་ཀྱུ་དང༌། །ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ། །ཤེས་རབ་དང་བཅས་བརྩོན་འགྲུས་སྟོབས། །སྲིད་པའི་སྦྱོར་བ་འཇོམས་མཛད་ཅིང༌། །འཆིང་བྱེད་རྡོ་རྗེ་ཞགས་པ་དང༌། །ཞགས་པ་མོ་ལ་ཕྱག་འཚལ་ལོ། །ཤེས་རབ་དང་བཅས་དྲན་པའི་སྟོབས། །འདོད་པའི་ཟག་པ་འཇོམས་མཛད་ཅིང༌། །སྡོམ་བྱེད་རྡོ་རྗེ་ལྕགས་སྒྲོག་དང། །ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །ཤེས་རབ་དང་བཅས་ཏིང་འཛིན་སྟོབས། །ལྟ་བ་ངན་པའི་ཉེར་ལེན་འཇོམས། །འབབས་བྱེད་རྡོ་རྗེ་དྲིལ་བུ་དང༌། །དྲིལ་བུ་མ་ལ་ཕྱག་འཚལ་ལོ། །ཀུན་གཞི་གནས་གྱུར་དག་པའི་ཀློང༌། །རྣམ་དག་ཡེ་ཤེས་འཇིག་རྟེན་ཁམས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི། །གཞལ་མེད་ཁང་ལ་ཕྱག་འཚལ་ལོ། །ལས་དང་ཉོན་མོངས་སྣ་ཚོགས་ཀྱི། །སྡུག་བསྔལ་འཁྲུལ་བའི་སེམས་ཅན་རྣམས། །རྡོ་རྗེའི་གནས་ལ་འགོད་པའི་རྟགས། །དུར་ཁྲོད་བརྒྱད་ལ་ཕྱག་འཚལ་ལོ། །


TNT13_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་དོན་དམ་ཡེ་ཤེས་མཆོག །ཀུན་ཏུ་ཁྱབ་པར་འབར་བ་ཡི། །བླ་མེད་སྲུང་བའི་འཁོར་ལོ་ལ། །བདག་ཡིད་དང་བས་ཕྱག་འཚལ་ལོ། །ཐབས་ཤེས་ཉི་ཟླ་ཁ་སྦྱོར་འཕྲོ་འདུ་ལས། །འདོད་ཆགས་ཆེན་པོ་བདེ་བའི་ངང་ཚུལ་གྱི། །དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལ། །གཉིས་མེད་ཚུལ་གྱིས་གུས་པར་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པའི་དགེ་བའི་བདག་ཅག་རྣམས། །བདུད་ཀྱི་དཀྱིལ་འཁོར་མ་ལུས་འཇོམས་ནུས་པའི༌། །ཐུགས་ཀྱི་རྡོ་རྗེ་གསང་བའི་བདག་པོ་ཡི། །གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་ཤོག །ཅེས་སོ། །བར་འདིར་ནུས་ན་སྦྱིན་སྲེག་གི་མཆོད་པས་ཀྱང་མཆོད་པར་བྱ་མོད། མ་གྲུབ་ཀྱང་འགལ་བ་མེད། དེ་རྗེས་མདུན་བསྐྱེད་ཀྱི་བཟླས་པ་ཇི་ལྟར་འོས་པ་བྱས་ཏེ། བདེ་བར་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་སྒྲུབ་མ་ལུས་པ་སྩལ་དུ་གསོལ། བདེན་སྟོབས་བརྗོད་དེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང༌། །དེ་བཞིན་དེ་ཉིད་ངེས་པར་འབྱུང༌། །བདེན་པ་དེ་ཡི་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག ལན་གསུམ་བརྗོད་དོ། །སྡོམས་ནི། ཁྲུས་བྱས་མཎྜལ་གསོལ་གདབ་སྡོམ་པ་བཟུང༌། །ལྷར་བསྐྱེད་གདོང་གཡོགས་བསངས་བྱེད་སེམས་བསྐྱེད་བྱ། གསང་གདམ་དམ་ཆུ་སྦྱིན་ཏེ་ཕྱི་འཇུག་ཡིན། ནང་འཁྲིད་སྐོར་བ་གསོལ་བཏབ་ཡེ་ཤེས་དབབ། བརྟན་བྱེད་གསང་གདམས་བཀའ་


TNT13_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་མེ་ཏོག་དོར། །མེ་ཏོག་འཆིང་དང་ནམ་མཁའི་ཁ་དོག་བརྟག །གདོང་དབྱེ་ལྷ་ངོ་སྟོན་པ་ནང་འཇུག་ཡིན། ཞེས་སྡོམས་བློ་ལ་ངེས་པར་བྱའོ། །དང་པོ་ཁྲུས་ནི། ཇི་ལྟར་བལྟམས་པ་སོགས་དང༌། ཨབྷི་ཥེ་ཀ་ཏ་སོགས་བརྗོད། སློབ་མ་དབང་སྐུར་ལ་ནི། ཁྲུས་བྱས་ཏེ་མེ་ཏོག་བཀྱེ་བསྡུ་སེམས་བསྐྱེད་གསལ་འདེབས་རྣམས་ཡིན། གཉིས་པ་ནི་འཇུག་པའི་ཡོན་དུ་མཎྜལ་འབུལ། གསུམ་པ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སོགས་ལན་གསུམ་གསོལ་བ་གདབ། བཞི་པ་ནི། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། ཀྱི་བར་རིགས་ལྔའི་སྡོམ་བཟུང་སྤྱི་དང་མཐུན། ལྔ་པ་ལྷར་བསྐྱེད་པ་ནི། རང་སྐད་གཅིག་གིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་སྟག་ལྤགས་དང་སྦྲུལ་གྱིས་བརྒྱན་པ། ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པར་གྱུར། ཞེས་བརྗོད། སློབ་མ་དབང་བསྐུར་གྱི་སྐབས། རང་ཉིད་ཅེས་པ་ཁྱེད་རང་རྣམས་སུ་འདོན་པ་སྤོ་སྟེ། འདི་ཐམས་ཅད་ལ་རིགས་འགྲེའོ། །འཇུག་པའི་སྐབས་སུ་ལུས་ཀྱི་སྤྱོད་པ་དང་མཐུན་པའི་སྐུའི་རྣམ་འགྱུར་སྣ་ཚོགས་སུ་འཕོ་བས། གཡོན་བརྐྱང་སོགས་ཀྱི་ངེས་ཅན་འདིར་མི་བཞེད་ཅིང༌། ཕྱག་མཚན་ཡང་སྐབས་འདིར་མི་མཛད་པའི་ལུགས་སོ། །དྲུག་པ་མིག་དར་བཅིང་བ་ནི། ཨཱ་ཁཾ་ཝཱི་ར་ཧཱུཾ། བདུན་པ་བསངས་བ་ནི། རྡོ་རྗེ་གསོར་ཞིང༌། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ལན་གསུམ། སློབ་མ་དབང་བསྐུར་གྱི་སྐབས་ལས་བུམ་གྱི་ཆུས་གཏོར་རོ། །བརྒྱད་པ་སེམས་བསྐྱེད་པ་ནི། རང་གི་སྙིང་གར་ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ། བརྩེ་བ་སྙིང་རྗེ་ཆེན་པོ་དང་སྟོང་ཉིད་ཡེ་ཤེས་རྡོ་རྗེ་དབྱེར་མེད་པའི་བྱང་ཆུབ་སེམས་ཀྱི་ངོ་བོར་གྱུར།


TNT13_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཡོ་ཀ་ཙིཏྟ་ཨུ་པ་ད་ཡ་མི། རྡོ་རྗེ་སྙིང་གར་བཞག སུ་ར་ཏེ་ས་མ་ཡ་སྟཱཾ། ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དགུ་པ་དཀྱིལ་འཁོར་གསང་གདམས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། །མ་མཐོང་སྣོད་དང་མི་ལྡན་པ། །སུ་ལའང་སྟོན་པར་མ་བྱེད་ཅིག ཅེས་རྡོ་རྗེ་སྤྱི་བོར་བཞག བཅུ་པ་དམ་ཆུ་སྦྱིན་པ་ནི། ནང་མཆོད་བསང་སྟེ། འདི་ནི་རྡོ་རྗེ་དམ་ཚིག་ཆུ། །སྲུངས་ཤིག་མ་སྲུངས་སྲེག་པར་བྱེད། །སྲུངས་ན་དངོས་གྲུབ་སྟེར་བྱེད་པ། །བདུད་རྩི་འདི་ནི་མྱང་བར་གྱིས། ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ཏ་ཀ་ཋ་ཋ་ཋ། དེ་དག་ནི་བྱིས་འཇུག་ཡིན་པས་སློབ་མ་དབང་བསྐུར་གྱི་སྐབས། དཀྱིལ་འཁོར་ཁང་པའི་ཕྱིའམ་ཡོལ་བའི་ཕྱི་རོལ་དུ་བྱའོ། །བཅུ་གཅིག་པ་ནང་འཇུག་གི་ཐོག་མ་ཡོལ་བའི་ནང་དུ་འཁྲུད་པ་ནི། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྤྲུལ་པའི་ལས་ཀྱི་རྡོ་རྗེ་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་སྲུང་འཁོར་གྱི་ནང་དུ་ཞུགས་པར་གྱུར། ཨོཾ་བཛྲ་པཱ་ཎི་ཧཱུཾ་ཕཊ་སྭཱཧཱ། བཅུ་གཉིས་པ་སྐོར་བ་དང་ཕྱག་འཚལ་ནི། ཧཱུཾ་ཧཱུཾ་ཧཱུཾ། ཞེས་དཀྱིལ་འཁོར་ལ་བསྐོར་བ་བྱས་པར་མོས། ཨོཾ་ན་མཿ་ཏེ་ཧཱུཾ། ན་མཿམེ་ཧཱུཾ༌། ན་མོ་ན་མཿཧཱུཾ་སྭཱཧཱ། ཞེས་ཤར་སྒོ་ནས་ཕྱག་འཚལ་བར་མོས། བཅུ་གསུམ་པ་ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ་པ་ནི། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག །དཔལ་ཕྱག་ན་རྡོ་རྗེ་བདག་ལ་དབབ་པར་མཛོད་ཅིག ལན་གསུམ། བཅུ་བཞི་པ་ཡེ་ཤེས་


TNT13_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དབབ་པ་ནི། འཁོར་བ་ཐམས་ཅད་ནི་སྡུག་བསྔལ། འདུས་བྱས་ཐམས་ཅད་ནི་མི་རྟག །སྣང་ཞིང་སྲིད་པས་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུའོ། །བདག་གི་ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་ཐམས་ཅད་བླ་མ་དང་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་འབུལ་བར་བགྱིའོ། །སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་ཕྱག་ན་རྡོ་རྗེ་ཕྱག་གཉིས་པའི་སྐུར་གསལ་བའི་རྐང་པའི་འོག་ཏུ་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་གྱི་རྒྱུད་གྱེན་དུ་བསྟན་པ་ལ་རྐང་པ་གཉིས་བཞག་པ། སྤྱི་བོར་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་སྐུ་ལ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཉམས་བདེ་བ་ཆེན་པོ་དང་ལྡན་པར་བཞུགས། ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་བཅོམ་ལྡན་འདས་མའི་ངོ་བོ་ཨཿཡིག་ལས། འབར་བའི་གཏུམ་མོ་ཙཎྜ་ལིའི་མེ་ལྕེ་ཚོན་གང་ཙམ་དུ་འཕགས། རྐང་འོག་གི་གཞུ་གཡོ་བའི་ཞུགས་ཀྱིས་རང་ཉིད་གྱེན་དུ་འདེགས་བཞིན་པ་དང༌། གཏུམ་མོའི་གདུང་བའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་གང༌། སྤྱི་བོའི་བླ་མའི་ཐུགས་ཀ་ནས་ཨཿཡིག་དམར་པོ་ཆར་བབས་པ་བཞིན་བྱོན། སྙིང་ག་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་བས་ལུས་སེམས་ཐམས་ཅད་བདེ་བས་ཁྱབ། དཀྱིལ་འཁོར་ཀྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་དཔལ་ཕྱག་ན་རྡོ་རྗེའི་རྣམ་པར་སྤྱན་དྲངས། བ་སྤུའི་བུ་ག་ནས་ཞུགས་ཤིང་ཐིམ་པར་གྱུར། ཏདྱ་ཐཱ། བྷོ་བྷོ་ནས།


TNT13_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཥྱ་ཏི་ཧཱུཾ། བཛྲ་ཨ་བེ་ཤ་ཨ་ཨ། ཞེས་བརྗོད་ཅིང་རོལ་མོའི་སྒྲ་བྱའོ། །བཅོ་ལྔ་པ་བརྟན་པར་བྱ་བ་ནི། དཀྱིལ་འཁོར་ཀྱི་གཙོ་བོའམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས། སྤྱི་བོ་ནས་ཞུགས། སྙིང་གར་སངས་རྒྱས་གོས་སྔོན་ཅན་དུ་གྱུར། སྙིང་གའམ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག །ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཙིཏྟ་མཎྜ་ལ་བཛྲ་ས་མ་ཡ། ཏི་ཥྛནྟུ། བཅུ་དྲུག་པ་ལྷ་སྔགས་གསང་བར་གདམས་པ་ནི། མཐུ་སྟོབས་ཕྱག་ན་རྡོ་རྗེ་ནི། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །རྟག་ཏུ་ཡི་དམ་ལྷ་ཡིན་གྱི། །ཚུལ་འདི་སྨྲ་བར་མ་བྱེད་ཅིག །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། བཅུ་བདུན་པ་བཀའ་མཉན་པར་གདམས་པ་ནི། ང་ནི་ཕྱག་ན་རྡོ་རྗེ་སྟེ། །ང་ཡིས་བསྒོ་བ་ཉན་པར་གྱིས། །ང་ལ་བརྙེས་པར་མ་བྱེད་ཅིག །གལ་ཏེ་ཁྱོད་ཀྱི་བསྙན་ན་ནི། །དམ་ཚིག་འདི་ཡིས་སྲེག་པར་བྱེད། །ཚ་བ་ཆེན་པོའི་གནས་སུ་ལྟུང༌། བཅོ་བརྒྱད་མེ་ཏོག་འབུལ་བ་ནི། མཐུ་སྟོབས་མངའ་བདག་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་ཕུལ་བས། །སྔོན་ཚེ་ཡེ་ཤེས་བསྙེས་པའི་ལྷ། །གང་ཡིན་དེ་ལ་འབབ་པར་ཤོག །ཨོཾ་པྲ་ཏིཙྪ་བཛྲ་ཧོ། བཅུ་དགུ་པ་མེ་ཏོག་འཆིང་བ་ནི། ཨོཾ་པྲ་ཏི་གྲྀཧྞ་སྭ་མི་མཾ་སཏཱ་མཧཱ་བ་ལ། ཉི་ཤུ་པ་ནམ་མཁའི་ཁ་དོག་བརྟག་པ་ནི། རང་གི་ལས་དང་རྗེས་སུ་མཐུན་པའི་ཁ་དོག་མཐོང་བར་གྱུར། ཅེས་བརྗོད། སློབ་མ་དབང་བསྐུར་གྱི་སྐབས། སྐབས་འདིར་དྲི་ལན་བྱེད་པ་ལག་ལེན་མི་བདེ་བའི་མེ་ཏོག་འདོར་བའི་སྔོན་དུ་བྱེད་པ་སྤྱི་དང་འདྲ་བའི་ལག་ལེན་ཡོད་པ་ལྟར་འགལ་བ་མེད་དོ། །ཡིག་རྙིང་འགའ་རེ་དང༌། སྔོན་གྱི་ལག་ལེན་ཞིག་ལ་སྐབས་འདིར་གསང་མིང་འདོགས་པའི་སྲོལ་ཞིག་བྱུང་བ། སྙིང་མ་བའི་


TNT13_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལེན་འཆུགས་པ་ནི་མིན་ནམ། གང་ལྟར་མཁས་པ་རྣམས་ཕྱག་ལེན་མི་མཛད་པས་རེག་ཞིག་ལག་ལེན་མི་བྱེད་ལ། རྙིང་མ་ལ་དེ་ལྟར་བྱེད་པ་ལ་ཡང་དགོས་པ་ཅིག་ཡོད་དོ། །ཉེར་གཅིག་པ་གདོང་དབྱེ་བ་ནི། རང་བཞིན་རྣམ་དག་བདག་ཉིད་ཀྱི། །དཔའ་བོ་དབང་ཕྱུག་མ་ཡི་གནས། །དྲི་མེད་རང་བཞིན་དཀྱིལ་འཁོར་ནི། །བུ་ཁྱོད་ཀྱིས་ནི་ལྟ་བར་གྱིས། ཨོཾ་ཛྙཱ་ན་ཙཀྵུ་ཧཱུཾ་ཨཿ ཉེར་གཉིས་པ་ལྷ་ངོ་བསྟན་པ་ནི། བཅོམ་ལྡན་འདས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་གྱུར། ཞེས་བརྗོད། སློབ་མ་དབང་བསྐུར་གྱི་སྐབས་མངོན་རྟོགས་ལྟར་ཞིབ་མོར་བསྟན་ན་ལེགས་སོ། །དེ་ནས་དངོས་གཞི་ལས། སློབ་མའི་དབང་གི་དོན་དུ་མཎྜལ་ཕུལ། སྡོམས་ནི། གསོལ་གདབ་དབང་ལྷ་སྤྱན་འདྲེན་དང༌། །ཆུ་དང་ཅོད་པན་རྡོ་རྗེ་དང༌། །དྲིལ་བུ་མིང་དང་སྔགས་དབང་དང༌། །བརྟུལ་ཞུགས་རྒྱན་དང་དབུགས་དབྱུང་དང༌། །ལུང་བསྟན་རྣམས་སུ་ཤེས་པར་བྱ། དང་པོ་ནི། བསམ་གྱིས་མི་ཁྱབ་ཆོས་ཀྱི་སྣོད། །དབང་བསྐུར་དམ་པ་མཛད་དུ་གསོལ། ལན་གསུམ། གཉིས་པ་ནི། ལྷ་གྲངས་དང་མཉམ་པའི་བུམ་པ་ཡོད་ན། འཁོར་གྱི་བུམ་ཆུ་རྣམས་རྣམ་རྒྱལ་བུམ་པར་བསྡུ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་ཡུམ་བཞི། བྱང་ཆུབ་སེམས་དཔའ་སེམས་མ། ཡེ་ཤེས་ཁྲོ་བོ་ཁྲོ་མོ་ཐམས་ཅད་བཛྲ་ས་མཱ་ཛ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས་ཤཔྟའི་བར། ཕྱག་བྱར་འོས་པ་ཐམས་ཅད་ལ། སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌།


TNT13_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་འབྱུང་ནས་ཇི་ལྟར་སྩལ། དེ་བཞིན་འདི་ལ་གནང་བར་ཞུ། ལན་གསུམ། གསུམ་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། བདག་དང་དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་མི་དམིགས་ཏེ་སྟོང་པའི་ངང་ལས། པཾ་ལས་པདྨ་དང་རཾ་ལས་ཉི་མའི་གདན་གྱི་སྟེང་དུ། གཉིས་ཀའང་ཧཱུཾ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། ཅུང་ཟད་ཁྲོ་བོའི་ཉམས་ཅན། དར་དངརིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡུམ་མཱ་མ་ཀཱི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་མི་བསྐྱོད་པའི་རྣམ་པར་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ། སྐབས་འདིར་རྒྱས་པ་ལ་མོས་ན། དབང་རྫས་ཀྱི་ལྷ་ལ་དབང་བསྐུར་རྒྱས་གདབ་དང་མཆོད་བསྟོད་བྱ། བསྡུ་ན་མི་དགོས། དབང་རྫས་ཀྱི་མི་བསྐྱོད་པ་ཡབ་ཡུམ་ཞུ་བ་ལས་བྱུང་བའི་དབང་རྫས་རྣམ་རྒྱལ་བུམ་པའི་ཆུར་གྱུར། ཨོཾ་ཕུན་སུམ་ཚོགས་པ་མངའ་བ༴ སོགས་བཀྲ་ཤིས་ཚིག་བརྗོད། དབང་གི་ལྷ་རྣམས་ཀྱིས་དབང་བསྐུར་བར་གྱུར། བུམ་པ་སྤྱི་བོར་བཞག་ཅིང༌། སྐུ་གསུམ་དམ་ཚིག་ལས་བྱུང་བ། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡི། །མི་བསྐྱོད་པས་ནི་དབང་བསྐུར་རོ། །ཨོཾ་ཨཱ་དར་ཤ་ཛྙཱ་ན་ཨ་བྷི་ཥིཉྩ་ཡ་མི། བུམ་ཆུ་བཏུང༌། དེ་ལྟར་དབང་བསྐུར་བས་སྡིག་སྒྲིབ་ཐམས་ཅད་དག ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་མི་བསྐྱོད་པར་


TNT13_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པས་དབུས་བརྒྱན། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། སོགས་ཉེར་སྤྱོད་ལྔས་མཆོད། གོང་དུ་དབང་རྫས་དང་སློབ་མ་ལ་ལྷན་ཅིག་ཏུ་མཆོད་པ་ཕུལ་ནས། འདིར་སློབ་མའི་མཆོད་པ་མི་བྱེད་པའི་ལུགས་ཀྱང་ཡོད་དོ། །ལག་ལེན་དཀྱུས་ལྟར་བྱའོ། །དེ་ལྟར་ན་མི་བསྐྱོད་པའི་སྒོ་ནས་ཆུའི་དབང་ཐོབ། ཞེས་སྡང་དག རྣམ་ཤེས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་གོ་འཕང་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་སོ། །སྡོམས་ནི། བསངས་སྦྱང་སྔོན་དུ་འགྲོ་བ་ཡི། །ལྷར་བསྐྱེད་བྱིན་རླབས་ཡེ་ཤེས་དགུག །དབང་རྫས་ཞུ་ཞིང་ཤིས་པ་བརྗོད། །དབང་བསྐུར་མཆོད་དང་རྟོགས་པ་བསྐྱེད། །ཆུ་དབང་བསྐུར་བའི་སྡོམས་ཡིན་ཏེ། །ཤིས་བརྗོད་མ་གཏོགས་ཅོད་པན་སོགས། །ཕྱི་མ་བཞི་ལའང་འདྲ་བ་ཡིན། །བརྟན་བྱེད་ཆུ་དབང་ལྷག་པོར་བསྐུར། ཞེས་གོ་བར་བྱའོ། །བཞི་པ་ནི་བསངས་སྦྱངས། བདག་དང་དབང་རྫས་དབུ་རྒྱན་མི་དམིགས་ཏེ། གཉིས་ཀའང་ཨཾ་ལས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་གཡས་རིན་པོ་ཆེ་དང་གཡོན་དེས་ཡུ་བ་བྱས་པའི༴ ཡུམ་རིན་ཆེན་སྒྲོལ་མ་སེར་མོ་གྲི་གུག་དང་ཐོད་པ༴ སངས་རྒྱས་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་རྣམ་པ་སྤྱན་དྲངས༴ དབང་རྫས་ཀྱི་རིན་ཆེན་འབྱུང་ལྡན་ཡབ་ཡུམ་ཞུ་བ་ལས་བྱུང་བའི་དབང་རྫས་རིན་པོ་ཆེའི་དབུ་རྒྱན་དུ་གྱུར། དབུ་རྒྱན་བཅིངས་དར་དབྱངས་བསྐོན་བཞིན་དུ། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །དབུ་རྒྱན་རིན་ཆེན་བླ་ན་མེད། །རིན་ཆེན་ཀུན་གྱི་མཆོག་འགྲོ་བ། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ཨོཾ་བཛྲ་ས་མ་ཏཱ་ཛྙཱ་ན་རཏྣ་སྭ་བྷཱ་ཝ་ཧཱུཾ། ཨ་བྷི་ཥིཉྩ་མི། བུམ་ཆུས་སྤྱི་བོར་


TNT13_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ལ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། དེ་ལྟར་དབང་བསྐུར་བས༴ ཞེས་དང༌། སྤྱི་བོར་འཁྱིལ་བ་རིན་ཆེན་འབྱུང་ལྡན་དུ་གྱུར་པས་དབུ་བརྒྱན༴ ཅོད་པན་གྱི་དབང་༴ སེར་སྣ༴ ཚོར་བའི་ཕུང་པོ༴ མཉམ་པ་ཉིད་ཀྱི༴ རིན་ཆེན་འབྱུང་ལྡན་གྱི༴ ཞེས་འདོན་པ་སྤོ། གཞན་ཐམས་ཅད་ཆུ་དབང་དང་འདྲ། དེ་ཁོ་ནས་ཕྱི་མ་གསུམ་ལ་རིགས་འགྲེ་སྟེ། ལྔ་པ་ནི། བདག་དང་དབང་རྫས་རྡོ་རྗེ༴ ཛྲིཾ་ལས་འོད་དཔག་མེད་སྐུ་མདོག་དམར་པོ་གཡས་པདྨ་དང་༴ ཡུམ་གོས་དཀར་མོ་དམར་མོ༴ སངས་རྒྱས་ཐམས་ཅད་འོད་དཔག་མེད་ཀྱི༴ དབང་རྫས་ཀྱི་འོད་དཔག་མེད༴ དབང་རྫས་རྡོ་རྗེར་གྱུར། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །མི་ཕྱེད་རྡོ་རྗེ་གསང་བ་ལས། ཆོས་རྣམས་ཀུན་གྱི་སྒོར་གྱུར་པའི། རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་པྲ་ཏི་བེ་ད་ཛྙཱ་ན་ཨ་བྷི་ཥིཉྩ་མི། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ༴ སྤྱི་བོར་འཁྱིལ་བ་འོད་དཔག་མེད་དུ་གྱུར་པས༴ འོད་དཔག་མེད་ཀྱི་སྒོ་ནས་རྡོ་རྗེའི་དབང་༴ འདོད་ཆགས༴ འདུ་ཤེས་ཀྱི་ཕུང་པོ༴ སོ་སོར་རྟོག་པའི་ཡེ་ཤེས༴ འོད་དཔག་མེད་ཀྱི༴ ཞེས་འདོན་པ་སྤོ། དྲུག་པ་ནི། དབང་རྫས་དྲིལ་བུ༴ ཁཾ་ལས་དོན་ཡོང་གྲུབ་པ་སྐུ་མདོག་ལྗང་ཁུ། གཡས་རལ་གྲི༴ །ཡུམ་དམ་ཚིག་སྒྲོལ་མ་ལྗང་ཁུ༴ ཐམས་ཅད་དོན་ཡོད་གྲུབ་པའི༴ དབང་རྫས་ཀྱི་དོན་ཡོད་གྲུབ་པ༴ དྲིལ་བུར་གྱུར། ཤེས་རབ་ཐབས་དང་ལྡན་པ་ཡི། །འགྲོ་དོན་མཉམ་མེད་བྱེད་པ་དང༌། །མཆོད་པའི་ལས་རྣམས་རྫོགས་བྱེད་པའི། །དྲིལ་བུ་ལུས་ཀྱི་དབང་སྐུར་རོ། །ཨོཾ་ཀྲྀ་ཏྱཱ་ནུ་


TNT13_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཥྛན་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བཛྲི༴ དོན་ཡོད་གྲུབ་པར་གྱུར་པས༴ དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི༴ ཕྲག་དོག༴ འདུ་བྱེད་ཀྱི་ཕུང་པོ༴ བྱ་བ་སྒྲུབ་པའི༴ དོན་ཡོད་གྲུབ་པའི༴ ཞེས་འདོན་པ་སྤོ། བདུན་པ་ནི། བདག་དང་དབང་རྫས་རྡོ་རྗེ་དང་དྲིལ་བུ་མི་དམིགས་ཏེ། བྷྲུཾ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། གཡས་འཁོར་ལོ༴ ཡུམ་སངས་རྒྱས་སྤྱན་མ་དཀར་མོ༴ སངས་རྒྱས་ཐམས་ཅད་རྣམ་པར་སྣང་མཛད་ཀྱི༴ དབང་རྫས་ཀྱི་རྣམ་པར་སྣང་མཛད༴ རྡོ་རྗེ་དང་དྲིལ་བུར་གྱུར། རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་མི་ཤིགས་མི་གཡོ་བ། །རྡོ་རྗེའི་མིང་དུ་རབ་ཏུ་བསྒྲགས། ཨོཾ་ཏྲི་ཙཀྲ་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མི། ཀྱཻ་དཔལ། ཕྱག་ན་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཨོཾ་བཛྲི་བྷ་ཝ༴ རྣམ་པར་སྣང་མཛད་དུ་གྱུར་པས༴ རྣམ་པར་སྣང་མཛད་ཀྱི་སྒོ་ནས༴ གཏི་མུག༴ གཟུགས་ཀྱི་ཕུང་པོ༴ ཆོས་དབྱིངས་ཡེ་ཤེས༴ རྣམ་པར་སྣ་མཛད་གྱི་གོ་འཕང་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་སོ། །ཞེས་འདོན་པ་སྤོ། བརྒྱད་པ་ནི། ཚོགས་ཞིང་གི་སྐབས་ལྟར། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་སྔགས་མཆོད་ཕུལ། ཐིག་ལེའི་རང་བཞིན་མི་ཤིགས་པ། ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །བགེགས་རིགས་སྟོང་ཕྲག་འཇོམས་མཛད་པ། །འཁོར་ལོའི་བདག་པོ་ཁྱོད་ལ་བསྟོད། ཨོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎ་ཧྲི་ད་ཡ། མཧྭ་ཀྲོ་རྡ་ས་ཏྭ་ཧཱུཾ་ཕཊ། ལན་གསུམ། བཅོམ་ལྡན་བདག་གི་


TNT13_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། ལན་གསུམ། བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། འདི་ལ་སློབ་མ་དབང་བསྐུར་གྱི་སྐབས་ནི། སློབ་དཔོན་གྱིས་བཟླས་པ་ཅུང་ཟད་བྱས་ནས། ལག་ལེན་གསུང་གི་རྗེས་གནང་བཞིན་བྱེད་དོ། །དགུ་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཉི་མའི་གདན་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་འཕྱར་ཞིང༌། གཡོན་སྡིགས་མཛུབ་མཛད་པ་ཞབས་གཡོན་བརྐྱང་གི་བཞུགས་པའི་སྐུར་གྱུར། དཔྲལ་བར༴ ནས སངས་རྒྱས་ཐམས་ཅད་ཕྱག་ན་རྡོ་རྗེའི་རྣམ་པར་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལག་པ་གཡས་སུ་གཏད། འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །མཐུ་སྟོབས་མངའ་བདག་ཕྱག་ན་བསྣམས། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི། ལན་གསུམ་གསོར། དེང་ཕྱིན་ཆད་ཐ་མལ་གྱི་སྤྱོད་པ་བརྟུལ་ལ། ཕྱག་ན་རྡོ་རྗེའི་ཚུལ་ཞུགས་ལ་ཚུལ་བར་གྱིས་ཤིག སྤྲོས་པ་བྱེད་ན་འདིར་ཡང་ཆུ་དབང་བསྐུར་ནས་མི་བསྐྱོད་པའི་དབུ་རྒྱན་དང་མཆོད་པ་སོགས་བྱེད་དོ། །བཅུ་པ་ནི། བསངས་སྦྱངས་སོགས་བརྟུལ་ཞུགས་དང་འདྲ་བ་ལས། ཡོངས་སུ་གྱུར་པ་ལས་རང་ཉིད་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་མཐིང་ནག །ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་སྡིགས་


TNT13_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མཛུབ། བར་པ་གཉིས་ཐལ་མོ་རྡེབ་པ། ཐ་མ་གཉིས་སྦྲུལ་ནག་གི་སྐེད་པ་ནས་འཛིན་ཞིང༌། མགོ་བོ་ཞལ་དུ་གསོལ་ཞིང་མཇུག་མ་ཞབས་འོག་ཏུ་གནོན་པ། ཞབས་གཉིས་གཡོན་བརྐྱང་གི་སྟབས་ཀྱིས་པདྨ་ཚངས་པ་བརྒྱ་བྱིན་ཟླ་བ་ཉི་མ་རྣམས་ཀྱི་གདན་ལ་བཞུགས་པ། མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་ཁྲོ་བོའི་ཆ་བྱད་རྫོགས་པའོ། །དཔྲལ་བར་ཨོཾ༴ ནས་བཾ་ཧོའི་བར་བརྟུལ་ཞུགས་ཀྱི་སྐབས་བཞིན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ན་བཟའ་ཆོས་གོས་སྔོན་པོ་འདི། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། ཁམས་གསུམ་ཀུན་ལས་རྒྱལ་བར་ཤོག །རྒྱན་དང་ཆ་ལུགས་འབར་བ་འདི། །དཔའ་བོའི་བུ་ཡིས་བླང་བར་གྱིས། །ཕྱག་ན་རྡོ་རྗེའི་བརྟུལ་བཞུགས་བརྟན། །ཕྱི་དང་ནང་ན་ཡང་དག་གནས། ཨོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཧེ་ཧེ། སྟངས་སྟབས་བྱ་ཞིང་རྡོ་རྗེ་གསོར་ལ། ཧཱུཾ་ཧཱུཾ་ཞེས་ལན་མང་དུ་བརྗོད། སློབ་མ་དབང་བསྐུར་གྱི་སྐབས་ཚིགས་བཅད་སྔ་མ་ལ་སྟག་ལྤགས་དང་གོས་སྔོན་ཚིགས་བཅད་ཕྱི་མའི་སྐབས་སྦྲུལ་རྒྱན་དང་ཁྲོ་ཞལ་དང་ཕྱག་མཚན་རྡོར་དྲིལ་སོགས་གཏོད། གཞན་མེད་ན་རྡོ་རྗེ་ཙམ་ལག་ཏུ་གཏད་པས་ཀྱང་ཆོག ཁྲོ་ཞལ་ཟེར་བ་འདི་ཁྲོ་འབག་གི་མིང་ཡིན། ཙ་ཀ་ལི་བྱེད་པ་ནོར་རོ། །ཨོཾ་བཛྲི༴ མི་བསྐྱོད་པར་གྱུར་པས་དབུ་རྒྱན། པུཥྤེ༴ སོགས། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། སོགས་ཀྱིས་བསྟོད། དེང་ནས་ཁྱོད་རྡོ་རྗེ་འཆང་ཆེན་པོའི་བརྟུལ་ཞུགས་ལ་གནས་པར་གྱིས་ཤིག བཅུ་གཅིག་པ་ནི། ང་ནི་ཤཱཀྱ་སེང་གེ་སྟེ། །རྒྱན་ཆ་ཕྱག་ན་རྡོ་རྗེར་བྱས། །འདི་ཀུན་ང་ཡིས་སྤྲུལ་པ་སྟེ། །མ་འཇིགས་འཇིགས་པར་མ་བྱེད་ཅིག །ཁྱོད་ནི་འཁོར་བའི་འཇིགས་


TNT13_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐར། །མི་བསྐྱོད་སངས་རྒྱས་ཞིང་ཁམས་སུ། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །དེ་ལྟར་བདག་གིས་ལུང་བསྟན་ཏོ། །ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ། ཨ་བྷི་ཥིཉྩ་མི། ཀྱཻ་དཔལ། དཔལ་ཕྱག་ན་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །བྷུརྦྷུ་ཝ་སྭ། དཀྱིལ་འཁོར་འདི་ལ་དབུགས་དབྱུང་ཟེར། སྤྱི་ཁྱབ་ཏུ་ལུང་བསྟན་ཟེར་བ་དེ་ཡིན། སློབ་མ་དབང་བསྐུར་གྱི་སྐབས་ཀྱི་ལག་ལེན་ནམ་ལུང་བསྟན་སྤྱི་དང་འདྲའོ། །བཅུ་གཉིས་པ་ནི། བུ་ཁྱོད་འཁོར་ལོའི་དབང་བསྐུར་བས། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཕྱག་ན་རྡོ་རྗེ་མཐུ་སྟོབས་ཅན། །དེ་བཞིན་གཤེགས་པར་ལུང་བསྟན་ནོ། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་ངེས་རྒྱལ་ཏེ། །གྲོང་ཁྱེར་མཆོག་དུ་ཞུགས་པ་ཡིན། ཨོཾ་ནི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་སིདྡྷ་ས་མ་ཡ་སྟྭཾ། ཨ་བྷི་ཥིཉྩ་མི། དཔལ་ཕྱག་ན་རྡོ་རྗེ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ། །དེ་དག་གིས་ནི་སློབ་མའི་དབང་མཆོག་བསྟན་ཟིན་ཏོ། །སྡོམས་ནི། རྡོ་རྗེ་སློབ་དཔོན་དབང་བསྐུར་ལ། །ཕྱིར་མི་ལྡོག་དང་རྗེས་གནང་གཉིས། །གསོལ་བཏབ་དབང་སྟེགས་ལྷ་སྐྱེད་དང༌། །བྱིན་རླབས་ཡེ་ཤེས་དབང་བསྐུར་དང༌། །ནང་གི་ལྷ་དབང་ཆོས་འཁོར་བསྐོར། །མཆོད་བསྟོད་བསྟན་བཞུགས་བྱ་བ་རྣམས། །ཕྱིར་མི་ལྡོག་པའི་དབང་བསྐུར་ཡིན། །མཆོད་དང་སེམས་ཅན་དོན་བྱེད་པའི། །རྗེས་གནང་རྣམ་པ་གཉིས་སུ་འདོད། ཅེས་པ་བློ་ལ་ངེས་པར་བྱའོ། །དང་པོ་གསོལ་གདབ་ནི། སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ། མཚན་མ་མེད་པར་འགྲོ་བའི་དོན། །གང་དག་གིས་ནི་བྱེད་ནུས་པ། །ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོས་བདག་ལ་སྩལ། །ལན་གསུམ།


TNT13_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དབང་སྟེགས་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ། པདྨ་དང་ཟླ་བའི་གདན་དང་བཅས་པ། དེའི་སྟེང་ཐད་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་དང་བླ་བྲེ། གཡས་སུ་རྒྱལ་མཚན། གཡོན་དུ་བ་དན། མཐའ་སྐོར་དུ་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པ་དང་བཅས་པར་གྱུར། གསུམ་པ་ལྷར་བསྐྱེད་པ་ནི། གདན་དེའི་སྟེང་དུ་རང་ཉིད་གནས་ཏེ། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། གཡས་རྡོ་རྗེ༴ ཡུམ་རྡོ་རྗེ་སྙེ་མ་དཀར་མོ་གྲི་གུག་དང་༴ བཞི་པ་བྱིན་རླབས་དང་ལྔ་པ་ཡེ་ཤེས་ནི། དཔྲལ་བར༴ སངས་རྒྱས་ཐམས་ཅད་རྡོ་རྗེ་སེམས་དཔའི་རྣམ་པར་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོ། དྲུག་པ་དབང་བསྐུར་ནི། དབང་གི་ལྷ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པའི་ཆུས་དབང་བསྐུར་བར་གྱུར། ཇི་ལྟར་བལྟམས་པ༴ ནས། ཤྲི་ཡེ་ཧཱུཾ། དེ་ལྟར་དབང་བསྐུར་བས༴ རྡོ་རྗེ་འཆང་ཆེན་པོར་གྱུར་པས་དབུ་བརྒྱན། དེ་དག་ནི་ཆུ་དབང་ལ་འདོན་པ་སྤོ་རྒྱུ་ཡིན། བདུན་པ་ནང་གི་ལྷ་དབང་ནི། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་དུ་ལངས་པ། དེའི་ལྟེ་བར་དཔལ་འཁོར་ལོ་ཆེན་པོ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བཞུགས་པར་གྱུར། ཨོཾ་ནཱི་ལཱཾ༴ ནས་ཧཱུཾ་ཧཱུཾ་ཕཊ། ལན་དགུའམ་བཅོ་བརྒྱད་བཟླས། རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་


TNT13_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དེའི་ལྟེ་བར་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའོ། །ཏདྱ་ཐཱ། བྷོ་བྷོ༴ ནས་ཥྱ་ཏི་ཧཱུཾ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡུམ་ལྷ་མོ་མཛེས་ལྡན་མས་འཁྱུད་པ། ཐུགས་ཀ་ནས་བྱུང་རང་གི་སྙིང་གའི་ནང་གི་དཀྱིལ་འཁོར་ཆེན་པོའི་དབུས་སུ་བཞུགས་པར་གྱུར། ཨོཾ་པ་ར་ཀྲ་མ་ཡ་ཕཊ༴ ནས་ན་ཤ་ཡ་ཧཱུཾ་ཕཊ། གཙོ་བོའི་ཐུགས་ཀའི་འཁོར་གྱི་ལྷ་ཚོགས་རྣམས་ཐུགས་ཀ་ནས་སྤྲོས། རང་གི་སྙིང་གའི་ནང་གི་དཀྱིལ་འཁོར་གྱི་སོ་སོའི་གདན་ལ་འཁོད་པར་གྱུར། སློབ་མ་དབང་བསྐུར་གྱི་སྐབས། གཙོ་འཁོར་རྣམས་ཀྱི་ཞལ་ཕྱག་སོགས་མངོན་རྟོགས་བཞིན་བརྗོད་ན་ལེགས། སྤྲོས་པ་ལ་དགའ་ན་འདིར་ཡང་གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་བཏབ་རྣམས་བྱེད་དེ་ལེགས་པའང་ཡིན་ལ། བསྡུ་ན་ལྷ་བཀོད་པ་ཙམ་གྱིས་ཆོག་གོ །བརྒྱད་པ་ཆོས་འཁོར་བསྐོར་དུ་བཞུག་པ་ནི། ཨོཾ་བཛྲ་ཧེ་ཏུ་མཾ། ཨོཾ་བཛྲ་བྷ་ག་རཾ། ཨོཾ་བཛྲ་གྷནྚེ་ཨཿ དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲྀ་མེད་ཀུན་དུ་གང་བར་གྱིས། ཞེས་བརྗོད། སློབ་མ་དབང་བསྐུར་གྱི་སྐབས། འཁོར་ལོ་དུང་དྲིལ་བུ་པོ་ཏི་རྣམས་གཏོད། བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་འགྱུར་པ་ལ་མཆོད་པ་སྣ་ཚོགས་ཀྱིས་མཆོད་པར་གྱུར། དགུ་པ་མཆོད་བསྟོད་ནི། ཨརྒྷཾ༴ ནས་ཤཔྟའི་བར་མཆོད་པ་དགུ་ཚོགས་ཞིང་གི་སྐབས་ལྟར་ཕུལ། སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིག་སྔགས་རྒྱལ་པོ་དགེ་བ་པོ། །གདུལ་དཀའ་མ་ལུས་འདུལ་མཛད་


TNT13_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། བཅུ་པ་བརྟན་བཞུགས་སུ་གསོལ་བ་ནི། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། དེ་དག་གི་ཕྱིར་མི་ལྡོག་གི་དབང་ངོ༌། །རྗེས་གནང་གཉིས་ཀྱི་མཆོད་པའི་རྗེས་གནང་ནི། དེ་ཉིད་རིག་པའི་རྣལ་འབྱོར་པས། མི་བྱ་བ་ནི་གང་ཡང་མེད། །དཔའ་བོ་ཆེན་པོ་ང་ཡི་བཀས། །འདོད་པ་ལྔ་ལ་སྤྱོད་པར་གྱིས། སེམས་ཅན་གྱི་དོན་བྱེད་པའི་རྗེས་གནང་ནི། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། །ལུས་དང་སྲོག་ལ་མི་བལྟ་བར། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །འགྲོ་བའི་དོན་ནི་མཉམ་མེད་ཀྱིས། །རྟེན་ཅིང་འབྲེལ་བར་འབྱུང་ཆོས་ཅན། །སེམས་ཅན་སྒྱུ་མའི་རང་བཞིན་ནོ། ཁམས་གསུམ་དེ་ལྟར་ཤེས་ནས་ནི། །སེམས་ཅན་དོན་ནི་མཉམ་མེད་བྱོས། ཅེས་པའོ། །དེ་ནས་དེ་ཁོ་ན་ཉིད་བརྗོད་པ་ནི། གཞལ་ཡས་ཁང་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོག་སུམ་ཅུ་རྩ་བདུན་ནོ། །སྲུང་བའི་འཁོར་ལོ་ནི། འཇིག་རྟེན་པ་དང་ཐེག་པ་དམན་པ་རྣམས་ཀྱིས་རྟོགས་པར་དཀའ་བའོ། །དུར་ཁྲོད་བརྒྱད་ནི་རྣམ་ཤེས་བརྒྱད་དག་པའོ། །ཕུང་པོ་ལྔ་དག་པའི་ཡེ་ཤེས་ལྔ་ནི་ཁྲོ་བོ་ལྔའོ། །འབྱུང་བ་ལྔ་དག་པའི་ཚད་མེད་ལྔ་ནི་ཡུམ་ལྔའོ། །བསྡུ་བའི་དངོས་པོ་བཞི་དང་འཕྲིན་ལས་དག་པའི་སྒོ་སྐྱོང་རྣམས་སོ། །བཅོམ་ལྡན་འདས་ནི་ཆོས་ཉིད་མི་འགྱུར་བས་སྐུ་མདོག་དང་རྩ་ཞལ་མཐིང་ཀའོ། །གཡས་ཞལ་དཀར་བ་ནི་སྐྱོན་དང་བྲལ་བ། གཡོན་ཞལ་དམར་བ་ནི་སེམས་ཅན་རྗེས་སུ་འཛིན་པ། སྤྱན་གསུམ་ནི་དུས་གསུམ་མཁྱེན་པ། ཞབས་གཉིས་ཀྱི་བསྐྱང་བསྐུམ་ནི་རྟག་པ་དང་ཆད་པའི་མཐའ་ལ་མི་གནས་པ། ཕྱག་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། ས་གསུམ་


TNT13_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གདོན་འཇོམས་པ། གཟུང་འཛིན་སྤངས་བའི་སྟག་ལྤགས། མི་དགེ་བ་སྤངས་པའི་གོས་སྔོན། སྣ་ཚོགས་པའི་ཡོན་ཏན་ནི་སྐུའི་རྒྱན་ནོ། །ཞེས་བརྗོད། དེ་ལྟར་ན་ཕྱི་དབྱིབས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་དང་འཕྲིན་ལས་སྒྲུབ་པ་ལ་དབང༌། ས་དང་པོ་མན་ཆད་ཀྱི་ནུས་པ་འཇོག སྐུ་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས། གསང་དབང་དུ་མནྚལ་ཕུལ། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །གསང་བའི་སྤྱོད་པ་ཐབས་ལྡན་པའི། །ཤེས་རབ་ཆེན་པོའི་སྣོད་འགྱུར་ཕྱིར། །དབང་བསྐུར་ཆེན་པོ་མཛད་དུ་གསོལ། ཞེས་པའམ། གསང་བའི་དབང་བསྐུར་སྩལ་དུ་གསོལ། ཞེས་འདོན་པ་སྤོས་ཀྱང་རུང༌། ལན་གསུམ། གསང་སྤྱོད་ཐབས་དང་ལྡན་པ་ཡི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །བདུད་རྩི་ཆེན་པོའི་རོ་མྱང་ཕྱིར། དབང་བསྐུར་འདི་ལ་ཁྱོད་སྤྲོའམ། ཚིག་གོང་མ་གསུམ་འདྲ་བ་ལས། དབང་བསྐུར་འདི་ལ་བདག་སྤྲོ་ལགས། ཨཱ་ཁཾ་ཝཱི་ར་ཧཱུཾ། མིག་དར་བཅིངས། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ། ཡབ་ཡུམ་རྗེས་སུ་ཆགས་པ་སྙོམས་པར་ཞུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། ཡབ་ཡུམ་གྱི་སྐུ་ལ་རྗེས་སུ་བཞུགས་པར་གྱུར། ཡུམ་གྱི་པདྨའི་སྣ་རྩེར་པདྨ་འདབ་ལྔའི་ལྟེ་བ་ལ་རྡོ་རྗེ་མཱ་མ་ཀཱི། འདབ་མ་བཞི་ལ་སྤྱན་མ་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། གོས་དཀར་མོ་དང༌། སྒྲོལ་མ་རྣམས་བཞུགས། ཡབ་ཀྱི་རྡོ་རྗེའི་བུ་གར་འཁོར་ལོ་རྩིབས་བཞི་


TNT13_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྟེ་བར་མི་བསྐྱོད་པ། རྩིབས་བཞི་ལ་རྣམ་སྣང་རིན་འབྱུང༌། འོད་དཔག་མེད། དོན་ཡོད་སྒྲུབ་པ་རྣམས་འཁོར་བར་གྱུར། ཕྱི་དང་ནང་གི་ལྷ་མོ་རྣམས་ཀྱི་མཁའ་ནི་ཨཿལས་བྱུང་བའི་པདྨ་ཨཿས་མཚན་པ་དང༌། དཔའ་བོ་རྣམས་ཀྱི་གསང་བ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པར་གྱུར། ཕྱི་དབྱིབས་ཀྱི་ལྷ་ཡབ་ཡུམ་སྙོམས་པར་ཞུགས་པས། གཞིར་གནས་ཀྱི་ཐིག་ལེ་དཀར་དམར་དང༌། སྔར་སྤྱན་དྲངས་པའི་སངས་རྒྱས་འཁོར་བཅས་ཐམས་ཅད་གསང་བའི་རིགས་ལྔ་ཡབ་ཡུམ་ལ་ཐིམ། རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པས་ཐབས་དང་ཤེས་རབ་རོ་མཉམ་པའི་བྱང་ཆུབ་ཀྱི་སེམས་བདེ་བའི་ངོ་བོར་ཞུ། དེ་ཉིད་ཐབས་ཤེས་ཀྱི་མཁའ་གསང་ལས་ཕྱིར་བྱུང་སྟེ། བདག་གི་ལྕེ་ལ་བཞག །དཔའ་བོ་རྣལ་འབྱོར་མ་ཀུན་གྱི། །དམ་ཚིག་འདི་ནི་ངོ་མཚར་ཆེ། ཁམས་ལྔ་ཡི་ནི་རོས་གང་བའི། །བདེ་བ་ཆེན་པོ་མྱང་བར་གྱིས། ཞེས་ཆེད་དུ་བརྗོད། ཨཱ་ཧོ་སུ་ཁ་སྐལ་ཆེན་པོ། །དངོས་སྒྲུབ་དམ་པ་རྩལ་དུ་གསོལ། གསང་རྫས་མྱངས་བར་གྱུར། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་བཞིན་བུ་ཁྱོད་དབང་བསྐུར་རོ། ཨོཾ་ཨཱཿཧཱུཾ། གདོང་གཡོགས་བཀྲོལ། དེ་ལྟར་ན་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ས་བདུན་པ་མན་ཆད་ཀྱི་ནུས་པ་བཞག །ལམ་རྩ་དང་རླུང་གི་རྣལ་འབྱོར་སྒོམ་པ་ལ་དབང༌། གསུང་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་སོ། །ཤེས་རབ་ཡེ་ཤེས་


TNT13_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་གི་དོན་དུ་མཎྜལ་ཕུལ། གསོལ་གདབ་དང་དྲི་བ་དྲི་ལན་མིག་དར་བཅིང་བ་གསང་དབང་དང་འདྲ་བ་ལས། ཤེས་རབ་ཡེ་ཤེས་དབངབསྐུར་སྩོལ། ཞེས་འདོན་པ་སྤོས་ཀྱང་རུང༌། མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་ཡེ་ཤེས་བསྒྲུབ་པའི་དོན་དུ་གཏད་པར་གྱུར། ལྷ་མོ་འདི་ནི་ཁྱད་པར་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཏུ་ཕྱག་རྒྱ་ལོང༌། །བུ་ཡི་བླ་མེད་མཆོད་པར་གྱིས། །དེས་ཀྱང་བྱང་ཆུབ་སེམས་ནི་བླ་ན་མེད། །བུ་ཡིས་ཅི་དགར་བཟའ་ནུས་སམ། །ཕྱག་རྒྱ་ལྔ་ལས་བྱུང་བ་ཡི། །རིག་མ་དད་པས་མཆོད་ནུས་སམ། །བཤང་གཅི་ཁུ་བ་རཀྟ་སོགས། །འདི་ཉིད་དུ་ནི་བསྟེན་ནུས་སམ། །ང་ཡི་གསང་བའི་པདྨ་ནི། །བདེ་བ་མྱུར་དུ་སྐྱེས་པ་སྟེ། ཁྱོད་ཀྱིས་རྟག་ཏུ་མཆོད་ནུས་སམ། ཞེས་བྲིས་པ་ལ། ཇི་སྐད་བཤད་པའི་དམ་ཚིག་རྣམས། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། ཞེས་ལན་བཏབ། སྟོང་པའི་ངང་ལས་བདག་ཉིད་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང༌། རིག་མ་ལྷ་མོ་མཛེས་ལྡན་མའི་སྐུར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡབ་ཀྱི་གསང་གནས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་ཞིང༌། རྩེ་མོར་ཕཊ་ཀྱིས་བརྒྱན་པ། ཡུམ་གྱི་མཁའ་ཨཿལས་བྱུང་བའི་པདྨ་དམར་པོ་འདབ་མ་གསུམ་པ་ཨཿཡིག་གིས་མཚན་པ། ཡབ་ཡུམ་སྙོམ་པར་ཞུགས་པའི་རྗེས་ཆགས་ཀྱི་མེས་སྤྱི་བོའི་ཧཾ་ཡིག་བཞུ་སྟེ། རྩ་འཁོར་ལོ་བཞིར་ལུགས་འབྱུང་དང་ལུགས་ལྡོག་གི་དགའ་བ་བཞི་མངོན་དུ་བྱས་པར་གྱུར། ཨོཾ་ཨཱཿཧཱུཾ། མིག་དར་བཀྲོལ། རྡོ་རྗེ་སྤྱི་བོར་བཞག ང་དང་རྡོ་རྗེ་སློབ་དཔོན་དང༌། །


TNT13_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་དང་ལྕམ་དྲལ་ལ་སོགས་དང༌། ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །མ་མོས་བརྙས་པར་མ་བྱེད་ཅིག །གཞན་ཡང་དམ་ཚིག་བཤད་པ་རྣམས། །རྟག་ཏུ་ཁྱོད་ཀྱིས་སྲུང་བར་གྱིས། །དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་ལམ་བཞིན་དུ་སེམས་ཅན་གྱི། །དོན་ནི་བདག་ཉིད་ཀུན་གྱིས་ཀྱཻ། དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། ཡིད་ཀྱི་དྲི་མ་དག །ཕོ་ཉའི་ལམ་སྒོམ་པ་ལ་དབང༌། དག་པ་ས་གསུམ་གྱི་ནུས་པ་བཞག ཐུགས་རྡོ་རྗེ་མངོན་དུ་འགྱུར་པའི་སྐལ་བ་ཅན་དུ་བྱས་སོ། །དབང་བཞི་པའི་དོན་དུ་མཎྜལ་ཕུལ། རྣམ་པ་ཀུན་གྱི་མཆོག་ལྡན་པའི། དབང་བསྐུར་གསུམ་པོ་བདག་ལ་གནང༌། །དེ་རིང་རིང་ཆེན་བཞི་པ་ཡང༌། །བཀའ་དྲིན་གྱིས་ནི་བདག་ལ་སྐྱོབས། ལན་གསུམ། ཡེ་ཤེས་འདི་ནི་ཆེར་ཕྲ་ཞིང༌། །རྡོ་རྗེ་རྙིང་པོ་མཁའ་དང་མཚུངས། །རྡུལ་བྲལ་མཐར་སྦྱིན་ཞི་བ་ཉིད། ཁྱོད་རང་ཡང་ནི་དེ་ཡི་ཕ། སེམས་ཉིད་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་གདོད་མ་ནས་དོན་དམ་པའི་དཀྱིལ་འཁོར་དུ་རང་ཤར་བ། ཟབ་མོ་དང་གསལ་བ་གཉིས་སུ་མེད་པའི་ཡེ་ཤེས་ནི་བཞི་པའི་དོན་གྱི་དེ་ཁོ་ན་ཉིད་དོ། །འདིའི་གཞུང་ན་དབང་བཞི་པ་ཞལ་ཤེས་སུ་མཛད། བོད་སྔ་མ་རྣམས་ཀྱི་ཡི་གེ་ན། བཞི་པ་ལ་མིག་དར་བཅིངས་འགྲོལ་རེ་ཡང་བྱེད་པར་བྱས་མོད། རང་ལུགས་ལ་མི་དགོས་སོ། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་ཕྱག་རྒྱ་ཆེན་པོ་བསམ་མི་ཁྱབ་


TNT13_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ་ལ་དབང༌། ས་བཅུ་གཅིག་པ་དང་བཅུ་གཉིས་པའི་ནུས་པ་བཞག །ཡེ་ཤེས་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་སོ། །གཙོ་བོས་ཇི་ལྟར་བཀའ་རྩལ་པ། དེ་དག་ཐམས་ཅད་བདག་གིས་བགྱི་ལན་གསུམ། གཏང་རག་གི་མཎྜལ་ཕུལ། དེང་ནས་བརྩམས་ཏེ༴ སོགས་བྱ། དགེ་བ་བསྔོའོ། །དེ་ནས་ནང་གཏོར་རྣམས་ནང་མཆོད་ལྟར་བྱིན་གྱིས་རླབས། དཀྱིལ་འཁོར་ཆེན་པོའི་དུར་ཁྲོད་ཀྱི་ས་གཞི་ལ་ཀླུ་དང་༴ ཞེས་པ་ནས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཅེས་པའི་བར་སྒྲུབ་ཐབས་ལྟར་ནང་གཏོར་རྒྱས་པར་འབུལ་ལོ། །དེ་དག་གིས་ནི་དངོས་གཞིའི་ཆོ་ག་ལས། བདག་འཇུག་གི་རིམ་པ་རྣམས་བསྟན་ཟིན་ཏོ། །སློབ་མ་དབང་བསྐུར་བའི་བྱ་བ་ལ་ནི། རྣམ་པ་གཉིས་ཏེ། ནུབ་དང་པོ་སློབ་མ་སྟ་གོན་གྱི་བྱ་བ་དང༌། ནུབ་ཕྱི་མ་དཀྱིལ་འཁོར་དུ་དབང་བསྐུར་བའི་བྱ་བ་དངོས་སོ། དང་པོ་ནི། ལྷ་སྟ་གོན་གྱི་ཉིན་པར་དེ་ཉིད་ཡིན་ན་ཚོམ་བུ་སོགས་ལ་རྗེས་མ་བསྡུས་ན། ཡོལ་བས་སྒྲིབ་པར་འདོད་ཀྱང་མཐའ་གཅིག་ཏུ་ངེས་པ་མི་དགོས་པས་ཅི་བདེར་བྱ། དཀྱིལ་འཁོར་བྲིས་ཟིན་ནས་དངོས་གཞིའི་དཀྱིལ་འཁོར་བསྒྲུབ་པའི་བྱ་བ་དང་འབྲེལ་བའི་སྐབས་ཡིན་ན། ཡོལ་བ་འཐུག་པོས་བསྒྲིབས་ཏེ་ཕྱོགས་ཙམ་ཡང་མི་མཐོང་བར་བྱེད་པ་གལ་ཆེ། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད། མེ་ཏོག་བཀྱེ་བསྡུ་བྱ། སློབ་དཔོན་གྱིས། སློབ་མ་རྣམས་སེམས་བསྐྱེད་གསལ་འདེབས་སུ་བཅུག །ཆོས་བཤད་བྱ། སློབ་མས་སྟ་གོན་གྱི་དོན་དུ་མཎྜལ་ཕུལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། ནས། མགོན་པོས་བདག་ནི་འཇུག་པར་འཚལ། གྱི་བར་སྤྱི་དང་མཐུན་པ་གསོལ་བ་ལན་གསུམ་གདབ། བུ་ཚུར་ཐེག་པ་ཆེན་པོ་ཡི། ཞེས་པ་ནས། བུ་ཡི་བློ་གྲོས་འདི་གྱིས་ཤིག ཅེས་པའི་བར་སྤྲོ་བ་བསྐྱེད་པ་སྤྱི་དང་འདྲ་བ་ལས། རྫོགས་པའི་སངས་རྒྱས་གང་འདས་དང༌།


TNT13_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཚིག་རྐང་དྲུག་མི་བྱེད་པར། དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་འདི་བསྒོམ་པས། ཞེས་བརྗོད་པའི་ལུགས་དེ་མཛད། དཔའ་བོས་བྱང་ཆུབ་ཤིང་དྲུད་དུ། ཞེས་པ་མན་ཆད་སྤྱི་འགྲོ་ལྟར་རོ། དེ་ནས་སྡོམ་པ་བཟུང་བའི་དོན་དུ་མཎྜལ་ཕུལ་ལ། སྒྲུབ་ཐབས་ནས་འབྱུང་བ་ལྟར་དགུ་རྣམ་པར་དག་པ་བྱ་སྟེ། དེ་ཡང།ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༌། །དཀྱིལ་འཁོར་གསང་བའི་ལྷ་ཚོགས་དང༌། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །སྒོ་གསུམ་དང་བས་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། ཞེས་པ་ནས། དེ་དག་དོན་དུ་སེམས་བསྐྱེད་དོ། །ཞེས་པས་མཐུན་མོང་གི་སྡོམ་པ་བཟུང༌། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། ཞེས་པ་ནས། མྱ་ངན་འདས་ལ་འགོད། ཀྱི་བར་རོ། དེ་ནས་བྱིན་གྱིས་བརླབ་པ་ནི། ཨམྲྀ་ཏས་སངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཁྱེད་རང་རྣམས་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་འཕྱར་ཞིང༌། གཡོན་སྡིགས་མཛུབ་མཛད་པ། པད་ཉི་ལ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང་རྒྱན་དང་ཆ་བྱས་ཡོངས་སུ་རྫོགས་པར་འགྱུར། དྲི་བཟང་བདུད་རྩི་དང་བསྲེས་པའི་ཐིག་ལེ་གནས་གསུམ་དུ་རེག ཨོཾ་ཨཱཿཧཱུཾ། དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཿས་མཚན་པ། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ། དེ་རྣམས་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པར་མོས་ཤིག


TNT13_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མཆོད་པ་ལྔ་པོ་རིམ་བཞིན་ཕུལ། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། །འཁོར་བའི་ཉེས་པས་མ་གོས་པར། །མཆོད་པ་ཀུན་དང་ལྡན་པ་ཡི། །བུ་ཡིས་བློ་གྲོས་འདི་གྱིས་ཤིག ཅེས་སོ། །དེ་ནས་སྙིང་པོ་བཟླས་པས་བྱིན་གྱིས་བརླབས་པའི་སོ་ཤིང་སྟེར་ཏེ། ཆོ་ག་སྤྱི་དང་འདྲ། དེ་ནས་སྤྲོ་བ་བསྐྱེད་པ་ཡང༌། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། ཞེས་སོགས་སྤྱི་དང་འདྲ་བར་བརྗོད་པ་ལས། གོ་འཕང་བླ་ན་མེད་པར་འགྱུར། ཞེས་པའི་རྗེས་སུ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། འགྲོ་དོན་མཉམ་མེད་བྱེད་པར་ནུས། ཞེས་པ་འཇུག །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། དེ་ལ་བུ་ཡིས་བརྩོན་པར་གྱིས། ཞེས་པ་ནི་ཁྱད་པར་རོ། །དེ་ནས་དཔུང་སྐུད་འཆིང་སྟེ། ཨ་མྲྀ་ཏའི་སྔགས་ཀྱིས་སོ་དེ་ནས་ཀུ་ཤ་སྦྱིན་པ་ཡང་སྤྱི་དང་འདྲ། གཞུང་འདིར་མ་བཤད་ཀྱང༌། ཁྱོར་ཆུ་སྦྱིན་པ་ཡང་དགོས་པ་མངོན་ཏེ། བྱེད་ན་སོ་ཤིང་གི་རྗེས་ལའོ། དེ་ནས་རྨི་ལམ་བརྟག་ཅིང་ངན་ན་སྲུང་བ་ནི། བུ་ཀྱཻ་ནང་པར་དཀྱིལ་འཁོར་མཆོག །མཐོང་བར་འགྱུར་རོ་ཉོལ་ཞིག་དང། །རྨི་ལམ་མཐོངབ་གང་ཡིན་པ། །དེ་ཀུན་ང་ལ་ལེགས་པར་སྨོས། ཞེས་བརྗོད་ཅིང་དོན་བཤད་པ་ཡང་སྤྱི་དང་འདྲའོ། སློབ་མ་སྟ་གོན་མདོ་ཙམ་བསྟན་ཟིན་ཏོ། །དངོས་གཞི་སློབ་མ་དབང་བསྐུར་ནི། བདག་འཇུག་གྲོལ་བ་ན། སླར་ཡང་གོང་བཞིན་བདེན་སྟོབས་བརྗོད་ནས། བདག་འཇུག་ཇི་ལྟར་བྱས་པ་བཞིན་སློབ་མ་ལ་བསྐུར་བ་ཡིན་ལ། མི་འདྲ་བའི་ཁྱད་པར་རགས་རིམ་རྣམས་གོང་བདག་འཇུག་གི་སྐབས་སུ་བརྗོད་ཟིན་ལ། གཞན་ནི་ལག་ལེན་བྱེད་པའི་རིམ་པ་ལ་བལྟས་པས་ཤེས་པར་འགྱུར་གྱི་ཡི་གེས་ཅི་ཞིག་བྱ། དེང་སང་འདི་ན་ཆེན་རློམ་འགའ་ཞིག་གཞན་ལ་འགྲན་པའི་ཕྱིར་དང༌། ཆོས་རྒྱུན་རྣམ་དག་ལ་གནོད་པ་སྐྱེལ་བའི་ཕྱིར། དཔེ་སྒྲོགས་ཀྱི་དབང་བསྐུར་འདྲ་བྱེད་དེ། སངས་རྒྱས་དང་ཐམས་ཅད་མཁྱེན་པར་ཁས་ལེན་བཞིན་དུ།


TNT13_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་ལུགས་ལག་ལེན་འོལ་ཅི་ཙམ་ཡང་མི་ཤེས་པར་ཡུ་བ་མེད་པའི་གཞུག་སྡུམ་ཤེས་ལྡན་ཁྲེལ་བའི་རྒྱུ་མང་པོ་སྣང་བ། དེ་དག་ནི་དང་པོར་བླ་མ་ལ་མ་ཐོབ། བར་དུ་ལག་ལེན་མ་མཐོང༌། མཐར་དཔེ་ཆ་བལྟས་པས་གོ་ལ་རེ་བྱས་ཀྱང་ཁོང་མ་ཁྲོལ་བའི་སྐྱོན་ཡིན། གཞན་ལ་འདྲན་པའི་ཕྱིར་དུ་ཆོ་ག་འདྲ་བྱེད་འདོད་ནས། བརྒྱུས་པ་དང་ཁུངས་གང་ཡང་མི་འཚོལ་བར་གནས་གཞི་གོག་པོ་རེ་ནས་བླུན་པོ་དམ་མཉམ་སྡོམ་ཤོར་རེ་བོས་ཏེ། གསང་སྔགས་ཀྱི་ཕྱག་ལེན་ཡར་འབུལ་གྱིན་ཡོད་དོ། །ཟེར་བ་མཐོང་སྟེ། གར་འཆམས་འདྲ་དང་མགུར་དབྱངས་ཡིན་ཟེར་ནས་བོད་སྐད་རྒྱག །མི་ནག་མགོ་སྐོར་འདྲ་བྱེད། །སངས་རྒྱས་ཀྱི་བསྟན་པའི་རྨངས་ནས་ཞིག །གསང་སྔགས་ཀྱི་སྲོག་རྩ་བཅད། རྒྱལ་ཁམས་ཕུར་བར་བྱེད་པ་ཡིན་པ། དེ་ལྟར་མ་གོ་བར་ཤེས་ལྡན་ཡིན་དུ་རེ་བའི་དགེ་བཤེས་དང༌། སྡེ་དཔོན་དག་དེའི་རྗེས་ལ་རྒྱུག་པ་དག་སྣང་བ་ནི། རྡོ་རྗེ་འཛིན་པས་ཐབ་ཏུ་གཞུག་པར་བྱ་རྒྱུ་ཡིན་ནོ། །དེས་ན་གསང་སྔགས་ཀྱི་ཆོས་དེ་རྒྱུད་གཞུང་ཚད་ལྡན་ལས་བཤད་པ་ཞིག་དགོས། བརྒྱུད་པ་མ་ཆད་པ་ཞིག་དགོས། ལག་ལེན་མ་འཚོལ་བ་ཞིག་དགོས། བླ་མའི་འོག་ཏུ་སློབ་མ་འཛུལ་བ་ཞིག་དགོས། ཤེས་རབ་དང་རིག་པ་ཡོད་རློམ་གྱི་བླ་ཆོས་བྱས་པས་མི་འོང༌། ཤེས་རབ་ཀྱི་ཉི་མ་ཤར་བ་ཞིག་གིས་ཀྱང་ནན་ཏན་ཞིབ་ཏིག་བྱས་པ་ཞིག་དགོས་པ་ཡིན། པོ་ཏི་བལྟས་པ་གཅིག་པུས་ཀྱང་མི་འོང༌། ཉམས་མྱོང་ཡིན་རྫུ་དང༌། ཁོག་ནས་བརྡོལ་བ་ཡིན་ལོ་བའི་ཟོལ་སྦྱོར་དང༌། ཞལ་མཐོང་ཡིན་ཟེར་བ་དང༌། བླ་མ་མ་བསྟེན་པར་སྐྱེ་བ་དྲན་པ་ཡིན། ཕ་མེས་ཀྱི་ཆོས་ཡིན་ཟེར་བ་སོགས་ཀྱིས་གྲུལ་མི་བཏུབ་དུས་དེང་སང་བླ་མའི་ཞལ་གྱི་མན་ངག་གིས་ལེགས་པར་བརྒྱན་པ། སེལ་མེད་ཅིང་བྱིན་རླབས་དང་ལྡན་པ་ཞིག་དགོས་སོ། །རྗེས་ཀྱི་ཆོ་ག་ནི། མཆོད་པ་གསར་བ་བཤམས། སྙིང་པ་ཁ་གསོ། དཀྱིལ་འཁོར་སྒྲུབ་པའི་མཆོད་པའི་སྐབས་བཞིན་བྱིན་གྱིས་བརླབས། འགྲོ་བའི་མགོན་པོ་ཐུགས་རྗེ་


TNT13_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། གཟུང་འཛིན་དྲི་མས་མ་གོས་པར། །མཉེས་ཕྱིར་སྐུ་གསུང་ཐུགས་ལ་འབུལ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཨརྒྷཾ། པཱ་དྱཾ་ཨཉྩ་མ་ནཾ། པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་ཆུ་གསུམ་ཚིག་གཅིག་གིས་འབུལ། །གཞན་མེ་ཏོག་དམ་པ་འདི་དག་ནི། ཞེས་སོགས་རོལ་མོའི་བར་དུ་གོང་བཞིན། ཐབས་དང་ཤེས་རབ་སྦྱོར་བ་ཡི། ཞེས་པ་ནས། ལས་ཀུན་སྒྲུབ་ལ་བསྟོད། སྤྱི་དང་མཐུན་པར་དངོས་སྒྲུབ་ཞུ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་མང་དུ་བཟླ། མ་འབྱོར་བ་དང་༴ སོགས། ལྷག་པ་དང་ནི་༴ སོགས། གཙོ་བོ་ནུས་པ༴ སོགས་ཀྱིས་བཟོད་པར་གསོལ། རས་བྲིས་ཀྱི་དཀྱིལ་འཁོར་ཡིན་ན་བརྟན་བཞུགས་སྤྱི་དང་མཐུན། རྡུལ་ཚོན་གྱི་ཆོ་ག་ཞག་སྦྲེལ་བྱེད་པའི་སྔ་མ་རྣམས་ལའང་གཤེགས་གསོལ་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། ཞེས་བརྗོད། རྡུལ་ཚོན་གཤེགས་གསོལ་བྱེད་ན་སྔོན་དུ་ཐོ་ཕྱིན་རྟེན་གསུམ་ཡོད་པ་རྣམས་ལ་བརྟན་བཞུགས་བྱས། དེ་རྗེས་རྡུལ་ཚོན་གཤེགས་གསོལ་དང༌། རྡུལ་ཚོན་ཆུ་བོར་སྦྱན་འདྲེན་དང་བུམ་པ་བསྡུ་བ་དང༌། ཐིག་ཆས་བསྡུ་བ་གནས་གསུམ་བྱིན་རླབས་དང༌། སྲུང་བ་དང༌། བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་བྱ་སྟེ་སྤྱི་དང་འདྲའོ། །འཁོར་ལོ་ཆེན་པོ་དབང་གི་ཆེ་བར་གྲགས། །རྒྱུད་སྡེའི་མཐར་ཐུག་རྣལ་འབྱོར་བླ་མེད་ལུགས། །གསང་སྔགས་ཕྱི་འགྱུར་ཚད་ལྡན་དབང་བཞིའི་སྲོལ། །མཁས་མང་བྱེ་བས་བསྟེན་འདི་ངོ་མཚར་རྨད། །དབང་ཆོག་བྲིས་པའི་དགེ་བ་གང༌། །སྟོན་ཀའི་ཟླ་ལྟར་དཀར་བ་དེས། །འགྲོ་བ་དྲུག་ན་སྤྱོད་པ་རྣམས། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཅེས་པ་གསང་བདག་ཕྱག་ན་རྡོ་རྗེའི་དཀྱིལ་ཆོག་སྲིད་གསུམ་འདུལ་བྱེད་ཅེས་བྱ་བ་འདི་ནི། ཛ་བ་རི་པའི་དཀྱིལ་ཆོག་གི་གཞུང་ཡོད། སྨ་ར་ཆེན་པོའི་གསལ་བྱེད་


TNT13_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཀུན་མཁྱེན་སངྒྷ་བ་དང༌། ལོ་ཙཱ་བ་རིན་རྣམ་མ་དང༌། འདུལ་འཛིན་གྲགས་རྒྱལ་མ་སོགས་དཀྱིལ་ཆོག་སྔ་ཕྱི་མང་པོའང་མཐོང་མོད་ཀྱི། ཐམས་ཅད་ཁ་སྐོངས་ཐན་ཐུན་མ་གཏོགས་དོན་ལ་འགལ་བ་མི་འཇུག་ཅིང༌། དཀྱིལ་ཆོག་བོད་མ་རྣམས་ན་མི་གསལ་བ་གཞུང་ན་ཡོད་པའང་ཅི་རིགས་སྣང༌། འདིར་ནི་གཞུང་དང་མཐུན་པར་སྙིང་པོའི་གནད་བསྡུས་ཏེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བཀོད་པའོ།། །།ཛ་ཡ་ཛ་ཡ་ཛ་ཡནྟུ། ཡང་སྨྲས་པ། འདི་ལ་དཀྱིལ་ཆོག་མང་ན་ཡང༌། །མན་ངག་ལུགས་དང་གཞུང་གི་ལུགས། །མ་འདྲེས་འབྱེད་པ་ཉུང་བའི་ཕྱིར། །འདིར་ནི་གསལ་བར་བཀོད་པ་ཡིན། །བར་སྐབས་བྱུང་བའི་མན་ངག་ལ། །གཞུང་གི་དོན་དུ་རློམ་པ་རྣམས། །གཞུང་ནི་འཁྲུགས་ཅན་ཡིན་ནོ་ཞེས། །གཞུང་དོན་ལོག་པར་འཛིན་པ་མཐོང༌། །ལོ་པཎ་དངོས་ཀྱི་མན་ངག་ཀྱང༌། །སྨད་པར་མི་བྱ་བཟང་མོད་ཀྱི། །ཀྱཻ་རྡོར་འབྲོག་ལུགས་འཕགས་སྐོར་དང༌། །འཕྲེང་བའི་ཁ་བསྐོངས་འདིར་མི་དགོས། །འདི་ནི་ཐུན་མོང་མན་ངག་སྟེ། །ཀུ་ས་ལི་བའི་ལུགས་ཡིན་པས། །མང་པོ་བལྟས་པའི་ལེགས་བསྡུས་ཀྱིས། །ཆོས་འདིའི་ལུགས་སུ་མི་འགྱུར་རོ། །མཁས་པའི་ལུགས་ལ་མཁས་པ་དང༌། །ཀུ་ས་ལི་ལ་རྣལ་འབྱོར་པའི། །ལུགས་བཞིན་ལེགས་པར་ཤེས་ན་ནི། །སྐྱོན་མེད་ཡོན་ཏན་ཀུན་ལྡན་འགྱུར། ཞེས་པའང་ཏཱ་ར་ན་ཐས་ཆེད་དུ་བརྗོད་པའོ། །ཞུས་དག། མངྒལཾ། །

དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ཆོ་ག་བདུད་འཇོམས་རོལ་བ།


TNT13_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ཆོ་ག་བདུད་འཇོམས་རོལ་བ་ཞེས་བྱ་བ་བཞུགས་སོ། །


TNT13_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟཱི། དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ཆོ་ག་བདུད་འཇོམས་རོལ་བ་ཞེས་བྱ་བ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཆོ་ག་འདིའི་དབང་དུ་བྱས་ནས་དོན་གསུམ་སྟེ། དམིགས་པར་བྱ་བའི་ཡུལ། བསྒྲུབ་པར་བྱ་བའི་ཐབས། ཉམས་སུ་བླངས་པའི་འབྲས་བུའོ། །དང་པོ་ནི་གཞི་འབྲས་ཀྱི་དེ་ཁོ་ན་ཉིད་ནས་གང་ལ་མངོན་སྤྱོད་བྱ་བའི་ཡུལ་གྱི་བར་རོ། །གཉིས་པ་ལ་དྲུག་སྟེ། ཕུན་ཚོགས་ལྔ་དང་ལྡན་པས་གཞི་བཅའ་ཞིང༌། །སྒྲུབ་པའི་སྔོན་དུ་འགྲོ་བའི་ལས་རིམ་བསྟན། །དཀྱིལ་འཁོར་སྒྲུབ་པའི་རིམ་པ་དངོས་ལ་འཇུག །སློབ་མ་དཀྱིལ་འཁོར་གཞུགས་ཤིང་དབང་བསྐུར་བཤད། །གསུམ་ཚན་གཉིས་ཀྱིས་ཁ་སྐོངས་ལས་འཇུག་བསྡུ། །བཤགས་བསྡོམས་ལས་ཀྱིས་ཕྲ་མོའི་ཉེས་པ་སྦྱང༌། ཞེས་པའོ། །དང་པོ་ནི། སྒྲུབ་པོ་གནས་དང་རྫས་དང་ཡོ་བྱད་དུས། ཞེས་བྱ་བ་སློབ་དཔོན་གྱི་མཚན་ཉིད་སོགས་ཏེ་གཞན་དུ་གསལ་ལོ། །གཉིས་པ་ནི། ཐོག་མར་སྔོན་འགྲོ་གཏོར་མ་ལ་དམིགས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་


TNT13_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཀུཎྜ་ལི་ཧཱུཾ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཀྱིས་བསངས། ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། གིས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུཾ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། བྷྲུཾ་རཏྣ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཨོཾ་ཨཱཿཧཱུཾ། ཕྱོགས་སྐྱོང་བ་བཅུ་གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ ཨོཾ་ཨིནྟྲ་ཡེ། ཨགྣ་ཡེ། ཡ་མ་ཡེ། ནི་རྀ་ཏེ། བཱ་རུ་ཎ། བཱ་ཡ་བེ། ཀུ་བེ་ར། ཨི་ཤཱ་ན། པྲཧྨ་པྲི་ཐི་ཝཱི་དེ་ཝཱི་སྭཱཧཱ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏ་ག་ཏེ་ས་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལིཾ་ཏ་ཡེ་སྭཱཧཱ། ལན་གསུམ། ཨོཾ་གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་ལ་སོགས་པ། སརྦ་བྷཱུ་ཏེ་བྷྱཽ་ས་པཱ་རི་ཝ་རེ་བྷྱཿ། ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ་ཨདྱ་ནུདྦནྣ་ཏྭ


TNT13_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ད་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ལན་གསུམ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས།ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག གི་བར་སྤྱི་དང་འདྲ། སའི་ཕྱོགས་འདིར་རྣལ་འབྱོར་པ་བདག་ཅག་དཔལ་ཆེན་པོའི་དཀྱིལ་འཁོར་བཞེངས་ཏེ་སྒྲུབ་པ་ལ་འཇུག་པར་འཚལ་གྱི། ཕྱོགས་སྐྱོང་བ་ལ་སོགས་པ་དཀར་ཕྱོགས་སྐྱོང་བ་དམ་ཚིག་ཅན་རྣམས་ཀྱིས་བར་ཆད་སྲུང་བ་དང་དངོས་གྲུབ་སྒྲུབ་པའི་གཏོང་གྲོགས་མཛོད་ཅིག །བར་མ་རྣམས་ཀྱིས་ཀྱང་རུ་མ་ང༌། ཕྲག་མ་དོག །ཕན་པའི་སེམས་ཀྱིས་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་སྒྲུབ་པའི་འཕྲིན་ལས་ཅི་འགྲུབ་ཏུ་མཛད་དུ་གསོལ། མ་རུང་ལོག་འདྲེན་གདུག་ཅིང་སྡང་སེམས་ལྡན་པ་ཐམས་ཅད་གཏོར་མའི་ལྷག་མ་འདིས་ཚིམ་པར་གྱིས་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག །ཅེས་རོལ་མོའི་སྒྲ་དང་བཅས་ཏེ་ཕྱིར་དོར། གནས་དང་རྫས་བྱིན་གྱིས་བརླབ་པ་ནི། གོང་བཞིན་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་ཧཱུཾ་ཡིག་ལས་བྱུང་བའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བ། དབུས་སུ་བྷྲཱུཾ་ལས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཨོཾ་ལས་བྱུང་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ། ཨོཾ་ཨཱཿཧཱུཾ་རྣམས་ལས་བྱུང་བའི་མཆོད་པའི་སྤྲྀན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པས་ཡོངས་སུ་གང་བར་གྱུར།


TNT13_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པཱདྱཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས་ཤཔྟ་ཨཱཿཧཱུཾ། ཨོཾ་རཱུ་པ་ཀཱ་མ་གུ་ཎ་ཨཱཿཧཱུཾ། རཱུ་པའི་ཚབ་ཏུ་ཤཔྟ་གནྡྷ་ར་ས་སྤརྴེ་དྷརྨ་དྷཱ་ཏུ། ཞེས་པ་རྣམས་བཅུག་རོལ་མོའི་སྒྲ་བྱ། །མཆོད་པའི་སྤྲིན་གྱི་གཟུངས་འདོན་ནོ། །དེ་ལྟར་སྔོན་འགྲོ་གཏོར་མ་དང་གནས་རྫས་བྱིན་རླབས་ནི་ཉི་མ་ཕལ་ཆེར་ལ་འཇུག་གོ །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་སྒོམ་བཟླས་རྣམས་སྤྱི་དང་མཐུན་པར་བྱ། ཨོཾ་ཤུུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨེ་ཡཾ་རཾ་བཾ་ལཾ་རཾ་ཀེཾ་བྷྲཱུཾ་བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ནཱ་ཙཀྲ་མཎྜ་ལ་ཧཱུཾ་བྷྲཱུཾ། པཾ་པདྨ་མཎྜ་ལ་ཧཱུཾ། ཨ་ཙནྡྲ་མཎྜ་ལ་ཧཱུཾ། མ་སུརྱ་མཎྜ་ལ་ཧཱུཾ། ཤཾ་རུ་དྲ་རུ་དྲི་ཏི་ར་བཾ། ཧཱུཾ་ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། བདག་ཉིད་བཅོམ་ལྡན་འདས་དཔལ་ཆེན་པོ་ཧེ་རུ་ཀ་ཞེས་པ་ནས། ཏིང་འཛིན་སེམས་དཔའ་ཨ་ཡིག་གེའི་བར་འོག་ནས་འབྱུང་བ་ལྟར་བརྗོད། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། སྟེང་དུ་ཁྲོ་བོ་ཧཱུཾ་མཛད་སྔོ། ཞེས་པ་ནས། མི་རོའི་གདན་ལ་རོལ་གར་མཛད། ཅེས་པའི་བར་དུ་འོག་ནས་འབྱུང་བ་ལྟར་བརྗོད། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྒེག་པ་དཔའ་བ་མི་སྡུག་ཚུལ་སྟོན་ཞིང༌།ནས། གནོད་སྦྱིན་འཇིགས་མ་བདུད་རྩི་གསོད་བྱེད་མ། དེ་འདྲའི་ལྷ་ཚོགས་ནས།དབང་དང་དངོས་གྲུབ་སྩོལ་གྱི་བར་བརྗོད། སྙིང་པོ་བརྒྱ་རྩ་སོགས་དང༌། ཁྲོ་བོ་བཅུའི་སྔགས་


TNT13_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་རིགས་པ་བཟླས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་རང་གི་སྙིང་གར་ཐིམ། ཛཿཧཱུཾ་བཾ་ཧོ། འདི་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྡུས་པ་སྟེ། ཉི་མ་དང་པོ་ཁོ་ན་ལ་འཇུག་གོ།ཆོ་ག་དེ་རྣམས་ནི་བཤད་འབུམ་སོ་སོའི་རྩིས་མགོས་བསྡུས་པ་མིན་ཡང་གསང་སྔགས་སྤྱི་འགྲོས་དང༌། བླ་མ་བརྒྱུད་པའི་ལག་ལེན་ལས་བྱུང་བ་ཡིན་ནོ། །ད་ནི་སྒྲུབ་པའི་སྔོན་འགྲོ་ལས་རིམ་དངོས་ལ། ས་ཆོག་མཚམས་གཅོད་ཕྱི་སྐངས་དང༌། །ལས་གསུམ་ཕུར་བུ་བྱིན་རླབས་དང༌། །ཕུར་བཤར་འདེབས་དང་མཆོད་པ་འགྲམ། །བུམ་པ་འགོད་དང་མ་ཏཾ་སྒྲོལ། དང་པོ་ནི། དེ་ནས་གསེར་སྐྱེམས་དང་གཏོར་མ་བཤམ། སྔོན་འགྲོ་གཏོར་མ་ལྟར་བྱིན་གྱིས་བརླབས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་ལན་བདུན་ཙམ་གྱིས་བསྔོས། སྤྲོས་པ་བྱེད་ན་གསེར་སྐྱེམས་རྒྱས་པ་གྱེར། ཧཱུཾ་དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང༌། །བྱིན་རླབས་བསྔོ་བའི་གཏོར་མ་འདི་བཞེས་ལ། །འཕྲིན་ལས་གཉན་པོ་སྒྲུབ་ཕྱིར་ས་སློང་གི །རིན་ཆེན་གཏེར་གྱིས་ས་འདི་སྩལ་དུ་གསོལ། ལན་གསུམ་གྱི་མཐར་ཕུད་གཏོར་གཏོར་མ་ཕྱིར་བཏང༌། རོལ་ཆེན་བྱས་ལ། ས་སློང་ཞིང་བཀའ་བསྒོའོ། །དཀྱིལ་འཁོར་གྱི་སའི་གནས་སུ་དྲི་བཟང་གི་ཐིག་ལེའམ་ཚོམ་བུ་བཀོད་གཏོར་མ་དང་མཆོད་པ་བྱིན་རླབས་སྔར་བཞིན་བྱ་སྟེ་གནས་ཁང་སྲུང་འཁོར་དང་གཞལ་ཡས་ཁང་དུ་བསྐྱེད་པ་མི་དགོས་སོ། །ཧཾ་ཧཾ་ཧཾ་རིམ་པ་བདུན་གྱི་ས་འོག་ནས། །ཀུན་གྱི་ཡུམ་ཆེན་སངས་རྒྱས་སྤྱན། །ནོར་འཛིན་ས་ཡི་ལྷ་མོ་ནི། །འཁོར་དང་བཅས་པ་གཤེགས་སུ་གསོལ། །ཨོཾ་པྲི་ཐི་


TNT13_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཝཱི་དེ་ཝཱི་ཨཱ་གཙྪ་ཨ་གཙྪ་ཛཿཧཱུཾ་བཾ་ཧོ། ཨོཾ་བ་སུ་དྷ་རི་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཁྱོད་ནི་ས་འཇིན་གཙོ་མོ་སྟེ། །རྒྱུ་དང་མི་རྒྱུ་འཇིག་རྟེན་སྐྱོང༌། གསེར་མདོག་ཕྱག་ན་བུམ་པ་བསྣམས། །འཇིག་རྟེན་ཡུམ་གྱུར་ཕྱག་འཚལ་བསྟོད། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི་ནས། རྒྱལ་བར་བྱས་ཏེ་དཀྱིལ་འཁོར་འབྲི། གཙྪ་གཙྪ་སྭཱ་སྠཱ་ནཱཾ་དེ་དག་ནི་ས་བླང་བའོ། ཨོཾ་མ་ཧཱ་ཤུ་ནྱ་ཏ་ཧཱུཾ། ལན་བདུན་བརྗོད། ཏིང་ངེ་འཛིན་གྱིས་སྦྱང་བའོ། །ལས་དང་བྱ་བས་སྦྱང་བ་ནི། སྟེགས་བུ་བྱེད་པ་སོགས་འདིར་མ་བཤད་དོ། །དེ་ནས་སྟང་སྟབས་ཀྱིས་བཟུང་བ་ནི། སྤྲོས་པ་ལ་དགའ་ན། མཆམ་ཡིག་ལས་འབྱུང་བ་ལྟར། དཔལ་ཆེན་པོའིའགྱིང་མཆམ་ལ་སོགས་པ་ཕུར་བུའི་རྩ་མཆམས་སུ་གྲགས་པ་རྣམས་སྐབས་འདིར་བྱེད་པ་ཡིན་ཞིང༌། སྤྲོས་པ་གཙོ་བོར་མི་བྱེད་ན་མཆམ་མེད་ཀྱང་མཆོག་གོ །སླར་ཡང་རང་གི་ཐུགས་ཀ་ནས་ཁྲོ་བོ་བཅུ་སྤྲོས། ཨོཾ་བཛྲ་ཀཱི་ལི་སོགས། ཨོཾ་དཱིབྟ་སོགས། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ནས། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། བགེགས་སྦྱང་བ་སྤྱི་དང་མཐུན་པར། ཞི་བས་སྦྱང་བ་དང༌། ཞི་དྲག་ཕྱེད་མས་སྦྱང་བ་དང༌། དྲག་པོས་སྦྱང་བ་རྣམས་བྱེད་པ་ལས། ཁྲོ་བོའི་བསྟོད་པའི་འཇུག་ཏུ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི་ནས། གདོན་མི་ཟ། ཞེས་པའི་བར་བགེགས་ལ་བཀའ་བསྒོ། ཚིག་ལྷུག་པའི་སྐབས། བདེན་པ་ཆེན་པའི་བྱིན་གྱིས་བརླབས་ཀྱིས། སའི་ཕྱོགས་འདིར་དཔལ་རྡོ་རྗེ་ཕུར་བུ་འཕྲིན་ལས་ཀྱི་སྒྲུབ་པ་ཆེན་པོ་རྩོམ་པ་ཡིན་གྱི། སྲིད་


TNT13_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་གྱི་བགེགས་ཀྱི་ཚོགས་གང་ཡིན་པ་དེ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར།ཞེས་འདོན་པ་སྤོ། རོལ་མོའི་སྒྲ་དང་བཅས་ཏེ་བདུག་རྫས་ཀྱིས་བདུག ཡུངས་ཀར་བྲབས་ཏེ། འབྱུང་བཞིའི་རྫས་ཀྱིས་སྦྱང་བ་ཡང་བྱའོ། །དེ་དག་ནི་སྔགས་དང་ཕྱག་རྒྱས་སྦྱང་བའོ། །ས་བཟུང་པ་ལ་ངེས་པར་བྱ་དགོས་པ་ནི། མཆོད་གཏོར་བཤམ། དཀྱིལ་འཁོར་གྱི་ས་གཞི་ལ་འདུག་ནས། །འོག་ཏུ་འཆད་འགྱུར་ལྟར་ཡཾ་གྱི་མེས་བསྲེགས་ཞེས་རྫས་བྱིན་རླབས་ནས་གཟུང་བཟླས་པའི་འཇུག་གི་བསྟོད་པ། དཔལ་གྱི་བཀའ་སྡོད་སྐུ་ལ་ཕྱག་འཚལ་ལོ། །ཞེས་པའི་བར་དུ་བྱ། སཾ་ཧ་ར་ཎ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ ཞེས་དཀྱིལ་འཁོར་རང་གི་ཐུགས་ཀར་བསྡུའོ། ཡང་ན་སྟང་སྟབས་ཀྱིས་བཟུང་བ་སྐབས་འདིར་བྱས་ཀྱང་ཆོག་གོ །གཉིས་པ་མཚམས་བཅད་པ་ནི་ས་སྲུང་བ་སྟེ། དེ་ལ་དང་པོར་རྒྱལ་ཆེན་བཞི་བྱ་ར་བའི་ཚུལ་དུ་བཞག་པ་ནི། མཐོ་བརྩིགས་དེ་ལ་རྒྱལ་ཆེན་གྱི་སྔགས་བྲིས། སོ་སོར་མཆོད་གཏོར་བཤམ། ཐོག་མར་ཤར་གྱི་དེ་ལ་མཆོད་པ་དང་གཏོར་མ་བྱིན་རླབས་སའི་ལྷ་མོའི་སྐབས་བཞིན་བྱ། ཨོཾ་ཌྷྲྀ་ཏ་ར་ཥྟ་ཡ་སྭཱཧཱ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་སྐུ་མདོག་དཀར་པོ་གོའུ་རྒྱུད་མངས་འཛིན་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རི་རབ་ཀྱི་བཾ་རིམ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་བཅས་བཛྲ་ས་མཱ་ཛཿ ཨོཾ་དྷྲི་ཏ་རཥྟ་ཡ། ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་བཏགས་པས་གཏོར་མ་འབུལ། ཨརྒྷཾ་ནས་ཤཔྟའི་བར་གྱི་མཆོད། དྲི་ཟ་དག་གི་བདག་པོ་རྒྱལ། །ཤར་གྱི་ཕྱོགས་རྣམས་སྐྱོང་བྱེད་པ། །རྒྱལ་པོ་ཆེན་པོ་གནས་སྲུང་པོ། །བཙུན་མོ་སྲས་དང་བློན་པོར་བཅས། །


TNT13_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདིས་བཞེས་ལ།ནས། ཀུན་འགྲུབ་ཤོག ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང༌། །འཇིག་རྟེན་སྐྱོང་བ་གྲགས་དང་ལྡན། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། ཁ་དོག་ལྡན་ཞིང་རྫུ་འཕྲུལ་ཆེ། །བདག་ཅག་རེ་བ་བསྐང་བའི་ཕྱིར། །མ་དག་པ་རྣམས་མཚམས་ཆོད་ཅིག །ཤར་ཕྱོགས་བགེགས་ཀྱི་མཚམས་ཆོད་ཅིག །ཞི་བའི་འཕྲིན་ལས་གྲུབ་པར་མཛོད། །བདག་ཅག་སྒྲུབ་པ་མ་ཐོན་གྱི་བར་དུ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་བཅས་ཀྱིས་གདོན་བགེགས་བར་ཆད་ནང་དུ་མི་བཏང་ཞིང༌། དངོས་གྲུབ་ཕྱི་ལ་ཡལ་དུ་མི་གཞུག་པར་སྒྲུབ་པའི་གཏོང་གྲོགས་དམ་པ་མཛོད་ཅིག ཅེས་བྱ། གཞན་གསུམ་ལའང་དེ་ཁོ་ནས་རིགས་འགྲེ་སྟེ། ཨོཾ་བཻ་རུ་ཌྷ་ཀ་ཡེ་སྭཱཧཱ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། སྐུ་མདོག་སྔོན་པོ་རལ་གྲི་འཛིན་པ་ཞེས་ཚུལ་དེས་སོ་སོའི་མཚན་དང་སྔགས་རྣམས་སྤོས། གྲུལ་བུམ་དག་གི༴ ལྷོ་ཕྱོགས༴ རྒྱལ་པོ་ཆེན་པོ་ལུས་འཕགས་པོ༴ ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ༴ ལྷོའི་བགེགས་རྣམས༴ མངོན་སྤྱོད་འཕྲིན་ལས༴ ཞེས་འདོན་པ་སྤོའོ། །དེ་བཞིན་དུ། ནུབ་མ་ལ། ཨོཾ་བི་རུ་པཱ་ཀྵ་ཡ་སྭཱཧཱ། རྒྱལ་པོ་ཆེན་པོ་མིག་མི་བཟང་སྐུ་མདོག་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན་འཛིན་པ། ཀླུ་རྣམས་དག་གི༴ ནུབ་ཀྱི༴ སྤྱན་མི་བཟང་༴ ནུབ་ཕྱོགས་ན་ནི་སྤྱན་མི་བཟང༴ ནུབ་ཀྱི་བགེགས་རྣམས༴


TNT13_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་འཕྲིན་ལས༴ ཞེས་འདོན་པ་སྤོ། བྱང་གི་ལ། ཨོཾ་བཻ་ཤྲ་ཝ་ཎ་ཡ་སྭཱ་ཧཱ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། སྐུ་མདོག་སེར་པོ་བེ་ཅོན་དང་ནེའུ་འཛིན་པ༴ གནོད་སྦྱིན་དག་གི༴ བྱང་གི༴ ངལ་གསོས་པོ༴ བྱང་ཕྱོགས་ན་ནི་རྣམ་ཐོས་བུ༴ བྱང་གི་བགེགས་རྣམས༴ རྒྱལ་བའི་འཕྲིན་ལས༴ ཞེས་འདོན་པ་སྤོ། དེ་ནས་ཁྲོ་བོ་བཅུ་ཇག་པའི་ཚུལ་དུ་བཏང་བ་ནི། སྒྲུབ་ཁང་གི་ཕྱི་རོལ་གོམ་པ་ཉེར་གཅིག་ཙམ་གྱི་མཚམས་སུ་འབྲུབ་ཁུང་བྱེད་པར་བཤད་ཀྱང༌། ཚད་ངེས་བཟུང་མི་དགོས་ཏེ། སྒྲུབ་ཁང་གི་ཕྱི་མཚམས་ཇི་ལྟར་འོས་པར་དོང་ཆུང་ངུ་ཅུང་ཟད་རེ་བྲུས་ལ། ཕུར་ཆུང་བཅུ་ཁྲོ་བོ་བཅུར་མོས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་རྣམས་བཀུག་སྟེ། འབྲུབ་ཁུང་གི་ནང་དུ་བཅུག་པར་གྱུར། སྟེང་གི་འབྲུབ་ཁུང་དུ་ཕུར་བུ་གཅིག་བཏབ་སྟེ་ཐོ་བས་བརྡུངས། སྙིང་པོའི་མཐར། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཨེ་མ་བདག་ཉིད་རང་བྱུང་བ། ཁྲོ་བོ་ཆེན་པོ་ཧཱུཾ་ཀ་ར། སྤྲུལ་པའི་ཕོ་ཉའི་ཚོགས་སྤྲོས་ནས། །སྟེང་ན་གནས་པའི་དགྲ་བགེགས་རྣམས། །ལྕགས་ཀྱུས་བཟུང་ལ་ཕུར་བུས་ཐོབ། །མགོ་བོ་ཚལ་པ་བརྒྱ་རུ་ཁོས། །ལུས་ཀྱང་དུམ་བུ་སྟོང་དུ་གཏུབས། སྙིང་ལ་ཀཱི་ལི་ཀཱི་ལ་ཡ། ཞེས་བརྗོད། དེས་ཕྱོགས་བཅུ་གར་ལ་རིགས་འགྲེ་སྟེ། ཧཱུཾ་ཀར་ཞེས་པའི་དོད་དུ། རྣམ་པར་རྒྱལ༴ དབྱུག་སྔོན་ཅན༴ གཤིན་རྗེ་གཤེད། མི་གཡོ་མགོན། རྟ་མཆོག་དཔལ༴ འདོད་པའི་རྒྱལ། བདུད་


TNT13_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་འཁྱིལ༴ ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ནི། སྟོབས་པོ་ཆེ་ཞེས་སོགས་འདོན་པ་སྤོ་ཞིང༌། སྟེང་གི་དོད་དུ་ཕྱོགས་སོ་སོ་དང༌། ཁྲོ་བོ་བཅུ་པོ་རང་རང་སོ་སོའི་སྔགས་ཀྱི་འདོན་པ་སྤོའོ། །དེ་དག་ནི་ཕྱི་མཚམས་བཅད་པ་ཡིན་པར་འཆད་དོ། །དེ་ནས་དམ་སྲི་མནན་པ་ནི། ལིང་གའི་སྙིང་གར། ཡ་མ་དམ་སྲི་སྟཾ་བྷ་ནི་ཛཿཛཿ ཞེས་པ་འབྲི་བར་བཤད། གྲོག་ལ་བྲིས་པའི་ལིང་གའམ། སྔགས་ཀྱི་ཤོག་རིལ་སྙིང་གར་བཅུག་པས་བག་ཟན་ནམ་ཁཾ་པ་ལ་བྱས་པའི་ལིང་གས་ཀྱང་རུང༌། འབྲུབ་ཁུང་དུ་ལིང་ག་བཅས་ལ། སྡེ་བརྒྱད་ལ་གསེར་སྐྱེམས་བཏང༌། ཨེ་ཡཾ་རཾ་བཛྲ་ཛྭ་ལ་རཾ། འབྲུབ་ཁུང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། དྲི་ལས་དམ་སྲི་ཕོ་མོ་ལྕགས་སྒྲོག་དང་ཞགས་པས་བཅིངས་པའི་ལུས་ཅན་དུ་གྱུར། བདེན་བརྡར་དང་དགུག་གཞུག་བྱ། །ཕུར་ཆུང་གཅིག་བདུད་རྩི་འཁྱིལ་བར་བསྐྱེད། སྙིང་པོ་དང་བདུད་རྩི་འཁྱིལ་བའི་སྔགས་མང་དུ་བཟླས། ཧཱུཾ། དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །བཀའ་ལས་འདའ་བྱེད་དམ་སྲི་རྣམས། །མནན་ཞིང་གཟིར་བའི་དུས་ལ་བབ། ལན་གསུམ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། དང་སྙིང་པོ་སྤེལ་བ་མང་དུ་བཟླས། ཕུར་ཆུང་དེ་ལིང་གའི་སྙིང་གར་བཏབ། བར་མཚམས་རྣམས་སུ་ཡུངས་ཀར་རམ། བལ་ཚོན་ནམ། དྲག་སྔགས་བཟླས་པའི་བྱེ་མས་བཀང༌། རྡོ་རྗེ་རྒྱལ་གྲཾ་བྲིས་པའི་གཡས་པས་མནན། དེ་ཡང་སས་གཡོགས་ཤིང་མནན་ལ། ཧཱུཾ་མནན་ནོ་མནན་ནོ་རི་རབ་འོག །སྤྱིངས་སོ་སྤྱིངས་སོ་རྒྱ་མཚོར་


TNT13_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིངས། །གཏད་དོ་གཏད་དོ་གཤིན་རྗེའི་ལག །ཐར་མེད་འཆིང་བ་ཐོབ་པར་ཤོག། བྱང་ཆུབ་སེམས་མཆོག་མ་སྐྱེས་པར། །ནམ་ཡང་གཏོང་བར་མ་བྱེད་ཅིག །གཏད་དོ་མ་བཏང་ཤོ་ར་རེ། །སངས་རྒྱས་སྟོང་གི་བཀའ་ཡིན་ནོ། །ཨོཾ་ལཾ་ཧཱུཾ་ལཾ་དཾ་སྲི་སྟཾ་བྷ་ཡ་ནཾ། སྤྲོས་པ་ལ་དགའ་ན་ལས་བཞིའི་བྲོ་བརྡུངས་ཀྱང་བྱ། སུམྦྷ་ཧཱུཾ། བཞི་པ་མང་དུ་བཟླ། དེ་ནས་སྒོ་བྱང་འདོགས་པ་ནི། རའི་སོག་པ་གཉིས་ཀྱི་གཅིག་ལ་གཤིན་རྗེ་གཤེད་དང༌། གཅིག་ལ་བདུད་རྩི་འཁྱིལ་བའི་སྐུ་བྲིས་ལ། གཤིན་རྗེ་གཤེད་སྒོའི་ཡ་ཐེམ་གྱི་ཕྱི་དང༌། བདུད་རྩི་འཁྱིལ་བ་ནང་དུ་འདོགས་པར་བྱེད་དེ། གཅིག་ལ་བསྡུ་ན་གཤེན་རྗེ་གཤེད་གལ་ཆེ་བས། དེ་ཉིད་སྒོའི་ཡ་ཐེམ་གྱི་ནང་དུ་འདོགས་སོ། །གང་ལྟར་ཡང་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་གཤིན་རྗེ་གཤེད་ནག་པོ། དབྱུག་པ་དང་ཞགས་པ་འཛིན་པ་དང༌། བདུད་རྩི་འཁྱིལ་བ་ལྗང་ཁུ་རྡོ་རྗེ་དང་དྲིལ་བུ་འཛིན་པའོ། །ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཨོཾ་ཨཱཿཀྲོ་དྷཻ་ཀ་ཡ་མནྟ་ཀ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཡང་ན་འདི་ཉིད་རང་གི་ཁྲོ་བཅུའི་སྔགས་ཀྱི་ནང་ཚན་གྱིས་ཀྱང་རུང་སྟེ། །སྔགས་གཉིས་པོ་བརྒྱ་རྩ་ཙམ་བཟླས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུཾ་གསང་ཆེན་ལྷུན་གྲུབ་ཕོ་བྲང་ན། །བཅོམ་ལྡན་ཆོས་རྗེས་བཀའ་སྩལ་ལྟར། །བདག་ཅག་རིག་འཛིན་སྒྲུབ་པ་པོ། །བཀའ་གསང་གཞུང་ཆེན་འདི་སྒྲུབ་བོ། །འདི་ལ་གནོད་ཅིང་བར་


TNT13_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཀུན། །ས་འདི་ཕན་ཆད་མ་བཏང་ཅིག །ཕྱི་འཁོར་སྐྱོང་བའི་མུ་རན་ལ། །རྡོ་རྗེ་ཡལ་གཾ་ཐུབ་པར་མཛོད། ཨོཾ་བཛྲ་ས་མ་རཱ་ཛ་ས་མ་ཡ་སྟྭཾ། ཧཱུཾ་ལྗང་ནག་འབར་བ་ཆེན་པོའི་ཀློང་དཀྱིལ་ནས། །འཁྱིལ་བའི་དམ་ཚིག་བདུད་རྩི་འབར་བ་ཁྱེད། །རྣལ་འབྱོར་དམ་ཅན་སྒྲུབ་པའི་འབྲས་བུ་རྣམས། །མངོན་སུམ་ཚད་མའི་ཡིད་བཞིན་སྒྲུབ་པར་མཛོད། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ས་མ་ཡ་སྟྭཾ། མེ་ཏོག་དོར། དེ་དག་ནི་བར་མཚམས་བཅད་པའོ། །ནང་མཚམས་གཅོད་པ་ནི། འོག་དངོས་གཞི་གཞུང་ལས་འབྱུང་བ་ལྟར། སྟོང་པའི་ངང་ལས་བདག་ཉིད་དཔལ་ཆེན་པོ། ཞེས་པ་ནས། བྷཉྫ་ར་ཎ་ཧཱུཾ་ཕཊ། ཀྱི་བར་བརྗོད་དེ། དོན་སྲུང་འཁོར་སྒོམ་པ་སྟེ། དེ་ཡན་ཆད་ནི་སའི་ཆོ་ག་ཡན་ལག་དང་བཅས་པའོ། །ས་བཟུང་བ་ཉིད་ཀྱི་ལྷ་སྟ་གོན་གྲུབ་པའི་ཕྱིར། རྙིང་མ་ཚད་ལྡན་ཕལ་ལ་དེ་ནི་ལོགས་སུ་མི་མཛད་དོ། །གསུམ་པ་ཕྱི་བཤགས་དང་ཕྱི་བསྐང་ནི། སཱ་ཙྭ་གདབ་པ། མདོ་སྡེ་བཀླག་པ། འཇིག་རྟེན་པའི་ལྷ་ཚོགས་རྣམས་ལ་གཏོར་མ་གཏོང་བ་སོགས་ཡིན་ཏེ་རང་ངམ་དགེ་འདུན་གྱིས་ཇི་ལྟར་འོས་ཙམ་བྱའོ། །བཞི་པ་དཀྱིལ་འཁོར་བཞེངས་པའི་ལས་གསུམ་བསྟན་པ་ལས་དང་པོ་གོ་མཱ་ཡེ་གཏོང་པ་ནི། འབྱུང་ལྔ་དང་སྦྱར་བའི་སྐུ་གསུང་ཐུགས་ཀྱི་བདུད་རྩིས་ཆག་ཆག་འདེབས་བཞིན་པས། ཧཱུཾ་བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །བདུད་རྩི་དྲི་ཆེན་ཡེ་ཤེས་ལྔ་ལྡན་པས། །བདེ་གཤེགས་ཀུན་གྱི་གསང་མཆོད་སྒྲུབ་པའི་ཕྱིར། །གསང་བའི་


TNT13_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཆེན་པོར་ཆག་ཆག་འདེབས། །ཨོཾ་མ་ཧཱ་མ་ལ་པུ་ཏ་མཎྜ་ལ་ཧཱུཾ། བཀའ་གསང་སོགས། ཚིག་གཞན་གོང་བཞིན་ལས། རྐང་པ་གཉིས་པ་ལས། དམ་རྫས་དག་པའི་བདུད་རྩི་གུར་གུམ་ཆུས། ཞེས་དང༌། སྔགས་ལ་མ་ལ་པུ་ཏའི་གནས་སུ མཧཱ་ཀུད་ཀུ་མཎྜ་ལ་ཞེས་དང༌། འཁོར་བའི་རྒྱུན་གཅོད་བྱང་ཆུབ་སེམས་ཀྱི་དང༌། ཞེས་དང༌། མཧཱ་རཀྟ་མཎྜ་ལ་ཞེས་འདོན་པ་སྤོ་གཉིས་པ་ཐིག་གདབ་པ་ནི། བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་ཐིག་སྐུད་ནག་པོ་མི་བསྐྱོད་པ། ཨོཾ་ལས་ཐིག་སྐུད་དཀར་པོ་རྣམ་སྣང༌། སྭཱ་ལས་ཐིག་སྐུད་སེར་པོ་རིན་འབྱུང༌། ཨཱཿལས་ཐིག་སྐུད་དམར་པོ་སྣང་མཐའ། ཧཱ་ལས་ཐིག་སྐུད་ལྗང་ཁུ་དོན་གྲུབ་ཀྱི་ངོ་བོར་གྱུར། རྒྱལ་བ་རིགས་ལྔ་གཙོ་བོའི་སྐུ་ལ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ཐིག་སྐུད་ལ་ཐིམ། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ༴ སྭཱ་བཛྲ༴ ཨཱཿབཛྲ༴ ཧཱ་བཛྲ་ཀཱི་ལི་སོགས་འདོན་པ་སྤོས་ནས་མང་དུ་བཟླས། སློབ་མ་འཁོར་ལོ་རྒྱས་འདེབས་སུ་གསལ་བས། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། སོགས་དང༌། སློབ་དཔོན་གཙོ་བོར་གསལ་བས༌། སྙིང་རྗེས་བསྒྲལ་བའི་སོགས་གླུར་བླངས་ཏེ། ཧཱུཾ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ང་ནི་དཀྱིལ་འཁོར་ཐིག་འདེབས་ཀྱི། །གདུག་ཅན་ཚོགས་རྣམས་གང་འཁོད་པ། །འདི་རུ་མ་འདུག་གཞན་དུ་དེངས། ཨོཾ་བཛྲ་ཀྲོ་དྷི་ནི་ཧཱུཾ་ཕཊ། ཅེས་ཐིག་སྣ་གཏད། ཧཱུཾ་ནམ་མཁའ་བར་སྣང་ས་གཞི་ཨེ་ཡི་ངང༌། །གསང་བའི་


TNT13_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཆེན་པོར་ཐིག་བཏབ་པས། །རྡོ་རྗེ་སྲིན་པོའི་ལྷ་ཚོགས་བཞུགས་པའི་གནས། །ཕོ་བྲང་ཡེ་ཤེས་ལྷུན་གྱིས་གྲུབ་པར་གྱུར། བནྡྷ་ཛྙཱ་ན་ཙཀྲ་ཨེ་བྷྲཱུཾ། ཞེས་ཐིག་གདབ་བོ། །གསུམ་པ་ཚོན་གྱི་བྱ་བ་ལ་གཉིས་ཀྱི་ཚོན་བྱིན་གྱིས་བརླབ་པ་ནི། ཐིག་སྐུད་བྱིན་རླབས་འདོན་པ་སྤོས་པས་རྡུལ་ཚོན་གྱིས་བརླབས། ཀཱི་ལ་ཡ་ལན་མང་དུ་བརྗོད། དེ་རྗེས་ཚོན་འགྱེད་པའི་ཚེ། དཀར་པོ་ཨོཾ་གྱི་རང་བཞིན་ལས། །ཟླ་བ་ཤེལ་གྱི་འོད་ཟེར་འཕྲོས། །ཆོས་དབྱིངས་ཡེ་ཤེས་བྱིན་གྱིས་བརླབས། །ཕུར་བུ་དངོས་གྲུབ་ཐོབ་པར་ཤོག །ཀཱི་ལ་ཡ་བཟླས་དེ་བཞིན་དུ་འདོན་པ་སྤོས་ཏེ། མཐིང་ཀ་ཧཱུཾ་གི༴ ཨིནྡྲ་ནི་ལའི༴ མེ་ལོང་ཡེ་ཤེས༴ སེར་པོ་སྭཱ་ཡིག༴ རིན་ཆེན་གསེར་གྱི༴ མཉམ་ཉིད༴ དམར་པོ་ཨཱཿཡི༴ རིན་ཆེན་བྱུ་རུའི༴ སོར་རྟོག་ཡེ་ཤེས༴ ལྗང་ཁུ་ཧཱ་ཡི༴ རིན་ཆེན་གཡུ་ཡི༴ ནན་ཏན་ཡེ་ཤེས༴ ཞེས་སོ། །བར་འདིར་དཀྱིལ་འཁོར་འབྲི་བར་བྱའོ། ལྔ་པ་ཕུར་བུ་བྱིན་གྱིས་བརླབ་པ་ནི། སྔར་བཞིན་སློབ་མས་རྡོ་རྗེ་གཞོན་ནུའི་སོགས་དང༌། སློབ་དཔོན་གྱི་སྙིང་རྗེས་བསྒྲལ་བའི་སོགས་བརྗོད་ཕུར་བུ་རྣམས་རེ་རེ་བཞིན། ཨ་མྲྀ་ཏས་བསངས། རཾ་ཡཾ་ཁཾ། ཨོཾ་སྭ་བྷཱ་ཝ༴ རང་བཞིན་སྟོང་པ་ཉིད་དོ། །ཞེས་ཡུན་རིང་དུ་བསྒོམ། ཧཱུཾ་ལས་བྱུང་བའི་ཕུར་བུ་རྣམས་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གྱུར་པར་མོས་ལ་འོག་ནས་འབྱུང་བའི་ལྷ་བསྐྱེད་སྔགས་རྣམས་ཚར་གཅིག་བརྗོད། སྤྲོ་ཞིང་ནུས་ན་མངོན་རྟོགས་ཀྱི་སྐབས་ལས་འབྱུང་བ་


TNT13_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། ཞལ་ཕྱག་རྣམས་གསལ་བཏབ་ཀྱང་ལེགས། ངག་ནས་མི་བརྗོད་ཀྱང་ཡིད་ཀྱིས་དམིགས་པས་གསལ་ཐེབས་པ་ནི་ངེས་པར་དགོས་སོ། །ཡང་སྔགས་དེ་དག་ལན་གཅིག་བརྗོད་པས། ལྷ་ཐམས་ཅད་ལྟེ་བ་མན་ཆད་ཕུར་བུའི་རྣམ་པར་གྱུར། ཧཱུཾ་སྐྱེ་མེད་རྣམ་དག་ནས། སྲས་མཆོག་ཀཱི་ལ་ཡ། སྐྱེ་མེད་ཆོས་ཀྱི་དབྱིངས་ལས་བཞེངས་ནས་ཀྱང༌། །སྲིད་པ་རྡོ་རྗེ་ཕུར་བུ་སྒྲུབ་པར་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ས་མཱ་ཛཿ ཛཿཧུཾ་བཾ་ཧོཿཏིཥྛ་བཛྲ་ཡེ་ཤེས་པ་སྤྱན་དྲངས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཧཱ་པཉྩ་ཨ་མྲྀ་ཏ་བ་ལིང་ཏ་རཀྟ་ཧོཿ ཧཱུཾ་དིཔྟ་ཙཀྲ་སོགས་ཀྱིས་བསྟོད་པ་ལས་དབུ་ལ་སོགས་ཀྱི་དོད་དུ། རལ་གྲིའི་སྒྲ་ལ་སྤུ་དྲིའི་སོ་ཞེས་འདོན་པ་སྤོ། ཕུར་པའི་ལྷ་ཐམས་ཅད་ཀྱི་དབུ་ལ་ཧཱུཾ་ཨོཾ་སྭཱ་ཨཱཿཧཱ་རྣམས་ལས་བྱུང་བའི་རྒྱལ་བ་རིགས་ལྔ། དེ་རྣམས་ཀྱི་འོད་ཟེར་གྱི་སྐུ་ལུས་གང་བར་གྱུར། སངས་རྒྱས་ཐམས་ཅད་རིགས་ལྔའི་རྣམ་པར་སྤྱན་དྲངས་ཏེ་ཐིམ། །ཕུར་བུའི་སྤྱི་བོར་ཨོཾ་དཀར་པོ། སྐེད་པར་ཧྲཱིཿདམར་པོ། རྩེ་མོར་ཕཊ་སེར་པོ། དེ་རྣམས་ཀྱི་འོད་ཟེར་འཕྲོ་འདུ་ལས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འདུས་པར་གྱུར་པ་ནི། དབལ་གྱི་ལོགས་གསུམ་ལ་ཧཱུཾ་རེ། །ཟུར་གསུམ་ལ་ཕཊ་རེ། རྩེ་མོར་ཨ་ཐུང་ནག་པོའོ། །དེ་རྣམས་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་འགྱུར་པ་ལས། དགྲ་བགེགས་ཀྱི་སྡིག་སྒྲིབ་བསྲེག་པའི་ནུས་པ་དང་ལྡན་པ་


TNT13_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

མེའི་དབལ་དུ་གྱུར། འོག་ཕུར་པ་རྫས་ཀྱི་དཀྱིལ་འཁོར་གྱི་སྐབས་སུ་འབྱུང་བ་ལྟར། མ་སུརྱ་ནས། ཨེ་བེ་ཤ་ཡ་ཨ། ཨོཾ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨ། ཞེས་པ་དང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྭ་ལ་ཛྭ་ལ་སོགས་སྔགས་གསུམ་གྱིས་དབང་བསྐུར་བའི་བར་རྣམས་བྱ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བེ་ཏ་ལི་སོགས། ཡུངས་ཀར་གུ་གུལ་རཀྟ་རྣམས་ཀྱིས་གཟི་བྱིན་བསྐྱེད། ཧཱུཾ་ཁྲོ་རྒྱལ་འཇིགས་བྱེད་བཛྲ་ཀཱི་ལ་ཡ། ཟུར་གསུམ་སྐུ་གསུང་ཐུགས་སུ་གཟི་བརྗིད་སྐྱེད། ཟུར་བཞི་ཡེ་ཤེས་བཞི་རུ༴ ཟླུམ་པོ་བྱམས་དང་སྙིང་རྗེར༴ ཟླ་གམ་ཆགས་མེད་དབྱིངས་སུ༴ འབྱུང་ལྔ་ཡུམ་གྱི་དབྱིངས་སུ༴ བཅུ་དྲུག་རོལ་པའི་ཕོ་ཉར༴ མ་སྐྱེས་ལྷུན་གྱིས་གྲུབ་པར༴ གང་ལ་བྱ་བའི་དགྲ་བགེགས་རླག་པའི་ཕྱིར། སུ་ལ་བསྣུན་ཀྱང་ཐམས་ཅད་སྒྲོལ་བར་མཛོད། སྙིང་པོའི་མཐར། བཛྲ་ཀྲོ་དྷ་སརྦ་བུདྡྷ་ཏ་ཐཱ་ག་ཏ་ཧ་ས་ཡ་ན་ཧཱུཾ། ཨ་བེ་ཤ་ཡ་ཨ། ཞེས་མིང་དུ་བཟླས་སོ། །དེ་ལྟར་ན་ཆོས་སྐུར་བྱིན་གྱིས་བརླབ། །ལོངས་སྐུར་བྱིན་གྱིས་བརླབ། སྤྲུལ་སྐུར་བྱིན་གྱིས་བརླབ། ཡེ་ཤེས་ལྔར། སྐུ་གསུང་ཐུགས་སུ་ཐུགས་རྩེ་གཅིག་པར། འགྲོ་དོན་སྲས་མཆོག་ཏུ་དབང་བསྐུར་སྟེ་བདུན་ནོ། །ཡང་སྐད་ཅིག་ལས་བཞེངས་སུ་གསོལ་བ། སྤྱན་འདྲེན་པ། གཉིས་མེད་དུ་སྟིམ་པ། བསྟོད་པ་འབུལ་བ། གཟི་བྱིན་བསྐྱེད་པ། བྱིན་གྱིས་བརླབས་པ། དབང་བསྐུར་བ་སྟེ། བདུན་དུ་བྱེད་པའི་ལུགས་ཀྱང་ཡོད་པ་གང་ལྟར་བྱས་ཀྱང་མི་འགལ་ལོ། །དྲུག་པ་ནི།


TNT13_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུ་དཀྱིལ་འཁོར་ལ་འགོད་པ་ཡིན་ཏེ། སྔ་རབས་པ་རྣམས་ཕུར་བཤར་འདེབས་པ་ཞེས་ཟེར་རོ། །དབུས་ནས་རང་བྱུང་གྲུབ་པའི་ལྷ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཆོས་དབྱིངས་རྡོ་རྗེའི་ངང་ཉིད་ལས། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༌། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཡབ་ཡུམ་གཉིས་སུ་མེད་པ་ཡང༌། །རུ་དྲ་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་བཛྲ་ས་མ་ཡ་ཏིཥྛནྟུ། སྟེང་ནས་རང་འབྱུང་གྲུབ་པའི་ལྷ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཆོས་དབྱིངས་རྡོ་རྗེའི་ངང་ཉིད་ལས། །ཧཱུཾ་མཛད་རྡོ་རྗེ་སྒྲ་འབྱིན་བཅས། །ཕྲ་མེན་ཕག་དང་རྨིགས་བུའི་མགོ །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཚངས་པ་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། བཛྲ་ས་མ་ཡ་ཏིཥྛནྟུ། དེ་བཞིན་དུ་འདོན་པ་བསྒྱུར་ཏེ། ཤར་ནས༴ སངས་རྒྱས་སོགས་རྐང་པ་གཉིས་ཀུན་ལ་སྦྱར། རྣམ་རྒྱལ་རྡོ་རྗེ་སྒེག་སྙེམས༴ ཕྲ་མེན་སྟག་དང་བྱ་རྒོད་མགོ །དབང་དང༌། ཞེས་སོགས་ཀུན་ལ་སྦྱར། བརྒྱ་བྱིན་དགྱེས་ཤིང་སོགས་ནས་སྔགས་བརྗོད་པ་སོགས་ཀུན་ལ་སྦྱར། མེ་ནས༴ དབྱུག་སྔོན་རྡོ་རྗེ་སྡེར་མོར༴ ཕྲ་མེན་གཡག་དང་བྱ་རོག་མགོ །མེ་ལྷ༴ ལྷོ་ནས༴ གཤིན་རྗེ་དུར་ཁྲོད་ལྷ་མོར༴ ཤ་བ་འུག་པའི་མགོ །གཤིན་རྗེ༴ ལྷོ་ནུབ༴ མི་གཡོ་རྡོ་རྗེ་གཏུན་ཁུང་༴


TNT13_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་དང་ཁྭ་ཏའི། སྲིན་པོ༴ ནུབ་ནས༴ རྟ་མགྲིན་རྡོ་རྗེ་གཏུམ་མོར༴ བྱི་ལ་པུ་ཤུད། ཆུ་ལྷ༴ རླུང་ནས༴ གཞན་གྱིས་མི་ཐུབ་མདའ་སྙེམས་བཅས། སྤྱང་ཁུ་ཁྲ་ཡི༴ རླུང་ལྷ༴ བྱང་ནས༴ འཁྱིལ་པ་རྡོ་རྗེ་རླུང་འབྱིན༴ སེང་གེ་ཕ་ཝང༌། གནོད་སྦྱིན༴ བྱང་ཤར༴ ཁམས་གསུམ་རྣམ་རྒྱལ་གསོད་མར༴ དྲེད་དང་སྦྲེ་མོང་༴ དབང་ལྡན༴ འོག་ནས༴ སྟོབས་ཆེན་རྡོ་རྗེ་སྐུལ་བྱེད༴ དོམ་དང་བྱི་བའི༴ ས་བདག༴ ཤར་ནས༴ རང་བྱུང་གྲུབ་པའི་ལྷ། འགུགས་བྱེད་ཆེན་མོ་པུ་ཤུད་མགོ །ཤར་སྒོ་ཉི་སྟེང་མི་རོའི་སྟེང། དགྱེས་ཤིང་སོགས་སྦྱར་བ་དང་རང་སྔགས་བརྗོད། དེ་བཞིན་དུ་གོ་བརྗེས་ཏེ། ལྷོ་ནས༴ འཆིང་བྱེད་ཆེན་མོ་བྱ་རོག་མགོ ལྷོ་སྒོར༴ དགྱེས་སོགས། ནུབ་ནས༴ སྡོམ་བྱེད་ཆེན་མོ་སྲིན་བྱའི་མགོ ནུབ་སྒོར༴ དགྱེས་ཤིང༴ བྱང་ནས༴ མཉེས་བྱེད་ཆེན་པོ་ཁྲ་ཡི་མགོ །བྱང་སྒོར༴ དགྱེས་ཤིང་༴ སོགས་སྦྱར། དམ་ཅན་གྱི་ཕུར་པ་འགོད་ན། ཨོཾ་བཛྲ་ཀཱི་ལ་ཀཱི་ལ་ཡ་མ་ཐ་མ་ཐ་བཛྲ་ཧཱུཾ་ཕཊ། མ་ཐ་སོགས་འདོན་པ་སྤོས་ཏེ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་བཛྲ། མ་མ་ཝ་ཤཾ་ཀུ་རུ། མ་ཏེ་ཉ་ཀ་ར། །མ་མ་ཀརྨ་ཤཱིགྷྲཾ་ཀ་ར། ཀ་ཏེ་ཀ་ཡེ། ཨ་ཛི་ཏེ། ཛ་ཡེ་བི་ཛ་ཡེ། ཨ་བ་ར་ཛི་ཏེ། རྣམས་ལ་སྔར་བཞིན་སྦྱར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་མ་ཤཱི་གྷྲཾ་ཀ་ར་ཡ་ཧཱུཾ་ཕཊ། ལན་བཞི། དེ་བཞིན་དུ། མ་ར་སྱ་ན་དང༌། པྲ་མརྡྷ་ན་ཡ། ཡང་ལན་བཞི་བཞི་སྦྱར། སྤྱིར་


TNT13_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཙམ་གྱིས་ཆོག་ལ། སྤྲོས་པ་ལ་དགའ་ན། ནམ་གྱི་སྲོད་ཀྱི་དམ་ཅན་མ། སོགས་ལ། དུས་ལ་བབ། ཅེས་པ་རྣམས་བཞུགས་སུ་གསོལ། ཞེས་འདོན་པ་བསྒྲུབ་བས་ཆོག་གོ །བདུན་པ་རྒྱན་བཀྲམ་པ་ནི། ས་རྒྱན་གནམ་རྒྱན་མཆོད་རྫས་སོགས་བཤམ། ཤེས་རབ་རལ་གྲི་ཡུམ་གྱི་རང་བཞིན་ལས། །ཐབས་ཀྱི་ཕྱག་རྒྱའི་ཆོ་འཕྲུལ་ཅི་ཡང་རྟགས། །ཐབས་ཤེས་རང་བཞིན་མཆོད་པའི་ལྷ་མོ་རྣམས། །རྒྱན་དང་མཆོད་རྫས་གདན་ལ་བཞུགས་སུ་གསོལ། སརྦ་པཱུ་ཛ་མེགྷ་ས་མ་ཡ་ཏིཥྛ་ལྷན། ཞེས་བརྗོད་དོ། །བརྒྱད་པ་བུམ་པ་འགོད་པའམ་བུམ་པ་སྟ་གོན་ནི། སློབ་མ་དབང་བསྐུར་དང༌། རབ་གནས་དང་བདག་འཇུག་ཕལ་པ་དང༌། སྒྲུབ་པ་དངོས་གྲུབ་གྱི་དབང་ལེན་པ་རྣམས་ལ་བུམ་སྒྲུབ་ངེས་པར་དགོས་ལ། སྒྲུབ་མཆོད་ཙམ་ལ་ནི་བུམ་པ་ངེས་པར་དགོས་པ་མིན་ཡང་འགྲུབ་ན་ནི་ལེགས་སོ། །དེ་ལ་བུམ་སྒྲུབ་དངོས་ནི། བདག་མདུན་བུམ་གསུམ་དབྱེར་མེད་དུ་སྒྲུབ་པ་ཡིན་ལ། འདིར་བུམ་པ་བཤམ་པ་སྟེ། བུམ་པ་རྣམས་ལ་ཡུངས་ཀར་གཏོར་ཞིང་གུ་གུལ་གྱི་གདུག་པས་བགེགས་བསྐྲད། དྲི་བཟང་གི་ཆུ་ལ་བདུད་རྩི་ཨ་མྲྀ་ཏས་བཏབ་པས་བཀང༌། ཤིང་འོ་མ་ཅན་གྱི་ཡལ་གས་ཁ་རྒྱན་བྱ། གཞན་སྤྱི་དང་མཐུན་པར་བཤམས་ཏེ། གཟུངས་ཐག་ནས་བཟུང་ལ། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་བརྒྱ་རྩ་རེ་དང༌། ཁྲོ་བཅུའི་སྔགས་ཉེར་གཅིག་རེ་བཟླ། ཐམས་ཅད་ཀྱི་ཐུན་མོང་དུ། ཀི་ལཱ་ཡ་སྟོང་ཕྲག་སོགས་མང་དུ་བཟླས་ནས་དཀྱིལ་འཁོར་ལ་དགོད་པར་བྱའོ། དེ་ཡང་བུམ་


TNT13_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅུ་གཅིག་ཡོད་ན། དབུས་མ་རྣམ་རྒྱལ་བུམ་པ་ལ་གཙོ་བོ་ཡབ་ཡུམ་དང༌། །གཞན་བཅུ་པོ་ལ་ཁྲོ་བཅུ་བཟླ་བ་ཡིན་པས། གཙོ་བུམ་མཉྫི་སོགས་ཀྱི་སྟེང་དུ་བཀོད་ནས། དབུས་སུ་འཇོག་པ་སོགས་ལྷ་སོ་སོའི་རང་གནས་སུ་འགོད་དགོས་རྒྱུ་ཡིན་ཡང་འགོད་ཚུལ་སྟབས་མི་བདེ་ན། གཙོ་བུམ་ཤར་སྒོའི་ཐད་ཀྱི་གཡོན་དང༌། གཞན་རྣམས་རྡོ་རྭའི་ནང་གི་ཕྱོགས་མཚམས་བརྒྱད་ལ་འགོད་དོ། །བུམ་པ་གཅིག་ལས་མེད་ན་ཤར་སྒོའམ་ནུབ་སྒོ་གང་འཐད་དུ་བཀོད་ཀྱང་ཆོག །འདིར་བསང་དགོས་པ་རྣམས་བདུད་རྩིའམ་ཉུང་ཀར་གཏོར་བས་བྱེད་པའི་ཕྱིར། །ལས་བུམ་དང་བསང་ཆུ་མི་དགོས་ལ། ཅི་སྟེ་བྱེད་ན་བྱང་གི་བུམ་པ་ཉིད་ལས་བུམ་ཡིན་པས། བསང་ཆུར་བྱེད་ནའང་ལས་ཐམས་ཅད་པའི་བུམ་ཆུ་དེ་ཉིད་དུང་ཕོར་དུ་བླངས་པས་སོ། །རྙིང་མའི་ཡིག་རྙིང་འགའ་རེ་ན་ཡང་བུམ་པ་སྟ་གོན་སྤྱི་དང་མཐུན་པའི་ལུགས་ཀྱང་འདུག་པས། དེ་ལྟར་འགལ་བ་མེད་མོད་ཀྱི་རང་ལུགས་དེ་ཙམ་གྱིས་ཆོག་གོ །དགུ་པ་མ་ཏཾ་སྒྲོལ་བ་ནི། སློབ་དཔོན་ཧཱུཾ་ཀཱ་རས་མཛད་པའི་སངས་རྒྱས་མཉམ་སྦྱོར་གྱི་དཀྱིལ་ཆོག་ན། དངོས་གཞི་དཀྱིལ་འཁོར་བསྐྱེད་ཟིན་པའི་རྗེས་སུ། །མ་ཏཾ་སྒྲོལ་བ་དྲག་པོའི་རོལ་གར་མང་པོ་དང་བཅས་ཏེ། སྦྱོར་སྒྲོལ་གྱི་མཆོད་པའི་ཚུལ་དུ་མཛད་པ་ཉིད་རྩ་བའི་ཁུངས་ཡིན་པས་སྤྱིར་དེ་དང་མཐུན་ན་ལེགས་ཀྱང༌། གོང་མ་མང་པོ་ཞིག་སྐབས་འདིར་དཀྱིལ་འཁོར་བསྐྱེད་པའི་དོན་དུ། མ་ཏྲཾ་སྒྲོལ་བ་བསྡུས་པ་རེ་མཛད་པ་ཡང་རྙིང་མ་རང་ལུགས་གྱི་རྒྱུད་གཞུང་དོན་ལ་གནས་པའི་ཕྱིར། སྒྲུབ་པར་བྱ་བ་ཁོ་ནའོ། །དེ་ཡང་མ་ཏཾ་གི་ལིང་ག་བཅས་ནས་


TNT13_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བསངས་སྦྱངས། སྟོང་པའི་ངང་ལས་ཡི་གེ་དྲི་ལས་བྱུང་བའི་རྣམ་པ་མ་ཏཾ་ག་རུ་དྲའི་གཟུགས་ཅན། །ངོ་བོ་སྒྲུབ་པ་པོ་དངོས་གྲུབ་སྒྲུབ་པ་ལ་གེགས་བྱེད་པའི་བགེགས་དང་ལོག་འདྲེན་བྱད་མ་ཀུན་འདུས་པའི་ངོ་བོ་གདུག་ཅན་དེ་ཉིད་དབང་མེད་དུ་འགྱེལ་ཞིང་ས་ལ་ལྷུང་བར་གྱུར། བདག་ཉིད་རྡོ་རྗེ་གཞོན་ནུའི་ཐུགས་ཀ་ནས་ཁྲོ་བོ་མི་གཡོ་བ་འཁོར་དང་བཅས་པ་སྤྲོས་པར་གྱུར། ཧཱུཾ་དུར་ཁྲོད་གསང་བའི་དཀྱིལ་འཁོར་འདིར། །ཐབས་དང་ཤེས་རབ་རོལ་པ་ལས། །ཟ་བྱེད་འབར་བའི་རྔམ་སྟབས་ཀྱིས། དགྲ་བགེགས་བསྒྲལ་བའི་དུས་ལ་བབ། །འཇོམས་བྱེད་ཆེན་པོ་ཨཱརྱ་ཨ་ཙ་ལ། །མཉེས་བྱེད་རྡོ་རྗེ་སྲིན་པོ་སེན་རྣོན་མ། རྡོ་རྗེ་ཕྲ་མེན་གཟིག་དང་ཁྭ་ཏའི་མགོ །སྡང་དགྲ་གནོད་བྱེད་སྒྲོལ་བའི་དུས་ལ་བབ། ས་མ་ཡ་སྟྭཾ། ལན་གསུམ། ལིང་ག་བསྐྱེད་ཅིང་ཕོ་ཉ་སྤྲོ་བའོ། །བདེན་བརྡར་བརྗོད་ཅིང༌། དངོས་གྲུབ་ལ་བར་དུ་གཅོད་ཅིང་བསྟན་པ་ལ་གནོད་པར་བྱེད་པའི་སྡང་དགྲ་གནོད་བྱེད་འགེགས་དང་ལོག་འདྲེན་བྱད་མ་ལ་སོགས་པ་མ་ཏཾ་གི་རིགས་སུ་གནས་ཤིང་བདུད་ཀྱིས་བྱིན་བརླབས་པ་གནོད་བྱེད་རུ་དྲ་ཐམས་ཅད། ཅེས་འདོན་པ་སྤོས་ཏེ་དགུག་གཞུག་བྱ། ཐར་པའི་ལམ་འབྱེད་དཀྱིལ་འཁོར་འདིར། །སྐལ་ལྡན་ཚོགས་རྣམས་འོངས་པ་ལྟར། །རུ་དྲ་འདིར་ཤོག་རིགས་ཀྱི་བུ། །བདེ་བར་འོངས་སོ་ལེགས་པར་ཤོག །སྙིང་པོའི་མཐར་མི་གཡོ་བའི་སྔགས་སྦྱར། མ་ཏཾ་ཀ་རུ་ཏྲ་ཨཱ་ཀ་ཤ ཏྲི་ཡཾ་ཛ་བཱ་


TNT13_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མ་ར་ཡ་ཛ་ཛ། ཞེས་ལན་གསུམ་གྱི་ས་བོས་ཏེ་མ་ཏྲཾ་འབོད་ཅིང་དགུག་པའོ། །སྔགས་གཉིས་ཀྱི་མཐར། མ་ཏཾ་ཀ་རུ་ཏྲ་ཨ་བེ་ཤ་ཡ་ཨ་ཨ། ལན་གཉིས་ཤུ་རྩ་གཅིག་གིས་གཟུགས་བརྙན་ལ་དབབ་པའོ། །ཛཿཧཱུཾ་བཾ་ཧོཿ མང་དུ་བཟླས་ཤིང༌། གཟུགས་བརྙན་འབྲུབ་ཁུང་དུ་བཅུག །མགོ་ལྷོ་ནུབ་དང་རྐང་པ་བྱང་ཤར་དུ་བསྟན། ཕོ་མོ་གཉིས་ཡོད་ན་བསྣོལ་མར་བཞག ཞབས་ཀྱི་འོག་དུ་མནན་པར་བསམ། །མཐར་བྱེད་ཆེན་པོའི་འགྱིང་སྟབས་ཀྱིས། །སྒྲོལ་བདག་ཞབས་ནི་གཡས་པ་ཡི། །རུ་དྲ་ཕོ་མོའི་སྟེང་ནས་གནོན། ས་མ་ཡ་ཛྭ་ལ་ཙིཏྟ་ཧཱུཾ་ཕཊ། མ་ཏཾ་མནན་པའོ། །ཕུར་ཆུང་གཅིག་གམ་གཉིས་ལིང་ག་ལ་བཏབ་སྟེ། ཁོག་པ་དྲལ་ཞིང་སྒོ་དབྱེ་སྟེ། །ལྷུན་གྲུབ་དབྱིངས་ཀྱི་སྒོ་དབྱེའོ། །ཡེ་ཤེས་འབར་བའི་ཕུར་པ་ཡིས། །ཡུལ་ལས་འདས་པའི་སྒོ་ཕྱེ་ཤིག སྙིང་པོ་དང་བདུད་རྩི་འཁྱིལ་བའི་སྔགས་ཀྱི་མཐར། མ་ཏཾ་ག་རུ་དྲ་ཨུད་གྷ་ཌ་ཡ། ས་མ་ཡ་པྲ་བེ་ཤ་ཡ་ཕཊ། མ་ཏཾ་ཁོག་པ་དྲལ་བའོ། །རཾ་ཡཾ་ཁཾ་ཞེས་མང་དུ་བཟླས་རུ་དྲའི་སྡིག་སྒྲིབ་ཐམས་ཅད་བསྲེགས་སྦྱངས་པར་བསམ། སྒྲིབ་པ་སྦྱང་བའོ། །ཨོཾ་མ་ཐ་མ་ཐ་སརྦ་པྲེ་ཏ་ག་ཏེ་ཧེ་དུུ་ན་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་ཏིརྱ་ག་ཏེ་ཧེ་དུུ་ན་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་དུུ་ན་ཧཱུཾ་ཕཊ། སྔགས་གསུམ་པོ་དེ་མང་དུ་བཟླས་པ་ནི་ངན་སོང་གི་སྒོ་བཀག་པའོ། །དེ་ཡི་ཁམས་དང་སྐྱེ་མཆེད་རྣམས། །སེམས་ཀྱི་ངོ་བོར་རབ་བསྡུས་ཏེ། །བྱང་ཆུབ་སེམས་ཀྱི་དབྱིངས་ཉིད་དུ། ཁམས་གསུམ་འཁོར་བ་ཀུན་བསྡུའོ། །ཏྲི་ཧཱུཾ་


TNT13_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བོདྷི་ཙིཏྟ་སཾ་ཧ་ར་ཎ་ཧཱུཾ། ཞེས་བྱང་ཆུབ་སེམས་སུ་བསྡུས། དེ་ནི་ཧཱུཾ་ལ་བསྡུ་བའོ། །ཟླ་དཀྱིལ་ཧཱུཾ་གི་སྦྱོར་བས་འཕངས། ཕཊ་ཀྱིས་ཤེས་རབ་ལྷུམས་སུ་བསྐྱོད། །བདེ་གཤེགས་རིགས་ཀྱི་སྲས་སུ་སྐྱེས། །འགྲོ་བའི་དོན་དུ་དབང་ཡང་བསྐུར། །ཨཱཿཧཱུཾ་ཡཾ་ཕཊ། བཛྲ་སཏྭ་ཧཱུཾ། ཨ་བྷི་ཥིཉྩ་ཨ། ཞེས་གནས་སྤར་བའོ། །བདག་དང་བདག་གིར་འཛིན་པས་འཇིག །སྡིག་པའི་ལས་ཀྱིས་སྡུག་བསྔལ་བསྐྱེད། །ང་ཡི་བསྟན་པ་འདིར་ཞུགས་ཤིག །འོན་ཏང་འཁོར་བའི་སྡུག་བསྔལ་དྲལ། ཞེས་ཆོས་བསྟན་པའོ། །ཆོས་ཉིད་སྐྱེ་འགག་མེད་པ་ཡང༌། །བདེ་བར་གཤེགས་དང་འགྲོ་བ་ཞེས། །བདག་མེད་པས་ན་མཉམ་ཉིད་སྐུ། །ཐུགས་རྗེ་ཆེན་པོས་ཅིས་མི་འཛིན། ཞེས་ལྟ་བ་བསྟན་པའོ། །མ་ཏཾ་ཆེན་པོའི་ཁོག་པ་ལ། །ཧེ་རུ་ཀ་ཡི་གནས་བཅུ་དང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་གྱུར། །དཀྱིལ་འཁོར་ཆེན་པོར་བཞུགས་པའོ། །བྷྲཱུཾ་བི་ཤྭ་བེ་ཤུདྡྷེ་ཨེ་ཝཾ་མ་ཡ། མཎྜ་ལ་རཾ། ཞེས་བཟླ་ཞིང༌། ལིང་ག་གཏུབས་ཏེ་མགོ་བོ་བདེན་བྲལ། ལག་གཉིས་ལྷོ་དང་ནུབ། སྐེད་པ་གཡས་གཡོན་མེ་དང་རླུང༌། རྐང་པ་ཤར་དང་བྱང༌། ཕོ་རྟགས་དབང་ལྡན་དུ་བོར་ཏེ། གཞལ་ཡས་ཁང་དུ་བསྟན་པའོ། །དེ་ལྟར་ན། ཕོ་ཉ་སྤྲོས་དང་དགུག་གཞུག་དང༌། གཟུགས་ལ་དབབ་ཅིང་ཞབས་ཀྱི་མནན། ཁོག་པ་དྲལ་དང་སྒྲིབ་པ་སྦྱངས། །ངན་སོང་སྒོ་བཀག་ཧཱུཾ་ལ་བསྡུ། །གནས་སྤར་ཆོས་བཤད་ལྟ་བ་བསྟན། །གཞལ་ཡས་ཁང་བསྒྱུར་བཅུ་གཉིས་སོ། །ཞེས་པ་ནི་མ་ཏཾ་སྒྲོལ་བའི་སྡོམས་སོ། །རྩ་བའི་གསུམ་པ་དཀྱིལ་


TNT13_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སྒྲུབ་པའི་རིམ་པ་དངོས་ལ་འཇུག་པ་ནི། འདིར་དངོས་གཞི་དཀྱིལ་འཁོར་སྒྲུབ་པ་ནི་བདག་མདུན་བུམ་གསུམ་དབྱེར་མེད་ཡིན་པར་གོ་དགོས་སོ། །དེ་ཡང་སྔོན་འགྲོ་གཏོར་མ་བཏང༌། གནས་ཡོའམ། མཆོད་པ་བྱིན་རླབས་ཀྱང་འདིར་བྱས་ན་ལེགས། །སྨན་རག་བྱིན་རླབས་ཀྱི་རྗེས་སུ་བྱས་ཀྱང་རུང་ངོ༌། །དེ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ལ་སྡོམས་ནི། ཚད་མེད་མཚམས་བཅད་བརྡར་སྒོ་དབྱེ། །བརྡའི་ཕྱག་འཚལ་རྟགས་ཀྱིས་འདེབས། དམ་འཆའ་བཤགས་པ་བྱིན་འབེབས་དང༌། །ཡོ་བྱད་བྱིན་རླབས་བསྙེན་ཕུར་བསྐྱེད། ཅེས་པ་ལྟར་སྦྱོར་བའི་ཆོས་བཅུ་ལས། དང་པོ་ཚད་མེད་སྒོམ་པ་ནི། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག གཉིས་པ་མཚམས་གཅོད་པ་ནི། ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། སྟོང་པའི་ངང་ལས་བདག་ཉིད་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྐུར་གྱུར། ཐུགས་ཀར་ཧཱུཾ་ནག་པོ་འོད་ཟེར་འབར་བ། དེ་ལས་ཁྲོ་བོ་བཅུ་སྤྲོས་ཕྱོགས་བཅུར་འཁོད། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱ་ནི་ལ་དནྜ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱན་ཏ་ཀ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱྀ་བ་ཧཱུཾ། ཨོཾ་བཛྲ་ཀྲོདྷ་ཨ་པ་ར་ཛི་ཏ་ཧཱུཾ། །ཨོཾ་བཛྲ་ཀྲོ་དྡྷ་ཨ་མྲྀ་ཏ་ཀུཎྜ་


TNT13_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་མཧཱ་བ་ལ་ཧཱུཾ། གདུག་ཅིང་སྡངསེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པའི་བགེགས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །ཁྲག་འཐུང་རྡོ་རྗེ་གཞོན་ནུའི་བཀའ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །དཀྱིལ་འཁོར་ལྷ་ཚོགས་ཀུན་གྱི་བཀའ། །ཆོས་ཉིད་བདེན་པའི་བཀའ་འདི་ཡིས། །སྲིད་པའི་རྩེ་མོ་མན་ཆད་ནས། །ན་རག་དམྱལ་ཁམས་ཡན་ཆད་ཀྱི། །སྲིད་གསུམ་གནས་པའི་བགེགས་ཀྱི་ཚོགས། །སྒྲུབ་ལ་བར་གཅོད་འཚེ་བ་དང༌། །དཀྱིལ་འཁོར་ལྟ་བར་མི་དབང་ཞིང༌། །ཕྱག་རྒྱ་སྒོམ་དང་བཟླས་པ་དང༌། །གསང་སྤྱོད་ལྟ་བར་མི་དབང་བ། །དེ་དག་ཐམས་ཅད་ད་ལྟ་ཉིད། །མྱུར་བ་ཁོ་ནར་གཞན་དུ་དེངས། །གལ་ཏེ་བཀའ་ལས་འདའ་བྱེད་ན། །ཡཀྴ་མེ་དབལ་རབ་ཁྲོས་ཏེ། །ལུས་སེམས་རྡུལ་དུ་བརླག་ནས་ཀྱང༌། །མི་བཟད་དམྱལ་བ་ཆེན་པོར་ལྷུང༌། །མཚོན་ཆ་རྡོ་རྗེ་འབར་བ་ཡིས། །འཇིགས་པར་འགྱུར་བ་གདོན་མི་ཟ། །ཡང་དག་གསང་བའི་དཀྱིལ་འཁོར་འདིར། །འདུ་བའི་ལྷ་ནི་མ་གཏོགས་པ། །གསང་བའི་དམ་ཅན་སོ་སོ་ནས། །ཀུན་ཀྱང་ཐུགས་དམ་སྐོངས་ཟིན་གྱི། །སོ་སོའི་གནས་སུ་འགྲོ་བར་གྱིས། །ཡུངས་ཀར་གཏོར་ཞིང་དྲག་རོལ་དང་བཅས། ཁྲོ་བོ་བཅུའི་སྔགས་དྲག་ཏུ་བཟླས་ཏེ་བགེགས་བསྐྲད། ང་ཡི་དཀྱིལ་འཁོར་བསྟན་བྱའི་ཕྱིར། ཁྲོ་རྒྱལ་བྱིན་རླབས་ལས་འབྱུང་བའི། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱི། །དཀྱིལ་འཁོར་


TNT13_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ཚུལ་བཞིན་སྲུང༌། །ཧཱུཾ་སྟེང་ཡང་རྡོ་རྗེའི་བླ་རེ་གུར། འོག་ཀྱང་རྡོ་རྗེའི་ས་གཞི་ལ། །ཕྱོགས་མཚམས་རྡོ་རྗེ་འབར་བས་གཏམས། རྡོ་རྗེའི་མཚམས་ལས་མ་འདའ་ཞིག། སྟེང་ཡང་འཁོར་ལོའི་བླ་རེ་གུར།སོགས་རྡོ་རྗེའི་དོད་དུ་འཁོར་ལོ་བཅུག་པ་དང༌། རིན་པོ་ཆེ་དང༌། པདྨ་དང༌། རྒྱ་གྲམ་དང༌། རལ་གྲི་དང༌། བེ་ཅོན་ཞེས་པ་རྣམས་བཅུག་སྟེ་འདོན་པ་སྤོ། ཨོཾ་བཛྲ་ཏེ་ཛ་ཏིཥྛ་ཙཀྲ་རཀྵ་ཧཱུཾ་ཕཊ། ལན་གསུམ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ལན་གསུམ་སྟེ་མཚམས་བཅད་པའོ། །གསུམ་པ་བརྡ་སྒོ་དབྱེ་བ་ནི། དཀྱིལ་འཁོར་ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ནས། ཡེ་ཤེས་བཞི་ཡི་སྒོ་མོ་རབ་ཕྱེ་སྟེ། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཀྱི། །འཕགས་པའི་ཞལ་བཟང་བདག་ལ་བསྟན་དུ་གསོལ། ཨོཾ་བཛྲ་ཙཀྲ་མཎྜ་ལ་པྲ་བེ་ཤ་ཡ་ཕཊ། །བཞི་པ་བརྡ་ཕྱག་འཚལ་བ་ནི། འཇིགས་བྱེད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །རྡོ་རྗེ་ཡབ་ཡུམ་མཆེད་དང་ལྕམ་དྲལ་ཚོགས། །མཆོག་གི་སྒོ་གསུམ་དང་བའི་ཚུལ་གྱིས་ནི། །བརྡ་དང་གར་གྱིས་མཆོད་ནས་ཕྱག་བགྱིའོ། །ཨ་ཏི་བྷུ་ཧོ་པྲ་ཏི་བྷུ་ཧོ། །ལྔ་པ་རྟགས་བཏབ་པ་ནི། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཁའ་འགྲོ་གྱིང་དང་མ་མོའི་ཚོགས་ལྷན་ཅིག །རྣལ་འབྱོར་དག་པ་གསུམ་ལ་འགོད་པའི་ཕྱིར། །རཀྟ་ཞག་དང་ཐལ་ཆེན་མཚན་མས་བཏབ། མ་ཧཱ་རཀྟ་ནི་ཧཱུཾ། མ་ཧཱ་སྨིག་ཏ་ཧཱུཾ། མ་ཧཱ་ཀིཾ་ནི་རི་ཏི་བྷསྨ་ཧཱུཾ། །དྲུག་པ་དམ་འཆའ་བ་ནི། ལས་བྱང་


TNT13_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་ན་ཚིག་རིགས་མི་འདྲ་བ་དུ་མ་ཡོད་ཀྱང་དོན་གཅིག་པས་འགལ་བ་མེད་ལ། འདིར་ནི་རྒྱུན་བཤགས་ཉིད་དམ་བཅའ་ཡིན་ཏེ། ཡན་ལག་བདུན་པའི་ནང་དུ་དེ་ཐམས་ཅད་འདུས་པའི་ཕྱིར་རོ། །དེས་ན་འདི་ལྟར་བྱ་སྟེ། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་འཕགས་པའི་ཚོགས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བརྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་འགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང༌། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དགོངས་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། ཞེས་རྒྱུན་ཆགས་ལན་གསུམ་གྱིས་དམ་བཅས། །བདུན་པ་བཤགས་པ་ནི། དམ་ཚིག་ཉེར་བརྒྱད་ཀྱི་བཤགས་པ་སོགས་དང༌། ཞི་ཁྲོའི་བཤགས་པ་ཡེ་ཤེས་སྐུ་མཆོག་སོགས་རྒྱས་པ་རྣམས་སྤྲོ་ཞིང་ནུས་ན་བྱ་ལ་བསྡུ་ན། ཧཱུཾ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང༌། །རྩ་བ་ཡན་ལག་ཉེས་བྱས་ཕྲ་མོ་དང༌། །དམ་ཚིག་ཆེ་ཆུང་ཚོར་དང་མ་ཚོར་དང༌། །ཟླ་དང་ཞོར་གྱིས་དམ་ཚིག་ཉམས་པ་དང༌།


TNT13_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་བླངས་ཆེ་ལ་ཉམས་བླངས་ཆུང་བ་དང༌། །བཀའ་ལྟར་མ་བགྱིས་གཞུང་ལྟར་མ་བསྲངས་དང༌། །ཏིང་འཛིན་ལྷོད་གྱུར་འཛབ་བཟླས་ཉུང་པ་དང༌། །ཡི་དམ་ལྷ་ཡི་སྒོམ་པ་གཡེལ་བ་སོགས། །ཉམས་གྲིབ་ཉེས་པའི་ཚོགས་རྣམས་མ་ལུས་དང༌། །སྡོམ་པ་གསུམ་དང་འགལ་བ་ཅི་མཆིས་པ། །ཀུན་རྫོབ་རྒྱུ་མཚན་ཙམ་གྱི་དབང་གིས་ནི། །རང་ནོངས་འགྱོད་པའི་ཚུལ་གྱིས་མཐོལ་ལོ་བཤགས། །བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༌། །གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་ནས། །མི་དམིགས་བཏང་སྙོམས་ངང་དུ་བཞུགས་ནས་ཀྱང༌། །གཉིས་མེད་དོན་གྱི་ཚངས་པར་མཛད་དུ་གསོལ། ཞེས་པའི་བཤགས་པ་ལན་གསུམ་བྱ། ཛཿཧུཾ་བཾ་ཧོཿ ཞེས་བརྗོད། །བརྒྱད་པ་བྱིན་དབབ་པ་ནི། ཧཱུཾ་ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས། །ཞི་ཁྲོ་རབ་འབྱམས་ལྷ་ཚོགས་བྱིན་རླབས་ཅན། །ཚུར་གཤེགས་དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །སྒྲུབ་མཆོད་རྣལ་འབྱོར་བདག་ལ་དབང་ཅིག་བསྐུར། ཧཱུཾ་ཨ་ལ་ལ་ཧོ། ཧཱུཾ་ཧཱུཾ་ཧུཾ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཧཱུཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབས་པའི་དུས་ལ་བབ། །དབང་ཆེན་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་མཐུན་སྩོལ་བཅོམ་


TNT13_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས། །བྱིན་ཆེན་བྱིན་རློབས་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །དགུ་པ་ཡོ་བྱད་བྱིན་གྱིས་བརླབ་པ་ནི། རྫས་རྣམས་བསངས་སྦྱངས། རཾ་གྱི་མེས་བསྲེགས། ཡཾ་གྱི་རླུང་གིས་གཏོར། ཁཾ་གི་ཆུས་བཀྲུས། སྭ་བྷཱ་ཝས་སྦྱངས། བྷྲཱུཾ་ལས་བནྡྷ་འབར་བའི་སྣོད་ཆེན་པོ་རྣམས་སུ། ཨོཾ་ལས་འདོད་པའི་ཡོན་ཏན་བསམ་ཀྱིས་མི་ཁྱབ་པ། མཁའ་དབྱིངས་ཐམས་ཅད་གང་བར་གྱུར། ཕུད་དང་གཏོར་མའི་གནས་སུ། ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགོའི་སྐྱེད་པུ་གསུམ་གྱི་སྟེང་དུ། བྷྲཱུཾ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བ། བདུད་རྩིའི་སྣོད་ལ་ཉི་ཟླ་རྡོ་རྗེའི་ཁ་གཅོད་ཅན། །ནང་བདུད་རྩི་ལྔས་གང་བ། ཧཱུཾ་ཨོཾ་སྭཱ་ཨཱཿཧཱ་རྣམས་ཀྱིས་མཚན་པ་དང༌། གཏོར་མའི་སྣོད་དུ་ཤ་ལྔ་ལ་མུཾ་ལཾ་མཱཾ་པཱཾ་ཏཱཾ་གིས་མཚན་པར་གྱུར། རླུང་གཡོས། མེ་སྤར། རྫས་རྣམས་ཞུ། ཨོཾ་བཛྲ་ཌྷྲྀཀ །ཨོཾ་ཛི་ན་ཛི་ཀ །སྭཱ་རཏྣ་ཌྷྲྀ་ཀ ཨཱཿཨ་རོ་ལི་ཀ །ཧཱ་པྲ་ཛྙཱ་དྷྲྀཀ །མུཾ་བཛྲ་དྷཱ་ཏུ། ལཾ་མོ་ཧཱ་རཱ་ཏི། མཱཾ་དྭེ་ཥ་རཱ་ཏི། པཱཾ་རཱ་ག་རཱ་ཏི། ཏཱཾ་བཛྲ་རཱ་ཏི། སྨན་ལ་རྒྱལ་བ་རིགས་ལྔ་དང༌། །གཏོར་མ་ལ་ཡུམ་ལྔ་རྣམས་འཁོད། ས་མ་ཡ་ཧོཿ ཨོཾ་ཨཱཿཧཱུཾ་སརྦ་པཉྩ་སོགས་ལན་གསུམ། འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བཀུག །དེ་ཐམས་ཅད་དམ་རྫས་སྨན་དང་གཏོར་མ་ལ་འདྲེས་པ་ཡེ་ཤེས་


TNT13_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱི་ཐ། ཞེས་པ་ཉེར་གཅིག་གམ་བརྒྱ་རྩ་བརྒྱད། ཨོཾ་ཨཱཿཧཱུཾ་མ་ཧཱ་བ་ལིཾ་ཏ་ཏེ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལིཾ་བ་ཏེ་གུ་ཧྱ་སིདྡྷ་ས་མ་ཡ་ཧཱུཾ་ཧྲི་ཐ། ར་ཡིག་ལས་རཀྟའི་སྣོད་དང་ཉི་མའི་དཀྱིལ་འཁོར་ར་ཡིག་གིས་མཚན་པའི་གདན་ལ། རཾ་ལས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་པའི་ཕུང་པོ་མཐའ་ཡས་པར་གྱུར། ཨོཾ་ཨཱཿཧཱུཾ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུཾ་ཧྲཱི་ཐ། རྒྱ་ཆེར་འཕེལ་བ་ལ་ཁམས་གསུམ་གྱི་རཀྟ་ཐམས་ཅད་བཀུག་སྟེ་དེ་ལ་ཐིམ་པར་གྱུར། གཏོར་མ་དང་རཀྟ་བྱིན་རླབས་ཀྱི་སྔགས་ཀྱང་བདུན་ནམ་ཉེར་གཅིག་གམ་བརྒྱ་རྩ་སོགས་ཇི་ལྟར་འོས་པ་བརྗོད། མཆོད་པ་བྱིན་རླབས་སྤྱི་འགྲོ་དེ་གོང་དུ་མ་སོང་ན་སྐབས་འདིར་བྱ་མོད། གོང་དུ་བྱེད་པ་ཉིད་ལག་ལེན་གཙོ་ཆེའོ། །བཅུ་པ་བསྙེན་ཕུར་བསྐྱེད་པ་ནི། བསངས་སྦྱངས། ཨེ་ལས་བྱུང་བ་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ཀྱི་སྟེང་དུ། པད་ཉི་དང་དགྲ་བགེགས་བསྒྲལ་བའི་གདན་ལ་ཧཱུཾ་སྤྲོས། ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལ་ཡ། ཕུར་པ་རྡོ་རྗེ་གཞོན་ནུ་ཡུམ་དང་བཅས་པ། ཨོཾ་བཛྲ་ཀི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ལན་བདུན། དེ་ཞུ་བ་ལས་བྱུང་བའི་ཕུར་བུར་གྱུར། དེའི་རྩེ་མོར་དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། རྒྱ་མདུད་གོང་མ་ལ་ཁྲོ་བོ་བཅུ། ཆང་བཟུང་ལ་ཟ་བྱེད་གསོད་བྱེད་ཉི་ཤུ །རྒྱ་མདུད་འོག་མ་ལ་སྒོ་སྲུངས་བཞི་སོགས་འཁོར་བར་གྱུར། ཀཱི་ལ་ཡ་འབྲུ་བཅུ་དྲུག་པ་ལན་བདུན་བཟླས་ཏེ། བསྙེན་པའི་


TNT13_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུ་བྱིན་གྱིས་རློབ་པའོ། །འདིར་བསྙེན་ཕུར་དང་སྲས་མཆོག་ཐ་དད་དུ་བྱེད་པའི་དབང་དུ་བྱས་ནས། དངོས་གཞི་དཀྱིལ་འཁོར་བསྐྱེད་པའི་སྐབས། བསྙེན་ཕུར་དང་བདག་ཉིད་དབྱེར་མེད་དུ་དམིགས་པ་ཡིན་ལ། དེ་ལྟར་ན་བསྙེན་ཕུར་དངོས་གྲུབ་ཀྱི་རྫས་ཡིན་གྱི་བསྒྲལ་ལས་ལ་མི་འཇུག་ཅིང༌། བསྒྲལ་ལས་སྲས་མཆོག་གིས་མཛད་ལ། འདི་རྡོ་རྗེའི་ཕུར་བུ་དང༌། སྲས་མཆོག་ནི་རི་རབ་ཕུར་བུར་བྱ་མོད་ཀྱི། སྤྱིར་མཐའ་གཅིག་ཏུ་ངེས་པ་ནི་མ་ཡིན་ནོ། །གཉིས་པ་དངོས་གཞི་ལ། ལྷ་སྒོམས་མཆོད་པ་དང༌། སྔགས་ཀྱི་བཟླས་པ་གཉིས་སོ། །དང་པོ་ལ་གསུམ་སྟེ། རྒྱུ་ཏིང་ངེ་འཛིན་གསུམ། འབྲས་བུ་དཀྱིལ་འཁོར་གསུམ། མཛད་འཕྲིན་མཆོད་པ་གསུམ་ཞེས་བྱའོ། །དང་པོ་ནི། ཧཱུཾ་རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་ཆེར་འབར་བ། །ནམ་མཁའི་དཀྱིལ་དུ་ཐིགས་པ་ཤར། །སྲོག་གི་སྒོ་རུ་ཤར་བ་ན། །སྙིང་གི་གོ་རུ་བསྒོམ་པར་བྱ། ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །རང་བཞིན་མ་རྟོགས་པའི་སེམས་ཅན་རྣམས་བྱང་ཆུབ་ལ་འགོད་པར་བྱའོ། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནོ། །སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་སེམས་ཧཱུཾ་ཡིག་མཐིང་ནག་ནམ་མཁའི་ཁམས་སུ་གནས་པར་གྱུར། ཨོཾ་དྷརྨྨ་དྷ་དུ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ། དེ་ནི་རྒྱུའི་ཏིང་ངེ་འཛིན་ནོ། །གཉིས་པ་འབྲས་བུ་དཀྱིལ་འཁོར་གསུམ་བསྐྱེད་པ་ལ། རྟེན་གཞལ་ཡས་ཁང་འཁོར་བཅས་བསྐྱེད་པ་དང༌། བརྟེན་པ་དཀྱིལ་འཁོར་རྣམ་གསུམ་


TNT13_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་བསྐྱེད་པའོ། །དང་པོ་ནི། ནམ་མཁའི་ཧཱུཾ་ལས་སྤྲོས་པའི་རཾ་ཡཾ་ཁཾ་གིས་སྣོད་བཅུད་ཐམས་ཅད་སྦྱངས། ཨེ་ཡཾ་རཾ་བཾ་ལཾ་ཏཾ་ཀེཾ་བྷྲཱུཾ་རྣམས་སྤྲོས་པ་ལས་རྟེན་གྱི་དཀྱིལ་འཁོར་གྲུབ་པ་ནི། ཨེ་ཡིག་ནམ་མཁའི་ཁམས་ཀྱི་དབུས་སུ་ཡཾ་ལས་རླུང༌། རཾ་ལས་མེ། བཾ་ལས་ཆུ། ལཾ་ལས་སའི་དཀྱིལ་འཁོར་རྣམས་བརྩེགས་པའི་སྟེང་དུ་རཾ་ལས་རཀྟའི་རྒྱ་མཚོ། དེའི་དབུས་སུ་ཀེཾ་ལས་ཀེང་རུས་བརྩེགས་པའི་རི་རབ། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བནྡྷ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུཾ་བྷྲཱཾ། རི་རབ་ཀྱི་སྟེང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ། རབ་ཏུ་འཇིགས་ཤིང་ཀྱི་གཡའ་བ། གནམ་ལྕགས་ཨུར་མོའི་གཞི་ལ་གནས་པ། ཐོད་པ་སྐམ་རློན་གྱིས་བརྩིགས་པ་ལ་རཀྟའི་ཞལ་ཆུ་འབབ་ཅིང༌། འདོད་སྣམ་དང་ཕ་གུར་བཅས་པ་རྐང་ལག་གི་ཤར་བུ་དང༌། སྒལ་ཚིགས་ཀྱི་མདའ་ཡབ་ཅན། རུས་པའི་དྲ་ཕྱེད་དང༌། རྒྱུ་རློན་གྱི་ལྡ་ལྡི་དང༌། །སྐྲའི་རྔ་ཡབ་དང༌། ཐོད་ཚལ་གྱི་ཟླ་བ་དང༌། །མི་རོའི་རྒྱལ་མཚན་དང༌། ཞིང་ལྤགས་ཀྱི་འཕན་གདུགས་དང་བླ་རེ་ལ་སོགས་པས་བརྒྱན་པ། རྟ་བབས་དང་སྒོའི་ཕྱི་རོལ་རོ་ལངས་དང་ཀེང་རུས་ཀྱི་ཀ་བ་ཅན། གཞལ་ཡས་ཁང་གི་ནང་དུ་རུས་སྦལ་ཆུ་སྲིན་ལྷ་ཆེན་ཀླུ་ཆེན་གཟའ་སྐར་འབྱུང་པོའི་ཚོགས་རྣམས་བསྒྲལ་བ་ལས་གྲུབ་པའི་ཀ་གདུང་གྲལ་ཕྱམ་ལ་སོགས་པས་


TNT13_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། བར་བར་ཐམས་ཅད་རིན་པོ་ཆེའི་རང་བཞིན་ཟླ་བ་དང་ཉི་མ་ལྟར་འོད་ཟེར་འཕྲོ་བ། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་མི་མགོ་དང་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པའོ། །འདི་ཁྲོ་དཀྱིལ་གྱི་ལུགས་ཡིན། ཞི་དཀྱིལ་ལྟར་ན་སྤྱི་དང་འདྲ་མོད་དེ་གཙོ་མི་ཆེའོ། །གཞལ་ཡས་ཁང་གི་དབུས་སུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་པ། དེའི་སྟེང་དུ་པཾ་པདྨ་མཎྜ་ལ་ཧཱུཾ་གིས་སྣ་ཚོགས་པདྨའི་གདན། ཨ་ཙནྡྲ་མཎྜ་ལ་ཧཱུཾ་གིས་ཟླ་བའི་གདན། །མ་སུརྱ་མཎྜ་ལ་ཧཱུཾ་གིས་ཉི་མའི་གདན། ཤཾ་རུ་དྲ་རུ་དྲི་ཏི་ར་བཾ་གྱིས་རུ་དྲ་ཕོ་མོ་གཡས་གཡོན་དུ་མགོ་བསྟན་ཏེ་འགྱེལ་བའི་གདན་རྣམས་སུ་གྱུར། གཉིས་པ་ལ་བདག་ཉིད་རྩ་བའི་དཀྱིལ་འཁོར་སྒོམ་པ། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་སྤྲོ་བ། ཕུར་བུ་རྫས་ཀྱི་དཀྱིལ་འཁོར་བསྐྱེད་པ་སྟེ་གསུམ་ལས། དང་པོ་ནི། ནམ་མཁར་གནས་པའི་རང་སེམས་ཧཱུཾ་ཡིག་དེ་གཞལ་མེད་ཁང་གི་དབུས་ཀྱི་གདན་གྱི་སྟེང་དུ་བབས་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཁྱད་པར་དུ་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཧཱུཾ་ལ་ཐིམ། ཧཱུཾ་སྥ་ར་ཎ་ཕཊ། སི་ཧ་ར་ཎ་ཧཱུཾ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། བདག་ཉིད་བཅོམ་ལྡན་འདས་དཔལ་ཆེན་པོ་ཧེ་རུ་ཀ་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཞོན་ནུའི་སྐུར་གྱུར་པ་ནི། །དུས་མཐའི་སྤྲིན་ལྟར་སྐུ་མདོག་ནག །དབུ་གསུམ་ཕྱག་དྲུག་ཞབས་


TNT13_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བགྲད། །རབ་ཁྲོས་ཤིན་ཏུ་འཇིགས་པའི་སྐུ། །སྐུ་ཆེ་རགས་ཤིང་སྦོམ་ལ་ཐུང༌། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །དམར་ལ་ཟླུམ་པའི་སྤྱན་གསུམ་གཡོ། །ཞལ་གདངས་མཆེ་གཙིགས་ལྗགས་ཀྱང་འགྲིལ། །གཡས་པའི་ཕྱག་གི་དང་པོ་ནི། །རྡོ་རྗེ་རྩེ་དགུ་འཕྱར་ཞིང་གསོར། །གཉིས་པས་རྡོར་རྗེ་རྩེ་ལྔ་བསྣམས། །གཡོན་གྱི་དང་པོ་སྡིགས་མཛུབ་ཅན། །མེ་དཔུང་བསྣམས་པས་གདུག་ཅན་སྲེག །གཉིས་པ་མདུང་རྩེ་གསུམ་པ་ཡིས། །རྩེ་མོར་མཚན་པའི་ཁ་ཊྭཾ་ག །ཐ་མ་མདུན་གྱི་ཕྱག་གཉིས་ཀྱིས། །རི་རབ་ཕུར་བུ་བསྒྲིལ་བའི་ཚུལ། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་བས། །རུ་དྲ་ཕོ་མོ་མནན་ཞིང་བརྫིས། །སྟག་གི་པགས་པའི་སྨད་དཀྲིས་ཅན། །གླང་ལྤགས་ཞིང་ཆེན་སྟོད་གཡོགས་གསོལ། །ཐོད་པ་ཚར་གསུམ་འཕྲེང་བས་བརྒྱན། །གདུག་པའི་སྤྲུལ་གྱིས་བརྒྱན་པ་སྟེ། །རྒྱལ་རིགས་དཀར་པོ་ཐོད་དུ་བཅིངས། །རྗེ་རིགས་སེར་པོས་མགུལ་པ་བརྒྱན། །དམངས་རིགས་དམར་པོ་སྙན་ཆར་བྱས། །བྲམ་ཟེ་ལྗང་ཁུ་གདུ་བུ་སྟེ། །སྐེ་རགས་དང་ནི་སེ་མོ་དོ། །ཀླུ་ཆེན་གདོལ་པ་ནག་པོའོ། །ཐལ་ཆེན་མཆོག་གི་ཚོམ་བུ་དང༌། །རཀྟ་དམར་གྱི་ཐིག་ལེ་དང༌། །ཞག་ཆེན་ཟོ་རིས་རྣམས་ཀྱིས་མཚན། །སྨ་ར་སྨིན་མ་མེ་ལྟར་འབར། །དབུ་སྐྲ་ཁམས་སེར་གྱེན་དུ་འཁྱིལ། །རྡོ་རྗེའི་གཤོག་པ་གཡས་གཡོན་གདེངས། །སྐུ་ལུས་


TNT13_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེས་གོ་ཆར་གཏམས། །ཡེ་ཤེས་མེ་དཔུང་དབུས་ན་བཞུགས། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །སྐྲ་དང་བ་སྤུའི་ཁུང་བུ་སོགས། །ཐམས་ཅད་རྡོ་རྗེ་གཞོན་ནུས་གཏམས། །ཐུགས་ཀར་སོ་བཞིའི་ཚད་ཙམ་གྱི། །གཞལ་མེད་ཁང་པ་སྒོ་གཅིག་པ། །སྒོ་སྲུང་རྟ་མགྲིན་རིམ་པར་བཅས། །དེ་ནང་ཉི་མ་ལ་གནས་པའི། །ཡེ་ཤེས་སེམས་དཔའི་ཐུགས་ཀར་ཧཱུཾ། །མཐའ་སྐོར་སྔགས་འཕྲེང་འཁོད་པར་གྱུར། །ཨོཾ་དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ། ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱི། །གཡས་པས་རྡོ་རྗེ་དྲིལ་བུ་འཛིན། །གཡོན་པ་ཐོད་ཁྲག་ཡབ་ལ་སྟོབ། ཁྲོ་མོའི་ཆ་བྱད་ཡོངས་རྫོགས་པ། །དཔལ་ཆེན་སྐུ་ལ་གཉིས་མེད་འཁྱུད། །ཐུགས་ཀར་ཡེ་ཤེས་སེམས་དཔའ་དང༌། །ཏིང་འཛིན་སེམས་དཔའ་ཨ་ཡིག་གོ །ཧཱུཾ་སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གྱུར། ཧཱུཾ་རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེར་གྲུབ་འཛོད་ཅིག །ཡང་ཧཱུཾ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའི་ལྷ་ཚོགས་ཨོཾ་བཛྲ་ས་མཱ་ཛཿ ཧཱུཾ་སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛད། ཛཿཧཱུཾ་བཾ་ཧོཿ རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ།


TNT13_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་སྤྱན་དྲངས་གནས་གསུམ་དུ་ཐིམ། ཧཱུཾ་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །དང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་ཟད་པ། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། ཨོཾ༴ ཝཀ༴ ཧཾ། ཨོཾ༴ ཙིཏྟ༴ ཧཾ། ཡང་ཐུགས་ཀ་ནས་འོད་འཕྲོས། དབང་གི་ལྷ་ཐམས་ཅད་སྤྱན་དྲངས་མདུན་དུ་བཞུགས་པར་གྱུར། ཧཱུཾ་ཐབས་ཀྱི་སྤྱོད་པའི་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི། །དབང་དང་བྱིན་རླབས་བདག་སྩོལ་ཅིག །རིགས་ལྔ་རྣམས་ཀྱིས་དབང་བསྐུར་བར་གྱུར། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷེ་ཤྭ་ཧཱུཾ། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་དྷེ་ཤྭ་རཱི་ཨོཾ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷེ་ཤྭ་རཱི་དྲཱཾ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷེ་ཤྭ་རི་ཧྲཱི། ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རི་ཨ། གཉིས་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་སྤྲོ་བ་ནི། རང་གི་ཐུགས་ཀ་ནས་འོད་འཕྲོས། ཕྱོགས་བཅུའི་བགེགས་ཐམས་ཅད་ཀྱི་ངོ་བོ་ཕྱོགས་སྐྱོང་བཅུ་ཆུང་མར་བཅས་པ་བཀུག་སྟེ་འཁོར་ལོའི་རྩིབས་རྣམས་ཀྱི་སྟེང་དུ་པད་ཉི་ལ་བཞག གཙོ་བོའི་ཐུགས་ཀ་ནས་ཧཱུཾ་བཅུ་སྤྲོས་ཏེ་དེ་རྣམས་ཀྱི་སྟེང་དུ་འཁོད། དེ་རྣམས་ཁྲོ་བཅུ་འཁོར་དངབཅས་པར་གྱུར་


TNT13_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། སྟེང་དུ་ཁྲོ་བོ་ཧཱུཾ་མཛད་སྔོ། །ཞལ་གསུམ་མཐིང་དཀར་དམར་བ་སྟེ། །རྩ་ཕྱག་རྡོ་རྗེ་ཐོད་ཁྲག་དང༌། །བར་པ་འཕྲེང་བ་མདའ་གཞུ་འཛིན། །ཐ་མ་ཕུར་བུ་བསྒྲིལ་ཞིང་འདེབས། །ཚངས་པ་ཕོ་མོ་མནན་ཞིང་བརྫིས། །ལྷ་མོ་རྡོ་རྗེ་སྒྲ་འབྱིན་འཁྱུད། །སྤྲུལ་པ་ཕག་དང་རྨིགས་བུའི་མགོ །ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། །ཤར་དུ་ཁྲོ་བོ་རྣམ་རྒྱལ་དཀར། །ཞལ་གསུམ་དཀར་དམར་ནག་པ་སྟེ། །རྩ་ཕྱག་རྡོ་རྗེ་ཐོད་ཁྲག་དང༌། །བར་མ་རྡོ་རྗེ་འཁོར་ལོ་འཛིན། །མཐའ་གཉིས་ཕུར་བུ་བསྒྲིལ་ཞིང་འདེབས། །བརྒྱ་བྱིན་ཕོ་མོ་མནན་ཞིང་བརྫིས། །ལྷ་མོ་རྡོ་རྗེ་སྒེག་སྙེམས་འཁྱུད། །སྤྲུལ་བ་སྟག་དང་བྱ་རྒོད་མགོ །ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཤར་ལྷོར་ཁྲོ་བོ་དབྱུག་སྔོན་ནག །ཞལ་གསུམ་ནག་དཀར་དམར་བ་སྟེ། རྩ་ཕྱག༴ བར་པ་དབྱུག་ཐོ་མེ་དབལ་བསྣམས། །མཐའ་གཉིས༴ མེ་ལྷ་ཕོ༴ ལྷ་མོ་རྡོ་རྗེ་སྡེར་མོས་འཁྱུད། །སྤྲུལ་པ་གཡག་དང་བྱ་རོག་མགོ །ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ལྷོ་ཕྱོགས་གཤིན་རྗེ་གཤེད་པོ་ནག །ཞལ་གསུམ་མཐིང་དཀར་དམར་བ་སྟེ། རྩ་ཕྱག༴ བར་པ་དབྱུག་ཐོ་དགྲ་སྟ་འཛིན། མཐའ་གཉིས༴ གཤིན་རྗེ་ཕོ་མོ༴ ལྷ་མོ་རྡོ་རྗེ་དུར་ཁྲོད་འཁྱུད། སྤྲུལ་བ་ཤ་བ་འུག་པའི་མགོ །ཨོཾ་བཛྲ་ཀྲོ་དྷ་ཨཱ་རྱ་ཨ་ཙ་ལ་ཧཱུཾ་བནྡྷ་བནྡྷ་ཧཱུཾ་


TNT13_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། ལྷོ་ནུབ་ཁྲོ་བོ་མི་གཡོ་སྨུག ཞལ་གསུམ་སྨུག་དཀར་ལྗང་བ༴ རྩ་ཕྱག༴ བར་པ་རལ་གྲི། ཞགས་པ༴ མཐའ་གཉིས༴ སྲིན་པོ་ཕོ་མོ༴ ལྷ་མོ་རྡོ་རྗེ་གཏུན་ཁུང་༴ སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་བ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ནུབ་ཏུ་ཁྲོ་བོ་རྟ་མགྲིན་དམར། དམར་དཀར་མཐིང་ནག༴ རྩ་ཕྱག༴ བར་པ་པདྨ་སྤྲུལ་ཞགས༴ མཐའ་གཉིས༴ ཆུ་བདག་ཕོ་མོ༴ རྡོ་རྗེ་གཏུམ་མོ༴ སྤྲུལ་པ་བྱིན་པུ་ཤུད་མགོ །ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ། ཏིཥྵ་ཏིཥྵ་ཧཱུཾ་ཕཊ། ནུབ་བྱང་གཞན་གྱིས་མི་ཐུབ་དམར། ཞལ་གསུམ་དམར་དཀར་ལྗང་ཁུ༴ རྩ་ཕྱག༴ བར་པ་ལྕགས་ཀྱུ་རྔ་ཡབ༴ མཐའ་གཉིས༴ རླུང་ལྷ་ཕོ་མོ༴ རྡོ་རྗེ་མདའ་སྙེམས༴ སྤྲུལ་པ་སྤྱང་ཀི་བྱ་ཁྲའི་མགོ །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། བྱང་དུ་བདུད་རྩི་འཁྱིལ་པ་ལྗང༌། ཞལ་གསུམ་ལྗང་དཀར་དམར་པོ༴ རྩ་ཕྱག༴ བར་པ་རྒྱ་གྲམ་དབྱུག་ཐོ༴ གནོད་སྦྱིན་ཕོ་མོ༴ རྡོ་རྗེ་རླུང་འབྱིན༴ སྤྲུལ་པ་སེང་གེ་ཕ་ཝང་མགོ །ཨོཾ་བཛྲ་ཀྲོ་དྷ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧཱུཾ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། བྱང་ཤར་ཁམས་གསུམ་རྣམ་རྒྱལ་ལྗང༌། །ཞལ་གསུམ་ལྗང་ནག་སེར་པོ༴ རྩ་ཕྱག༴ བར་པ་རྡོ་རྗེ་དྲི་ཤུ །མཐའ་གཉིས༴ དབང་ལྡན་ཕོ་མོ༴ རྡོ་རྗེར་གསོད་བྱེད༴ སྤྲུལ་པ་དྲེད་དང་སྲེ་མོང་མགོ །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་


TNT13_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། འོག་ཕྱོགས་སྟོབས་ཆེན་དུ་བའི་མདོག །ཞལ་གསུམ་དུང་དཀར་དམར་བ༴ རྩ་ཕྱག༴ བར་པ་ཐོ་བ་གཏུན་ཤིང་༴ མཐའ་གཉིས༴ ས་བདག་ཕོ་མོ༴ རྡོ་རྗེ་སྐུལ་བྱེད༴ སྤྲུལ་པ་དོམ་དང་བྱ་བའི་མགོ །ཁྲོ་བོ་ཡབ་ཡུམ་ཉི་ཤུ་ཡང༌། །རྒྱན་དང་ཆ་བྱད་རྣམ་འགྱུར་རྣམས། །དཀྱིལ་འཁོར་གཙོ་བོ་ཡབ་ཡུམ་མཚུངས། །ཡུམ་རྣམས་ཡབ་དང་སྐུ་མདོག་མཚུངས། །གཡས་ཕྱོགས་ཕོ་ཉ་མཆེ་བ་ཅན། །ཟ་བྱེད་ཐམས་ཅད་སྐྱེས་པའི་ཚུལ། །གཡོན་ཕྱོགས་ཕྱག་བརྙན་སྡེར་མོ་ཅན། །གསོད་བྱེད་ཐམས་ཅད་བུད་མེད་ལུས། །སྤྲུལ་པ་ཁྲ་ཐབས་ཉི་ཤུ་རྣམས། །ཐམས་ཅད་རང་རང་ཁྲོ་བོ་ཡི། །སྐུ་མདོག་རྩ་བ་མཚུངས་པ་ལས། །རྣམ་སྤྲུལ་མ་ངེས་ཅིར་ཡང་སྟོན། ཁྲོ་མོ་བཅུ་དང་ཕོ་ཉ་ཀུན། །ཕྱག་ན་ཕུར་བུ་ཐོད་ཁྲག་འཛིན། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བི་ད་ཡ་བཾ་བཾ་ཧཱུཾ་ཕཊ། ཤར་ཕྱོགས་སྒོ་མ་གནོད་སྦྱིན་མོ། །དཀར་མོ་པུ་ཤུད་མགོ་བོ་ཅན། །ཕྱག་གཡས་ལྕགས་ཀྱུ་འབར་བ་ཐོགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མ་ས་མནྟ་ཧྲིཾ་ཧྲིཾ་ཧཱུཾ་ཕཊ། ལྷོ་ཕྱོགས་སྒོ་མ་འཇིགས་བྱེད་མ། །སེར་མོ་ཀེ་ཀའི་མགོ་བོ་ཅན། །ཕྱག་གཡས་རྡོ་རྗེ་ཞགས་པ་ཐོགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་ཧཱུཾ་ཕཊ། ནུབ་ཕྱོགས་སྒོ་མ་བདུད་རྩི་མ། །དམར་མོ་སྲིན་བྱའི་མགོ་བོ་ཅན། །ཕྱག་གཡས་ལུག་བརྒྱུད་ལྕགས་སྒྲོགས་ཐོགས། ཨོཾ་བཛྲ་


TNT13_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། །བྱང་ཕྱོགས་སྒོ་མ་གསོད་བྱེད་མ། །ལྗང་ནག་ཁྲ་ཡི་མགོ་བོ་ཅན། །ཕྱག་གཡས་འབེབས་བྱ་དྲིལ་བུ་འཛིན། །དེ་ལྟར་སྒོ་མ་བཞི་པོ་རྣམས། །ཕྱག་གཡོན་རྡོ་རྗེ་ཕུར་བུ་འདེབས། །མི་རོའི་གདན་ལ་རོལ་གར་མཛད། །འཁོར་རྣམས་ཀུན་ཀྱང་གཤོག་རྒྱངས་ཅན། །ཕྱི་རོལ་དམ་ཅན་ཁོར་ཡུལ་ག །མ་ཐ་མ་ཐ་བཛྲ། ཤར་སྟོད་དུ། ཤོ་ན་མུ་ཁ་མཐིང་ནག་ལྕགས་སྤྱང་མགོ་དགུ་པ་ལ་ཞོན་པ། གཡས་ཐོད་དབྱུག་འཛིན་པ། ཛྭ་ལ་ཛྭ་ལ་བཛྲ། ལྷོ་སྟོད་དུ་ཤྲཱི་ཀ་མུ་ཁ་སེར་ནག་གསེར་གྱི་འཕར་བ་ལྕེ་བརྒྱད་ལ་ཞོན་པ། གཡས་རྡོ་རྗེ་ལྕགས་ཀྱུ་འཛིན་པ། སུ་རུ་སུ་རུ་བཛྲ་ནུབ་སྟོད་དུ་སྲི་ལ་མུ་ཁ་དམར་ནག་ཟངས་ཀྱི་ཝ་མོ་རྐང་གསུམ་ལ་ཞོན་པ། གཡས་རྡོ་རྗེ་འཛིན་པ། མུ་རུ་མུ་རུ་བཛྲ། བྱང་སྟོད་དུ་ཤྭ་ན་མུ་ཁ་ལྗང་ནག་གཡུའི་ཁྱི་མོ་རལ་པ་ཅན་ལ་ཞོན་པ། གཡས་ཞིང་ཆུང་ཞལ་དུ་གསོལ་ཞིང༌། དེ་བཞི་ཆར་ཡང་གཡོན་རང་རིགས་ཀྱི་ཕུར་བུ་ཐོགས་པའོ། །ཧཱུཾ་མ་མ་ཝཱ་ཤྱཾ་ཀ་རི་ཧཱུཾ། ཤར་སྨད་དུ། རེ་མ་ཏཱི་མཐིང་ནག་དྲེའུ་རྐང་གསུམ་ལ་ཞོན་པ། དྲི་ཤུལ་དང་མེ་ལོང་འཛིན་པ། །མ་ཏཾ་ཉ་ཀ་ར། ལྷོ་སྨད་དུ་རེ་མ་ཛ་སེར་མོ་ཤ་བ་ཡུ་མོ་ལ་འཆིབས་ཤིང༌། གཡས་གསེར་གྱི་ཟོར་བ་དང༌། གཡོན་གཡུའི་སྣོད་ཐོགས་པ། ཨི་ནན་ད་དྷི། ནུབ་སྨད་དུ་རེ་མ་ཧྲི་དམར་ནག་ཆུ་གླང་ལ་ཞོན་པ། ལྕགས་ཀྱུ་


TNT13_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དང་བནྡྷ་འཛིན་པ། མ་མ་ཤཱིགྷྲཾ་ཀརྨ་ཀ་ར་ཡེ། །བྱང་སྨད་དུ་རེ་མ་ཛུ་ལྗང་ནག་རྔ་མོང་ལ་ཞོན་པ། ཁྲཾ་ཤིང་དང་མཚོན་གྱི་གྲུབ་གུ་ཐོགས་པའོ། །ཡང་ཐམས་ཅད་ཀྱང་ཕྱག་གཡོན་ན་མཆོག་ཕུར་རོ། །ཀ་ཏང་ཀ་ཡེ། ཤར་དུ་རྡོ་རྗེ་ཡ་སྦྱིན་མཐིང་ནག་ལྕགས་ཀྱུ་དང་བྱ་ཕུར་འཛིན་པ། གཡུ་འབྲུག་ལ་འཆིབས་པ། ལྷོར་རྡོ་རྗེ་དེ་སྦྱིན་སེར་མོ་ཞགས་པ་དང་བྱི་དུར་གྱི་ཕུར་པ་འཛིན་པ། ཆུ་སྲིན་པིར་ལ་ཞོན་པ། ཨ་ཛི་ཏེ། ནུབ་ཏུ་རྡོ་རྗེ་བསེ་སྦྱིན་དམར་མོ་ལྕགས་སྒྲོག་དང་མཆོག་ཕུར་འཛིན་པ། གློག་དམར་ལ་འཆིབས་པ་ཨ་པ་ར་ཛི་ཏི། བྱང་དུ་རྡོ་རྗེ་ཕག་བྱི་ལྗང་ཁུ་དྲིལ་བུ་སེར་ལྡིང་གི་ཕུར་པ་འཛིན་པ། ཆུ་རྟ་སྔོན་པོ་ལ་འཆིབས་པའོ། །མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ། ཤྭ་ན་མ་བཞིའི་མིང་པོ་ནི། པྲ་མ་རཱ་ཛ་སྲིན་པོའི་གྱིང་དཀར་པོ་དུང་ཕུར་བསྒྲིལ་བ། ཡ་མ་རཱ་ཛ་གཤིན་རྗེའི་གྱིང་སྔོན་པོ་ལྕགས་ཕུར་བསྒྲིལ་བ། ད་ཤ་གྷྲྀ་བ་བདུད་ཀྱི་གྱིང་དམར་པོ་ཟངས་ཕུར་བསྒྲིལ་བ། ཡག་ཤ་གྷྲྀ་བ་གནོད་སྦྱིན་གྱི་གྱིང་སེར་པོ་གསེར་ཕུར་བསྒྲིལ་བ། མཱ་ར་སེ་ན་བདག་ཉིད་ཆེན་མོའི་མིང་པོ་རྣམས་ནི། ཤར་བདུད་དཀར་པོ་མཆེ་བ་འཛིན་པ། ལྷོ་བདུད་སྔོན་པོ་བེ་ཅོན༴ ནུབ་བདུད་དམར་ནག་གཞགས་པ༴ བྱང་བདུད་ལྗང་ནག་རལ་གྲི༴ པྲ་མནྡྷ་ན་ཡ་ཧཱུཾ། ས་བདག་ཆེན་མོ་རྣམས་ཀྱི་མིང་པོ་ནི། །སྲིན་པོའི་གྱད་ཆེན་དཀར་པོ། གཤིན་རྗེའི་གྱད་ཆེན་ནག་པོ། བདུད་ཀྱི་གྱད་ཆེན་མིག་རིང་དམར་པོ།


TNT13_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་གྱད་ཆེན་མོན་པ་སྔོན་པོ་སྟེ། དེ་བཞི་ཆར་ཡང་གཡས་མཚོན་ཆ་སྣ་ཚོགས་པ་དང༌། གཡོན་རང་མདོག་དང་མཚུངས་པའི་ཕུར་བུ་འཛིན་པ། མིང་པོ་ཐམས་ཅད་ཀྱང་སྐུ་ཆེ་ལ་ཡན་ལག་རགས་པ། མི་གདུག་ཅིང་འཇིགས་པའི་ཆ་ལུགས་ཅན། ཟ་ཟ་འཆའ་འཆའ་རྔམ་རྔམ་འདྲ་བའོ། །དེ་ལྟར་དཔལ་ཆེན་པོ་དཀྱིལ་འཁོར་བཀའ་ཉན་ཕོ་ཉའི་ཚོགས་དང་བཅས་པ་ཡེ་ཤེས་ཆེན་པོའི་རོལ་པ་ལས་རང་ཤར་བ། བཀྲག་མདངས་གཟི་བྱིན་དཔག་ཏུ་མེད་པ་དང་བཅས་པ་གྲུབ་པར་གྱུར། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། ཞེས་པ་ནས། ཀརྨ་ཀྲོ་དྷེ་ཤྭ་རཱི་ཨ། ཞེས་པའི་བར་གོང་བཞིན་ལས། དབང་དང་བྱིན་རླབས་འདིར་སྩོལ་ཅིག ཅེས་འདོན་པ་སྤོའོ། །གསུམ་པ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་བསྐྱེད་པ་ནི། སྲས་མཆོག་རྣམས་བསངས་སྦྱངས། ཨེ་སྥ་ར་ཎ་ཕཊ། ཕུར་གདན་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ་གྱུར། ཨོཾ་བཛྲ་ཀཱི་ལི་སོགས་སྙིང་པོ་འབྲུ་བཅུ་དྲུག་པ་དང་སྒོ་མ་བཞིའི་སྔགས་བརྗོད། ཨེ་མ་ཨགྣེ་མནྚལ་སརྦ་ཤཱ་ཏྲུན་བགྷྣཱན་ཧཱུཾ། ཛཿཧཱུཾ་བཾ་ཧོཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བེ་ཏ་ལི་མཎྜ་ལ་རཀྵ་རཀྵ་ཧཱུཾ་ཕཊ། སྲས་མཆོག་གི་ཕུར་བུ་ལ་ཡུངས་ཀར་གཏོར་ཞིང་ཐུམ་བུ་གདགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་ཏ་ལ་ཏ་ལ་པྲ་ཏ་ལ་ས་མ་ཡ་ཏིཥྛ་ཧཱུཾ་ཕཊ། གུ་གུལ་གྱིས་བདུགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་ཛྭ་ལ་ནཾ་ཧཱུཾ་ཕཊ། རཀྟ་བྱུག་པའམ་བྱུག་ཚུལ་ཙམ་བྱ། ཨ་བེ་ཤ་ཡ་ཨ་ཞེས་ཕུར་པ་


TNT13_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཏུ་བླངས། ཨོཾ་ཧ་ན་ཧ་ན་དཱིབྷ་ཙཀྲ་ཧཱུཾ་ཕཊ། ཐལ་མོ་ཀ་པུ་ཏས་བཟུང༌། བཛྲ་སཏྭ་རཱ་ཛ་ཡ་ཧཱུཾ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་བཟུང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཏིཥྛནྟུ། ཞེས་ཕུར་གདན་གྱི་སྟེང་དུ་གཙུག་པ། སྲས་མཆོག་ལྔ་ཡོད་ཅིང་སྤྲོས་པ་ལ་དགའ་ན། སྔགས་དེ་དག་སོ་སོ་ལན་ལྔ་ལྔ་བརྗོད། གང་ལྟར་ཡང༌། སྐྱེ་མེད་རྣམ་དག་ཆོས་སྐུའི་དབྱིངས་ཉིད་ལས། །སྐྱེ་བའི་ཆོ་འཕྲུལ་འཇིགས་པའི་སྐུར་སྟོན་པ། །ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་མ་ལུས་སྐུ། །སངས་རྒྱས་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །སྲིད་པ་རྡོ་རྗེ་ཕུར་བུར་སྒྲུབ་པའི་ཕྱིར། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ལས་བཞེངས། བཛྲ་ཨཉྫ་ལི་ཛ་མཉམ་པའི་ཐལ་མོ་བྱ། ཕུར་བུ་རྣམས་གཙོ་བོ་ཡབ་ཡུམ་གྱི་སྐུ་ལ་ཞུགས། སྦྱོར་མཚམས་ནས་རིགས་ལྔ་ཧེ་རུ་ཀར་གྱུར། ཧཱུཾ་དབུས་ཀྱི་མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས། །རྡོ་རྗེ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །ཞེ་སྡང་བདུད་འདུལ་ཁྲོ་རྒྱལ་དབྱིངས་ནས་བཞེངས། །སྲིད་པ་རྡོ་རྗེ་ཕུར་བུར་སྒྲུབ་པའི་ཕྱིར། །མཐིང་ནག་གྲུ་གསུམ་འབར་བའི་གནས་འདིར་གཤེགས། དེ་ལ་འདོན་པ་བསྒྱུར་ཏེ། དབུས་ཀྱི་ཞེས་པ། ཤར་ཕྱོགས་ལྷོ་ཕྱོགས་ནུབ་ཕྱོགས་བྱང་ཕྱོགས་རྣམས་དང༌། མཐིང་ནག་ཅེས་པར། སྨུག་ནག་སེར་ནག་དམར་ནག་ལྗང་ནག་ཅེས་དང༌། ཞེ་སྡང་ཞེས་པར། གཏི་མུག་ང་རྒྱལ་འདོད་ཆགས་ཕྲག་དོག ཅེས་འདོན་པ་སྤོའོ། །དེ་ལྟར་སྤྲུལ་སྐུ་རིགས་ལྔར་བཞེངས་པར་གསོལ་བ་བཏབ་པས།


TNT13_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀ་རིགས་ལྔ་རྣམས་ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན་དུ་གྱུར། ཨོཾ་དཱིཔྡ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། དེ་བཞིན་དུ། ཨོཾ་དཱིཔྡ་ཙཀྲ་དཱིཔྟ་རཏྣ། དཱིཔྡ་པདྨ། དཱིཔྟཀརྨ་ཞེས་འདོན་པ་སྤོས་ལ་བརྗོད། ཕུར་བུའི་སྤྱི་བོར་ཨོཾ། སྐེད་པར་ཧྲཱིཿ རྩེ་མོར་ཕཊ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། ཞེས་པ་ནས། ཀརྨ་ཀྲོ་དྷ་ཤྭ་རཱི་ཨ་ཞེས་པའི་བར་གོང་བཞིན། མ་སུརྱ་མཎྜ་ལ། ཨ་ཙནྟ་མཎྜ་ལ༴ ལག་མཐིལ་གཉིས་སུ་ཟླ་བ་དང༌། །ཉི་མའི་དཀྱིལ་འཁོར་གཡས་ཀྱི་སོར་མོ་ལྔ་ལ་ཧཱུཾ་ཨོཾ་སྭཱ་ཨཱཿཧ་ལས་རྒྱལ་བ་རིགས་ལྔ། གཡོན་གྱི་སོར་མོ་ལྔ་ལ་མུཾ་ལཾ་མཾ་པཾ་ཏཾ་ཡུམ་ལྔའི་ངོ་བོ། ས་མ་ཡ་སྟྭཾ། བཛྲ་ཨཉྫ་ལཱི་ཧཱུཾ། སོར་མོ་རྣམས་བསྣོལ། བཛྲ་བནྡྷ་རྡོར་བསྡམས་བྱ། བཛྲ་ཨཉྫ་ལི་ཛཿ ཞཻས་ཕུར་བུ་བླངས། ཨ་བེ་ཤ་ཡ་ཨ་ཞེས་ཅུང་ཟད་བསྒྲིལ་ཚུལ་བྱ། རིགས་ལྔ་ཡབ་ཡུམ་ཕུར་བུ་ལ་ཐིམ། །རྒྱ་མདུད་གོང་མ་དང་ཅུང་ཞོགས་བྱེད་ཡན་ཆད་ལ། ཕྱོགས་བཞི་དང་སྟེང་གི་ཁྲོ་བོ། མན་ཆད་ལ་མཚམས་བཞི་དང་འོག་གི་ཁྲོ་བོ་བཞུགས་པར་མོས། ཧཱུཾ་དཱིཔྡ་ཙཀྲ་ཕུར་པའི་ལྷ། མཐིང་ནག་གཅེར་བུ་རལ་པ་ཅན། །སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། དབུ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །དབུ་ལ་རིགས་ལྔའི་སངས་རྒྱས་རྫོགས། །ལྟེ་བ་མན་ཆད་སྐུ་ཡི་ཆ། །ཨུཏྤལ་སྔོན་པོའི་འདབ་མ་འདྲ། །འབར་བའི་འཕྲེང་བ་འཁྲིགས་པའི་འོད། །


TNT13_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱི་ཕུར་བུ་ཟུར་གསུམ་པ། །དྲག་པོར་གྱུར་པའི་ཕུར་པ་སྟེ། །བཏབ་ན་ལྷ་ཡང་རླག་འགྱུར་ན། །གནོད་བྱེད་བགེགས་ལ་སྨོས་ཅི་དགོས། ཀཱི་ལ་ཡ་འབྲུ་བཅུ་དྲུག་པ་ལན་གསུམ་སོགས་ཇི་ལྟར་འོས་པ་བརྗོད། འགྲུབ་ན། མ་སུརྱ་མཎྜལ་མན་ཆད། སྲས་མཆོག་རེ་རེ་བཞིན་དུ་ཚར་རེ་གྲུབ་ན་ལེགས་སོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྭ་ལ་ཛྭ་ལ་པྲ་ཛྭ་ལ་སྥུ་ཊ་སྥུ་ཊ་སརྦ་ནཱ་ཤ་ནཱ་ཡ་ཧཱུཾ་ཕཊ། ཅེས་སྲས་མཆོག་གི་གཙོ་བོ་དཔྲལ་བར་རེག ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྱ་ཀྲི་པ་ལ་ཧྲི་ཤོ་དྷ་ཡ་ཧཱུཾ་ཕཊ། མགྲིན་པར་རེག ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། སྙིང་གར་རེག་སྟེ། སྐུ་གསུང་ཐུགས་ཀྱི་དབང་བླང་བའོ། །གསུམ་པ་འཕྲིན་ལས་མཆོད་པ་རྣམ་པ་གསུམ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཐམས་ཅད་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་སྲུངས་མ་དང་བཅས་པའི་རྣམ་པར་མཆོད་པའི་དོན་དུ་བཛྲ་ས་མཱ་ཛཿ ཧཱུཾ་སྲིད་པའི་ཕུར་བུ་སྒྲུབ་པ་དང༌། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༌། རྟགས་དང་མཚན་མ་བསྟན་པ་དང༌། །བཛྲ་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། ས་མ་ཡ་ཧོཿ ས་མ་ཡ་སྟཾ། ཛཿཧཱུཾ་བཾ་ཧོཿ པྲ་བེ་ཤ་ཡ་ཕཊ། སྲིདགསུམ་གདུག་པ་འདུལ་བ་དང༌། །ང་རྒྱལ་ཆེན་པོ་བསྟན་པའི་ཕྱིར། །རྡོ་རྗེ་


TNT13_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་པོའི་ལྷ་ཚོགས་ལ། །རྩེ་གཅིག་ཡིད་ཀྱི་ཕྱག་འཚལ་ལོ། །ཨ་ཏི་བྷུ་ཧོ། པྲ་ཏི་ཛ་ཧོ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པཱ་རི་ཝ་ར་པཱ་ད་བྷནྡྷ་ནཾ་ཀ་རོ་མི། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེ་ནས་མཆོད་པ་འབུལ་བ་ལ། མཆོད་པའི་གཙོ་བོ་རྣམ་གསུམ་དང༌། ཞར་བྱུང་གི་མཆོད་པའི་རྣམ་གྲངས་གཞན་ནོ། །དང་པོ་ནི། སྨན་རག་གཏོར་གསུམ་འབུལ་བ་སྟེ། ཨོཾ་སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་གྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་ལ། །ཐུགས་དམ་དབྱིངས་ཉིད་སྐུལ་བའི་ཕྱིར། །བདག་ཅག་དད་པས་འབུལ་ལགས་ཀྱི། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །བཞེངས་ཏེ་ཀུན་ཏུ་དགེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༌། །དཔལ་གྱི་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། ཨོཾ་ཨཱཿཧཱུཾ། ཡེ་ཤེས་ཁྲོ་བོ་ཆེན་པོ་བཅུ་རྣམས་དང༌། །


TNT13_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་དབྱིངས་ཀྱི་ཁྲོ་མོ་བཅུ་རྣམས་ལ། །རྣམ་དག་སོགས་གོང་བཞིན། སྤྲུལ་པ་ཁྲ་ཐབས་ཉི་ཤུ་སྒོ་མ་བཞི། །གདུག་པ་འདུལ་མཛད་སྲས་མཆོག་རྣམ་ལྔ་ལ། རྣམ་དག༴ བཀའ་ཡི་ཕོ་ཉ་ཡང་སྤྲུལ་སུམ་སྤྲུལ་དང༌། །སྲུང་མར་དམ་བཅས་ཞལ་བཞེས་ཐམས་ཅད་ལ། རྣམ་དག༴ ཀུན་བཟང་རིགས་ལྔ་དཔལ་ཆེན་ཁྲག་འཐུང་སོགས། །རྒྱལ་བ་དགོངས་བརྒྱུད་བླ་མ་ཐམས་ཅད་དང༌། །པྲ་བྷ་ཧསྟི་པདྨ་འབྱུང་གནས་སོགས། །རིགས་འཛིན་བརྡ་བརྒྱུད་བླ་མ་ཐམས་ཅད་དང༌། །མཁར་ཆེན་མཚོ་རྒྱལ་རྡོ་རྗེ་བདུད་འཇོམས་སོགས། །གང་ཟག་སྙན་བརྒྱུད་བླ་མ་ཐམས་ཅད་དང༌། །གཞན་ཡང་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་དང༌། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། རྣམ་དག༴ བར་འདིར་སྤྲོས་པ་ལ་དགའ་ན། སྨན་བཤགས་དང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང་པ་སོགས་ཀྱང་བྱེད་དོ། །ཧཱུཾ་མ་ཧཱ་རཀྟ་བསྒྲལ་བའི་ཁྲག །མཱུ་ལ་རཀྟ་རྩ་བའི་ཁྲག །པདྨ་རཀྟ་སྦྱོར་བའི་ཁྲག །ཆུ་དང་མ་འདྲེས་དྭངས་མའི་ཁྲག །བསྒྲལ་བའི་ཤ་ཚོགས་རི་ལྟར་སྤུང༌། །འདོད་ཆགས་ཁྲག་གི་རྒྱ་མཚོ་འཁྱིལ། །ཞེ་སྡང་མཆོག་ཕྲན་གཅལ་དུ་བཀྲམ། །ཙི་ཏའི་ཚོགས་ནི་རྫ་ལྟར་ཀླགས། །དམར་ཆེན་རྒྱ་མཚོ་ཆེན་པོ་ལ། །སྣ་ཚོགས་ཞིང་གི་མེ་ཏོག་ཤར། །དཔལ་ཆེན་འཁོར་བཅས་ཞལ་དུ་འབུལ། །ཐུགས་རྗེས་དགོངས་ལ་བཞེངས་སུ་གསོལ། །ཞེས་ཏེ་ཀུན་ཏུ་དགྱེས་མཛོད་


TNT13_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཨསྠི་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་གཽ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། རཀྟ་གཏོར་མ་ལ་ལན་གསུམ་དུ་སྦྲན་ཏེ། དང་པོ་གཙོ་བོ་ཡབ་ཡུམ། གཉིས་པ་འཇིག་རྟེན་འདས་པའི་འཁོར་ཚོགས། གསུམ་པ་དམ་ཅན་སྲུང་མ་རྣམས་ལ་འབུལ། རཀྟ་ཚར་གསུམ་གྱི་མཆོད་པ་ཞེས་གྲགས་པའི་ཕྱིར། གྱེར་ཡང་ལན་གསུམ་བྱས་ན་ལེགས་སོ། །དེ་ནས་གཏོར་མ་གསར་པ་ཡོད་ན་སྔར་བཞིན་བྱིན་རླབས་ཀྱང་བྱ། མེད་ན། ཨོཾ་མ་ཧཱ་བ་ལིཾ་ཏ་སོགས་བྱིན་རླབས་ལན་གསུམ་གྱིས་ཁ་གསོས། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡི་རབ་ཏུ་བརྒྱན། །དམ་ཚིག་བཞིན་དུ་ནུས་པས་འབུལ་ལགས་ཀྱི། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་ནས་ཀྱང༌། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩལ་དུ་གསོལ། ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་ཨི་དཾ༴ པུཥྤཾ། དྷུ་པཾ། དཱི་བཾ། གནྡྷཾ། བ་ལིཾ་ཏ་པྲ་ཏཱིཙྪ་ཧོཿ གྲྀཧྣ་ཁཱ་ཧི། བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། གྱེར་དང་བཅས་པ་ལན་གསུམ། དེ་ནི་གཏོར་མ་དངོས་ཡིན་ལ། དེ་རྗེས་མཆོད་པ་རྣམ་པ་གསུམ་ཆར་གྱི་འཇུག་སྡོམས་ནི། སྙིང་པོ་འབྲུ་བཅུ་དྲུག་པའི་མཐར། མ་ཧཱ་བ་ལིཾ་ཏ་ཁཱ་རཾ་ཁཱ་ཧི་མ་ཧཱ་རཀྟ་ཁཱ་རཾ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི། ཞེས་བཏགས་པ་ལན་བདུན་ལ་སོགས་པས་ཕུལ། བསྡུ་ན་


TNT13_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཙམ་གྱིས་ཀྱང་ཆོག དེ་ནས་སྤྲོ་ན་རྩ་བརྒྱུད་བླ་མའི་མཚན་ནས་སྨོད་པ་དང༌། །དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དང༌། སྲས་མཆོག་རྣམས་དང༌། དམ་ཅན་རྣམས་ཀྱིས་བསྐྱེད་སྔགས་ཀྱི་མཐར་ཡང་དེ་ཞིན་བཏགས་ཏེ་འབུལ། ཁྱད་པར་དུ་ཧ་ས་ཡ་ར་ལ་སོགས་པ་ལས་སྔགས་དྲུག་གི་མཐར་ཨོཾ་བཛྲ་ཡཀྵ་ཀྲོདྷ་མ་ཧཱ་བ་ལིཾ་ཏ་སོགས་བཏགས་པས་ལན་མང་དུ་འབུལ། ལྷ་རྣམས་དགྱེས་ནས་ཧ་ཧཱ་ཞེས་གསུངས། ཧཱུཾ་ཧཱུཾ་ཞེས་བདག་ལ་བྱིན་གྱིས་རླབས། ཕཊ་ཕཊ་ཅེས་དགྲ་བགེགས་བསྒྲལ་ཏེ་ཆོས་ཉིད་དུ་སྤར་བར་གྱུར། འདི་ནི་སྨན་རཀ་གཏོར་གསུམ་ཞེས་པའི་གོ་རིམ་ལྟར་བྱས་པ་ཡིན་ལ། ཡང་ཕུད་སྨན་རཀྟ་གསུམ་ཞེས་པ་ལྟར་གཏོར་མ་ཐོག་མར་བྱས་ཀྱང་རྙིང་མར་ལུགས་མང་པོ་ལ་ཡོད་པས་མི་ལེགས་པ་མ་ཡིན་ནོ། །གཉིས་པ་ཞོར་བྱུང་མཆོད་པའི་རྣམ་གྲངས་ལ། འདོད་ཡོན་སྣ་ཚོགས་ཀྱི་མཆོད་པ་ནི། རྡོ་རྗེ་སྒེག་མོའི་དགའ་བས་མཆོད་བྱ་ཞིང༌། །རྡོ་རྗེ་འཕྲེང་མོས་རབ་ཏུ་བརྒྱན་བྱས་ཏེ། །རྡོ་རྗེ་གླུ་མས་གསང་བའི་གླུ་བླངས་ནས། །རྡོ་རྗེ་གར་མས་མཛོད་པའི་གར་བསྒྱུར་མ། །ཕྱོགས་བཅུའི་འཇིག་རྟེན་ནམ་མཁའི་ཁམས་གང་ནས། །བླ་མ་དཀྱིལ་འཁོར་དམ་ཅན་སྲུང་མ་ལ། །རྣམ་དག་མོས་པའི་བློ་ཡིས་བདག་འབུལ་ལོ། །བཞེས་ཤིག་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །རྡོ་རྗེ་བདུག་པས་མ་ལུས་ཚིམ་བྱས་ནས། །རྡོ་རྗེ་མེ་ཏོག་མ་ཡིས་མཛེས་པར་བཀྲམ། །རྡོ་རྗེ་སྒྲོན་མེ་མ་ཡི་དགྱེས་པ་བསྐྱེད། །དྲི་མཆོག་མ་ཡི་དྲི་ཞིམ་བྱུག་བྱ་བ། ཕྱོགས་བཅུའི་


TNT13_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གོང་བཞིན། ཨོཾ་བཛྲ་ལཱ་སྱ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་གིརྟི་ཧྲཱིཿ ཨོཾ་བཛྲ་ནིརྣཱི་ཨ། ཨོཾ་བཛྲ་དྷུ་པེ་ཧཱུཾ། ཨོཾ་བཛྲ་པུཥྤེ་དྲཱཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨ། འདི་ནི་སྨན་མཆོད་ཀྱི་འཕྲོས་དོན་ཡིན་ནོ། །མཆོག་ཏུ་གཙང་བའི་མཆོད་ཡོན་འདི། །རྡོ་རྗེ་ཁྲོ་བོའི་ཚོགས་ལ་འབུལ། །དགྱེས་པའི་ཚུལ་གྱིས་བཞེས་ནས་ཀྱང༌། །འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། །མཆོག་ཏུ་གཙང་བའི་ཞབས་བསིལ་འདི། ༴པཱ་ཏྱཾ། ༴རིན་ཆེན་མཛེས་པའི་མེ་ཏོག་འདི། ༴པུཥྤཾ༴ ཞིང་ཀུན་ཁྱབ་པའི་བདུག་སྤོས་འདི། ༴དྷཱུ་པཾ༴ སྒྲོན་མེ་རིན་ཆེན་སྣང་གསལ་འདྀ། ༴དཱེ་པཾ༴ དྲི་ཞིམ་ངད་ལྡང་བྱུག་པ་འདི། ༴གནྡྷཾ༴ རོ་མཆོག་བརྒྱ་ལྡན་ཞལ་ཟས་འདི། ༴ ནེ་བེ་ཏྱཾ༴ རྣམ་མང་རོལ་མོ་སིལ་སྙན་འདི ༴ཤབྷ་པྲ་ཏཱིཙྪ་སྭཱཧཱའི་བར་དུ་སྦྱར་ཏེ། འདི་ནི་གཏོར་མའི་ཡན་ལག་གོ །དེ་ནས་སྦྱོར་བའི་མཆོད་པ་ནི། ཧཱུཾ་འཁྲིལ་པའི་མཆོད་ཆེན་མཉམ་སྦྱོར་བ། །ཐབས་དང་ཤེས་རབ་གཉིས་མེད་པའི། །པདྨ་ལ་ནི་རྡོ་རྗེ་ཞུགས། །བདག་ཉིད་མཆོད་པས་མཉེས་པར་ཤོག །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །སྒྲ྄ུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །མཉམ་པའི་སྒྲུབ་རྫས་ཆེན་པོ་དག །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་


TNT13_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ། །ཨ་ལ་ལ་ཏེ་བཞེས་སུ་གསོལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུཾ་བཾ་ཧོ་བོཿབྷྲི་ཙིཏྟ་མ་ཧཱ་སུ་ཁཾ། ཨ་ནུ་རཱ་ག་ཡ་མི་དེ་ནས་བསྒྲལ་མཆོད་ནི། དངོས་སུ་ལིང་ག་བཅས་ན་དགུག་བཞུག་བྱ། མེད་ན་ཡིད་ཀྱི་བྱས་པར་མོས་ཏེ། ཛཿདམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བསྒྲལ་བར་བྱ་བའི་དུས་ལ་བབ། ཁྱོད་ཀྱི་འཕྲིན་ལས་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །དུས་གསུམ་རྒྱལ་བའི་གདུང་འཚོ་པ། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༌། །ལུས་ངག་རྡུལ་དུ་བརླགས་ནས་ཀྱང༌། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། ཨོཾ་ལཾ་ཧཱུཾ་ལཾ་སྟཾ་བྷ་ནཾ་མོ་ཧཾ་གྷ་ཏ་ཡ། བྷ་ག་ཝན་ཧྲཱིཿཥྟྀ་བི་ཀྲི་ཏ་ཤྲཱི་བཛྲ་ཧཱུཾ་ཀ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། བཛྲ་ཧཱུཾ་ཀ་ར་ཧཱུཾ་ཨ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་སྡོམས་ཤིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་


TNT13_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྨྲ་རུ་ཆུག །ཕོབ་ཅིག་རྣམ་པར་གཟིར་པར་གྱིས། །ང་ཡིས་དབང་དུ་གྱུར་ནས་ནི། །བསྒོ་བའི་ལས་རྣམས་ཉན་པར་གྱིས། །ཧཱུཾ་པ་ར་བི་དྱཾ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། དྷིནྡྷ་དྷིནྡྷ་ཧཱུཾ་ཕཊ། གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བནྡྷ་བནྡྷ་ཧཱུཾ་ཕཊ། ཏཱཾ་ཌ་ཡ་ཏཱཾ་ཌ་ཡ་ཧཱུཾ་ཕཊ། ཧ་ས་ཡ་ར་ཧ་ས་ཡ་ར་ཧྲི་དཎྜཧཱུཾ་ཕཊ། ཤཱི་གྷྲཾ་ཨ་ན་ཡ་ཧཱུཾ་ཕཊ། ཛ་ལ་པཱ་ཡ་ཛ་ལ་པཱ་ཡ་ཧཱུཾ་ཕཊ། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུཾ་ཕཊ། བི་དྷ་ཡ་བི་དྷ་ཡ་ཧཱུཾ་ཕཊ། ཨོ་བཛྲ་ཡཀྵ་ཀྲོ་དྷ་ཁཱ་ཧི། བི་ད་ཡ་བི་ད་ཡ་བཛྲ་ཡཀྵ་ཀྲོ་དྷ་ཁཱ་ཧེ། ཛཿ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་ལྟར་དམ་བཅས་པའི། །མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛཱ་ལ་ཛཱ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏཾ་ཀ་ཊ་ཡེ་ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མ་ར་སྱ་ན། པྲ་མརྡ་ནེ་ཧཱུཾ་ཕཊ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས། །ང་ཡི་བཀའ་ལས་འདའ་མ་བྱེད། མ་མ་ཝ་ཤཾ་ཀུ་རུ་ཏང་ཉ་ཀ་ར་ཨི་ནན་ད་དྷེ་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ། གདུག་ཅིང་སྡང་སེམས་ལྡན་པ་ཡི། །ལྷའང་འོན་ཏེ་བདུད་ཀྱང་རུང༌། །ང་ལ་


TNT13_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་བྱེད་པའི་བགེགས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །སརྦ་ཨཱ་ན་ཡ་ཧཱུཾ་ཕཊ། །ཏཱ་ཊ་ཡ་ཏཱ་ཊ་ཡ་ཧཱུཾ་ཕཊ། བརྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱའོ། ཁ་ཏཱཾ་ཁ་ཏཱཾ་ཁ་ཏཱཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ནས་ཞལ་དུ་སྟབས་པ་ནི། ཧཱུཾ་ཧེ་རུ་ཀ་ཡི་གནས་བཅུ་དང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་འདྲེན་ནོ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རའི་ཚོགས། །དམར་གྱི་ཨརྒྷཾ་རྒྱ་མཚོར་འཁྱིལ། །མཁའ་འགྲོ་འབར་མའི་ཚོགས་རྣམས་ཀྱང༌། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་ས་མ་ཡ། ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ལྟར་སྦྱོར་སྒྲོལ་ཀྱི་མཆོད་པ་དེ་གཉིས་ནི། རཀྟའི་མཆོད་པ་དང་འབྲེལ་བའོ། །དེ་རྗེས་བསྟོད་པས་མཆོད་པ་ནི། ཧཱུཾ བསྐལ་མེ་འབར་བའི་ཀློང་དཀྱིལ་ནས། །དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །སྐུ་མདོག་དབུས་ཞལ་མཐིང་ཀ་ནི། །ཆོས་ཉིད་འགྱུར་བ་མེད་པའི་རྟགས། །གཡས་ཀྱི་ཞལ་མདོག་དཀར་བ་ནི། །བག་ཆགས་སྐྱོན་གྱིས་མ་གོས་རྟགས། །གཡོན་གྱི་ཞལ་མདོག་དམར་བ་ནི། །


TNT13_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་དོན་ལ་ཆགས་པའི་རྟགས། །དབུ་སྐྲ་གྱེན་དུ་འབར་བ་ནི། །སྲིད་གསུམ་ཟིལ་གྱིས་གནོན་པའི་རྟགས། །སྤྱན་དགུ་སྡང་མིག་གཟིགས་པ་ནི། །ཐིག་དགུ་མཐའ་རུ་ཕྱིན་པའི་རྟགས། །རྣམ་ཐར་ཞལ་གསུམ་མཆེ་བ་གཙིགས། །དུག་གསུམ་རྩད་ནས་གཅོད་པའི་རྟགས། །ཕ་རོལ་ཕྱིན་པའི་ཕྱག་དྲུག་སྟེ། །རྩེ་དགུ་ས་དགུ་འཇོམས་པའི་རྟགས། །རྩེ་ལྔ་འབར་བ་ཡེ་ཤེས་ལྔ། །མེ་དཔུང་ཉོན་མོངས་བག་ཆགས་བསྲེག །ཁ་ཊྭཱཾ་རྩེ་གསུམ་སྲིད་གསུམ་གཅོད། །རི་རབ་ཕུར་པ་འགྲིལ་བ་ནི། །དབྱིངས་དང་ཡེ་ཤེས་དབྱེར་མེད་རྟགས། །ཚར་གསུམ་འཕྲེང་བས་བརྒྱན་པ་ནི། དུས་གསུམ་སངས་རྒྱས་རྫོགས་པའི་རྟགས། །ང་རྒྱལ་ཕྲག་དོག་ལྟ་ངན་རྣམས། །དབྱིངས་སུ་དག་པའི་ན་བཟའ་གསུམ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །རྟགས་མཚན་གསུམ་གྱིས་སྐུ་ལ་བརྒྱན། །ཀླུ་ཆེན་བརྒྱད་ཀྱིས་བརྒྱན་པ་ནི། །རྣམ་ཐར་བརྒྱད་པོ་རྫོགས་པའི་རྟགས། །ཞབས་བཞི་བརྐྱང་བསྐུམ་བཞུགས་པ་ནི། །བདུད་བཞི་ཟིལ་གྱིས་གནོན་པའི་རྟགས། །ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་ནི། །དབྱིངས་དང་ཡེ་ཤེས་དོན་དམ་གཅིག་པའི་རྟགས། །ཁྲོ་བོ་ཡབ་ཡུམ་ཉི་ཤུས་བསྐོར་བ་ནི། །ཕ་རོལ་ཕྱིན་དང་ཤེས་བཅུ་རྫོགས་པའི་རྟགས། །ཁྲ་ཐབས་སྒོ་མ་སྲས་མཆོག་ཚོགས་ཀྱིས་བསྐོར། །སྣ་ཚོགས་སྤྲུལ་པས་གདུག་པ་འདུལ་བའི་རྟགས། །མ་བདུན་


TNT13_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྲིང་མོས་བསྐོར་སོགས་དམག་དཔུང་འགྱེད། །བསེ་ལྕགས་དུང་གསུམ་འཁོར་གྱི་བསྐོར་བ་ནི། །གྲུབ་པའི་རྟགས་འབྱིན་ཞིང་བཅུ་སྒྲོལ་བའི་རྟགས། །དེ་ལྟར་ཆེ་བའི་ཡོན་ཏན་ཀུན་རྫོགས་པའི། །དཔལ་བོ་ཆེན་པོ་འཁོར་དང་བཅས་ལ་བསྟོད། ཅེས་ཕྱོགས་གཞན་ལས་དག་དྲན་བཤད་པའི་དོད་དུ་སྐབས་འདིར་རྟགས་བསྡོད་བྱ། དེ་རྗེས་དོན་བསྟོད་བྱེད་པར་སྤྲོ་ནའང༌། འོག་ཏུ་འབྱུང་བའི་བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིཔ་སོགས་བྱ། ཅུང་ཟད་རྒྱས་པ་ལ་མོས་ན་ཡིག་རྙིང་རྣམས་ཀྱང་ཤེས་པར་བྱའོ། །དེ་རྗེས་ལ་བཟླས་པ་ལ་འཇུག་དགོས་ཏེ། །གཉིས་པ་ལ་བཟླས་པའི་སྔོན་འགྲོ བཟླས་པ་དངོས་རྗེས་བསྟོད་པ་སྟེ་གསུམ་ལས། དང་པོ་ལ་རིག་འཛིན་བསྐུལ་བ་དང༌། །འཛབ་ཁ་དབྱེ་བ་གཉིས་ལས། ཐོག་མ་ནི། ཧཱུཾ་མ་གཡེལ་མ་འཕངས་རིག་འཛིན་ཚོགས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །སྲིད་པའི་ཕུར་བུ་བདག་སྒྲུབ་ཀྱི། །བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ། །ཨུ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི། །བྱིན་གྱིས་རློབས་ཕྱྀར་གཤེགས་སུ་གསོལ། །རིགས་ནི་ཟ་ཧོར་རྒྱལ་པོའི་རིགས། །སློབ་དཔོན་པྲ་བྷ་ཧ་ཏི་རྩལ། སྲིད་པའི་ཕུར་བུ་བདག༴ བྱིན་གྱིས༴ དུར་ཁྲོད་མིང་ནི་བསིལ་པ་ཚལ། །སློབ་དཔོན་དྷ་ན་སང་ཀྲི་ཏ།


TNT13_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་དྷ་ན་སང་ཀྲི་ཏ༌། །སློབ་དཔོན་བློ་ལྡན་མཆོག་སྲེད་རྩལ། །རྒྱ་མཚོའི་གླིང་དུ་བསྒྲུབས་པའི་ཚེ། །ས་བདག་ཀླུ་གཉན་བཏུལ་བ་བཞིན། །དམ་སྲིད་འདུལ་ཞིང་གཤེགས་སུ་གསོལ། །གཟའ་དང་རྒྱུ་སྐར་བཏུལ་བ་བཞིན། །དགྲ་བགེགས་འདུལ་ཞིང་གཤེགས་སུ་གསོལ། །སྲིད་པའི་ཕུར་བུ༴ བྱིན་གྱིས་༴ རྒྱ་གར་ཡུལ་དུ་གྲུབ་ཐོབ་པ། །སློབ་དཔོན་པདྨའི་འབྱུང་གནས་ཀྱིས། །ལྷོ་ཕྱོགས་ཙན་དན་ནགས་ཚལ་ན། །ཇི་ལྟར་རྟགས་ཕྱུང་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །སྲིད་པའི༴ བྱིན་གྱིས༴ བི་མ་ལ་ཡི་མི་ཏྲ་ཡིས། གངྒ་ལྷ་ཡི་ཆུ་བོ་ལ། །ཇི་ལྟར་རྟགས་ཕྱུང་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །སྲིད་པའི༴ བྱིན་གྱིས༴ བལ་པོའི་ཡུལ་དུ་གྲུབ་ཐོབ་པ། །རིག་འཛིན་ཤཱི་ལ་མཉྫུ་ཡིས། །མནྡྷ་ལ་ཡི་མཁར་སྒོང་ལ། །ཇི་ལྟར་རྟགས་སོགས་གོང་བཞིན། བོད་ཀྱི་ཡུལ་དུ་གྲུབ་ཐོབ་པ། །སྣ་ནཾ་རྡོ་རྗེ་བདུད་འཇོམས་ཀྱིས། །ཡར་ཀླུང་སྒྲགས་ཀྱི་ཕུ་ཆུ་ལ། ཇི་ལྟར་རྟགས༴ ཤུད་པུ་དཔལ་གྱི་སེང་གེ་ཡིས། ཧས་པོ་རི་ཡི་སྤང་པོ་ལ། ཇི་ལྟར་རྟགས༴ འཆིམས་ཆེན་ཤཱཀྱ་པྲ་བྷ་ཡིས། །འོན་ཅང་རྡོ་ཡི་བྲག་དམར་ལ། ཇི་ལྟར་རྟགས༴ མཁར་རྗེ་ཟ་ཡི་མཚོ་རྒྱལ་གྱིས། །དགུང་གི་ཕོ་རོག་ནག་པོ་ལ། ཇི་ལྟར་རྟགས༴ མཁར་ཆེན་དཔལ་གྱི་དབང་ཕྱུག་གིས། །རྩིས་ཀྱི་


TNT13_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱང་ཁུ་སྔོན་པོ་ལ། ཇི་ལྟར་རྟགས༴ ཕུར་བུ༴ སྲིད་པའི༴ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། །སངས་རྒྱས་ཀུན་གྱི་གདུང་འཚོབ་པ། །རྩ་བརྒྱུད་བླ་མའི་ཚོགས་རྣམས་དང༌། །རིག་འཛིན་སྤྲུལ་པའི་ཚོགས་ཐམས་ཅད། །བདག་ལ་བྱིན་གྱིས་རླབས་ཏུ་གསོལ། ཞེས་གྱེར་རོ། །སྔོན་འགྲོ་གཉིས་པ་འཛབ་ཁ་དབྱེ་བ་ནི། སྒེག་པ་དཔའ་བ་མི་སྡུག་ཚུལ་སྟོན་ཞིང༌། །རྒོད་དང་གཤེ་དང་འཇིགས་སུ་རུང་བ་དང༌། །སྙིང་རྗེ་མ་དང་ཞི་བ་ལ་སོགས་པ། །སྐུ་ཡི་དངོས་པོ་གར་དགུར་བསྒྱུར་བ་ནི། །རྒྱན་དང་ཆ་ལུགས་ལྡན་པས་སྒེག་སྒེག་འདྲ། །བདུད་བཞི་གདན་དུ་བཏིང་བས་དཔའ་དཔའ་འདྲ། །སྐུ་ཆེ་ཡན་ལག་རགས་པས་འཇིགས་འཇིགས་འདྲ། །གཡས་ཞལ་དཀར་ལ་འཛུམ་པ་སྒེག་སྒེག་འདྲ། །གཡོན་ཞལ་དམར་ལ་གདངས་པས་གཤེ་གཤེ་འདྲ། །དབུས་ཞལ་མཐིང་ལ་རྔམ་པ་ཁྲོ་ཁྲོ་འདྲ། །རྒྱུད་དྲུག་རྗེས་སུ་འཛིན་པས་བརྩེ་བརྩེ་འདྲ། །དགྱེས་བདེ་ཆགས་པས་རོལ་པ་དམ་དམ་འདྲ། །ཆོས་སྐུ་མཚན་མ་མེད་པས་ཞི་ཞི་འདྲ། །རྡོ་རྗེ་རྩེ་དགུས་ས་དགུའི་རྟོག་པ་འཇོམས། །རྩེ་ལྔ་གདེངས་པས་དུག་ལྔ་དབྱིངས་སུ་སྒྲོལ། །མེ་དཔུང་འབར་བས་འཁོར་བའི་ཉོན་མོངས་སྲེག །ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད། །རི་རབ་ཕུར་བུས་དགྲ་བགེགས་གཟིར་བར་བྱེད། །དེ་འདྲའི་ཁྲོ་བོ་འཇིགས་པའི་སྐུར་སྟོན་པ། །ཚུར་གཤེགས་ཚུར་གཤེགས་མཆོད་པ་འདི་བཞིས་ལ། །


TNT13_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །བཅོམ་ལྡན་དཔལ་ཆེན་ཐུགས་ཀྱི་དགྱེས་བདེ་མོ། །འཁོར་ལོ་རྒྱས་འདེབས་མཁའ་འགྲོ་གསང་བའི་ཡུམ། །ཚུར་གཤེགས་སོགས་གོང་བཞིན། ཧཱུཾ་མཛད་སྒྲ་འབྱིན་ཕག་དང་རྨིགས་བུའི་མགོ །རྣམ་རྒྱལ་སྒེག་སྙེམས་སྟག་དང་བྱ་རྒོད་མགོ །དབྱུག་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ །གཤིན་རྗེ་དུར་ཁྲོད་ཤྭ་བ་འུག་པའི་མགོ །མི་གཡོ་གཏུན་ཁུང་གཟིག་དང་ཁྭ་ཏའི་མགོ །རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་མགོ །གཞན་གྱིས་མི་ཐུབ་མདའ་སྙེམས་སྤྱང་ཁྲའི་མགོ །འཁྱིལ་པ་རླུང་འབྱིན་སེང་གེ་ཕ་ཝང་མགོ །ཁམས་གསུམ་གསོད་བྱེད་དྲེད་དང་སྲེ་མོང་མགོ །སྟོབས་ཆེན་བསྐུལ་བྱེད་དོམ་དང་བྱི་བའི་མགོ །གནོད་སྦྱིན་འཇིགས་མ་བདུད་རྩི་གསོད་བྱེད་མ། །དེ་འདྲའི་ལྷ་ཚོགས་འཇིགས་པའི་སྐུར་སྟོན་པ། །ཚུར་བྱོན་སོགས། ཞེ་སྡང་ཁྲོས་པའི་མེ་ནི་མཐིང་ནག་འབར། །གཏི་མུག་ཁྲོས་པའི་མེ་ནི་སྨུག་ནག་འབར། །འདོད་ཆགས་ཁྲོས་པའི་མེ་ནི་དམར་ནག་འབར། །ཕྲག་དོག་འཁྲོས་པའི་མེ་ནི་ལྗང་ནག་འབར། །གྲུ་གསུམ་འོད་ལྔ་འབར་བའི་དཀྱིལ་འཁོར་ནས། ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །རིགས་ལྔ་རྡོ་རྗེ་གཞོན་ནུ་སྐུ་བཞེངས་ཤིག །བདུད་དང་ལོག་འདྲེན་མ་ལུས་འདུས་པའི་ཕྱིར། དེ་འདྲའི་ལྷ་ཚོགས་འཇིགས་པའི་སྐུར་སྟོན་པ། །


TNT13_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་བྱོན་སོགས། དཀྱིལ་འཁོར་ཆེན་པོའི་བཀའ་སྲུང་དམ་ཅན་ཚོགས། །བདག་ཉིད་ཆེན་མོ་བཞི་དང་ཤྭ་ན་བཞི། །བསྲེ་བའི་ལྷ་མོ་བཞི་རྣམས་མིང་པོར་བཅས། །ཕོ་བདུད་ཉི་ཤུ་གཅིག་སོགས་སྡེ་བརྒྱད་ཚོགས། །རང་རང་ལས་ལ་བརྩོན་པའི་ཕོ་ཉ་རྣམས། །ཚུར་བྱོན་སོགས་གོང་བཞིན་ནོ། །གཉིས་པ་དངོས་གཞི་ནི། བཟླས་པའི་དམིགས་པ་གསལ་བཏབ་ལ། བཅོམ་ལྡན་ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད། །རྣམ་སྤྲུལ་ཁྲོ་བོ་ཡབ་ཡུམ་ཕོ་ཉའི་ཚོགས། །ཡུམ་རིང་དུས་ནས་བསྙེན་ཞིང་བསྒྲུབས་པའི་ལྷ། །དྲག་པོ་རང་བྱུང་དབང་དང་དངོས་གྲུབ་སྩོལ། ཞེས་ལན་གསུམ་སོགས་གསོལ་བ་བཏབ་ནས་བཟླས་པ་བྱ་སྟེ། སྒྲུབ་མཆོད་སོགས་ཀྱི་སྐབས་སུ་ཀཱི་ལ་ཡ་འབྲུ་བཅུ་དྲུག་པ་ཉིད་ཅི་ནུས་སུ་བཟླ་ཞིང༌། ཁྲོ་བཅུ་ལས་སྔགས་དང་བཅས་པ་དང༌། སྒོ་མའི་སྔགས་རྣམས་ཅུང་ཟད་རེ་བཟླ་ཡི། གྲངས་ངེས་གཟུང་ཅན་མི་དགོས་སོ། །གསུམ་པ་རྗེས་བསྟོད་པའི་མཆོད་པ་ནི། །ཡིད་ཀྱིས་སྒྲུབ་སྤྲུལ་པའི་མཆོད་པ་དང་བཅས་ཏེ། ཧཱུཾ་བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །འཁོར་ལོ་རྒྱས་འདེབས་དབྱིངས་ཕྱུག་ཤེས་རབ་བཅས། །གཙོ་བོ་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུ་དྲེགས་པ་བསྣོན་པའི་གདན་སྟེངས་སུ། །མཐུ་ཆེན་བདུད་འདུལ་ཁྲོ་རྒྱལ་འབར་བའི་ཚོགས། །ཧཱུཾ་དང་ཕཊ་ཀྱིས་སྲིད་གསུམ་འཁོར་བ་འཇིག །འཇིགས་བྱེད་ཁྲོ་རྒྱལ་ཚོགས་ལ་ཕྱག་འཚལ་ལོ། །


TNT13_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་དབྱིངས་ནས་འབར་བའི་སྐུ་བཞེངས་མ། །ཐབས་མཆོག་སྐུ་ལ་སོ་སོར་དགྱེས་པས་འཁྱུད། །ཤེས་རབ་ཚུལ་གྱིས་འགྲོ་བའི་དོན་མཛད་མ། །ཡེ་ཤེས་ཁྲོ་མོ་བཅུ་ལ་ཕྱག་འཚལ་བསྟོད། ཁམས་གསུམ་དབང་བསྡུད་ཐུགས་རྗེ་སྤྲུལ་པའི་སྐུ། །གཏུམ་ཁྲོས་ཟ་གསོད་རྣམ་འཕྲུལ་ཕོ་ཉའི་ཚོགས། །ཕྱག་རྒྱ་རྣམ་བཞིས་འདུལ་མཛད་སྒོ་སྐྱོང་མ། །རྡོ་རྗེ་ཕྲ་མེན་ཚོགས་ལ་ཕྱག་འཚལ་བསྟོད། །དཔལ་གྱི་སྲས་མཆོག་རྣམ་བཞིའི་འཕྲིན་ལས་མཛད། །ཡཀྵ་མེ་དབལ་སྤྲུལ་པའི་ཚོགས་རྣམས་དང༌། །སྨོན་ལམ་དབང་གི་དྲེགས་པའི་ཚུལ་འཛིན་པ། །དཔལ་གྱི་བཀའ་སྡོད་སྐུ་ལ་ཕྱག་འཚལ་ལོ། །དེ་རྣམས་ཀྱིས་དངོས་གཞིའི་ཆོ་ག་བསྟན་ཟིན་ནོ། །རྙིང་མའི་ལུགས་ཀྱི་སྒྲུབ་མཆོད་ལ་བདག་འཇུག་གི་ལག་ལེན་མཛད་པ་ཉུང་བས་སྒྲུབ་མཆོད་ཙམ་ལ་བདག་འཇུག་མ་གྲུབ་ཀྱང་མི་འགལ་མོད། སྤྱིར་འགྲུབ་ན་ལེགས་པས་གལ་ཏེ་བྱེད་ན་སྐབས་འདིར་བཟང་སྟེ། བདག་འཇུག་ནི་དངོས་གཞིའི་ཆོ་ག་ཡིན་པས་སོ། །འོན་ཀྱང་ཕུར་ཆོག་གསར་པ་རྣམས་ཀྱི་ལག་ལེན་ལ་ནི། འདི་ནས་ལྷག་མའི་རྗེས་ཡན་ཆད་དུ་བདག་འཇུག་གི་དུས་མ་ངེས་པར་བྱེད་པའང་སྣང་ངོ༌། །དེ་ལ་བདག་འཇུག་ནི་དབང་གི་ཡི་གེ་ལས་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གསུམ་ལས། དང་པོ་ཚོགས་ཀྱི་བྱ་བ་ནི། ཚོགས་རྫས་རྣམས་བཤམས། བདུད་རྩི་གཏོར་ལ། བསངས་སྦྱངས། རཾ་གྱི་མེས་བསྲེགས་ཞེས་པ་ནས། བདུད་


TNT13_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་རྒྱ་མཚོ་ཆེན་པོར་གྱུར་གྱི་བར་གཏོར་མ་བྱིན་རླབས་དང་འདྲ། སྲིད་པའི་ཕུར་བུ་སྒྲུབ་པ་དང། ཞེས་པ་ནས། དངོས་གྲུབ་སྩོལ། དམ་ཚིག་ཆེན་པོ་གཤེགས་སུ་གསོལ། །སྤྲུལ་པ་ཆེན་པོ་གཤེགས་སུ་གསོལ། ཕྱག་བརྙན་ཆེན་པོ༴ ཤྭ་ན་མུ་ཁ༴ བདག་ཉིད་ཆེན་མོ༴ ས་བདག་ཆེན་མོ༴ བྲན་དང་ཕོ་ཉ༴ འཁོར་བཅས་ཐམས་ཅད༴ ཁྲོ་བོ་འཁོར་བཅས་གཤེགས་ནས་ཀྱང༌། རྟགས་དང་མཚན་མ་བསྟན་པ་དང༌། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཚོགས་ཕུད་ཆ་གསུམ་དུ་བྱ། །དང་པོ་སྣོད་དུ་བཅུག་ལ་སྟེགས་མཐོ་བར་བཞག བླ་མེད་མཆོག་གི་མཆོད་པ་དམ་པ་འདི། ཞེས་པ་ནས། ཡཀྵ་ཀྲཽ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧིའི་བར་གོང་གཏོར་མའི་སྐབས་བཞིན། གར་བྱས་འགྲུབ་བོ་རྣལ་འབྱོར་པ། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། མཾ་ས་ལ་སོགས་རོ་མཆོག་གསོལ། མེ་ཏོག་ལ་སོགས་ཙན་དན་འཕྲེང༌། །བཟང་རྒུ་འབུལ་ལོ་བཞེས་སུ་གསོལ། །མཛེས་རྒུ་འབུལ་ལོ་གཟིགས་སུ་གསོལ། །བདའ་རྒུ་འབུལ་ལོ་རོལ་དུ་གསོལ། །སྙན་རྒུ་འབུལ་ལོ་གསན་དུ་གསོལ། །མི་མོ་རྣམས་ཀྱི་རེག་བྱ་སོགས། གོང་བཞིན། ཚོགས་བར་པ་ལ་དམིགས་ཏེ། ཚེ་རབས་བསྐལ་པ་ཐོག་མ་མེད་པ་ནས། །ད་ལྟ་ལུས་འདི་བླངས་པ་ཚུན་ཆོད་དུ། །ལུས་ཀྱི་སྡིག་བྱས་སྡིག་པ་དངོས་སུ་བགྱིས། །ངག་གི་འཁྱལ་ཚིག་སྨྲ་བ་ངན་དུ་ཆུག །སེམས་ཀྱི་


TNT13_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ནོར་ལོག་པར་བསམ་པ་སོགས། །འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ། །བཀྲ་བའི་ལྷ་ཚོགས་ཁྱེད་ལ་བཟོད་པར་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང༌། །དེའི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས། །མི་ཡི་སྐྱོན་མཐོང་ཙ་ན་ཆད་པས་གཅོད། །ནོངས་པར་གྱུར་ཀྱང་བཀའ་ཆད་མ་གཅོད་ཅིག །མཐུ་རྩལ་ཅི་ཡོད་དགྲ་དང་བགེགས་ལ་སྤྲུགས། །བསྟན་པ་འཇིག་སོགས་ཉེས་སྐྱོན་མ་གཟིགས་སམ། །སྒྲུབ་པོའི་ཉེས་པ་ཕྲན་ཚོགས་དབྱིངས་སུ་ཐིམ། །ཉམས་པར་གྱུར་པ་ལོངས་སྤྱོད་ཚོགས་ཀྱིས་བསྐང༌། །དམ་བསྐོང་དབང་དང་དངོས་གྲུབ་སྩལ་དུ་གསོལ། ཚོགས་ཐ་མ་ནི། གཟུགས་བརྙན་དུ་བྱས་ལ། སྤྲོས་པ་ལ་དགའ་ན། ཁྲོ་བོ་བཅུ་ནས་ཕུར་སྲུངས་ཀྱི་བར་གྱིས་བསྐུལ་རྣམས་བྱ། བསྡུ་ན་དམ་ཚིག་ཆེན་པོའི་དུས་ལ་བབ། སོགས་ལ་ཚང་པས་བསྐུལ་ལོགས་པ་མེད་ཀྱང་ཆོག །བདེན་པ་བརྡར་བ་སྤྱི་དང་འདྲ་བ་ལས། འཇམ་དཔལ་སྐུ། པདྨ་གསུང༌། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་པ་འཕྲིན་ལས། མ་མོ་རྦོད་གཏོང༌། འཇིག་རྟེན་མཆོད་བསྟོད། སྨོད་པ་དྲག་སྔགས། འདུས་པ་མདོ། རྒྱུ་འཕྲུལ་རྒྱན། འཆི་མེད་ཚེ། ལྷུན་གྲུབ་རིག་འཛིན་གྱི་ལྷ་ཚོགས་རྣམས་ཀྱིས་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། དཔལ་ལྡན་བླ་མའི་སྐུ་དགྲ། སངས་རྒྱས་བསྟན་པའི་སྤྱི་དགྲ །རྣལ་འབྱོར་དམ་ཚིག་ཅན་གྱི་


TNT13_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་དགྲ། སེམས་ཅན་ཡོངས་ལ་འཚེ་བར་བྱེད་པའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་དང༌། ཁྱད་པར་དུ་འདི་ཞེས་བྱ་བ་སྐད་ཅིག་ཐད་ཅིག་ཡུད་ཙམ་ལ་བསྒྲལ་བའི་ལས་ཀྱི་གནས་འདིར་མཆིས་པར་གྱུར་ཅིག །ཆེ་གེ་མོ་འདིའི་རྒྱབ་བརྟེན་དང་དཔུང་གཉེན་བྱེད་པའི་ཕོ་ལྷ་དང་ཡུལ་ལྷ་དང་སྲོག་ལྷ་དང༌། དགྲ་ལྷ་དང་ཞང་ལྷ་ལ་སོགས་པ་ཉོན་ཅིག །གནོད་བྱེད་དགྲ་བགེགས་འདི་དག་གི །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། སངས་རྒྱས་ཀྱི་བསྟན་པ་བཤིག རྣལ་འབྱོར་པའི་སྐུ་ལ་བདོས། དབེན་གནས་དང་ཆོས་གཞི་དབྲལ། ལས་བཟང་རྒུ་ནི་སྤངས། ལས་ངན་རྒུ་ནི་བྱས་པ་ཡིན་པས། འདི་ལ་སྲུང་བ་མ་བྱེད། མགོན་སྐྱབས་མ་བྱེད། ཡལ་བར་ཐོང་ཅིག །གལ་ཏེ་འདིའི་རྒྱབ་རྟེན་དང་དཔུང་གཉེན་བྱེད་ན། ཁྱེད་ཅག་རྣམས་དཀོན་མཆོག་གསུམ་གྱི་བཀའི་ཆད་པས་བཅད་ནས། མནར་མེད་པའི་སེམས་ཅན་དམྱལ་བར་སྐྱེས་ཏེ། ཐར་མེད་ཀྱི་སྡུག་བསྔལ་མྱོང་བར་ཐེ་ཚོམ་མེད་དོ། །ཡུལ་ཕྱོགས་འདི་དག་ན་གནས་པའི་ཡུལ་བདག་གནས་བདག་ཀླུ་གཉན་ས་བདག་ལ་སོགས་པ་འཇིག་རྟེན་དྲེགས་པ་ཅན་ཐམས་ཅད་ཀྱང་ཉོན་ཅིག །བདག་ཅག་ཁྱེད་རྣམས་ལ་གནོད་པ་མི་བྱེད་དོ། །དྲག་སྔགས་ཀྱི་མེ་དབལ་མི་གཏོང༌། །ཕུར་པའི་རྩེ་མི་གཏོད། ཡུངས་ཀར་གྱི་རྦབ་མི་སྒྲིལ། དྲག་རྫས་ཀྱི་ཐུན་ཟོར་མི་བརྡེག །དྲག་པོའི་ཕོ་ཉ་མི་འགྱེད་དོ། །བདག་ཅག་ནི་དགྲ་བགེགས་གདུག་པ་ཅན་བསྒྲལ་


TNT13_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཞིང་བཅུ་འདི་རྣམས་འགུགས་པ་ཡིན་པས། ཁྱེད་རྣམས་ཀོ་ལོང་མ་སྡོམ། མ་འཇིགས། མ་སྐྲག །མ་བསྡངས་བར་དཀོན་མཆོག་གསུམ་གྱི་བཀའ་རྟགས་འཛིན་པར་ང་ཡི་རྒྱབ་དང་དཔུང་གྱིས་ཤིག །གདུག་པ་ཅན་འདི་ད་ལྟ་ཉིད་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག ཅེས་སྙན་གསན་དབབ་པ་ལན་གསུམ་བྱ། དེ་ནས་རྒྱས་པ་ལ་མོས་ན། ཁྲོ་བོ་བཅུ་ནས་ཕུར་སྲུངས་བར་གྱི་བསྐུལ་རྣམས་བྱ་སྟེ་ཕོ་ཉ་གཏོང་བ་ཡིན། བསྡུ་ན། སྤྲུལ་པ་ཆེན་པོའི་དུས་ལ་བབ། སོགས་ལ་ཚང་བས་འདིར་མ་བརྗོད་ཀྱང་ཆོག །དེ་ནས་བདེན་བརྡར་སོགས་གོང་དུ་བཤད་པ་དང་སྤྱི་འགྲོས་དང་མཐུན་པའི་ཚིག་གིས་ལིངྒ་དགུག་འདྲེན་བྱ། ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། ཅེས་པ་ནས། ཞལ་དུ་སྟབ་པའི་བར་གོང་བསྒྲལ་མཆོད་ཀྱི་སྐབས་བཞིན་ནོ། །འདི་ཙམ་ནི་བསྡུས་པའི་ལུགས་ཡིན་ལ། རྒྱས་པ་ནི། གོང་མ་རྣམས་ཀྱིས་མཛད་ཟིན་པ་ལས་ཤེས་པར་བྱ་ལ། འབྲིང་པོ་འཚམ་པ་ཞིག་གཞན་དུ་ཡང་འབྲི་བར་འགྱུར་རོ། །འདི་སྐབས་ལིང་རོ་རྣམས་གཏོར་མ་ལ་བཏབ། ཆ་ཤས་ཅུང་ཟད་ཙམ་ཚོགས་རྫས་དང་ཡང་བསྲེ། ཅུང་ཟད་ཅིག་ལྷག་གཏོར་གཙང་མ་དང་ཡང་བསྲེའོ། །དེ་རྗེས་བརྡ་དང་བརྡའི་ལན་དང་འབུལ་ལེན་སོགས་སྤྱི་དང་འདྲ་བར་བྱས་ནས། རྣལ་འབྱོར་པ་རྣམས་ཚོགས་ལ་རོལ་ལོ། །རྗེས་ཆོག་གཉིས་པ་ལྷག་མའི་གཏོར་མ་ནི། ལྷག་མ་རྣམས་སྣོད་ཅིག་ཏུ་བསྡུས་ནས་རྨེ་གཏོར་གྱི་ཚུལ་དུ་བཤམ། དེའི་འགྲམ་དུ་ལྷག་མ་གཙང་གཏོར་ཡང་བཞག །བདུད་རྩིས་བྲན། ཨོཾ་མཧཱ་


TNT13_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལིཾ་ཏ། སོགས་ལན་གསུམ་གྱིས་བྱིན་གྱིས་རླབས། ཧཱུཾ་བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༌། །ཡུམ་ཆེན་འཁོར་ལོའི་རྒྱས་འདེབས་ཀྱི། །སྤྲུལ་པའི་ཕོ་ཉ་དཔག་ཡས་དང༌། །གྲུབ་པ་གསང་བ་འབར་མའི་ཚོགས། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཚུར་གཤེགས་གཏོར་མ་འདི་ལ་བཞེས་ལ། །རྡོ་རྗེ་ལྕམ་དྲལ་སྲུང་བ་དང༌། །རྐྱེན་ལས་བྱུང་བའི་དགྲ་བོ་རྣམས། །ཡུད་ཙམ་གྱིས་ནི་མེད་པར་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་བར་ཆད་ཞི་བ་དང༌། །རེ་སྨོན་ཐམས་ཅད་འགྲུབ་པར་མཛོད། དེ་ནས་ལྷག་གཏོར་གཉིས་དང༌། འཇིག་རྟེན་པའི་སྤྱི་གཏོར་གཏོར་གྲལ་ནས་བླངས་པ་ནས་བླངས་པ་རྣམས་རྡོ་རྗེ་འགྲོས་ཀྱིས་ཕྱི་སྣུར་དུ་བཞག །རཀྟས་བྲན། འདི་སྐད་ཅེས། འཇིག་རྟེན་ལས་འདས་ཕོ་ཉ་མོ། །ཡང་དག་སྐུ་གཅིག་བྱུང་བ་ནི། །དཔལ་གྱི་ཕོ་ཉ་ལྕགས་ཀྱུ་འཛིན། །འདི་འདྲ་གཅིག་པུར་མ་ངེས་ཏེ། །སྟོང་ཁམས་ཁྱབ་པར་སྤྲུལ་བྱེད་མ། །ཤར་གྱི་ཕྱོགས་ནས་གཤེགས་སུ་གསོལ། །འཇིག་རྟེན་ལས་འདས་ཕོ་ཉ་མོ། །ཡང་དག་སྐུ་གཅིག་བྱུང་བ་ནི། །དུང་གི་སྤྱང་མོ་མགོ་དགུ་མ། །རལ་པ་ལྕང་ལོ་རེ་རེ་ལ། །ཕོ་ཉ་ཀྱུ་ཐོགས་སྤྲིན་ལྟར་གཏིབས། །ཤར་ལྷོ་མཚམས་ནས་གཤེགས་སུ་གསོལ། དེ་གཉིས་ཀུན་ལ་འགྲེ་སྟེ། དཔལ་གྱི་ཕོ་ཉ་ཞགས་པ་ཐོགས། འདི་འདྲ༴ སྟོང་ཁམས༴ ལྷོ་ཡི༴ ལྕགས་ཀྱི་སྤྱང་མོ་མགོ་དགུ་མ། རལ་པ༴ ཕོ་ཉ་ཞགས་ཐོགས༴ ལྷོ་ནུབ་མཚམས༴ དཔལ་གྱི་ལྕགས་


TNT13_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག༴ འདི་འདྲ༴ སྟོང་ཁམས༴ ནུབ་ཀྱི༴ ཟངས་ཀྱི་སྤྱང་མོ༴ རལ་པ༴ ཕོ་ཉ་སྒྲོག་ཐོགས༴ ནུབ་བྱང་༴ དཔལ་གྱི༴ དྲིལ་བུ༴ འདི་འདྲ༴ སྟོང་ཁམས༴ བྱང་གི་ཕྱོགས༴ གཡུ་ཡི་སྤྱང་མོ༴ རལ་པ༴ ཕོ་ཉ་དྲིལ་ཐོགས༴ བྱང་ཤར༴ ལྕགས་ཀྱི་བྱི་བ་ཆེན་པོ་ལ། །མི་མོ་ལྕགས་ཀྱི་ཚུལ་ཅན་ཞོན། །ལྷ་སྲིན་སྡེ་བརྒྱད་ཕུང་བྱེད་མ། །འོག་གི་ཕྱོགས་ནས༴ ལྕགས་ཀྱི་བྱ་ཁྲ་བརྒྱད་ཁྲི་ལ། །མི་མོ་ལྕགས་ཀྱི༴ ལྷ་སྲིན་སྡེ་བརྒྱད་སྐྱོང་བྱེད་མ། སྟེང་གི་ཕྱོགས་ནས༴ སྔོན་ཀྱི་ཐུགས་དམ་རྗེས་དགོངས་ལ། །ཤ་ཁྲག་དམར་གྱི་མཆོད་པས་མཆོད། །ཆེམ་ཆེམ་དགོངས་ཤིག་ས་མ་ཡ། །འདིར་གཤེགས་བཅོལ་བའི་འཕྲིན་ལས་མཛོད། །གཞན་ཡང་དཔལ་གྱི་བཀའ་ཉན་པ། །ཁྱབ་བྱེད་ཆེན་པོ་ཁྱུང་གི་མགོ །འཇིགས་བྱེད་ཆེན་པོ་སྤྱང་ཀིའི་མགོ །གསོད་བྱེད་ཆེན་པོ་དྲེད་ཀྱི་མགོ །འབྱིན་བྱེད་བྱི་ལ་པུ་ཤུད་མགོ །སྨྱོ་བྱེད་ལྟོས་འཕྱེ་རྨིགས་བུའི་མགོ །རྐུན་བྱེད་ཆེན་པོ་བྱི་བའི་མགོ །ཟ་བྱེད་ཆེན་པོ་སྟག་གི་མགོ །སྒྲོན་བྱེད་སེང་གེ་ཕ་ཝང་མགོ །ཕྲ་མེན་ཆེན་པོ་ཁྱེད་རྣམས་ཀྱང༌། བྱེ་བ་བརྒྱ་སྟོང་འཁོར་དང་བཅས། སྔོན་གྱི་ཐུགས་དམ༴ ༴ ༴ ༴ འབར་མའི་ཚོགས་ཀྱིས་བསྐོར་བ་ནི། །འབར་བ་ཆེན་མོ་ལུས་འབར་རྣམས། །དཔལ་ཆེན་སྐུ་ལ་འཕྲོ་ཞིང་འདུ། །འབར་མ་ཉི་མའི་ཞགས་པ་འདེབས། །འབར་མ་མེ་ཁྱེར་གློག་


TNT13_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་འཛིན། །འབར་མ་གཤིན་རྗེ་སྐར་མདའ་འཕེན། །འབར་མ་སེར་མོ་མདུན་ཐུང་འཕེན། །འབར་མ་ཀླུ་མོ་ལྕེ་འབེབས་མ། །འབར་མ་རླུང་བདག་རལ་གྲིའི་སྐྲ། །འབར་མ་གནོད་སྦྱིན་ཁྱུང་ཐོགས་མ། །འབར་མ་གཏུམ་མོ་བ་ལང་རྣ། །འབར་མ་ཆེན་པོ་ཁྱེད་རྣམས་ཀྱང༌། སྔོན་གྱི༴ ༴ ༴ ༴ ཨོཾ་བཛྲ་ཌཱ་ཀི་ནི་པྲ་ཏཱིཙྪ་ཨི་མཾ་ལིཾ་ཧཱུཾ། ཨོཾ་བུདྡྷ་ཊཱ་ཀི་ནི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཨོཾཿ ཨོཾ་རཏྣ་ཊཱ་ཀི་ནི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་དྲྭཾ། ཨོཾ་པདྨ་ཌཱ་ཀི་ནི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧྲཱིཿ ཨོཾ་ཀརྨ་ཌཱ་ཀི་ནི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཨ། ཨོཾ་སརྦ་ཌཱ་ཀི་ནི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧོ། ལན་གསུམ་གྱིས་སྟབ། དེ་ནས་ལྷག་མ་རྨེ་གཏོར་གཙང་གཏོར་གཉིས་བསྲེས། ཚོགས་ཕུད་བར་པ་ལ་བླུགས། ཁ་ཁྲུས་བཏབ་ལ། །སྤྱི་གཏོར་ནི་དེ་ལ་བསྲེས་ཀྱང་ཆོག་མ་བསྲེས་ཀྱང་ཆོག །ཡང་ཅུང་ཟད་ཕྱིར་སྣུར་ལ། །སྨན་དང་རཀྟ་ཅུང་ཟད་བྲན། འབྲུ་གསུམ་ལན་མང་དུ་བརྗོད། ཧཱུཾ་སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་པ། །གྲུབ་པ་དབང་ཕྱུག་མ་ཚོགས་མ། །ཀླས་དང་བྱི་མོ་བྲན་མོའི་ཚོགས། །རྒྱལ་མོ་བློན་མོ་དེད་དཔོན་མ། །གཡོག་མོ་དང་ནི་ཡང་གཡོག་མ། །བྲན་དང་ཡང་བྲན་འཁོར་དང་བཅས། སྔོན་གྱི༴ ༴ ༴ ༴ སྔོན་ཚེ་དཔལ༴ སྤྱན་སྔར༴ །ཤར་གྱི་ཕྱོགས་ཀྱི་མ་མོ་ནི། །དཀར་མོ་དུང་གི་ཐོར་ཚུགས་ཅན། །ལྷོ་ཡི་ཕྱོགས་ཀྱི་མ་མོ་ནི། །སྔོན་མོ་གཟིག་གི་ཤམ་ཐབས་ཅན། །ནུབ་ཀྱི་ཕྱོགས་ཀྱི་མ་མོ་ནི། །དམར་མོ་ཟངས་ཀྱི་ལན་ཕྲན་ཅན། །


TNT13_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གི་ཕྱོགས་ཀྱི་མ་མོ་ནི། །གསེར་གྱི་འོད་ཟེར་མདའ་འཕེན་མ། སྟེང་གི་ཕྱོགས་ཀྱི་མ་མོ་ནི། །རྣམ་སྤྲུལ་མ་ངེས་ཅིར་ཡང་སྟོན། །འོག་གི་ཕྱོགས་ཀྱི་མ་མོ་ནི། །རུ་དྲ་སྒྲོལ་བའི་མཐུ་མོ་ཆེ། དཔལ་གྱི་ལྷ་མོ་ཤུགས་འགྲོ་མ། ཁྱོད་ནི་ནམ་མཁའི་རྒྱལ་མོ་སྟེ། སྔོན་གྱི༴ ༴ ༴ ༴གླིང་བཞི་མགྱོགས་མ་ལྷ་ཡི་སྲིང༌། །ཤར་གྱི་མགྱོགས་མ་གཤེགས་སུ་གསོལ། །མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་ལྕམ། །ལྷོ་ཡི་མགྱོགས་མ༴ དཀར་ཤམ་གཡས་ཐོད་ཀླུ་ཡི་སྲིང༌། །ནུབ་ཀྱི་མགྱོགས༴ ནག་མོ་སྡེར་ཆེན་གནོད་སྦྱིན་སྲིད། །བྱང་གི་མགྱོགས་མ༴ སྲིང་མོ་ཆེན་མོ་ཁྱེད་བཞི་ཡང༌། སྔོན་ཚེ༴ སྤྱན་སྔར༴ ཚངས་མ་ལ་སོགས་ཉི་ཤུ་བརྒྱད། གར་མ་ལ་སོགས་ཉི་ཤུ་བརྒྱད། །མ་སྲིང་ལ་སོགས་ཉི་ཤུ་བརྒྱད། །འབར་མ་ལ་སོགས་ཉི་ཤུ་བརྒྱད། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང༌། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་རྣམས། །སྔོན་གྱི་སོགས་གོང་བཞིན། བར་འདི་སྲུང་མ་རྣམས་ལ་ལས་བརྩེ་བ་སྟཻ། བདག་ཉིད་ཆེན་མོའི་དུས་ལ་བབ། །ནམ་མཁའི་ཁམས་ཀྱི་དཔལ་ས་བཙན། །བར་སྣང་ཁམས་ཀྱི་མཐུན་མོ་ཆེ། །ཆོས་ཀྱི་དབྱིངས་ན་བཞུགས་ཙ་ན། །རྡོ་རྗེ་གར་གྱི་དབང་ཕྱུག་མ། །རྒྱ་མཚོའི་གཏིང་ན་བཞུགས་ཙ་ན། །རྡོ་རྗེ་མེ་ཟ་བྲག་གྱོན་མ། །བྷ་གའི་ཀློང་ན་བཞུགས་ཙ་ན། །ཡུམ་ཆེན་བྷ་ག་ཧྲི་ཏི་མ། །བར་སྣང་ཁམས་ན་རྒྱུ་བས་རྡོ་རྗེ་མཁའ་འགྲོ་མ། །སྟོན་བཞིན་ཤ་བ་ཞོན་པ་


TNT13_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པརྞ་ཤ་བ་རི། །ནམ་གྱི་གུང་ཕྱེད་རྒྱུ་བས་ནམ་གྲུ་མཐུ་མོ་ཆེ། །རི་རབ་རྩེ་ལ་བཞུགས་ནས་གླིང་བཞི་སྐྱོང་མཛད་མ། གླིང་བཞི་ཀུན་བྱམས་དྲག་མོ་རྒྱལ། །མི་གཅིག་མ་ལ་མིང་དགུ་མ། །མཁན་བརྒྱ་མ་ལ་མཚན་སྟོང་མ། །གང་ལ་བྱ་བ་ནོར་ར་རེ། །སྐྱོད་ཅིག་རྒྱ་མཚོའི་གཏིང་ནས་བསྐྱོད། །མ་གཡེལ་མ་གཡེལ་ཡལ་གམ་ཅན། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཤྭ་ན་མུ་ཁའི་དུས་ལ་བབ། །ཟངས་ཀྱི་ཝ་མོ་རྐང་གསུམ་ལ། །ཟངས་ཀྱི་མི་མོ་ཆེན་མོ་ཞོན། །མིག་ནི་ཉི་མའི་ཟེར་ལས་འཚེར། །སྤུ་ནི་རལ་གྲིའི་སོ་བས་རྣོ། །སྡེར་མོ་ལྕགས་ཀྱུ་འབར་བ་འདྲ། །འཇུག་མ་ལྕགས་ཀྱུ་བསྡོགས་པ་བཞིན། །བང་ནི་གློག་གི་བསྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོག །གཡས་པ་རྡོ་རྗེ་རི་རབ་བརྙེལ། །གཡོན་པ་ཟངས་ཀྱི་ཞགས་པ་ཐོགས། །གང་ལ་བྱ་བ་ནོར་ར་རེ། །སྐྱོད་གཅིག་རི་རབ་རྩེ་ནས་བསྐྱོད། །མ་གཡེལ་བཅོལ་བའི༴ ས་བདག་ཆེན་མོའི་དུས་ལ་བབ། །བསེ་ཡི་ལྷ་མོ་ཆེད་བཞི་ལས། །གཅིག་ནི་བལ་ཡུལ་མཐིལ་ན་བཞུགས། །མར་ཁུའི་མཚོ་ལ་གནས་བཅས་ཤིང༌། ཁྱོད་ཀྱི་བཀའ་ཉན་འབུམ་སྡེ་ནི། །ནང་ཡང་མར་ཁུའི་མཚོ་ལ་འདུ། །ནུབ་ཀྱང་མར་ཁུའི་མཚོ་ལ་འདུ། །རྒྱ་མཚོའི་གཏིང་ན་འདུ་འདུ་བ། །མཐིང་ནག་རལ་པ་ཤ་ར་ར། །དབང་གི་བསེ་ཁྲབ་སི་ལི་ལི། །བསེ་ཡི་རལ་པ་སི་ལི་ལི། །རལ་པ་རེ་ལ་ཕུར་པ་རེ། ཁྱོད་ནི་བདུད་ཀྱི་བུ་མོ་སྟེ། །འཆིབས་སུ་བདུད་རྟ་ནག་པོ་


TNT13_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

འཆིབས། །ན་བཟའ་བེར་ཆེན་མཐིང་ནག་གསོལ། །བརྡ་ནི་མི་འཕྲཽད་ལྷོ་བལ་མོན། །སྐད་ནི་མི་གོ་ལྡབ་མ་ལྡིབ། །དྲི་ནི་མི་ཞིམ་ཆི་ལི་ལི། །གཟུགས་ནི་མི་སྡུག་ལག་བརྒྱ་མ། །གཡོན་པ་ལྔ་བཅུ་ལྕགས་ཀྱུ་འཛིན། །གཡས་པ་ལྔ་བཅུ་ཕུར་བུ་བསྒྲིལ། །ལྕགས་ཀྱུས་བཟུང་ལ་ཕུར་བུས་ཐོབ། བཛྲ་ཀུ་ལནྡྷ་རའི་དུས་ལ་བབ། །དེ་ཡིས་རིགས་འགྲེ་སྟེ། ས་བདག༴ བསེ་ཡི༴ གཅིག་ནི་ཚ་བའི་རོང་ན་བཞུགས། ཞག་གི་མཚོ་ལ༴ ཁྱོད་ཀྱི་བཀའ་ཉན༴ ནང་ཡང་ཞག་གི༴ ནུབ་ཀྱང་ཞག་གི༴ རྒྱ་མཚོའི་གཏིང་༴ མཐིང་ནག༴ དབང་གི༴ བསེ་ཡི༴ རལ་པ་རེ༴ ཁྱོད་ནི་གཟའ་ཡི༴ འཆིབས་སུ་གཟའ་རྟ་ཞུར་པོ༴ ནབ་བཟའ་བེར་ཆེན་སེར་ཁྲ༴ བརྡ་ནི༴ སྐད་ནི༴ དྲི་ནི༴ གཟུགས་ནི༴ གཡོན་པ༴ གཡས་པ༴ ལྕགས་ཀྱུས༴ བཛྲ་ཤུ་ལནྡྷ་རའི། དེ་བཞིན་དུ་སྦྱར་ནས། གཅིག་ནི་མང་ཡུལ་བསེ་ན༴ རཀྟའི་མཚོ༴ ཁྱོད་ཀྱི༴ ནང་ཡང་༴ ནུབ་ཀྱང་༴ རྒྱ་མཚོའི༴ མཐིང་ནག༴ དབང་གི༴ བསེ་ཡི༴ རལ་པ༴ ཁྱོད་ནི་བཙན་གྱི༴ འཆིབས་སུ་བཙན་རྟ་དམར་པོ༴ ནབ་བཟའ་བེར་ཆེན་དམར་ཁྲ༴ བརྡ་ནི༴ སྐད་ནི༴ དྲི་ནི༴ གཟུགས་ནི༴ གཡོན་པ༴ གཡས་པ༴ ལྕགས་ཀྱུས། བཛྲ་ཙ་མུནྡྷ་རའི་དུས་ལ་བབ། །གཅིག་ནི་གཉའ་ནམ་བྲི་ན་བཞུགས། །འོ་མའི༴ ཁྱོད་ཀྱི༴ ནང་ཡང་༴ ནུབ་ཀྱང་འོ་མའི།


TNT13_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ༴ མཐིང་ནག༴ དབང་གི༴ བསེ༴ རལ་པ༴ ཁྱོད་ནི་ཀླུ་ཡི༴ འཆིབས་སུ་ཀླུ་རྟ་སྔོན་པོ༴ ནབ་བཟའ་བེར་ཆེན་སྔོན་པོ༴ བརྡ་ནི༴ སྐད་ནི༴ དྲི་ནི༴ གཟུགས་ནི༴ གཡོན་པ༴ གཡས་པ༴ ལྕགས་ཀྱུས༴ བཛྲ་ཀང་ཀ་དྷ་རའི་དུས་ལ་བབ། ཧཱུཾ། ཕོ་ཉ་བྲན་དང་མངགས་པའི་ཚོགས། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བདུད་ནག་ཆེན་པོ་རལ་ཆེན་དང༌། །བདུད་རྗེ་ཟླ་བ་ཀ་ལ་དྲག །བདུད་རྗེ་རོ་ལངས་ཁྲག་མིག་དང༌། །དུར་ཁྲོད་ནག་པོ་སྙིང་དཀར་ཏེ། །དུང་གི་སྐྱེས་བུ་མཆེད་བཞི་དང༌། །ཚངས་པ་དུང་གི་ཐོར་ཚུགས་ཅན། །ཤིང་གྱི་དམར་པོ་མ་རུ་རྩེ། སྐྱེས་བུ་ཕྱ་སངས་དཀར་པོ་དང༌། །ནག་པོ་སྲོག་བདུད་ཆེན་པོ་སྟེ། །ལྕགས་ཀྱི་སྐྱེས་བུ་བཞི་པོ་དང༌། །སྐྱེས་བུ་གྱིང་ཆེན་མ་རུ་རྩེ། །སྐྱེས་བུ་གཤིན་རྗེ་མ་རུ་རྩེ། །སྐྱེས་བུ་བདུད་ནག་མ་རུ་རྩེ། །སྐྱེས་བུ་གནོད་སྦྱིན་མ་རུ་རྩེ། །བསེ་ཡི་སྐྱེས་བུ་མཆེད་བཞི་དང༌། ཁྱབ་པ་ལྕེ་རིངས་སྐྱ་གཅིག་པུ། །ནག་པོ་འཛུམ་མེད་སོ་བརྡར་འཁྲིགས། །ནག་པོ་སྐྲག་མེད་གཤིན་རྗེའི་གཙོ། །གསོད་བྱེད་འབར་མ་འཇོག་པོ་ཀླུ། །སྲོག་གཅོད་ཤན་པ་མཆེད་བཞི་དང༌། །ས་བདག་བློན་པོ་རྩང་ཀུན་དང༌། །བདུད་ཀྱི་བློན་པོ་སྤྱང་ཀིའི་མགོ །གདེང་པ་སྙིང་དཀར་ཀླུ་ཡི་བློན། །འབྲོག་གནས་གནོད་སྦྱིན་བློན་པོ་དང༌། །འབྱུང་པོ་སེར་པོ་སྣ་ཡོན་པོ། །དེ་ལྟར་ཕོ་བདུད་ཉེར་གཅིག་རྣམས། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །ཡིད་ལ་བརྣགས་པའི་ལས་མཛོད་ཅིག །


TNT13_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་འདུལ་ནག་མོ་མཆེད་བཞི་ནི། །ནག་མོ་ཁྲག་གི་རལ་པ་ཅན། །སྲོད་ལ་དགྲ་བོའི་སྙིང་འབྱིན་མ། །ནག་མོ་ཞག་གི་རལ་པ་ཅན། །ནམ་ཕྱེད་དགྲ་བོའི་སྲོག་གཅོད་མ། །ནག་མོ་དུང་གི་རལ་པ་ཅན། །ཉི་ཤར་དགྲ་བོའི་བླ་དགུགས་མ། །ནག་མོ་ཟངས་ཀྱི་རལ་པ་ཅན། །ཐོ་རངས་དགྲ་བོའི་ཤ་ལ་རོལ། །དེ་ལྟར་ནག་མོ་མཆེད་བཞི་པོ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །སརྦ་ཨ་ན་ཡ་ཧཱུཾ་ཕཊ། ཏ་ཐ་ཡ་ཧཱུཾ་ཕཊ། ཅེས་རོལ་མོའི་སྒྲ་དང་བཅས་ཏེ་ལྷག་གཏོར་ཕྱི་རོལ་དུ་དོར་རོ། །གསུམ་པ་ཉེར་བསྡུའི་བྱ་བ་ལ། བསྟན་མ་བསྐུལ་བ། དངོས་གྲུབ་བླང་བ། བཟོད་གསོལ། དཀྱིལ་འཁོར་བསྡུ་བ། བདག་ཉིད་སྲུང་བ། སྨོན་ལམ་གདབ་པ་རྣམས་ཡོད་པ་ལས། དང་པོ་ནི། ཧོ་བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས། སྔོན་གྱི་དམ་བཅའ་ལས་མི་འདའ་བར། དཔལ་ཆེན་པོའི་ཕམ་ཕབས་ལ་གནོས་ཏེ། རྣལ་འབྱོར་པ་བདག་གི་གདོང་གྲོགས་ལ་འདིར་གཤེགས་ཤིག ཛཿཧཱུཾ་བཾ་ཧོཿ ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཛ། ཧཱུཾ་བཀའ་ཡི་ཚོགས་དང་བཅས་ཉིད་དུ། ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ཏེ། །འདིར་གཤེགས་དམ་དགོངས་གཏོར་མ་བཞེས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་མཛོད། །བདག་ཉིད་ཆེན་པོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ལྷ་


TNT13_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རི་རྡོ་རྗེ་གཡའ་མ་སྐྱོང༌། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་དུ་བཟང༌། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །བདུད་ཀྱི་བུ་མོ་ཆེན་མོ་ཁྱེད་བཞི་དང༌། །གངས་དཀར་ཤ་མེད་རྡོ་རྗེ་གཡུ་བུན་མ། །མཁའ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་རླུང་མོ་དང༌། །སྨངས་རི་རབ་འཇོམ་རྡོ་རྗེ་གྲགས་མོ་རྒྱལ། །གནོད་སྦྱིན་བུ་མོ་ཆེན་མོ་ཁྱེད་བཞི་དང༌། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༌། །བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་སིལ། །གཡུའི་དྲིལ་སྙན་རྡོ་རྗེ་ཟུར་ལེ་མ། །སྨན་བཙུན་བུ་མོ་ཆེན་མོ་ཁྱེད་བཞི་སྟེ། །བསྟན་མ་བཅུ་གཉིས་འཁོར་དང་བཅས་རྣམས་ཀྱང༌། །སྔོན་གྱི་ཐུགས་དམ་དམ་ཚིག་རྗེས་དགོངས་ནས། །ལྷབ་ལྷུབ་རིན་ཆེན་མང་པོའི་རྒྱན་དང་བཅས། །ཕོ་ཉ་བྲན་གཡོག་མང་པོའི་འཁོར་དང་བཅས། །སིལ་སྙན་རོལ་མོ་མང་པོའི་སྒྲ་དང་བཅས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཆེ་གེ་ཆེན་མོ་ཁྱེད་རྣམས་ཀྱང༌། །རྡོ་རྗེ་ཐོད་འཕྲེང་སྤྱན་སྔ་རུ། །ཞིང་ཆེན་ཚོགས་ཀྱི་མཆོད་བཀྲམ་ནས། །རྣམ་ལྔ་བདུད་རྩིའི་ལོངས་སྤྱོད་ཀྱིས། །དབང་བསྐུར་མིང་བཏགས་དམ་མནོས་ཏེ། །ཐར་པ་ཐོབ་པར་མིང་ཡང་གྲགས། །ལག་ཏུ་རྡོ་རྗེ་བྱིན་ནས་ནི། །རྡོ་རྗེ་འཛིན་པའི་གྲལ་དུ་བཞག །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །རྣལ་འབྱོར་སྒྲུབ་པོའི་གྲོགས་མཛོད་ཅིག །བཀའ་ཡི་གཏོར་མ་འདི་ལོང་ལ། །


TNT13_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ་བའི་ལས་རྣམས་གྲུབ་བར་མཛོད། ཅེས་བསྟན་མ་བསྐྱང་ངོ༌། །དེ་ནས་གཏོར་མ་ཟོར་དུ་འཕང་པའི་སྲོལ་ཡང་ཡོད་མོད། དཀྱུས་ལ་མི་དགོས་པས་ཇི་ལྟར་བདེ་བར་གཤེགས་ལས་བཞིའི་བྲོ་བརྡུང་བ་ནི། གཏོར་སྣོད་ཁ་སྦུབ་ལ། ཧཱུཾ་དང་པོ་གཏི་མུག་ཉིད་ལས་བྱུང༌། །བར་དུ་གཏི་མུག་ཉིད་ལ་འཁོར། །ཐ་མར་གཏི་མུག་ཉིད་ཀྱིས་འདུལ། །གཏི་མུག་རྡོ་རྗེའི་འཕྲིན་ལས་མཛད། །དངུལ་ལམ་དཀར་པོའི་ཤིང་དག་ལ། །མགོ་བོ་རྒྱ་མདུད་རྩེ་མོ་ཟླུམ། །ལོགས་ལ་བཞི་བའི་ལྷ་བསྒོམས་ཏེ། ཁོང་སྟོང་བྱང་ཆུབ་སེམས་ལུང་བསྟན། །རྩེ་མོ་ཟླུམ་པོ་ལྟ་བ་ཡིས། །ཐམས་ཅད་མ་ལུས་ཞི་བར་འགྱུར། །ཞི་བར་མ་གྱུར་གང་ཡང་མེད། །ཞི་བའི་ལྷ་ལ་ཕྱག་འཚལ་ལོ། །དེ་བཞིན་དུ་འདོན་པ་སྤོས་ལ། གཏི་མུག་ཅེས་པར། ང་རྒྱལ་ཞེས་དང༌། གསེར་རམ་སེར་པོའི་ཤིང་༴ མགོ་བོ་རྒྱ་མདུད་ཟུར་བཞི་རྩེ། །ལོགས་ལ་རྒྱས་པའི༴ ཁོང་སྟོང་༴ རྩེ་མོ་ཟུར་བཞི༴ ཞི་བ་ཞེས་པ་རྣམས་སུ་རྒྱས་པ། ཡང་དེ་བཞིན་དུ་གཏི་མུག་ཅེས་པར། འདོད་ཆགས། ཟངས་སམ་དམར་པོའི༴ རྩེ་ཟླ་གམ། ལོགས་ལ་དབང་གི༴ ཁོང་སྟོང་༴ རྩེ་མོ་ཟླ་གམ༴ ཞི་བའི་གནས་སུ་དབང་གི་དང༌། དབང་དུ༴ དབང་སྡུད་ལྷ༴ དེ་བཞིན་དུ །གཏི་མུག་ཅེས་པར། ཞེས་སྡང༌།ལྕགས་སམ་ནག་པོའི༴ ༴རྩེ་ཟུར་གསུམ། ལོགས་ལ་དྲག་པོའི༴ ཁོང་སྟོང་༴ རྩེ་མོ་ཟུར་གསུམ༴ མ་ལུས་


TNT13_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རླག་པར་འགྱུར། འཇོམས་པར་མ་གྱུར་འཇོམས་མཛད་ལྷ༴ རེ་རེའི་མཐར་ཀཱི་ལ་ཡ་སྦྱར་རོ། །དངོས་གྲུབ་བླང་བ་ནི། དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༌། །འཁོར་ལོ་རྒྱས་འདེབས་དགོངས་སུ་གསོལ། །དང་པོ་བསྙེན་པའི་དབུ་བཙུགས་ནས། །བསྙེན་པའི་དུས་ཀྱང་མཐའ་རུ་ཕྱིན། །དཀྱིལ་འཁོར་སྒྲུབ་པའི་སྒོ་རུ་ཞུགས། །དོ་ནུབ་ཡན་ཆད་ཞག་གྲངས་ཐེམས། །བཟླས་བརྗོད་གྲངས་ཀྱང་ཐེམས་ལགས་ཀྱི། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མགོན་པོ་ཐུགས་རྗེ་བྱོན་པ་ན། ཁྱེད་ཀྱི་ཐུགས་དམ་སྩལ་བས་ན། །འགྲོ་བ་མང་པོ་གྲོལ་སླད་དུ། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི། །སྒྲུབ་མཆོག་བདག་གི་རྣམ་རྟོག་སྦྱངས་པའི་ཕྱིར། །གསང་བ་བྱང་ཆུབ་སེམས་ཀྱི་དངོས་གྲུབ་སྩོལ། །བདེ་གཤེགས་ཀུན་འདུས་ཐུགས་དམ་རྒྱུད་བསྐུལ་ནས། །འགྲོ་བ་མ་ལུས་བྱང་ཆུབ་དོན་བྱས་ཏེ། །དཔལ་ཆེན་ཧེ་རུ་ཀ་ཡི་གོ་འཕང་མཆོག །ད་ལྟ་ཉིད་དུ་ཐོབ་པའི་དངོས་གྲུབ་སྩོལ། །ཧཱུཾ་མཛད་སྒྲ་འབྱིན་ཕག་དང་རྨིགས་པའི་མགོ །ཞེས་པ་ནས། གནོད་སྦྱིན་འཇིགས་མ་བདུད་རྩི་གསོད་བྱེད་མ། །དཔལ་གྱིས་བཀའ་གཉན་ཡེ་ཤེས་ལྷ་ཀུན་གྱི། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩལ་དུ་གསོལ། །འགྲོ་བ་དྲུག་ལ་ཐུགས་རྩེར་དགོངས་སུ་གསོལ། །རྫུ་འཕྲུལ་དབང་བའི་དངོས་གྲུབ་


TNT13_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་དུ་གསོལ། །སེམས་ལ་དབང་བའི༴ ཡེ་ཤེས༴ ཚེ་ལ༴ སྐྱེ་བ༴ ཆོས་ལ༴ ཡོ་བྱད༴ ལས་ལ༴ སྨོན་ལམ༴ མོས་པ༴ བསྡུ་དངོས་བཞི་ཡི༴ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། ཁམས་གསུམ་བསྒྲལ་བའི་དངོས་གྲུབ་སྩལ་དུ་གསོལ། ཁྲོ་རྒྱལ་སྐུ་ཡི༴ གསུང་གི༴ ཐུགས་ཀྱི༴ ཡོན་ཏན་འཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཤྭ་ན་ལ་སོགས་བཀའ་ཡི་ཕོ་ཉའི་ཚོགས། །སྒྲུབ་པ་རྟགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མ་ཚོགས་ནམ་གྲུ་རེ་མ་ཏཱི་ཡི་ཚོགས། །ཕོ་ཉ་བཀའ་སྡོད་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེ་ཡ་སྦྱིན་ལ་སོགས་དམ་ཅན་ཚོགས། །རྫུ་འཕྲུལ་དྲག་པོའི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ལྷ་དང་མཁའ་འགྲོ་སྲུངས་མའི་ཚོགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དཀྱུས་ཀྱི་ཆོ་གའི་ཡན་ལག་ལ་ངེས་པར་དགོས་པ་མིན་ཡང་སྐབས་འདིའམ། གོང་འཛབ་བཟླས་ཀྱི་མཐར། ཚེ་ཆོག་ལོགས་སུ་ཡོད་པ་ལྟར་རང་གཞན་གྱི་དོན་དུ་སྤྲོ་ན་བྱ་སྟེ། དེའི་ཚེ་ཚེ་ཆོག་གི་མཐར་མཆོད་བསྟོད་ཀྱང་བྱའོ། །གང་ལྟར་ཡང་དེ་རྗེས་ཡིག་བརྒྱ་མང་དུ་བཟླས་པའི་མཐར། ལྟ་བ་སྤངས་པས་ཆོས་ཉིད་དོན་མ་རྟོགས། །སྒོམ་པ་ཡུན་ཐུང་ཡི་དམ་ལྷ་མ་གསལ། །བསྙེན་སྒྲུབ་ཡུན་ཐུང་དངོས་གྲུབ་མཐུ་མ་བརྙེས། །འབད་རྩོལ་ཆུང་བས་སློབ་དཔོན་ཐུགས་མ་དགྱེས། །


TNT13_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་གདུང་ཆུང་པས་མཆེད་ལྕམ་ཐུགས་དང་འགལ། །ལེ་ལོ་སྙོམས་ལས་མཆོད་པ་མ་ཚང་བས། །ཡེ་ཤེས་ལྷ་སྤངས་དངོས་གྲུབ་གཡེལ་བའི་རྒྱུ། །དེ་སོགས་ནོངས་པར་གྱུར་པ་ཅི་བགྱིས་པ། །བཀྲ་བའི་ལྷ་ཚོགས་སྤྱན་སྔར་མཐོལ་ལོ་བཤགས། །ཉེས་སྐྱོན་ཐམས་ཅད་དབྱིངས་སུ་དག་གྱུར་ཅིག །མ་འབྱོར་པ་དང༌། སོགས་སྤྱི་དང་འདྲ་བར་བཟོད་གསོལ་བྱས། ཨོཾ་ཁྱོད་ཀྱིས་སེམས་ཅན་སོགས། འཇིག་རྟེན་པ་རྣམས་གཤེགས་སུ་གསོལ། ཉི་མ་ཐ་མ་ལ་ཡིན་ན་དཀྱིལ་འཁོར་གྱི་འཁོར་ལོ་རང་གི་སྙིང་གར་བསྡུས་ནས་འོད་གསལ་དུ་མཉམ་པར་བཞག །ཨཱ་ཀ་རོའི། སྔགས་ཀྱིས་ལས་རྗེས་བསྡུ་བ་སྤྱི་དང་འདྲ། དགེ་འདིས་མཐའ་ཡས་སེམས་ཅན་ཀུན། །རྡོ་རྗེ་གཞོན་ནུའི་ཀཱི་ལ་ཡའི། །གོ་འཕང་བྱང་ཆུབ་མྱུར་ཐོབ་ནས། །བདུད་ལས་རྣམ་པར་རྒྱལ་བར་ཤོག །ཅེས་སོགས་སྨོན་ལམ་གདབ་ཅིང༌། ཧུཾ་སྐྱེ་མེད་ཆོས་སྐུའི་རང་བཞིན་རྣམ་དག་ལས། །ཐུགས་དམ་དབང་གིས་གཟུགས་ཀྱི་སྐུ་སྤྲུལ་པ། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །མི་འགྱུར་རྟག་པའི་དོན་གྱི་བཀྲ་ཤིས་ཤོག །འཁོར་ལོ་རྒྱས་འདེབས་ཡུམ་གྱི་བཀྲ་ཤིས་ཤོག །སྤྲུལ་པའི་ཁྲོ་རྒྱལ་བཅུ་ཡི་བཀྲ་ཤིས་ཤོག །ཤེས་རབ་ཁྲོ་མོ་བཅུ་ཡི་བཀྲ་ཤིས་ཤོག །ཡང་སྤྲུལ་ཕྱག་བརྙན་ཚོགས་ཀྱི་བཀྲ་ཤིས་ཤོག །ཡེ་ཤེས་སྒོ་སྐྱོང་བཞི་ཡི་བཀྲ་ཤིས་ཤོག །འཕྲིན་ལས་སྲས་མཆོག་རྣམས་ཀྱི་བཀྲ་ཤིས་ཤོག །དམ་ཅན་བཀའ་སྡོད་ཚོགས་ཀྱི་བཀྲ་ཤིས་ཤོག །དགེ་ལེགས་འབྲས་བུར་སྨིན་པའི་བཀྲ་ཤིས་ཤོག །


TNT13_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་ཤིས་བརྗོད་ཀྱི་ཁྱད་པར་ཇི་ལྟར་འོས་པ་བརྗོད་དོ། །དེ་ལྟར་དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ཆོ་ག་བདུད་འཇོམས་རོལ་པ་ཅེས་བྱ་བ་འདི་ནི། འཁོན་ལུགས་ཀྱི་ལས་བྱང་རྙིང་པ་ས་ཆེན་གྱིས་མཛད་པར་ཡངབྱེད་པ་འདི་ལ་གཙོ་བོར་བརྟེན། དེ་ཡང་སྣུབས་ལུགས་ཀྱི་ལས་བྱང་དང་ཕལ་ཆེར་མཐུན་པར་འདུག་ཅིང༌། གཞན་ཁ་སྐོངས་དགོས་པ་ཡང་གདམས་ངག་དྲུག་པ་དང༌། །སྐྱི་ལུགས་སོགས་སྔགས་རྙིང་བཀའ་མ་རྣམས་ཀྱི་རྗེས་སུ་འབྲངས་ཤིང༌། གསར་མའི་རྒྱས་འགེབས་སོགས་སྤངས་ཏེ་རང་ལུགས་གཙང་ཞིང་དག་པར་བརྗོད་པ་ནི། རྒྱལ་ཁམས་པ་ཏཱ་ར་ནཱ་ཐའི་སུག་ལས་སོ།། །།ཞུས་དག། རབ་ཏུ་དཀར་བའི་རྟེན་བཞེངས་འདིས། །བདག་ཅག་གིས་ནི་ཐོག་མེད་ནས། །སྡིག་ལྟུང་གང་བསགས་ཡོངས་དག་སྟེ། །རླབས་ཆེན་ཚོགས་གཉིས་མཐར་ཕྱིན་ཤོག །འདི་ཡང་གྲོགས་ལ་མཁོ་ཕྱིར། མ་ཏིས་བྲིས། །

སློབ་མ་དབང་བསྐུར་བར་བྱེད་པའི་ཚུལ།


TNT13_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་དབང་བསྐུར་བར་བྱེད་པའི་ཚུལ་བཞུགས་སོ། །


TNT13_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་དབང་བསྐུར་བར་བྱེད་པར་འདོད་ན། ནང་པར་དཀྱིལ་འཁོར་དུ་འཇུག་པ་བྱེད་རྒྱུའི་དེང་གི་ཉིན་པར་ཏེ། དགོངས་ཁའི་དུས་སུ་སློབ་མ་རྣམས། དཀྱིལ་འཁོར་ཁང་པར་འཚོག་ན་དཀྱིལ་འཁོར་ལ་ཡོལ་བ་འཐུག་པོ་བཏང་སྟེ་བསྒྲིབས། དཀྱིལ་འཁོར་མ་བཤམས་པའི་སྔོན་དུ་ཡིན་ན་ཡང༌། རྡུལ་ཚོན་བུམ་པ་སོགས་མི་མཐོང་བའི་ཕྱིར་སྒྲིབ་པ་ལེགས། དཀྱིལ་ཆོག་རྡོ་རྗེ་ལས་རིམ་ལྟར་ན་སྤྱི་དང་མཐུན་ཡང༌། ཕུར་པའི་ཆོས་སྐོར་གྱི་རྩ་བའི་གཞུང་རྣམས་ཀྱི་བཞེད་དགོངས་མིན་པས། སྟ་གོན་རྣམ་བཞིའི་རིམ་པ་སོགས་གསར་མ་དང་སྦྱར་བ་དགོས་པའི་ངེས་པ་མེད་པས། སློབ་མ་སྟ་གོན་ཇི་ལྟར་སྐབས་སུ་བབ་པ་ལ་བྱ། དེ་ཡང་སློབ་མ་རྣམས་གུ་གུལ་གྱིས་བདུག་ཁྲུས་བྱས། གྲལ་ལ་འཁོད། མེ་ཏོག་བཀྱེ་བསྡུ་བྱ། བླ་མས་ཆོས་བཤད་བྱས་ནས་མཎྜལ་འབུལ་དུ་བཅུག །སྐྱེ་རྒ་ན་དང་འཆི་བ་ཡི། །ཆུ་སྲིན་ལ་སོགས་འཇིགས་བྱེད་ལས། །འདོན་པར་མཛད་པ་ཁྱོད་འབའ་ཞིག །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཞེས་པ་ནས། མགོན་པོས་


TNT13_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་གཞུག་ཏུ་གསོལ། ཞེས་ལན་གསུམ་རྗེས་ཟློས་ཀྱི་གསོལ་བ་བཏབ། བུ་ཚུར་གསང་བའི་ཆོ་ག་ནི། ཁྱོད་ལ་ཡང་དག་བསྟན་པར་བྱ། ཁྱོད་ནི་གསང་བའི་སྣོད་ཡིན་ཏེ། །དམ་ཚིག་དམ་པ་བསྟན་པར་བྱ། །བྱང་ཆུབ་སེམས་ཀྱང་བསྐྱེད་པར་བྱ། །འཁོར་བ་དག་ལས་བསྐྱབ་པར་བྱ། །དཀྱིལ་འཁོར་ཆེན་པོར་བཞུག་པར་བྱ། །ཕྱི་ནང་གསང་བའི་དབང་བསྐུར་རོ། །ད་ནི་དད་པ་བསྐྱེད་པར་བགྱི། ཞེས་པ་ཙམ་མམ་སྤྲོ་ན། རྫོགས་པའི་སངས་རྒྱས་གང་འདས་དང༌། ཞེས་པའང་བརྗོད་དེ་སྤྲོ་བ་བསྐྱེད། བདག་གི་སྡིག་པ་བགྱིས་པ་དང༌། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །མ་ལུས་དེ་དག་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །སྒོམ་དང་བཟླས་བརྗོད་བསོད་ནམས་ཀྱི། །ཚོགས་ལ་བདག་ནི་ཡིད་རང་ངོ༌། །སེམས་བསྐྱེད་མངོན་པར་སངས་རྒྱས་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །བྱང་ཆུབ་སེམས་དཔའི་


TNT13_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་མཆོག །དེ་ལ་བདག་ནི་སྐྱབས་སུ་མཆི། །སེམས་ཅན་མ་ལུས་སྲིད་པར་ལྷུང༌། །འགྲོ་བ་རྣམས་ལ་ཕན་པའི་ཕྱིར། །བདག་གི་དེ་རིང་ཉིད་དུ་ནི། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བདེ་གཤེགས་རྒྱལ་བ་འཁོར་བཅས་པ། །མ་ལུས་བདག་ལ་དགོངས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །ཞེས་པ་ནས། མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱིས་ནི་བསླབ་པ་དང༌། ནས། སོ་སོར་བརྟན་པོར་བཟུང་བར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སངས་རྒྱས་ཉིད་དུ་བསྒྲུབས་ནས་ནི། །འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བྱང་ཆུབ་གནས་སུ་སྒྲོལ་བར་ཤོག རྒྱུན་གཤགས་དང་སྡོམ་བཟུང་འདི། རྩ་བ་ལུགས་ཀྱི་དབང་བསྐུར་ལ་བྱེད་ལ་མནའ་སྣམ་པའི་ལུགས་དང་ཀྱི་ལུགས་སོགས་ལ་མི་བྱེད་དོ། །དངོས་སུ་མཎྜལ་ཚོམ་བུ་ལྔ་པ་ཞིག་བཤམས། ཁྱེད་རང་རྣམས་ཀྱི་མོས་པ་ལ། མཎྜལ་འདི་ཉིད་གཞལ་མེད་ཁང་དུ་མོས། །ཚོམ་བུ་ལྔ་པོ་གདོད་ནས་གྲུབ་པའི་རྒྱལ་བ་རིགས་ལྔར་གྱུར། པུཥྤེ་སོགས་མཆོད་པ་ལྔ་ཕུལ། ཨོཾ་བི་ཤུདྡྷེ་སརྦ་ཧི་ན་ཧཱུཾ་ཕཊ། ཅེས་སློབ་མ་བསངས། ཡུངས་ཀར་གཏོར་ལ་སུམྦྷ་བཟླས་པས་བགེགས་བསྐྲད། མཎྜལ་གྱི་དབུས་ཀྱི་རྡོ་རྗེ་སེམས་དཔའ་ལས་རྡོ་རྗེ་སེམས་དཔའ་གཉིས་པ་ཆད་ནས་ཁྱེད་རང་རྣམས་ལ་ཐིམ། ཁྱེད་རང་རྣམས་རྡོ་རྗེ་སེམས་དཔའི་སྐུར་གྱུར། གནས་གསུམ་དུ་བདུད་རྩིའི་ཐིག་ལེ་བྱས་ལ། ཨོཾ་ཙཀྲ་སྭཱ་ཧཱ་ཨོཾ། ཨཱཿཔདྨ་སྭཱ་ཧཱ་ཧྲཱིཿ


TNT13_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་བཛྲ་སྭཱ་ཧཱ་ཧཱུཾ། ཞེས་བརྗོད་ལ། སྐུ་གསུང་ཐུགས་སུ་སྦྱོར་བ་ཡི། །ལུས་ངག་ཡིད་གསུམ་སྲུང་བ་དང༌། །རྣམ་ཐར་གསུམ་ལ་འགོད་པའི་ཕྱིར། །བྱིན་གྱིས་རླབས་པའི་གནས་མཛོད་ཅིག དཔུང་སྐུད་བཅིང་པའང་སྤྱི་དང་འདྲ་སྟེ། ཧཱུཾ་ཞེས་དྲག་ཏུ་བཟླ་བ་དང༌། སྙིང་པོ་འབྲུ་བཅུ་དྲུག་པས་བསྲུང་བ་བྱ། རྡོ་རྗེ་སྲུང་བའི་དོན་དུ་ནི། །བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བཏབ། །ལུས་ཀྱི་ཉེས་པ་བསལ་བ་དང༌། །སྲུང་དང་སྟ་གོན་གནས་པར་མཛོད། ཅེས་བརྗོད། སོ་ཤིང༌། ཨོཾ་བཛྲ་དན་ད་སམྦ་ར་ཏིཀྵ་ཎ་སྭཱ་ཧཱ། ཞེས་པས་བྱིན་གྱིས་རླབས་ཤིང་སློབ་མར་གཏད། །ངག་གི་ཉེས་པ་བསལ་བའི་ཕྱིར། །དུར་ཁྲོད་སོ་ཤིང་དམ་པ་ནི། །དཀྱིལ་འཁོར་སྟེང་དུ་རབ་ཏུ་དོར། །དབང་གི་ལྷ་རྣམས་བསྟན་དུ་གསོལ། ཞེས་བརྗོད་ནས་འདོར་དུ་གཞུག།ཁྱོར་ཆུ་སྦྱིན་པ་སྤྱི་དང་འདྲ། །ཟབ་མོའི་ཆོས་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། ཡོད་མེད་དག་ལས་རྣམ་པར་འདས། །ནམ་མཁའ་ལྟ་བུར་དྲི་མ་མེད། །རབ་ཏུ་རྟོག་མེད་གནས་མེད་པ། །སྤྲོས་པ་ཐམས་ཅད་སྤངས་པ་ཡིན། ཞེས་བརྗོད་ཅིང་དེའི་དོན་བསམ་དུ་གཞུག།འདི་ནི་ཡིད་དག་པར་བྱེད་པ་སྟེ། སྤྲོ་ན་དེའི་རྗེས་སུ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག ཅེས་སོགས་སྤྲོ་བ་བསྐྱེད་པའང་འགྲུབ་ན་ལེགས། དེ་རྗེས་ཡི་གེ་འབྲུ་གསུམ་གྱིས་བསྔགས་པའི་རྩྭའི་སྔས་དང་གདན་གཏད། བུ་ཀྱེ་སང་ནས་དཀྱིལ་འཁོར་མཆོག །ཅེས་སོགས་ཉལ་བར་གདམས་ཤིང་རྨི་ལམ་བརྟག་པ་སྤྱི་དང་མཐུན་ཏེ་སློབ་མ་སྟ་གོན་གྱི་ཆོ་གའོ། །


TNT13_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ནང་པར་དངོས་གཞིའི་སྐབས་སུ། བདག་འཇུག་དང་སློབ་མ་ལ་དབང་བསྐུར་བ་ནི། ལྷག་གཏོར་གྱིས་བྱེད་ཀྱང་ལེགས་པའི་སྐབས་ཞིག་ཡོད་མོད། འོན་ཀྱང་བཟླས་པའི་གཞུག་གི་བསྟོད་པ་སོང་བའི་མཚམས་དེར། དང་པོར་བདག་འཇུག་ལེན་པར་སྤྲོ་ན་འདི་ལྟར་བྱ་སྟེ། དེ་ལ་སྡོམས་ནི། གསོལ་བཏབ་དྲི་ལན་ལྷ་ལ་ཞུ། །ནང་འཇུག་ཕྱག་འཚལ་རྒྱུན་བཤགས་བྱ། །སྡོམ་བཟུང་མིག་དར་མེ་ཏོག་གཏད། །དམ་བཞག་ཡེ་ཤེས་དབབ་པ་དང༌། །ལྟས་བརྟག་མེ་ཏོག་འབུལ་བ་དང༌། །མིག་དར་བསལ་ལ་མེ་ཏོག་བཅིངས། །བལྟར་བསྐུལ་ལྷ་ངོ་དེ་ཉིད་བསྟན། །གསོལ་བཏབ་བགེགས་བསྐྲད་ཆུ་དབང་དང༌། །དབུ་རྒྱན་རྡོ་དྲིལ་མིང་ཕྱག་མཚན། །སློབ་དཔོན་དབང་ལ་གསོལ་གདབ་དང༌། །སློབ་མ་ལྷར་བསྐྱེད་རྡོ་དྲིལ་གཏད། །ཆུ་དབང་བསྐུར་ལ་བརྟན་བཞུགས་བྱ། །རིགས་ལྔའི་ཕྱག་མཚན་ཆོས་དུས་གཏོད། །བཀའ་ཡི་གནང་བ་རྗེས་གནང་ཡིན། །གསང་བའི་དབང་ལ་གསོལ་གདབ་དང༌། །དབང་བསྐུར་དངོས་དང་ལུང་བསྟན་ནོ། །ཤེར་དབང་གསོལ་བཏབ་ཐོག་མར་གདམས། །དྲི་བ་དྲི་ལན་གདབས་པ་དང༌། །རིག་མ་གཏད་དེ་དབུགས་དབྱུང་བྱ། །བཞི་པ་ལ་ཡང་གསོལ་བཏབ་དང༌། །བདུད་རྩི་སྦྱིན་ནས་བརྗོད་བྲལ་བསྒོམ། །དེ་རྗེས་དམ་ཚིག་བརྟན་པར་བྱ། དེ་ལྟར་སྡོམས་བློ་ཡུལ་དུ་ངེས་པར་བྱས་ནས། །དང་པོ་གསོལ་བཏབ་ནི། །བླ་མ་སངས་རྒྱས་ཀུན་དང་མཉམ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །རྡོ་རྗེ་གཞོན་ནུ་འཁོར་དང་བཅས། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །མྱ་ངན་འདས་པའི་གྲོང་ཁྱེར་དུ། །སློབ་


TNT13_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱི་ནི་བདག་གཞུག་གསོལ། གཉིས་པ་དྲི་བ་ནི། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །འདོད་དོན་གང་ཡིན་ཁྱོད་ཀྱིས་སྨྲོས། གསུམ་པ་ལན་ནི། སྐལ་བཟང་བདག་ནི་བདེ་ཆེན་ལའོ། །བདག་ནི་གསང་བའི་དཀྱིལ་འཁོར་དུ། །རབ་ཏུ་འཇུག་པར་འཚལ་ལགས་སོ། །བཞི་པ་ལྷ་ལ་ཞུ་བ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱིད། ལྔ་པ་ནང་དུ་འཇུག་པ་ནི། ཨོཾ་བཛྲ་ཀཱི་ལི་སོགས་དང་ཨཱ་ཁཾ་པཱི་ར་སོགས། སློབ་མ་དབང་བསྐུར་གྱི་དུས་སྐབས་འདིར་ཡོལ་བ་བསལ། དྲུག་པ་ཕྱག་འཚལ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །བདེ་གཤེགས་རྒྱལ་བ་འཁོར་བཅས་ལ། །ལུས་ངག་ཡིད་གསུམ་ཕྱག་འཚལ་ལོ། །རྒྱུན་བཤགས་ཀྱི་སྔོན་དུ། སྡོམ་པ་སྒྲགས་པ་བྱེད་པར་སྤྲོ་ན། སངས་རྒྱས་ཆོས་དང་དགེ་འདུན་ཏེ། ཞེས་པ་ནས། ཅི་ནུས་བགྱི། ཞེས་པའི་བར་སྤྱི་དང་མཐུན་པ་བྱེད་པར་བཤད་ཀྱང༌། བསྡུ་ན་ངེས་པར་དགོས་པའང་མིན་པས། བདག་གི་སྡིག་པ་ཞེས་པ་ནས། གནས་སུ་སྒྲོལ་བར་ཤོག གི་བར་སློབ་མ་སྟ་གོན་གྱི་བར་བཞིན། བདུན་པ་རྒྱུན་བཤགས་དང༌། བརྒྱད་པ་སྡོམ་བཟུང་ལན་གསུམ་བྱ། དགུ་པ་མིག་དར་ནི། ཨཱ་ཁཾ་བཱི་ར་ཧཱུཾ་གིས་བཅིངས། བཅུ་པ་མེ་ཏོག་ཀྱངཨཱ་ཁཾ་བཱི་ར་ཧཱུཾ་གིས་བཟུང༌། །བཅུ་གཅིག་པ་དམ་ལ་


TNT13_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ་ནི། རིགས་ཀྱི་བུ་ཁྱོད་ཚུར་ཉོན་ཅིག། དེ་རིང་བདེ་གཤེགས་ཐམས་ཅད་ཀྱི། །ནང་དུ་ཁྱོད་ནི་བཞུགས་པ་ཡིན། །སློབ་དཔོན་ལུང་བསྟན་ངས་ཀྱང་ནི། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡི། །ཡེ་ཤེས་ཁྱོད་ལ་བསྐྱེད་པར་བྱ། །རྣལ་འབྱོར་བུ་མཆོག་ཁྱོད་ཀྱིས་ནི། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི། །དངོས་གྲུབ་དམ་པ་ཐོབ་འགྱུར་ན། །དངོས་གྲུབ་གཞན་རྣམས་ལྟ་ཅི་སྨོས། །དཀྱིལ་འཁོར་ཆེན་པོ་མ་མཐོང་བའི། དྲུང་དུ་སྨྲ་བར་མ་བྱེད་ཅིག ཅེས་དང༌། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི། །དེ་རིང་ཁྱོད་ཀྱི་སྙིང་ལ་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། ཞེས་དང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུས་འདིས་འགྲུབ། ཨོཾ་བཛྲ་པཉྩ་ཨ་མྲྀ་ཏ་ཧ་ན་ཧ་ན་ཌ་ཧཱུཾ་ཕཊ། ཅེས་དང༌། དེང་ནས་བརྩམས་ཏེ་ཐམས་ཅད་དུ། །རྡོ་རྗེ་གཞོན་ནུ་ང་ཡིན་གྱི། །ང་ཡིས་སྨྲས་པ་བུ་ཡིས་གྱིས། །ང་ལ་བརྙས་པར་མ་བྱེད་ཅིག ཁྱོད་ཀྱིས་གལ་ཏེ་བརྙས་ན་ནི། ཁྱོད་ནི་སྡུག་བསྔལ་དང་བཅས་ཏེ། །ཚེ་ཡི་འདུ་བྱེད་བཏང་ནས་ནི། །སེམས་ཅན་དམྱལ་བ་ཆེན་པོར་ལྷུང༌། བཅུ་གཉིས་པ་ཡེ་ཤེས་དབབ་པ་ནི། སློབ་དཔོན་ཆེན་པོ་དགོངས་སུ་གསོལ། །སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །རྡོ་རྗེ་གཞོན་ནུའི་འཁོར་བཅས་རྣམས། །དེ་རིང་བདག་ལ་དབབ་


TNT13_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསོལ། ལན་གསུམ། རང་གི་སྙིང་གར་ཧཱུཾ་ཡིག་སྔགས་ཀྱི་འཕྲེང་བ་དང་བཅས་པ་མེ་འོད་རབ་ཏུ་འབར་བ་དང་བཅས་པ་འཁོད་པར་གྱུར། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པའི་ཐུགས་ཀ་ནས། རྡོ་རྗེ་མཁའ་འགྲོ་མ་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་སྤྲུལ་ཞིང་སྤྲོས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཐམས་ཅད། རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། རང་གི་བ་སྤུའི་བུ་ག་ནས་ཞུགས། སྙིང་གའི་ས་བོན་སྔགས་བཅས་ལ་ཐིམ། སྡིག་སྒྲིབ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། ལུས་ནང་ཐམས་ཅད་འོད་ཀྱིས་གང་བར་གྱུར། འབྲུ་བཅུ་དྲུག་པའི་སྔགས་ཀྱི་མཐར། ཨོཾ་བཛྲ་ཨ་བེ་ཤ་ཡ་ཨ་ཨ་ཨ། ཞེས་ལན་བརྒྱ་རྩ་སོགས་བརྗོད། ཏིཥྛ་བཛྲ་བཅུ་གསུམ་པ་ལྟས་བརྟག་པ་ནི། །ལས་དང་མཐུན་པའི་ནམ་མཁའི་ཁ་དོག་མཐོང༌། སློབ་མ་དབང་བསྐུར་གྱི་སྐབས། ནམ་མཁའི་ཁ་དོག་སྐབས་འདིར་འབྲི། བཅུ་བཞི་པ་མེ་ཏོག་བུལ་བ་ནི། ཨོཾ་དྲི་ཞིམ་མེ་ཏོག་དམ་པ་འདི། །དཀྱིལ་འཁོར་དམ་པར་དབུལ་བར་བགྱི། ཨོཾ་པྲཏཱིཙྪ་བཛྲ་ཧོ། བཅོ་ལྔ་པ་མིག་དར་བསལ་བ་ནི། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས། ཁྱོད་ཀྱི་མི་ཤེས་རབ་རིབ་བསལ། ཨོཾ་པྲ་བ་ར་ཤ་ཡ་ཕཊ།


TNT13_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་པ་མེ་ཏོག་བཅིངས་པས་དབང་བསྐུར་བ་ནི། སྟོབས་དང་ལྡན་པའི་སེམས་ཅན་ཁྱོད། །མེ་ཏོག་འཕྲེང་བས་དབང་བསྐུར་རོ། །ཨོཾ་ཨཱཿཧཱུཾ ཨ་བྷི་ཥིཉྩ་མཾ། མེ་ཏོག་སྤྱི་བོར་བཅིངས། བཅུ་བདུན་པ་བལྟ་བར་བསྐུལ་བ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཤེས་རབ་རྣམ་གསུམ་རབ་ཏུ་སྐྱེད། །ཁྱོད་ནི་ཐུགས་ཀྱི་རིགས་སུ་སྐྱེ། །བདེ་བར་གཤེགས་པས་བྱིན་གྱིས་བརླབས། །དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར། །རིགས་དྲུག་སེམས་ཅན་ཐམས་ཅད་ལ། །བུ་བཞིན་སྙིང་རྗེ་ཀུན་ནས་བསྐྱེད། །གསང་བའི་ཆོས་ལ་དད་པར་གྱིས། བཅོ་བརྒྱད་པ་ལྷ་ངོ་ནི། སློབ་མ་དབང་བསྐུར་གྱི་སྐབས། རྟེན་གྱི་དཀྱིལ་འཁོར་གྲུབ་པ་ནི། ནམ་མཁའི་ཁམས་སུ་ཞེས་པ་ནས། གདན་རྣམས་སུ་གྱུར། ཞེས་པའི་བར་དང༌། བཅོམ་ལྡན་འདས་དཔལ་ཆེན་པོ་ཧེ་རུ་ཀ་ནས། གཉིས་མེད་འཁྱུད་ཅེས་པའི་བར་དང༌། ཁྲོ་བོ་བཅུ་འཁོར་དང་བཅས་པར་གྱུར་པ་ནས། དཔག་ཏུ་མེད་པ་དང་བཅས་པར་གྲུབ་པར་གྱུར། ཞེས་པའི་བར་ས་བོན་དང་སྔགས་རྣམས་བོར་བའི་སྒོ་ནས་ལྷ་ངོ་བོ་བསྟན། སྐབས་འདིར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་གསལ་བར་གྱུར་ཞེས་བརྗོད། བཅུ་དགུ་པ་དེ་ཁོ་ན་ཉིད་ཀྱི་བསྟན་པ་ནི། དཀྱིལ་འཁོར་གྲུ་བཞིར་གྱུར་པ་ནི། །ཚད་མེད་བཞི་རྣམས་དག་པའི་རྟགས། །སྒོ་བཞི་དྲན་པ་ཉེར་བཞག་བཞི། །གསལ་བར་དག་པའི་རྟགས་ཡིན་ནོ། །རྟ་བབས་ཡང་དག་སྤོང་བ་བཞི། །རྣམ་པར་


TNT13_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་རྟགས་ཡིན་ནོ། །དྲ་བ་དྲ་ཕྱེད་འཕྱང་བ་ནི། །ཉོན་མོངས་ཉེ་ཉོན་རྣམ་དག་པའོ། །ཀ་བ་བརྒྱད་ཀྱིས་དབུས་བརྒྱན་པ། །འཕགས་ལམ་བརྒྱད་པོ་རྣམ་དག་རྟགས། །རིན་ཆེན་ཕ་གུ་ལ་སོགས་རྒྱན། །ཚུལ་ཁྲིམས་རྣམ་པར་དག་པའོ། །རྡོ་རྗེའི་རྭ་བས་བསྐོར་བ་ནི། །ཆོས་ཀྱི་འཁོར་ལོ་དག་པའི་རྟགས། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི། །རྣམ་ཤེས་ཚོགས་བརྒྱད་རྣམ་དག་པའོ། ཁྲོ་བོ་ཆེན་པོ་བཅུ་རྣམས་ནི། །མི་དགེ་བཅུ་རྣམས་དག་པ་སྟེ། །དེ་རྣམས་ཀུན་གྱི་ཡོན་ཏན་གྱི། །ཆོས་རྣམས་རྣམ་དག་ཡུམ་རྣམས་སོ། །སྟོབས་བཅུ་རྣམ་དག་ཁྲོ་བོ་དང༌། །དབང་བཅུ་རྣམ་དག་ཡུམ་རྣམས་ཏེ། །སྟོང་ཉིད་རྣམ་དག་ཕྱག་བརྙན་ལ། །ཚངས་གནས་དག་པའི་སྒོ་སྲུང་སོ། །དེ་ལྟར་ན་དཀྱིལ་འཁོར་དུ་ཞུགས་པ་ནི། དད་པའི་ས་ཚོགས་ཀྱིས་ལམ་མོ། །ཉི་ཤུ་པ་དབང་དངོས་གཞིའི་དོན་དུ་གསོལ་བ་གདབ་པ་ནི། མཎྜལ་ཕུལ་ལ། སློབ་དཔོན་དམ་པ་དགོངས་སུ་གསོལ། །རྡོ་རྗེ་གཞོན་ནུའི་དབང་བསྐུར་བ། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །ཕྱིར་མི་ལྡོག་པའི་དབང་སྩོལ་ཅིག ལན་གསུམ། ཉེར་གཅིག་ལ་བགེགས་བསྐྲད་པ་ནི། སློབ་མ་དབང་བསྐུར་གྱི་སྐབས། གུ་གུལ་བདུག །ཡུངས་ཀར་གྱིས་བྲབས། །བདེན་པ་ངར་དང་བཅས་ཏེ་བགེགས་སྐྲོད་པའི་ཚིག་བརྗོད་དགོས་ལ། བདག་འཇུག་གི་སྐབས ཀཱི་ལི བཟླས་ཤིང་རྡོ་རྗེ་གསོར་རོ། ཉེར་གཉིས་པ་ཆུ་དབང་ནི། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ།


TNT13_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་དབང་རྫས་སྟོང་པའི་ངང་ལས། པད་ཉི་ལ་གནས་པའི་ཧུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། བཛྲ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་མཐིང་ནག །རྡོ་རྗེ་དང་དྲིལ་བུ་འཛིན་པ། དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧུཾ། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དབང་རྫས་ཀྱི་ལྷ་ཞུ་བ་ལས་ཡེ་ཤེས་བུམ་པའི་ཆུར་གྱུར། ཆེ་བའི་ཡོན་ཏན་ཀུན་རྫོགས་ཤིང༌། །བྱང་ཆུབ་སེམས་ཆུས་རབ་གང་བ། །རྣམ་པར་དག་པའི་བུམ་པ་འདིས། དེ་རིང་བུ་ཁྱོད་དབང་བསྐུར་རོ། །ཨོཾ་བཛྲ་ཨབྷི་ཥིཙྪ་ཧཱུཾ། ཨརྒྷ྄ཾ་པུཥྤེ་ནས་ཤབྷའི་བར་གྱིས་མཆོད། ཉེར་གསུམ་པ་ཅོད་པན་གྱི་དབང་ནི། གཞན་རྣམས་དེ་དང་འདྲ་བ་ལས། པདྨ་དང་ཉི་མའི་སྟེང་དུ་སྭཱ་ལས་རིན་པོ་ཆེ་སྭཱས་མཚན་པ་ལས། རཏྣ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་སེར་པོ། རིན་པོ་ཆེ་དང་དྲིལ་བུ་འཛིན་པ། དུར་ཁྲོད་ཀྱི་ནས། ཞུ་བ་ལས་བྱུང་བའི་ཅོད་པན་དུ་འགྱུར་གྱི་བར་གོང་བཞིན། དེ་བཞིན་གཤེགས་པ་ཀུན་གྱི་རྒྱན། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །དབུ་རྒྱན་རིན་ཆེན་དམ་པ་དང༌། །དར་དཔྱངས་དག་གིས་དབང་བསྐུར་རོ། །ཨོཾ་བཛྲ་མུ་ཀུ་ཊ་རཏྣ་ཨ་བྷི་ཥིཉྩ་ཏྲཾ། གོང་བཞིན་མཆོད། ཉེར་བཞི་པ་རྡོ་རྗེའི་དབང་ནི། སྔ་མ་གཉིས་ལ་འདོན་པ་བསྒྱུར་ཏེ། ཨ་ལས་པདྨ་ཨས་མཚན་པ། པདྨ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་དམར་པོ། པདྨ་དང་དྲིལ་བུ་འཛིན་པ༴ རྡོ་


TNT13_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

རྗེར་གྱུར། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་བྱང་ཆུབ་སེམས་ཡིན་ཏེ། །གཉིས་མེད་དོན་གྱི་ངོ་བོ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། ཨོཾ་བཛྲ་བོདྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། མཆོད། ཉེར་ལྔ་པ་དྲིལ་བུའི་དབང་ནི། ཧཱ་ལས་རྒྱ་གྲམ་ཧཱས་མཚན་པ་ལས། ཀརྨ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་ལྗང་ཁུ། །རལ་གྲི་དང་དྲིལ་བུ་འཛིན་པ༴ དྲིལ་བུར་གྱུར། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སྒོམ་ཕྱིར་རང་བཞིན་ནོ། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ། །དེ་རིང་ཁྱོད་ལ་འདིས་དབང་བསྐུར། ཨོཾ་བཛྲ་ཨ་ཏི་པ་ཏི་ཨ་བྷི་ཥིཉྩ་ཧཱུཾ། ཉེར་དྲུག་པ་མིང་གི་དབང་ནི། ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ། བུདྡྷ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ༴ རྡོ་རྗེ་དང་དྲིལ་བུར་གྱུར། འདི་སྟེ་སངས་རྒྱས་དངོས་ཡིན་ཏེ། །རབ་ཏུ་བསྔགས་པ་གསང་བའི་མིང༌། །རྡོ་རྗེ་ཆེ་གེ་མོ་ཞེས་པས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོཾ་བཛྲ་སཏྭ་བཛྲ་ན་མཿཨ་བྷི་ཥིཉྩ་ཧཱུཾ། སློབ་མ་དབང་བསྐུར་གྱི་སྐབས་གསང་མིང་འདོགས་ཏེ། སྤྱི་དང་མཐུན་པ་ཉིད་ལེགས་ཤིང༌། རྙིང་མ་བ་རང་ལུགས་ཀྱི་རྡོ་རྗེ་ཐོད་འཕྲེང་རྩལ་སོགས་རིགས་ལྔ་དང་མི་འགྱུར་ལྷུན་གྲུབ། མི་ལྡོག་ཡང་དག །དྲི་མེད་གྲུབ་པ་རྣམས་ལ་རྩལ་གྱི་མཐའ་ཅན་དུ་བྱེད་པ་སོགས་ཀྱང་འདུག་ཅིང༌། མེ་ཏོག་གང་ལ་ཕོག་པའི་ལྷའི་མཚན་རྟགས་ཀྱང་ལེགས་པ་ཡིན་ནོ། །མཆོད། དེ་ལྟར་ན་དབང་ལྔ་བསྐུར་བས། ཉོན་མོངས་ལྔ་ཡེ་ཤེས་


TNT13_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ལྔར་གྱུར། ཕུང་པོ་ལྔ་རྒྱལ་བ་ལྔའི་ངོ་བོར་སངས་རྒྱས་པ་ཡིན་ནོ། །ཉེར་བདུན་པ་ཕྱག་མཚན་གྱི་དབང་ནི། བདག་ཉིད་བཛྲ་ཧེ་རུ་ཀ་རྡོ་རྗེ་གཞོན་ནུའི་ངོ་བོར་གྱུར། ཨ་ལས་བྱུང་བའི་བནྡྷ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་དགུ་པའོ། །ཤེས་རབ་པདྨའི་སྣོད་ཀྱི་མཆོག །ཐབས་མཆོག་རྡོ་རྗེ་རྩེ་དགུ་པ། །ཐབས་དང་ཤེས་རབ་ཕྱག་མཚན་འདི། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པྲཛྙ་ཨུ་པ་ཡ། ས་མ་ཨ་བྷི་ཥིཉྩ་ཧཱུཾ། སྤྲོ་ན་ཅོད་པན་དང་འདིའི་བར་ལ། བརྟེན་བྱེད་ཀྱི་ཆུ་དབང་རེ་ཡང་བསྐུར་བར་འདུག་གོ །ཉེར་བརྒྱད་པ་སློབ་དཔོན་གྱི་དབང་ལས་དོན་ཚན་ཐོག་མ་གསོལ་བཏབ་ནི། མཎྜལ་ཕུལ་ནས། སློབ་དཔོན་དམ་པ་དགོངས་སུ་གསོལ། །སེམས་ཅན་ཀུན་ལ་ཕན་བཏགས་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །དེ་རིང་བདག་ལ་ལུང་བསྟན་སྩོལ། ལན་གསུམ། དོན་ཚན་གཉིས་པ་ལྷར་བསྐྱེད་པ་ནི། དབང་སྟཻགས་ཀྱི་སྟེང་དུ་རང་ཉིད་རྡོ་རྗེ་གཞོན་ནུ་ཤེས་རབ་མ་དང་བཅས་པའི་སྐུར་གྱུར། སྟེང་དུ་གདུགས་དཀར་པོ། མཐའ་སྐོར་དུ་མཆོད་པའི་སྤྲིན་གྱི་ཕུང་པོ་དང་བཅས་པའོ། །དོན་ཚན་གསུམ་པ་རྡོར་དྲིལ་གཏད་པ་ནི། ཧཱུཾ་ལས་བྱུང་བའི་རྡོ་རྗེ་དང༌། ཨ་ལས་བྱུང་བའི་དྲིལ་བུ། ཐབས་མཆོག་ཡེ་ཤེས་རྡོ་རྗེ་དང༌། །ཤེས་རབ་ཆོས་ཀྱི་དྲིལ་བུ་གཟུང༌། །ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས། དམ་ཚིག་གསུམ་པོ་རབ་ཏུ་བརྟན། དོན་ཚན་བཞི་པ་ཆུ་དབང་བསྐུར་བ་ནི། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། ཁམས་གསུམ་


TNT13_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྒྱལ་པོ་རུ། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། བཛྲ་ཨ་བྷི་ཥིཉྩ་ཧཱུཾ། དོན་ཚན་ལྔ་པ་བརྟན་བཞུགས་ནི། པུཥྤེ་ལ་སོགས་པས་མཆོད། མེ་ཏོག་གཏོར་ཞིང་རོལ་ཆེན་དང་བཅས་པས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། དེ་རྣམས་སློབ་དཔོན་གྱི་དབང་ངོ༌། །ཉེར་དགུ་པ་རྗེས་གནང་ལ། རིགས་ལྔའི་ཕྱག་མཚན་གྱི་རྗེས་གནང་ནི། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར། དེ་བཞིན་དུ་རྡོ་རྗེ་རིན་ཆེན། པདྨ། རལ་གྲི་རྣམས་ལ་གོང་བཞིན་སྦྱར་དུང་གཏད་པའི་རྗེས་གནང་ནི། ཚིག་སྔ་མ་གསུམ་འདྲ་བ་ལས། ཁྱོད་ཀྱི་ཆོས་ཀྱི་དུང་བུས་ཤིག །བཀའི་གནང་བ་སྦྱིན་པ་ནི། སློབ་མ་དམ་པ་ཁྱོད་ཀྱིས་ཀྱང༌། །ཇི་ལྟར་འདུལ་བའི་འཕྲིན་ལས་ཀྱང༌། །སློབ་དཔོན་ལས་རྣམས་ཅི་རིགས་པར། །དེ་རིང་ཕན་ཆད་སྒྲུབ་པར་གྱིས། དེ་ལྟར་ན་བུམ་པའི་དབང་བསྐུར་བ་ནི། མོས་པའི་སྤྱོད་པའི་ས་སྦྱོར་བའི་ལམ་མོ། །སུམ་ཅུ་པ་གསང་དབང་ལ་མཎྜལ་ཕུལ། གསོལ་བ་གདབ་པ་ནི། སློབ་དཔོན་དམ་པ་བདེ་གཤེགས་གཙོ། །རྒྱལ་བ་འཁོར་དང་བཅས་པ་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །གསང་གསུམ་དམ་པའི་དབང་མཆོག་འདི། །དེ་རིང་བདག་ལས་གནང་བར་གསོལ། གསང་དབང་བསྐུར་བ་དངོས་ནི། རང་ཉིད་རྡོ་རྗེ་གཞོན་ནུ་དཔའ་བོ་གཅིག་པའི་སྐུར་གྱུར། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་ཡབ་ཡུམ་ཐབས་ཤེས་གཉིས་


TNT13_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པའི་ཚོགས་བདེ་བ་ཆེན་པོའི་ཉམས་བསྐྱེད། ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་སྤྱན་དྲངས་པའི་བདེ་བར་གཤེགས་པ་རྣམས་ཞལ་དུ་ཞུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། །ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། སྐུའི་དབྱིབས་བརྒྱུད། བདག་གི་ལྕེ་ཐོག་ཏུ་བཞག བྱང་ཆུབ་སེམས་ཀྱི་རྡོ་རྗེ་འདི། །སེམས་ཀྱི་རྣམ་རྟོག་མུན་བཅོམ་ནས། །གསང་བའི་གནས་མཆོག་དམ་པ་ནས། །དེ་རིང་ཁྱོད་ལ་དབབ་པར་བྱ། བདུད་རྩི་མྱངས། དེ་རིང་སངས་རྒྱས་ཀུན་དང་མཉམ། །བདག་ནི་བསོད་ནམས་སྐལ་པ་ཆེ། །དཔལ་ལྡན་ཡོན་ཏན་ཀུན་གྱི་རྒྱན། །རྡོ་རྗེ་གཞོན་ནུ་བདག་ཉིད་དོ། །ལུང་བསྟན་པ་ནི་བྱེད་ཚུལ་སྤྱི་དང་འདྲ་བ་ལས། ཚིག་འདི་སྐད་ཅེས། ཇི་ལྟར་ང་ཡིས་ལུང་བསྟན་ཏེ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༌། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །སྲིད་པའི་ངན་འགྲོ་ལས་ཁྱོད་བཏོན། ཨོཾ་སརྦ་ཏ་ཐཱ་ག་ཏ་བྷུརྦྷུ་བ་སྭ། ཞེས་པའོ། །དེ་ལྟར་ན་གསང་པའི་དབང་བསྐུར་བ་ནི། དོན་དམ་པའི་སེམས་དང་པོ་བསྐྱེད་པ་མཐོང་བའི་ལམ་མོ། །སོ་གཅིག་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་མཎྜལ་ཕུལ་ལ་གསོལ་བ་གདབ་པ་ནི། སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱི། །ཇི་ལྟར་མཁྱེན་པའི་ཐུགས་ཆུད་པ། །དེ་ལྟར་རྗེས་སུ་བདག་ལ་ནི། །ཤེས་རབ་ཡེ་ཤེས་དབང་བསྐུར་སྩོལ། ཐོག་མར་གདམས་པ་ནི། སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང༌། །ཤེས་རབ་མ་ལ་བརྟེན་པས་འགྲུབ། །ཡེ་ཤེས་སྐྱེ་བའི་


TNT13_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཡིན་ཕྱིར། ཁྱོད་ཀྱིས་འདོད་ཆགས་མ་སྡངས་ཤིག དྲི་བ་དྲི་ལན་ནི། བུ་ཁྱོད་ཚུར་ཤོག་རྡོ་རྗེ་ཅན། །གཞི་མཉམ་གླ་རྩི་སྤྱོད་ནུས་སམ། །རཀྟ་ག་བུར་བཟའ་བ་དང༌། །བུད་མེད་དད་པས་བསྟེན་ནུས་སམ། །པདྨར་འོ་བྱེད་མི་རྟོག་གམ། །སྨྲོས་ཤིག་སྣོད་ལྡན་ངང་ཚུལ་ཅན། ལན་ནི། ཤེས་རབ་དད་པས་བདག་བསྟེན་ཏོ། །བདུད་རྩི་ལྔ་ལ་གུས་པར་བགྱིད། །བདེ་བ་སྒྲུབ་པར་གདབ་པ་ནི། སྨད་བྱུང་ང་ཡི་པདྨ་ནི། །བདེ་བ་ཐམས་ཅད་འདི་ལས་རྙེད། །བདེ་བར་གཤེགས་པ་ཐམས་ཅད་ཀུན། །རྟག་ཏུ་འདི་དང་མི་འབྲལ་ཏེ། །པདྨ་འདི་ནི་ཆོས་དབྱིངས་ཡིན། །སངས་རྒྱས་ཐམས་ཅད་འདི་ལས་འབྱུང༌། །སེམས་ཅན་ཐམས་ཅད་འདི་རུ་གྲོལ། །ནང་གི་རྩ་ཡི་འཁོར་ལོ་ལ། །པདྨ་ཞེས་བྱར་རབ་ཏུ་གསུངས། །པདྨ་ནང་གི་ནམ་མཁའ་ཞེས། །འབྱུང་བ་ལྔ་པོ་རང་བཞིན་གནས། །ལྟེ་བ་དང་ནི་གེ་སར་བཅས། །པདྨ་བརྒྱད་ཀྱིས་རྣམ་པར་བརྒྱན། །ཟེའུ་འབྲུ་དབུས་ནས་འབྱུང་བ་ཡིན། །དེ་ཉིད་བདུད་རྩི་དམ་པ་སྟེ། །སངས་རྒྱས་ཀུན་གྱི་སྙིང་པོའོ། །ཞེས་གདམས་པ་ཐོབ། ཤེས་རབ་དམ་པ་འདི་ཡིས་ནི། ཁྱོད་ཀྱི་ཡེ་ཤེས་སྐྱེད་བྱེད་པས། དད་པས་རབ་ཏུ་བསྟེན་པར་གྱིས། ཞེས་སློབ་དཔོན་གྱིས་བདག་ལ་ཤེས་རབ་ཡང་དག་པར་གཏད། ཐ་མལ་གྱི་རྟོག་པ་སྤངས་ནས་ལྷ་དང་སྔགས་དང་ཆོས་ཀྱི་ཐབས་མཁས་སུ་བསྒྱུར་ནས། རྗེས་ཆགས་སྙོམས་འཇུག་བདེ་བ་ཆེན་པོ་ལ་བརྟེན་ནས། ཞུ་བདེ་ལྷན་ཅིག་སྐྱེས་པ་མངོན་དུ་བྱས།


TNT13_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་དབྱུང་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ངོ་བོ་ཉིད་དུ་ཁྱོད་གྱུར་ཏོ། ཁམས་གསུམ་བདག་པོར་ཁྱོད་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྱོད་གྱུར་ཏོ། །བདུད་དང་མུ་སྟེགས་ཐམས་ཅད་ལས། །རྒྱལ་བར་གྱུར་བ་ཁྱོད་ཡིན་ནོ། །གྲོང་ཁྱེར་ལས་ཀྱང་གྲོང་ཁྱེར་ཏེ། །མྱ་ངན་འདས་པའི་གྲོང་ཁྱེར་དུ། །བློ་ལྡན་སྣོད་ཅན་ཁྱོད་བཞུགས་པས། །སངས་རྒྱས་འགྲུབ་པའི་རྒྱུ་འདི་ཡིན། དེ་ལྟར་ན་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། ས་དགུའི་བདག་ཉིད་སྒོམ་པའི་ལམ་མོ། །སོ་གཉིས་པ་དབང་བཞི་པ་ལས། གསོལ་བཏབ་ནི། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །སངས་རྒྱས་ཀུན་ཀྱི་བྱང་ཆུབ་སེམས། །དོན་ཆེན་ཟབ་མོས་ཉོན་མོངས་འཇོམས། །དེ་རིང་བདག་ལ་གནང་བར་ཞུ། ལན་གསུམ། རྒྱུའི་མཐར་ཕྱིན་པ་བདུད་རྩི་སྦྱིན་པ་ནི། རང་ཉིད་ཧེ་རུ་ཀ་ཡབ་ཡུམ་རྗེས་སུ་ཆགས་པའི་སྙོམས་པར་ཞུགས་པའི། བྱང་ཆུབ་ཀྱི་སེམས་དབང་གི་གནས་སུ་ཕྱིན་པའི་ཡེ་ཤེས་དཔེར་མཚོན་པར་བྱས། ཨོཾ་མཧཱ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། བྱང་ཆུབ་ཀྱི་སེམས་མཁའི་དཀྱིལ་འཁོར་ལས་རོ་འཛིན་གྱི་བླང་སྟེ་མྱངས་པའི་ཉམས་མྱོང་ལ་མཉམ་པར་བཞག འབྲས་བུ་མཐར་ཕྱིན་བརྗོད་བྲལ་སྒོམ་པ་ནི། འདི་ལྟར་མཐའ་ཡས་སྣང་བ་ཀུན། །སྐད་ཅིག་གཅིག་ལ་དམིགས་མེད་དེ། །བརྗོད་པའི་ཐ་སྙད་ཀུན་


TNT13_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ། །རང་བྱུང་ཡེ་ཤེས་ཞེས་བྱར་བརྗོད། །དེ་ལྟར་ན་བཞི་པའི་དབང་བསྐུར་བ་ནི། མཐར་ཕྱིན་མི་སློབ་པའི་ལམ་མོ། །སོ་གསུམ་པ་དམ་ཚིག་སྒྲགས་པ་ནི། རྡོ་རྗེ་སློབ་དཔོན་མཆེད་ལྕམ་ལ། །སྒོ་གསུམ་སྒོ་ནས་གནོད་པ་བྱེད། །སྐུ་ཡི་དམ་ཚིག་ཉམས་པར་འགྱུར། །དེ་ལས་ལྡོག་ཏེ་ཕན་པར་བྱ། །སྔགས་དང་སྙིང་པོ་བར་ཆད་ཅིང༌། །གསང་བ་བསྲུང་པར་མ་ནུས་པ། །གསུང་གི་དམ་ཚིག་ཉམས་པ་ཡིན། །ཕྱག་རྒྱ་བཞི་གསལ་དེ་ལས་བཟློག །གསང་བཅུ་ལ་སོགས་གཉེར་གཏད་པ། །སྣོད་མིན་པ་ལ་གསང་མ་ཐུབ། །ཐུགས་ཀྱི་དམ་ཚིག་ཉམས་པ་སྟེ། །དེ་ལས་བཟློག་ཏེ་གསང་བ་བསྲུང༌། །སྦྱོར་སྒྲོལ་མ་སྦྱིན་ལེན་དང་རྫུན་དུ་སྨྲ། །ཚིག་རླངས་ལ་སོགས་དམ་ཚིག་ལྔ་རྣམས་ནི། །འགྲོ་བའི་དོན་དུ་གཞུང་བཞིན་སྤྱད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང༌། །ཕྲག་དོག་ལ་སོགས་ཉོན་མོངས་ལྔ་རྣམས་ནི། །ཡེ་ཤེས་ངོ་བོ་ཉིད་ཀྱི་སྤང་མི་བྱ། །དྲི་ཆེན་དྲི་ཆུ་དམར་ཆེན་ཟིལ་པ་དང༌། །མདངས་ཆེན་ལ་སོགས་དམ་རྫས་ལྔ་རྣམས་ནི། །གཉིས་མེད་ཚུལ་གྱིས་དང་དུ་བླང་བར་བྱ། །ཕུང་པོ་ལྔ་དང་འབྱུང་བ་ཆེན་པོ་ལྔ། ཁ་དོག་ལྔ་དང་ཡུལ་ལྔ་དབང་པོ་ལྔ། །རྣམ་ཤེས་ལྔ་དང་ཡུལ་ལྔ་ཡེ་ཤེས་ལྔ། །ཡབ་ལྔ་ཡུམ་ལྔ་སྦྱོར་ཞིང་ཤེས་པར་བྱ། །རྡོ་རྗེ་རིགས་དང་དེ་བཞིན་གཤེགས་པའི་རིགས། །རིན་ཆེན་རིགས་དང་བདེ་བཞིན་པདྨའི་རིགས། །ལས་ཀྱི་རིགས་ཏེ་རྒྱལ་བ་རིགས་ལྔ་པོ། །


TNT13_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ལོ་སྤངས་ཏེ་ཏིང་འཛིན་གྲུབ་པར་བྱ། སྐབས་འདིར་དམ་ཚིག་ཉི་ཤུ་རྩ་བརྒྱད་པོ་དེ་ཙམ་ཞིག་བསྟན་ནོ། །རྗེས་ཀྱི་བྱ་བ་ནི། གཙོ་བོས་ཇི་ལྟར་སོགས་མཎྜལ་འབུལ་བ་དང༌། དེང་ནས་བརྩམས་ཏེ་སོགས་དང༌། དགེ་བ་བསྔོ་བ་རྣམས་བྱའོ། །སློབ་མ་ལ་དབང་བསྐུར་པའི་དངོས་གཞིའི་ཆོ་ག་ནི། བདག་འཇུག་ཤེས་ན་འབད་མེད་དུ་གོ་བའི་ཕྱིར་དང༌། ཡི་གེ་ཉུང་བ་ལ་དགའ་བའི་ཕྱིར་འདིར་མ་བརྗོད་དོ།། །།ཞུས་སོ། །བཀྲ་ཤིས། །བྲི་བཞེངས་འདི། འགྲོ་ཀུན་ཀྱིས། གནས་ལུགས་མཆོག །རྟོགས་རྐྱེན་ཏུའོ། །མ་ཏིས་སོ། །

དཔལ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་བའི་ལས་བྱང་དྲེགས་པ་ཀུན་འདུལ།


TNT13_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་བའི་ལས་བྱང་དྲེགས་པ་ཀུན་འདུལ་ཞེས་བྱ་བ་བཞུགས་སོ། །


TNT13_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཧ་ཡ་གྲྀ་བཱ་ཡ། །ཉིན་བྱེད་འབུམ་གྱི་སྣང་བ་ལས་ལྷག་ཅིང༌། །དུས་མཐའི་འབར་བྱེད་ཀྱིས་ཀྱང་མི་དཔོགས་པའི། །རབ་དམར་འཇིགས་བྱེད་ཆེན་པོའི་སྐུར་སྟོན་པའི། །རྟ་མགྲིན་ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ། །དེ་ཉིད་མཆོད་པའི་ཆོ་ག་ཡན་ལག་བཅས། །མ་ཚང་མེད་པ་གསལ་བར་བརྗོད་འདོད་ཀྱི། །ཡི་དམ་སྲུང་མ་གནས་གསུམ་མཁའ་འགྲོའི་ཚོགས། །རྗེ་བཙུན་བླ་མ་མགོན་བཅས་འདིར་བྱིན་རློབས། །འཕྲིན་ལས་ཀུན་གྱི་འདོད་འཇོ་ཞིང༌། །དྲེགས་ལྡན་མ་ལུས་འདུལ་བ་དང༌། ཁམས་གསུམ་དབང་ཕྱུག་ཆེར་འགྱུར་ཞིང༌། །བདུད་རྣམས་ཉམས་པར་བྱེད་པའོ། །འདིར་དབེན་པའི་གནས་སུ་འདི་ཉིད་ཀྱི་བྲིས་སྐུ་བཀྲམ། བླ་བྲེ་ལ་སོགས་པའི་མཛེས་པར་བྱས། བྲིས་སྐུའི་མདུན་དུ་སྟེགས་བུ་ལ་རྟེན་གཏོར་རྩ་བ་ཟླུམ་པོ། རྩེ་མོ་གྲུ་གསུམ་སྨུག་རྩིས་ཁ་བསྒྱུར་བ། རྩེ་མོར་རྟ་མགོས་མཚོན་པ་དང༌། སྟེགས་བུ་གཞན་ལ་གཏོར་མ། མཆོད་པ་སྨན་རག་ཕུད་སོགས་ལེགས་པར་བཤམས་ལ། གཉིས་པ་ཆོ་ག་ལ་སྡོམ་ནི། སྐྱབས་སེམས་སྔོན་འགྲོ་གཏོར་མ་དང༌། །མཚམས་གཅོད་རྒྱལ་ཆེན་གཏོར་མ་དང༌། །


TNT13_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གསོག་ཚད་མེད་ཐུགས་བསྐུལ་དང༌། །བདག་བསྐྱེད་བཟླས་པ་རྫས་བྱིན་རླབས། །སྣོད་བསྐྱེད་སྤྱན་འདྲེན་ཕྱག་འཚལ་དང༌། །བཞུགས་གསོལ་མཆོད་སྨན་རཀྟ་དང༌། །བསྐང་གསོ་བསྟོད་པ་བཤགས་པ་དང༌། །གཏོར་མ་ཚོགས་འཁོར་རྗེས་ཆོག་གོ །ངག་འདོན་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་སྐྱབས་སུ་མཆི། །ཞི་བ་ཆོས་དབྱིངས་བསམ་མི་ཁྱབ། །དམ་པའི་ཆོས་ལ་སྐྱབས་སུ་མཆི། །ཐེག་གསུམ་འཕགས་པ་ཕྱིར་མི་ལྡོག །དགེ་བདུན་ལ་ཡང་སྐྱབས་སུ་མཆི། ལན་གསུམ། དེང་ནས་བླ་མེད་བྱང་ཆུབ་ཐོས་ཀྱི་བར། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །བྱང་ཆུབ་སྤྱོད་པ་ཐམས་ཅད་རབ་སྤྱོད་ལ། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མཆོག་ཐོབ་ཤོག །ལན་གསུམ། སྙིང་པོས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རཾ་ཡཾ་ཁཾ། རཾ་གྱི་མེས་བསྲེགས་ཡཾ་གྱིས་གཏོར། ཁཾ་གྱིས་བཀྲུས་ཤིང་དག་པར་གྱུར། ཨོཾ་ལས་རིན་ཆེན་འབར་


TNT13_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྣོད། །ཟབ་ཅིང་རྒྱ་ཆེ་ཧཱུཾ་ཡིག་ལས། །གཏོར་མ་འདོད་དགུའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལན་བདུན། ཨོཾ་སརྦ་བྷུ་ཏེ་བྷྱོ་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ལན་གསུམ་གྱིས་བསྔོས་ལ། ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས། །ང་ཡི་བཀའ་ལས་མ་འདའ་ཞིག །གཏོར་མ་རྒྱ་ཆེན་འདི་ལོངས་ལ། །མ་འཚེ་བར་ནི་གཞན་དུ་དེངས། དེ་ནས་བདེན་བརྡར་ཅི་རིགས་པ་བརྗོད་ལ། དྲག་སྔགས་དང་བཅས་པས་བགེགས་བསྐྲད་པར་བྱའོ། རང་གི་སྙིང་ག་ནས་རྡོ་རྗེ་འཁོར་ལོ་བེ་ཅོན་རལ་གྲི་རྒྱ་གྲམ་ལ་སོགས་པ་མཚོན་ཆ་མེ་དཔུང་འབར་བའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས། གཡས་སྐོར་དུ་ལན་གསུམ་དུ་བསྐོར་བས། གནོད་བྱེད་ཐམས་ཅད་ཐལ་བར་བརླག་པར་བྱས་ནས་རིམ་པ་བཞིན་དུ། རྡོ་རྗེ་འཁོར་ལོ་བེ་ཅོན་རལ་གྲི་རྒྱ་གྲམ་རྣམས་ཀྱིས་ས་གཞི་ར་བ་དྲ་བ་གུར་བླ་བྲེ་མེ་དཔུང་འབར་བ་དང་བཅས་པར་འགྱུར། སྟེང་ཡང་རྡོ་རྗེའི་བླ་བྲེ་ལ། །འོག་ཀྱང་རྡོ་རྗེ་ས་གཞི་སྟེ། །ཕྱོགས་མཚམས་རྡོ་རྗེ་འབར་བས་གཏམས། །རྡོ་རྗེའི་མཚམས་ལས་མ་འདའ་ཤིག ཨོཾ་བཛྲ་རཀྵ་ཙཀྲ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། སྟེང་ཡང་འཁོར་ལོའི༴ འོག་ཀྱང་འཁོར་ལོའི༴ ཕྱོགས་མཚམས་འཁོར་ལོའི་མཚམས་ལས་མ་འདའ་ཞིག ཨོཾ་ཙཀྲ་རཀྵ་ཧཱུཾ་ཧཱཾ་ཕཊ་སྭཱཧཱ། སྟེང་ཡང་བེ་ཅོན༴ འོག་ཀྱང་བེ་ཅོན༴ ཕྱོགས་མཚམས་བེ་ཅོན༴ བེ་ཅོན་མཚམས་ལས༴ ཨོཾ་ཌཎྜ༴ སྟེང་ཡང་རལ་གྲིའི་


TNT13_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཀྱང་རལ་གྲིའི༴ ཕྱོགས་མཚམས་རལ་གྲི༴ རལ་གྲིའི་མཚམས་ལས༴ ཨོཾ་ཁད་ག༴ སྟེང་ཡང་རྒྱ་གྲམ༴ འོག་ཀྱང་རྒྱ་གྲམ༴ ཕྱོགས་མཚམས་རྒྱ་གྲམ༴ རྒྱ་གྲམ་མཚམས་ལས༴ ཨོཾ་ནན་བཛྲ༴ ཧཱུཾ་དཔལ་ཆེན་མི་ཟད་དཀྱིལ་འཁོར་ནས། །འབར་བའི་ཁྲོ་བོ་མེད་དཔུང་འབར། །གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས། །བགེགས་དང་ལོག་འདྲེན་རྡུལ་དུ་རློགས། །དབང་ཆེན་མེ་དཔུང་དམར་ནག་འབར། །བསྐལ་པ་དུས་མཐའི་མེ་ལྟ་བུ། །དབང་དྲག་མཚོན་ཆ་བྲག་ལྟར་གཏམས། །གང་ལ་བབ་ཀྱང་གཅོད་ཅིང་སྒྲོལ། །དབང་ཆེན་ཁྲོ་མོ་མི་ཟད་རྔམ། སྲིད་པའི་ཡེ་ཤེས་ཁྲོ་བོ་འཁྲིགས། །དབང་ཆེན་མཚམས་ལས་གང་འདའ་བ། །རྡུལ་ཕྲན་བཞིན་དུ་བརླག་པར་བྱའོ། །ཨོཾ་རཾ་ཀྲོ་དྷ་རཀྵ་བཛྲ་ཛྭ་ལ་རཀྵ་རཀྵ་ཛྭ་ལ་རཾ་ཧཱུཾ། རྒྱལ་ཆེན་བཞིའི་གཏོར་མ་བཛྲ་ཡཀྵས་བསངས། རྡོ་རྗེ་མའི་སྔགས་རྒྱས་བསྲེགས། རྡོ་རྗེ་བསྡམས་བའི་ཕྱག་རྒྱ། ཨ་ཀཱ་རོའི། སྔགས་དང་བཅས་པའི་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཌྡྷི་ཏ་རནྚ་ཡ། བྷེ་རུ་ཌྷ་ཀཱ་ཡ། བྷེ་རུ་པཀྵ་ཡ། བཻ་ཤྲ་བ་ན་ཡ། ས་པཱ་རི་ཝཱ་ར་ཨརྒྷཾ་པཱ་ཏྱཾ། ཨོཾ་ཌྡྷི་ཊ་རཥྟ་སོགས་སྔོན་དུ་འགྲོ་བས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་གསུམ་གྱིས་ཕུལ། ཨོཾ་ཌྡྷི་ཊ་སོགས་སྔོན་དུ་འགྲོ་བས། པུཥྤེ། ནས་ཤཔྟའི་བར་གྱིས་མཆོད། རྒྱལ་པོ་ཆེན་པོ་དཔལ་ལྡན་པ། །


TNT13_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མར་གད་མདོག་མཚུངས་པི་ཝང་འཛིན། །དྲི་ཟའི་ཚོགས་ལ་དབང་བསྒྱུར་བའི། །ཡུལ་འཁོར་བསྲུང་ལ་ཕྱག་འཚལ་ལོ། །དཔའ་བོ་ཆེན་པོ་སྟོབས་པོ་ཆེ། ཁ་དོག་སྔོན་པོ་རལ་གྲི་འཛིན། །གྲུལ་བུམ་ཚོགས་ལ་དབང་བསྒྱུར་བའི། །འཕགས་སྐྱེས་པོ་ལ་ཕྱག་འཚལ་ལོ། །མངའ་བདག་ཆེན་པོ་མཐུ་བོ་ཆེ། ཁ་དོག་དམར་པོ་སྦྲུལ་ཞགས་འཛིན། །ཀླུ་ཡི་ཚོགས་ལ་དབང་བསྒྱུར་བའི། །མིག་མི་བཟང་ལ་ཕྱག་འཚལ་ལོ། །དེད་དཔོན་ཆེན་པོ་གསེར་མདོག་ཅན། །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་ཚོགས་ལ་དབང་བསྒྲུར་བའི། །རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ན་ནི་ཡུལ་འཁོར་བསྲུང༌། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོག་ན་ནི་སྤྱན་མི་བཟང༌། །བྱང་ཕྱོགས་ན་ནི་རྣམ་ཐོས་སྲས། །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། ཁ་དོག་ལྡན་ཞིང་གཟི་བརྗིད་ཆེ། །བཀའ་ཡི་གཏོར་མ་འདི་ལོང་ལས། །དཀྱིལ་འཁོར་བསྒྲུབ་པའི་གྲོགས་མཛད་དེ། །བར་ཆད་ཐམས་ཅད་བསྲུང་བ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། བླ་མ་དང་དཔལ་པདྨ་དབང་ཆེན་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿ ཨོཾ་ཧ་ཡ་གྲྀ་བ་ས་པ་རི་ཝཱ་ར་ཨརྒྷཾ༴ ནས་ཤཔྟའི་བར་གྱི་མཆོད། ཡེ་ཤེས་ཧ་ཡ་གྲྀ་བ་རྟ་མཆོག་དཔལ། །ཆགས་མེད་སྐུ་ནི་ནུབ་ཀའི་དམར་མཐའ་ལྟར། །འབར་བའི་སྐུ་ལ་རལ་པ་གྱེན་དུ་བརྫཻས། །


TNT13_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་ཚངས་པ་ཁ་བུབ་གནོན་པའི་ལྷ། །པདྨ་རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཛཿཧཱུཾ་བཾ་ཧོཿ རྙིང་མ་བ་སྤྱི་ལ་བདག་མདུན་དབྱེར་མེད་དུ་བྱེད་པ་མང་ནའང༌། འདི་ལ་ངེས་པས་སོ་སོར་མཛད་པ་ལ་བར་འདིར་བདག་སྐྱེད་མངོན་རྟོགས་ཇི་ལྟ་བ་བཞིན་བསྒོམས་ལ། བཟླས་པ་ཅི་འགྲུབ་བྱའོ། །ཧཱུཾ་ཨ་ལ་ལ་ཧོ་བྷ་ག་ཝཱན་ས་མ་ཡ་ཧོ། འཕགས་མཆོག་ཐུགས་རྗེས་དུབ་ལ་བབ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་འབྱུང་བའི་དུས་ལ་བབ། དངོས་གྲུབ་སྩོལ་བའི་དུས་ལ་བབ། །དགྲ་བགེགས་སྒྲོལ་བའི་དུས་ལ་བབ། །དམ་ཚིག་བསྐང་བའི་དུས་ལ་བབ། །མཐུ་ཆེན་མཐུ་སྟོབས་རྩོལ་ཅིག་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར༴ བྱིན་ཆེན་བྱིན་རླབས་ཕོབ་ཅིག༴ དངོས་གྲུབ་མཆོག་རྣམས་རྩོལ་ཅིག༴ བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཱ་ཛཱ། མཆོད་རྫས་ཀྱི་དྲི་མ་རྣམས་རཾ་གྱི་མེས་བསྲེགས། ཨཱཿཡིས་སྤེལ། ཧཱུཾ་ཡིག་རྣམས་ལས་བྱུང་བའི་མཆོད་ཡོན་མ་དཀར་མོ། མེ་ཏོག་མ་སེར་མོ་བདུག་སྤོས་མ་དཀར་མོ། །མར་མེ་མ་དམར་སྐྱ། དྲི་ཆབ་མ་ལྗང་ཁུ་


TNT13_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོ་མ་ཁ་དོག་སྣ་ཚོགས་པ་རྣམས་དང༌། གཟུགས་སྒྲ་དྲི་རོ་རེག་བྱ་རྡོ་རྗེ་མ་རྣམས་དཀར་སྔོ་སེར་དམར་ལྗང་བ་མཆོད་རྫས་དཔག་ཏུ་མེད་པ་ཐོགས་པ་རྣམས་ཀྱིས་ས་དང་བར་སྣང་ཐམས་ཅད་གང་བར་གྱུར། ཨོཾ་ཨ་ཧ་ར་ཨ་ཧ་ར་ཧཱུཾ། ལན་གསུམ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ་ནས་ཤཔྟའི་བར་རོལ་མོའི་སྒྲ་བྱ། ཨོཾ་ཨ་རུ་པ་བཛྲ་ཎི་ཧཱུཾ། ཤཔྟ་གནྡྷེ་ར་ས་སྤ་ར་ཤེ་བཛྲི་ཎཱི་ཧཱུཾ་ནང་མཆོད་གཏོར་མ་རཀྟ་རྣམས། སྟོང་པའི་ངང་ལས་རཾ་ཡཾ་ཁཾ་གིས་དྲི་མ་སྦྱངས། ཡཾ་ལས་རླུང༌། རཾ་ལས་མེ་ཀཾ་ལས་མི་མགོའི་སྒྱིད་པུ་གསུམ། ཨ་ལས་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། རླུང་གཡོས་མེ་སྦར། རྫས་རྣམས་བཞུ་ཞིང་བསྐོལ། རླངས་པ་ཧཱུཾ་ཨོཾ་སྭཱཧཱ་ཨཱ་རྣམས་སུ་གྱུར་པ་ལས་བྱུང་བའི་ཧེ་རུ་ཀ་རིགས་ལྔ་ཡུམ་དང་བཅས་པར་གྱུར། ས་མ་ཡ་སྟྭཾ། རྗེས་ཆགས་ཀྱི་མེས་འོད་དུ་ཞུ། ཨོཾ་ཨཱཿཧཱུཾ། འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བཀུག །བདུད་རྩིའི་རྒྱ་མཚོ་ཆེན་པོ་གྱུར། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲི་ཋ། ཨོཾ་ཨཱཿཧཱུཾ། ཏེ་ཛྭ་བ་ལིང་ཏ་བ་ལ་བ་ཏེ་གུ་ཧྱ་སིངྔྷི་ས་མ་ཡ་ཧཱུཾ་ཧྲཱི་ཋ། ཨ་ལས་ཐོད་པའི་ནང་དུ་རཾ་ལས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་མཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲི་ཋ། མདུན་བསྐྱེད་ཀྱི་རྟེན་རྣམས་སྙིང་པོས་བསངས། སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨེ་ལས་ཆོས་འབྱུང་སྔོ། ཡཾ་


TNT13_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རླུང་གི་དཀྱིལ་འཁོར། རཾ་ལས་མེའི་དཀྱིལ་འཁོར། ཁཾ་ལས་རཀྟའི་རྒྱ་མཚོའི་རྦ་རླབས་འཁྲུགས། སུཾ་ལས་མཾ་སའི་ས་གཞི་རྒྱ་ཆེ་བ། ཀཾ་ལས་ཀེང་རུས་བརྩེགས་པའི་རི་རབ་སྟེང༌། བྷྲཱུཾ་ལས་དྲག་པོ་འབར་བའི་གཞལ་ཡས་ཁང༌། །དམར་ནག་གྲུ་གསུམ་ཐོད་རུས་འབར་ལས་གྲུབ། །ཕྱི་རོལ་དུར་ཁྲོད་རིན་ཆེན་གཞལ་ཡས་ཁང༌། །དབུས་སུ་པད་ཟླ་ཉི་མ་བརྩེགས་པའི་གདན། །ཡེ་ཤེས་ལས་གྲུབ་དཀྱིལ་འཁོར་འཁོར་ལོར་གྱུར། དེ་ཧྲིཿཡིག་ལས་མངོན་རྟོགས་བདག་བསྐྱེད་ལྟར་བསྐྱེད་ལ། ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། འོག་མིན་ནས་པདྨ་དབང་ཆེན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཨོཾ་བཛྲ་ས་མཱ་ཛ། ཧཱུཾ་ཆོས་ཀྱི་དབྱིངས་ལས་འཁོར་བཅས་སྐུར་བཞེངས་ཤིག །དབང་ཆེན་ཁྲོས་པའི་རྒྱལ་པོ་སྐུར་བཞེངས་ཤིག །མ་ཆགས་པདྨ་འབར་བའི་གཞལ་ཡས་ནས། །རྟ་མཆོག་རོལ་བའི་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་རྣམ་དག་སྒྱུ་མའི་དཀྱིལ་འཁོར་ནས། ཁྲོ་རྒྱན་ཡབ་ཡུམ་མཁའ་འགྲོའི་ཆོགས་བཅས་བཤེགས། །སྣ་ཚོགས་འཕྲིན་ལས་བྱ་བའི་དཀྱིལ་འཁོར་ནས། །བྲན་དང་ཕོ་ཉའི་ཚོགས་རྣམས་གཤེགས་སུ་གསོལ། མཧཱ་ས་མ་ཡ་ཛཿ ས་མ་ཡ་སྟྭཾ། ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང༌། །ཆོས་རྗེ་འོད་དཔག་མེད་དང་རྡོ་རྗེ་ཆོས། །


TNT13_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་དབང་ཧྲཱིཿལས་རྔམ་མཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད། །སྤྲུལ་པ་ཡང་སྤྲུལ་ཁྲོ་བོ་ཁྲོ་མོ་དང༌། །རིག་ལྔ་ཡབ་ཡུམ་སེམས་དཔའ་སེམས་མར་བཅས། །ཕོ་ཉ་བྲན་དང་ཕྲ་མེན་སྔགས་པའི་ཚོགས། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏི་ཛ་ཧོ། ཧཱུཾ་དམ་ཚིག་དབང་གིས་དཀྱིལ་འཁོར་ཆེན་པོ་འདིར། །ཡེ་ཤེས་དབང་ཆེན་འབར་བའི་དཀྱིལ་འཁོར་མཆོག །ཕོ་བྲང་གསང་པའི་དམ་ཚིག་དཀྱིལ་འཁོར་འདིར། །མི་གཡོ་དགེས་ཤིང་བརྟན་པར་བཞུགས་སུ་གསོལ། ཛཿཧཱུཾ་བཾ་ཧོ་ས་མ་ཡ་སྟྭཾ། མེ་ཏོག་བདུག་སྤོས་སྣང་གསལ་སྒྲ། ཞལ་ཟས་དྲི་ཆབ་གཙང་མ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ཨོཾ་པདྨེ་ཤྭ་ར་ཧ་ཡ་གྲྀ་བ་ས་པཱ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ། དེ་བཞིན་དུ་ཤཔྟའི་བར་དུ་བྱའོ། །གཟུགས་ཀྱི་ལྷ་མོ་སྐུ་མདོག་དཀར། །ཕྱག་ན་མཛེས་སྡུག་ལོངས་སྤྱོད་བསྣམས། །དབང་ཆེན་ལྷ་ཡི་སྤྱན་ལ་འབུལ། །གཟུགས་ཀྱི་མཆོད་པ་དམ་པ་འདི། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །སྒྲ་ཡི་ལྷ་མོ་སྐུ་མདོག་སྔོ། །ཕྱག་ན་མཛེས་སྡུག་སྒྲ་བརྙན༴ དབང་ཆེན་ལྷ་ཡི་སྙན་ལ༴ སྒྲ་ཡིས་མཆོད་པ་དམ་པ༴ ཨ་ལ་ལ་སྟེ༴ དྲི་ཡི་ལྷ་མོ་སྐུ་མདོག་སེར། ཕྱག་ན་དྲིའི་དུང་ཆོས༴ དབང་ཆེན་ལྷ་ཡི་ཤངས་ལ༴ དྲི་མཆོག་མཆོད་པ༴ ཨ་ལ་ལ་སྟེ༴ རོ་ཡི་ལྷ་མོ་སྐུ་


TNT13_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དམར། །ཕྱག་ན་ཞལ་ཟས་རོ་མཆོག༴ དབང་ཆེན་ལྷ་ཡི་ལྗགས་ལ༴ རོ་ཡི་མཆོད་པ༴ ཨ་ལ་ལ་སྟེ༴ རེག་བྱའི་ལྷ་མོ་སྐུ་མདོག་ལྗང༌། །ཕྱག་ན་ན་བཟའ་སྣ་ཚོགས༴ དབང་ཆེན་ལྷ་ཡི་སྐུ་ལ༴ རེག་བྱའི་མཆོད་པ་དམ༴ ཨ་ལ་ལ་སྟེ་བཞེས་སུ་གསོལ། ཨོཾ་རཱུ་པ་ཤཔྟ་གནྡྷེ་ར་ས་སྤར་ཤེ་དེ་བི་པཱུ་ཛ་ཨཱཿཧཱུཾ། ཧཱུཾ་རངབྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིག་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སྒྲིབ་པ་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་ལ། །བདག་ཅག་དད་པས་འབུལ་ལགས་ཀྱི། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །བཞེས་ནས་བདག་ལ་དགེས་པར་མཛོད། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁ་རཾ་ཁཱ་ཧི། །སྔ་རབས་འདས་པའི་རྡོ་རྗེ་སློབ་དཔོན་དང༌། །ད་ལྟར་བཞུགས་པའི་རྡོ་རྗེ་སློབ་དཔོན་དང༌། །རྒྱལ་བ་དགོངས་པ་བརྒྱུད་པའི་བླ་མ་དང༌། །རིག་འཛིན་བརྡ་ལས་བརྒྱུད་པའི་བླ་མ་དང༌། །གང་ཟག་སྙན་ཁུང་བརྒྱུད་པའི་བླ་མ་དང༌། །ཨ་མི་དེ་བ་ལོ་ཀེ་ཤཱ་ར་དང༌། །རྟ་མགྲིན་པདྨ་འབྱུང་གནས་དབོན་སྟོན་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པར་འབུལ། །ཐུགས་རྗེས་


TNT13_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ལ་དབང་དང་དངོས་གྲུབ་སྩོལ། །འཆི་མེད་བདུད་རྩི་ར་ས་ཡ་ན་ཡི། །དམ་རྫས་བདུད་རྩིའི་མཆོག་གི་མཆོད་པ་འདི། །པདྨ་དབང་ཆེན་འཁོར་བཅས་ལ། །བདག་ཉིད་དད་པས་འབུལ་ལགས་ཀྱི། །བཞེས་ནས་ཀུན་ཏུ་དགེས་པར་མཛོད། འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །མཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སླར་ཡང་བརྒྱུད་པའི་བླ་མ་རྣམས་ཀྱིས་མཚན་གྱི་མཐར་འདི་ཞེས་བྱ་བའི་བླ་མའི་ཞལ་དུ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། བཏེག་ལ་མཐེབ་སྲིན་གྱི་སྤྱི་བོའི་ཐད་ནས་ནང་མཆོད་འབུལ། སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་སྙིང་གི་ཐད་ནས་ནང་མཆོད་འབུལ། །ཆོས་སྐྱོང་སྔགས་ལ་འབྲུ་གསུམ་བཏགས་ལ་ལྟེ་བའི་ཐད་ནས་ནང་མཆོད་འབུལ། ཧཱུཾ་ཡེ་ཤེས་ཁྲོ་བོ་དབང་ཆེན་གྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག། རྣལ་འབྱོར་ལུས་ངག་ཡིད་ལ་ཐིམ། །གཉིས་མེད་གྱུར་ནས་བརྟན་པར་བྱ། ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སུདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཞེས་དངོས་གྲུབ་བླངས། རྣམ་དག་རང་བྱུང་ལྷུན་གྲུབ་སྨན་མཆོག་འདི། །རྟ་མཆོག་རོལ་པའི་དཀྱིལ་འཁོར་འཁོར་བཅས་ལ། །གུས་པས་མཆོད་པ་འབུལ་ལོ་ཁ་རཾ་ཁཱ་ཧི། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། ཨོཾ་མཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བ། །ཐབས་དང་ཤེས་རབ་གཉིས་མེད་པའི། །པདྨ་ལ་ནི་རྡོ་རྗེ་ཞུགས། །གསང་བའི་མཆོད་པའི་མཆོད་པས་བགྱི། །པདྨ་སུ་ཁ་བོ་དྷི་ཙིཏྟ་སྭཱཧཱ།


TNT13_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྙིང་གའི་འོད་ཟེར་གྱིས་དགྲ་བགེགས་མ་ལུས་པ་བཀུག་ཚར་བཅད་དེ་གཏོར་མ་དང་རཀྟ་ལ་ཐིམ། སྤྲུལ་པའི་ཁྲོ་ཚོགས་འབར་བ་ཡིས། །ཞིང་བཅུ་མ་ལུས་ཐམས་ཅད་དང༌། །འཁོར་བ་ཉོན་མོངས་རྒྱ་དྲལ་ནས། །དུག་ལྔ་དབྱིངས་སུ་བསྒྲལ་བར་བྱ། །སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ། །ཞིང་གྱུར་ཐམས་ཅད་དབྱིངས་སུ་སྒྲོལ། །ཤ་ཁྲག་སྲོག་དབུགས་མཆོད་པ་འདི། །རྟ་མགྲིན་རྒྱལ་པོའི་དཀྱིལ་འཁོར་ལ། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ཁྱད་པར་འདོད་ཡོན་མཆོད་པའི་མཆོག །ཤ་ཁྲག་ཀེང་རུས་རྒྱ་མཚོ་ཡིས། །གཏོར་མའི་མཆོད་པ་དམ་པ་འདི། །རྟ་མགྲིན་འཁོར་བཅས་མཉེས་གྱུར་ཅིག །མཧཱ་མཾ་ས་ཁཱ་ཧཱི། །མཧཱ་རཀྟ་ཁཱ་ཧི། །མཧཱ་ཙིཏྟ་ཁཱ་ཧི། །ཀཾ་ནི་རི་ཏེ་ཧཱུཾ། རཀྟ་གཏོར་མའི་ཁར་བསྒྲེངས། སླར་ཡང་མཆོད་པ་དང་གཏོར་མ་གསོས་སྙིང་པོས་བསངས། སྭ་བྷཱ་ཝས་སྦྱངས། ཧཱུཾ་ཡིག་ལས་བྱུང་བའི་མཆོད་རྫས་དང་ཐུན་རྫས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བས། ཁྲོ་རྒྱལ་རྟ་མགྲིན་འཁོར་བཅས་ཀྱི་སྤྱན་ལམ་དུ་འབྱུང་བར་འགྱུར་ཅིག ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ ནས། ག་ག་ན་ཁཾ་སྭཱཧཱ། ལན་གསུམ་བརྗོད། ཧཱུཾ་མཆོད་ཡོན་མེ་ཏོག་བདུག་སྤོས་དང༌། །མར་མེ་དྲི་ཆབ་ཞལ་ཟས་དང༌། །སྣ་ཚོགས་རོལ་མོའི་སྒྲ་དབྱངས་ཀྱིས། །རྟ་མགྲིན་འཁོར་བཅས་ཐུགས་དམ་བསྐང༌། །ཡིད་སྤྲུལ་མཆོད་པ་དཔག་མེད་དང༌། །མངོན་བཤམས་


TNT13_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་ཕྱག་རྒྱ་དང༌། །ཏིང་འཛིན་མཆོག་གིས་བྱིན་རླབས་ནས། །འཁོར་བཅས་ཐུགས་དམ་སྐོང་གྱུར་ཅིག །སངས་རྒྱས་དམ་ཚིག་ལྕགས་ཀྱུ་ལྔ། །རིག་མའི་དམ་ཚིག་བདུད་རྩི་ལྔ། །ནང་གི་མཆོད་པས་ཐུགས་དམ་བསྐང༌། །ཡེ་ཤེས་བསྐྱེད་ཕྱིར་བཞེས་སུ་གསོལ། །ཐབས་ཤེས་དབྱེར་མེད་རིག་མའི་ཚོགས། །ཕྱོགས་ཀུན་ཁྱབ་པར་རྣམ་སྤྲུལ་ཏེ། །གསང་སྔགས་ལྷ་ལ་མཆོད་པར་འབུལ། །དགྱེས་པ་ཆེན་པོ་ཐུགས༴ རང་བྱུང་མངོན་ཤེས་བསྒྲུབ་པའི་ཕྱིར། དབང་ལྔའི་པུཥྤེས༴ མཁའ་འགྲོ་སྤྲིན་ལྟར་སྡུད་པའི་ཕྱིར། །ཚིལ་ཆེན་དྷུ་པེས༴ མ་རིག་མུན་པ་སེལ་བའི་ཕྱིར། །ཞུ་ཆེན་དཱི་པེས༴ ཤུགས་འགྲོའི་ཚོགས་རྣམས་སྡུད་པའི་ཕྱིར། །མཁྲིས་ཆེན་གནྡྷེས༴ གསང་སྔགས་ལྷ་རྣམས་མཐུ་བསྐྱེད་ཕྱིར། །མཾ་ས་གཏོར་མའི༴ དགྲ་བགེགས་མ་ལུས་བསྒྲལ་བ་ཡི། །གཡང་གཞི་བླ་རེ་འཕན་གདུགས་དང༌། །རྒྱུ་རློན་ལྡ་ལྡི་བར་སྣང་བརྒྱན། །དམ་ཉམས་སྐྲ་ཡི་རྔ་ཡབ་གཡོབ། །དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ། །མཧཱ་རཀྟའི་ཨརྒྷཾ་བསྒྲེངས། །ཀེང་རུས་ཕུབ་པའི་གཞལ་ཡས་ཁང༌། ཁྲག་ཞག་རྒྱ་མཚོའི་ཀློང་དཀྱིལ་དུ། །མི་བཟད་དུར་ཁྲོད་བརྒྱད་ཀྱིས་བསྐོར། །རྒྱལ་སྲིད་རིན་ཆེན་སྣ་བདུན་སོགས། །སྣ་ཚོགས་མཆོད་པའི་ཐུགས༴ བྲིས་སྐུ་ལ་སོགས་ཕྱི་ཡི་རྟེན། །བསྐྱེད་རིམ་རྣལ་འབྱོར་ནང་གི་རྟེན། །ཐིག་ལེ་ཉག་ཅིག་གསང་བའི་རྟེན། །རྟ་མགྲིན་རྒྱལ་པོའི་ཐུགས་དམ་བསྐང༌། །འཁོར་


TNT13_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་དགྱེས་ཤིང་ཚིམས་མཛད་ལ། །ཉམས་ཆགས་བསྐང་ཞིང་དངོས་གྲུབ་སྩོལ། །ཕྱི་ནང་བར་ཆད་ཀུན་སེལ་ཞིང༌། །འདོད་དོན་ཐམས་ཅད་འགྲུབ་པར་མཛོད། །ཧཱུཾ་གཞན་ཡང་དམ་རྫས་འབུལ་བ་ནི། ཁང་བཟང་རྣམ་པ་སྣ་ཚོགས་དང༌། །འབྲས་བུ་གསུམ་རོ་བཅུ་དང་སྨན། །དཀར་གསུམ་ལ་སོགས་བདུད་རྩིའི་ཟས། །སྦྲང་རྩིའི་ལ་སོགས་རོ་ཞིམ་མཆོག །ལྷ་རྫས་ན་བཟའ་རྣམ་མང་པོ། །རིན་ཆེན་ཅོད་པཎ་དོ་ཤལ་སོགས། །སྣ་ཚོགས་རྒྱན་དང་ཆས་བཀོད་བཅས། །འཁོར་བཅས་ཐུགས་དམ་སྐོང་གྱུར་ཅིག།བསྐང་ངོ་བསྐལ་བའི་ཐུགས་དམ་བསྐང༌། །བསྒྲུབ་བྱ་དབང་དུ་སྡུས་པའི་ཕྱིར། །ལྕགས་ཀྱུ་ཞགས་པས་ཐུགས་དམ་བསྐང༌། །དགྲ་བགེགས་རྡུལ་བཞིན་བརླག་པའི་ཕྱིར། །གྲི་ཁུག་རལ་གྲི་རྩེ་གསུམ་དང༌། །ཐོ་བ་དགྲ་སྟ་མདུང་ཐུང་སོགས། །སྣ་ཚོགས་མཚན་ཆས༴ གནོད་བྱེད་དུག་གིས་མྱོས་པའི་ཕྱིར། །སྦྲུལ་ཆེན་བརྒྱད་ཀྱིས༴ ཐབས་ཤེས་ཟུང་དུ་འཇུག་པའི་ཕྱིར། །རྡོ་རྗེ་ཅང་ཏེའུ་ཐོད་པ་དང༌། །སྒྲ་སྙན་དྲིལ་བུའི༴ ཆོས་ཀྱི་དབྱིངས་ལས་བསྐུལ་བའི་ཕྱིར། །རིག་སྔགས་གསུངས་གི་བཟླས་བརྗོད་དང༌། །སིལ་སྙན་རྔ་ཟླུམ་རྔ་བོ་ཆེ། །པི་ཝང་གླིང་བུ་ལ་སོགས་པ། །རོལ་མོ་གླུ་དབྱངས་བསྟོད་པར་བཅས། །འབུལ་གྱིས་ཀུན་ཏུ་དགེས་པར་མཛོད། །དྲག་པོའི་ལས་ལ་བསྐུལ་བའི་ཕྱིར། དོན་སྙིང་སྣ་ལྔའི༴ འཕྲིན་ལས་ཐམས་ཅད་བསྒྲུབ་པའི་ཕྱིར། །


TNT13_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་སྲོག་ཆགས་སྤྱན་སྔར་འབུལ། །ནོར་བུའི་གཞལ་མེད་ཁང་པ་དང༌། །དར་གྱི་བླ་བྲེ་འཕན་གདུགས་དང༌། །རིན་ཆེན་གདན་ཁྲི་པད་ཉི་ཟླ། །སྒེག་མོ་ལ་སོགས་ལྷ་མོ་བརྒྱད། །དཔལ་བེ་ལ་སོགས་བཀྲ་ཤིས་བརྒྱད། །མེ་ལོང་ལ་སོགས་རྫས་མཆོག་བརྒྱད། །རལ་གྲི་ལ་སོགས་དངོས་གྲུབ་བརྒྱད། །མདོར་ན་ལོངས་སྤྱོད་ཐམས་ཅད་དང༌། །གླིང་བཞི་རི་རབ་འཇིག་རྟེན་གསུམ། །ནམ་མཁའ་གང་བར་རྣམ་སྤྲུལ་ཏེ། །པདྨ་དབང་གི་ཐུགས་དམ་བསྐངས། །རྟ་མགྲིན་རྒྱལ་པོའི་ཐུགས་དམ་བསྐང༌། ཁྲོ་ཆེན་ཡབ་ཡུམ༴ ཕོ་ཉ་བྲན་གྱི༴ སྤྲུལ་པ་ཡང་སྤྲུལ༴ ལས་བྱེད་དྲེགས་པའི༴ དགེ་ལེགས་སྤེལ་ཕྱིར་བཞེས་སུ་གསོལ། །མགྱོགས་འགྲོའི་དམ་ཚིག་ཡིན་པའི་ཕྱིར། །བདུད་རྩིའི་སྨན་གྱིས༴ ཁྲོ་བོ་ཕོ་ཉར་འགྱེད་པའི་ཕྱིར། །དམར་ཆེན་གཏོར་མས༴ སྤྲུལ་པ་ལས་ལ་བསྐུལ་བའི་ཕྱིར། །ཤ་ཆང་ཕུད་ཀྱིས༴ དམ་ཚིག་གཉན་པོ་གསོ་བའི་ཕྱིར། །ཚོགས་ཀྱི་འཁོར༴ མཧཱ་རཀྟའི་མཆོད་ཡོན་འདི། །དབང་ཕྱུག་ཉེར་བརྒྱད༴ སྲོག་ཆགས་ནོར་སྣ་སྣ་ཚོགས་འདི། སྐྱེས་བུ་གྱིང་གི༴ གོ་མཚོན་སྣ་ཚོགས་བདར་བ་འདི། །སྲོག་བདག་དམར་པོའི༴ བདུད་བཤོས་གོས་ནག་ལ་སོགས་པས། །བདུད་རྒྱལ་ནག་པོའི༴ གསང་རྟེན་རྣམ་པ་སྣ་ཚོགས་པས། །རྡོ་རྗེ་མ་མོའི་ཐུགས་དམ་བསྐང༌། །འཁོར་བཅས་ཐུགས་དམ་སྐོང་གྱུར་ནས། །བར་ཆད་སེལ་ཞིང་འདོད་དོན་


TNT13_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབས། ཧཱུཾ་ཧ་ཡ་གྲྀ་བའི་དུས་ལ་བབ། ཁྲོ་རྒྱལ་ཡབ་ཡུམ་དུས་ལ་བབ། །བདག་ནི་རྣལ་འབྱོར་དམ་ཚིག་ལྡན། །རྟ་མཆོག་རོལ་བའི་བཀའ་རྟགས་འཆང༌། །དཀྱིལ་འཁོར་ལྷ་ནི་ཡེ་ཤེས་སྐུ། །བསྲུང་མ་ལས་མཁན་མཐུ་རྩལ་ཆེ། །དོ་ནུབ་ཁྱེད་ལ་མཆོད་པ་འབུལ། །དམ་ཚིག་འཕྲིན་ལས་སྒྲུབ་ཏུ་གསོལ། །བདག་ཅག་རྒྱུ་སྦྱོར་ལ་སོགས་པའི། །ནད་གདོན་བར་ཆད་ཞི་བ་དང༌། །བསྲུང་ཞིང་བཟློག་པར་མཛད་དུ་གསོལ། །ཚེ་རིང་ལོངས་སྤྱོད་འཕེལ་བ་དང༌། །དབང་ཐང་འཕྲིན་ལས་ཀུན་རྒྱས་ཤིང༌། །མི་ནོར་ཟས་སོགས་འཕེལ་བར་མཛོད། །རྒྱལ་པོ་རྒྱལ་ཕྲན་བློན་པོ་དང༌། །ཡུལ་མི་གཙོ་བོ་དབང་དུ་བསྡུས། །སྡེ་བརྒྱད་དྲེགས་ཅན་བྲན་དུ་འཁོལ། །བསྒྲུབ་བྱ་དབང་བྱས་འགུགས་པར་མཛོད། །སྡང་བའི་དགྲ་བགེགས་མ་ལུས་པ། །སྐད་ཅིག་ཙམ་གྱིས་ཐལ་བར་རློགས། །མ་དང་སྨྲ་བའི་དུག་ཅན་རྣམས། །རྣམ་ཤེས་ཡེ་ཤེས་མཁའ་སྦྱོར་ཆེ། །ཡེ་ཤེས་ཆེན་པོ་མི་ཤིགས་པས། །ལུས་ངན་དེ་དག་བོར་དུ་ཆུག །ཡེ་ཤེས་དག་ལ་ས་མཱ་ཛ། །དྲག་པོའི་ཕོ་ཉ་ད་སྤྲོས་ཤིག །མཁའ་དབྱིངས་མི་ཟད་ཁྲོ་བོས་ཁྱབ། །དུག་གི་ན་བུན་སྤྲིན་ལྟར་གཏིབས། །མཚོན་ཆ་འཁྲུལ་འཁོར་ཆར་ལྟར་ཕོབ། །རྡོ་རྗེ་ཐོ་བས་མགོ་བོ་ཆོམ། །རྡོ་རྗེ་དབྱུག་པས་རྐང་ལག་ཆོག །རྡོ་རྗེ་མདའ་གཞུས་སྙིང་ལ་ཕུག །རྡོ་རྗེ་རལ་གྲིས་ལུས་ཀུན་གཏུབས། །


TNT13_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་ཕོ་ཉ་ཐམས་ཅད་ཀྱིས། །དམ་ཉམས་དགྲ་བོ་ཆེ་གེ་མོའི། །གནམ་གྱི་འཇུ་ཐག་སྐྱ་བོ་ཆོད། །ས་ཡི་རྟེན་ཕུར་ནག་པོ་ཕྱུང༌། །ལས་ཀྱི་རླུང་གི་རྒྱབ་ནས་ཕུལ། །འཇིགས་པའི་མུན་པས་མདུན་ནས་བསུས། ཁོང་པའི་ནང་ནས་སྙིང་ཐོན་ཅིག །དབང་པོ་ལྔ་དང་དོན་སྙྀང་ལྔ། །ད་ལྟ་ཐོན་ལ་ལུས་སེམས་ཁྲོལ། །སྡེ་བརྒྱད་དམག་དཔུང་སྤྲིན་ལྟར་གཏིབས། །ཕྱོགས་ཀུན་སྲིན་པོ་ཁྲོས་པ་དང༌། །མ་མོ་གཤིན་རྗེ་ཁྲོས་པས་ཁྱབ། །ཝ་དང་བྱ་རོག་བྱ་རྒོད་དང༌། །བྱ་གཅན་གདུག་པས་གང་བ་རྣམས། ཁ་ཅིག་ཤ་ཟ་ཁྲག་འཐུང་ཞིང༌། །ལ་ལ་རུས་པ་ལྷ་བ་འཇིབ། །རྒྱུ་མ་ནང་ཁྲོལ་འདེད་པ་དང༌། །ལྷུ་ཚིགས་རུས་པ་འཐོར་བར་མཛོད། །རྣམ་ཤེས་མར་མེ་ལྟར་བསད་ནས། །མཚོན་ཆར་ས་མུན་སྲོས་བྱེད་པས། །ལུས་ངག་ཐལ་བ་རྡུལ་དུ་རློགས། །རྣམ་ཤེས་དབྱིངས་སུ་སྤོར་དུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནད་ཁ་ཁྲམ་ཁ་དགྲ་ལ་བསྒྲུར། །ཆགས་ཆེ་ཉམ་ང་དགྲ་ལ་བསྒྲུར། །གནོད་བྱེད་བར་ཆད་མི་མཐུན་པ། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོ། །ཐམས་ཅད་གནོད་པའི་བགེགས་ལ་བྷྱོ། །སངས་རྒྱས་བསྟན་པ་དར་བ་དང༌། །སེམས་ཅན་བདེ་སྐྱིད་འཕེལ་བར་མཛོད། །བར་འདིར་བསྟོད་པ་ཆེ་ཆུང་གསར་རྙིང་རྣམས་ཅི་རིགས་པས་བསྟོད་ཅིང་དབྱངས་སུ་གྱེར་བར་བྱའོ། །ཧཱུཾ་པདྨ་དབང་ཆེན་དཀྱིལ་འཁོར་དམ་པ་ནས། །འཇིག་རྟེན་འཇིག་རྟེན་འདས་པའི་ལྷ་ཚོགས་བཅས། །


TNT13_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ཉིད་བཟང་ངན་རྟོག་དང་བྲལ་ན་ཡང༌། །ཡུད་ཙམ་བདག་གི་ཚིག་ལ་དགོངས་སུ་གསོལ། །བདག་ནི་མི་ཤེས་རྨོངས་ཤིང་ལེ་ལོ་ཆེ། །སྒོམ་སྒྲུབ་མི་བརྩོན་བསྙེན་སྒྲུབ་གཡེལ་བ་དང༌། །དམ་རྫས་མ་ཚང་མཆོད་གཏོར་གཡེལ་བ་དང༌། །རྒྱུ་ཆུང་ཕུད་ཉམས་མཆོད་རྫས་འབགས་པ་དང༌། །ཆོ་ག་འཁྲུལ་དང་གསང་བ་གཡེལ་བ་སོགས། །དམ་ཚིག་འགལ་འཁྲུལ་ཐམས་ཅད་སོ་སོར་བཤགས། །ཐུགས་དང་འགལ་བ་ཐམས་ཅད་བཟོད་པར་གསོལ། །ཆོས་དབྱིངས་མཉམ་པ་ཉིད་དུ་དག་གྱུར་པས། །བདག་ཅག་བླ་མེད་བདེ་ཆེན་ཐོབ་པར་ཤོག །དེ་ནས་གཏོར་ཆོག་ལྟར་གཏོར་མ་ཕུལ་ལ། བར་འདི་མྱུར་མཛད་མགོན་པོ་ལ་སོགས་པའི་ཆོས་སྐྱོང་གང་བྱེད་ཀྱི་གཏོར་མ་ཡང་བྱའོ། །དེ་ནས་ཚོགས་ཀྱི་མཆོད་པ་བྱ་སྟེ། སྔ་འགྱུར་རང་སྣང་ལ་གྲགས་པའི་ཆོ་ག་རིམ་པ་གསུམ་ལ་སོགས་པ་ནི་འདིར་ངེས་པར་དགོས་པ་མ་ཡིན་པས། མདོ་ཙམ་གཞན་དང་མཐུན་པའི་འདི་ལྟར་སྤེལ་བར་བྱ་སྟེ། ཚོགས་རྫས་རྣམས་སྨན་ཕུད་བྱིན་རླབས་ཀྱི་སྐབས་ལྟར་བྱིན་གྱིས་བརླབས་ལ། ཧཱུཾ་ཨེ་ཡིག་བདེ་ཆེན་ཀློང་ཡངས་སུ། །ཝཾ་ཡིག་རྡོ་རྗེ་རྟག་འཆར་བ། །གསུང་མཆོག་རྡོ་རྗེ་འོད་དཔག་མེད། །མཐའ་ཡས་སེམས་དཔའི་ཚོགས་དང་བཅས། ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གནས་ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུག། འདིར་འདུལ་རྣལ་འབྱོར་བདག་ཅག་ལ། །མཆོག་དང་


TNT13_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་དངོས་གྲུབ་སྩོལ། །འགྲོ་ལ་ཐུགས་རྗེས་ཆེན་པོ་ཡིས། །རང་སྣང་རི་བོ་ཏ་ལ་ནས། །འཕགས་པ་སྤྱན་རས་གཟིགས་དབང་ལ། །ལྷ་ཀླུ་གནོད་སྦྱིན་ཚོགས་ཀྱིས་བསྐོར། ཁྱེད་ཀྱི་རྗེས་སུ༴ བྱིན་གྱི་རླབས༴ གནས་ཁང་༴ ཚོགས་རྫས་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་༴ ལྷོ་ནུབ་རྔ་ཡབ་སྲིན་པོའི་གླིང༌། །པདྨ་འོད་ཀྱི་གཞལ་ཡས་སུ། །སློབ་དཔོན་པདྨ་འབྱུང་གནས་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཁྱེད་ཀྱི༴ བྱིན་གྱིས་བརླབས༴ གནས་ཁང་༴ ཚོགས་རྫས༴ འདིར་འདུས༴ མཆོག་དང་༴ གངས་ཅན་ས་ཡི་ཐིག་ལེ་མཆོག །སྐྱེ་སྒང་སྙིང་རྗེའི་ཕོ་བྲང་ནས། །དབོན་སྟོན་དྷརྨཱ་སེང་ཧ་ནི། །སྐལ་ལྡན་དག་པའི་འཁོར་གྱིས་བསྐོར། ཁྱོད་ཀྱི༴ བྱིན་གྱིས༴ གནས་ཁང་༴ ཚོགས་རྫས༴ འདིར་འདུས༴ མཆོག་དང་༴ ཕྱོགས་བཅུ་དག་པའི་ཞིང་ཁམས་ནས། །བྱིན་རླབས་ཐུགས་རྗེས་ལྡན་པ་ཡི། །དྲིན་ཅན་བརྒྱུད་པའི་བླ་མ་རྣམས། །རིག་འཛིན་དུ་མའི་འཁོར་དང་བཅས། ཁྱོད་ཀྱི༴ བྱིན་གྱིས་བརླབས༴ གནས་ཁང་༴ ཚོགས་རྫས༴ འདིར་འདུས༴ མཆོག་དང་༴ རང་སྣང་དག་པའི་གཞལ་ཡས་ཁང༌། །གར་བཞུགས་འོག་མིན་གནས་མཆོག་ནས། །ཀུན་བཟང་རྩ་བའི་བླ་མ་ལ། །བརྒྱུད་ལྡན་བླ་མའི་ཚོགས་དང་བཅས། ཁྱོད་ཀྱི༴ བྱིན་གྱིས༴ གནས་ཁང་༴ ཚོགས་རྫས༴ འདིར་འདུས༴ མཆོག་དང་༴ སྡེ་བརྒྱད་བྲན་དུ་འཁོལ་བའི་ཞིང༌། །


TNT13_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ནག་འབར་བའི་ཀློང་དཀྱིལ་ནས། ཁྲོ་རྒྱལ་རྟ་མཆོག་རོལ་པ་ཡང༌། །ཡི་དམ་ལྷ་ཚོགས་རྣམས་ཀྱིས་བསྐོར། ཁྱེད་ཀྱི༴ བྱིན་གྱིས༴ གནས་ཁང་༴ ཚོགས་རྫས༴ འདིར་འདུས༴ མཆོག་དང་༴ ཧེ་རུ་ཀ་ཡིས་བྱིན་བརླབས་པ། །སུམ་བཅུ་རྩ་གཉིས་གནས་མཆོག་ནས། །བགྲང་ཡས་དཔའ་བོ་མཁའ་འགྲོ་ལ། །སྤྲུལ་པ་ཉིད་སྤྲུལ་ཚོགས་དང་བཅས། ཁྱེད་ཀྱིས༴ བྱིན་གྱིས་བརླབས༴ གནས་ཁང་༴ ཚོགས་རྫས༴ འདིར་འདུས༴ མཆོག༴ གདུག་ཅན་དགྲ་བགེགས་སྒྲོལ་བའི་ཞིང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །མྱུར་མཛད་ཡེ་ཤེས་མགོན་པོ་ནི། །དམ་ཅན་རྒྱ་མཚོའི་ཚོགས་དང་བཅས། །ཁྱེད་ཀྱི་རྗེས་སུ་བདག་སློབ་ཀྱི། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། །བླ་མ་ཡིད་དམ་མཁའ་འགྲོའི་ཚོགས། །རིགས་ཀྱི་ཅོད་པན་སྡེམ་སེ་སྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རྒྱན་ཆ་མང་པོ་ཁྲ་ལ་ལ། །རོལ་མོ་མང་པོ་དི་རི་རི། །གླུ་ལེན་གར་བྱེད་ཁྱུག་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤ་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་གསལ་ལ་ལ། །བརྗོད་མེད་དབྱིངས་སུ་ཐལ་ལ་ལ། །བདེ་བ་ཆེན་པོར་ཁྲིལ་ལི་ལི། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། །གནས་ཁང་འདི་ལ་བྱི་ཕོབ་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩཽལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །འཁོར་གསུམ་གཉིས་སུ་མེད་པར་འདྲེས།


TNT13_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་སྤྱི་ཕུད་ཕུལ་ལ། ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ཉིད་རྣམ་པར་དག་པ་ཨཱ་ལི་ཀཱ་ལིའི་ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི། བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ག་ན་ཙཀྲ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། འཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་བསྲུང་མ་རྣམས་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧཱི་ཁཱ་ཧཱི། དམ་ཚིག་གི་རྩ་བ་མཆེད་གྲོགས་རྡོ་རྗེ་སྤུན་གྲོགས་རྣམས་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧཱི་ཁཱ་ཧཱི། དེ་ནས་སྙིང་པོའི་མཐར་གཏོར་སྔགས་བཏགས་ལ། ཡི་དམ་ལ་ལན་གསུམ་ཕུལ། ཆོས་སྐྱོང་གི་གཏོར་སྔགས་ལ་ཁ་ཁ་བཏགས་ལ་ཕུལ། མཁའ་འགྲོ་སྤྱི་གཏོར་ཡང་འབུལ། ལས་ཀྱིས་རྡོ་རྗེས། གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱ་མི་རུང༌། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་ལྷན་ཅིག་རོལ། ཞེས་སོ་སོར་དྲངས་སོ། །སོ་སོས་ཀྱང༌། རིན་ཐང་མེད་ཆོས་ལེགས་པར་འོངས། །འདོད་ཆགས་ཀྱི་ནི་དྲི་མ་སྤངས། །བླང་དང་བླང་མིན་ལས་གྲོལ་བ། །འདི་ཉིད་ཕུལ་བ་ངོ་མཚར་ཆེ། ཞེས་བླངས། ཐམས་ཅད་ཀྱིས་ཕུད་སྤྱི་འབུངས་སུ་བསྡུས་ནས། ཨོཾ་དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གི་མཆོད་པ་བཞེས། །སྒྲིབ་པའི་དྲི་མ་ཀུན་སེལ་ཞིང༌། །


TNT13_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ཀུན་ལས་རྣམ་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོར་མཉེས་གྱུར་ཅིག །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱས་ཁྱད་པར་མཆིས་པ་རྣམས། །རྩ་བརྒྱུད་བླ་མ་རྣམས་ལ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གཟུགས་དང་སྒྲ་དང་༴ རེག་བྱའི་ཁྱད་པར༴ ཡི་དམ་ལྷ་ཚོགས༴ མཆོག་དང་ཐུན་མོང་༴ གཟུགས་དང་སྒྲ་དང་༴ རེག་བྱའི་ཁྱད་པར༴ བསྟན་བསྲུང་རྒྱ་མཚོའི་ཚོགས༴ དངོས་གྲུབ་མ་ལུས་སྩལ་དུ་གསོལ། །གཟུགས་དང་སྒྲ་དང་དྲི་དང་རོ། རེག་བྱའི༴ གནས་གསུམ་མཁའ་འགྲོའི་ཚོགས་ལ་འབུལ། །ཕྱི་ནང་བར་ཆད་ཞི་བར་མཛོད། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱའི་ཁྱད་པར་མཆིས་པ་རྣམས། དཀར་ཕྱོགས་སྐྱོང་བ་རྣམས་ལ་འབུལ། །བསམ་པ་འགྲུབ་པའི་སྡོང་གྲོགས་མཛོད། ཨ་ཀཱ་རོ། ལན་གསུམ་གྱིས་ཕུལ། ལྷའི་རྣལ་འབྱོར་གྱི་སྒོ་ནས་ཚིམས་པར་ཟའོ། །ཧཱུཾ་སངས་རྒྱས་ཀུན་གྱིས་བྱིན་རླབས་པ། །འོད་ཟེར་སྣ་ལྔའི་དྲ་བས་མཛེས། །སེང་གེ་འཕྲོག་བྱེད་ཚངས་དབང་གཙོ། །ཐུགས་བརྩེར་མཛོད་ཅིག་ཏེ་ན་ཧཱུཾ། དེ་ན་ཧཱུཾ་དེ་ན་ཏེ་ཏེ་ཧཱུཾ། ཞེས་ཀླུ་བླངས། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པའི་རོ་བོང་ཅན་ཧཾ་འཛག །ཅེས་བདེ་བ་བསྒོམ། དེ་ནས་ཚོགས་ལྷག་བསྡུས་ལ། བསངས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ མ་མོ་ནག་མོ་དུད་པའི་སོལ་བ་མོ་


TNT13_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་སྡུད་ཀྱི་རྡོ་རྗེ་ཕོ་ཉ་མོའི་ཚོགས་དང་བཅས་པ་ཐམས་ཅད་ལྷག་མའི་དམ་ཚིག་གི་གནས་སུ་བཛྲ་ས་མཱ་ཛཿ ཨོཾ་མ་ག་རི་ཡེ་ས་པཱ་རི་ཝཱ་ར་ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད། ཨོཾ་ཧཱུཾ་མ་ག་རི་ཡེ་ས་པཱ་རི་ཝཱ་ར་བྷྱཿ ཨ་ཀཱ་རོ༴ སོགས་ལན་བདུན་གྱིས་ཕུལ། མ་མོ་ནག་མོ་དུད་པའི་སོལ་བ་མོ། ལྷག་སྡུད་ཀྱི་རྡོ་རྗེ་ཕོ་ཉ་མོའི་ཚོགས་དང་བཅས་པ་རྣམས། ལྷག་མའི་གཏོར་མ་འདིས་ཚིམ་པར་གྱིས་ལ་བདག་ཅག་རྣམས་ཀྱི་འཕྲིན་ལས་ཐོགས་པ་མེད་པར་བསྒྲུབ་ཤིག །ཕྱི་རོལ་སྒོ་དྲུག་ན་གནས་པའི་འབྱུང་པོ་འཆོལ་བའི་ཚོགས་དམ་ཚིག་གི་ཆོ་ག་ལ་བལྟ་བར་མི་དབང་པ་རྣམས་ལ་སྦྱིན་ནོ། །རྡོ་རྗེ་ཐེག་པ་ལ་གསང་བ་མཆོག་གི་སྒོར་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ཨོཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨུ་ཙིཥྟ་བྷཀྵ་སི་སྭཱཧཱ། སྙིང་པོ་བཟླས་ཤིང་ལྷག་གཏོར་ཕྱིར་རོལ་དུ་དོར། དེ་ནས་བརྒྱུད་པའི་བླ་མའི་གསོལ་འདེབས་དང། ཡི་དམ་གྱི་བསྟོད་པ་མདོར་བསྡུས་ཙམ་གྱིས་བསྟོད་ནས། སློབ་དཔོན་དང་དཔལ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་བའི་ལྷ་ཚོགས། མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་ལྷ་ཚོགས་དང་བཅས་པ་རྣམས་ཀྱིས། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོངས་ཀྱིས་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང༌། རང་གི་དཔྲལ་བར་ཐིམ། མགྲིན་པ་ནས་དམར་པོ་དང། ཐུགས་ཀ་ནས་སྔོན་པོ་དང༌། གནས་གསུམ་ཆར་ནས་དཀར་དམར་མཐིང་གསུམ་བྱུང༌། རང་གི་གནས་གསུམ་དུ་


TNT13_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ། དབང་བཞི་ཐོབ་པར་བསམ་ཞིང༌། སྔ་འགྱུར་ཀྱི་ཆོ་ག་གཞན་དང་འབྲེལ་བ་སློབ་དཔོན་པདྨའི་བཀའ་བསྲུང་དམ་ཅན། སྤྱི་སྒོས་རྣམས་ཀྱི་གཏོར་མ་དང༌། ཁྱད་པར་བསྟན་སྐྱོང་བྱ་བར་འདོད་ན་སྐབས་འདིར་བྱའོ། །ཡི་གེ་བརྒྱ་པ་མང་དུ་བཟླས། དེ་ནས། མ་འབྱོར་པ་དང་ཉམས་པ་དང༌། ཞེས་སོགས་ཀྱིས་བཟོད་པར་གསོལ། བྲིས་སྐུ་ལ་བརྟན་བཞུགས་སྤྱི་དང་མཐུན་པར་བྱ། ཁྱོད་ཀྱི་སེམས་ཅན་དོན་ཀུན་མཛད། སོགས་ཀྱིས་གཏོར་མགྲོན་རྣམས་སྤྱི་དང་མཐུན་པར་གཤེགས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཅེས་སོགས་ཀྱིས་སྨོན་ལས་བཏབ་བཀྲ་ཤིས་བཀའ་རྒྱ་མས་ཐོག་དྲངས་ཏེ། ཤིས་བརྗོད་ཅི་འགྲུབ་བྱའོ། །གྲུབ་པ་ཀུན་གྱིས་ཉེར་བསྟེན་པ། །དབང་ཆེན་གསང་བའི་སྒྲུབ་ཐབས་ཀྱི། །འཕྲིན་ལས་ཆོ་ག་འདིར་གསལ་བྱས། །དགེ་འདིས་འགྲོ་ཀུན་སངས་རྒྱས་ཤོག །དཔལ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་བ་གསང་སྒྲུབ་ཀྱི་ལས་བྱང་དྲེགས་པ་ཀུན་འདུལ་ཞེས་བྱ་བ་འདི་ནི་ཆོས་འདི་ཉིད་ལ་མཆོག་ཏུ་གུས་པ་དང་ལྡན་པ། །འཕྲིན་ལས་རྣམ་རྒྱལ་ཞེས་བྱ་བས། །ལུགས་འདི་ལ་ཡི་གེ་འཐོར་ཐབས་སུ་གནས་པ་ལས། །ཆོག་སྒྲིགས་གསལ་བ་ཆེས་དཀོན་པར་འདུག་པའི། །ལས་བྱང་གསལ་བ་ཞིག་སྒྲིག་པར་འོས་སོ་ཞེས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། ཤངས་པ་བཀའ་རྒྱུད་ཀྱི་ཆོས་རིགས་སུ་སྐྱེས་པ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་བརྒྱད་པ་ལ་ཆོས་འཁོར་སྡེངས་སུ་བཀོད་པའོ།། །།ཞུ་དག །མངྒལཾ། །རྗེ་བཙུན་སྒྲོལ་མ་བླ་མ་དབྱེར་མེད་ལ། །སྙིང་ནས་རེ་བས་སྐྱེ་བ་རྗེས་མར་ཡང༌། །ཤམ་བྷ་ལར་སྐྱེས་བླ་མའི་རྗེས་བཟུང་ནས། །གདམས་ནོད་ས་ལམ་མཐར་ཕྱིན་སངས་རྒྱས་ཤོག །འདི་གུ་ཎས་སྨོན་ལམ་བཏབ་བོ། །

ཐམས་ཅད་རིག་པའི་བརྒྱུད་ཡིག་གསོལ་འདེབས་སུ་སྦྱར་བ།


TNT13_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རིག་པའི་བརྒྱུད་ཡིག་གསོལ་འདེབས་སུ་སྦྱར་བ་བཞུགས་སོ། །


TNT13_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ཐམས་ཅད་རིག་པའི་རྒྱུད་འདེབས་བླ་མ་ལ་ཕྱག་འཚལ་ལོ། །ཡང་དག་རྫོགས་པའི་སངས་རྒྱས་རྣམ་སྣང་མཛད། །རིགས་ཀུན་འཁོར་ལོས་བསྒྱུར་བ་རྡོ་རྗེ་སེམས། །གསང་བདག་རྣམ་འཕྲུལ་ཨིནྡྲ་བྷུ་ཏིའི་ཞབས། །གསོལ་བ་འདེབས་སོ་སྙིང་ནས་སྐྱབས་སུ་མཆི། །རྣལ་འབྱོར་མ་དཔལ་ཀ་མ་ལ་པ་དང། །བདེ་བའི་རྡོ་རྗེ་ནོར་བུ་གླིང་པའི་ཞབས། །དེ་ཉིད་བཅུ་མཁྱེན་ཤྲདྡྷ་ཀ་རའི་མཚན། །གུས་པའི་ཕྱག་འཚལ་བདག་ལ་བྱིན་གྱིས་རློབས། །སྒྲ་བསྒྱུར་ཀུན་ཀྱི་མཆོག་གྱུར་རིན་ཆེན་བཟང༌། །ལེགས་པའི་ཤེས་རབ་བློ་གསལ་ཀུན་གྱི་ཕུལ། །ཆོ་གའི་མཐར་སོན་སུམ་སྟོན་ཡེ་ཤེས་འབར། །ཡང་ཡང་གསོལ་བ་འདེབས་སོ་ཐུགས་རྗེས་བཟུང༌། །གཉན་སྟོན་ཚུལ་འབར་རྟོག་དཔྱོད་ཕ་མཐར་སོན། །ཡོ་ག་རྒྱ་མཚོའི་མངའ་བདག་དབེན་རྩ་གྲགས། །འདུས་པའི་བདག་པོ་ཐོད་པ་འོད་ཟེར་ལ། །མཆོག་ཏུ་མོས་པའི་ཕྱག་འཚལ་བྱིན་གྱིས་རློབས། །ཆེན་པོའི་གཙུག་རྒྱན་རོང་པ་ཆོས་མགོན་དང༌། །བོད་ཡུལ་


TNT13_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྒྱལ་པོ་འཕགས་པའི་མཚན། །མཁས་པའི་མཁས་པ་རྡོ་རྗེ་ཤེས་རབ་སྟེ། །ངོ་མཚར་བླ་མ་གསུམ་ལ་སྙིང་ནས་དད། །བྱིན་རླབས་གཟི་ལྡན་བླ་མ་འཕགས་རྒྱལ་དང༌། །དེ་ཡི་ཐུགས་སྲས་རིན་ཆེན་དཔལ་བཟང་དང༌། །སྐྱེ་རྒུའི་གཙུག་རྒྱན་བསོད་ནམས་རྒྱལ་མཚན་ལ། །དད་པ་རྣམ་གསུམ་སྟོབས་སུ་གྱུར་པས་འདུད། །གདམས་ངག་རྒྱ་མཚོ་ཀུན་མཁྱེན་གངས་ཁྲོད་པ། །འཇམ་དབྱངས་བདུན་པར་གྲགས་པ་ཐེག་ཆེན་རྗེ། །གང་དེས་རྗེས་བཟུང་བྲག་ཐོག་བསོད་ནམས་བཟང༌། །དེ་དག་རྣམས་ལའང་ཕྱག་འཚལ་བྱིན་གྱིས་རློབས། །འཇིག་མེད་དཔའ་བོ་ཀུན་དགའ་རྣམ་རྒྱལ་ཞབས། །སྨྲ་བའི་དབང་པོ་བྱང་ཆུབ་དབང་རྒྱལ་དང༌། །ཟབ་དོན་ཉམས་ཞེས་ཤཱཀྱ་ཀུན་དགའི་ཞབས། །བརྒྱུད་ལྡན་དེ་དག་རྣམས་ལའང་གསོལ་བ་འདེབས། །རྡོ་རྗེ་འཛིན་དབང་ཡེ་ཤེས་དབང་པོ་དང༌། །བརྒྱུད་པ་ཀུན་འདུས་རྩ་བའི་བླ་མ་མཆོག །འགྲོ་ཀུན་དགའ་མཛད་སྙིང་པོའི་ཞབས་ལ་ཡང༌། །གསོལ་བ་འདེབས་སོ་ཕྱག་འཚལ་སྐྱབས་སུ་མཆི། སློབ་དཔོན་དམ་པ་ཀུན་དགའ་


TNT13_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བསམ་པ། །དངོས་རྒྱུད་བླ་མ་སྙིང་པོ་བྱང་ཆུབ་ཞབས། །སྙིང་པོ་འཕྲིན་ལས་ཀུན་དགའ་རྒྱལ་མཚན་ཞབས། །གསོལ་བ་འདེབས་སོ་སྙིང་ནས་སྐྱབས་སུ་མཆི། །བདེ་གཤེགས་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་དང༌། །ཕྱག་རྒྱ་སྔགས་དང་ཏིང་འཛིན་ཆོ་གའི་མཐུས། །ངན་སོང་རྒྱུད་ཀྱི་འགྲོ་བ་མ་ལུས་པའི། །སྡུག་བསྔལ་མོད་ལ་ཞི་བར་བྱིན་གྱིས་རློབས། །འགྲོ་གནས་དྲུག་ཏུ་འཁོར་བའི་སེམས་ཅན་རྣམས། །དཀྱིལ་འཁོར་ཆེན་པོ་རྟག་ཏུ་མངོན་སུམ་མཐོང༌། །དེ་མ་ཐག་ཏུ་གཟུངས་དང་ཏིང་འཛིན་དང༌། །ཡོན་ཏན་མཐའ་ཡས་ཐོབ་པར་བྱིན་གྱིས་རློབས། །ཡེ་ཤེས་དབང་བསྐུར་བྱེ་བ་ཕྲག་བརྒྱ་ཐོབ། །དོན་དམ་དཀྱིལ་འཁོར་ལྷ་དང་སྐལ་མཉམ་གྱུར། །རིགས་པ་འཛིན་པའི་ས་རྣམས་རབ་རྫོགས་ནས། །ཐམས་ཅད་རྡོ་རྗེ་སེམས་དཔའི་གནས་ཐོབ་ཤོག །འདི་ནི་ཡོ་ག་སྟོད་ལུགས་སྨད་ལུགས་གཉིས་འདུས་ཀྱི་དབང་དུ་བྱས། བདག་སྐྱེད་རྒྱས་པ་དང་འབྲེལ་ཆེ་བའི་བརྒྱུད་པ་ཡིན་ལ། སྤྱིར་སྟོད་ལུགས་སྨད་ལུགས་ཞེས་པའི་ཐ་སྙད་རྡོར་དབྱིངས་ཉིད་ཀྱི་ཆོ་གའི་དབྱེ་བ་ཡིན་མོད་ཀྱང༌། དེའི་མདངས་ཞིག་སྦྱོང་རྒྱུད་ཀྱི་ཆོ་ག་ལ་ཡང་ཅུང་ཟད་ཤར་བའོ། །རྣལ་འབྱོར་མ་ཀ་མ་ལ་པ་ནི། ཀ་མ་ལ་པ་ཏིའོ། །ཨིནྡྲ་བྷཱུ་ཏི་དང་དེའི་བར་དུ་ལྕམ་ལཀྵ་མཱ་དང༌། དོན་ཞགས་པ་འཇུག་པའང་ཡོད་དེ་དགོས་ངེས་མ་ཡིན་ནོ། །དབེན་རྩ་གྲགས་ཞེས་པའང་ཐོད་པ་དབེན་རྩ་གྲགས་ཏེ་ཐོད་པ་འོད་ཟེར་དེའི་དཔོན་པོའོ། །ལུགས་དེ་


TNT13_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་མི་ཐེ་བ་ས་ལུགས་ཀྱི་རྒྱུད་རིམ་ནི། ཕྱག་རྡོར། རབ་གསལ་ཟླ་བ། རབ་འབྱོར་སྐྱངས། ཀུན་སྙིང། ཤེས་རབ་སྐྱངས། ཞི་བ་སྙིང་པོ། དགེ་མཚན་བཤེས་གཉེན། ཞེས་རྒྱ་གར་པའི་རྒྱུད་པ་འདེད་ཅིང༌། དེ་རྗེས་ནོར་བུ་གླིང་པ། ཤྲདྡྷ། ལོ་ཆེན་ཕྲག་སྟེངས་པ། མལ་ལོ། ས་སྐྱ་གོང་མ་བཞི། ཚོགས་སྒོམ་པ། ཉན་ཆེན་པ། ཏི་ཤྲཱི་ཀུན་བློ། ཆོས་རྗེ་བླ་མ། གངས་ཁྲོད་པ་མན་ཆད་གོང་དང་འདྲ། ས་ལུགས་ནང་སེལ། ངོར་ལུགས་ལྟར་ན། བླ་མ་དམ་པའི་རི་ཁྲོད་པ་བློ་བརྟན། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན། ངོར་ཆེན། དཔལ་ལྡན་རྡོ་རྗེ། ཀུན་དགའ་མཆོག་གྲུབ། རྗེ་གྲོལ་མཆོག །རྗེ་བརྩུན་རྡོ་རིངས་པ་ཀུན་དགའི་མཚན་ཅན། དེའི་དྲུང་དུ་བདག་གིས་བཀའ་ཐོབ། ཡང་ངོར་ཆེན། ཁ་ཆར་བ། པན་ཆེན་ཤཱཀྱ་མཆོག་ལྡན། །མཐའ་གོང་པ་ཐུགས་རྗེ་དཔལ། རྗེ་གྲོལ་མཆོག །ཅེས་དེད་ཀྱང་ཆོག་གོ །ཡང་བོ་དོང་བའི་ལུགས་ལྟར་ན། རིང་རྒྱུད་བླ་མ་དམ་པ། བྱང་རྩེ་གྲགས་རྒྱལ། །རྗེ་ཆོས་རྒྱལ་བ་ཉིད་ཅེས་རྒྱུད་པ་འདེད་ལ། ཉེ་རྒྱུད་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་གནང་བ་སྦྱིན་ནས། །པན་ཆེན་འཇིགས་མེད་གྲགས་པ། སྔགས་རམ་པ་འཇམ་གྲགས། སློབ་དཔོན་བཀྲ་ཤིས་གྲགས་པ། །སློབ་དཔོན་སངས་རྒྱས་དཔལ། སྔགས་འཆང་ཚུལ་ཁྲིམས་རྣམ་རྒྱལ། དེ་ལ་བདག་གིས་ནོས་པ་ལགས། །མཁས་མཆོག་བུ་སྟོན་ནས་རྒྱུད་པ་ནི། སྟོད་ལུགས། སྨད་ལུགས་སོ་སོ་དང༌། གཅིག་ཏུ་འདྲེས་པ་དང༌། དེ་དག་


TNT13_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནང་སེལ་རྩ་བསྣུར་འཛིམས་སོགས་སོ་སོར་རྒྱུད་པ་དང༌། ཇོ་བོ་ལུགས་རིགས་གཉིས། ཟང་དཀར་ལུགས། ས་ལུགས། ཁ་ཆེ་ལུགས། ཆག་ལུགས་སོགས་རྒྱུད་པ་མི་འདྲ་བ་ཤིན་ཏུ་མང་པོ་སོ་སོར་གསན་ནས་གཅིག་ཏུ་འདུས་པ་ཡིན། དེ་རྣམས་སོ་སོའི་རྒྱུད་ཡིག་ཤིན་ཏུ་མང་པོ་དག་ཡི་གེས་འཇིགས་ཏེ་འདིར་མ་བྲིས། ཤེས་པར་འདོད་ན་གསན་ཡིག་ཏུ་ལྟོས། དེ་ཕྱིན་ཆད་ནི་ཐམས་ཅད་མཁྱེན་པ་བུ་སྟོན། ཐུགས་སྲས་ལོ་ཙཱ་བ། འཇམ་དབྱངས་གྲགས་རྒྱལ། འཁྲུལ་ཞིག་ཚུལ་རྒྱལ། མཁྱེན་རབ་ཆོས་རྗེ། ཆོས་རིག་པ། དབོན་པོ་རིན་ཆེན་རྒྱལ་པོ། རྗེ་བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། བླ་མ་དམ་པ་དཔལ་ལྡན་ཆོས་བཟང༌། རྣམས་རྒྱུད་ནས་དངོས་ཀྱིས་འཁུམས་སོ། །ཇོ་བོ་རྗེའི་རང་བཞེད་སྦྱོང་རྒྱུད་ལུགས་ཀུན་རིག་དཀར་པོའི་རྒྱུད་པ་ནི། བཅོམ་ལྡན་ཤཱཀྱ་སེང་གེ་འགྲོ་བའི་སྐྱབས། །གསང་གསུམ་བདག་པོ་ཕྱག་ན་རྡོ་རྗེ་དང༌། །མཁས་མཆོག་ཛྙཱ་ན་ཤྲཱི་མི་ཏྲ་དང༌། །བྱང་ཆུབ་སེམས་ཀྱི་མངའ་བདག་ཨ་ཏི་ཤ །གུས་པས་སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །རིགས་སྔགས་གྲུབ་པ་གོ་མི་སྒོམ་ཆེན་དང༌། །སྔགས་རྒྱུད་རིག་པ་སྐྱི་ནོར་ཛྙཱ་ནའི་ཞབས། །བརྩོན་པ་མཐར་ཕྱིན་གཉལ་པ་ཉི་ཤེ་བ། །མོས་གུས་མཐར་ཕྱིན་སྣུར་སྟོན་སིང་ཧའི་ཞབས། །གུས་པས་སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །སྤྲུལ་སྟོན་འབར་ཐོག་སྲུང་མ་བྲན་དུ་འཁོལ། །མཐུ་སྟོབས་ཆེ་ལྡན་ཡང་དག་རྡོ་རྗེ་རྩངས། དེ་སྲས་འབྱུང་གནས་སེངྒེ་མཁས་


TNT13_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕུལ། །འཕྲིན་ལས་མཆོག་གྱུར་མདོ་སྡེ་སེངྒེ་ལ། །གུས་པས་སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །བསྐལ་བཟང་སེམས་དཔའ་ལུང་བསྟན་ཆོས་སྐུ་འོད། །གསང་སྔགས་བདག་པོ་བློ་ལྡན་སེང་གེ་ལྕེ། །རྨད་བྱུང་ལྕེ་སྟོན་བསོད་ནམས་དཔལ་བཟང་དང༌། དེ་སྲས་མཁས་མཆོག་དབང་ཕྱུག་བཛྲ་ལ། གུས་པས་སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །མཁས་བཙུན་གྲགས་ལྡན་མཁན་ཆེན་རིན་རྒྱལ་བ། །དཀོན་མཆོག་བཟང་པོ་འཇམ་དབྱངས་དངོས་བྱོན་ཚུལ། །མཁན་ཆེན་ཆོས་དབང་ངེས་དོན་བསྟན་པ་འཛིན། །ཀུན་དགའ་དཔལ་འབྱོར་ཆེ་རྒུའི་གཙུག་ན་མཛེས། །གུས་པས་སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །ཉམས་རྟོགས་མཐར་ཕྱྀན་བཀྲ་ཤིས་རྣམ་རྒྱལ་དང༌། །གནས་ལུགས་གཟིགས་པ་ལུང་རིག་རྒྱ་མཚོའི་ཞབས། །ཕྱོགས་འཛིན་རྫུན་དང་གཡོ་ཟོལ་མ་ཡིན་པའི། རྡོ་རྗེ་སློབ་དཔོན་ཡིན་ངེས་སྒྲོལ་བའི་མགོན། གུས་པས་སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །འདིར་དཔེ་མང་པོ་ན་ཇོ་བོའི་སློབ་མ་གོ་བི་སྒོམ་ཆེན་ཟེར་ཏེ། ལ་ལ་རུ་གོ་མི་ཟེར་བ་དག །སྣུར་སེང་ཧའི་མིང་ཉི་མ་སེང་གེའོ། །ཡང་དག་སོགས་ནི། རྩངས་ཡང་དག་རྡོ་རྗེའོ། །མདོ་སྡེ་སེང་གེ་ཡང་ལྕེ་སྟོན་ཡིན། མཁན་ཆེན་རིན་ཆེན་རྒྱལ་མཚན། ཀུན་དགའ་དཔལ་འབྱོར་བ་ནི། ཆོས་ལུང་ཚོགས་པའི་མཁན་པོའོ། །ཡང་ཀུན་རིགས་ལུགས་ཀྱི་ནང་སེལ་གྲགས་ཆེ་བ། གཞན་ཕན་སྙིང་པོར་གྲགས་པ་དང༌། བྲག་


TNT13_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པ་ལུགས་ནི་ཡི་གེ་དེ་དེའི་སྟེངས་ནས་དགོས་སུ་མ་ཐོབ་ཀྱང་སྔ་མ་ལ་འདུས་སོ། །ཅེས་བྱའོ། །དེ་ལྟར་ན་ངན་སོང་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་རྩ་བའི་དཀྱིལ་འཁོར་ཐམས་ཅད་རིག་པའི་དབང་རྒྱུད་མན་ངག་རྒྱུད་ཡིག་གསོལ་འདེབས་སུ་སྦྱར་བ་འདི་ཡང༌། སློབ་བུ་དམ་པ་ཡོལ་མཁན་པོ་བློ་གྲོས་རྒྱལ་མཚན་གྱིས་བསྐུལ་ནས། ཀུན་དགའ་སྙིང་པོ་སྨྲས་པའོ།། །།གཅིག་ཞུས། །མངྒ་ལཾ། །བསོད་ནམས་བསགས་སྒོ་དེ་ཡིས། །འཁོར་བར་འཕྱན་པའི་འགྲོ་ཀུན། །སྲིད་པའི་སྡུག་ལས་གྲོལ་ཏེ། །སྤངས་རྟོགས་མཐར་ཕྱིན་ཏུ་ཤོག །ཅེས་པ་འདི་ཡང་ཆོས་གྲོགས་ཀྱི་འོང༌། མ་ཏིས་སྨྲས་པའོ། །

དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།


TNT13_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ་ཞེས་བྱ་བ་བཞུགས་སོ། །


TNT13_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་ཐམས་ཅད་རིག་པའི་དཀྱིལ་འཁོར་གྱི་ཆོ་ག་འཁོར་བ་ཀུན་གྲོལ་ཞེས་བྱ་བ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་རྣམས་ཀུན་ལ་རང་རིག་ཡེ་ཤེས་མཆོག །རིས་བྲལ་འོད་བརྒྱས་རྣམ་པར་སྣང་མཛད་པ། བླ་མེད་བླ་མ་དཀྱིལ་འཁོར་ལྷ་ཚོགས་ལ། །གུས་པས་བཏུད་ནས་དཀྱིལ་འཁོར་ཆོ་ག་བཤད། །ཚུལ་འདི་ཤིན་ཏུ་དར་བས་ན། །དཀྱིལ་འཁོར་ཆོ་ག་ཡི་གེ་མཐའ་ཡས་སྣང༌། །འོན་ཀྱང་མང་པོས་ནན་ཏན་དུ། །བསྐུལ་ཕྱིར་འབྲི་བའང་མི་འགལ་ཙམ། དེ་ལ་རེ་ཞིག་དཀྱིལ་འཁོར་རས་བྲིས་ལ་བརྟེན་ནས་མྱུར་དུ་སྒྲུབ་པའི་དངོས་གཞི། ཆོ་ག་ཉིན་གཅིག་མ་བཤད་པར་བྱའོ། །ཐོག་མར་ཡོ་བྱད་རྣམས་ཚོགས་པར་བྱས་ནས། ཆོ་ག་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་ལ་ཐུན་མོང་གི་སྔོན་འགྲོ་དང༌། ཁྱད་པར་གྱི་སྔོན་འགྲོ་གཉིས་སོ། །དང་པོ་ལ་བཞི་ལས། དང་པོ་གནས་ཀྱི་བདག་པོ་ལ་གཏོར་མ་སྦྱིན་པ་ནི། ཨོཾ་བཛྲ་ཡཀྵ་ཧཱུཾ། རྡོ་རྗེ་གནོད་སྦྱིན་གྱི་ལས་རྒྱ་བཅིངས་པས་སོ། །ཧཱུཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། རྡོ་རྗེ་མེའི་ཕྱག་རྒྱས་སོ། །


TNT13_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨརྱ་ནུཏྤནྣ་ཏྭཏ། རྡོ་རྗེ་བསྡམས་པ་འདེབས་ཚུལ་ལོ། །སྔགས་དེ་དག་ཀྱང་ལན་གསུམ་གསུམ་མོ། །གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་ལ་སོགས་པ་སྲིད་པ་གསུམ་གྱི་འབྱུང་པོ་ཐམས་ཅད་ཨཱ་ཀརྵ་ཡ་ཛཿ ཨོཾ་བྷུ་མི་པ་ཏི་ས་པཱ་རི་ཝ་རེ་བྷྱཿན་མ་ཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིཾ་ཏ་ཡེ་སྭཱཧཱ། ལན་གསུམ་ལ་སོགས་པས་བསྔོས། ཕྱག་རྒྱ་ནི་རྡོར་ཐལ་ཁ་ཕྱེ་བའོ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དྷུ་པེ་ཨཱ་ལོ་ཀེ་གནྡྱེ་ནེ་ཝེ་ཏེ་བཛྲ་ཤཔྟ་ཨཱཿཧཱུཾ། དྲིལ་བསིལ་དང་བཅས། ས་ལ་རྒྱུ་བའི་འབྱུང་པོ་དང༌། །གང་ཡང་ས་ལ་བརྟེན་པ་རྣམས། །ས་ཕྱོགས་དགེ་གནས་འདི་ཉིད་དུ། །དམ་པའི་དཀྱིལ་འཁོར་ཆེར་འབྱུང་བ། ཇི་ལྟར་ནུས་པར་ཉེར་སྦྱོར་ན། །སེམས་ཅན་ཀུན་ལ་དགེ་དོན་དུ། ཁྱོད་ཀྱིས་བར་ཆད་མ་བྱེད་པར། །དགེ་བའི་གྲོགས་པོ་ཉིད་དུ་མཛོད།


TNT13_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་རོལ་མོ་དང་བཅས་གཏོར་མ་ཕྱི་རོལ་ཏུ་དོར། གཉིས་པ་གནས་དང་མཆོད་པ་བྱིན་གྱིས་བརླབས་པ་ནི། ཡཀྵས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲུཾ་ལས་བྱུང་བའི་ཐར་པ་ཆེན་པོའི་གཞལ་མེད་ཁང་གྲུབ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། དེ་བཞིན་དུ། པཱདྱཾ་ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ་ཤཔྟའི་བར་རོལ་ཆེན་དང་བཅས་ཏེ། ན་མོ་བྟ་ག་ཝ་ཏེ་བཛྲ་ས་ར་པྲ་མ་དྷ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མཧཱ་བཛྲེ་མཧཱ་ཏེ་ཛ་བཛྲེ། མཧཱ་བོ་དྷི་ཙིཏྟ་བཛྲེ། མཧཱ་བོ་དྷི་མནྟ་ཨུ་པ་སཾ་ཀྲ་མ་ཎེ། །སརྦ་ཀརྨ་ཨ་བ་ར་ཎ། བི་ཤོ་དྷ་ནི་སྭཱཧཱ། ལན་གསུམ་མོ། །གསུམ་པ་རྒྱུད་དག་པར་བྱེད་པ་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱིས་བར་དུ་ཕྱོགས་བཅུ་


TNT13_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། །ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། །འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་ཕྱག་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ལན་མང་དུ་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དངལྡན་པར་གྱུར་ཅིག སོགས་ཚད་མེད་བཞི་ལན་གསུམ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བྱས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ་མོ། །བཞི་པ་ནང་ཁྲུས་ནི། རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱཾ་ཝ་ཤུདྡྷོ྅ཧཾ། སྣང་གྲགས་གཟུང་འཛིན་གྱི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་ཅིང༌། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་འགྱུར་བ་མེད་པའོ། །གཉིས་པ་ཁྱད་པར་ཀྱི་སྔོན་འགྲོ་ལ་གསུམ་ལས།


TNT13_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལྕེ་ལག་བྱིན་གྱིས་བརླབས་པ་ནི། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་ཧཱུཾ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧཱུཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེས་བརྒྱན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ལྐོག་མར་ཧྲཱིཿལས་པདྨ་དམར་པོ་འདབ་བརྒྱད་ལྕེའི་ཐད་ཀའི་པད་འདབ་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཉལ་སྟབས་སུ་གནས་པ། རྡོ་རྗེ་དེ་ལྕེ་ལ་ཐིམ་པས་ལྕེ་རྡོ་རྗེ་རང་བཞིན་དུ་གྱུར། ཨོཾ་བཛྲ་ཛི་ཧྭ་ལན་གསུམ། ལག་མཐིལ་གཉིས་སུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེའི་སྟེང་དུ་ཧཱུཾ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་རེའོ། །དེ་ཞུ་བ་ལས་རྡོ་རྗེ་ལག་པ་སོར་མོ་རྣམས་ཀྱང་རྡོ་རྗེ་རྩེ་གཅིག་པ་རྣམས་སུ་གྱུར། གཉིས་པ་སྲུང་འཁོར་ལ། །ལྷར་བསྐྱེད་དབང་བསྐུར་གོ་ཆ་བགོ །སྤྱན་འདྲེན་མཆོད་བསྟོད་བཀའ་བསྒོ་དང༌། བསྣུན་སོགས་ཕྱོགས་བཅིང་བསྲུང་དང་བརྟན། ཞེས་པ་ལྟར་དོན་བཅུ་ལས། དང་པོ་ནི། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་ཧཱུཾ། དེའི་འོད་ཟེར་གྱི་འཕྲོ་འདུ་ལས། རང་ཉིད་ཕྱག་ན་རྡོ་རྗེ་ཞི་བ་ཉིད་ཡོངས་སུ་གྱུར་ཏེ། རྡོ་རྗེ་ཁྲོ་བོ་མེ་ལྟར་འབར་བ་སྐུ་མདོག་མཐིང་ནག་སྦྲུལ་དང་མི་སྡུག་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་འབར་བའི་རྡོ་རྗེ་


TNT13_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གསུམ་པ་ཐུགས་ཀར་གསོར་ཞིང༌། གཡོན་དེའི་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཤིན་ཏུ་འཇིགས་ཁྲོད་འབར་བ་འཁྲུགས་པ། །རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་མ་རུངས་པ་རྣམས་སྡིགས་པར་མཛད་པའོ། །གཉིས་པ་ནི། ཁྲོ་བོ་ཏི་རིནྟི་རིའི་ཕྱག་རྒྱ་བཅས་ཏེ། ཨོཾ་གྲྀཧྞ་བཛྲ་ས་མཱ་ཡ་ཧཱུཾ་བཾ། ཕྱག་རྒྱ་དེ་ཉི་སྤྱི་བོ་ལ་སོགས་པ་རིགས་བདག་གི་གནས་ལྔར་རེག་སྟེ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཨ་བྷི་ཥིཉྩ་མཾ། ལན་ལྔས་འཕྲེང་བས་དབང་བསྐུར། གསུམ་པ་ནི། རྡོ་རྗེ་ཁུ་ཚུར་ཁ་སྦྱོར་གནས་དགུར་རེག་ཅིང༌། མདུད་པ་བཅིང་ཚུལ་དང་བཅས། ཨོཾ་ཊྲུཾ་ལན་དགུ །གཡས་པའི་མཐེ་ཆུང་དང༌། གཡོན་པའི་མཛུམ་མོ་ནས་བཀྲོལ་ཏེ། ཐལ་མོའི་རྟིང་པ་བརྡབས་ལ། བཛྲ་ཏུ་ཥྱ་ཧོ། ཞེས་པ་རྣམས་ཀྱིས་གོ་བགོའོ། །བཞི་པ་ནི། དེ་ནས་དྲིལ་སིལ་དང་བཅས་ཏེ། ཧཱུཾ་ཡེ་ཤེས་བསྐལ་བ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སུ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱི་གཤེགས་སུ་གསོལ། ཨོཾ་བཛྲ་ཀྲོ་དྷཱ་རཱ་ཛ་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿ ཛཿཧཱུཾ་བཾ་ཧོཿ ལྔ་པ་ནི། ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝ་རེ་བྷྱཿ བཛྲ་པུཥྤེ་ཨཱཿཧཱུཾ། ནེ་ཝི་ཏེའི་


TNT13_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་སྦྱར། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྲོད་པའི་ཚལ་ཡང་མི་སྤོང་ཞིང༌། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པའི། ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང༌། །སྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པའི། །སྦྲུལ་གདུག་རྒྱན་གྱི་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་བའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟང་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་བསྲེགས་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ། །འཇིག་པའི་ཧུཾ་སྒྲ་དེས་སྒྲོག་ཅིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། དྲུག་པ་ནི། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །


TNT13_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་འབྲི། ཁྱེད་ཅག་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདས་གྱུར་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང༌། །གེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། དྲིལ་སིལ་རོལ་ཆེན་དང་བཅས་ཏེ། ཧཱུཾ་བཞི་པ་བཟླས་སོ། །བདུན་པ་ནི། བགེགས་ལ་བསྣུན་པའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ། མེའི་ཕྱག་རྒྱ་དང༌། ཧཱུཾ་བཛྲ་ཨ་ན་ལ་སོགས་བཅིངས་པའི་ཕྱག་རྒྱ་དང༌། བཛྲ་ནེ་ཏི་བནྡྷ་སརྦ་བིགྷྣཱན། དེ་གསུམ་ནི་སྔར་ཡོད་ཀྱི་བགེགས་བསལ་བའོ། །བརྒྱད་པ་ནི། སོ་སོའི་ཕྱག་རྒྱ་དང་བཅས་ནས། ཨོཾ་བཛྲ་ཌི་བྷོ་མེ་བྷ་ཝ་རཀྵ་སརྦ་ན་སྭཱཧཱ། འོག་རྡོ་རྗེའི་ས་གཞིར་གྱུར། ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། སྟེང་རྡོ་རྗེའི་གུར་དུ་གྱུར། ཨོཾ་བཛྲ་ཡཀྵ་ཧཱུཾ། དེའི་འོག་ཏུ་རྡོ་རྗེའི་བླ་བྲེར་གྱུར། ཨོཾ་ཏྲུཾ་བནྡྷ་ཧཾ། ཤར་ཏུ་རྡོ་རྗེའི་རྭ་བ་གྲུབ། ཨོཾ་ཧཱུཾ་བཛྲ་པཱ་ཤ་ཧྲཱཿདེའི་ནང་དུ་རྭ་བ་གཉིས་པའོ། །ཨོཾ་བཛྲ་པ་ཏཾ་གི་པ་ཏཾ་གི་ནི་ར་ཊ། ནུབ་ཏུ་རྡོ་རྗེ་རྭ་བ་གྲུབ། ཧྲཱིཿབཛྲ་ཀཱ་ལི་རུ་ཊ་མ་ཊ། བྱང་དུ་རྡོ་རྗེའི་རྭ་བ་གྲུབ། ཨོཾ་བཛྲ་ཤི་ཁ་རེ་རུ་ཊ་མ་ཊ། ལྷོར་རྡོ་རྗེའི་རྭ་བ་གྲུབ། ཧཱུཾ་བཛྲ་ཀརྨ་ཕྱོགས་མཚམས་ཐམས་ཅད་དུ་རྡོ་རྗེའི་རང་བཞིན་དུ་གྱུར། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་དེའི་ནང་དུ་ཡང་རྡོ་རྗེའི་རྭ་བར་གྱུར། ཨོཾ་བཛྲ་བནྡྷ་བཾ། ཕྱི་རོལ་དུ་ཡང་རྡོ་རྗེའི་རང་བཞིན་དུམ་བུ་གཅིག་པར་གྱུར།


TNT13_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ལ་བསྣུན་པ་ནས་བཟུང༌། ཧཱུཾ་རྐྱང་མ་གཏོགས་པའི་སྔགས་དེ་རྣམས་ལན་གསུམ་བྱ། དགུ་པ་ནི། ཁྲོ་བོ་མེ་ལྟར་འབར་བའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལརྐཱ་མཧཱ་བཛྲ་ཀྲོ་དྷ་ཏྲ་བ་ཏྲ་བ་བི་ཏྲ་བ། བི་ཏྲ་བ། སརྦ་ཨ་པ་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ར་ཧ་ར། པྲཱ་ཎཱཾ་ཧཱུཾ་ཕཊ། ལན་དགུ །ཨོ་བཛྲ་ཀཱརྨ་ཀཾ །ཨོཾ་བཛྲ་རཀྵ་ཧཱཾ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་སནྡྷི་བཾ། དེ་རྣམས་ཀྱང་ལན་གསུམ་གསུམ་སྟེ། སྲུང་བ་ཡིན་ནོ། བཅུ་པ་ནི། རྡོ་རྗེ་སྙིང་གར་བཟུང་ཞིང་དྲིལ་བུ་རྒྱུན་འཁྲོལ་དང་བཅས། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལཱ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། ཊི་དྡྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། །སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ། ཙུཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝན། བཛྲ་སཏྭ་མཱ་མེ་མུཉྩ་བཛྲི་བྷ་ཝ་མཧ་ས་མཱ་ཡ་སྭཏྭ་ཨ། ཞེས་ལན་གསུམ་གྱི་བརྟན་པར་མོས་སོ། །ཏི་རིནྟི་རིའི་ཕྱག་རྒྱ་མན་ཆད་ནས་དེ་ཡན་ཆད་ལ་བཛྲ་སཏྭ་ཀྲོ་དྷ་སོགས་སྔགས་ལན་དགུ་བརྗོད་རྒྱུ་དེ་མ་གཏོགས། གཞན་ཐམས་ཅད་ལོགས་ནས་དྲངས་པའོ། །གསུམ་པ་ཚོགས་བསགས་པ་ནི། །ཨོཾ་བཛྲ་ཙཀྲ་ཧཱུཾ། རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་གཡས་སུ་བསྐོར། དཀྱིལ་འཁོར་ལོ་གྲུབ། སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་ཐམས་ཅད་མངོན་སུམ་དུ་བཞུགས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ལྦཱའ་ཀ་ཙིཏྟ་པྲ་ཎ་མེ་ན། བཛྲ་བནྡྷ་ནཾ། ཀ་རོ་མི། ཞེས་ཕྱག་བྱས། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཧཱུཾ་ནས། ཤབྟའི་བར་གྱིས་མཆོད། མགོན་པོ་ཐུགས་རྗེ་ཆེ་ལྡན་པ་


TNT13_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཤླཽ་ཀ་གསུམ་གྱིས་བསྟོད། རྒྱུན་བཤགས་ནི། དབང་མེད་བདག་གིས་མི་དགེ་བགྱིས་པ་དང༌། །རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང༌། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང༌། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་པ་ལའང༌། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ༌། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིག །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་ཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། །དམན་པས་འཇིགས་པ་ཉིད་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་བ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང༌། །བློ་གྲོས་རྣམ་རྒྱལ་ཐུགས་རྗེ་ཆེ་ལྡན་པ། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་མཆི་ཞིང༌། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་སུ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པ། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་སེམས་ནི་བཟུང་བར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ། །


TNT13_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། འདི་དག་ཐམས་ཅད་རྩ་སོགས་བཞིན་དུ་བཏང༌། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་ལ་ཕན་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡིས། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར། ཁྱད་འཕགས་གནས་ལ་བདག་གིས་གནས་པར་བགྱི། ལན་གསུམ། དེ་ནས་རིགས་ལྔའི་སྡོམ་པ་བཟུང་བ་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། ཀྱི་བར་སྤྱི་དང་འདྲ། དེ་རྗེས། དཀྱིལ་འཁོར་འཁོར་ལོ་རང་གི་སྙིང་གར་ཐིམ། ཞེས་བྱ། དེ་ཡན་ཆད་ཀྱི་སྔོན་འགྲོའི་རིམ་པ་རྣམས་བསྟན་ཟིན་ཏོ། །ད་ནི་དངོས་གཞིའི་རིམ་པ་ལ་བདག་བསྐྱེད། བུམ་བསྐྱེད། །མདུན་སྐྱེད། མཆོད་གཏོར། བདག་འཇུག་སྟེ་ལྔ་ལས། དང་པོ་ལ་ལྷའི་རྣལ་འབྱོར་གྱི་རིམ་པ་དང༌། རྗེས་ཀྱི་བྱ་བའོ། །དང་པོ་ལ་དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག་སྟེ་གསུམ་ཡོད་པ་ལས། དང་པོ་ནི། སྟོང་ཉིད་རྟེན་བསྐྱེད་གཙོ་བོར་སྒོམ། །གཟུག་བརྙན་སྦྱོར་དང་སྡིག་པ་བྲལ། །ཡེ་ཤེས་ཕབ་ནས་དབང་དུ་བྱ། །གནས་གསུམ་བྱིན་བརླབས་དབང་


TNT13_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་དང༌། །མཆོད་བསྟོད་འཕྲིན་ལས་བཅུ་གཅིག་གོ།དེ་ནས་དང་པོ་ནི། ཨོཾ་ཤུུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷྲཱ་ཝ་ཨཏྨ་ཀོ྅ཧཾ། སྟོང་པ་ཉིད་དུ་གྱུར། གཉིས་པ་ནི། ཨོཾ་བྷ་སྟོང་པའི་ངང་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་གསེར་ཀྱི་ས་གཞི། དེའི་སྟེང་དུ་རྒྱ་མཚོ་ཆེན་པོ། དབུས་སུ་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་ཤར་ཤེལ་ལྷོ་བཻཌཱུརྱ་ནུབ་པདྨ་ར་ག་བྱང་གསེར་ལས་གྲུབ་པའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དུ་དཀར་ལྗང་དམར་སེར་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོས་བསྐོར་བ། དེའི་སྟེང་དུ་དྲ་བ་དང་དྲ་བ་ཕྱེད་པའི་གཞི་དང༌། ཤར་བུ་དང་མདའ་ཡབ་ཀྱིས་སྐོར་བ། རྩིག་པའི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་མཆོད་པའི་ལྷ་མོ་སྣ་ཚོགས་པས་མཆོད་རྫས་དུ་མ་ཐོགས་ནས་འཁོད་པ། ཐེམ་སྐས་དང་བཅས་པའི་སྒོ་ཁང་བཞིའི་སྟེང་གི་ཐད་སོར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་བང་རིམ་བཞི་གླང་སེང་བརྩེགས་པའི་རྒྱན་དང་ལྡན་པའི་སྟེང་དུ་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང༌། དེའི་སྟེང་དུ་གདུགས་དང་གཡས་གཡོན་ཏུ་རི་དྭགས་ཕོ་མོ་དང་བཅས་པ། འཁྱམས་གྱི་ཕྱི་རོལ་དུ་རྡོ་རྗེའི་རང་བཞིན་གྱི་སྲུང་བའི་འཁོར་ལོ་མེ་འོད་འབར་བ་དང་བཅས་པའོ། །རྒྱན་ཐམས་


TNT13_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་བརྒྱན་པའི་གཞལ་ཡས་ཁང་དེའི་ནང་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་ཟླུམ་པོ་དང༌། དེའི་སྟེང་དུ་རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་དང་ནོར་བུའི་ཏོག་གིས་སྤྲས་པ། ཕྱིའི་འཁྱམས་རི་རབ་ཀྱི་ཕྱོགས་དང་མཚུངས་པའི་མདོག་དང༌། ནང་གི་ལྷ་སྣམ་ཤར་སྔོ་ལྷོ་སེར་ནུབ་དམར་བྱང་ལྗང་པ་གཞལ་ཡས་ཁང་གི་དབུས་ཀྱི་གཞི་དཀར་བ། དེའི་དབུས་སུ་སེང་གེ་ཤར་དུ་གླང་པོ་ལྷོ་རྟ་མཆོག་ནུབ་ཏུ་རྨ་བྱ་བྱང་དུ་མཁའ་ལྡིང་གིས་བཏེག་པའི་རིན་པོ་ཆེའི་ཁྲི་རེ་རེ། དེའི་ཕྱི་རོལ་ཏུ་འཁོར་ལོ་སྔོན་པོ་རྩིབས་བཅུ་དྲུག་པ་དང་བཅས་པའོ། །བཞུགས་ཁྲི་ལྔའི་སྟེང་དང༌། །མཚམས་བཞི་པོ་རྣམས་དང༌། །འཁོར་ལོའི་རྩིབས་རྣམས་དང༌། །གྲུ་ཆད་བཞི་དང། སྒོ་བཞི་དང༌། གྲྭ་བཞི་རྣམས་སུ་པདྨ་དང་ཟླ་བའི་གདན་རེ་རེའོ། །གསུམ་པ་ནི། དབུས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་འོད་འཕྲོས། ཁམས་གསུམ་ཐམས་ཅད་སྣང་བར་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད། །སེམས་ཅན་ཐམས་ཅད་ཀྱི་དོན་མཛད། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་ཐམས་ཅད་རིག་པ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་བཞི་པ་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་


TNT13_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རབ་ཏུ་ཞི་བ་ཆེན་པོའི་ཉམས་དང་ལྡན་ཞིང༌། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བརྟན་པར་བཞུགས་པ། དབུ་སྐྲའི་ཐོར་ཚུགས་རིན་པོ་ཆེའི་ཅོད་པན་ཅན། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པ་འཁོར་ལོས་བསྒྱུར་བ་ཆེན་པོའི་ཆ་བྱད་ཅན་འོད་དང་འོད་ཟེར་དཔག་ཏུ་མེད་པ་འབར་ཞིང་འཕྲོ་བའོ། །བཞི་པ་ནི། གཟུགས་བརྙན་སྦྱོར་བ་སྟེ། ལག་གཉིས་ཐལ་མོ་གན་རྐྱལ་བྱས། ལག་པ་གཉིས་སུ་ཨོཾ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེའི་སྟེང་དུ་གཡས་པར་ཧཱུཾ། གཡོན་པར་ཨཱཿགཉིས་ཀའི་མཐའ་སྐོར་དུ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿརྣམས་ཀྱིས་ཡོངས་སུ་བསྐོར་བ་འོད་འཕྲོ་བའོ། །མཐེ་བོང་གཉིས་ལ་ཨོཾ། མཛུབ་མོ་གཉིས་ལ་ཧཱུཾ། གུང་མོ་གཉིས་ལ་ཏྲཾ། སྲིན་ལས་གཉིས་ལ་ཧྲིཿ མཐེ་ཆུངགཉིས་ལ་ཨ། དེ་རྣམས་ཡོངས་སུ་གྱུར་པ་ལས། གཡས་ཀྱི་སོར་མོ་ལྔ་ལ་རྣམ་སྣང་མི་སྐྱོད་པ་རིན་ཆེན་འབྱུང་ལྡན་འོད་དཔག་མེད། དོན་ཡོད་གྲུབ་པ་རྣམས་སོ། །གཡོན་གྱི་སོར་མོ་ལྔ་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། རྡོ་རྗེ་ཐུགས་མ། རྡོ་རྗེ་དབང་བསྐུར་མ། རྡོ་རྗེ་མཚོན་ཆ་མ། རྡོ་རྗེ་ཐམས་ཅད་མ་རྣམས་འཁོད་པར་གྱུར། མཉམ་པའི་ཐལ་མོ་དང༌། ཨོཾ་ཨ་ནོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿ ལྷ་དང་ལྷ་མོ་ཕན་ཚུན་


TNT13_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པར་འགྱུར། རྡོ་རྗེ་ཐལ་མོ་དང༌། པ་ར་སྥ་ར་ཨ་ནུ་པྲ་བིཥྟ་སརྦ་དྷརྨཱཿ རྗེས་སུ་ཞུགས་པར་གྱུར། རྡོ་རྗེ་བསྡམ་པ་དང༌། ཨཏྱཏྟ་ཨ་ནུ་པྲ་བིཥྟ་སརྦ་དྷརྨཱཿབཛྲ་བནྡྷ། ལྷ་རྣམས་རོ་གཅིག་ཏུ་འདྲེས་པར་གྱུར། ལྔ་པ་ནི། རྡོར་བསྡམས་དྲལ། བཛྲ་བནྡྷ་ཏྲ་ཊ་ལན་གསུམ། སྡིག་པ་ཐམས་ཅད་བྲལ་བར་གྱུར། དྲུག་པ་ནི། རྡོར་བསྡམས་མཐེ་བོང་ནང་དུ་བཅུག དང་པོའི་རྡོ་རྗེ་ཆར་བཞིན་བབས་ཏེ་སྙིང་གར་ཐིམ། བཛྲ་ཨཱ་བེ་ཤ་ཞེས་པ་ལན་གཅིག་དང༌། ཨ་ཞེས་པ་ཉེར་གཅིག ཕྱག་རྒྱ་དེ་ཉིད་དཀྲོལ་ལ་སེར་གོལ་གཏོགས། ཏིཥྟ་བཛྲ་ཌི་ཌྷོ་མེ་བྷ་ཝ། ཤ་ཤྭ་ཏོ་མེ་བྷ་ཝ། ཧྲི་ད་ཡ་མེ། ཨ་དྷི་ཏིཥྛ་སརྦ་སིདྡྷི་མེ་པྲ་ཡཙྪ་ཧཱུཾ་བརྟན་པར་གྱུར། བདུན་པ་ནི། རྡོ་རྗེ་ཁུ་ཚུར་གྱི་དམ་རྒྱ་དང༌། བཛྲ་མུཥྟི། དེ་བཀྲོལ་ལ་སེལ་གོལ་གཏོགས། ཨོཾ་བཛྲ་མུཥྟིབཾ། ལན་གསུམ་ཐམས་ཅད་དབངདུ་གྱུར། བརྒྱད་པ་ནི། བྱིན་གྱིས་བརླབས་པའི་ཕྱག་རྒྱ་གནས་གསུམ་དུ་གཏུགས་ལ། ཨོཾ་བྷྲྀ་ཏ་བྷྲྀ་ཏ་སརྦ་ཨ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཏྲཱ་ཊ་ཏྲ་ཊ་སརྦ་ཨ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཚིནྡྷ་ཚིནྡྷ་སརྦ་ཨ་བ་ར་ཎ་ནི་ཧཱུཾ་ཕཊ། དགུ་པ་ནི། རིགས་ལྔའི་ཕྱག་རྒྱ་སྤྱི་བོ་ལ་སོགས་པའི་གནས་ལྔར་གཏུགས་ཏེ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཎྞ་ཨ་བྷི་ཥིཥྩ་ཏྲཾ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲིཿ ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨ། བཅུ་པ་ནི། བར་འདིར་སྦྲོ་ན། ཚིགས་བཅད་དང་བཅས་པའི་མཆོད་པ་བྱ་ལ། བསྡུ་ན་སྔགས་ཙམ་གྱི་མཆོད་དེ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ།


TNT13_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བསྟོད་པ་ནི། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གིས་ཆོས་ཉིད་ཅན། །ཐུགས་རྗེས་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་མཆོག་རྣམས་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་ཉིད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་ཏུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་དཔག་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེས་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་འགྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེའི་ཆེན་པོའི་བདག་ཉིད་བདག་ཏུ་རྣམ་པར་སྣང༌། ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང༌། ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེས་སྤྱོད་པ་མི་གཡོ་འགག་པ་ཡོངས་མི་འགྱུར། ཨེ་མ་ཧོཿ ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་བརྙེས་པ། ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་བསྒྲུབ་པ་མེད་པར་རབ་མཁྱེན་པའི། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །ཡང་དག་ཡོན་ཏན་རྒྱ་ཆེར་ལྡན། །ལན་གཅིག་ཙམ་ཞིག་བརྗོད་པས་


TNT13_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སོ། །མཆོད་རྫས་བྱིན་རླབས། དྲི་མེད་ཡིད་དུ་འོང་བ་ཡིས། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱི་ཙྪ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། མེ་ཏོག །པུཥྤེ། བདུག་སྤོས། དྷུ་པེ། སྣང་གསལ། ཨ་ལོ་ཀེ །དྲི་མཆོག།གནྡྷེ། ཞལ་ཟས། ནཻ་བི་ཏེ། རོལ་མོ། ཤབྷའི་བར་གྱིས་མཆོད། །


TNT13_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་པུཥྤེ་ཨ་ཧཱུཾ་ནས་ཤབྟའི་བར་གྱི་མཆོད་ཅིང་ཆོག་གོ །བསྟོད་པ་མཉམ་ཉིད་མི་གཡོ་མས་བསྟོད། སྡིག་པ་དྲལ་བ་ནས་མཆོད་བསྟོད་ཀྱི་བར་འདི་དང་པོ་སྦྱོར་བ་ལ་ངེས་པར་དགོས་པས་ཡན་ལག་ཡིན་ཞིང༌། གཟུགས་བརྙན་སྦྱོར་བ་དངོས་ནི། སྤྱིར་ན་དང་པོ་སྦྱོར་བའི་ཡན་ལག་ཏུ་ངེས་པར་དགོས་པ་མ་ཡིན་པས་ཕྱག་རྒྱ་བཞིའི་རྒྱས་གཏབ་ཀྱི་སྔོན་དུ་བྱས་ཀྱང་ཆོག་མོད་ཀྱི། སྡིག་པ་དྲལ་བ་སོགས་ཀྱི་སྔོན་དུ་བྱེད་པ་སྤྱི་ཁྱབ་ཀྱི་ལག་ལེན་ལ་འདུག་པ་ལྟར་འགལ་བ་ཡང་མི་སྣང་བས་རེ་ཤིག་སྐབས་འདིར་བྱའོ། །བཅུ་གཅིག་པ་ནི། དེ་ནས་འདི་སྐད་ཅེས་ངག་ཏུ་བརྗོད་ཅིང་དོན་བསམ་སྟེ། ཚངས་པ་ཆེན་པོ་པདྨའི་གདན་ལ་གཞུགས་ཏེ། དེ་ནས་ངན་སོང་གི་རྒྱུད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ངན་སོང་གསུམ་གྱི་རྒྱུད་ལས་རྣམ་པར་གྲོལ་བ་ཞེས་བྱ་བའི་བྱངཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱིས་འོད་ཟེར་འཕྲོ་བ་དང་བཅས་པ་མང་པོའི་འཕྲེང་བ་ཉིད་ཀྱི་དཔྲལ་བའི་མཛོད་སྤུ་ནས་ཕྱུང་ནས། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཀུན་ཏུ་སྣང་བར་བྱས་སོ། །ཀུན་ཏུ་སྣང་བར་བྱས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཉོན་མོངས་པའི་འཆིངས་པ་ལས་རྣམ་པར་གྲོལ་ཏེ། བདེ་བ་སོ་སོར་ཐོབ་ནས། ཡང་དགའ་བའི་ཚལ་ཐམས་ཅད་ཀུན་ཏུ་སྣང་བར་བྱས་ཏེ། མཆོད་པའི་སྤྲིན་སྣ་ཚོགས་ཀྱིས་མཆོད་


TNT13_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལན་བརྒྱ་སྟོང་དུ་བསྐོར་བ་བྱས་ཏེ། མགོ་བོས་ལན་བརྒྱ་སྟོང་དུ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནོར་བུ་དྲི་མ་མེད་པའི་སྟེང་དུ་འཁོད་དེ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་བརྗོད་ཅིང་རྣམ་པ་དུ་མས་མཆོད་ནས་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར་ཏོ་ཞེས་སོ། །ཚིག་འདི་ནི་རྒྱུད་ཀྱི་གླེང་གཞི་དང་བར་མ་ཆད་པར་གླེང་སླང་བའི་སྐབས་ཡིན་པས། འདི་སྐབས་ཀྱི་ཚངས་པ་ཆེན་པོ་ནི་སྟོན་པ་བཅོམ་ལྡན་འདས་ཉིད་ཡིན་ན། རྡོར་སེམས་དང་ཕྱག་རྡོར་སོགས་ལ་སྦྱོར་བ་ཅུང་ཟད་མི་རིགས་པས་ཀུན་རིག་གི་དཀྱིལ་འཁོར་ལ་ནི། ཤཱཀྱ་ཐུབ་ཉིད་སྐུའི་རྣམ་པ་འགྱུར་བའི་རྣམ་སྣང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ཡིན་པས་རྣམ་སྣང་ལ་སྦྱོང་བ་དང༌། གཙུག་དགུ་ལྟ་བུ་ལ་ནི་སྐུའི་རྣམ་པ་མ་འགྱུར་བའི་ཤཱཀྱ་སེང་གེ་ལའང་སྦྱར་བས་ལེགས་སོ། །ཡང་དཀྱིལ་འཁོར་འདི་ལ་ཤཱཀྱ་རིགས་ཀྱི་དབང་པོ་ནི། སྐུ་རྣམ་པ་མ་འགྱུར་བའི་ཤཱཀྱ་ཐུབ་ཉིད་ཡིན་ཀྱང༌། གཙོ་བོ་ལས་གཞན་དུ་སྐུའི་རྣམ་པ་ལོགས་སུ་བསྟན་པ་ཉིད་ཀྱིས་དཀྱིལ་འཁོར་གྱི་གཙོ་བོ་མ་ཡིན་པའི་ཕྱིར་གླེང་གཞི་དང་གླེང་སླང་གི་འཕྲིན་ལས་ཀྱི་གཙོ་བོ་མཛད་པའི་དོགས་པ་མི་འབྱུང་ངོ༌། །དེ་ནས་ཚངས་པ་ཆེན་པོ་ཞེས་པ་བཅོམ་ལྡན་འདས་ཐུབ་པ་ཉིད་རྣམ་པར་སྣང་མཛད་འཁོར་ལོས་བསྒྱུར་བའི་ཆ་བྱད་དུ་བཞེངས་པ་ཉིད་ཡིན་པར་ཐེ་ཚོམ་མེད་པས། རིགས་ཀྱི་ཅལ་


TNT13_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པའི། །ཐུགས་རྗེའི་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཞིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང༌། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱི་འཕོངས་གྱུར་པ། །མ་རིག་ཐིམས་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱོད་ལ་ཕྱག་འཚལ་འདུད། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་རྣམས། །ཐུགས་རྗེས་ཐབས་དང་ཤེས་རབ་གྲུར་བཅུག་ནས། །ཞི་བ་རིན་ཆེན་གླིང་མཆོག་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་ལས་ཀྱི་ཆུ་བོ་ནུབ་གྱུར་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང༌། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ། །རྟེན་ཅིང་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །སངས་རྒྱས་སྲས་དང་བཅས་ལ་འབུལ། །བཞེས་ནས་འགྲོ་བའི་དོན་ཀུན་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་ནས་མཆོད་ཡོན་དང་མེ་ཏོག་ནས་ཤཔྟའི་བར་གྱིས་མཆོད། །


TNT13_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཅོལ་མང་པོའི་རྗེས་སུ་འབྲང་བར་མི་བྱའོ། །སྤྱིར་རྒྱུད་ཀྱི་གླེང་གཞི་དང་མཐུན་པར་འདི་ལྟ་བུའི་དམིགས་པ་བསྒོམ་པ་ནི་ཤིན་ཏུ་ལེགས་ལ། ཚིག་འདི་ཉིད་ཁོ་ན་བརྗོད་དགོས་པར་ནི་མ་ངེས་ཏེ། ཚིག་འདི་རྒྱུད་ལས་འབྱུང་ཡང་ལོ་རྒྱུས་ཀྱི་སྐབས་ཙམ་ཡིན་གྱི། ཆོ་གའི་དོན་དུ་གསུངས་པའི་སྔགས་ཚིག་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་ཚིག་ཏུ་བརྗོད་ཕྱིན་རྒྱུད་ཚིག་བརྗོད་ན་ཤིན་ཏུ་བཟང་ཞིང༌། ཕྱོགས་འདིའི་སྔ་ཕྱི་ཐམས་ཅད་ཀྱང༌། དམིགས་པ་འདི་བསྒོམ་ཕྱིན་ཚིག་འདི་ཡང་བརྗོད་པའི་ལག་ལེན་དུ་མཐུན་པར་སྣང་ངོ༌། །དེ་ལྟར་ན་དེ་དག་གིས་ནི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་བསྟན་ཟིན་ཏོ། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ནི། །ས་བོན་སྤྲོ་དང་འཁོར་ཚོགས་བསྐྱེད། །ཡེ་ཤེས་སྤྱན་འདྲེན་མཛད་པ་དང༌། །རྒྱན་གདབ་སྔོན་འགྲོ་རྒྱས་བཏབ་དངོས། །དབང་བསྐུར་ཞེས་ཏེ་དོན་ཚན་བདུན། དང་པོ་ནི། གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ཏྲཱཾ་ཧྲིཿཨ། ཨོཾ་ཏྲཱཾ་ཧྲིཿཨ། ཧཱུཾ་ཛ་ཧོ་དྷུ། ཏྲཾ་རྱ་བྷི་ཏ། ཧྲིཿདྷིཿཀྲུཾ་བྷཱ། ཀཾ་རཾ་ཀྵཾ་སཾ། ཧཱུཾ་ཏྲཱཾ་ཧྲི་ཨ། ཧཱུཾ་ཏྲཱཾ་ཧྲི་ཨ། ཛཿཧཱུཾ་བཾ་ཧོཿ རྣམས་སུ་གྱུར། དེ་རྣམས་གཙོ་བོ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་ཕྱིར་སྤྲོས་ཏེ་སོ་སོའི་གདན་ལ་འཁོད་པར་གྱུར། གཉིས་པ་ནི། ཡིག་འབྲུ་དེ་རྣམས་ལས་འོད་ཟེར་འཕྲོས། ཁམས་གསུམ་ཐམས་ཅད་སྣང་བར་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་


TNT13_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། སླར་འདུས་ཏེ་སོ་སོའི་གནས་སུ་ཡོངས་སུ་གྱུར་པ་ལས། སྙིང་པོའི་དཀྱིལ་འཁོར་གྱི་ཕྱོགས་བཞིར་སྦྱོང་བའི་རྒྱལ་པོ་ལ་སོགས་པའི་སངས་རྒྱས་བཞི། མཚམས་བཞིར་ཡུམ་བཞི། རྩིབས་བཅུ་དྲུག་ལ་བྱང་ཤར་མཚམས་ཀྱི་ཚུར་རོལ་ནས་བརྩམས་ཏེ། གཡས་བསྐོར་གྱི་སེམས་དཔའ་བཅུ་དྲུག་སྟེ། ཕྱོགས་བཞི་སོ་སོར་རྩིབས་བཞི་བཞི་ལ་སེམས་དཔའ་བཞི་བཞི། གྲུ་ཆད་བཞི་ལ་སྒེག་མོ་སོགས་བཞི། ལྷ་སྣམ་ཀྱི་གྲྭ་བཞི་ལ་མེ་ཏོག་མ་ལ་སོགས་པ་བཞི། སྒོ་བཞིར་སྒོ་བ་བཞི་རྣམས་གྲུབ་པ་ནི། ཧཱུཾ་ལས་དབུས་ཀྱི་ཤར་དུ་ཐམས་ཅད་རིག་པ་སྦྱོང་བའི་རྒྱལ་པོ་དཀར་པོ་མཉམ་བཞག་གི་ཕྱག་རྒྱ་མཛད་པ། ཏྲཱཾ་ལས་ལྷོར་ཐམས་ཅད་རིག་པ་རྒྱལ་བ་མཆོག་སྔོན་པོ་གཡས་མཆོག་སྦྱིན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ། ཧྲཱིཿལས་ནུབ་ཏུ་ཐམས་ཅད་རིག་པ་ཤཱཀྱ་ཐུབ་པ་སེར་པོ་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ཤ་ལས་བྱང་དུ་ཐམས་ཅད་རིག་པ་རིན་ཆེན་མེ་ཏོག་ལྗང་ཁུ། གཡས་སྐྱབས་སྤྱིན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། སངས་རྒྱས་བཞི་པོ་དེ་རྣམས་ཀྱང་རང་རང་གི་ཁྲི་ལ་བཞུགས་ཤིང༌། གཙོ་བོ་དང་མཚུངས་པ་འཁོར་ལོས་བསྒྱུར་བའི་གཟུགས་ཅན་ནོ། །ཤར་ལྷོར་ཨོཾ་ལས་སངས་རྒྱས་སྤྱན་མ་དཀར་མོ་སྤྱན་འབྲས་ཀྱིས་མཚན་པའི་འཁོར་ལོ་འཛིན་པ། ལྷོ་ནུབ་ཏུ་ཏྲཱཾ་ལས་མཱ་མ་ཀཱི་སྔོན་མོ་རྡོ་རྗེ་འཛིན་པ། ནུབ་བྱང་དུ་པཱཾ་ལས་གོས་དཀར་མོ་དམར་མོ་པདྨ་དམར་


TNT13_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འཛིན་པ། བྱང་ཤར་དུ་ཏཱཾ་ལས་སྒྲོལ་མ་ལྗང་ཁུ་ཨུཏྤལ་སྔོན་པོ་འཛིན་པ། དེ་རྣམས་ཕྱག་གཡས་པས་རང་རང་གི་ཕྱག་མཚན་འཛིན་པའོ། །དེའི་ཕྱི་རོལ་འཁོར་ལོའི་རྩིབས་བཅུ་དྲུག་ལ་བྱང་ཤར་མཚམས་ནས་བརྩམས་ཏེ་གཡས་བསྐོར་གྱིས་སེམས་དཔའ་བཅུ་དྲུག་ཏུ་གྱུར་པ་ལས། ཤར་ཕྱོགས་སུ་བཞི་ནི་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཞིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། ཛཿལས་རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་འཛིན་པ། ཧོཿལས་རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ་འཛིན་པ། དྷུ་ལས་རྡོ་རྗེ་ལེགས་པ་ལྗང་ཁུ་རྡོ་རྗེ་སེ་གོལ་གྱིས་ལེགས་སོ་སྟེར་པ། ལྷོའི་ཕྱོགས་སུ་བཞི་ནི། ཏྲཱཾ་ལས་རྡོ་རྗེ་རིན་ཆེན་སེར་པོ་གཡས་རིན་པོ་ཆེ་དཔྲལ་བར་འཇོག་ཅིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། རྱ་ལས་རྡོ་རྗེ་གཟི་བརྗིད་དམར་སེར་ཉི་མའི་དཀྱིལ་འཁོར་འཛིན་པ། བྷྲི་ལས་རྡོ་རྗེ་རྒྱལ་མཚན་སྔོན་པོ་ཡིད་བཞིན་གྱི་ནོར་བུའི་ཏོག་ཅན་གྱི་རྒྱལ་མཚན་འཛིན་པ། ཧ་ལས་རྡོ་རྗེ་བཞད་པ་དཀར་པོ་སོའི་འཕྲེངབ་འཛིན་པ། ནུབ་ཕྱོགས་སུ་བཞི་ནི། ཧྲཱིཿལས་རྡོ་རྗེ་ཆོས་དཀར་ལ་དམར་བའི་མདངས་ཅན། གཡོན་པདྨའི་སྡོང་པོ་རྩ་བ་དཀུར་བརྟེན་ཞིང༌། །གཡས་པས་དེའི་མེ་ཏོག་ཐུགས་ཀའི་ཐད་དུ་ཁ་འབྱེད་པ། དྷཱིཿལས་རྡོ་རྗེ་རྣོན་པོ་སྔོན་པོ་གཡས་རལ་གྲི་དང་གཡོན་པོ་ཏི་འཛིན་པ། ཀྲུཾ་ལས་རྡོ་རྗེ་རྒྱུ་སེར་


TNT13_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཡས་པའི་གུང་མོ་ལ་འཁོར་ལོ་རྩིབས་བརྒྱད་བསྐོར་བ། བྷ་ལས་རྡོ་རྗེ་སྨྲ་བ་དམར་པོ་རྡོ་རྗེས་མཚན་པའི་ལྗགས་འཛིན་པ། །བྱང་ཕྱོགས་སུ་བཞི་ནི། ཀཾ་ལས་རྡོ་རྗེ་ལས་སྣ་ཚོགས་མདོག་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཞེང༌། གཡོན་དྲིལ་བུ་དཀུར་བརྟེན་པ། རཾ་ལས་རྡོ་རྗེ་སྲུང་བ་སེར་པོ་ཕྱག་གཉིས་རྡོ་རྗེའི་གོ་ཁྲབ་འཛིན་པ། ཀྵཾ་ལས་རྡོ་རྗེ་གནོད་སྦྱིན་ནག་པོ་ཕྱག་གཉིས་ཀྱི་རྡོ་རྗེ་མཆེ་བ་རེ་རེ་འཛིན་པ། སཾ་ལས་རྡོ་རྗེ་ཁུ་ཚུར་སེར་པོ་ཕྱག་གཉིས་དམ་ཚིག་གི་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་འཛིན་པའོ། །དེ་དག་གི་ཕྱི་རོལ་ཟུར་མཚམས་བཞི་ལ་ཤར་ལྷོར་ཧཱུཾ་ལས་རྡོ་རྗེ་སྒེག་མོ་དཀར་མོ་ཕྱག་གཉིས་ཀྱིས་རྡོ་རྗེ་རེ་རེ་བཟུང་ནས་སྙེམས་པའི་ཚུལ་འཛད་པ། ལྷོ་ནུབ་ཏུ་ཏྲཾ་ལས་རྡོ་རྗེ་འཕྲེང་བ་མ་སེར་མོ་ཕྱག་གཉིས་རིན་པོ་ཆེའི་འཕྲེང་བ་འཛིན་པ། ནུབ་བྱང་དུ་ཧྲིཿལས་རྡོ་རྗེ་གླུ་མ་དཀར་ལ་དམར་བའི་མདངས་ཅན་པི་ཝཾ་འཛིན་པ། །བྱང་ཤར་ཏུ་ཨ་ལས་རྡོ་རྗེ་གར་མ་ལྗང་ཁུ་ཕྱག་གཉིས་རྡོ་རྗེ་རྩེ་གསུམ་པ་གཉིས་འཛིན་པས་གར་བྱེད་པའོ། །དེའི་ཡང་ཕྱི་རོལ་མཚམས་བཞི་ལ་ཤར་ལྷོར་ཧཱུཾ་ལས་གདུག་སྤོས་མ་དཀར་མོ་སྤོས་སྣོད་འཛིན་པ། ལྷོ་ནུབ་ཏུ་ཏྲཱཾ་ལས་མེ་ཏོག་མ་སེར་མོ་མེ་ཏོག་གི་ཀོང་བུ་འཛིན་པ། ནུབ་བྱང་དུ་ཧྲིཿལས་མར་མེ་མ་དམར་སྐྱ་མར་མེའི་ཀོང་བུ་འཛིན་པ། བྱང་ཤར་དུ་ཨ་ལས་དྲི་ཆབ་མ་ལྗང་ཁུ་དྲིའི་དུང་ཆོས་འཛིན་པའོ། །དེ་དག་གི་ཕྱི་རོལ་དུ་སྒོ་མ་བཞི་པོ་དག་ནི། ཤར་དུ་ཛཿལས་རྡོ་རྗེ་ལྕགས་ཀྱུ་


TNT13_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

མ་དཀར་མོ་ཕྱག་གཉིས་ལྕགས་ཀྱུ་འཛིན་པ། ལྷོར་ཧཱུཾ་ལས་རྡོ་རྗེ་ཞགས་པ་མ་སེར་མོ་ཕྱག་གཉིས་ཞགས་པ་འཛིན་པ། ནུབ་ཏུ་བཾ་ལས་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་ཕྱག་གཉིས་ལྕགས་སྒྲོག་འཛིན་པ། བྱང་དུ་ཧོཿལས་རྡོ་རྗེ་དྲིལ་བུ་མ་ལྗང་ཁུ་ཕྱག་གཡས་རྡོ་རྗེ་དྲིལ་བུ་འཛིན་པ། ཡུམ་བཞི་དང༌། ལྷོ་དང་ནུབ་ཀྱིས་སེམས་དཔའ་ལྷག་མ་གསུམ་གསུམ་དང༌། དྲིལ་བུ་མ་རྣམས་གཡོན་པ་གདན་ལ་བརྟེན་པ། སེམས་དཔའ་ཐམས་ཅད་རལ་པའི་ཐོད་ཚུགས་ཅན། མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་རྫོགས་པ། ལྷ་མོ་རྣམས་ནི་དབུ་སྐྲ་བྱེད་བཅིངས་པ། སྐེད་སྐབས་ཕྲ་ཞིང་ནུ་འབུར་རྒྱས་པ། ཐམས་ཅད་ཀྱང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །འདི་དག་ལས་ཁ་ཅིག་སྒོ་སྐྱོང་བཞི་ཁྲོ་བོ་ཁྲོ་མོར་འདོད་དེ་འདིར་དེ་ལྟར་མི་བྱེད་ལ། རྡོ་རྗེ་གནོད་སྦྱིན་ཁྲོ་བོ་སྦོམ་ཐུང་སྟག་ལྤགས་སྦྲུལ་རྒྱན་ཅན་དུ་འདོད་པ་དང༌། ཞི་མ་ཁྲོ་དར་དངརིན་པོ་ཆེས་བརྒྱན་པར་འདོད་པ་ལ་སོགས་ཡོད་ཀྱང༌། འདིར་ནི་སེམས་དཔའ་བཅུ་དྲུག་བཞི་ཁྲོའི་ཉམས་དང་ཆ་ལུགས་ལ་ཁྱད་པར་མེད་པར་བྱས་ན་ལེགས་སོ། །དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་གྱི་ཁྱམས་ལ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། གཞན་ཡང་འདི་ལྟ་སྟེ། །རྒྱལ་བའི་ཉན་ཐོས་ཐམས་ཅད་དང༌། །དེ་བཞིན་རང་རྒྱལ་གཙོ་བོ་རྣམས།


TNT13_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་མངགས་པ་ཕོ་ཉ་སོགས། །དཀྱིལ་འཁོར་ཕྱི་ཡི་ཕྱི་རོལ་དུ། །འཛམ་བུའི་གླིང་དུ་ཚངས་པ་དང༌། །བྱང་ཕྱོགས་སུ་ནི་དབང་ཕྱུག་ཆེ། །ཤར་དང་ནུབ་ཀྱི་གླིང་དུ་ནི། །བརྒྱ་བྱིན་ཁྱབ་འཇུག་འཁོར་དང་བཅས། །ལྷ་མིན་དྲི་ཟ་ནམ་མཁའ་ལྡིང༌། །གནོད་སྦྱིན་སྲིན་པོ་ལྟོ་ཕྱེ་ཆེ། །འབྱུང་པོ་ཡི་དྭགས་ཤ་ཟ་དང༌། །ཀླུ་དང་གྲུལ་བུམ་རི་རྣམས་དང༌། །རྒྱལ་པོ་བཞི་རྣམས་གནས་པར་གྱུར། །གཟའ་དངསྐར་མ་རྒྱུ་སྐར་དང༌། ཁྲོས་པ་མ་རུངས་འཚེ་བ་ནི། །བགེགས་དང་བི་ནཱ་ཡ་ཀ་དང༌། །སེམས་ཅན་ཀུན་ལ་ཕན་བྱེད་པའི། །དྲང་སྲོང་སྐལ་པ་ཆེན་པོ་རྣམས། །ཕྲ་མེན་མ་དང་བུད་མེད་དང༌། །སྲིང་མོ་དེ་བཞིན་རྣལ་འབྱོར་མ། །འབྱུང་བ་བཞི་ཡི་ལྷ་ཆེན་པོ། ཁྱིམ་དང་རི་ལ་གནས་པ་དང༌། །ཤིང་དང་ཀུན་ར་ནགས་ལ་སོགས། །དུར་ཁྲོད་གྲོང་ཁྱེར་གནས་པའོ། །དེ་ལྟར་ན་དཀྱིལ་འཁོར་ཆེན་པོའི་བཀའ་འཁོར་དུ་གནས་པ་ཐམས་ཅད་ཀྱང་སྐད་ཅིག་གིས་གྲུབ་པར་གྱུར། དེ་དག་ནི་དམ་ཚིག་པ་བསྐྱེད་པའོ། །གསུམ་པ་ནི། དེ་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པར་གྱུར། ཨོཾ་བཛྲ་ས་མཱ་ཛ་དང་རྡོ་རྗེ་བསྡུ་པའི་ཕྱག་རྒྱ་ལན་གསུམ། ཕྱོགས་བཅུའི་ཞིང་ཁམས་ཀུན་ནས་སངས་རྒྱས་བྱང་སེམས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་པ་གཞལ་ཡས་ཁང་གི་ནང་དུ་བྱོན་པར་གྱུར། བཞི་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནྡྷ་ནཾ་ཀ་རོ་མི།


TNT13_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དམ་ཚིག་པ་ལ་ཕྱག་མཛད་པར་བསམ། ཨེ་མ་ཧོ་ཀུན་ཏུ་བཟང་པོ་ཡི། །བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག །དེ་བཞིན་གཤེགས་པའི་འཁོར་ལོ་ཡི། །དབུས་ན་དེ་བཞིན་གཤེགས་པ་མཛེས། ཞེས་ཆེད་དུ་བརྗོད་ནས། འཁོར་ཐམས་ཅད་ཕྱོགས་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཐུགས་ཀར་འདུས་ལྔ་པོ་ཡང་དམ་ཚིག་པའི་དཀྱིལ་འཁོར་གྱི་ཐུགས་ཀར་ཞུགས་ཏེ་གནས་པ་ལས་ཇི་ལྟར་ཐིམ་པ་བཞིན་དུ་རྒྱལ་བ་ལྔ་སྤྲོས། གཞན་རྣམས་ལྔ་པོ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་ཏེ། དམ་ཚིག་པའི་དཀྱིལ་འཁོར་ཀྱི་ལྷ་ཚོགས་རྣམས་ལ་ཡེ་ཤེས་སེམས་དཔའི་ཚུལ་དུ་སོ་སོར་གཉིས་སུ་མེད་པར་ཐིམ་པར་གྱུར། ཨོཾ་བཛྲ་ཨཾ་གུ་ཤ་ཛ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྤོ་ཊ་བཾ། ཨོཾ་བཛྲ་ཨ་བེ་ཤ་ཨ། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །རྒྱ་ཆེན་གདོད་ནས་སྐྱེ་བ་མེད། །རྡུལ་ཕྲན་རྣམས་ནི་ཇི་སྙེད་ཀྱི། །སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར། ཞེས་ཆེད་དུ་བརྗོད་དོ། །ལྔ་པ་ནི། ལས་རྒྱ་དང༌། ཨོཾ་བཛྲ་ཡཀྵ་ཧཱུཾ་གསུམ། ཕྱི་འབྲང་གི་བགེགས་བསྐྲད། དམ་རྒྱ་དང༌། ཨོཾ་བཛྲ་སནྡྷི་བཾ་གསུམ། སྒོ་བཅད། ལས་རྒྱ་དང༌། ཨོཾ་བཛྲ་རཀྵ་ཧཾ་གསུམ་གོ་བསྐོན། ཨོཾ་ཀྲུཾ། དགུ ཨོཾ་བཛྲ་ཏུ་ཥྱ་ཧོ། ཞེས་པས་སྲུང་བ་བྱས། རྡོར་ཐལ་ཁ་ཕྱེ། ཨོཾ་བཛྲ་སཏྭ་ཧཱུཾ། གིས་མཆོད་ཡོན་ཕུལ། དེ་རྣམས་རྒྱས་བཏབ་ཀྱི་སྔོན་འགྲོ་ཡིན་ནོ། །དྲུག་པ་རྒྱས་བཏབ་དངོས་ལ་བཞི་ལས། དང་པོར་དམ་ཚིག་གི་ཕྱག་རྒྱས་བཏབ་པ་ནི།


TNT13_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཥྟི་མ་ཊ། ས་མ་ཡ་སྟཱཾ། སརྦ་བིད་ཏྲི་ཤྱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ། སརྦ་བིད་སརྦ་བིད་སརྦ་བིད། ཅེས་པའི་མཐར། ཨོཾ་སརྦ་བིད་སརྦ་ཨ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུཾ་ཕཊ། ལན་གསུམ་གཙོ་བོ་རྣམ་སྣང་གིའོ། །དེ་བཞིན་དུ། ས་མ་ཡ་སྟྭཾ། སརྦ་བིད་ཏྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ། སརྦ་བིད་སརྦ་བིད་སརྦ་བིད་ཅེས་པའི་མཐར་ཨོཾ་སརྦ་བིད་ཧཱུཾ། ལན་གསུམ། སྤྱོང་རྒྱལ་གྱིའོ། །སངས་རྒྱས་གཞན་གསུམ་ལའང་དེས་རིགས་འགྲེ་སྟེ། ཨོཾ་སརྦ་བིད་ཕཊ། ཨོཾ་སརྦ་བིད་ཨ། ཨོཾ་སརྦ་བིད་ཏྲཊ། ཅེས་མཐའི་སྔགས་སྒྱུར་བ་ཁོ་ནའོ། །དེ་དག་ནི་དབུས་ཀྱི་གཤེགས་པ་ལྔའོ། །སུ་ར་ཏ་སྟྭཾ། བུདྡྷ་ལོ་ཙ་ནཱི་ཏྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ། བུདྡྷ་ལོ་ཙ་ནཱི་བུདྡྷ་ལོ་ཙ་ནཱི་བུདྡྷ་ལོ་ཙ་ནཱི་ཞེས་པའི་མཐར། ཨོཾ་བུདྡྷ་ལོ་ཙ་ནཱི་ཨོཾ། ལན་གསུམ། སངས་རྒྱས་སྤྱན་མའི་འོ། །འདི་མན་ཆད་དེས་རིགས་འགྲེ་སྟེ། བུདྡྷ་ལོ་ཙ་ནི་ཞེས་པའི་དོད་དུ། བཛྲ་མཱ་མ་ཀཱི་མཐའི་སྔགས་ལ། ཨོཾ་བཛྲ་མཱ་མ་ཀཱི་ཏྲཾཾ། དེ་བཞིན་དུ་བཛྲ་པནྚ་རྭ་དང༌། ཨོཾ་བཛྲ་པནྚ་ར་དེ་ཧི་སིདྡྷི་ལོ་ཀོཏྟ་རཾ་བཾ་སྭཱཧཱ། བཛྲ་ཏཱ་རེ་དང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་ཧཱུཾ་ཧཱུཾ་ཧཱུཾ་སྭ་སྭ་སྭ་སྭཱ་ཧཱ། ཡུམ་བཞིའོ། །སེམས་དཔའ་བཅུ་དྲུག་པོ་རྣམས་ལ་བཛྲ་སཏྭ་ཁོ་ན་ལས་གཞན་སོ་སོའི་མཚན་མི་དགོས། ཕྱག་རྒྱ་དང་མཐའ་བསྟེན་གྱི་ས་བོན་བསྒྱུར་བ་ཁོ་ནས་ཆོག་སྟེ། སུ་ར་ཏ་སྟྭམ་བཛྲ་སཏྭ་དྲི་ཤྱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ་ས་ཡ་སྟྭཾ་ཨ་ཧཾ། བཛྲ་སཏྭ་བཛྲ་སཏྭ་


TNT13_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་སཏྭ་ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་རྡོ་རྗེ་སེམས་དཔའ་ལ་ཏེ་གཞན་རྣམས་ལ་མཐའི་ཧུཾ་གི་ཚབ་ཏུ། ཨོཾ་བཛྲ་སཏྭ་ཛཿ ཨོཾ་བཛྲ་སཏྭ་ཧོཿ ཨོཾ་བཛྲ་སཏྭ་དྷུ། ཨོཾ་བཛྲ་སཏྭ་ཏྲཾ། ཨོཾ་བཛྲ་སཏྭ་རྱ། ཨོཾ་བཛྲ་སཏྭ་བྷྲི། ཨོཾ་བཛྲ་སཏྭ་ཧ། ཨོཾ་བཛྲ་སཏྭ་ཧྲིཿ ཨོཾ་བཛྲ་སཏྭ་དྷཱིཿ ཨོཾ་བཛྲ་སཏྭ་ཀྲུཾ། ཨོཾ་བཛྲ་སཏྭ་བྷ། ཨོཾ་བཛྲ་སཏྭ་ཀཾ །ཨོཾ་བཛྲ་སཏྭ་རཾ། ཨོཾ་བཛྲ་སཏྭ་ཀྵཾ། ཞེས་ཏེ་མཐར་སུ་ར་ཏ་སྟྭཾ། བཛྲ་སཏྭ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭམ་ས་མ་ཡ་སྟྭཾ། ཨ་ཧཾ་བཛྲ་སཏྭ་བཛྲ་སཏྭ། བཛྲ་སཏྭ། ཨོཾ་བཛྲ་སཏྭ་སཾ། ཞེས་པ་རྡོ་རྗེ་ཁུ་ཚུར་གྱི་བར་དུའོ། །དེ་བཞིན་དུ། བཛྲ་ལ་སྱ་དང༌། ཨོཾ་བཛྲ་ལཱ་སྱ་ཧཱུཾ། བཛྲ་མཱ་ལེ་དང༌། ཨོཾ་བཛྲ་མཱ་ལེ་ཏྲཾ། བཛྲ་གི་ཏི་དང༌། ཨོཾ་བཛྲ་གཱི་ཏི་ཧྲིཿ བཛྲ་ནཱཾ་ཏྱ་དང༌། ཨོཾ་བཛྲ་ནྲྀ་ཏྱི་ཨ། བཛྲ་དྷུ་པེ་དང༌། ཨོ་བཛྲ་དྷུ་པེ་ཧཱུཾ། བཛྲ་པུཥྤེ་དང༌། ཨོཾ་བཛྲ་པུཥྤེ་ཏྲཱཾ། བཛྲ་ཨཱ་ལོ་ཀེ་དང༌། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ བཛྲ་གནྡྷེ་དང༌། ཨོཾ་བཛྲ་གནྡྷེ་ཨ། བཛྲ་ཨཾ་གུ་ཤ་དང༌། ཨོཾ་བཛྲ་ཨཾ་གུ་ཤ་ཛཿ བཛྲ་པཱ་ཤ་དང༌། ཨོཾ་བཛྲ་པཱ་ཤ་ཧཱུཾ། །བཛྲ་སྤོ་ཊ་དང༌། ཨོཾ་བཛྲ་སྤོ་ཊ་བཾ། བཛྲ་ཨཱ་བེ་ཤ་དང༌། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿ སྒོ་བ་བཞི་པོ་རྣམས་ཀྱིའོ། །སྐལ་བཟང་བཅུ་དྲུག་མན་ཆད་ལ་ནི་བདག་བསྐྱེད་ཀྱི་སྐབས་འདིར་རྒྱས་བཏབ་མི་དགོས་ཏེ་མོས་སྒོམ་ཁོ་ན་ལས། གཞན་བསྐྱེད་ཆོག་གིས་བསྐྱེད་པ་མེད་པའི་ཕྱིར་རོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱས་བསྒྲུབས་པའི་ལྷ་


TNT13_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུཾ་ལས་དང་པོའི་རྡོ་རྗེ་རྩེ་ལྔ་པ་རེ་རེས་མཚན་པར་གྱུར། གཉིས་པ་ཆོས་ཀྱི་ཕྱག་རྒྱ་ནི། ལྷ་ཐམས་ཅད་ཀྱི་ལྐོག་མར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པ། ལྕེའི་པདྨའི་འདབ་མར་ཧྲཱིཿལས་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེའི་ལྟེ་བ་ལ་ལྷ་རང་རང་གི་གསང་སྔགས་ཆོས་ཀྱི་ཡི་གེས་མཚན་པར་གྱུར། ཨོཾ་སརྦ་བིད་སརྦ་ཨ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧུཾ་ཕཊ། ཨོཾ་སརྦ་བིད་ཧཱུཾ་ཞེས་པ་ནས། ཨོཾ་བཛྲ་ཨཱ་བེ་ཤ་ཧོའི་བར་ལན་རེའམ། ཚར་གསུམ་གསུམ་སྐབས་དང་འཚམས་པར་བརྗོད་འདི་ལ་ལག་པའི་ཕྱག་རྒྱ་ཕྱག་ཆེན་དང་འདྲ་བར་འཆིང་བའི་སྲོལ་ཡང་འདུག་མོད་ཀྱི། ཆོས་རྒྱ་ལ་ལག་པའི་ཕྱག་རྒྱ་མི་འཆིང་བ་ཉིད་གདོད་མའི་ལུགས་སོ། །གསུམ་པ་ལས་ཀྱི་ཕྱག་རྒྱ་ནི། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཨ་ལས་སྣ་ཚོགས་རྡོ་རྗེ་རེ་རེས་མཚན་པར་གྱུར། འདི་ཉིད་ཀྱི་རྒྱུད་ན་གསལ་བ་རྣམས་དེ་དང་དེ་ཡིན་ལ། མི་གསལ་བ་རྣམས་ཕྱག་མཚན་མེད་པའི་ཕྱག་ཆེན་གྱི་ཚུལ་དུ་འཆིང་བ་ཡིན་ནོ། །གོང་དམ་རྒྱའི་སྐབས་སུ་བཤད་པ་ལྟར་རིགས་ལྔ་ལས། ས་མ་ཡ་སྟཱཾ་དང༌། གཞན་རྣམས་ལ་སུ་ར་ཏ་སྟྭཾ། མགོར་སྦྱར་ནས། ཨོཾ་སརྦ་ཨ་པ་ཡ་བི་ཤོ་དྷ་ནི་ཧཱུཾ་ཕཊ། སརྦ་བིད་ཅེས་པ་ལྔས་རིགས་ལྔ་དང༌། ཨོཾ་སརྦ་ཨཱ་པ་ཡ་བི་ཤོ་དྷ་ནི་ཧཱུཾ་ཕཊ། བུདྡྷ་ལོ་ཙི་ནི་ཞེས་པ་ནས། ཨོཾ་སརྦ་ཨཱ་པ་ཡ་བི་ཤོ་དྷ་ནི་ཧཱུཾ་ཕཊ། བཛྲ་ཨཱ་བེ་ཤ་ཞེས་པའི་བར་རོ། །བཞི་པ་ཕྱག་རྒྱ་ཆེན་པོ་ནི། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་དང་པོའི་རྡོ་


TNT13_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རྩེ་ལྔ་པའོ། །ཨོཾ་སརྦ་བིད་སརྦ་ཨ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུཾ་ཕཊ་ནས། ཨོཾ་བཛྲ་ཨཱ་བེ་ཤ་ཧོའི་བར་ས་མ་ཡ་སྟྭཾ་དང༌། སུ་ར་ཏ་སྟྭཾ་གྱི་མགོ་འདྲེན་ཚུལ་གོང་བཞིན་ཏེ། ཇི་ལྟར་བསྒོམ་པ་དང་མཐུན་པའི་ཕྱག་ཆེན་བཅིང་ངོ༌། །གལ་ཏེ་ཕྱག་རྒྱ་བཞིའི་རྒྱས་འདེབས་མི་ལྕོགས་ན། སྒོ་གསུམ་བྱིན་གྱིས་རློབས་པ་ཙམ་བྱེད་པ་ཡིན་མོད་ཀྱི། །རྣལ་འབྱོར་རྒྱུད་དང་མཐུན་པར་བཀྲལ་བའི་ལུགས་བྱེད་ཕྱིན་ངེས་པར་བྱ་སྟེ། འདི་མེད་ན་དེ་ཉིད་བསྡུས་པ་སོགས་ནས་ཁྱད་ཆོས་གཞན་ནི་དེ་བས་མེད་པས་ཡོ་གའི་ཆོ་ག་ཡིན་རྒྱུ་ཅི་ཡང་མེད་དོ། །སྦྱོང་རྒྱུད་ཡོ་ག་ཁོ་ནར་འདོད་བཞིན་དུ་རྒྱ་བཞིའི་རྒྱས་གདབ་མི་འདོད་པ་ནི་ཤིན་ཏུ་འགལ་བ་ཆེན་པོ་ཡིན་ལ། སྤྱིར་ནས་སྦྱོང་རྒྱུད་ཀྱི་ཆོ་ག་ལ་དམ་རྒྱ་དང་ལས་འཆོལ་བའི་ཕྱག་རྒྱ་ནི་ངེས་པར་དགོས་ཤིང༌། གཞན་རྣམས་མེད་ཀྱང་ཆོག་པའི་སྐབས་སྲིད་དེ། དེའི་ཚེ་སྦྱོང་རྒྱུད་ཀྱང་ཡོ་གའི་རྒྱུད་ཁོ་ནར་མི་འདོད་དེ་གཞན་དུ་བཤད་པར་བྱའོ། །ཡོ་ག་དང་མཐུན་པའི་ལུགས་བྱེད་ན་ནི། དཀྱིལ་འཁོར་རྫོགས་པ་བསྒོམས་ནས་ཆོས་ཤིན་ཏུ་བསྡུ་ན་ཡང་དེ་བཞིན་གཤེགས་པ་ལྔ་ལ་རྒྱ་བཞིས་གདབ་པ་མེད་ན། ཆོ་གའི་ཡན་ལག་ཆད་པའི་ཉེས་པ་ཆེ་བར་འགྱུར་ངེས་སོ། །བདུན་པ་དབང་བསྐུར་བ་ནི། གོང་བཞིན་རིགས་ལྔའི་ཕྱག་རྒྱ་སྤྱི་བོར་གཏུགས་ནས། ཨོཾ་བཛྲ་ཨ་བྷི་ཥིཉྩ་སོགས་ཏེ། ལྷ་ཐམས་ཅད་ལ་རྒྱས་བཏབ་པར་བསམ། འདིར་བསྡུས་པའི་ལུགས་ཡིན་པས་དབང་བསྐུར་དེ་ཙམ་གྱིས་ཆོག་གོ །དེ་དག་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །གསུམ་པ་ལས་རྒྱལ་མཆོག་ལ་ལས་བཅོལ་དང༌།


TNT13_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བརྟོད་གཉིས་ལས། དང་པོ་ནི། སོ་སོའི་དམ་རྒྱ་འཆིང་བཞིན་དུ། ཨོཾ་ན་མོ་བྷ་ག་ཝ་ཏེ་སོགས་རྩ་རིག་ཚར་གཅིག་དང༌། ཨོཾ་སརྦ་བིད་སརྦ་ཨ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུཾ་ཕཊ། བཅོམ་ལྡན་འདས་ཐམས་ཅད་རིག་པ་རྣམ་པར་སྣང་མཛད་ཀྱིས་སེམས་ཅན་ཐམས་ཅད་ངན་སོང་ལས་གྲོལ་བར་མཛད་ཅིང༌། འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་བསྒྲལ་ཏེ། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་ཐོབ་པའི་འཕྲིན་ལས་མཛད་དུ་གསོལ། དེ་བཞིན་དུ་སྡེ་ཚན་སོ་སོའི་མགོར། ཨོཾ་ན་མོ་སོགས་རྩ་རིག་ཚར་རེ་དང༌། གཞུག་ཏུ་ལས་བཅོལ་རེ་སྦྱར་ཏེ་སྡེ་ཚན་སྡེ་ཚན་དུ་ལས་བཅོལ་བ་ལག་ལེན་ཡིན་པས། འདི་ལྟར་བྱ་སྟེ། ཨོཾ་ན་མོ་སོགས། ཨོཾ་སརྦ་བིད་ཧཱུཾ། སྤྱོད་པའི་རྒྱལ་པོ་དང༌། ཨོཾ་སརྦ་བིད་ཕཊ་རྒྱལ་མཆོག་རིན་ཆེན་དང༌། ཨོཾ་སརྦ་བིད་ཨཱཿཤཱཀྱ་རིགས་དབང་དང༌། ཨོ་སརྦ་བིད་ཏྲ་ཊ་མེ་ཏོག་ཆེར་རྒྱས་ཏེ། ཕྱོགས་ཀྱི་དེ་བཞིན་གཤེགས་པ་བཞིས་ཀྱང་སེམས་ཅན་ཐམས་ཅད་ངན་སོང་ལས་གྲོལ་བར་མཛད་ཅིང་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་བསྒྲལ་ཏེ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་ཐོབ་པའི་འཕྲིན་ལས་མཛད་དུ་གསོལ། ཨོཾ་ལོ་ཙ་ན་སོགས་སངས་རྒྱས་སྤྱན་མ་དང༌། ཨོཾ་མཱ་མ་སོགས་མཱ་མ་ཀཱི་དང༌། ཨོཾ་པནྚ་རཱ་སོགས་གོས་དཀར་མོ་དང༌། ཨོཾ་ཏཱ་རེ་སོགས་སྒྲོལ་མ་སྟེ་ཡུམ་བཞིས་ཀྱང་སོགས། ཨོཾ་བཛྲ་སཏྭ་ཧཱུཾ་རྡོ་རྗེ་སེམས་དཔའ་དང༌། ཨོཾ་བཛྲ་སཏྭ་ཛཿ


TNT13_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྒྱལ་པོ་དང༌། ཨོཾ་བཛྲ་སཏྭ་ཧོཿ རྡོ་རྗེ་ཆགས་པ་དང། ཨོཾ་བཛྲ་སཏྭ་དྷུ་རྡོ་རྗེ་ལེགས་པ་སྟེ་རྡོ་རྗེའི་རིགས་ཀྱི་སེམས་དཔའ་བཞིས་ཀྱང་སོགས། ཨོཾ་བཛྲ་སཏྭ་ཏྲཱཾ། རྡོ་རྗེ་རིན་ཆེན་དང༌། ཨོཾ་བཛྲ་སཏྭ་རྱ། རྡོ་རྗེ་གཟི་བརྗིད་དང༌། ཨོཾ་བཛྲ་སཏྭ་བྷྲི་རྡོ་རྗེ་རྒྱལ་མཚན་དང༌། ཨོཾ་བཛྲ་སཏྭ་ཧ་རྡོ་རྗེ་བཞད་པ་སྟེ་རིན་ཆེན་རིགས་ཀྱི་སེམས་དཔའ་བཞིས་ཀྱང་༴ སོགས། ཨོཾ་བཛྲ་སཏྭ་ཧྲཱིཿ རྡོ་རྗེ་ཆོས་དང༌། ཨོཾ་བཛྲ་སཏྭ་དྷི་ཿརྡོ་རྗེ་རྣོན་པོ་དང༌། ཨོཾ་བཛྲ་སཏྭ་ཀྲུཾ་རྡོ་རྗེ་རྒྱུད་དང༌། ཨོཾ་བཛྲ་སཏྭ་བྷ་རྡོ་རྗེ་སྨྲ་བ་སྟེ་པདྨའི་རིགས་ཀྱི་སེམས་དཔའ་བཞིས་ཀྱང་སོགས། ཨོཾ་བཛྲ་སཏྭ་ཀཾ །རྡོ་རྗེ་ལས་དང༌། ཨོཾ་བཛྲ་སཏྭ་རཾ་རྡོ་རྗེ་སྲུང་བ་དང༌། ཨོཾ་བཛྲ་སཏྭ་ཀྵཾ་རྡོ་རྗེ་གནོད་སྦྱིན་དང༌། ཨོཾ་བཛྲ་སཏྭ་སཾ་རྡོ་རྗེ་ཁུ་ཚུར་ཏེ་ལས་ཀྱི་རིགས་ཀྱི་སེམས་དཔའ་བཞིས་ཀྱང་སོགས། ཨོཾ་བཛྲ་ལཱ་སྱ་ཧཱུཾ་རྡོ་རྗེ་སྒེག་མོ་དང༌། ཨོཾ་བཛྲ་མཱ་ལེ་ཏྲཱཾ་རྡོ་རྗེ་འཕྲེང་བ་དང༌། ཨོཾ་བཛྲ་གཱི་ཏཱི་ཧྲཱིཿརྡོ་རྗེ་གླུ་མ་དང༌། ཨོཾ་བཛྲ་ནྲྀ་ཏི་ཨ་རྡོ་རྗེ་གར་མ་སྟེ་ཀྲུ་ཆད་ཀྱི་ལྷ་མོ་བཞིས་ཀྱང་སོགས། ཨོཾ་བཛྲ་དྷུ་པེ་ཧཱུཾ། རྡོ་རྗེ་བདུག་པ་མ་དང༌། ཨོཾ་བཛྲ་པུཥྤེ་ཏྲཾ། རྡོ་རྗེ་མེ་ཏོག་མ་དང༌། ཨོཾ་བཛྲ་ཨ་ལོ་ཀེ་ཧྲི་རྡོ་རྗེ་མར་མེ་མ་དང༌། ཨོཾ་བཛྲ་གནྡྷེ་ཨ་རྡོ་རྗེ་དྲི་ཆབ་མ་སྟེ་གྲྭ་བཞིའི་ལྷ་མོ་བཞིས་ཀྱང་སོགས། ཨོཾ་བཛྲ་ཨཾ་གུ་ཤ་ཛཿརྡོ་རྗེ་ལྕགས་ཀྱུ་མ་དང༌། ཨོཾ་བཛྲ་པ་ཤ་ཧཱུཾ་རྡོ་རྗེ་ཞགས་པ་མ་དང༌། ཨོཾ་བཛྲ་སྥོ་ཊ་བཾ་རྡོ་རྗེ་ལྕགས་སྒྲོག་མ་དང༌། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿརྡོ་རྗེ་འབེབས་


TNT13_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་སྟེ་སྒོ་མ་བཞིས་ཀྱང་སོགས། ཞེས་སོགས་ཀྱིས་འཕྲིན་ལས་གཞོལ། གཉིས་པ་ནི། དེ་ནས་མཆོད་པ་བྱིན་གྱིས་བརླབས། མཆོད་ཡོན་ཕལ་ཆེར་སོགས་ཀྱི་ཚིགས་བཅད་ལ། བདག་ཉིད་ཆེན་པོ་དཀྱིལ་འཁོར་ལྷ་ཚོགས་མཆོད། ཅེས་སྦྱར་ཏེ། མཆོད་ཡོན་དང་མེ་ཏོག་ནས་རོལ་མོའི་བར་དང༌། ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པ་ནི། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ཏ། ཨོཾ་བཛྲ་ལཱ་སྱ་ཧཱུཾ། ཨོཾ་རྡོ་རྗེ་རིན་ཆེན་བླ་ན་མེད། ཨོཾ་བཛྲ་རཏྣ་མ་ནུ་ར་ཏ་རཾ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་རྡོ་རྗེ་ཆོས་ནི་གླུ་བླངས་པ། ཨོཾ་བཛྲ་དྷརྨ་གཱ་ཡ་ནི། ཨོཾ་བཛྲ་གཱི་ཏི་ཧྲིཿ ཨོཾ་རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ཨོཾ་བཛྲ་ཀརྨ་ཀ་རོ་ད་བྷ་ཝེ། ཨོཾ་བཛྲ་ནི་ཏི་ཨ། དེ་བཞིན་དུ་སྦྱར་ཏེ། ཨོཾ་རྡོ་རྗེ་སེམས་དཔའ། ཨོཾ་བཛྲ་སཏྭ༴ ཨོཾ་བཛྲ་དྷུ་པེ་ཧཱུཾ། ཨོཾ་རྡོ་རྗེ་རིན་ཆེན༴ ཨོཾ་བཛྲ་རཏྣ༴ ཨོཾ་བཛྲ་པུཥྤེ་ཏྲཱཾ། ཨོཾ་རྡོ་རྗེ་ཆོས་ནི༴ བཛྲ་དྷརྨ༴ ཨོཾ་བཛྲ་ཨཱ་ལོ་ཀེ་ཏྲཱིཿ ཨོཾ་རྡོ་རྗེ་ལས་ཀུན༴ བཛྲ་ཀརྨ༴ ཨོཾ་བཛྲ་གནྡྷེ་ཨ། ཞེས་པས་མཆོད། བསྟོད་པ་ནི། ཧཱུཾ་སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། རྡོ་རྗེ་སྐུ་སྟེ་སྐུ་ཆེ་བ། །ཕྱག་ན་རྡོ་རྗེ་ཕྱག་འཚལ་བསྟོད། །རྡོ་རྗེ་ཡན་ལག་རྡོ་རྗེ་མཆོག།རྡོ་རྗེ་འབར་བ་ཆེར་འབར་བ། །རྡོ་རྗེ་ཤུགས་ཏེ་ཤུགས་ཆེ་བ། །རྡོ་རྗེ་མཚོན་ཆ་རྡོ་རྗེ་ཆེ། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །རྡོ་རྗེ་མདའ་སྟེ་རབ་འབིགས་པ། །


TNT13_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣོན་པོ་རྣོ་བ་ཆེ། །ཆེ་བའི་ཆེ་བ་རྒྱ་མཚོ་ཆེ། །རྡོ་རྗེ་པདྨ་བྱང་ཆུབ་ཆེ། །བྱང་ཆུབ་སངས་རྒྱས་རང་བྱུང་བ། །རྡོ་རྗེ་རྒྱ་ཆེན་རྒྱ་ཆེ་སྟེ། །རྡོ་རྗེ་སྒྱུ་མ་རྣམ་སྦྱོང་བ། །རྡོ་རྗེ་རྒྱུ་སྟེ་གནོད་སྦྱིན་ཆེ། །རྡོ་རྗེ་པདྨ་རྣམ་སྦྱོང་བ། །རྡོ་རྗེ་ཁྲོ་བོ་མ་རུངས་ཆེ། །རྡོ་རྗེ་དགྲ་སྡང་འཇོམས་པའི་གཙོ། །རྡོ་རྗེ་འཇིགས་པ་སྲུང་བ་ཆེ། །རྡོ་རྗེ་ལྕགས་ཀྱུ་དོན་ཡོད་བྱེད། །རྡོ་རྗེ་རོ་ལངས་རོ་ལངས་ཆེ། །རྡོ་རྗེ་སྲིན་པོ་ཟ་བ་པོ། །རྡོ་རྗེ་གནོད་སྦྱིན་གནོད་སྦྱིན་ཆེ། །རྡོ་རྗེ་གདོན་དེ་གདོན་གྱི་བདག །འཇིགས་བྱེད་དགྲ་བྱེད་དྲག་པོ་ཆེ། །རྡོ་རྗེ་འཇིགས་བྱེད་རྔམ་བྱེད་པ། །སྒྲུབ་དཀའ་སྒྲུབ་པ་ལེགས་པ་སྟེ། །རྡོ་རྗེ་ལེགས་པ་དགྱེས་མཛད་པ། །རྡོ་རྗེ་དགའ་བ་དགའ་བ་ཆེ། །དགའ་བའི་རྡོ་རྗེ་དབང་བྱེད་པ། །རྡོ་རྗེ་གཟི་བརྗིད་གཟི་བརྗིད་ཆེ། །འབར་འོད་གཤིན་རྗེ་མཐར་བྱེད་པ། །རྡོ་རྗེ་དྲག་པོ་དྲག་པོ་ཆེ། །འོད་སྡུག་པས་ནི་སྡུག་པ་ཆེ། །ནམ་མཁའ་དང་ནི་མཉམ་པ་པོ། །རེ་བ་ཐམས་ཅད་རྫོགས་མཛད་པ། །རྡོ་རྗེ་དབང་བསྐུར་རིན་ཆེན་མཆོག །རྡོ་རྗེ་རྒྱལ་མཚན་ཡོན་ཏན་མཚོ། །རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །རིགས་སྔགས་བྱེ་བའི་ཚོགས་ཀྱིས་བསྐོར། །ཧ་ལ་ཧ་ལ་ནག་པོ་ཆེ། །དགྲ་ཆེན་ཞིང་ནི་འཇོམས་པའི་གཙོ། །རྡོ་རྗེ་འདོད་པ་འདོད་པ་ཆེ། །སྙིགས་མའི་ལུས་ངན་རྣམ་སྦྱོང་བ། སྐད་ཅིག་གཡོ་བའི་ཐེ་ཚོམ་བཅོད། །གློག་བཞིན་ཞལ་གྱི་ལྗགས་ལས་འཕྲོ། །རྡོ་རྗེ་མེ་སྟེ་མ་རུངས་འདུལ། །དྲག་པོ་རབ་སྣང་སྣང་མཛད་


TNT13_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཉི་མ་སྟོང་གིས་གདུང་བའི་ཞལ། །སྤྱན་དམར་འཇིགས་པར་མཛད་པ་པོ། ཁྲོ་བོ་དུ་མའི་འོད་བཞིན་འཕྲོ། །ཕྱག་རྣམས་དུ་མའི་མཚོན་ཆ་བརྒྱ། །དུས་མའི་ཞལ་ཏེ་སྐུ་ཡང་སྟོང༌། །འཁྱིལ་ཞིང་རྒྱན་ཡང་འཁྱོལ་བ་སྟེ། །སེམས་ཀྱི་ཆོས་པས་སྐུ་མི་མངའ། །རྣམ་པར་རྟོག་པ་མ་ལུས་འདུལ། །མ་རིག་འཇོམས་པའི་ཚངས་པ་སྟེ། །འདོད་ཆགས་ཞེ་སྡང་དྲི་མཐར་མཛད། །སྒྱུ་མ་ཁྱབ་འཇུག་རྡོ་རྗེ་ཅན། །རྩེ་གསུམ་རྩེ་གསུམ་འཆང་འཕྲོག་པ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །སྲིད་དང་སྲིད་མིན་རྣམ་སྦྱོང་བ། །ཞི་ཞིང་དུལ་ལ་དགའ་བ་སྟེ། །སངས་རྒྱས་སངས་རྒྱས་རབ་རྟོགས་བྱེད། །སངས་རྒྱས་བདག་ཉིད་སངས་རྒྱས་སྐུ། །རྡོ་རྗེ་རབ་སྐྱེས་རྡོ་རྗེ་སེམས། །ཀུན་ཏུ་བཟང་པོ་ཆེར་བཟང་པོ། །མཚན་རྣམས་དམ་པས་རབ་བརྒྱན་པ། ཁམས་གསུམ་བདག་ཉིད་ཁྱབ་པ་པོ། །ཐམས་ཅད་རྡོ་རྗེ་བདག་ཉིད་གཙང༌། ཞེས་མཚན་བརྒྱ་རྩ་བརྒྱད་པས་བསྟོད། འདི་ནི་དངོས་སུ་ཕྱག་ན་རྡོ་རྗེ་ལ་བསྟོད་པ་ཡིན་ལ། དེ་ཉིད་ལ་དཀྱིལ་འཁོར་གྱི་ལྷ་ཀུན་འདུས་པའི་དོན་གྱི་བསྟོད་པ་ཡིན་པས་དཀྱིལ་འཁོར་ཀུན་གྱི་བསྟོད་པར་འགྱུར་བ་ཁོ་ནའོ། །གཉིས་པ་རྗེས་ཀྱི་བྱ་བ་ལ། བཟླས་པ་མཆོད་བསྟོད་ཉེར་བསྡུའོ། །དང་པོ་བཟླས་པ་ནི། གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་རང་སྔགས་དང་རྩ་རིག་བཀོད། སྔ་མ་རྣམས་མི་བཞེད་ཀྱང་དབུས་སུ་རང་རང་གི་ས་བོན་བཀོད་ན་ལེགས་སོ། །ལྷ་རྣམས་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་ཀའི་སྔགས་འབྲུ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣང་བར་བྱས།


TNT13_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་རྣམས་སྦྱངས། མཛད་པ་བཅུ་གཉིས་ལ་སོགས་པའི་སྒོ་ནས་འགྲོ་བའི་དོན་མཛད། སླར་འདུས་ཆོས་ཀྱི་ཡི་གེ་སོ་སོ་ལ་ཞུགས་པར་གྱུར། ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦ་དུརྒཏི། པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤྭ་དྷ་ནི། ཤུདྡྷེ་བི་ཤུདྡྷེ། །སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤུདྡྷེ་སྭཱཧཱ། ཞེས་པ་ཉིད་གཙོ་བོ་རྣམ་སྣང་གི་སྔགས་ཡིན་ཡང་ལྷ་ཐམས་ཅད་ཀྱི་སྤྱི་སྔགས་སུ་འགྱུར་རོ། །ཨོཾ་སརྦ་བིད་སརྦ་ཨ་ཝ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུཾ་སྭཱཧཱ། ཞེས་པ་ནི་སྙིང་པོ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁོ་ནའིའོ། །རྩ་རིག་དང་སྙིང་པོ་དེ་ཉིད་གང་མོས་པ་ཞིག་ཅི་ནུས་སུ་བཟླ་ཞིང༌། ཨོཾ་སརྦ་བིད་ཧཱུཾ། ཞེས་པ་ནས། ཨོཾ་བཛྲ་ཨཱ་བེ་ཤ་ཧོའི་བར་གོང་དུ་བསྟན་པའི་འཁོར་གྱི་སྔགས་རྣམས་ཀྱང་བདུད་ལ་སོགས་པ་ཇི་ལྟར་འོས་པ་རེ་བཟླའོ། །གཉིས་པ་ནི། སླར་ཡང་ཨརྒྷཾ་ལ་སོགས་པ་སྔགས་ཙམ་གྱི་མཆོད་པ་འབུལ་ཞིང༌། ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལས། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག ཅེས་བསྟོད། གསུམ་པ་ཉེར་བསྡུ་ནི། རང་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཚུར་དྲངས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་རང་ལ་ཐིམ། ཞེས་པའོ། །བདག་བསྐྱེད་ཀྱི་རྣལ་འབྱོར་རྒྱས་པར་བསྟན་ཟིན་ཏོ། །གཉིས་པ་བུམ་བསྐྱེད་ནི། ཆོ་ག་ཉིན་གཅིག་པའི་ཕྱོགས་ལ།


TNT13_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བསྐྱེད་ཀྱི་རྗེས་སུ་བྱས་ན་ལེགས་མོད་ཀྱིས། སྐབས་འདིར་བྱས་ནའང་འགལ་བ་མེད་ལ། དེ་ཕྱིན་ཆད་གོང་མའི་ལག་ལེན་རྒྱུན་བཞིན་འདིར་བྱ་སྟེ། དབང་བུམ་ལྔ། རྣལ་རྒྱལ་བུམ་པ་གཅིག་མཆོད་བུམ་བཅུ་དྲུག་སོགས་ཇི་ལྟར་འོས་པ་བཤམས། བསྡུ་ན་རྣམ་རྒྱལ་བུམ་པ། དབང་བུམ། མཆོད་བུམ་སྟེ་གསུམ་བཤམ་མོ། །ཤིན་ཏུ་བསྡུ་ན་རྣམ་རྒྱལ་གཅིག་པུས་ཀྱང་ཆོག་པར་འདོད་ལ། ལས་བུམ་བཤམས་ན་ཡང་འགལ་བ་མེད་མོད་ཀྱི། རྒྱུད་ལས་གསལ་བར་མ་གསུངས་པས་བསྡུ་ན་མེད་ཀྱང་ཆོག་གོ །བུམ་པ་རྣམས་ཡཀྵས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཉེས་པ་ཀུན་སྤངས་ཤིང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ལྷ་རྫས་ཀྱི་གོས་ཀྱིས་མགུལ་བ་དཀྲིས་ཤིང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པའི་རྣམ་རྒྱལ་བུམ་པའི་བདུད་རྩིས་གང་བའི་སྟེང་དུ། ལྷ་སུམ་ཅུ་རྩ་བདུན་གྱི་གདན་དང༌། དབང་བུམ་གྱི་ནང་དུ་དེ་བཞིན་གཤེགས་པ་རིགས་ལྔའི་གདན་རྣམས་སུ་གྱུར། དབུས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ལས་འཁོར་ལོ་ཞེས་པ་ནས། འབར་ཞིང་འཕྲོ་བའོ། །ཧཱུཾ་ལས་དབུས་ཀྱི་ཤར་དུ་ཐམས་ཅད་རིག་པ་སྦྱོང་བའི་རྒྱལ་པོ། ཞེས་པ་ནས། རང་རང་གི་ཕྱག་མཚན་འཛིན་པའོ། །དེའི་ཕྱི་རོལ་བྱང་ཤར་མཚམས་ནས་བརྩམས་ཏེ། ཧཱུཾ་ལས་རྡོ་རྗེ་


TNT13_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ནས། དུང་ཆོས་འཛིན་པ། དེ་དག་གི་ཕྱི་རོལ་ཤར་དུ་ནས། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ཞེས་པའི་བར་གོང་བཞིན་བསྐྱེད། རང་འདྲའི་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་སོགས་ཀྱི་མཐར། པུཥྤེ་སོགས་ཉེར་སྤྱོད་ཀྱི་སྔགས་ཙམ་ཁོ་ནས་འབུལ། ཆོས་དབྱིངས་ཡེ་ཤེས་མཁའ་ལྟར་ཁྱབ་པ་ལས། །ཐུགས་རྗེ་ཆེན་པོས་རྣམ་འཕྲུལ་མཐའ་ཡས་པ། །སྦྱང་དཀའ་འཁོར་བའི་སྡུག་བསྔལ་ཞི་མཛད་པའི། །བཅོམ་ལྡན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། ཅེས་བརྗོད། འདི་དག་ཆོ་ག་བསྡུད་པའི་ལུགས་ཡིན་པས་རྒྱས་བཏབ་མི་དགོས། ཨོཾ་བཛྲ་ཨཾ་གུ་ཤ་ཛཿ སོགས་ཀྱིས་དགུག་གཞུག་བཅིང་མཉེས་བྱ། ཨོཾ་བྷྲི་ཏ་སོགས་གནས་གསུམ་བྱིན་གྱིས་བརླབས། བཛྲ་ཨ་བྷི་ཥིཉྪ་སོགས་ཀྱིས་དབང་བསྐུར། མཆོད་བསྟོད་བསྡུས་པ་བྱེད་ན་བཤད་མ་ཐག་པ་བཞིན་དང༌། །རྒྱས་པ་བྱེད་ན་རྟེན་ཅིང་འབྲེལ་འབྱུང་མ་ལྟ་བུའི་ཚིགས་བཅད་དང་སྦྱར་ཞིང༌། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། སོགས་ཤོ་ལོ་ཀ་ལྔ་ཙམ་གྱི་བསྟོད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་གཟུངས་ཐག་ལ་བརྟེན་ནས་བུམ་ནང་དུ་སོང་བས་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས་པས་བུམ་པ་ཡེ་ཤེས་ཀྱི་ཆུས་གང་བར་གྱུར། རྣམ་རྒྱལ་ལ་དམིགས་ནས། ལྷ་ཐམས་ཅད་ཀྱི་སྔགས་བཟླ་སྟེ། རྩ་རིག་དང་གཙོ་བོའི་སྙིང་པོ་


TNT13_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་རྩ་སོགས་དང༌། འཁོར་རྣམས་ཀྱི་གསུམ་གསུམ་སོགས་སོ། །དབང་བུམ་ལ་དམིགས་ནས་རྩ་རིག་དང་རིགས་ལྔའི་སྔགས། མཆོད་བུམ་ལ་དམིགས་ནས་རྩ་རིག་བཟླ། མདོར་བསྡུ་ན་ཐམས་ཅད་ལ་རྩ་རིག་ཁོ་ན་བཟླས་པས་ཀྱང་ཆོག་གོ །མཐར་ཨ་བྷི་ཥི་ཀའི་སྔགས་ཀྱང་བཟླས་གོང་བཞིན་མཆོད་བསྟོད་བསྡུས་པ་བྱས་ནས། བུམ་པའི་ལྷ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་གྱུར། དུང་ཆོས་ཀྱི་ཆུ་ཕུལ། ཡིག་བརྒྱ་ལན་གསུམ་གྱིས་བརྟན་བྱེད་བྱའོ། །སྤྱིར་རྒྱུད་འདིའི་ལུགས་ཀྱི་བུམ་པ་ལ། །ལྷ་བསྐྱེད་མི་དགོས་པའང་ཡོད་མོད་ཀྱི། །ལྷ་བསྐྱེད་ཕྱིན་ས་བོན་ལས་བསྐྱེད་ན་ལེགས་པས་དེ་བཞིན་དུ་སྦྱར་ལ། ཅི་སྟེ་སྐད་ཅིག་གིས་བསྐྱེད་པར་འདོད་ན། ཡེ་ཤེས་སྤྱན་འདྲེན་དང༌། གནས་གསུམ་བྱིན་རླབས་དང༌། དབང་བསྐུར་རྣམས་མི་དགོས་སོ། །བུམ་བསྐྱེད་མདོ་ཙམ་བཤད་ཟིན་ཏོ། །གསུམ་པ་མདུན་བསྐྱེད་ཀྱི་ཆོ་ག་ནི། སྤྲོས་པ་ལ་དགའ་ན། །མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་བགེགས་སྦྱང་བ་དང༌། ཏིལ་སྦྱང་དང༌། ཁྲུས་གསོལ་སོགས་ཀྱང་བྱ། །འོན་ཀྱང་ངེས་པར་དགོས་པ་ནི་མ་ཡིན་ནོ། །མདུན་བསྐྱེད་ཀྱི་དཀྱིལ་འཁོར། ཡཀྵས་བསངས། ཨོཾ་ཤཱུནྱ་ཏ་ཛྙཱ་ན་བཛྲ་ནས། ཟླ་བའི་གདན་རེ་རེའོ། །ཞེས་པའི་བར་བདག་བསྐྱེད་སྐབས་དང་འདྲ་བ་ལས། གྲུ་བཞི་པ་སྒོ་བཞི་པ་ཕྱི་ནང་རིམ་པ་གཉིས་ཡོད་པ། ཕྱི་ལ་ལྷ་སྣམ་རིམ་པ་གསུམ་དང་ལྡན་པ། ཕྱི་རོལ་འཇིག་རྟེན་པའི་འཁོར་ཡུག་གིས་བསྐོར་བ། གཉིས་ཀའང་ནང་ནས་རིམ་པ་བཞིན་


TNT13_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །དབུས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ལས་འཁོར་ལོ་ནས། འོད་ཟེར་དཔག་ཏུ་མེད་པ་འབར་ཞིང་འཕྲོ་བའོ། །སྙིང་པོའི་དཀྱིལ་འཁོར་གྱི་ཕྱོགས་བཞིར་སྦྱོང་བའི་རྒྱལ་པོ་ལ་སོགས་པའི་སངས་རྒྱས་བཞི། ཞེས་པ་ནས། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་ཐམས་ཅད་རིག་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང༌། གཞན་ཡང་དམ་ཚིག་ལ་ཡང་དག་པར་གནས་ཤིང༌། དཔལ་རྡོ་རྗེ་སེམས་དཔའི་བཀའ་འབངས་སུ་གྱུར་པ་ཇི་སྙེད་པ་ཐམས་ཅད་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཞིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་བའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམས་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པ། ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་


TNT13_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲངས་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་ཟད་ནུས་པར་ལྡན། །ཚུར་བྱོན་ཚུར་བྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་གནས་འདིར་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། ཛཿ་ཧཱུཾ་བཾ་ཧོ་བྷ་ག་ཝཱན། ཨེ་ཧྱེ་ཧི། མཧཱ་ཀཱ་རུ་ཎི་ཀ་དྲི་ཤྱ་ཧོཿ བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡི་ཧཱུཾ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་


TNT13_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཥེ་ཀ་ཏ་ས་མ་ཡ་ཤྲེ་ཡེ་ཧཱུཾ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོག་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལ་ཡ་སྟྭཾ། །ཞིང་འདིའམ་རྒྱ་ཆེན་ཞིང་གཞན་ན། །ལྷ་རྫས་མེ་ཏོག་ཡིད་འོང་བ། །ཆུ་དང་ཐང་ལས་སྐྱེས་པ་རྣམས། །ཐུབ་དབང་སྲས་དང་བཅས་ལ་འབུལ། །ལྷ་ལ་སོགས་པའི་དྲི་ཡི་རྫས། །ཕྱོགས་རྣམས་ཀུན་ན་གང་ཡོད་པ། །སིམས་བྱེད་ཡིད་འོང་ལྡན་པ་ནི། །ཐུབ་དབང་སྲས་དང་བཅས་ལ་འབུལ། །ཕྱོགས་དུས་ཀུན་ན་བདུག་སྤོས་ནི། །ལྷ་རྫས་སྤོས་ཀྱི་ཤིང་ལ་སོགས། །དྲི་ཞིམ་ཡིད་འོང་གང་ཡོད་པ། །ཐུབ་དབང་སྲས་དང་བཅས་ལ་འབུལ། །འཇིག་རྟེན་འདིའམ་ཕྱོགས་རྣམས་ན། །ལྷ་དང་མི་ལ་སོགས་པའི་ཟས། །ཡོན་ཏན་ཀུན་ལྡན་གང་ཡིན་དེ། །ཐུབ་དབང་ལ་ནི་དབུལ་བར་བགྱི། །འཇིག་རྟེན་འདིའམ་ཕྱོགས་བཅུ་ཡི། །རིན་ཆེ་མར་མེ་ལ་སོགས་པ། །སྣང་བའི་ཁྱད་པར་གང་ཡོད་ལ། །ཐུབ་དབང་སྲས་དང་བཅས་ལ་འབུལ། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པ། སྤྲིན་རྣམས་སོ་སོར་གནས་གྱུར་ཅིག ཅེས་སོགས་ཀྱང་བྱ། སྔགས་དང་ཕྱག་རྒྱ་བྱས་ཏེ་ཕུལ་ན་ཡང་ལེགས་སོ། །ཨོཾ་བཛྲ་ཨཾ་གུ་ཤ་ཛཿ སོགས་བསྒོ་བ་


TNT13_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་དགུག་གཞུག་བཅིང་མཉེས་བྱས་ཏེ་ནང་དུ་བཀུག །ལས་དང༌། ཨོཾ་བཛྲ་ཡཀྵ་ཧཱུཾ། གྱིས་ཕྱི་འབྲང་གི་བགེགས་བསྐྲད་པ་ནས། ཏུ་ཥདྱ་ཧོའི་སྲུང་བ་བྱས། མགྲོན་ཐབས་ཀྱི་ལྷ་རྣམས་གདན་ལ་འཁོད་པར་གྱུར་པ་ནི། གཞལ་ཡས་ཁང་ཕྱི་མའི་སྣམ་བུ་དང་པོ་ལ་སྐལ་བཟང་གི་སེམས་དཔའ་བཅུ་དྲུག་འཁོད་དེ། ཤར་དུ་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ངེས་པར་འཇོམས་པའི་བློ་གྲོས་རྣམས་རྡོ་རྗེ་སེམས་དཔའ་དང་མཚུངས་པ། ལྷོར་སྤོས་ཀྱི་གློང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག་རྣམས་རྡོ་རྗེ་རིན་ཆེན་དང་མཚུངས་པ། ནུབ་ཏུ་འོད་དཔག་མེད། ཟླ་འོད་བཟང་སྐྱོང༌། དྲ་བ་ཅན་གྱི་འོད་རྣམས་རྡོ་རྗེ་ཆོས་དང་མཚུངས་པ། བྱང་དུ་རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོ་རྣམས་སྐུ་མདོག་ལྗང་ཁུ། ལྷག་མ་རྡོ་རྗེ་ལས་དང་མཚུངས་པའོ། །ལྷ་སྣམ་བར་པ་ལ་ཉན་ཐོས་ཆེན་པོ་བཅུ་དྲུག་ནི། དགའ་བོ་སྒྲ་གཅན་འཛིན་དང་མཆོག་གཉིས་སོ། །རབ་འབྱོར་འཆར་ཀ་མ་འགགས་ཀུན་ཤེས་དང༌། །ཉེ་འཁོར་རྟ་དུལ་ཀུན་དགའ་བ་ལང་བདག །མིང་ཆེན་ནོར་འཛིན་གང་པོ་འོད་སྲུངས་སོ། །ལྷ་སྣམ་གསུམ་པ་ལ། སྒོའི་ཐད་ཀ་བོར་བའི་གཞན་རྣམས་སུ། གདུང་སེལ་སྣང་བ་བརྩེགས་དང་འཇིགས་པ་མེད། །དཔའ་འདུལ་ཤེས་རབ་མགྱོགས་ཆེན་རི་བོའི་རྒྱལ། །


TNT13_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བའི་སྒྲ་གཅན་བསེ་རུ་དུག་སེལ་འཇོམས། །རྫུ་འཕུལ་ཆེར་སྟོན་ཡིད་འགྱུར་སེང་གེའི་སྒྲ། ཞེས་ཏེ་ཉན་རངགི་མཚན་ངོས་འཛིན་འདི་རྣམས་རྒྱ་གར་པཎ་ཆུང་དང་བོད་རྙིང་པ་ལ་ཡིད་བརྟན་བཅས་པ་ཙམ་མོ། །སྒོའི་ཐད་ཀའི་ལྷ་སྣམ་ལ་ཤར་དུ་ཁྲོ་བོ་འཇིག་རྟེན་གསུམ་སྣང༌། ལྷོར་འཇིག་རྟེན་གསུམ་འདུལ། ནུབ་ཏུ་འཇིག་རྟེན་གསུམ་འཆང༌། བྱང་དུ་འཇིག་རྟེན་གསུམ་འཇིག་དེ་བཞི་རྩ་ཕྱག་གིས་རྡོ་རྗེ་དྲིལ་བུ་འཛིན་པས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཅན་ནོ། །དེ་དག་གི་གཡས་ཕྱོགས་སུ་ཕོ་ཉ་བཞི་རིམ་པས་དབྱུག་སྔོན་ཅན། །མི་གཡོ་བ། བདུད་རྩི་འཁྱིལ་བ། རྟ་མགྲིན་རྣམས་སོ། །མངགས་པ་བཞི་ནི་ཁྲོ་བོ་རྣམས་ཀྱི་གཡོན་ཕྱཽགས་སུ་དུས་ཀྱི་སྲིན་པོ། དུས་ཀྱི་དབྱུག་པ་མ། དུས་ཀྱི་མཚན་མ། དུས་ཀྱི་གནོད་སྦྱིན་མའོ། །བྲན་བཞི་ནི་ཁྲོ་བོ་རྣམས་ཀྱི་རྒྱབ་ཏུ་དུས་ཀྱི་ལྕགས་ཀྱུ་མ། དུས་ཀྱི་ཞགས་པ་མ། དུས་ཀྱི་ལྕགས་སྒྲོག་མ། དུས་ཀྱི་དྲིལ་བུ་མ་རྣམས་སོ། །དེ་རྣམས་ལས་མིང་གིས་གསལ་བ་རྣམས་རང་མིང་གི་ཕྱག་མཚན་གཡས་དང་པོར་ཡོད་པ། ཡོངས་ཡེ་ཐམས་ཅད་ཀྱང་སྐུ་མདོག་དང་ཕྱག་མཚན་མ་ངེས་པ། དབུ་ཕྱག་མཐའ་ཡས་པ། མ་རུངས་པའི་རྒྱུ་མ་འདྲེན་ཞིང་གདུག་པ་ཅན་ཐམས་ཅད་ཀྱི་སྙིང་ག་ནས་ཞབས་ཀྱིས་མནན་ཞིང་སྡིགས་པར་མཛད་པ། ཁྲོ་བོ་ཕོ་མོའི་ཆ་བྱས་ཡོངས་སུ་རྫོགས་པའོ། ཁྱམས་ཀྱི་ཕྱི་རོལ་འཇིག་རྟེན་པའི་འཁོར་ཡུག་སེར་པོ་ལ་འཇིག་རྟེན་པའི་ལྷ་རྣམས་འཁོད་པ་ནི། །


TNT13_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཡི་དཀྱིལ་འཁོར་ཕྱི་རོལ་དུ་ཞེས་པ་ནས། དུར་ཁྲོད་གྲོང་ཁྱེར་གནས་པའོ། །ཞེས་པའི་བར་གོངབཞིན་བརྗོད། མདུན་བསྐྱེད་ཀྱི་སྐབས་འདིར་ཕྱག་རྒྱ་བཞིའི་རྒྱས་གདབ་མི་བྱེད་ན། སྐབས་འདིར་ཨོཾ་བྷྲི་ཏ་སོགས་ཀྱིས་གནས་གསུམ་བྱིན་རླབས་བྱ་སྟེ། རྒྱ་བཞི་ཡིས་ལྕོགས་ན་རུང་ཙམ་ནི་ཡིན་ནོ། །འོན་ཀྱང་རྒྱས་བཏབ་བྱེད་པ་ཉིད་བཟང་བས། ཆོ་ག་གཞན་ཐམས་ཅད་སྔ་མ་དང་འདྲའོ། །སྐལ་བཟང་གི་སེམས་དཔའ་མན་ཆད་ལ་བྱེད་ན། སེམས་དཔའ་ལ་སྡེ་ཚན་གཅིག །ཉན་ཐོས་ལ་སྡེ་ཚན་གཅིག །རང་རྒྱལ་སྡེ་ཚན་གཅིག །ཁྲོ་བོ་སོགས་ལ་སྡེ་ཚན་གཅིག །འཇིག་རྟེན་པ་རྣམས་ལ་སྡེ་ཚན་གཅིག་བྱེད་དེ། དམ་རྒྱའི་སྐབས་དམིགས་བསལ་གྱི་སྐབས་མེད་པས། རྩ་རིག་ལན་གསུམ་གསུམ་བརྗོད་ནས༌། སྤྱིའི་དམ་རྒྱ་འཆའ་བ་སོགས་གཞན་རྣམས་ལའང་དེས་རིགས་འགྲེ་བ་ཡིན་ནོ། །འོན་ཀྱང་མགྲོན་དུ་བྱོན་པ་ཡིན་གྱི། རྩ་བའི་ལྷ་མ་ཡིན་ཞིང༌། དམ་ཚིག་པ་བསྐྱེད་པ་མེད་པས། དེ་དག་ལ་ཕྱག་རྒྱ་བཞིའི་རྒྱས་བཏབ་ནི་མི་དགོས་སོ། །དེ་ལྟ་མོད་ཀྱི་ལས་བཅོལ་གྱི་སྐབས་སུ། དེ་རྣམས་ལའང་ལས་འཚོལ་དགོས་པས་དེས་ན་འདི་ལྟར་བྱ་སྟེ། ས་མ་ཡ་སྟྭཾ། སརྦ་བིད་ནས། སྒོ་མ་བཞིས་ཀྱང་ཞེས་ནས། སངས་རྒྱས་ཐོབ་པའི་འཕྲིན་ལས་མཛད་དུ་གསོལ། ཞེས་པའི་བར་གོང་བཞིན་དེ་རྗེས་སུ་རྩ་རིག་ཚར་གཅིག་གམ། བཞི་འམ་བཅུ་དྲུག་སྟོན་ཏེ། བྱམས་པ་ལ་སོགས་པ་སྐལ་བ་བཟང་པོའི་སེམས་དཔའ་བཅུ་དྲུག་གིས་ཀྱང་༴ རྩ་རིག་དེ་དང་འདྲ། འཕགས་པ་དགའ་བོ་ལ་སོགས་པ་


TNT13_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་དགྲ་བཅོམ་ཆེན་པོ་བཅུ་དྲུག་གིས་ཀྱང་༴ རྩ་རིག་གཅིག་གམ་བཞིའམ་བཅུ་གཉིས། གདུང་བ་སེལ་བ་ལ་སོགས་པ་འཕགས་པ་རང་རྒྱལ་བཅུ་གཉིས་ཀྱིས་ཀྱང༌། ཡང་རྩ་རིག་གཅིག་གམ་བཞིའམ་བཅུ་དྲུག ཁྲོ་བོ་བཞི་ཕོ་ཉ་བཞི། མངགས་པ་བཞི། བྲན་བཞི་པོ་དང་བཅས་པ་རྣམས་ཀྱིས་ཀྱང་༴ དེ་རྣམས་ཀྱི་སྐབས་སྤྲོས་པ་ལ་དགའ་ན། བསྐྱེད་ཆོག་གི་སྐབས་བཞིན་སོ་སོའི་མཚན་ནས་སྨོས་ཏེ་བྱའོ། །ཡང་རྩ་རིག་ལན་གཞིའམ་བརྒྱད་དམ། བསྡུ་ན་གཅིག་བཟླས་ཏེ། དཀྱིལ་འཁོར་ཆེན་པོའི་བཀའ་འཁོར་དུ་གནས་པའི་སྡེ་བརྒྱད་མཐུ་ཆེན་ཐམས་ཅད་ཀྱིས་ཀྱང༌། རྣལ་འབྱོར་པ་བདག་ཅག་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱོང་བའི་ཐབས་ལ་འཇུག་པ་ལ་གནས་སྐབས་ཀུན་ཏུ་བར་ཆད་ཐམས་ཅད་ཞི་བ་དང༌། ཡིད་ལ་འདོད་པའི་དོན་ཐམས་ཅད་འགྲུབ་པ་དང༌། དགེ་ལེགས་རྒྱ་ཆེན་པོ་སྒྲུབ་པའི་འཕྲིན་ལས་མཛད་དུ་གསོལ། ཞེས་འཕྲིན་ལས་གཞོལ། བཞི་པ་མཆོད་གཏོར་ནི། དེ་ནས་མཆོད་པ་རྒྱ་ཆེར་བཤམས་ཤིང༌། གོང་གནས་ཡོ་བྱིན་རླབས་བཞིན་ལ། གནས་ཁང་གི་བསྐྱེད་ཆོག་བོར་བས་བྱིན་གྱིས་བརླབས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་མཆིས་པ་དང༌། །བདག་གི་གུས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་


TNT13_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲཏཱིཙྪ་པུ་ཛ་མེགྷཱ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ། ཤབྟའི་བར་དུ་རིགས་བསྒྲེས་ནས་སོ་སོའི་ཕྱག་རྒྱ་དང་བཅས་ཏེ་འབུལ། དེ་ནས་མཆོད་པ་ཉེར་ལྔ་པ་ནི། དཔག་ཡས་བསོད་ནམས་སྟོབས་ལ་བྱུང་བ་ཡི། །ལྷ་རྫས་ལས་གྲུབ་རིན་ཆེན་ཅོད་པན་མཆོག །རྒྱལ་བ་སྲས་དང་བཅས་ལ་འབུལ་བར་བགྱི། །ཐུགས་རྗེས་བཞེས་ཤིག་དངོས་གྲུབ་སྩལ་དུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊི་པྲ་ཏིཙྪ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གཞན་ཐམས་ཅད་དེ་ཁོ་ན་ལྟར་སྦྱོར་ལ། །ཚིག་རྐང་གཉིས་པ་ལྷ་རྫས་ལས་གྲུབ་སོགས་དང༌། སྔགས་ཀྱི་རཏྣ་མུ་ཀུ་ཊཾ་གི་གནས་སུ། སོ་སོའི་ཚིག་དང་མིང་སྔགས་བཅུག་སྟེ། རིམ་བཞིན་སྦྱར་རོ། །དེ་ཡང༌། སྙན་ཤལ་མཛེས་བྱེད་རིན་ཆེན་འཁྱིལ་བའི་རྒྱན། ཀུནྚ་ལ༴ མགྲིན་པ་དུང་འདྲ་མཛེས་བྱེད་མགུལ་རྒྱན་མཆོག ཧརྵ་༴ ཐུགས་ཀའི་དཔའ་བེའུ་མཛེས་བྱེད་སཻ་མོ་དོ། ཨ་ཝ་ཧཱ་ར༴ ཕྱག་གི་དཔུང་པ་མཛེས་བྱེད་དཔུང་རྒྱན་མཆོག །ཀེ་ཡུ་ར༴ ཕྱག་གདུབ་ནོར་བུའི་ཕྲ་རྒྱན་མཛེས་པ་འདི། སྭ་ཏི་ཀ་ཊ་ཀཾ༴ ཡིད་འོང་སོར་གདུབ་ལ་སོགས་སྣ་ཚོགས་རྒྱན། པ་ཀཾ་བ་ལ༴ རྫུ་འཕྲུལ་ཞབས་ཀྱི་རྒྱན་གྱུར་རྐང་གདུབ་འདི། ནཱུ་ཕུུ་ར༴ རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། ཙྪ་ཏྲཾ་ཀ༴ མི་མཐུན་གཡུལ་ལས་རྒྱལ་བའི་རྒྱལ་མཚན་མཆོག དྷྭ་ཛ༴ སྙན་གྲགས་ཕྱོགས་བཅུར་གཡོ་བ་བ་དན་ཕན། པ་ཏཾ་ག༴ ཡིད་འཕྲོག་སྣ་


TNT13_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དར་གྱི་ལྡ་ལྡི་ནི། པ་ཊ་དཱ་མ༴ གདུང་སེལ་རྔ་ཡབ་ནོར་བུའི་ཡུ་བ་ཅན། ཙ་མ་རཿ མཁའ་དབྱིངས་མཛེས་པར་བྱེད་པའི་བླ་རེ་འདི། པི་ཏཱ་ནཾ༴ མི་འཇིགས་བཞི་དང་ལྡན་པའི་སེང་གེའི་ཁྲི། སིདྷཱ་ས་ན༴ རེག་འཇམ་མི་བདེ་སྤངས་པ་གཟིམས་ཆའི་ཚོགས། འདི་ལ་སྔ་མ་རྣམས་ཤ་ཡ་ཨཱ་ས་ན། ཤ་ཡ་སརྦ་ན་ཟེར་ཡང་སྐད་དོད་རྡོ་བཅལ་བསྒྲིགས་བཞད་གད་ཀྱི་གནས་སོ། །དེས་ན། པརྻཾ་ག་ཞེས་བྱའོ། །ཉོན་མོངས་ཟུར་སྤངས་ཁང་བཟང་ཟླུམ་པོ་འདི། པ་རི་མཎྜ་ལ་དྷཱ་ནྱཾ༴ རྒྱས་པའི་ཁང་བཟང་དམ་པ་གྲུ་བཞི་པ། ཨ་མེ་ཡ་ཙ་ཏུ་རཱ་པྲཾ། ཁྱད་འཕགས་གཙོ་བོའི་ཁང་བཟང་ཉིས་བརྩེགས་འདི། དྭི་ཀུ་ཊ་ག་ར༴ རང་བཞིན་འོད་གསལ་བྱང་སེམས་ཟླ་བའི་གདན། ཙནྜཱ་ས་ནཾ༴ འདོད་པའི་འདམ་གྱིས་མ་གོས་མེ་ཏོག་ཚོགས། པུཥྤཾ༴ སྣ་ཚོགས་རྟེན་འབྲེལ་པི་ཝཾ་སྒྲ་སྙན་ཚོགས། བཱི་ནཱཾ༴ རབ་ཏུ་དང་བ་བསྐྱེད་བྱེད་ཚུལ་ཁྲིམས་དྲི། གནྡྷཾ༴ དགའ་དང་ཤིན་ཏུ་སྦྱངས་པའི་ཞལ་ཟས་མཆོག །ནཻ་བི་ཏེ༴ ངོ་ཚ་ཁྲེལ་ཡོད་ལྡན་པ་ལྷ་ཡི་གོས། བ་སྟྲཾ༴ འདི་དག་གི་སྔགས་དང་ཕྱག་རྒྱ་གང་ཟག་གིས་སྦྱར་བའི་གློ་བུར་བ་ཡིན་ཀྱང༌། མཆོད་པའི་ངོ་བོ་རྣམས་རྒྱུད་འདིར་སྔོན་བྱུང་ལོ་རྒྱུས་ཀྱི་ཚུལ་དུ་སྟོན་པ་ལ་མཆོད་པའི་སྐབས་བྱུང་བ་ཡིན་པས། འགྲེལ་ཞིང་ལེགས་པའང་ཡིན་ནོ། །དེ་ནས། ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པ་ནི། ཞེས་སོགས་གོང་བཞིན་ལྷ་མོ་བརྒྱད། བདེ་བར་གཤེགས་པ་ཐམས་ཅད་ལ།


TNT13_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་རིན་ཆེན་འདི་འབུལ་བས། སོགས། རྒྱལ་སྲིད་སྣ་བདུན་དང༌། ཁ་དོག་དབྱིབས་ལེགས་སོགས་འདོད་ཡོན་ལྔའི་མཆོད་པ་དང༌། གོས་ཟུང་འབུལ་ཚུལ་སྤྱི་དང་མཚུངས་པས། ལྷ་རེ་རེ་བཞིན་གོས་ཟུང་འབུལ་བ་ཡང་སྤྲོ་ན་བྱའོ་གཞན་ཡང་མཆོད་པ་ཉི་ཤུ་པ་དང༌། ཉེར་གཅིག་པ་དང༌། རིག་མ་བཅུ་དྲུག་པ་ལ་སོགས་པའང་བྱ་མོད་ཀྱི། ཧ་ཅང་སྤྲོས་པ་ཆེས་པ་རང་མི་ལེགས་པས་མཚམས་པར་བྱའོ། །དེ་ནས་བསྟོད་པ་ནི། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལའོ། །མེ་ལོང་ཡེ་ཤེས་རང་བཞིན་ལས། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ངན་སོང་ཐམས་ཅད་སྤྱོད་མཛད་པ། །ཕྱག་འཚལ་སྦྱོང་བའི་རྒྱལ་པོ་ལའོ། །མཉམ་ཉིད་ཡེ་ཤེས་ཡོན་ཏན་བདག །ཡིད་བཞིན་ནོར་བུ་རིན་ཆེན་སྦྱིན། །སེམས་ཅན་བསམ་པ་སྐོང་མཛད་པ། །རྒྱལ་མཆོག་རིན་ཆེན་ཁྱོད་ཕྱག་འཚལ། །སོ་སོར་ཀུན་རྟོག་གསུང་གི་བདག།གསུང་རབ་པདྨ་ཁ་རྒྱས་པ། ཁམས་གསུམ་དབུགས་དབྱུང་མཛད་པ་པོ། ཤཱཀྱ་རིགས་དབང་ཁྱོད་ཕྱག་འཚལ། །ནན་ཏན་ཡེ་ཤེས་འཕྲིན་ལས་བདག།སྣ་ཚོགས་སེམས་ཅན་སྡུག་བསྔལ་ཀུན། །མ་ལུས་པ་ནི་ཞི་མཛད་པ། །མེ་ཏོག་ཆེར་རྒྱས་ཁྱོད་ཕྱག་འཚལ། །གྲྭ་ཡི་ཕྱོགས་ནི་ཀུན་ཏུ་ཡང༌། །རིགས་ཀྱི་ཡུམ་བཞིའི་སྐུར་བསྟན་པ། །ལྷ་མོ་སྤྱན་དང་མཱ་མ་ཀཱི། །དཀར་མོ་སྒྲོལ་མ་ཁྱོད་ཕྱག་འཚལ། །རྩིབས་ཀྱི་ནང་ནི་ཐམས་ཅད་ན། །བཞུགས་པའི་རྡོ་རྗེ་སེམས་དཔའ་སོགས། །རྫུ་


TNT13_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འཕུལ་ཆེ་བའི་སེམས་དཔའ་རྣམས། །རྒྱུད་བཞི་བདག་གིས་བསྟོད་པར་བགྱི། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང༌། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། །རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །ངེས་པའི་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་འགུགས་ཁྱོད་ལ། །རྡོ་རྗེ་ཆགས་པ་བདེ་ཆེན་པོ། །རྡོ་རྗེ་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །ཕྱག་འཚལ་རྡོ་རྗེ་གཞུ་ཁྱོད་ལ། །རྡོ་རྗེ་ལེགས་པའི་སེམས་དཔའ་མཆོག །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགེས་རྡོ་རྗེ་རྒྱལ་པོ་མཆོག །ཕྱག་འཚལ་རྡོ་རྗེ་དགེས་ཁྱོད་ལ། །རྡོ་རྗེ་རིན་ཆེན་རྡོ་རྗེ་དོན། །རྡོ་རྗེ་ནམ་མཁའི་ནོར་བུ་ཆེ། །ནམ་མཁའ་སྙིང་པོ་རྡོ་རྗེ་ཕྱུག །ཕྱག་འཚལ་རྡོ་རྗེ་སྙིང་ཁྱོད་ལ། །རྡོ་རྗེ་གཟི་བརྗིད་ཆེར་འབར་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། །ཕྱག་འཚལ་རྡོ་རྗེ་འོད་ཁྱོད་ལ། །སེམས་ཅན་དོན་རབ་རྡོ་རྗེ་དཔལ། །རྡོ་རྗེ་རྒྱལ་མཚན་རབ་དགའ་བྱེད། །རྡོ་རྗེ་ཆེན་པོ་རིན་ཆེན་དཔལ། །ཕྱག་འཚལ་རྡོ་རྗེ་དཔལ་ཁྱོད་ལ། །རྡོ་རྗེ་བཞད་མོ་བཞད་པ་ཆེ། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགའ་རྡོ་རྗེ་སྟོན། །ཕྱག་འཚལ་རྡོ་རྗེ་དགའ་བ་ལ། །རྡོ་རྗེ་ཆོས་རབ་དེ་ཉིད་དོན། །རྡོ་རྗེ་པདྨ་རབ་དགའ་བྱེད། །འཇིག་རྟེན་དབང་རབ་རྡོ་རྗེ་ཅན། །ཕྱག་འཚལ་རྡོ་རྗེ་


TNT13_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་ཁྱོད་ལ། རྡོ་རྗེ་རྣོ་བ་ཐེག་པ་ཆེ། །རྡོ་རྗེ་རལ་གྲི་མཚོན་ཆེན་པོ༌། །འཇམ་དཔལ་རྡོ་རྗེ་རབ་ཏུ་ཟབ། །ཕྱག་འཚལ་རྡོ་རྗེ་བློ་ཁྱོད་ལ། །རྡོ་རྗེ་རྒྱུ་དང་སྙིང་པོ་ཆེ། རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་བསྐོར་རྡོ་རྗེ་ལས་བྱུང་བ། །ཕྱག་འཚལ་རྡོ་རྗེ་སྙིང་ཁྱོད་ལ། །རྡོ་རྗེ་གསུང་རབ་རི་རབ་མཆོག །རྡོ་རྗེ་ཟློས་པ་རབ་གྲུབ་སྦྱིན། །མི་གསུང་རྡོ་རྗེ་མཆོག་གྲུབ་པ། །ཕྱག་འཚལ་རྡོ་རྗེ་གསུང་ཁྱོད་ལ། །རྡོ་རྗེ་ལས་རབ་རྡོ་རྗེ་དཀའ། །ལས་ཀྱི་རྡོ་རྗེ་ཀུན་རབ་སྒྲོལ། །རྡོ་རྗེ་ངེས་པ་རྒྱ་ཆེ་བ། །ཕྱག་འཚལ་རྡོ་རྗེ་ཀུན་ཁྱོད་ལ། །རྡོ་རྗེ་སྲུང་བ་བརྟན་པ་ཆེ། །རྡོ་རྗེ་གོ་ཆ་སྲ་བ་ཆེ། །བརྩོན་འགྲུས་མཆོག་ནི་ཐུབ་པར་དཀའ། །ཕྱག་འཚལ་རྡོ་རྗེ་བརྩོན་འགྲུས་ལ། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་འཇིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་བཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལ། །རྡོ་རྗེ་མཚམས་སྦྱོར་རབ་བསྡུས་ཉིད། །རྡོ་རྗེ་འཆིང་བ་རབ་སྒྲོལ་བྱེད། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག །ཕྱག་འཚལ་རྡོ་རྗེ་ཁུ་ཚུར་ལ། །རྣམ་དག་རྡོ་རྗེ་ཐུགས་འཛིན་མ། །མི་དམིགས་རྡོ་རྗེ་ཏིང་འཛིན་གནས། །རྡོ་རྗེ་སྒེག་མོའི་ཚུལ་འཛིན་མ། །ཕྱག་འཚལ་རྡོ་རྗེ་འགྱིང་བ་ལ། །རྣམ་དག་ཡོན་ཏན་རྡོ་རྗེ་སྟེ། །ཡིད་བཞིན་རྡོ་རྗེ་རེ་བ་སྐོང༌། །རྡོ་རྗེ་གཟུགས་ཀྱི་ཚུལ་འཛིན་མ། །ཕྱག་འཚལ་རྡོ་རྗེ་འཕྲེང་བ་ལ། །རྣམ་དག་རྡོ་རྗེ་གསུང་མཆོག་མ། །རྡོ་རྗེ་པི་ཝཾ་འཛིན་པའི་ཚུལ། །རྡོ་རྗེ་གསུང་མཆོག་སྒྲོགས་པའི་དོན། །ཕྱག་འཚལ་


TNT13_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དབྱངས་མཁན་ལ། །རྣམ་དག་རྡོ་རྗེ་ལས་རབ་སྟེ། །ལས་ཀྱི་རྡོ་རྗེ་འགྲོ་དོན་མཛད། །བདུད་འདུལ་རྡོ་རྗེའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་གར་མཁན་ལ། །སྤྲིན་བཞིན་རྡོ་རྗེ་བདུག་པ་མ། །ཚིམ་བྱེད་རྡོ་རྗེ་དང་ལྡན་པས། །རྡོ་རྗེ་འཕྲེང་བའི་ཚུལ་འཛིན་མ། །ཕྱག་འཚལ་རྡོ་རྗེ་བདུག་པ་ལ། །རྡོ་རྗེ་མཛེས་པའི་གཟུགས་འཛིན་ཞིང༌། །རྡོ་རྗེ་མེ་ཏོག་འཐོར་བའི་ཚུལ། །བྱང་ཆུབ་ཡན་ལག་མེ་ཏོག་སྟེ། །ཕྱག་འཚལ་རྡོ་རྗེ་མེ་ཏོག་ལ། །འོད་གསལ་རྡོ་རྗེ་འབར་བའི་མེ། །རྡོ་རྗེ་སྤྱན་གྱིས་མ་རིག་སེལ། །གསལ་བྱེད་རྡོ་རྗེའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་སྣང་བྱེད་ལ། །རྡོ་རྗེ་ཙན་དན་བདུད་རྩིའི་ཆུ། །རྡོ་རྗེ་དྲི་ཡིས་རྣམ་རྟོག་འཇོམས། །རྡོ་རྗེ་དག་བྱེད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་དྲི་མཆོག་ལ། །རྣམ་དག་བསྐུལ་བྱེད་རྡོ་རྗེའི་དོན། །རྡོ་རྗེ་སྡུད་མཛད་རྡོ་རྗེ་དོན། །རྡོ་རྗེ་འགུགས་མཛད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ལྕགས་ཀྱུ་ལ། །མི་གཏོད་རྡོ་རྗེ་ཆོས་ཀྱི་དོན། །རྡོ་རྗེ་འདྲེན་པ་མི་འགྱུར་དོན། །འཆིད་མཛད་རྡོ་རྗེའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ཞགས་པ་ལ། །རྡོ་རྗེ་མི་འགྱུར་བརྟན་པའི་བདག །རྡོ་རྗེ་མགྱོགས་བྱེད་གློག་བཞིན་མྱུར། །སྒྲོག་མཛད་རྡོ་རྗེའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ལྕགས་སྒྲོག་ལ། །རྡོ་རྗེ་དབབ་པ་བརྟན་པའི་བདག །བསྐྱོད་མཛད་རྡོ་རྗེ་ཀུན་ཀྱི་ལས། །རྡོ་རྗེ་དབབ་པའི་ཕྱག་རྒྱ་འཛིན། །


TNT13_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་རྡོ་རྗེ་འབེབས་པ་ལ། །སྒོ་ཡི་ཁྱམས་ན་བཞུགས་པ་ཡི། །བྱམས་པ་ལ་སོགས་བཅུ་དྲུག་ནི། །རབ་དགའ་ལ་སོགས་གནས་མཛད་པའི། །བྱང་སེམས་རྣམས་ལ་ཕྱག་འཚལ་ལོ། སྟོན་པའི་རྟག་འཆང་ཉན་ཐོས་མཆོག །ལྷུང་བཟེད་མཁར་སིལ་པོ་ཏིའི་ཕྱག །བསླབ་སྦྱངས་ཡོན་ཏན་ཀུན་ལྡན་པའི། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་དོན་ལ་བརྟན་གནས་པའི། །འཕགས་པ་རང་རྒྱལ་བཅུ་གཉིས་ནི། །འབྱུང་དང་ཟློག་ལ་རབ་བཞུགས་པ། །རང་རྒྱལ་གཙོ་ལ་ཕྱག་འཚལ་བསྟོད། །ཁྲོ་བོ་སྲིན་པོའི་ཆ་ལུགས་ཅན། །སྦྲུལ་དང་མི་སྡུག་མགོས་བརྒྱན་པ། །སྟག་ལྤགས་ཀྱིས་ནི་རྣམ་དཀྲིས་པ། །འཇིག་རྟེན་གསུམ་སྣང་སོགས་ཕྱག་འཚལ། །ཕྱི་ཡི་ཁོར་ཡུག་ལ་གནས་པའི། །འཇིགས་བྱེད་ལྷ་ཀླུ་གཟའ་སྐར་དང༌། །ཕྱོགས་སྐྱོང་རྒྱལ་ཆེན་ཕྱག་འཚལ་ཞིང༌། །འཇིག་རྟེན་པ་ཀུན་བསྟོད་པར་བགྱི། བསྟོད་པ་འདི་ནི་ད་ལྟར་ཐམས་ཅད་ལ་གྲགས་པས་འདིར་བཀོད་དོ། །འདིའི་སེམས་དཔའ་བཅུ་དྲུག་གི་བསྟོད་པ་ནི། དེ་ཉིད་བསྡུས་པ་ལ་འབྱུང་བའི་གཙོ་བོའི་མཚན་བརྒྱ་ཡིན་པས་ཤིན་ཏུ་བཟང་ཤིང་གལ་ཆེ་ལ། །རིགས་ལྔ་ཡུམ་བཞི་སྒོ་སྐྱོང་རྣམས་པནྚི་ཏ་དྲན་པ་ཡེ་ཤེས་ཀྱི་བརྩམས་པར་གྲགས་པ་དེའི་ནང་གི་ཚིག་ཡིན་ཞིང༌། སྐལ་བཟང་མན་ཆད་ལ་བསྟོད་པ་དེ་ནི་རེ་རེ་བཞིན་སྦྱར་བའི་རྒྱས་པ་ཞིག་འདུག་ལ། བོད་ཀྱི་ཆོ་ག་མཁན་པོ་རྙིང་པ་འགས་བསྡུས་ཏེ་འདི་བརྩམས་པར་སྣང་ངོ༌། །དེས་ན་རྒྱལ་


TNT13_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བཀའ་དང༌། འཕགས་ཡུལ་གྱི་ཤིང་རྟ་ཆེན་པོས་མཛད་པ་རྣམས་མ་གཏོགས། གསར་དུ་སྦྱར་བ་རྣམས་ལ་ཇི་ལྟར་འོས་པ་ལ་ངེས་པ་ཅན་གྱི་རྐང་ཚུགས་མི་དགོས་སོ། །དེ་ནས་གཏོར་མ་བཏང་བ་ནི། དཀྱིལ་འཁོར་ཁང་པ་ཉིད་དམ་ཕྱི་རོལ་དུ་གཏོང་ཡང་རུང་སྟེ་གཏོར་མ་ཆ་གསུམ། རིགས་དྲུག་དང༌། ཡི་དྭགས་ཀྱི་གཏོར་མ་རྣམས་མཆོད་པར་བཅས་པ་བཤམས། ཆ་གསུམ་གཏོར་མ་བཏང༌། དེ་རྗེས་བྱིན་རླབས་འདྲ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །གཟུགས་དམ་པ་ལ༴ སྐུ་འབྱམས་ཀླས་ལ༴ དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ལན་གསུམ། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་འདི། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །ཡང་དེ་བཞིན་དུ་ཁ་འབར་མའི་སྔགས་ཀྱི་བསྔོ་བ་ཡན་ཆད་འདྲ་བ་ལས། རིགས་དྲུག་གི་ཞེས་པའི་ཚབ་ཏུ་ཡི་དྭགས་ཀྱི་འགྲོ་བ་ཐམས་ཅད་ལ་ཞེས་པ་བཅུག །དེ་དག་ནི་རིགས་དྲུག་དང་ཡི་དྭགས་ལ་གཏོར་མ་སྦྱིན་པའོ། །འདི་དག་ཕྱི་རོལ་གཏོར་མ་ཚུལ་དུ་བྱེད་ན། ཕྱོགས་སྐྱོང་དང་འབྱུང་པོའི་གཏོར་མ་སོང་མཚམས་སུ། རིགས་དྲུག་དང་ཡི་དྭགས་ཀྱི་གཏོར་མ་སྦྱིན། དེ་ནས་བགེགས་གཏོར་བཏང༌། མཚམས་བཅད་མ་ཐག་ནང་


TNT13_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལྡོག་པ་ལག་ལེན་འདུག་པ་སྟབས་བདེ་བའི་ཕྱིར་དུ་སྣང་མོད། དེ་ལྟར་ཡང་རུང་སྟེ། འཇིག་རྟེན་པ་རྣམས་གཏོར་མས་མཆོད་པའི་ཚུལ་ལོ། །དེ་དག་གི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་ཆོ་ག་བསྟན་ཟིན་ཏོ། །ལྔ་པ་བདག་ཉིད་འཇུག་ཅིང་དབང་བླང་བ་ནི། དེ་ལ་དང་པོར་དཀྱིལ་འཁོར་དུ་འཇུག་པ་ལ། སྡོམས་ན། གསོལ་བཏབ་རྒྱུན་བཤགས་སེམས་བསྐྱེད་སྡོམ་བཟུང་དང༌། བྱིན་རླབས་གཉིས་དང་སྨོན་ལམ་ཆོས་བཤད་དང༌། །སྲུང་དང་གདོང་གཡོགས་འཇུག་དང་ཡེ་ཤེས་དབབ། །བརྟན་བྱེད་མེ་ཏོག་དོར་བཅིངས་མིག་དར་དབྱེ། །ལྟ་བར་བསྐུལ་དང་ལྷ་ངོ་བསྟན་པ་དང༌། །དམ་ཚིག་བསྐྱེད་དང་བརྟན་བྱེད་དམ་ཚིག་བསྒྲགས། །སྡོམ་པ་བསྒྲགས་པ་ཞེས་ཏེ་ཉེར་གཉིས་སོ། །ཞེས་བློ་ལ་བཞག་ན། དོན་ཚན་སིལ་བུ་རྣམས་མི་འཛིངས་པར་འགྱུར་རོ། །དང་པོ་གསོལ་བཏབ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱངབདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། ལན་གསུམ། གཉིས་པ་ནི། བདག་མེད་བདག་གིས་སོགས་ལན་གསུམ། གསུམ་པ་ནི། ས་མ་ཡ་ཨ། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པར་གྱུར།


TNT13_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེས་རེག་སྟེ། སུ་ར་ཏེ་ས་མ་ཡ་སྟྭཾ། ཧོ་སིད་དྷི་བཛྲ་ཡ་ཐཱ་སུ་ཁཾ། བཞི་པ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན་སོགས། རིགས་ལྔའི་སྡོམ་བཟུང་ཚར་གསུམ། ལྔ་པ་ནི། ཨོཾ་བྷྲི་ཏ་སོགས་རིགས་གསུམ་སྤྱིའི་སྔགས་རྒྱས་བྱིན་གྱིས་བརླབས། དྲུག་པ་བྱིན་རླབས་གཉིས་པ་ནི། ཨོཾ་བཛྲ་ཨ་དྷེ་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུཾ། ཞེས་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གཉིས་ཁ་སྦྱར་བ་གནས་ཉི་ཤུ་རྩ་གཉིས་སུ་རེག་གོ །སྙིང་ག་ལྐོག་མ་ཁ་དང་དཔྲལ་བ་དང༌། །མཛོད་སྤུ་རྣ་བ་འཚོགས་མ་སྤྱི་གཙུག་དང༌། །དཔུང་པ་སྣ་དང་སྐེད་པ་པུས་མོ་བོལ། །ལོང་བུ་སྣ་རྩ་མིག་དང་གསང་བའོ། །བདུན་པ་ནི། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་བགྱིད་ཅིང༌། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ། བརྒྱད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་བ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་


TNT13_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ནས་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡི་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ཏུ། །སད་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། ཁྱེད་རྣམས་དེར་ནི་དོང་བས་ནི། །རང་བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། དགུ་པ་བགེགས་བསྐྲད་ཅིང་བསྲུང་བ་ནི། ཁྲོ་བོ་མེ་ལྟར་འབར་བའི་ཕྱག་རྒྱ་སྤྱི་བོར་གཏུགས་ཏེ། ཨོཾ་བཛྲ་སཏྭ་ཀྲོ་དྷ་སོགས་ལན་གསུམ་བརྗོད། བཅུ་པ་ནི། ཨཱ་ཁཾ་བཱི་ར་ཧཱུཾ་གིས་མིག་དར་བཅིངས། བཅུ་གཅིག་པ་ནི། བཛྲ་ཨ་དྷི་ཏིཥྛ་ཧཱུཾ། རྡོ་རྗེ་འཛིན་མའི་ཕྱག་རྒྱས་མེ་ཏོག་བཟུང་ལ། ཨོཾ་བཛྲ་ས་མཱ་ཡ་ཧཱུཾ། ཞེས་དཀྱིལ་འཁོར་གྱི་སྒོ་བཞི་ནས་ཞུགས། སློབ་མ་དབང་བསྐུར་གྱི་དུས་སྐབས་འདིར་ཡོལ་བ་བསལ། བཅུ་གཉིས་པ་ནི། ཨ་ལས་བྱུང་བའི་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་ཟླ་བ་ལ་རྡོ་རྗེའི་དབུས་སུ་ཨས་མཚན་པ། རང་ཉིད་ཧཱུཾ་ལས་གཙོ་བོའི་


TNT13_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་གསལ་བའི་སྙིང་གར་ཧཱུཾ་ལས་རྡོ་རྗེ། དཔྲལ་བར་ཏྲཱཾ་ལས་རིན་ཆེན། ལྐོག་མར་ཧྲཱིཿལས་པདྨ། སྤྱི་བོར་ཀཾ་ལས་སྣ་ཚོགས་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། དཔལ་རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར། ལན་གསུམ། ཨོཾ་བཛྲ་ཨུད་གྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། སློབ་དཔོན་གྱི་ཐུགས་ཀའི་ཨ་ཡིག་ལས་ཨ་ཡིག་དཔག་ཏུ་མེད་པར་བྱུང༌། །རང་གི་སྙིང་གའི་རྡོ་རྗེའི་ལྟེ་བར་ཐིམ། འོད་ཟེར་གྱིས་ལུས་གང༌། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཧཱུཾ་ཡིག་གི་རྣམ་པར་ཆར་ལྟར་བབས། བདག་གི་ལུས་ལ་ཐིམ། ཨོཾ་བཛྲ་པྲ་བེ་ཤ་ཡ་ཧཱུཾ། མང་དུ་བརྗོད་ཅིང་རོལ་མོའི་སྒྲ་བྱ། བཅུ་གསུམ་པ་ནི། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཨོཾ་ཨ་ས་མེ་ཏྲི་མཧཱ་ས་མ་ཡ་ཧཱུཾ། བཅུ་བཞི་པ་ནི། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། ཨོཾ་པྲ་ཏི་གྲིཧྞ་ཏྭཾ། ཞེས་མེ་ཏོག་དོར། བཅོ་ལྔ་པ་ནི། ཨོཾ་པྲ་ཏཱིཙྪ་བཛྲ་ས་མ་ཡ་སྟྭཾ། མེ་ཏོག་རང་ངམ་སློབ་མའི་མགོ་ལ་བཅིང༌། བཅུ་དྲུག་པ་ནི། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། ཨོཾ་བཛྲ་ཧཱ་སྱ་ཨུད་གྷ་ཊ་ཡ་ཧཱུཾ། བཅུ་བདུན་པ་ནི། ཨོཾ་བཛྲ་པ་ཤྱ་ཧོཿ ཞེས་དཀྱིལ་འཁོར་ལ་ལྟ་བར་བསྐུལ། བཅོ་བརྒྱད་པ་ནི།


TNT13_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཐམས་ཅད་རིག་པའི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཐོང་བར་གྱུར། ཞེས་བརྗོད། སློབ་མ་དབང་བསྐུར་ལ་སྐབས་འདིར་བདག་བསྐྱེད་ལྟར་ལྷ་ངོ་རྒྱས་པར་བསྟན་ནོ། །བཅུ་དགུ་པ་ནི། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཞེས་ལན་མང་དུ་བརྗོད། སྙིང་གར་རྡོ་རྗེ་འབར་བ་གནས་པར་གྱུར། ལྷ་རྣམས་ཀྱི་དམ་ཚིག་གིས་བྱིན་གྱིས་བརླབས་པར་བསམ། ཉི་ཤུ་པ་ནི་རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་བཛྲ་ས་མ་ཡ་ཧྲི་ད་ཡ་མེ། པྲ་བེ་ཤ་དྲྀ་ཊ་ཧོ་ཏིཥྛ་ཧཱུཾ་ཕཊ། ཉེར་གཅིག་པ་ནི། དུང་ཆོས་ཀྱི་ཆུའམ་རྣམ་རྒྱལ་གྱི་ཆུ་ནས་ཅུང་ཟད་འཐུངས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་ཐོབ། །ཅི་སྟེ་དམ་ཚིག་བཟླས་ན་ནི། །དེ་མ་ཐག་ཏུ་བཀས་ནས་གཤགས། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང༌། །བདུན་བརྒྱུད་རིགས་རྣམས་བརླག་པར་བྱེད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱིས། །རྒྱལ་བས་གསུང་པའི་དམ་ཚིག་དང༌། །སྡོམ་པ་དང་ནི་བླ་མས་བཀའ། །ཤིན་ཏུ་མོས་པས་སྲུང་བར་བྱ། ཉེར་གཉིས་པ་ནི། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །བརྫུན་དང་འདོད་ལ་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་མིན། །ཆང་ནི་བཏུང་བར་མི་བྱ་ཞིང༌། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པའི་སྦྱོར་བ་ནི། ནམ་ཡང་བྱ་བ་མ་ཡིན་ནོ། །དཀོན་མཆོག་གསུམ་ནི་ཡོངས་མི་སྤང༌། །


TNT13_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀུན་ཏུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང༌། །ལྷ་དང་བླ་མ་དེ་བཞིན་ནོ། །སྡིག་ལ་སོགས་པ་གང་ཡིན་དང༌། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་རྙིང་མ་དང༌། །དེ་ཡི་གྲིབ་མའང་འགོམ་མི་བྱ། །ཕྱག་རྒྱའི་གཟུགས་ལའང་དེ་བཞིན་ནོ། །སྔགས་དང་ལྷ་ལ་སྨད་མི་བྱ། །གདོན་གྱིས་ལ་སོགས་བྱ་བ་མིན། མུ་སྟེགས་ཅན་ལ་སྨད་མི་བྱ། མདོར་ན་ཡིད་གཉིས་ཐེ་ཚོམ་མི་བྱ་སྟེ། བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་ཏེ། དེ་རྣམས་ཀྱི་དཀྱིལ་འཁོར་དུ་འཇུག་པ་བསྟན་ཟིན་ཏོ། །དངོས་གཞིའི་དོན་དུ་མཎྜལ་ཕུལ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས། སྔགས་ཀྱི་འཕྲེང་བ་བྱུང་ཞལ་ནས་ཐོན། རང་གི་ཁ་སྒོ་ནས་ཞུགས་ཏེ་སྙིང་གར་ཐིམ། རྗེ་ཟློས་བྱས་པར་མོས་ཏེ་རྩ་རིག་ལན་གསུམ། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། མགོ་ཐོག་ཏུ་རྡོ་རྗེ་བཟུང་ལ། ཨོཾ་ན་མོ་སོགས་རྩ་རིག་དང༌། ཨོཾ་སརྦ་བིད་སརྦ་ཨ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུཾ་ཕཊ། ཨོཾ་སརྦ་བིད་ཧཱུཾ། ཨོཾ་སརྦ་བིད་ཕཊ། ཨོཾ་སརྦ་བིད་ཨ། །ཨོཾ་སརྦ་བིད་ཏྲཊ། ཨོཾ་སརྦ་བིད་ཨོཾ། ཨོཾ་སརྦ་བིད་སྭཱ། ཨོཾ་སརྦ་བིད་ཨ། ཨོཾ་སརྦ་བིད་ཧཱུཾ། ཨོཾ་སརྦ་བིད་ཏྲཊ། ཨོཾ་ཤ་ཨོཾ་བྷ། ཞེས་བརྗོད།


TNT13_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དབང་ངོ༌། །ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥེཉྩ་ཨོཾ། ཨོཾ་བཛྲ་ཀ་ལ་ཤ་ཨ་བྷེ་ཥིཉྩ་ཧཱུཾ། ཨོཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱཾ། ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་ཀ་ལ་ཤ་ཨབྷི་ཥིཉྩ་ཨ། །རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་ན། །ལས་དང་ཉོན་མོངས་སྒྲིབ་པ་ཀུན་དག་སྟེ། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །བུམ་པའི་དབང་ངོ༌། །ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨ། ཞེས་རིགས་ལྔའི་ཕྱག་རྒྱས་མགོ་བར་གཏུགས། སྐབས་སུ་བབ་ན་དབུ་རྒྱན་བཅིང་ངོ༌། །དེ་བཞིན་གཤེགས་པའི་དབུ་རྒྱན་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །རིན་ཆེན་འཕྲེང་བ་འཆིང་ངམ། རིན་པོ་ཆེའི་ཕྱག་རྒྱ་རྣ་ལྟག་གཡོན་ནས་གཡས་ཀྱི་བར་ལ་ལན་ལྔ་བཞག །ཨོཾ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། རིན་ཆེན་མཛེས་པའི་མེ་ཏོག་འཕྲེང་བ་འདིས། སྐལ་ལྡན༴ བསམ་པ་མྱང་འདས་སྦྱོར་བ་ཁམས་གསུམ་གནས། །མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་གྱུར་ཅིག དར་དཔྱངས་དངོས་སམ། རྡོ་རྗེ་ཁུར་ཚུར་ལས་གུང་མཛུབ་བརྐྱང་བས་དར་དཔྱངས་འཆིང་ཚུལ་བྱེད། ཨོཾ་བཛྲ་པཊྚ་ཨ་ཝ་ལཾ་བི་ན་ཨ་བྷི་ཥིཉྩ་ཏྲཱཾ། མཛེས་ཤིང་ཡིད་འོང་དར་གྱི་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་


TNT13_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་དང༌། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་ཤོག དར་དཔྱངས་ཀྱི་དབང་ངོ༌། །རྡོ་རྗེའམ་རིགས་ལྔའི་ཕྱག་མཚན་ལག་ཏུ་བླང་ངོ༌། །ཨོཾ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་མུ་དྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་མུ་དྲ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་མུ་དྲ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་྄ཨ། རིགས་ལྔའི་ཕྱག་རྒྱ་ལག་ཏུ་གཏད་ནས་ནི། སྐལ་ལྡན༴ སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །ཡེ་ཤེས་ལྔ་ནི་རབ་ཏུ་རྟཽགས་པར་ཤོག །ཕྱག་མཚན་གྱི་དབང་ངོ༌། །ཕྱག་མཚན་དང་བཅས་པའི་དྲིལ་བུ་སྤྱི་བོ་སོགས་དབང་གི་གནས་ལྔར་དཀྲོལ་ལ། ཨོཾ་བུདྡྷ་ནཱ་མ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ནཱ་མ་ཨ་བྷཱི་ཥིཉྩ་ཧཱུཾ། ཨོཾ་རཏྣ་ན་མ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ནཱ་མ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་ནཱ་མ་ཨ་བྷི་ཥིཉྩ་ཨ། ཀུན་རྫོབ་མཚན་ཉིད་མཚན་མ་མིང་གི་དབང༌། །སྐལ་ལྡན༴ མ་འོངས་འཇིག་རྟེན་སངས་རྒྱས་ཞིང་ཁམས་སུ། །དེ་བཞིན་གཤེགས་པའི་མཚན་གྱི་མིང་ཐོབ་ཤོག །དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །མིང་དབང་ངོ༌། །སྣ་ཚོགས་རྡོ་རྗེ་བཟུང་ལ། ཨོཾ་བཛྲ་ཀརྨ་ཨ་བྷི་ཥིཉྩ་ཨཿ རྡོ་རྗེ་རྒྱ་གྲམ་ལག་ཏུ་གཏད་ནས་ནི། སྐལ་ལྡན༴ འཕྲིན་ལས་རྣམ་བཞིས་འགྲོ་དོན་མཐར་ཕྱིན་ནས། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོགའཕྲིན་ལས་ཀྱི་དབང་ངོ༌། །འཁོར་ལོ་བཟུང་ལ། ཨོཾ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུཾ་བྷྲཱུཾ། ཡོན་ཏན་རབ་རྫོགས་གསེར་གྱི་འཁོར་ལོ་འདིས། །


TNT13_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན༴ རྣམ་པར་སྣང་མཛད་སྐུ་མཆོག་རབ་ཐོབ་སྟེ། །ཆོས་ཀྱི་འཁོར་ལོ་མྱུར་དུ་བསྐོར་བར་ཤོག །ཆོས་ཀྱི་འཁོར་ལོའི་དབང་ངོ༌། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། ཨོཾ་བུདྡྷ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ། ཆོས་ཀྱི་གནས་སུ། རྡོ་རྗེ་དང༌། ཨོཾ་བཛྲ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧཱུཾ་ཧཱུཾ་ཧཱུཾ། རིན་ཆེན༴ ཨོཾ་རཏྣ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ། པདྨའི༴ ཨོཾ་པདྨ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧྲཱིཿཧྲཱིཿཧྲཱིཿ ལས་ཀྱི༴ ཨོཾ་ཀརྨ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཨ་ཨ་ཨ། རིགས་ལྔའི་བདག་པོ་ཡི་ནི་རང་བཞིན་གྱིས། སྐལ་ལྡན༴ རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག། རིགས་དང་དཀྱིལ་འཁོར་ཀུན་ཀྱི་བདག་པོར་ཤོག །བདག་པོའི་དབང་ངོ༌། །ཡུམ་ལྔའི་ཕྱག་མཚན་སྤྱི་བོ་སོགས་གནས་ལྔར་གཏུགས་པའམ། ལག་ཏུ་བཟུང་ནས། ཨོཾ་བུདྡྷ་དྷ་ར་ཎ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་དྷ་ར་ཎ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་དྷ་ར་ཎ་ཨ་བྷི་ཥིཉྩ་ཏྲཾ། ཨོཾ་པདྨ་དྷ་ར་ཎ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་དྷ་ར་ཎ་ཨ་བྷི་ཥིཉྩ་ཨ། ཡུམ་ལྔའི་ཕྱག་རྒྱ་ལག་ཏུ་གཏད་ནས་ནི། སྐལ་ལྡན༴ གསང་རྒྱུད་མཐའ་དག་ཤེས་ཤིང་རྟོགས་ནས་ཀྱང༌། །འཆད་ཅིང་སྟོན་པའི་དབང་དང་ལྡན་པར་ཤོག །གཟུངས་ཀྱི་དབང་ངོ༌། །རིགས་ལྔའི་ཕྱག་མཚན་སྤྱི་བོ་ལ་སོགས་པའི་གནས་ལྔར་རེག་ཅིང༌། ཨོཾ་བུདྡྷ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་གུ་


TNT13_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཧྱ་ཨ་བྷི་ཥཉྩི་ཏྲཱཾ། ཨོཾ་པདྨ་གུ་ཧྱ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་གུ་ཧྱ་ཨ་བྷི་ཥིཉྩ་ཨ། རིགས་ལྔའི་ཕྱག་རྒྱ་གནས་ལྔར་གཏུགས་ནས་ནི། །སྐལ་ལྡན༴ ཡེ་ཤེས་ལྔ་ཡི་ཡོན་ཏན་རབ་རྫོགས་ཏེ། །བྱང་སེམས་གསང་བའི་དབང་དང་ལྡན་པར་ཤོག །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་འགྱུར་པ། །རྒྱལ་བས་གསུངས་པའི་ཡེ་ཤེས་གང༌། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། དེ་ཁོ་ན་ཉིད་བཅུ་ལ་སོགས་པ་སློབ་དཔོན་གྱི་ལས་མཐའ་དག་བསྒྲུབ་པར་བྱའོ། །གསང་བའི་དབང་ངོ༌། །དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱི། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། ཁྱོད་ཀྱིས་དེ་ལྟར་བྱ་དགོས་སོ། །རྡོར་དྲིལ་བསྣོལ་ཏེ་བཟུང༌། ཨོཾ་པྲ་ཛྙཱ་ཨུད་པ་ཡ་ས་མ་ཡོ་ག་ཨ་བྷི་ཥིཉྩ་ཧཱུཾ་ཨ། ཐབས་ཤེས་སྦྱོར་བའི་དབང་ངོ༌། །ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཧཱུཾ། དུས་གསུམ་རྒྱལ་བས་བསྐོར་བའི་འཁོར་ལོ་འདི། །མི་ཁོམ་རྒྱུན་གཅོད་རྒྱུ་དང་འབྲས་བུ་སྟོན། །འཁོར་ལོས་བསྒྱུར་བའི་དབང་ཕྱུག་རིན་པོ་ཆེ། །བླ་མེད་འཁོར་ལོ་དམ་པ་བསྐོར་གྱུར་ཅིག །ཨོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུཾ། དཀོན་མཆོག་གསུམ་གྱི་ཡོན་ཏན་རིན་པོ་ཆེ། །འཁོར་བའི་མུན་སེལ་བདེ་བའི་སྙིང་པོ་འབྱུང༌། །དགོས་པ་མཆོག་སྦྱིན་ནོར་བདུན་ཕུན་སུམ་ཚོགས། །ཡིད་བཞི་ནོར་བུ་རིན་ཆེན་སྤྱོད་པར་ཤོག །ཨོཾ་བཱ་སྟི་ནི་རཧྣ་ཨ་བྷི་ཥིཉྩ་ཧཱུཾ། ཕ་རོལ་ཕྱིན་བཅུས་སེམས་ཅན་སྐྱོད་པའི་ཕྱིར། །ཤེས་རབ་གཟུགས་འཛིན་བཙུན་མོ་རིན་པོ་ཆེ། །བསྡུ་བ་རྣམ་བཞི་ཚད་མེད་བཞི་པོ་


TNT13_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ཚེ་དང་ལོངས་སྤྱོད་གཏེར་ལ་སྤྱོད་པར་ཤོག །ཨོཾ་མཧཱ་སྟི་རཏྣ་ཨ་བྷི་ཥིཉྩ་ཧཱུཾ། གང་ལ་ཅི་དགོས་དཔག་བསམ་ཤིང་ལྟ་བུ། །འགྲོ་ལ་སྙིང་བརྩེས་ཚོགས་གཉིས་རྫོགས་པ་དང༌། །དབང་ཕྱུག་བཙུན་པ་བློན་པོ་རིན་པོ་ཆེ། །འཁོར་ལོས་བསྒྱུར་བའི་རྒྱལ་ཐབས་ཐོབ་པར་ཤོག ཨོཾ་ཧསྟི་རཏྣ་ཨ་བྷི་ཥིཉྩ་ཧཱུཾ། ཐེག་པ་དོན་དམ་བླ་མེད་སྟོན་པའི་མཆོག །ཡན་ལག་བདུན་མཛེས་ཀུ་མུ་ཏ་ཡི་མཆོག །གདུལ་དཀའ་སྟོབས་ཆེན་གླང་པོ་རིན་པོ་ཆེ། ཁྱུ་མཆོག་རླབས་ཆེན་སྟོབས་ལྔ་རྫོགས་པར་ཤོག །ཨོཾ་ཏུ་རཱཾ་ག་རཏྣ་ཨ་བྷི་ཥིཉྩ་ཧཱུཾ། འཁོར་བའི་ཆུ་བོ་འཇིགས་པ་བཞི་ལས་སྒྲོལ། །བརྩོན་འགྲུས་མྱུར་བའི་རྫུ་འཕྲུལ་ཤུགས་ཀྱིས་བསྐྱོད། །ཅང་ཤེས་སྤྲིན་ཀྱི་ཤུགས་ཅན་རིན་པོ་ཆེ། །མི་གནས་ཡེ་ཤེས་ཡིད་བཞིན་སྤྱོད་པར་ཤོག །ཨོཾ་ཁངྒ་རཏྣ་ཨ་བྷི་ཥིཉྩ་ཧཱུཾ། གནོད་པའི་དཔུང་འཇོམས་བརྩོན་འགྲུས་གོ་བགོས་ཤིང༌། །འཇིགས་པའི་སྐྱབས་བྱེད་འགྲོ་ལ་མི་འཇིགས་སྦྱིན། །ཐབས་དང་ཤེས་རབ་ལྡན་པའི་དམག་དཔོན་ནི། །མཐུ་སྟོབས་རྫུ་འཕྱུལ་དཔུང་གིས་བསྲུང་བར་ཤོག །ཅེས་པ་རྣམས་སྤྲོས་པ་ལ་དགའ་ན་བྱ། ཡང་ན་སྔགས་བདུན་གྱི་མཐར། འཁོར་ལོས་བསྒྱུར་རྒྱལ་རིན་ཆེན་སྣ་བདུན་ནི། སྐལ་ལྡན༴ བྱང་ཆུབ་ཡན་ལག་རིན་ཆེན་བདུན་ཐོབ་ནས། །རིག་འཛིན་འཁོར་ལོས་བསྒྱུར་བའི་གཅོ་བོར་ཤོག །ཅེས་པ་ཙམ་བརྗོད་ནའང་ལེགས་ཏེ། རིན་ཆེན་བདུན་ཀར་སྡོམས་པ་དབང་གཅིག་ཁོ་ན་ཡིན་པས། སྔ་མ་རྣམས་དང་རྒྱས་


TNT13_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་མཚུངས་པར་འགྱུར་བའི་ཕན་ཡོན་ཡོད་དོ། །བུམ་པའི་དབང་ནས་བརྩམས་ཏེ། །འདིའི་བར་གྱི་སྨོན་ལམ་གྱི་ཚིགས་བཅད་རྣམས་སྤྲོས་པ་ལ་དགའ་བའི་དོན་ཞི་ཁྲོ་འདྲ་དཔེ་བླངས་པ་རྙིང་མ་བའི་ལུགས་སུ་འདུག་ཅིང༌། གོང་མ་རྣམས་ཕལ་ཆེར་དེ་དང་དེའི་རྗེས་སུ་ཚིག་ལྷུག་པའི་གྱུར་ཤོག་རེ་ཡང་མཛད་པར་འདུག་སྟེ། བློ་ཆུང་རྣམས་ཀྱི་བློ་གྲོས་གྲོན་དུ་འགྱུར་བའི་ཕྱིར་འདིར་བཀོད་པ་ཙམ་འཚམ་ལ། །སྤྱིར་ནི་སྔགས་དབང་ཁོ་ནས་གོ་ཆོད་ཅིང༌། བྱིན་རླབས་ཀྱང་དེ་ངོས་ཆེ་བར་འོང་ངོ༌། །རིན་ཆེན་བདུན་གྱི་དབང་ངོ༌། །རྡོ་རྗེ་སེམས་དཔའི་གནས་འདུག་ནས། །ཐམས་ཅད་བྱས་ཤིང་ཀུན་ཟོས་ཀྱང༌། །འགྲུབ་འགྱུར་ཉེས་པའི་མི་གོས་ན། །སྙིང་རྗེ་ལྡན་པ་སྨོས་ཅི་དགོས། ཨོཾ་སརྦ་ཏ་ཐ་ག་ཏ་ཨཱ་ཛྙཱ་དྱ་དཱ་སྱ་མི། གྲྀཧྞ་བཛྲ་སུ་སིདྡྷི་ཡེ། ཨོཾ་བཛྲ་ཏིཥྛ་ཧཱུཾ། ཁྱོད་ཀྱིས་སེམས་ཅན་གྱི་དོན་རྒྱ་ཆེར་སྤྱོད་ཅིག བཀའི་དབང་ངོ༌། །དེ་དག་ནི་དབང་གི་དངོས་གཞིའོ། །དེ་ནས་རྗེས་སུ་གདམས་པ་ནི། ཚེ་འདིའི་བདེ་བ་མ་ལུས་དང༌། །འཇིག་རྟེན་ཕྱི་མའི་བདེ་མཆོག་དང༌། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །ལྷ་ཡི་བདེ་བ་སྨོས་ཅི་དགོས། །སངས་རྒྱས་ཀུན་དང་བླ་མར་མཉམ། །རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་བས། །སློབ་དཔོན་ལ་ནི་བརྙས་མི་བྱ། །རྡོ་རྗེ་སྤུན་དང་སྲིང་མོ་དང༌། རྡོ་རྗེ་མ་རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། །རྟག་ཏུ་འཁོན་དང་གཅུགས་མི་བྱ། །དཀོན་མཆོག་གསུམ་ལ་གནོན་བྱེད་ན། །བཟོད་པ་སྒོམ་པར་མི་བྱ་སྟེ། །


TNT13_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྨོད་བརྩོན་མ་རུངས་དང༌། །དམ་ཚིག་ལས་ནི་འདའ་བ་དང༌། །དེ་སོགས་བྱེད་པ་ཚར་བཅད་ན། །འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུང༌། །སེམས་ཅན་ཀུན་ལ་སྙིང་རྗེས་ཆགས། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། ཞེས་སོ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། སོགས་དང༌། གཏང་རག་གི་མཎྜལ་ཕུལ། དེང་ནས་བརྩམས་ཏ་སོགས་བརྗོད། སྤྲོ་ན། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། ཞེས་སོགས་དམ་ཚིག་གསུམ་གྱི་གླུ་ཡང་བླངས། དེ་རྗེས། བདག་ཉིད་རྡོ་རྗེ་སེམས་དཔར་གྱུར་པ། དཀྱིལ་འཁོར་གྱི་ལྷ་རིགས་ལྔ་དང་རྣམ་པ་ཐ་དད་ཀྱང་ངོ་བོ་གཅིག་པར་མོས། ཨོཾ་བཛྲ་དྷ་ར། རཏྣ་དྷ་ར་པདྨ་དྷ་ར། བི་ཤྭ་དྷ་ར་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་མ་ཏི་ཀྲ་མ་ཏི། ཏ་ཐཱ་ག་ཏ་དྷ་ར་ས་མ་ཡོ་ར་ཧཾ། ཞེས་པའི་སྔགས་ལན་མང་དུ་བརྗོད་ཅིང་རྡོར་སེམས་ཀྱི་ང་རྒྱལ་ལ་གནས་པར་བྱའོ། །འདི་སློབ་མ་དབང་བསྐུར་རམ། གཤིན་པོའི་སྒྲིབ་སྦྱོང་གི་བྱ་བ་ལ་འཇུག་པའི་སྐབས་སུ་གཙོ་བོར་བཤད་པ་ཡིན་མོད་ཀྱི། །ཆོ་གའི་ཡན་ལག་ཆད་པར་མི་འགྱུར་བའི་དགོས་པ་དང༌། དབང་བསྐུར་བླང་ཟིན་པའི་འབྲས་བུར་ཡང་སྣང་བའི་ཕྱིར། བདག་འཇུག་གི་འཇུག་ཏུ་ཡང་ངེས་པར་བྱའོ། །བདག་འཇུག་མི་ལེན་ན་ཡང་སྒྲུབ་མཆོད་ཀྱི་མཐར་འདི་བསྒོམ་དགོས་ལ། ཁ་ཅིག་སྔགས་དབང་དང༌། གནས་གསུམ་བྱིན་རླབས་དང༌། སྲུང་བ་གསུམ་པོའང་བྱེད་ཟེར་དེ། ངེས་པར་དགོས་པ་མ་ཡིན་ནོ། །སློབ་མ་ལ་དབང་བསྐུར་ནའང་སྐབས་འདིར་བྱེད་ཅིང༌། གཤིན་པོའི་དོན་དུ་ལྷོ་སྒོའི་བྱ་བ་རྣམས་ཀྱང་


TNT13_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་སྒྲུབ་པ་ཡིན་ནོ། །དེ་ནས་རྗེས་ཆོག་ནི། །མཆོད་པ་རྙིང་པ་ཡོད་ན་ཁ་གསོ། གསར་པ་བཤམས། བསངས་སྦྱངས་གོང་བཞིན་བྱིན་གྱིས་བརླབས། སྤྱིར་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དང༌། ཁྱད་པར་དུ་སྔགས་རྒྱུད་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་ཉིད་ལྷ་ཐམས་ཅད་ལ་ཁྱབ་པའི་ཚུལ་གྱི་བཞུགས་པ་དང༌། ཁྱད་པར་རྡོ་རྗེ་སེམས་དཔའ་ཉིད་དེར་མོས་པ་ལ། མཆོད་བསྟོད་བྱས་པར་བསམས་ལ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །མཆོག་ཏུ་དད་པས་འབུལ་ལགས་ཀྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ། གོང་སྒྲུབ་མཆོད་ཀྱི་སྐབས་བཞིན། ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་ཁྱེད་ལ་འབུལ། །ཅི་བདེ་བར༴ པུཥྤེ༴ ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །བདུག་སྤོས་དམ་པ་འདི་དག་ནི། །མཆོག་ཏུ་གུས་པས་ཁྱེད་ལ་འབུལ། ཅི་བདེ་བ༴ བཛྲ་དྷུ་པེ༴ མུན་པའི་སྡུག་བསྔལ་འཇོམས་བྱེད་ཅིང༌། །ཕྱོགས་ཀུན་གསལ་བྱེད་མར་མེ་འདི། །ཀུན་མཁྱེན་ཡེ་ཤེས་སྩོལ་བྱའི་ཕྱིར། ཅི་བདེ་བར༴ བཛྲ་ཨཱ་ལོ་ཀེ༴ སྦྱར་ལས་བྱུང་དང་ལྷན་ཅིག་སྐྱེས། །དྲི་ཞིམ་མཆོད་པ་འདི་དག་ནི། །རང་བྱུང་ཉིད་ལ་འབུལ་ལགས་ཀྱི། །ཀུན་བཟང་བདེ་ཆེན་བཞེས་སུ་གསོལ། བཛྲ་གནྡྷེ༴ ཁ་དོག་དྲི་དང་རོ་ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །ཆོས་དབྱིངས་ཡེ་ཤེས་བརྙེས་ལ་འབུལ༴ བཛྲ་ནཻ་བི་ཏེ༴ བླ་མེད་རྡོ་རྗེ་ཐེག་པའི་དོན་སྟོན་ཞིང༌། །ཤེས་རབ་མཆོག་གི་རྗེས་འགྲོ་རལ་མོའི་སྒྲ། །བདུད་ཀྱི་འཁོ་ལོ་


TNT13_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གཞོམས་ཕྱིར་དབུལ་བར་བགྱི། །དོན་དམ་དབྱིངས་ལ་མངའ་བརྙེས་འདི་བཞེས་ཤིག །ཤབྟ༴ དེ་རྗེས་བསྟོད་པ་འགྲོ་བ་རྒྱུད་ལྔ་མ་དང༌། སངས་རྒྱས་ཀུན་བས་སྔར་སངས་རྒྱས་སོགས། ཕྱག་ན་རྡོ་རྗེའི་བསྟོད་པས་བསྟོད། །རྗེས་ཆོག་གི་སྐབས་འདིར་མཚན་བརྒྱས་སྟོད་ན། །སྔོན་བྱུང་བྱ་རྒྱུད་གསུངས་ཚུལ་དང་མཐུན་པས་ཤིན་ཏུ་ལེགས་སོ། །བཅོམ་ལྡན་འདས་ཐམས་ཅད་རིག་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མ་ལུས་པ་སྦྱང་བ་དང༌། །མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། སྤྲོ་ན་གཞན་ཡང་གསོལ་བཏབ་ཇི་ལྟར་འོས་པ་བྱ། བདག་བསྐྱེད་མདུན་བསྐྱེད་ཀྱི་ཕྱག་རྒྱ་རྣམས་དུས་གཅིག་ཏུ་འགྲོལ་ཞིང༌། བུམ་བསྐྱེད་ལའང་ཕྱག་རྒྱ་བཞིས་རྒྱས་བཏབ་ན། མཉམ་དུ་འགྲོལ། ས་མ་ཡ་སྟྭཾ། ཞེས་གཙོ་བོའི་དམ་རྒྱ་བཅས་ལ། རྩ་རིག་གསུམ། ཨོཾ་བཛྲ་མུཿ ཞེས་སེ་གོལ་གཏོགས་སྔར་བཅིངས་པའི་ཕྱག་རྒྱ་དཀྲོལ། དེ་བཞིན་དུ་རྩ་རིག་གི་ཚབ་ཏུ་ཨོཾ་སརྦ་བིད་ཧཱུཾ་སོགས་སྦྱར་བས་ཕྱག་རྒྱ་དཀྲོལ་བར་བྱ་སྟེ། མཐར་ས་མ་ཡ་སྟྭཾ། རྡོ་རྗེ་འབེབས་པའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿ ལན་གསུམ་བཛྲ་མུཿ ཞེས་སེ་གོལ་གཏོགས་པས་དཀྲོལ་བའི་བར་དུའོ། །ཕྱི་རོལ་གྱི་ལྷ་རྣམས་ལ་ཕྱག་རྒྱས་མ་བཏབ་པས་དཀྲཽལ་རྒྱུ་མེད་ལ། ལྷ་གཞན་རྣམས་ལའང་དམ་རྒྱ་དཀྲོལ་བ་ཉིད་ཀྱིས་ཕྱག་རྒྱ་ཐམས་ཅད་དཀྲོལ་བ་ཡིན་པས་ཕྱག་རྒྱ་གཞན་རྣམས་ལ་མི་དགོས་སོ། །དེ་ནས་ཡི་གེ་བརྒྱ་པ་ལན་གསུམ་ལ་སོགས་པ་བརྗོད། མ་འབྱོར་པ་དང་སོགས། གང་ཡང་བདག་


TNT13_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གཏི་མུག་པས། །ལེགས་དཔྱད་འདི་ལ་ཉེས་བྱས་གང༌། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །མགོན་ཁྱོད་དེ་ཀུན་བཟོད་མཛད་རིགས། །གཙོ་བོ་ནུས་པ་མ་མཆིས་པས། །མ་རྙེད་ཡོངས་སུ་མ་ཚང་བ། །འདིར་ནི་བགྱི་བ་གང་བགྱིས་རྣམས། །གང་ཡང་དེ་དག་བཟོད་པར་མཛོད། གཞན་ཡང་ནོངས་པ་བཟོད་པར་གསོལ་བ་ཇི་ལྟར་འོས་པའང་སྤྲོ་ན་བྱ། རས་བྲིས་ཀྱི་དཀྱིལ་འཁོར་ཡིན་ན་དེ་དང༌། གཞན་ཡང་རྟེན་རྙིང་པ་ཡོད་ན་བརྟན་བཞུགས་སྤྱི་དང་མཐུན་པར་བྱ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་ནས། མུཿ ཞེས་པ་ལན་གསུམ་གྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་ཡིན་ན་དཀྱིལ་འཁོར་བ་དང༌། གཞན་ཡང་བདག་བསྐྱེད་དང༌། བུམ་པའི་ཡེ་ཤེས་པ་དང༌། མགྲོན་གྱི་ཚོགས་རྣམས་གཤེགས་སུ་གསོལ། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ༴ ཆོས་ལ༴ སེམས་ཅན༴ དེ་དག༴ ཚོགས་མཆོད་དམ་པ༴ དགེ་འདུན༴ སེམས་ཅན༴ དེ་དག༴ དེ་ལ་སོགས་པ་བཀྲ་ཤིས་ཀྱི་ཚིགས་བཅད་ཇི་ལྟར་འོས་པ་བརྗོད་ཅིང༌། ཛ་ཡ་ཛ་ཡ ཞེས་རོལ་མོའི་སྒྲ་བྱའོ། །དེ་དག་གིས་ནི་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ་རྩ་བའི་ཆོ་ག་རྣམས་བསྟན་ནོ། །ད་ནི་ཚེ་འདས་ཀྱི་སྡིག་པ་སྦྱོང་བ་ཕྱིར་ཟློག་གི་ཆོ་ག་བཤད་དེ། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་སྟེགས་བུའི་སྟེང་དུ་པདྨ་འདབ་བརྒྱད་བྲི། དེར་མི་བྱང་སོགས་རྟེན་


TNT13_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །བྲབ་རྫས་བྱེ་མ་དང་ཡུངས་ཀར་སོགས་ལ་བཟླས་པའི་སྐབས་སུ་ཡང་སྔགས་ཀྱིས་བྲབས། སྒོས་སུ་ཡང་སྔགས་མང་དུ་བཟླ་སྦྱང་ཆས་སོགས་འོག་ཏུ་དགོས་པ་རྣམས་ཚང་བར་བྱས་ལ། ཆོ་གའི་རིམ་པ་ནི། བགེགས་བསྐྲད་རྟེན་བསྐྱེད་རྣམ་ཤེས་དགུག །སྡིག་པ་དྲལ་ཞིང་སྔགས་ཀྱིས་བྲབ། ཁྲུས་བྱ་དུག་སྦྱང་སྐྱབས་འགྲོ་དང༌། །དབང་བསྐུར་རྫས་གཏང་ཕུང་པོ་སྦྱང༌། །ལམ་སྦྱང་ལམ་བསྟན་མཆོད་འབུལ་དང༌། །ཆེད་བརྗོད་རང་གནས་སྤར་བའོ། །དང་པོ་ནི། མཐེབ་ཀྱུ་བསྐོར་ལ། ཨོཾ་སརྦ་བུགྷྲཱན་ན་མཿསརྦ་སོགས། གསུམ་གྱིས་ཞི་བས་སྦྱངས། ཏིང་ལོ་ཆད་བུར་བཅས་པ་བསྐོར་ཞིང༌། ཧཱུཾ། བཞི་པ་གསུམ་གྱིས་ཞི་དྲག་ཕྱེད་མར་སྦྱངས། ཁྲོ་བོ་སྤྱན་འདྲེན་ནས། དགྲ་ལ་ཕྱག་འཚལ་བསྟོད་ཀྱི་བར་སྤྲོ་ན་དྲག་རོལ་དང་བཅས་ཏེ་ཡང་བྱ། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་ཁྲོ་མོ་རྣམས་ཀྱི༴ བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པའི་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་ལ་ལས་ཀྱི་དབང་གིས་འཆི་ཁ་དང༌། བར་དོ་དང༌། ཚེ་རབས་གཞན་ཐམས་ཅད་དུ་གནོད་ཅིང་འཚེ་བར་བྱེད་པ་དང༌། སྡིག་པ་སྦྱོང་ཞིང་དགེ་བའི་ཆོས་བསྐྱེད་པ་ལས་བར་དུ་གཅོད་པར་བྱེད་པ་དང༌། འབྲེལ་པ་ཅན་ཤུལ་ན་གནས་པ་ལ་གནོད་ཅིང་


TNT13_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འཚེ་བར་བྱེད་པ་ལ་སོགས་པ། གནོད་བྱེད་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་གནོད་སེམས་ཞི་ཞིང༌། དགེ་བའི་སེམས་དང་ལྡན་པས་དམིགས་ཡུལ་བསྒྲུབ་བྱ་འདིའི་ཐན་འཁོར་དུ་མ་གནས་པར་གཞན་དུ་སོང་ཤིག །གལ་ཏེ་མི་འགྲོ་ན། ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པ་བྱའོ། །ཞེས་གཏོར་མ་དོར། རོལ་མོའི་སྒྲ་བསྒྲགས། །སྦྱང་རྟེན་ལ་ཕྱོགས་བཅུར་ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག་སྟཻ་དྲག་པོའི་སྦྱང་བའོ། །གཉིས་པ་ནི། རྟེན་དེ་ཉིད་ཡཀྞས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡི་གེ་ཎིཿལས་ཚེ་འདས་ཆེ་གེ་མོ་ཞེས་བྱ་བ། གསོན་པོའི་དུས་ཀྱི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར། གསུམ་པ་ནི། འདོད་རྒྱལ་གྱི་ཕྱག་རྒྱ་བཅས་ལ། གོང་བཞིན་ལས་བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས། ཚེ་འདས་ཆེ་གེ་མོ་ཞེས་བྱ་བ། ཁམས་གསུམ་གང་ན་གནས་ཤིང་རིགས་དྲུག་གང་དུ་སྐྱེས་སམ། སྐྱེ་གནས་བཞི་གང་གི་བསྡུས་ཏེ་འདུག་ཀྱང༌། སྐད་ཅིག་ཐང་ཅིག་ཡུད་ཙམ་འདི་ཉིད་ལ་འདིར་མཆིས་པར་གྱུར་ཅིག ཅེས་ལན་གསུམ་བརྗོད། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་ཨཱ་ན་ཡ་ཧཱུཾ། ཞེས་པས་དེའི་སྡིག་པ་རྣམས་ཀྱང་བཀུག་པར་བསམ། བཞི་པ་ནི། དྲལ་བའི་ཕྱག་རྒྱ་དང༌། ཨོཾ་བཛྲ་པཱ་ཎི་བི་སྤོ་ཏ་སརྦ་ཨ་པཱ་ཡ་བནྡྷ་ནི་པྲ་མོ་ཀྵ་ཡ། སརྦ་ཨ་པཱ་ཡ་ག་ཏི་བྷྱཿསརྦ་སཏྭཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ། གསུམ།


TNT13_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སརྦ་བིད་སརྦ་པཱ་པཾ་བི་ཤོདྷ་ནི་ཧུཾ་ཕཊ། ཅེས་པས་སྡིག་པ་སྦྱངས། ཨོཾ་སརྦ་བིད་ཏྲཊ། སོགས་ཀྱིས་ངན་སོང་སྦྱངས། གནས་གསུམ་བྱིན་རླབས་དང༌། བཛྲ་ཨ་དྷི་ཏིཥྛའི་སྔགས་ཀྱིས་གནས་ཉེར་གཉིས་བྱིན་རླབས་གོང་དུ་བཤད་པ་བཞིན་བྱས། རྣམ་པར་ཤེས་པ་ཨ་ཡིག་དཀར་པོར་གྱུར། ལྔ་པ་ནི། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་ཨ་པ་ཡ་བི་ཤོ་དྷ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨ་ཨ་བ་ར་ཎ་ནི་བྷསྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བྷྲཱུཾ་བི་ན་ཤ་ཡ་ཨཱ་བ་ར་ཎཱ་ནི་བཛྲ་ཧཱུཾ་ཕཊ། ཨོཾ་དྲུཾ་བི་ཤོ་དྷ་ཡ་ཨ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་སརྦ་ཨ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧ་ར་ཨ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཕཊ་སརྦ་ཨཱ་བ་ར་ཎཱ་ནི་བི་སྥོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་བི་དྲ་བ་བི་དྲ་བ་སརྦ་ཨ་པ་ཡ། ཏ་ཏ་ཏོ་ན་ནི་ཧུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུ་ན་ཧུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲ་ཏེ་ཀ་ག་ཏེ་ཧེ་ཏུ་ན་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀྒ་ཏེ་ཧེ་ཏུ་ན་ཧཱུཾ་ཕཊ། ཅེས་པ་རྣམས་བཟླ་ཞིང་བྲབ་རྫས་ཀྱིས་བྲབ། དྲུག་པ་ནི། ལག་ལེན་སྤྲོས་པ་ལ་དགའ་ན། དཀྱིལ་འཁོར་ལ་ཁྲུས་གསོལ་བྱས་ཏེ་དེའི་བུམ་ཆུས་མིང་བྱང་ལ་ཁྲུས་བྱེད། བསྡུ་ན་དཀྱིལ་འཁོར་ལ་ཁྲུས་གསོལ་མ་བྱས་ཀྱང་ཆོག །མིང་བྱང་གི་གཟུགས་བརྙན་མེ་ལོང་ལ་ཤར་བ་ལ་བཀྲུ་ཞིང༌། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། སོགས། ཕར་ཕྱིན་དྲུག་གི་ཚིགས་བཅད་རེ་རེའི་མཐར། རྩ་རིག་བརྗོད་


TNT13_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བཀྲུ། སྤྲོ་ན། ཆུ་བོ་དྲུག་གི་ཁྲུས་བྱས་པས་སོགས་ཀྱང་བྱ། བདུན་པ་ནི། བུམ་ཆུ་ནས་སྦྱང་རྟེན་ལ་ཅུང་ཟད་འཐོར་ཞིང༌། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །འདི་དག་འཇིག་རྟེན་དུག་གསུམ་ཡིན། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །དེ་བཞིན་དུ། དམ་ཆོས་བདེན་པས༴ དགེ་འདུན་བདེན་པས༴ ས་འདི་དུག་གི་ཕ་ཡིན་ཏེ། །ས་འདི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུས་གསུམ་ས་ཡིན་ནང་དུ་སོང༌། དེ་བཞིན་དུ་ཆུ་མེ་རླུང་ལའང་སྦྱར། དེ་ནས་སྤྲོ་ན། གང་ལ་སེར་སྣ་རྣམ་ཆགས་པ་སོགས། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ལས་འབྱུང་བའི་ཤིས་བརྗོད་ཀྱང་མཛད་པའི་སྲོལ་འདུག་པ་ལྟར་བྱ། བསྡུ་ན་མ་བྱས་ཀྱང་ཆོག་གོ །བརྒྱད་པ་ནི། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བའི་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཆེ་སེལ་ལ། །ཚེ་འདས་སྐྱབས་སུ་མཆི་ལགས་སོ། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་མཛད་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཚེ་འདས་སྐྱབས་སུ་མཆི། །ཚེ་འདས་འཇིགས་པས་རྣམ་སྐྲག་སྟེ། །ཀུན་དུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལ་ཚེ་འདས་ཀྱིས། །ལུས་འདི་བདག་གིས་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །


TNT13_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཉམ་ཐག་ང་རོས་འོ་དོད་འབོད། སྡིག་ལྡན་འདི་ལ་སྐྱབས་སུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་འཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱོད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། ཞེས་ལན་གསུམ་དུ་གསོལ་བ་འདེབས་པའམ། འདེབས་སུ་གཞུག །དགུ་པ་ནི། གལ་ཏེ་དབང་མི་བསྐུར་ན། སྐབས་འདིར་ལམ་སྦྱང་བསྟན་བྱེད་ལ། དབང་བསྐུར་བྱེད་ནའང་སྐབས་འདི་ཉིད་དུ་བྱེད་དེ། དགའ་ཆེན་ཁྱོད་བདག །སོགས་ཀྱིས་གསོལ་བ་འདེབས་པ་ནས། བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། ཞེས་པའི་བདག་འཇུག་གི་སྐབས་བཞིན་ཡོངས་སུ་རྫོགས་པའམ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག་སོགས། ཁྱེད་ཀྱི་སྲོག་ཆགས་བསད་མི་བྱ། སོགས་དང༌། བཀའི་དབང་བསྐུར་མན་ཆད་བོར་བས་ལྷག་མ་སྔར་བཞིན་བྱས་ནའང་ལེགས་ཏེ། ཡེ་ཤེས་དབབ་པའི་སྐབས་རང་གི་ཞེས་པ་ཚེ་འདས་ཀྱི་ཞེས་འདོན་པ་བསྒྱུར་དགོས་པ་སོགས་ཕྲ་མོ་རྣམས་རིག་པས་དཔྱད་དེ་ཤེས་པར་བྱའོ། །བཅུ་པ་ནི། ཟས་གཏད་དང་གོས་ལྷམ་སོགས་གཏོད་དགོས་ན་ཡང་དབང་བསྐུར་བའི་རྗེས་འདིར་བྱེད་དེ། རྟེན་བསྒྲུབ་བྱར་མོས་པ་ལ་དབང་བསྐུར་བས་སྡིག་སྒྲིབ་དག་སྡེ་རྡོ་རྗེ་སེམས་


TNT13_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་སྐུར་གྱུར་པ་ལ་མཆོད་པར་བསམ། ཟས་གོས་རྣམས་ཡཀྵས་བསངས་སྭཱབྷཱས་སྦྱངས། ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབས། ཁ་དོག་དབྱིབས་ལེགས་སོགས་འདོད་ཡོན་ལྔའི་ཚིགས་བཅད་ལས། རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བ་དེས་རྟག་ཏུ་ཚིམ་པར་ཤོག །ཅེས་རྐང་པ་ཕྱི་མ་གཉིས་བསྒྱུར། ཨོཾ་བཛྲ་སཏྭ་རཱུ་པ་ཀ་མ་གུ་ཎ་སོགས་སྔགས་ཀྱང་བསྒྱུར། བཅུ་གཅིག་པ་ཕུང་པོ་སྦྱང་བ་ནི། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང༌། འདི་ཞེས་བྱ་བའི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་ཡེ་ཤེས་ཆེན་པོའི་དབྱིངས་སུ་སྦྱངས་པར་གྱུར། རྩ་རིག་ལན་གསུམ་དང༌། །སྙིང་པོ་ལན་གསུམ་གྱི་མེ་ངར་ཞུགས་སྦར་ཞིང༌། སྟོང་ཉིད་ཡེ་ཤེས་འབར་བའི་མེས། ཚེ་འདས་སྒྲིབ་པའི་བུད་ཤིང་དང༌། །འཁོར་བའི་སྡུག་བསྔལ་མ་ལུས་པ། །ཡེ་ཤེས་སྣང་བ་འབར་གྱུར་ཅིག །གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྤར་རོ། །འབྱུང་བ་བཞིའི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྤར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། །སེམས་དཔའ་དྲུག་གི༴ །ཡུལ་རྣམས་དྲུག་གི་བུད་ཤིང་ལ། །ལྷ་མོ་དྲུག་གི༴ །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བ་སྐུ་གསུམ་མེ་སྤར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་དུ་འབྱུང་བར་ཤོག ཅེས་བརྗོད། བཅུ་གཉིས་པ་


TNT13_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྦྱང་བ་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་འཕྲེང་བ་རྣམ་དག་པ། །ཚོགས་ཀྱིས་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ཏེ། །འཕགས་པའི་ལམ་འདིར་འགྲོ་བར་ཤོག ཨོཾ་རཏྣེ་རཏྣེ་མཧཱ་རཏྣེ་རཏྣ་སམྦྷ་ཝེ། །རཏྣ་ཀིརྣི་རཏྣ་མཱ་ལ་བི་ཤུདྡྷེ་ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ། བཅུ་གསུམ་པ་ལམ་བསྟན་པ་ནི། པདྨ་འདབ་གྱིས་མ་གོས་ལྟར། སྲིད་གསུམ་དྲི་མས་མ་གོས་པའི། སྲིད་པའི་པདྨོ་ལས་བྱུང་བ། བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ་པདྨ་སམྦྷ་ཝེ་མཧཱ་སུ་ཁ་བ་ཏེ་གཙྪནྟུ་སྭཱཧཱ། བཅུ་བཞི་པ་མཆོད་པ་འབུལ་བ་ནི། དེར་པདྨ་ལ་བརྫུས་ཏེ་སྐྱེས་ནས། །བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞལ་མཐོང༌། །གདམས་པ་དང་རྗེ་བསྟན་ཐོབ། དེའི་རྒྱུ་བརྟགས་པས་རྡོ་རྗེ་སློབ་དཔོན་གྱི་ཆོ་གའི་མཐུ་ཡིན་པར་ཤེས་ནས་རྫུ་འཕྲུལ་གྱིས་འདིར་འོངས་ཏེ་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ལན་དུ་མར་བསྐོར་བ་བྱས་ཏེ། །མཆོད་པ་ཉེར་ལྔ་ལ་སོགས་པ་མཆོད་པ་དཔག་ཏུ་མེད་པས་མཆོད། བསྟོད་པས་ཀྱང་བསྟོད་པར་འགྱུར། ན་མོ་བྷ་ག་ཝ་ཏེ་བཛྲ་ས་ར་སོགས་མཆོད་པའི་སྤྲིན་གྱི་གཟུངས་འདོན་ཞིང་རོལ་མོ་བྱ། བཅོ་ལྔ་པ་ཆེད་དུ་བརྗོད་པ་ནི། ཨེ་མ་སངས་རྒྱས་རྣམས་ཀྱི་


TNT13_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །སྔགས་ཀྱི་བྱིན་རླབས་ཡ་མཚན་ཆེ། །གང་ཕྱིར་མཚམས་མེད་ལྷུང་བ་ཡི། །སེམས་ཅན་ལྷ་གནས་མྱུར་དུ་སྐྱེ། །ཨེ་མ་ཤཱཀྱ་མགོན་པོ་ཡི། །སངས་རྒྱས་མཛད་པ་ཡ་མཚན་ཆེ། །གང་ཕྱིར་ངན་སོང་ལྷུང་བ་ཡི། །སེམས་ཅན་གློག་བཞིན་མྱུར་དུ་གྲོལ། ཞེས་ཆེད་དུ་བརྗོད་པར་གྱུར། བཅུ་དྲུག་པ་རང་གནས་སུ་སྤར་བ་ནི། སླར་ཡང་བསྒྲུབ་བྱ་དེ་ཉིད་བདེ་བ་ཅན་གྱི་ཞིང་ཁམས་སུ་སོང་བར་བསམས་ལ། ཨོཾ་པདྨེ་པདྨེ་སོགས་བརྗོད་ལ་རོལ་མོ་དང་བཅས་མེ་ཏོག་དོར། སྐབས་འདིར་བྱང་བུ་བསྲེགས་པའི་ལག་ལེན་ཡང་ཡོད་མོད་ཀྱི། དཀྱུས་ཉིད་ལེགས་པར་མངོན་ནོ། །དེ་དག་གིས་ནི་ཕྱིར་བཟློག་གི་ཆོ་ག་རྣམས་བསྟན་ཟིན་ཏོ། །ཆོ་ག་ཡོངས་རྫོགས་འདི་དག་ཀྱང་བསྙན་པ་སྔོན་དུ་སོང་བས་བྱར་རུང་གི །གཞན་གྱི་མ་ཡིན་ན། བསྙེན་པ་ཇི་ལྟར་བྱ་ཞེ་ན། འདི་ལ་དཀྱིལ་འཁོར་ཡོངས་རྫོགས་དང༌། །རས་བྲིས་ཀྱི་བསྙེན་པ་སོགས་ཀྱི་ཐ་སྙད་མཛད་པ་ནི། སྒྲུབ་པ་ལ་བསྙེན་པའི་མིང་བཏགས་པ་ཙམ་ཡིན་ལ། འགའ་ཞིག་བདག་བསྐྱེད་རྒྱས་པ་སྦྱར་བའི་སྒྲུབ་མཆོད་ལ། བསྙེན་པ་རྒྱས་པ་གཏོང་ངོ་ཟེར་བ་ནི། བསྙེན་པ་དང་སྒྲུབ་པའི་དབྱེ་བ་མ་རིག་པས་བསྙེན་པ་གང་ལ་ཟེར་རོ་མ་ཤེས་ཤིང་ད་ལྟའི་ཆོ་ག་སྒྲིགས་སྒྲུབ་མཆོད་འདི་རྣམས་སྒྲུབ་པའི་འདྲ་འབག་ཙམ་ཡིན་གྱི། བསྙེན་པའི་འདྲ་འབག་ཏུ་མི་འགྱུར་བའི་རྒྱུ་མཚན་མ་གོ་བའི་ཅལ་ཅོལ་དུ་འདུག་ལ། བདག་བསྐྱེད་རྒྱས་པ་ལ་བསྙེན་པའི་ཐ་སྙད་སྦྱར་བའང་ཆོ་ག་རྒྱས་པའི་རྒྱུད་འགའ་ལ་ཡོད་མོད་ཀྱི། དེ་ནི་དབང་བསྐུར་ལ་སོགས་པ་དཀྱིལ་འཁོར་


TNT13_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

འབྲི་བའི་དོན་གྱི་གནས་བཞུ་བའི་བསྙེན་པ་ཡིན་ལ། འདི་ནི་ཆོ་ག་རྒྱས་པའི་རྒྱུད་མིན་ཞིང་བསྙེན་པའི་ཆོ་ག་ནི་ཉུང་ངུ་རེས་རུང་སྟེ། དཀྱིལ་འཁོར་ཆོ་ག་འདིའི་ཟུར་འདེབས་སུ་ཕྱོགས་མཐོང་ཙམ་འཆད་པར་འགྱུར་རོ། །དེ་ལྟར་ངན་སོང་སྦྱོང་བའི་ཆོ་ག་ནི། ཤིན་ཏུ་བློ་དམན་དོན་དུ་ངག་འདོན་བསྒྲིགས། །དགེ་དེས་མཐའ་ཡས་འགྲོ་བ་སྲིད་མཚོ་ལས། །ལེགས་པར་དྲངས་ཏེ་བྱང་ཆུབ་སར་འགོད་ཤོག། ། །ཅེས་པ་ཐམས་ཅད་རིག་པའི་དཀྱིལ་འཁོར་གྱི་ཆོ་ག །རྣལ་འབྱོར་རྒྱུད་ཀྱི་ལུགས་དང་མཐུན་པར་བཀྲལ་བ། འཁོར་བ་ཀུན་གྲོལ་ཞེས་བྱ་བ་འདི་ཡང༌། གཞན་མང་པོས་ནན་ཏན་དུ་བསྐུལ་བ་ལས། ཏཱ་ར་ནཱ་ཐས་ཞོར་བྱུང་དུ་བརྗོད་པའོ། །དགེའོ། །བསོད་ནམས་བསགས་དགེས་བདག་སོགས་འགྲོ། །འདི་ཕྱི་ཀུན་ཏུ་ཡང་དག་གི །ཆོས་མཐུན་ཁོ་ནས་ལེགས་འཚོ་ཞིང༌། རྐྱེན་ངན་གང་གིས་བསྒྱུར་མེད་ཤོག །ཅེས་པའང་མ་ཏིས་སོ། །

ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ་གྱི་ཟུར་འདེབས།


TNT13_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ་གྱི་ཟུར་འདེབས་བཞུགས་སོ། །


TNT13_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཐམས་ཅད་རིག་པའི་དཀྱིལ་འཁོར་གྱི་ཆོ་ག་འཁོར་བ་ཀུན་གྲོལ་གྱི་ཟུར་འདེབས་ཅུང་ཟད་བརྗོད་པར་བྱའོ། །དེ་ལ་བསྙེན་པའི་ཆོ་ག་དང༌། དཀྱིལ་འཁོར་གྱི་ཆོ་ག །གཉིས་ལས། དང་པོ་བསྙེན་པའི་ཆོ་ག་ནི། ཨོཾ་སྭ་བྷཱ་ཝ་སོགས་ནང་ཁྲུས་ནས། སྡིགས་པར་མཛད་པའོ། །ཞེས་པའི་བར་ཡོངས་རྫོགས་སམ། བསྡུ་ན་ལྕེ་ལག་བྱིན་གྱིས་བརླབ་པ་མེད་ཀྱང་ཆོག་པས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུཾ་ལས། རང་ཉིད་རྡོ་རྗེ་ཁྲོ་བོ་མེ་ལྟར་འབར་བ། ནས། སྡིགས་པར་མཛད་པའོ། །ཨོཾ་བཛྲ་སཏྭ་ཀྲོ་དྷ་ནས་ཧཱུཾ་ཕཊ། ལན་དགུ ཨོཾ་བཛྲ་ཙཀྲ་ཧཱུཾ། ནས། དཀྱིལ་འཁོར་གྱི་འཁོར་ལོ་རང་གི་སྙིང་གར་ཐིམ། ཤུ་ནྱཱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེངདུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་ཅིང༌། གཡོན་


TNT13_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་དཀུར་བསྟེན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། རབ་ཏུ་དགེས་པའི་སྤྱན་གདངས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །འདི་དཀྱིལ་འཁོར་བཅུ་གཉིས་པོ་ཐམས་ཅད་ཀྱི་ཐུན་མོང་གི་དབང་དུ་བྱས་པ་ཡིན་ལ། ཀུན་རིག་ཁོ་ན་ལྟར་ན་ཨོཾ་དང་འཁོར་ལོ་ལ་རྣམ་པར་སྣང་མཛད་དུ་བསྐྱེད་པ་ཉིད་བཟང་བས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཛཿཧཱུཾ་ནས་དྲི་ཤྱ་ཧོཿཨརྒྷཾ་ནས། ཤཔྟའི་བར་གྱི་མཆོད། ཨོཾ་བཛྲ་ཨཾ་གུ་ཤ་སོགས་ཀྱིས་དགུག་གཞུག་བཅིངས་མཉེས་བྱ། རྡོར་སེམས་སམ་རྣམ་སྣང་ཉིད་ཀྱིས་ཕྱག་རྒྱ་བཞིའི་རྒྱས་བཏབ་བྱ། དེ་རྗེས་ཨོཾ་བྷྲི་ཏ་སོགས་གནས་གསུམ་བྱིན་གྱིས་བརླབ་པ་དང༌། རིགས་ལྔའི་ཕྱག་རྒྱས་དབང་བསྐུར་བ་རྣམས་དང་པོ་སྦྱོར་བ་བཞིན་དུ་བྱ། དེ་རྗེས་བཟླས་པ་ཅི་འགྲུབ་བྱ་སྟེ། རྣམ་སྣང་དུ་བསྒོམ་ན། ཨོཾ་སརྦ་བིད་སོགས་གཙོ་བོའི་སྔགས་འབུམ་ཕྲག་བཞི་འམ། བཅུ་དྲུག་དང༌། རྡོར་སེམས་སུ་བསྒོམ་ན། ཨོཾ་བཛྲ་ས་ཏྭཱ་ཧཱུཾ། འབུམ་ཕྲག་དྲུག་གོ །གཉིས་ཀའང་རྩ་བའི་རིག་པ་བཞི་འབུམ་ལ་སོགས་པ་བཟླ་བ་ཡིན་ཞིང༌། ཐུན་


TNT13_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་ཁར་ཨརྒྷཾ་སོགས་ཀྱིས་མཆོད། མཚན་བརྒྱའམ། མཉམ་ཉིད་མི་གཡོ་མས་བསྟོད། ཐུན་མཚམས་ཀྱི་འཕྲལ་སྤྱོད་ཇི་ལྟར་བྱེད་པ་དང་བསྟུན་ཏེ་ཕྱག་རྒྱ་བགྲོལ་བའམ་མི་བགྲོལ་བ་སྐབས་སུ་གང་བབ་བྱ། མ་བཀྲོལ་ན་ཐུན་སྔ་མ་རྣམས་ལ་ཐུན་འཇུག་ཏུ་བསྙེན་པའི་ལྷ་རང་གནས་སུ་བཞུགས། ཐུགས་ཀ་ནས་ལྷ་གཉིས་པ་སྤྲོས་ནས། ཐུན་མཚམས་ཀྱི་བྱ་བ་མཛད། ཐུན་ཕྱི་མ་རྣམས་ཀྱི་མགོ་ལ་དེ་ཐུགས་ཀར་བཞུགས་ནས། མཆོད་བསྟོད་སྔོན་དུ་འགྲོ་བའི་བཟླས་པར་བྱ། གལ་ཏེ་ཕྱག་རྒྱ་བཀྲོལ་ན། ཐུན་རེ་རེ་བཞིན་མགོ་ནས་སྐྱོར། ཐུན་ཐ་མ་ལ་ནི་ངེས་པར་ཕྱག་རྒྱ་བཀྲོལ་ཏེ། གཤེགས་སུ་གསོལ་ནས་སྨོན་ལམ་བཏབ། མེ་ལྟར་འབར་བའི་སྔགས་ལན་དགུས་བསྲུང་བ་བྱས་ནས། གཉིད་ཀྱི་རྣལ་འབྱོར་ལ་འཇུག་པར་བྱ་ཞིང༌། གང་ལྟར་ཡང་ཐུན་མཚམས་སུ་གསུང་རབ་བཀླག་པ་དང༌། ཚྭ་ཚྭ་གདབ་པ་དང༌། ཁ་ཟས་ཀྱི་རྣལ་འབྱོར་དང༌། གཏོར་མ་གཏོང་བ་ལ་སོགས་པ་བྱའོ། །ཚུལ་དེས་རྩ་རིག་འབུམ་ཕྲག་བཞི་འམ། རྡོར་སེམས་སམ་རྣམ་སྣང་གི་སྙིང་པོ་ཁོ་ན་བྱེད་ཚེ་འབུམ་ཕྲག་བཅུ་དྲུག་བཟླ་བའང་ཡོད་དོ། །སྙིང་པོ་རྐྱང་པས་ཀྱང་གོ་ཆོད་ཙམ་ཡིན་མོད་ཀྱི། དེ་དག་ཀྱང་རྩ་རིག་བཟང་ལ། ལག་ལེན་ལ་གཉིས་ཀར་བཟླ་བའང་མཛད་ཅིང༌། ངེས་པར་ཡང་གལ་ཆེའོ། །དེ་ཙམ་གྱིས་དབང་བསྐུར་བ་སོགས་དཀྱིལ་འཁོར་གྱི་ལས་བྱེད་པ་ལ་དབང་བར་འགྱུར་ཞིང༌། དངོས་གྲུབ་ཀྱི་དོན་དུ་ནི་དེ་ཙམ་གྱིས་མི་ཆོག་སྟེ་མཚན་མའི་བསྙེན་པའོ། །བསྒོམ་བྱ་ལྷའི་དབང་དུ་བྱས་ན། རྡོར་སེམས་ནི་རྒྱུད་འདི་ལས་གསུངས་པའི་དཀྱིལ་འཁོར་བཅུ་གཉིས་པོ་ཐམས་ཅད་ཀྱི་སྤྱི་ཁྱབ་ཡིན་ཞིང༌། རྣམ་སྣང་ཤཱཀ་ཐུབ་སོགས་དཀྱིལ་འཁོར་སོ་སོའི་གཙོ་བོ་ནི། དཀྱིལ་འཁོར་གཞན་ཐ་དད་ལ་མི་འཇུག་པས་སྒོས་ཀྱིའང་ཡིན་ལ། རང་རངགི་དཀྱིལ་འཁོར་དེར་གཏོགས་པའི་ལྷ་ཐམས་ཅད་འཇུག་


TNT13_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྤྱི་རུ་ཡང་གཏོགས་སོ། །འཁོར་གྱི་ལྷ་མེ་ཏོག་གང་ལ་ཕོག་པའི་ལྷའི་བསྙེན་པ་ནི་སྒོས་ཀྱི་བསྙེན་པ་ཁོ་ན་ཡིན་པར་ཤེས་པར་བྱའོ། །སྔགས་ཀྱང་རྩ་རིག་ཀུན་འགྲོ་དང༌། གཙོ་བོ་བཅུ་གཉིས་དང༌། རྡོར་སེམས་མ་གཏོགས་མེ་ཏོག་ཕོག་པའི་ལྷའི་དེ་སྒོས་ཀྱི་དང༌། དཀྱིལ་འཁོར་སོ་སོའི་གཙོ་བོ་ནི་གཉིས་ཀའི་ཆ་ལ་བརྟེན་པ་ཡིན་ནོ། །དེའི་ཕྱིར་རབ་ཏུ་རྡོར་སེམས་ཀྱི་བསྙེན་པ་སྔོན་དུ་སོང་ནས་རྩ་རིག་དང༌། དཀྱིལ་འཁོར་བཅུ་གཉིས་པོའི་གཙོ་བོ་མཐའ་དག་གི་བསྙེན་པ་ལེགས་པར་བྱས་ནས། དེའི་འོག་ཏུ་རང་འདོད་པའི་ལྷ་དེ་བཟུང་བར་བྱའོ། །འབྲིང་དུ་ན། རྡོར་སེམས་དང་ཀུན་རིག་ཉིད་དོ། །གཉིས་ཀ་མ་གྲུབ་ན་རྩ་བའི་བསྙེན་པ་ལ་ཀུན་རིག་གི་དཀྱིལ་འཁོར་གྱི་སྐབས་སུ། རྡོར་སེམས་དང་རྣམ་སྣང་གང་བྱས་ཀྱང་འདྲ་མོད་ཀྱི། དཀྱིལ་འཁོར་གཞན་རྣམས་ལ་འཇུག་ཆེ་བའི་དབང་དུ་བྱས་ན། ལྷ་རྡོར་སེམས་དང་སྔགས་རྩ་རིག་ཁོ་ན་བསྔགས་མོད་ཀྱི། རྡོར་སེམས་སུ་བསྐྱེད་ཕྱིན་ནི་རྡོར་སེམས་ཉིད་ཀྱི་སྔགས་འབུམ་ཕྲག་དྲུག་ཏུ་བཟླ་བ་ངེས་པར་དགོས་པས། དེ་ཡང་རྩ་རིག་གི་ཐོག་མར་བཟླས་ན་ལེགས་སོ། །ཡང་རྣམ་སྣང་དུ་བསྐྱེད་ན། རྣམ་སྣང་སྒོས་ཀྱི་བསྟོད་པ་རེ་ཡང་བྱས་ན་ལེགས་ཏེ། དེས་གཞན་ལའང་མཚོན་ནོ། །རྒྱུད་སྡེ་འདི་ཉིད་ལ་གཙོ་བོར་བྱེད་ན། སྤྱི་བསྙེན་སྒོས་བསྙེན་ཚང་མ་བསྐྱལ་ན་ལེགས་ལ། འདི་ལ་གཙོ་བོར་མི་བྱེད་པ་དག་གིས་ནི། རྩ་བའི་དཀྱིལ་འཁོར་གྱི་བསྙེན་པས། དཀྱིལ་འཁོར་གཞན་བཅུ་གཉིས་ཀྱིའང་དཀྱིལ་འཁོར་ཀྱི་བྱ་བ་ལ་འཇུག་ཏུ་རུང་བར་ཤེས་པར་བྱའོ། །ཅི་སྟེ་བདག་བསྐྱེད་རྒྱས་པ་བསྒོམས་ཏེ་བསྙེན་པའི་གྲངས་ཚད་སྐྱེལ་དུ་མི་རུང་བ་ཞིག་གམ། ཁྱོད་བསྙེན་པ་རྒྱས་པའི་ཐ་སྙད་མི་འདོད་པ་ཅི་ཞེ་ན། སྤྱིར་མི་རུང་བ་དང་ཏ་མ་ཡིན་


TNT13_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། བསྙེན་པའི་དོད་ཐུབ་པའང་ཡིན་སྲིད་ལ། དེར་མ་ཟད་གང་ཟག་གི་ཁྱད་པར་འགའ་ཞིག་ལ། བསྙེན་པ་དངོས་ལྷ་རྐྱང་རེ་བསྒོམས་པ་ལས་བཟང་བར་འགྱུར་བའང་སྲིད་མོད་ཀྱི། དེ་འདྲ་དེ་སྒྲུབ་པ་རྗེ་མཐུན་པ་ཙམ་ཡིན་པས་བསྙེན་པ་གཞན་སྔོན་དུ་མ་སོང་ན་སྒྲུབ་པའི་འདྲ་ལྕོག་ཅེས་བྱ་ལ། བསྙེན་པ་དང་བསྙེན་པ་རྗེས་མཐུན་པ་གཉིས་ཀར་མ་ཡིན་པས། ལུགས་འདི་ལ་བསྙེན་པར་མི་བསྡུ་སྟེ། རྒྱུད་སྡེ་གོང་མའི་བསྙེན་པ་ལ་དཀྱིལ་འཁོར་རྒྱས་པ་ཡོད་པའི་རིགས་འགྲཻ་འདིར་མི་བྱའོ། །གཉིས་པ་དཀྱིལ་འཁོར་གྱི་ཆོ་ག་ལ་སྦྱོར་བ། དངོས་གཞི། རྗེས་གསུམ་སྟེ། དང་པོ་ལ་ས་ཆོག་དང་སྟ་གོན་ནོ། །དང་པོ་ནི་སྔོན་འགྲོ་གཏོར་མའི་སྐབས་སུ་བཤད་པ་ལྟར་གཏོར་མ་བཏང༌། དེ་ནས་ཁྱད་པར་བཀའ་བསྒོ་དྲག་ཏུ་བྱས་ཏེ་བགེགས་རྣམས་བསྐྲད། དྲག་སྔགས་བརྗོད་ཅིང་རོལ་མོ་དང་བཅས་ས་གཞི་ལ་ཡུངས་ཀར་གྱིས་བྲབས། ས་གཞི་ལག་པས་མནན་ཏེ། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། མང་དུ་བཟླས། ས་ཕྱོགས་ནམ་མཁའི་རང་བཞིན་སྟོང་པ་ཉིད་དུ་གྱུར། ཨོཾ་བྷུ་ཁཾ་མང་དུ་བརྗོད། ས་གཞི་རྡོ་རྗེའི་རང་བཞིན་དུ་གྱུར། ཧཱུཾ་ལཾ་ཧཱུཾ། མང་དུ་བཟླས། དེ་ནས་མཆོད་པ་བྱིན་རླབས་དང༌། ལྕེ་ལག་བྱིན་རླབས་ནས། །མཚན་བརྒྱ་ཡན་ཆད་བཟླས་པ་དངབཅས་པའི་བར་བྱ། ཧཱུཾ་ཞེས་ས་གཞི་གཡས་བསྐོར་དུ་ལན་གསུམ་བཅགས། ཨོཾ་བཛྲ་སཏྭ་ཀྲོ་དྷའི་སྔགས་ལན་གསུམ་གྱི་བསྲུང་བ་བྱའོ། །གཉིས་པ་སྟ་གོན་ལ། སའི་ལྷ་མོའི་སྟ་གོན་སྤྱི་དང་མཐུན། ཨོཾ་ཚུར་བྱོན་སོགས་བླ་མེད་ཀྱི་ཁྱད་ཆོས་ཡིན་པས་བརྗོད་མི་དགོས་སོ། །སྐྱོབས་པ་སངས་རྒྱས་སོགས་ཀྱི་གསོལ་བ་འདེབས། ལྷ་ལྷག་གནས་ནི། ཐིག་ཆེན་བརྒྱད་དང་སྐྱ་ཐིག་ཇི་ལྟར་འོས་ཙམ་བཏབ་ནས། ལྷ་


TNT13_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམས་སུ་དྲི་བཟང་ཐིག་ལེ་བྱ། མཆོད་པ་བཤམས། མཆོད་པ་བྱིན་རླབས་བྱ། ས་གཞི། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རླུང་གི་དཀྱིལ་འཁོར་ནས། ཟླ་བའི་གདན་རེ་རེའོ། མ་ལུས་སེམས་ཅན་ཀུན་གྱི་ནས། ཀ་མ་ལ་ཡེ་སྟྭཾ་གྱི་བར། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སོ་སོའི་གདན་ལ་འཁོད་པ་ནི། དབུས་སུ་བཅོམ་ལྡན་འདས་ཐམས་ཅད་རིག་པ་ནས། འབར་ཞིང་འཕྲོ་བའོ། །སྙིང་པོའི་དཀྱིལ་འཁོར་གྱི་ཕྱོགས་བཞིར་ཞེས་པ་ནས། ཐམས་ཅད་སྐད་ཅིག་གིས་གྲུབ་པར་གྱུར། གྱི་གཞན་འདྲ་བ་ལས་ས་བོན་རྣམས་དོར། རབ་འབྱམས་རྒྱ་མཚོ་མ་དང། བསྟོད་རིང་གིས་བསྟོད། རྣམ་པར་སྣང་མཛད་བཅོམ་ལྡན་འདས། །རིགས་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། སོགས་ཀྱིས་སྙན་གསན་ཕབ། ཨོཾ་ཁྱོད་ཀྱི་སོགས་གཤེགས་སུ་གསོལ་བའམ། ཨོཾ་བཛྲ་ཨུདྷི་ཥྛས་ནམ་མཁར་བཏེགས་པ་གང་རུང་བྱ། གཏོར་མ་ཆ་གསུམ་གཏོང༌། བུམ་པ་སྟ་གོན་ནི། དཀྱིལ་ཆོག་ལས་བཤད་པའི་བུམ་སྒྲུབ་བྱེད་པ་སྟེ། འདིར་བྱས་ཟིན་པས་དངོས་གཞི་ཉི་མ་དང་པོ་ལ་བུམ་སྒྲུབ་མི་དགོས་སོ། །སློབ་མ་སྟ་གོན་ནི། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་སོགས་ཀྱིས་བསམ་པ་བརྟན་པོ་བསྐྱེད། དགའ་ཆེན་ཁྱོད་བདག་སོགས་ཀྱིས་གསོལ་བ་བཏབ། བུ་ཚུར་ཐེག་པ་ཆེན་པོ་ཡི་སོགས་སྔགས་ཀྱིས་ཆེ་བ་བརྗོད། རྟོག་པ་ཐམས་ཅད་ལེགས་པར་བསྡུད་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པའི་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབས། ཅེས་ཉན་པར་གདམས།


TNT13_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དབངམེད་བདག་གིས་མི་དགེ་བགྱིས་པ་དང༌། ཞེས་སོགས་རྒྱུན་བཤགས་བྱ། ཨོཾ་བྷྲི་ཏ་བྷྲི་ཏ་སོགས་གནས་གསུམ་བྱིན་རླབས་བྱ། བཛྲ་སཏྭ། བཛྲ་རཏྣ། བཛྲ་དྷརྨ། བཛྲ་ཀརྨ། ཞེས་གནས་བཞིར་དྲི་བཟང་གི་ཐིག་ལེ་བྱ། སྤྲོ་ན་གནས་ཉི་ཤུ་རྩ་གཉིས་བྱིན་རླབས་ཀྱང་བྱ། དྲི་ཆབ་ལ་སོགས་པ་མཆོད་པ་བཞིས་མཆོད་ཀྱང་ལེགས། རྡོ་རྗེ་བཞད་པའི་སྔགས་ཀྱིས་སོ་ཤིང་དང༌། རྣོན་པོས་ཀུ་ཤ་དང༌། ཨོཾ་བཛྲ་སཏྭ་ཧཱུཾ་ངམ། སྤྱི་མཐུན་གྱིས་ཁྱོར་ཆུ་དང༌། འཇིག་རྟེན་དུ་ནི་ཀུན་མཁྱེན་དག སོགས་ཀྱིས་ཟབ་མོའི་ཆོས་བཤད་དང༌། ཨོཾ་བཛྲ་རཀྵ་ཧཾ། ཞེས་པས་དཔུང་སྐུད་བྱིན། ཨོཾ་བཛྲ་སཏྭ་ཨུཥྞི་ཥ་ཧཱུཾ་ཕཊ། ཅེས་པས་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་སློབ་མའི་སྤྱི་བོར་བཞག་སྟེ་བསྲུང་བ་བྱས་ལ། ཀྱེ་བཞིན་བཟང་རྣམས་ལོངས་ལ་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱོས་ཤིག །ནང་པར་དཀྱིལ་འཁོར་ཆེན་པོ་མཐོར་བར་འགྱུར་རོ། །ཞེས་བརྗོད་དོ། ཁ་ཅིག་དཀྱིལ་འཁོར་དུ་འཇུག་པའི་སྔོན་འགྲོ་ལ་སློབ་མ་སྟ་གོན་དུ་འདོད་པ་ནི། བླུན་པ་ལས་ཀྱང་ཆེས་བླུན་པའི་རྟགས་བསྟན་པ་ཡིན་ལ། གལ་ཏེ་དེ་དེ་འདྲ་ཡིན་ན། བདག་འཇུག་ལ་སློབ་མ་སྟ་གོན་ངེས་པར་བྱེད་དགོས་པར་ཐལ་བ་དང༌། ཆོ་ག་ཉིན་གཅིག་མ་ལ་ས་ཆོག་དང་སྟ་གོན་གྱི་རིམ་པ་གཞན་གང་ཡང་མི་དགོས་ཤིང༌། སློབ་མ་སྟ་གོན་ཁོ་ན་དགོས་པའི་ཁྱད་པར་ཡོད་པར་ཐལ་བ་དང༌། ཚད་ལྡན་ནས་བཤད་པའི་སློབ་མ་སྟ་གོན་གྱི་ཆོ་ག་གང་ཡང་དེ་ན་མེད་ཅིང༌། དེ་ན་ཡོད་པ་རྣམས་ཅིག་ཤོས་ན་མེད་པས་དེ་འདྲ་སློབ་མ་སྟ་གོན་མིན་པ་སོགས་སྐྱོན་དུ་མ་འཇུག་གོ །གཉིས་པ་དངོས་གཞི་ལ་དཀྱིལ་འཁོར་ཞག་གི་ཆོ་ག་དང༌། སྒྲུབ་ཅིང་མཆོད་པ་དང༌། འཇུག་ཅིང་དབང་བསྐུར་བའོ། །དང་པོ་ནི། ཐིག་ཚོན་བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ་


TNT13_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་དམ་ཚིག་གི་ཐིག་ཚོན་རྣམས་ས་བོན་ལྔ་པོ་དེ་དག་གིས་མཚན་པར་གྱུར། རང་གི་མིག་གཉིས་སུ་མ་དང་ཌཱ་ལས་ཉི་ཟླ་ཧཱུཾ་གིས་མཚན་པ། ཨོཾ་དཱིཔྟ་དྲྀ་ཥྟཾ་ཨཾ་གུ་ཤ་ཛཿའབར་བའི་ལྟ་བས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་ཚོན་བཀུག་སྟེ་དམ་ཚིག་པ་ལ་ཐིམ། ཨོཾ་ཨ་ནོ་ནྱ་སོགས་བཟླ་ཞིང་ཐིག་སྐུད་བསྒྲིལ། ཨོཾ་བཛྲ་ས་མཱ་ཡ་སུ་དྲཾ་མཱ་ཏི་ཀྲ་མ་ཧཱུཾ། བརྒྱ་རྩ་བརྒྱད་བཟླས། པུཥྤེ། དྷཱུཔེ། གནྡྷེ། གསུམ་གྱིས་མཆོད། རྡུལ་ཚོན་ལ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡེ་ཧཱུཾ། རྡུལ་ཚོན་ལྔའི་ཁོངས་སུ་བརྒྱ་རྩ་ཙམ་བཟླ། ཁ་ཅིག་རེ་རེ་བཞིན་བདུན་བཟླ་ཟེར་བའང་ཡོད། ཧིཿ ཞེས་ལན་མང་དུ་བཟླས་པས་སྤར། པུཥྤེ་སོགས་གསུམ་གྱིས་མཆོད། དེ་ནས་ཐིག་གདབ་ཅིང་རྡུལ་ཚོན་གྱིས་བྲིའོ། །ཐིག་རྩ་དང་ཚོན་ཐོབ་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་སྒྲུབ་ཅིང་མཆོད་པ་དང༌། གསུམ་པ་གཞུག་ཅིང་དབང་བླང་བ་ནི། དཀྱིལ་ཆོག་ཉིད་ན་གསལ་བར་ཡོད་པ་དེ་ཁོ་ནའོ། །ད་ནི་ཕྱག་རྒྱ་རིམ་པ་ཉེར་མཁོ་རྣམས་བཤད་པར་བྱ་སྟེ། མཆོད་གཏོར་བསངས་སྦྱངས་ཀྱི་སྐབས། རྡོ་རྗེ་གནོད་སྦྱིན་གྱི་ལས་རྒྱ་ནི། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་ཅུང་ཟད་གུག་པ་མཆེ་བ་ལྟར་བྱས་པའོ། །རྡོ་རྗེ་མེའི་ཕྱག་རྒྱ་ནི། རྡོ་རྗེ་ནང་བསྡམས་ཁ་ཕྱེ་བའི་གུང་མོ་དང་སྲིན་ལག་གི་བར་དུ། མཐེ་བོང་ལྟོ་སྦྱར་བའོ། །རྡོ་རྗེ་བསྡམས་པ་ནི། ཐལ་མོ་ཁ་སྦྱར་སོར་མོ་རྣམས་རྩ་བ་ནས་བསྣོལ། ལག་མགོ་སོར་མོ་རྣམས་ཀྱི་ཕན་ཚུན་དུ་བསྡམས་པའོ། །རྡོ་རྗེ་འཛིན་མའི་ཕྱག་རྒྱ་ནི། འགའ་ཞིག་སེམས་མ་རྡོ་རྗེ་མའི་ཕྱག་རྒྱར་འདོད་མོད། འདིར་ལག་པ་གཡོན་སྟེང་གཡས་འོག་ཏུ་བསྣོལ་ནས། རྒྱབ་སྦྱར་མཐེ་བོང་དང་


TNT13_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མཐེ་ཆུང་འདུད། སོར་མོ་གཞན་གསུམ་མཉམ་པར་བརྐྱང་བའོ། །བཛྲ་སཏྭ་ཀྲོ་དྷའི་སྐབས། མེ་ལྟར་འབར་བའི་ཕྱག་ནི། ཁུ་ཚུར་གཡས་སྟེང་གཡོན་འོག་ཏུ་བྱས་ཏེ། །ཐད་ཀར་རྒྱབ་སྤྲད་ལ། མཐེ་ཆུང་འདུད་ཅིང་མཛུབ་མོ་བརྐྱང་བའོ། །རྒྱུད་འདི་ཉིད་ཀྱི་ཧཱུཾ་མཛད་དང་མེ་ལྟར་འབར་བ་གཅིག་པར་བཞེད་ཀྱང༌། སྤྱིར་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཧཱུཾ་བཞི་པའི་སྔགས་དང་འབྲེལ་བ་ནི་དེ་དང་འདྲ་བ་ལས་ལག་ངར་གཡས་འོག་ཏུ་བྱས་པའོ། །ཏི་རིནྟི་རའི་ཕྱག་རྒྱ་ནི། །རྡོ་རྗེ་ནང་བསྡམས་ལས་སྟེང་ནས་མཐེ་བོང་གཉིས་བཀབ་པའོ། །ཨོཾ་ཊུཾ་གི་སྐབས་དགོས་པའི་གནས་དགུ་ནི་འོག་ཏུ་འཆད་པར་འགྱུར་ལ། བགེགས་ལ་བསྣུན་པའི་ཕྱག་རྒྱ་ནི། གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག །གཡས་རྡོ་རྗེ་གསོར་བའི་ཚུལ་དུ་ཁུ་ཚུར་བསྐྱོད་པའོ། །སྲེག་པ་ནི་མེའི་ཕྱག་རྒྱའོ། །བཅིང་བའི་ཕྱག་རྒྱ་ནི། རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་གཤིབས་ཏེ་མནན་པའོ། །འོག་བཅིང་བ་ནི། རྡོར་བསྡམས་བརྐྱང་བ་ས་ལ་འཇོག་ཚུལ་ལོ། །སྟེང་བཅིང་བ་ནི། ཁུར་ཚུར་གཉིས་ལས་མཛུབ་མོ་བརྐྱང༌། །འགལ་མེའི་འཁོར་ལོ་ལྟར་བསྐོར་བའི་རྗེས་སུ་ཁུ་ཚུར་ཁ་སྤྲད་མཛུབ་མོ་ལྕགས་ཀྱུའི་ཚུལ་དུ་བྱས་ནས་མགོ་སྟེང་དུ་བཞག་པའོ། །འདི་ལ་རྡོ་རྗེ་འཇིགས་བྱེད་སྤྱན་གྱི་ཕྱག་རྒྱ་ཟེར། །སྟེང་དུ་རྡོ་རྗེ་བླ་བྲེ་འགོད་པ་ལ་རྡོ་རྗེ་ཐལ་མོ་ལས་མཐེ་བོང་གཉིས་བརྐྱང་མཛུབ་མོ་མཆེ་བ་ལྟར་བྱེད་པ། གནོད་སྦྱིན་གྱི་ཕྱག་རྒྱའོ། །ཤར་བཅིང་བ་ལ་རྡོ་རྗེ་ཁུ་ཚུར་གྱི་མཐེ་ཆུང་སྦྲེལ། མཛུབ་མོ་གཉིས་རྩེ་སྤྲད་དེ་མགོ་གཞུག་ཟློག་ནས་སྤྱི་བོར་བཀོད་པ་གཙུག་ཏོར་གྱི་ཕྱག་རྒྱའོ། །ཤར་གྱི་ནང་བཅིང་བ་ལ་ལག་པ་བསྣོལ། རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྤྲད། འཁྲིག་མ་གཉིས་བར་སྟོངས་དང་བཅས་པ་ཞགས་མིག་ལྟར་བྱེད་པ་ནི་ཞགས་པའི་ཕྱག་རྒྱའོ། །རྡོར་བསྡམས་ལས་མཐེ་ཆུང་གཉིས་གཤེབས་ཏེ་བརྐྱང༌། མཛུབ་མོ་གཉིས་ཕྲལ་ཏེ་བརྐྱང་བ་ནི་ནུབ་བཅིང་བ་སྟེ། བ་དན་གྱི་ཕྱག་རྒྱའོ། །གོང་གི་གནོད་


TNT13_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་གྱི་ཕྱག་རྒྱ་དེ་ཁའི་ཐད་ཀར་བཞག་པ་ནི། བྱང་ཕྱོགས་བཅིང་བ་སྟེ་རྡོ་རྗེ་ནག་མོའི་དུས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཁ་གྱེན་དུ་བསྟན་ཏེ་གཤིབས། ཅུང་ཟད་གྱེན་དུ་བསྐྱོད་པ་ནི་རི་བོ་འདེགས་པའི་ཚུལ་ཏེ། རྡོ་རྗེ་རྩེ་མོའི་ཕྱག་རྒྱ་ཞེས་བྱ་བ་ལྷོ་བཅིང་པའོ། །ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལས་གུང་མོ་གཉིས་ཀྱང་བཤིབས་ཏེ་བསྒྲེང་བ་ནི་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་སྟེ། ཕྱོགས་མཚམས་ཐམས་ཅད་བཅིང་བའོ། །ཧཱུཾ་བརྒྱད་ཀྱི་སྐབས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བསྐོར་བའོ། །བཛྲ་བནྡྷའི་སྐབས་རྡོ་རྗེ་བསྡམས་པ་བསྐོར་བའོ། །བསྲུང་འཁོར་གྱི་གཞུག་ཏུ་བྱང་ཕྱོགས་ཀྱི་སེམས་དཔའ་བཞིའི་ཕྱག་རྒྱ་འཆའ་བ་ནི། རྡོར་བསྡམས་བརྐྱངབའི་མཐེ་བོང་དང་མཐེ་ཆུང་རྩེ་སྤྲད་པ་རྡོ་རྗེ་ལས་དང༌། དེ་དང་འདྲ་བ་མཛུབ་མོ་རྩེ་སྤྲད་པ་བསྲུང་བ་དང༌། །རྡོར་བསྡམས་ལས་མཛུམ་མོ་གཉིས་བརྐྱང་བ་གནོད་སྦྱིན་དང༌། རྡོར་བསྡམས་མཐེ་བོང་ནང་དུ་ཆུག་པ་ཁུ་ཚུར་གྱིའོ། །མཉམ་པའི་ཐལ་མོ་ཁ་སྦྱོར་ཁོང་སྟོང་ཅུང་ཟད་ཡོད་པའོ། །རྡོ་རྗེ་ཐལ་མོ་ནི་དེ་དང་འདྲ་བ་ལས་སོར་མོའི་རྩེ་མོ་རྣམས་ཅུང་ཟད་བསྣོལ་བ་སྟེ། གཡོན་པ་རྣམས་འོག་དང་གཡས་པ་རྣམས་སྟེང་དུའོ། ཁུ་ཚུར་གྱི་དམ་རྒྱ་ནི་གོང་དུ་བཤད་མ་ཐག་པ་ཉིད་དོ། །བཛྲ་སཏྭ་ཀྲོ་དྷའི་ཕྱག་རྒྱ་ནི་རྒྱུད་འདིའི་རང་ལུགས་ཡིན་ལ་གཞན་བསྲུང་འཁོར་སྐབས་ཀྱི་འདི་རྣམས་རྡོར་དབྱིངས་ཀྱི་ཆོ་ག་ནས་བླངས་པ་ཤ་སྟག་གོ །དཔྲལ་བ་བྱིན་གྱིས་རློབས་པ་ནི་མཉམ་པའི་ཐལ་མོའོ། །མགྲིན་པར་བྱིན་གྱིས་རློབས་པ་ནི་ཐལ་མོ་ཀ་པུ་ཏ་རེ། །ཐལ་མོ་སྦུག་སྦུག་པོར་སྦྱར་བ་ལས་མཛུབ་གུང་སྲིན་གསུམ་ཅུང་ཟད་ཁ་ཕྱེ་བའོ། །སྙིང་ག་བྱིན་གྱིས་བརླབ་པ་ནི། རྡོར་ཐལ་ལས་གུང་མོ་གཉིས་དང་སོར་མོ་ཐ་མ་བཞི་སྦྱར་ཏེ་བརྐྱང་བའམ། རྡོ་རྗེ་བསྡམས་པ་ལས་གུང་མོ་མཐའ་བཞི་བརྐྱང་བ་གང་རུངསྟེ་ཕྱི་མ་འདི་ལེགས་པ་འདྲའོ། །རིགས་ལྔའི་ཕྱག་རྒྱ་སྤྱི་བོར་གཏུགས་པ་ལ་རྡོར་བསྡམས་ལས་གུང་མོ་གཤིབས་ཏེ་བརྐྱང༌། མཐའ་


TNT13_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་སོ་སོར་བསྒྲེང་བ་ནི་རྡོ་རྗེའི་ཕྱག་རྒྱ་སྟེ་མགོ་བོའི་དབུས་སུ་རེག་པའོ། །དེ་དང་འདྲ་བ་ལས་མཛུབ་མོ་དང་སྲིན་ལག་གཉིས་རྩེ་སྤྲད་ནས་ཟླུམ་པོར་བྱས་པ་པདྨའི་འདབ་མ་དང་འདྲ་བ་ནི། སྦྱོང་རྒྱལ་ལམ་དེ་བཞིན་གཤེགས་པའོ། །དེ་དང་འདྲ་བ་ལས་མཛུབ་མོ་རིན་པོ་ཆེ་དང་འདྲ་བར་བྱས་པ་ནི། རྣ་ལྟག་གཡས་སུ་སྟེ་རིན་ཆེན་ནམ་དབང་བསྐུར་ཕྱག་རྒྱའོ། །མཐེ་བོང་གཉིས་དང་མཐེ་ཆུང་གཉིས་སོ་སོར་སྦྱར། གཞན་རྣམས་ཕྲལ་ཏེ་བརྐྱང་བ་ནི་སྡིག་པ་སྲེག་པའམ་པདྨའི་ཕྱག་རྒྱ་སྟེ་ལྟག་པར་རེག་གོ །སྲིན་ལག་གཉིས་ལྟོ་སྦྱར། དེའི་རྒྱབ་ཏུ་གུང་མོ་དང༌། དེའི་ཡང་རྒྱབ་ཏུ་མཛུབ་མོ་སྦྱར། མཐེ་བོང་དང་མཐེ་ཆུང་སོ་སོར་གཤིབས་པ་ནི། ལས་ཀྱི་རིགས་ཀྱི་ཕྱག་རྒྱ་སྟེ། རྣ་ལྟག་གཡོན་ཏུ་བཞག་པར་བྱའོ། །ཕྱག་རྒྱ་བཞྀའི་རྒྱས་གདབ་ཀྱི་སྐབས་སུ། མཆོད་ཡོན་འབུལ་བའི་ཕྱག་རྒྱ་ནི་རྡོ་རྗེ་ཐལ་མོ་ཁ་ཕྱེ་བའོ། །དམ་རྒྱ་ལ་ཐོག་མའི་ས་མཱ་ཡ་སྟྭཾ་དང༌། སུ་ར་ཏ་སྟྭཾ་ལ་ཐལ་མོ་མཉམ་པར་བརྡབས་ཏེ་ཐལ་མོའི་ཚུལ་དུ་བྱ། དེ་ནས་རྡོ་རྗེ་བསྡམས་པ་བཅིངས་ཏེ། སརྦ་བིད་དྲི་ཤྱ་ཛ་ཧཱུཾ་བཾ་ཧོཿས་མཱ་ཡ་སྟྭཾ་མན་ཆད་ནས་སོ་སོའི་སྙིང་པོ་དང་རང་སྔགས་རྫོགས་ཀྱི་བར་ལ། སོ་སོའི་དམ་ཚིག་གི་ཕྱག་རྒྱ་འཆའ་བ་ཡིན་ཏེ། ལག་པ་གཡོན་གན་རྐྱལ་གྱི་སྟེང་དུ་གཡས་པ་ཡང་བཞག །མཐེ་བོང་ལྟོ་སྤྲད་པ་ནི། གཙོ་བོ་རྣམ་སྣང་གི་དམ་རྒྱའོ། །གོང་དུ་བཤད་པའི་བུདྡྷ་ཨ་བྷི་ཥིཉྩའི་ཕྱག་རྒྱ་ནི་སྦྱོང་རྒྱལ་གྱིའོ། །རཏྣའི་ཕྱག་རྒྱ་ནི་རྒྱལ་མཆོག་རིན་ཆེན་གྱིའོ། །པདྨའི་ཕྱག་རྒྱ་ནི་ཤཱཀྱ་ཐུབ་པའི་འོ། །ཀརྨའི་ཕྱག་རྒྱ་ནི། རྒྱལ་མཆོག་མེ་ཏོག་གིའོ། །ཡང་སངས་རྒྱས་བཞི་པོ་དེ་ལ་གཙོ་བོ་དང་འདྲ་བར་བྱེད་པའང་ལུགས་གཅིག་གོ །རྡོ་རྗེ་ནང་བསྡམས་ལས་གུང་མོ་རྩེ་སྤྲད། མཛུབ་མོ་གཉིས་གུང་མོའི་ཚིགས་དང་པོ་ལ་བཙུགས། མཐེ་བོང་གཉིས་ཀྱིས་སོར་མོ་ལྷག་མ་བཞི་མནན་པ་ནི། སངས་རྒྱས་སྤྱན་མའི་འོ། །ཐལ་སྦྱང་ལས་སྲིན་ལག་དང་མཐེ་ཆུང་ནང་དུ་བཅུག་མཛུབ་མོ་གཉིས་རྡོ་རྗེ་རྭ་ཅུང་ཟད་


TNT13_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གདེངས་པ་ལྟར་བྱེད་པ་ནི་མཱ་མ་ཀཱིའོ། །ཐལ་སྦྱར་ལས་གུང་མོ་གཉིས་པད་འདབ་ལྟར་བྱས། མཐེ་ཆུང་གཉིས་ཕྲལ་ཏེ་བརྐྱང་བ་ནི་གོས་དཀར་མོའི་འོ། །ཐལ་མོ་སྦུག་པོར་སྦྱར་བ་ལས་མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་སྦྱར། །མཐེ་བོང་གཉིས་ཀྱང་གུང་མོ་ལ་སྦྱར་ཞིང༌། ལྷག་མ་བསྣོལ་བ་ནི་སྒྲོལ་མའི་ཕྱག་རྒྱའོ། །རྡོར་བསྡམས་ལས་མཛུམ་མོ་གཉིས་གཤིབས་ཏེ་བརྐྱང་ལ་རྩེ་སྦྱར་བ་ནི་རྡོ་རྗེ་སེམས་དཔའོ། །དེ་ཉིད་ལས་མཛུབ་མོ་གཡས་པ་ལྕགས་ཀྱུ་ལྟར་དགུག་པ་ནི་རྡོ་རྗེ་རྒྱལ་པོའིའོ། །དེ་ཉིད་ལས་མཛུབ་མོ་གཉིས་རྡོ་རྗེ་མདའི་ལྟོང་ལྟར་བརྐྱང་བ་ནི་མེ་ཏོག་དང་འདྲ་བ་ཞེས་བྱ་སྟེ་རྡོ་རྗེ་ཆགས་པའིའོ། །དེ་ཉིད་ལས་མཛུབ་མོ་གཉིས་བཀུག་སྟེ། མཐེ་བོང་གཉིས་དང་རྩེ་སྤྲད་ལ། སེ་གོལ་གཏོགས་ཚུལ་དུ་བྱས་པ་ནི་རྡོ་རྗེ་ལེགས་པའིའོ། །དེ་ཉིད་ལས་མཛུབ་མོ་གཉིས་ཚིགས་བར་མ་བཅག་སྟེ་རིན་པོ་ཆེ་ལྟར་བྱེད་པ་ནི་རྡོ་རྗེ་རིན་ཆེན་གྱིའོ། །དེ་དང་འདྲ་བ་ལས་སོར་མོ་ལྷག་མ་རྣམས་འོད་ཟེར་འབར་བ་ལྟར་སོ་སོར་ཕྲལ་ཏེ་བརྐྱང་བ་ནི་རྡོ་རྗེ་གཟི་བརྗིད་ཀྱིའོ། །ཕྱག་རྒྱ་དེ་ཉིད་སྤྱི་བོར་བཞག་པ་ནི་རྡོ་རྗེ་རྒྱལ་མཚན་གྱིའོ། །ཕྱག་རྒྱ་དེ་ཉིད་གཡས་སུ་བསྐོར་ཏེ་ཁའི་ཐད་དུ་བཞག་པ་ནི་རྡོ་རྗེ་བཞད་པའོ། །རྡོར་བསྡམས་ལས་མཛུབ་མོ་གཉིས་པདྨ་འདྲ་བར་བྱས་པ་ནི་རྡོ་རྗེ་ཆོས་ཀྱིའོ། །མཛུབ་མོའི་རྩེ་མོར་སྦྱར་ནས་རལ་གྲི་ལྟར་བྱས་པ་ནི་རྡོ་རྗེ་རྣོན་པོའིའོ། །དེ་ཉིད་རྩེ་མོ་སྦྱར་ཏེ་གདུབ་བུ་ལྟར་བྱས་པ་ནི་རྡོ་རྗེ་རྒྱུའི་འོ། །རྡོ་རྗེ་ཆོས་དང་འདྲ་བ་ལས་མཛུབ་མོ་ཅུང་ཟད་ཁ་ཕྱེ་བ་ནི་རྡོ་རྗེ་སྨྲ་བའི་འོ། །དེ་དང་འདྲ་བ་ལས་རྡོ་རྗེ་རྩེ་མོ་ཅུང་ཟད་ཕྱིར་བསྐྱེད་པ་ནི་རྡོ་རྗེ་ལས་ཀྱིའོ། །རྩེ་མོ་ཤིན་ཏུ་བསྐྱེད་པ་ནི་རྡོ་རྗེ་བསྲུང་བའི་འོ། །དེ་ཉིད་ལས་མཛུབ་མོ་སྒུར་བོར་བྱས་པ་ནི་གནོད་སྦྱིན་གྱིའོ། །དེ་ཉིད་ལ་མཛུབ་མོ་གཉིས་སོ་སོར་མདུན་དུ་བཀུག་པ་ནི་རྡོ་རྗེ་ཁུ་ཚུར་གྱིའོ། །རྡོ་རྗེ་ཐལ་མོ་སྙིང་གར་བཞག་པ་ནི་སྒེག་མོའི་འོ། །དཔྲལ་བར་


TNT13_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ་ནི་འཕྲེང་བ་མའི་འོ། ཁའི་ཐད་ནས་འཐུར་དུ་འཕྱང་བ་ནི་གླུ་མའིའོ། །སྤྱི་བོར་བཞག་པ་ནི་གར་མའི་འོ། །རྡོར་བསྡམས་བདུན་དུ་བརྐྱང་བ་ནི་བདུག་སྤོས་མའི་འོ། །དེ་ཉིད་གྱེན་དུ་བསྐྱོད་པ་ནི་མེ་ཏོག་མའི་འོ། །དེ་ལས་མཐེ་བོང་གཉིས་བརྐྱང་སྟེ་བསྐོར་བ་ནི་མར་མེ་མའི་འོ། །རྡོར་བསྡམས་བཀྲོལ་ནས་བྱུག་པའི་ཚུལ་ལྟར་བྱེད་པ་ནི་དྲི་ཆབ་མའི་འོ། །རྡོར་བསྡམས་ལས་མཛུབ་མོ་གཉིས་བརྐྱང་སྟེ་ཅུང་ཟད་རྩེ་མོ་བཀུག་པ་ནི་ལྕགས་ཀྱུ་མའི་འོ། མཛུབ་གཉིས་སྦྱར་ཏེ་བརྐྱང་བ་ནི། །ཞགས་པ་མའི་འོ། །མཛུབ་མོ་གཉིས་འདུད་པ་སྟེ་གཡས་གཡོན་གྱི་མཐེབ་མཛུབ་གཉིས་ཀར་རྩེ་སྤྲད་དེ་ལུག་བརྒྱུད་ལྟར་བྱས་པ་ནི་ལྕགས་སྒྲོག་མའི་འོ། །རྡོར་བསྡམས་མཐེ་བོང་གཉིས་ནང་དུ་བཅུག་ནས་བསྐྱོད་པ་ནི་དྲིལ་བུ་མའི་སྟེ་རྒྱས་བཏབ་ཀྱི་སྐབས་སུ་དགོས་པའི་དམ་རྒྱ་རྣམས་སོ། །དེ་དག་ཀུན་ལ་དྲིཥྟི་མ་ཊ་ཞེས་པའི་མིག་བྱིན་གྱིས་རླབས། དྲི་ཤྱ་ཞེས་པས་ཡེ་ཤེས་སྤྱན་དྲངས་ཏེ་བལྟས། ཛཿཧཱུཾ་བཾ་ཧོས་དགུག་གཞུག་བཅིང་མཉེས་བྱས། ས་མ་ཡ་སྟྭཾ་ཞེས་པས་དེ་བཞིན་གཤེགས་པའི་རྒྱབ་ཏུ་ཉི་དཀྱིལ་དང་གཞན་རྣམས་ལ་ཟླ་དཀྱིལ་བསྐྱེད། ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་པས་དམ་ཡེ་གཉིས་སུ་མེད་པའི་ང་རྒྱལ་བསྐྱེད། སྔགས་ལན་གསུམ་གྱིས་ལྷ་དེ་དང་དེ་སྔགས་ཀྱི་རང་བཞིན་དུ་སྒྲུབ་པ་ཡིན་ནོ། །ཆོས་རྒྱའི་སྐབས་སུ་ཡང་ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱེད། །ལས་ཀྱི་ཕྱག་རྒྱ་ལ་ཇི་སྐད་དུ། གར་དང་གླུ་དང་རོལ་དང་ཟས། །སྤྱོད་ལམ་ལ་སོགས་བདེ་བ་རྣམས། །སངས་རྒྱས་རྣམས་ལ་ཕུལ་ན་ནི། །ལས་ཀྱི་ཕྱག་རྒྱ་དབང་དུ་འགྱུར། །ཞེས་གསུངས་པས་གར་གྱི་ཚུལ་བྱ་སྟེ། དེ་ཡང་གར་གྱི་སྔོན་འགྲོ་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བྱས་ལ། དེ་ནས་གཡོན་པའི་ཁུ་ཚུར་ཁ་འོག་ཏུ་བསྟན་པ་ལ་གཡས་པ་མཐེབ་མཛུབ་སྦྱར་བས། འོག་ནས་མཐེ་ཆུང་ནས་རིམ་པའི་ཁ་ཕྱེ། རྡོ་རྗེ་ཁུ་ཚུར་གཉིས་གཡས་གཡོན་དུ་གར་འཁྱམས་


TNT13_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང༌། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ཏ་ལ་སོགས་པ་སྔགས་བཞི་པོ་གླུར་ལེན་ཞིང༌། །དབུས་དང་འོག་དང་གཡས་དང་སྟེང་དང་གཡོན་རྣམས་སུ་གར་གྱི་པད་བསྐོར་གསུམ་གསུམ་བྱས་རང་རང་གི་བརྗོད་པའི་ཚེ་ཕྱག་རྒྱ་འཆའ་བའམ། བཛྲ་སཏྭ་སུའི་དོད་དུ། ཨོཾ་དྲུག་འགྱུར་གྱི་གླུ་བླངས་པའི་གར་པད་བཅོ་ལྔ་བྱ་བའམ། བསྡུ་ན་ཨོཾ་གཅིག་དང༌། སརྦ་བིད་སོགས་མཚན་རྐྱང་བ་གླུ་བླང་ངོ༌། །ཡོ་ག་སྤྱི་པའི་ལུགས་ལ། བཛྲ་ས་ཏྭ་ཞེས་པ་ལྟ་བུ་མཚན་རྐྱང་པ་ལ་སྙིང་པོ་དང༌། ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་པ་ལྟ་བུ་ཐོག་མ་ཨོཾ་དང་མཐར་ས་བོན་གྱིས་བརྒྱན་པ་ལ་སྔགས་ཀྱི་ཐ་སྙད་འཇོག་པར་སྣང་ལ། སྦྱོང་རྒྱུད་ཀྱི་རང་ལུགས་ལ་ཐ་སྙད་དེ་མི་དགོས་ཀྱང༌། ཕྱག་རྒྱ་བཞིའི་རྒྱས་བཏབ་ཀྱི་སྐབས་འདིར་དོན་ནི་འདྲ་བར་བྱའོ། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་ནི། གཙོ་བོ་དང་སྦྱོང་རྒྱལ་གྱི་ལས་རྒྱའོ། །གཡས་མཆོག་སྦྱིན་དངགཡོན་ཆོས་གོས་ཀྱི་གྲྭ་འཛིན་པ་ནི་རྒྱལ་མཆོག་རིན་ཆེན་གྱིའོ། །ཆོས་འཆད་ཀྱི་ཕྱག་རྒྱ་ནི་ཤཱཀྱ་ཐུབ་པའི་འོ། །གཡས་སྙིང་གར་སྐྱབས་སྦྱིན་དང་གཡོན་ལྟེ་བར་ཆོས་གོས་ཀྱི་གྲྭ་འཛིན་པ་ནི་མེ་ཏོག་ཆེར་རྒྱས་ཀྱིའོ། །གཡས་སྙིང་གར་ཁུ་ཚུར་ཁ་གྱེན་ལ་བསྟན་པ་ནི་སྤྱན་མ་དང༌། མཱ་མ་ཀཱིའི་འོ། །གཡས་ཁུ་ཚུར་དཔུང་པ་གཡོན་དུ་འཇོག་པ་ནི་གོས་དཀར་མོའི་འོ། །གཡས་སུ་འཇོག་པ་ནི་སྒྲོལ་མའི་འོ། །དེ་བཞི་ལ་གཡོན་པ་གདན་ལ་བརྟེན་པའོ། །གཡོན་ཁུ་ཚུར་ནང་དུ་ལྟ་བ་དཀུར་བཞག །གཡས་པའི་ཐུགས་ཀར་གན་རྐྱལ་གྱེན་དུ་གཏོད་པ་ནི་རྡོར་སེམས་ཀྱི་འོ། །གཡས་ཀྱི་ཁུ་ཚུར་སྙིང་ག་ནས་མདུན་དུ་སོར་བརྒྱད་ཙམ་དུ་འཆའ། གཡོན་གྱི་ཁུ་ཚུར་ཡང་དེའི་གདོང་དུ་བཞག་པ་ནི་རྒྱལ་པོའིའོ། །སྙིང་གར་ཁུ་ཚུར་ཁ་སྦྱོར་གཡོན་འོག་ཏུ་བྱས་པ་ལས་རྣ་བ་ཐུག་པའི་བར་མདའ་གཞུ་འགེངས་པ་ལྟར་བྱེད་པ་ནི་ཆགས་པའོ། ཁུ་ཚུར་གཉིས་ཁ་སྤྲད་སྙིང་ཁའི་ཐད་དུ་


TNT13_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

མཐེབ་མཛུབ་གཉིས་སེ་གོལ་གཏོགས་པ་ནི་ལེགས་པའིའོ། ཁུ་ཚུར་གཉིས་གཤིབས་པའི་མཛུབ་མོ་དཔྲལ་བར་འཇོག་པ་ནི་རིན་ཆེན་གྱིའོ། ཁུ་ཚུར་གཉིས་སྙིང་གར་གཡས་བསྐོར་བྱེད་པ་ནི་གཟི་བརྗིད་ཀྱིའོ། །གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གཡས་པའི་གྲུ་མོ་བཙུགས་ཏེ་ཁུ་ཚུར་བཅིངས་བ་ནི་རྒྱལ་མཚན་གྱིའོ། ཁུ་ཚུར་བསྐོར་ཏེ་ཁའི་འགྲམ་དུ་བཞག་པ་ནི་བཞད་པའི་འོ། །སྙིང་གར་གཡོན་ཁུ་ཚུར་ཁ་གྱེན་དུ་བསྟན་པ་ལ་གཡས་ཁུ་ཚུར་མཐེབ་མཛུབ་སྦྱར་ནས་གཡོན་པའི་མཐེ་ཆུང་ནས་རིམ་གྱི་ཁ་འབྱེད་པའི་ཚུལ་ནི་ཆོས་ཀྱིའོ། །གཡོན་ཁུ་ཚུར་སྙིང་གར་བཞག །གཡས་ཁུ་ཚུར་འཕྱར་བ་ནི་རྣོན་པོའི་འོ། ཁུ་ཚུར་གཉིས་ཁ་སྤྲད་ནས། །འགལ་མེའི་འཁོར་ལོ་ལྟར་ལུས་ཀྱི་ཕྱི་རོལ་དུ་གཡས་བསྐོར་གྱིས་བསྐོར་ཚུལ་བྱས་པ་ནི་རྒྱུའི་འོ། །གླུ་ལེན་པའི་ཕྱག་རྒྱ་དང་འདྲ་རུང་ལས་ཁའི་མདུན་ནས་ཅུང་ཟད་ཁུ་ཚུར་གྱེན་དུ་གཏེགས་པ་ནི་སྨྲ་བའི་འོ། ཁུ་ཚུར་བཀྲོལ་བ་ལས་བྱུང་བའི་ཐལ་མོ་སྦྱར་བ་འགྲམ་པ་གཡས་དང་གཡོན་དང་སྤྱི་བོར་འཇོག་པ་ནི་ལས་ཀྱིའོ། ཁུ་ཚུར་གནས་དགུར་རེག་ནས་མཐར་དཔྲལ་བར་ཐལ་མོ་གདབ་པ་ནི་སྲུང་བའི་འོ། །དེ་ལ་གནས་དགུ་ནི། སྙིང་མགྲིན་ལྟག་སྙིང་ནུ་བར་དང༌། །སྙིང་མགྲིན་རྒྱབ་དང་དཔྲལ་བའོ། །ཞེས་ཏེ། སྙིང་གསུམ་པོ་ནི་དབུས་དང་གཡས་དང་གཡོན། །མགྲིན་པ་གཉིས་པོ་ནི་དེའི་གཡས་གཡོན་ནོ། ཁུ་ཚུར་གཡས་པའི་མཐེ་ཆུང་ནས་དང༌། །གཡོན་པའི་མཛུབ་མོ་ནས་བཀྲོལ་བ་ཡིན། །ཨོཾ་ཊུཾ་སོགས་ཀྱིས་ཕྱག་རྒྱས་གནས་དགུ་དང་གཅིག་གོ ཁུ་ཚུར་གཉིས་ཀྱི་མཐེ་ཆུང་མཆེ་བ་ལྟར་བྱས་ནས་ཁའི་འགྲམ་དུ་བཞག་པ་ནི་གནོད་སྦྱིན་གྱིའོ། ཁུ་ཚུར་གཉིས་བཙིར་པ་ནི་རྡོ་རྗེ་ཁུ་ཚུར་གྱིའོ། ཁུ་ཚུར་གཉིས་སྒེག་པའི་ཚུལ་གྱིས་དཀུར་བཞག་ལ་མགོ་གཡོན་དུ་དུད་པ་ནི་སྒེག་མོའིའོ།


TNT13_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་ཚུར་གཉིས་མགོ་བོའི་གཡས་གཡོན་དུ་འཕྲེང་བ་འཆིང་བའི་ཚུལ་བྱེད་པ་ནི་འཕྲེང་བ་མའི་འོ། ཁུ་ཚུར་གཉིས་ཁ་ནས་ཚིག་འབྱིན་པའི་ཚུལ་དུ་བྱེད་པ་ནི་གླུ་མའི་འོ། ཁུ་ཚུར་གཉིས་ཀྱིས་གར་བསྐོར་བ་རྡོ་རྗེ་ལས་དང་འདྲ་རུང་བ་ནི་གར་མའི་འོ། ཁུ་ཚུར་གཉིས་ཅུང་ཟད་ཁ་འཐུར་དུ་བསྟན་ཞིང་བསྐྱོད་པ་བདུག་སྤོས་མའི་འོ། ཁུ་ཚུར་ཁ་གྱེན་དུ་བསྟན་ཞིང་འཐོར་བ་ནི་མེ་ཏོག་མའི་འོ། ཁུ་ཚུར་གཉིས་ཀྱི་མཐེ་བོང་གཤིབས་ཏེ་བསྒྲེང་བ་ནི་མར་མེ་མའི་འོ། ཁུ་ཚུར་གཉིས་བརྐྱང་ནས་དྲི་ཆབ་བྱུག་ཚུལ་བྱེད་པ་ནི་དྲི་ཆབ་མའི་འོ། །གཡས་ཁུ་ཚུར་མཛུབ་མོ་ལྕགས་ཀྱུ་ལྟ་བུ་དང༌། །གཡོན་ཁུ་ཚུར་གྱི་མཐེའུ་ཆུང་སྒྲེལ་བ་ནི་ལྕགས་ཀྱུ་མའི་དང༌། ཁུ་ཚུར་གཉིས་ཀྱི་འཁྲིག་མའི་རྒྱབ་སྦྱར་ཞིང༌། མཛུབ་མོ་འདུད་པ་ནི་ཞགས་པ་མའི་དང༌། ཁུ་ཚུར་གཉིས་ཁ་གྱེན་བསྟན་གྱི་མཛུབ་མོ་དང་མཐེ་ཆུང་འདུད་པ་ནི་ལྕགས་སྒྲོག་མའི་དང༌། ཁུ་ཚུར་གཉིས་རྒྱབ་བསྣོལ་ཞིང་སྦྱར་བས་བཙིར་བ་ནི་དྲིལ་བུ་མའི་སྟེ་དེ་དག་ནི་ལས་ཀྱི་ཕྱག་རྒྱས་རྒྱས་འདེབས་པ་རྣམས་སོ། །དེ་དག་ལ་ཕྱག་རྒྱའི་རྗེས་ཀྱི་བྱ་བ་ནི། དཀུ་གཡོན་གྱི་ཕྱོགས་སུ་ལག་པ་གཉིས་སེ་གོལ་གཏོགས་ཅིང་དཀྲོལ་བའོ། །དེ་དག་ལས་སྤྲོ་ཞིང་ནུས་ན། ལྷ་རེ་རེ་བཞིན་སྔོན་འགྲོ་དང་རྗེས་དེ་དག་ཚང་བ་རེ་བྱ་ཞིང༌། དེ་ཙམ་མི་ནུས་ན་གཙོ་བོ་གཅིག་པུ་ལ་ཚར་གཅིག་ཚང་བ་དང༌། གཞན་བཞི་ཚན་བཞི་ཚན་ལ་ཚང་བར་བྱེད་དོ། །དེ་ཡང་ཆོ་ག་མཁན་པོ་རྣམས་ལ་རབ་ཏུ་གྲགས་པ་ཡིན་གྱི། དེ་བས་མང་བ་དང་ཉུང་བ་ལ་ཡང་མི་རུང་བ་ནི་མ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་ནི་རང་རང་གི་སྙིང་པོའམ། རང་སྔགས་ལན་གསུམ་གསུམ་བཟླས་ཏེ་འཆིང་བ་ཡིན། དེ་བཞིན་གཤེགས་པ་ལྔ་ལ་ལས་རྒྱ་དང་འདྲ་བ་ལས་རྒྱལ་མཆོག་རིན་ཆེན་དང༌། མེ་ཏོག་ཆེར་རྒྱས་གཉིས་ལ་གཡོན་མཉམ་བཞག་གོ །གཡས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་ལ་གཞན་རྣམས་བརྐྱང་བ་སྙིང་གར་


TNT13_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཕྱིར་བསྟན་པ་དང༌། གཡས་སྡིགས་མཛུབ་འདྲ་རུང་གི་སྙིང་གར་རྡོ་རྗེ་འཛིན་པའི་ཚུལ་དང༌། གཡས་པའི་མཐེབ་མཛུབ་སྦྱར་བ་དཔུང་པ་གཡོན་པར་བཟུང་བ་དང་དེ་ཉིད་དཔུང་པ་གཡས་སུ་འཇོག་པ་སྟེ་བཞི་པོ་དེ་དག་ནི་ལྷ་མོ་བཞིའི་འོ། །རྡོ་རྗེ་སེམས་དཔའ་ནི་གཡས་ཀྱི་མཐེ་བོང་མཐེ་ཆུང་གིས་མནན། མཛུབ་གུང་སྲིན་གསུམ་སྙིང་གར་བསྒྲེང་གཡོན་ཁུ་ཚུར་ནང་དུ་བསྟན་པ་དཀུར་བརྟེན་པའོ། །རྡོ་རྗེ་རྒྱལ་པོའི་ནི་ལས་རྒྱ་དང་འདྲའོ། །ཆགས་པའི་ནི་སྙིང་གར་གཡོན་པའི་ཁུ་ཚུར་གྱི་མཛུབ་སྟེངས་སུ་གཡས་པའི་ཁུ་ཚུར་གྱི་མཐའ་བཞག་ནས་མདའ་འགེངས་བྱེད་པའོ། །ལེགས་པའི་ཡང་ལས་རྒྱ་དང་འདྲ། རིན་ཆེན་གྱི་ནི་གཡས་ཁུ་ཚུར་མཛོད་སྤུར་འཇོག་ཅིང་གཡོན་དཀུར་བརྟེན་པའོ། །གཟི་བརྗིད་ཀྱི་ནི་གཡས་སྙིང་གར་ཁུ་ཚུར་ལས་མཛུབ་གུང་མཐེ་ཆུང་གསུམ་ཅུང་ཟད་གྲོལ་བའོ། །རྒྱལ་མཚན་གྱི་ནི་ཁུ་ཚུར་ཕྲག་པ་གཡོན་པར་འཇོག་པའོ། །བཞད་པའི་ནི་གཡས་ཁུ་ཚུར་ཁའི་གྲྭར་འཇོག་པའོ། །ཆོས་ཀྱི་ནི་གཡོན་ཁུ་ཚུར་དཀུར་བཞག །གཡས་ཐུགས་ཀར་མཐེབ་མཛུབ་སྤྲད་པའོ། །རྣོན་པོའི་ནི་གཡོན་ཁུ་ཚུར་སྙིང་གར་ཁ་གྱེན་དུ་བསྟན། གཡས་ཁུ་ཚུར་ལས་སོར་མོ་གཉིས་བརྐྱང་བ་འཕྱར་བའི་ཚུལ་ལམ། ཡང་ན་ལས་རྒྱ་དངའདྲ་བའོ། །རྒྱུ་ཡི་ནིཁུ་ཚུར་ལས་གུང་མོ་བསྒྲེང་ཞིང་བསྐོར་བའོ། །སྨྲ་བའི་ནི་གཡས་ཁུ་ཚུར་ཁ་གྱེན་དུ་བསྟན་པ་ཁའི་མདུན་དུ་འཇོག་པའོ། །ལས་ཀྱི་ནི་རྡོར་སེམས་ལྟར་ལས་གཡོན་སྙེམས་པའི་ཕྱག་རྒྱ་སྟེ་ཁུ་ཚུར་ཁ་གྱེན་དུ་བསྟན། སོར་མོའི་ཚིག་གོང་མ་རྣམས་དཀུ་ལ་རེག་པའོ། །བསྲུང་བའི་ནི་ལག་པ་ཁུ་ཚུར་ལྟེ་བའི་ཐད་དུ་བསྣོལ། །དེ་ནས་ཡར་དྲངས་ཏེ་དཔུང་པ་གཉིས་ཀྱི་ཁར་ཁ་ཕྱིར་བསྟན་པའོ། །གནོད་སྦྱིན་གྱི་ནི་ལས་རྒྱ་དང་འདྲའོ། ཁུ་ཚུར་གྱི་ནི་རྡོར་སྡམས་མཐེ་བོང་གཉིས་ནང་དུ་བཅུག་པའོ། །སྒེག་མོའི་ནི་རྡོ་རྗེ་ཁུ་ཚུར་གཉིས་སྙེམས་པའི་ཚུལ་ལོ། །འཕྲེང་བ་མའི་ནི་ཁུ་ཚུར་ལས་མཐེབ་མཛུབ་གཉིས་སྦྱར་བ་ཁ་


TNT13_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བསྟན། དཔྲལ་བའི་གཡས་གཡོན་དུ་འདྲེན་པའི་ཚུལ་ལོ། །གླུ་མའི་ནི་གཡོན་ཁུ་ཚུར་བསྒྲེང་བའི་ལག་ཉའི་ཐད་དུ་གཡས་པའི་འཛུབ་མོས་པི་ཝཾ་བསྐུལ་བའི་ཚུལ་ལོ། །གར་མའི་ནི་ཐལ་མོ་སྦུག་པོར་སྦྱར་བ་བསྐྱོད་ཅིང་དེ་ནས་ཕྱེ་སྟེ་ཐལ་མོ་གཡས་མགོ་དང༌། གཡོན་སྟ་ཟུར་དུ་བཞག་པའོ། །ལྕགས་ཀྱུ་མའི་ནི་གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གཡས་པའི་གྲུ་མོ་བཞག་ཅིང༌། ཁུ་ཚུར་གཡས་པའི་མཛུབ་མོ་ལྕགས་ཀྱུ་འདྲ་བའམ། རྡོ་རྗེ་རྒྱལ་པོ་དང་འདྲ་བའང་ཡིན་ནོ། །ཞགས་པ་མའི་ནི་ཁུ་ཚུར་ཁ་སྦྱོར་ལྟེ་བ་ནས་སྙིང་ག་དང་དེ་ནས་མགྲིན་པའི་གཡས་གཡོན་གྱི་ཐད་ཙམ་དུ་ཁ་ཕྱིར་བསྟན་ནས་འཛིན་པའོ། །ལྕགས་སྒྲོག་མའི་ནི། ཁུ་ཚུར་ཁ་སྦྱོར་སྙིང་ག་ནས་ལྟེ་བ་དང༌། དེ་ནས་པུས་མོའི་ཐད་ཀར་དྲངས་ཏེ་ཁ་སྦུབས་པའོ། །དྲིལ་བུ་མའི་ནི་གཡས་ཁུ་ཚུར་དྲིལ་བུ་ཁྲོལ་བའི་ཚུལ་དུ་བྱེད་པའོ། །དེ་དག་ནི་ཕྱག་ཆེན་གྱི་རྒྱས་འདེབས་ཚུལ་ཏེ། གཡོན་གསལ་ཁ་མེད་པ་རྣམས་གདན་ལ་བརྟེན་པ་ཡིན་ལ། སྔ་ཕྱིར་ཁུ་ཚུར་ཞེས་པ་ལས་གཞན་གསལ་ཁ་མེད་པ་ནི། རྡོ་རྗེ་ཁུ་ཚུར་ཏེ་མཐེ་བོང་ནང་དུ་བཅུག་སོར་མོ་ལྷག་མ་བཞིས་བསྡམས་པའོ། །ལས་བཅོལ་གྱི་སྐབས་ཀྱི་ཕྱག་རྒྱ་ནི། འགའ་ཞིག་དམ་རྒྱ་དང༌། འགའ་ཞིག་ལས་རྒྱ་དང༌། འགའ་ཞིག་ཕྱག་ཆེན་དུ་འདོད་པ་སོགས་མི་འདྲ་བ་དུ་མ་བྱུང་ཡང་ཆོ་ག་གང་ལ་ཕྱག་རྒྱ་བཞི་སྐོར་གྱིས་རྒྱས་བཏབ་ཡོད་ཕྱིན་ཆད་ཕྱག་ཆེན་ལྟར་བྱེད་པ་འཐད་དེ། གཞན་ལ་ཁུངས་མེད་ཅིང་དེ་ལྟ་བུ་ལ་ཁུངས་གསལ་ཡོད་པའི་ཕྱིར་རོ། །དམ་རྒྱ་འབའ་ཞིག་གིས་རྒྱས་འདེབས་པའི་ལུགས་ལ་ནི་ལས་བཅོལ་ལ་ཡང་དམ་རྒྱ་ཁོ་ན་ལས་འོས་མེད་དོ། །དེས་ན་ཕྱིའི་སེམས་དཔའ་རྣམས་ལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་དང༌། སྤྲོས་པ་ལ་དགའ་ན་ཕྱོགས་ཀྱི་རིམ་པ་དང་མཐུན་པའི་སེམས་དཔའ་བཞིའོ། །ཉན་རང་ལ་ཐུན་མོང་དུ་གཡས་དཔུང་པའི་ཐད་དུ་ཁུ་ཚུར་དང༌། གཡོན་སྙིང་གའི་ཐད་དུ་ཁུ་ཚུར་ཁ་གྱེན་དུ་བསྟན་པའོ། །ཁྲོ་བོ་རྣམས་ལ་


TNT13_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱའོ། །འཇིག་རྟེན་པ་རྣམས་ལ་གར་འཁྱམས་དང་པད་བསྐོར་སྔོན་དུ་འགྲོ་བའི་ཐལ་མོ་སྤྱི་བོར་སྦྱར་བའོ། །གལ་ཏེ་དམ་རྒྱས་བྱེད་ན། ལག་པ་གཡོན་དེ་བཞིན་གཤེགས་པའི་ཁུ་ཚུར་བཀན་ལ། །གཡས་པའི་མཐེབ་མཛུབ་ཀྱིས་འབྱེད་པའི་ཚུལ་བྱས་ནས། ཐལ་མོ་ཁོང་སྟོང་དུ་སྦྱར་བ་ནི་སེམས་དཔའ་རྣམས་ཀྱིའོ། །ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་ཁ་ཕྱེ་ནས་མཐེ་བོང་མཐེ་ཆུང་སྦྱར་སོར་མོ་ལྷག་མ་བརྐྱང་བ་ནི། ཉན་ཐོས་རྣམས་ཀྱིའོ། །ཐལ་མོ་སྦྱར་བ་ལས་མཐེ་ཆུང་ནས་བརྩམས་ཏེ་སོར་མོ་གཞན་རྣམས་ནང་དུ་བསྐུམ་ཞིང་སོར་མོ་བསྒྲིང་བ་ནི། རང་རྒྱལ་གྱི་ཕྱག་རྒྱའོ། །རྡོ་རྗེ་ནང་བསྡམས་ལས་གུང་མོ་གཉིས་རྩེ་སྤྲད། ཐ་མ་བཞི་སོ་སོར་བརྐྱང་བ་ནི། ཁྲོ་བོ་ལ་སོགས་པ་རྣམས་ཀྱིའོ། །ཐལ་མོ་ལ་མཐེ་བོང་དང་མཐེ་ཆུང་སྦྱར། ལྷག་མ་རྣམས་བརྐྱང་བ་པདྨ་ཁ་འབུས་ལྟ་བུ་ནི། འཇིག་རྟེན་པ་སྤྱིའི་དམ་རྒྱའོ། །དེས་ན་ཉན་རང་གི་དམ་རྒྱ་ལ་གཞན་གང་ནའང་ཁུངས་རྣམ་དག་མེད་པས་འཇམ་དཔལ་གྱི་རྩ་བའི་རྟོག་པ་ནས་བཤད་པ་བཞིན་བྱ་དགོས་སོ། །དེ་དག་ནི་ཆོས་འདི་ཡོ་གའི་ལུགས་སུ་བྱེད་ན་ངེས་པར་དགོས་པའི་ཕྱག་རྒྱ་རྣམས་སོ། །མི་ཤེས་པའི་རང་བཞིན་སྐྱེ་བོ་མང་པོ་བརྫུན་གྱིས་བསླུ་བར་བྱེད་པ་ཁ་ཅིག་འདི་སྐད་ཅེས་དཀུ་གཡོན་གྱི་ཕྱོགས་སུ་ཁུ་ཚུར་སྟེང་འོག་ཏུ་ཁ་སྦྱོར་ལས་རྒྱ་དངོས་ཡིན། ངག་ཏུ་རྩ་རིག་བཟླ་བའི་ཏདྱ་ཐཱ་ནས་ཕྱག་རྒྱ་བཀྲོལ་ལ་གཡས་གཡོན་སྙིང་ག་གསུམ་དུ་པད་སྐོར་བྱེད་པ་དེའི་ཡན་ལག་སྟེ་ལས་ཀྱི་ཕྱག་རྒྱ་དང་དེའི་རྗེས་ལ་མཉམ་བཞག་གི་ཕྱག་རྒྱ་བྱེད་པ་ནི་དམ་རྒྱ་དང༌། །ངག་ནས་ཀུན་རིག་གི་སྔགས་ཐུང་བཟླ་བ་ནི་ཆོས་རྒྱ་དང༌། མདུན་གྱི་གཙོ་བོའི་སྐུ་ལ་རྟོག་པ་ནི་ཕྱག་ཆེན་ཏེ། ཕྱག་རྒྱ་བཀྲོལ་ནས་ཐལ་མོ་སྙིང་གར་སྦྱོར་བཞིན་དུ་ལས་བཅོལ་གྱི་ཚིག་བརྗོད་པའི་མཐར་དཀུ་གཡོན་དུ་ལག་པ་གཉིས་ཀས་སེ་གོལ་གཏོགས་པ་ནི། །ལས་ལ་སྦྱོར་བའོ། །ཞེས་སྨྲ་ཏེ་ལོག་པའི་ཚིག་འདི་ཤིན་ཏུ་


TNT13_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་ཆེར་རློམ་པའི་མཚན་ཉིད་པ་རྣམས་ནས་བཟུང༌། མཐའ་འཁོབ་ཀྱི་སྐྱེ་བོ་བླུན་པོའི་བར་དུ་མགོ་འཁོར་བར་གྱུར་ཏེ། འདི་ལ་དམ་རྒྱ་རང་སྔགས་མེད་པ་དང༌། ཆོས་རྒྱ་ལ་སྔགས་ཡིག་གི་གཟུགས་བརྙན་མེད་པ་དང༌། ལས་དམ་ཆོས་ཞེས་ཕྱག་རྒྱ་བཞིའི་གོ་རིམ་འཁྲུགས་པ་དང༌། ཕྱག་ཆེན་ལ་སྐུའི་རྣམ་འགྱུར་མེད་པ་དང༌། ཁྱེད་རང་འདོད་པའི་ལས་རྒྱས་སྔོན་འགྲོ་རྗེས་ལ་བྱེད་པར་ཐལ་བ་དང༌། དེ་སྐབས་ཕྱག་འཚལ་གྱི་སྐབས་སུ་ཕྱག་རྒྱ་དངོས་སུ་འདོད་པ་དེ་བཅས་སྔགས་ཀྱི་དངོས་གཞིའི་སྐབས་སུ་གར་བྱེད་པས། མདུན་མགྲོན་ལ་ཕུད་དང་སྟོན་མོ་དྲངས། མགྲོན་པོ་དངོས་ལ་བཀྲུ་བཤལ་སྦྱིན་པ་ལྟ་བུ་འགྱུར་བའི་ཕྱིར་དང༌། གནས་སྐབས་དེ་ཉིད་དུ་ཕྱག་རྒྱ་བཀྲོལ་ཞེས་ལན་གཉིས་སྨྲ་བ་ནི། ཕྱག་རྒྱ་བཀྲོལ་ནས་སངས་རྒྱས་གཤེགས་ཞེས་བྱ་བའི་ལུང་ཁས་ལེན་མཁན་ཡིན་པའི་ཕྱིར། ཕྱག་རྒྱས་བཏབ་མ་ཐག་ཏུ་གཤེགས་གསོལ་བྱེད་པར་འགྱུར་བའི་ཕྱིར་དང༌། ཁུ་ཚུར་ཁ་སྤྲས་དང་པད་སྐོར་གསུམ་པོ་གང་སུ་ཅིའི་ཡང་ལས་རྒྱ་མ་ཡིན་པའི་ཕྱིར། ཁུ་ཚུར་ཁ་ཕྱེ་བ་ལ་ཕྱག་རྒྱ་བཀྲོལ་བའི་ཐ་སྙད་མི་འཇུག་པའི་ཕྱིར་དང༌། རྩ་རིག་ཀྱང་ལས་རྒྱའི་སྔགས་མ་ཡིན་པའི་ཕྱིར་དང༌། སྔགས་ཐུང་བཟློས་པ་ཙམ་ལ་ཆོས་ཀྱི་ཕྱག་རྒྱའི་མཚན་ཉིད་ཚང་བ་མེད་པའི་ཕྱིར་དང༌། མདུན་གྱི་ལྷ་སྐུ་ལ་རྟོག་ཅིང་ཡིད་ལ་བྱེད་པ་ཙམ་ཕྱག་ཆེན་མ་ཡིན་ཞིང༌། ཡིན་ན་དམ་རྒྱ་ཡང་ཕྱག་ཆེན་དུ་ཐལ་བ་དང༌། གལ་ཏེ་འདི་ཕྱག་རྒྱ་བཞི་རྒྱས་བཏབ་ཡིན་ན་རྣལ་འབྱོར་རྒྱུད་ཀྱི་ཕྱག་རྒྱ་བཞིའི་རྒྱས་འདེབས་ནི། སྤྱིར་བདག་མདུན་བུམ་བསྐྱེད་སོགས་གནས་སྐབས་སུ་དུ་མར་འབྱུང་ཡང་དོན་གྱི་གཙོ་བོ་བདག་བསྐྱེད་ཀྱི་སྐབས་སུ་དགོས་པ་ལས། ཁྱེད་དེར་མི་བྱེད་པའི་དགོས་དོན་གྱི་གཙོ་བོ་གཏོར་བའི་ཕྱིར་དང༌། །རྗེ་བཙུན་ཆེན་པོའི་རྗེས་སུ་འབྲང་བ་ཡིན་ན་


TNT13_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མལ་གྱོ་སོགས་གོང་མ་རྣམས་ཀུན་རིག་ལ་དམ་རྒྱ་བཅས་ནས་ལས་བཅོལ་བྱེད་ཀྱི། ཕྱག་རྒྱ་བཞིའི་རྒྱས་འདེབས་མི་དགོས་པར་བཞེད་པའི་ལུགས་གཅིག་དང༌། རང་བཞེད་ལ་ཕྱག་རྒྱ་བཞིའི་རྒྱས་འདེབས་རྒྱུད་འདིར་ཚིག་ཟུར་གྱིས་ཐོན་པས་བཞི་པོ་སོ་སོར་བྱེད་ན་ལེགས་སོ་ཞེས་སོ་སོར་ཕྱེ་ནས་ལུགས་གཉིས་སུ་མཛད་ཀྱི། སྔ་མ་རྣམས་དམ་རྒྱ་བཅས་ནས་ལས་བཅོལ་ཙམ་བྱེད་པ་ལ། ཁོ་བོས་བལྟས་ན་ཕྱག་རྒྱ་བཞི་ཚང་འདུག་ཀྱང་སྔ་མ་རྣམས་ཀྱིས་ཕྱག་རྒྱ་བཞི་ཚང་བ་མ་ཤེས་ཤིང་མི་དགོས་པར་འདོད་དོ། །ཞེས་ནམ་དུ་ཡང་མ་གསུངས་པ་ལ། ཁྱེད་དམ་རྒྱ་བཅས་ནས་ལས་བཅོལ་བྱེད་པ་ལ་ཕྱག་རྒྱ་བཞིའི་རྒྱས་བཏབ་ཚང་བར་འདོད་ཀྱིན་འདུག་པའི་ཕྱིར། རྗེ་བཙུན་ཆེན་པོ་དང་འགལ་བ་སོགས་མདོར་ན་འཁྲུལ་བའི་ཕུང་པོ་ཆེན་པོ་འདི་བློ་གྲོས་ཤིན་ཏུ་ཆུང་ངུ་དེའི་ནང་དུ་ཆུད་པ་ཤིན་ཏུ་ངོ་མཚར་ཆེའོ། །ཞེས་ཀྱང་བྱའོ། །དེ་ཡན་ཆད་ཀྱིས་ཕྱག་རྒྱས་གཙོ་བོ་རྣམས་བཤད་ཟིན་ཏོ། །མཆོད་པ་ཉེར་ལྔའི་སྐབས་ཀྱི་ཕྱག་རྒྱ་ནི། ཁུ་ཚུར་གཉིས་མགོ་བོའི་སྟེང་དུ་འཇོག་པ་ཅོད་པན་དང༌། མཐེབ་མཛུབ་སྦྱར་བའི་ཟླུམ་པོ་རྣ་བ་ལ་རེག་པ། རྣ་རྒྱན་དང༌། བ་དན་གསུམ་པའི་ཕྱག་རྒྱས་མགུལ་གྱི་དབུས་ནས་གཡས་གཡོན་དུ་དྲྭ་ཕྱེད་འབྲི་བ་མགུལ་རྒྱན་དང༌། གཡས་གཡོན་རེས་མོས་ཀྱིས་ཕྲག་པ་ནས་རྐེད་པའི་བར་དང༌། ཕྲག་པ་ཅིག་ཤོས་ཀྱི་བར་ལ་འབྲི་བ་ནི། སེ་མོ་དོ་དང༌། ལག་པ་གཡས་གཡོན་གྱི་བར་ལྷུ་གཡོན་གཡས་ལ་བྱབས་པ་དཔུང་རྒྱན་དང༌། དེ་བཞིན་དུ་འཁྲིག་མ་གཡས་གཡོན་དང༌། རྐང་པ་གཡས་གཡོན་ལ་ལག་གདུབ་དང༌། རྐང་གདུབ། དེ་རྣམས་བ་དན་གསུམ་པའི་ཕྱག་རྒྱ་ཁོ་ནས་རེག་པས་སོ། །གཡས་པའི་གུང་མོའི་དཀྱིལ་ནས་གཡོན་པའི་མཛུབ་མོས་འཁྱུད་པ་སོར་གདུབ་དང༌། གཡོན་བདེ་གཤེགས་ཁུ་ཚུར་གྱི་སྟེང་དུ་གཡས་པའི་མཐིལ་བཞག་པ་ནི་གདུགས་དང༌། ཁུ་ཚུར་ཉིས་བརྩེག་ཕྲག་པ་གང་རུང་གི་


TNT13_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་བཞག་པ་ནི་རྒྱལ་མཚན་དང༌། ཁུ་ཚུར་གྱི་གུང་མཛུབ་གཉིས་ནམ་མཁའ་ལ་སྟེང་འོག་ཏུ་བསྐོར་བ་ནི་བ་དན་དང༌། གཡོན་པའི་ཁུ་ཚུར་སྙིང་གར་བཞག་གཡས་པའི་གུང་མཛུབ་གཉིས་ཀྱིས་མཐོ་དམན་དུ་ལྡ་ལྡི་འགེལ་བའི་ཚུལ་ནི་ལྡ་ལྡི་དང༌། ལག་པ་གཅིག་གི་ཡུ་བ་འཛིན་ཚུལ་དང༌། ཅིག་ཤོས་ཐལ་མོ་རྔ་ཡབ་ཀྱི་ཚུལ་དུ་བྱེད་པ་ནི་རྔ་ཡབ་ཀྱི་དང༌། ལག་པ་གཡོན་མཉམ་བཞག །གཡས་སྨིན་མཚམས་ནས་འཐུར་དུ་བསྟན་པ་ནི་བླ་བྲེའོ། རྡོ་རྗེ་ཁུ་ཚུར་གཉིས་གཤིབས་པ་ནི་སེང་གེའི་ཁྲི་དང༌། ཁུ་ཚུར་གཉིས་གཡས་གཡོན་དུ་དྲངས་པ་ནི་གཟིམས་ཆ་དང༌། ཁུ་ཚུར་གཡོན་སྙིངགར་བཞག །གཡས་པའི་གུང་མཛུབ་རྩེ་སྤྲད་པ་ཟླུམ་པོ་ནི་ཁང་བཟང་ཟླུམ་པོ་དང༌། དེ་ཉིད་གྲུ་བཞིར་བྱེད་པ་ཁང་བཟང་གྲུ་བཞི་དང༌། ཕྱག་རྒྱ་དེ་ཉིད་ཀྱིས་ཁང་བརྩེགས་དང༌། རྡོ་རྗེ་ཁུ་ཚུར་ཁ་གྱེན་བསྟན་གཉིས་ཀྱིས་ཟླ་གདན་དང༌། མེ་ཏོག་དང་པི་ཝཾ་གོང་དང་འདྲ། ཏིང་ཏིང་ཞིག་བརྡུང་ཚུལ་གྱིས་དེ་ཉིད་དང༌། གཡོན་ཁུ་ཚུར་སྙིང་གར་བཞག་གཡས་ཁུ་ཚུར་གྱི་དྲིའི་ཕྱེ་མ་འབྱེད་པའི་ཚུལ་གྱི་དྲི་བཟང་དང༌། རྡོ་རྗེ་ཁུ་ཚུར་གྱེན་དུ་ཁ་ཕྱེ་བས་ལྷ་བཤོས་དང༌། ཁུ་ཚུར་གཉིས་ཀྱི་རྒྱབ་ནས་ནམ་བཟའ་གཡོགས་ཏེ་མདུན་དུ་བསྣོན་པའི་ཚུལ་ནམ་བཟའ་སྟེ། དེ་དག་ཀྱང་ཕྱག་རྒྱའི་རྣམས་གྲངས་ཙམ་མོ། །བསྟོད་རིང་གི་སྐབས་སྤྱིར་རྡོ་རྗེ་དྲིལ་ཐབས་ཙམ་གྱིས་ཆོག་ལ། ཉང་སྟོད་ཕོ་རོག་པའི་ལག་ལེན་དེང་སང་ཕལ་ཆེར་བྱེད་པ་ནི། ཐོག་མ་དྲིལ་གསིལ་བྱས་ནས། དྲིལ་བུ་སྙིང་གའི་ཐད་ཀྱི་གཡོན་ཕྱཽགས་ཅུང་ཟད་དམའ་སར་བཟུང་ལ་འདི་ལྟར་བྱ་སྟེ། ཚིགས་རྐང་དང་པོ་རྡོ་རྗེ་སེན་སྐོར་བྱ། གཉིས་པ་རྡོར་དྲིལ་དང་བཅས་པད་སྐོར་ཏེ། གསུམ་པ་རང་རང་སོ་སོའི་ཕྱག་ལེན་བཅིངས། །བཞི་པ་པད་སྐོར་སྔོན་འགྲོ་ཐལ་མོ་སྦྱོར་ཞེས་སོ། །ཚིགས་བཅད་བཞི་པོ་ལ་མཚོན་ན། ཆོས་དབྱིངས་སོགས་དང༌། རྡོ་རྗེ་གསོར་


TNT13_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དྲིལ་བུའི་ཐོག་གང་ཙམ་ནས་གཡས་གཡོན་གང་རུང་དུ་བསྐོར། རྣམ་པར་སོགས་ལ་པད་སྐོར་བྱ། ཏིང་ངེ་འཛིན་སོགས་ལ་མཉམ་བཞག །ཕྱག་འཚལ་སོགས་ལ་སྙིང་གར་པད་སྐོར་མགྱོགས་པར་བྱས་ལ། ཀུན་རིག་ཅེས་པའི་སྐབས་ཐལ་མོ་སྦྱར། ལའོ་ཞེས་པའི་སྐབས་དྲིལ་གསིལ་ཙམ། དེ་དག་གི་བར་བར་དུ་ཆབ་རྩེད་དང་སྒོར་རྩེད་བྱེད་དོ། །དེ་དག་སྐྱེ་བོ་མགོ་བསྐོར་གྱི་ཕྱག་རྒྱ་ཡིན་ཀྱང་བྱེད་ནི་བྱེད་ཀྱིན་གདའོ། །དེ་ལྟར་ན་ཕྱག་རྒྱ་རགས་རིམ་ཙམ་བཤད་ཟིན་ནོ། །གསུམ་པ་རྗེས་ཀྱི་སྐབས་སུ་ཆོ་ག་ལས་གསལ་བ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་རྗེས་ཆོག་དང༌། གཤེགས་གསོལ་དང་རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པ་སོགས་སྤྱི་དང་འདྲ་ལ། ཁ་ཅིག་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་སྤྱི་བོར་བཟུང་ནས་བཛྲ་སཏྭ་ཧཱུཾ་ལན་གསུམ་གྱིས་ཕྱག་རྒྱ་དཀྲོལ། ཞེས་ཟེར་བ་ནི་རྒྱུད་གཞུང་གང་ནའང་མེད་པའི་ལེགས་བཤད་དུ་གདའོ། །སྤྱི་བོར་བཟུང་ཞེས་པའི་བརྡ་ཆད་ཀྱང་ཤིན་ཏུ་རྨོངས་ཚིག་ཡིན་ཞིང༌། སྔར་རྒྱས་བཏབ་པའི་ཕྱག་རྒྱ་གཅིག་ཀྱང་འགྲོལ་རྒྱུ་མེད་པ་ལ། རྒྱས་བཏབ་ཀྱི་སྐབས་ཡེ་མེད་པའི་ཕྱག་རྒྱ་འགྲོལ་བ་འདི་དང༌། རྒྱས་བཏབ་ཀྱི་ལྷ་དང་ཕྱག་རྒྱ་ཤིན་ཏུ་མང་པོ་དག་སྔགས་དང་ཕྱག་རྒྱ་གཅིག་ཁོ་ནས་འགྲོལ་བ་འདི་དང༌། སྔར་ཕྱག་རྒྱ་བཞིས་རྒྱས་མ་བཏབ་པ་ལ་འགྲོལ་དགོས་པ་འདི་དང༌། རྒྱུད་འདི་ནས་ཡེ་མ་བཤད་པའི་ལྷ་དང་སྔགས་ཀྱི་ཕྱག་རྒྱ་གཅིག་གིས་རྒྱུད་འདིའི་དཀྱིལ་འཁོར་གྱི་ལྷ་མཐའ་དག་གི་ཕྱག་རྒྱ་འགྲོལ་བར་བྱེད་པ་སྟེ། བཞད་གད་ལས་ཀྱང་ཆེས་བཞད་གད་ཀྱི་གནས་རྣམ་པ་བཞིའོ། །ད་ནི་འདི་དཔྱད་དེ། རྒྱུད་འདིའི་སེམས་དཔའ་བཅུ་དྲུག་གི་སྔགས་ལ་བཛྲ་རཱ་ཛ་ཛཿལ་སོགས་པ་བྱེད་དེ། རྡོར་དབྱིངས་ལ་སོགས་པ་གཞན་ནས་འབྱུང་བ་དང༌། ལྷའི་ངོ་བོ་དང་སྐུ་མདོག་ཕྱག་མཚན་སོགས་འདྲ་བའི་ཕྱིར་རོ་སྙམ་པ་དེ་ཕལ་ཆེར་ལ་སྣང་ཞིང༌། ཡང་སྔ་ཕྱིར་བྱོན་པ་འགའ་ཞིག་གི་ཁོ་བོས་


TNT13_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱུས་སུ་བཤད་པ་དང་མཐུན་པའང་མཛད་པ་ལ། རྡོར་དབྱིངས་ཀྱི་འདྲེས་གཅིག་ཀྱང་མི་རུང་བར་འདོད་པ་ཁ་ཅིག་དེ་མི་རིགས་ཏེ་འཁོར་ལོས་བསྒྱུར་བའི་སྐབས་སུ་དེ་ལྟར་བཤད་པ་ནི་རྡོ་རྗེ་སེམས་དཔའི་སྔགས་ཀྱི་མཐར་སེམས་དཔའ་བཅུ་དྲུག་གི་ས་བོན་སྤེལ་ནས་རོལ་མོ་བརྡུང་བ་ལ་སོགས་པ་བྱེད་པའི་སྔགས་ཙམ་ཡིན་གྱི། བཟླས་བྱའི་སྔགས་ཡིན་པའི་གསལ་ཁ་མེད་པས་བསྐྱེད་བཟླས་ཀྱི་སྔགས་ནི་གཞན་ནས་བླངས་པ་བཟང་བར་འདོད་དོ། །དེ་ནི་མ་ཡིན་ཏེ་བརྡུང་བའི་སྔགས་ནི་ཤམ་པ་ཏ་ལ་སོགས་པ་དག་ཡིན་གྱི། སྔགས་གོང་མ་རྣམས་བརྡུང་སྔགས་ཡིན་པར་སྟོན་པའི་ཚིག་ཀྱང་མེད་ལ། དེའི་ཕྱིར་བཟླས་སྔགས་ཡིན་པར་ཐེ་ཚོམ་མེད་ལ། ཡང་རྒྱུད་འདིའི་སྟོད་སྨད་གང་ནས་ཀྱང་སེམས་དཔའ་བཅུ་དྲུག་གི་སྔགས་གསུངས་པ་གཞན་ནི་ཡེ་ནས་མེད། གཅིག་པུ་འདི་ཁོ་ན་ཡིན་ན་རོལ་གར་གྱི་སྐབས་སུ་བཤད་པ་ཡིན་དུ་ཆུག་ཀྱང༌། བཟླས་པའི་སྐབས་སུ་ཅིའི་ཕྱིར་བླངས་དུ་མི་རུང༌། རང་གཞུང་ནས་ལར་མ་བཤད་པ་དེ་དག་ལེན་པ་བས། གསལ་བར་བཤད་པ་འདི་ཅིའི་ཕྱིར་མི་ལེན། གནས་སྐབས་གང་དུ་བྱུང་ཀྱང་བླ་སྟེ། རྩིས་བཏབ་ཀྱིས་དགོས་པ་ཆུང་ཡང་གཞན་དག་གིས་རྡོར་དབྱིངས་སོགས་དང་ཆོ་ག་བསྲེས་པ་ལ་དགྲ་ལྟར་ལྟ་བཞིན་དུ་རང་ཉིད་རྒྱུད་འདི་ཉིད་ལས་གསུངས་པའི་སྔགས་བོར་ནས། རྒྱུད་གཞན་གྱི་སྔགས་དང་བསྲེས་པ་ནི་ཤིན་ཏུ་མི་མཁས་པའི་རྣམ་ཐར་ཡིན་ཞིང༌། ཆོ་ག་ལས་ཀྱང་སྔགས་ཡིད་ཆེས་གཙོ་བོ་ཡིན་པས་སྔགས་མ་འཁྲུལ་བ་དགོས་པ་གོ་བར་གྱིས་ཤིག །དེ་ལྟར་ན་ཐམས་ཅད་རིག་པའི་ཆོ་གའི་ངག་འདོན་འཁོར་བ་ཀུན་གྲོལ་གྱི་ཟུར་འདེབས་འདི་ཡང་ཏཱ་ར་ནཱ་ཐས་ཞོར་བྱུང་དུ་སྨྲས་པའོ།། །།དགེའོ། །བཀྲ་ཤིས། །

སྦྱོང་རྒྱུད་ཀྱི་སྙིང་པོའི་དོན་ཉི་མའི་སྟོབས་འབར།


TNT13_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་རྒྱུད་ཀྱི་སྙིང་པོའི་དོན་ཉི་མའི་སྟོབས་འབར་བཞུགས་སོ། །


TNT13_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟཱི། བླ་མ་དང་དཔལ་ཕྱག་ན་རྡོ་རྗེ་དབྱེར་མ་མཆིས་པ་ལ་ཕྱག་འཚལ་ལོ། །གཟི་བརྗིད་ཀྱི་རྒྱལ་པོའི་རྟོག་པ་ལས་འབྱུང་བའི་མན་ངག་རྒྱུད་དོན་བཞིན་འཁྲུལ་མེད་དུ་གསལ་བར་བཤད་པ། ཉི་མའི་སྟོབས་འབར་ཞེས་བྱ་བ་སངས་རྒྱས་ལ་ཕྱག་འཚལ་ལོ། །སྲིད་འདི་ཐམས་ཅད་བླ་མེད་བྱང་ཆུབ་མཆོག་ལ་རེག་པར་གྱུར་ཅིག་ཅེས། །གདུང་བའི་ཡིད་ཀྱིས་ཤཱཀྱའི་རིགས་ཀྱི་ཐེག་ལེ་དེ་ལ་གུས་བཏུད་ནས། །གང་དེའི་ཡོན་ཏན་རྨད་བྱུང་ཕ་མཐའ་མེད་པ་ཡང་ཡང་སེམས་བཞིན་དུ། །དེ་གསུང་བདུད་རྩི་སྒྲོ་བཏགས་དུག་ཆུས་མ་སླད་པ་དེ་འདིར་གསལ་བྱ། དེ་ལ་འདིར་སྒྲུབ་པའི་རིམ་པ་གཉིས་ལས། དང་པོ་ལ་སྤྱིར་བསྙེན་པ་དང༌། ཉེ་བསྙེན་དང༌། སྒྲུབ་པ་སྟེ་གསུམ་མོ། །སྒྲུབ་པ་ཆེན་པོ་ཡང་བསྣན་ཏེ་བཞིར་བྱ་བ་ལས། རྒྱུད་འདིར་སྒྲུབ་པ་སྒྲུབ་ཆེན་སོ་སོར་གསལ་བས་བཞིར་བྱ། དེ་ལས་དང་པོ་ནི། མདུན་དུ་མཎྜལ་དང་མཆོད་པ་བཤམས། དེ་རྗེས་གསང་བ་སྤྱིའི་ལུགས་ཡིན་པས། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པའམ། བདུད་རྩི་འཁྱིལ་བའི་གཟུངས་རིང་ཀྱིས། རང་དང་གནས་ཁང་


TNT13_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡོ་བྱད་ཐམས་ཅད་ཀྱི་བགེགས་བསྐྲད། སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་སངས་རྒྱས་རྗེས་སུ་དྲན་བཞིན་པས་ཇི་ལྟར་འོས་པའི་ཁྲུས་བྱ། ཆོས་ཐམས་ཅད་བདག་མེད་སྟོང་པ་ཉིད་ཀྱི་དོན་དང༌། སེམས་ཅན་ལ་བརྩེ་བའི་སེམས་ཉེ་བར་འཇོག་བཞིན་དུ་གདན་ལ་འདུག མཆོད་པ་རྣམས་བྱིན་རླབས་བྱ། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་སེམས་ཧཱུཾ་གི་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་རྡོ་རྗེ་ཁྲོ་བོ་མེ་ལྟར་འབར་བ་སྐུ་མདོག་མཐིང་ནག །ཞལ་གཅིག་སྟག་ལྤགས་ཀྱི་ན་བཟའ་དང༌། སྦྲུལ་དང་མི་སྡུག་པས་བརྒྱན་པ། ཕྱག་གཉིས་ཀྱི་གཡས་རྡོ་རྗེ་ཐུགས་ཀར་གཏོད་པ་དང་གཡོན་དྲིལ་བུ་དཀུར་བསྟེན་པས་འཛིན་པ། ཤིན་ཏུ་འཇིགས་འཕྲོས་འབར་བ་འཁྲུགས་པ། མ་རུང་པ་ཐམས་ཅད་སྡིགས་པར་མཛད་པའོ། །ལག་པ་གཡས་སྟེང་དུ་བཞག་པའི་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས། ཕྱོགས་ཀུན་ཏུ་བསྐོར་བཞིན་དུ། ཨོཾ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལཱརྐ་མཧཱ་བཛྲ་ཀྲོ་དྷ།


TNT13_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དྲ་བ་དྲ་བ། བི་དྲ་བ་བི་དྲ་བ། སརྦ་ཨ་པ་ཡ། ནཱ་ཤ་ཡ་ནཱ་ཤཱ་ཡ། ཧ་ར་ཧ་ར། པྲཱ་ཎཾ་ཧཱུཾ་ཕཊ། ལན་གསུམ་གྱིས་བདག་ལ། ཡང་གསུམ་གྱི་གནས་དང༌། ཡང་གསུམ་གྱི་རྣལ་འབྱོར་བསྲུང་བ་བྱས། ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་དང་རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་རྣམས་སྤྱན་དྲངས་མདུན་གྱི་མཎྜལ་ལ་བཞུགས་པར་བསམ། དད་པ་དང་ནི་དམ་ཚིག་གིས། ཞེས་སོགས་སམ། མ་ལུས་འགྲོ་བའི་རང་བཞིན་མངོན་སུམ་མཛད། །མི་བཟད་བདུད་ཀྱི་དཔུང་གིས་ཕྱག་བྱས་པ། །རང་བྱུང་མཐའ་ཡས་འགྲོ་བའི་རང་བཞིན་ཏེ། །སེམས་ཅན་སྙིང་པོ་གཅིག་གྱུར་འདིར་གཤེགས་ཤིག།བཅོམ་ལྡན་ཐུགས་རྗེ་བྱོན་པ་ལེགས། སོགས་དང༌། ཨོཾ་བཛྲ་ཨརྒྷཾ༴ སོགས་ཀྱིས་མཆོད་ཡོན་ཕུལ། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ། ཨོཾ་བཛྲ་པུཥྤེ་ཧཱུཾ་ནས་ཤཔྟའི་བར་གྱིས་མཆོད་པ་ཕུལ། མགོན་པོ་ཐུགས་རྗེས་ཆེ་ལྡན་པ། སོགས་དཀོན་མཆོག་གསུམ་གྱི་ཕྱག་འཚལ་གྱིས་བསྟོད། འཇིག་རྟེན་དག་གི་ཕྱོགས་ཀུན་ན། །དེ་བཞིན་གཤེགས་པ་གང་བཞུགས་དང༌། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་སྟེ། །དེ་དག་བདག་ལ་དགོངས་སུ་གསོལ། །བདག་གིས་མི་དགེ་བགྱིས་པ་རྣམས། །རྫོགས་སངས་རྒྱས་ཀྱིས་མཁྱེན་པ་བཞིན། །དེ་ལྟར་བདག་གིས་སོ་སོར་བཤགས། །སླན་ཆད་དེ་ལྟར་ཡོངས་མི་བགྱི། །སྲོག་ཆགས་སྡུགས་བསྔལ་ཞི་བྱའི་ཕྱིར། །བདག་ནི་ཇི་སྲིད་འཚོ་བ་ཡི་བར། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པར་ཡང་དག་


TNT13_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་མཆི། །སེམས་ཅན་ཁམས་ནི་མཐའ་ཡས་པའི། །སྡུག་བསྔལ་ཉེ་བར་ཞི་བ་དང༌། །ངན་འགྲོ་རྣམས་ལས་བསྒྲལ་བ་དང༌། །ཉོན་མོངས་རྣམས་ལས་དགྲོལ་བའི་ཕྱིར། །སྲིད་པ་མི་བདེ་དོགས་པ་ན། །སྡུག་བསྔལ་སྣ་ཚོགས་ཅི་མཆིས་པ། །དེ་ལྟར་ཡོངས་སུ་སྐྱབས་པའི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཕོངས་པ་ཐམས་ཅད་ཀྱི། །སྐྱབས་སུ་བདག་ཉིད་རྟག་ཏུ་ཤོག །བདག་ནི་མགོན་མེད་རྣམས་ཀྱི་མགོན། །རྟེན་མེད་རྣམས་ཀྱི་རྟེན་ཏུ་བདག །སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང༌། །སྡུག་བསྔལ་བདེ་བར་བྱེད་པ་དང༌། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཞི་བར་བྱེད་པར་ཤོག །དགེ་བའི་ལས་ནི་གང་དང་གང༌། །བདེ་དང་གཞན་ཏུ་བསགས་པ་རྣམས། །བསོད་ནམས་ཡེ་ཤེས་ཞེས་བྱ་བའི། །ཚོགས་ནི་རྣམ་པ་གཉིས་སུ་ཤོག །ཕ་རོལ་ཕྱིན་པ་དྲུག་སྒོམས་ནས། །བདག་གི་བརྩོན་འགྲུས་གང་བརྩམས་པ། །དེ་ཡང་སེམས་ཅན་མ་ལུས་པ། །ཐམས་ཅད་ལ་ནི་ཕན་པར་ཤོག །ཚེ་ཡི་མཐའ་ཀླས་བྱེད་པ་དང༌། གང་ཡང་ཅུང་ཟད་བྱེད་འགྱུར་པ། མདོར་ན་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཐམས་ཅད་ཞི་བ་དང༌། །གྲོལ་བར་བྱ་བའི་ཕྱིར་འབད་ཅིང༌། །བྱང་ཆུབ་རབ་ཏུ་དགའ་བརྩོན་ནོ། །ཞེས་རྒྱུན་བཤགས་ལན་གསུམ་བྱ། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་


TNT13_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་འགྱུར་པ་ལས་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་ཅིང༌། གཡོན་དྲིལ་བུ་དཀུར་བསྟེན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རབ་ཏུ་དགྱེས་པའི་སྤྱན་གདངས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །རང་གི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་དཀར་པོའོ། །རང་གི་ལག་པ་གཉིས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེའི་སྟེང་དུ་གཡས་པར་ཧཱུཾ། གཡོན་པར་ཨ། གཉིས་ཀའི་མཐའ་སྐོར་དུ། ཨ་ཨཱ་ཨི་ཨི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨོ་ཨཾ་ཨ་རྣམས་ཀྱིས་ཡོངས་སུ་བསྐོར་བ་འོད་འཕྲོ་བའོ། །མཐེ་བོང་གཉིས་ལ་ཨོཾ། མཛུབ་མོ་གཉིས་ལ་ཧཱུཾ། གུང་མོ་གཉིས་ལ་ཏྲཾ། སྲིན་ལག་གཉིས་ལ་ཧྲཱིཿ མཐེ་ཆུང་གཉིས་ལ་ཨ་རྣམས་དེ་བཞིན་གཤེགས་པ་ལྔའི་ངོ་བོར་གྱུར། མཉམ་པའི་ཐལ་མོ། ཨོཾ་ཨ་ནོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཿ རྡོ་རྗེ་ཐལ་མོ་དང༌། པ་ར་སྤ་ར་ཨ་ནུ་པྲ་བིཥྟ་སརྦ་དྷརྨཿ རྡོ་རྗེ་སྡམ་པ་དང༌། ཨརྱན་ཏ་ཨ་ནུ་པྲ་བིཥྟི་སརྦ་དྷརྨཿ ཞེས་བརྗོད་ཅིང༌། རྒྱུད་འདིའི་དངོས་བསྟན་ལ་དེ་ཙམ་ལས་མེད་ཅིང་དེ་ཡང་དམ་རྒྱ་དང་ལས་བཅོལ་སོགས་ཀྱི་ཕྱག་རྒྱ་བཅིང་བའི་དོན་དུ་ལག་པ་བྱིན་གྱིས་རློབ་པ་ཁོ་ན་ཡིན་ནོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དཔལ་རྡོ་


TNT13_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སེམས་དཔའ་བཛྲ་ས་མཱ་ཛཿ རྡོ་རྗེ་སྡམས་པ་ལས་མཛུབ་མོ་བརྐྱང་པ་གཡབ་ཅིང། ཨོཾ་བཛྲ་སཏྭ་ཧཱུཾ་ཛཿ སྔགས་དེ་ཉིད་ཀྱི་མཆོད་ཡོན་ཕུལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿ བསྡུ་ན། ཛཿཧཱུཾ་བཾ་ཧོཿ རང་དང་གཉིས་སུ་མེད་པར་ཐིམ། ཕྱག་རྒྱ་ཉིད་དམ་གུང་མོ་བརྐྱང་པའི་དམ་རྒྱ་བཅས་ལ། ཨོཾ་བཛྲ་སཏྭ་ཧཱུཾ། མང་དུ་བཟླས་པས། དམ་ཡེ་དབྱེར་མེད་པར་བྱས། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཚིནྡྷ་ཚིནྡྷ་སརྦ་ཨ་བ་ར་ཎ་ནི་ཧཱུཾ་ཕཊ། ཅེས་གནས་གསུམ་དུ་ཕྱག་རྒྱ་གཏུགས་ཏེ་བྱིན་གྱིས་རླབས། ལྷ་དབང་བསྐུར་བ་ནི། རྒྱལ་བ་ལྔའི་ཕྱག་རྒྱ་སྤྱི་བོ་ལ་སོགས་པའི་གནས་ལྔར་གཏུགས་ཏེ། ཨོཾ་བུདྷ་ཨ་བྷ་ཥྀཉྩ་ཨོཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཾ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་ཨ་བྷི་ཥཉྩ་ཨ། དེ་དག་ནི་རྒྱུད་ལས་ཚེ་དཔག་མེད་ཀྱི་སྐབས་སུ། ཆོས་རྣམས་ཐམས་ཅད་དངོས་མེད་པར། །སེམས་ཀྱིས་སྒོམ་པ་བྱས་ནས་ཀྱང༌། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །རང་གི་ས་བོན་དེ་དབུས་སུ། །བསམ་ནས་དམ་ཚིག་ཕྱག་རྒྱ་ཡང༌། །བསམ་ཞིང་དེ་བཞིན་དེ་ཉིད་དུ། །སྒྲུབ་པ་པོ་ནི་བསྒྱུར་བར་བྱ། །ལྷ་ཡི་རྣལ་འབྱོར་ཚུལ་དུ་བསྒྱུར། དེ་ནས་རང་གི་ས་བོན་དང༌། །ཕྱག་རྒྱས་ཕྱག་རྒྱ་དེ་བྱིན་རླབས། །ལྟག་འོག་གོ་རིམ་ཇི་བཞིན་དུ༌། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །


TNT13_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ང་རྒྱལ་བསྐྱེད་ནས་ཀྱང༌། །མཁས་པ་ཡིས་ནི་སྒྲུབས་བྱས་ན། །དེ་བཞིན་གཤེགས་ཀྱང་འགྲུབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། ཞེས་གསུངས་བའི་དོན་ཏེ། དངོས་མེད་པ་ཞེས་པས་སྟོང་པ་དང༌། ཨ་ལས་སོགས་ཀྱི་གདན་དང༌། རང་གི་ས་བོན་ཞེས་པས་ས་བོན་དང༌། དམ་ཚིག་གི་ཕྱག་རྒྱ་ཞེས་ཕྱག་མཚན་ནོ། །སྒྲུབ་པ་པོ་བསྒྱུར་བ་ནི་འོད་ཟེར་སྤྲོ་བསྡུ་སོགས་ལྷ་སྐུར་བསྒྱུར་བའི་ཐབས་དང༌། ལྷའི་རྣལ་འབྱོར་ཞེས་པས་ལྷ་བསྐྱེད་པ་དང༌། རང་གི་ས་བོན་དང་ཞེས་པས་ཐུགས་ཀར་ས་བོན་སྒོམ་པ་དང༌། ཕྱག་རྒྱས་ཕྱག་རྒྱ་ཞེས་པ་ནི་ཡེ་ཤེས་པས་དམ་ཚིག་པ་བྱིན་གྱིས་རློབས་པ་སྟེ། ཕྱག་རྒྱ་ཞེས་པ་གཙོ་བོར་ཞལ་ཕྱག་ཅན་གྱི་ལྷ་སྐུ་ཡིན་ལ། རྣམས་གྲངས་སུ་ན། ལག་པའི་ཕྱག་རྒྱ་བཅིངས་པའང་ཡིན་པས། དམ་ཚིག་གི་ཕྱག་རྒྱ་ཡང་བསྟན་ནོ། །ལྟག་འོག་ཅེས་པས། གནས་གསུམ་བྱིན་རླབས་དང༌། གཟུགས་བརྙན་སྦྱོར་བ་སོགས་བསྟན། གོ་རིམ་ཞེས་པ་ནི་གོ་རིམ་མ་འཁྲུགས་པ་སྟེ། གཟུགས་བརྙན་སྦྱོར་བ་དམ་རྒྱ་འཆིང་བའི་སྔོན་དུ་བྱེད་པ་དང༌། གནས་གསུམ་བྱིན་རླབས་ཕྱིས་བྱེད་པ་ལ་སོགས་པའོ། །སངས་རྒྱས་རྣམས་ནི་རིགས་ལྔ་སྟེ་དེའི་ཕྱག་རྒྱས་དབང་བསྐུར་བའོ། །དེ་ནས་ང་རྒྱལ་སོགས་ནི། དེའི་རྗེས་སུ་ལྷ་སྐུ་སྒོམ་པ་དང༌། སྔགས་བཟླས་པ་བྱེད་པ་བསྟན་ནོ། །དེའི་ཕྱིར་རྒྱུད་ཀྱི་དོན་ནི་དེ་ཁོ་ན་ལྟར་ཤེས་པར་བྱའོ། །དེ་ནས་ལྷ་ལ་མཆོད་པའི་དོན་དུ། ཨརྒྷཾ་ནས་ཤཔྟའི་བར་ཀྱིས་མཆོད། སངས་རྒྱས་ཀུན་བས་སྔར་སངས་རྒྱས། སོགས་ཕྱག་ན་རྡོ་རྗེའི་མཚན་བརྒྱས་བསྟོད། རང་ཉིད་རྡོ་རྗེ་སེམས་དཔའི་ང་རྒྱལ་དང་ལྡན་པས། སྙིང་


TNT13_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཟླ་བ་ལ་ཧཱུཾ་གི་མཐའ་སྐོར་དུ་སྔགས་ཀྱིས་བསྐོར་བ། དེ་ལས་འོད་ཟེར་འཕྲོས། མདུན་དུ་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། །དེ་དག་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། །མཆོད་པས་མཉེས་པར་བྱས། ཡང་འོད་ཟེར་འདུས་ཏེ་རང་གི་སྙིང་གར་ཐིམ། བཟླས་པའི་མཐར། མཆོད་པ་དང༌། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། ཞེས་པ་ལྟ་བུའི་བསྟོད་ཐུང་ཅིག་གིས་བསྟོད། དགེ་བ་བསྔོ། ཐུན་དང་པོའི་བྱ་བའོ། །རྡོར་སེམས་ལས་རྡོར་སེམས་ཆད། འཕྲོས་པའི་རྡོར་སེམས་ཀྱི་ལས་བྱེད་པར་བསམ། ཐུན་མཚམས་སུ་མདོ་སྡེ་ཀློག་པ་དང༌། ཟས་ཀྱི་བྱ་བ་སོགས་ཐུན་མཚམས་ཀྱི་སྤྱོད་ལམ་བྱའོ། །ཡང་ནང་དུ་འོངས་བདུད་རྩི་འཁྱིལ་བས་བགེགས་བསལ་ནས། ཨོཾ་ཨ་ས་མེ་སོགས་ཀྱིས་རང་ཉིད་རྡོ་རྗེ་སེམས་དཔའ་དང་འདྲེས། མཆོད་པ་བྱིན་རླབས་དང༌། མཆོད་བསྟོད་བྱས་ནས་སྔར་བཞིན་བཟླས་པ་ལ་འཇུག་ཅིང༌། སྨོན་ལམ་གྱི་བར་བྱའོ། །ཐུན་བར་པ་རྣམས་ཀྱིས་བྱ་བའོ། །ཐུན་མཚམས་སུ་ཕྱག་རྒྱ་གྲོལ་བ་ནི་མི་དགོས་ཏེ། འདི་ལ་རྣལ་འབྱོར་རྒྱུད་ཀྱི་ལུགས་ལས་འབྱུང་བའི་རྒྱས་བཏབས་མེད་པས་སོ། །དེས་ན་ཡེ་ཤེས་ཀྱི་ལྷ་ནམ་མཁར་བཞུགས་པ་མཆོད་བསྟོད། བཟོད་གསོལ། སྤྱན་འདྲེན་པའི་ཕྱག་རྒྱ་དེ་ཕྱིར་བསྐྱེད་ལ་གཤེགས་གསོལ་རྣམས་བྱའོ། །གོང་བཞིན་ཁྲོ་བོའི་སྔགས་ཀྱིས་བསྲུང་བ་བྱས་ཏེ་སྨོན་ལམ་བཏབ་ལ་ཉལ་ལོ། །ཚུལ་དེས་དང་པོ་ཉིད་དུ་ཨོཾ་བཛྲ་སཏྭ་ཧཱུཾ། འབུམ་ཕྲག་དྲུག་བཟླའོ། །དེ་ནས་


TNT13_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རིག་གི་བསྙེན་པ་ཡིན་ན། ཨོཾ་སརྦ་བིད་སརྦ་ཨ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུཾ་ཕཊ་ཅེས་པ་འབུམ་ཕྲག་བཅུ་དྲུག །ཤཱཀ་ཐུབ་ལ་སོགས་པ་དཀྱིལ་འཁོར་གཞན་རྣམས་ཀྱི་ཡིན་ན་དེ་དང་དེའི་སྙིང་པོ་འབྲུ་གྲངས་ཀྱི་འབུམ་སོགས་ཇི་ལྟར་འོས་པའོ། །དེའི་རྗེས་སུ་དངོས་གྲུབ་ཀྱི་མཚན་མ་མ་མཐོང་གི་བར་དུ་རྩ་རིག་ཉིད་གཙོ་བོར་བཟླ་བ་ཡིན་ལ། སྦྱོང་རྒྱུད་ནས་གསུངས་པའི་སྤྱི་སྔགས། ཨོཾ་ཤོ་དྷཱ་ནི་སོགས་རིང་ཐུང་གཉིས་དང༌། སརྦ་ཨ་བ་ཡ་སོགས་དང༌། སརྦ་ཏྲ་ཊ་དང༌། ཨོཾ་ཧཱུཾ་རྣམས་ཀྱང་ཇི་ལྟར་འོས་པར་བཟླ་སྟེ། དེ་རྣམས་ཐམས་ཅད་དཀྱིལ་འཁོར་བཅུ་གཉིས་ཀྱི་སྤྱི་སྔགས་ཡིན་པས། ཁ་ཅིག་ཀུན་རིག་གི་སངས་རྒྱས་ལྔ་ལ་སོ་སོར་སྦྱོར་བ་ནི་མི་ལེགས་སོ། །དེ་ལྟར་རྡོ་རྗེ་སེམས་དཔའ་ལ་བརྟེན་ནས་བསྙེན་པ་བྱེད་པ་འདི་ནི། དཀྱིལ་འཁོར་བཅུ་གཉིས་ཀའི་ཐུན་མོང་ཡིན་ལ། ཡང་སོ་སོ་ཐ་དད་ལ་མོད་ན། ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་རྣམ་སྣང༌། བསྐྱེད་པ་སོགས་ས་བོན་དང་མ། ཕྱག་མཚན་དང༌། ལྷ་དང༌། ཕྱག་རྒྱ་དང༌། སྙིང་པོ་རྣམ་བསྒྱུར། བསྟོད་པ་སྤྱི་འགྲོ་ཡིན་པས། མཉམ་ཉིད་མི་གཡོ་མ་བྱེད། བྱིན་གྱིས་རློབས་ཤིང་སྔགས་རྒྱུད་བྱེད་པ་པོའི་ལྷ་ཕྱག་རྡོར་ཡིན་ཞིག་མདུན་དུ་བཞུགས་པའང་ཡིན་པས་མཚན་རྒྱ་ཡང་བྱའོ། །ཡང་མེ་ཏོག་གང་ལ་ཕོག་པའི་ལྷའི་བསྙེན་པ་བྱེད་ནའང༌། །ས་བོན་ཕྱག་མཚན་ལྷ་སྔགས་ཕྱག་རྒྱ་སྟེ་ལྔ་པོ་བསྒྱུར་ཞིང༌། དགོས་བསྟོད་རེ་བསྣན་པས་ཆོ་ག་སྔ་མ་ཉིད་ཀྱི་གྲུབ་བོ། །དབང་བསྐུར་རབ་གནས། རྒྱུད་བཤད་ཙམ་ལ་དབང་བ་ཙམ་གྱི་དོན་དུ། །བསྙེན་པ་བྱེད་ན་གྲངས་ཀྱི་བསྙེན་པ་ཙམ་གྱིས་ཆོག་པས། ལྷ་གང་སྒོམས་ཀྱང་རུང་ལ།


TNT13_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རིག་འབུམ་ཕྲག་བཞི་ཙམ་བཟླས་པས་ཀྱང་རུང་ཞིང༌། དངོས་གྲུབ་ཀྱི་དོན་དུ་ནི་ལྷ་དགྱེས་པའི་མཚན་མ་བྱུང་གི་བར་དུའོ། །གཉིས་པ་ཉེ་བསྙེན་ནི། །རྒྱུད་ལས་གསུངས་པ་ལྟར། །ཐ་ག་བས་གཙང་སྦྲ་དང་ལྡན་པར་བརྟགས་པའི་རས་སམ། དཔའ་བོའི་རིན་གྱི་ཉོས་པའི་རས་ལ། སྔགས་ཆུས་ཡང་ནས་ཡང་དུ་བསངས་ཤིང༌། སྤོས་ཆུས་དཀྲུས་ན། ཚོན་རྩི་དང་དམ་ཚིག་གཙང་མས་རས་བྲིས་འབྲི་སྟེ། ལྷ་བཟོ་བ་ཡང་གཙང་སྦྲ་དང་བསྙེན་གནས་ལ་གནས་པར་བྱའོ། །དེ་ཡང་སྟེང་ལྟར་གྱི་དབུས་ཀྱི་ཆ་ལ་ཀུན་རིག་རྣམ་པར་སྣང་མཛད། གཡས་སུ་སྟོན་པ་ཤཱཀ་ཐུབ་གསེར་མདོག་རབ་བྱུང་ཆོས་འཆད་དམ་ས་གནོན་གང་མོས། །གཡོན་དུ་སྦྱོང་བའི་རྒྱལ་པོ། བར་སྟར་ལ་དབུས་སུ་བཅོམ་ལྡན་འདས་སྨན་བླ་རབ་བྱུང༌། ཕྱག་གཡས་པུས་མོའི་སྟེང་དུ་མཆོག་སྦྱིན་དང༌། གཡོན་མཉམ་བཞག་གི་སྟེང་དུ་ཨ་རུ་ར་འཛིན་པ། སྐུ་མདོག་སྔོན་པོའོ། །དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ། མཆོག་སྦྱིན་དང་པདྨ་དཀར་པོ་འཛིན་པ། གཡོན་དུ་ཕྱག་ན་རྡོ་རྗེ་ལྗང་ཁུ། གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། གཡོན་པ་གདན་ལ་བརྟེན་པ། འོག་སྟར་གྱི་དབུས་ཀྱི་ཆ་ལ་སངས་རྒྱས་སྤྱན་མ། མཱ་མ་ཀཱི་གོས་དཀར་མོ། སྒྲོལ་མ་རྣམས་དཀྱིལ་འཁོར་དུ་བཀོད་པ་བཞིན་དང༌། གཡས་སུ་རྟ་མགྲིན་དམར་པོ་དབུའི་སྟེང་དུ་རྟ་མགོ་ཅན། བེ་ཅོན་དཀར་པོ་འཛིན་པ་དང༌། གཡོན་དུ་ཁམས་གསུམ་རྣམ་རྒྱལ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཁྲོ་བོ་དེ་གཉིས་སྟག་ལྤགས་དང་སྦྲུལ་རྒྱན་ཅན། ཁྲོ་བོའི་ཆ་བྱས་རྫོགས་པ། སེམས་དཔའ་གཉིས་དང་ཁྲོ་བོ་གཉིས་རོལ་སྟབས་ཀྱིས་བཞུགས་


TNT13_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པ། སངས་རྒྱས་བཞི་རྡོ་རྗེའི་སྐྱིལ་ཀྲུང་ངོ༌། །འོག་གི་ཆ་ལ་པདྨའི་མཚོ་མེ་ཏོག་སྣ་ཚོགས་ཀྱིས་གང་བ་ཆུ་སྲིན་དང་ཉ་དང་རུས་སྦལ་དང༌། སྦལ་པ་དཀར་པོ་དང༌། ཉ་དཀར་པོ་རྣམས་ཆུ་ནང་དུ་རྒྱུ་བ་འབྲི། ས་གཞིའི་ཕྱོགས་ལ་མཆོད་པ་སྣ་ལྔ་དང༌། རིན་པོ་ཆེའི་ཕྲེང་བ་དང་ཤིང་འབྲས་སྣ་ཚོགས་པའི་མཆོད་པ་དང༌། འོག་ཕྱོགས་སུ་སྒྲུབ་པ་པོ་ཐལ་མོ་སྤྱི་བོར་སྦྱར་བ་འབྲིའོ། །ཡང་ལུགས་གཅིག་ལ་ཤཱཀ་ཐུབ་ཀྱང་ཕྱག་ཆོས་འཆད། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཁོར་ལོས་བསྒྱུར་བའི་ཆ་ལུགས་སུ་མཛད་པའང་ཡོད། །སྨན་བླ་མ་གཏོགས་གཤེགས་པ་གསུམ་དང༌། ཕྱག་རྡོར་ལྷ་མོ་བཞི་རྣམས་སྐུ་མདོག་དཀར་པོ་བྱེད་པ་དང༌། འགའ་ཞིག་སྨན་བླ་མ་གཏོགས་ཐམས་ཅད་དཀར་པོ་བྱེད་ཟེར་རོ། །ཐང་ཀ་དེ་རི་མོ་གཞན་རྣམས་ཟིན། སྤྱན་འབྱེད་པའི་ཉིན་མོ། ཐོག་མར་བགེགས་སྦྱང་བ་དང༌། ཆ་གསུམ་ལྟ་བུའི་གཏོར་མ་མང་དུ་སྦྱིན། བསྲུང་བ་བྱེད་བཞིན་དུ་སྤྱན་བྲིས་ནས་རབ་གནས་མ་ཚར་བའི་གོང༌། རི་མོ་གྲུབ་མ་ཐག་པ་དེ་ཉིད་དུ། མཆོད་པ་དང༌། རོལ་མོ་དང༌། བདེན་སྟོབས་བརྗོད་པའི་སྨོན་ལམ་དང༌། བཀྲ་ཤིས་མང་དུ་བྱས་ནས་བཟོ་བོ་ཡང་ཡོན་གྱི་མཉེས་པར་བྱའོ། །དེ་ཉིད་ཀྱི་ཉིན་པར་དང་ནམ་ཕྱེད་ལ་ཐུག་གི་བར་དུ་བཟླས་བརྗོད་བདེན་པའི་བྱིན་རླབས་ཀྱི་དམིགས་པ་ཁོ་ན་ཡིད་ལ་བྱེད་ཀྱི། ཐ་མལ་གྱི་རྣམ་རྟོག་དང༌། ལོང་གཏམ་གྱི་དབང་དུ་མ་བཏང་བར། གཙང་སྦྲ་དང་བཅས་ཏེ་ཉལ་བར་བྱའོ། །དེའི་ཚེ་དངོས་སམ་རྨི་ལམ་དུ་རྟགས་འབྱུང་བར་འགྱུར་ལ། ནུབ་དང་པོ་ལ་མ་བྱུང་ན་གཉིས་པ་དང་གསུམ་པའི་བར་དུ་བརྟག་གོ །དེ་དག་ཏུ་མཚན་མ་མཐོང་ན་དངོས་གྲུབ་མྱུར་དུ་འགྲུབ་པའི་ལྟས་ཡིན་ལ།


TNT13_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་མཚན་མ་མ་མཐོང་ན། ཤིན་ཏུ་སྐལ་བ་ཆུང་བས་ཡུན་རིང་པོ་ཞིག་ན་འགྲུབ་པའམ། སྐྱེ་བ་གཞན་དུ་འགྲུབ་པར་འགྱུར་རོ། །དེ་ནས་ཐང་ཀ་དེ་ལ་རབ་གནས་རྫོགས་པར་བྱ་ཞིང༌། མཆོད་པ་ཡང་རྒྱ་ཆེར་ཕུལ་ཏེ། རླུང་དང་ཉི་མས་མ་ཕོག་པ་དང༌། སྐྱེ་བོ་གཞན་གྱི་མ་མཐོང་བར། ཞག་རེ་བཞིན་རྟག་ཏུ་མཆོད་པ་མ་ཆག་པར་བྱས་ནས། ཤིན་ཏུ་དབེན་པའི་ཁང་པ་དགེ་ཞིང་བཀྲ་ཤིས་ལ་གཙང་བ་ཞིག་ཏུ་དཀྲམ། མདུན་དུ་མཆོད་པ་རྒྱ་ཆེར་བཤམས། ཕྱི་རོལ་ཏུ་ཆ་གསུམ་གཏོར་མ་དང༌། གཞི་བདག་གཏོར་མ་སོགས་བཏང་ནས། རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅས་ནས། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་ནང་དུ་འོངས་ནས་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་ཡུངས་ཀར་གཏོར་ཞིང་བགེགས་བསྐྲད། གོང་དུ་ཇི་སྐད་སྨོས་པ་ལྟར་གྱི་བསྙེན་པའི་ཆོ་ག་དང་འདྲ་བ་ལས་ཁྱད་པར་ནི། བསྲུང་འཁོར་གྱི་ནང་དུ་གནས་ཁང་དང་ཡོ་བྱད་བྱིན་གྱིས་རླབས། བྲིས་སྐུ་ཤུ་ནྱཱ་ཏས་སྟོང་པར་སྦྱང༌། ཨོཾ་བྷ་ཞེས་བརྗོད་པས། སངས་རྒྱས་ཀྱི་ཞིང་ཁམས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་པདྨའི་རྫིང་བུ་དང༌། མཆོད་པ་ཐམས་ཅད་ཀྱིས་གང་བ་བྲིས་སྐུའི་ཡུལ་བཀོད་དང་ཕྱོགས་མཐུན་པ་རེ་བསྐྱེད། ལྷའི་གདན་རྣམས་ཀྱང་བསམས། སྙིང་པོའི་རྣམ་སྣང་དང༌། ཨོཾ་སརྦ་བིད་ཧཱུཾ་དང༌། ཨོཾ་སརྦ་བིད་ཨས་གཡས་གཡོན་གྱི་དེ་བཞིན་གཤེགས་པ་དང༌། བྷཻ་ཥ་ཛྱ་ཀྱི་གཟུངས་ཀྱི་སྨན་བླ་དང༌། ན་མཿས་མནྟ་བུདྷ་ནཾ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ། ཀ་རུ་ཎ་མ་ཡེ་ར་ར་ར་ར་ཧུཾ་ཛཿསྭཱཧཱ། སྤྱན་རས་གཟིགས་དང༌། ཨོཾ་བཛྲ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ།


TNT13_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་རྡོ་རྗེ་དང༌། ཨོཾ་ཧ་ཡ་གྲྀ་བ་ཧྲཱི་ཿསྭཱཧཱ། ཞེས་པ་རྟ་མགྲིན་དང༌། ཧཱུཾ་བཞི་པའི་སྔགས་ཀྱི་འཇིག་རྟེན་གསུམ་རྒྱལ་དང༌། ལྷ་མོ་བཞི་པོ་ཡང་རང་སྔགས་ཀྱིས་བསྐྱེད། སྤྱན་འདྲེན། ཕྱི་འབྲང་གི་བགེགས་བསྐྲད། མཆོད་ཡོན། སྐུ་ཁྲུས། བཞུགས་གསོལ། མཆོད་བསྟོད་རྣམས་རྒྱས་པར་བྱས་ནས། རང་རང་གི་སྔགས་བརྗོད་ཅིང་དམ་ཚིག་གི་ཕྱག་རྒྱ་བསྟན། རྒྱུན་བཤགས་མན་ཆད་སྔར་དང་འདྲ། བཟླས་པའི་སྐབས་མདུན་བསྐྱེད་ལ་དམིགས་ནས་བཅོམ་ལྡན་འདས་ཀུན་རིག་གི་དམ་རྒྱ་བཅས་ལ། རྩ་རིག་ལན་གསུམ་བརྗོད། དེ་ནས་ཁུ་ཚུར་གཉིས་ཁ་སྦྱར་བ་ཕྱེ་སྟེ་པདྨའི་སྐོར་བ་དང་བཅས་པས་ཕྱག་རྒྱ་དེ་ཉིད་བྱེད་ཅིང༌། རྩ་རིག་གམ་སྙིང་པོའི་མཐར་ཕྱག་རྒྱ་དེ་ཉིད་བཅངས་ལ། བཅོམ་ལྡན་འདས་ཐམས་ཅད་རིག་པ་རྣམ་པར་སྣང་མཛད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་དངོས་གྲུབ་སྩོལ་བ་དང༌། དེ་མ་ཐོབ་ཀྱི་བར་དུ་ཡང་སྐལ་བ་དང་མཐུན་པའི་དངོས་གྲུབ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ནས། ཐུགས་ཀར་འཁོར་ལོའི་ལྟེ་བར་ས་བོན་སྔགས་ཕྲེང་དང་བཅས་པ་བསྒོམ། དེ་ནས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། འོད་ཟེར་གྱི་རྩེ་ལ་མཆོད་པ་དཔག་ཏུ་མེད་པ་སྤྲུལ། ལྷ་བཅུ་གཉིས་པོ་གཙོ་བོར་གྱུར་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་མཆོད་ཅིང༌། ཁྱད་པར་དུ་ཡང་ཐུགས་ཀའི་ས་བོན་སྔགས་འཕྲེང་དང་བཅས་པ་ལ་མཆོད་པ་ཕུལ། ཚུར་ལོག་སྟེ་རང་གི་སྙིང་གའི་སྔགས་ཕྲེང་ལ་ཐིམ། ཡང་འོད་ཟེར་འཕྲོས། མཁའ་དབྱིངས་གང་བའི་སངས་རྒྱས་མཆོད། སེམས་ཅན་ཀྱི་དོན་བྱས། ཐུགས་


TNT13_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བསྐུལ་ཏེ་ཚུར་འདུས་སྙིང་གའི་སྔགས་ཕྲེང་ལ་ཐིམ། དེ་རྣམས་ཀྱི་བྱིན་རླབས་ཀྱི་གཟི་བྱིན་འོད་ཟེར་ལ་གོས་པས། སྙིང་ཀའི་སྔགས་ཕྲེང་འོད་དང་གཟི་བརྗིད་འབར་བར་བསམ། ཐུན་མཚམས་ཀྱི་སྤྱོད་ལམ་སོགས་སྔར་དང་འདྲ། ཚུལ་དེས་རྩ་བའི་རིག་པ་འབུམ་ཕྲག་དྲུག་བཟླ་བར་གསུངས་སྟེ། དེང་སང་བཞི་འདབ་ཏུ་བྱེད་དགོས་པས། འབུམ་ཕྱག་ཉི་ཤུ་རྩ་བཞིའོ། ཁྱད་པར་དུ་ཐུན་མཚམས་ཀྱི་སྤྱོད་པ་ལྷག་པོར། ལྷ་མཉེས་པའི་དོན་དུ་སྦྱིན་སྲེག་དང༌། འཇིག་རྟེན་པ་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །ཉེར་སྒྲུབ་འདི་ཡང་རྒྱུད་ལས་ཐོག་མར་བྲིས་སྐུ་འདྲི་ཚུལ་རྒྱས་པར་གསུངས། དེ་ནས་རི་མོའི་སྐུ་གཟུགས་དེ་མངོན་པར་མཆོད་ཅེས་པ་ནི་རབ་གནས་མ་བྱས་གོང་སྤྱན་འབྱེད་ཀྱི་སྐབས་ཡིན། །བཞད་པ་དང་ནི་རྔ་སྒྲ་དང༌། །དྲིལ་བུའི་སྒྲ་དང་འབྲུག་དེ་བཞིན། །དགེ་སློང་བྲམ་ཟེ་བུ་མོ་དང༌། །འབྲས་བུ་མཐོང་ན་མྱུར་དུ་ནི། །མཆོག་དང་བར་མ་ཐ་མ་འགྲུབ། ཅེས་པ་དངོས་གྲུབ་ཀྱི་རྟགས་ཏེ། བྲིས་སྐུ་དངོས་སུ་བཞད་ན་རབ། སྒྲ་གསུམ་དངོས་སུ་ཐོས་ན་འབྲིང༌། དགེ་སློང་སོགས་རྨི་ལམ་དུ་མཐོང་བ་ཐ་མའོ། །དེ་ནས་གཟུགས་ཏེ་བྱིན་རླབས་ཏེ་སོགས་ནི་བྲིས་སྐུ་རབ་གནས་སོ། །ཉེར་སྒྲུབ་ལ་སྒོམ་བཟླས་ཀྱི་རིམ་པ་ནི། །རྟག་ཏུ་མངོན་སུམ་འདུག་ནས་ནི། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱིས། །བདག་བསྲུང་ལ་སོགས་བྱས་ནས་ཀྱང༌། །བདག་གི་དེ་ཉིད་དྲན་བྱེད་ཅིང༌། །འབུམ་ཕྲག་གསུམ་མམ་ཡང་ན་དྲུག །དངོས་གྲུབ་མཚན་མ་བྱུང་བར་དུའོ། །ཞེས་སོ། །བདག་གི་དེ་ཉིད་ཅེས་པ་ནི། གདོད་མའི་ཡེ་ཤེས་མདུན་བསྐྱེད་ནི། དམ་པའི་བདག་ཡིན་ཞིང༌། སྒྲུབ་པ་པོ་རང་ཉིད་ནི་ཐ་མལ་པའི་བདག་ཏུ་


TNT13_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཡིན་ལ། དེ་ཉིད་ཉི་མ་དང་ཉི་མའི་འོད་བཞིན་དུ་ཤེས་ནས། ཉི་མས་ཉི་མའི་འོད་ཟེར་སྤྲོ་ཞིང་བསྡུ་བར་བྱེད་པ་བཞིན་དུ། མདུན་བསྐྱེད་ཀྱི་ལྷའི་བྱིན་རླབས་ལས་བདག་ཉིད་ལྷར་གྱུར་པ་སྤྲོ་བ་དང༌། ཕྱིས་རང་ཉིད་མདུན་བསྐྱེད་ལྷའི་ངོ་བོར་གྱུར་པ་ནི་བསྡུད་པའི་ཚུལ་ཏེ། དེའི་དོན་དུ་བདག་མདུན་གཉིས་ཀར་ལ་དམིགས་ནས་རང་བཞིན་མཉམ་པ་ཉིད་དུ་བསྒོམ་པ་ཡིན་ནོ། །དེ་ལྟར་ཉེར་སྒྲུབ་འདི་དངོས་གྲུབ་ཉེ་བའི་མཚན་མ་མཐོང་གི་བར་དུ་སྒོམ་པར་བྱའོ། །གསུམ་པ་སྒྲུབ་པ་ནི། ཕྱི་དཀྱིལ་ལ་བརྟེན་པ་དང༌། བྲིས་སྐུ་ཙམ་ལ་བརྟེན་པ་གཉིས་ཀར་རུང་མོད་ཀྱི། བྲིས་པའི་དཀྱིལ་འཁོར་ནི་གཙོ་བོར་སྒྲུབ་ཆེན་གྱི་སྐབས་སུ་ཡིན་པས། སྒྲུབ་སྒྲུབས་པའི་སྐབས་འདིར་ཕལ་ཆེར་བྲིས་སྐུ་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཉིས་ལྷན་ཅིག་ཏུ་སྒྲུབ་པར་བྱའོ། །དེ་ཡང་ཉེར་སྒྲུབ་དང་གཞི་འདྲ་བ་ལས། དཀྱིལ་འཁོར་རྒྱས་པ་སྒོམ་དགོས་པ་ཡིན་པས། དེ་ལ་ཀུན་རིག་གི་དཀྱིལ་འཁོར་ནི། སྐབས་འདིར། ཁ་གཅིག་སྒོ་རྐྱང་དུ་འདོད། ཁ་ཅིག་ཉིས་སྦྲག་ཏུ་འདོད། བོད་སྔོན་རབས་རང་ཁ་ཅིག་སྒོ་སྦྲག་ཤིན་ཏུ་མང་པོར་འདོད་པ་སོགས་བྱུང་ཀྱང༌། བླ་མའི་མན་ངག་གམ་རྒྱུད་གཞན་ལ་བརྟེན་ནས་འདིའི་དགོངས་པ་བཀྲལ་བ་དང༌། ཁ་འགེངས་ཀྱི་ཁྱད་པར་ལ་བརྟེན་ནས་འཆད་ཚུལ་མི་འདྲ་བ་དུ་མ་དག སྤྱི་ལྡོག་ནས་འཁྲུལ་ལོ། །ཞེས་འགོག་པར་ནི་མི་བྱེད་མོས་ཀྱང༌། རྒྱུད་ཀྱི་དངོས་བསྟན་ནི་སྒོ་རྐྱང་ཁོ་ན་ཡིན་ལ། འཁྱམས་ནི་ཁ་ཅིག་ཕྱོགས་མདོག ཁ་ཅིག་སྣ་ཚོགས་པ་ཞེས་སོགས་འདོད་པ། ཡོ་གའི་ལུགས་ལྟར་ན་ཕྱོགས་མདོག་ཡིན་མོད། འདིར་བྱ་སྤྱོད་ཕལ་ཆེ་བ་དང་མཐུན་པ། བཻཌཱུ་རྱའི་


TNT13_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལ་གསེར་གྱི་མིག་མངས་རིས་སུ་བྲིས་པ་སོགས་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བ་ལ། རི་དང་ནགས་ཚལ་མཚོ་རྫིང་སོགས་དང༌། ཡིད་དུ་འོང་བའི་སྲོག་ཆགས་སྣ་ཚོགས་དང་བཅས་པ་ཞིང་ཁམས་ཀྱི་ཚུལ་དུ་བྱེད་དེ། རྒྱུད་འདི་ཉིད་ལས་གནས་ཀྱི་ཁྱད་པར་ལྷའི་དགའ་ཚལ་དུ་གསུངས་པ་སོགས། རྒྱུད་ཀྱི་གླེང་གཞི་དང་ཡང་མཐུན་ནོ། །འཁྱམས་ནི་རི་རབ་ཀྱི་རྩེ་མོ་སུམ་ཅུ་རྩ་གསུམ་ལྷ་གནས་མཚོན་ལ། རྩིག་པའི་ཕྱི་རོལ་ནས་དེའི་ཕྱི་མཐའི་བར་ནི། རྒྱུད་ལས་ཕྱིའི་དཀྱིལ་འཁོར་ཞེས་གསུངས་པ་དེ་ཡིན་ཏེ། དཀྱིལ་འཁོར་ཞེས་པ་མཎྜལ་ཟླུམ་པོར་གནས་པའི་དོན་ཡིན་ནོ། །འཇིག་རྟེན་པའི་ཁོར་ཡུག་འདྲི་ན་ཁ་དོག་སེར་པོར་བྱེད་པ་ནི། གསེར་གྱི་ས་གཞི་མཚོན་ལ་ས་དེ་ལ་གླིང་བཞི་པོ་ནི་ངེས་པར་འབྲི་དགོས་ཏེ། འཛམ་བུའི་གླིང་དུ་ཚངས་པ་འབྲི། ཞེས་སོགས་དངོས་སུ་གསུངས་པས་སོ། །ལྷའི་རྣམ་པར་བཞག་པ་ལ། གཙོ་བོ་རྣམ་པར་སྣང་མཛད་ནི། སྐུ་ལུས་གཅིག་ལ་ཞལ་བཞི་པའམ། ཀུན་དུ་ཞལ་གང་དུ་སྒོམ་ཀྱང་འདྲ་མོད་ཀྱི། སྔ་མ་སྒོམ་སྟབས་བདེ་ལ། ཕྱོགས་ཀྱི་རྒྱལ་བ་བཞི་པོ་ཡང་སྐུ་མདོག་དཀར་པོ་ཁོ་ན་ཏེ། རྒྱུད་ལས། གཙོ་བོ་དང་འཁོར་གྱི་ཐོག་མ་སྦྱོང་རྒྱལ་དཀར་པོ་གསུངས་ནས། གཞན་རྣམས་དེའི་ཞོར་ལ་གོ་བའི་དབང་དུ་མཛད་པའོ། །ཡུམ་བཞི་དང་མཆོད་པའི་ལྷ་མོ་རྣམས་དང༌། སྒོ་མ་རྣམས་མཆོག་སྒྲུབ་དཀྱུས་ཀྱི་ཉམས་ལེན་ལ་ཁ་དོག་སོ་སོར་བྱེད། གཤིན་དོན་སོགས་ཞི་བའི་ལས་ལ་ནི་གཙོ་འཁོར་ཐམས་ཅད་ཀྱང་དཀར་པོ་བསྔགས་སོ། །མཆོད་པའི་ལྷ་མོ་ནི། རྒྱུད་ལས། མཁས་པས་ལཱ་སྱ་ལ་སོགས་པའི། མཆོད་པ་གྲྭའི་ཕྱོགས་སུ་བྲི། ཞེས་ཀུན་རིག་གི་


TNT13_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་གསུངས་ཤིང༌། ཤཱཀ་ཐུབ་ཀྱི་སྐབས་ན། གྲྭའི་ཕྱོགས་རྣམས་ཐམས་ཅད་དུ། བདུག་པ་ལ་སོགས་བྲི་བར་བྱ། ཞེས་གསུངས་ནས། བདུག་སྤོས་མ་སོགས་བཞི་པོའི་སྔགས་ཀྱང་སྐབས་དེར་གསུངས་པས། ཕན་ཚུན་ཁ་བསྐང་ན་བརྒྱད་ཀ་འགོད་པ་ཡང་མི་འགལ་མོད་ཀྱི། དངོས་བསྟན་ནི་སོ་སོར་བགོ་བཤའ་མཛད་པ་ལྟ་བུར་སྣང་བས། འདིར་བདུག་སྤོས་མ་ལ་སོགས་པ་མི་འགོད་པ་གཙོ་ཆེའོ། །ལྷ་རྣམས་ཀྱི་བཞུགས་ཚུལ་ནི། སློབ་དཔོན་ཀུན་སྙིང་གིས་རྡོར་དབྱིངས་སོགས་སུ་བཤད་པ་ལྟར་གྱི་སྤར་བཀབ་མ་ནི་འདིར་སྦྱོར་མི་དགོས་ལ། ཁྱད་པར་རྡོ་རྗེ་གནོད་སྦྱིན་ནི་ཞི་བ་རང་ཡིན་ནོ། །དེ་སྦོམ་ཐུང་དུ་བྱས་ན། སྐབས་འདིར་སེམས་དཔར་མི་འགྱུར་ཁྲོ་བོར་འགྱུར་བའི་སྐྱོན་ཡོད་ལ། རྒྱུད་འདིའི་ལུགས་ཀྱི་འཁོར་གྱི་ཁྲོ་བོ་ཀུན་ལ་དབུ་ཕྱག་མཐའ་ཡས་པ་སོགས་འབྱུང་བས། དེ་དེར་བྱས་ན་སེམས་དཔའ་མ་ཚང་བ་སོགས་རྣམ་གཞག་ཐམས་ཅད་འཁྲུགས་པར་འགྱུར་རོ། །བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང༌། ཉན་རང་རྣམས་ཀུན་རིག་གི་དཀྱིལ་འཁོར་པ་མ་ཡིན་གྱི། འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་པ་ཡིན་པ་དང༌། ཁྲོ་བོ་ཕོ་ཉ་མངགས་པ་བྲན་རྣམས་ལ་བཞི་བཞི་སྟེ། བཅུ་དྲུག་པོ་རྣམས་ཀྱང༌། མེ་ལྟར་འབར་བའི་དཀྱིལ་འཁོར་པ་དངོས་ཡིན་གྱི་འདིའི་མ་ཡིན་ལ། ལྷ་ཆེན་གཟའ་སྐར་རྒྱལ་ཆེན་ཕྱོགས་སྐྱོང་སོགས་རང་རང་གི་དགོས་ཀྱི་དཀྱིལ་འཁོར་དང༌། འཁོར་ལོས་བསྒྱུར་བ་ལ་གསལ་བར་གསུངས་པའི་ལྷ་ཡིན་གྱི། དཀྱིལ་འཁོར་འདིའི་མ་ཡིན་ནོ། །དེའི་ཕྱིར་དེ་རྣམས་ལ་སངས་རྒྱས་བྱང་སེམས་ཉན་རང་ཁྲོ་བོ་ཁྲོ་མོ་


TNT13_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཕྱོགས་སྐྱོང་བ་དང་བཅས་པ་ཞེས། སྤྱིའི་མོས་པས་འཇུག་པ་ཙམ་མ་གཏོགས། བསྐྱེད་ཆོག་གིས་མི་བསྐྱེད་པ་ཉིད་ཀུན་རིག་གི་དཀྱིལ་འཁོར་གྱིས་ཐོབ་ཐང་རྒྱུད་ཀྱི་དགོངས་དོན་དངོས་ཡིན་ཞིང༌། སོ་སོའི་བསྐྱེད་ཆོག་གིས་བསྐྱེད་དགོས་ན་སོ་སོའི་སྔགས་ཀྱང་དགོས་པར་འགྱུར་ལ། ཐམས་ཅད་དཀྱིལ་འཁོར་འདི་ལ་བསྡུས་ན། དཀྱིལ་འཁོར་གཞན་རྣམས་ལ་ཆོ་ག་སོ་སོར་གསུངས་པ་དགོས་པ་ཆུང་བར་འགྱུར་བས། འགའ་ཞིག་ལྷ་ཚོགས་མང་བ་ཙམ་སྐྱེ་བོའི་སྔོན་དུ་ངོམ་པ་ནི་གཡས་ཆུང་ངོ༌། །འོན་ཀྱང་དེ་དག་གང་ཡིན་སྙམ་ན། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་ནི། རྡོར་དབྱིངས་སོགས་དང་མཚུངས་པར་བསྐལ་བཟང་བཅུ་དྲུག་གམ། སྒྱུ་འཕྲུལ་དྲ་བ་འམ་གཙུག་དགུའི་དཀྱིལ་ཆོག་སོགས་དང་མཐུན་པར་བྱས་ཀྱང་རུང་ཙམ་ལགས་མོད། འོན་ཀྱང་འདི་ལྟར་བཟང་སྟེ། བྱམས་པ་དང༌། ཀུན་ཏུ་བཟང་པོ་དང༌། ཕྱག་ན་རྡོ་རྗེ་དང༌། བློ་གྲོས་ཆེན་པོ་དང༌། ཞི་བར་གཤེགས་པ་དང༌། ནམ་མཁའི་མཛོད་དང༌། སྒྲིབ་པ་རྣམ་སེལ་དང༌། སྤྱན་རས་གཟིགས་ཏེ་བརྒྱད་དང༌། ཉན་ཐོས་ཀྱང༌། ཤཱ་རི་བུ་དང༌། མཽ་འགལ་གྱི་བུ་དང། འོད་སྲུང་ཆེན་པོ་དང། རབ་འབྱོར་དང༌། སྒྲ་གཅན་འཛིན་དང༌། ཀུན་དགའ་བོ་དང༌། བཟང་ལྡན་དང༌། ཀ་པི་ནའོ། །རྒྱུད་ལས། ཉན་ཐོས་རྒྱལ་བ་ཐམས་ཅད་དང༌། ཞེས་འབྱུང་བས། རྒྱལ་བ་ནི་སངས་རྒྱས་ཡིན་པས། དེ་བཞིན་གཤེགས་པ་མེ་ཏོག་ཡང་དག་པར་སྐྱེས་པའི་རྒྱལ་པོའི་དབང་པོ་དང༌། རིན་ཆེན་གཙུག་ཏོར་དང༌། གཙུག་ཏོར་ཅན་དང༌། ཐམས་ཅད་སྐྱོབ་དང༌། ལོག་པ་དད་སེལ་དང༌། གསེར་ཐུབ་དང༌།


TNT13_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

འོད་སྲུང་དང༌། །སྤྱན་བཟང་སྟེ་བརྒྱད་དོ། །རང་རྒྱལ་ཡང་བརྒྱད་ཏེ། སྤོས་ཀྱི་ངད་ལྡན་དང༌། དམན་པ་དང༌། འཆི་ལྟས་དང༌། ཉེ་བའི་འཆི་ལྟས་དང༌། དཀར་པོ་དང༌། དཀར་པོའི་ཏོག་དང༌། མུ་ཁྱུད་དང༌། མུ་ཁྱུད་བཟང་པོ་རྣམས་སོ། །ཡང་སེམས་དཔའ་བཅུ་དྲུག་ཏུ་བྱེད་ན་ཡང་འཇམ་དཔལ་རྩ་རྒྱུད་ལས་འབྱུང་བ་བཞིན་དུ་བྱས་ན་ལེགས་པར་འགྱུར་རོ། །ཁྲོ་བོ་སོགས་རྒྱུད་འདི་རང་དུ་གསལ་ལ། ཀུན་རིག་གིས་སྐབས་འདིར་མགྲོན་ཐབས་ཀྱི་ལྷ་ལ་གསལ་འདེབས་དགོས་ངེས་ཤེས་པ། ཚངས་པ་སེར་པོ་གདོང་བཞི་རལ་པའི་ཅོད་པན་ཅན། ལག་ན་དབྱུག་པ་དང་སྤྱི་བླུགས། སྟོད་གཡོགས་དང་ཚངས་སྐུད་ཅན། འཛམ་བུ་གླིང་ན་གནས་པ། ཤར་དུ་བརྒྱ་བྱིན་ཕྱོགས་སྐྱོང་གི་ནང་ན་ཡོད་པ་བཞིན་དང༌། བྱང་དུ་དབང་ཕྱུག་ཆེན་པོ་གཡས་རྩེ་གསུམ་དང་ཌཱ་མ་རུ། གཡོན་ཐོད་པ་དང་མདའ་གཞུ་འཛིན་པ་མདོག་ཐལ་ཀའོ། །ནུབ་ཏུ་ནི་ཁྱབ་འཇུག་སྔོན་པོ་འཁོར་ལོ་དབྱུག་ཐོ་པདྨ་དུང་འཛིན་པའོ། །སྐར་མ་ནི་རི་བྱི་དང་བརྟན་པ་ལ་སོགས་པ་དང༌། ཕྲ་མེན་དང་བུད་མེད་ཅེས་པ་ལ། མཁའ་འགྲོ་མ་དང་མ་མོ་ཞེས་པའང་ཡོད་དེ། དོན་ལ་ནི་སྲིན་མོ་ནག་མོ་ལ་སོགས་པ་ནི་ཕྲ་མེན་མ་ཡིན་ཞིང༌། བུད་མེད་ནི་འཇིགས་བྱེད་དགུའི་ཆུང་མ་སོགས་ཡིན་པར་རྒྱུད་འདི་ཉིད་རང་ལས་བྱུང༌། རྣལ་འབྱོར་མ་ཡང་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་ལ་སོགས་པའམ། བཀྲ་ཤིས་ལྷ་མོ་བརྒྱད་ལ་སོགས་པའོ། །དེས་ན་ཕྲ་མེན་མ་ནི་ལྷ་མིན་སྲིན་མོའི་རིགས་ཡིན་ལ། བུད་མེད་ནི་ལྷའི་སྲིན་མོའོ། །རྣལ་འབྱོར་མ་ནི་དེ་དག་གི་ནང་ཚན་རིག་སྔགས་ཀྱི་མཐུ་དང་འདོད་པའི་ཁམས་ཀྱི་ཏིང་ངེ་འཛིན་གྲུབ་པའི་


TNT13_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཤེས་རྫུ་འཕྲུལ་མཐུ་སྟོབས་ཆེས་ཆེ་བ་རྣམས་སོ། །གཞན་རྣམས་གོ་སླ་སྟེ་དཀྱིལ་འཁོར་འབྲི་བའི་དུས་ཀྱང༌། འཁྱམས་ལ་སངས་རྒྱས་བྱང་སེམས་རང་རྒྱལ་ཉན་ཐོས་ཁྲོ་བོ་སོགས་དང༌། གསེར་གྱི་ཁོར་ཡུག་ལ་ལྷ་ཆེན་བཞི་དང༌། གཞན་འཇིག་རྟེན་པ་རྣམས་ཀྱི་གདན། རྡུལ་ཚོན་གྱི་ཚོམ་བུ་ངེས་མེད་སྣ་ཚོགས་དག་འགོད་པར་བྱ་ཡི། ངེས་བཟུང་ཅན་མི་དགོས་སོ། །དེ་བཞིན་དུ་རྒྱུད་ལས་འཇིག་རྟེན་པའི་ཕྱག་རྒྱ་བཤད་པ་རྣམས། དངོས་ནི་འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས། དཀྱིལ་འཁོར་དེའི་ཆོ་ག་ལ་དེ་དག་གི་ཕྱག་རྒྱ་བཅིང་བ་དགོས་པ་དང༌། ཡང་འཇིག་རྟེན་པ་དེ་དག་སྒྲུབ་པར་འདོད་ནའངདེ་དང་དེའི་ཕྱག་རྒྱ་དགོས་པའི་དབང་དུ་བྱས་ཀྱི། ཐམས་ཅད་རིག་པའི་ཆོ་ག་ལ་ནི་ཕྱག་རྒྱ་དེ་དག་མི་དགོས་སོ། །ཡང་འདི་དཔྱད་དེ། རྒྱུད་འདི་ནི་ཡོ་གའི་རྒྱུད་ཡིན་ནོ་ཞེས་རླུང་ལྟར་གྲགས་ཀྱང༌། ཡེ་ཤེས་ཐིག་ལེའི་རྒྱུད་དཔང་པོར་བཞག་ན། ཇོ་བོ་རྗེ་དང་ས་པཎ་གྱི་བཞེད་པ་ལྟར་སྤྱོད་རྒྱུད་དུ་འཐད་པ་ཁོ་ན་ཏེ། གླེང་གཞིའི་གནས་ལྷ་ཡུལ་ཐ་མལ་པར་གསུངས་པ་དང༌། མིའི་སྐྱེ་བ་ལ་བརྟེན་པའི་ལས་འབྲས་ཀྱི་གཏམ་རྒྱུད་ཕལ་པ་འབྱུང་བ་སོགས་བརྗོད་བྱེད་ཚིག་གི་སྒོ་ནས་ཀྱང༌། རྣལ་འབྱོར་རྒྱུད་ཡན་ཆད་དུ་འགྲོ་རྒྱུ་མིན་ལ། བརྗོད་བྱ་དོན་གྱི་སྒོ་ནས་ཀྱང་སྤྱོད་རྒྱུ་ཉིད་དུ་གསལ་ཏེ། དཀྱིལ་ཆོག་ཆེན་པོའི་བདག་བསྐྱེད་གཙོ་རྐྱང་འབའ་ཞིག་གསུངས་པ་དང༌། དམ་ཚིག་གི་ཕྱག་རྒྱས་ལྷ་ཉེ་བར་བྱེད་པ་ཙམ་ཞིག་ཡོད་ཅིང༌། ཕྱག་རྒྱའི་རྒྱས་བཏབ་ཀྱི་གྲངས་ངེས་འདིར་མེད་པས་སོ། །འོ་ན་འཁོར་ལོས་བསྒྱུར་བའི་སྐབས་ན། ལས་ཀྱི་ཕྱག་རྒྱ་གསལ་བར་བསྟན་པ་


TNT13_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནམ། ཇི་སྐད་དུ། དེ་ཉིད་གཉིས་སུ་བྱས་ན་ལས་ཀྱིའོ། །ཞེས་འབྱུང་བ་གང་ཡིན་སྙམ་ན། དེ་ནི་ཕྱག་རྒྱ་བཞིའི་ནང་གི་ལས་རྒྱ་སྟོན་པ་མ་ཡིན་གྱི། ལས་ཀྱིའོ་ཞེས་པ་ལས་འཆོལ་བའི་དོན་གྱི་ཕྱག་རྒྱའོ། །ཞེས་པའི་དོན་ནོ། །དེས་ན་འདིར་བཤད་པ་ལྟར། དམ་ཚིག་གི་ཕྱག་རྒྱ་བྱིན་གྱིས་བརླབས་པ་དང༌། ལས་བཅོལ་གྱི་སྐབས་འགར་སྔོན་འགྲོའི་དམ་ཚིག་གི་ཕྱག་རྒྱས། ལྷའི་ཐུགས་རྒྱུད་བསྐུལ་པ་ཙམ་ཡིན་གྱི། དམ་རྒྱས་རྒྱས་འདེབས་པའི་ཐ་སྙད་ཀྱང་འདིར་མི་མཛད་ན། ཕྱག་རྒྱ་བཞིའི་རྒྱས་བཏབ་ལྟ་ཅི་སྨོས་ལ། སྤྱིར་ལྷ་སོ་སོའི་དམ་ཚིག་གི་ཕྱག་རྒྱ་ཙམ་ནི། བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་ཆེན་པཽ་རྣམས་ལ་རབ་ཏུ་གྲགས་སོ། །དེས་ན་འདི་སྤྱོད་རྒྱུད་ཉིད་ཀྱི་ཆ་ནས་ཆ་ཤས་ཡན་ལག་གི་རྒྱུད་ཡིན་གྱི། ཆོ་ག་རྒྱས་པ་སྟོན་པ་རྩ་བའི་རྒྱུད་ཀྱི་རིགས་མིན་ཡང༌། སྤྱི་ལྡོག་ནས་རྣམ་སྣང་མངོན་བྱང་སོགས་ལས་ཅུང་ཟད་ཐེག་པ་རིགས་མཐོ་བ། རྒྱུད་སྡེ་གོང་མ་དང་མཚམས་སྦྱོར་བ་པོའི་སྤྱོད་རྒྱུད་ཤེས་པར་བྱའོ། །དེ་ལ་སྐབས་འདིར་རྒྱུན་བཤགས་ཡན་ཆད་སྔར་དང་འདྲ་བར་བྱ། བྲིས་སྐུ་ལ་བརྟན་བཞུགས་བྱས་ནས་ལྷ་རྣམས་བཞུགས་སུ་གསོལ་ཏེ། ཚད་མེད་བཞིའི་དོན་ཡིད་ལ་བསམ་པ་ནས་ཥཱིཉྩ་ཨ་ཞེས་པའི་བར་བདག་བསྐྱེད་གོང་བཞིན་བྱ་སྟེ། སྤྱོད་རྒྱུད་ལུགས་ལ་བདག་བསྐྱེད་ནི་མདུན་བསྐྱེད་ཀྱི་སྔ་ཕྱི་གང་དུ་བྱེད་མ་ངེས་པར་ཡོད་པ་ལས་སྒྲུབ་པའི་དུས་འདིར་ནི་བྲིས་སྐུ་དང༌། དཀྱིལ་འཁོར་གྱི་བར་དུ་བྱེད་པ་སྟེ། དེ་རྗེས་ཤུནྱཱ་ཏས་སྟོང་པར་སྦྱངས། ཨོཾ་བྷ་ཞེས་བརྗོད་དེ། སྟོང་པའི་ངང་ལས། རྡོ་རྗེའི་ས་


TNT13_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་མེ་རི་དང་བཅས་པའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང༌། གྲུ་བཞི་པ་སྒོ་བཞི་པ་ཐེམ་སྐས་བཞིས་བརྒྱན་པ། ནང་ནས་རིམ་པ་བཞིན་དུ། སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་བསྐོར་བ། དེའི་སྟེང་དུ་དྲ་བ་དང་དྲ་བ་ཕྱེད་པའི་གཞི་དང༌། ཤར་བུ་དང་མདའ་ཡབ་ཀྱིས་བསྐོར་བ། རྩིག་པའི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་མཆོད་པའི་གཟུངས་མ་དང་བཅས་པ་སྒོ་ཁང་བཞིའི་སྟེང་དུ་རྟ་བབས་རྒྱན་དང་ལྡན་པ། འདེགས་བྱེད་ཀྱི་ཀ་བའི་ངོས་ལ་གླང་སེང་བརྩེགས་པས་བརྒྱན་པ། སྒོ་གདོང་གི་ཀ་བ་བརྒྱད་དང༌། གླང་རྒྱབ་རྣམས་ཀྱི་ནང་དུ། ཤར་དུ་རྡོ་རྗེ། ལྷོར་རིན་པོ་ཆེ། ནུབ་པདྨ། བྱང་དུ་རྒྱ་གྲམ་མོ། །ཕྱི་རོལ་གྱི་འཁྱམས་ལ་ཡང༌། སྐྱེད་མོས་ཚལ་དང༌། ཁྲུས་ཀྱི་རྫིང་བུ་དང༌། མེ་ཏོག་དང༌། རིན་པོ་ཆེ་དང༌། མཆོད་རྫས་དུ་མས་གང་བའི། རིན་པོ་ཆེའི་གཞི་ལ་ཚོན་སྣ་བརྒྱ་རྩས་མིག་མང་རིས་སུ་བྲིས་པའོ། །གཞལ་ཡས་ཁང་གི་སྟེང་དུ་རིམ་པར་ཕུབ་ཅིང་རྩེ་མོར་ཏོག་གིས་བརྒྱན་པ། སྟེང་འོག་གི་གཞི་ཤར་སྔོ། ལྷོ་སེར་ནུབ་དམར་བྱང་ལྗང་དབུས་དཀར་བ་གཞལ་ཡས་ཁང་གི་ནང་དུ་འཁོར་ལོ་དཀར་པོ་རྩིབས་བཅུ་དྲུག་པ། དེའི་དབུས་སུ་འཁོར་ལོ་སེར་པོ་རྩིབས་བརྒྱད་པ། དབུས་ཀྱི་ལྟེ་བ་ལ་རིན་པོ་ཆེའི་བཞུགས་ཁྲི། མདུན་ངོས་སུ་རྡོ་རྗེས་བརྒྱན་པ་ལ་པདྨ་དང་ཟླ་བ། དེ་


TNT13_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་བཞི་ལ་པད་ཟླའི་གདན། གཞན་རྣམས་ལ་ཟླ་བའི་གདན་རེ་རེའོ། །དབུས་ཀྱི་གདན་གྱི་སྟེང་དུ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཞལ་བཞི་པ། ཕྱོགས་བཞིར་ཧཱུཾ་ཕཊ་ཨ་ཏྲཊ་རྣམས་ཡོངས་སུ་གྱུར་པ་ལས། ཤར་དུ་རྒྱལ་མཆོག་སྦྱོང་བའི་རྒྱལ་པོ། ལྷོར་རྒྱལ་མཆོག་རིན་པོ་ཆེ། ནུབ་ཏུ་རྒྱལ་མཆོག་ཤཱཀྱ་ཐུབ་པ། བྱང་དུ་རྒྱལ་མཆོག་མེ་ཏོག་སྟེ། རྒྱལ་བ་ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་མཉམ་བཞག་གི་ཕྱག་རྒྱ་མཛད་པ། ཤར་ལྷོར་སྤྱན་མ་དཀར་མོ་འཁོར་ལོ་མིག་འབྲས་ཀྱིས་མཚན་པ་འཛིན་པ། ལྷོ་ནུབ་ཏུ་མཱ་མ་ཀཱི་སྔོན་མོ་རྡོ་རྗེ་འཛིན་པ། ནུབ་བྱང་དུ་གོས་དཀར་མོ་དམར་མོར་པདྨ་འཛིན་པ། བྱང་ཤར་དུ་སྒྲོལ་མ་ལྗང་ཁུ་ཨུཏྤལ་འཛིན་པ། རྩིབས་བཅུ་དྲུག་པོ་རྣམས་ལ། ཤར་དུ་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཛཿལས་རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ༴ ཧོཿལས་རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ༴ དྷུ་ལས་རྡོ་རྗེ་ལེགས་པ་ལྗང་ཁུ་སེ་གོལ་གྱི་སྒྲ་བྱེད་པ༴ ལྷོ་རུ་ཏྲཱཾ་ལས་རྡོ་རྗེ་རིན་ཆེན་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། རྱ་ལས་རྡོ་རྗེ་གཟི་བརྗིད་དམར་སེར་ཉི་མའི་དཀྱིལ་འཁོར། བྷྲྀ་ལས་རྡོ་རྗེ་ཏོག་སྔོན་པོ་རྒྱལ་མཚན༴ ཧ་ལས་རྡོ་རྗེ་བཞད་པ་དཀར་པོ་སོའི་འཕྲེང་བ༴ ནུབ་ཏུ་ཧྲཱིཿལས་རྡོ་རྗེས་ཆོས་དམར་པོ་གཡོན་པདྨ་མཛིན་ཞིང་གཡས་དེའི་


TNT13_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་འབྱེད་པ༴ དྷཱིཿལས་རྡོ་རྗེ་རྣོན་པོ་སྔོན་པོ་རལ་གྲི་དང་པོ་ཏི༴ ཀྲུཾ་ལས་རྡོ་རྗེ་རྒྱུ་སེར་པོ་འཁོར་ལོ༴ བྷ་ལས་རྡོ་རྗེར་སྨྲ་བ་ཟངས་མདོག་རྡོ་རྗེས་མཚན་པའི་ལྗགས༴ བྱང་དུ་ཀཾ་ལས་རྡོ་རྗེ་ལས་སྣ་ཚོགས་མདོག་སྣ་ཚོགས་གིས་རྡོ་རྗེ་དང་དྲིལ་བུ༴ རཾ་ལས་རྡོ་རྗེ་བསྲུང་བ་གོ་ཁྲབ༴ ཀྵཾ་ལས་རྡོ་རྗེ་གནོད་སྦྱིན་ནག་པོ་མཆེ་བ་གཉིས༴ སཾ་ལས་རྡོ་རྗེ་ཁུ་ཚུར་དམ་ཚིག་གི་ཁུ་ཚུར་གྱིས་རྡོ་རྗེ་སེར་པོ་རྩེ་ལྔ་པ་འཛིན་པ། ཡང་ན་རྒྱུད་འདིར་གསུང་པའི་སེམས་དཔའ་བཅུ་དྲུག་པོ་ཐམས་ཅད། རྡོ་རྗེ་སེམས་དཔའ་ཁོ་ནའི་རྣམ་འགྱུར་ཡིན་ཞིང༌། ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱང་སྐུ་མདོག་དཀར་པོ་ཡོད་པའི་ཕྱིར། སེམས་དཔའ་བཅུ་དྲུག་པོ་ཐམས་ཅད་སྐུ་མདོག་དཀར་པོ་བྱས་ཀྱང་ལེགས་སོ། །ཕྱི་རོལ་གྲྭ་བཞིར་ཤར་ལྷོར་ཧཱུཾ་ལས་སྒེག་མོ་དཀར་མོ། ལྷོ་ནུབ་ཏུ་ཏྲཾ་ལས་འཕྲེང་བ་མ་སེར་མོ། ནུབ་བྱང་དུ་ཧྲཱིཿལས་མར་མེ་མ་དམར་མོ། བྱང་ཤར་དུ་ཨ་ལས་དྲི་ཆབ་མ་ལྗང་ཁུའོ། །རྒྱུད་ཀྱི་དངོས་བསྟན་ནི་བཞི་པོ་དེ་རྣམས་ཁོ་ན་ཡིན་ལ། བདུག་སྤོས་མ་ལ་སོགས་པ་བཞི་པོ་ཡང༌། སོགས་ཁོང་ལ་བརྟེན་ནས་འགོད་དུ་རུང་བའང་ཡིན་མོད། སྒེག་སོགས་བཞི་ཁོ་ནས་ཆོག་གོ །སྒོ་བཞིར་ཤར་སྒོར་ཛཿལས་ལྕགས་ཀྱུ་མ་དཀར་མོ། ལྷོ་སྒོར་ཧཱུཾ་ལས་ཞགས་པ་མ་སེར་མོའོ། །ནུབ་སྒོར་བཾ་ལས་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་ཧོ་ལས་དྲིལ་བུ་མ་ལྗང་ཁུའོ། །ཕྱི་རོལ་ཀྱི་འཁྱམས་ལ། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། སངས་རྒྱས་རྣམས་དང༌།


TNT13_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ཐོས་རྣམས་དང༌། རང་སངས་རྒྱས་རྣམས་དང༌། ཁྲོ་བོ། མངགས་པ། ཕོ་ཉ། བྲན་རྣམས་དང༌། གླིང་བཞི་དང་གསེར་གྱི་ཁོར་ཡུག་ལ། དཔལ་མགོན་བདུན་ཅུ་རྩ་ལྔ་པ་སོགས་པ། འཇིག་རྟེན་པ་དཀྱིལ་འཁོར་ལ་མངོན་པར་དད་པ་དཔག་ཏུ་མེད་པ་རྣམས་ཀྱང་གནས་པར་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདོད་ནས་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ། སངས་རྒྱས་བྱང་སེམས་ཉན་རང་འཕགས་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་པར་མོས། ཚིགས་བཅད་ཀྱི་སྤྲོས་པ་བྱེད་དམ་མི་བྱེད་བློ་དང་སྦྱར། ཛཿཧཱུཾ་བཾ་ཧོཿབྷ་ག་ཝཱན་མཧཱ་ཀཱ་རུ་ཎི་ཥ་དྲྀ་ཤྱཿཧོཿ ཞེས་ལན་གསུམ་ལ་སོགས་པས་ཇི་ལྟར་དམིགས་པ་གསལ་ཞིང་ཡིད་ཆེས་པའི་བར་དུ་སྦྱན་དྲངས། ཡཀྵ་འམ། ཨ་མྲྀ་ཏས་བསངས། མཆོད་ཡོན། གདན་འབུལ། ཉེར་སྤྱོད་ལ་སོགས་པ་ཕུལ་ནས། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿ གཉིས་སུ་མེད་པར་ཐིམ། ལྷ་རྣམས་ཀྱི་ཐུགས་ཀར་རང་རང་གི་ས་བོན་གསལ་བཏབ། གཙོ་བོ་ནས་དྲིལ་བུ་མའི་བར་དུ་སོ་སོའི་དམ་རྒྱ་བཅས་སྔགས་ལན་གསུམ་གསུམ་བརྗོད། དམ་ལ་བཞག །གནས་གསུམ་བྱིན་རླབས་དབང་བསྐུར་རྒྱས་བཏབ་སྔར་བཞིན་བྱ། བྲིས་སྐུའི་ཡུལ་བཀོད་རྣམས་རང་རང་གིས་སྒོམ་པའི་འཁྱམས་དང་འདྲེས་ཤེས། བྲིས་སྐུའི་ལྷ་རྣམས་རང་གི་མདུན་དུ་བཞུགས་པ་ནི། བྲིས་སྐུའི་གཙོ་བོ་དང་དཀྱིལ་འཁོར་གྱི་གཙོ་བོ་གཅིག་གིགཙོ་བོ་གཅིག་ཏུ་གྱུར་པ་ལ། སྦྱོང་རྒྱལ་ཤཱཀྱ་ཐུབ་པ། ལྷ་མོ་བཞི་ཡང་དེ་དང་འདྲ། སྨན་རྒྱལ་དང་རང་ཉིད་ཐད་མཉམ། གཙོ་བོ་ཀུན་རིག་རང་


TNT13_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཅུང་ཟད་མཐོ་བ་དང༌། གཞན་རྣམས་གཅོ་བོའི་དྲུང་ན་ཡོད་པར་བསམ། དེ་ནས་མཆོད་པ་གསར་དུ་བཤམ། བྱིན་གྱིས་བརླབས་ཏེ། མདུན་བསྐྱེད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང༌། བདག་དང་བྲིས་སྐུའི་ལྷ་ཐམས་ཅད་ལ་མཆོད་པར་བསམ་ནས། ཆུ་གཉིས་ཉེར་སྤྱོད་མཆོད་པ་ཉེར་ལྔ་པ་སོགས་རྒྱས་པར་ཕུལ། བསྟོད་པ། མཉམ་ཉིད་མི་གཡོ་མ་དང༌། མཚན་བརྒྱས་བསྟོད། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་སོགས། སེམས་དཔའ་བཅུ་དྲུག་གི་མཚན་བརྒྱས་ཀྱང་བསྟོད་ན་རུང་སྟེ་སྤྱིར་རྒྱུད་སྡེ་གོང་མའི་ཆོ་གས་འོག་མ་ལ་ཁ་མི་སྐོང་བ་ཡིན་ཀྱང༌། བསྟོད་པ་ཙམ་ལ་འགལ་བ་མེད་ཅིང༌། ཐུན་མོང་གི་ཆོས་གཞན་ལའང་དེ་དང་འདྲ་རུང་བ་མང་དུ་ཡོད་པ་དང༌། རྒྱུད་འདིའི་ངོ་བོ་སྤྱོད་པའི་རྒྱུད་ཡིན་ཀྱང༌། ངན་སོང་སྦྱོང་བའི་སྒོ་དང༌། དོན་གྱི་ཆ་ཤས་སོ་སོའི་སྒོ་ནས་རྒྱུད་སྡེ་ཀུན་ཏུ་འགྲོ་བའང་ཡིན་པས། དེ་ཉིད་བསྡུས་པའི་རྒྱུད་ཚིག་ལས་སྐབས་སུ་བབས་པ་དག་འདིར་དྲངས་ན་མི་འགལ་བའང་ཡོད་དེ། སླར་ཡང་ཁུ་ཚུར་ཁ་ཕྱེ་ཁར་སྔོན་འགྲོའི་གཙོ་བོ་ནས་དྲིལ་བུ་མའི་བར་དུ་སོ་སོའི་དམ་རྒྱ་བཅིངས་ལ། སྔགས་ལན་གསུམ་མམ་རེ་རེ་སོང་བའི་མཐར་ཕྲིན་ལས་བཅོལ། དེ་ནས་བཟླས་པ་ནི། གཙོ་བོའི་བཟླས་པའི་དམིགས་པ་དངོས། ཉེར་སྒྲུབ་ཀྱི་སྐབས་ཀྱིས་རིགས་འགྲེ །འཁོར་གྱི་བཟླས་པ་ལ། གཙོ་བོའི་ཐུགས་ཀའི་སྙིང་པོའི་མཐར་འཁོར་གྱི་སྔགས་ཀྱི་ཡིག་འབྲུ་བཀོད། འཁོར་སོ་སོ་ཉིད་ཀྱི་ཐུགས་ཀར་ཡང་ས་བོན་སྔགས་ཀྱི་ཡིག་འབྲུ་སྒྲ་དང་བཅས་པ་བསྒོམ། དེ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་


TNT13_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་ཐུགས་ཀའི་སྔགས་ལ་མཆོད་པ་སོགས་གོང་ཉེར་སྒྲུབ་དང་འདྲ། ཁྱད་པར་དུ་འདི་ལ་གཙོ་འཁོར་སོ་སོའི་སྔགས་བཟླ་བའི་སྐབས་ཡིན་ཡང་རུང༌། གཙོ་བོ་ཁོ་ནའི་བཟླས་པ་ཡིན་ཡང་རུང༌། ཐམས་ཅད་ཀྱི་ཐུན་མོང་དུ་རྩ་རིག་བཟླ་བ་ཡིན་ཡང་རུང་སྟེ། སྔགས་བརྒྱ་རྩ་བརྒྱད་རེ་སོང་བ་ན། བགྲང་ཕྲེང་བྲིས་སྐུའི་མདུན་དུ་འཇོག་པའམ། མེ་ཏོག་གཏོར་ཀྱང་རུང༌། ཡངསྔགས་དེ་ཉིད་ཚར་གཅིག་བཟླས་པས། སྙིང་གའི་སྔགས་འཕྲེང་ལས་འོད་ཀྱི་གོང་བུ་ཞིག་བྱུང་སྟེ། དེ་ཉིད་གཙོ་བོའི་ཐུགས་ཀའི་སྔགས་འཕྲེང་ལ་ཐིམ། དངོས་སུ་བཤམས་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་བསྟོད་བྱས་ལ། མགོ་བོ་ས་ལ་བཏུགས་ཏེ། བདེ་བར་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་ལ་བདག་གིས་སྔགས་ཀྱི་ནོར་བུ་ཕུལ་བ་ལགས་ཀྱི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ལ་མྱུར་དུ་དངོས་གྲུབ་སྩལ་དུ་གསོལ། ཞེས་སོགས་གདུང་བ་དྲག་པོས་གསོལ་བ་བཏབ། ཡི་དམ་ལྷའི་ཐུགས་ཀ་ནས་འོད་ཟེར་བྱུང་ལུས་ཐམས་ཅད་གང༌། སྙིང་གའི་སྔགས་འཕྲེང་ལ་ཐིམ་པས། སྔགས་འབྲུ་རྣམས་བཀྲག་རྒྱས་ཤིང་ཉམས་བདེ་བ་དང་ལྡན་པར་གྱུར་པར་བསམ། ཐུན་མཚམས་ཀྱི་སྐབས་དཀྱིལ་འཁོར་མཆོད་ཅིང་གསོལ་བ་བཏབ་ནས་བརྟན་བཞུགས་བྱས། རང་ཉིད་རྡོ་རྗེ་སེམས་དཔའི་རྣམ་པས་ཐུན་མཚམས་ཀྱི་སྦྱཽང་བྱེད་པར་བསམ། ཐུན་ཕྱི་མ་རྣམས་ལའང༌། རང་ཉིད་དཀྱིལ་འཁོར་གྱི་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ། མཆོད་བསྟོད་བྱས་ཏེ་བཟླས་པ་ལ་འཇུག །དེ་ནས་


TNT13_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་ཐ་མ་བདག་བསྐྱེད་ཀྱི་ཡེ་ཤེས་པ་མཆོད་བསྟོད་བྱས་ནས་གཤེགས། དམ་ཚིག་པ་འོད་གསལ་དུ་བསྡུད་ནས་བསྲུང་བ་བྱེད་པ་སོགས་གོང་དུ་བཤད་པའི་རིགས་འགྲེའོ། །དེ་ལྟར་ཉིན་རེ་བཞིན་བསླབ་ཅིང་ཐུན་མཚམས་ཀྱི་སྤྱོད་པ་སྔར་དང་འདྲ། སྒྲུབ་པ་འདི་ཡང་དུས་ཀྱིས་ཚད་ལ་ངེས་པ་མེད་དེ། དངོས་གྲུབ་ཤིན་ཏུ་ཉེ་བའི་ལྷོས་བྱང་གི་བར་དུའོ། །དེ་ལྟར་ཡང་རྒྱུད་ལས། དེ་ནས་དབེན་པའི་གནས་སུ་ནི། །བརྒྱ་རྩ་བརྒྱད་ནི་ཚང་བར་བྱ། །དངོས་གྲུབ་མ་བྱུངབར་དུ་ནི། །སྔགས་ནི་འཁྲལ་འཁྲུལ་མེད་པར་བཟླས། །ཅེས་གསུངས་ནས། འདིར་དབེན་པའི་གནས་སྨོས་པ་ནི། བསྙེན་པ་ཉེར་བསྙེན་གཉིས་ཀྱི་སྐབས་གནས་ཀྱི་མཚན་ཉིད་བཀའ་ཡངས་ལ། སྒྲུབ་པ་ནས་བརྩམས་ཏེ་གནས་མཚན་ཉིད་དང་ལྡན་པ་གལ་ཆེ་བར་དགོངས་སོ། །དཔེ་མང་པོ་ལས་བརྒྱད་བརྒྱ་ཉིད་དུ་ཚང་བར་བྱ། ཞེས་འབྱུང་བ་ལྟར་ན། སྔགས་བརྒྱད་བརྒྱ་བརྒྱད་བརྒྱ་སོང་བ་ན། ལྷག་པའི་ལྷ་ལ་ནོར་བུ་འབུལ་བའི་དོན་ཡིན་པའང་བརྒྱ་རྩ་ཞེས་པ་དག་པར་མངོན་མོད། རྒྱ་སྐད་ལ་ཇི་ལྟར་ཡོད་བརྟག་དགོས་པའང་ཡིན་ནོ། །དངོས་གྲུབ་མ་བྱུང་བར་ཞེས་པ་ནི། །སྐུའི་རྣམ་པ་སྟོན་པ་ལ་སོགས་པ་དངོས་གྲུབ་ཉེ་བའི་ལྟས་མ་བྱུང་བར་ཞེས་པའོ། །འདིར་གང་ལ་བརྟེན་མི་གསལ་བ་ནི། བྲིས་སྐུའམ་ཕྱིའི་དཀྱིལ་འཁོར་གང་བྱས་ཀྱང་རུང་གི་གཅིག་ཁོ་ན་ངེས་བཟུང་དུ་མི་དགོས་པའི་དོན་ནོ། །བཞི་པ་སྒྲུབ་ཆེན་ལ། ཀུན་རྫོབ་མཚན་བཅས་ཀྱི་སྒྲུབ་ཆེན་དང་དོན་དམ་མཚན་མེད་ཀྱི་སྒྲུབ་ཆེན་གཉིས་སོ། །དང་པོ་ནི། སྤྱིར་བཏངས་ཙམ་དུ་


TNT13_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིའི་དཀྱིལ་འཁོར་ལ་ངེས་པར་ལྟོས་པ་ཡིན་ལ། དམིགས་གསལ་དུ་གང་ཟག་སྒྲུབ་པ་པོ་ཆེས་དབང་པོ་རྣོ་བ་དང༌། སྔོན་གྱི་བསོད་ནམས་ཀྱི་སྟོབས་ལས་དང་འཕྲལ་གྱི་བཟླས་བརྗོད་མཆོད་པ་སོགས་ཚོགས་རྒྱ་ཆེན་པོས། ལྷ་རྣམས་ཤིན་ཏུ་ཉེ་བར་གྱུར་པ་དང༌། གསལ་སྣང་འགྲུབ་པ་ཙམ་པོ་མ་ཡིན་པར། གསལ་སྣང་ནུས་པར་ཤར་བ་སྟེ་གསུམ་འཛོམ་པས། ཡིད་ཀྱི་སྒོམས་པ་ཁོ་ནས་ཀྱང་ཕྱིའི་དཀྱིལ་འཁོར་ལ་མ་ལྟོས་པར་འགྲུབ་བོ། །འོན་ཀྱང་ཕྱིའི་དཀྱིལ་འཁོར་སྒྲུབ་དགོས་པ་སྤྱིར་བཏངས་ཀྱི་དབང་དུ་བྱས་ན། ས་ཆོག །སྟ་གོན། དཀྱིལ་འཁོར་འབྲི་བ། སྒྲུབ་པའི་ཆོ་ག་ལ་འཇུག་པ་དངོས་གྲུབ་བླང་བ། རྗེས་ཀྱི་བྱ་བ་སྟེ་དྲུག་གོ །དང་པོ་ནི། རྒྱུད་ལས། གཙུག་ལག་ཁང་དང་སྐྱེད་མོས་ཚལ། །མཆོད་རྟེན་ལྷ་ཁང་ཀུན་དགའ་སོགས། །ཇི་བཞིན་པ་ཡི་ཆོ་ག་ཡིས། །གནས་ནི་བྱིན་གྱི་རླབས་པ་ཙམ། ཞེས་པ་ཙམ་ཞིག་གསུངས་ཏེ། ས་བརྟག་པ་ནི་སྤྱི་དང་འདྲ་ཡང༌། གོང་དུ་སྨོས་པའི་དེ་རྣམས་སུ་བརྟག་མི་དགོས་སོ། །དང་པོར་ཆ་གསུམ་ནང་གི་འབྱུང་པོ་སྤྱིའི་གཏོར་མ་དང༌། དགོས་སུ་གཞི་བདག་གཏོར་མ་བཏང་སྟེ། ས་ལ་རྒྱུ་བའི་འབྱུང་པོ་དང༌། ཅེས་སོགས་སམ། གང་དག་འདིར་གནས་ལྷ་དང་ཀླུ། ཞེས་སོགས་ཀྱི་ལན་མང་དུ་གསོལ་བ་བཏབ་ཅིང་ས་གཞི་བླང༌། དེ་རྗེས་བསྐོ་སྦྱངས་བྱེད་པ་སོགས་སྤྱི་དང་འདྲ་སྟེ། འོན་ཀྱང་གཙུག་ལག་ཁང་སོགས་སུ་མི་དགོས། དེ་བས་སྔགས་ཀྱི་སྦྱང་བ་ལ་བགེགས་གཏོར་བཏང་ཞིང་བགེགས་བསྐྲད། ས་གཞི་བྱི་དོར་བྱས་པ་ལ་ཡུངས་ཀར་དང༌།


TNT13_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་དང་ཤིང་ཐལ་རྣམས་ཀྱི་གཏོར་ཞིང༌། བཛྲ་སཏྭ་ཀྲོ་དྷའི་སྔགས་ལན་མང་དུ་བཟླས། དེ་ནས་བཟུང་བ་ནི་དེ་ཕྱོགས་ཏེ་དྲི་བཟང་གིས་བྱུགས་ལ། སྒྲུབ་པ་པོའི་ལག་གིས་རྡོ་རྗེ་བཟུང་བཞིན་པས། ཨོཾ་ཛ་ཡ་ཨུཥྞིཥ། ཛྭ་ལ་ཛྭ་ལ། བནྡྷ་བནྡྷ། ད་མ་ད་མ། ཧཱུཾ་ཧཱུཾ་ཧཱུཾ། ཧོཿཧ་ན་ཧཱུཾ། ཞེས་པ་རྒྱལ་བའི་གཙུག་ཏོར་གྱི་སྔགས་དང༌། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སོགས། སངས་རྒྱས་སྤྱན་མའི་སྔགས་མང་དུ་བཟླས་ཏེ། སྒྲུབ་གྲོགས་གཞན་ཞིག་གམ་མེད་ན་རང་ཉིད་ཀྱིས་བར་བར་པའི་རྣམ་ལྔ་དང་དྲི་བཟང་གི་ཆུས་གསང་གཏོར་བྱ། སླར་ཡང་སཏྭ་ཀྲོ་དྷའི་སྔགས་བཟླས་ཏེ། དཀྱིལ་འཁོར་གྱི་ས་གཞིའི་དབུས་དང་མཚམས་བཞིར་ཕུས་བཏབ་པོ། བསྲུང་བ་ནི། རྡོ་རྗེའི་ས་གཞི་ར་གུར་རྣམས་ཀྱིས་བསྐོར་བར་མོས། ཨོཾ་ཀུ་ལཱན་དྷ་རི་བནྡྷ་བནྡྷ་ཧཱུཾ་ཕཊ། ཅེས་མང་དུ་བརྗོད། དེ་ལྟར་ན་ས་བརྟག་བླངས་སྦྱངས་བཟུང་བསྲུང་བ་ནི་དེ་ཙམ་ཞིག་གོ།དཀྱིལ་འཁོར་སྒོམ་པས་ས་བཟུང་བ་ནི་ཐོབ་ཚོད་ལ་མི་དགོས་ཤིང༌། ཆོ་གའི་སྤྲོད་པ་གཞན་རྣམས་ཀྱང་རྣལ་འབྱོར་རྒྱུད་ཡན་ཆད་ཀྱི་ཡིན་པས། འདིར་ནི་གསང་བ་སྤྱི་རྒྱུད་ལས་ཇི་སྐད་གསུངས་པ་ཙམ་བྱའོ། །གཉིས་པ་སྟ་གོན་ལ། ས་ལྷ་སྟ་གོན་སྤྱི་དང་འདྲ་བ་ལས། སའི་ལྷ་མོའི་དམ་ཚིག་པ་བསྐྱེད་པ་མི་དགོས་སོ། །གཏོར་མ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་འབུལ་ལོ། །ལྷ་སྟ་གོན་ནི། དཀྱིལ་འཁོར་གྱི་ས་གཞིའི་གནས་སུ་བྲིས་སྐུ་བཀྲམ། མཆོད་པ་བཤམ། ཁྲོ་བོའི་སྔགས་ཀྱི་བསངས། གནས་དང་ཡོ་བྱས་བྱིན་གྱི་རླབས། ཡང་ན་གདན་གྱི་དོན་དུ་ལྷ་ཚོགས་དང་མཐུན་པའི་


TNT13_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་བུ་བཀོད་ཀྱང་ལེགས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་པར་མོས་ལ། མ་ལུས་སོགས་བརྗོད་ཅིང༌། གདན་འབུལ་བའི་བར་དུ་བྱ། གཙོ་བོའི་སྙིང་པོ་ནས་དྲིལ་བུ་མའི་སྔགས་ཀྱི་བར་དང༌། ལྷ་སོ་སོའི་གྲངས་དང་མཐུན་པའི་རྩ་རིག་བཟླས། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་གཅིག་ཏུ་འདུས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་རྣམ་པར་གྱུར་ནས། བྲིས་སྐུ་ལུགས་སྐུ་སོགས་དང་འདྲེས་ཏེ་བཞུགས་པའམ། ཚོམ་བུའི་སྟེང་དུ་བཞུགས་པར་མོས། མཆོད་འཕྲེང་ལྟར་མཆོད་བསྟོད་ཕུལ་ལ། ཐམས་ཅད་རིགས་པ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་པ་ནས། བྱིན་གྱིས་རླབས་པར་མཛད་དུ་གསོལ། གྱི་བར་སྙན་གསན་ཕབ། ཡང་མཆོད་བསྟོད་གསོལ་བ་བཏབ་ནས་གཤེགས་སུ་གསོལ། བུམ་པ་སྟ་གོན་ནི། མཆོད་བུམ་ལ་སྟ་གོན་མི་དགོས་པས། དབང་གི་བུམ་པ་ལྔ་དང་རྣམ་རྒྱལ་བུམ་པ་དྲི་བཟང་གི་ཆུས་བཀང༌། སྙིང་པོ་དང་ལྡན་པར་བྱས། བསངས་སྦྱངས་བྷྲཱུཾ་ལས་བསྐྱེད་པ་སོགས་སྤྱི་དང་འདྲ། ཨོཾ་ཏཔྟེ་ཏཔྟེ་མཧཱ་ཏཔྟེ་སོགས་ལན་བདུན་གྱིས་ལྷའི་ཆུ་བོས་གང་བར་བསམ། ཨོཾ་བཛྲ་ཤིཥ་རེ་རུཊ་མཊ། ལོ་མ་ཅན་གྱི་ལྕུག་མའི་ཁ་བརྒྱན་བཞགཐམས་ཅད་ལ་སྤོས་ཀྱིས་བདུགས་ཏེ་མེ་ཏོག་དཀར་པོ་གཏོར། །མེ་ཏོག་ཕྲེང་བའི་གཟུངས་ཐག་བུམ་པ་རེ་རེ་བཞིན་སྤོས་ལ། དང་པོར་རྣམ་རྒྱལ་གཙོ་འཁོར་ཐམས་ཅད་ཀྱི་སྔགས་བརྒྱ་རྩ་རེ་བཟླ། ཐུན་མོང་དུ་རྩ་རིག་བརྒྱ་རྩ་བཟླས། དབང་བུམ་ལྔ་ལ་གཙོ་བོའི་སྙིང་པོ་དང་སྦྱོང་རྒྱལ་སོགས་བཞིའི་སྔགས་སོ་སོར་ཇི་ལྟར་འོས་པ་


TNT13_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ། ཐམས་ཅད་ཀྱི་ཐུན་མོང་དུ་ཨབྷི་ཥི་ཀ་བཟླ། བར་ཆད་བསྲུང་བའི་དོན་དུ་གཙུག་ཏོར་རྒྱལ་བའི་སྔགས་ཀྱང་བཟླ་ལ། ལྷའི་གཟུགས་སུ་བསྐྱེད་པ་མེད་ཀྱང་སྔགས་ཉིད་ལྷ་ཡིན་པའི་ཕྱིར་མཐར་མཆོད་བསྟོད་གསོལ་བཏབ་རྣམས་བྱའོ། །གསུམ་པ་དཀྱིལ་འཁོར་བྲི་བ་ནི། ཐིག་ཚོན་གཙང་མ་བ་བྱུང་དང་དྲི་བཟང་གི་ཆུས་གཏོར། ཨ་མྲྀ་ཏ་མང་དུ་བཟླས་པས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཐིག་ཚོན་ལ་ཧཱུཾ་གིས་མཚན་པར་མོས་ཏེ། ཨོཾ་བཛྲ་སཏྭ་ཧཱུཾ་དང༌། རྩ་རིག་མང་དུ་བཟླས་པས་བྱིན་གྱིས་རླབས། ཨ་ནོ་ནྱ་སོགས་ཀྱིས་ཐིག་སྐུད་སྒྲིལ་བ་དང༌། ཐིག་ཚོན་བྱིན་རླབས་ཀྱི་སྔགས་སོགས་སྤྱི་དང་མཐུན་པར་བྱས་ནའང་རུང་བར་མངོན་ནོ། །དེ་ནས་ཐིག་གདབ་ཅིང་རྡུལ་ཚོན་དགྱེ་བར་བྱ་སྟེ། སྐབས་འདིར་རྒྱུད་ལས། ཕྱི་ཡི་སྒོ་འཁྱུད་རྣམས་ཀྱིས་བརྒྱན། །དགུ་ཡི་ཆར་ནི་དགོས་པ་ལས། །སྒོ་དང་སྒོ་ཁྱུད་སུམ་ཆར་བྱ། །ཞེས་འབྱུང་བ་ལས། བོད་སྔ་ཕྱི་དག་འདོད་ཚུལ་མི་གཅིག་པ་ཤིན་ཏུ་མང་ཡང༌། གཞུང་གི་ཚིག་དོན་ལ་ཞུགས་པ་ནི་ཡེ་མ་སྣང་ངོ༌། །དེ་དག་གི་ནང་ནས་སྔོན་གྱི་འདོད་ཚུལ་ཅིག །དགུ་ཡིས་ཞེས་བྱེད་པའི་སྒྲ་ཡོད་པ། དགུ་ཡི་ཞེས་དྲུག་སྒྲར་བཅོས་ནས། དགུའི་ཆར་བགོས་པ་ནི་དབུས་ལེ་ཙེ་དགུའི་མིང་ཡིན་ལ། དེའི་རྒྱ་ལ་ཆ་ཆེན་གསུམ་ཡོད་ཅིང༌། སྒོ་དང་སྒོ་འཁྱུད་ལ་དེའི་གསུམ་ཆ་སྟེ་ཆ་ཆེན་གཅིག་ཡིན་ནོ། །ཞེས་ཟེར་བ་འདི། གཞུང་ཚིག་ཐད་ཀ་དེའི་འབྲུ་གནོན་འགྲིག་རུང་ཙམ་བྱུང༌། འདོད་ཚུལ་གཞན་ཐམས་ཅད་ནི་ཚིག་དོན་གཉིས་ཀ་ལ་མི་འགྲིག་པ་ཤ་སྟག་སྣང་ངོ༌། །


TNT13_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་མོད་ཀྱི་གཞུང་གི་དགོངས་པ་ནི་དེ་ཡང་མ་ཡིན་ཏེ། རེ་མིག་དགུར་བྱེད་པ་རྒྱུད་ཀྱི་དགོངས་པ་མ་ཡིན་པ་དང༌། འདི་ནི་དཀྱིལ་འཁོར་གྱི་ཕྱི་གཏན་ལ་འབེབས་བྱེད་ཡིན་གྱི། ནང་གི་དཀྱིལ་འཁོར་གྱི་སྐབས་མ་ཡིན་པའི་ཕྱིར་རོ། །ཕྱི་དང་ནང་གི་དཀྱིལ་འཁོར་ཞེས་པ་ཡང༌། རྩ་ཐིག་གི་ཕྱི་ནང་ངམ་རྩིག་པའི་ཕྱི་ནང་གི་དོན་ཡིན་གྱི། དཀྱིལ་འཁོར་སྒོ་སྦྲག་གི་དོན་གཏན་ནས་མིན་ནོ། །ཡང་རྣམ་པ་ཅིག་ཏུ་ན། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། ཡེ་ཤེས་འབྱུང་བའི་དཀྱིལ་འཁོར་དེར། །ཆ་ནི་རྣམ་པ་གསུམ་དུ་བྱ། །བློ་དང་ལྡན་པས་ཆ་གསུམ་དུ། །དེར་ནི་སྒོ་ཁྲུད་རྣམས་བྱ་སྟེ། །དེར་ནི་སྒོ་ཡང་བཞི་གཏོད་དོ། །ཞེས་འབྱུང་བ་དང༌། ཚིག་ལམ་ཕལ་ཆེར་མཐུན་པ་ལྟར་འདུག་པས། སྒོ་དཀྱིལ་འཁོར་གྱི་དགུ་ཆའི་ཚད་དུ་བཤད་པ་དང་བསྟུན་ན་རུང་བ་ཙམ་ཞིག་ཀྱང་ཡོད་མོད་ཀྱི། རེ་ཞིག་སྤྱི་དང་མཐུན་པར་བརྗོད་ན། དགུ་ཡི་ཆར་བགོས་ཞེས་པ་ནི། སྒོའི་ཐད་ན་དབུས་དང་གཡས་གཡོན་སྡོམས་པས་ཐིག་དགུ་ཡོད་ཅེས་བྱའོ། །ཐིག་དགུ་པོ་དེའི་གསུམ་ཆ་ནི་འཕྲེད་ལ་སྒོའི་ཞེང་དང༌། དཔངས་སུ་སྒོ་ཁྱུད་ཀྱི་དཀྱུས་ཡིན་ནོ་ཞེས་པའི་དོན་ཡིན་ལ། དེས་ན་འདི་ནི་སྒོ་དང་སྒོ་འཁྱུད་དང་སྒོ་འགྲམ་དང་སྒོ་ལོགས་ཚད་མཉམ་པར་བྱས་པ་ཧར་སྒོ་ཡིན་ནོ། །སྒོ་ཁང་གི་རྒྱ་ཚད་འཆད་པའི་དབང་དུ་བྱས་ནས། སྒོ་ལོགས་ནས་སྒོ་ལོགས་ཀྱི་བར་གྱི་ནང་མཐའ་ལ་ཆ་ཆེན་གསུམ་ཡོད་ཅིང༌། དེའི་གསུམ་ཆ་སྟེ་ཆ་ཆེན་གཅིག་ནི་རྩ་ཐིག་གི་ཐད་ཀྱི་སྒོ་དང༌། སྒོ་འཁྱུད་ཀྱི་ནང་མཐའ་ནས་ཕྱི་མཐའི་བར་དང༌། སྒོ་ཁྱུད་གཉིས་ཀྱི་བར་སྟོངས་སྒོ་ཕུགས་ཀྱི་ཞེང་ཚད་ཡིན་ནོ། །འོ་ན་ཐིག་དགུ་པོ་གང་ཞེ་ན། །ཆ་དང་པོ་


TNT13_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་གདབ་ཕྱི་མ་གདབ་ཀྱི་དང་པོའི་ཕྱེད་རྩིག་པའི་ནང་ཐིག་དང༌། ཕྱི་མ་གདབ་སྒོ་ཁྱུད་ཀྱི་རྩིག་པའི་ཕྱི་ཐིག་དང༌། དེ་དང་སྒོ་ལོགས་ཀྱི་ནང་ཐིག་གི་བར་ན་ཆ་ཆུང་གིས་མཚམས་སུ་ཐིག་མཉམ་སྟེ། དེ་ལྟར་གཡས་སུ་བཞི་དང་གཡོན་དུ་བཞི། དབུས་ཀྱི་ཚངས་ཐིག་དང་དགུའོ། །དེས་ན་སྒོ་ལོགས་ཀྱི་ཐིག་གི་ནང་དུ་ཐིག་དགུས་ཆ་བརྒྱད་དུ་བགོ་ཞིང༌། ཐིག་དགུས་བགོས་པའི་བཞི་སྒོ་ལོགས་ཀྱི་ནང་མཐའ་གཉིས་ལ་ནི་ཆ་ཆེན་གསུམ་གྱི་རྒྱ་ཡོད་ལ། དེའི་གསུམ་ཆ་སྒོ་ཡིན་ཞེས་པ་སྟེ། སྒོ་ལོགས་ཀྱི་ནང་ཐིག་ནི་བགོ་བའི་གཞི་ཡིན་གྱི་བགོས་བྱེད་མ་ཡིན་པས་ཐིག་དགུ་ལ་མི་བགྲོང་ངོ། ཕྱིའི་སྒོ་ཁྱུད་རྣམས་ཀྱི་རྒྱན་ཞེས་པ་ནི་རྩིག་པའི་ཕྱི་རོལ་དུ། །སྒོ་ཁྱུད་ལ་སོགས་པ་རྣམས་ཀྱིས་བརྒྱན་ཞེས་པའི་དོན་ཏེ། སྒོ་འགྲམ་སྒོ་ལོགས་རྟ་བབས་ལ་སོགས་པ་གློ་འབུར་དུ་འཐོན་པའི་ཚུལ་དུ་གནས་པའོ། །རྣམས་ཞེས་པ་མང་ཚིག་སྟེ་སོགས་སྒྲ་དང་འདྲའོ། །ཡང་རྒྱུད་ལས། དབུས་ཀྱི་དཀྱིལ་འཁོར་ཐིག་བཏབ་པ། །ཆོས་ཀྱི་དཀྱིལ་འཁོར་འདྲ་བ་ལ། །ལྟེ་བར་བཅས་ཤིང་རྩིབས་བཅུ་དྲུག །རིམ་པ་གསུམ་དང་ལྡན་པ་ལ། །རྩིབས་ནི་ཉིས་འགྱུར་ཉིད་དུ་བྱ། །དབུས་ཀྱི་དཀྱིལ་འཁོར་ཞེས་པ་ནང་གི་ཟླུམ་སྐོར་ཏེ། རྩིབས་ཉིས་འགྱུར་ཞེས་པས་འཁོར་ལོ་རིམ་པ་གཉིས་ཡོད་པ་གསལ་ལོ། །རིམ་པ་གསུམ་ཞེས་པ། གཙོ་བོའི་གནས་དང༌། དེ་བཞིན་གཤེགས་པ་བཞིའི་གནས་དང༌། སེམས་དཔའ་བཅུ་དྲུག་གི་གནས་ཏེ་གསུམ་པོའི་མཐར་མུ་ཁྱུད་རེ་རེས་བསྐོར་བའོ། །འོ་ན་འདིས་འཁོར་ལོ་རྩིབས་བཅུ་དྲུག་པའི་ལྟེ་བ་དང༌།


TNT13_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་དང་མུ་ཁྱུད་དེ་གསུམ་བསྟན་པ་མིན་ནམ་ཞེ་ན། མ་ཡིན་ཏེ་དེ་ལྟར་ན། རིམ་པ་བཞི་ཡིན་པར་འགྱུར་བ་དང༌། དབུས་སུ་ལེ་ཚེའི་ཕྱི་སྐོར་གྱི་གདུང་ཟླུམ་པོ་ཡོད་པ་ཡིན་ན། རྩིབས་ཉིས་འགྱུར་དུ་བྱས་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ལྟེ་བའི་ཐད་ཀྱི་རྒྱ་ཁྱོན་རྩིབས་ཀྱི་ཉིས་འགྱུར་ཞེས་སྨྲ་བ་ཡིན་ན། རིགས་ལྔའི་གནས་ཤིན་དུ་ཆུང་བའི་སྐྱོན་དུ་འགྱུར་ཞིང༌། དབུས་ཀྱི་རེ་མིག་དགུ་སྟོན་བྱེད་ཟུར་ཙམ་ཡང་མེད་པས། དེ་སྒྲུབ་བྱེད་དུ་འགོད་པ། སྒྲུབ་བྱེད་སྒྲུབ་བྱ་དང་མཚུངས་ཏེ་མ་གྲུབ་པའོ། །དགུ་ཡི་ཆར་ནི་བགོས་ཞེས་པས་དེ་འདྲ་བསྟན་པ་མ་ཡིན་ནོ། །ལེ་ཚེ་དགུ་ནི་དབུས་དང་ཕྱོགས་མཚམས་སུ་གླིང་དགུར་བྱས་པ་ཡིན་གྱི། །ཆ་དགུར་བགོས་ཞེས་པ་ནི། དགུ་པོ་འཕྲེད་དམ་དཀྱུས་གང་ལ་རྩི་ཡང༌། མུ་དེ་ལ་དགུ་ཡོད་པ་ཞིག་དགོས་སོ། །དཔེར་ན་ཆ་བཅུ་དྲུག་ཏུ་བགོས་ཞེས་པ་བཞིན་ནོ། །རེ་མིག་དགུ་ལ་ནི། མུ་དེད་གཅིག་ལ་ཐིག་བཞི་རེ་ལས་མེད་ཅིང༌། གཡས་གཡོན་གཉིས་ཀ་ལོག་ཀྱང་ཐིག་བརྒྱད་ལས་མེད་པའི་ཕྱིར། ཆ་ཤས་དགུར་ཇི་ལྟར་བགོས། དེ་བས་ན་འདི་ལྟར་བྱ་སྟེ། རྩ་ཐིག་གི་ནང་དུ་ལྷ་སྣམ་འཇོག་པ་དང་མི་འཇོག་པ་གཉིས་ལས། འཇོག་ན་ལྟེ་བ་ནས་གཡས་གཡོན་དུ་ཆ་ཆེན་གསུམ་པ་བཞི་པ་གཉིས་ཀྱི་མཚམས་དང༌། གཉིས་པའི་སྟེང་དང༌།དང་པོའི་སྟེང་ནས་སྐོར་ཐིག་བྱ། དེ་དག་རེ་རེ་བཞིན་གྱི་ནང་དུ། ཆ་ཆུང་ཕྱེད་ཀྱི་མུ་འཁྱུད་དང༌། །ནང་མ་ནང་མའི་ཕྱི་རོལ་དུ་དེ་ཙམ་གྱི་ལྟེ་བ་རེ་ཡང་སྐོར། །རྩིབས་ཀྱི་ཐིག་སྤྱི་དང་འདྲའོ། །ལྷ་སྣམ་མི་བྱེད་ན། དབུས་ཀྱི་ལྟེ་བ་


TNT13_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་ལུགས་བཤད་མ་ཐག་པ་དེ་དང་འདྲ་བ་ལས། ཆ་ཆུང་གཅིག་ཕྱི་རོལ་ཁོར་ཡུག་ཏུ་སྐོར། དེའི་ཕྱི་རོལ་ཆ་ཆུང་ལྔ་ནས། འཁོར་ལོ་ནང་མའི་མུ་ཁྱུད་ཀྱི་ནང་ཐིག་སྐོར་ཞིང༌། དེ་ནས་ཆ་ཆུང་ཕྱེད་ནས་མུ་ཁྱུད་ཀྱི་ཕྱི་ཐིག་སྐོར་རོ། །དེ་ནས་ཆ་ཆུང་ཕྱེད་ཀྱིས་འཁོར་ལོ་ཕྱི་མའི་ལྟེ་བ་སྐོར། དེ་ནས་ཆ་ཆུང་ལྔ་རྩ་ཐིག་ལ་རེག་མཚམས་སུ་འཁོར་ལོ་ཕྱི་མའི་མུ་ཁྱུད་ཀྱི་ཕྱི་ཐིག་དང༌། དེའི་ནང་དུ་ཆ་ཆུང་ཕྱེད་ཀྱི་ནང་ཐིག་སྐོར། གཙོ་བོའི་གནས་ཀྱི་ཕྱི་རོལ་ཏུ་ཆ་ཆུང་ཕྱེད་ཀྱི་འཁོར་ལོ་ནང་མའི་ལྟེ་བ་སྐོར་རོ། །གཞལ་ཡས་ཁང་གི་འཁྱམས་ཀྱི་ཕྱི་རོལ་དུ། འཇིག་རྟེན་པའི་ཁོར་ཡུག་ཆ་ཆེན་གཅིག་གིས་ཚད་ཙམ་སྐོར་ཞིང༌། དེའི་སྟེང་དུ་ཕྱོགས་བཞི་གླིང་བཞི་གླིང་ཕྲན་བཅུ་གཉིས་ཀྱི་གཟུགས་བྱའོ། །རྟ་བབས་སྣམ་བུའི་གྲངས་ནི་དམིགས་བསལ་མེད་པས་ཅི་བདེར་བྱ་ལ། གཞན་རྣམས་སྤྱི་དང་མཐུན་ནོ། །དེ་ནས་ཚོན་དགྱེ་བ་ནི། འདི་ནི་ཆོས་དབྱིངས་དག་པ་སྟེ། ཞེས་སོགས་བརྗོད་ཅིང་འབྲི་སྟེ། འཇིག་རྟེན་པའི་ཁོར་ཡུག་སེར་པོ། འཁྱམས་ལྗང་ཁུ། རྩིག་པ་ནང་ནས་རིམ་པས་སྔོ་ལྗང་སེར་དམར་དཀར་བ། གླང་རྒྱབ་ཀྱི་ནང་སྔོན་པོ། འཁོར་ལོ་ཕྱི་ནང་གཉིས་ཀྱི་རྩིབས་ཀྱིས་བར་རྣམས་ཕྱོགས་མདོག །གཙོ་བོའི་གནས་ཀྱི་གཞི་དཀར་པོའོ། །དབུས་ཀྱི་སངས་རྒྱས་ལྔ་ལ་ལྷ་མཚན། འཁོར་ལོ་རྡོ་རྗེ་རིན་པོ་ཆེ། པདྨ་རྒྱ་གྲམ་རྣམས་བྲི། གཞན་རྣམས་གོ་སླའོ། །དེ་ལྟར་བྲིས་ཟིན་མ་ཐག་ཏུ། ཐིག་ཚོན་ལྷག་མ་ཡིག་བརྒྱ་བཟླ་བཞིན་དུ། བཀུར་བསྟི་འབྱུང་བའི་གནས་སུ་བཞག་གོ །བཞི་པ་སྒྲུབ་


TNT13_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོ་ག་ལ་འཇུག་པ་ནི། བོད་ཀྱི་ལག་ལེན་དང་མཐུན་པར་དཀྱིལ་འཁོར་ལ་བགེགས་སྦྱངས་པ་ཡང་བྱས་ན་ལེགས། གང་ལྟར་ཡང་ཁྲོ་བོ་མེ་ལྟར་འབར་བའི་སྔགས་དང༌། གཙུག་ཏོར་རྒྱལ་བ་དང༌། ལྷ་མོ་སངས་རྒྱས་སྤྱན་མའི་སྔགས་རྣམས་ཀྱི་དཀྱིལ་འཁོར་དང༌། གནས་ཁང་དང་ཡོ་བྱད་ཐམས་ཅད་ལ་བསངས་གཏོར་བྱ། མཆོད་པ་རྣམ་པ་སྣ་ཚོགས་པ་རྒྱུད་ལས་འབྱུང་བ་བཞིན་བཤམས། མཆོད་པའི་བུམ་པ་བཅུ་དྲུག་གིས་མཐའ་བསྐོར། མ་འབྱོར་ན་བརྒྱད་དོ། །ཡིག་བརྒྱ་བཟླ་བཞིན་དུ་རོལ་མོའི་སྒྲ་དང་བཅས་ཏེ། བུམ་པ་རྣམས་དཀྱིལ་འཁོར་ལ་གཡས་སྐོར་དུ་བསྐོར་ཞིང༌། དབང་བུམ་ལྔ་པོ་རང་རང་གི་སྔགས་བཟླ་བཞིན་པས་བཞུགས་སུ་གསོལ་བ་ལས། སྦྱོང་རྒྱལ་སོགས་བཞི་པོ་ཕྱོགས་བཞི་དང༌། གཙོ་བོའི་དེ་དེའི་མདུན་དུ་སྟེགས་མཐོ་བ་ལ་བཞག་གོ །དེ་དག་བསྐྱོད་དུ་རུང་ལ་རྣམ་རྒྱལ་བུམ་པ་ནི་དཀྱིལ་འཁོར་གྱི་དབུས་སུ་འཇོག་པའམ། དེ་མི་བདེ་ན་ཤར་སྒོའི་ཕྱི་རོལ་མཉྫི་ལ་སོགས་པའི་སྟེང་དུ་བཞག །རེ་ཞིག་སྒུལ་བསྐྱོད་མི་བྱེད་དོ། །གཞན་ས་རྒྱན་གནམ་རྒྱན་སོགས་ཀྱང་བཀྲམ། བདུག་སྤོས་བཏུལ་ཞིང་བྱུར་བསལ་བ་བྱེད། དེ་ཡང་རྒྱས་པར་ན་དྲུག་བཞི་ལྡན་དང༌། བསྡུ་ན་ཏིལ་སྦྱངས་ཙམ་མོ། །བདུད་རྩི་འཁྱིལ་བ་བཟླས་པའི་ཁྲུས་བུམ་གྱི་ཁྲུས་གསོལ་བྱ། དཀྱིལ་འཁོར་ཁང་པའི་ནང་མཐའ་ལ་ཁ་ཟས་བཟང་རྒུའི་གཏོར་མ་སྣ་ཚོགས་པའང་བཤམ་མོ། །མཆོད་པ་རྒྱུན་མི་འཆད་པ་འབུལ་དགོས་པས་མཆོད་རྫས་ཀྱི་རྒྱུ་ཚོགས་དང༌། སྦྱིན་སྲེག་དང་ཕྱི་རོལ་གཏོར་མའི་ཆས་རྣམས་ཀྱང་ཉམས་


TNT13_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་ཆུད་པར་བྱའོ། །དེ་ནས་བདག་ཉིད་བསྙེན་པའམ་ཉེར་སྒྲུབ་ཀྱི་སྐབས་སུ་བཤད་པ་ལྟར་གྱི་ཉམས་ལེན་བྱས་ནས། རྡོ་རྗེ་འཛིན་མའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཞེས་རྡོ་རྗེ་ཤུགས་ཀྱི་འཇུག་པས་གཞལ་ཡས་ཁང་གི་ནང་དུ་ཞུགས་པར་མོས། ཤར་གྱི་ལྷ་སྣམ་ལ་འདུག་ནས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསངས། ཤུ་ནྱཱ་ཏས་སྟོངས་པར་སྦྱངས་བ་ནས། བཟླས་པའི་བར་དུ་གོང་སྒྲུབ་པའི་སྐབས་དང་འདྲ་བ་ལས། གལ་ཏེ་རས་བྲིས་མ་བཀྲམ་ན། དེ་ལ་དམིགས་པ་དེ་མི་དགོས་སོ། །ལས་བཅོལ་གྲུབ་མ་ཐག །ཨོཾ་བཛྲ་ས་མ་ཡའི་སྔགས་དང༌། རྡོ་རྗེ་འཛིན་མའི་ཕྱག་རྒྱས་གཙོ་བོའི་དྲུང་དུ་ཕྱིན། རྡོ་རྗེ་སེམས་དཔའའམ་མེ་ཏོག་ཕོག་པའི་ལྷའམ་རྣམ་སྣང་གི་ང་རྒྱལ་ལ་གནས་པས། བཟླས་པ་བྱེད་ཚུལ་སོགས་དམིགས་པ་ཕལ་ཆེར་སྒྲུབ་པའི་སྐབས་དང་འདྲ། བཟླས་པ་ཇི་ལྟར་འོས་པ་སོང་བ་ན། མཆོད་པ་རྙིང་པ་ཁ་གསོ། གསར་པ་བཤམས་ཤིང་བྱིན་གྱིས་བརླབས་ནས། །སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་མཆོད་པ་རྒྱས་པ་རེ་འབུལ། །མཉམ་ཉིད་མི་གཡོ་མ་དང༌། མཚན་བརྒྱ་གཉིས་ལྟ་བུ། རྒྱུད་ལས་འབྱུང་བའི་བསྟོད་པ་རེས་བསྟོད། །དངོས་གྲུབ་ཀྱི་དོན་དུ་གསོལ་བ་དྲག་ཏུ་བཏབ། །སྔར་གྱི་ནོར་བུ་འབུལ་བ་སྐབས་འདིར་མི་དགོས། ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་སྔགས་འཕྲེང་འོད་ཟེར་དང་བཅས་པ་བྱུང་སྟེ། རང་གི་སྙིང་གའི་སྔགས་འཕྲེང་ལ་བསྡུ་བའི་དམིགས་པ་ཡང་ཡང་བྱ། བཟླས་པ་སྟོང་སོགས་ཇི་ལྟར་འོས་པ་སོང་བ་ན།


TNT13_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་གི་ཕྱི་རོལ་དུ་ཕྱིན་པར་མོས་ཏེ། སྦྱིན་སྲེག་གི་ཆོ་གས་སྦྱིན་སྲེག་ཕུལ། སྒྲུབ་ཁང་གི་ཕྱི་རོལ་དུ་སོང་ནས། ཆ་གསུམ་ལྟ་བུས་འབྱུང་པོའི་ཚོགས་ལ་གཏོར་མ་རྒྱ་ཆེར་བྱིན། ཡང་ཉེ་རེག་བྱས་ནས་ནང་དུ་འོངས། རྡོ་རྗེ་འཛིན་མས་བཞུགས། བདག་འཇུག་ལྟར་ཆོ་ག་ཡོངས་སུ་རྫོགས་པའམ། ནང་འཇུག་མན་ཆད་དམ། དབང་དངོས་གཞི་ཙམ་ངེས་པར་བླངས་ཏེ། སྔོན་བཞིན་བཟླས་པ་བྱའོ། །ཐུན་བཞིར་དབང་བླང་ཐུབ་ན་བཟང༌། དེ་ཙམ་མ་གྲུབ་ན། ཐོ་རངས་ནས་ནམ་ལངས་ཀྱི་བར་དེ་ལ་ཞག་རེ་བཞིན་ཚར་རེ་ངེས་པར་བླང་བར་བྱའོ། །ཐུན་འཇོག་ཁར་གསོལ་བ་དྲག་ཏུ་བཏབ་སྟེ། རང་ཉིད་ཕྱི་རོལ་དུ་བྱུང་བར་བསམ། གཞན་སྔར་གྱི་རྣམས་དང་འདྲ། དེར་བཟླས་པ་འབུམ་ཙམ་སོང་བ་ན། སྐལ་ལྡན་མཆོག་ཡིན་ན། འཕྲལ་མ་ཁོ་ནར་དངོས་གྲུབ་འབྱུང་བའི་ལྟས་འབྱུང་བས། སྐྱ་རེངས་ཤར་བ་ནས་བརྩམས་ཏེ། ཉིན་གཅིག་མཚན་གཅིག་ཧྲིལ་གྱི་བཟླས་བརྗོད་ཐུན་གཅིག་བར་མ་ཆད་པར་བྱ། མཆོད་པ་ཡང་ཡིད་ཀྱིས་བྱ་བ་ཁོ་ན་ལས་གསར་པ་གཤམས་པའི་སྤྲོས་པ་མི་དགོས། དེའི་སྐྱ་རེངས་དང་པོ་མ་ཤར་ཚུན་ཆད་དུ། ལྷག་པའི་ལྷ་གང་ཡིན་པ་དེའི་ཞལ་སྟོན་ཞིང༌། གཏེར་ལ་སོགས་པའི་དངོས་གྲུབ་ལྷ་ཉིད་ཀྱིས་དངོས་སུ་སྩོལ་བར་འགྱུར་རོ། །ཡང་གལ་ཏེ་ཅུང་ཟད་དབང་པོ་དམན་པའམ་འབྲིང་ཙམ་ཡིན་ན། སྔ་རོལ་བཟླས་པ་འབུམ་ཙམ་བྱེད་པའི་སྐབས་དེར། ལྷག་པའི་ལྷས་རྨི་ལམ་དུ་དངོས་གྲུབ་ལུང་སྟོན་པར་འགྱུར་ལ། ཤིན་ཏུ་དབང་པོ་དམན་པ་ལ་ཁྱོད་


TNT13_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དངོས་གྲུབ་མི་འགྲུབ་སྟེ། ཞི་སོགས་ཕྲ་མོའི་ལས་འདི་ལྟ་བུ་འགྲུབ་ཅེས་པའམ། བློ་གྲོས་ཐོགས་པ་མེད་པའམ། རྒྱལ་སྲིད་ཐོབ་པར་ལུང་སྟོན་པའང་ཡོད་དོ། །འབྲིང་པོ་ཡིན་ན་རྫས་ལ་བརྟེན་པའི་དངོས་གྲུབ་རལ་གྲི་མིག་སྨན་ལ་སོགས་པ་འདི་ལྟ་བུ་སྒྲུབ་ཅིག་ཅེས་གསུངས་པའང་ཡོད་དོ། །རྫས་ཀྱི་དངོས་གྲུབ་དེ་ཡང་ལྷས་ལུང་བསྟན་པ་ཞིག་སྒྲུབ་དགོས་པས། དཀྱིལ་འཁོར་རྒྱས་པ་དང་མ་འབྲེལ་བ་ཡང་ཡོད། དཀྱིལ་འཁོར་གཞན་ལ་བརྟེན་ནས་སྒྲུབ་དགོས་པའང་ཡོད། ཀུན་རིག་ཉིད་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་ཆོག་པ་སྲིད་ཀྱང༌། དཀྱིལ་འཁོར་གསར་དུ་བཞེངས་པ་ལ་བརྟེན་ནས་སྒྲུབ་དགོས་པའང་ཡོད་པ། ཕྲ་མོ་ནི་དེ་ཙམ་གྱིས་འགྲུབ་ལ། དངོས་གྲུབ་མི་སྒྲུབ་པའི་དབང་དུ་བྱས་པ་དང༌། དཀྱིལ་འཁོར་རྒྱས་པ་ལ་མ་བརྟེན་པའི་དངོས་གྲུབ་དང༌། དཀྱིལ་འཁོར་གཞན་ལ་བརྟེན་པ་དང༌། དཀྱིལ་འཁོར་གསར་པ་བཞེངས་དགོས་པ་ཡིན་ན། ལུང་བསྟན་པ་བྱུང་མ་ཐག་ཏུ། སྔར་གྱི་མཆོད་གཏོར་སྦྱིན་སྲེག་གི་རྒྱུ་ལ་དམིགས་པ་ཐམས་ཅད། དུས་ཅིག་ཏུ་ཉེར་སྤྱོད་དང་གཏོར་མ་དང་སྤྱི་སྲེག་ལ་ཕུལ། ནམ་ཕྱེད་ནས་ཐོ་རངས་ཀྱི་བར་དུ་བཟླས་པ་དང༌། གསོལ་བཏབ་དྲག་ཏུ་བྱས་ནས། རྗེས་ཆོག་གི་རིམ་པས་ཉི་མ་མ་ཤར་བ་ཉིད་དུ་དཀྱིལ་འཁོར་གཤེགས་གསོལ་གྲུབ་པར་བྱའོ། །དེ་ནས་དཀྱིལ་འཁོར་གསར་པ་བཞེངས་རྒྱུ་ཡིན་ན། ཞག་འགའ་བཟླས་བརྗོད་དང་བཅས་ངལ་གསོ་བར་བྱས་ནས། སླར་


TNT13_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དངོས་གཞི་དཀྱིལ་འཁོར་བཞེངས་ནས་ལས་ལ་སྦྱོར་ཏེ། དཀྱིལ་འཁོར་གཞན་ལ་བརྟེན་ནས་བྱེད་ཀྱང་རིམ་པ་དེ་དང་འདྲའོ། །དཀྱིལ་འཁོར་རྒྱས་པ་ལ་མ་བརྟེན་པའི་དངོས་གྲུབ་སྒྲུབ་ཚུལ་ནི། སོ་སོའི་སྒྲུབ་ཐབས་ནས་འབྱུང་བ་ལྟར་བྱ་ཡི། འདིར་བྲི་བར་མི་ལང༌། དེ་རིགས་ལ་དངོས་གྲུབ་ཀྱི་དོན་དུ་ལས་ལ་སྦྱོར་བ་ཞེས་བྱ་བའི་སྒྲུབ་ཆེན་དངོས་མ་ཡིན་ནོ། །དཀྱིལ་འཁོར་དེ་ཉིད་ཀྱི་འཕྲོས་ལས་སྒྲུབ་པའམ། དཀྱིལ་འཁོར་གསར་པ་བཞེངས་ཏེ་སྒྲུབ་ཀྱང་རུང༌། རྫས་ཀྱི་དངོས་གྲུབ་ལ་དཔེར་མཚོན་ན། སྣོད་གཙང་མ་ལ་བསངས་གཏོར་བྱས། དྲི་ཞིམ་པོས་བྱུགས་ལ་བ་མར་གསར་པ་འོ་མ་སྲུབ་པའི་དུས་ནས་བསངས་གཏོར་དང་བསྲུང་བ་བྱས་བཞིན་པའི་མར་བདུད་རྩི་འཁྱིལ་བའི་སྔགས་བཟླ་བཞིན་པ་དང༌། གུ་གུལ་གྱིས་བདུག་ཅིང༌། ཁྲོ་བོའི་སྔགས་བཟླས་པའི་རས་གཙང་མས་གཡོགས། རང་གི་གྲིབ་མ་དང་མ་བྲལ་བར་བྱས་ཏེ། སྒྲུབ་ཁང་དུ་དེ་བཞུ་ནས་ཞུན་མར་གྱི་སྙིང་ཁུར་བྱས་པ། སྔར་གྱི་སྣོད་བཟང་པོ་དེར་བླུག སྣོད་མ་ཁེངས་པ་དང༌། སྲང་གཅིག་གི་ཚད་ལས་ཉུང་བ་མི་རུང༌། སྣོད་དུ་བླུག་མ་ཟིན་པར་ལ་སེམས་མ་ཡེངས་པར་ཁྲོ་བོའི་སྔགས་རྒྱུན་དུ་བཟླ་དགོས། སྣོད་དུ་བླུག་མ་ཐག་བསྲུང་བ་བྱས་ཏེ། དཀྱིལ་འཁོར་གྱི་དབུས་སམ་ཤར་སྒོའི་ནང་དུ་བཞག་གོ །དེ་ནས་སྔར་བཞིན་ལས་བཟླས་པའི་དུས་ན། ལྷ་རྣམས་ཀྱི་ཐུགས་ཀ་ནས་ཡིག་འབྲུ་འོད་ཟེར་དང་བཅས་པ་བྱུང་ནས་རྫས་ལ་ཆར་བབ་པ་བཞིན་དུ་གྱུར་པར་བསམ།


TNT13_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་གཡོན་རྡོ་རྗེ་དང་བཅས་པས། རྫས་དེ་དངོས་སུ་གནོན་པའམ་མནན་པར་བསམ་ནས། ཡུན་སྲིངས་ཏེ་བཟླ། འདི་སྐབས་ཞག་རེར་སྦྱིན་སྲེག་ལན་རེ་དང༌། ཕྱི་རོལ་གྱི་གཏོར་མ་ལན་རེས་ཆོག ཉེར་སྤྱོད་རྒྱ་ཆེར་བཤམས་པ་དང༌། ཡིད་ཀྱི་སྤྲུལ་པའི་མཆོད་པ་དང༌། བཟླས་སྒོམ་ལ་གཙོ་བོར་བྱེད། དེ་ནས་མི་རིང་བར་དངོས་གྲུབ་འཇུག་པའི་མཚན་མ་རང་གི་མཐོང་བར་འགྱུར་ཏེ། སྔོན་བཞིན་ཞག་གཅིག་སྒྲུབས་པས་རྟགས་མཚན་འབྱུང་སྟེ། ཞུན་མར་ཁོལ་བའམ་རླངས་པ་བྱུང་ན་ཐ་མ་དྲི་ཞིམ་ལྡང་བའམ། དུ་བ་བྱུང་ན་འབྲིང༌། འོད་དང་མེ་འབར་བ་སོགས་མཆོག་ཡིན་ཏེ། དེ་བྱུང་ན་སྔགས་བཟླས་པའི་མར་གསར་ཞིག་དེའི་ནང་དུ་བླུག་ལ་སྔགས་བཟླ་བཞིན་རྡོ་རྗེའམ་ཤིང་བུས་གཡས་སྐོར་དུ་དཀྲུགས་པ་ལྟ་བུ་བྱས་ཏེ། ད་དུང་བརྟན་བྱེད་དུ་སྔགས་མང་དུ་བཟླ་བཞིན་དུ་རང་ངམ་གཙོ་བོའི་སྡིགས་མཛུབ་ཀྱིས་མནན་པར་བསམ། ནམ་ལངས་མ་ཐག་ཏུ་བསྲུང་བ་བྱས་ནས། དཀྱིལ་འཁོར་ལ་མཆོད་པ་ཕུལ། རྫས་ཀྱི་དང་པོ་ནས་དངོས་སམ་ཡིད་ཀྱི་དཀྱིལ་འཁོར་ལ་ཕུལ། ལྷག་པའི་ལྷས་རྫས་དེ་བདག་ལ་སྩལ་བར་བསམ་སྟེ། འཐུངས་ན་དངོས་གྲུབ་ཏུ་འགྱུར་ཏེ། མཚན་མ་རབ་ཀྱིས་ཚེ་ཉི་ཟླ་དང་མཉམ་པའི་ལྷའི་ལུས་སུ་འགྱུར་བ་དང༌། འབྲིང་གིས་ཀྱང་མི་སྣང་བར་འགྱུར་བ་དང༌། ཐ་མས་ཀྱང་གཏེར་དང་ལོངས་སྦྱོང་དབང་དུ་བྱེད་པ་སོགས་དང༌། ལས་བཞི་འགྲུབ་པར་འགྱུར། མཚན་མ་མ་བྱུང་ན་ཡང་ཆོ་ག་འདིས་དེ་ལྟར་སྒྲུབས་ན། ཚེ་རིང་ཞིང་རྒས་པ་མེད་པ་དང་ཤེས་རབ་འཕེལ་བར་འགྱུར་


TNT13_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དང་པོར་དངོས་གྲུབ་ཞུགས་པའི་རྟགས་ནི། དཀྱིལ་འཁོར་དང་རྫས་ལ་འོད་ཡུལ་ཡུལ་བ་དང༌། སྒྲ་ཅི་རིགས་སུ་འབྱུང་བ་ཡིན། རྫས་ལ་དྲོད་སྐྱེ་བ་སོགས་ཀྱང་ཡིན་ནོ། རྫས་དངོས་ལ་ཐུན་མོང་མ་ཡིན་པའི་རྟགས་མ་བྱུང་རུང་བྲིས་སྐུ་བཞད་པ་དང༌། ལྷའི་རོལ་མོ་དང༌། མེ་ཏོག་གི་ཆར་འབབ་པ་སོགས་ཀྱང་རྟགས་ཡིན་པས་ཆོ་ག་སྔ་མ་བཞིན་དུ་སྤྱད་དོ། །རྫས་ལ་སྒྲ་འོད་འབྱུང་བ་འགའ་ཞིག་གི་ཡལ་བར་དོགས་ན་མནན་པར་བྱའོ། །རྗེས་ཀྱི་བྱ་བ་ནི། རྫས་ཀྱི་དངོས་སྒྲུབ་དེ་ཡང༌། ཡིད་ཀྱི་དམིགས་པས་སེམས་ཅན་ཐམས་ཅད་ལ་སྦྱིན། དངོས་སུའང་གྲོགས་ལ་བགོ་བཤའ་བྱེད་པ་སོགས་བཤད་ཀྱང༌། སྒྲུབ་གྲོགས་དངོས་གྲུབ་འགྲུབ་རུང་ལ་ཡིན་གྱི། སྣོད་དུ་གྱུར་པ་རྙེད་དཀའ་ན་ཡིད་ཀྱིས་སྦྱིན་ནོ། །དེ་བཞིན་དུ་རིལ་ལུ་མིག་སྨན་རལ་གྲི་ལ་སོགས་པ་ཡི་དམ་གྱི་ལྷས་བདག་ལ་གནང་བའམ། རྫས་ཀྱི་སྒོ་ནས་སྒྲུབ་ཀྱང་རུང༌། བགོ་བཤའ་བྱེད་ལུགས་དེ་དང་འདྲ་ལ། གཏེར་དང་ནོར་གྱི་དངོས་གྲུབ་ཡིན་ན། དངོས་སུ་བགོ་སྐལ་རྒྱ་ཆེར་སྦྱིན་དགོས་ཀྱི། ཡིད་ཀྱི་བསམ་པ་ཁོ་ནས་མི་མཆོག་གོ།སླར་ཡང་དངོས་གྲུབ་བརྟན་བྱེད་དུ་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ་བླངས་ནས། བསྲུང་བ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་ལམ་མང་དུ་བཏབ། ཡང་རྗེས་ཆོག་གི་ཆོ་གས་མཆོད་པ་རྒྱ་ཆེ་ལ་ལན་མང་བ་ཕུལ། སེམས་ཅན་གྱིས་དོན་དུ་དངོས་གྲུབ་མཆོག་ལ་གསོལ་བ་བཏབ་ནས། གཤེགས་སུ་གསོལ་བ་སོགས་བྱས་ལ། སླར་ཡང་ཉི་མ་གཞན་


TNT13_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དཀྱིལ་འཁོར་གྱི་ས་གཞིར་སྦྱིན་སྲེགས་སོགས་བྱས་པས། གྲུབ་པ་གཞན་གྱིས་དངོས་གྲུབ་དེ་མི་འཕྲོག་ཅིང༌། ཉམས་པར་ཡང་མི་འགྱུར་ལ་གོང་ནས་གོང་དུ་འཕེལ་བའི་དགོས་པ་ཡོད་དོ། །རྫས་ཀྱི་དངོས་གྲུབ་ཀྱི་སྐལ་བ་དཀྱིལ་འཁོར་ལྷ་དང་དཀོན་མཆོག་གསུམ་ལ་ཕུལ་བ་དེ། དེ་ཉིད་དུ་མི་སྣང་བར་འགྲོ་བ་ཤས་ཆེ་ཞིང༌། སོང་ན་ལེགས། མ་སོང་ན་རྫས་དམན་པ་དེ་སྦྱིན་སྲེག་ཏུ་འབུལ་བའམ། ཆུ་བོ་ཆེན་པོར་དོར་པར་བྱའོ། །སྒྲུབ་ཆེན་ལས་སྦྱོར་དང་བཅས་པ་འདི། དཀྱིལ་འཁོར་ནི་ཡིད་ཀྱིས་བསམས། རྟེན་ནི་སྔར་གྱི་བྲིས་སྐུ་ལ་བརྟེན་ཏེ་སྒྲུབས་ན། དཀྱིལ་འཁོར་གྱི་གཙོ་བོ་དང་བྲིས་སྐུའི་གཙོ་བོ་དབྱེར་མེད་དུ་སྒོམ་པ་སོགས་སྒྲུབ་པའི་སྐབས་དང་འདྲ། ཡང་ཕྱིའི་དཀྱིལ་འཁོར་དང་བྲིས་སྐུ་གཉིས་ཀར་ལ་བརྟེན་ཏེ་སྒྲུབས་ན། བྲིས་སྐུ་བཀྲམ་པའི་མདུན་དུ་དཀྱིལ་འཁོར་བཞེངས་པ་ཡིན་ཀྱང༌། དམིགས་པ་ནི་བཤད་མ་ཐག་པ་བཞིན་ཏེ། ཤཀཱ་ཐུབ་སྦྱོང་རྒྱལ་ལྷ་མོ་བཞི་རྣམས་ལ་དམིགས་པའི་བརྟེན་ཚར་གཉིས་རེ་བྱུང་ཀྱང་སྒོམ་བྱ་གཅིག་ཁོ་ནའོ། །དེ་ལྟར་ཡང་རྒྱུད་ལས། དེ་ནས་བཟླས་པའི་འཇུག་ཏུ་ནི། །དཀྱིལ་འཁོར་སྔ་མ་བཞིན་བསམ་ལ། །མཆོད་པ་རྒྱ་ཆེན་བྱས་ནས་ཀྱང༌། །མཚན་གཅིག་ཐོག་ཐག་བཟླས་པ་བྱ། །ཅི་སྟེ་གཙོ་བོའམ་དེ་ཡིས་སྲས། །ཡང་ན་ལྷ་རྣམས་མཐོང་གྱུར་ན། །བསོད་ནམས་སྣོད་ལས་ཅི་དགའ་བར། དངོས་གྲུབ་མཆོག་ནི་གསོལ་བར་བྱ། །ལྷ་ཡི་དངོས་གྲུབ་འབྲས་བུ་ནི། །དེ་ལ་རྟག་ཏུ་དགེས་ནས་སྩོལ། །


TNT13_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་དངོས་གྲུབ་ལ་སོགས་བླང༌། །བླ་མ་དཀོན་མཆོག་གསུམ་དག་ལ། །སྐལ་བ་རེ་རེ་ཕུལ་ནས་ནི། །དེ་ནས་རྟག་ཏུ་བདག་སྤྱོད་ཅིང༌། །མེད་ན་མཁས་པ་བདག་ཉིད་ཀྱིས། །བླངས་ནས་ཡོངས་སུ་སྤྱད་པར་བྱ། །སེམས་ཅན་ཀུན་ལ་ཕན་བརྩོན་པས། །བསྐལ་པ་དུ་མར་གནས་པར་འགྱུར། །ཅི་སྟེ་དངོས་གྲུབ་མ་གྱུར་ནའང༌། །ལས་རྣམས་ཐམས་ཅད་ནུས་པར་འགྱུར། །གནོད་སྦྱིན་སྐར་མའི་གདོང་ལ་སོགས། །ཆད་པས་བཅད་ཅིང་བཀའ་ཙམ་གྱིས། །ཞི་བ་ལ་སོགས་ལས་ཀུན་གྱི། །བྲན་བཞིན་ལས་ཀུན་བྱེད་པར་འགྱུར། །ཞེས་གསུངས་ཏེ་བཟླས་པའི་འཇུག་ཏུ་ཞེས་པ། སྒྲུབ་པ་ཆེན་པོ་མཐར་ཕྱིན་ནས། དེའི་རྗེས་སུ་ཞེས་པའི་དོན་ཡིན་ལ། དཀྱིལ་འཁོར་སྔ་མ་བཞིན་བསམ་ཞེས་པ་བྲིས་པའི་དཀྱིལ་འཁོར་རྒྱས་པ་སྔ་མ་བཞིན་ཞེས་པ་སྟེ། ཡིད་ཀྱིས་སྒོམ་པའི་དཀྱིལ་འཁོར་གྱི་དཔེ་ཡིན་ལ། འདི་ལ་ཡིད་ཀྱིས་སྒོམ་པ་འབའ་ཞིག་གི་དཀྱིལ་འཁོར་དང༌། དངོས་སུ་ནི་རས་བྲིས་བཀོད་ནས་དཀྱིལ་འཁོར་ཡིད་ཀྱི་བསམ་པའི་ལུགས་གཉིས་ཀྱང་ཡོད་པས། དཀྱིལ་འཁོར་ཡོངས་རྫོགས་ཡིད་ཀྱི་བསམ་པ་དེ་རྣམ་པ་ཀུན་ཏུ་དགོས་པའི་ཕྱིར། སྔ་མ་བཞིན་བསམ་ཞེས་གསུངས། འོན་ཀྱང་ཕྱིའི་དཀྱིལ་འཁོར་འགོག་པ་ནི་མ་ཡིན་པར་མ་ཟད། ཡིད་ཀྱིས་ཇི་ལྟར་བསྒོམས་པ་དེའི་དམིགས་རྟེན་དུ་སྒོམ་བྱ་དང་འབྲེལ་བའི་དཀྱིལ་འཁོར་བྲི་དགོས་པ་རང་ཤས་ཆེ་ཞིང༌། ཕྱིའི་དཀྱིལ་འཁོར་འབྲི་ཞོར་ལའང་འཕངས་པ་ཡིན་ནོ། །ཡང་


TNT13_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གཅིག་ཏུ་ན་འདིར་དཀྱིལ་འཁོར་སྒོམ་དགོས་ན་དཀྱིལ་འཁོར་ཅི་འདྲ་སྒོམ་སྙམ་ན། སྔར་གྲུ་བཞི་པ་ལ་སྒོ་བཞི་པ་ཞེས་པ་ནས། དུར་ཁྲོད་གྲོང་ཁྱེར་གནས་པ་རྣམས། ཞེས་པའི་བར་དུ་བཤད་ཟིན་པ་དེ་བཞིན་དུ་དྲན་པར་བྱས་ཏེ་འབྲིའོ། །ཞེས་པས་དོན་ཡང་ཡིན་པས། སྔ་མ་བཞིན་བསམ་པ་སྟེ། བསམ་པའི་དོན་དྲན་པའམ། བློ་ལ་བཞག་པ་ཡིན་པས། སྔ་མ་བཞིན་དུ་གོ་བར་བྱས་ནས་འབྲི་ཞེས་པའོ། །མཚན་གཅིག་ནི་ལས་སྦྱོར་གྱི་སྐབས་སུའོ། །འགའ་ཞིག་གི་འདི་བསྙེན་པའོ་གསུང་པ་ནི། མཚན་གཅིག་ཐོག་ཐག་ཅེས་པས་བཀག་གོ །གཙོ་བོ་ནི་རྣམ་སྣང་སོགས་སངས་རྒྱས་ལྔ། དེའི་སྲས་ནི་འཇིག་རྟེན་འདས་པའི་ལྷ། ལྷ་རྣམས་ཞེས་པ་ནི་ཚངས་པ་ལ་སོགས་པའོ། །བསོད་ནམས་སྣོད་ལས་ཞེས་པ་ནི། མཆོག་དང་འབྲིང་དང་ཕྲ་མོའི་སྐལ་པ་སོ་སོར་ཡོད་པའོ། །དེ་ལ་རྟག་ཏུ་དགེས་ནས་སྩོལ་ཞེས་པ་ནི་དཀྱིལ་འཁོར་གྱི་ལྷ་ཉིད་ཀྱིས་དངོས་གྲུབ་རྣམས་སྩོལ་བའོ། །ཕྱག་འཚལ་དངོས་གྲུབ་ལ་སོགས་བླང་ཞེས་པ་ནི། དངོས་གྲུབ་ལེན་ཚུལ་ཡིན་ལ། བླ་མ་དཀོན་མཆོག་སོགས་ཀྱི་རྗེས་ཀྱི་བྱ་བ་བསྟན་ནོ། །སེམས་ཅན་ཀུན་ལ་སོགས་འབྲས་བུ་མཆོག་དམན་གྱི་དབྱེ་བའོ། །གནོད་སྦྱིན་སྐར་མའི་གདོང་ཞེས་པ་ལ། ལོ་ཙཱ་བ་ནམ་མཁའ་སྨོན་ལམ་གྱི་འགྱུར་གསར་ལས། གནོད་སྦྱིན་སྐར་མ་གཟའ་ལ་སོགས། ཞེས་བསྒྱུར་བ་དེ་ལྟར་བདེན་ན་གཟའི་སྐད་དོད་གྲ་ཧ་


TNT13_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་གདོན་ལའང་འཇུག་པས། གནོད་སྦྱིན་སྐར་མ་གདོན་ལ་སོགས། །ཞེས་པ་ལ་ཡིག་ནོར་བརྒྱུད་པས་སྐར་མ་གདོང་དུ་སོང་བར་བྱེད་དགོས་མོས། ཡང་གནོད་སྦྱིན་སྐར་མདའ་གདོང་ཞེས་འཆད་པའང་ཡོད་ན། སྐར་མདའ་དང་འབར་བ་སྐད་དོད་གཅིག་པའི་སྐབས་ཀྱང་ཡོད་པས། མདོ་སྡེ་དྲན་པ་ཉེར་བཞག་ལས། ལུས་ཐམས་ཅད་འབར་བའི་གནོད་སྦྱིན་ཞེས་གསུང་པ་དེ་ལྟ་བུ་དང༌། གཙུག་ཏོར་དྲི་མེད་ལས་འབྱུང་བ་ལྟ་བུ་ཡིན་པར་མངོན་ལ། དེ་ནི་སྡེ་བརྒྱད་མཐུ་བོ་ཆེ་ཤིན་ཏུ་གནོད་པ་ཆེ་བ་དྲང་སྲོང་གཟའ་མཆོག་ཏུ་གྲགས་པ་ལ་སོགས་པ་དེ་འདྲའི་རིག་པ་ཅན་མང་པོ་ཞིག་སྟེ། དེ་དག་ལ་སྒྲུབ་པ་པོས་ཆད་པ་གཅོད་པ་སྟེ། ཅི་གར་སྡིགས་ཏེ་དམ་འོག་ཏུ་བཅུག་ནས་ལས་ལ་བསྐུལ་བ་སོགས་བྱེད་པའོ། །དེ་ལྟར་ན་འདི་ཀུན་རིག་ལ་བརྟེན་ནས་དངོས་གྲུབ་སྒྲུབ་ཚུལ་དེ་བཞིན་ཡིན་ལ། ལྷག་མ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གཞན་ལྔ་པོ་ལ་བརྟེན་ནས་སྒྲུབ་ནའང་དེས་རིགས་འགྲེའོ། །འཇིག་རྟེན་པའི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་པ་ནི། ཕྱག་རྡོར་གཙོ་བོར་ནི་བསྔགས་ལ། གཞན་འཇིག་རྟེན་འདས་པའི་དཀྱིལ་འཁོར་གང་ཡིན་ཡང་རུང་སྟེ། བསྙེན་པ། ཉེར་སྒྲུབ། སྒྲུབ་པ་གསུམ་མམ། མ་མཐའ་ཡང་བསྙེན་པ་ཉེར་སྒྲུབ་གཉིས་མཐར་ཕྱིན་ནས། འཇིག་རྟེན་པའི་དཀྱིལ་འཁོར་རྣམས་སྒྲུབ་པ། སྒྲུབ་ཆེན་ནམ། སྒྲུབ་ཆེན་རྐྱང་པའི་ཚུལ་གྱིས་སྒྲུབ་ན། དེ་དང་དེའི་དངོས་གྲུབ་


TNT13_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ཐམས་ཅད་ཆོ་ག་རྒྱས་པའི་ལུགས་ཡིན་ལ། བསྡུས་པས་སྒྲུབས་ན་བསྙེན་པ་ཉེར་སྒྲུབ་གོང་བཞིན་བཏང་ལ། སངས་རྒྱས་བྱང་སེམས་ཉན་རང་ཁྲོ་བོ་མངགས་པ་ཕོ་ཉ་བྲན། འཇིག་རྟེན་པའི་ལྷ་ལ་སོགས་པ་གང་སྒྲུབ་པར་འདོད་པ་དེ་ཉིད། དཀྱིལ་འཁོར་གྱི་འཁོར་ལོ་སྤངས་ཏེ། ཆོ་ག་ལྷག་མ་སྒྲུབ་ཆེན་དང་འདྲ་བའི་སྒྲུབ་པ་ཡུན་སྲིངས་ནས་སྒྲུབས་ནས། མཚན་མ་བརྟན་པོ་བྱུང་བ་ན་ལས་ལ་སྦྱོར་རོ། །ཡང་འདི་སྙམ་དུ་ད་ལྟའི་གང་ཟག་སྐལ་བ་དམན་པ་རྣམས་ཀྱིས། དངོས་གྲུབ་ཐོབ་པར་མི་འགྱུར་བས་ཡན་ལག་བཞིའི་རྣམ་གཞག་འདི་མི་མཁོའོ་སྙམ་ན། ད་ལྟའི་གང་ཟག་ལ་ཚད་འཇོག་ཏུ་མི་བཏུབ་སྟེ། མདོ་སྔགས་ཀྱི་ཆོས་ཕལ་ཆེ་བ་མི་མཁོའོ། །ཡང་ལག་ལེན་ལ་མི་མཁོ་ཡང༌། བག་ཆགས་བཟང་པོ་འཇོག་པའི་ཕྱིར་གོ་ཡུལ་གྱི་སྒོ་ནས་སློབ་སྙམ་ན། འདིར་ཡང་དེ་ཁོ་ན་བཞིན་ནོ། །གཞན་ཡང་ལག་ལེན་མི་མཁོ་བ་ཡང་མ་ཡིན་ཏེ། ད་ལྟའི་གང་ཟག་གིས་རྒྱུད་ལས་བཤད་པ་བཞིན་མི་འབྱུང་ཡང་བསྙེན་སྒྲུབ་ཀྱི་རིམ་པ་འདི་དག་ཐམས་ཅད་ཀྱི་འདྲ་འབག་ཚང་བར་ཉམས་སུ་བླངས་ན། དེ་དང་དེའི་བྱིན་རླབས་དང་ཉམས་མྱོང་རྗེས་མཐུན་པ་འཇུག་པར་འགྱུར་བས། རང་ལ་དོན་ཆེན་པོ་འགྲུབ་ཅིང༌། ལག་ལེན་མ་ཆད་པས་གཞན་དོན་ཁྱད་པར་ཅན་དུ་འགྱུར་བའངཤེས་པར་བྱ་སྟེ། ད་ལྟའི་སྔགས་པ་བླུན་པོ་དག །སྦྱོང་རྒྱུད་ཀྱི་ཆོ་ག་མེད་མི་རུང་


TNT13_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཁས་ལེན་ཞིང༌། དེའི་དགོས་པ་གྲོང་ཆོག་རྒྱུག་པ་ཁོ་ན་ལ་བློ་རྩེ་གཏོད་པ་ནི། སྔགས་པའི་གཟུགས་བརྙན་གྱི་གསང་སྔགས་ཀྱི་བསྟན་པ་སུན་འབྱིན་པའོ། །ཡང་ཕྱག་ན་རྡོ་རྗེའི་སྐབས་སུ་ཚེ་བསྒྲུབ་པའི་བྲིས་སྐུ་ཙམ་མ་གཏོགས། དཀྱིལ་འཁོར་ཕྱི་མ་རྣམས་ལ་གཞན་ཅི་ལྟར་འབྲི་བའི་ཚུལ་གསལ་ཀ་མ་བྱུང་ཡང༌། ཤཱཀྱ་ཐུབ་པའི་སྐབས་སུ་འཇིག་རྟེན་གསུམ་རྒྱལ་ལྷག་པོར་འབྲི་བ་དང༌། ཡང་ན་དཀྱིལ་འཁོར་རས་བྲིས་བྱེད་པར་གསུང་པ་ནི་དཀྱིལ་འཁོར་གཞན་རྣམས་ལའང་རིགས་འགྲེའོ། དེས་ན་གཙོ་བོ་སོ་སོ་ལ་སྙིང་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱིས་བསྐོར་བ་དང༌། ཁྲོ་བོ་གསུམ་རྒྱལ་གྱི་དཀྱིལ་འཁོར་ལ་དངོས་སུ་ཆད་པ་རྣམས་ལ་དེ་ཡང་བྲི་བར་བྱ་བ་ཉིད་དོ། །འོན་ཀྱང་རྒྱུད་འདི་ཐམས་ཅད་རིགས་པ་ཉིད་དངོས་གྲུབ་མཆོག་སྒྲུབ་པའི་དཀྱིལ་འཁོར་ཡིན་པའི་ཕྱིར། སྐབས་དེར་བསྙེན་སྒྲུབ་ཀྱི་རིམ་པ་རྒྱས་པར་གསུངས་ཏེ། མཆོག་སྒྲུབ་པར་དགོངས་ཤིང་གཞན་རྣམས་ལ་སོ་སོའི་སྐབས་སུ་བབས་པའི་ལས་ཉེ་ཚེ་བ་རྣམས་གཙོ་བོར་གསུངས་པ་ཡིན་ནོ། །ངེས་པར་ན་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དྲུག་གང་ལ་བརྟེན་ཀྱང༌། རྒྱུད་འདི་ཉིད་ལས་གསུངས་པའི་ལས་དང་གྲུབ་པ་ཐམས་ཅད་འགྲུབ་པར་མ་ཟད། རྒྱུད་ཀྱི་རྒྱལ་པོ་གཞན་ནས་གསུངས་པའི་ལས་དང་གྲུབ་པ་རྣམས་ཀྱང་སྒྲུབ་པར་ནུས་སོ། །ཡང་གོང་དུ་བཤད་པ་ལྟར། བསྙེན་སྒྲུབ་ལས་སྦྱོར་དངོས་སམ་འདྲ་འབག་ཚང་བར་བྱས་ན། ཞི་སོགས་ཕྲ་མོ་རྣམས་འགྲུབ་པར་ཐེ་ཚོམ་མེད་པ་ཡིན་ལ།


TNT13_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དངོས་ཀྱིས་ཐོགས་མེད་དུ་འགྲུབ་ཅིང༌། འདྲ་འབག་གིས་རྗེས་མཐུན་པ་འགྲུབ་བོ། །དེ་བཞིན་དུ་བསྙེན་པ་ཙམ་མཐར་ཕྱུང་བ་དང༌། བསྙེན་པ་ཉེ་བསྙེན་ཙམ་དང༌། སྒྲུབ་པའི་འདྲ་འབག་རྣམས་ཇི་ལྟར་འོས་པས་ཀྱང༌། སྦྱིན་སྲེགས་ལ་སོགས་པ་ཕྲ་མོའི་ལས་རྣམས་རྗེས་མཐུན་པ་འགྲུབ་པར་ནུས་སོ། །ཡང་བསྙེན་པའི་ཆོ་ག་ལ་བརྟེན་ནས་རྩ་རིག་འབུམ་ཕྲག་བཞི་དང༌། སྙིང་པོ་འབུམ་ཕྲག་བཅུ་བཞིའམ་བཅུ་དྲུག་བཟླས་པས་ཀྱང༌། དཀྱིལ་འཁོར་འབྲི་བ་དང་དབང་བསྐུར་བ་དང༌། གཤིན་དོན་གྱི་བྱ་བ་སོགས་སྒྲུབ་པར་དབང་ངོ༌། །འཁོར་རྣམས་ཀྱི་བཟླས་པ་ནི་འགྲུབ་ན་ལེགས་ལ། མ་འགྲུབ་ཀྱང་འགལ་བ་མེད། དེ་ལ་རྗེ་གྲགས་པ་ལ་སོགས་ཁ་ཅིག་རྡོ་རྗེ་སེམས་དཔའ་སྒོམ་ནས་ལྷ་གཞན་གྱི་སྔགས་བཟླས་པ་མི་རུང་ངོ་སྙམ་དུ་སེམས་པ་ནི། གནད་མ་གོ་བ་སྟེ། རྩ་རིག་ནི་ལྷ་ཐམས་ཅད་ཀྱི་སྔགས་ཡིན་ལ། སྙིང་པོ་ནི་གཙོ་བོ་ཉིད་ཀྱི་ཡིན་ཡང༌། གཙོ་བོ་ནི་འཁོར་ལོ་ཀུན་ལ་ཁྱབ་པ་ཡིན་པའི་ཕྱིར། བདག་བསྐྱེད་ཀྱི་བཟླས་པ་ལ་ཡང༌། རང་གཙོ་བོར་སྒོམས་ནས་འཁོར་གྱི་བཟླས་པ་རུང་བ་བཞིན་དུ། འཁོར་དུ་སྒོམ་ནས་གཙོ་བོའི་སྔགས་བཟླས་པ་ལ་ཡང་ནི་རུང་བ་མེད་དེ། འདི་ནི་ཐམས་ཅད་དུ་ཤེས་པར་བྱ་ལ། རྒྱུད་འདིར་ནི་བརྟག་པ་དང་པོ་རྩ་བའི་རྒྱུད་ནི་སྟོན་པ་ཉིད་རྣམ་སྣང་དུ་གྱུར་པས་གསུངས་ཤིང༌། དེ་མན་ཆད་ཕྱག་ན་རྡོ་རྗེ་ཉིད་སྟོན་པར་བྱིན་གྱིས་རླབས་ཏེ་གསུངས་ལ། འདི་


TNT13_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀྱི་ཕྱག་ན་རྡོ་རྗེ་དང༌། རྡོ་རྗེ་སེམས་དཔའ་དོན་གཅིག་ཅིང༌། དེར་མ་ཟད་སེམས་དཔའ་བཅུ་དྲུག་གི་ནང་ན། རྡོ་རྗེའི་རིགས་ཀྱི་སེམས་དཔའི་མཆོག་ལས་ཐམས་ཅད་བྱེད་པ་པོ་དེ་ནི་ཕྱག་ན་རྡོ་རྗེ་ཉིད་དོ། །དེའི་ཕྱིར་ཕྱག་ན་རྡོ་རྗེ་ལ། སངས་རྒྱས་ཀུན་བས་སྔར་སངས་རྒྱས། ཅེས་སོགས་རྡོ་རྗེ་སེམས་དཔའ་ཡིན་པའི་སྒོ་ནས་བསྟོད་དོ། །དེ་བས་ན་སྔགས་ཀྱི་ལྷ་རྣམས་ལ། རྒྱུད་གང་གང་དུ་ཇི་ལྟར་བྱིན་རླབས་མཛད་པ་དང༌། སྒྲུབ་ལུགས་ཇི་ལྟར་བྱེད་ཀྱི་སྒོ་ནས་གཅིག་པ་དང་ཐ་དད་པའི་རྣམ་གཞག་བྱེད་དེ། དཔེར་ན་འཇམ་དཔལ་ལྟ་བུ་ཅིག་ཉིད་རྣམ་སྣང་གི་ཚུལ་དུ་སྒྲུབས་པའི་ཚེ། རྣམ་སྣང་དང་འཇམ་དཔལ་གཅིག་ལ། མི་བསྐྱོད་པ་དང་འཇམ་དཔལ་མི་གཅིག་པའི་ཐ་སྙད་དང༌། འཇམ་དཔལ་མི་བསྐྱོད་པར་སྒྲུབས་པའི་ཚེ། དེ་ལས་ལྡོག་པའི་རྣམ་གཞག་དང༌། སངས་རྒྱས་སུ་སྒྲུབ་པའི་ཚེ་བྱང་ཆུབ་སེམས་དཔའ་མ་ཡིན་པའི་རྣམ་གཞག་དང༌། བྱང་ཆུབ་སེམས་དཔར་སྒྲུབས་པའི་ཚེ་སངས་རྒྱས་མ་ཡིན་པའི་རྣམ་གཞག་དང༌། འཁོར་ལོའི་དབང་ཕྱུག་ཏུ་སྒྲུབས་པའི་ཚེ་འཁོར་མ་ཡིན་པ་དང༌། འཁོར་དུ་སྒྲུབ་པའི་ཚེ་དེ་མ་ཡིན་པ་དང༌། འཇམ་དཔལ་ཉིད་ཐུགས་ཀྱི་སྒྲུབ་པའི་ཚུལ་གྱིས་བསྒྲུབས་ན། ཐུགས་ཀྱི་རིགས་སུ་འགྱུར་ཞིང་ཐུགས་རྡོ་རྗེ་ཡིན་པ་དང༌། གསུང་དང་སྐུའི་སྒྲུབ་པས་སྒྲུབས་ཀྱང་དེ་དང་དེའི་རིགས་སུ་འགྱུར་བ་སོགས་ཀྱི་ཕྱིར། ཐ་མལ་གྱི་མི་ལ་སོགས་པ་དཔེར་བཞག་ནས། མ་སྐྱེས་དགྲ་དང་


TNT13_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལྡན་ནི་གཅིག་ལ། དེ་དང་ཤར་པའི་བུ་མི་གཅིག་གོ་བསམ་པ་ལྟ་བུ་ཐ་མལ་གྱི་རྒྱས་བཀབ་མི་རུང་ངོ༌། །དེ་བས་ན་སྤྱི་ལྡོག་ནས་གསང་བདག་ཕྱག་ན་རྡོ་རྗེ་དང༌། རྡོ་རྗེ་སེམས་དཔའ་ལ་མཐའ་གཅིག་ཏུ་གཅིག་པ་དང་ཐ་དད་པ་མི་སྨྲ་ཡི། སྦྱོང་རྒྱུད་གསུངས་པའི་སྐབས་འདིར་རྒྱུད་གཅིག་སྟེ། དེ་ཉིད་གཙོ་བོ་རྣམ་པར་སྣང་མཛད་ཉིད་ཀྱི་རྣམ་འཕྲུལ་ཡིན་པའི་ཕྱིར་དང༌། རྡོ་རྗེ་སེམས་དཔའ་ཀུན་གྱི་ཁྱབ་བདག་ཡིན་པའི་ཕྱིར། རྡོར་སེམས་སྒོམས་ནས་སངས་རྒྱས་སྤྱན་མའི་སྔགས་བཟླ་བ་སོགས་ལ་ངན་པའོ་སྙམ་པའི་ལོག་རྟོག་འདི་བོར་ཤིག །དེ་ནི་བདག་བསྐྱེད་ཉིད་ལ་དཔྱད་པ་ཡིན་ལ། གཞན་ཡང་རྒྱུད་འདིར་ཉེར་སྒྲུབ་སོགས་ལ་སྨོས་ཅི་དགོས། བསྙེན་པ་ལ་ཡང་མདུན་བསྐྱེད་ཀྱི་བཟླས་པ་ཡོད་པས་བག་ཡོད་པར་བྱའོ། །དེ་བས་ན་རྒྱུད་ལས་ཕྱག་ན་རྡོ་རྗེའི་སྐུ་བོར་ཏེ། རྡོ་རྗེ་སེམས་དཔའི་སྐུར་ཞུགས་ཏེ། ཞེས་གསུངས་པ་སོགས་ཀྱང་སྔོན་བྱུང་གི་རྣམ་འཕྲུལ་ལ་དེ་ལྟར་བསྟན་ཞིང༌། དགོས་དོན་སྐབས་དེར་མེ་ལྟར་འབར་བ་རྡོ་རྗེ་སེམས་དཔའི་ཁྲོ་བོ་ཡིན་ཞིང༌། ཕྱག་རྡོར་ཉིད་དེའི་སྐུ་བཞེངས་པའི་ཕྱིར་ཡིན་པས། དེ་དག་གཅིག་པར་བྱིན་གྱིས་རླབས་པའི་དོན་ཡིན་ནོ། །གཉིས་པ་དོན་དམ་ཚད་མེད་ཀྱི་སྒྲུབ་ཆེན་ནི། ཕྱག་རྒྱའི་ཡེ་ཤེས་མཆོག་གི་སྒྲུབ་པ་ཞེས་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ལས། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་འགྱུར་བ། །རྒྱལ་བས་གསུངས་བའི་ཡེ་


TNT13_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་གང༌། །འདི་ནི་དཀྱིལ་འཁོར་སྙིངཔོར་གསུངས། །ཞེས་པ་སྟེ། སྤྱིར་བཏངས་སུ་བསྙེན་པ་སོགས་མཚན་བཅས་བཞི་པོ་སྔོན་དུ་སོང་བའི་སྒྲུབ་ཆེན་ཐ་མ་ལ་འདི་སྒོམ་པ་ཡིན། དབང་པོ་རྣོན་པོས་ཕྱིའི་ཉེར་སྒྲུབ་སོགས་མེད་པར་ཡང་འགྲུབ་བོ། །དེ་ཡང་དང་པོར་སྔགས་ལས་བསྐྱེད་པའི་ལྷའི་སྐུ་ལ་གསལ་སྣང་ཐོབ་པར་བྱ་ཞིང༌། གསལ་སྣང་དེ་ཡང་ཤིན་ཏུ་བརྟན་པ་ཐོབ་པར་བྱའོ། །དེ་ཡང་སྔོན་ནས་སྟོང་པ་ཉིད་ཀྱི་དོན་ལ་སེམས་རྩེ་གཅིག་པར་ནུས་པ་ཞིག་ཡིན་ན་ནི། སྐབས་དེར་ལྷ་སྐུའི་སྣང་བ་ལ་སྟོང་ཉིད་ཀྱི་རྒྱས་བཏབ་སྟེ་སྒོམས་པས། མི་རིང་བར་ལྷ་སྐུ་སྒོམ་པ་ན། སྟོང་པ་ཉིད་དུ་རང་ཤར་བ་དང༌། སྟོང་ཉིད་སྒོམ་ནའང་ལྷ་སྐུ་རྩོལ་མེད་དུ་འཆར་ཐུབ་པ་འབྱུང་ངོ༌། །ཡང་སྔར་སྟོང་ཉིད་ལ་རྩ་གཅིག་པ་མ་ཐོབ་ན། །ཐུན་རེ་ཙམ་རེ་སྔར་གྱི་རྒྱུན་ལས་ལྷ་སྐུ་སྒོམས་ཤིང༌། ཕལ་ཆེར་སྟོང་ཉིད་ཀྱི་དོན་གོ་བར་བྱས་ཏེ་དེ་ལ་དམིགས་ནས་རྩེ་གཅིག་ཏུ་སྒྲུབ་བོ། །འདི་ནི་སྔར་ལྷ་སྐུའི་སྟེང་དུ་གསལ་སྣང་དང་རྩེ་གཅིག་པ་སྒྲུབས་ཟིན་ཡིན་པས། གསལ་སྣང་དང་གནས་པ་དེའི་ཤུགས་ལས་སྐབས་འདིར་ཡང༌། སྟོང་ཉིད་ལ་ཡང་མྱུར་དུ་རྩེ་གཅིག་པ་དང་གསལ་སྣང་དུས་གཅིག་ཏུ་ཐོབ་པར་འགྱུར་རོ། །དེ་ནས་སྔར་བཞིན་རྒྱས་བཏབ་སྟེ་བསྒོམས་པས། ལྷ་སྐུ་དང་སྟོང་པ་ཟུང་འཇུག་ཏུ་འགྱུར་རོ། །དེ་ནས་ལྷ་སྐུ་གསལ་སྟོང་དེ་ཉིད་གསང་སྔགས་ཀྱི་ངོ་བོ་སྒྲུབ་པའི་ཕྱིར་དུ། ལྷ་སྐུའི་ཐུགས་ཀར་ཟླ་བ་ལ་སྔགས་ཕྲེང་གི་གཟུགས་བཀོད་ན། སྔགས་ཀྱི་སྒྲ་གཟུགས་གཉིས་ཀར་ལ་དམིགས་དགོས་ཤིང༌། །མ་བཀོད་ན་ལྷ་སྐུ་གསལ་སྟོང་


TNT13_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་སྔགས་ཀྱི་སྒྲ་རང་བཞིན་དུ་མོས་དགོས་པ་ཡིན་ཏེ། འོན་ཀྱང་སྔགས་ཀྱི་གཟུགས་བཀོད་པ་ཉིད་བཟང་ངོ༌། །དེ་ལྟར་དམིགས་ནས་ཡིད་བཟླས་སམ་འགོག་པའི་བཟླས་པ། ཁྲི་ཕྲག་གམ། འབུམ་ཕྲག་གམ། འབུམ་ཕྲག་དྲུག་གམ། བྱེ་བའི་བར་དུ་སྐལ་པ་དང་མཚམས་པར་བཟླས་པས་ལྷ་སྐུ་དང་སྟོང་པ་དེ་ཉིད་རིག་སྔགས་སུ་འགྲུབ་སྟེ། ནུས་མཐུ་དང་ཡོན་ཏན་དཔག་ཏུ་མེད་པའི་གཞི་འགྱུར་རོ། །འདི་ནི་བསྙེན་སྒྲུབ་ཕལ་པའི་དུས་ཀྱི་རྣལ་འབྱོར་མ་ཡིན་ཏེ། མཚན་མ་མེད་པའི་རྣལ་འབྱོར་ཡིན་ལ། དོན་དམ་སངས་རྒྱས་ཀྱི་ཡེ་ཤེས་དང་རྗེས་སུ་མཐུན་པའི་ཕྱིར། དོན་དམ་པའི་དཀྱིལ་འཁོར་གྱི་མིང་འདོགས་པ་དང༌། དངོས་གྲུབ་ཀྱི་སྙིང་པོ་ལེན་པའི་ཕྱིར་སྙིང་པོའི་དཀྱིལ་འཁོར་དང༌། ལྷ་སྐུ་ཕྱག་རྒྱ་ཆེན་པོ་དངོས་སུ་གྲུབ་བྱེད་ཡིན་པའི་ཕྱིར། །ཕྱག་རྒྱའི་ཡེ་ཤེས་ཞེས་རྒྱལ་བ་བཅོམ་འདས་ཀྱིས་གསུངས་སོ། །དེ་ཡང་སངས་རྒྱས་ཀུན་གྱི་ཡེ་ཤེས། སྐུ་སྣང་སྟོང༌། གསུང་གྲག་སྟོང༌། ཐུགས་གསལ་སྟོང་གསུམ་པོ་ངོ་བོ་གཅིག་ཏུ་འདྲེས་པའི་བྱང་ཆུབ་ཀྱི་སེམས། དོམ་དམ་གནས་ལུགས་བླ་ན་མེད་པ་དེ་ནི། སྐབས་འདིར་ལྷ་སྐུ་དང༌། སྔགས་དང༌། སྟོང་ཉིད་གསུམ་གྱི་སྒོ་ནས། རྣམ་པ་འདྲ་བ་ལམ་དུ་བྱས་ཏེ་རྟོགས་པར་འགྱུར་བ་ཡིན་ནོ། །རྣལ་འབྱོར་འདི་ལ་ཅུང་ཟད་བརྟན་པ་ཐོབ་ནས། རིགས་དྲུག་གི་དངོས་གྲུབ་སྒྲུབ་པ་ནི་འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་གྱི་སྐབས་ནས་འདི་སྐད་ཅེས། བདེ་བས་བདེ་བ་


TNT13_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ནས་ནི། །དཀྱིལ་འཁོར་བཞི་པོའི་དབུས་སུ་ནི། །ཀུན་ཏུ་བཟང་ངམ་བདེ་བ་ཆེར། །བདག་ཉིད་ཀྱིས་ཀྱང་སྒོམས་ནས་ཀྱང༌། །སྙིང་གར་ཧཱུཾ་ཞེས་བྱ་བསམས་ན། །རྡོ་རྗེ་སེམས་དཔའ་མཉམ་པར་འགྱུར། །དཔལ་ལྡན་ལས་རྣམས་ཀུན་བྱེད་ཅིང༌། །ཀུན་ཏུ་བཟང་པོར་བདག་ཉིད་འགྱུར། །དེ་ལྟར་འགྱུར་བར་ཐེ་ཚོམ་མེད། ༡ ཧཱུཾ་ལས་སངས་རྒྱས་གཟུགས་གྱུར་པས། །ཕྱག་ན་རྡོ་རྗེ་བདག་ཉིད་གྱུར། །སྙིང་གར་འཁོར་ལོ་རབ་བསྒོམ་ལ། །ཕྱག་ན་རྡོ་རྗེ་འདྲ་བར་འགྱུར། ༢ རྡོ་རྗེ་ཁྲོ་བོར་རྣམས་སྒོམས་ཏེ། སྙིང་གའི་དབུས་སུ་ཕཊ་ཅེས་བྱ། ཧཱུཾ་ཞེས་བྱ་བས་སྐོར་བསམ་ནས། ཁྲོ་བོ་སྟོབས་ཆེན་ཉིད་དུ་འགྱུར། ༣ རྡོ་རྗེ་བརྟན་པར་བདག་བསྒྱུར་ལ། །སྙིང་གར་ཨོཾ་ཞེས་བྱ་བ་ཡིས། །སྐོར་སའི་ཧཱུཾ་དང་ཏྲཾ་ལྡན་པར། །བསམས་ན་རིན་ཆེན་འདྲ་བར་འགྱུར། ༤ །རིན་ཆེན་སྒོམས་པ་སྙིང་གར་ནི། དབུས་སུ་ཏྲཾ་ཞེས་བྱ་བ་བསམ། །ཨོཾ་ཞེས་བྱ་བས་སྐོར་བསམས་ན། །ཕྱག་ན་པད་མོ་མཉམ་པར་འགྱུར། ༥།འཁོར་ལོ་རྒྱ་གྲཾ་ཧཱུཾ་ལྡན་པས། །ཨ་ཞེས་བྱ་བ་བསྐྱེད་ནས་ཀྱང༌། །ཨོཾ་ཞེས་བྱ་བས་སྐོར་བསམས་ན། །རྡོ་རྗེ་ལས་དང་མཉམ་པར་འགྱུར། ༦ ཞེས་གསུངས་ཏེ། འདི་ལ་སྔ་མ་འགའ་ཞིག་གི །བདེ་བས་བདེ་བ་བསྐྱེད་པའི་དོན། ནོར་གྱི་ལོངས་སྤྱོད་ལ་འཆད་པ་དང༌། མངོན་བྱང་ལྔ་ལས་ལྷ་བསྐྱེད་པ་ལ་འཆད་པ་དང༌། དཀྱིལ་འཁོར་བཞི་པོ་ཞེས་པ་འཁོར་ལོ་རྩིབས་བཞི་ལ་འཆད་


TNT13_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པའང་ཡོད་མོད་ཀྱི། བཤད་པ་དེ་འདྲ་མི་ལེགས་སོ། །ཡང་ཁ་ཅིག་འཇིག་རྟེན་པའི་ལྷ་རྣམས་བོར་ཏེ། སངས་རྒྱས་རིགས་ལྔ་དང༌། སེམས་དཔའ་བཅུ་དྲུག་དང༌། སྐལ་བཟང་བཅུ་དྲུག་དང༌། ཉན་རང་གི་ས་ཆ་སྟེ། དཀྱིལ་འཁོར་རིམ་བཞིའི་དབུས་སུ་ལྷ་སོ་སོའི་སྒོམ་པ་ལ་འཆད་དེ། སྤྱིར་དེ་ལྟར་སྒོམ་པ་མི་འགལ་ཡང༌། གཞུང་དོན་ལ་འབྱོར་བ་ནི་མིན་པར་མངོན་ནོ། །དེ་ལྟ་ན་རྡོ་རྗེ་རིན་པོ་ཆེ་དང༌། རྡོ་རྗེ་ཆོས་དང༌། རྡོ་རྗེ་ལས་གསུམ་པོ་ལས་རེ་རེ་དཀྱིལ་འཁོར་གྱི་དབུས་སུ་བཞག་པའི་དཀྱིལ་འཁོར་རེ་རེ་སྟེ་དཀྱིལ་འཁོར་གསུམ་དང༌། རྡོར་སེམས་དང་ཕྱག་རྡོར་དང་ཁྲོ་བོ་གསུམ་ལ་དཀྱིལ་འཁོར་དབུས་སུ་རྡོར་སེམས་གཉིས་འགོད་པ་ཡིན་ལ། ཕྱག་རྡོར་རམ་ཁྲོ་བོ་ངོ་བོ་གཅིག་ཅིང༌། ཞི་དྲག་རྣམ་འགྱུར་མ་གཏོགས་ཁྱད་མེད་ལ། དེ་ཡང་རྡོར་སེམས་ལ་བརྟེན་ནས་སྒྲུབ་ན། སྒྲུབ་པ་པོའི་ང་རྒྱལ་དབུས་ཀྱི་རྡོར་སེམས་འཇུག་ཅིང༌། ཕྱག་རྡོར་དང་ཁྲོ་བོ་འཁོར་གྱི་ཚུལ་དང༌། ཡང་ཕྱག་རྡོར་དང་ཁྲོ་བོའི་དངོས་གྲུབ་སྒྲུབ་ན། སྒྲུབ་པ་པོའི་ང་རྒྱལ་ཤར་གྱི་ཕྱག་རྡོར་རམ་ཁྲོ་བོ་ལ་འཇུག་ཅིང༌། དབུས་ཀྱི་གཙོ་བོ་རྡོ་རྗེ་སེམས་དཔའ་མདུན་བསྐྱེད་ཀྱི་ཚུལ་དུ་བྱེད་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་དང༌། ཀུན་ཏུ་བཟང་པོ་དང༌། བདེ་བ་ཆེན་པོ་སྟེ་རྡོ་རྗེ་འཆང་རྣམས་སྐབས་འདིར་དགོས་དོན་གཅིག་པས་འདམ་ཁའོ། །དེ་གསུམ་འདམ་ཁ་ཡིན་པའི་ཕྱིར། དཀྱིལ་འཁོར་ཐ་དད་དུ་མི་བགྲོང་བས་གཅིག་ཏུ་བྱ་ལ། ཕྱག་རྡོར་ནི་ཞི་ཁྲོ་གཉིས་ཀྱང་རྣམ་པ་ཐ་དད་


TNT13_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་མོད། ངོ་བོ་གཅིག་པའི་ཕྱིར་དཀྱིལ་འཁོར་སོ་སོར་མི་འདྲེན་ནོ། །རྡོར་སེམས་སོགས་ཀྱི་དཀྱིལ་འཁོར་དང་ཕྱག་རྡོར་ཞི་ཁྲོའི་དངོས་གྲུབ་སྒྲུབ་པར་གཉིས། ང་རྒྱལ་འཇོག་ཚུལ་སོ་སོར་བྱུང་ཡང༌། དཀྱིལ་འཁོར་གྱི་རྣམ་པ་མི་འདྲ་བ་མེད་པའི་ཕྱིར། དཀྱིལ་འཁོར་ལོགས་པར་འཇོག་མི་ཐུབ་བོ། །དེས་ན་དེ་ལ་ནང་སེལ་མི་འདྲ་བ་དུ་མ་བྱུང་ཡང༌། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཞེས་གཅིག་ཏུ་བསྡུ་བས། སྔར་བཤད་པ་སེམས་དཔའ་གསུམ་གྱི་དཀྱིལ་འཁོར་དང༌། རྡོར་སེམས་ཀྱི་དཀྱིལ་འཁོར་ཏེ་དཀྱིལ་འཁོར་བཞིའོ། །དེས་ན་དཀྱིལ་འཁོར་བཞིའི། དེས་ན་དཀྱིལ་འཁོར་བཞི་པོ་ལས་གང་སྐབས་སུ་བབ་སྟཻ་སྒོམ་ཞེས་པ་ཡིན་ལ། འཁོར་ལོས་བསྒྱུར་བའི་དངོས་གྲུབ་མི་འདྲ་བ་དྲུག་ཡོད་ཀྱང༌། དབུས་ཀྱི་གཙོ་བོ་གང་གིས་མཛད་པའི་དཀྱིལ་འཁོར་མི་འདྲ་བ་བཞི་པོ་དེས་ཆོག་གི་དྲུག་མི་དགོས་པའི་དོན་ནོ། །ཡང་བདེ་བས་བདེ་བ་བསྐྱེད་པ་ཞེས་པ་ནི། གོང་དུ་བཤད་པའི་ཕྱག་རྒྱའི་ཡེ་ཤེས་བདེ་བ་དེ་ལ་མཉམ་པར་བཞག་པས། ཤིན་ཏུ་སྦྱངས་པའི་བདེ་བ་བསྐྱེད་པའམ། ཡང་ན་འདོད་ཡོན་གྱི་རོལ་པ་སྣ་ཚོགས་པས་བདེ་བའི་བོགས་འབྱིན་བྱས་པའི་དོན་ཡིན་ནོ། །དེས་ན་འདི་ལྟར་བྱ་སྟེ། ཕྱག་རྒྱའི་ཡེ་ཤེས་ལ་བརྟན་པ་ཐོབ་པའི་གང་ཟག་གིས། འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་བསྒོམ་ན། དཀྱིལ་འཁོར་ཡོངས་རྫོགས་སམ། འཇིག་རྟེན་འདས་པའི་དཀྱིལ་འཁོར་རམ། སྙིང་པོའི་དཀྱིལ་འཁོར་ལྷ་ལྔ་པ་གང་རུང་ཞིག་སྒོམ་ནས། ཐུགས་ཀར་ཟླ་བ་ལ་ས་བོན་མེ་ལྕེ་


TNT13_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་རྣམ་པ་ཅན་བསྒོམས་ཏེ། དེའི་འོད་ཀྱི་རྡུལ་ཕྲ་རབ་ཀྱིས་མ་དག་པའི་གནས་ལུས་ལོངས་སྤྱོད་ཡང་ཡང་སྦྱངས། སྲོག་རྩོལ་སྡམས་ཏེ་རྩེ་གཅིག་པར་མཉམ་པར་བཞག་གོ །སྒྲ་གནས་དང་སྒྲ་མཐའི་ཏིང་ངེ་འཛིན་ཡང་སྒོམ་དགོས་ཏེ། སྦྱོང་རྒྱུད་སྤྱི་དང་འདྲའོ། དེ་དག་ལས་ལུས་སེམས་ཤིན་ཏུ་ཡངས་པ་དང༌། གསལ་སྣང་ཆེར་མཆེད་པ་དང༌། གཉིད་དང་བཤང་གཅི་དང་བཀྲེས་སྐོམ་དང་ངལ་དུབ་སོགས་སྤངས་པར་གྱུར་པ་དེའི་ཚེ། དབུགས་ཕྱིར་འགྲོ་བ་ན་སྙིང་གའི་ས་བོན་ཧཱུཾ་ལྟ་བུ་ལས་སྤྲོས་པའི་འོད་ཀྱིས། དག་མ་དག་གི་སྣོད་བཅུད་ཐམས་ཅད་སྦྱངས་ཏེ། ས་བོན་གྱི་ཡིག་འབྲུ་འབའ་ཞིག་ཏུ་གྱུར་པར་བསམ། ནང་དུ་འོང་བ་ན་དེ་ཐམས་ཅད་བ་སྤུའི་བུ་ག་ནས་ཞུགས་ཏེ། སྙིང་གའི་ཡི་གེ་ལ་ཐིམ། གནས་པ་ན་སྔགས་ཀྱི་འོད་དང་སྒྲས་རང་ལུས་དང་ཕྱི་རོལ་ཡིད་ཡུལ་དུ་འཆར་ཚད་ཁྱབ་པར་དམིགས་ཏེ་མཉམ་པར་བཞག་གོ །ཚུལ་འདི་བར་མ་ཆད་དུ་སྒོམས་པས། ཞག་བདུན་ཟླ་ཕྱེད་སོགས་ནས་ཟླ་བ་དྲུག་གི་བར་གྱིས་རྣམ་སྨིན་གྱི་ལུས་དག་ནས། ཡེ་ཤེས་ཀྱི་ལྷ་དང་རྣམ་པ་མཚུངས་པའི་རིག་འཛིན་དུ་འགྱུར་བས། འདི་ནི་རྒྱུད་སྡེ་འདི་རྣམས་ཀྱི་ལུགས་ལ་དངོས་གྲུབ་མཆོག་ཏུ་བཞེད་དོ། །མན་ངག་འདི་ནི་སྐབས་འདིར་ཀུན་ལ་སྦྱར་བར་བྱ་སྟེ། དཔལ་རྣམ་པར་སྣང་མཛད་དང༌། དཔལ་ཤཱཀྱ་ཐུབ་པ་དང༌། ཚེ་དཔག་མེད་ལ་སོགས་པ་ལའང་སྦྱར་བར་བྱ་རྒྱུ་ཡིན་ལ། འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་གྱི་སྐབས་སུ་བཤད་པ་


TNT13_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྡོར་སེམས། ཀུན་བཟང༌། བདེ་བ་ཆེན་པོ་གསུམ་གང་དུ་སྒོམས་ཀྱང་རུང་དམིགས་རྟེན་ཐུགས་ཀར་ཟླ་བ་ལ་ཧཱུཾ་ཁོ་ན་ཡིན་ལ། ཕྱག་ན་རྡོ་རྗེ་ལ་ནི། རང་ཉིད་བྷྲཱུཾ་ལས་བྱུང་བའི་རྣམ་སྣང་ཡོངས་སུ་གྱུར་པ་ལས། ཧཱུཾ་དང་དེ་ལས་བྱུང་བའི་ཕྱག་རྡོར་ཐུགས་ཀར་དམིགས་རྟེན་འཁོར་ལོའི་སྟེང་དུ་ཧཱུཾ་ངོ༌། ཁྲོ་བོ་སྒོམ་ན་ཐོག་མ་ཕྱག་རྡོར་ཞི་བ་ཡིན་པ་ལས། ཕྱིས་ཁྲོ་བོ་མེ་ལྟར་འབར་བ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་འགྱུར་ནས། དམིགས་རྟེན་སྙིང་གར་ཟླ་བ་ལ་ཕཊ་ཡིག་དང་མཐའ་བསྐོར་ཧཱུཾ་གི་ཕྲེང་བས་བསྐོར་བ་སྒོམ་མོ། །རྡོ་རྗེ་བརྟན་པ་སྟེ་ནམ་མཁའི་སྙིང་པོའམ། རྡོ་རྗེ་རིན་ཆེན་དུ་སྒོམས་ནས་སྙིང་གར་ཟླ་བའི་དབུས་སུ་ཧཱུཾ། ཧཱུཾ་གི་ཀླད་སྐོར་གྱི་ནང་དུ་ཏྲཾ་བསམ་པའམ། ཧཱུཾ་གི་མཐའ་སྐོར་དུ་ཏྲཱཾ་གི་ཕྲེང་བ་དང༌། དེའི་ཕྱི་རོལ་དུ་ཨོཾ་ཡིག་གི་འཕྲེང་བས་བསྐོར་བའོ། །ཡང་རྡོ་རྗེ་ཆོས་སུ་སྒོམས་ནས། ཐུགས་ཀར་ཟླ་བ་ལ་ཧ་ཡིག་གམ། ཧྲཱིཿཡིག་ཨོཾ་གྱི་ཕྲེང་བས་བསྐོར་བ་བསྒོམ། ཡང་རང་ཉིད་རྡོ་རྗེ་ལས་སུ་སྒོམ་ནས། སྙིང་གར་འཁོར་ལོའི་སྟེང་དུ་རྡོ་རྗེ་རྒྱ་གྲམ། དེའི་ལྟེ་བར་ཧཱུཾ། ཧཱུཾ་གི་ཀླད་སྐོར་གྱི་ནང་དུ་ཨ། ཧཱུཾ་གི་མཐའ་བསྐོར་དུ་ཨོཾ་གྱི་འཕྲེང་བས་བསྐོར་བ་བསྒོམ་མོ། །རྡོ་རྗེ་སེམས་དཔའ་ཕྱག་རྡོར་ཞི་བ། ཕྱག་རྡོར་ཁྲོ་བོ། རྡོ་རྗེ་རིན་ཆེན། རྡོ་རྗེ་ཆོས། རྡོ་རྗེ་ལས་ཏེ། དེ་ལྟར་ན་འཁོར་ལོས་བསྒྱུར་བ་དྲུག་གོ །འདིར་རྒྱུད་སྡེ་གོང་མ་དང་བསྟུན་ནས་རིག་ལྔའི་དབང་དུ་བྱས་ན། རྡོར་སེམས་སོགས་གསུམ་རྡོ་རྗེའི་རིགས་དང༌།


TNT13_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་དང་ཁྲོ་བོ་འཁོར་ལོའི་རིགས་སུ་བསྡུ། རིགས་བཞིའི་དབང་དུ་བྱས་ན། ལས་དང་རིན་ཆེན་གཅིག་ཏུ་བསྡོམ་པ་སོགས་ཡིན་མོད་ཀྱི། འདི་སྤྱོད་རྒྱུད་ཡིན་པའི་ཕྱིར། སྐབས་འདིར་རིགས་བཞི་རིགས་ལྔའི་དབྱེ་བ་རྩལ་འདོན་དུ་བཤད་མི་དགོས་ཤིང༌། འགོག་པར་ཡང་མི་བྱེད་དེ་དོན་སྒྲུབ་པའི་ཕྱིར་རོ། །གཉིས་པ་བྱ་བའི་རིམ་པ་ལ། རྒྱུད་འདིར་ལས་ཐོར་བུ་བ་མང་པོ་མ་གསུངས་ཤིང༌། འཁོར་ལོས་བསྒྱུར་བ་དང༌། མེ་ལྟར་འབར་བའི་ནང་ནས། སྦྱིན་སྲེག་ལ་སོགས་པའི་ལས་བཞི་སྒྲུབ་ཚུལ་གསལ་བར་གསུངས་ཏེ། རྒྱུད་ཉིད་དང་སྦྱིན་སྲེག་གི་ཆོ་ག་རྣམས་སུ་རྙེད་པར་སླའོ། །གཤིན་པོའི་དོན་གཙོ་བོར་གྱུར་པ་སྡིག་སྦྱོང་གི་ལས་ནི། སྐབས་འདིར་སྡིག་སྦྱོང་གི་སྒོ་ལ། ཤཱཀ་ཐུབ་སྐུའི་དཀྱིལ་འཁོར་གྱི་སྐབས་ནས། སྐྱེས་པ་བུད་མེད་དམ། ལྷ་ཀླུ་གནོད་སྦྱིན་སྲིན་པོ་སོགས་མི་དང་མི་མ་ཡིན་གང་ཡིན་ཀྱང་རུང༌། རོ་དང་གཟུགས་བརྙན་དང༌། མིང་བྱང་གསུམ་གང་ཡང་རུང་བ་ལ། སྔགས་བཟླས་པ་དང༌། དབང་བསྐུར་བ་དང༌། སྦྱིན་སྲེག་བྱེད་པ་གསུམ་གསུམ་གྱིས་དབྱེ་བས་སྡིག་སྦྱོང་མི་འདྲ་བ་དགུ་གསུངས་ལ། ཚེ་དཔག་མེད་དང༌། འཁོར་ལོས་བསྒྱུར་བའི་མཚམས་ཀྱི་བར་ཁོག་ལས། གསོན་པོ་ལ་དཀྱིལ་འཁོར་དུ་འཇུག་པས་དབང་བསྐུར་བ་དང༌། སྒོམ་བཟླས་བྱེད་པ་གཉིས་གསུངས་ཤིང༌། དེས་སྡིག་སྦྱོངས་སུ་མ་ཟད་ཚེ་དང་བསོད་ནམས་འཕེལ་བར་ཡང་བཤད་ལ། གཤིན་པོ་ལ་མིང་བྱང་དང༌། གཟུགས་བརྙན་དང༌།


TNT13_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་དང༌། ལྷ་སྐུ་དང༌། དེའི་བུ་དང༌། རུས་པ་སོགས་ལུས་ཀྱི་ཆ་ཤས་དང༌། མི་རིགས་རུས་གཅིག་པ་དང༌། བྲན་གཡོག་དང༌། མིང་གཅིག་པ་སྟེ། དབང་བསྐུར་བའི་ཡུལ་དགུ་ལ་དབང་བསྐུར་བར་བཤད་དོ། །འདི་སྐབས་ཀྱི་ལྷ་སྐུ་ནི་བསྒྲུབ་བྱ་དེས་བསྟན་པའི་འཇིག་རྟེན་འཇིག་རྟེན་འདས་པའི་ལྷ་གང་ཡང་རུང་བའི་སྐུ་གཟུགས་ཡིན་ལ། དེའི་གསལ་ཁ་མེད་ན། སྒྲུབ་པ་པོ་རང་ཉིད་ཀྱི་འདོད་པས། ཡེ་ཤེས་ལྷའི་སྐུ་འདྲ་བྱས་ནས། བསྒྲུབ་བྱ་དེའི་མིང་ནས་བརྗོད་ཅིང་དེའི་ངོ་བོར་བསམ་ནས་དབང་བསྐུར་བ་ཡིན་ནོ། །རིགས་རུས་མཐུན་པ་སྨོས་པས་ཉེ་དུ་ཐམས་ཅད་བསྡུ་ལ། བྲན་སྨོས་པས་གྲོགས་པོ་ཡང་བསྟན་པ་ཡིན་ནོ། །དེ་ཡང་དང་པོར་ཡི་དམ་ལ་གནང་བ་ཞུ་བའི་བསྙེན་པ་སྐྱར་མ་ཁ་གསོའི་ཚུལ་དུ་བྱས་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ། ཐུན་རེ་བཞིན་མཆོད་པ་དང་བཟླས་བ་མང་དུ་བྱ་ཞིང༌། ཞག་བདུན་གྱི་བར་དུ་ཐུན་གསུམ་མམ། ཐུན་བཞིར་བསྟེན་དེ་དང་དེ་ལ་དབང་བསྐུར་བ་ཡིན་ལ། དབང་ཇི་ཙམ་བསྐུར་བའི་ཚད་ནི། འཇུག་པ་རྒྱས་པ་སྔོན་དུ་འགྲོ་བས། དངོས་གཞི་ཡོངས་རྫོགས་འགྲུབ་ན་ལེགས་ལ། བསྡུ་ན་སྔགས་དབང་དང༌། བུམ་པ་དང༌། ཕྱག་རྒྱའི་དབང་ཙམ་གྱིས་ཀྱང་ཆོག་གོ །འོག་ཏུ་འཆད་པར་འགྱུར་བ་ཀུན་རིག་གིས་སྐབས་ཀྱི་དབང་རྣམས་ཀྱང་འདིས་རིགས་འགྲེའོ། །ཡང་སྔགས་བཟླས་པས་སྡིག་སྒྲིབ་སྦྱོང་བའི་སྒོ་ཡང་གསུངས་ཏེ། དཀྱིལ་འཁོར་བྲིས་ཀྱང་རུང་མ་བྲིས་ཀྱང་རུང༌། བསྡུ་ན་བདག་བསྐྱེད་དཔའ་བོ་གཅིག་པས་


TNT13_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཆོག །སྔགས་རེ་རེའི་མཐར། བསྒྲུབ་བྱ་འདི་ཞེས་བྱ་བའི་སྡིག་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་བཏགས་པ་འབུམ་ཕྲག་གཉིས་ནས། བྱེ་བ་དང༌། དུང་ཕྱུར་གྱི་བར་དུ་བཟླ་བར་ཡང་གསུངས་ཏེ། གྲངས་མང་ཉུང་སྡིག་པ་ཆེ་ཆུང་གི་ཁྱད་ཀྱིས་ཡིན་ནོ། །འདི་ནི་བཟླས་སྒོམ་ཙམ་ལ་བརྟེན་ནས་ཚེ་འདས་ཀྱི་སྡིག་པ་སྦྱོང་ཚུལ་ཡིན་ཏེ། གྲངས་མི་འདྲ་བ་རྣམས་ནི། ངན་སོང་དུ་སྐྱེས་ཟིན་པ་སྡིག་པ་ཆུང་འབྲིང་ཆེ་གསུམ་དང༌། མཚམས་མེད་གཅིག་བྱས་པ་ནས། མཚམས་མེད་མང་དུ་བྱས་པའི་བར་གྱི་སྡིག་སྦྱོང་ལ་དགོངས་པའོ། །དེ་ལྟར་ན་གསོན་པོ་ཁོ་ནའི་སྡིག་སྦྱོང་གཉིས་དང༌། དབང་བསྐུར་བའི་ཡུལ་དགུ་དང༌། སྒོམ་བཟླས་ཁོ་ནའི་སྡིག་སྦྱོངས་ཏེ། གཤིན་པོའི་སྡིག་སྦྱོང་བཅུ་ཡོད་ལ། གསོན་གཤིན་གཉིས་ཀར་ལ་ཞི་བའི་སྦྱིན་སྲེག་གསུངས་ཞིང༌། དེ་དག་ལའང་ལུས་དང་འབྲེལ་བ་དང༌། མིང་དང་འབྲེལ་བ་གཉིས་གཉིས་ཏེ་བཞི་ཡོད་དོ། །དེ་ལྟར་ན་འཁོར་ལོས་བསྒྱུར་བའི་སྐབས་ནས། སྡིག་སྦྱོང་གི་སྒོ་བཅུ་དྲུག་གསུངས་སོ། །ཡང་གཙོ་ཆེ་བའི་སྡིག་སྦྱོང་གི་སྒོ་རྣམས་ཀུན་རིག་གི་སྐབས་ནས་གསུངས་ཏེ། དེ་ཡང༌། དེ་བཞིན་དཀྱིལ་འཁོར་བྲིས་ནས་ཀྱང༌། ཞེས་སོགས་ཀྱི་དང་པོ་ཤི་བའི་རོ་ལ་དབང་བསྐུར་བ་སྟེ། ཆུ་དབང་བསྐུར་བའི་བུམ་པ་ལ་སྔགས་བརྒྱད་བརྒྱ་བཟླ་བར་གསུངས་སོ། །དེ་ཡང་མཆོད་རྟེན་གྱི་ཆོ་གས་མཆོད་རྟེན་བཞེངས་ནས། མཆོད་རྟེན་གྱི་ནང་ངམ་ཕྱི་ངོས་སུ་བྲིས་མའམ་འབུར་ལས་སངས་


TNT13_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་སྐུ་གཟུགས་བྱ། དེའི་ཐུགས་ཀར་ལྷ་དེ་ཉིད་དམ། རྩ་རིག་སོགས་རྒྱུད་འདིའི་ལྷའི་སྔགས་བྲིས། དེ་ལྟ་བུ་ལ་རབ་གནས་ཀྱི་དུས་སུ་ཀུན་རིག་གི་དཀྱིལ་འཁོར་བྲིས་ཤིང་དབང་བསྐུར་བ་རྒྱས་པར་བྱས་ནས། ལྷ་ཁང་ངམ། ཕྱུར་བུའམ། སྐྱེད་མོས་ཚལ་ལ་སོགས་པ་དབེན་པར་བཞག་ལ་ཉིན་རེ་བཞིན་མཆོད་པ་དང༌། བཟླས་པ་བྱ་སྟེ་བཟླས་པ་འབུམ་ལ་སོགས་པས་འགྲུབ་བོ། །དེ་ཡིས་མིང་ནས་སྨོས་ནས་སུ། ཞེས་སོགས་ཀྱིས་བཞི་པ་ཚ་ཚ་གདབ་པའི་སྒོ་ནས་སྡིག་པ་སྦྱོང་བ་སྟེ། གུར་གུམ་གྱི་རྩ་རིག་སོགས་ཀྱི་མཐར་སྒྲུབ་བྱའི་མིང་སྤེལ་བ་དང་བཅས་པ་བྲིས། གཟུངས་རིལ་དེ་ཚ་ཚའི་ནང་དུ་འཇུག་ཅིང༌། ཚ་ཚའི་ཆོ་ག་ནི་སྤྱི་དང་འདྲ། དེ་ལྟ་བུའི་མཆོད་རྟེན་འབུམ་འདེབས་ཏེ། རེ་རེ་བཞིན་ཡི་གེ་བྲི་བ་མ་གྲུབ་ནའང༌། ཇི་ལྟར་འོས་པས་མགོ་དྲངས་ནས་སྔགས་ངག་ནས་བཟླ་བ་དང༌། ཡིད་ཀྱི་དམིགས་པས་ཀྱང་རུང་ངོ༌། །ཚ་ཚ་ཟིན་པ་ན། སྙིང་པོ་བྱེ་བ་བཟླས་པས་ཐེ་ཚོམ་མེད་པར་ངན་སོང་ལས་ཐར་རོ། །དེ་ཡི་མིང་ནས་བརྗོད་ནས་ནི། ཇི་སྐད་གསང་པའི་སྔགས་བཟླས་ཤིང༌། ཞེས་སོགས་ཀྱིས་ལྔ་པ་སྒོམ་བཟླས་ཁོ་ནས་སྡིག་པ་སྦྱོང་བ་བསྟན། འདིར་ཡང་གྲངས་མང་མཐའ་དུང་ཕྱུར་དང༌། ཉུང་མཐའ་འབུམ་དུ་གསུངས་པར། ཁ་ཅིག་རྩ་རིག་དང་སྙིང་པོ་གང་ཡིན་གྱིས། རུང་བར་འཆད་ཀྱང་རྩ་རིག་ཉུང་མཐའ་འབུམ་གཅིག་དང༌། སྙིང་པོ་མང་མཐའ་དུང་ཕྱུར་ཡིན་པར་གསལ་ལོ། །དེ་ཡི་མིང་ནས་བརྗོད་ནས་ཀྱང༌། །མཁས་པས་འབུམ་ཕྲག་བརྒྱའམ་ནི། །ཞེས་སོགས་ནི་དྲུག་པ་སྦྱིན་སྲེག་གི་སྡིག་པ་སྦྱོང་བ་སྟེ། དེ་ཡང་བསྲེག་རྫས་ཉུང་མཐའ་


TNT13_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ནས། མང་མཐའ་བྱེ་བ་དང་དུང་ཕྱུར་གྱི་བར་འབུལ་བར་བཤད་ལ། བསྲེག་རྫས་ཀྱང་ཏིལ། ཡུངས་ཀར། འབྲས། རའི་འོ་མ། དྲི་བཟང་གི་བྱུགས་པའི་ཡམ་ཤིང་སོགས་འབུལ་བ་ཡིན་ཞིང༌། མེ་ལྷ་ཉིད་ཀྱི་ཞལ་སྟོན་པའམ། མེ་དཀར་པོ་གཡས་སུ་འཁྱིལ་བ་སོགས་སྡིག་པ་འདག་པའི་རྟགས་ཀྱང་འབྱུང་བར་བཤད་དོ། །སྐུ་བཞི་པ་ཡི་ཚད་ཀྱི་ནི། ཞེས་སོགས་ཀྱི་བདུན་པ། །རོ་བསྲེག་གི་སྒོ་ནས་སྡིག་པ་སྦྱོང་བར་གསུངས་སོ། །ཕྱག་ན་རྡོ་རྗེ་པདྨ་ཞགས་པ་བསྣམས། ཞེས་སོགས་ཀྱིས་བརྒྱད་པ་ཁྲོ་བོའི་ལས་ཀྱི་སྡིག་སྦྱོང་སྟེ། གཤེད་འབྲེལ་དགོས་པའི་རིགས་ལ་འདི་བཟང་བར་འདོད་དོ། །དེ་ཡང་ཕྱག་རྡོར་དང་འཇིག་རྟེན་གསུམ་རྒྱལ་གྱིས་བྲིས་སྐུའི་མདུན་དུ། སྒྲུབ་བྱ་དེའི་ལུས་ཀྱི་རྫས་དང་འབྲེལ་བའི་སྦྱིན་སྲེག་འབུམ་ནས་བྱེ་བའི་བར་དུ་ཕུལ་ནས། ཐལ་བ་ལས་སྐུ་གཟུགས་བཞེངས་པའམ། ཚ་ཚ་བཏབ། དེ་ལ་སྔགས་འབུམ་ཕྲག་གཉིས་བཟླས་པས་འབར་བར་འགྱུར་བ་སོགས་བཤད་དོ། །འཕྲོས་དོན་གོང་འོག་ཀུན་དུ་སྦྱོར་རྒྱུ་ལ། ཡང་ན་གཟུགས་ཀྱི་འཛུམ་པའམ། ཞེས་སོགས་ནི། སྒྲུབ་བྱ་དེ་ལྷར་སྐྱེས་ཤིང་ཕྱིར་མི་ལྡོག་པ་ཐོབ་པའི་རྟགས་སོ། །ཡང་ན་མེད་པར་འགྱུར་ན་ཡང༌། ཞེས་སོགས་ཀྱི་ལུས་དང་འབྲེལ་བའི་རྫས་མེད་ཀྱང་མིང་བྱང་ངམ། ཚ་ཚའམ། གཟུགས་བྱང་ལ་དབང་བསྐུར་བ་དང༌། མིང་གཟུགས་ཀྱི་བྱང་བུ་སྦྱིན་སྲེག་ཏུ་བསྲེགས་པས་ཀྱང༌། སྡིག་པ་ཤས་ཆུང་བ་རྣམས་ངན་འགྲོ་ལས་གྲོལ་ནས་བདེ་འགྲོར་སྐྱེའོ་ཞེས་པའོ། །དེང་སང་མིང་བྱང་བསྲེག་པའང་འདི་ལ་


TNT13_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་པར་སྣང་ལ། ཐལ་བ་ཡུངས་ཀར་བྱེ་མ་སོགས། ཞེས་པས་དགུ་པ་བྲབས་རྫས་ཀྱི་སྒོ་ནས་སྡིག་པ་སྦྱང་བ་སྟེ། མིང་ངམ་གཟུགས་སམ་ཚ་ཚའམ་མཆོད་རྟེན་ནམ། ལྷའི་སྐུ་གཟུགས་ཡིན་ཡང་རུང་སྟེ། སྐྱེད་མོས་ཚལ་ལམ་གཙང་ཁང་ངམ། ཡང་དོག་སོགས་སུ་བཞག་ནས། སྒོམ་བཟླས་སྔོན་དུ་འགྲོ་བའི། བྲབས་རྫས་ལ་གཟུངས་ཐག་བཞག །སྔགས་བཟླ་སྟེ། བུམ་བཟླས་ཀྱི་རིགས་བསྒྲེས་ན་སྔགས་ཐམས་ཅད་བརྒྱ་རྩ་རེ་བཟླ་བའམ། སྤྱིར་ནི་རྩ་རིག་དང་སྙིང་པོ་མང་དུ་བཟླ་ཞིང༌། བྲབས་སྔགས་གཞན་རྣམས་ཀྱང་ཇི་ལྟར་འོས་པ་བཟླ་སྟེ། སྔགས་བརྒྱ་རྩ་བརྒྱད་ལ་སོགས་པའི་བར་དུ་བྲབས་པར་བྱའོ། །རྫས་དམན་པ་དེ་རྣམས་ཕྱག་ཏེ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར་ལ། རྟེན་དེ་ཉིད་ལྷར་བསྐྱེད་ཅིང་བཟླས་པ་དང༌། མཆོད་པ་ཅུང་ཟད་རེ་བྱའོ། །དེ་ལྟར་ཉིན་རེ་བཞིན་ཐུན་བཞིའམ་གསུམ་མམ། མ་མཐའ་ཡང་ཐུན་རེ་བྱ་ལ། དེ་འདྲ་ཟླ་བ་དྲུག་ལ་སོགས་པས་ངེས་པར་ངན་འགྲོ་ལས་ཐར་བར་འགྱུར་རོ། །དེ་ལྟར་མང་དུ་གསུངས་པ་དེ་ཐམས་ཅད་ཀྱི་དོན་བསྡུས་ན། སྡིག་སྦྱོང་བདུན་དུ་འདུ་སྟེ། དབང་བསྐུར་བ་དང༌། བཟླས་པ་དང༌། ཕྱིར་བཟློག་དང༌། སྦྱིན་སྲེག་དང༌། མཆོད་རྟེན་འདེབས་པ་དང༌། ཚ་ཚ་དང༌། རྟེན་མེད་ན་ཇི་ལྟར་བྱ་བ་སྟེ་བདུན་ནོ། །ཞེས་གོང་མ་རྣམས་གསུངས་ཡང༌། མཐའ་ཅིག་ཏུ་ངེས་པ་མེད་པ་འདྲའོ། །ཀུན་རིག་གི་སྐབས་འདི་ནས་ནི། ཤི་བའི་ལུས་དང༌། གཟུངས་བྱང་དང༌། མིང་བྱང་དང༌། མཆོད་རྟེན། ལྷ་ཅན། ཚ་ཚ་འདེབས་པ་དང༌། སྒོམ་བཟླས་རྐྱང་པ་དང༌། སྦྱིན་སྲེགས་དང༌། རོ་བསྲེགས་


TNT13_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཁྲོ་བོའི་ལས་དང༌། བྲབས་རྫས་ཀྱིས་སྦྱངས་བ་སྟེ། རྐང་ཚུགས་པའི་སྡིག་སྦྱོང་གི་སྒོ་བཅུའམ། གཟུགས་བྱང་མིང་བྱང་གཅིག་ཏུ་སྡོམས་ན་དགུར་འགྱུར་ལ། གཟུགས་མིང་ཚ་ཚ་གསུམ་ལ་དབང་བསྐུར་བ་དང༌། གཟུགས་མིང་གཉིས་སྦྱིན་སྲེག་ཏུ་བྱེད་པ་སྟེ། ཞོར་བྱུང་ཕྲ་མོ་ལྔ་བསྣན་པས་བཅུ་བཞིའམ་བཅོ་ལྔའོ། །འདི་དག་ཐམས་ཅད་ལ་ཡང་དཀྱིལ་འཁོར་དང་འབྲེལ་བ་རྣམས་དཀྱིལ་འཁོར་གྱི་ཆོ་ག་བཞིན་དང༌། མ་འབྲེལ་བ་རྣམས་ལའང་སྔོན་འགྲོ་གཏོར་མ་དང༌། མཆོད་པ་བྱིན་རླབས་དང༌། བསྲུང་འཁོར་ནས་བརྩམས་ཏེ་བདག་བསྐྱེད་དང༌། གཏོར་མ་དང༌། བགེགས་བསྐྲད་པ། བྱུར་བསལ་བ་རྣམས་སོ་སོའི་ལས་ཀྱི་སྔོན་ལ་འཇུག་ཅིང༌། སོ་སོའི་འཇུག་ཏུ་ཡང་སྐབས་དང་འཚམ་པའི་རྗེས་ཆོག་རྒྱས་པའམ། མཆོད་བསྟོད་སྨོན་ལམ་གདབ་པ་སོགས་ཇི་ལྟར་འོད་པ་བྱའོ། །རྒྱུད་ཀྱི་དགོངས་པ་དངོས་ནི། ཇི་སྐད་བཤད་པ་དེ་དག་ལས་གང་ཡང་རུང་བ་རེ་རེས་ཆོག་ལ། གལ་ཏེ་མི་འདྲ་བ་མང་དུ་བྱེད་ནའང་བྱེད་པ་པོ་སོ་སོས་སྒྲུབས་ཏེ། ལས་རེ་རེ་རྐང་ཚུགས་པར་བྱེད་པ་ཉིད་ཡིན་ལ། བྱེ་བ་དུང་ཕྱུར་སོགས་དང་ཚ་ཚ་མང་པོ་སོགས་ནི་ལས་གཅིག་ལའང་བྱེད་པ་པོ་དུ་མས་རུང་ངོ༌། །ད་ལྟའི་ལྷོ་སྒོའི་ཆོ་ག་ནི་སྦྱིན་སྲེག་དང་མཆོད་རྟེན་སོགས་སྐབས་དེར་མི་འགྲུབ་པ་འགའ་ཞིག་མ་གཏོགས། ཐམས་ཅད་ནས་སྣ་ཚང་ཙམ་འདུས་པ་སྡིག་སྦྱོང་གི་སྒོ་ཀུན་གྱི་འདྲ་འབག་ལམ་བྱེད། བོད་ཡུལ་གྱི་སྐྱེ་བོ་རྣམས་ཀྱི་མིག་སྔར་མཛེས་ཆོས་ཙམ་དུ་སྒྲིགས་པར་ནི་སྣང་ལ། འོན་ཀྱང་སྔགས་དང་ཚིག་གི་བྱིན་རླབས་འཇུག་པས་ཕན་


TNT13_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཡོད་ཅིང༌། ཁྲིགས་བཀོད་བྱེད་པ་པོ་རྣམས་ཀྱང༌། སྐྱེས་བུ་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར། མི་སྨད་ཅིང་ལག་ལེན་དུ་གདབ་པར་བྱ་བ་ནི་ཁོ་ནའོ། །དེ་ལྟར་ན་ད་ལྟ་ཐམས་ཅད་བྱེད་པའི་ལྷོ་སྒོའི་ཆོ་ག་ནི་རྒྱུད་ལས་གསུངས་པ་དེའི་འདྲ་འབག་ཙམ་ཡིན་པ་བཞིན་དུ། དེང་སང་གི་ཆོག་སྒྲིགས་བདག་བསྐྱེད་མདུན་བསྐྱེད་རྣམས་ཀྱང༌། སྒྲུབ་པའང་སྒྲུབ་ཆེན་གྱི་འདྲ་འབག་ཡིན་ལ། དབང་ལེན་པ་ཡང་ལས་ལ་སྦྱོར་བའི་འདྲ་འབག་གམ། གཤིན་པོའམ་སློབ་མའི་དོན་དུ་ཡིན་པར་ཡང་འདོད་དོ། །དེས་ན་དཀྱིལ་འཁོར་ཆེན་པོའི་ལས་རིམ་བསྙེན་སྒྲུབ་བཞི་པོ་མ་བཤད་པའི་རྒྱུད་ཀྱང་རེ་རེ་ཙམ་ཧལ་ཧོལ་རེ་ཐོས་པས་སྔགས་ལ་མཁས་སོ་སྙམ་མངོན་པའི་ང་རྒྱལ་ཅན་ཁ་ཅིག་བདག་ཅག་གི་བསྙེན་པ་རྒྱས་པའི་སྒྲུབ་མཆོད་བྱེད་དོ་ཞེས་སྨྲ་མོད། སྒྲུབ་མཆོད་སྐབས་ཀྱི་བདག་བསྐྱེད་རྒྱས་པ་དེ་བསྙེན་པ་དངོས་ཀྱང་མ་ཡིན། རྗེས་མཐུན་པ་ཡང་མ་ཡིན། འདྲ་འབག་ཀྱང་མ་ཡིན་པས་དེ་ལས་བསྙེན་རྒྱས་ཀྱི་ཐ་སྙད་སྦྱོར་བ་ཤིན་ཏུ་འཁྲུལ་ལ། གལ་ཏེ་བསྙེན་པ་ཡིན་ན་སྒྲུབ་པའི་ཐ་སྙད་མི་རུང་བ་ལ་སྒྲུབ་མཆོད་ཅེས་སྒྲུབ་པའི་མིང་ཡང་བཏགས་ནས། བསྙེན་རྒྱས་ཀྱི་སྒྲུབ་མཆོད་ཟེར་བ་འདི། བསྙེན་པའི་སྒྲུབ་པ་ཞེས་པར་སོང་བའི་ཕྱིར། བསྙེན་པ་དང་སྒྲུབ་པའི་དབྱེ་བ་ཙམ་ཡང་མ་བྱེད་པ། གསང་སྔགས་ཀྱི་བརྡ་ཆད་རགས་པ་ཙམ་ལ་ཡང་ཕྱོགས་མགོ་མ་ཐིང་པའི་བླུན་རྟགས་དབྱངས་སུ་གྱེར་བ་ཡིན་ནོ། །ད་ནི་སློབ་མ་ལ་དབང་བསྐུར་བའི་བྱ་བའི་རིམ་པ་ནི་འདི་ཙམ་ཞིག་སྟེ། ཁྱད་པར་ནི་ལྷ་སྟ་གོན་གྱི་སྐབས་བྲིས་སྐུ་དང་


TNT13_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེ་བ་མི་དགོས་ལ། ལྷ་དང་བུམ་པ་སྟ་གོན་ལ་སོགས་པའི་ཉིན་མོ་དེ་ཉིད་དམ། དུས་སྐབས་གཞན་ལ་ཡང་རུང་སྟེ། སློབ་མ་རྣམས་ཁྲུས་བྱས་ཏེ་འཁོད་པ་ལ། ཁ་ཅིག་གསང་སྔགས་གྲུབ་དོན་གཉེར། ཞེས་སོགས་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་བསྐྱེད། སྔར་སྐྱབས་འགྲོ་སེམས་བསྐྱེད་མ་བླངས་ན་ལྟ་ཅི་སྨོས། སྔར་བླངས་ཀྱང་གསོ་བ་དང་གསལ་འདེབས་པའི་དོན་དུ། སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་རྒྱས་པ་ཕོག །མི་ནུས་པའམ་ལོང་མེད་ན་གོང་རྒྱུན་བཤགས་ཀྱི་སྐབས་སུ་འབྱུང་བར་ཙམ་བྱ། བུ་ཚུར་ཐེག་པ་ཆེན་པོ་ཡི། སོགས་སྔགས་ལ་སྤྲོ་བ་བསྐྱེད་བཛྲ་སཏྭ་ཀྲོ་དྷའི༴ སྔགས་བཟླས་པའི་སྤོས་ཆུ་སློབ་མ་ལ་བསངས་གཏོར་བྱེད་ཅིང༌། བསངས་ཆུས་སྦགས་པའི་ལག་པ་སློམ་མའི་མགོ་ལ་བཞག་ནས་སྔགས་དེ་ལན་བདུན་བཟླས། དེ་བཞིན་དུ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་ཀྱང་བྱ། དེ་ནས་སློབ་མ་ལ་དྲི་ཆབ་དང༌། སྤོས་དང༌། མར་མེ་རྣམས་འབུལ། །མཆོད་པའི་སྤྲིན་གྱིས་གཟུངས་ཀྱིས་བྱིན་གྱིས་རླབས། ལས་ཐམས་ཅད་པའི་སྔགས་གྱིས་སོ་ཤིང་སྦྱིན། ཧཱུཾ་བཞི་པའི་སྔགས་ཀྱི་མཎྜལ་བྱས། ཛི་ན་ཛི་ཀ ཞེས་མང་དུ་བཟླས་པས་སོ་ཤིང་དོར། ལས་ཐམས་ཅད་པའི་སྔགས་ཀྱི་ཁྱོར་ཆུ་སྦྱིན། སཏྭ་ཀྲོ་དྷའི་སྔགས་ཀྱིས་བསྔགས་པའི་དཔུང་སྐུད་ཀྱང་སྤྱི་དང་མཐུན་པར་བཅིངས་ནས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཅེས་སོགས་ཟབ་མོའི་ཆོས་བཤད། ལས་ཐམས་ཅད་པས་བསྔགས་པའི་ཀུ་ཤ་སྔས་དང་གདན་གྱི་དོན་དུ་སྦྱིན།


TNT13_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་མ་ལྷ་ལ་ཕྱག་འཚལ་དུ་གཞུག་སྟེ། དེ་དག་ནི་སློབ་མ་སྟ་གོན་ནོ། །དེ་ནས་ནུབ་མོ་སློབ་མ་ལ་དབང་བསྐུར་བའི་དངོས་གཞིའི་ཉིན་མོ་གཏོར་མ་གཏོང་བ་ཡན་ཆད་ཟིན་ནས། སློབ་མའི་སྒྲིབ་པ་སྦྱངས་ཤིང་བསོད་ནམས་བསྐྱེད་པའི་དོན་དུ། དཀྱིལ་འཁོར་གྱི་ལྷ་རྣམས་སྦྱིན་སྲེག་གིས་མཉེས་པར་བྱ་ལ། དེ་ནས་མཚན་མོ་སློབ་མ་དཀྱིལ་འཁོར་ཁང་པའི་སྒོ་དྲུང་དུ་འདུག་པས། མཎྜལ་འབུལ་ཞིང༌། དགའ་ཆེན་ཁྱོད་བདག༴ སོགས་ཀྱི་གསོལ་བ་བཏབ། སླར་ཡང་རྒྱུན་བཤགས་བཞིན་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སྨོན་ལམ་འདེབས་སུ་བཅུག །ཟླ་བ་རྡོ་རྗེའི་སེམས་བསྐྱེད་སྤྱི་དང་མཐུན་པར་བྱ། ཐེག་པ་ཆེན་པོ་ཆེར་འབྱུང་བའི། སོགས་དང༌། ཡོད་དང་མེད་ལས་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཟབ་མོ་རྣམ་རྟོག་ཐམས་ཅད་ཀྱིས། །རབ་ཏུ་མི་རྟོག་གནས་མེད་པ། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །སྤྲོས་པ་རྣམས་ཀྱི་རྣམ་པར་སྤྲོས། །ལས་དང་བྱ་བ་ལ་སོགས་བྲལ། །བདེན་པ་གཉིས་ལ་གནས་པ་ཡི། །ཐེག་པ་རབ་ཀྱི་མཆོག་འདི་ནི། །ཚུལ་ལ་གནས་ན་ཐོབ་པར་འགྱུར། །ཞེས་ཟབ་མོའི་ཆོས་བཤད། བཛྲ་སཏྭ་ཀྲོདྷའི་སྔགས་ཀྱི་བསྲུང་བ་བྱའོ། །དེ་རྗེས་རྒྱུད་ལས་བརྟུལ་ཞུགས་སྡོམ་པ་སྦྱིན་ཞེས་འབྱུང་བས། བསླབ་པའི་གནས་ལྔ་དང༌། མི་དགེ་བ་བཅུ་སྤོང་པ་ལ་སོགས་པ། སྔར་མ་བླངས་བའི་སྡོམ་པའི་ཁྱད་པར་ཡོད་ན་སྦྱིན་ཞིང༌། སྤྱིར་གཉིས་ཀའི་རྒྱུད་སྡེའི་ལུགས་ཙམ་ལ་དགོས་པ་མིན་ཡང༌། རྒྱུད་འདིར་དབང་དངོས་གཞི་རྣམས་ཕལ་ཆེར་རིགས་ལྔ་ལ་


TNT13_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ཏེ་བསྐུར་བར་སྣང་བས། རིགས་ལྔའི་སྡོམ་བཟུང་བྱས་ན་ཡང་མི་ལེགས་པ་མེད་པར་མངོན། དེ་ནས་སློབ་དཔོན་གྱི་རྩ་རིག་བཟློས་བཞིན་དུ། སློབ་མ་ལ་མིག་དར་བཏང༌། རྡོ་རྗེ་འཛིན་མའི་ཕྱག་རྒྱ་འཆར་བཅུག་ནས། ཨོཾ་བཛྲ་ཨ་དྷི་ཏིཥྛ་ཧཱུཾ། མེ་ཏོག་གཏད། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཞེས་ཁྲིད་ནས། ཨོཾ་བཛྲ་པྲ་བེ་ཤཱ་ཡ་ཧཱུཾ། ཞེས་ཡོལ་བའི་ནང་དུ་བཅུག ཨོཾ་ཨཾ་ས་མཻ་ཏྲི་ས་མེ་མཧཱ་ས་མ་ཡེ་སྭཱཧཱ། ཞེས་ལུས་ངག་ཡིད་གསུམ་དང༌། སྐུ་གསུང་ཐུགས་མཉམ་པ་ཉིད་དུ་མོས་པ་བྱེད་དུ་བཅུག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་བཞུགས་པར་བགྱི། སོགས་བདེན་སྟོབས་བརྗོད་དུ་གཞུག དེ་ནས། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། ཨོཾ་བཛྲ་པྲ་ཏི་གྲྀཧྞ་ཧཱུཾ། ཞེས་མེ་ཏོག་གཏོར། ཨོཾ་པྲ་ཏིཥྟ་བཛྲ་ས་མ་ཡ་སྟྭཾ། ཞེས་མེ་ཏོག་མགོ་ལ་བཅིང༌། མིག་དར་བསལ། ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལ་ཧྲཱིཿཏྲཾ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས་སོགས་ཀྱིས་ལྟ་བར་བསྐུལ། ལྷ་ངོ་རྒྱས་པར་བསྟན་ནོ། །སློབ་མའི་སྙིང་གར། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། ཨོཾ་བཛྲ་ས་མ་ཡ་ཧཱུཾ་ཕཊ། ལན་མང་དུ་བཟླས་སློབ་དཔོན་གྱི་རྡོ་རྗེའི་ཕྱག་རྒྱ་བཅས་པ་སློབ་མའི་སྙིང་གར་གཏུག་ལ། ཨོཾ་བཛྲ་ས་མ་ཡ་ཧྲཱི་ད་ཡ་མི། པྲ་བེ་ཤ་དྲྀ་ཌྷ་ཏིཥྛ་ཧཱུཾ་ཕཊ། ལན་གསུམ། འདི་


TNT13_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་འབེབས་པའི་དོད་ཡིན་མོད་ཀྱང༌། ཡེ་ཤེས་དབབ་པ་དངོས་སྤྱོད་རྒྱུད་ལ་མི་དགོས་སོ། །མནའ་ཆུ་བླུད་དོ། །འདི་ནི་ཁྱོད་ཀྱིས་དམྱལ་བའི་ཆུ། སོགས། ཤོ་ལོ་ཀ་གསུམ་གྱིས་དམ་ལ་བཞག །ཁྱོད་ཀྱི་སྲོག་ཆགས་བསད་མི་བྱ༴ ནས། སྔགས་སོགས་དེ་བཞིན་ནོ། ཡིས་བར་གྱིས་དམ་ཚིག་སྒྲགས་སོ། །དེ་ནས་དབང་གི་དངོས་གཞི་ལ། སརྦ་བིད་ཀྱིས་ཇི་བཞིན་དབང་བསྐུར་ཏེ། ཞེས་གསུངས་པའི་དོན། འོག་ནས་འབྱུང་བའི་དབང་རྣམས་ཀུན་རིག་ཉིད་ཀྱིས་དབང་བསྐུར་བའི་དམིགས་པ་བྱེད་པར་འཆད་པའང་ཡོད་མོད་ཀྱི། བླ་མ་གོང་མ་རྣམས་སྔགས་དབང་གི་དོན་དུ་མཛད་ལ། རྒྱུད་བསྒྱུར་བ་པོས་ཀྱང་སྔགས་དབང་ཡིན་པར་བསམ་ནས། སརྦ་བིད་ཅེས་པ་བོད་སྐད་དུ་མ་བསྒྱུར་བར། རྒྱ་སྐད་རང་སོར་བཞག་པ་ཡིན་ནོ། །དེས་ན་གྲོ་ག་ལ་སོགས་པའི་ཤོག་ཤོག་ལ་གུར་གུམ་མམ་གྷི་ཧཾ་གིས། རྩ་རིག་བརྒྱད་པའམ་སྔགས་བཅུ་གསུམ་བྲིས། དཀྱིལ་འཁོར་སྒྲུབ་པའི་སྐབས། དཀྱིལ་འཁོར་གྱི་སྒོ་ནང་དུ་བཞག་ཅིང༌། བཟླས་པ་རྣམས་ཀྱང་དེ་ལ་ཟུར་གྱི་དམིགས་ནས་བྱ་བ། སྐབས་འདིར་དེ་བླངས་ཏེ་བླ་མས་ཚར་གསུམ་ཀློག །སློབ་མས་ཀྱང་ཚར་གསུམ་ཀློག་དུ་བཅུག།དེ་ནས་དྲི་བཟང་གི་ཆུས་དཀྲུས་ལ་བུམ་པར་བླུག །རྩ་རིག་གམ་སྙིང་པོ་བརྒྱ་རྩ་བཟླས། སྔགས་གཞན་རྣམས་ཀྱང་ཅུང་ཟད་བཟླས་ནས། སློབ་མའི་སྤྱི་བོ་ནས་བླུག་འཐུང་དུ་གཞུག་ཅིང༌། སློབ་དཔོན་གྱིས་སྔགས་རྣམས་བཟློས། །དེ་ནས་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན་པ་ནི་སྔགས་ཀྱི་དབང་བསྐུར་བ་སྟེ། བྱིན་རླབས་གནད་ཤིན་ཏུ་ཆེ་བའི་ཟབ་མོ་ཡིན་ནོ། །དེ་ནས་དབང་བུམ་ལྔ་པོས་རིམ་བཞིན་


TNT13_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་ཏེ། ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཞེས་པ་ལ་སོགས་པ་སྟེ་བུམ་པའི་དབང་ངོ༌། །རིགས་ལྔའི་ཕྱག་རྒྱ་སྤྱི་འགྲོ་དེ། །སྤྱི་བོ་དང་དཔྲལ་བ་ལ་སོགས་པའི་གནས་ལྔར་གཏུགས་ཏེ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། སོགས་ཅོད་པན་གྱི་དབང་སྟེ། འདི་ལ་དབུ་རྒྱན་མི་དགོས། རིན་པོ་ཆེ་དང༌། མེ་ཏོག་གི་ཕྲེང་བ་མགོ་ལ་བཅིངས། ཨོཾ་རཏྣ་མཱ་ལ་ཡ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ། ཕྲེང་བའི་དབང་ངོ༌། དར་རམ་རས་སྐྲ་མཚམས་སུ་བཅིངས། ཨོཾ་བཛྲ་པཊྚ་ཧོ་ཨ་བ་ལཾ་བྷི་ནི་ཨ་བྷི་ཥིཉྩ་ཏྲཾ། རིགས་ལྔའི་ཕྱག་མཚན་ལག་ཏུ་གཏད་ལ། ཨོཾ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ཨོཾ། སོགས་ཕྱག་རྒྱའི་དབང་ངོ༌། ཨོཾ་བུདྡྷ་ནཱ་མ་ཨ་བྷི་ཥིཉྩ་ཨོཾ། སོགས་དང༌། མེ་ཏོག་གང་ལ་ཕོག་པའི་ལྷའམ་རྡོ་རྗེ་སེམས་དཔའ་ཞེས་བརྟགས། མིང་གི་དབང་ངོ༌། །སྣ་ཚོགས་རྡོ་རྗེ་གཏད་ལ། ཨོཾ་བཛྲ་ཀརྨ་ཨ་བྷི་ཥིཉྩ་མཾ། ལས་བཞིའི་དབང་ངོ༌། །འཁོར་ལོ་གཏད་ལ། ཨོཾ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུཾ་བྷྲཱུཾ། ཆོས་འཁོར་བསྐོར་བའི་དབང་ངོ༌། །དེ་ནས་རྣམ་རྒྱལ་བུམ་པའི་ཆུ་ནས་བཅུས་ཏེ། བུམ་པ་གཞན་ནམ་དུང་ཆོས་ལ་སོགས་པས་དབང་བསྐུར། ཨོཾ་བུདྡྷ་ཙཀྲ་ཨདྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ། སོགས་བདག་པོའི་དབང་ངོ༌། །ལྷ་མོ་ལྔའི་སྐུ་གཟུགས་སམ་ཕྱག་མཚན་མགོ་བོར་གཏུགས་པའམ་ལག་ཏུ་གཏད་ལ། ཨོཾ་བུདྡྷ་དྷ་ར་ཎི་ཨ་བྷི་ཥིཉྩ་ཨོཾ། ལ་སོགས་པ། གཟུངས་ཀྱི་དབང་སྟེ། སྔགས་ཀྱི་སྟོབས་ལས་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་ཅིང༌། །ལྷ་ཡབ་ཡུམ་གྱི་སྔགས་ཕན་ཚུན་གཅིག་གིས་གཅིག་ལ་བོགས་འབྱིན་པར་བྱེད་པའི་དོན་ནོ། ཨོཾ་བུདྡྷ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ་སོགས། འདི་ལ་དབང་རྫས་མི་དགོས། གལ་ཏེ་བྱེད་ན་རིགས་


TNT13_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་སྐུ་གཟུགས་བསྟན་ནོ། །འདི་ནི་གསང་བའི་དབང་བསྐུར་བ་སྟེ། ལྷ་དང་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་རྣམ་རོལ་དུ་ཤེས་དགོས་པའི་ཕྱིར་རོ། །དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། སོགས་དང༌། ཨོཾ་པྲཛྙཱ་ཨུ་པ་ཡ་ས་མ་ཡོ་ག་ཨ་བྷི་ཥིཉྩ་ཧཱུཾ། ཞེས་རྡོ་རྗེ་དང་རྡོ་རྗེས་མཚན་པའི་དྲིལ་བུ་གཏད་དོ། །དེ་ནི་སྔགས་ཀྱི་སྤྱོད་པ་ཐམས་ཅད་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འབྲེལ་བར་སྒོམ་དགོས་པའི་དོན་ཏེ། རྡོ་རྗེ་དྲིལ་བུའི་དབང་བསྐུར་རོ། །དེ་ནས་རྒྱལ་སྲིད་སྣ་བདུན་གྱི་གཟུགས་བརྙན་སྟེར་ཏེ་ཤིས་པ་བརྗོད། སློབ་མའི་སྤྱི་བོར་རྡོ་རྗེ་བཞག་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཛྙཱ་དྱ་དཱ་སྱ་མི་གྲྀཧྞ་བཛྲ་སུ་སིདྡྷི་ཡེ། ཨོཾ་བཛྲ་ཏིཥྟ་ཧཱུཾ། སྔགས་དང་རྒྱུད་རྣམས་འཛིན་འགྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། ཞེས་སློབ་མ་ལྷ་ལ་གཏད། དེ་རིང་དཀྱིལ་འཁོར་སློབ་དཔོན་འགྱུར། སོགས་བཀའ་བསྒོ། བཀའི་དབང་ངོ༌། །དེ་ནས་སློབ་མས་སློབ་དཔོན་ལ་ཡོན་རྒྱ་ཆེར་འབུལ། དཀྱིལ་འཁོར་ལའང་མཆོད་པ་བྱའོ། །སྐབས་དེར་མི་ནུས་ན་དམིགས་པས་འབུལ་ཞིང༌། མཆོད་སྟོད་བྱའོ། དེ་ནས་ཚེ་འདིའི་བདེ་བ་མ་ལུས་དང༌། ཞེས་སོགས་སློབ་དཔོན་གྱིས་སློབ་མ་ལ་གདམས་ངག་བྱའོ། །དེ་ཙམ་གྱིས་ནི་སློབ་མ་ལ་དབང་བསྐུར་བའི་ཆོ་ག་མ་ཚང་བ་མེད་ཅིང་མ་ལྷག་ལ་ཅུང་ཟད་ཀྱང་མ་ནོར་བའོ། །རྒྱུད་རྒྱལ་གཟི་བརྗིད་རྟག་པ་འོ་མའི་ཆུ་གཏེར་སྣ་ཚོགས་བཅུད་ལྡན་དེ། །རྣམ་དཔྱོད་ནོར་རྒྱས་སྲུབ་ཐག་དག་གིས་རྒྱལ་བའི་སྨོན་ལམ་རི་དབང་གང༌། །བརྩོན་འགྲུས་སྟོབས་ཀྱི་སྒྲིལ་ཞིང་སྲུབས་ལས་ལེགས་བཤད་སྟོབས་


TNT13_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ཉིན་བྱེད་འཁྲུངས། །དེ་ལས་སྲིད་འདིར་མུན་ཚོགས་དྲུང་ནས་ཕྱུངས་ཤིང་རབ་དགའི་སྣང་བར་གྱུར། །ཞེས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་རྟོག་པའི་རྒྱུད་དོན་མངོན་རྟོགས་དོན་འགྲེལ་ཁྱད་འཕགས་འདི་ཡང༌། ཏཱ་ར་ནཱ་ཐས་བར་སྐབས་སུ་ཅུང་ཟད་བརྗོད་པའོ།། །།ཞུ་དག མངྒ་ལཾ། །དུས་ཀྱི་འཁོར་ལོ་བླ་མ་དབྱེར་མེད་ལ། །གུས་པས་སྐྱབས་གསོལ་འདིར་བསགས་རབ་དཀར་མཐུས། ཤམྦྷ་ལ་རུ་རིགས་ལྡན་སྲས་གྱུར་ཏེ། །བསྟན་འགྲོ་ཡོངས་ལ་རླབས་ཆེན་ཕན་ཐོགས་ཤོག །ཅེས་པའང་མ་ཏིས་སོ། །

དམ་ཚིག་གསུམ་བཀོད་པའི་དཀྱིལ་འཁོར་གྱི་ཆོ་ག་བྱ་བའི་རྒྱུད་མཐའ་དག་ལ་འཇུག་པ།


TNT13_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གསུམ་བཀོད་པའི་དཀྱིལ་འཁོར་གྱི་ཆོ་ག་བྱ་བའི་རྒྱུད་མཐའ་དག་ལ་འཇུག་པ་ཞེས་བྱ་བ་བཞུགས།


TNT13_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དམ་ཚིག་གསུམ་བཀོད་པའི་དཀྱིལ་འཁོར་གྱི་ཆོ་ག་བྱ་བའི་རྒྱུད་མཐའ་དག་ལ་འཇུག་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡང་དག་རིག་པ་བླ་མེད་འགྲོ་རྣམས་ལ། །མཆོག་སྩོལ་བདེ་གཤེགས་ཀུན་གྱི་སྙིང་པོ་དེ། །མཁའ་མཉམ་འགྲོ་བས་མྱུར་དུ་གྲུབ་སླད་དུ། །དམ་ཚིག་གསུམ་བཀོད་རྒྱལ་ལ་ཕྱག་བགྱིའོ། །འདིར་སྡོམ་ནི། དམ་རྒྱ་བཅིང་དང་ཕྱག་འཚལ་བདག་ཉིད་འབུལ། །སེམས་བསྐྱེད་བགེགས་སྲུང་བྱིན་རླབས་རྣམ་དག་བསྒོམ། །བདུན་པོ་དེ་རྣམས་རང་རྒྱུད་སྦྱང་བ་ཡིན། །ཕྱི་ཡི་འཁྲུས་དང་བསྲུང་བ་ཁྲུས་ཆུ་སྒྲུབ། །བསངས་གཏོར་ཁྲུས་ས་བྱིན་རླབས་བྱུག་པ་བྱ། །ལུས་སོགས་བཀྲུ་དང་གནས་སུ་འཇུག་པ་སྟེ། །བརྒྱད་པོ་ཁྲུས་ཀྱི་ཆོ་ག་ཡིན་པར་ཤེས། །བདག་སྲུང་མཆོད་པའི་བགེགས་བསལ་གཟི་བྱིན་བསྐྱེད། །མཆོད་པ་བྱིན་རླབས་ཕུར་བུ་གདབ་པ་དང༌། །ཕྱོགས་བཅིང་


TNT13_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་རིམ་པ་གསུམ་ཡོད་ཅིང༌། །དྲྭ་གུར་མཚམས་གཅོད་དོན་ཚན་བཅུ་པོ་ནི། །བགེགས་རྣམས་བསལ་བའི་སྡེ་ཚན་ཉིད་དུ་གཏོགས། །རྒྱུད་སྦྱང་བ་དང་ཁྲུས་བྱ་བགེགས་བསལ་བ། །སྡེ་ཚན་གསུམ་པོ་འཇུག་པའི་སྔོན་འགྲོ་ཡིན། །རྣལ་འབྱོར་འཇུག་པའི་བྱ་བ་དྲུག་ཡིན་ཏེ། །འབགས་པ་བསལ་དང་གཏན་ལ་འདུག་པ་དང༌། །རྡོ་རྗེ་ལེན་དང་གདུ་བུ་གདགས་པ་དང༌། །བསད་བྱེད་བཟུང་དང་ཟེའུ་ཁ་བཅིང་བའོ། །དངོས་གཞིའི་ཆོ་གའང་རྣམ་པ་དྲུག་ཡོད་དེ། །བདག་གི་དེ་ཉིད་རྟེན་བསྐྱེད་སྤྱན་དྲངས་དང༌། །བཞུགས་གསོལ་དམ་བཞག་ཚོགས་བསགས་དེ་ལ་བརྒྱད། །མཆོད་པ་བསྟོད་པ་བཤགས་པ་སྐྱབས་འགྲོ་དང༌། །གསོལ་གདབ་སེམས་བསྐྱེད་ཚད་མེད་བཟླས་པའོ། །སླར་བཏང་བ་དང་ཐུན་མཚམས་རྣལ་འབྱོར་གཉིས། །འཇུག་ཆོག་ཡིན་ཏེ་ཐུན་མཚམས་རྭ་བ་བཀྲོལ། །གླེགས་བམ་བཀླག་དང་རྗེས་དྲན་དྲུག་སྒོམ་དང༌། །མཎྜལ་འབུལ་ཞིང་སཱའ་ཙྭ་


TNT13_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་པ་སོགས། །སྣོད་གོས་བཀྲུ་བའམ་སྔགས་པའམ་བསངས་གཏོར་བྱ། །བསྲུངསྐུད་བྱ་ཞིང་བཟའ་མིན་ཟོས་པ་སྦྱངས། །སླར་བཏང་མན་ཆད་རྗེས་ཀྱི་བྱ་བར་བསྡུ། །བྱ་བའི་རྒྱུད་ཀྱི་ཆོ་ག་རྒྱས་པ་ལ། །བསྙེན་པའི་རིམ་པ་དེ་ལྟར་ཡིན་པར་ཤེས། །དེ་ལྟར་སྡོམས་སུ་བསྒྲིགས་པའི་དོན་ཅུང་ཟད་ཕྱེ་སྟེ་བཤད་ན། བྱ་བའི་རྒྱུད་ལས་བྱུང་བ་བསྙེན་པའི་ཆོ་ག་རྒྱས་པའི་རིམ་པ་ལ། རྣལ་འབྱོར་གྱི་ཡན་ལག་བཞི་སྟེ། རྣལ་འབྱོར་གྱི་སྔོན་དུ་བྱ་བའི་རིམ་པ། རྣལ་འབྱོར་ལ་འཇུག་པའི་བྱ་བ། རྣལ་འབྱོར་དངོས་གཞིའི་ཉམས་ལེན། རྣལ་འབྱོར་རྗེས་ཀྱི་རིམ་པའོ། ། །དང་པོ་ལ་རྒྱུད་སྦྱང་བ། ཁྲུས་བྱ་བ། བགེགས་གསལ་བ་གསུམ་མོ། །དེའི་དང་པོ་ལ། དམ་ཚིག་གི་སྔགས་རྒྱ་བཅིང་བ། ཕྱག་འཚལ་བ། བདག་ཉིད་འབུལ་བ། སེམས་བསྐྱེད་པ། བགེགས་སྲུང་བ། བྱིན་གྱིས་བརླབས་པ། རྣམ་དག་སྟོང་ཉིད་སྒོམ་པ་སྟེ་བདུན་ནོ། །གཉིས་པ་ཁྲུས་ཀྱི་བྱ་བ་ལ། ཕྱིའི་ཁྲུས་དངོས་དང༌། ཁྲུས་ཀྱི་སྲུང་བ་དང༌། ཁྲུས་ཆུ་སྒྲུབ་པ་དང༌། བསངས་གཏོར་དང༌། ས་ཁྲུས་ཀྱི་ས་བྱིན་གྱིས་བརླབས་པ་དང༌། བྱུག་པ་སའི་ཁྲུས་དང༌། ལུས་དང་གདོང་དང་ལག་པ་བཀྲུ་བ་དང༌། ལྷའི་གནས་སུ་འཇུག་པ་སྟེ་བརྒྱད་དོ། །གསུམ་པ་བགེགས་བསལ་བ་ལ། བདག་སྲུང་བ། མཆོད་པ་སྲུང་བ། གནས་སྲུང་བ་གསུམ། དེའི་གཉིས་པ་མཆོད་པ་སྲུང་བ་ལ། མཆོད་པའི་བགེགས་བསལ། མཆོད་པ་གཟི་བྱིན་བསྐྱེད། མཆོད་པ་བྱིན་གྱིས་རླབས་པ་གསུམ། གསུམ་པ་གནས་སྲུང་བ་ལ། ཕུར་བུ་གདབ་པ་དང༌། སྟེང་ཕྱོགས་བཅིང་བ་དང༌།


TNT13_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཡིག་བཅིང་བ་དང༌། རྭ་བ་བཅིང་བ་དང༌། རཱ་གུར་ཕུབ་པ་དང༌། མཚམས་གཅོད་པ་སྟེ་རིམ་པ་དྲུག་གོ །གཉིས་པ་རྣལ་འབྱོར་ལ་འཇུག་པའི་བྱ་བ་དྲུག་སྟེ། འབགས་པ་བསལ་བ། གདན་ལ་འདུག་པ། དམ་ཚིག་རྡོ་རྗེ་ལེན་ཞིང་བཅིང་བ། གདུ་བུ་གདགས་པ། བསངས་བྱེད་བཟུང་བ། ཟེའུ་ཁ་བཅིང་བའོ། གསུམ་པ་རྣལ་འབྱོར་དངོས་གཞིའི་ཉམས་ལེན་ལ། བདག་གི་དེ་ཁོ་ན་ཉིད་སྒོམ་པ་དང༌། རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་དང༌། ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་པ་དང༌། བཞུགས་སུ་གསོལ་བ་དང༌། དམ་ལ་གཞག་པ་དང༌། ཚོགས་བསགས་པའོ། དྲུག་པ་ཚོགས་བསགས་དེ་ལ་དབྱེ་ན། མཆོད་པ། བསྟོད་པ། བཤགས་པ། སྐྱབས་འགྲོ། གསོལ་གདབ། སེམས་བསྐྱེད། ཚད་མེད་བཞི། སྔགས་བཟླས་པ་སྟེ་བརྒྱད་དོ། །རྣལ་འབྱོར་རྗེས་ཀྱི་རིམ་པ་ལ། སླར་བཏང་བ་དང༌། ཐུན་མཚམས་ཀྱི་བྱ་བ་གཉིས་སོ། །དེ་ལྟར་ན་སྔོན་འགྲོ་དངོས་གཞི་རྗེས་ཀྱི་སྡེ་ཚན་རྣམས་ངེས་པར་བྱའོ། །དེ་ལ་དང་པོ་ཁོ་ན་ནས་གཙང་སྦྲ་དང་བཅས་ཏེ་བོད་རྣམས་ལག་ལེན་མཛད་པ་ལྟར་ན། སྡོམས་སུ་མ་འདུས་ཀྱང་ཐོག་མ་ཉིད་དུ་སྤྱི་དང་མཚུངས་པར་སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་བྱ། ཁྱིམ་པ་ཡིན་ན་བསྙེན་གནས་ཀྱི་གསོ་སྦྱོང་དོན་ཞགས་ཀྱི་ཆོ་ག་ལྟར་བླང༌། དེ་ནས་ཆོ་གའི་རིམ་པ་རྣམས་ཕྲེང་ཆགས་སུ་བགྲངས་ན་འདི་ལྟ་སྟེ། ༡ དམ་ཚིག་གི་སྔགས་རྒྱ་བཅིང་བ། ༢ ཕྱག་འཚལ་བ། ༣ བདག་ཉིད་འབུལ་བ། ༤ སེམས་བསྐྱེད་པ། ༥ བགེགས་སྲུང་བ། ༦ བྱིན་གྱིས་རླབས་པ། ༧ རྣམ་དག་སྒོམ་པ། ༨ ཕྱི་ཁྲུས་བྱ་བ། ༩ ཁྲུས་ཀྱི་སྲུང་བ། ༡༠ བསངས་ཆུ་སྒྲུབ་པ། ༡༡ བསངས་གཏོར་བྱ་བ། ༡༢ ས་བྱིན་རླབས། ༡༣ སས་བྱུག་པ། ༡༤ ལུས་སོགས་བཀྲུ་བ། ༡༥ གནས་སུ་འཇུག་པ། ༡༦ བདག་སྲུང་བ། ༡༧ མཆོད་པའི་བགེགས་བསལ་བ། ༡༨ གཟི་བྱིན་བསྐྱེད་པ། ༡༩ མཆོད་པ་བྱིན་རླབས། ༢༠ ཕུར་བུས་གདབ་པ། ༢༡ སྟེང་ཕྱོགས་


TNT13_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བཅིང་བ། ༢༢ ཁོར་ཡུག་བཅིང་བ། ༢༣ རྭ་བ་བཅིང་བ། ༢༤ གུར་འབུགས་པ། ༢༥ མཚམས་གཅོད་པ། ༢༦ འབགས་པ་བསལ་བ། ༢༧ གདན་ལ་འདུག་པ། ༢༨ རྡོ་རྗེ་བཅིང་བ། ༢༩ གདུ་བུ་གདགས་པ། ༣༠ བསང་བྱེད་བཟུང་བ། ༣༡ ཟེའུ་ཁ་བཅིང་པ། ༣༢ བདག་གི་དེ་ཉིད། ༣༣ རྟེན་བསྐྱེད་པ། ༣༤ ལྷ་སྤྱན་དྲངས་པ། ༣༥ བཞུགས་སུ་གསོལ་བ། ༣༦ དམ་ལ་བཞག་པ། ༣༧ མཆོད་པ། ༣༨ བསྟོད་པ། ༣༩ བཤགས་པ། ༤༠ སྐྱབས་འགྲོ ༤༡ །གསོལ་གདབ། ༤༢ སེམས་བསྐྱེད། ༤༣ ཚད་མེད་བཞི། ༤༤ བཟླས་བརྗོད་བྱེད་པ། ༤༥ སླར་བཏང་བ། ༤༦ ཐུན་མཚམས་ཀྱི་བྱ་བ་སྟེ། །དོན་ཚན་བཞི་བཅུ་ཞེ་དྲུག་ཡོད་པ་ལས། དང་པོ་དམ་ཚིག་གི་སྔགས་དང་ཕྱག་རྒྱ་བཅིང་བ་ནི། ཨོཾ་ཏཱ་ཐཱ་ག་ཏ་ཨུད་བྷ་ཝེ་སྭཱཧཱ། ཞེས་བརྗོད་ཅིང༌། ཐལ་མོ་བཀན་པ་ལས་མཛུབ་མོ་གཉིས་ཅུང་ཟད་བཀུག་པ་མགོ་ལ་བཞག་པ་ནི་དེ་བཞིན་གཤེགས་རིགས་སྤྱིའི་དམ་རྒྱའོ། །གཉིས་པ་ཕྱག་འཚལ་བ་ནི། མགོན་པོ་ཐུགས་རྗེས་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བའི་ངན་སོང་ལས་གྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་བས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །


TNT13_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གི་དམ་པ་ཡོན་ཏན་ཞིང༌། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེ་རབ་རྒྱས་ཤིང༌། །འཇིག་རྟེན་གསུམ་གྱི་མུན་སེལ་པ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་གྱིས་བརྒྱན། །སྤྱན་རས་གཟིགས་ཞེས་མཚན་གསོལ་པ། །རྟག་པར་རྩེ་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིགས་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་མཐའ་དག་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །དེ་བཞིན་དམ་པ་འགྲུབ་པ་སྟེ། །རིགས་སྔགས་འཆང་ཀུན་དབང་ཕྱུག་རྗེ། །དཔའ་བོ་གཅིག་པུ་དགྲ་ཐུལ་བ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །འཕགས་པ་ཤ་ར་དྭ་ཏིའི་བུ། །ལྷ་དང་ལྷ་མིན་དྲི་ཟར་བཅས། །ཀླུ་དང་གནོད་སྦྱིན་ཚོགས་ཀྱིས་མཆོད། །ཐུབ་པ་སངས་རྒྱས་གཉིས་པར་འདུད། །ཅེས་སོ། གཞན་ཡང་ཇི་ལྟར་འོས་པའི་ཕྱག་འཚལ་བ་དག་བསྣན་ཀྱང་མི་འགལ་ལོ། ཁ་ཅིག ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་པྲ་ཎ་མེ་ན། སརྦ་ཏ་ཐཱ་ག་ཏ་བཛྲ་བན་ད་ནཱཾ་ཀ་རོ་མི། ཞེས་པས་ཕྱག་བྱེད་དེ། བྱ་རྒྱུད་རང་ལུགས་ཡིན་མིན་བརྟག་དགོས་པས་རེ་ཞིག་མི་བྱའོ། །གསུམ་པ་བདག་ཉིད་འབུལ་བ་ནི། སྙིང་གར་ཐལ་མོ་སྦྱར། བདག་མིང་ཆེ་གེ་མོ་ཞེས་བགྱི་བ། ཆོས་ཀྱི་དབྱིངས་སུ་གཏོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་


TNT13_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདག་འབུལ་བར་བགྱིའོ། །ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་ཀྱང་བདག་ལ་རྣམ་པ་ཐམས་ཅད་དང་དུས་ཐམས་ཅད་དུ་བྱིན་གྱིས་རླབས་པ་དང༌། ཡོངས་སུ་བསྲུང་བར་གྱུར་ཅིག །བདག་ལ་གྲུབ་པ་དང་མཆོག་སྩོལ་ཅིག །ཅེས་རྒྱུད་འདི་ཉིད་ལས་འབྱུང་བའམ། སྤྱི་འགྲོའི་ཚིག་གིས་ཀྱང་རུང་ངོ༌། །བཞི་པ་སེམས་བསྐྱེད་པ་ནི། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། བྱང་ཆུབ་བར་དུ་བདག་སྐྱབས་མཆི། །བདག་དང་གཞན་དོན་སྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །བདག་གིས་རྫོགས་པའི་བྱང་ཆུབ་ཕྱིར། །དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །དེ་ཡན་ཆད་ཀྱི་སྔགས་དང་ཚིགས་ཆ་རྣམས་ལན་གསུམ་གསུམ་བྱའོ། །ལྔ་པ་བགེགས་སྲུང་བ་ནི། ལག་པ་གཉིས་སོར་མོ་ཕན་ཚུན་བསྣོལ་ཏེ་བསྡམས་པའི་ཁུ་ཚུར་རྡོ་རྗེ་ཕྱིར་བསྡམས་སུ་གྲགས་པ་དེ་བྱས་ལ། །མཐེ་ཆུང་གཉིས་གཤིབས་ཏེ་སྒྲེང༌། མཛུབ་མོ་གཉིས་རྩེ་སྦྱར་ཏེ་བརྐྱང་བའི་གཡས་གཡོན་དུ་མཐེ་བོང་གཉིས་སྦྱར་བ་ཁྲོ་བོ་བནོལ་བ་མེད་པའི་ཕྱག་རྒྱ་དེ། སྙིང་ག་དང༌། ལྐོག་མ་དང༌། སྨིན་མཚམས་དང༌། སྤྱི་བོ་རྣམས་སུ་སྔགས་ལན་རེ་རེས་གཏུགས། ཨོཾ་བཛྲ་ཀྲོ་དྷ་མཧཱ་བ་ལ། ཧ་ན་ད་ཧ་པ་ཙ་བི་དྷྭ་ན་ས་ཡ། ཨུ་ཙུཥྨ་ཀྲོ་དྷ་ཧཱུཾ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། མཧཱ་དཾ་ཥྟོ་ད་ཀ་ཊ་བྷཻ་ར་པཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི།


TNT13_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ། བི་སྥོ་ཊ་ཡ། སརྦ་བིགྷྣ་བི་ནཱ་ཡ་ཀཾ །མཧཱ་ག་ན་པ་ཏི། །ཛི་བི་ཏ་ཨནྟ་ཀ་རཱ་ཡ་སྭཱཧཱ། ཞེས་པ་བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་པས་ཀྱང་ངོ༌། དྲུག་པ་བྱིན་གྱིས་རླབས་པ་ནི། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ། རྣམ་པར་སྣང་མཛད་ཀྱི་གསུང་རིགས་སྔགས་ཀྱི་ངོ་བོ་མ་ཡིག་གསེར་གྱི་མདོག་ཅན་དང༌། འཚོགས་མར་ཁྲོ་བོ་མི་གཡོ་བའི་གསུང་རིགས་སྔགས་ཀྱི་ངོ་བོ་ཧ་ཡིག་སྔོན་པོ་འབར་བའི་འཕྲེང་བ་འཁྲུགས་པར་གྱུར། །བདུན་པ་རྣམ་དག་སྟོང་ཉིད་སྒོམ་པ་ནི། ཨོཾ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་བདག་ཉིད་ཀྱི་སེམས་སུ་འདུས་ཤིང༌། སེམས་རང་བཞིན་གྱི་རྣམ་པར་དག་པའོ། །ཅེས་བརྗོད་ཅིང་དོན་བསམ། བསྙེན་པའི་ཆོ་ག་བསྡུས་པ་ལ་དགའ་བས་དེ་ཡན་ཆད་བོར་ཀྱང་ཆོག་གོ །བརྒྱད་པ་ཕྱིའི་ཁྲུས་དངོས་ནི། དཔུང་བཟང་གི་རྒྱུད་ལས་གསལ་མོད། བོད་པའི་ཆོག་ཁྲིགས་ཀྱི་དཀྱུས་འཇུག་སྟབས་མི་བདེ་བས། ཁྲུས་དང་གཏོར་མའི་བྱ་བ་སྔོན་རོལ་ནས་གྲུབ་པར་བྱ་སྟེ། འདིར་ཡིད་ཀྱིས་མོས་པ་ཙམ་བྱའོ། །རྡོར་བསྡམས་ལས་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེངས། །མཐེ་བོང་གཉིས་དེའི་གཡས་གཡོན་དུ་སྦྱར་ལ། ཨོཾ་ནི་ཁ་ན་བ་སུ་དྷེ་སྭཱཧཱ། ལན་བདུན་ལ་སོགས་པ་མང་དུ་བཟླས་ཏེ། ས་དང་ཆུས་བཀྲུས་པར་བསམ། །དགུ་པ་ཁྲུས་ཀྱི་སྲུང་བ་ནི། །མཐེ་བོས་མཐེ་ཆུང་གི་སེན་མོ་མནན། སོར་མོ་ལྷག་མ་གསུམ་རྡོ་རྗེ་རྩེ་གསུམ་པའི་ཚུལ་དུ་བྱས། ལག་གཉིས་བསྣོལ་ནས་ཕྱག་


TNT13_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་དེ་དཔུང་པ་གཡས་གཡོན་དུ་བཞག །ཡིད་ཙམ་ཨཾ་གཙིགས་བསྡམས། ཁྲོ་བོའི་ལྟ་བ་དང་བཅས་པས། ན་མོ་རཏྣ་ཏྲ་ཡཱ་ཡ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་བདག་ཉིད་སྲུང་ངོ༌། །འདི་བདུད་རྩིའི་སྔགས་འབྲིང་པོ་ཡིན་ནོ། །བཅུ་པ་བསང་ཆུ་སྒྲུབ་པ་ནི། སྣོད་བཟང་པོར་ཆུ་གཙང་མ་དྲི་ཞིམ་པོས་སྦགས་པ་ལ་དམིགས་ཏེ། ན་མོ་རཏྣ་ཏྲཱ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། ཨོཾ་ཧཱུཾ་ཧ་ན་ཧ་ན་བཛྲེ་བཛྲེ་ཎ་ཧཿ ལན་ཉེར་གཅིག་ནས་བརྒྱའི་བར་དུ་བཟླས། །བཅུ་གཅིག་པ་བསང་གཏོར་ནི། ཨོཾ་ཀཱི་ལི་ཀཱི་ལི་བཛྲ་ཧཱུཾ་ཕཊ། ཅེས་ལན་བདུན་ལ་སོགས་པ་བཟླ་ཞིང༌། གཡོན་པ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱས་བསང་ཆུ་བླངས་ཏེ་བདག་དང༌། གནས་དང༌། ཡོ་བྱད་དང༌། སའི་གོང་བུ་ལ་བསངས་གཏོར་བྱ། བཅུ་གཉིས་པ་ས་བྱིན་གྱིས་རླབས་པ་ནི། ཨོཾ་བཛྲ་ཧ་ར་ཧཱུཾ། ལན་བདུན་ནོ། །བཅུ་གསུམ་པ་ས་ཁྲུས་ནི། ཨོཾ་བྷུ་ར་ཛྭ་ལ་ཧཱུཾ་ཕཊ། ལན་བདུན་ལས་མི་ཉུང་བ་བཟླས་ཏེ། ལག་པ་ལ་སས་བྱུག་ཅིང་འཕྱིས་པར་བྱའོ། །བཅུ་བཞི་པ་ལུས་སོགས་བཀྲུ་བ་ནི། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ལན་ཉེར་གཅིག་ཙམ་ཡིད་ཀྱིས་བཟླ་ཞིང༌། ལུས་དང་གདོང་དང་ལག་པ་རྣམས་འཁྲུས་ཆུས་བཀྲུའོ། །འོན་ཀྱང་ཆོག་ཁྲིགས་ལ་ཡིད་བཟླས་ཁོ་ན་མི་མངོན་པས་ངག་བཟླས་བྱེད་དགོས་སོ། །ཉམས་ལེན་བསྡུད་པའི་སྐབས་གོང་གི་ཕྱི་ཁྲུས་དང༌། ལུས་སོགས་བཀྲུ་བ་འདི་ཁོ་ནས་འགྲུབ་པས་བར་གྱི་རྣམས་བོར་བས་ཆོག་གོ །འདིར་ཁྲུས་ཀྱི་ཆོ་ག་འབྲིང་པོ་


TNT13_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱུས་སུ་བཤད་པ་འདི་ཉིད་དེ་རྒྱས་པ་ནི་གཞན་ལས་རྟོགས་པར་བྱའོ། །ཐོབ་ཐང་ལ་དེ་ཡན་ཆད་སྒྲུབ་ཁང་གི་ཕྱི་རོལ་ཏུ་བྱེད་པ་ཡིན། དེང་སང་གི་ཆོག་ཁྲིགས་ལྟར་ན་དེ་ལྟར་སྒྲུབ་དཀའ་བས་ནང་དུ་བྱེད་པ་ལས་འོས་མེད་དོ། བཅོ་ལྔ་པ་གནས་སུ་འཇུག་པ་ནི། གོས་གསར་པ་གྱོན། སྒྲུབ་ཁང་དང་ཉེ་བར་རྐང་པ་བཀྲུས། ཉེ་རེག་བྱས་ཁང་པར་ཞུགས། ལྷ་རྣམས་མངོན་སུམ་དུ་དམིགས་པ་ལ་ཕྱག་བྱས་ནས། སྒོ་ནང་དུ་ལྷ་ལ་ཕྱོགས་དེ་འདུག་དགོས་པ་ཡིན་པ་ལས། ཆོག་ཁྲིགས་ཀྱིས་སྐབས་སུ་གཞན་དེ་དག་དམིགས་པར་བྱ་ཞིང༌། ཨ་མྲྀ་ཏ་བཟླ་བཞིན་དུ་ཉེ་རེག་དངོས་སུ་བྱས་ན་ལེགས། མཐར་ཨོཾ་བི་ར་ཛ་བི་ར་ཛ་མཧཱ་བཛྲི་ས་ཏ་ས་ཏ་སཱ་ར་ཏེ་སཱ་ར་ཏེ་ཏྲ་ཡེ་ཏྲ་ཡེ། བིདྷ་མ་ནི་ས་མ་བྷཉྫ་ནི་ཏ་ར་མ་ཏི་སིདྡྷི་ཨ་གྲེ་ཏཾ་སྭཱཧཱ། གནས་སུ་ཞུགས་ཤིང་དམ་ཚིག་ལ་འཇུག་པའི་སྔགས་འདི་ལན་གསུམ་བྱ། །བཅུ་དྲུག་པ་བདག་སྲུང་བ་ནི། ཨོཾཥྟོཾ་བནྡྷ་སྭཱཧཱ། ཞེས་པ་དེ་བཞིན་གཤེགས་རིགས་ཀྱི་ལས་ཐམས་ཅད་པ་ལན་ཉེར་གཅིག་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། མཧཱ་ཡཀྵ་སེ་ནཱ༴ ཞེས་པ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ། གོང་བཞིན་བདུད་རྩི་ཐབས་སྦྱོར་གྱི་སྔགས་འབྲིང་པོ་ལན་གསུམ་གྱིས་དུང་ཆོས་ལ་སོགས་པ་བསང་ཆུའི་སྣོད་ལག་པ་གཡོན་ཏུ་བཞག །གཡས་པས་རང་གི་ལུས་ལ་གཏོར་རོ། །བཅུ་བདུན་པ་མཆོད་པའི་བགེགས་བསལ་བ་ནི། བདུད་རྩི་ཐབས་སྦྱོར་གྱི་སྔགས་དེ་ཉིད་ལན་གསུམ་དུ་བཟླ་བཞིན་དུ། མཆོད་པ་ལ་མཐོར་ཡབ་ཀྱིས་བསང་ཆུ་གཏོར། ཡང་ཛི་ན་ཛིཀ ཞེས་པ་དེ་བཞིན་གཤེགས་རིགས་ཀྱི་སྙིང་པོ་ལན་བདུན་ལས་མི་ཉུང་བས་ཀྱང་མཆོད་པ་ལ་


TNT13_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བསངས་གཏོར་བྱའོ། །བཅོ་བརྒྱད་པ་གཟི་བྱིན་བསྐྱེད་པ་ནི། གཡོན་པའི་གུང་སྲིན་གཉིས་མཐེ་བོས་མནན། མཛུབ་མོ་དང་མཐེའུ་ཆུང་གཉིས་གདུབ་བུའི་ཚུལ་དུ་གུང་སྲིན་གཉིས་ཀྱི་རྒྱབ་ཏུ་སྦྱར། གཡས་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་ཁ་གྱེན་དུ་བསྟན་ནས་གཡོན་གྱི་མཐེབ་མཛུབ་གི་འོག་ནས་བཏོན་ཏེ། གུང་མོ་བཟུང་བ་ལྟར་བྱེད་པ་ནི། གཟི་བྱིན་བསྐྱེད་པའི་ཕྱག་རྒྱ་སྟེ། དེ་ཉིད་མཆོད་པ་རྣམས་ཀྱི་སྟེང་ནས། ལྡིང་སྐོར་དང་བྲམ་པའི་ཚུལ་བྱེད་དེ་དེ་ལ་བྲམ་པ་ཞེས་བྱ་བ་ནི་ཅབ་སེ་ཅབ་སེ་རེག་པའི་ཚུལ་དང་ཐིག་གཏོར་གྱི་ཚུལ་བྱེད་པའོ། །ཨོཾ་ཏེ་ཛ་ཏེ་ཛ་སཾ་སུདྡྷེ་སཱདྷ་སྭཱཧཱ། ལན་མང་དུ་བཟླ་སྟེ། འདི་དེ་བཞིན་གཤེགས་རིགས་ཀྱི་གཟི་བྱིན་བསྐྱེད་པའོ། །བཅུ་དགུ་པ་མཆོད་པ་བྱིན་རླབས་ནི། ཡང་གོང་དུ་བཤད་པར་ལྟར་གྱི། ན་མོ་རཏྣ་ཏྲ་ཡཱ་ཡ༴ ནས། ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཀྱི་བར་དང༌། ཕྱག་རྒྱ་གོང་བཞིན་ཏེ་ཐབས་སྦྱོར་གྱི་སྔགས་རྒྱ་ལན་བདུན་ལ་སོགས་པས་མཆོད་པ་བྱིན་གྱིས་རླབས། ཛི་ན་ཛིཀ ལན་གསུམ་ལ་སོགས་པས་བརྟན་པར་བྱའོ། །བསྡུ་ན་མཆོད་པའི་བགེགས་བསལ། གཟི་བྱིན་བསྐྱེད་བྱིན་རླབས་ཏེ། གསུམ་པོ་དེ་དག་སྐབས་འདིར་མ་བྱས་ཀྱང་ཆོག་གོ །ཉི་ཤུ་པ་ཕུར་བུས་གདབ་པ་ནི། ལག་པ་གཉིས་ཀའི་གུང་སྲིན་གཉིས་གདུ་བུ་ལྟར་བྱས་ཏེ། རང་རང་ཕྱོགས་ཀྱི་སྤེ་ཤ་ལ་བཙུགས། མཐེའུ་ཆུང་མཛུབ་མོ་གཤིབས་ཏེ་བསྒྲེངས། མཐེ་བོང་རྩེ་སྦྱར་ཏེ་བསྒྲེང་བ་ལས་ལག་མགོའི་རྒྱབ་ནང་དུ་ཕྱོགས་པས་རྩེ་མོ་ཐུར་ལ་བསྟན་པ་ནི་ཕུར་བུའི་ཕྱག་རྒྱ་སྟེ། ཨོཾ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བྷུ་ར་བྷནྡྷ་ཧཱུཾ་ཕཊ། ལན་གསུམ་བཟླས་


TNT13_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པས་བགེགས་ཐམས་ཅད་ལ་ཕུར་བུས་བཏབ་པར་བསམ། ཨོཾ་ཀཱི་ལི་ཀཱི་ལ་བཛྲ་ཧཱུཾ་ཕཊ། ཀྱིས་ཀྱང་བསངས་གཏོར་བྱའོ། །འདི་ཕྱོགས་བཅིང་བའི་ནང་གི་འོག་ཕྱོགས་འཆིང་བ་ཡིན་ཀྱང༌། བགེགས་ལ་ཕུར་བུས་འདེབས་པ་ལ་སོགས་པའི་དགོས་པ་ཁྱད་པར་ཅན་གཞན་ཡོད་པའི་ཕྱིར། ཕྱོགས་བཅིང་བའི་ནང་དུ་མ་བསྡུས་པར་ཕུར་བུས་གདབ་པ་ཞེས་དོན་ཚན་ལ་སོགས་པར་བྱས་སོ། །ཉེར་གཅིག་པ་སྟེང་ཕྱོགས་བཅིང་བ་ནི། ཨོཾ་སུ་སིདྡྷི་ཀ་ར་ཛཱ་ལི་ཏ་ཨ་ནན་ཏ་མུར་ཏ་ཡེ་ཛྭ་ལ་ཛྭ་ལ། བནྡྷ་བནྡྷ། ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་སྤྱི་དང༌། ཨོཾ་ཛྭ་ལ་ཧཱུཾ། ཞེས་ཁྱད་པར་གྱི་སྔགས་ལན་གསུམ་གྱིས་སྟེང་ཕྱོགས་བཅིང་པར་འགྱུར། འདི་སྐབས་བདུག་སྤོས་སྤོར། །ཉེར་གཉིས་པ་འཁོར་ཡུག་བཅིང་བ་ནི། སྤོས་ཆུས་ཕྱོགས་མཚམས་ཐམས་ཅད་དུ་གཏོར་ལ། ཛི་ན་ཛི་ཀ་མང་དུ་བཟླས་པའི་མཐར། བྷྲཱུཾ། ཞེས་ལན་བརྒྱ་རྩ་བརྒྱད་བརྗོད། ཤར་ལ་སོགས་པའི་ཕྱོགས་རྣམས་དང༌། མེ་ལ་སོགས་པའི་ཕྱོགས་མཚམས་ཐམས་ཅད་བཅིངས་པར་གྱུར། །ཉེར་གསུམ་པ་རྭ་བ་བཅིང་བ་ནི། སྔར་གྱི་ཕུར་བུའི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གྱེན་དུ་བསྟན་ཞིང་ཁ་ཕྱཻ་བ་ནི། རྭ་བའི་ཕྱག་རྒྱ་སྟེ་དེ་ཉིད་ཕྱོགས་མཚམས་ཀུན་ཏུ་བསྟན་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ས་ར་ས་ར་བཛྲ། པྲཱ་ཀ་ར་ཧཱུཾ་ཕཊ། རྡོ་རྗེའི་རྭ་བ་བར་འཚམས་མེད་པས་ཕྱོགས་ཐམས་ཅད་བསྐོར་བར་གྱུར། །ཉེར་བཞི་པ་གུར་འབུགས་པ་ནི། རྭ་བའི་ཕྱག་རྒྱ་དེ་ཉིད་ཁ་ཐུར་དུ་བསྟན་ལ་སྟེང་དུ་བསྐོར་བ་དྲ་བའི་ཕྱག་རྒྱ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ།


TNT13_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཥྩཎྜ་བཛྲ་པཱ་ན་ཡེ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་བི་སྥུ་ར་རཀྵ་བཛྲ་པཱ་ཎི་ཧཱུཾ་ཕཊ། སྟེང་དུ་རྡོ་རྗེའི་གུར་སྲ་ཞིང་འཐུག་ལ་རྩེ་མོ་མཐོན་པོ་གྲུབ་པར་གྱུར། འདི་དག་གི་སྐབས་སུ་གུར་དང་དྲ་བ་དོན་གཅིག་པར་བྱེད་དོ། །ཉེར་ལྔ་པ་མཚམས་གཅོད་པ་ནི། ཨོཾ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བྷུ་ར་བནྡྷ་ཧཱུཾ་ཕཊ། ཀྱི་སྔགས་དང་ཕྱག་རྒྱ་ལན་གསུམ་གྱིས་སྲུང་འཁོར་རྣམས་བྱིན་གྱིས་རླབས་པར་མོས་ཤིང༌། མཐེ་བོས་སོར་མོ་རྣམས་མནན་པའི་ཁུ་ཚུར་བཅིངས་ལ། སྡིགས་འཛུབ་བརྐྱང་སྟེ། དབུས་ན་རྒྱ་ཇེ་ཆེ་ཇེ་ཆེར་ལན་གསུམ་དུ་བསྐོར་ཞིང༌། ན་མཿས་མནྟ་བཛྲ་ཎཱཾ། ཨོཾ་ཏ་ར་ཏ་ར། ཏུ་རུ་ཏུ་རུ། མ་ཊ་མ་ཊ། བནྡྷ་བནྡྷ། སརྦ་ཏྲ་ཨ་པྲ་ཏི་ཧ་ར་ས་སི་མེ་ས་སམྦནྡྷ་ཀུ་རུ་ཀུ་རུ། ཏ་ར་ཏ་ར། ས་མནྟ་བཛྲེ་ས་མནྟ་བཛྲེ། ཀུ་རུ་ཨ་མ་ལེ་ཀ་རུ་ཎ་མ་ཡེ། ཏུ་ཏ་ཡེ་ཏུ་ཏ་ཡེ། བ་ར་བ་ར། ཀ་ར་ཀ་ར། སུ་མི་མ་ས་མནྟ། བི་དྷྭ་ན་ས་ཡ། ཛྭ་ལ་ཡ་སྭཱཧཱ། ལན་གསུམ། རྡོ་རྗེའི་རྭ་བའི་ཕྱི་རོལ་དུ་མེ་དཔུང་འབར་བས་བསྐོར་བར་གྱུར། རྒྱུན་གྱི་ཉམས་ལེན་སྔོན་འགྲོ་བསྡུས་པའི་སྐབས། ཕུར་གདབ་དང་བསངས་གཏོར་དང་མཚམས་གཅོད་པའི་སྔགས་རྒྱ་གཉིས་པ་ཙམ་གྱིས་ཀྱང་ཆོག་པའི་སྐབས་ཡོད་དོ། །ཉེར་དྲུག་པ་འབགས་པ་བསལ་བ་ནི། །སྤོས་ཆུ་ལག་མཐིལ་དུ་བླུག་ལ། ཛི་ན་ཛིཀ་མང་དུ་བཟླས་ཏེ། རང་གི་སྤྱི་བོ་ནས་བསངས་གཏོར་བྱ། །ཉེར་བདུན་པ་གཏན་ལ་འདུག་པ་ནི། རྩ་ཀུ་ཤའི་གདན་སོགས་ལ་འདུག་པར་མོས་ཏེ། ན་མོ་རཏྣ༴ ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ། གྱི་བར་བདུད་རྩི་ཐབས་སྦྱོར་བཟླ་བཞིན་དུ།


TNT13_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་བསངས་གཏོར་བྱས་ཏེ། སྐྱིལ་མོ་ཀྲུང་གིས་འདུག་གོ།དེ་ཡན་ཆད་གཏན་གཞན་ལ་གནས་པའམ་འགྲེང་སྟཻ་བྱ་བ་ཡིན་ལ། །ཕྱིས་སྒོམ་བཟླས་བྱེད་སའི་གཏན་ལ་འདུག་པའི་མཚམས་ནི་འདིའོ། །ཉེར་བརྒྱད་པ་རྡོ་རྗེ་བཅིང་བ་ནི། སྤྱི་རྒྱུད་ལེགས་གྲུབ་ལས་ཐོག་ཕབ་པའི་ཤིང་ངམ། དུར་ཁྲོད་གྱི་འགལ་དུམ་ལས་བཅོས་པའི་རྡོ་རྗེ་རྩེ་གསུམ་པ་ཙནྡན་དམར་པོས་བསྐུས་པ་དགོས་པར་བཤད་པ་ལས་རྩེ་གསུམ་པ་ཡང་ཕྱོགས་གཅིག་གམ་ཕྱོགས་གཉིས་ཡིན་གྱི་གསལ་ཁ་མེད་པས། གཉིས་ཀ་རུང་བར་མངོན་ལ། འདི་ཁོ་ནར་ནི་མ་ངེས་ཏེ། དཔུང་བཟང་ལས་རྡོ་རྗེའི་རྣམ་གྲངས་དུ་མ་གསུངས་པ་བཞིན། གང་སྐབས་སུ་བབ་པ་ཞིག་བླངས་ཏེ། བཀྲུས་ཤིང་སྦྱངས། གུ་གུལ་གྱིས་བདུགས། ཡུངས་ཀར་གྱི་བྲབས། ལག་ཏུ་བླངས་ཏེ་སྙིང་གར་གཏད་ལ། ཨོཾ་དྷུ་ན་བཛྲ་ཧ། ཞེས་བདུན་ལ་སོགས་པ་མང་དུ་བཟླས་ཏེ། བདག་གི་ལས་ཐམས་ཅད་མཛད་དུ་གསོལ། ཞེས་བརྗོད། དཀྱུས་སུ་དེ་ཙམ་གྱིས་ཆོག་ལ། ཐོག་མའི་རྡོ་རྗེ་རབ་ཏུ་གནས་པ་ལ། །དད་པ་དང་ནི་དམ་ཚིག་གིས། ཞེས་སོགས་ཀྱིས་ཁྲོ་བོ་ལེགས་གྲུབ་སྤྱན་དྲངས་ཏེ། བདེ་བར་གཤེགས་སོ་བཅོམ་ལྡན་འདས༴ སོགས་དང༌། མཆོད་པ་ལྔ་འབུལ། ལེགས་གྲུབ་ཀྱི་སྔགས་སམ། ཨོཾ་དྷུ་ན་བཛྲ་ཧ། ལན་སྟོང་ལ་སོགས་པ་བཟླ། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ། འདི་དག་ཏུ་བཞུགས་ཏེ་བདག་གི་ལས་ཐམས་ཅད་མཛད་དུ་གསོལ། ཞེས་བྱིན་གྱིས་རླབས་པའི་དགོངས་པ་ཞུའོ། །འདི་ལ་སྔགས་བཟླ་བའི་ཚེ་རྡོ་རྗེ་དེ་ཁྲོ་བོ་


TNT13_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་གྲུབ་ཀྱི་ཕྱག་ཏུ་བཟུང་པའམ། སྐུའི་མདུན་དུ་བཞག་ནས་བྱིན་གྱིས་རླབས་པར་མོས་པ་ཡིན་ལ། མཐར་རྡོ་རྗེ་ཁྲོ་བོས་རང་ལ་སྩལ་བར་བསམ། དེ་ནས་མཆོད་ཡོན་ཕུལ་ཏེ་ཁྲོ་བོ་གཤེགས་སུ་གསོལ། ཁ་ཅིག་ཁྲོ་བོ་རྡོ་རྗེ་ལ་ཐིམ་པར་བསམ་ནས། གཤེགས་གསོལ་མི་བྱེད་པ་ནི། བྱ་བའི་རྒྱུད་ཀྱི་ཚུལ་ལས་འདས་པའོ། །ཉེར་དགུ་པ་གདུབ་བུ་གདགས་པ་ནི། སྔ་རོལ་ནས་རས་སྐུད་གཙང་མ་སུམ་སྒྲིལ་མདུད་པ་གསུམ་བོར་བ་ལ། བུ་ཏོ་ཙིའི་འབྲུ་གཅིག་བརྒྱུས་པའི་ལག་གདུབ་སྤྱན་མའི་སྔགས་ལན་བརྒྱ་བཟླས་པས་བྱིན་གྱིས་རླབས་པ་དེ་སྐབས་འདིར་གཡས་ཀྱི་འཁྲིགས་མ་ལ་སྐོན་ཏེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནེ་སྭཱཧཱ། ལན་བདུན། ཨོཾ་ཀུ་ལནྡྷ་རཱི་བནྡྷ་བནྡྷ་ཧཱུཾ་ཕཊ། ལན་བདུན་ལ་སོགས་པས་བསྔགས་ཏེ། འདིས་ནི་བགེགས་ཀྱིས་མི་རྫི་བ་དང༌། དངོས་གྲུབ་མྱུར་བ་དང༌། གཙང་བྱེད་དུ་བཤད་དོ། །སུམ་བཅུ་པ་བསང་བྱེད་བཟུང་བ་ནི། ཀུ་ཤའམ་མ་རྙེད་ན། དགེ་ཞིང་བཀྲ་ཤིས་པའི་རྩྭ་སྔོན་པོ་སྲིན་ལག་ལ་བཅིངས་ཏེ། ཛི་ན་ཛི་ཀ་ཉེར་གཅིག་སོགས་མང་དུ་བཟླའོ། །སོ་གཅིག་པ་ཟེའུ་ཁ་བཅིང་བ་ནི། ཨོཾ་རཀྵ་རཀྵ་མཾ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨཏྨ་ཙི་བ་ར་སྭཱཧཱ། ལན་གསུམ་ལ་སོགས་པ་བཟླས་ཏེ་ཟེའུ་ཁ་བཅིང་པའོ། །དེ་ལ་ཟེའུ་ཁ་ནི་འགྲུབ་ན་རིན་པོ་ཆེའམ་དར་རས་ལ་སོགས་པ་ལས་བཅོས་པའི་དཔྲོག་ཞུ་ཡིན་ལ། གཞན་དུ་ན་ཐོད་བཅིང་པའམ་དར་རས་དམར་པོའམ་སེར་པོའམ་དཀར་པོའི་གཙུག་ཏོར་གྱི་གཟུགས་བརྙན་བཅིངས་ཀྱང་རུང༌། སྐྲ་རིང་པོ་ཅན་ཡིན་ན་སྐྲ་ཉིད་ཐོར་ཚུགས་སུ་བཅིང་བའམ། གཙུག་ཕུད་ཅན་གྱི་གཙུག་ཕུད་འཆིང་བའི། སྐྲ་བྲེགས་པས་ནི་ཐ་ན་དར་རས་


TNT13_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སེར་དཀར་པོ་ཕྲ་མོ་རྣ་ལྟག་ཏུ་བཅིངས་པས་ཀྱང་འགྲུབ་བོ། །སོ་གཉིས་པ་བདག་གི་དེ་ཁོ་ན་ཉིད་སྒོམ་པ་ནི། མཐའ་ཡས་པའི་འགྲོ་བ་ཐམས་ཅད་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བདག་གིས་བསྒྲལ་ཏེ། ཆོས་ཀྱི་དབྱིངས་བྱང་ཆུབ་མཆོག་ལ་བདག་གིས་དགོད་པར་བྱའོ། །ཕྱི་རོལ་དུ་སྣང་བ་འདི་ཐམས་ཅད་བག་ཆགས་ཀྱི་སྟོབས་ལས། ནང་གི་ཤེས་པ་ཉིད་དེ་ལྟར་སྣང་བར་ཟད་ཀྱི། ཕྱི་རོལ་དུ་སྣང་བ་ནི་རྡུལ་ཕྲ་རབ་ཙམ་ཡང་མེད་དོ། །དེ་ལྟར་ན་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་སྟེ། སེམས་དེ་ཡང་དམིགས་པ་མེད་པ་ནམ་མཁའ་ལྟ་བུའོ། །ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བའི་ཡེ་ཤེས་གཙང་བ་དང༌། བདེ་བ་དང་རྟག་པ་དང་བདག་དམ་པའི་ཕ་རོལ་དུ་ཕྱིན་པ་སངས་རྒྱས་ཀྱི་ཆོས་མཐའ་ཡས་པས་ཉེ་བར་བརྒྱན་པའོ། །ཞེས་བརྗོད་ཅིང་དེའི་དོན་རིང་དུ་བསམ་པར་བྱའོ། །སྐབས་འདི་དག་ཏུ་ཆེས་ཆེ་བ་མང་པོ་དག་ཀྱང་རྣམ་འཇོམ་ཀྱི་འགྲེལ་པར་ལུང་དྲངས་པའི་ལྷ་དྲུག་སྟོན་བྱེད་ཀྱི་ཚིག་དང༌། བསམ་གཏན་ཕྱི་མའི་རྒྱུད་དང༌། སངས་རྒྱས་གསང་བ་སོགས་ཀྱིས་བཤད་པ་ལ་བརྟེན་ནས། བྱ་བའི་རྒྱུད་ལ་བདག་བསྐྱེད་དགོས་ཚུལ་བྱེད་ཅིང་ཚད་ལྡན་ཡིན་མིན་ལ་མི་ལྟ་བར་ལུང་རྙེད་ཚད་འདྲེན་ལ། རིགས་པ་ཡང་དག་གིས་མ་ལང་བར་ལྟར་སྣང་གི་དམག་དཔུང་མང་པོ་སྦྲོན་པར་བྱེད་མོད་ཀྱི། ཁས་སླངས་སྐྱོ་མ་སྔ་བཙན་ཐལ་ཆེས་པ་ཁོ་ན་ལས་དོན་དང་ལྡན་པ་མ་ཡིན་ཏེ། བསམ་གཏན་ཕྱི་མ་རྡོ་རྗེ་གཙུག་གཏོར་གྱི་རྒྱུད་ཕྱི་མ་ཡིན་པར་བཤད་ཀྱང༌། རྡོ་རྗེ་གཙུག་ཏོར་གྱི་རྒྱུད་དེ་བྱ་རྒྱུད་ཡིན་པའི་རྒྱུ་མཚན་མེད་ཅིང༌། བོད་ན་དེའི་རྩ་


TNT13_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དངོས་སུ་ཡང་མེད་པས་གཙུག་ཏོར་གྱི་རྒྱུད་ཕྱི་མ་ཡིན་པ་ཅི་གཞན་ངོར་རྩོད་པའི་སྐབས་སུ་རྒྱུ་མཚན་དུ་མི་འགྱུར་བ་དང༌། ངེས་པར་ན་བསམ་གཏན་ཕྱི་མ་ནི་སྤྱོད་རྒྱུད་ཡིན་ཏེ། དོན་འདི་ལ་རྣམ་སྣང་མངོན་བྱང་དང་འཆད་ཚུལ་གཅིག་ཁོ་ནར་ཡོད་པའི་ཕྱིར་རོ། །རྣམ་འཇོམས་ཀྱི་འགྲེལ་པར་དྲངས་པའི་ལུང་དེ་ཡང་ད་གདོད་བརྟག་དགོས་པ་ཡིན་གྱི་ད་ལྟ་ངོམ་དུ་རུང་བའི་ལུང་མ་ཡིན་ལ། སངས་རྒྱས་གསང་བ་རྒྱུད་སྡེ་བཞིའི་གྲངས་ངེས་དབྱེ་བ་མི་མཛད་ཅིང༌། རྒྱུད་ཚིག་དངོས་བསྟན་ལ་བདག་བསྐྱེད་སྟོན་མི་སྟོན་གཉིས་ཡོད་ཀྱང༌། གདུལ་བྱའི་བློ་ཚོད་དང་བསྟུན་ནས་གཅིག་གིས་གཅིག་ཤོས་ལ་ཁ་འགེངས་རྒྱུ་ཡིན་ཞེས་བྱ་སྤྱོད་གཉིས་རྒྱུད་སྡེ་གཅིག་ཏུ་འདོད་པའི་ལུགས་དེ་དང༌། རྒྱུད་སྡེ་བཞིར་ཕྱེ་ནས་བྱ་སྤྱོད་སོ་སོར་འདོད་པའི་ལུགས་དེ་ནམ་ཡང་མི་འགྲིག་པས། སངས་རྒྱས་གསང་བས་བཤད་པ་རྣམས་སྐབས་འདིར་ལུང་ཁུངས་སུ་མི་འགྱུར་རོ། །མདོར་ན་བྱ་རྒྱུད་ཡིན་ངེས་རྣམས་ནས། བདག་བསྐྱེད་ཟུར་ཙམ་ཡང་མ་གསུངས་ལ། དམ་ཚིག་པ་བསྐྱེད་པ་ལ་ཡེ་ཤེས་པ་བསྲེ་བའི་ཆོ་ག་སོགས་ཀྱང་ཡེ་མ་བསྟན་ཞིང༌། དེར་མ་ཟད་ལུང་ཁུངས་ཀྱི་གཙོ་བོ་འདའ་བར་མི་རུང་བའི་ངེས་པ་ཅན་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། བྱ་རྒྱུད་ལ་བདག་བསྐྱེད་ཡེ་མེད་པར་གསུངས་པ་འདི་བྱ་རྒྱུད་རང་སྐད་དུ་བདག་བསྐྱེད་མེད་པར་འདོད་པ་ལ་བསྒྲུབ་བྱེད་བླ་ན་མེད་པ་དང༌། ཡོད་པར་འདོད་པ་རྣམས་ལ་བཟློག་ཏུ་མེད་པའི་གནོད་བྱེད་སྟོབས་ཆེན་པོ་སྟེ་རེ་ཞིག་འདི་ནི་ལུང་གི་སྒོ་ནས་སོ། །རིག་པའི་སྒོ་ནས་ཀྱང་བྱ་རྒྱུད་རང་སྐད་ལ་བདག་བསྐྱེད་ཡོད་ཅིང༌། བདག་བསྐྱེད་ཀྱི་ལྷ་དྲུག་དང༌། བསམ་གཏན་ཕྱི་


TNT13_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནས་བཤད་པའི་བཟླས་བརྗོད་དང་བསམ་གཏན་གྱི་རྣལ་འབྱོར་དེ་དག་ཡོད་ན་ནི། བྱ་སྤྱོད་གཉིས་ཀྱི་མཐོ་དམའི་དབྱེ་བ་ལ་ཁ་བཤད་ཀྱི་སྤྲོས་པ་ཇི་ཙམ་མཁས་ཀྱང་ཉམས་ལེན་གྱི་སྐབས་སུ་མཆོག་དམན་དང་བཟང་ངན་གྱི་དབྱེ་བ་ཅུང་ཟད་ཀྱང་མེད་པར་ཐལ་བར་འགྱུར་ཞིང༌། དེ་ཡང་འདོད་ན་རྒྱུད་སྡེ་བཞི་དང་ལྔ་དང་དྲུག་ལ་སོགས་པའི་དབྱེ་བ་བྱེད་པ་བཞད་གད་ཀྱིས་གནས་སུ་འགྱུར་རོ། །འཕྲོས་པས་ཆོག་གོ །སོ་གསུམ་པ་རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། མཎྜལ་ལམ་འབྲས་བྲིས་སྐུ་བཞུགས་པའི་གནས་ལ་ཉེ་བར་དམིགས་ནས་འདི་སྐད་ཅེས་བརྗོད་དེ། ཡང་དག་པའི་སྨོན་ལམ་སྟོབས་ལས་ས་ཕྱོགས་འདིར་རིན་པོ་ཆེ་དུ་མ་ལས་གྲུབ་པའི་ཞིང་ཁམས་ས་གཞི་ཡངས་ཤིང་རྒྱ་ཆེ་བ་གསེར་གྱི་བྱེ་མས་བརྡལ་བར་གྱུར། ཨོཾ་ཨ་ཙ་ལ་བཱི་ར་ཧཱུཾ་སྭཱཧཱ། དེའི་དབུས་སུ་འོ་མའི་རྒྱ་མཚོ་ཆེན་པོ་ཉ་ལྕིབས་ལ་སོགས་པའི་སྐྱོན་དང་བྲལ་བ། པདྨ་དང་ཨུཏྤལ་ལ་སོགས་པའི་མེ་ཏོག་གིས་བརྒྱན་པ། ཡིད་དུ་འོང་བའི་ཉ་དང་འདབས་ཆགས་ལ་སོགས་པ་སྣ་ཚོགས་པས་གང་བར་གྱུར། ཨོཾ་བི་མ་ལ་དྷ་ཧཱ་ཧཱུཾ། དེའི་དབུས་སུ་རི་རབ་རིའི་རྒྱལ་པོ་གྲུ་བཞི་པ། །ངོས་བཞིན་ནས་གསེར་དང་དངུལ་དང༌། ཨིནྡྲ་ནཱི་ལ་དང༌། པདྨ་རཱ་ག་དང་བཅས་པའི་བང་རིམ་གྱིས་བརྒྱན་པ། །ཐ་མ་མཐའ་དག་ཏུ་དཔག་བསམ་གྱི་ཤིང་ལེགས་པར་བསྐྲུན་པ། རི་རབ་དེའི་སྟེང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྡོ་རྗེ་འཛིན་ཐམས་ཅད་ཉེ་བར་འདུ་བ། དེ་


TNT13_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་ཐམས་ཅད་ལྷག་པར་དགྱེས་པས་རྣམ་པར་རོལ་པ། རིན་པོ་ཆེའི་རྒྱལ་པོ་རྣམ་པ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ། གཞལ་མེད་ཁང་རྡོ་རྗེ་རིན་པོ་ཆེའི་རྩེ་མོ་མཐོན་པོ་ཅན། གྲུ་བཞི་པ། སྒོ་བཞི་པ། རྟ་བབས་བཞིས་བརྒྱས་པ། བཀྲ་བ་བལྟ་ན་སྡུག་པ་ཤིན་ཏུ་རྣམ་པར་ཕྱེ་བ་རིན་པོ་ཆེའི་ཐེམ་སྐས་བཞི་དང་བཅས་པའི་ནང་གི་དབུས་སུ་པདྨའི་སྡོང་པོ་རིན་པོ་ཆེ་དུ་མས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་པའི་འདབ་མ་ཅན། གསེར་གྱི་ཟེ་བ་དང་པུ་ཤ་ར་གའི་ཟེའུ་འབྲུས་བརྒྱན་པ། སྙིང་པོའི་ཐོག་ལ་དངུལ་གྱི་རི་མོས་བསྐོར་བ། དཔག་ཚད་དུ་མའི་ཁྱོན་ཅན། རི་རབ་ཀྱི་དབུས་བརྡོལ་ནས་བྱུང་བའི་ཟེའུ་འབྲུའི་སྙིང་པོར་རྡོ་རྗེ་འབྲེང་བུས་གདོང་ནས་སྤྲས་པའི་སེང་གེའི་ཁྲི་དང་དེའི་སྟེང་དུ་པདྨའི་གདན་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་མཛེས་པ། གཞན་ཡང་ལྷ་རྣམས་ཀྱི་གདན་དང་བཅས་པ་དང༌། སྟེང་དུ་རིན་པོ་ཆེའི་བླ་བྲེ་དག་ཀྱང་སྐད་ཅིག་གིས་བྱུང་བར་གྱུར། ཞེས་དང༌། རྡོ་རྗེ་ཐལ་མོ་སོར་མོ་གཡས་པ་སྟེང་དུ་ཡོད་པ་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ་སརྦ་ཐཱ་ཨུངྒ་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ལན་གསུམ་མོ། །སོ་བཞི་པ་ལྷ་སྤྱན་དྲངས་པ་ནི། སྣོད་གཙང་མར་སྤོས་ཆུ་གཙང་མ་མེ་ཏོག་དཀར་པོ་དང་བཅས་པ་ནི་རྩ་བའི་མཆོད་ཡོན་ཏེ། འདི་ནི་ངེས་པར་བཤམ་དགོས་ལ། གཞན་ཡང་འགྲུབ་ན། ཞི་བ་དང་དངོས་གྲུབ་རབ་ལ་ཛ་བའི་འབྲུ་དང་འོ་མ། རྒྱས་པ་དང་དངོས་གྲུབ་འབྲིང་ལ་ཏིལ་དང་ཞོ། ཐུན་མོང་དུ་འབྲས་ཡོས་སོ། །དེ་དག་སྦྱར་བའི་མཆོད་ཡོན་རྩ་ཀུ་ཤ་དང་བཅས་པའང་དགོས་ན་


TNT13_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ལོགས་སུ་བཤམ་པ་ཡིན་གྱི། སྤོས་ཆུ་གཙང་མའི་སྟེང་དུ་དེ་དག་ལྡུགས་པ་ནི་མ་ཡིན་ནོ། །མཆོད་ཡོན་དེ་དག་སྤོས་ཀྱི་བདུགས། རིགས་པའི་རྒྱལ་པོ་བྷྲཱུཾ་བདུན་དང༌། རིགས་ཀྱི་སྙིང་པོ་ཛི་ན་ཛིཀ་བདུན་གྱིས་བྱིན་གྱིས་རླབས་ཅིང༌། ཨོཾ་ཥྟོཾ་བནྡྷ་སྭཱཧཱ། ཞེས་པ་དེ་གཞིན་གཤེགས་རིགས་ཀྱི་ལས་ཐམས་ཅད་པ་མང་ཉུང་ཇི་ལྟར་འོས་པས་ཀྱང་བསྔགས་ལ། མཆོད་ཡོན་གཙང་མ་དེ་མདུན་གྱི་དབུས་སུ་བཞག །གཡོན་དུ་ཁྱད་པར་གྱི་མཆོད་ཡོན་འབྲས་ཡོས་ཅན་དང༌། གཡས་སུ་བདུག་སྤོས་རྣམས་བཤམས་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་ལན་གསུམ་གྱིས་ཕྱག་བཙལ། རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། མཛུབ་མོ་གཉིས་རྩེ་མོ་སྦྱར་ཏེ་བསྒྲེངས། མཐེ་བོང་གཡབ་ཅིང༌། དད་པ་དང་ནི་དམ་ཚིགས་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདིར། །བདག་གི་མཆོད་ཡོན་འདི་བཞེས་ལ། །མཆོད་པས་བདག་ལ་དགེས་པར་མཛོད། བྷྲཱུཾ་ཛི་ན་ཛིཀ །ཤཱཀྱ་མུ་ནེ་ཨེ་ཧྱཻ་ཧི། ཞེས་ལན་གསུམ་ལ་སོགས་པར་གསོལ་བ་འདེབས་པས་ནན་ཏན་གྱིས་སྤྱན་དྲངས། དེ་ཡང་ཕྱག་རྒྱ་སྤྱི་བོའི་ཐད་དུ་བྱས་ཏེ། ལན་དང་པོ་ཕྱག་རྒྱ་ཁོ་ན་བྱ། གཉིས་པ་ལ་ཕྱག་རྒྱ་དེས་མཆོད་ཡོན་གཙང་མ་ཐོགས་ཏེ་སྤྱི་བོའི་ཐད་ནས་བཟེད་ཞལ་དུ་འབུལ། གསུམ་པ་ལ་རྫས་སྦྱར་བའི་མཆོད་ཡོན་ཐོག་ཏེ་འབུལ། རྫས་རྣམས་དངོས་སུ་མེད་ན། ཆུ་གཙང་ངམ་མེ་ཏོག་ཙམ་དང་བཅས་པ་འབུལ་ཞིང༌། ལྷག་མ་དམིགས་པ་ཁོ་ནས་འགྲུབ་བོ། །དེ་ཡང་ལྷ་བཞེངས་པ་ལ་རང་ཡང་འགྲེང་བ་དང༌། བཞུགས་པ་ལ་འདུག་པ་དང༌།


TNT13_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གཟུར་བ་ལ་གཟུར་བས་འབུལ་བར་བཤད་ཀྱང་དངོས་སུ་མ་འགྲུབ་ན་དམིགས་པས་ཆོག་གོ །སོ་ལྔ་པ་བཞུགས་སུ་གསོལ་བ་ནི། དེ་ནས་པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཁ་ཕྱེ་བའི་ཚུལ་ཅན་གྱི། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །མཆོད་པས་བདག་ལ་དགྱེས་པར་མཛོད། ཨོཾ་ཀ་མ་ལ་ཡ་སྭཱཧཱ། ཡང་ཕྱག་རྒྱ་དེ་དང་འདྲ་བ་ལས། གུང་མཛུབ་སྲིན་གསུམ་རྡོ་རྗེ་རྩེ་ལྔ་ལྟ་བུར་བྱས་ལ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་རྗེས་ཐུགས་དཔག་མཛད་དུ་གསོལ། །སོགས་ཀྱི་མཐར། ཨོཾ་བཛྲ་ཨཱ་ས་ནི་ཧཱུཾ་ཕཊ། པདྨ་ཁ་ཕྱེ་ལས། སོར་མོ་དབུས་མ་གཉིས་གཤིབས་ཏེ་བསྒྲེང་བ་དང༌། བདག་དང་འགྲོ་ལ་ཐུགས་རྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་བཛྲ་ཀ་ཧཱུཾ་ཕཊ། ཕྱག་རྒྱ་གསུམ་པོ་དེ་ལ་ནི། པདྨའི་གདན་དང༌། རྡོ་རྗེའི་གདན་དང༌། དཔའ་བོའི་གདན་ཞེས་གྲགས་སོ། །དེ་ནས། ཡེ་ཤེས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སོ་སོའི་རྫུ་འཕྲུལ་གྱི་འབྱོར་པ་དཔག་ཏུ་མེད་པ་དང་བཅས་ཏེ་ནམ་མཁའི་ལམ་ལས་གཤེགས་ནས་ཐར་པ་ཆེན་པོའི་ཁང་བཟང་གཞལ་མེད་ཁང་གི་ཆབ་སྒོ་ནས་ཡོངས་སུ་བྱོན་ཏེ། རང་རང་སོ་སོའི་གདན་ལ་བཞུགས་པར་གྱུར་པ་ནི་དབུས་ཀྱི་པདྨ་ཆེན་པོའི་སྟེང་གི་རྡོ་རྗེ་རིན་པོ་ཆེའི་བཞུགས་ཁྲི་ལ་པདྨ་དང་ཟླ་བའི་སྟེང་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་


TNT13_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་སེར་པོ་བཙོ་མའི་གསེར་གྱི་ལྷུན་པོ་ལ་ཉི་མ་འབུམ་དུས་གཅིག་ཏུ་ཤར་བ་ལྟར་གཟི་བརྗིད་ཀྱི་ཕུང་པོ་མཐའ་ཡས་པ་རབ་ཏུ་འབར་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། ཕྱག་གཉིས་ཐུགས་ཀར་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པས་འགྲོ་བ་ཐམས་ཅད་ལ་ཐར་པའི་ལམ་ཡང་དག་པར་སྟོན་པ། དབུའི་གཙུག་ཏོར་ལྟ་བར་མི་མངོན་པ་དང་སྨིན་མཚམས་མཛོད་སྤུ་དུང་ལྟར་འཁྱིལ་བ་ལ་སོགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པ་འདོད་ཆགས་དང་བྲལ་བ་ཆེན་པོའི་ཆ་བྱད་ཅན་སྐུ་ལ་ན་བཟའ་ཆོས་གོས་རྣམ་གསུམ་གསོལ་བ། འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་སྤྲོ་བས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པ་རྒྱས་པར་འགེངས་པ། མ་ལུས་ཤིང་ལུས་པ་མེད་པའི་སྤྲུལ་པའི་ཚོགས་མཐའ་ཡས་པ་འཆར་བ། བསམ་གྱིས་མི་ཁྱབ་ཅིང་ལྷུན་གྱིས་གྲུབ་པའི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་འཕྲིན་ལས་ལ་མངའ་དབང་བསྒྱུར་བའི་ཚུལ་གྱིས་བཞུགས་པར་གྱུར། བཅོམ་ལྡན་འདས་ཀྱི་ཁྲིའི་གཡས་ལོགས་སུ་འཕགས་པ་རྡོ་རྗེ་འཛིན་ཆེན་པོ་གསེར་མདོག་རལ་པའི་ཅོད་པན་ཅན་ན་བཟའ་སེར་པོ་གྱོན་པ། ཕྱག་གཡས་པས་རྡོ་རྗེ་སེར་པོ་འཛིན་ཞིང༌། གཡོན་པ་གདན་ལ་བརྟེན་པ། འདི་ཡང་ན་གཡས་རིན་པོ་ཆེ་དང༌། གཡོན་ལྕགས་ཀྱུ་འཛིན་པ་ཡང་རུང༌། ལྕགས་ཀྱུ་ཅིག་ཕྱག་གཉིས་ཀར་གྱིས་འཛིན་པར་བྱས་ཀྱང་


TNT13_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་གོ །གཡོན་ལོགས་སུ་འཕགས་མ་རྡོ་རྗེ་འཛིན་ལྗང་ཁུའམ་སེར་མོ་དོང་ཀའི་མེ་ཏོག་དང་ཁ་དོག་མཚུངས་པའི་བླ་གོས་ཅན་པུས་མོ་ཕྱོགས་གཅིག་གདན་ལ་བཙུགས་པའི་ཚུལ་གྱི་བཞུགས་ཤིང༌། ཕྱག་གཉིས་ཐལ་མོ་སྦྱར་བས་རྡོ་རྗེ་འཛིན་པའོ། །ད་ལྟའི་རྒྱུད་ལས། འདི་ལྷ་ཕོ་ཡིན་པ་ལྟར་བཤད་པ་ནི། རྒྱ་སྐད་དུ་བཛྲ་དྷརཱ་ཞེས་པའི་ར་ཡིག་གི་རིང་ཆ་མོ་རྟགས་ཡིན་ཡང་ཡིག་གེ་ནོར་ཏེ་རིང་ཆ་ཆད་པ་ལས་བསྒྱུར་བའི་སྐྱོན་ཡིན་ཏེ། འདིར་ལྷ་ལྔ་ལ་དེ་བཞིན་གཤེགས་པ་དང༌། རིགས་ཀྱི་ཡུམ་དང༌། བྱང་ཆུབ་སེམས་དཔའ་དང༌། ཕོ་ཉ་དང་ཕྱག་སྙན་རྣམས་ཚང་དགོས་པའི་ཕྱིར། འདི་ལྷ་མོར་མ་བྱས་ན། ཐུན་མོང་མ་ཡིན་པའི་རིགས་ཀྱི་ཡུམ་མ་ཚང་བར་འགྱུར་བས་སོ། །རྡོ་རྗེ་འཛིན་ཆེན་པོའི་མདུན་ངོས་འོག་གི་ཕྱོགས་སུ་ཁྱིའུ་མཐའ་མེད་པ། ཁོ་ར་ཁོ་ཡུག་ཏུ་མེ་ལྕེ་འབར་བ་ཨ་ཤོ་ཀ་དམར་བའི་མེ་ཏོག་རྒྱས་པ་ལྟ་བུའི་མདོག་ཅན་ཁྲོ་ཞིང་འཁྲུགས་ལ་ནོར་བུའི་ཟུར་ཕུད་ཀྱིས་བརྒྱན་པ། སྦྲུལ་དཀར་པོའི་ཚངས་སྐུད་འཆང་བ། ཕྱག་གཡས་ན་གྲི་གུག་དང༌། གཡོན་ན་ཞགས་པ་འཛིན་ཞིང༌། སྤྱན་གསུམ་མཆེ་བ་གཙིགས་པ་ལ་སོགས་པ་ཁྲོ་བོའི་མཚན་ཉིད་རྫོགས་ཤིང་དར་དང་རིན་པོ་ཆེས་བརྒྱན་པའོ། །འདི་ཡང་ན་སྟག་ལྤགས་ཀྱི་སྨད་དཀྲིས་དང༌། རྒྱན་གཞན་རྣམས་ཀྱང་སྦྲུལ་རྒྱན་ཅན་དུ་བྱའོ། །རྡོ་རྗེ་འཛིན་མའི་མདུན་གྱི་འོག་ཕྱོགས་སུ་བུ་མོ་མཐའ་ཡས་མ་ཞེས་བྱ་བའི་ཕོ་ཉ་མོ་གཞོན་ཞུ་ལང་ཚོ་ཅན་སྐུ་མདོག །ནག་མོའམ། ལྗང་ཁུའམ། སྔོ་སངས་པྲི་ཡཾ་ཀུའི་མེ་ཏོག་ལྟ་བུ་དབུ་སྐྲ་ནག་པོ་ཟུར་ཕུད་གཅིག་པ། དར་སྔོན་པོའི་གོས་ཅན་ཕྱག་


TNT13_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེ་ཏོག་གི་འཕྲེང་བརྒྱུད་ཐོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྒེག་པ་དང་བཅས་པས་འཁོར་གྱི་དཀྱིལ་འཁོར་ལ་ལྟ་བ། དེ་ཐམས་ཅད་ཀྱང་རིན་པོ་ཆེའི་དང་པདྨའི་གདན་ལ་གནས་པའོ། །ཕྱི་རོལ་ཕྱོགས་ཐམས་ཅད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་རྒྱལ་དང་ལྷའི་མཆོག་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ་བཞུགས་པར་གྱུར། །སོ་དྲུག་པ་དམ་ལ་བཞག་པ་ནི། སྤྱིའི་ཆོ་ག་ལ་གཡས་པའི་མཐེ་བོས་མཐེ་ཆུང་མནན་པ། རྡོ་རྗེ་རྩེ་གསུམ་པ་འདྲ་བ། ཀི་ལི་ཀཱི་ལིའི་དམ་ཚིག་རྡོ་རྗེ་བསྟན་ཏེ། ཤཾ་ཀ་རེ་ས་མ་ཡ་སྭཱཧཱ། ཞེས་པ་དང༌། འདི་ཉིད་ཀྱི་དགོས་ཆོས་ལ་ཕྱག་འཚལ་བའི་ཚུལ་དམ་ཚིག་གི་ཐལ་མོ་ནི་རྩ་བའི་ཕྱག་རྒྱ་སྟེ། ན་མཿསརྦ་བུདྡྷ་བོ་དྷཱི་སཏྭཱ་ནཱཾ། སྟུ་སིདྡྷི་སཱ་དྷ་ནི་ཨ་གྲ་ཀཱ་རུ་ཎ་བ་ར་རེ་ཏྲཱ་ཡི་ཏྲཱ་ཡི་ཨཱ་ཏི་བ་ལེ་ན་མོ་སྟུ་བ་ར་རཱ་ཡི་གྷེ་བྷྱོ་མ་ཧཱ་ཀྲེ་བེ་བྷྱཿསྭཱཧཱ། ཞེས་པ་རྩ་བའི་ཕྱག་རྒྱའི་སྔགས་ཀྱི་གཙོ་བོ་དང༌། ཡང་སྤྱི་འགྲོའི་ཆོ་ག་ནི། ཁུ་ཚུར་བཅིངས་པ་གཤིབས་ཏེ་མཐེ་བོང་གཉིས་སྦྱར་ཏེ་བསྐྱང་བ་དང༌། ཛི་ན་ཛིཀ་ཞེས་པས་འཁོར་གྱི་ལྷ་ཕོ་རྣམས་དང༌། ཕྱག་འཚལ་བའི་ཐལ་མོ་ལས་མཐེ་བོང་གཉིས་ནང་དུ་བཅུག །མཛུབ་མོ་གཉིས་གུང་མོའི་ཚིགས་སྟེང་མར་སྦྱར། ཨོཾ་རུ་རུ་སྥུ་རུ༴ སོགས་ཀྱིས་འཁོར་ལྷ་མོ་རྣམས་དམ་ལ་བཞག་པ་སྟེ། སྔགས་དེ་དག་ཀྱང་ལན་གསུམ་ནས་བདུན་གྱི་བར་ཇི་ལྟར་འོས་པའོ། །དེ་ནས་དམ་ཚིག་ཆེན་པོའི་ཕྱག་རྒྱ་ཞེས་བྱ་བ། རྡོ་རྗེ་ཁུ་ཚུར་གཉིས་ཁ་སྤྲད་པ་ལས། གུང་མོ་དང་མཛུབ་མོ་རྡོ་རྗེ་རྩེ་གསུམ་པ་ལྟར་བྱས། མཐེ་བོང་གཉིས་གུང་མོའི་གློ་ལ་སྦྱར་བ་སྟེང་འོག་དང་ཕྱོགས་ཀུན་ཏུ་བསྐོར་ཞིང༌། ཨོཾ་ཥྟོཾ་བནྡྷ་སྭཱཧཱ། ཞེས་ལན་གསུམ་བརྗོད་པས།


TNT13_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ན་གནས་པ་དང༌། ཕྱི་ནས་འབྲངས་པའི་བགེགས་ཐམས་ཅད་བསྐྲད་ཅིང་སྲུང་བ་ཆེན་པོ་བྱས་པར་གྱུར། །སོ་བདུན་པ་མཆོད་པ་ནི། གོང་དུ་བཤད་པ་ལྟར་ཛི་ན་ཛི་ཀ བསང་བ་དང༌། ཨོཾ་ཏེ་ཛ་ཏེ་ཛ་སཾ་སིདྡྷི་སཱ་དྷ་ཡ་སྭཱཧཱ། གཟི་བྱིན་བསྐྱེད་པ་དང༌། ན་མོ་རཏྣ༴ ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ། བྱིན་གྱིས་རླབས་པ་དང༌། ཛི་ན་ཛིཀ རྣམས་ཀྱིས་བརྟན་པར་བྱ་སྟེ། མཆོད་པ་གསར་པ་རྣམས་བྱིན་གྱིས་རླབས། རྙིང་པ་རྣམས་ཁ་གསོ་བའོ། །དང་པོ་ཀི་ལི་ཀི་ལིའི་ཕྱག་རྒྱ་ལས་རྡོ་རྗེ་ཐལ་མོར་བྱ། དེ་ནས་མཉམ་པའི་ཐལ་མོར་བྱེད་པ་ནི། མཆོད་པ་ཐམས་ཅད་ཀྱི་སྤྱིའི་སྔོན་འགྲོའོ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས་སོགས་དང༌། སྤྱི་འགྲོའི་མཐར་རྡོ་རྗེ་ནང་བསྡམས་ལས། གུང་མཛུབ་རྡོ་རྗེ་རྩེ་གསུམ་པ་འདྲ་རུང༌། མཐེ་བོང་གཉིས་འཛུབ་མོའི་ངོས་ལ་སྦྱར། ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ལན་གསུམ་སོགས་མང་དུ་བརྗོད། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་བཀྲུས་གྱུར་པ། །དེ་བཞིན་བདག་གིས་ལྷ་རྣམས་ལ། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་དེ་བ་ཏ་ཨར་ཙི་ཏ་ཨ་མྲྀ་ཏ་སྭཱཧཱ། འདིར་མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་དངོས་སུ་ཁྲུས་གསོལ་ན་ཕྱག་རྒྱ་མི་དགོས། གཞན་དུ་ན་མཉམ་པའི་ཐལ་མོ་ཁ་ཕྱེ། མཐེབ་མཛུབ་རྩེ་སྤྲས་པའི་ཕྱག་རྒྱའོ། །དངོས་སམ་ཡིད་ཀྱི་ན་བཟའ་དང་རྒྱན་གསོལ། དུད་དང་རྫ་རྔ་དང་གླིང་བུ་དང་པི་ཝཾ་ལ་སོགས་པ་འབུད་པ་དང༌། དཀྲོལ་བ་དང༌། བརྡུང་བའི་རོལ་མོ་བྱ་སྟེ། མཆོད་པའི་སྤྲིན་གྱི་གཟུངས་བརྗོད་པར་བྱའོ། །དྲི་མེད་མཚན་ལ་སྒྲིབ་གསལ་མི་མངའ་ཡང༌། །དད་པས་ངུར་སྨྲིག་རྒྱལ་


TNT13_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཕུལ་བ་ཡི། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་བཞུགས་མཆོག་ལ་སྤྱོད་པར་ཤོག །སྣ་ཚོགས་དབང་པོའི་གཞི་བཞིན་རབ་བཀྲ་ཡང༌། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པ་གོས་གྱིས་བརྒྱན་པར་ཤོག །བདེ་གཤེགས་སྐུ་མཆོག་མཚན་དང་དཔེ་བྱད་དང༌། །རིན་ཆེན་འོད་ཆགས་འབར་བས་དབུ་རྒྱན་ཞིང༌། །བྱང་ཆུབ་མཆོག་གི་རྒྱན་གྱིས་མཛེས་མོད་ཀྱི། །འཇིག་རྟེན་བཀུར་བསྟི་རིམ་གྲོའི་ཚུལ་ཙམ་དུ། །རིན་ཆེན་འཕྲེང་བ་དོ་ཤལ་སེ་མོ་དོ། །རྒྱན་གྱི་དམ་པ་ཁྱད་པར་མཆོག་ཕུལ་བས། །འགྲོ་ཀུན་བྱང་ཆུབ་མཆོག་གི་རྒྱན་དང་ལྡན། །བླ་མེད་ཐར་པ་མཆོག་ལ་གནས་པར་ཤོག །ཐེག་མཆོག་བླ་བྲེ་མགོན་སྐྱབས་གདུགས་དང་བཅས། །བདུད་བཅོམ་རྒྱལ་མཚན་བ་དན་ཏིང་འཛིན་འཕན། །ལྷ་དང་མི་ཡི་མཆོད་པའི་སྒྲ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པར་རབ་བརྒྱན་པས། །བླ་བྲེ་འཕན་གདུགས་རྒྱལ་མཚན་རོལ་མོ་བརྗིད། །བདུག་སྤོས་དྲི་ཞིམ་སིལ་སྙན་སྤྲིན་ཚོགས་འཁྲིགས། བདག་དང་འགྲོ་བའི་དོན་དུ་འདི་འབུལ་གྱི། །དབང་མཆོག་དམ་པ་དུས་འདིར་ཐོབ་འགྱུར་ཏེ། །གནོད་པའི་དགྲ་འཇོམས་བླ་མེད་གོ་འཕང་ལ། །ཐེག་པ་མཆོག་གིས་ངེས་པར་བསྒྲོད་པར་ཤོག །ཅེས་པའང་སྤྲོ་ན་བརྗོད་པར་བྱའོ། །དེ་ནས་ཉེར་སྤྱོད་ངེས་པར་འབུལ་ཏེ། གཙང་ཞིང་གཙང་མ་ལས་བྱུང་བའི། ལྷ་རྫས་བཟང་པོའི་དྲི་


TNT13_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག །བདག་གི་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེད་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་སྭཱཧཱ། ཕྱག་རྒྱ་སྤྱི་འགྲོ་སྔོན་དུ་འགྲོ་བས། ལག་པ་གཡས་སྐྱབས་སྦྱིན་གྱི་འཁྲིག་མ་ནས་གཡོན་པས་གཟུང་བའོ། །གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་ནི་དད་པས༴ སོགས། ཨཱ་ཧ་ར༴ སོགས། སྤྱི་འགྲོ་སྔོན་དུ་སོང་བའི་ལག་གཉིས་སོར་མོ་གཞན་རྣམས་ཕན་ཚུན་བསྣོལ། མཛུབ་མོ་གཉིས་གདུབ་བུའི་ཚུལ་དུ་རྩེ་སྤྲད། མཐེ་བོང་མཛུབ་མོའི་གློར་བཞག་པའོ། །དྲི་ཡི་སྦྱར་བ་ལྷ་ཡི་རྫས། །ནགས་ཚལ་བཅུད་ནི་ཡིད་འོང་འདི། བདག་ནི༴ ཨཱ་ཧ་ར༴ སྤྱི་འགྲོ་སྔོན་དུ་སོང་བས་མཐེ་ཆུང་སྲིན་ལག་གུས་མོ་རྣམས་སྔ་མ་སྔ་མའི་རྒྱབ་ཏུ་ཕྱི་མ་ཕྱི་མ་སྦྱར། དེ་རྣམས་གཡས་གཡོན་ཕན་ཚུན་རྩེ་སྤྲད། མཛུབ་མོ་བརྐྱང་ཞིང་མཐེ་བོང་དེའི་གློར་བཞག་པའོ། །སྨན་རྣམས་བཅུད་ནི་ཡི་གར་འོང༌། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་ནི༴ ཨཱ་ཧ་ར༴ སྤྱི་འགྲོ་སྔོན་དུ་སོང་ནས། སྙིམ་པ་ཁ་སྦྱོར་བཟེད་པ་ལས། མཛུབ་མོ་ཅུང་ཟད་བཀུགས་པའོ། །གནོད་རྣམས་འཇོམས་ཤིང་བཀྲ་ཤིས་ལ། དགེ་ཞིང་མུན་པ་རྣམས་སེལ་འདི། བདག་ནི༴ ཨཱ་ལོ་ཀ་ཨཱ་ལོ་ཀ་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་སྭཱཧཱ། སྤྱི་འགྲོ་སྔོན་དུ་བཏང༌། ཁུ་ཚུར་གཉིས་གཤིབས་པ་ལས་མཐེབ་མཛུབ་གཉིས་རྩེ་སྦྱར་ཏེ་བསྒྲེང་བའོ། །ཨོཾ་སེམས་ཅན་གྱི་ཁམས་ན་གང་ང་ཡི་བ་མེད་ཅིང་ཡོངས་སུ་གཟུང་བ་མེད་པའི་མཆོད་པའི་ཚོགས་ཆུ་དང་ཐང་ལས་སྐྱེས་པ། རིན་པོ་ཆེའི་རི་དང༌། རྒྱ་མཚོའི་


TNT13_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་ལ་སོགས་པ་དེ་དག་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོད་པའི་འཕྲིན་ལས་ཀྱིས་དབུལ་བར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཀྱི་སྟོབས་དང༌། བདག་གི་བསོད་ནམས་ཀྱི་སྟོབས་དང༌། རིག་པའི་གསང་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མཆོག་ཏུ་རྒྱ་ཆེ་བའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག་རྒྱ་ཆེན་པོའི་གོང་མ་ལས་བླ་མར་མངོན་པར་བསྒྲུབས་པའི་མཆོད་པའི་སྤྲིན་རབ་ཏུ་འབབ་པར་གྱུར་ཅིག །ན་མཿསརྦ་བུདྷ་བོ་དྷི་སཏྭཱ་ནཱཾ། སརྦ་ཐཱ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། སྔགས་འདི་ལན་བརྒྱད་བརྗོད། །སོ་བརྒྱད་པ་བསྟོད་པ་ནི། ཨོཾ་མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། ཞེས་པ་ལ་སོགས་པ་དམ་ཚིག་གསུམ་གྱི་བསྟོད་པས་བསྟོད་དོ། །བོད་དུ་འགྱུར་བ་ལྟར་ན། བྱ་སྤྱོད་ཀྱི་རྒྱུད་ལས་བསྟོད་པ་འདི་མ་བཤད་པ་འདྲ་བ་ཞིག་ཡོད་ཀྱང༌། སྤྱིར་བསྟོད་པ་ཙམ་ལ་ཡི་གེའི་དོན་ལ་བལྟས་ཏེ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་གསལ་པོ་མེད་ན། གོང་མའང་འོག་ཏུ་བླངས་པས་ཆོག་པ་ཡིན་མོད་ཀྱི། འདི་ནི་དམ་ཚིག་གསུམ་བཀོད་ཉིད་ཀྱི་བསྟོད་པ་ཡིན་པར་སློབ་དཔོན་རིན་ཆེན་འབྱུང་ལྡན་སྦས་པས་བཤད་དེ། བོད་དུ་མ་འགྱུར་བའི་བྱ་སྤྱོད་ཀྱི་རྒྱུད་ལས་ཀྱང་བཤད་པར་མངོན་ནོ། །མགོན་པོ་ཐུགས་རྗེས་ཆེ་ལྡན་པ༴ སོགས། གཞན་ཡང་ཇི་ལྟར་འོས་པས་བསྟོད་པའི་མཐར། ན་མཿསརྦ་བུདྡྷ་བོ་དྷི་སཏྭ་ནཱཾ།


TNT13_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཏྲཱ་ས་མ་ཀུ་སུ་མི་ཏ་ཨ་བྷི་ཛྙཱ། རཱ་ཤི་ནི་ན་མ་སྟུ་ཏེ་སྭཱཧཱ། ཞེས་བསྟོད་པ་འབྱུང་བའི་རིག་པའི་རྒྱལ་པོ་ཡང་ལན་བརྒྱད་བརྗོད་དོ། །སོ་དགུ་པ་བཤགས་པ་ནི། འཇིག་རྟེན་དག་གི་ཕྱོགས་ཀུན་ན། ཞེས་པ་ནས། སླན་ཆད་དེ་ལྟར་ཡོངས་མི་བགྱི། ཞེས་པའི་བར་སྤྱི་རྒྱུད་ལེགས་གྲུབ་ལས་འབྱུང་བ་ལྟར་རམ། འདི་ཉིད་ཀྱི་རྒྱུད་ལས་འབྱུང་བ་ལྟར་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད། བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་པའི་འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་ལས་སྐྱེས་པའི་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་བསྐྱེད་པ་གང་གིས་བཤགས་པར་མཛད་པའི་སེམས་བསྐྱེད་པ་དེས་བཤགས་པར་བྱ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཁྱེན་པ་ལྟར། དེས་ཀྱང་ཅི་ཙམ་དུ་བཤགས་པར་ནུས་པ་དེ་ཙམ་དུ་བཤགས་པར་བགྱིའོ། སླན་ཆད། དེ་ལྟ་བུ་མི་བགྱིད་དོ། །སྤྱི་རྒྱུད་ཀྱི་ཆོ་ག་ལ་ཡི་རང་ལོགས་སུ་མེད་པས་འདིའི་དོན་ཚན་ཞེ་དྲུག་ལ་མི་བགྲོད་ཡང་རྒྱུད་འདིར་གསུངས་པས་བཤགས་པ་འདིའི་འཕྲོས་ལས་རྗེས་སུ་ཡི་རང་བ་ཡང་བྱ་སྟེ། གང་དུ་གསུམ་དུ་གཤེགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང་རང་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཚོགས་སེམས་ཅན་གྱི་ཁམས་རྣམ་པར་སྦྱོང་བར་བྱེད་པ། སེམས་ཅན་གྱི་ཁམས་ཡོངས་སུ་སྲུང་བར་བྱེད་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དེ་དག་ཐམས་ཅད་ལ་རྗེས་


TNT13_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡི་རང་བ་བླ་ན་མེད་པས་རྗེས་སུ་ཡིད་རང་བར་བྱ་སྟེ། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔས་མཁྱེན་པ་ལྟར་བདག་གིས་ཀྱང་ཇི་ལྟར་རྗེས་སུ་ཡིད་རང་བར་ནུས་པ་དེ་ལྟར་རྗེས་སུ་ཡི་རང་བར་བྱའོ། །བཞི་བཅུ་པ་སྐྱབས་འགྲོ་ནི། སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ནི་ཇི་སྲིད་འཚོ་བར་དུ། །སངས་རྒྱས་ཆོས་དང་དགེ་བདུན་ལ། །གུས་པས་ཡང་དག་སྐྱབས་སུ་འཆི། །ཞེ་གཅིག་པ་གསོལ་གདབ་ནི། མི་རྟོག་བློ་གྲོས་བསྐྱེད་པའི་ཕྱིར། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །གདུལ་བྱ་ཇི་སྲིད་ཚིམ་བར་དུ། །མྱ་ངན་མི་འདའ་གསོལ་བ་འདེབས། །ཞེ་གཉིས་པ་སེམས་བསྐྱེད་པ་ནི། སེམས་ཅན་ཁམས་ནི་མཐའ་ཡས་པའི། །སྡུག་བསྔལ་ཉེ་བར་ཞི་བ་དང༌། །ངན་འགྲོ་རྣམས་ལས་བསྒྲལ་བ་དང༌། །ཉོན་མོངས་རྣམས་ལས་དགྲོལ་བའི་ཕྱིར། །སྲིད་པའི་མི་དགེ་དོག་པ་ན། །སྡུག་བསྔལ་སྣ་ཚོགས་ཅི་མཆིས་པ། །དེ་ལྟར་ཡོངས་སུ་སྐྱབས་པའི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་པ་ཙམ་མམ། སྤྲོ་ན། སེམས་ཅན་འཕོངས་པ་ཐམས་ཅད་ཀྱི། །སྐྱབས་སུ་བདག་ཉིད་རྟག་ཏུ་ཤོག །བདག་ནི་མགོན་མེད་རྣམས་ཀྱི་མགོན། །རྟེན་མེད་རྣམས་ཀྱི་རྟེན་དུ་བདག །སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང༌། སྡུག་བསྔལ་བདེ་བར་བྱེད་པ་དང༌། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཞི་བར་བྱེད་པར་ཤོག །དགེ་བའི་ལས་རྣམས་གང་དང་གང༌། །འདི་དང་གཞན་དུ་བསགས་པ་རྣམས། །བསོད་ནམས་ཡེ་ཤེས་


TNT13_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི། །ཚོགས་ནི་རྣམ་པ་གཉིས་སུ་ཤོག །ཕ་རོལ་ཕྱིན་པ་དྲུག་བསྒོམས་ནས། །བདག་གིས་བརྩོན་འགྲུས་གང་བརྩམས་པ། །དེ་ཡང་སེམས་ཅན་མ་ལུས་པ། །ཐམས་ཅད་ལ་ནི་ཕན་པར་ཤོག །སྔོོན་གྱི་རྒྱལ་བའི་སྲས་རྣམས་ཀྱིས། །སྨོན་ལམ་ཇི་ལྟར་མཛད་པ་བཞིན། །བདག་ཀྱང་དགེ་བའི་སེམས་ཀྱིས་སུ། །དེ་བཞིན་དུ་ནི་སྨོན་ལམ་འདེབས། །སེམས་ཅན་ཐམས་ཅད་བདེ་བ་དང༌། །ཐམས་ཅད་ནད་ཀྱང་མེད་པར་ཤོག །བདག་ནི་བྱ་བ་ཀུན་ནུས་ཤིང༌། །ཡོན་ཏན་དང་ཡང་ལྡན་པར་ཤོག །ནོར་ལྡན་གཏོང་ཕོད་ཤེས་རབ་ཅན། །བཟོད་ལྡན་དགེ་ལ་དད་པ་དང༌། །སེམས་ཅན་ཚེ་རབས་ཐམས་ཅད་དུ། །སྐྱེ་བ་དྲན་ཞིང་བརྩེ་ལྡན་ཤོག །ཅེས་པའང་བྱ་ཞིང༌། གང་ལྟར་ཡང་མཐར། ཚེ་ཡི་མཐའ་ཀླས་གང་བྱེད་དང༌། །གང་ཡང་ཅུང་ཟད་བྱེད་འགྱུར་པ། །མདོར་ན་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོང་ཐམས་ཅད་ཞི་བ་དང༌། །གྲོལ་བར་བྱ་བའི་ཕྱིར་འབད་ཅིང༌། །བྱང་ཆུབ་རབ་ཏུ་དགའ་བརྩོན་ནོ། །ཞེས་པའོ། །ཞེ་གསུམ་པ་ཚད་མེད་བཞི་ནི། །དོན་ཡིད་ལ་དྲན་བཞིན་པས་ཚིག་གི་བརྗོད་ཚུལ་སྤྱི་དང་མཐུན་པར་བརྗོད་དོ། །ཞེ་བཞི་པ་བཟླས་བརྗོད་ཀྱི་རིམ་པ་ལ་སྔོན་འགྲོ་ནི། ཨོཾ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལུས་ཀྱི་སྤྲུལ་པའི་སྤྲིན་སེམས་ཅན་ཐམས་ཅད་ཀྱི་དམིགས་པ་ལས་བྱུང་བ། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བ། བདེ་བ་ཐམས་ཅད་མྱུར་དུ་སྩོལ་བ། ཟག་པ་མེད་པའི་དགེ་བ་འབྱུང་


TNT13_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྦྱོར་བ་ཡང་དག་པར་འབྱུང་བ། དེ་བཞིན་གཤེགས་པ་རྣམས་ཀྱི་གྲུབ་པའི་མཆོག་དེ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག ན་མཿསརྦ་བུདྡྷ་བོདྷཱི་སཏྭཱ་ནཱཾ། ན་མསྟུ་ཏེ་མཧཱ་བཛྲ་སརྦ་སཏྭ་ཧི་ཏཾ་ཀ་ར་ཏིཥྛ། སརྦ་ཏྲ་སརྦེ་ཁཱཾ། དྷརྨཱ་ཎཱཾ་ཨ་དྷིཥྛཱ་ཡ་སྭཱཧཱ། སྨོན་ལམ་དང་སྔགས་དེ་སྦྱར་བ་ལན་བརྒྱད་དམ་སྨོན་ལམ་ཚར་གཅིག་གི་མཐར་སྔགས་ལན་བརྒྱད་བརྗོད། དེ་ལྟར་མངོན་པར་འདུས་བྱས་པའི་དགེ་བའི་རྩ་བ་བླ་ན་མེད་པའི་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་ཀྱི་བསྡུས་པ་འདི་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་བསྔོ་བ་དང༌། བདག་སྡུག་བསྔལ་པར་གྱུར་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་དུ་བྱིན་གྱིས་རླབས་པ་དང༌། བདག་ལ་གྲུབ་པའི་མཆོག་སྩོལ་ཅིག །ཅེས་གསོལ་བ་གདབ་བོ། །བཟླས་པའི་སྔོན་འགྲོ་གསུམ་པོ་དེ་དག་ནི་དམ་ཚིག་གསུམ་བཀོད་ཁོ་ནའི་དགོས་ཆོས་ཏེ། སངས་རྒྱས་ཀྱི་སྤྲུལ་པའི་སྤྲིན་སྒྲུབ་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་སྦྱོང་བ་དང༌། སྡུག་བསྔལ་ཞི་བར་བྱེད་པའི་རིགས་པའི་རྒྱལ་པོའི་ཆོ་གའོ། །སྤྱིའི་ཆོ་གའི་ལུགས་ལ་ཡོངས་ནས་བསྔོ་བ་ནི་དགོས་མོད་ཀྱང༌། སེམས་བསྐྱེད་ཀྱི་ནང་ན་ཡོད་པས་ལོགས་སུ་མེད་ཀྱང་དེའི་ཆོག་གོ །ན་མོ་གུ་རུ་བྷྱཿ ཞེས་ལན་མང་དུ་བརྗོད་པས་བླ་མ་ལ་ཕྱག་བྱའོ། །དེ་ནས་པུ་ཏོ་ཙེའི་འབྲུའམ་དགེ་བའི་ཤིང་ལ་རིལ་བུས་བྱས་པའི་རིལ་བུ་སྟོང་རྩ་བརྒྱད་དམ། བརྒྱ་རྩ་བརྒྱད་དམ། ལྔ་བཅུ་རྩ་བཞིའམ།


TNT13_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཤུ་རྩ་གཅིག་བླངས་ལ། མདུན་དུ་ཁྲོ་བོ་ལེགས་གྲུབ་བམ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྐད་གཅིག་གིས་བསམ་ཏེ། ན་མོ་རཏྣ་ཏྲཱ་ཡཱ་ཡ། ཨོཾ་ཨཏ་བྷུ་ཏི་བི་ཛ་ཡ་སིདྡྷི་སིདྡྷཱ་རྠེ་སྭཱཧཱ། ཞེས་པ་དེ་བཞིན་གཤེགས་རིགས་སྤྱི་ཁྱབ་ཀྱི་རིགས་ཀྱི་བདག་པོའི་སྔགས་ལན་བདུན་བཟླས། དེ་ནས་མིག་ཕུག་ལྟེ་བའི་རྣམ་པ་ལྔས་བཀྲུས་ལ། གཞོན་ནུ་མས་བཀལ་བའི་སྐུད་པ་སུམ་སྒྲིལ་གྱིས་བརྒྱུས། མདུད་པ་བཏབ་སྟེ་ལྷ་ལ་མཆོད་པར་བྱས་ནས་བསྙིམ་པར་བཅུག་སྟེ། དེ་བཞིན་གཤེགས་རིགས་ཀྱིས་འཕྲེང་བའི་སྔགས་བརྒྱ་རྩ་བརྒྱད་བཟླའོ། །དེ་ཡང་འདི་ལྟ་སྟེ། ཨོཾ་ན་མོ་བྷ་ག་ཝ་ཏེ། སིདྡྷི་སཱདྷ་ཡ་སཱདྷ་ཡ། སིདྡྷ་རྠེ་སྭཱཧཱ། ཞེས་པའོ། །འདི་ནི་བགྲང་འཕྲེང་རབ་གནས་ཡིན་པས་དང་པོར་ངེས་པར་བྱ་ལ། གཞན་གྱི་མཐོང་བའམ་རེག་པའང་འབགས་པ་ལ་སོགས་པ། རབ་གནས་ཉམས་པའམ་ཉམས་པར་དོགས་ན། སྤོས་ཆུས་བཀྲུས་ཤིང་བདུག་སྤོས་ཀྱི་བདུགས་ལ་སླར་རབ་གནས་དེ་ཉིད་བསྐྱར་ཏེ་བྱ། དཀྱུས་ཀྱི་ཉམས་ལེན་ལ་ནི། བགྲང་འཕྲེང་རབ་གནས་མི་དགོས་ཀྱང༌། བྱིན་རླབས་གསོ་བའི་ཕྱིར་དང་བློ་བྱང་བའི་ཕྱིར། སྔགས་གཉིས་པོ་དེ་ཚར་རེའམ་གསུམ་ཏེ་བརྗོད་དོ། །དེ་ནས་ལག་པ་གཡས་ཀྱིས་བགྲང་འཕྲེང་བཟུང་བའམ། དལ་བར་གྱུར་ན་ངལ་གསོ་བའི་དོན་དུ་གཡོན་པས་ཀྱང་བཟུང༌། གང་ལྟར་ཡང་བགྲང་འཕྲེང་སྙིང་གར་བཟུང་སྟེ། གུང་མོ་དང་མཐེ་ཆུང་བསྐྱང༌། མཛུབ་མོ་གུང་མོའི་རྒྱབ་ཏུ་བཀུག་ཅིང་སྦྱར། སྲིན་ལག་གི་སྟེང་ནས་མཐེ་བོང་བགྲོང་བ་ཡིན་ལ། དམིགས་པ་ནི། མདུན་དུ་བཞུགས་པའི་གཙོ་བོའི་ཐུགས་ཀར་ཟླ་བ་ལ་སྔགས་འཕྲེང་བཀོད་པ་ལ་དམིགས་པ་སྟེ་དེ་ནས་བཟླས་པ་བྱའོ། །འདིར་བཟླས་བྱའི་སྔགས་ཀྱི་གཙོ་བོ་ནི་དེ་བཞིན་


TNT13_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་ཡི་གེ་བརྒྱ་པ་སྟེ། ན་མཿསྟྲཻ་ཡ་དྡྷི་ཀཱ་ནཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏཱ་བཱསྟི། དྷརྨ་ཏཱ་བ་ལཱི་ནཱཾ། ཨཾ་ཨ་ས་མ་ས་མནྟ་ཏོ་ཨ་ནནྟ་བཱསྟི། ཤཱ་ས་ནི། ཧ་ར་ཧ་ར། སྨ་ར་སྨ་ར་ཎ། བི་ག་ཏ་རཱ་ག་བུདྡྷ་དྷརྨ་ཏེ། ས་ར་ས་ར། ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མཧཱ་བ་ར་ལཀྵ་ཎ། ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱཧཱ། ཞེས་པ་ཉིད་ཅི་ནུས་སུ་བཟླ་བར་བྱའོ། །སྔགས་བསྡུས་པ་ནི། སློབ་དཔོན་ཀུ་མུ་ཏ་འབྱུང་གནས་ཀྱི་སྒྲུབ་ཐབས་ལས། ན་མཿས་མནྟ་བཛྲཱ་ཎཱཾ། ཨཱ་བཱི་ར་ཧཱུཾ་ཁཾ། ཞེས་འབྱུང༌། རྒྱུད་ཉིད་ལས། ན་མཿསརྦྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨཱ་བཱི་ར་ཧཱུཾ་ཁཾ། ཞེས་འབྱུང་ངོ༌། །བཟླས་བརྗོད་ཀྱི་རྗེས་ཀྱི་བྱ་བ་ནི། བཟླས་པའི་མཐར་བུམ་པའི་ཕྱག་བརྒྱ་བཅས་ལ། བདག་གི་བཟླས་བརྗོད་ཀྱི་དགེ་བའི་རྩ་བ་འདི། དམ་ཚིག་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་བཅོམ་ལྡན་འདས་ལ་འབུལ་ལོ། །འཕགས་པ་ཁྱེད་ཀྱིས་བདག་ལ་དམ་ཚིག་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། ཞེས་བརྗོད། འདི་ནི་མཚོན་བྱེད་དེ་རང་གང་འདོད་པའི་དངོས་གྲུབ་དེ་ཞུའོ། །བུམ་པའི་ཕྱག་རྒྱ་ནི། ལག་གཉིས་སྲིན་ལག་གི་རྒྱབ་ཏུ་གུང་མོ་སྦྱར། དེ་གཉིས་གཡོན་པའི་མདུན་དུ་གཡས་པའི་རྒྱབ་སྦྱར་ཏེ་བསྣོལ། གཡས་ཀྱི་མཛུབ་མོ་གཡོན་གྱི་གུང་སྲིན་དང༌། གཡོན་གྱི་མཛུབ་མོ་གཡས་ཀྱི་གུང་སྲིན་ལ་འཁྱུད། མཐེ་བོང་གཉིས་མཛུབ་མོའི་ཚིགས་དབུས་མ་ལ་བཞག །མཐེ་ཆུང་གཉིས་གཤིབས་ཏེ་བསྒྲེང་བའོ། །དེ་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐམས་ཅད་ཀྱིས་སྡུག་བསྔལ་བར་གྱུར་པ་བདག་ཡོངས་


TNT13_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཟུང་དུ་གསོལ། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཐལ་མོ་ཁོང་སྟོང་དུ་སྦྱར་བའི་ཕྱག་རྒྱ་རང་གི་སྤྱི་བོར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ་ག་ག་ནེ་ག་ག་ནེ། ཞེས་པ་ལན་གསུམ། ཐུན་མོང་གི་ཆོ་གས་ཛི་ན་ཛིཀ ལན་གསུམ་བརྗོད། མགོ་བོའམ། སྙིང་གར་ཟླ་བ་ལ་བྷྲཱུཾ་ཡིག་བྱུང་བར་བསམ། དེ་ནས་སེམས་ཅན་དོན་གྱི་སྤྱོད་པ་ལ་འཇུག་པའི་སླད་དུ་དངོས་གཞིའི་བཟླས་བརྗོད་དང་ཏིང་ངེ་འཛིན་གྲོལ་བར་བྱའོ། །ཞེ་ལྔ་པ་སླར་བཏང་བ་ནི། ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ་དང༌། ཨཱ་ཧ་ར༴ སོགས་ཉེར་སྤྱོད་ལྔའི་སྔགས་དང་ཕྱག་རྒྱ་ཙམ་གྱིས་མཆོད། སྤྲོ་ན། སེམས་ཅན་གྱི་ཁམས་ན༴ ཞེས་པ་ནས། ཁཾ་སྭཱཧཱའི་བར་བརྗོད་ནའང་ལེགས། མགོན་པོ་ཐུགས་རྗེ་ཆེ་ལྡན༴ སོགས་ཤོ་ལོ་ཀ་གསུམ་གྱིས་བསྟོད། བཟོད་གསོལ་གྱི་ཚིག་སྤྱི་འགྲོ་རྣམས་བརྗོད། ཨོཾ་མུ་ནི་མུ་ནི་མཧཱ་མུ་ན་ཡེ་སྭཱཧཱ། ཨོཾ་ཨརྱ་མཧཱ་བཛྲ་དྷ་རཱ་ཡ་སྭཱཧཱ། ཨོཾ་ཨརྱ་བཛྲ་དྷ་རཱ་སྭཱཧཱ། ཨོཾ་དུ་ཏ་ཨ་ནནྟ་ཡ་སྭཱཧཱ། ཨོཾ་དུ་ཏི་ཨ་ནན་ཏྱཻ་སྭཱཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་ལྟར་མཆོད་ཡོན་ཕུལ་རྗེས་སྤྱན་འདྲེན་པའི་ཕྱག་བརྒྱ་མཐེ་བོང་གཉིས་ཕྱིར་བསྐྱེད། གཤེགས་གསོལ་གྱི་ཚིག་སྤྱི་འགྲོའི་མཐར། གདོན་མི་ཟ་བར་བདག་ལ་ཡང༌། །རྗེས་སུ་བརྩེ་བར་དགོངས་ནས་ནི། །རྒྱལ་བ་སྲས་དང་བཅས་པ་རྣམས། །ཅི་བདེ་བར་ནི་གཤེགས་སུ་གསོལ། དང་པོ་བཅིངས་པའི་དེ་བཞིན་གཤེགས་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་དེ་མགོ་བོའི་སྟེང་དུ་བཅས། རྩེ་མོ་གྱེན་དུ་བསྟན། སོར་མོ་བསྐྱོད་ཅིང་དཀྲོལ་ཏེ། སེ་གོལ་གཏོགས་པ་ལན་གསུམ་དང༌། ཨོཾ་ཏ་ཐཱ་ག་ཏོ་ད་བྷ་ཝཱ་ཡ་སྭཱཧཱ། ཞེས་ལན་གསུམ་ཀྱིས། ལྷ་རྣམས་གཞལ་ཡས་ཁང་དང་བཅས་པ་གཤེགས་


TNT13_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ། དེའི་རྗེས་སུ་མི་ཉམས་པའི་ཡན་ལག་གི་ཕྱག་རྒྱ་ཞེས་བྱ་བ། གཡོན་པའི་ཐལ་མོ་གན་ཀྱལ་གྱི་སྟེང་དུ་གཡས་པའི་རྒྱབ་སྦྱར། སོར་མོ་རྣམས་བསྣོལ་བའི་རྩེ་མོ་བཀུག་སྟེ། རྩ་བའི་ཕྱོགས་སུ་བསྟན་པ་གཡོན་དུ་བསྐོར་ཏེ། ཨོཾ་ཧུ་ལུ་ཧུ་ལུ་ཙཎྜ་ལི་མ་ཏཾ་གི་སྭཱཧཱ། ཞེས་གཞན་གྱིས་མི་ཐུབ་མའི་རིགས་པས་རྭ་བ་ལ་སོགས་པ་དགྲོལ་བར་བྱའོ། །ཞེ་དྲུག་པ་ཐུན་མཚམས་ཀྱི་བྱ་བ་ནི། བདག་གི་བཟླས་བརྗོད་བགྱིས་པ་དང༌། མཆོད་པ་བྱས་པ་དང༌། ལྷའི་རྣལ་འབྱོར་བསྒོམས་པ་དང༌། སྨོན་ལམ་རྒྱ་ཆེན་པོ་བྱས་པ་དང༌། སྡིག་པ་རྣམས་སོ་སོར་བཤགས་པ་དང༌། དུས་གསུམ་དུ་བྱུང་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པ་ལ་རྗེས་སུ་ཡི་རང་བ་དང། རྗེས་སུ་ཡི་རང་བ་ཡང་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་རྒྱུ་ཉིད་དུ་རབ་ཏུ་སྦྱོར་བར་གྱུར་ཅིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ཤིང༌། སེམས་ཅན་གྱི་དོན་འབྱུང་བར་གྱུར་ཅིག །བདག་གི་བསོད་ནམས་ཀྱི་སྟོབས་དང༌། སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདག་ལ་བྱིན་གྱིས་རླབས་ཞིང༌། སེམས་ཅན་ཐམས་ཅད་ཀྱི་དོན་མི་ཟད་པ་ནི་འབྱུང་བར་གྱུར་ཅིག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །སྟོབས་བཅུ་མཁྱེན་པའི་ས་ལ་སེམས་ཅན་ཐམས་ཅད་སོ་སོར་གནས་པར་གྱུར་ཅིག །ཅེས་སྨོན་ལམ་གདབ། རྒྱས་པར་རྒྱུད་ཉིད་ལས་འབྱུང་བ་ལྟར་སྨོན་ལམ་གཞན་ཡང་གདབ་པར་བྱའོ། །དེ་ནས་གཏན་


TNT13_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ལངས་ཏེ། ཁྲིའུ་གཙང་མ་ལ་བཀུར་སྟི་དང་བཅས་པའི་སྒོ་ནས། སྡོང་པོ་བཀོད་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེའི་གླེགས་བམ་དག་བཞུགས་སུ་གསོལ་ནས་བཀླག་པར་བྱ་ཞིང༌། ཐ་ན་ཕྱག་འཚལ་བ་ཙམ་ཡང་ངེས་པར་དགོས་སོ། ཁ་ཟས་ལ་འཇུག་པ་ན། ཨོཾ་ཨོ་ཀ་ཛྭ་ལ་བཛྲ་པཱ་ཎི་ཧཱུཾ་ས་མ་ཡ་མ་ནུ་སྨ་ར་ཧཱུཾ་ཕཊ། བསྲུང་བ་བྱ། ན་མཿས་མནྟ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨོཾ་བ་ལེ་ན་ད་དེ་ཏེ་ཛོ་མཱ་ལི་ནི་སྭཱཧཱ། ཞེས་ལན་བརྒྱད་ཀྱི་མངགས་ཏེ། ཁམ་དང་པོ་ལྷག་པའི་ལྷ་ལ་འབུལ། དེ་ནས་ཟོས་ཏེ་ཁྲུས་བྱའོ། ཁྲུས་བྱེད་པ་ན་བདུད་རྩི་འཁྱིལ་བའི་སྔགས་བཟླས་སོ། །ཉལ་བ་ན་སྟོབས་པོ་ཆེའི་སྔགས་ཀྱིས་བསྲུངས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ཕྱག་ན་རྡོ་རྗེ་དང༌། ཤྭ་རིའི་བུ་རྣམས་ལ་ཕྱག་བྱས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་རློབས་པ་དང༌། བླ་ན་མེད་པའི་དངོས་གྲུབ་ཀྱི་མཆོག་སྩོལ་ཞིག །རྣམ་པར་འཚེ་བ་ཐམས་ཅད་རབ་ཏུ་ཞི་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ། ཆོས་ཀྱི་འདུ་ཤེས་ཀྱིས་ཉལ་ལོ། །དེ་བཞིན་དུ་རྗེས་དྲན་དྲུག་དང༌། མཎྜལ་དང༌། སཱ་ཚ་འདེབས་པ་དང༌། སྣོད་དག་པར་བྱེད་པ་དང༌། གོས་བགོ་བའི་སྔགས་དང༌། དངོས་དང་རྨི་ལམ་དུ་འཛག་པ་སྲུང་བ་སོགས་ཀྱང་བྱ་ལ། བ་སེར་སྐྱའི་རྣམ་ལྔ་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨུཥྞི་ཥ་ཡ། ཨོཾ་བི་ཤུདྡྷེ་བི་ར་ཛེ་ཤཱི་བ་ཤཱན་ཏི་ཀ་རེ་སྭཱཧཱ། ཞེས་བརྒྱ་རྩ་བཟླས་ཏེ་བཏུངས་པས་ནི། ཟླ་བ་ཕྱེད་ཀྱི་བཟའ་མིན་གྱི་ཉེས་པ་ཐམས་ཅད་བྱང་བར་གསུངས་སོ། །དེ་ཡན་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་


TNT13_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། དེ་བཞིན་གཤེགས་པའི་སྙིང་པོའི་ལེའུ་ལས་འབྱུང་བར་བསྙེན་པའི་ཆོ་ག་གང་ཡིན་པ་དེ། བྱ་བ་སྤྱི་རྒྱུད་རྣམས་ཀྱི་ཆོ་གས་ཁ་བསྐང་སྟེ་བཤད་ཟིན་ཏོ། །ཡང་རྣམ་པ་གཅིག་ཏུ་ན་བཤགས་པ། སྐྱབས་འགྲོ །གསོལ་བཏབ། སེམས་བསྐྱེད། ཚད་མེད་བཞི་རྣམས་བདག་ཕུལ་བའི་རྗེས་བགེགས་སྲུང་བའི་སྔོན་དུ་བྱས་ན། དེ་སྐབས་གྱི་སེམས་བསྐྱེད་དེ་མི་དགོས་པ་དང༌། འོག་ཏུ་བསྟོད་པའི་དེ་མ་ཐག་པར་བཟླས་པ་བྱས་ན། །མི་རུང་པ་མེད་ཅིང་རྣམ་པ། གཅིག་ཏུ་ན་ལེགས་པའང་ཡིན་ནོ། །འདི་ནི་བསྙེན་པའི་ཆོ་ག་ཡིན་ལ། འདི་ཡིས་ཉེ་བའི་མཚན་མ་མཐོང་བ་ན་སྒྲུབ་པ་ལ་འཇུག་ཅིང༌། ལྷའི་རྣལ་འབྱོར་ལ་སེམས་བརྟན་པ་ཐོབ་ལ། སྟོང་པ་ཉིད་དང་སྙིང་རྗེ་སྔགས་ཀྱི་ནུས་པ་ཤར་བའི་སྒྲུབ་པ་པོའི་དབང་དུ་མཛད་ནས། རྒྱུད་ལས་འདི་སྐད་ཅེས་གསུངས་ཏེ། རི་བོའི་གསེབ་ཏུ་འབུམ་བཟླས་པ་བྱས་ན། འཕགས་པ་ཕྱག་ན་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་བྱང་ཆུབ་སེམས་དཔའ་མཐོང་བར་འགྱུར་རོ། །གཉིས་ཀྱིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །གསུམ་གྱི་ནི་བྱང་ཆུབ་སེམས་པ་རྣམས་དང་སྨྲ་བར་འགྱུར་རོ། །བཞིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གསུངས་ཐོས་པར་འགྱུར་རོ། །ལྔས་ནི་གཟུངས་རྣམས་ཐོབ་པར་འགྱུར་རོ། །དྲུག་གིས་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །བདུན་གྱིས་མངོན་པར་ཤེས་པ་ལྔ་རབ་ཏུ་ཐོབ་པར་འགྱུར་རོ། །བརྒྱད་ཀྱིས་སངས་རྒྱས་ཐམས་ཅད་ལ་མངོན་པར་མཆོད་པར་འགྱུར་རོ། །དགུས་ནི་མྱ་ངན་ལས་འདས་པ་མངོན་པར་སྒྲུབ་པར་བྱེད་དོ། །བཅུས་ནི་འཇིག་རྟེན་གྱི་ཁམས་རྣམས་སུ་རྒྱུ་བར་འགྱུར་རོ། །འདི་དག་ནི་ཐམས་ལ་མཁས་པའི་བཟླས་པའི་ཆོ་ག་སྟེ། མཐའ་ཡས་པའི་འབྲས་བུ་མངོན་པར་ཤེས་པར་ཐོབ་པའི་རྒྱུར་འགྱུར་པའོ། །ཐབས་


TNT13_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་མཁས་པ་རྣམས་ཀྱིས་ཀྱང༌། བརྩོན་འགྲུས་རབ་དང་འབྲིང་དང་ཐ་མས་ཇི་ལྟར་བསྙེན་པ་དེ་ལྟར་རབ་ཏུ་སྦྱར་ན་ནུབ་གཅིག་གིས་རིག་པ་འཛིན་པར་འགྱུར་ཏེ་སྔ་མ་བཞིན་ནོ། །ཞེས་གསུངས་པའི་འབྲས་བུ་རིམ་པ་བཅུ་པོ་དེ་ནི་མོས་པས་སྤྱོད་པའི་ས་བཅུ་ཡིན་པར་མངོན་ནོ། །སྐབས་འདིར་འདི་སྙམ་དུ་བྱ་བའི་རྒྱུད་ལ་བདག་བསྐྱེད་ཀྱང་མེད་ལ། མདུན་བསྐྱེད་ལ་ཡང་སྔགས་སོགས་ས་བོན་ལས་དམ་ཚིག་གིས་བསྐྱེད་པ་དང༌། ཡེ་ཤེས་པ་སྤྱན་དྲངས་ཏེ་བསྲེ་བ་མེད་ན། ལྷ་དྲུག་གི་དབྱེ་བ་བཤད་པ་དང་འགལ་བར་གྱུར་སྙམ་ན། འདིར་དང་པོར་འཁྲུས་བྱས་རྣལ་འབྱོར་པས་ཞེས་སོགས། ལྷ་དྲུག་སྟོན་བྱེད་ཀྱི་གཞུང་ཚིག་དེ་བོད་དུ་འགྱུར་བའི་རྒྱུད་ན་ནི་མེད་ལ། རྣམ་འཇོམས་ཀྱི་འགྲེལ་པ་སངས་རྒྱས་གསང་བས་མཛད་པར་གྲགས་པ་ན། ལུང་འདྲེན་གྱི་ཚུལ་དུ་ཡོད་པ་ལས་དེ་རྣམ་འཇོམས་རྒྱས་པའི་ལུང་ཡིན་པར་གྲགས་མོད་ཀྱི། རྣམ་འཇོམས་ཀྱི་རྒྱུད་ཡིན་དུ་ཆུག་ཀྱང་རྣམ་འཇོམས་ཀྱི་རྒྱུད་ཡིན་ཚད་བྱ་རྒྱུ་ཡིན་པར་མ་ངེས་པའི་ཕྱིར་དང༌། འགྲེལ་པ་དེ་ཡང་ཚིག་དོན་བཟང་མོད་ཚིག་གི་བབས་ལ་དཔགས་ན་སྔ་འགྱུར་དུས་ཀྱི་ཟིན་བྲིས་བོད་མ་ཞིག་ཏུ་གསལ་བའི་ཕྱིར་དང༌། མཆོད་དང་གསོལ་བ་ལྷ་དྲུག་བསྒོམ། །སྟོང་དང་ཡི་གེ་སྒྲ་གཟུགས་དང༌། ཞེས་པ་ལྟ་བུ་རྒྱ་སྐད་ཚིག་རིང་པོ་ཐུང་ངུར་བསྡུས་པའམ། །རྒྱ་སྐད་རྐང་པ་གསུམ་བོད་སྐད་རྐང་པ་གཉིས་ལ་བསྡུས་པའམ། རྒྱ་སྐད་ཚིག་ལྷུག་པ་ཚིགས་བཅད་ཡི་གེ་ཤིན་ཏུ་ཉུང་ངུར་བསྡུས་པ་ལྟ་བུའམ། ཚིགས་བཅད་ལ་རིག་བྱེད་ཀྱི་གསང་བའི་གབ་ཚིག་སྐད་འདོད་བསྒྲིགས་པ་ལྟ་བུ་ཡོད་ན་མ་གཏོགས། རྗེས་སྔགས་དང༌། ཁ་སྒོ་ལ་སོགས་པ་ཚིགས་བཅད་ཡིག་འབྲུ་བརྒྱད་པའི་སྡེབ་སྦྱོར་གྱི་ཚིག་རྐང་གཉིས་


TNT13_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགྲིག་དཀའ་བར་སྣང་ཞིང༌། ཚིག་ལམ་ཡང་བོད་མའི་སྡོམས་འདྲ་རུང་བ་སྣང་བ། དེས་ན་ཚིག་འདི་ནི་བོད་ཀྱི་སྡོམས་ཚིག་སྙིང་པ་ཡིན་ཡང་དག་ཅིང༌། ཆེས་སྔ་བའི་ཡིག་རྙིང་ལས་དཔེ་གསར་དུ་སྤེལ་བ་རྣམས་ལ་མཆན་བུ་དཀྱུས་སུ་ཤོར་བའི་ནོར་བ་ཡང་མང་བས་ལུང་ཁུངས་སྨོས་པ་ཡང་རྩོམ་པ་པོས་བྱས་པར་མ་ངེས་པའི་ཕྱིར་དང༌། བྱ་རྒྱུད་རང་རྐང་ལ་ནི། ལྷ་དྲུག་གི་རྣམ་གཞག་ངེད་པར་འཆད་དགོས་པ་མི་སྣང་བས། དེ་འདྲའི་རྣམ་གཞག་ངེས་པར་དགོས་པ་མིན་ལ། ཅི་སྟེ་བྱེད་ན་སངས་རྒྱས་གསང་བས་བཤད་པ་རྣམས་ནི་སྤྱོད་རྒྱུད་ཀྱི་ལུགས་ཡིན་པས་འདིར་དེ་ལྟར་མི་བྱའོ། །འདིར་ནི་ལྷ་སྐུ་ལ་དམིགས་པའམ་མ་དམིགས་ཀྱང་རུང་སྟེ། བདག་གི་དེ་ཁོ་ན་ཉིད་ལ་དམིགས་པའི་སྐབས་སོགས་སུ། །ཆོས་ཀྱི་བདག་མེད་པའི་དོན་སྒོམ་པ་ནི་སྟོང་པ་ཉིད་ཀྱི་ལྷ། མདུན་སྐྱེད་གཙོ་བོའི་ཐུགས་ཀར་སྔགས་ཀྱི་ཡིག་འབྲུ་བསྒོམ་པ་ནི་ཡི་གེའི་ལྷ། སྔགས་ཀྱི་སྒྲ་ལ་དམིགས་པའི་བསམ་གཏན་ནི་སྒྲའི་ལྷ། །ལྷའི་སྐུ་ལ་དམིགས་པ་ནི་གཟུགས་ཀྱི་ལྷ། ལྷ་སོ་སོའི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་ནི་ཕྱག་རྒྱའི་ལྷ། ཐུན་མཚམས་སུ་བར་ཆད་མི་འཇུག་ཅིང་བྱིན་རླབས་བརྟན་པའི་དོན་དུ། ཐུན་གཏོར་ཁར་ཕྱག་རྒྱ་སྤྱི་བོར་བཞག་པས། རྟགས་ཀྱི་ཚུལ་དུ་ཡིག་འབྲུ་བསམ་པ་ནི་མཚན་མའི་ལྷའོ། །འདིར་བསམ་གཏན་གྱི་དེ་ཁོ་ན་ཉིད་ཀྱང༌། ལྷ་དང་ཡི་གེར་དང་སྒྲ་དང་ཕྱག་མཚན་དང་ཐིག་ལེ་དང་འོད་ཟེར་ལ་སོགས་པ་ལ་དམིགས་ནས། སྟོང་ཉིད་སྙིང་རྗེ་སྒོམ་པ་རྣམས་མདུན་སྐྱེད་ཁོ་ན་ལ་དམིགས་ནས་བྱ་བ་ཡིན་གྱི། སྒྲ་དང་སེམས་དང་གཞི་ལ་གཞོལ་ཞེས་སོགས་ཀྱིས་བཟླས་བརྗོད་དང༌།


TNT13_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་མེར་གནས་དངོས་གྲུབ་སྟེར། ཞེས་པ་ལ་སོགས་པའི་བསམ་གཏན་ནི་བྱ་རྒྱུད་རང་རྐང་གི་ལུགས་ལ་མི་སྦྱོར་རོ། །སངས་རྒྱས་གསང་བས། བྱ་རྒྱུད་རྣམས་རང་ལུགས་མི་མཛད་པར་སྦྱོང་རྒྱུད་དུ་འགྲེལ་བར་མཛད་པ་དེ་བོད་པའི་ཆེན་པོ་མང་པོས་མ་དགོངས་པ་དང༌། ཕྱིས་ཀྱི་སྒྲིན་པོ་མང་པོས་རྒྱུད་འབུམ་བཏུ་མཁན་རྣམས་ཀྱིས་བྱ་རྒྱུད་ཀྱི་པོ་ཏིའི་སྡེ་ཚན་གྱི་གསེབ་ལ་རྒྱུད་སྡེ་གོང་མར་གཏོགས་པ་མང་པོ་ངོ་མ་ཤེས་པར་ཤོར་བ་རྣམས་བྱ་རྒྱུད་དུ་བདག་བསྐྱེད་ཡོད་པའི་རྒྱབ་རྟེན་དུ་འདྲེན་པ་སོགས་ཅལ་ཅོལ་དུ་མ་ཡོད་པ་རྣམས་འཛུག་ཚུགས་བསྟན་པ་ཙམ་གྱི་འཁྲུལ་པ་སངས་པར་འགྱུར་རོ། །དེ་ལྟར་ན་དམ་ཚིག་གསུམ་བཀོད་རྒྱལ་པོ་དེ་བཞིན་གཤེགས་པའི་སྙིང་པོའི་ལེའུ་ལས་འབྱུང་བ་ལྷ་ལྔའི་སྒོ་ནས། བསྙེན་པའི་ཆོ་ག་སྤྱི་རྒྱུད་ནས་འབྱུང་བའི་ཁ་སྐོངས་དང་བཅས་པ་ལེགས་པར་བཤད་པ་ཡིན་ནོ། །ད་ནི་དབང་བསྐུར་བ་དང་འབྲེལ་བའི་དཀྱིལ་འཁོར་གྱི་ཆོ་ག་མདོ་ཙམ་བཤད་པར་བྱའོ། །དེ་ལ་སློབ་དཔོན་དང༌། སློབ་མའི་མཚན་ཉིད་དང༌། ཡུལ་ཕྱོགས་དང་དུས་དང༌། དཀྱིལ་འཁོར་ཀྱི་ས་གཞིའི་མཚན་ཉིད་ལ་སོགས་པ་ནི། གསང་བ་སྤྱི་རྒྱུད་ལས་འབྱུང་བ་ལྟར་ཤེས་པར་བྱའོ། །འདིར་ཆོ་ག་དངོས་ལ་སའི་ཆོ་ག་དང༌། སྟ་གོན་དུ་གནས་པ་དང༌། དཀྱིལ་འཁོར་ཞག་གི་ཆོ་ག་དང༌། དཀྱིལ་འཁོར་སྒྲུབ་པ་དང༌། སློབ་མ་དབང་བསྐུར་བ་དང༌། རྗེས་ཀྱི་ཆོ་ག་སྟེ་དྲུག་གོ །དང་པོ་ལས་སྦྱང་བ་དང༌། བཟུང་བ་གཉིས་སོ། དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་ནས་བརྩམས་ཏེ། སྟོབས་བཅུ་མཁྱེན་པའི་ས་ལ་སེམས་ཅན་ཐམས་ཅད་སོ་སོར་གནས་པར་གྱུར་ཅིག་གི་བར་གོང་དུ་


TNT13_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པའི་ཆོ་གར་བཤད་པ་ལྟར་གྱི་བསྒྲུབ་ཐབས་རྫོགས་པར་བསྒོམ། །ས་ཕྱོགས་གཙང་ཞིང་བྱི་དོར་བྱས་པ་ལ་མེ་ཏོག་སིལ་མ་ཅུང་ཟད་གཏོར། དཀར་གཏོར་གཅིག་ལ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཀྱིས་བསངས། རལ་གྲི་འདེབས་པའི་ཚུལ་ཞེས་བྱ་བ་རྡོར་བསྡམས་ཀྱི་ཕྱག་རྒྱ་བཏབ་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨ་དྱ་ནུ་ཏྤནྣ་ཏྭཏ། ལན་གསུམ་གྱིས་བྱིན་གྱིས་རླབས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཀ་བྷྱཿ ཞེས་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་རྒྱ་ཆེར་སྤེལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ལན་བདུན་སོགས་ཀྱིས་ཕུལ། གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་ཡུལ་བདག་གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་ཡུལ་ཕྱོགས་ཀྱི་གཙོ་བོ་དང་སའི་བདག་པོ་ཐམས་ཅད་ལ་འབུལ་ལོ། །མཆོད་ཡོན་དང་དྲི་དང་མེ་ཏོག་དང་བདུག་པ་དང་སྣང་གསལ་དང་ན་བཟའ་ལ་སོགས་པ་ཡོ་བྱད་ཐམས་ཅད་དང་ལྡན་པའི་གཏོར་མ་འདི་བཞེས་ལ། གནོད་སེམས་ཞི་ཞིང༌། ཕན་པ་དང་བདེ་བའི་སེམས་དང་ལྡན་པས་དཀྱིལ་འཁོར་གྱི་དོན་དུ་སའི་ཕྱོགས་འདི་བདག་ལ་སྩོལ་བ་དང་ཞི་བ་དང་བདེ་བ་དང་བཀྲ་ཤིས་པར་མཛད་དུ་གསོལ། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་མོའམ་གཞན་དག་ལ། །ས་འདི་བདག་གིས་སླང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱོད་ཀྱིས་སྩོལ། ལན་གསུམ། རོལ་མོའི་སྒྲ་དང་བཅས་ཏེ་གཏོར་མ་ཕྱིར་དོར་རོ། །འདི་


TNT13_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱིས་སླང་བ་ཡིན། འགའ་ཞིག་འདི་ལྟ་བུ་བྱ་རྒྱུད་ལས་མ་བཤད་ཅེས་མི་བྱེད་པ་ནི། སྔ་མ་རྣམས་ཀྱི་ལག་ལེན་མ་ནོར་བའི་རྒྱུན་ལ་བརྙས་པ་བྱེད་ཅིང༌། མཐོང་རྒྱ་ཕྲ་མའི་ཁེངས་པས་ཡུལ་དུས་གང་དུ་གང་དགོས་མ་ཤེས་པར་བགེགས་ཀྱི་བར་ཆད་ཆེད་ཀྱིས་ཉོ་བར་ཟད་ལ། འདི་འདྲའི་རིགས་ཀྱི་མཐའ་རྒྱ་བསྐྱེད་དགོས་པའི་ཕྲ་མོ་མང་པོ་ཞིག་ལ། ཡུལ་དུས་དང་བསྟུན་པའི་ལག་ལེན་དགོས་ཀྱི། ག་གེ་མོའི་ལུགས་ལ་དེ་དང་དེ་ཡོད་དོ་མེད་དོ་ཞེས་ཚིག་རྩེག་ཐན་ཐུན་ལ་མགུལ་བ་ཆད་ཆད་དུ་རྩོད་པ་དང༌། བཤད་ཁུངས་ཕྲན་ཚགས་རེ་གདོང་ཐད་དེར་ཡོད་མེད་ཀྱི་དབུ་ཚུགས་མི་འགྲོ་སྟེ། སྔོན་རྒྱ་གར་དུ་པཎྜི་ཏ་གསུམ་གྱིས་གཞུང་ལུགས་དང་བསྟུན་ནས་ལྟོ་གཡོས་པའི་དཔེར་འགྲོ་ཉེན་ཡོད་དོ། །དེ་ནས་དཀྱིལ་འཁོར་གྱི་ས་གཞི་ལ་ལག་པས་བྱུགས་ཤིང༌། ཅབ་བེ་ཅབ་བེ་བྱས་ཏེ། ཨོཾ་ཀི་ལི་ཀཱི་ལ་བཛྲ་བྷི་མ་རཽ་ཏྲི་བ་བི་ཏྲ་མཧཱ་ཀྲོ་དྷ་བི་ཛཱ་ཡ། ནི་ཀྲིན་ཏ་ཧཱུཾ་ཕཊ། བནྡྷ་བནྡྷ་སྭཱཧཱ། ཞེས་མང་དུ་བཟླའོ། །དེ་ནས་ཨོཾ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བྷུ་ར་བནྡྷ་ཧུཾ་ཕཊ། ཅེས་སེང་ལྡིང་གི་ཕུར་བུ་སོར་བརྒྱད་པ་བཏབ། ཀི་ལི་ཀཱི་ལས་བསངས་གཏོར་བྱེད་པ་ནས་བརྩམས་ཏེ། རྡོ་རྗེའི་རྭ་བའི་ཕྱི་རོལ་དུ་མེ་དཔུང་འབར་བས་བསྐོར་བར་གྱུར། ཞེས་པའི་བར་མཚམས་བཅིངས་ཤིང་སླར་ཡང་སེང་ལྡིང་གི་ཕུར་བུ་ལ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བདུད་རྩི་ཐལ་སྦྱོར་གྱི་སྔགས་བསྡུས་པ་དང༌། ཨོཾཥྟོཾ་བནྡྷ་སྭཱཧཱ། ཞེས་ལས་ཐམས་ཅད་པ་མང་དུ་བཟླས། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ནཱ་མཿས་མནྟ་བཛྲ་རྞཾ། ཨཱ་ཀོ་ཊ་ཡ། ས་ཧེ་མཧཱ་ཙཎྜ་ལ་ཕཊ་ཕཊ་ཕཊ། སརྦ་ཏྲ་རཀྵཾ་ཏྲ་ཊ་མ་ཊ་མ་ཊ་


TNT13_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། ཅེས་ཕུར་བུ་ཐོ་བས་བརྡུང་བར་བྱའོ། །སྔགས་འདི་དམ་ཚིག་གསུམ་བཀོད་ཉིད་ལས་གསུངས་སོ། །ཕུར་བུ་ནི་ཕྱོགས་མཚམས་བརྒྱད་དམ། མཚམས་བཞིའམ་མ་འབྱོར་ན་དབུས་སུ་གཅིག་གདབ་བོ། །གཉིས་པ་ས་བཟུང་བ་ནི། སྐྱབས་འགྲོ་སེམས་བསྐྱེད་ནས་བརྩམས་ཏེ། སེམས་ཅན་ཐམས་ཅད་སོ་སོར་གནས་པར་གྱུར་ཅིག །གི་བར་སྒྲུབ་ཐབས་རྫོགས་པར་བསྒོམ་ནས་ལས་རྗེས་མི་མངོན་པར་བྱའོ། །དེ་ནས། ཨོཾ་ཛ་ཡ་ཨུཥྞི་ཥ་ཛྭ་ལ་ཛྭ་ལ། བནྡྷ་བནྡྷ།ད་མ་ད་མ།ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧ་ན་ཧཱུཾ། ཞེས་གཙུག་ཏོར་རྒྱལ་བའི་སྔགས་ཀྱིས་བསངས་གཏོར་བྱ། བྷྲཱུཾ་དང༌། ཛི་ན་ཛིཀ་དང༌། རྩ་སྔགས་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་བཟླ་བཞིན་དུ། ས་ལ་ལག་པས་བྱུགས་ཤིང་བཅབས་ནས། སའི་ཕྱོགས་འདི་བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ། །ཞེས་བརྗོད། གཞོན་ནུ་མས་བཀལ་བའི་སྲས་བུ་ལ། ལས་ཐམས་ཅད་པའམ། བདུད་རྩི་ཐལ་སྦྱོར་རྒྱས་འབྲིང་བསྡུས་གསུམ་གངརུང་ཞིག་ལ་ལན་བཞི་བཅུ་རྩ་དགུ་བཟླས། མདུད་པ་གསུམ་མམ་བདུན་བཏབ་སྟེ་སློབ་མར་འགྱུར་བའི་མགུལ་ལམ་དཔུང་པར་བཏགས་པས་སློབ་མ་རྣམས་ཀྱི་བགེགས་ཐམས་ཅད་ཞི་ཞིང་སྲུང་བ་བྱས་པར་འགྱུར། འདི་སྤྱི་ལ་གྲགས་པའི་སློབ་མ་རྗེས་བཟུང་དང་དགོས་དོན་གཅིག་མོད། སྤྱིར་རྒྱུད་ཀྱི་དཔེ་ཁ་ཅིག་ལས། དེ་ནས་སློབ་མ་ཡོངས་བཟུང་ནས། ཞེས་འབྱུང་བ་ནི་ཡིག་ནོར་བརྒྱུད་པ་སྟེ། དཔེ་འགའ་ལས། དེས་ནི་སློབ་མ་ཡོངས་བཟུང་བའི། །ལས་ལ་བགེགས་ནི་མེད་པར་འགྱུར། །ཞེས་


TNT13_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྟར་དག་སྟེ། ཡོངས་སུ་བཟུང་ཟིན་པའི་སློབ་མ་ལ་སྲུང་བ་བྱེད་པའོ། །འདི་ལ་རྗེས་བཟུང་གི་ཐ་སྙད་བྱེད་པ་རྣམས་ནི་སྒྲུབ་བྱེད་དེ་གདོད་ཚོལ་དགོས་སོ། །སྐབས་འདིར་གསང་བ་སྤྱི་རྒྱུད་ལས་སྤྱིར་བཏང་དུ། ས་སྦྱང་བ་ནི་དཀྱིལ་འཁོར་བྲི་བའི་སྔ་རོལ་གྱི་ཞག་བདུན་གྱི་ནང་ལོགས་དང༌། ས་བཟུང་བ་ནི་བྲི་བའི་ཞག་གསུམ་གྱི་སྔོན་ནས་བྱེད་པར་གསུངས་ལ། དམིགས་གསལ་ལ་གཅིག་ཏུ་མ་ངེས་པས་ད་ལྟའི་ལག་ལེན་ལྟར་ན། ཉི་མ་དང་པོ་ལ་ས་སྦྱངས་བ་དང༌། གཉིས་པ་ལ་བཟུང་བ་ལྟ་བུ་བྱས་ནའང་རུང༌། ཡང་སྤྱི་རྒྱུད་ལས། ནུབ་གསུམ་གྱི་ཆོ་ག་རྫོགས་པའི་དབང་དུ་བྱས་ནས། རྣམ་དཔྱད་དང་པོ་ས་གཞི་བཟུང༌། ཞེས་ས་ཆོག་གི་སྡེ་གཉིས་ཀར་ཉི་མ་གཅིག་ལ་ཚང་བར་བྱས་ནའང་ལེགས་པར་འགྱུར་རོ། །དེ་ལ་རྒྱུད་རྣམས་ཀྱི་དགོངས་པས་ནི། སློབ་དཔོན་གྱིས་ཚད་དང་ལྡན་པའི་བསྙེན་པ་སོང་ཞིང་མ་ཉམས་པ་ཡིན་ན། སྐབས་འདིར་ས་ཆོག་གཉིས་ཀྱི་ཆོ་གའི་ཡན་ལག་ཏུ་བསྙེན་པའི་ཆོ་ག་དང་འདྲ་བའི་སྒྲུབ་ཐབས་ཚར་རེ་སྒོམ་པ་དེ་ངེས་པར་སྔོན་དུ་འགྲོ་དགོས་པ་མིན་པས། སྐབས་འདིར་བཟླས་བརྗོད་དང་ལྷའི་རྣལ་འབྱོར་སྒོམ་ཚུལ་ལ་གསུངས་པ་ནི། དོན་ལ་དཀྱིལ་འཁོར་གྱི་ཆོ་ག་ཚང་བར་འགྱུར་བ་ཙམ་ལ། སྐབས་འདིར་སྒྲུབ་ཐབས་བསྒོམ་མི་དགོས་ཀྱང་དང་པོར་ནི་རང་གཞན་གྱི་བསོད་ནམས་སྤེལ་བའི་སླད་དང༌། གཉིས་པར་ན་བྱིན་རླབས་ཉེ་བའི་ཕྱིར་དང༌། གསུམ་པར་ན་ཆོ་ག་མཛེས་པའི་ཆེད་དང༌། བཞི་པར་ན་ད་ལྟའི་གང་ཟག་དམན་པ་ཆོ་ག་ཙམ་དོན་གཉེར་གྱིས་ཀྱང་བསྙེན་པའི་ཆོ་ག་མི་སྤོང་ཞི་བློ་བྱང་བར་འགྱུར་བའི་དགོས་པ་ཁྱད་པར་ཅན་ཡོད་པས། ས་སྦྱངས་


TNT13_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ཉིན་ཞག་སོ་སོར་བྱེད་ན། ཉིན་རེ་བཞིན་སྐྱབས་འགྲོ་ནས་བསམས་ཏེ། ཐ་མའི་སྨོན་ལམ་གྱི་བར་གྱི་སྒྲུབ་ཐབས་ཚར་རེ་སྔོན་དུ་བཏང་ནས། དེ་དང་དེ་ལ་འཇུག་པ་ཡིན་ལ། སྦྱངས་བཟུང་ཉི་མ་གཅིག་ལ་བྱེད་ན་ནི། སྦྱང་བའི་སྔོན་དུ་སྒྲུབ་ཐབས་ཚར་གཅིག་བསྒོམས་པ་དེ་ཀས་ཆོག་གོ །གཉིས་པ་སྟ་གོན་དུ་གནས་པ་ལ། ལྷ་སྟ་གོན་དང༌། སློབ་མ་སྟ་གོན་དང༌། བུམ་པ་སྟ་གོན་གསུམ་མོ། །དང་པོ་ནི། སློབ་དཔོན་ཁྱིམ་པ་ཡིན་ན་ནང་པར་ཐོག་མ་ལ་བསྙེན་གནས་བླངས། ཉི་མ་འཆར་བའི་སྐབས་ཐུར་མའམ་དབྱུག་གུ་བསླང་བས། ཕྱོགས་བརྟགས་དེ་མ་ནོར་བར་སྐམ་ཐིག་ཐིག་ཆེན་བརྒྱད་ཙམ་འདེབས་ཤིང་སྒོ་སྤྲག་གསུམ་མའི་དཀྱིལ་འཁོར་འབྲི་ན་རྩ་ཐིག་རིམ་པ་གསུམ་ཀའི་ཐད་དུ་ཐིག་རེ་གདབ་དགོས་ལ། ལྷ་རྣམས་གང་དུ་འགོད་པའི་གནས་སོགས་ངེས་པར་བྱས་ནས་དེ་དག་ཏུ་རྟགས་བཏབ་བོ། །སྔ་དྲོའམ་ཉིན་གུང་སོགས་ཇི་ལྟར་འོས་པ་སྒྲུབ་ཐབས་ཚར་ཅིག་བསྒོམས་ནས་བཟླས་བརྗོད་ཀྱང་མང་དུུ་བྱ། ཅི་སྟེ་སྔ་དྲོ་ས་ཆོག་དང་དགོང་མོ་སྟ་གོན་བྱེད་པ་ཡིན་ན། ས་ཆོག་གི་མགོར་སྒྲུབ་ཐབས་ཐོག་མར་བསྒོམས་པ་དེ་ཁོ་ནས་ཆོག་གི སླང་ཡང་སྐབས་འདིར་མི་དགོས་མོད། སྤྱིར་ས་ཆོག་དང་སྟ་གོན་ཉིན་ཞག་གཅིག་ལ་བསྒྲུབས་པས་གོ་མི་ཆོད་པ་རང་ཡང་མིན་མོད། ཚུལ་དང་མཐུན་པ་མ་ཡིན་པས་མི་ལེགས་སོ། །དགོངས་ཀའི་དུས་ན་གོང་དུ་བཤད་པ་ལྟར་བསྙེན་པའི་སྐབས་ཀྱི་ལྷ་སྤྱན་འདྲེན་པ་ཡིད་ལ་བཞག་ནས། བྷྲཱུཾ། བདུན་དང༌། ཛི་ན་ཛིཀ་བདུན་དང༌། ཨོཾ་ཥྟོཾ་བནྡྷ་སྭཱཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ གསུམ་དང༌།


TNT13_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་དང་ནི་དམ་ཚིག་གི༴ ཞེས་པ་ནས། དགྱེས་པར་མཛད། བྷྲཱུཾ་བདུན་དང༌། ཛི་ན་ཛིཀ་བདུན་དང༌། ཨོཾ་བྷ་ག་ཝན་མཧཱ་ཀཱ་རུ་ཎི་ཀ་ཤཱཀྱ་མུ་ནི་ཏྲི་ས་མ་ཡ་རཱ་ཛ་མཎྜལ་དེ་བ་ཏཱ་ས་པཱ་རི་ཝ་ར་ཨེ་ཧྱཻ་ཧི། ལན་གསུམ། དཀྱིལ་འཁོར་གྱི་ས་གཞིར་དབུས་སུ་སོར་བཅུ་གཉིས་ཀྱི་ཚད་ཙམ་དུ་དྲི་བཟང་གི་གྲུ་བཞིར་བྱུག་ཅིང༌། ཛི་ན་ཛིཀ་ཞེས་པ་རིགས་ཀྱི་སྙིང་པོ་ལན་བདུན་དང༌། ཨོཾ་མུ་ནི་མུ་ནི་མཧཱ་མུ་ན་ཡེ་སྭཱཧཱ། གཙོ་བོའི་མཚན་སྔགས་ལན་གསུམ། དབུས་ཀྱི་གདན་གྱི་སྟེངས་སུ་བཅོམ་ལྡན་འདས་སོགས་ནས།ལྷ་གཞན་རྣམས་ཀྱི་གནས་སུ་དྲིའི་ཐིག་ལེ་བྱེད་བཞིན་པས། ཨོཾ་ཨཱརྱ་བཛྲ་དྷ་ར་སྭཱཧཱ། གཡས་སུ་འཕགས་པ་རྡོ་རྗེ་འཛིན་ཆེན་པོ། སོགས་ནས། གདན་ལ་བརྟེན་པ། ཨོཾ་ཨཱརྱ་བཛྲ་དྷ་རཱ་སྭཱཧཱ། གཙོ་བོའི་གཡོན་དུ་འཕགས་མ་རྡོ་རྗེ་འཛིན་སོགས་ནས། རྡོ་རྗེ་འཛིན་པའོ། །ཨོཾ་དུ་ཏ་ཨ་ནནྟཱ་ཡ་སྭཱཧཱ། གཡས་ཀྱི་འོག་ཏུ༴ སོགས་ནས། རིན་པོ་ཆེས་བརྒྱན་པའོ། །ཨོཾ་དུ་ཏི་ཨ་ནནྡྱཻ༴ སོགས་ནས། གཡོན་གྱི་འོག་ཏུ༴ སོགས་ནས། བཞུགས་པར་གྱུར། ལྷ་ལྔ་ཉིད་ལ་དེ་ཙམ་གྱིས་ཆོག་ཅིང༌། ལྷ་ལྔའི་དབང་གིས་གོ་མི་ཆོད་པ་ཏ་མིན་མོད། ཅུང་ཟད་རྒྱུད་སྨིན་སྟོབས་ཆུང་ལ། སྤྱི་རྒྱུད་ལྟར་སྦྱར་ན་སློབ་མ་སྨིན་ཚབས་ཆེ་བར་འོང་བའི་ཕྱིར། སྤྱི་རྒྱུད་ནས་ཁ་འགེངས་བྱེད་དགོས་པས་ན་འདི་ལྟར་བྱ་སྟེ། གཙོ་བོའི་མདུན་ངོས་ཀྱི་འོག་ཏུ། ཨོཾ་མཧཱ་ཀྲོ་དྷ་ཨ་པ་ར་ཛི་ཏ་སྭཱཧཱ། ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ་དང༌།


TNT13_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བྷ་ག་ཝ་ཏྱཻ་ཨ་པ་ར་ཛི་ཏཱ་སྭཱཧཱ། བཅོམ་ལྡན་ཁྲོ་མོ་གཞན་གྱིས་མི་ཐུབ་མ་དང༌། ཨོཾ་བུདྡྷ་ལོ་ཙ་ནེ་སྭཱཧཱ། རིགས་སྔགས་ཀྱི་རྒྱལ་མོ་ཆེན་མོ་སངས་རྒྱས་སྤྱན་མ་དང༌། ཨོཾ་ཨུརྞཱི་སྭཱཧཱ། བྱང་ཆུབ་སེམས་དཔའ་མཛོད་སྤུ་ཅན་དང༌། ཨོཾ་ཤཱུ་ལཱི་སྭཱཧཱ། བྱང་ཆུབ་སེམས་དཔའ་མདུང་ཐུང་ཅན་དང༌། ཨོཾ་ཙཀྲ་བརྟི་མཧཱ་ཨུདྦྷ་ཝེ་སྭཱཧཱ།བྱང་ཆུབ་སེམས་དཔའ་འཁོར་ལོས་བསྒྱུར་བ་ཆེར་འབྱུང་དང༌། ཨོཾ་ཙིནྟཱ་མ་ཎི་དྷྭ་ཛཱ་ཡ་སྭཱཧཱ། བྱང་ཆུབ་སེམས་དཔའ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང༌། ཨོཾ་མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏཱ་ཡ་སྭཱཧཱ། འཇམ་དཔལ་གཞོན་ནུ་གྱུར་པ་དང༌། ཨོཾ་མཧཱ་སྠཱ་མ། པྲ་སྟཱ་ཡ་སྭཱཧཱ། རྒྱལ་སྲས་མཐུ་ཆེན་ཐོབ་པ་དང༌། ཨོཾ་ཨཱ་ཀ་ཤ་གརྦྷཱ་ཡ་སྭཱཧཱ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང༌། ཨོཾ་སརྦ་ཨརྠ་སིདྡྷི་ཡ་སྭཱཧཱ། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་དང༌། ཨོཾ་བི་མ་ལ་མ་ཏི་སྭཱཧཱ། བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་དང༌། ཨོཾ་ཨཱརྱ་མཻ་ཏྲི་སྭཱཧཱ། བྱང་ཆུབ་སེམས་དཔའ་འཕགས་པ་བྱམས་པ་དང༌། ཨོཾ་མཱ་མ་ཀཱི་སྭཱཧཱ། རིགས་སྔགས་ཀྱི་རྒྱལ་མོ་ཆེན་མོ་མཱ་མ་ཀཱི་དང༌། ཨོཾ་མཧཱ་བིརྱ་སྭཱཧཱ། མངགས་གཞུག་པ་བརྩོན་འགྲུས་ཆེན་པོ་དང༌། ཨོཾ་ཨིནྡྲ་ཡ་སྭཱཧཱ། ལྷའི་རྒྱལ་པོ་མཆོད་སྦྱིན་བརྒྱ་པ་དང༌། ཨོཾ་ཨ་དི་ཏྱ་སྭཱཧཱ། ལྷའི་བུ་ཉི་མ་དང༌། ཨོཾ་ཤཱི་ཏ་ཨཾ་ཤུ་སྭཱཧཱ། ལྷའི་བུ་ཟླ་བ་དང༌། ཨོཾ་ཨགྣ་ཡེ་


TNT13_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ། དྲང་སྲོང་ཆེན་པོ་མེ་ལྷ་དང༌། ཨོཾ་ཡ་མ་ཡེ་སྭཱཧཱ། གཤིན་རྗེའི་རྒྱལ་པོ་དང༌། ཨོཾ་རཀྵཱ་ས་ཏི་པ་ཡ་སྭཱཧཱ། སྲིན་པོའི་རྒྱལ་པོ་དང༌། ཨོཾ་བ་རུ་ཎཱ་ཡ་སྭཱཧཱ། ཆུ་ཡི་བདག་པོ་དང༌། ཨོཾ་བཱ་ཡ་བེ་སྭཱཧཱ། རླུང་ལྷའི་རྒྱལ་པོ་དང༌། ཨོཾ་ཀུ་བེ་ར་སྭཱཧཱ། གནོད་སྦྱིན་གྱི་དེད་དཔོན་ལུས་ངན་པོ་དང༌། ཨོཾ་ཨི་ཤཱ་ན་ཡ་སྭཱཧཱ། འབྱུང་པོའི་བདག་པོ་དབང་ལྡན་དང༌། ཨོཾ་པྲི་ཐྭཱི་དེ་ཝཱི་སྭཱཧཱ། སའི་ལྷ་མོ་ཆེན་མོ་དང༌། ཨོཾ་ནནྟ་ནཱ་གཱ་ཡ་སྭཱཧཱ། ཨོཾ་ཨུ་པ་ནནྡ་ནཱ་གཱ་ཡ་སྭཱཧཱ། ཀླུའི་རྒྱལ་པོ་དགའ་བོ་དང༌། གཉེན་དགའ་བོ་དང༌། ཨོཾ་ཧ་རི་ཏྱཻ་སྭཱཧཱ། གནོད་སྦྱིན་མོ་འཕྲོག་མ་དང༌། སྒོ་སྲུང་འཇིག་རྟེན་སྐྱོང་བ་བཞི་བྱེད་ན། ཨོཾ་དྷྲྀ་ཏ་རཥྟ་ཡ་སྭཱཧཱ། ཞེས་སོགས་ཀྱང་བྱ། གཞལ་ཡས་ཁང་འབྱུང་བར་འགྱུར་བའི་ཕྱིའི་ས་གཞི་ལ། ཨོཾ་བཛྲ་སེ་ན་སྭཱཧཱ། རྡོ་རྗེ་སྡེ་དང༌། ཨོཾ་སུ་བ་ཧུ་སྭཱཧཱ། ལག་བཟང་དང༌། ཨོཾ་མུརྟཱ་ན་ཏ་ཀཱ་ཡ་སྭཱཧཱ། བགེགས་ཀྱི་དེད་དཔོན་ཆེན་པོ་ཚོགས་ཀྱི་བདག་པོ་དང༌། ཨོཾ་རུ་ཊ་མ་ཧེ་ཤྭ་རཱ་ཡ་སྭཱཧཱ། དབང་ཕྱུག་ཆེན་པོ་དང༌། ཨོཾ་པྲཧྨཱ་ཡ་སྭཱཧཱ། ཚངས་པ་ཆེན་པོ་དང༌། རིགས་ལྔ་འཆང་གི་རྒྱལ་པོ་ཡང༌། །གླང་པོ་ཆེ་ཞེས་བྱ་བ་དང༌། །ཡན་ལག་བཀྲས་འབྱིན་རྩེ་བྲན་ཅན། །གཡོན་ཕྱོགས་ཅོད་པན་མིག་བཟང་དང༌། །སྣ་ཚོགས་འོད་དང་ལེགས་པར་གྲུབ། །བདུན་པོ་ལྷོ་ཡི་ཕྱོགས་སུ་བཞུགས། །འདིར་ལྷའི་མཚན་བརྗོད་པས་གསལ་འདེབས་པ་ལ། ཁ་གཅིག་ཤཱཀྱ་ཐུབ་པ་ཞེས་པ་ལྟ་བུ་ཁོ་ན་བྱེད་ཟེར་བ་ནི་ལག་ལེན་དང་མན་ངག་མེད་པར་


TNT13_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་རྒྱུད་བཀླགས་པ་ཙམ་གྱིས་ཚིམ་པའི་སྐྱོན་ཏེ་རང་ལུགས་ལ་ཐོག་མཐར་ཨོཾ་དང་སྭཱཧཱ་སྦྱོར། དེ་དག་ལ་སྒྲུབ་ཐབས་སུ་བཤད་པའི་ཆོ་གས། ཛི་ན་ཛིཀ་ཨོཾ་ཏེ་ཛ་ཏེ་ཛ༴ ནས། མཉམ་ཉིད་མི་གཡོ་མའི་བར་དུ་མཆོད་པ་བྱིན་རླབས་དང༌། མཆོད་ཡོན་ནས་བརྩམས་ཏེ་བསྟོད་པ་རྫོགས་ཀྱི་བར་མཆོད་བསྟོད་འབུལ། འགྲུབ་ན་ལྷ་མཉེས་པའི་ཕྱིར་སྲེག་བླུགས་ཀྱི་མཆོད་པ་བྱ་ལ། དེ་ནས་དཀྱིལ་འཁོར་གྱི་ལྷ་དང་སངས་རྒྱས་ཀུན་ལ་དམིགས་ནས། ཨཱ་ཧ་ར༴ ལ་སོགས་པའི་སྔགས་ཀྱིས་ཉེར་སྤྱོད་ལྔ་ཕུལ། བདུག་སྤོས་འཐུལ་བཞིན་དུ། དམ་ཚིག་གསུམ་རྒྱལ་བཅོམ་ལྡན་འདས། །རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་བ་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །སང་ནི་དཀྱིལ་འཁོར་བྲི་བར་བྱ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པའི་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང༌། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་ལྷ་ཡི་སྤྱན་མངའ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དམ་ཚིག་གསུམ་བཀོད་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པར་ཉེར་སྦྱོར་བས། །འགྲོ་བ་སྦྱང་ཕྱིར་བྲི་བར་བྱ། །དེ་ཕྱིར་


TNT13_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་སློབ་མ་ལ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་གནས་པོར་མཛད་པའི་རིགས། །ཞེས་ལན་གསུམ་གསོལ་བ་བཏབ། ཁ་ཅིག་བདག་མིང་ཞེས་པའི་ཐད་དུ། གསང་མཚན་འཇུག་པ་སོགས་ནི་རྒྱུད་སྡེ་གོང་མ་ལ་རུང་ཡང༌། འདིར་རང་མིང་ཉིད་འཇུག་པའོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ༴ སོགས་ཤོ་ལོ་ཀ་གསུམ་གྱིས་ཕྱག་བཙལ། རོལ་མོའི་སྒྲ་དང་བཅས་ཏེ། མཉམ་ཉིད་མི་གཡོས་བསྟོད། རྩ་བའི་སྔགས་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པའི་མཐར། ཛི་ན་ཛིཀ་གིས་མངགས་པའི་མཆོད་ཡོན། ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱས་ཕུལ། ཨོཾ་མུཿཞེས་གཤེགས་སུ་གསོལ། ཁ་གཅིག་སྟ་གོན་གྱི་ལྷ་དྲན་རྫོགས་སུ་བསྐྱེད་པ་ཡིན་པས། སྐབས་འདིར་མི་སྣང་བར་བསམ་པ་ཁོ་ནས་ཆོག་ཅེས་འདོད་ལ། གཞན་དག་སྟ་གོན་གྱི་ལྷ་སྤྱན་འདྲེན་དགོས་པས། འདིར་ཡང་གཤེགས་གསོལ་གྱི་ཆོ་གས་སྤྱན་དྲངས་དགོས་སོ་ཞེས་འདོད་དོ། །དེ་གཉིས་ཀར་རུང་བ་ལས་སྤྱན་དྲངས་ཏེ་གཤེགས་སུ་གསོལ་བ་ཉིད། མཆོག་ཏུ་བཟང་བར་མངོན་ནོ། །བོད་དུ་ཕྱིས་བྱུང་བ་བྱ་རྒྱུད་ཤེས་པར་རློམ་པ་དག་ཅིག །སྙན་གསན་འབེབས་པ་དང་གཤེགས་སུ་གསོལ་བ་འདི། འཁྱོར་ཆུ་དང་ཀུ་ཤ་སྦྱིན་པའི་བར་དུ་བྱེད་པ་རྒྱུད་ཀྱི་ཁྱད་ཆོས་སུ་སྒོམ་པར་འདུག་ནའང་མན་ངག་དང་ལག་ལེན་མེད་པས་ཉེས་ཏེ། རྒྱུད་ཕལ་ཆེར་དུ་ཆོ་གའི་གོ་རིམ་འཁྲུགས་ཅན་དུ་འབྱུང་བ་ལྟར་འདིར་ཡང་སྟེ། སྟ་གོན་གྱི་སློབ་མ་བྱིན་རླབས་དང་སོ་ཤིང་འདོར་བའི་གཞུང་ཚིག་གི་བར་སྐབས་དེར། དབང་བསྐུར་བ་ཡི་བུམ་པ་ནི། ཞེས་སོགས་


TNT13_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་སྟ་གོན་གསུངས་པ་དང་འདྲ་བས་ཆོ་ག་རིགས་མཐུན་གྱི་གཞུང་རྣམས་སྒྲིག་ལུགས་ཤེས་དགོས་ལ། ལྷ་ལ་སྙན་གསན་འབེབས་པ་ལ་སློབ་མ་དབབ་པོར་དགོས་པ་ག་ལ་ཞིག་སྟེ། ཆོ་གའི་གོ་རིམ་གྱི་ཚོམས་དེ་ལྟ་བུ་མི་བྱའོ། །དེ་དག་ནི་ལྷ་སྟ་གོན་གྱི་རིམ་པ་སྟེ། སྤྱི་དང་མཐུན་ཤས་ཆེ་ལ། ཁ་ཅིག་སྐབས་འདིར་སློབ་མ་ལ་སོ་ཤིང་སྦྱིན་ཏེ། སྦྱིན་སྲེག་བྱེད་དགོས་ཤིང༌། དེ་ཡང་སློབ་མ་རྗེས་བཟུང་ངོ་ཞེས་ཟེར་བ་ནི་སྤྱི་རྒྱུད་ལས། རྩེ་མོ་ནས་ནི་བཙལ་བར་བྱ། ཞེས་སོགས་འཕྲོས་དོན་ལ་འཁྲུལ་གཞི་བྱུང་བར་སྣང་སྟེ། སྐབས་འདིར་སོ་ཤིང་ལ་སོགས་པ་གྲབས་སུ་ཆུད་པར་བྱེད་པ་ཙམ་རྒྱུད་ཀྱི་དགོངས་པ་ཡིན་གྱི་སློབ་མ་ལ་སྟེར་བ་མིན་ནོ། །གཉིས་པ་སློབ་མ་སྟ་གོན་ནི་ཐོག་མར་སློབ་མའི་བར་ཆད་ཞི་བའི་དོན་དུ་ཞི་བའི་སྦྱིན་སྲེག་བྱ། སློབ་མ་དེ་སྔར་ཁྱིམ་པ་ཕལ་པ་ཡིན་ན་དགེ་བསྙེན་སོགས་སོ་ཐར་རིགས་བདུན་པོ་གང་རུང་གཅིག་གི་སྡོམ་པ་ཐོབ་དགོས་ཏེ། དཀྱིལ་འཁོར་ཁང་པར་མ་ཞུགས་པའི་སྔོན་རོལ་དུ་གྲུབ་པ་ཞིག་དགོས་ལ། སྔར་སོ་ཐར་སྡོམ་པ་གང་རུང་ཞིག་ཐོབ་ལ་མ་ཉམས་པ་ཡིན་ན། སྐབས་འདིར་སོ་ཐར་གྱི་ཆོ་ག་མི་དགོས་སོ། །སློབ་མ་རྣམས་དཀྱིལ་འཁོར་གྱི་ཁང་པ་ལྷག་གནས་བྱེད་པའམ་གནས་ཁང་གཞན་དུ་ཡང་རུང་ལ། གང་ལྟར་ནའང་ཁྲུས་བྱས་གྲལ་དུ་འཁོད། མཎྜལ་འབུལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། ཞེས་སོགས་ལན་གསུམ་གྱིས་གསོལ་བ་བཏབ། བར་འདིར་སྐྱབས་འགྲོ་དང༌། སེམས་བསྐྱེད་ཀྱི་ཆོ་ག་རྒྱས་པས་སྨོན་འཇུག་གི་སྡོམ་པ་ཕོག་ན་


TNT13_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་བཟང་ལ། གལ་ཏེ་མ་འགྲུབ་ན་ཡན་ལག་བདུན་པ་སོགས་ཀྱི་སྤྲོས་པ་སྤངས་ཏེ། སྐྱབས་འགྲོ་དང་སྨོན་པ་སེམས་བསྐྱེད་ཀྱི་དངོས་གཞིའི་ཆོ་གའི་སེམས་བསྐྱེད་འབོགས་སོ། །སྐྱབས་སེམས་ཀྱི་དངོས་གཞི་ཙམ་དུ་འབོགས་པ་འདི་ནི། སྔར་གཞན་དུ་བྱང་སྡོམ་ཐོབ་ལ་མ་ཉམས་པ་ཡིན་ཀྱང༌། སྐབས་འདིར་འབོགས་དགོས་ཏེ་ཆོ་གའི་ཡན་ལག་ཡིན་པའི་ཕྱིར། དཔེར་ན་དཀྱིལ་ཆོག་གཞན་གྱི་རྒྱུན་བཤགས་བཞིན་ནོ། །ཡང་ཆོ་ག་ཤིན་ཏུ་བསྡུས་པ་ལ་མངོན་པར་དགའ་བའི་ཚེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར། སོགས་དང༌། སེམས་ཅན་ཁམས་ནི་མཐའ་ཡས་པའི། སོགས་ཚིག་རྐང་བརྒྱད་དང༌། ཚེ་ཡི་མཐའ་ཀླས་བྱེད་པ་དང༌། ཞེས་པ་ནས། བྱང་ཆུབ་རབ་ཏུ་དགའ་བརྩོན་ནོ། །ཞེས་པའི་བར་གྱིས་ཀྱང་གྲུབ་བོ། །དེ་ལྟར་རྒྱུད་སྦྱངས་ནས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་བསྐྱེད་པ་ནི། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། ཞེས་པ་ནས། འབད་པ་མེད་པར་འདི་འབྲས་འགྲུབ། ཅེས་པའི་བར་བརྗོད་ཅིང་དོན་བཤད། དེའི་རྗེས་སུ་བྱིན་གྱིས་རླབས་པ་ནི། ན་མོ་རཏྣ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ། གྱིས་བར་བདུད་རྩི་ཐབས་སྦྱོར་བཟླ་བཞིན་དུ། དྲི་བཟང་གི་ཆུས་སློབ་མའི་མགོ་ལ་བསངས་གཏོར་བྱ་ཞིང༌། ཡང་མགོ་ལ་ལག་པས་ཐམ་སྟེ། ཨོཾ་ཨ་མྲྀ་ཏེ་ཧུཾ་ཕཊ། ལན་བདུན་བཟླའོ། །ཡང་བྱུགས་སྤོས་ཀྱིས་བཀུས་པའི་ལག་པ་མགོ་ལ་


TNT13_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་སྟེ། ཐབས་སྦྱོར་ལན་བདུན་ཟླ་བར་ཡང་བཤད། ཡང་དེ་བཞིན་དུ་རིགས་ཀྱི་འཁོར་ལོས་བསྒྱུར་བ་ཡི་གེ་གཅིག་པ། བྷྲཱུཾ་བརྒྱ་ཙམ་བཟླས་ཤིང༌། བདུད་རྩི་ཐབས་སྦྱོར་ལན་གསུམ་བཟླས་པས་ཀྱང་བྱིན་གྱིས་རླབས། དེ་ཉིད་བརྟན་ཞིང་སྲུང་བའི་དོན་དུ། ཨོཾཥྟོཾ་བནྡྷ་སྭཱཧཱ། ཞེས་པས་བསངས་གཏོར་དང་བྲམ་པར་བྱེད་ཅིང་སྤོས་ཀྱིས་བདུག་གོ །སོ་ཤིང་གི་དམིགས་པ་སྤྱི་དང་འདྲ། ཛི་ན་ཛི་ཀ་གིས་གཏད་ལ། བྷྲཱུཾ། ཞེས་དོར་བར་བྱའོ། །དེ་ནས་སློབ་མའི་ལག་ཏུ་དྲི་བཟང་གི་ཆུ་བླུགས་ལ། ཉེ་རེག་བྱེད་དུ་བཅུག ཥྟོཾ་བྷནྡྷ་དང༌། ཨོཾ་ཧུ་ལུ་ཧུ་ལུ་ཙཎྜ་ལི་མ་ཏཾ་གི་སྭཱཧཱ། མང་དུ་བཟླས་པའི་ཁྱོར་ཆུ་ལན་གསུམ་སྔགས་དེ་ཉིད་ཀྱིས་སྦྱིན་པའམ། ཡང་ན། ཨོཾ་ཧྲཱིཿབི་ཤུདྡྷ༴ སོགས་སྤྱི་དང་མཐུན་པར་བྱིན་ཀྱང་རུང་བར་མངོན་ནོ། །སྔགས་དེ་རྒྱུད་སྡེ་གོང་མའི་ཁྱད་ཆོས་ཡིན་པའི་རྒྱུ་མཚན་མེད་ཅིང༌། བྱ་རྒྱུད་ལ་མི་རུང་བའི་རྒྱུ་མཚན་ཡང་ཅི་ཡང་མེད་པའི་ཕྱིར་རོ། ཁ་ཅིག་དེ་ནས་ཆུ་གཞན་ཞིག་གིས་ཁ་བཀྲུ་བར་འདོད་ཀྱང་ལག་ལེན་ལ་མི་མཛད་ལ། དེ་ནས་ལས་ཐམས་ཅད་པ་བཟླས་པའི་རྩ་ཀུ་ཤ་སྔས་དང་གཏན་གྱི་དོན་དུ་སྦྱིན། སྤྱི་རྒྱུད་ལས་སྐབས་འདིར་སྲུང་སྐུད་སྦྱིན་པའི་གསལ་ཁ་མེད་ཀྱང༌། སྔར་ས་སྦྱངས་བའི་སྐབས་སུ་སྲུང་སྐུད་བྱེད་པར་གསུངས་པ་དེ་ཡང་སློབ་མ་ལ་འདོགས་རྒྱུ་ཡིན་པའི་སྐབས་དེར་བཏགས་པའི་དབང་དུ་མཛད་པ་ཡིན་ལ། དེར་མ་བཏགས་ན་འདིར་འདོགས་དགོས་སོ། །དེ་ནས། ཆོས་རྣམས་གང་དག་རྒྱུ་ལས་བྱུང༌། ཞེས་སོགས་དང༌། སྐར་མ་རབ་རིབ་མར་མེ་དང༌། །སྒྱུ་མ་ཟིལ་བ་ཆུ་བུར་དང༌། །


TNT13_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །སྡིག་པ་ཅི་ཡང་མི་བྱ་ཞིང༌། །ཞེས་པ་ནས། འོན་ཀྱང་སྐྱོབས་པའི་སྲས་སུ་སྐྱེ། །ཞེས་པའི་བར་བརྗོད་དེ། ཆགས་བྲལ་དང་ལྡན་པའི་ཆོས་བཤད་པའོ། །དེ་ནས། བུ་སྐྱེ་སང་ནི་དཀྱིལ་འཁོར་མཆོག །མཐོང་བར་འགྱུར་རོ་ཉོལ་ཞིག་དང༌། །རྨི་ལམ་མཐོང་བ་གང་ཡིན་པ། །དེ་ཀུན་ང་ལ་ལེགས་པར་སྨྲོས། །ཀྱེ་བཞིན་བཟང་དག་ལོངས་ལ་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱོས་ཤིག ཅེས་བརྗོད། ཕྱག་འཚལ་དུ་བཅུག་ལ་རང་གནས་སུ་བཏང་ངོ༌། །གསུམ་པ་བུམ་པ་སྟ་གོན་ནི། བུམ་པ་མཚན་ཉིད་དང་ལྡན་པ། རྣམ་རྒྱལ་བུམ་པའམ་གཙོ་བོའི་བུམ་པར་འོས་པ་གཅིག་དང༌། ཁྲུས་བུམ་མམ་བཀྲ་ཤིས་ཀྱི་བུམ་པ་བརྒྱད་དམ་མ་འགྲུབ་ན་བཞི། ལས་བུམ་གཅིག་སྟེ། བུམ་པ་ཉུང་བའི་ཕྱོགས་འཛིན་ན་བུམ་པ་དྲུག་བྱའོ། །ལས་བཞིའི་དབང་སྐུར་བྱེད་ན་བུམ་པ་རྣམས་ཀྱི་ཕྱི་རོལ་ཕྱོགས་བཞིར། ཤར་དུ་རྒྱས་པ། ལྷོར་མངོན་སྤྱོད། ནུབ་དུ་དབང༌། བྱང་དུ་ཞི་བའི་བུམ་པ་རྣམས་བཅའ། དེ་དག་སོ་སོའི་ཁ་དོག་སོགས་ཀྱི་བྱེད་ལས་བཞི་སོ་སོའི་ལུགས་སུ་གྲུབ་ནའང་ལེགས། དབང་བསྐུར་ཙམ་ལ་སྤྱི་དང་མཐུན་པས་ཀྱང་ཆོག་ལ། ལས་བཞིའི་དབང་བསྐུར་བྱེད་ཀྱང༌། བུམ་པ་སོ་སོ་མ་འབྱོར་ན་ལས་བུམ་ལ་བསྡུས་པས་ཆོག་གོ །དེ་དག་ལེགས་པར་བཀྲུས་ཤིང་གུ་གུལ་གྱིས་བདུགས། འབྲུ་དང་རིན་པོ་ཆེ་ལ་སོགས་པ་ནང་རྫས་རྣམས་ཐོག་མར་བླུགས། ཕྱི་ནས་འབབ་ཆུ་གཙང་མ་ནས་བླང་བའི་ཆུས་སུམ་གཉིས་ཙམ་བཀང༌། གཏན་ནམ་སྟེགས་བུ་གཙང་མ་ལ་གཙོ་བོའི་བུམ་པར་


TNT13_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སམ་སྟེགས་མཐོ་སར་བཞག ཁྲུས་བུམ་རྣམས་སྟེགས་བར་མའམ་ཟུར་བཞིར་བཞག ལས་བུམ་ནི་སྟེགས་དམའ་བའི་ཕྱོགས་སམ་དེའི་མདུན་དུ་བཞག དུང་ཆོས་ལ་སོགས་པའི་སྣོད་དུ་དྲི་བཟང་གི་ཆུ་ལ་བྷྲཱུཾ་བརྒྱ་རྩ་བཟླས་ལ་མཆོད་ཡོན་གྱི་ཚུལ་དུ་དབུས་ཀྱི་བུམ་པའི་སྟེང་དུ་བཞག །མེ་ཏོག་འཕྲེང་བའམ་གཟུངས་ཐག་ཀྱང་བཏགས། ན་མོ་རཏྣ༴ ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ་ཀྱི་བར་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བསངས་དེ་ནས་འདི་སྐད་ཅེས། བུམ་པ་ནང་རྫས་རྒྱན་དང་བཅས་པ་ཐམས་ཅད་རང་བཞིན་གདོད་ནས་གཉིས་ཆོས་དང་བྲལ་བ་རང་གི་རིག་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །དེ་ཡང་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་ཞིང་མགྲིན་པ་ཕྲ་བ། མཆུ་འཕྱང་བ། དཔག་བསམ་ཤིང་གིས་ཁ་བརྒྱན་པ། ལྷ་རྫས་ཀྱི་གོས་ཟུང་ཅན། ལྷའི་ཆུ་བོ་དང་ནང་རྫས་ཀྱི་གང་ཞིང༌། པདྨའི་གདན་ལ་གནས་པ་རྣམས་སུ་གྱུར། སངས་རྒྱས་དང་བྱང་སེམས་སྔགས་ཀྱི་ལྷ་རྣམས་ཉེ་བར་བཞུགས་པ་ལ་གསོལ་བ་བཏབ་པར་མོས་ཏེ། དབུས་ཀྱི་བུམ་པ་ལ་རིག་པའི་རྒྱལ་པོ་བྷྲཱུཾ་བརྒྱ་སྟོང་དང༌། དེ་བཞིན་གཤེགས་པའི་ཡིག་བརྒྱ་དང༌། སྙིང་པོ་ཡི་གེ་ལྔ་པ་ཡང་ཉེར་གཅིག་སོགས་ཅི་རིགས་པ་བཟླ། ཁྲུས་བུམ་བཞི་ལས་མདུན་ཕྱོགས་ཀྱི་གཡས་གཡོན་ན་གནས་པ་གཉིས་ལ། རིགས་ཀྱི་སྙིང་པོ། ཛི་ན་ཛི་ཀ དང༌། རྒྱབ་ཕྱོགས་ཀྱི་གཉིས་ལ་ལས་ཐམས་ཅད་པ། ཨོཾཥྟོཾ་བནྡྷ་སྭཱཧཱ་དང༌། ལས་བུམ་ལ། ན་མོ་རཏྣ༴ སོགས་


TNT13_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སྦྱོར་གྱི་སྔགས་རིང་བ་དང༌། འབྲིང་པོ་དང༌། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཐུང་བ་སྟེ། བདུད་རྩི་ཐབས་སྦྱོར་ཇི་ལྟར་འོས་པ་བཟླའོ། །དཀྱིལ་འཁོར་གྱི་ལྷ་ཚོགས་གཞན་རྣམས་ཀྱི་མཚན་སྔགས་ཀྱང་བཟླ་བར་རིགས་མོད་ཀྱི། ངེས་པར་དགོས་པ་མ་ཡིན་པས་འདིར་བཞག་གོ །དེ་ནས་ཞི་བའི་བུམ་པ་ལ། ཨོཾ་རུ་རུ༴ སོགས་སངས་རྒྱས་སྤྱན་མའི་སྔགས་དང༌། རྒྱས་པའི་བུམ་པ་ལ། ཏདྱ་ཐཱ། ཨོཾ་བྷྲཱུཾ། ཞེས་པ་སངས་རྒྱས་རིན་ཆེན་ཏོག་གི་སྔགས་དང༌། དབང་གི་བུམ་པ་ལ། ཨོཾ་ཛི་ཛི་ཛི་ནཾ་ག་ཏཾ་ག་ཡ་ཏེ་དི་ན་སྭཱཧཱ། ཞེས་པ་སྤྱན་རས་གཟིགས་ཀྱི་སྔགས་དང༌། མངོན་སྦྱོད་ཀྱི་བུམ་པ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། ཅེས་པ་ཧཱུཾ་མཛད་ཀྱི་སྔགས་བཟླའོ། །ཐུན་མོང་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་པའང་མང་དུ་བཟླ། མཐར། ཛི་ན་ཛིཀ་ལན་བདུན་གྱིས་མེ་ཏོག་དཀར་པོ་དང༌། བྷྲཱུཾ་བཟླས་ཏེ་མཆོད་ཡོན་བླུགས། བདུད་རྩི་ཐབས་སྤྱོར་གྱི་སྔགས་བཟླ་ཞིང༌། གུ་གུལ་ལ་སོགས་པ་བདུག་པས་བདུག་སྟེ། སྟ་གོན་གྱི་ཉིན་པར་བུམ་པའི་བྱ་བ་དེ་ཁོ་ནས་ཆོག་གོ ཁ་ཅིག་བྱ་རྒྱུད་ཀྱི་བུམ་པ་སྟ་གོན་ལ། བུམ་པ་གཞལ་ཡས་ཁང་དུ་བསྐྱེད་ཅིང༌། རྟེན་ལ་སྤྱན་འདྲེན་པ་དགོས་པའི་སྒྲུབ་བྱེད་དུ། ཛེ་ཏ་རིའི་ཚེ་དཔག་མེད་དང༌། ཇོ་བོའི་མི་འཁྲུགས་པའི་ལུང་འདྲེན་མོད་ཀྱང་དེ་དག་བྱ་རྒྱུད་ལ་གོང་མའི་ཆོ་ག་སྦྱར་བའི་ལུགས་ཡིན་པས་


TNT13_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱབ་རྟེན་དུ་མི་འགྲོ་ཞིང་བྱ་རྒྱུད་རང་སྐད་ལ། བུམ་པ་གཞལ་ཡས་ཁང་དུ་བསྐྱེད་པ་ནི་ནམ་ཡང་མི་དགོས་ལ། བུམ་སྒྲུབ་འགའ་ཞིག་ལ་བུམ་པར་ལྷ་སྤྱན་དྲངས་པ་ཡོད་པ་ནི། དཀྱིལ་འཁོར་རྒྱས་པ་མེད་པར་བུམ་པ་ཙམ་ལ་བརྟེན་ནས་གཟུངས་སྒྲུབ་བྱེད་པའི་ཚེ། བུམ་པ་ཉིད་དཀྱིལ་འཁོར་གྱི་དོད་ཡིན་པས། དེའི་ནང་དུ་ལྷ་རྣམས་སྤྱན་དྲངས་ཏེ་བཞུགས་གསོལ་མཆོད་བསྟོད་སོགས་བྱེད་པ་ཡིན་ཞིང༌། དཀྱིལ་འཁོར་མེད་པར་བུམ་པ་རྐྱང་པ་ལ་དབང་བསྐུར་བ་ནི་མི་རུང་ཞིང༌། དབང་བསྐུར་བྱེད་ན་བུམ་པ་ལས་བཟང་བའི་དཀྱིལ་འཁོར་ལོགས་སུ་ཡོན་ཕྱིན། བུམ་པ་ནི་དབང་རྫས་ལ་དགོས་པ་འབའ་ཞིག་ཡིན་པས། བྱ་རྒྱུད་རང་སྐད་གི་དབང་བུམ་ལ་ལྷ་བསྐྱེད་མི་དགོས་སོ། །དབང་གི་དོན་ཙམ་དུ་མི་དགོས་ཀྱང་བུམ་པར་ལྷ་བསྐྱེད་དུ་རུང་བའི་སྐབས་ཡོད་ཕྱིན་ཆོ་ག་རྒྱས་ཤིང་མཛེས་པ་དང༌། བྱིན་རླབས་ཆེ་བའི་ཕྱིར་བྱེད་དོ་སྙམ་ན། །བྱེད་ལ་རག་མོད་ཐོབ་ཐང་མེད་པའི་ལྷག་བཅོས་བྱིན་རླབས་འབྱུང་བ་ནི་དཀའ་འོ། གསུམ་པ་དཀྱིལ་འཁོར་ཞག་གི་ཆོ་ག་ལ། ཐིག་གདབ་པ་དང་དཀྱིལ་འཁོར་བྲི་བའོ། །དང་པོ་ནི། སྔར་ཕྱོགས་ལེགས་པར་བརྟགས་པ་ཡིན་ན་དེས་ཆོག །མིན་ན་སྐབས་འདིར་བརྟགས་སྟེ་ཕྱོགས་ངེས་པོར་བྱས་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས་ཕྱིའི་ཁྲུས་དང༌། གནས་སུ་འཇུག་པ་དང༌། བདག་སྲུང་བ་དང༌། ཕུར་བུས་གདབ་པ་དང༌། སྟེང་བཅིང་བ་དང༌། ཁོར་ཡུག་བཅིང་བ་དང༌། གུར་འབུབས་པ་དང༌། མཚམས་གཅོད་པ་རྣམས་སྔོན་དུ་བཏང༌། བུམ་པ་སྟ་གོན་གྱི་སྐབས་སུ་བཤད་


TNT13_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་བུམ་བཟླས་ཁོ་ན་བྱ། བུམ་པ་བསྐྱེད་པ་དང༌། མཆོད་ཡོན་འབུལ་བ་སོགས་ཡན་ལག་རྣམས་མི་དགོས། དེ་ལྟ་བུ་སྔ་དྲོ་དང༌། ཉིན་གུང་དང༌། དགོངས་ཀ་གསུམ་བྱ་བར་བཤད་ཀྱང༌། མ་གྲུབ་ན་ཐུན་གཅིག་ངེས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཡིད་ལ་དྲན་བཞིན་པས་དྲི་བཟང་གི་ཆུས་དཀྱིལ་འཁོར་གྱི་ས་གཞི་ལ་བསངས་གཏོར་བྱེད་ཅིང༌། ན་མོ་རཏྣ༴ སོགས་བདུད་རྩི་ཐབས་སྦྱོར་དང༌། ལས་ཐམས་ཅད་པ་མང་དུ་བཟླ། ཐིག་སྐུད་ཚོན་སྣ་ལྔ་པ། དཀར་དང་དམར་དང་དེ་བཞིན་སེར། །སྔོ་དང་ལྔ་པ་ནག་པོ་སྟེ། ཞེས་འབྱུང་བ་ལྟར། སྲད་བུ་གསར་པ་དང་ལྡན་པ་ལ། ཨོཾ་ཥྟོཾ་བནྡྷ་སྭཱཧཱ། ལན་བརྒྱ་བཟླས། ཛི་ན་ཛིཀ གིས་མེ་ཏོག་གཏོར། སྤོས་ཀྱིས་བདུག།དྲི་བཟང་བྱུགས། སངས་རྒྱས་བྱང་སེམས་འཕགས་ཚོགས་སྤྱི་ལ་མཆོད་དགོས་པས་མཆོད་པ་བཤམས། ཨ་མྲྀ་ཏས་བསངས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ་སོགས་ཀྱིས་བྱིན་གྱིས་རླབས། ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། གཙང་ཞིང་གཙང་མ་ལས་བྱུང་བའི། ཞེས་པ་ནས། ར་ཤི་ནི་ན་མ་སྟུ་རེ་སྭཱཧཱ། ཞེས་པའི་བར་མཆོད་བསྟོད་བྱས། བྱིན་གྱིས་རློབ་པར་གསོལ་བ་གདབ་བོ། །དེ་ནས་ཐིག་འདེབས་ཏེ་འདིར་ཁ་ཅིག་ཟུར་ཐིག་མི་འདེབས་པར་འདོད་པ་ནི། གསང་བ་སྤྱི་རྒྱུད་ཀྱི་དཔེ་སྒྲོགས་ཙམ་བྱས་པ་ལས། དོན་མ་གོ་བར་ཟད་དོ། །དེ་ཡང་སྤྱི་རྒྱུད་ལས། གྲུ་བཞི་ལྷམ་པར་མཉམ་ནས་སུ། །རྒྱ་གྲམ་དུ་ནི་སྲད་བུ་བྲེ། །རྒྱ་གྲམ་ཐམས་ཅད་མཉམ་པར་མཉམ། །དེ་ལྟར་སྲས་བུ་གཏན་ལ་ཕབ། །ཅེས་པ་འདི་ནང་གི་ཆ་དགུ་སོགས་རྒྱ་གྲམ་དུ་གདབ་རྒྱུའི་ཐིག་མང་པོ་ཡོད་པ་རྣམས་སྟོན་པ་ཡིན་ཡང༌།


TNT13_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་དག་ཚངས་ཐིག་སྟོན་པར་འཁྲུལ་ནས་ཐོག་མར་ལོག་ཐིག་དང༌། དེ་ནས་ཚངས་ཐིག་འདེབས་ཞེས་ཟེར་བ་ནི་གོ་རིམ་གྱ་ཚོམ་དུ་སྨྲ་ཞིང་ཚངས་ཞེས་པའི་འབྲུ་མ་ནོན་པའི་ཕྱིར་རོ། །དེས་ན་ཚངས་ཟུར་གྱི་ཐིག་འདེབས་པ་རྒྱུད་སོ་སོ་མང་པོ་དག་ལས་གསལ་ཞིང་སྤྱི་དང་འདྲ་ལ། གོ་སླ་བས་གཞིར་བཞག་ཏུ་མཛད་ལ། དེ་རྗེས་ལོགས་ཐིག་ནས་བརྩམས་ཏེ་ཕྱོགས་སྐོར་གསུངས་པ་ཡིན་ནོ། །དེ་ལྟར་ན་ཚངས་ཟུར་གྱི་ཐིག་བཏབ། སློབ་དཔོན་མེ་དང་སློབ་མ་དབང་དུ་འདུག་པས་ཤར་གྱི་ལོགས་ཐིག་དང༌། སློབ་མ་གཡས་བསྐོར་བྱས་ཏེ་སློབ་དཔོན་མེ་དང་སློབ་མ་བདེན་བྲལ་དུ་འདུག་པས་ལྷོའི་ཐིགས་དང༌། སློབ་མ་དེ་ཉིད་དང༌། སློབ་དཔོན་རླུང་དུ་སོང་བས་ནུབ་ཐིག་དང༌། སློབ་དཔོན་དེ་ཉིད་དང་སློབ་མ་དབང་ལྡན་དུ་གནས་པས་བྱང་ཐིག་གདབ་བོ། །དེ་ནས་གསང་བ་སྤྱི་རྒྱུད་ཀྱི་རང་ལུགས་ལྟར་ན། རྩ་ཐིག་གྲུ་བཞི་དེ་ཉིད་ཆ་གསུམ་རེ་མིག་དགུ་བྱས། དེ་རེ་རེ་ཡང༌། གསུམ་གསུམ་དུ་བཏང་བའི་རེ་མིག་བརྒྱད་ཅུ་རྩ་གཅིག་འབྱུང་ལ། དེའི་དབུས་མ་ནི་སྒོ་ཚད་ཡིན་ཞིང༌། སྒོ་ཚད་དེ་ཉིད་གསུམ་ཆ་ལྷག་པ་དང་བཅས་པས་ཟུར་དུ་བྱ་རྗེས་བྱས་ནས་དང་པོར་ཐིག་གཉིས་གདབ་ལ། ནང་མ་དབུས་དོར། ཕྱི་མ་ཕྱེད་གདབ་ཕྱི་ཕྱེད་གདབ་ཀྱི་རྩིག་པ་ནས་མདའ་ཡབ་ཀྱི་བར་དང༌། ཚངས་ཐིག་གི་གཡས་གཡོན་དུ་ཐིག་འདེབས་ཚུལ་སྤྱི་དང་འདྲ་བར་བྱས་ནས། སྒོ་ཁང་རྟ་བབས་དང་བཅས་པ་བྱའོ། །རྟ་བབས་ནི་གསལ་ཁ་མེད་པས་ཚད་མེད་དུ་བྱེད་པ་སོགས་ཇི་ལྟར་བདེ་བ་ཡིན་རུང༌། སྣམ་བུ་བཞི་མའམ། བཅུ་གཅིག་ཡིན་རུང་སྒོ་ཚད་གཅིག་མ་


TNT13_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་ལེགས་པར་མངོན་ནོ། །འགའ་ཞིག་ཕྱག་རྡོར་དབང་བསྐུར་གྱི་དགོངས་པ་ཡིན་ཟེར་ནས། རྟ་བབས་སྣམ་བུ་ལྔ་པར་བྱེད་པ་སྙིང་པོས་དབྱེན་པ་དང༌། གཞན་དག་ལོགས་ཐིག་གི་ནང་དུ་མདའ། ཡབ་ཆུད་པར་འདོད་པ་སོགས་ནི། དཀྱིལ་འཁོར་སྤྱིའི་ལུགས་ལ་ཡང་ཐིག་ཆེན་བརྒྱད་ཀྱི་ལོགས་ཐིག་རྩ་ཐིག་ཡིན་ཞིང༌། ཆ་བཅུ་དྲུག་གི་ཐ་མ་བསྐོར་བའི་ཐིག་གྲུ་བཞི་དེ་ཐིག་ཆེན་བརྒྱད་ཀྱི་ལོགས་ཐིག་མ་ཡིན་པ་གོ་བར་གྱིས་ཤིག །བློ་ཆེན་འགའ་ལ་ཡང་འཁྲུལ་གཞི་བྱུང་གདའོ། །དེ་ལྟ་ན་ཡང་ཐིག་གི་རིམ་པ་སྤྱི་དང་མཐུན་པར་བཏབ་པས་འགལ་བ་མེད་ལ། གང་ལྟར་ཡང་དམ་ཚིག་གསུམ་བཀོད་འདི་ལ་དེ་བཞིན་གཤེགས་པའི་སྙིང་པོའི་དཀྱིལ་འཁོར་ལྷ་ལྔ་ཁོ་ན་བྱེད་ན་སྒོ་རྐྱང་ཡིན་ཡང༌། ལེའུ་བཅུ་གསུམ་པ་དཀྱིལ་འཁོར་ཆེན་པོའི་སྐབས་སུ། དབུས་ཀྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། བར་མ་སྒོ་གཅིག་ནུབ་ཏུ་ལྟ་བ་དང༌། ཕྱི་མ་སྒོ་གཅིག་བྱང་དུ་ལྟ་བ་གསུངས་པས། སྒོ་གསུམ་སྦྲག་ཏུ་བྱུང་བ་དང༌། གསང་བ་སྤྱི་རྒྱུད་ལས། སྤྱི་འགྲོའི་དཀྱིལ་འཁོར་སྒོ་གསུམ་སྦྲག་ལ་ཕྱི་མ་གཉིས་ལ་སྒོ་རེ་རེ་དང༌། ནང་མ་སྒོ་བཞིར་གསུངས་པ་དང་མཐུན་ཞིང༌། ཡང་སྤྱི་རྒྱུད་ལས། གཞན་ནི་ཕྱོགས་ཀྱི་ཆ་བཞིན་དུ། སྒོ་བཞི་སྒོ་མཁྱུད་བཅས་པར་བྱ། ཞེས་དཀྱིལ་འཁོར་ཆེན་པོའམ་རྩ་བའི་དཀྱིལ་འཁོར་རིགས་ལ། སྒོ་རྐྱང་ཡིན་ན་སྒོ་བཞིར་ངེས་པ་དང༌། ཡང་ན་ཐམས་ཅད་དོགས་མེད་པར། སྒོ་ནི་རེ་རེ་བཞིན་བྱ་ཡི། སྙིང་པོའི་དཀྱིལ་འཁོར་ངེས་པར་ནི། རབ་ཏུ་


TNT13_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་སྒོ་བཞིར་བྱ། ཞེས་དཀྱིལ་འཁོར་དབུས་མ་ཁོ་ན་སྒོ་བཞི་དང༌། སྒོ་སྦྲག་གཞན་ཐམས་ཅད་སྒོ་གཅིག་ཏུ་བྱེད་པའི་ལུགས་གཅིག་དང༌། དཀྱིལ་འཁོར་ཉིས་རིམ་སུམ་རིམ་བཞི་རིམ་སོགས་རིམ་པ་མང་པོར་བྱས་པ་ལ། ཕྱི་རིམ་གང་ཡིན་དེ་ལ་ནི། སྒོ་གཅིག་པ་དང་རྒྱ་ཆེར་བྱ། ཞེས་སྒོ་སྦྲག་ནང་མ་ཐམས་ཅད་སྒོ་བཞི་པ་དང༌། ཕྱི་མ་ཁོ་ན་སྒོ་གཅིག་པར་བྱེད་པར་གཅིག་རྣམས་འདམ་ཁར་གསུངས་སོ། །འདིར་ནི་དེ་དག་དང་བསྟུན་ནས་གང་ལྟར་བྱས་ཀྱང་རུང་མོད་ཀྱི། ཕྱིས་ཀྱི་རྡོ་རྗེ་སློབ་དཔོན་རྣམས་ཀྱི་ཕྱག་ལེན་མགྲིན་གཅིག་པར་མཐུན་པ་ལྟར་སྒོ་རྐྱང་ངམ་སྒོ་སུམ་སྦྲག་གང་བྱེད་ཀྱང་སྒོ་བཞི་བྱེད་དེ་འགལ་བ་ཡང་མེད་དོ། །དེ་ཡང་དཀྱིལ་འཁོར་ཕྱི་མ་གཉིས་ལ་རྩིག་པའི་ནང་དུ་ལྷ་སྣམ་རེ་འདོན་ཞིང༌། དཀྱིལ་འཁོར་ནང་མ་ལ་ནི། དབུས་སུ་སྤྱི་ལ་གྲགས་པ་དང་མཐུན་པའི་བརྡའ་སྦྱར་ཏེ་ཆ་ཆེན་གཉིས་ཀྱི་ཚད་གྲུ་བཞི་པ་གཙོ་བོའི་གནས་དང༌། དེའི་ཕྱོགས་བཞིའི་ངོས་ནས་རྩིག་པའི་བར་ལ་ཆ་ཆེན་གསུམ་འཁོར་གྱི་གནས་ཡིན་ཏེ། ལྷ་སྣམ་རིམ་པ་གསུམ་གྱི་དོན་ནོ། །གསུམ་བཀོད་ཀྱི་རྒྱུད་འདིར་དཀྱིལ་འཁོར་ཆུང་ཚད་ཁྲུ་ལྔ་པར་བཤད། དེ་ཡང་རྩ་ཐིག་གི་ཚད་ཡིན་ལ་སྒོ་གསུམ་སྦྲག་ཏུ་འབྲི་ན་དཀྱིལ་འཁོར་ཕྱི་མའི་རྩ་ཐིག་གོ །སྒོ་སྦྲག་གསུམ་ཆར་ལ་རྟ་བབས་བྱས་ཀྱང་རུང་ལ། ནང་མ་གཉིས་རྟ་བབས་མེད་པ་དང༌། ཕྱི་མ་རྟ་བབས་ཅན་དུ་བྱེད་པ་སྤྱི་དང་མཐུན་པ་དང༌། ཡང་ཕྱི་མ་དང་ནང་མ་རྟ་བབས་ཅན་བར་མ་རྟ་བབས་དང་བྲལ་བའང་རུང་ངོ༌། །དབུས་ཀྱི་


TNT13_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་བཞིའི་གནས་སུ་སླར་ཡང་དེའི་བྱེད་ཀྱི་ཚད་ཀྱི་དབུས་སུ་གྲུ་བཞི་དང༌། དེའི་ནང་དུ་ཟླུམ་པོར་བསྐོར་བའི་པད་ཐིག་བྱ། དེ་བཞིན་དུ་དཀྱིལ་འཁོར་ནང་མའི་ལྷའི་གནས་གཞན་རྣམས་སུ་ཡང་པདྨ་ཆ་ཆུང་གཉིས་པ་རེ་བྱ། དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་དུ་འཁྱམས་དང་རྡོ་ར་དང་འོད་ཟེར་འཕྲེང་བའི་ཐིག་ཀྱང་སྤྱི་དང་མཐུན་པར་བཏབ། སྤྱིར་ནི་བྱ་སྤྱོད་འདི་དག་ཏུ་ཕྱིའི་ས་གཞི་ལ་མཐའ་གཅིག་ཏུ་དབྱིབས་དང་མཚན་ཉིད་ངེས་མེད་ཀྱང་དམིགས་བསལ་མེད་པ་རྣམས་སྤྱི་དང་མཐུན་པ་བཟང་ངོ༌། །གཉིས་པ་ཚོན་དགྱེ་བ་ནི། ན་མོ་རཏྣ༴ སོགས་བདུད་རྩི་ཐབས་སྦྱོར་གྱི་སྔགས་དྲག་ཏུ་བཟླ་ཞིང༌། ས་གཞི་དང་ཡོ་བྱད་ལ་བསངས་གཏོར་བྱ། ཕྱི་ཁྲུས་ནས་མཚམས་གཅོད་པའི་བར་ཐིག་གི་སྐབས་སུ་བཤད་པ་ལྟར་གྱི་ཁྲུས་དང་སྲུང་བ་སླར་ཡང་བྱས་ནས། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། སོགས་ཀྱིས་ཕྱག་བྱས། ལས་ཐམས་ཅད་པ་བཟླ་བཞིན་དུ་དབང་ལྡན་གྱི་རྩིག་པ་ཐོག་མར་སློབ་དཔོན་གྱིས་འབྲི། ཕྱིས་ནི་སློབ་མ་ལས་བྱེད་པ་རྣམས་ཀྱིས་འབྲི་སྟེ། གཞལ་ཡས་ཁང་དང་གདན་དང་ཕྱག་རྒྱ་དགོད་པ་ཐམས་ཅད་ལ། བྷྲཱུཾ་དང༌། ཛི་ན་ཛིཀ་འབའ་ཞིག་བརྗོད་པས་ཀྱང་འགྲུབ་སྟེ། སྤྱིའི་ཆོ་གའི་ལུགས་སོ། །རྒྱུད་འདི་ཉིད་ལས་དཀྱིལ་འཁོར་རྒྱས་པའི་སྐབས་སུ་གསུངས་ཤིང་སྙིང་པོའི་དཀྱིལ་འཁོར་གྱི་ཆོ་ག་དེ་ལ་ངེས་པར་འཇུག་པ་འདི་ཙམ་ཡིན་ཏེ། གཞལ་ཡས་ཁང་འབྲི་བ་ན། དཀྱིལ་འཁོར་དབུས་མ་དང་བར་མ་ནུབ་སྒོ་ནས་བརྩམས་ཏེ་འབྲི། ཕྱི་མ་བྱང་སྒོ་ནས་བརྩམས་ཏེ་འབྲི། སྔགས་ནི།


TNT13_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿསརྦཱ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་མ་ལ་ཨ་མ་ལ་ཧ་ར་གྷ་ཨ་ནནྟཱ་ཤཱ་ཤྭ་ཏ་སརྦ་ཛཱི་ན་ཨ་ཤཱི་ནི། མ་ནི་ཥ་ར་ད་མ་མ་དེནྟུ། ཨ་དི་ཨ་ད་རཾ་བ་ར་ཨ་གྲཾ་ས་མ་སརྦ་ཏཱ་ནཾ། ཏཏྟེ་མེ་བཛྲ་ཨཱཉྫཱ་ཨ་ར་ར། ཨ་ས་མ་ས་མ། ས་མནྟཱ་ཨ་ནནྟཱ་དྷཱརྨྨ་ཏེ། ཁ་ན་ཁ་ནི། མཧཱ་བཱི་རཾ། ཨ་ཙ་ལེ་ས་མ་ས་མ་ཨ་ས་ཧ་མ་བ་ལེ། ཀ་ཎ་ཀ་ཎ། མཧཱ་ར་གྲེ་ཀེ་ཧ་ཧ་ཧ་ཧ། བཛྲ་བཛྲ་ཨཾ་ཀ་མེ་དྷ་ར་དྷ་ར། །ཧཱུཾ་ཧཱུཾ་སཾ་ད་ལཾ་ས་མ་པཱ་ལོ་ཨ་གྲ་བི་གྲ་མེ། ཀུ་རུ་ཀུ་རུ་རུ་རུ། །སརྦ་ཐཱ་སརྦ་ཧི་ཛྭ་ལ་ཛྭ་ལ། ཨ་གྲེ་ཨ་གྲི་ཎི་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པའི་སྔགས་འདི་བཟླ་བའོ། །མི་ནུས་པས་ཐ་ན་བཀླགས་པས་ཀྱང་ངོ༌། །དཀྱིལ་འཁོར་ནང་མའི་ཉི་ཟླ་སོགས་གདན་རྣམས་འགོད་པ་ན། ན་མཿསརྦ་བུདྷ་བོ་དྷི་སྭཏྭ་ནཾ། ཨ་སརྦ་ཐཱ་སརྦ་ཏྭ་ཎ་ཀེ་སྭཱཧཱ། ཞེས་པ་དང༌། གཙོ་བོའི་མཚན་མ་ལ། ན་མཿས་མནྟ་བཛྲཱ་ཎཾ། ས་མ་ས་མ་ཧཱུཾ། ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ས་ཧ་ཧཾ་མཾ། ཞེས་པ་བཟླའོ། །དེ་རྗེས་རྒྱུད་ནས་གསུངས་པའི་བྱང་ཆུབ་སེམས་པའི་ཕྱག་རྒྱ་དགོད་པ་མན་ཆད་དཀྱིལ་འཁོར་རྒྱས་པའི་ཁྱད་ཆོས་ཡིན་པས་སྙིང་པོའི་དཀྱིལ་འཁོར་འདི་ལ་མི་འཇུག་པས་ན། སྤྱི་རྒྱུད་ཀྱི་ཆོ་གས་ཆོ་ག་ཤེས་པར་བྱའོ། །དེ་ལ་ཚོན་གྱི་རིམ་པ་ནི། རྩིག་པ་ནི་ཕྱི་ནས་དཀར་ནག་དམར་སེར་སྔོ་བ་སྟེ། དཀྱིལ་འཁོར་ནང་མ་རིམ་པ་ལྔ་དང༌། བར་པ་ལ་དཀར་སེར་དམར་གསུམ། ཕྱི་མ་ལ་དཀར་པོ་གཅིག་པུའོ། །དབུས་ཀྱི་གཙོ་བོའི་གནས་ནི། ལྗང་ཁུའམ་སྔོན་པོ་སྟེ་སྔོ་ནག་གཅིག་ཏུ་རྩིས་ནས། ལྷོ་སྔོན་པོར་བྱེད་ན་དབུས་ལྗང་ཁུ་དང༌།


TNT13_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་ནག་ཐ་དད་པར་རྩིས་ནས་ལྷོ་ནག་པོར་བྱེད་ན་དབུས་སྔོན་པོའོ། །ལྷ་སྣམ་དང་འཁྱམས་རྣམས་ཤར་དཀར། ལྷོ་སྔོའམ་ནག་པོ། ནུབ་དམར། བྱང་སེར་བ་ཡིན། དགོས་པ་ཅན་གྱི་དམིགས་བསལ་ཡོད་ན་མ་གཏོགས། འཇིག་རྟེན་གྱི་ཕྱོགས་དང་དཀྱིལ་འཁོར་གྱི་ཕྱོགས་འགྲིག་པ་ངེས་པར་བྱ་ཞིང༌། གཙོ་བོ་ཡང་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་ཞལ་གཟིགས་པ་དགོས་ལ། དབུས་ཀྱི་གྲུབ་བཞི་ནང་མ་ལ་བཞུགས་ཁྲི་མཚོན་བྱེད་འོག་གཞི་སྔོན་པོ་ཡིན་ན་ལྗང་ཁུ་དང༌། འོག་གཞི་ལྗང་ཁུ་ཡིན་ན་སྔོན་པོ་ལ་ཚོན་སྣ་ཚོགས་ཀྱིས་བཀྲ་བ། དེའི་དབུས་སུ་དཀར་པོ་ལྟེ་བར་ཟླ་བ་ལ། བཅོམ་ལྡན་འདས་ཀྱི་སྐུ་གཟུགས་དངོས་གཞག་ཀྱང་རུང༌། ཡང་ན་གཙུག་གཏོར་རམ་རྡོ་རྗེ་སེར་པོ་རྩེ་ལྔ་པ་འབྲིའོ། །དེ་ནས་ལྷ་སྣམ་དང་པོ་ལ་གཙོ་བོའི་གདན་གྱི་གཡས་བྱང་དང་གཡོན་ལྷོ་རུ། པདྨའི་གདན་ལ་གཡས་ཕྱོགས་སུ་ལྕགས་ཀྱུ་སེར་པོ་དང༌། གཡོན་ཕྱོགས་སུ་རྡོ་རྗེ་ལྗང་སེར་རོ། །ལྷ་སྣམ་གཉིས་པ་ལ། དེ་ནས་གཡས་གཡོན་ཏུ་བྱེད་པའི་ཟུར་ཐིག་དང་ཉེ་བ་ལ། རླུང་དུ་གྲི་གུག་དང༌། བདེན་བྲལ་དུ་མེ་ཏོག་འཕྲེང་བ་པདྨ་ལ་གནས་པའོ། །ལྷ་སྣམ་གསུམ་པ་ལ་ལྷོ་སྒོའི་ཐད་དུ་བེ་ཅོན་དཀར་པོ་དང༌། བྱང་སྒོའི་ཐད་དུ་ཞགས་པ་སེར་པོ་དང༌། ཤར་སྒོའི་ཐད་དུ་འཁོར་ལོའི་དཀར་པོ་རྣམས་ཀྱང་པདྨ་ལ་གནས་པའོ། །དཀྱིལ་འཁོར་གཉིས་པའི་ལྷ་སྣམ་ལ་ཤར་གྱི་གཡས་གཡོན་དང༌། ལྷོའི་གཡས་གཡོན་དང༌། ནུབ་ཀྱི་གཡོན་དང་བྱང་གི་གཡོན་དང༌། བྱང་ཤར་རྣམས་སུ་པོ་ཏིའི་གཟུགས་བརྙན་རེ། ནུབ་ཀྱི་


TNT13_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་དང་བྱང་གི་གཡས་སུ་རལ་གྲི་རེ། ཤར་ལྷོར་སྤྱི་བླུགས། ལྷོ་ནུབ་ཏུ་རྡོ་རྗེ། ནུབ་བྱང་དུ་ཞགས་པ། དེ་རྣམས་ཇི་ལྟར་འོས་པའི་གདན་ལ་གནས་པའོ། །དཀྱིལ་འཁོར་ཕྱི་མའི་ཤར་གྱི་དབུས་སུ་རྡོ་རྗེ། དེའི་རྒྱབ་ཏུ་ཉི་མའི་དཀྱིལ་འཁོར། ཤར་ལྷོར་མེ་ཐབ། ལྷོར་བེ་ཅོན། ལྷོ་ནུབ་ཏུ་རལ་གྲི །ནུབ་ཏུ་སྦྲུལ་ཞགས། དེའི་རྒྱབ་ཏུ་ཟླ་བའི་དཀྱིལ་འཁོར། གཡས་སུ་བུམ་པ། ནུབ་བྱང་དུ་རླུང་རས། བྱང་དུ་དབྱུག་ཐོ། བྱང་ཤར་དུ་རྩེ་གསུམ་མོ། །སྒོ་བཞིར་སྒོ་སྲུངས་བྱེད་ན་རྒྱལ་ཆེན་བཞིའི་མཚན་མ་བཀོད། འཁོར་གྱི་ལྷའི་གདན་རྣམས་ཁ་དོག་མཛེས་ཚོན་ནོ། །གཞལ་ཡས་ཁང་གི་ཕྱི་རོལ་དུ་འཁྱམས་ལ། ལྷོ་ཕྱོགས་སུ་རིགས་སྔགས་འཆང་གི་རྒྱལ་པོ་བདུན་དང༌། ཤར་དུ་དབང་ཕྱུག་ཆེན་པོ་དང༌། དཀའ་བཟློག་མ་དང༌། གཞོན་ནུ་གདོང་དྲུག །བྱང་དུ་ཚངས་པ་དང་ཁྱབ་འཇུག་ཆེན་པོ། ནུབ་སྒོའི་གཡས་དང་གཡོན་དུ་དགའ་བོ་དང་གཉེན་དགའོ། །ལྷོ་སྒོའི་ཐད་དུ་གནོད་སྦྱིན་མོ་འཕྲོག་མ་སྟེ། དེ་རྣམས་ལ་ལྷ་མཚན་རྒྱས་པ་མ་གྲུབ་ན། སྭ་སྟི་ཀ་ཏེ་དགའ་འཁྱིམ་རེ་བྲི་བར་བྱའོ། །ནུས་ན་གདན་ཟླུམ་པོ་རེ་ལ། དྲག་པོའི་ཕྱག་རྒྱ་རྩེ་གསུམ་རྣོ། དཀའ་བཟློག་ཕྱག་རྒྱ་རྩེ་གསུམ་གདེངས། ཁྱབ་འཇུག་གི་ནི་འཁོར་ལོ་རྣོ། སྡེ་ཆེན་གྱི་ནི་མདུང་ཐུང་རྣོ། ཚངས་པའི་པདྨ་ཡིན་པར་བཤད། ཅེས་པ་ལྟར་དང༌། རིག་པའི་རྒྱལ་པོ་རྣམས་ལ། རྡོ་རྗེ་རྩེ་གསུམ་ཁ་གཅིག་པ་རེ་རེ་བྲི་བར་བྱའོ། །


TNT13_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མདོར་བསྡུས་པའི་གནས་སྐབས་སུ། གཞལ་ཡས་ཁང་གི་ཕྱིའི་དཀྱིལ་འཁོར་ལ་མཚན་མ་རྣམས་མ་བྲིས་ཀྱང་ཆོག །ནང་གི་ཡང་གཙོ་བོ་ལས་གཞན་རྣམས་གདན་དུ་འགོད་པའམ་ཐིག་ལེ་ཙམ་གྱིས་ཀྱང་འགྲུབ་བོ། །སྐབས་འདིར་སྒོ་སྦྲག་གསུམ་ཀར་སྒོ་བཞིར་བྱས་ན། ཕྱི་མའི་བྱང་སྒོ་དང༌། བར་མ་དང་ནང་མའི་ནུབ་སྒོ་ཕྱེ་བ་ཡིན་པས། ལྷ་སྣམ་དང་སྒོ་ཁང་དཀྱུས་གཅིག་པ་དང༌། གཞན་རྣམས་བཅད་པ་མཚོན་པའི་ཕྱིར། རྩ་ཐིག་གི་སྟེང་དུ་རེ་ཁ་དཀར་པོ་མངོན་ཙམ་ཕྲ་མོར་བྲིའོ། །དེ་བཞིན་དུ་སྒོ་མཁྱུད་ཀྱི་ནང་དུ་རྡོ་རྗེ་ཕྲ་མོ་རེ་ཡང་སྒོ་གླེག་དང་སྒོ་སྲུང་བའི་དོན་དུ་འབྲི་བར་བྱ་ཞིང༌། འཁྱམས་ལ་རི་དང་ལྗོན་ཤིང་ནགས་ཚལ་དང༌། མཚོ་དང་མེ་ཏོག་ལ་སོགས་པ་ཞིང་ཁམས་ཀྱི་བཀོད་པ་མཚོན་བྱེད་བྱའོ། །གལ་ཏེ་དཀྱིལ་འཁོར་སྒོ་རྐྱང་དུ་བྱེད་ན་དབུས་ཀྱི་ཆ་ཆེན་གཉིས་ལ། གཙོ་འཁོར་ལྔ་པོ་འགོད་ཅིང༌། ལྷ་རྣམས་རིམ་པ་གསུམ་དུ་བྱས་པའི་དང་པོ་ལ། གཞན་གྱི་མི་ཐུབ་པ་གཉིས་དང་སྤྱན་མ་འགོད། གཉིས་པ་ལ་མཛོད་སྤུ་ཅན་སོགས་དང༌། གསུམ་པ་ལ་ཕྱོགས་སྐྱོང་རྣམས་འགོད་པར་བྱའོ། །བཞི་པ་དཀྱིལ་འཁོར་སྒྲུབ་པ་ནི། ཉེ་རེག་བྱས་ཤིང་གཙང་སྦྲ་དང་ལྡན་པས་སྐྱབས་འགྲོ་སེམས་བསྐྱེད་ནས་བརྩམས། ཟེའུ་ཁ་བཅིང་བའི་བར་བསྙེན་པའི་སྐབས་སུ་ཇི་སྐད་བཤད་པ་བཞིན་རྫོགས་པར་བྱས་པའམ། མཆོད་པའི་བགེགས་བསལ་བྱིན་བསྐྱེད་བྱིན་རླབས་གསུམ་པོར། གཞན་རྣམས་ཚང་བར་བྱས་པས་ཀྱང་རུང་ངོ༌། །མཚམས་དེར་ཡོ་བྱད་དག་


TNT13_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པར་བྱས་ཤིང༌། དཀྱིལ་འཁོར་དང་ཡོ་བྱད་ལ་དམིགས་ནས། བོད་གོང་མ་རྣམས་ཀྱི་ཕྱག་ལེན་ལྟར་ཞི་བས་སྦྱང་བ། ཕྱེད་མས་སྦྱང་བ། དྲག་པོ་སྦྱངས་པ་སྟེ་བགེགས་སྦྱངས་བ་གསུམ་དང༌། ཏིལ་སྦྱངས་ཀྱི་སྒོ་ནས་བྱུར་བསལ་བ་ཡང་བྱ། བདུད་རྩི་ཐབས་སྦྱོར་བཟླས་ཤིང་བསངས་གཏོར་བྱས་ལ། རྣམ་པར་རྒྱལ་བ་གཙོ་བོའི་བུམ་པ་ནི། དབུས་ཀྱི་གཙོ་བོའི་གནས་ལས་ཅུང་ཟད་རྒྱབ་གྱིས་ཕྱོགས་པར་མཉྫི་ལ་སོགས་པའི་སྟེང་དུ་ཡི་གེ་བརྒྱ་པ་དང་བྷྲུཾ་བཟླ་བཞིན་དུ་འཇོག་སྟེ་དབང་གི་བུམ་པའོ། །འདི་ནས་བཟུང་སྟེ་རྗེས་ཆོག་གི་བར་དུ་བུམ་པ་འདི་ནི་མི་བསྒུལ་ལོ། །དེ་བཞིན་དུ་འཁྲུས་བུམ་རྣམས་ནི། རིགས་ཀྱི་སྙིང་པོ་ཁོ་ནའམ། སྟ་གོན་གྱི་སྐབས་སུ་གང་བཟླས་པ་དེ་ཉིད་འདོན་བཞིན་དུ་དཀྱིལ་འཁོར་བར་མའི་གནས་སུ་འཇོག་སྟེ། མདུན་གྱི་གཡས་གཡོན་གཉིས་དཀྱིལ་འཁོར་ནང་མའི་རླུང་སྲིན་གྱི་གྲྭ་དང༌། རྒྱབ་ཀྱི་གཡོན་གཡས་གཉིས་མེ་དབང་གི་གྲྭ་ལ་བཞག་གོ །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཀྱིས་ལས་བུམ་དཀྱིལ་འཁོར་ཕྱི་མའི་ཤར་སྒོར་བཞག་གོ། གལ་ཏེ་གནས་དེ་དག་ཏུ་འཇོག་སྟབས་མི་བདེ་ན། དེ་དག་ཏུ་སྟངས་ཀ་ཙམ་བྱས་ནས། དཀྱིལ་འཁོར་ཕྱི་མའི་ནུབ་སྒོའི་ཐད་ཙམ་དུ་དབང་བུམ་དང༌། དེའི་གཡོན་དུ་ལས་བུམ་དང༌། ཟུར་ཐིག་གི་ཐད་དུ་ཁྲུས་བུམ་བཞག་གོ །བུམ་པ་གསུམ་ལས།


TNT13_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

མ་འབྱོར་ན། ནུབ་སྒོའི་གཡས་སུ་ཁྲུས་བུམ་བཞག །སྤྲོས་པ་ལ་དགའ་ན། ཁྲུས་བུམ་བརྒྱད་སྒོ་མཚམས་བརྒྱད་དུ་བཅའ། ལས་བཞིའི་བུམ་པ་ནི། གཞལ་ཡས་ཁང་གི་ཕྱིའི་ཕྱོགས་བཞིའམ། ཡང་ཞི་བ་བྱང་ཤར། རྒྱས་པ་ལ་ཤར་ལྷོ། མངོན་སྤྱོད་ལྷོ་ནུབ། དབང་ནུབ་བྱང་དུ་བཞག་གོ །འདིར་འཁྲུལ་བུམ་དང་བཀྲ་ཤིས་ཀྱི་བུམ་པ་དོན་གཅིག་མིང་གི་རྣམ་གྲངས་སོ། །ཕྱི་རོལ་ཁོར་ར་ཁོར་ཡུག་ཏུ་མཆོད་ཡོན་གྱི་སྣོད་སྣ་ཚོགས་དང༌། རྒྱལ་མཚན་དང༌། རྨ་བྱའི་མདོངས་དང༌། སྤོས་ཕོར་རྣམས་བརྒྱད་བརྒྱད་དང༌། གཞན་ཡང་མཆོད་པའི་ཁྱད་པར་རྣམ་པ་སྣ་ཚོགས་དང༌། མཆོད་པའི་རྟ་བབས་བཞི་ཡང་རྩིགས་པར་བྱའོ། །སྤྱི་རྒྱུད་ལས། དབང་བསྐུར་ཕྱིར་ནི་འབྲིང་པོ་གཅིག །ཅེས་འབྱུང་བའི་འབྲིང་པོ་ནི་དབུས་མའི་དོན་ཡིན་པས་དབང་བུམ་ཡིན་ལ། གྲྭ་དང་སྒོ་ནི་མ་ལུས་པར། །བུམ་པ་དག་ཀྱང་བཞག་ནས་ནི། ཞེས་པ་ཁྲུས་བུམ་བརྒྱད་དམ། བར་སྒོ་ཚན་པོར་གཉིས་གཉིས་ཤིག །ཁྱད་པར་དུ་ནི་བཞག་པར་བྱ། ཞེས་ཅུང་ཟད་བསྡུད་པ་ལ་ཁྲུས་བུམ་བཞིས་ཆོག་པ་དང༌། བུམ་པ་གཅིག་ནི་ཕྱི་སྒོ་ཡི། །དྲུང་དུ་མངོན་པར་བཞག་པར་བྱ། ཞེས་པས་ལས་བུམ་རྣམས་བསྟན་པ་ཡིན་ནོ། །ཤིན་ཏུ་བསྡུ་ན། ཁྲུས་བུམ་གྱི་བྱ་བ་ལས་བུམ་གྱིས་བྱས་ནས། བུམ་པ་གཉིས་ཀྱིས་ཀྱང་དབང་བསྐུར་བ་རུང་བ་ཙམ་ནི་ཡིན་ནོ། །


TNT13_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་སྤྱི་རྒྱུད་ལས། དཀྱིལ་འཁོར་གྱི་དབུས་སོགས་ཇི་ལྟར་རིགས་པ་ལྷ་མཚན་མེད་པའི་ས་སྟོང་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་སོགས་པོ་ཏི་བཞུགས་པར་གསུངས་ཀྱང་འདི་ལ་གཙོ་བོའི་མདུན་ཕྱོགས་མ་གཏོགས་དེ་ཙམ་གྱི་ས་སྟོང་མེད་ལ། གཙོ་བོའི་མདུན་བཀག་པའང་མི་མཛེས་ན་དེ་འདྲ་ངེས་པར་དགོས་པ་མ་ཡིན་ནོ། །ཕྱི་རོལ་ཤར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། བྱང་དུ་གསེར་འོད་དམ་པ། ནུབ་ཏུ་སྐུ་གསུང་ཐུགས་ཀྱི་གསང་བའི་མདོ། ལྷོར་སྡོང་པོ་བཀོད་པ་རྣམས་སྟེགས་བུ་ལ་བཞུགས་ནས། མེ་ཏོག་དང་དྲི་སྤོས་སོགས་ཀྱིས་མཆོད་ཅིང༌། དུས་དུས་སུ་གཙང་སྦྲ་དང་ལྡན་པས་བཀླག་པར་བཤད་དོ། །འཇམ་དཔལ་རྩ་རྒྱུད་ལས་ནི། ལྷོར་ཤེར་ཕྱིན། ནུབ་ཏུ་ཟླ་བ་སྒྲོན་མ། བྱང་དུ་སྡོང་པོས་བརྒྱན་པ། ཤར་དུ་གསེར་འོད་དམ་པ། ཞེས་གསུངས་ཏེ། འདིར་ནི་དེ་དག་ལས་གང་བྱས་ཀྱང་འདྲའོ། །དེ་ནས་འདི་སྐད་དུ། མཐའ་ཡས་པའི་འགྲོ་བ་ཐམས་ཅད༴ ནས། ཉེ་བར་བརྒྱན་པའོའི་བར་གྱིས་བདག་གིས་དེ་ཁོ་ན་ཉིད་བསྒོམ། དཀྱིལ་འཁོར་ཆེན་པོའི་གནས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གྱི་སྨོན་ལམ་གྱི་མཐུ་ལས་བྱུང་བ། རིན་པོ་ཆེ་དུ་མ་ལས་གྲུབ་པའི་ཞིང་ཁམས་ས་གཞི་ཡངས་ཤིང་རྒྱ་ཆེ་བ། ཞེས་པ་ནས། སྙིང་པོར་སེང་གེའི་ཁྲི་དང་པདྨའི་གདན། གཞན་ཡང་འཁོར་གྱི་ལྷའི་གདན་བདུན་དང་བཅས་པ་དང༌། སྟེང་དུ་རིན་པོ་ཆེའི་


TNT13_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བླ་བྲེ་དག་ཀྱང་སྐད་ཅིག་གིས་བྱུང་བར་གྱུར་ལ། ཁང་བཟང་དམ་པ་དེ་ཉིད་ཀྱི་ཕྱི་རོལ་དུ་གཞལ་ཡས་ཁང་རིམ་པ་གཉིས་དང་བཅས་པ་དང༌། གཞལ་ཡས་ཁང་བར་པ་ལ་ཡང་ཕྱོགས་བཞིར་གཉིས་གཉིས་དང་མཚམས་བཞིར་རེ་རེ་སྟེ་ལྷའི་གདན་བཅུ་གཉིས་དང༌། གཞལ་མེད་ཁང་ཕྱི་མའི་ནང་གི་ལྷ་རྣམས་ལ་ལྷའི་གདན་བཅུ་གཅིག་དང༌། དེ་བཞིན་དུ་སྒོ་དང་འཁྱམས་རྣམས་ལ་ལྷ་སོ་སོའི་གདན་རྣམས་དང༌། ཁང་བཟང་དབུས་མ་ལ་ཕྱི་ནས་རིམ་པ་བཞིན་དཀར་ནག་དམར་སེར་སྔོ་བའི་རྩེགས་པ་རིམ་པ་ལྔ་དང༌། བར་པ་ལ་དཀར་སེར་དམར་བ་སྟེ་གསུམ་དང༌། ཕྱི་མ་ལ་ཟླ་བ་ཆུ་ཤེལ་ལྟར་དཀར་བའི་རྩིག་པ་གཅིག་པུའོ། །གཙོ་བོའི་གནས་ཀྱི་གཞི་ལྗང་ཁུ། གཞན་དཀྱིལ་འཁོར་གསུམ་ཆར་ལ་མཚུངས་པར། ཕྱི་ནང་གི་ས་གཞི་ཐམས་ཅད་ནུབ་དམར་བྱང་སེར་ཤར་དཀར་ལྷོ་སྔོ་ཐམས་ཅད་རྩིག་པའི་སྟེང་ན། ཕ་ཁུ་སེར་པོ་དང༌། དེའི་སྟེང་དུ་རིན་པོ་ཆེའི་དྲ་ཕྱེད་ཀྱི་གཞི་ལ་རྔ་ཡབ་ལ་སོགས་པ་དུ་མ་དཔྱངས་པ། བ་ཀུ་ལའི་འཕྲེང་བ་དང་སྟེང་དུ་རིན་པོ་ཆེ་ལེབ་ཀན་གྱིས་བསྐོར་བ། རྩིག་པའི་འགྲམ་ན་འདོད་ཡོན་གྱི་སྣམ་བུ་དང་བཅས་པས་ཕྱིར་རོལ་གྱི་འཁྱམས་ལ་རི་དང་ལྗོན་ཤིང་དང་མཚོ་དང་པདྨ་ལ་སོགས་པ་མེ་ཏོག་སྣ་ཚོགས་དང་ཡིད་དུ་འོང་བའི་འདབ་ཆགས་ལ་སོགས་པས་གང་བ་མཆོད་པའི་ཁྱད་པར་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་མཛེས་པ། ཕྱི་


TNT13_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་རྡོ་རྗེ་རིན་པོ་ཆེའི་ལྕགས་རིས་ཤིན་ཏུ་བསྐོར་བ་དང་བཅས་པ། རབ་ཏུ་གསལ་ཞིང་མཛེས་ལ་འབར་བའི་འོད་ཀྱི་སྣང་བས་ཕྱོགས་ཀུན་ཁྱབ་པའོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཐཱ་ཨུང་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་པ་ལན་གསུམ་བརྗོད། དེ་དག་ནི་རྟེན་གྱི་དཀྱིལ་འཁོར་བསྐྱེད་པའོ། །རྣམ་རྒྱལ་གྱི་དཀྱིལ་ཆོག་རྗེ་བྱམས་གླིང་པས་བསྒྲིགས་པ་ན། འདིར་སྤྱན་དྲངས་ནས་མཉེས་པར་བྱེད་པ་ནི་དཀྱིལ་འཁོར་སྒྲུབ་པ་དངོས་ཡིན་པ་ལས། འདིའི་ལུགས་སུ་རློམ་བཞིན་དུ་དམ་ཚིག་བསྐྱེད་པ་ནི། ཆོ་ག་སྲ་བསྲེར་གྱུར་པ་དག་གོ་ཞེས་བྲིས་ཏེ། དེ་ལ་སྨྲས་པ། གཞན་དག་དེ་ལྟར་བྱེད་པ་ལ་འགོག་པ་དེ་ནི་ཁྱེད་བདེན་ཏེ། བྱ་རྒྱུད་རང་སྐད་ལས་དམ་ཚིག་པ་བསྐྱེད་པ་མེད་དོ། །དེ་ལྟ་ན་ཡང་ཁྱེད་ཉིད་ལ་ཤིན་ཏུ་འགལ་ཏེ། །དཀྱིལ་ཆོག་དེ་དང་སྦྱོར་རྒྱུའི་སྒྲུབ་ཐབས་སོགས་ཁྱེད་ཀྱིས་བརྩམས་པའི་བྱ་རྒྱུད་རང་ལུགས་ཡིན་གསུང་པ་ཕལ་ཆེ་ན། ལྷ་དྲུག་གི་སྒོ་ནས་བདག་བསྐྱེད་བྱེད་པ་སྣང་བ། དེ་བས་ལྷག་པའི་དམ་ཚིག་པ་བསྐྱེད་ཚུལ་གྱི་ཆོ་ག་ཅི་ཞིག་ཡོད། མདུན་སྐྱེད་ལ་དམ་ཚིག་པ་བསྐྱེད་པ་ཡང་བྱ་རྒྱུད་རང་རྐང་གི་ཚུལ་དང་མི་མཐུན་པ་ཏ་ངེས་པ་ཡིན་མོད། བདག་བསྐྱེད་ཀྱི་དམ་ཚིག་པ་བསྐྱེད་པ་ནི། དེ་བས་ཀྱང་ཆེས་ཆེར་བྱ་རྒྱུད་ཀྱི་ཚུལ་ལ་འགལ་ཚབ་ཆེ་བ་ཡིན་པ་གོ་བར་གྱིས་ཤིག །དེ་ནས་ཕྱག་རྒྱ་རྣམས་བྱིན་གྱིས་རླབས་པ་ནི། རྒྱུད་འདི་ཉིད་ཀྱི་ཁྱད་ཆོས་ཏེ། ཐལ་མོ་བརྡབ་བཞིན་དུ་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ལན་བདུན་བརྗོད་དེ། ནང་གི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཐམས་ཅད་བྱིན་གྱིས་རློབས་པའོ། །ཡང་ཐལ་མོ་བརྡབ་པ་དང་


TNT13_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཏེ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། བ་ར་བ་ར། སརྦཾ་སརྦཾ། ས་མ་ས་མ། ཀཱ་རུ་ཎཱཾ་ཀཱ་རུ་ཎཾ། ཏཱ་ར་ཏཱ་ར། ས་རཱ་ས་རཱ། ཨཱཔྡཱི་ཨཱཔྡཱི། ཨ་མི་ཏཾ་ཨ་མི་ཏཾ། ཨ་ཏི་ཨ་ཏི། བི་རཾ་བི་རཾ། ཨ་ཏཱཾ་ཨ་ཏཱཾ། ཤུ་རཾ་ཤུ་རཾ། ཧ་ཧ་ཧ་ཧ། མཧཱ་ས་མ་ཡ། ན་མསྟཱ་ཨ་མ་ལ། སིདྡྷ་ད་ཡ་ཀེ་བྷྱཿ སརྦ་བུདྷ་བོདྷི་སཏྭཱ་ནཱཾ། སརྦ་ཨ་ནནྟ་མ་དྷྱེ་བྷྱཿ མཧཱ་ཀཱ་རུ་ཎ །མཱ་ལཱི་ནཱི། ཏྲི་ས་མ་ཡེ། ཛྲ་ལ་སྭཱཧཱ། ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་མཚུངས་པ་མེད་པ་ལན་བདུན་བཟླས་པས། དཀྱིལ་འཁོར་ཕྱི་མ་གཉིས་ཀྱི་ཕྱག་རྒྱ་ཐམས་ཅད་བྱིན་གྱིས་རློབས། དེ་ནས་ལྷ་སྤྱན་འདྲེན་པ་ནི། དཀྱིལ་འཁོར་གྱི་དབུས་སུ་འདུག་པར་མོས་ལ་པུས་མོ་གཡས་པ་ས་ལ་གཙུགས་ཏེ། ལག་ཏུ་མེ་ཏོག་བཟུང་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་ལྕགས་ཀྱུ་ཞེས་བྱ་བའི་སྔགས་འདི་ལན་ཉེར་གཅིག་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ས་མནྟ་ཨ་མོ་གྷ་པྲ་ཏི་ཧ་ཏ་བཛྲཱ་ཎཱཾ། ཨ་གྲ་ཨ་གྲ་ཨཱ་ཀརྵ་ཎི་ཧཱུཾ། བེ་གཱི་བེ་གཱི་ནི་མཧཱ་བེ་གཱི་ནི། སརྦཱ་མྤ་བཛྲ་སུ་ལཱ་ནཱཾ། ཨཱ་ཀརྵ་ཡ་ཧཱུཾ། སརྦ་མུ་དྲ་ག་ཎ་ནཱཾ། ཏིཀྟེ་ཏིཀྟེ། ཏི་ཏི་ཏི་ཏི། ཏ་ཋ་ཏ་ཋ། ཨ་ཨ་ནཱ་བྲི་ཏེ། ཨ་པྲ་ཏི་ཧ་ཏ། ཨ་མོ་གྷ་བུ་ཀྲ་མེ། ས་མ་ས་མ་ཨ་མ་ལེ་མཧཱ་མེ། ཨ་ཏི་ཨ་ཏི། བེ་གེ་བ་ཏྭ་ཀེ ས་མ་ཡ་ཨི་དཾ། ཀཱ་རུ་ཎ་ཤྲཱི་ཏཱི་ན་ཡ། ཏ་ཏྭ་ཨདྒི་ནི། ཨཱ་ན་ཡ་ཤཱི་གྷྲཾ་ཏ་ཐཱ་ག་ཏ་ཨདྒུ་ཤཱི་སྭཱཧཱ། ཞེས་པ་སྟེ། མཐར་མེ་ཏོག་ནམ་མཁའ་ལ་དོར་བར་བྱའོ། །འདི་དམ་ཚིག་གསུམ་


TNT13_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་ཉིད་ཀྱི་ཐུན་མོང་མ་ཡིན་པའོ། །དེ་ནས་སྤྱི་ཁྱབ་ཀྱི་ཆོ་གས་སྤྱན་འདྲེན་པ་ནི། གོང་བསྙེན་པའི་སྐབས་སུ་བཤད་པ་རྣམས་དྲན་པར་བྱས་ཏེ། བྷྲཱུཾ་བདུན།ཛི་ན་ཛིཀ་བདུན། ཨོཾ་ཥྟོཾ་བནྡྷ་སྭཱཧཱ། གསུམ། ན་མོ་རཏྣ་ཏྲ་ཡཱ་ཡ༴ གསུམ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། ཞེས་སོགས་དང༌། ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། ཅེས་སོགས་དང༌། ལས་བྱེད་པའི་མཆོད་ཡོན་བསྒྲེང་ཞིང༌། དད་པ་དང་ནི། ནས། དགྱེས་པར་མཛོད། བྷྲཱུཾ་བདུན་ལ་སོགས་པ་དང༌། ཛི་ན་ཛིཀ་བདུན་ལ་སོགས་པ་དང༌། ཨོཾ་རུ་རུ༴ སོགས་སངས་རྒྱས་སྤྱན་མའི་སྔགས་བདུན་ལ་སོགས་པ་དང༌། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ལན་གསུམ་དང་ཡི་གེ་ལྔ་པ་ལན་བདུན་དང༌། ཨོཾ་མུ་ནི་མུ་ནི༴ སོགས་ལན་མང་དུ་བརྗོད་ཅིང༌། མཐར། ཨོཾ་བྷ་ག་ཝཱན་མཧཱ་ཀཱ་རུ་ཎི་ཀ་ཤཱཀྱ་མུ་ནི་ཏྲི་ས་མ་ཡ་རཱ་ཛ་མཎྜ་ལ་དེ་བ་ཏཱ་ས་པཱ་རི་ཝཱ་ར་ཨེ་ཧྱཻ་ཧི། ལན་གསུམ། འདིར་ཡང་དེ་བཞིན་གཤེགས་པའི་ལྕགས་ཀྱུའི་སྔགས་ལན་གསུམ་བརྗོད། བཅོམ་ལྡན་ཐུགས་རྗེ༴ ནས། འཁོར་གྱི་དཀྱིལ་འཁོར་ལ་བལྟ་བ། ཞེས་བརྗོད་དེ། སྙིང་པོ་རྩ་བའི་ལྷ་ལྔ་གསལ་བཏབ། ལྷ་སྣམ་ཕྱི་མའི་ལྷོ་སྒོའི་ཐད་དུ། ཁྲོ་བོ་གཞན་གྱིས་མི་ཐུབ་པ་དཀར་པོ། སྟག་ལྤགས་དང་སྦྲུལ་གྱིས་བརྒྱན་པ། ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པ། བྱང་སྒོའི་ཐད་དུ་ཁྲོ་མོ་གཞན་གྱིས་མི་ཐུབ་མ་སེར་མོ། །ཞགས་པ་འཛིན་ཞེང༌།


TNT13_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རོལ་པའི་ཁྲོ་མོའོ། །ཤར་སྒོའི་ཐད་དུ་རིགས་པའི་རྒྱལ་མོ་སངས་རྒྱས་སྤྱན་མ་དཀར་མོ་གཡས་འཁོར་ལོ་འཛིན་ཞིང༌། གཡོན་གདན་ལ་བརྟེན་པ། རིགས་སྔགས་ཀྱི་ལྷ་མོའི་ཆ་བྱད་ཡོངས་སུ་རྫོགས་པའི། དཀྱིལ་འཁོར་གཉིས་པའི་ལྷ་སྣམ་ལ། ཤར་གྱི་གཡས་སུ་བྱང་ཆུབ་སེམས་དཔའ་མཛོད་སྤུ་ཅན། གཡོན་དུ་མདུང་ཐུང་ཅན། ལྷོའི་གཡས་སུ་འཁོར་ལོས་བསྒྱུར་བ་ཆེར་འབྱུང༌། གཡོན་དུ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན། ནུབ་ཀྱི་གཡོན་དུ་མཐུ་ཆེན་ཐོབ་པ། བྱང་གི་གཡོན་དུ་དོན་ཐམས་ཅད་གྲུབ་པ། བྱང་ཤར་དུ་དྲི་མ་མེད་པའི་བློ་གྲོས། དེ་རྣམས་གཡས་ཤིང་ཐོག་དང༌། གཡོན་པོ་ཏི་འཛིན་པ། ནུབ་ཀྱི་གཡས་སུ་འཇམ་དཔལ་གཞོན་ནུར་གྱུར་པ། ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་ཕྱག་གི་མཐིལ་ལས་གཡས་གཡོན་དུ་གྱེས་པའི་ཨུཏྤལ་སྡོང་བུ་ལ་རལ་གྲི་དང་པོ་ཏིས་མཚན་པ། བྱང་གི་གཡས་སུ་ནམ་མཁའི་སྙིང་པོ། གཡས་མཆོག་སྦྱིན་དང༌། གཡོན་རལ་གྲིས་མཚན་པའི་པདྨ་བསྣམས་པ། ཤར་ལྷོར་འཕགས་པ་བྱམས་པ་སྤྱི་བླུགས་དང་ཀླུ་ཤིང་གི་ཡལ་ག་འཛིན་པ། དེ་ཐམས་ཅད་གསེར་བཙོ་མ་ལྟ་བུའི་མདོག་ཅན་ནོ། །འདིར་གསང་བ་སྤྱི་རྒྱུད་ལས། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བཅུ་གཉིས་འགོད་པར་བཤད་ཀྱང་ཧ་ཅང་མང་པར་འགྱུར་བས་ན། དེ་རྣམས་ཀྱི་


TNT13_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོའི་ཕྱིར་བྱམས་པ་ཉིད་ཀྱིས་ཆོག་གོ །ལྷོ་ནུབ་ཏུ་རིགས་སྔགས་ཀྱི་རྒྱལ་མོ་ཆེན་མོ་མཱ་མ་ཀཱི། སྐུ་མདོག་སྔོན་མོ་གཡས་རྡོ་རྗེ་འཛིན་ཞིང༌། གཡོན་གདན་ལ་བརྟེན་པ། ནུབ་བྱང་དུ་མངག་གཞུགས་བརྩོན་འགྲུས་ཆེན་པོ་དཀར་པོ་ཞགས་པ་འཛིན་པ་རོལ་པའི་ཁྲོ་བོའོ། །དཀྱིལ་འཁོར་ཕྱི་མའི་ལྷ་སྣམ་ལ། ཤར་དུ་བརྒྱ་བྱིན་དམར་སེར་གླང་པོ་ཆེ་ལ་ཞོན་པ་རྡོ་རྗེ་འཛིན་པ། དེའི་རྒྱབ་ཏུ་ཉི་མ་དམར་པོ་རྟ་བདུན་གྱིས་དྲངས་པའི་ཤིང་རྟ་ལ་ཞོན་ཞིང་ཉི་མའི་དཀྱིལ་འཁོར་འཛིན་པ། ཤར་ལྷོར་མེ་དམར་པོ་ར་སྐྱེས་ལ་ཞོན་པ་མེ་ཐབ་འཛིན་པ། ལྷོར་གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ་དབྱུག་ཐོ་འཛིན་པ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ་རོ་ལངས་ལ་ཞོན་པ་རལ་གྲི་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ་སྦྲུལ་ཞགས་འཛིན་པ། དེའི་རྒྱབ་ཏུ་ཟླ་བ་དཀར་པོ་ངང་པ་ལ་ཞོན་པ་ཀུ་མུ་ཏ་འཛིན་པ། གཡས་སུ་སའི་ལྷ་མོ་པདྨའི་དབུས་ན་ལུས་ཕྱེད་ཕྱུར་བའམ། ཕག་ལ་ཆིབས་པ་བུམ་པ་བསྣམས་པ་ནུབ་བྱང་དུ་རླུང་ལྷ་ལྗང་ཁུ་རི་དྭགས་ལ་ཞོན་པ་རྒྱལ་མཚན་འཛིན་པ། འདིར་རྒྱལ་མཚན་ཞེས་པ་ནི་ད་ལྟའི་སྦུབས་ཅན་འདི་མ་ཡིན་གྱི། བ་དན་དང་གཅིག་སྟེ་ཏོག་དང་བཅས་པའོ། །བྱང་དུ་གནོད་སྦྱིན་སེར་པོ་རྟ་ལ་ཞོན་པ་དབྱུག་པ་འཛིན་པ། བྱང་ཤར་དུ་དབང་ལྡན་དཀར་པོ་གླང་ལ་ཞོན་པ་མདུང་རྩེ་གསུམ་པ་འཛིན་པ། ཕྱིའི་གཞལ་ཡས་ཁང་སྒོ་བཞི་པ་ལ་སྒོ་སྲུངས་བྱེད་ན། ཤར་སྒོར་ཡུལ་


TNT13_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སྲུང་དཀར་པོ་རྒྱུད་མང་འཛིན་པ། ལྷོ་སྒོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་སྒོ་སྤྱན་མི་བཟང་དམར་པོ་སྦྲུལ་ཞགས་འཛིན་པ། བྱང་སྒོར་རྣམ་ཐོས་བུ་སེར་པོ་བེ་ཅོན་དང་ནེའུ་ལེའི་རྐྱལ་པ་འཛིན་པའོ། །ཕྱིའི་གཞལ་ཡས་ཁང་སྒོ་གཅིག་པའམ། སྒོ་བཞི་གང་བྱེད་ཀྱང་སྒོ་སྐྱོང་ངེས་པར་དགོས་པ་ནི་མིན་ནོ། །ནུབ་སྒོའི་གཡས་གཡོན་དུ་ཀླུའི་རྒྱལ་པོ་དགའ་བོ་དང་གཉེན་དགའ་བོ་དཀར་པོ་སྦྲུལ་མགོའི་གདེངས་ཀ་ཅན། སྦྲུལ་འཇུག་ཡོད་པ་ནོར་བུ་རིན་པོ་ཆེ་འཛིན་པའོ། །ལྷོ་སྒོའི་ཐད་ཀྱི་ཕྱི་རོལ་དུ་གནོད་སྦྱིན་མ་འཕྲོག་མ་སེར་མོ་ཆང་བུས་གང་བའི་སྣོད་དང་ནེའུ་ལེའི་རྐྱལ་བ་འཛིན་པ། བུ་ལྔ་བརྒྱ་དང་བཅས་པའོ། །དེ་བཞིན་དུ་དྲག་པོ་དབང་ཕྱུག་ཆེན་པོ་དང༌། གངས་རིའི་བུ་མོ་དབུ་མ་དང༌། གཞོན་ནུ་གདོང་དྲུག་དང༌། ཚངས་པ་དང༌། དབང་ཕྱུག་ཆེན་པོ་དང༌། རིགས་སྔགས་འཆང་གི་རྒྱལ་པོ་གླང་པོ་ཆེ་དང༌། ཡན་ལག་བཀྲ་བས་བྱིན་དང༌། རྩེ་བྲན་ཅན་དང༌། གཡོན་ཕྱོགས་ཅོད་པན་དང༌། མིག་བཟང་པོ་དང༌། སྣ་ཚོགས་འོད་དང༌། ལེགས་པར་སྒྲུབ་པ་ལ་སོགས་པ་དཀྱིལ་འཁོར་དུ་འདུ་བར་འོས་པའི་ལྷ་ཐམས་ཅད་ཀྱང་བཞུགས་ཤིང༌། ཕྱོགས་ཐམས་ཅད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། རང་རྒྱལ་དང༌། ལྷའི་མཆོག་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ་བཞུགས་པར་གྱུར། དེ་ནས། ཤཱཾ་ཀ་རེ་ས་མ་ཡ་སྭཱཧཱ། ཞེས་པ་ནས་བརྩམས་ཏེ།


TNT13_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་གྲུབ་པའི་མཆོག་སྩོལ་ཅིག །ཅེས་པའི་བར་དམ་ལ་བཞག་པ་དང༌། མཆོད་པ་དང༌། བསྟོད་པ་དང༌། བཤགས་པ་དང༌། ཡི་རང་དང༌། གསོལ་གདབ་དང༌། སེམས་བསྐྱེད་དང༌། ཚད་མེད་བཞི་སྒོམ་པ་དང༌། ཡོངས་སུ་བསྔོ་བ་དང༌། གསོལ་བ་གདབ་པའི་བར་རྣམས་བསྙེན་པའི་སྐབས་སུ་ཇི་སྐད་བཤད་པ་བཞིན་བྱས་པ་ཁོ་ནས་ཀྱང་དགོས་དོན་ཐམས་ཅད་འགྲུབ་ལ། ཅུང་ཟད་སྤྲོས་པ་ལ་དགའ་ན་མཆོད་ཡོན་གྱི་སྐབས་སུ། ལས་ཀྱི་རྡོ་རྗེ་བཟེད་ཞལ་ཀྱི་ནང་དུ་མཆོད་ཡོན་བསྒྲེང་ཞིང༌། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ལན་གསུམ་དང༌། རིག་པའི་རྒྱལ་པོ་དང༌། རིགས་ཀྱི་སྙིང་པོ་མང་དུ་བཟླ་ཞིང༌། ལྷ་རྣམས་ཀྱི་མཚན་སྔགས་ལན་གསུམ་གསུམ་གྱིས་ཕྱོགས་མཚམས་བརྒྱད་དམ་ཕྱོགས་བཞིའམ། ནུབ་སྒོའི་ཐད་ནས་ཤར་དུ་ཕྱོགས་པས་འབུལ་བར་བྱའོ། །ཁྲུས་གསོལ་གྱི་སྐབས་སུ། ཕར་ཕྱིན་དྲུག་གི་ཚིགས་བཅད་དང་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་ཤིས་བརྗོད་སོགས་ཀྱང་བྱ་ཞིང༌། དེ་བཞིན་དུ། མཆོད་ཡོན་ཕལ་ཆེར། སོགས་དང༌། རབ་འབྱམས་རྒྱ་མཚོ་སོགས་ཀྱི་ཚིགས་བཅད་དང༌། འདོད་ཡོན་ལྔ་དང༌། རྒྱལ་སྲིད་སྣ་བདུན་དང༌། བཀྲ་ཤིས་རྫས་བརྒྱད་དང༌། བཀྲ་ཤིས་རྟགས་བརྒྱད་དང༌། བཀྲ་ཤིས་ལྷ་མོ་བརྒྱད་ཀྱི་མཆོད་པ་སོགས་ཀྱང་ཇི་ལྟར་སྐབས་སུ་བབ་པ་དེ་ལྟར་སྦྱར་བར་བྱ་ལ། བསྟོད་པ་དཀྱུས་ཀྱི་མཐར་ཡང༌། སྐྱེས་བུ་མ་སྐྱེས་ཁྱོད་འཚལ། །སྐྱེས་བུ་དམ་པ་ཁྱོད་ཕྱག་འཚལ། །སྤྱོད་པའི་དོན་ཀུན་གྲུབ་མཛད་པ། །སྐྱེས་བུ་གཙོ་བོ་ཁྱོད་ཕྱག་འཚལ། །


TNT13_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་ཁྲོལ་ཐམས་ཅད་བཟློག་པ་པོ། །སྐྱེས་བུ་སེངྒེ་ཁྱོད་ཕྱག་འཚལ། །ངན་འགྲོ་ཐམས་ཅད་འཇོམས་མཛད་པ། །སྐྱེས་བུ་དཔའ་བོ་ཁྱོད་ཕྱག་འཚལ། །བསོད་ནམས་དྲི་ནི་མཐའ་ཡས་པ། །སྐྱེས་བུ་པད་དཀར་ཁྱོད་ཕྱག་འཚལ། །སྲིད་གསུམ་འདམ་རྫབ་རྣམས་སྦྱོང་བ། །སྐྱེས་བུ་པདྨ་ཁྱོད་ཕྱག་འཚལ། །སྡུག་བསྔལ་ཀུན་ལ་རྣམས་གྲོལ་བ། །སྐྱེས་བུ་རྣམ་གྲོལ་ཁྱོད་ཕྱག་འཚལ། །ཀུན་ཏུ་ཞི་ཞིང་ལེགས་ཞི་མཛད། །ཞི་བ་ཁྱོད་ལ་ཕྱག་འཚལ་ལོ། །སྔགས་ཀྱི་སྤྱོད་དོན་ཀུན་སྒྲུབ་པ། །སྒྲུབ་པ་ཁྱོད་ལ་ཕྱག་འཚལ་ལོ། །བཀྲ་ཤིས་ཀུན་ཀྱི་བཀྲ་ཤིས་པ། །བཀྲ་ཤིས་ཁྱོད་ལ་ཕྱག་འཚལ་ལོ། །ཆོས་རྣམས་ཐམས་ཅད་ཐུགས་ཆུད་པ། །སངས་རྒྱས་ཁྱོད་ལ་ཕྱག་འཚལ་ལོ། །ཆོས་རྣམས་ཐམས་ཅད་སྤྲོས་པ་མེད། །དེ་བཞིན་ཉིད་དེ་ཡི་གེ་ཨའི། །རྗེས་ཞུགས་རབ་ཏུ་སྟོན་མཛད་པ། །དེ་བཞིན་གཤེགས་ཁྱོད་ཕྱག་འཚལ་ལོ། །ཤེས་དང་ཤེས་བྱའི་དངོས་ཀུན་དང༌། །འདུས་བྱས་འདུས་མ་བྱས་ཐེག་གསུམ། །ལམ་ལ་རབ་འཇོག་རབ་གནས་པ། །ཐམས་ཅད་མཁྱེན་པ་ཁྱོད་ཕྱག་འཚལ། །ཤཱཀྱའི་རྒྱལ་པོ་བཅོམ་ལྡན་འདས། །གསེར་གྱི་མདོག་ཅན་མཚན་དཔེས་སྤྲས། །ན་བཟའ་ཆོས་གོས་ངུར་སྨྲིག་བསྣམས། །ཆོས་འཆད་ཕྱག་རྒྱ་མཛད་ལ་འདུད། །འཕགས་པ་རྡོ་རྗེ་འཛིན་པ་ཆེ། གསེར་མདོག་རལ་པའི་ཅོད་པན་ཅན། །གོས་སེར་གྱོན་ཞིང་ནོར་བུ་དང༌། །ལྕགས་ཀྱུ་འཛིན་ལ་ཕྱག་འཚལ་ལོ། །


TNT13_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་རྡོ་རྗེ་འཛིན་མ་ཡང༌། །ཡིད་འཕྲོག་ཁ་དོག་བླ་གོས་སེར། །རྡོ་རྗེ་དང་བཅས་ཐལ་མོ་སྦྱར། །པུས་བཙུགས་བཞུགས་ལ་ཕྱག་འཚལ་ལོ། །ཕོ་ཉ་མཐའ་ཡས་སྐུ་གདོག་དམར། ཁྲོ་འཁྲུག་ནོར་བུའི་ཟུར་ཕུད་དང༌། །སྦྲུལ་དཀར་མཆོད་ཕྱིར་ཐོགས་ཀྱིས་བརྒྱན། གྲི་གུག་ཞགས་པ་འཛིན་ལ་བསྟོད། །མཐའ་ཡས་མ་ནི་སྔོ་སངས་མདོག །ཟུར་ཕུད་གཅིག་པ་ལང་ཚོར་ལྡན། །སྒེག་དང་བཅས་པ་གོས་སྔོན་གྱོན། །མེ་ཏོག་འཕྲེང་བ་འཛིན་ཕྱག་འཚལ། །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །གཏུམ་མོ་གདོལ་མ་གཞན་མི་ཐུབ། །དངོས་གྲུབ་ཀུན་སྩོལ་སངས་རྒྱས་སྤྱན། །གྲུབ་པའི་ལྷ་མཆོག་རྣམས་ལ་འདུད། །རྒྱལ་སྲས་ཀུན་གྱི་གཙོ་བོ་ནི། །གཞོན་ནུའི་ཚུལ་འཛིན་འཇམ་པའི་དབྱངས། །འཁོར་ལོས་བསྒྱུར་རྒྱལ་བྱམས་པ་སྟེ། །ཐབས་མཁས་མཆོག་གྱུར་ལ་ཕྱག་འཚལ། །འཕགས་མཆོག་ནམ་མཁའི་སྙིང་པོ་སོགས། །རིག་རྒྱལ་བྱང་སེམས་དཔའ་རྣམས་དང༌། །མཱ་མ་ཀཱི་དང་བརྩོན་འགྲུས་ཆེ། །ཞི་ཞིང་སྲུང་མཛད་གཙོ་ལ་འདུད། །དབང་པོ་ཟླ་བ་ཉི་མ་སོགས། །ངེས་པ་ཉིད་དུ་རྣམ་དག་ཀྱང༌། །ཐུགས་རྗེས་ཐབས་ཀྱི་སྐུ་སྤྲུལ་པ། །འཇིག་རྟེན་སྐྱོང་བ་རྣམས་ལ་འདུད། །ཀླུ་རྒྱལ་དགའ་བོ་ཉེ་དགའ་བོ། །འཕྲོག་མ་བུ་དང་བཅས་པ་རྣམས། །རྒྱལ་བའི་བསྟན་ལ་མངོན་དགའ་ཞིང༌། །མཐུ་ཆེན་ལྡན་པ་རྣམས་ལའང་འདུད། །སྟོབས་ཆེན་ལྷ་རྣམས་ཐམས་


TNT13_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང༌། །སྔགས་འཛིན་རྒྱལ་པོ་ཐམས་ཅད་དང༌། །ས་གསུམ་གནས་ན་དགེ་བ་ཅན། །དཀྱིལ་འཁོར་གནས་པ་ཀུན་ལ་འདུད། །དེ་ལྟར་བསྟོད་པའི་དགེ་བ་ཡིས། །ནམ་མཁའི་མཐས་གཏུགས་སེམས་ཅན་ཀུན། །སྒྲིབ་སྤངས་ཡོན་ཏན་ཀུན་རྫོགས་ཏེ། །རྡོ་རྗེ་འཛིན་དང་མཉམ་པར་ཤོག །དེ་ནས་སླར་ཡང་མཆོད་ཡོན་དང༌། ཉེར་སྤྱོད་སྔགས་ཙམ་གྱིས་ཕུལ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཨ་ཏ་བྷུ་ཏི༴ ཞེས་པ་ནས། ཛི་ན་ཛིཀ་ལན་གསུམ་གྱིས་མགོ་བོར་བྷྲཱུཾ་ཡིག་བྱུང་བར་བསམས་པའི་བར་བཟླས་པ་བྱེད་ཚུལ་ཡང་ཕལ་ཆེར་བསྙེན་པའི་སྐབས་དང་འདྲ་ལ། འོན་ཀྱང་འདིར་ཁྱད་པར་ནི། དཀྱིལ་འཁོར་གྱི་བཟླས་པ་སོང་བའི་མཚམས་སུ་བུམ་པ་རྣམས་ཀྱི་བཟླས་པ་སྟེ། དབང་བུམ་ལ་བྷྲཱུཾ་དང༌། ཡི་གེ་བརྒྱ་པ་དང༌། ཡི་གེ་ལྔ་པ་རྣམས་བཟླ། ཁྲུས་བུམ་མདུན་མ་གཉིས་ལ། ཛི་ན་ཛིཀ་དང་རྒྱབ་ཟུར་གྱི་གཉིས་ལ་ལས་ཐམས་ཅད་པ་དང༌། །ལས་བུམ་ལ་བདུད་རྩི་ཐབས་སྦྱོར་བཟླའོ། །འདི་ནས་བཟུང་སྟེ་བསངས་བ་དགོས་ཚད་ལས་བུམ་གྱིས་བྱ་བའོ། །ལས་བཞིའི་དབང་བསྐུར་ན་ཡང་དེའི་སྔགས་བཟླའོ། །དེ་ནས་སླར་ཡང་ཐལ་སྦྱར་གྱེན་དུ་ཁ་ཕྱེས་ལ་མཛུབ་མོ་ཅུང་ཟད་བཀུག་པས། །རྩ་སྔགས་ལན་གསུམ་དང༌། ཛི་ན་ཛིཀ་ལན་གསུམ་གྱི་ས་གཙོ་བོ་དང༌། ཕྱག་རྒྱ་དེ་དང་ཛི་ན་ཛིཀ་ཁོ་ནས་འཁོར་ཐམས་ཅད་ལ་ཡང་ལན་གསུམ་གསུམ་དུ་རྒྱས་བཏབ་བོ། །དེའི་རྗེས་སུ་ཞི་བའི་སྦྱིན་སྲེག་གིས་ལྷ་མཉེས་པར་བྱ་ཞིང༌། ཞི་བ་སྔོན་དུ་སོང་བས་རྒྱས་པ་བསྒྲུབས་ནའང་ལེགས་ལ། ཞི་


TNT13_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཁོ་ནས་ཀྱང་ངེས་པར་འགྲུབ་བོ། །བར་འདིར་འོག་ཏུ་འཆད་པར་འགྱུར་བའི་གཏོར་མའི་རིམ་པ་རྣམས་བྱ་སྟེ། དེ་ལྟར་ན་རྒྱས་བཏབ་སྦྱིན་སྲེག་གཏོར་མ་གསུམ་པོ་ནི། དཀྱིལ་འཁོར་སྒྲུབ་པའི་ཡན་ལག་ཡིན་པར་ཤེས་པར་བྱའོ། །ལྔ་པ་དབང་བསྐུར་བ་ལ། །སློབ་དཔོན་བདག་ཉིད་འཇུག་པ་དང༌། སློབ་མ་དབང་བསྐུར་བ་གཉིས་སོ། །དང་པོ་ནི། སློབ་མ་ལ་ཇི་ཙམ་བསྐུར་བ་དེ་དག་ལས། སྦྱིན་སྲེག་དང་དབང་སྟེགས་ལ་སོགས་པ་བོར་ཏེ། གཞན་ལྷག་མ་རྣམས་ཚང་བར་བྱའོ། །གཉིས་པ་ནི། བྱ་རྒྱུད་སྤྱི་ལུགས་ལ་སློབ་མ་གཅིག་ཁོ་ན་ལ་ཆོ་ག་གཅིག་གིས་དབང་བསྐུར་གྱི། གཉིས་ཕན་ཆོད་ལ་ཡོ་བྱད་གཅིག་དང༌། ཆོ་ག་གཅིག་གིས་དབང་བསྐུར་མི་བྱ་བར་གསུངས་ལ། དམ་ཚིག་གསུམ་རྒྱལ་གྱི་རྒྱུད་ལས་སློབ་མ་ལྔ་མན་ཆད་ལ་ཟུང་མིན་ལ་དུས་མཉམ་དུ་དབང་བསྐུར་དུ་རུང་བར་གསུངས་ཏེ་དགོས་ཀྱི་ཁྱད་ཆོས་ཡིན་པར་སེམས་ལ། སྤྱིར་ནི་སློབ་མའི་སྣོད་གཙོ་བོར་བརྟགས་དགོས་ཀྱི་སྣོད་ལ་ཅི་ཡང་མི་རྟོག་པར་གྲངས་ཙམ་ཁོ་ན་ལ་ངལ་བས་ཅི་ཞིག་བྱ། རྒྱུད་སྡེ་འདི་ལས་ཀྱང་གྲངས་དང་མི་མཐུན་ན་མི་ཤེས་པར་བཤད་ཀྱི་དབང་མི་ཐོབ་པར་བཤད་པ་ནི་མེད་དོ། །དེ་ནས་སློབ་མ་དབང་བསྐུར་བ་ལ། ཁྲུས་བྱས་བསངས་གཏོར་ཐོག་མའི་རིམ། །གསོལ་བཏབ་སེམས་བསྐྱེད་སྡོམ་པ་བཟུང༌། །མིག་དར་བཅིངས་ནས་མེ་ཏོག་གཏད། །ནང་དུ་ཁྲིད་ནས་བདེན་སྟོབས་བརྗོད། །མེ་ཏོག་འདོར་ཞིང་གདོད་གཡོགས་དཀྲོལ། །ལྷ་ངོ་བསྟན་ཞིང་རིག་པ་གཏད། །ཅེས་དོན་ཚན་


TNT13_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བཞི་པོའི་སྡོམ་ཡིད་ལ་བཞག་ནས། དང་པོ་ནི་སློབ་མ་རྣམས་འཁྲུས་བྱས། དཀྱིལ་འཁོར་ཁང་པའི་སྒོ་དྲུང་དུ་འཁོད། གཉིས་པ་ནི། བདུད་རྩི་ཐབས་སྦྱོར་གྱི་སྔགས་བཟླ་བཞིན་དུ་བསང་ཆུ་ནས་ཀུ་ཤས་བླངས་ཏེ་བསངས་གཏོར་བྱ། ན་མོ་རཏྣ༴ ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ། ལན་གསུམ། འདི་ནི་བྱུར་བསལ་བ་དང་བགེགས་བསྐྲོད་པ་ཡིན། ཡང་སྤོད་ཆུས་མགོ་ལ་བྲམ་སྟེ་སྔགས་དེ་ཉིད་ལན་བདུན་བརྗོད་པ་ནི་སྲུང་བ་ཡིན། ཡང་དྲི་བཟང་གིས་བྱུགས་པའི་ལག་པ་སློབ་མའི་མགོ་ལ་བཞག་སྟེ། ཨོཾ་ཛྭ་ལ་ཧཱུཾ། ལན་བདུན་གྱིས་བྱིན་རླབས། ཡང་བྷྲཱུཾ་དང་ལས་ཐམས་ཅད་པས་བསངས་གཏོར་བྱ། གསུམ་པ་ནི། མེ་ཏོག་བཀྱེ་བསྡུ་བྱ། སེམས་བསྐྱེད་གསལ་བཏབ། ཆོས་བཤད། འཇུག་པའི་དོན་དུ་མཎྜལ་འབུལ་ལོ། །བཞི་པ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སོགས་ཀྱིས་སྤྱིར་གསོལ་བ་བཏབ། ལྔ་པ་ནི། སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར། ཞེས་སོགས་སྟ་གོན་གྱི་སྐབས་ལྟར་སེམས་བསྐྱེད་བྱ། དྲུག་པ་ནི། དེ་ནས་སྡོམ་པ་བཟུང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་འབུལ་གྱི། ཐམས་ཅད་ཀྱིས་དུས་ཐམས་ཅད་དུ་བདག་ལ་རབ་ཏུ་བཟུང་དུ་གསོལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་ལ་བྱིན་གྱིས་རླབས་ཏུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པ་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པར་མཛད་པ་རྣམས་ཀྱིས་བདག་ལ་ཡོངས་སུ་སྐྱབ་ཏུ་གསོལ། ལས་


TNT13_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གྲུབ་པར་བྱ་བའི་ཕྱིར། དམ་ཚིག་ཆེན་པོ་བདག་ལ་སྩལ་དུ་གསོལ། ཞེས་ལན་གསུམ་རྗེས་བཟློས་བྱེད་དུ་བཅུག སློབ་དཔོན་གྱིས་འདི་སྐད་ཅེས་བྱ་སྟེ། ནམ་མཁའ་མཐའ་ཡས་དང་མཉམ་རྒྱལ་དབང་པོ། །སྲས་བཅས་མ་ལུས་ཀུན་ཀྱི་དམ་ཚིག་སྩོལ། །འཆི་མེད་བསད་མེད་སེམས་ཅན་སྐྱབ་པ་མེད། ཤིན་ཏུ་བརྟན་པས་འདི་ལྟར་བྱ་བ་ཉིད། ཅེས་བརྗོད་དེ། བདག་འབུལ་བའི་སྡོམ་པ་ཞེས་བྱའོ། །འཇམ་དཔལ་རྩ་རྒྱུད་ལས་ནི། བདག་འབུལ་བའི་སྡོམ་པ་འདི་དབང་དངོས་གཞི་སོང་ནས་རྗེས་ཀྱི་སྐབས་ན་ཡོད་ལ། དམ་ཚིག་གསུམ་བཀོད་ཀྱི་རྒྱུད་ལས་སྐབས་འདིར་བཤད་དོ། །གསང་བ་སྤྱི་རྒྱུད་ལ་ཁ་སྐོང་མི་བྱེད་ན་བདག་འབུལ་བ་འདི་མི་དགོས་ལ། སེམས་བསྐྱེད་ཉིད་སྡོམ་པ་བཟུང་བའོ། །བདུན་པ་ནི། དེ་ནས་ལས་ཐམས་ཅད་པ་དང༌། བྷྲཱུཾ་གྱིས་བྱིན་གྱིས་རླབས་པའི་གདོང་གཡོགས་བཅིངས། བརྒྱད་པ་ནི། སློབ་མ་དམ་རྒྱ་འཆིང་དུ་བཅུག་པའི་ལག་ཏུ་ཛི་ན་ཛིཀ་ཞེས་བརྗོད་ཅིང་མེ་ཏོག་གཏད་དོ། །ཡང་ན་དེའི་སྟེང་དུ་མིག་དར་དང་མེ་ཏོག་གི་སྔགས་སྤྱི་དང་འདྲ་བས་ཁ་བསྐང་ཀྱང་རུང་ངོ༌། །དགུ་པ་ནི་ཡང་ཛི་ན་ཛི་ཀ་བཟླ་བཞིན་གཙུག་ཏོར་གྱི་ཕྱག་རྒྱ་བཅིངས། སློབ་མའི་སྤྱི་བོར་བཞག་སྟེ། དཀྱིལ་འཁོར་ཁང་པའམ། ཡོལ་བའི་ནང་དུ་ཁྲིད། བཅུ་པ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས། །དམ་ཚིག་གསུམ་བཀོད་དཀྱིལ་འཁོར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་


TNT13_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་རིམ་པ་དང༌། །བསོད་ནམས་རིམ་པའང་དེ་བཞིན་ཤོག །དེ་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །ལྷ་རྣམས་རིམ་བཞིན་འབབ་པར་ཤོག །འདི་ལ་བསོད་ནམས་མཐུ་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །བཅུ་གཅིག་པ་ནི། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་མེ་ཏོག་དོར། བཅུ་གཉིས་པ་ནི། ལས་ཐམས་ཅད་པ་བཟླ་བཞིན་དུ་མིག་དར་དཀྲོལ། ཡང་ན་མིག་དར་དགྲོལ་བ་ལ། ཚིགས་བཅད་དང་སྔགས་སྤྱི་དང་འདྲ་བ་ལས། རྡོ་རྗེ་སེམས་དཔའ་ཞེས་པའི་ཚབ་ཏུ། དེ་བཞིན་གཤེགས་ཀུན༴ ཞེས་འདོན་པ་སྤོས་པས་ཀྱང་རུང་བར་ནི་མངོན་ནོ། །བཅུ་གསུམ་པ་ནི། དེ་ནས་ལྷ་ངོ་སྟོན་ཏོ། །དེ་ཡང་འདི་ན་བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་དཀྱིལ་འཁོར་མངོན་སུམ་དུ་བཞུགས་པ་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཐུ་ལས་བྱུང་བ། ཞེས་པ་ནས། འབར་བའི་འོད་ཀྱི་སྣང་བས་ཕྱོགས་ཀུན་ཁྱབ་པའོ། །ཞེས་པའི་བར་དཀྱིལ་འཁོར་སྒྲུབ་པའི་སྐབས་ལྟར་དང༌། དབུས་ཀྱི་པདྨ་ཆེན་པོའི་སྟེང་གི༴ ཞེས་པ་ནས། ཚུལ་གྱིས་བཞུགས་པར་གྱུར། ལྷ་སྣམ་ནང་མ་ལ་བཅོམ་ལྡན་འདས་ཀྱི་བཞུགས་ཁྲིའི་གཡས་ལོགས་སུ། ཞེས་པ་ནས། རྡོ་རྗེ་འཛིན་པའོ། །ལྷ་རྣམ་གཉིས་པ་ལ་རྡོ་རྗེ་འཛིན་ཆེན་པོའི་མདུན་ངོས་འོག་ཕྱོགས་སུ། ཞེས་པ་ནས། འཁོར་གྱི་དཀྱིལ་འཁོར་ལ་བལྟ་བའོ། །


TNT13_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྣམ་ཕྱི་མའི་ལྷོ་སྒོའི་ཐད་དུ༴ ཞེས་པ་ནས། ཡོངས་སུ་བསྐོར་ཏེ་བཞུགས་པར་གྱུར། ཞེས་པའི་བར་དུ་དཀྱིལ་འཁོར་སྒྲུབ་པའི་སྐབས་བཞིན་ནོ། །མེ་ཏོག་གང་ལ་ཕོག་པའི་ལྷ་ངོས་འཛིན་པ་ནི། དེང་སང་ལག་ལེན་མི་བྱེད་པས་དཀྱིལ་འཁོར་གྱི་གཙོ་བོ་ཉིད་ལས་དེར་མོས་པ་བྱས་ལ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེ། །སྔགས་དང་རིག་པས་བྱིན་གྱིས་རླབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀྱང༌། །ཐམས་ཅད་ཁྱོད་ལ་མངོན་དུ་འགྱུར། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོངས། །གསང་སྔགས་དག་ལའང་བརྩོན་པར་གྱིས། ཞེས་བརྗོད། བཅུ་བཞི་པ་ནི། དེ་ནས་སློབ་མས། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། ཞེས་སོགས་ཤོ་ལོ་ཀ་གསུམ་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་བཟླ་བཞིན་དུ། དཀྱིལ་འཁོར་ལ་ཕྱག་འཚལ་ནས་མེ་ཏོག་གཏོར། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་ལན་གསུམ་བརྗོད། སློབ་དཔོན་གྱིས་མེ་ཏོག་བླངས་ཏེ། སྔར་དང་པོར་ཕུལ་བའི་མེ་ཏོག་དེ་དང་ལྷན་ཅིག་ཏུ་ཛི་ན་ཛིཀ དང་བྷྲཱུཾ་བཟླ་བཞིན་པས་སྤྱི་བོར་བཞག་གོ །གཉིས་པ་དབང་དངོས་གཞི་ལ། །རིམ་པ་བཅུ་དྲུག་ཡོད་དེ། །༡གསོལ་དང་༢སྦྱིན་སྲེག་༣ལས་བུམ་དབང༌། །༤དབང་སྟེགས་༥ཤིས་བརྗོད་༦ཁྲུས་བུམ་དང༌། །༧རྣམ་རྒྱལ་ཆུ་བླངས་༨སྔགས་བཟླས་ནས། །༩སྐོར་དང་༡༠གསོལ་འདེབས་༡༡བཀྲ་ཤིས་བརྗོད། །༡༢རྣམ་རྒྱལ་༡༣བུམ་པ་ལས་བཞིར་བཅས། །༡༤ཅོད་པན་༡༥མཆོད་དང་༡༦ཆེད་བརྗོད་བྱ། །ཅེས་


TNT13_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དང་པོ་ནི། སྐབས་འདིར་སློབ་མས་ཡོན་དབུལ་བར་གསུངས་པའི་དོན་ལ་སྤྱི་དང་མཐུན་པར་མཎྜལ་འབུལ། སློབ་དཔོན་གྱིས་བདག་ལ་དམ་ཚིག་གསུམ་བཀོད་རྒྱལ་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྩལ་དུ་གསོལ་ཞེས་ལན་གསུམ་གསོལ་བ་བཏབ། གཉིས་པ་ནི། སྐབས་འདིར་འགྲུབ་ན་ངེས་པར་ཞི་བའི་སྦྱིན་སྲེག་བྱ། གསུམ་པ་ནི་མཐར། ཐབ་ཀྱི་ལྷ་རྣམས་ཐབ་ནས་གཤེགས་ཏེ་དཀྱིལ་འཁོར་ལ་སྤྱན་དྲངས་ཟིན་པ་ན། ལས་བུམ་བླངས་ལ་བདུད་རྩི་ཐབས་སྦྱོར་རིང་བའམ་འབྲིང་པོ་བཟླ་བཞིན་དུ། བསངས་གཏོར་བྱས་ཤིང༌། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བཟླ་བཞིན་དུ། མཚན་མོ་བདེ་ལེགས་ཉིན་བདེ་ལེགས་སོགས་ཀྱི་མཐར། ལས་བུམ་གྱི་ཆུས་སྤྱི་བོ་ནས་དབང་བསྐུར་ཏེ་ཐུང་དུ་བཅུག །བཞི་པ་ནི་དེ་ནས་སློབ་མ་རེ་རེ་བཞིན་དབང་སྟེགས་དངོས་སུ་བཅའ་ཐུབ་ན་ལེགས། མིན་ན་གཅིག་ལ་བཅའ་བའམ། མོས་པ་ཙམ་གྱིས་ཀྱང་རུང་མོད། དེ་ལ་དབང་སྟེགས་ནི་ཆུ་ཚོན་ནམ་རྡུལ་ཚོན་དཀར་པོས་སྟེགས་བུ་གྲུ་བཞིའི་ཟུར་ལ་རྡོ་རྗེ་རྩེ་གསུམ་ཕྱེད་པས་མཚན་པ། དབུས་སུ་པདྨ་དཀར་པོའམ་སྣ་ཚོགས་པདྨ་འབྲི། འདབ་མ་བརྒྱད་པ་ལ་བཀྲ་ཤིས་རྟགས་བརྒྱད་ཡོད་པ་བྱ། ཚད་ནི་རྩ་བའི་དཀྱིལ་འཁོར་གྱི་ཕྱེད་ཙམ་ཟེར་ཡང༌། སློབ་མའི་ལུས་དང་འཚམ་པ་ཡིན་པས་ངེས་པ་མེད་དོ། །འདིར་སྒོ་ནུབ་བམ་བྱང་དུ་གཏད་ཅེས་འགའ་ཞིག་འདོད་ཀྱང་ངེས་པར་སྒོ་ཅན་དུ་འབྲི་དགོས་པ་ནི་མིན་ལ། ཅི་སྟེ་སྒོ་ཅན་དུ་བྱེད་ན། དཀྱིལ་འཁོར་གྱི་ནུབ་སྒོ་དང་འཇིག་རྟེན་ནུབ་ཕྱོགས་ལ་གཙོ་བོ་ཞལ་གཟིགས་པ་ཉིད་ཀྱི་ཕྱིར། གཙོ་བོའི་མདུན་ཕྱོགས་སུ་བྱེད་ན་སྒོ་ཤར་བསྟན་དུ་རིགས་


TNT13_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེབས་མཚོན་པའི་ཤར་ནས་ནུབ་ཏུ་བསྟན་དང༌། ལྷོ་ནས་བྱང་བསྟན་དུ་ཡང་རུང་ཞིང༌། དྲག་པོའི་ལས་ཀྱི་དབང་ལ་བྱང་ནས་ལྷོར་ཡང་བསྟན་ནོ། །སློབ་མའི་ཕྱོགས་ལ་གཙོ་བོའི་མདུན་རྒྱབ་གང་བསྟན་ཡང་རུང་མོད་ཀྱི། སློབ་མ་གཙོ་བོ་ལ་རྒྱབ་ཀྱིས་ཕྱོགས་པ་ནི་མི་རུང་ལ། དབང་སྟེགས་ཀྱི་སྒོ་ལས་རྒྱབ་སྟོན་པ་ཡང་མི་མཛེས་སོ། །ལྔ་པ་ནི་དེ་ནས་སློབ་མ་དབང་སྟེགས་ལ་བཀོད། ཁྲུས་བུམ་བཞི་དབང་སྟེགས་ཀྱི་གྲྭ་བཞིར་བཞག །སྟེང་དུ་གདུགས་དཀར་པོ་བཟུང༌། མཐའ་སྐོར་དུ་རྔ་ཡབ་ལ་སོགས་པ་མཆོད་པ་སྣ་ཚོགས་ཀྱྀས་བསྐོར་ཏེ། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། སོགས་ཤིས་བརྗོད་ཀྱི་མཐར་རོལ་མོའི་སྒྲ་ཆེར་བྱ། དྲུག་པ་ཁྲུས་བུམ་གྱི་དབང་ནི། དེ་ནས་ཁྲུམ་བུམ་མདུན་མ་གཉིས་ཛི་ན་ཛིཀ་དང༌། རྒྱབ་མ་གཉིས་ཨོཾ་ཥྟོཾ༴ གིས་དབང་བསྐུར་ཏེ། བུམ་པ་བཞི་ཆར་གྱིས་རིམ་བཞིན་དབང་བསྐུར་རྒྱུ་ཡིན་ལ། །མི་ནུས་ན་གཅིག་ཏུ་སྡོམས་ཏེ་དབང་བསྐུར་ཀྱང་རུང་ངོ༌། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། ཞེས་སོགས་ཀྱི་མཐར། སྔགས་གཉིས་པོ་ལན་གསུམ་ལས་མི་ཉུང་བར་བཟླས། ཨོཾ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་དེ། ཆུ་འཁྱོར་བ་གསུམ་ཙམ་གྱིས་ཁྲུས་བྱར་བཞུག །སློབ་དཔོན་གྱི་དབང་དངོས་ལ་ཁྲུས་བུམ་གྱི་བྱ་བ་དེ་ཁོ་ནས་ཆོག་ཀྱང༌། བགེགས་གཞོམ་པའི་དབང་བྱེད་པ་ལ་དེའི་ཁྱད་ཆོས་རྣམས་ཀྱང་ཐོབ་ན་ལེགས་པས་སློབ་དཔོན་གྱི་དབང་ཡིན་ཡང་སྐབས་འདིར། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱཧཱ། ལ་སོགས་པ་བཀྲུ་བྱབ་སྲུང་གསུམ་སྤྱི་དང་མཐུན་པར་བྱས་ན་ཤིན་ཏུ་ལེགས་སོ། །


TNT13_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་རྣམ་རྒྱལ་ལས་བུམ་ཆུ་བླང་བ་ནི། དེ་ནས་དུང་ཆོས་སོགས་ཨརྒྷཾའི་སྣོད་དམ་བུམ་པ་གཞན་དུ་དབུས་ཀྱི་རྣམ་རྒྱལ་བུམ་པ་ལས་ཆུ་གཅུས་ཏེ་བླུགས། དེའི་ཚེ་ཛི་ན་ཛིཀ་དང། བྷྲཱུཾ་མང་དུ་བརྗོད། བརྒྱད་པ་བུམ་ཆུ་ལ་སྔགས་བཟླ་བ་ནི། བུམ་ཆུ་དེ་ལ་སྙིང་པོ་ཡི་གེ་བརྒྱ་པ་ལན་བདུན་སོགས་ཇི་ལྟར་འོས་པ་དང༌། ཡི་གེ་ལྔ་པ་ལན་བརྒྱ་རྩ་བརྒྱད་བཟླའོ། །དགུ་པ་བསྐོར་བ་དང་བཅུ་པ་གསོལ་བཏབ་ནི། དེ་ནས་རོལ་མོའི་སྒྲ་དང་བཅས་ཏེ། དེ་ལག་ཏུ་ཐོགས་ནས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱེད་ཅིང༌། སློབ་དཔོན་གྱིས། ཐུགས་རྗེ་ཆེན་པོ་དང་ལྡན་པ་བཅོམ་ལྡན་འདས་འཁོར་དང་བཅས་པས་སློབ་མ་འདི་རྣམས་ཀྱི་རྒྱུད་དག་པར་མཛད་དུ་གསོལ། བྱིན་གྱིས་རླབ་ཏུ་གསོལ། དབང་བསྐུར་དུ་གསོལ། ཞེས་གསོལ་བ་གདབ། རོལ་མོ་བཞག་སྟེ་སློབ་མ་རྣམས་ཀྱིས་ཐོས་པར་ཡང་ལན་གཅིག་གསོལ་བ་གདབ། སྤྱི་རྒྱུད་ལས་འདི་ཡིད་ཀྱིས་གསོལ་བ་འདེབས་པ་ཁོ་ན་བཤད་ཀྱང༌། ལག་ལེན་ལ་ཚིག་གིས་གསོལ་བ་འདེབས་པ། སློབ་མ་དང་བ་བསྐྱེད་པ་དང༌། ཆོ་ག་མི་ཆད་པ་དང་དམིགས་པ་གསལ་བའི་ཕྱིར་ཡིན་པས་མི་འགལ་ལོ། །བཅུ་གཅིག་པ་བཀྲ་ཤིས་བརྗོད་པ་ནི། སློབ་དཔོན་གྱི་དབང་གི་ཆོ་གའི་ཐོབ་ཐང་དངོས་ལ། ཨོཾ་ཕུན་སུམ་ཚོགས་པ༴ སོགས་ཤིས་བརྗོད་ཁོ་ནས་ཆོག་ལ། སློབ་དཔོན་དུ་གྱུར་ནས་གཞལ་ལ་འབྱོར་བ་ཐོབ་པའི་དབང་བྱེད་ན། དབང་དེའི་ཁྱད་ཆོས་རྣམས་ཀྱང་ཐོབ་ན་བཟང་བས་བཀྲ་ཤིས་རྫས་བརྒྱད་བཤམས་རེ་རེ་བཞིན་ལས་ཐམས་ཅད་པའམ་ཐབས་སྦྱོར་བཟླས་པས་བསངས། བྷྲཱུཾ་དང༌། ཛི་ན་ཛིཀ་གསུམ་གསུམ་གྱིས་བྱིན་གྱིས་


TNT13_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ནས། སློབ་མ་ལ་མེ་ཏོག་དཀར་པོ་དང་འབྲས་ཡོས་སོགས་ཐོར་བཞིན་དུ་རོལ་མོའི་སྒྲ་ཅི་རིགས་པ་དང་བཅས་པས། ཨོཾ་ཕུན་སུམ་ཚོགས་པ་མངའ་པ༴ སོགས་དང༌། འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི། །གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་ཏེ། །དབང་བཅས་ལྷ་ཡིས་བསྐོར་བའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེས་དགུ་རྣམས་ལ་ཞི་བྱེད་ཤོག །ལོ་མ་མེ་ཏོག་འོད་འབར་ཉམས་དགའ་ལུམྦའི་ཚལ། །ལྷ་མང་དག་གིས་བསྟེན་པར་མགོན་པོ་བལྟམས་པ་ན། །སྲིད་པ་མཐར་ཕྱིན་པ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས༴ །གྲོང་ཁྱེར་སེར་སྐྱའི་གནས་ནས་རྒྱལ་པོའི་ཕོ་བྲང་དུ། །ལྷུམས་ནས་བལྟམས་པ་སྟོན་པ་བདེ་གཤེགས་ཟས་བཙང་སྲས། །མྱུར་བསྐྲུན་བདུད་རྩིའི་ཆུ་གཏོར་བ་ཡི་བཀྲ་ཤིས་གང༌། །བཀྲ་ཤིས༴ གྲོང་ཁྱེར་དམ་པ་སེར་སྐྱའི་གནས་ཞེས་བྱ་བར་ནི། །རྨང་དུ་གྲགས་པ་ཆེན་པོ་ལྷ་ཡིས་མངོན་བསྟོད་པ། །བསམ་ཡས་དགེ་བསྒྲུབས་བསོད་ནམས་ཕུང་པོའི་བཀྲ་ཤིས་གང༌། །བཀྲ་ཤིས༴ དགྱེས་ཤིང་ནམ་ཕྱེད་གྲོང་ཁྱེར་ནས་ནི་མངོན་བྱུང་སྟེ། །དཀའ་ཐུབ་ཚལ་དུ་མངོན་པར་གཤེགས་ཤིང་ཚངས་ལ་སོགས། །ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང༌། །བཀྲ་ཤིས༴ རབ་ཏུ་འོད་འབར་གསེར་དང་འདྲ་བའི་སྐུ་མངའ་ཞིང༌། །བེཌཱུརྱ་ལྟར་སྔོན་པོའི་རྩ་བཏིང་སྟེང་བཞུགས་ཏེ། །སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གི་བཀྲ་ཤིས་གང༌། །བཀྲ་ཤིས༴


TNT13_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བོའི་འགྲམ་ན་ཙར་ཥའི་འཕྲེང་གིས་ཡོངས་བསྐོར་བ། །ཤིན་ཏུ་རྨད་དུ་བྱུང་བའི་སྲིད་པ་སེལ་མཛད་པ། །ཀླུ་ཡི་རྒྱལ་པོས་ཕྱག་བྱས་པ་ཡི་བཀྲ་ཤིས་གང༌། །བཀྲ་ཤིས༴ ཤིང་རྒྱལ་དྲུང་གཤེགས་བྱམས་པའི་སྟོབས་ཀྱིས་བདུད་ཀྱི་ཕྱོགས། །མང་པོ་བཏུལ་ཚེ་ས་སྟེང་དང་ནི་ནམ་མཁའ་ལ། །བཅོམ་ལྡན་བཀྲ་ཤིས་རྣམ་པ་སྣ་ཚོགས་གང་བྱུང་བ། །བཀྲ་ཤིས༴ སྡུག་བསྔལ་མཐའ་དག་གཞིག་ཕྱིར་རྡོ་རྗེའི་གདན་བཞུགས་ཏེ། །ནམ་གྱི་ཐོ་རངས་བདུད་བཞི་པོ་དག་རྣམ་བཏུལ་བ། །སྟོན་པ་བདེ་བར་གཤེགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས༴ གྲོང་ཁྱེར་ཝ་ར་ན་སིར་དྲང་སྲོངས་མཆོག་བཞུགས་ནས། །ཆོས་ཀྱི་འཁོར་ལོ་མཆོག་བསྟན་པ་ཡི་བཀྲ་ཤིས་གང༌། །ལྷ་ཡུལ་དང་འདིར་ཤིན་ཏུ་རྨད་དུ་བྱུང་གྱུར་པ། །བཀྲ་ཤིས༴ བཀྲ་ཤིས་གང་ཞིག་ཕན་བྱེད་དམ་པ་དག་བྱེད་པ། །བསོད་ནམས་དག་བྱེད་འཕགས་པའི་སྐྱེ་བོས་མངོན་བསྟོད་པ། །བཅོམ་ལྡན་ཤཱཀྱ་ཐུབ་པའི་སེང་གེས་གང་གསུངས་པ། །བཀྲ་ཤིས༴ མུ་སྟེགས་བྱེད་པ་ཀུན་ཀྱི་ང་རྒྱལ་གཞོམ་པ་དང༌། །འགྲོ་ལ་བདེ་བ་བསྐྱེད་ཕྱིར་ཆོ་འཕྲུལ་དམ་པ་དག །ཉེ་བར་སྟོན་པའི་རྒྱལ་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས༴ འགྲོ་ལ་ཕན་ཕྱིར་མཐོ་རིས་གནས་ནས་འདིར་གཤེགས་ཏེ། །ཚངས་པ་ལ་སོགས་ལྷ་ཚོགས་ལག་ན་རྔ་ཡབ་གདུགས། །སྣ་ཚོགས་ཐོགས་པས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང༌། བཀྲ་ཤིས༴ དེ་བཞིན་གཤེགས་པ་ཞི་བའི་མཆོག་


TNT13_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཉེར་གཤེགས་བ། །མནྡྷ་ར་ཡི་མེ་ཏོག་མང་པོས་མངོན་མཆོད་ནས། །ལྷ་མཆོག་རྣམས་ཀྱིས་མངོན་པར་བསྟོད་པའི་བཀྲ་ཤིས་གང༌། བཀྲ་ཤིས༴ ལྷ་དབང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་པ། །མཁའ་ལྡིང་གནོད་སྦྱིན་དྲི་ཟའི་དབང་པོའི་མཆོད་གྱུར་པ། །དེ་བཞིན་གཤེགས་པ་སྟོབས་བཅུ་ལྡན་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ཉིན་མོ་བདེ་ལེགས༴ ནས།དེང་འདིར་སྩོལ། ཞེས་ཤིས་བརྗོད་རྒྱས་པར་བྱེད་ལ། ཤིན་ཏུ་སྤྲོས་པ་ལ་དགའ་ན། ཐོག་མར་བཀྲ་ཤིས་རྫས་བརྒྱད་ཚིགས་བཅད་ཚིག་ལྷུག་ཡོངས་སུ་གྲགས་པ་དང་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་དམ། བཀྲ་ཤིས་ལྷ་མོ་བརྒྱད་ཀྱི་ཚིགས་བཅད་སྤྱི་དང་མཐུན་པར་བརྗོད་ཅིང༌། སོ་སོའི་གཟུགས་བརྙན་བྲིས་སམ་འབུར་དུ་དོད་པ་སློབ་མ་ལ་གཏད། དེ་རྗེས་ཐམས་ཅད་མདུན་དུ་བསྟན་ནས། ཨོཾ་ཕུན་སུམ༴ སོགས་ཤིས་བརྗོད་རྒྱས་པ་བྱེད་པ་ཡིན་ནོ། །དབང་རྫས་དང་བཅས་པའི་ཤིས་བརྗོད་ཀྱི་སྤྲོས་བ་འདི་འབྱོར་བའི་དོན་གྱི་དབང་ལ་ངེས་པར་དགོས་པ་ཡིན་ནོ། །བཅུ་གཉིས་པ་རྣམ་རྒྱལ་བུམ་པས་དབང་བསྐུར་བ་ནི། སྤྱི་སྔགས་ཛི་ན་ཛི་ཀ་ལན་བདུན་དང༌། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ཞེས་སོགས་ཀྱི་མཐར། སྙིང་པོ་ཡི་གེ་བརྒྱ་པ་ཉིད་བཟླ་བཞིན་དུ་དང་པོར་ཡལ་འདབ་ཀྱི་བུམ་ཆུ་བླངས་ལ་སློབ་མའི་ལུས་ལ་གཏོར། དེ་ནས་བུམ་པའམ་མཆོད་ཡོན་གྱི་སྣོད་སྤྱི་བོར་བཞག །སྤྱི་བོ་ནས་བཀྲུ་ཞིང་མཐར་འཐུང་དུ་བཞུག་གོ །ཆུ་དབང་བསྐུར་བའི་སྤྱིའི་སྔགས་འདི་ཡང་བརྗོད་དེ། སན་དྷཱ་ར་ཎ། ཨུན་


TNT13_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དྷཱ་ར་ཎི་སི་པྲ་ཏིཥྛ་ཏ། སུ་ཏ་མ། སུ་པྲ་ཏིཥྛ་ཏ། བི་ཛ་ཡ་བ་ལ། སྭ་བྷཱ་ཝ། པྲ་ཏེ་ཛྙཱ། ཨ་རོ་ཧ། ཛྙཱ་ན་བ་ཏི། ཨུད་པ་ད་ནི། དཱི་ན་ཨ་མ་ལ་ཨ་བྷི་ཥིཉྩི་མི། ཨ་བྷ་བྷྱ་ཧ་ར་ཤུ་བྷཾ་བ་ཊི། ཨ་ནི་ཤི་ཏ་བ་ཧཱུ་ཀུམྦ། ཨ་བྷི་བ་ཙཿ ཞེས་པའང་བརྗོད་དེ་ཆུའི་དབང་བསྐུར་བའོ། །སྤྱིར་སློབ་དཔོན་གྱི་དབང་ཙམ་ལ་ཆུ་དབང་གི་སྐབས་སུ་དེ་ཙམ་གྱིས་ཆོག་གོ །བཅུ་གསུམ་པ་ལས་བཞིའི་བུམ་པས་དབང་བསྐུར་བ་ནི། སློབ་དཔོན་གྱི་དབང་གི་ཆོ་ག་དངོས་ཡིན་ཡང་སྔགས་སྒྲུབ་པའི་དབང་གི་རིགས་འགའ་ཞིག་ལ་དགོས་པས། གཞན་ལ་སྦྱིན་པའི་དོན་དུ་སློབ་དཔོན་གྱི་འོས་དེས་ཀྱང་དང་པོར་ཐོབ་ན་ལེགས་པས་སྔར་ལས་སྒྲུབ་པའི་དོན་དུ་ལས་བཞིའི་བུམ་པ་བཅས་ཡོད་ན། དེ་དག་གིས་ཀྱང་དབང་བསྐུར་ཏེ། འདི་ནི་ཁྲུས་མཆོག༴ སོགས་ལ་འདོན་པ་སྤོས་ཏེ། ཅི་འདོད་སོགས་ཀྱི་ཚབ་ཏུ། ཞི་བའི་ལས་ཀུན་སྩོལ་བར་མཛོད། ཨོཾ་རུ་རུ༴ སོགས་དང༌། རྒྱས་པའི་ལས་ཀུན༴ ཞེས་དང༌། ཏདྱ་ཐཱ་ཨོཾ་བྷཱུཾ། དབང་གི་ལས་ཀུན༴ ཞེས་དང་། ཨོཾ་ཛི་ཛི༴ སོགས་དང༌། མངོན་སྤྱོད་ལས་ཀུན༴ ཞེས་དང༌། ཧཱུཾ་བཞི་པའི་སྔགས་རེ་བུམ་པ་བཞི་པོ་དེ་དག་གིས་རིམ་པ་ཅན་དུ་དབང་བསྐུར་རོ། །སྤྱི་རྒྱུད་དངོས་བསྟན་གྱི་དགོངས་པ་ནི། །རེ་ཞིག་དངོས་གྲུབ་ཆེན་པོ་དོན་དུ་མི་གཉེར་བར་འཕྲིན་ལས་བཞི་རེ་དོན་གཉེར་ཙམ་ལ་རྣམ་རྒྱལ་བུམ་པའི་ཆུ་དབང་མི་བསྐུར་བར། ལས་བཞིའི་བུམ་པ་འདི་དག་ལས་གང་འདོད་པ་དང་མཐུན་པ་རེ་རེས་དབང་བསྐུར་བ་ཡིན་ཀྱང༌། འདིར་སློབ་དཔོན་གྱི་གནས་ཐོབ་པས་རང་ཉིད་ཀྱིས་ལས་


TNT13_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཀ་སྒྲུབ་དགོས་པའང་ཡིན་ལ། གཞན་ལའང་བཞིའི་དབང་བསྐུར་དགོས་པ་ཡིན་པས། དངོས་སུ་སློབ་དཔོན་ཀྱི་དབང་ཡིན་ཡང༌། སྐབས་འདིར་ལས་བཞིའི་ཆུ་དབང་དེ་བྱེད་པ་ལེགས་སོ། །སྤྱིར་སློབ་དཔོན་གྱི་དབང་དུ་འགྱུར་བ་ཙམ་ལ་གཙོ་བུམ་གྱི་ཆུ་དབང་བསྐུར་བ་ཉིད་ཀྱིས་ཆོག་གི བུམ་པ་གཞན་རྣམས་ཀྱིས་དབང་བསྐུར་མེད་ཀྱང་ཆོག་པའི་སྐབས་ཡོད་དོ། །བཅུ་བཞི་པ་ཅོད་པན་གྱི་དབང་ནི། སློབ་དཔོན་གྱིས་དེ་བཞིན་གཤེགས་པ་རིགས་སྤྱིའི་དམ་རྒྱ་བཅས། སློབ་མའི་སྤྱི་བོར་གཏུགས་ཏེ། ཨོཾ་ཏ་ཐཱ་ག་ཏ་ཨུད་བྷ་ཝ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། དེ་ནི་སྤྱི་རྒྱུད་ཀྱི་ཆོ་གའི་ལུགས་ཡིན་ལ། རྒྱུད་འདི་ཉིད་ལས་གསུངས་པ་ནི། ཐལ་མོ་ཁོང་སྟོང་དུ་སྤྱར་བ་སྤྱི་བོར་གཏུགས་ལ། ན་མཿསརྦ་བུདྡྷ་བོ་དྷི་སཏྭ་ནཱཾ། ཏྲྀ་ཤི་ཁཱ་ཨ་གྲི་ན་ན་མསྟུ་ཏེ། ས་མནྟ་ཨ་ད་ས་མན་ཏཱ། ཨ་གྲི་ཀུ་ན། ཨ་ཙ་ལ། ཨ་གྲི་དྷརྨྨེ་བི་དུ་ན་ཧི་ཀླེ་ཤ་དུཿཁ་ཛྭ་ལ་ན་ཛཱ་ག་ཏྭ་སརྦྦ་སུ་ཁཾ་ད་དཱ་ཧཱི་ཙ། ཤུ་ཏཱ་ཏྲེ་དཾ་ཏྲེ་ས་མ་ཡེ་ཀུ་རུ་སྭཱཧཱ། ཞེས་བརྗོད་དེ། རྒྱུད་སྡེ་འདིར་དབུ་རྒྱན་སྐོན་པའི་དབང་མ་གསུངས། ཕྱག་རྒྱ་སྤྱི་བོར་འཇོག་པ་ཉིད་ཅོད་པན་གྱི་དབང་ངོ༌། །བཅོ་ལྔ་པ་ནི། དྲི་ཆབ་མེ་ཏོག་བདུག་སྤོས་ཞལ་ཟས་མར་མེ་རྣམས་སློབ་མའི་མདུན་དུ་བཤམས། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་དུ་བརྗོད་དེ། སློབ་མ་ལ་དགའ་སྟོན་གྱི་ཚུལ་དུ་བསྟེར་རོ། །ཡང་ན་གོང་དུ་ཤིས་བརྗོད་རྒྱས་པ་ཚིག་ཙམ་གྱིས་བྱས་ནས། རྫས་བརྒྱད་སོགས་དང་འབྲེལ་བའི་ཤིས་བརྗོད་ནི་བར་འདིས་བྱས་ཀྱང་རུང་ངོ༌། །བཅུ་དྲུག་པ་ནི། སྔགས་དང་


TNT13_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་རྣམས་འཛིན་གྱུར་པར། །བློ་དང་ལྡན་པས་དབང་བསྐུར་རོ། །ཞེས་བརྗོད་ཅིང༌། སྤྱི་བོར་མེ་ཏོག་དཀར་པོ་འཇོག་ཏེ། མཆོད་པ་དང་ཆེད་བརྗོད་དེ་གཉིས་པོ་དེ་དག་ནི་ཆུ་ཅོད་ཀྱྀ་ཡན་ལག་སྟེ་དེ་ཡན་ཆད་དབང་གི་དངོས་གཞིའོ། །དབང་གི་རྗེས་སུ་འབྲང་བའི་ཆོ་ག་ལ་བརྒྱད་དེ། གསོལ་བཏབ་བཀའ་བསྒོ་ཉེས་པ་སྦྱངས། །རྒྱལ་བསྟན་རྗེས་གནང་ཡོན་བླང་ཞིང༌། །དམ་ཚིག་བསྒྲགས་ལ་གདམས་ངག་འབོག །དང་པོ་ནི། རྩ་སྔགས་ཡི་གེ་བརྒྱ་པས་ཚངས་སྐུད་མཆོད་ཕྱིར་ཐོག་སྦྱིན། དེ་ཡང་སྣ་མའི་མེ་ཏོག་གི་ཕྲེང་བ་ལ་བཤད་ནའང་བོད་དུ་མི་རྙེད་ཅིང༌། ཡང་གསེར་སྐུད་བྱེད་པར་བཤད་ནའང་དཀོན་པར་འགྱུར་བས། ལག་ལེན་ལ་གདབ་རྒྱུ་སྲས་བུ་དཀར་པོ་སུམ་སྒྲིལ་སུམ་སྐོར་སྣེ་མོར་མདུད་པ་གསུམ་དང་བཅས་པའོ། །ཨོཾ་རུ་རུ༴ སོགས་སངས་རྒྱས་སྤྱན་མའི་སྔགས་ཀྱིས་བསྙེན་པའི་སྐབས་སུ་བཤད་པ་དང་འདྲ་བའི་ལག་གདུབ་སྤྱིན། སློབ་མ་ཐལ་མོ་སྦྱོར་དུ་བཅུག་ལ། སྤྱི་བོར་གདུགས་བཟུང་ཞིང༌། རོལ་མོའི་སྒྲ་དང་བཅས་པས་དཀྱིལ་འཁོར་ལ་གཡས་སྐོར་ལན་གསུམ་བྱེད་དུ་འཇུག །དེ་ནས་འཇུག་པའི་སྒོ་ཕྱོགས་ནས་ཕྱག་འཚལ་དུ་བཅུགས་ལ། བླ་མས། སྔགས་དང་རྒྱུད་རྣམས་འཛིན་འགྱུར་བའི། །སློབ་མ་འདི་ནི་འབུལ་བ་ལགས། ལན་གསུམ། དེ་བཞིན་གཤེགས་པ་རྣམས་ཀྱི་གདུང་འཚོབ་པའི་དོན་དང༌། སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་འཕྲིན་ལས་འཇུག་པའི་དོན་དུ། བདག་སློབ་དཔོན། འདི་ཞེས་བགྱི་བས། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སློབ་མ་འདི་འབུལ་


TNT13_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལགས་ཀྱི་ཡོངས་སུ་བཟུང་བར་མཛོད་ལ། ཐུགས་བརྩེ་བས་བཀའ་དྲིན་སྩལ་དུ་གསོལ། ཞེས་བརྗོད། གཉིས་པ་ནི། གདུགས་བཞག་ལ་སློབ་མ་དབང་སྟེགས་ལ་བཀོད་དེ། དེ་རིང་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་རྣམས་ལ་སྙིད་བརྩེ་བས། ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལས་སྦྱོར། །ཞེས་བརྗོད། གསུམ་པ་ནི་སློབ་དཔོན་དང་སློབ་མའི་ཉེས་པ་སྦྱང་བའི་ཕྱིར། ཞི་བའི་སྦྱིན་སྲེག་བྱ་བ་སྟེ། སྐབས་འདིར་མ་གྲུབ་ན། རྗེས་སུ་བྱས་པས་ཀྱང་རུང་ལ། འོན་ཀྱང་དེང་སང་མི་བྱེད་པ་ཤས་ཆེའོ། །བཞི་པ་ནི། ལུགས་འདིའི་དེ་ཁོ་ན་ཉིད་བསྟན་པ་སྟེ། འདི་སྐད་ཅེས་བརྗོད་དོ། །དེ་ལ་ཕྱི་རོལ་དུ་ལྕགས་རིས་བསྐོར་བ་ནི་གེགས་མི་འཇུག་པའི་དོན་ཡིན། སྒོ་སྦྲག་གསུམ་བྲིས་ཡོད་ན། གཞལ་ཡས་ཁང་རིམ་པ་གསུམ་ནི། དངོས་གྲུབ་རབ་འབྲིང་ཐ་གསུམ་སྒྲུབ་པའི་དོན་དུ་དེ་དང་དེ་སྟེར་བ་ལ་མངོན་པར་དགའ་བའི་ལྷ་རྣམས་བཞུགས་པའི་དོན་ཡིན། ཞེས་དང༌། གལ་ཏེ་རིམ་པ་གཅིག་ལས་མེད་ན་གཞལ་མེད་ཁང་དམ་པ་འདི་ནི་གོ་འཕང་མཐོན་པོར་བགྲོད་ཅིང་གྲུབ་པ་ཆེན་པོ་དག་བྱུང་བའི་གནས་ཀྱི་དོན་ཡིན་ཞེས་བརྗོད། ཡང་གཙོ་བོ་བཅོམ་ལྡན་འདས་ནི་ཕྲ་མོ་ལས་བཞི་ནས་བརྩམས་ཏེ་


TNT13_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་ཐམས་ཅད་ཀྱི་གཞིར་གྱུར་བས་དངོས་གྲུབ་ཐམས་ཅད་སྩོལ་བ་པོ་ཡིན། འཕགས་པ་རྡོ་རྗེ་འཛིན་པ་ནི་རིགས་ཀྱི་བདག་པོ་བྱང་ཆུབ་སེམས་དཔའ་དང༌། རྡོ་རྗེ་འཛིན་མ་ནི་རིགས་ཀྱི་ཡུམ་དང༌། ཁྱེའུ་མཐའ་ཡས་པ་ནི་རིགས་ཀྱི་ཕོ་ཉ་དང༌། བུ་མོ་མཐའ་ཡས་པ་ནི་རིགས་ཀྱི་ཕོ་ཉ་མོ་དང༌། ལྷ་མོ་སངས་རྒྱས་སྤྱན་མ་ནི་དངོས་གྲུབ་ཐམས་ཅད་ཀྱི་དོན་དུ་དེ་བཞིན་གཤེགས་རིགས་སྤྱི་ཁྱབ་ཀྱི་རིགས་ཀྱི་ཡུམ་དང༌། གཞན་གྱིས་མི་ཐུབ་པ་ཕོ་མོ་ནི་རིགས་ཀྱི་ཁྲོ་བོ་ཁྲོ་མོ་སྟེ། འདི་ཐམས་ཅད་དངོས་གྲུབ་མཆོག་གི་དོན་དུ། སོ་སོའི་འཕྲིན་ལས་ཀྱི་དངོས་གྲུབ་སྩོལ་བའི་ཕྱིར་བཞུགས་པ་ཡིན། བྱང་ཆུབ་སེམས་དཔའ་འདི་རྣམས་ནི་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་སྒྲུབ་པའི་དོན་ཡིན། ཡུམ་མཱ་མ་ཀཱི་ནི་ཞི་བ་དང་སྲུང་བའི་དོན་ཡིན། བྲན་པོ་ཕོ་ནི་གདུག་པ་ཚར་གཅོད་པའི་དོན་ཏེ། དེ་དག་ཀྱང་གྲུབ་པ་བར་མ་སྩོལ་བའི་ཚུལ་དུ་བཞུགས། འཇིག་རྟེན་སྐྱོང་བ་རྣམས་ནི་གྲུབ་པ་ཆུང་ངུ་སྩོལ་པ་དང༌། འདོད་དོན་སྣ་ཚོགས་པ་སྒྲུབ་པའི་དོན་དུ་རྒྱལ་བ་སྲས་བཅས་ཀྱི་བཀའ་ལ་སྟོད་པའི་ཚུལ་དུ་བཞུགས་པ་ཡིན། གཞལ་ཡས་ཁང་གི་ཕྱི་རོལ་གྱི་ལྷ་ཚོགས་རྣམས་ནི། དངོས་གྲུབ་རབ་འབྲིང་ཐ་མ་མ་ངེས་པ་སྩོལ་བར་བཞུགས་ཤིང༌། ལས་ཐམས་ཅད་ཀྱི་གདོང་གྲོགས་མཛད་པ་ཡིན་ནོ། །ཞེས་བརྗོད། བྱ་རྒྱུད་ཀྱི་ལུགས་འདིར་དགོས་པ་བསྟན་པའི་ཚུལ་གྱིས་དཀྱིལ་འཁོར་དང་ལྷའི་དེ་ཉིད་བརྗོད་པ་ཡིན་གྱི།


TNT13_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་གཞན་གྱི་རྒྱས་བཀབ་མི་བྱའོ། །སྐབས་འདིར་སྤྱི་རྒྱུད་ལས་ཕྱག་རྒྱ་ཆེན་པོའང་སྟོན་པར་གསུངས་པས། སྒྲུབ་ཐབས་བསྡུས་པ་ཙམ་དང༌། སྣང་སྟོང་ཟུང་འཇུག་གི་ལྷའི་རྣལ་འབྱོར་སྒོམ་ཚུལ་འཆད་རྒྱུ་ཡིན་ནའང་དཀྱུས་ཀྱི་ལག་ལེན་ལ་མི་བྱེད་པ་ཤས་ཆེའོ། །ལྔ་པ་ནི། སྔགས་ཀྱི་དབང་བསྐུར་ཏེ། དེ་ཡང་མེ་ཏོག་གང་ལ་ཕོག་པའི་ལྷའི་སྔགས་སྦྱིན་པ་ཐོབ་ཐང་ཡིན་ཡང་དེང་སང་ལག་ལེན་མི་བྱེད་པས། འདི་ལྟར་བྱ་སྟེ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་སྔགས་ཀྱི་འཕྲེང་བ་ཁ་དོག་དཀར་པོའམ། གསེར་མདོག་འོད་ཟེར་འབར་བ་གཡས་བསྐོར་དུ་འཁོད་པ་གསལ་བཏབ། །སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་འདེབས་པའི་བསམ་པའི་མེ་ཏོག་ལག་ཏུ་བཟུང་ནས། བྷྲཱུཾ་དང༌།ཛི་ན་ཛིཀ་དང༌། ཡི་གེ་ལྔ་པ་དང༌། ཡི་གེ་བརྒྱ་པ་རྣམས་གསུམ་གསུམ་བརྗོད་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། ལན་གསུམ། གཙོ་བོའི་ཐུགས་ཀའི་སྔགས་འཕྲེང་ལ་དམིགས་སུ་བཅུག་སྟེ། སྔགས་དེ་རྣམས་ཀྱི་རྗེས་བཟློས་ལན་གསུམ་གསུམ་བྱ། སློབ་མས་ལྷ་ལ་མེ་ཏོག་འཐོར་བཞིན་པས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། ལན་གསུམ་རྗེས་བཟློས་བྱ། བྷྲཱུཾ་དང༌།ཛིན་ཛིཀ་བཟླ་བཞིན་དུ། མེ་ཏོག་སློབ་མའི་སྤྱི་བོར་གཏོར་རོ། །བསྡུ་ན་དེ་ཙམ་གྱིས་ཆོག །འདི་ལ་རྒྱས་པ་འགྲུབ་ན་ཤོག་བུ་ལ་གི་ཧང་གུར་གུམ་སོགས་ཀྱིས་སྔགས་བྲིས་ནས་ཟ་མ་ཏོག་ཏུ་བཅུག་སྟེ། དཀྱིལ་འཁོར་གྱི་དབུས་སུ་བུམ་པ་སོགས་དང་ཉེ་བར་བཞག །སྔར་དཀྱིལ་འཁོར་སྒྲུབ་པའི་དོན་དུ་དེ་ལའང་དམིགས་ནས་


TNT13_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་བརྗོད་བྱེད། སྐབས་འདིར་དེ་བླངས་ནས་སློབ་མ་ཀློག་ཏུ་བཅུག །བཟུང་བར་མོས་ནས། མཆོག་ཏུ་གྲུབ་པའི་གསང་སྔགས་འདི་ཁྱོད་ཀྱིས་ཁྱེར་ཅིག་ཁྱེར་ཅིག ཅེས་བརྗོད། སྔགས་དབང་འདི་སྤྱི་རྒྱུད་ལས་སྐབས་འདིར་བཤད་པ་བཞིན་མཐའ་བསྟེན་གྱི་ཚུལ་དུ་བཀོད་པ་ཡིན་ལ། འཇམ་དཔལ་རྩ་རྒྱུད་ལས་ནི་དང་པོར་ཅོད་པན་གྱི་དབང་དང༌། དེ་རྗེས་སྔགས་དབང་དང༌། འཇུག་ཏུ་ཆུ་དབང་བསྐུར་བར་ཡང་བཤད་པས། སྤྱིར་གོ་རིམ་གཅིག་ཏུ་མ་ངེས་པ་དང༌། སྒོས་སུ་སྤྱི་འགྲོའི་ཆོ་ག་ལ་ཡང་སྔགས་དབང་འདི་དབང་གི་དངོས་གཞིར་བསྡུས་ཀྱང་ལེགས་པ་ཡིན་ལ། དེ་ལྟ་ན་ཆུ་དབང་གི་ཐོག་མཐའ་གང་རུང་དུ་བྱའོ། །དེ་ཡང་སྤྱི་རྒྱུད་ལས། རིགས་སྔགས་རྒྱལ་པོ་ཀློག་ཏུ་གཞུག ཅེས་སོགས་ཀྱིས་འདི་བསྟན་པ་ཡིན་ལ། འཇུག་པའི་སྐབས་སུ་དཀྱིལ་འཁོར་དེར་ནི་རང་སྔགས་སམ། སྙིང་པོ་སྦྱིན་པ་དེས་ཀྱང་དེ་མནོད་ནས་དཀྱིལ་འཁོར་གཉིས་པར་བཟླས། ཞེས་འབྱུང་བ། ཁ་ཅིག་སྔགས་དབང་དུ་འདོད་ཀྱང་སྔགས་དབང་སྟོན་བྱེད་མིན། གོང་དུ་བཤད་པ་ལྟར་རང་ལྷའི་བྱིན་གྱིས་རླབས་དང་ངོས་བཟུང་བའི་ལྷ་དང་སློབ་མ་སྤྲོས་པའི་དོན་དུ། རིགས་ཀྱི་སྙིང་པོ་བཟླ་བཞིན་དུ་མེ་ཏོག་སྤྱི་བོར་འཇོག་པའི་དོན་ཡིན་ནོ། །དྲུག་པ་ནི། མཆོད་པ་གསར་པ་བཤམས་ཏེ་སློབ་མས་དཀྱིལ་འཁོར་ལ་ཕུལ་བར་མོས་ཏེ། སློབ་མའི་སྙིམ་པས་མེ་ཏོག་འཐོར་བཞིན་དུ་མཆོད་ཡོན་དང་ཉེར་སྤྱོད་ཀྱི་སྔགས་ཙམ་བརྗོད། སྤྲོས་པ་ལ་དགའ་ན། གཙང་ཞིང་གཙང་མ༴ སོགས་གོང་གི་ཚིགས་བཅད་རྣམས་བརྗོད་ཀྱང་ལེགས་སོ། །ཡང་སྐབས་འདིར་སློབ་དཔོན་ལ་ཡོན་འབུལ་བར་བཤད་ཀྱང༌། དེང་སང་ལག་ལེན་ལ་འདེབས་མཁན་མི་འབྱུང་བས། ཡོན་ཕུལ་བར་མོས་ཏེ་ནམ་མཁའ་


TNT13_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཀྱི་སྔགས་ཙམ་རྗེས་བཟླཽས་བརྗོད་དོ། །བདུན་པ་ནི། སློབ་དཔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མདོ་ཚར་གཅིག་སྟོན་ལ། །སློབ་མས་འདི་སྐད་ཅེས་བརྗོད་དེ། །དེ་རིང་ཕན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རིགས་སྔགས་ལྷ་ཚོགས་མ་ལུས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་པར་ཐེག་པ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང༌། །བླ་མ་ལ་ཡང་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་རྟག་ཏུ་མཆོད་པ་བྱ། །སྟོན་པ་གཞན་གྱི་གཞུངས་མི་འཆད། །རྟག་ཏུ་གློ་བུར་མགྲོན་མཆོད་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་བཞག །ཐེག་ཆེན་ལ་ནི་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང༌། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་སྤྱི་རྒྱུད་ལས་འབྱུང་ངོ༌། །དམ་ཚིག་གསུམ་བཀོད་འདི་ཉིད་ཀྱི་རྒྱུད་ལས། །ཚིགས་བཅད་འདིའི་དོད་དུ། །ཡང་ཡང་འཆི་བར་མི་འགྱུར་ཞིང། ཞེས་པ་ནས། སེམས་ཅན་དོན་དུ་སྨོན་པར་བྱེད། ཅེས་པའི་བར་དུ་རྒྱས་པར་གསུངས་པ་འགྲུབ་ན་ཆེས་བཟང་མོད་ཀྱང༌། ད་ལྟའི་ལག་ལེན་ལ་སྤྱི་རྒྱུད་ཀྱི་ལུགས་བཞིན་བྱར་རུང་


TNT13_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་འཁྱེར་བདེ་བ་དང༌། ཐམས་ཅད་དུ་སྤྱི་ཁྱབ་ཏུ་འཇུག་པའི་ཆོ་ག་ཤེས་པའི་དགོས་པ་ཡོད་པའི་ཕྱིར་དཀྱུས་སུ་བཤད་པ་ཉིད་བྱའོ། བརྒྱད་པ་ནི། སྤྱི་རྒྱུད་ལས། དེ་ལྟར་དམ་ཚིག་བསྒོས་ནས་ནི། །ཉིད་ཀྱི་ཕྱག་རྒྱ་རྣམས་བསྟན་པ། །ཉིད་ཀྱི་རིགས་ཀྱི་རིག་པའང་སྦྱིན། ཞེས་གསུངས་པའི་དབང་དུ་བྱ་ན། ཐལ་མོ་ཁོང་སྟོང་བསྟན་ཏེ། འདི་ནི་གཙུག་ཏོར་ཕྱག་རྒྱ་སྟེ། དམ་ཚིག་གསུམ་བཀོད་ཉིད་ཀྱི་ཕྱག་རྒྱ་ཡིན། གཤེགས་རིགས་སྤྱིའི་དམ་རྒྱ་བསྟན། ཛི་ན་ཛིཀ་ཞེས་པ་འདི་དེ་བཞིན་གཤེགས་རིགས་ཐམས་ཅད་ཀྱི་སྙིང་པོ་ཡིན། དེ་ནས་ཡི་གེ་བརྒྱ་པ་དང༌། ཡི་གེ་ལྔ་པ་བཏོན་ཏེ། འདི་ནི་བཅོམ་ལྡན་འདས་དམ་ཚིག་གསུང་བཀོད་ཀྱི་སྔགས་ཏེ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡེ་ཤེས་ལས་བྱུང་བ་ཡིན་ནོ། །ཞེས་སྔགས་དང་ཕྱག་རྒྱ་བསྟན། དེང་ཕྱིན་ཆད་ཁྱེད་སློབ་དཔོན་དུ་གྱུར་བ་ཡིན་ན། དཀྱིལ་འཁོར་བྲི་བ་དང༌། དབང་བསྐུར་བ་དང༌། སློབ་མ་བསྡུ་བ་དང༌། རབ་ཏུ་གནས་པ་དང༌། ཆོས་སྟོན་པ་ལ་སོགས་པ་ནི་སློབ་དཔོན་གྱི་ལས་ཡིན་ནོ། །ཞེས་བརྗོད། གཙོ་བོས་ཇི་ལྟར༴ སོགས་དང་གཏང་རག་གི་མཎྜལ་དང༌། དེང་ནས་བརྩམས་ཏེ༴ སོགས་སྤྱི་དང་མཐུན་པར་བྱ། དྲུག་པ་རྗེས་ཀྱི་ཆོ་ག་ལ། མཆོད་སྦྱིན་བྱ་བ། རྗེས་བསྡུ་བའི་ཚུལ་ཉེས་པ་ཞི་ཞིང་བསྐང་བའི་ཆོ་ག་སྟེ་གསུམ་ལས། དང་པོ་ནི། སླར་ཡང་སློབ་དཔོན་གྱིས་དཀྱིལ་འཁོར་ལ་མཆོད་ཡོན་རྒྱས་པར་འབུལ་ཞིང་ལྷ་རེ་རེ་བཞིན་མེ་ཏོག་ལ་སོགས་པ་མཆོད་པའི་ཁྱད་པར་ཐམས་ཅད་འབུལ། དཀྱིལ་འཁོར་ཁང་པའི་ནང་དུ་སྦྱིན་སྲེག་དང༌། ཕྱི་རོལ་ཏུ་གཏོར་མ་རྒྱ་ཆེར་


TNT13_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་ནོ། །གོང་དུ་དབང་བསྐུར་བའི་རྗེས་འབྲངགི་སྐབས་སུ་སྦྱིན་སྲེག་མ་གྲུབ་ཀྱང་སླ། སྐབས་འདིར་ངེས་པར་འགྲུབ་པར་བྱ། སྤྱིར་བྱ་བའི་རྒྱུད་ནི། ཕྱིའི་བྱ་བ་གཙོ་བོར་སྟོན་པ་ཉིད་ཀྱི་ཕྱིར། མཆོད་པ་གཏོར་མ་སྦྱིན་སྲེག་སོགས་ཀྱང་བཤད་ཚོད་བཞིན་སྐབས་དེ་དང་དེར་ངེས་པར་བྱ་ཞིང༌། དེ་དག་ཀྱང་ཏིང་ངེ་འཛིན་ཙམ་ལ་སྙད་མ་བཏགས་པར་རྫས་དང་ཆོ་ག་ལུས་ངག་གི་བྱ་བར་ཐོན་པ་ཡང་ཡང་བྱེད་པ་གལ་ཆེ་སྟེ། ཀྲི་ཡའི་རྒྱུད་ཉིད་ཀྱི་རང་ལུགས་ཡིན་པའི་ཕྱིར་རོ། །གཉིས་པ་རྗེས་བསྡུ་བའི་ཚུལ་ནི། ཡང་མཆོད་ཡོན་དང་མཆོད་པའི་སྔགས་ཀྱིས་མཆོད་པ་བསྡུས་པ་ཞིག་ཕུལ་ལ། བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་རང་རང་གི་སྐལ་བ་དང་འཚམས་པའི་འཕྲིན་ལས་རྣམ་པ་གསུམ་དང་དངོས་གྲུབ་རྣམ་པ་གསུམ་དང་བྱང་ཆུབ་རྣམ་པ་གསུམ་གྱི་བཀའ་དྲིན་སྩལ་ནས། མཐར་ཐུག་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ས་ལ་འཇོག་པར་མཛད་དུ་གསོལ། གནས་སྐབས་སུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་ངན་འགྲོའི་འགྲོ་བ་དང༌། སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པ་དང༌། སྡིག་པའི་ལས་དང་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བ་དང༌། འདོད་པའམ། བསམ་གཏན་གྱི་བདེ་བ་ཁ་ན་མ་ཐོ་བ་མེད་པས་ཕྱོགས་ཀུན་ཏུ་ཁྱབ་ཅིང་རྒྱས་པ་དང༌། རྣམ་དཀར་དགེ་བ་ཆོས་


TNT13_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགའ་སྟོན་བླ་ན་མེད་པ་ཐོབ་པར་མཛད་དུ་གསོལ། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང༌། ནད་དང་འཁྲུགས་པ་དང་མུ་གེ་ལ་སོགས་པ་འཇིགས་པ་དང་ཉམས་ང་བ་ཐམས་ཅད་ཞི་ནས། འགྲོ་བ་ཐམས་ཅད་བདེ་ཞིང་སྐྱིད་པ་དང༌། བདག་ཅག་དཀྱིལ་འཁོར་ཆེན་པོ་འདི་ལ་ཡོངས་སུ་བརྟེན་པར་བགྱིད་པ་རྣམས་མཁན་པོ་དང༌། སློབ་དཔོན་དང༌། ཕ་མ་དང༌། གྲོགས་དང༌། འཁོར་དང༌། ཡོན་བདག་དང་བཅས་པ་རྣམས་ལ་ཚེ་དང་འབྱོར་པ་དང་དབང་ཕྱུག་ཕུན་སུམ་ཚོགས་པ་དང༌། ལས་ཀྱི་རྒྱུད་རབ་འབྱམས་འགྲུབ་པ་དང༌། རང་རང་གི་སྐལ་བ་དང་འཚམས་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་གྱི་ཚོགས་ཐམས་ཅད་སྩལ་དུ་གསོལ། བརྩེ་བས་བཟུང་དུ་གསོལ། བྱིན་གྱིས་རླབས་དུ་གསོལ་བདག་ཅག་རྣམས་ཀྱི་དོན་གྱི་མཆོག་ཐམས་ཅད་འགྲུབ་པར་གྱུར་ཅིག །ཅེས་ལན་གསུམ་གསོལ་བ་བཏབ། མ་འབྱོར་པ་དང་༴ སོགས། ལྷག་པ་དང་ནི། སོགས། བཟོད་གསོལ་གྱི་ཚིགས་བཅད་སྤྱི་འགྲོ་རྣམས་བྱ། སྤྱན་འདྲེན་པའི་ཕྱག་རྒྱ་ལས་མཐེ་བོང་ཕྱིར་བསྐྱེད། ཨོཾ་ཁྱེད་ཀྱིས་སེམས་ཅན༴ སོགས་དང༌། གདོན་མི་ཟ་བར་བདག་ལ་ཡང་༴ ཞེས་པ་ནས། མ་ཏང་གི་སྭཱཧཱའི་བར་བསྙེན་པའི་སྐབས་ཀྱི་སླར་གཏོང་བ་དང་འདྲའོ། །དེ་ནས་སྤྱི་དང་མཚུངས་པར་ལྷ་མཚན་ཡོད་ན་དང་པོར་བསྡུ། གདན་ཙམ་ཡིན་ན་ལོགས་སུ་བསྡུ་མི་དགོས་སོ། །རོལ་མོའི་སྒྲ་དང་བཅས། ཨཱ་ཀཱ་རོའི་སྔགས་ལས། ནུཏ་པ་ནན་ཏྭ་ཏཏ་ཅེས་བཟླ་བཞིན་པས། རྡུལ་ཚོན་དམན་མ་རྣམས་ཕྱགས།


TNT13_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་ཆུའམ་དྲི་བཟང་གི་ཆུས་ཐིགས་རྣམས་ཀྱང་བསུབ། རྡུལ་ཚོན་རྒྱ་མཚོ་ཆེན་པོ་ལ་འབབ་པའི་ཆུ་བོར་དོར་རོ། །བྱ་རྒྱུད་རང་ལུགས་ལ་དེ་ཙམ་ཁོ་ནས་ཆོག་ཀྱང་ཀླུ་བརྒྱད་ཆོ་ག་སོགས་ཇི་ལྟར་འོས་པ་གཞན་ནས་ཁ་འགེངས་སྦྱར་ནའང་འགལ་བ་ཆེར་མེད་པར་སེམས། ཡུལ་ཕྱོགས་བཀྲ་ཤིས་པ་སོགས་ཀྱི་དགོས་པ་ཡོད་ན། ཆོ་གའི་ཡན་ལག་ཕྲ་མོ་འདྲེས་ཀྱང་ཆོ་ག་འཁྲུགས་བར་མི་འགྱུར་རོ་སྙམ་མོ། །དེ་ནས་སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པར་བརྗོད་དོ། །གསུམ་པ་ཉེས་པ་ཞི་ཞིང་སྤོང་བའི་ཆོ་ག་ནི། དེའི་ཕྱི་དེའི་ཉིན་པར་ལྷག་ཆད་འཁྲུལ་པ་ཞི་བའི་ཕྱིར་དཀྱིལ་འཁོར་གྱི་ས་གཞིར་ཞི་བའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །འདི་ཡང་ལེགས་པའི་ཡན་ལག་ཡིན་གྱི། མ་འགྲུབ་ཀྱང་ཆོ་ག་ཉམས་པར་མི་འགྱུར་རོ། །དེ་ལྟར་ན་འདི་ནི་དམ་ཚིག་གསུམ་བཀོད་རྒྱལ་པོའི་རྒྱུད་ལས། དེ་བཞིན་གཤེགས་པའི་སྙིང་པོའི་ཆོ་གའི་སྐབས་ཀྱི་ལྷ་ལྔའི་དཀྱིལ་འཁོར་ལ་གསང་བ་སྤྱི་རྒྱུད་ལས་འབྱུང་བའི་དཀྱིལ་འཁོར་གྱི་བྱ་བ་དང༌། དབང་བསྐུར་བའི་ཆོ་ག་རྣམས་ཀྱིས་ལེགས་པར་ཁ་བསྐང་སྟེ་བརྗོད་པ་ཡིན་ལ། ཆོ་ག་འདི་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་ཆོག་ཡིན་མོད། པདྨའི་རིགས་དང་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་སྤྱི་འགྲོའི་ལུགས་ཀྱང་འདི་ཁོ་ནས་བདེ་བླག་ཏུ་རྟོགས་པར་འགྱུར་ཏེ། རིགས་གཉིས་པོ་དེ་དང་དེའི་རིགས་པའི་རྒྱལ་པོ་དང༌། རིགས་ཀྱི་སྙིང་པོ་དང༌། ལས་ཐམས་ཅད་པ་དང༌། སྤྱིའི་དམ་ཚིག་གི་སྔགས་རྒྱ་སོགས་སོ་སོའི་མི་འདྲ་བའི་ཁྱད་པར་ཅུང་ཟད་ཅུང་ཟད་ཡོད་པ་རྣམས་འདོན་པ་སྤོས་ཤིང༌། ལྷ་དང་སྔགས་དང་དཀྱིལ་


TNT13_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་བཀོད་པ་རང་རང་གི་ལུགས་དང་སྦྱར་བས་ཆོ་ག་གཞན་རྣམས་འདི་ཁོ་ནས་འགྲུབ་བོ། །དེ་ཡང་དཔེར་མཚོན་ན་འདི་ལྟ་བུ་སྟེ། འདིར་རིགས་ཀྱི་སྙིང་པོ་ཛི་ན་ཛིཀ་གི་དོད་དུ་པད་རིགས་ལ་ཨ་རོ་ལི་ཀ་རྡོ་རྗེའི་རིགས་ལ་བཛྲ་དྷྲི་ཀ །དེ་བཞིན་དུ་ལག་གདུབ་ལ་པདྨས་རིགས་ལ་པདྨའི་ས་བོན་དང༌། རྡོ་རྗེ་ལ་རུ་དྲཱ་ཀྵ། སྤྱན་འདྲེན་སོགས་ལ་འདིར་སངས་རྒྱས་སྤྱན་མའི་སྔགས་ཡོད་སར་པད་རིགས་ལ་ཕྱག་འཚལ་སྔོན་དུ་སོང་ནས། མཐོང་བ་དང་ནི་ཐོས་པ་དང༌། །རེག་པ་དང་ནི་དྲན་པའང་རུང༌། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་ཀུན་ཀྱི་གསོས་གྲུར་ཅིག །ཏདྱ་ཐཱ། ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊཾ། ཀ་ཊེ་བྷ་ག་བ་ཏེ་བི་ཛ་ཡེ་སྭཱཧཱ། ཞེས་གོས་དཀར་མོ་དང༌། རྡོ་རྗེའི་རིགས་ལ། ཨོཾ་ཀུ་ལན། སོགས་མཱ་མ་ཀའི་སྔགས་སོ། མཱ་མ་ཀཱི་རིགས་ཀུན་ལ་འཇུག་པ་ཡང་བཤད་དོ། །ལས་ཐམས་ཅད་པ་ཡང་པད་རིགས་ལ། ན་མོ་མཧཱ་ཤྲི་ཡ་ཡཻ། ཨོཾ་ཤ་མ་ཡེ་ས་མ་ཡེ། སཽ་མེ་སིདྡྷི་སིདྡྷི་སཱ་དྷ་ཡ། ཤི་བེ་ཤི་བངྐ་རི་ཨ་བ་ཧ་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། ཞེས་དང༌། རྡོ་རྗེའི་རིགས་ལ་བདུད་རྩི་ཐབས་སྦྱོར་ཉིད་དེ་འོན་ཀྱང་ཐབས་སྦྱོར་ནི་རིགས་གསུམ་ཀ་ལ་འཇུག་གོ །སྟེང་ཕྱོགས་བཅིངས་པ་ཡང་པད་རིགས་ལ། ཨོཾ་པདྨ་ནི་བྷ་ག་བ་ཏེ། མོ་ཧ་ནི་ཛ་གདྨོ་ཧ་ཡ་སྭཱཧཱ། ཞེས་དང༌། རྡོ་རྗེའི་རིགས་ལ་སུ་སིདྡྷི་ཀ་ར་རིང་བ་སྟེ། དེ་ནི་རིགས་གསུམ་ཆར་ལ་ཡང་ངོ༌། །བསངས་བྱེད་དང་བྱིན་རླབས་སོགས་ལ་དགོས་པ་རིག་པའི་རྒྱལ་པོ་ཁྲོ་བོའི་སྔགས་ནི། པད་རིགས་ལ། ཨོཾ་ཨ་མྲྀ་ཏ་བྷ་བོདྦྷ་བ་ཧཱུཾ་ཕཊ་


TNT13_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་རྟ་མགྲིན་ཡི་གེ་བཅུ་པ་དང༌། རྡོར་རིགས་ལ་ཧཱུཾ་མཛད་ཀྱི་སྔགས་ཧཱུཾ་བཞི་པའོ། །བཟླས་བརྗོད་ཀྱི་ཐོག་མར་དགོས་པའི་བྱིན་རླབས་སྐུལ་བའི་སྤྱི་སྔགས་རིགས་པའི་རྒྱལ་པོའི་སྔགས་ཀྱང་ཟེར། རིགས་ཀྱི་བདག་པོའི་སྔགས་ཞེས་ཀྱང་བྱ་བ། བགྲང་འཕྲེང་བྱེད་པའི་སྔགས་ལ། འདིར་ཨརྦྷུ་ཏི་སོགས་ཀྱི་དོད་ལ། པད་རིགས་ལ་ན་མོ་རཏྣ་ཏྲ་ཡཱ་ཡ༴ སོགས་ཕྱག་འཚལ་གྱི་རྗེས་སུ། ཨོཾ་ཨ་མྲྀ་ཏ་ག་མོ་ཤྲི་ཡེ་ཤྲེ་ཡ་ནི་སྭཱཧཱ། ཞེས་དང༌། རྡོ་རྗེའི་རིགས་ལ་ཕྱག་འཚལ་སྔོན་དུ་སོངས་ནས། ཨོཾ་ཀི་རི་ཀི་རི་རཽ་ཏྲི་ཏེ་སྭཱཧཱ། ཞེས་པ་དང༌། སྔར་གྱི་ནོར་བུ་འཕྲེང་བ་བྱིན་རླབས་ཀྱི་སྔགས་ནི། པད་རིགས་ལ། ཨོཾ་བ་སུ་མ་ཏི་ཤྲི་ཡེ་སྭཱཧཱ། ཞེས་དང༌། རྡོ་རྗེ་རིགས་ལ། ཨོཾ་བཛྲ་ཨ་ཛི་ཏཾ་ཛ་ཡ་སྭཱཧཱ། ཞེས་པའོ། གཞན་ཡང་བཟའ་མིན་ཟོས་པ་དག་བྱེད་སོགས་རྣམས་གྲངས་མི་འདྲ་བ་མང་དུ་ཡོད་དོ། །ཡང་དོན་ཞགས་ཆེན་མོ་དང་བཅུ་གཅིག་ཞལ་སོགས་སྒོས་ཀྱི་ཁྱད་ཆོས་མང་པོ་ཅན་ཐ་ན་མཆོད་པའི་སྔགས་སོགས་ཀྱང་རྒྱུད་སོ་སོར་མི་འདྲ་བ་མང་པོ་ཡོད་པ་རྣམས་ལ་དེ་དང་དེ་ངེས་པར་དགོས་པ་མ་ཡིན་ནམ་སྙམ་ན། སྤྱིར་རང་རང་གི་ཆོ་ག་དམིགས་བསལ་ཡོད་པ་རྣམས་ལ་དེ་དང་དེ་བྱས་ནས་མི་གསལ་བ་རྣམས་སྤྱི་རྒྱུད་ནས་ཁ་སྐོང་བ་ནི་ཡིན་ནོ། །དེ་ལྟ་མོད་ཀྱི་རྒྱུད་སོ་སོ་ཕན་ཚུན་གཉིས་ཀར་ན་ཐ་དད་པར་གསལ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་རང་རང་ལུགས་སུ་མི་བྱེད་པར་སྒོས་རྒྱུད་གཞན་གྱིས་ཁ་སྐོང་བ་ནི་ཤིན་ཏུ་ལེགས་པ་རང་མིན་ཡང་སྤྱིར་ན་སྤྱི་རྒྱུད་མ་ཡིན་པ་རྣམས་ནས་ཀྱང་ཕན་ཚུན་ཁ་འགེངས་དགོས་པའི་རིགས་ནི་ཡོད་ལ། ངེས་པར་ན་རང་རང་སོ་སོའི་ལུགས་ཀྱི་དམིགས་བསལ་ཡོད་


TNT13_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་མ་འགྲུབ་ན་སྒོས་རྒྱུད་མ་ཡིན་པར་སྤྱི་རྒྱུད་ཀྱི་ཆོ་གའི་ལུགས་སུ་སྒྲུབ་བ་ནི་ངེས་པར་རུང་བ་ཡིན་ཏེ། དེ་ནས་གཞན་ཡང་གསང་བའི་རྒྱུད། །དཀྱིལ་འཁོར་དག་ནི་ཐམས་ཅད་ཀྱི། །སྤྱི་ཡི་ཆོ་ག་རྒྱས་པ་དག །མདོར་བསྡུས་རབ་ཏུ་བཤད་པར་བྱ། །ཞེས་གསུངས་པས་སོ། །དེས་ན་བྱིན་རླབས་དང་རྒྱུན་ཡོད་པ་གཞིར་བཞག་ལ། ཚེ་འདིར་དངོས་གྲུབ་ཐོབ་པ་དོན་དུ་གཉེར་བ་ཡིན་ན། སོ་སོའི་ཐུན་མོང་མ་ཡིན་པ་རྣམས་རྣོ་ཁྱད་ཆེ་བ་ཡིན་ནོ། །དེ་དང་དེ་བྱ་རྒྱུད་སྤྱི་ལ་མི་འཇུག་པས་དེ་ཤེས་ཀྱང་བྱ་རྒྱུད་སྤྱི་ལ་འཇུག་པའི་ཆོ་གའི་བཞུགས་ཚུལ་བདེ་བླག་ཏུ་གོ་བ་དཀའ་ལ། སྤྱི་རྒྱུད་ཀྱི་ཆོ་ག་ཤེས་ན། སྤྱི་ལ་འཇུག་པའི་ཆོ་ག་ཤེས་པར་མ་ཟད། ཐུན་མོང་མ་ཡིན་པ་རྣམས་ཀྱང༌། མཐོང་བ་ཙམ་གྱིས་གོ་སླ་བར་འགྱུར་བས་རྒྱུད་དོན་ལ་གོ་བ་འཚོལ་ན་སྤྱི་རྒྱུད་ཀྱི་ཆོ་ག་ཤེས་པ་ཁོ་ན་གལ་ཆེའོ། །དེ་ལྟ་ན་ཡང་དམ་ཚིག་གསུམ་བཀོད་ཀྱི་རྒྱུད་ལ་ལེའུ་བཅུ་གཉིས་པ་ཁོ་ན་ནས་དཀྱིལ་འཁོར་རྒྱས་པ་དང༌། དབང་ཆོག་གསུངས་པའི་ཕྱིར། དེའི་ལུགས་བཞིན་མི་བྱེད་པ་ཅི་ཞེ་ན། ཆོ་གའི་རིམ་པ་ནི། དེ་ནས་བཤད་པ་རྣམས་ཀྱང་གོང་དུ་བཤད་ཟིན་པ་འདིར་ཚང་བས་དེའི་ལུགས་ཉིད་ཡིན་ལ། དཀྱིལ་འཁོར་གྱི་རྣམ་པ་དེའི་ལུགས་བཞིན་མི་བྱེད་པའི་རྒྱུ་མཚན་ནི། སྙིང་པོའི་དཀྱིལ་འཁོར་འདི་ལ་དབང་རྒྱུན་མ་ཆད་པར་ཡོད་ཅིང༌། རྒྱས་པ་དེ་ལ་ལོ་པཎ་ནས་བརྒྱུད་པའི་དབང་རྒྱུན་མེད་པའི་ཕྱིར་དང༌། རྒྱུད་འདི་ལ་འགྲེལ་པ་དང་དཀྱིལ་འཁོར་རྒྱས་པའི་སྒྲུབ་ཐབས་མ་འགྱུར་བས་དཀྱིལ་འཁོར་རྒྱས་པའི་ལྷ་རྣམས་ཀྱི་མཚན་ཉིད་ཡིད་ཆེས་ཅན་རྙེད་དཀའ་བས་བྱས་ཀྱང་རང་བཟོར་འགྱུར་བའི་ཕྱིར་རོ། །དེ་བས་ན་དེ་བཞིན་གཤེགས་རིགས་ཀྱི་རྒྱུད་ཐམས་ཅད་ཀྱི་རྩ་བར་གྱུར་པ།


TNT13_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གསུམ་བཀོད་ཀྱི་སྙིང་པོའི་དཀྱིལ་འཁོར་འདིའི་དབང་བསྐུར་བ་ཐོབ་པས། བྱ་རྒྱུད་རིགས་དྲུག་པོ་ཐམས་ཅད་འཆད་པ་དང་སྒོམ་པ་ལ་དབང་བ་ཡིན་ཏེ། སྤྱི་རྒྱུད་ལས་དེ་བཞིན་གཤེགས་རིགས་ཀྱི་དཀྱིལ་འཁོར་དུ། གང་ཞིག་ལེགས་པར་དབང་བསྐུར་བ། །དེ་ནི་རིགས་རྣམས་གསུམ་ཆར་གྱི། །དཀྱིལ་འཁོར་ལ་སོགས་སློབ་དཔོན་འགྱུར། །འཕགས་པ་སྤྱན་རས་གཟིགས་དབང་གི །དཀྱིལ་འཁོར་དུ་ནི་དབང་བསྐུར་བ། །དེ་ནི་རིགས་གཉིས་དཀྱིལ་འཁོར་གྱི། །སློབ་དཔོན་དུ་ནི་དབང་བསྐུར་གྱུར། །ཕྱག་ན་རྡོ་རྗེ་གཟི་ཆེན་ཀྱི། །དཀྱིལ་འཁོར་དུ་ནི་དབང་བསྐུར་བ། །དེ་ནི་རྡོ་རྗེ་རིགས་གཅིག་གི །དཀྱིལ་འཁོར་དུ་ནི་སློབ་དཔོན་འགྱུར། །མ་མོ་གནོད་སྦྱིན་གསང་སྔགས་ཀྱི། །དཀྱིལ་འཁོར་གང་དག་ཅི་བཞེད་པ། །དེ་དག་ཐམས་ཅད་ཀུན་གྱིས་ཀྱང༌། །དོགས་པ་མེད་པར་བྲི་བར་བྱ། །ཞེས་གསུངས་པས་སོ། །ཡང་རྒྱུད་ལས་འདི་སྐད་དུ། ལྷའི་རིགས་རྣམས་མཐོང་བ་ལ། །དབང་བསྐུར་བ་ནི་རྣམ་པ་བཞི། །བླ་མ་མཉམ་པར་བཞག་པ་ཡིས། །དེ་དག་ཤེས་ནས་ཅི་རིགས་པ། །སློབ་དཔོན་གོ་འཕང་ཐོབ་བྱའི་ཕྱིར། །དང་པོ་ཡོངས་སུ་སྒྲགས་པ་ཡིན། །རིགས་སྔགས་རྣམས་ནི་སྒྲུབ་པའི་ཕྱིར། །གཉིས་པ་ལེགས་པར་བཤད་པ་ཡིན། །བགེགས་རྣམས་རབ་ཏུ་གཞོམ་པའི་ཕྱིར། །གསུམ་པ་རབ་ཏུ་བསྒྲགས་པ་ཡིན། །བཞི་པ་འབྱོར་པ་ཐོབ་པའི་ཕྱིར། །ཆོ་ག་རྒྱས་པ་དེ་བཤད་དོ། །ཞེས་སློབ་དཔོན་གྱི་དབང་དང༌། སྔགས་སྒྲུབ་པའི་དབང་དང༌། བགེགས་གཞོམ་པའི་དབང་དང༌། འབྱོར་པ་ཐོབ་པའི་དབང་སྟེ་བཞིའོ། །དེ་དག་ལས་གོང་དུ་ཞིབ་མོར་བསྟན་ཟིན་པ་ནི་སློབ་དཔོན་གྱི་དབང་ཡིན་ཞིང༌། སྔགས་སྒྲུབ་པའི་དབང་ནི་སློབ་མའི་


TNT13_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་མིང་ཡིན་ལ། འདི་ལ་ཁྱད་པར་ནི། རྣམ་རྒྱལ་བུམ་པ་ལ་མེ་ཏོག་གང་ལ་ཕོག་པའི་ལྷའི་སྔགས་བཟླས་ཏེ་ཆུ་དབང་བསྐུར། ཆུ་དབང་ནི་འདི་གཅིག་པུས་ཀྱང་ཆོག་ལ། ལས་བཞི་སོ་སོའི་འདོད་པ་ཡོད་ན། དེ་དང་དེའི་བུམ་པའི་དབང་ཡང་བསྐུར། རྒྱས་པ་ལ་མོས་ན་ཁྲུས་བུམ་དང་ལས་བུམ་གྱི་དབང་བསྐུར་ཀྱང་ལྷག་པའི་སྐྱོན་མེད་དོ། །སྦྱིན་སྲེག་གི་སྐབས་ཀྱང་མེ་ཏོག་གང་ལ་ཕོག་པའི་སྔགས་ཁོ་ནས་འབུལ། སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། ཞེས་ཚིག་སྔ་ཕྱི་གཉིས་དང༌། ད་ནི་དཀྱིལ་འཁོར་སོགས་གསོལ་བཏབ་དང་བཀའ་བསྒོའི་སྐོར་རྣམས་མི་དགོས། རྒྱས་པར་བསྟན་པ་དང༌། གདམས་ངག་འབོགས་པ་ཡང་མི་དགོས་སོ། །དབང་བསྐུར་གསུམ་པ་དང་བཞི་པ་གཉིས་ནི། ཆ་ཤས་ཀྱིས་ན་སློབ་མའི་དབང་ཡིན་མོད་ཀྱང༌། དེའི་མཚན་ཉིད་རྫོགས་པར་མ་ཚང་བའི་ཕྱིར། སློབ་མའི་དབང་ཞེས་མིང་འདོགས་མི་བྱའོ། །འདི་གཉིས་ལ་སྐྱབས་འགྲོ་ནི་མེད་དུ་མི་རུང༌། སེམས་བསྐྱེད་བྱེད་མི་བྱེད་སྐབས་དང་སྦྱར། བདག་འབུལ་བ་མི་དགོས་ཤིང༌། ཆུ་དབང་གི་ལས་བུམ་དང་ཁྲུས་བུམ་གྱིས་བསྐུར། བཀྲུ་བྱབ་སྲུང་གསུམ་ཚང་བར་བྱ། ཅོད་པན་གྱི་དབང་མི་བསྐུར། སྦྱིན་སྲེག་ཀྱང་ཁྲོ་བོའི་རྒྱལ་པོ་ཁོ་ན་ལ་འབུལ་གྱི་གཞན་ལ་མི་དགོས། རྗེས་འབྲང་གི་ཆོ་ག་གཞན་བདུན་པོ་རྣམས་ཀྱང་མི་བྱེད་པའོ། །བཞི་པ་ཡང་དེ་དང་འདྲ་བ་ལས་ཁྲུས་བུམ་ཁོ་ནས་དབང་བསྐུར་ཞིང༌། ཚིག་ལྷག་པོར་ཤིན་ཏུ་བདེ་བ་དང་ལེགས་པ་དང༌། བཀྲ་ཤིས་པ་དང་རྒྱལ་བར་གྱུར་ཅིག །རྒྱལ་བར་གྱུར་ཅིག །ཅེས་པའི་ཚིག་གིས་དབང་བསྐུར་ཞིང༌། བཀྲུ་བྱབ་སྲུང་གསུམ་མི་དགོས་པས། ཆུ་དབང་གི་མཇུག་ཁོ་ནར་བཀྲ་ཤིས་རྫས་བརྒྱད་ངེས་


TNT13_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྟེར་དགོས་ལ། རྒྱལ་སྲིད་སྣ་བདུན་དང༌། བཀྲ་ཤིས་རྟགས་བརྒྱད་སོགས་ངེས་པར་དགོས་པ་མ་ཡིན་ཀྱང་སྤྲོས་པ་ལ་དགའ་ན་ཇི་ལྟར་རིགས་པ་སྦྱིན་ཏེ། ཤིས་བརྗོད་རྒྱས་པར་བྱེད་པའོ། །དེ་ཡང་གོང་སློབ་དཔོན་གྱི་སྐབས་སུ་བཤད་པ་ལྟར་བཀྲ་ཤིས་རྫས་བརྒྱད་རེ་རེ་ལ། བྷྲཱུཾ་དང། ཛི་ན་ཛིཀ་བཟླས། སློབ་མའི་མདུན་དུ་བསྟར་ནས། བཀའ་ལས་བྱུང་བས་ཚིག་གི་ཤིས་བརྗོད་ཅིག་བྱས་པ་ཁོ་ནས་དོན་ཐམས་ཅད་འགྲུབ་པ་ཡིན་ལ། སྤྲོས་པ་ལ་མོས་ན་ཀུན་ལ་གྲགས་པའི་ཚིགས་བཅད་རྣམས་བྱས་པས་ཀྱང་ལེགས་ཤིང༌། སྐྱོན་དུ་ནི་མི་འགྱུར་བ་ཁོ་ནའོ། །དེ་ལྟར་བློ་ལ་བཞག་ནས་རྒྱས་པར་ནི། སྤྱི་རྒྱུད་ཉིད་ལས་རྟོགས་པར་བྱའོ། །ད་ནི་སྦྱིན་སྲེག་གི་ཆོ་ག་ཅུང་ཟད་བཤད་པར་བྱའོ། །དེ་ཡང་ལུགས་འདི་ལ་རྒྱས་པ་ཤར་དང་ཞི་བ་བྱང་དུ་ཕྱོགས་པར་གསུངས་པ། སྐབས་འདིར་དཀྱིལ་འཁོར་དང༌། འབྲེལ་བས་ཞི་བའི་ཐབ་ཁུང་དཀྱིལ་འཁོར་གྱི་བྱང་དུ་ཐབ་ཀྱི་ལྷ་རྣམས་ཞལ་དཀྱིལ་འཁོར་ཕྱོགས་ལ་སྟོན། སྦྱིན་སྲེག་བྱེད་པ་པོ་ཐབ་ཁུང་དང་དཀྱིལ་འཁོར་གྱི་བར་དུ་འདུག་སྟེ། དཀྱིལ་འཁོར་ལ་རྒྱབ་བསྟན་ཞིང་ཐབ་ལ་མངོན་དུ་ཕྱོགས་པས་བྱ། རྒྱས་པའི་ཐབ་ཁུང་ཤར་དུ་བཅའ་བ་ལ་ཡང་དེས་རིགས་འགྲེ། ཡང་སྤྱི་དང་མཐུན་པར་ཤར་དུ་ཞི་བ་དང༌། བྱང་དུ་རྒྱས་པ་བྱས་ཀྱང་འགལ་བ་མེད། རྐོས་ཐབ་དང་བྲིས་ཐབ་ཀྱི་ཚུལ་སྤྱི་དང་འདྲ་ལ། ཡང་རྒྱུད་ལས། ལས་སྒྲུབ་ཙམ་གྱི་དངོས་བསྟན་ལ་མུ་རན་ཙམ་མ་གཏོགས། ཁ་ཁྱེར་གསལ་བར་མ་གསུངས་ཀྱང་མཆུ་དང་ཁ་ཁྱེར་གཉིས་ཀར་ཡོད་པ་ལེགས། ལར་རྗེས་མཐུན་གཞན་ལས་ཁ་སྐོངས་དགོས་པ་རྣམས་སྒྲས་ཟིན་འབའ་ཞིག་གི་རྗེས་སུ་འབྲང་ན་དགོས་དོན་སྟོར་


TNT13_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

པ་མང་དུ་ཡོང་ཉེན་ཡོད་པས། རྒྱུད་རྐྱང་ལ་དཔེ་སྒྲོགས་ཙམ་གྱི་ང་རྒྱལ་མི་རུང་ངོ༌། །དེས་ན་ཁ་ཁྱེར་ལ་པདྨ་འདབ་མ་བརྒྱད་དམ་བཅུ་དྲུག །གྲྭ་བཞིར་རྡོ་རྗེ་བཞི། དེ་དག་ཀྱང་རྡུལ་ཚོན་དཀར་པོ་ལ་བཅད་དམར་སེར་སྔོ་ལྗང་གང་གིས་བཏབ་ཀྱང་རུང་མོད་ཞི་རྒྱས་ལ་ནག་པོའི་རེ་ཁ་མི་བྱའོ། །དེར་བུད་ཤིང་རྩིག་པ་སོགས་སྤྱི་དང་འདྲ། ཀུ་ཤ་མཚོན་བྱེད་རྩའི་གདན་ལ་གཡས་སུ་མེ་ལྷ་དང་དཀྱིལ་འཁོར་ལྷའི་སྲེག་རྫས་ཏེ་སྲེག་རྫས་ཚར་གཉིས་བསངས་ཆུའམ། དཀྱིལ་འཁོར་དང་འབྲེལ་བའི་ཚེ། ལས་བུམ་དངོས་སམ་བུམ་ཆུ་དུང་ཕོར་སོགས་སུ་བླུགས་པས་ཀྱང་རུང་སྟེ་དེ་རྣམས་བཤམས། གཡོན་དུ་རིགས་སྔགས་ཀྱི་གཟི་བྱིན་བསྐྱེད་པའི་དྲི་ཆབ་གཅིག་དང༌། མཆོད་ཡོན་གཉིས་དང༌། ཉེར་སྤྱོད་ཚར་གཉིས་རྣམས་བཤམས། བསྲེགས་བླུགས་བྱེད་པ་པོའི་མདུན་དུ་མེ་ཡོལ་རྩིགས་པའི་ནང་དུ་བགང་བླུགས་དང༌། དེ་དང་ཉེ་བ་ལེན་སྟབས་བདེ་བའི་ཕྱོགས་གང་ཡང་འོས་པར་མར་ཁུ་ཡམ་ཤིང་ཀུ་ཤ་ལ་སོགས་པ་བཞག་གོ །དེ་ལ་སྲེག་རྫས་ནི། ཞི་བ་ལ། སྦྲང་རྩི་འོ་མ་མར་འོ་ཐུག་ནས་འབྲས་ཏིལ་དང་དུར་པ་ལོ་མ་དང་བཅས་པ་ལ་སོགས་པའོ། །རྒྱས་པ་ལ་ཡང་འོ་མ་དང་འོ་ཐུག་དང་ཞོ་དང་ལག་པན་དང་ནས་ཆན་དང་ཏིལ་དཀར་ནག་དང་སྒྲོན་ཤིང་གི་དུམ་བུ་དང་ན་ག་པུཥྤ་དང༌། ཤུ་ཏི་དང༌། ཉེ་ཤིང་དང༌། བིལ་བ་དང༌། གྲོ་དང༌། སྲན་མ་ལ་སོགས་པའོ། །དེ་ལྟ་ན་ཡང་ཞི་རྒྱས་གཉིས་པོ་འདི་སྲེག་རྫས་གཅིག་གིས་གཅིག་ཤོས་ཁ་བསྐང་པས་ཆོག་ཅིང༌། ཤུ་ཏི་ཉེ་ཤིང་ན་ག་པུཥྤ་གསུམ་ད་ལྟ་བོད་དུ་གྲགས་པ་འདི་རྣམས་མ་ཡིན་པས། དེ་རྣམས་རྙེད་དཀའ་ཡང་མར་དང་ཡམ་ཤིང་འཛོམ་ཕྱིན། རྫས་གཞན་རྣམས་གང་རྙེད་ཀྱིས་ཆོག་པ་ཡིན་


TNT13_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དཀྱིལ་འཁོར་དང་འབྲེལ་ན། ཆུ་དང་ཅོད་པན་གྱི་དབང་ཙམ་རང་ཉིད་ཀྱིས་བླངས་ནས་སྦྱིན་སྲེག་ལ་འཇུག་མ་འབྲེལ་ན་མི་དགོས། ཞི་བ་ལ་པདྨའི་སྐྱིལ་ཀྲུང་དང༌། རྒྱས་པ་ལ་བཀྲ་ཤིས་ཀྱི་སྐྱིལ་ཀྲུང་སྟེ་བཟང་པོའི་འདུག་སྟངས་ཀྱིས་འཁོད། བསངས་ཆུའམ་ལས་བུམ་གྱི་ཆུ་ལ་དམིགས་ཏེ། ན་མོ་རཏྣ༴ ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ་ཀྱི་བར་བདུད་རྩི་ཐབས་སྦྱོར་ལན་བདུན་བརྗོད། བསངས་ཆུ་གསར་དུ་སྒྲུབ་དགོས་ན། །བསྙེན་པའི་སྐབས་སུ་བཤད་པ་བཞིན་བྱ། གཟི་བྱིན་བསྐྱེད་པའི་དྲི་ཆབ་ལ་དམིགས་ཏེ། ན་མོ་ལོ་ཀ་དྷྲི་ཏཱ་ཡ། ཨོཾ་ཤང་ཀ་རེ། ཤན་ཏི་ཀ་རེ། གྷུཊྚ་གྷུཊྚ་གྷུཊྚི་ནི་གྷཱ་ཏ་ཡ་གྷུཊྚི་ནི་སྭཱཧཱ། ཨོཾ་ཀུ་ལནྡྷ་རི་བནྡྷ་བནྡྷ་ཧཱུཾ་ཕཊ། ཅེས་མཱ་མ་ཀཱིའི་རིགས་སྔགས་དང་སྙིང་པོ་གཉིས་ཉེར་གཅིག་སོགས་མང་དུ་བཟླས་ལ། ཛྭ་ལ་ཛྭ་ལཱ་ཡ་ཕཊ། སིདྡྷི་སཱ་དྷ་ཡ་ཕཊ། དི་པེ་དི་པཱ་ཡ་ཕཊ། ཅེས་པ་རྣམས་ཀྱང་ཅི་རིགས་པར་བཟླས། དེ་ལྟ་བུའི་དྲི་ཆབ་ཀྱི་མཆོད་རྫས་སྲེག་རྫས་ཐམས་ཅད་ལ་བསངས་གཏོར་བྱས་ཏེ། བདུད་རྩི་ཐབས་སྦྱོར་དང་སྔགས་བཤད་མ་ཐག་པ་དེ་རྣམས་ལན་གཅིག་གི་མཐར། ཨོཾ་གཟི་བརྗིད་ལྡན་པས་རྫས་ནང་དུ། །ཕྱི་བཤོལ་མ་མཛད་བཞུགས་ནས་སུ། །ཀུན་གྱི་གཟི་བརྗིད་སྤེལ་བ་དང༌། །བྱིན་རླབས་ཅན་དུ་མཛད་དུ་གསོལ། །ཨོཾ་བཛྲ་ཧཱུཾ་དྷ། ཞེས་དང༌། ཛི་ན་ཛིཀ་མང་དུ་བརྗོད། རྒྱུད་ལས། ཟློས་བུ་དང་ནི་མ་འདྲེས་དང༌། །བསྣོར་བ་ཡིས་ཀྱང་ཅི་འདོད་པ། །མཁས་པས་རྫས་ཀྱིས་བྱིན་གྱིས་རློབས། ཞེས་སྔགས་དང་ཚིགས་བཅད་དེ་རྣམས་མགོ་ཐོན་རྐང་ཐོན་གྱི་ཚུལ་གྱིས་ལན་


TNT13_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་བརྗོད་པར་གསུངས་ན་ཡང་ད་ལྟ་ཚར་གསུམ་མམ་གཅིག་ཙམ་བྱེད། འདི་སྲེག་རྫས་མཆོད་རྫས་བྱིན་རླབས་ཡིན། བྱིན་རླབས་ཀྱི་ཆོ་ག་འདི་སྦྱིན་སྲེག་ཏུ་མ་ཟད་སྒྲུབ་པའི་སྐབས་ཀྱི་མཆོད་རྫས་ཀུན་ལའང་དགོས་ལ་བསྙེན་པའི་སྐབས་ཀྱི་མཆོད་པ་གཟི་བྱིན་བསྐྱེད་པ་ལའང་འདི་དག་བྱས་ན་ལེགས་པར་འགྱུར་རོ། །དེ་ནས་ཐབ་ཀྱི་ཤར་ལྷོའམ། བྱང་དང་ཤར་གང་རུང་དུ་མེ་ཚང་བཅས་པ་ལ། ཨ་མྲྀ་ཏེ་དང་ཛི་ན་ཛིཀ་བཟླ་བཞིན་དུ་མེ་སྦར། མར་ཁུ་བླུགས་གཟར་གྱིས་ཅུང་ཟད་གཅུས་ཏེ་བླུགས་ལ། གདངས་རིང་པོས་སྭཱཧཱ་དང༌། ཧཱ་ཡིག་རིང་པོ་ལན་མང་དུ་བརྗོད་ཅིང་བསྒྱིངས་པ་དང་བཅས་པར་བྱའོ། །ཨོཾ་དང༌།བྷྲཱུཾ་མང་དུ་བརྗོད། རླུང་ཡབ་ཀྱིས་གཡབས། ཀུ་ཤ་ལ་སོགས་པའི་རྩ་སྔོན་པོའི་བམ་པོ་ཕྱོགས་མཚམས་བརྒྱད་དུ་སྤྱི་དང་མཐུན་པར་བཀྲམ། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་བ་ཧ་ན་ཡ་སྭཱཧཱ། མེ་ལྷའི་སྔགས་ཐུང་བ་དང༌། ལག་གཉིས་ཁུ་ཚུར་ལས་གུང་མོ་སྒྲེང་བའི་ཚིག་གསུམ་པར་མཛུབ་མོའི་རྩེ་མོ་སྦྱར། གཡས་སྙིང་གར་ཕྱིར་བསྟན། གཡོན་དཀུར་བཞག །མཐེ་བོང་ནང་དུ་གཡབ་པའི་སྤྱན་དྲངས། བསངས་ཆུས་གཏོར་ཏེ་ལས་ཐམས་ཅད་པ་བཟླས། སྔགས་དེ་ཉིད་ཀྱིས་སྲེག་བླུགས་ལན་གསུམ་ཕུལ། ཐབས་ཀྱི་དབུས་སུ་དྲང་སྲོང་ཆེན་པོ་མེ་ལྷ་སྐུ་མདོག་དཀར་པོ། ཕྱག་གཡས་གཉིས་ཀྱི་མཆོག་སྦྱིན་དང་བགྲང་འཕྲེང༌། གཡོན་གཉིས་ཀྱིས་དབྱིག་པ་དང་རིལ་བ་སྤྱི་བླུགས་འཛིན་པ། ཞབས་སེམས་དཔའི་སྐྱིལ་མོ་


TNT13_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་གིས་གནས་པ། འཁོར་དྲང་སྲོང་གི་ཚོགས་ཐམས་ཅད་ཀྱི་བསྐོར་ཏེ་བཞུགས་པར་གྱུར། ཨོཾ་བཛྲ་ཀེ་ལི་ཀཱི་ལ་བཛྲ་བྷི་མ་རཽ་ཏྲི་སོགས་ཀྱིས་བགེགས་བསངས། དེ་ནས་གོང་གི་སྔགས་དང་ཕྱག་བརྒྱ་ལས་མཐེ་བོང་མཛུབ་མོའི་གློར་བཞག་པས་དམ་ལ་བཞག་གོ །ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ན་ཨཱ་དི་བྱ་ཨཱ་དི་བྱ་ཡ་སྭཱཧཱ། ཞེས་མེ་ལྷའི་སྔགས་རིང་བས་མར་དང་ཡམ་ཤིང་དང༌། སྔགས་དེ་ཉིད་དམ་འོག་ཏུ་འཆད་པར་འགྱུར་བའི། ཨོཾ་ཏིཥྛ་ཧ་རི་སོགས་ཀྱིས་དཀར་གསུམ་དང་འབྲུ་སྣ་ལ་སོགས་པ་མེ་ལྔ་ཉིད་ཀྱི་སྲེག་རྫས་རྣམས་རིམ་གྱིས་འབུལ། ཡང་གོང་བཞིན། ཨོཾ་ཨགྣ་ཡེ༴ སོགས་སྔགས་ཐུང་བས་བགང་བླུགས་ལན་གསུམ་ལ་སོགས་པ་ཇི་ལྟར་འོས་པ་འབུལ། སྐབས་དེ་དག་ཏུ་མི་བཀྲ་ངན་པ་དག་བྱུང་ན་བདུད་རྩི་ཐབས་སྦྱོར་གྱི་སྔགས་ཀྱིས་བསང་ཆུ་གཏོར་བས་བཟློག་པར་འགྱུར་ལ། །ད་དུང་མ་བཟློག་ན། བདུད་རྩི་ཐབས་སྦྱོར་འམ། སྟོབས་པོ་ཆེ་གང་རུང་སྤྱན་དྲངས་ལ། སོ་སོའི་རང་སྔགས་ཀྱི་བགང་བླུགས་ཕུལ་བས་བྱུར་དང་བགེགས་རྣམས་ཞི་བར་འགྱུར་རོ། །མེ་བཀྲ་ངན་པ་མ་བྱུང་ན་དེ་འདྲ་མི་དགོས་སོ། །དེ་རྗེས། བདག་གི་སྦྱིན་སྲེག་གི་ལས་འདི་བགེགས་མེད་ཅིང་འབྲས་བུའི་མཆོག་དང་ལྡན་པར་མཛད་དུ་གསོལ། ཞེས་མེ་ལྷ་ལ་གསོལ་བ་ལན་གསུམ་བཏབ། དེ་ནས་སྐབས་འདི་ཉིད་དུ་འོག་ཏུ་འཆད་པར་འགྱུར་བའི་མེ་ལྷ་ལ་མཆོད་ཡོན་ཉེར་སྤྱོད་གཏོར་མ་བགང་བླུགས་བསྟོད་པ་རྣམས་གྲུབ་ནས་གཤེགས་གསོལ་བྱས་ན་བྱ་རྒྱུད་རང་ལུགས་ཡིན་པས་ཆོ་གའི་རིམ་པ་འདི་ལྟར་བཟང་ལ།


TNT13_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྐབས་འདིར་མེ་ལྷ་ཐབ་ཀྱི་ཟུར་ནང་ཅི་བདེ་བར་བཞུགས། བར་འདིར་དཀྱིལ་འཁོར་པ་མཆོད། སླར་ཡང་མེ་ལྷའི་རྗེས་ཆོ་ག་བྱེད་པ་སོགས་སྤྱི་འགྲོས་ཀྱི་རིགས་པ་བཀབ་ཀྱང་འགལ་བ་མེད་དོ། །དེ་ལྟ་ན་ཡང་རྒྱུད་སྡེ་གོང་འོག་གི་སྦྱིན་སྲེག་ཐམས་ཅད་ལ་དཀྱིལ་འཁོར་པ་མཆོད་པའི་ཚེ། མེ་ལྷ་གུག་པར་སྡོད་པ་མ་ཡིན་ཏེ། མེ་ཉིད་དང་མེ་ལྷ་གཉིས་སུ་མེད་པའི་ཕྱིར། དཀྱིལ་འཁོར་པ་མཆོད་པའི་ཚེ་དེ་ཡང་མཆོད་པ་ཡིན་ནོ། ཁ་ཅིག་འཇམ་དཔལ་རྩ་རྒྱུད་ལས། །དེ་ཚེ་མེ་ཡི་སྙིང་གར་སྔགས། །བདུན་བཟླས་པ་ཡིས་རྟག་པར་ནི། །མེ་སྤྱན་དྲངས་པ་རིག་པའི་བདག །མེ་ཏོག་དྲི་ནི་ཞིམ་རྣམས་ཀྱིས། །གནས་འབུལ་བ་ནི་སྤྱན་དྲངས་ནས། །རྟག་ཏུའོ་སྔགས་ཤེས་མཁས་པས་སོ། །ཞེས་གསུངས་པའི་དོན་དུ་བསམ་ནས། མེའི་ལྷའི་ཐུགས་ཀར་དཀྱིལ་འཁོར་བ་སྤྱན་དྲངས་ཏེ་བཞུགས་པར་འདོད་པ་ནི། རང་གི་དེ་ཉིད་སྟོན་པར་བྱེད་པ་སྟེ། མེ་སྤྱན་དྲངས་ངོ་ཞེས་པ་ཡན་ཆད་དྲང་སྲོང་མེ་ལྷ་སྤྱན་འདྲེན་དང༌། རིག་པའི་བདག་ཅཻས་པ་མན་ཆད་དཀྱིལ་འཁོར་པ་སྤྱན་འདྲེན་གྱི་ཚིག་ཡིན་པ་མ་གོ་བར་སྣང་བ་དང༌། མེ་སྤྱན་དྲངས་ངོ་ཞེས་པས་དཀྱིལ་འཁོར་བ་སྤྱན་དྲངས་བར་གོ་བ་ནི། ཤིན་ཏུ་བླུན་པོའི་རྣམ་འགྱུར་ཡིན་པས་ཕྱིར་དང༌། མེའི་སྙིང་གར་སྔགས་ལན་བདུན་བཟླ་ཞེས་པ་ནི། མེ་དཔུང་གི་དབུས་སུ་སེམས་གཏད་ནས་མེ་ལྷ་རང་གི་སྔགས་ལན་བདུན་བཟླས་ཏེ་སྦྱན་དྲངས་ཞེས་པའི་དོན་ཡིན་པ་ལ། མེ་ལྷའི་སྙིང་གར་དཀྱིལ་འཁོར་བ་སྤྱན་འདྲེན། ཞེས་པར་གོ་འདུག་སྟེ་དེ་ལྟར་ན་སྔགས་ལན་བདུན་གང་ཡིན་ངོས་འཛིན་རྒྱུ་མེད་པ་དང༌། མེ་སྤྱན་


TNT13_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཞེས་པ་དཀྱིལ་འཁོར་པ་ཡིན་ན། སྤྱན་དྲངས་ནས་རྟག་ཏུའོ་ཞེས་པ་ནི་ངེས་པར་ཡང་དཀྱིལ་འཁོར་པ་ལས་འོས་མེད་པས་དཀྱིལ་འཁོར་བ་ལན་གཉིས་སྤྱན་འདྲེན་དགོས་པར་ཐལ་བར་འགྱུར་རོ། །དེ་ན་འབར་བའི་མེའི་ནང་དུ་གནས་སམ་གདན་བཀོད་པ་ལ་དཀྱིལ་འཁོར་བ་རྣམས་སྤྱན་འདྲེན་པ་ཡིན་ནོ། །དེ་ཡང་འདི་ལྟར་བྱ་སྟེ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཐཱ་ཨུད་ག་ཏ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ལན་གསུམ་གྱི་ལྷའི་གདན་གྲུབ་པར་གྱུར། དེ་ནས་བྷྲཱུཾ་དང་ཛི་ན་ཛིཀ་བདུན་བརྗོད་པ་ནས་བརྩམས། ཡོངས་སུ་བསྐོར་ཏེ་བཞུགས་པར་གྱུར། ཞེས་པའི་བར་བསྙེན་པའི་སྐབས་སུ་བཤད་པ་དང་འདྲ་བ་ལས། ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་རང་རང་སོ་སོའི་གདན་ལ་བཞུགས་པར་གྱུར་པ་ནི། ཞེས་སྦྲཻལ། འདི་དཀྱིལ་འཁོར་དང་འབྲེལ་བའི་ཚད་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས་པ་ཡིན་པས། དཀྱིལ་འཁོར་གྱི་དྲུང་ནས་མེ་ཏོག་གི་སྣོད་བླངས་ཏེ། འབྲུ་ཚོམ་ཞིག་ཐབ་ནང་དུ་འདོར་བ་སོགས་བོད་རྙིང་པའི་ལག་ལེན་བཞིན་བྱས་ཀྱང་རུང་ཞིང༌། དཀྱིལ་འཁོར་དང་འབྲེལ་བའི་ཚེ་འདིར་དམ་བཞག་མི་དགོས་ཏེ་སྔར་གྲུབ་པ་ཉིད་ཀྱིས་སོ། །དཀྱིལ་འཁོར་མེད་ན་ཤང་ཀ་རེ་ནས། བནྡྷ་སྭཱཧཱའི་བར་སྒྲུབ་ཐབས་བཞིན་དམ་བཞག་བྱ། བདེ་བར་གཤེགས་སོ་བཅོམ་ལྡན་འདས་ནས། ཨ་མྲྀ་ཏ་སྭཱཧཱ། གཙང་ཞིང་གཙང་མ༴ ནས། མཉམ་ཉིད་མི་གཡོ༴ མས་བསྟོད་པའི་བར་མཆོད་བསྟོད་ཀྱང་བསྙེན་པའི་སྐབས་བཞིན་ནོ། །དེ་ནས་ཛི་ན་ཛིཀ་དང༌། ཡི་གེ་ལྔ་པ་དང༌། ཡི་གེ་བརྒྱ་པ་རྣམས་


TNT13_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ་བཞིན་དུ་བགང་བླུགས་ལན་གསུམ་ལ་སོགས་པ་ཕུལ། དེ་ནས་བརྩམས་ཏེ་ཡི་གེ་ལྔ་པའམ། མུ་ནིའི་སྔགས་སམ། ཡིག་བརྒྱ་སྟེ་གསུམ་པོ་གང་རུང་གཅིག་ཁོ་ནས། ཡམ་ཤིང་ལ་སོགས་པའི་སྲེག་རྫས་གཞན་རྣམས་འབུལ་ལ། བགང་བླུགས་ཀྱང་བརྒྱ་རྩ་སོགས་ཇི་ལྟར་འོས་པ་འབུལ་དགོས་ཀྱང་གྲངས་གཅིག་ཏུ་ངེས་པ་མེད་དོ། །ཡང་ངེས་པར་དགོས་པ་ནི་མིན་ཡང་འཁོར་རྣམས་ལ་མཚན་སྔགས་ཀྱི་སྒོ་ནས་བགང་བླུགས་རེ་ཙམ་ཕུལ་ཀྱང་ལེགས་ལ། སྲེག་རྫས་གཞན་རྣམས་ནི་སྒོས་སུ་འབུལ་མི་དགོས་སོ། །སྤྱིར་ནི་གཙོ་བོ་དང༌། རང་སྔགས་ཁོ་ན་ལ་ཕུལ་བས་ལྷ་གཞན་ཐམས་ཅད་ཀྱང་ཚིམ་པར་འགྱུར་བའི་ཕྱིར། འཁོར་ལ་སྒོས་ཀྱི་འབུལ་བ་མེད་ཀྱང་ཆོག་གོ །དབང་བསྐུར་དངོས་གཞིའི་སྐབས་ཀྱི་སྦྱིན་སྲེག་ཡིན་ན། དེའི་རྗེས་སུ་སློབ་དཔོན་གྱི་མདུན་དུ་སློབ་མ་བཞག །སློབ་དཔོན་གྱིས་ལག་པ་གཡོན་པས། དེའི་གཡས་ཀྱི་མཐེ་བོང་བཟུང་བའམ། དེའི་གོས་ཀྱི་མཐའ་ནས་བཟུང་བ་ལྟ་བུས་ཀྱང་ཆོག །བླུགས་གཟར་མར་གྱི་བཀང་ལ་ཡི་གེ་བརྒྱ་པ་དང༌། ན་མོ་ལོ་ཀ་སོགས་མཱ་མ་ཀཱའི་སྔགས་བཟླས་ཏེ། སློབ་མའི་ལུས་ལ་ལན་གཅིག་བསྐོར་ནས། སློབ་མ་ཉིད་ཀྱིས་འབུལ་དུ་འཇུག་པ་ལན་བདུན་བྱ། སློབ་མ་མང་པོ་སོགས་ལ་དེ་ལྟར་མི་ནུས་ན་མོས་པ་བརྟན་པོས་དམིགས་པ་སྒོམ་དུ་བཅུག་ནས་སློབ་དཔོན་གྱིས་ཕུལ་བས་ཆོག་ལ། ཡང་ན་ལས་ཀྱི་རྡོ་རྗེས་བགང་བླུགས་བསྐོར་ཀྱང་རུང་བ་ཉིད་དོ། །དེ་ནས་སློབ་མ་ལ་ཐབས་སྦྱོར་བཟླས་པའི་དཔུང་སྐུད་བཅིངས། ལས་སྔགས་ཀྱིས་སྙིང་གར་བསངས་གཏོར་བྱ། སླར་ཡང་སློབ་དཔོན་གྱིས་དཀྱིལ་འཁོར་ལ་བགང་བླུགས་ལན་གསུམ་འབུལ་ལོ། སྤྱིན་སྲེག་ལོགས་སུ་བྱེད་པ་ཡིན་ན། ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས། མ་ཏང་གི་སྭཱ་ཧཱའི་བར་


TNT13_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སླར་བཏང་བའི་ཆོ་ག་བསྙེན་པའི་སྐབས་དང་འདྲ་ལ། དཀྱིལ་འཁོར་དང་འབྲེལ་བའི་སྐབས་ནི། ཨརྒྷཾ་ནས། ནཻ་བེ་ཏྱ་སྭཱཧཱ། དཀྱིལ་འཁོར་ལ་མེ་ཏོག་དོར་ཤིང༌། སྔར་གྱི་མེ་ཏོག་གི་སྣོད་དཀྱིལ་འཁོར་གྱི་དྲུང་དུ་བསྐྱལ། མེ་ཏོག་ཅུང་ཟད་ཙམ་དཀྱིལ་འཁོར་ལ་གཏོར། མེ་ནང་དུ་བཞུགས་པའི་དཀྱིལ་འཁོར་གྱིས་ལྷ་ཚོགས་རྣམས་སླར་ཕྱིར་ལ་གཤེགས་ཏེ། དཀྱིལ་འཁོར་ཆེན་པོའི་གནས་སུ་རང་རང་གི་གདན་ལ་བཞུགས་པར་གྱུར། ཞེས་བརྗོད། དེ་ནས་སྲེག་རྫས་ཀྱི་ལྷག་མ་རྣམས་སྲེག་བཞིན་དུ། ཨོཾ་ཏིཥྛ་ཧ་རི་པིངྒ་ལ་ལོ་ཧི་ཏ་ཨཀྵ་དེ་ཧི་ད་དཱ་པ་ཡ་ཧཱུཾ་ཕཊ་ཕཊ། སརྦ་བིགྷྣན་ན་ཤ་ཡ་སྭཱ་ཧཱ། ཞེས་པས་འབུལ་ཞིང༌། མཆོད་ཡོན་དང་ཉེར་སྤྱོད་རྣམས་ཀྱང་སྔགས་དེ་ཉིད་ཁོ་ནས་འབུལ་བའམ། སྭཱཧཱས་གོང་དུ་ཨརྒྷཾ་ནས། ཨཱ་ལོ་ཀེའི་བར་དུ་སྦྱར་བ་དང༌། གཏོར་མ་ཡོད་ན་བ་ལིཾ་སྦྱར་བ་རྣམས་ཀྱིས་ཀྱང་ཕུལ། སླར་ཡང་སྔགས་རིང་བས་བགང་བླུགས་བདུན་ཕུལ། ཚངས་དབང་འཇིག་རྟེན་མགོན་གྱི་སྲས། ཞེས་སོགས་བསྟོད་པ་ཇི་ལྟར་འོས་པས་བསྟོད་ཏེ། སྤྱན་འདྲེན་པའི་ཕྱག་རྒྱ་ལས་མཐེ་བོང་ཕྱིར་བསྐྱེད། ཨོཾ་ཨགྣ་ཡེ༴ སོགས་སྔགས་ཐུང་བའི་མཐར། གཙྪ་གཙྪ་ཞེས་བརྗོད་པས་གཤེགས་སུ་གསོལ། བཞུད་ཅིག་ཅེས་ནི་བདག་པོའི་བཀའ། །བཟློས་པས་རབ་ཏུ་བསྒྲགས་ནས་བཞུད། སྤྱན་ཡང་དྲངས་མ་ཐག་ཏུ་ནི། གསང་སྔགས་དགྱེས་ནས་འབྱོན་པར་འགྱུར། ཞེས་གསུངས་པ་ལ། འབྱོན་པར་མཛོད་ཅིག་ཅེས་བསྒྱུར་ནས། གཤེགས་གསོལ་གྱི་ཚིག་བྱེད་པའང་ཡོད་དེ་འགལ་བ་མེད་པར་འདྲའོ། །དེ་རྗེས་སྨོན་ལམ་དང་ཤིས་པ་བརྗོད་


TNT13_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ལས་རྗེས་མི་མངོན་པར་བྱེད་ཚུལ་སྤྱི་དང་འདྲ། འདི་ནི་ཞི་བའི་སྦྱིན་སྲེག་སྟེ་འདི་ཙམ་གྱིས་ཀྱང་བྱ། རྒྱུད་རང་ལུགས་ཀྱི་སྦྱིན་སྲེག་གི་ཆོ་ག་ཇི་ལྟར་ཡིན་པ་གོ་བར་ནུས་སོ། །ད་ནི་གཏོར་མའི་ཆོ་ག་བཤད་པར་བྱའོ། །བྱ་རྒྱུད་རང་ལུགས་ལ་འཇིག་རྟེན་འདས་པའི་དཀྱིལ་འཁོར་པ་ལ་གཏོར་མ་མ་བཤད་ཅེས་གྲགས་པ་དང༌། དེར་མ་ཟད་ཀྲི་ཡོ་ག་སྡེ་གསུམ་ཆར་དུ་ཡང་མ་བཤད་དོ་ཞེས་གྲགས་ལ། འཇིག་རྟེན་པའི་གཏོར་མ་ནི་རྣམ་གྲངས་དུ་མ་ཞིག་གསུངས་པ་ཡིན་ནོ། །དེ་ལྟ་ན་ཡང་སྤྱི་རྒྱུད་དཔུང་བཟངས་ཀྱི་དངོས་བསྟན་ལས། འབྱུང་པོ་སྤྱི་དང་ཕྱོགས་སྐྱོང་གི་གཏོར་མ་གཉིས་གསུངས་ཏེ། གོ་རིམ་ཡང་དེ་ལྟར་གདོན་ལ་མཆོད་པ་བྱས་ནས་སུ། དེ་ནས་ཕྱོགས་སྐྱོང་རྣམས་ལ་མཆོད་པ་བྱ། ཞེས་གསུངས་ཤིང༌། ད་ལྟ་གང་ཞིག་མཚན་མོ་རྒྱུ་བ་ལ། ཞེས་སོགས་ནི། གཉིས་པོ་དེའི་མཇུག་སྡོམ་ཕན་ཡོན་སྟོན་པ་ཡིན་ཀྱང༌། ཟུར་གྱིས་བགེགས་གཏོར་ཡང་འཕངས་པར་མངོན་ལ། རྒྱུད་མང་པོར་བགེགས་ལ་གཏོར་མ་སྦྱིན་པ་ཡང་གསུངས་པས། སྤྱིར་བགེགས་གཏོར་དགོས་ལ། གཟུངས་གྲྭ་ལྔ་ལས་རྒྱལ་ཆེན་བཞིའི་གཏོར་མའང་གསུངས་པ་ལྟར་དེ་ཡང་འགྲུབ་ན་ལེགས། ཁྱད་པར་དུ་ཡང་དཀྱིལ་འཁོར་གྱི་སྒོ་སྲུངས་ལ་བཀོད་ཡོད་ན་ངེས་པར་བྱ། སྤྱིར་གཏོར་མ་ཆ་གསུམ་པོ་དེ་གྲུབ་ན། རྒྱལ་ཆེན་གྱི་གཏོར་མ་མ་གྲུབ་ཀྱང་ཆོ་ག་ཆད་པར་མི་འགྱུར་རོ། །དེ་རྣམས་ཆབས་གཅིག་ཏུ་བཤོམ་ན་རྒྱལ་ཆེན་དང་ཕྱོགས་སྐྱོང་གྲལ་འགོ་མའི་སྟེགས་བུ་མཐོ་བ་ལ་བཞག །འབྱུང་པོ་སྤྱིའི་དེ་བར་མ་དང༌། བགེགས་གཏོར་ས་ཕྱོགས་དམའ་བའམ།


TNT13_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དང་འབྲེལ་ན་དཀྱིལ་འཁོར་ཁང་པའི་ཕྱིའི་སྒོ་དྲུང་དུ་བཞག་གོ །ཕྱི་རོལ་གཏོར་མའི་ཚུལ་དུ་བྱེད་ན། དཀྱིལ་འཁོར་ཁང་པའི་ལྷོ་ནུབ་ཕྱོགས་ཐག་བསྲེངས་ནས། སྟེགས་མཐོ་བ་ལ་འབྱུང་པོ་སྤྱི་གཏོར་དང༌། དམའ་བའི་ཕྱོགས་སམ། ས་རྗེན་ལ་བགེགས་གཏོར་བཤམས་ཏེ་གཏོར། བྱང་ཤར་དུ་ཐག་ཉེ་བར་སྟེགས་བུ་མཐོ་བ་ལ་ཕྱོགས་སྐྱོང་གི་གཏོར་མ་འཇོག་ཅིང༌། རྒྱལ་ཆེན་གྱི་གཏོར་མའང་ཕྱོགས་གཏོར་མི་བྱེད་ན་དེ་ཉིད་ནས་གཏོང་བའམ། ལས་དང་རྗེས་སུ་མཐུན་པའི་ཕྱོགས་ནས་གཏོར། ཕྱོགས་གཏོར་བྱེད་ན་ཕྱོགས་བཞི་སོ་སོ་ནས་བཤམས་ཏེ་གཏོད། ཕྱོགས་སྐྱོང་བཅུ་ལ་ཕྱོགས་གཏོར་བྱེད་ན། གཞན་རྣམས་རང་རང་གི་ཕྱོགས་དང་སྟེང་འོག་གཉིས་ཤར་ནུབ་ཐག་རིང་བར་སྐྱེལ་ལོ། །སོ་སོའི་དམ་རྫས་ཀྱི་སྐབས་སུ་སྣ་ཚོགས་ཤིག་ཡོད་ཀྱང༌། སྒྲུབ་མཆོད་སོགས་སྤྱི་གཏོར་གྱི་སྐབས་འདིར་ཆ་གསུམ་ལ་བགེགས་གཏོར་མ་གཏོགས་ཐམས་ཅད་དཀར་གཏོར་དུ་བྱ། དབྱིབས་བཀོད་པ་དེང་སང་གི་ལག་ལེན་སྤྱི་དང་མཐུན་པས་ཆོག །གང་ལྟར་ཡང་ལེགས་པར་བཤམས་ལ་གནས་གཅིག་ཏུ་བཤམས་པ་རྣམས་དུས་གཅིག་ཏུ་བྱིན་གྱིས་རླབས་པས་ཀྱང་རུང༌། གནས་སོ་སོ་ན་ཡོད་པ་རྣམས་འབུལ་བའི་གནས་སྐབས་སོ་སོ་དེ་ཉིད་དུ་བྱིན་རླབས་བྱེད་དགོས་སོ། །དེ་ལ་བྱིན་རླབས་ཀྱི་ཆོ་ག་ནི། ཡོངས་སུ་གྲགས་པའི་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་རླབས་ཀྱང་རུང༌། །ཡང་བདུད་རྩི་ཐབས་སྦྱོར་གྱིས་བསངས། ཨོཾ་ཏེ་ཛ༴ སོགས་ཀྱི་གཟི་བྱིན་བསྐྱེད་སླར་ཡང་བདུད་རྩི་ཐལ་སྦྱོར་གྱིས་བདུད་རྩིར་


TNT13_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རླབས། ཛི་ན་ཛིཀ་གིས་བརྟན་པར་བྱས། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱ་ཆེར་སྤེལ་ལོ། །ཡང་ན་སྤྱན་རས་གཟིགས་ཀྱི་ཆོ་ག་ཞིབ་མོ་ལས་འབྱུང་བ་བཞིན། ཨོཾ་ཛྭ་ལ་བ་ཏི་རཏྣ་གྷཱ་ཊ་སྭཱ་རི་ཎི་ཏུ་ཊི་ཏུ་ཊི་སྭཱཧཱ། ཞེས་གཏོར་སྣོད་བྱིན་གྱིས་རླབས། ཨོཾ་ར་སཱ་ར་སཱ་གྲ་བ་ཏི་སརྦ་བིདྱ་ཨ་དྷི་ཥྛི་ཏེ། སཾ་པཱུ་ར་ཡ་ཧཱུཾ། ཞེས་པས་རོ་བྲོ་བར་བྱས། ཨོཾ་ཛྭ་ལ་ཛྭ་ལ་སྥ་ར་པྲ་ར་ས་ར་ས་སཱི་དྷཱ་ཡ་ཧཱུཾ། ཞེས་རྒྱ་ཆེར་སྤེལ་ཞིང་གཟི་བྱིན་བསྐྱེད་དོ། །འདི་ཙམ་ཀྱིས་ཀྱང་ཆོག་སྟེ། གཏོར་ཆོག་གསལ་ཁ་མེད་པའི་བྱ་རྒྱུད་ཀྱི་སྐབས་མང་པོ་ཁ་བསྐང་དུ་རུང་ངོ༌། །དེ་ལྟར་ན་བྱིན་རླབས་གསུམ་པོ་གང་རུང་ཅིག་བྱ། དེ་ནས་བགེགས་གཏོར་ནི། ཆ་གསུམ་གྱི་ཆོ་ག་སྤྱི་དང་འདྲ་བའི་བདེན་བརྡར་བྱས་ཏེ་བགེགས་རྣམས་གཏོར་མའི་གནས་སུ་བཀུག ཨོཾ་གུང་ཀ་རེ༴ སོགས་ལ་སྤྱི་འགྲོ་ལྟར་ན་ནམ་མཁའ་མཛོད་ཀྱི་སྔགས་ཀྱི་མཐར། ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་ཡེ་སྭཱཧཱ། ཞེས་འདོན་པ་བསྒྱུར་བས་སྦྱིན་པའམ། རྒྱུད་འདི་ཉིད་ལས་གསུངས་པའི་སྒོས་ཀྱི་གཏོར་སྔགས་ནི། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། བ་ལ་བ་ཏི་བ་ལཱིནྡེ་སྭཱཧཱ། ཞེས་པ་བཏགས་པས་སྦྱིན་ནོ། །གང་ཞིང་མཚན་མོ་རྒྱུ་བ་ཡི། ཞེས་སོགས་སྤྱི་དང་མཐུན་པར་བཤད་སྦྱང་བྱས་ལ། གཏོར་མ་རིང་དུ་གཏོང་བ་དང༌། ཐབས་སྦྱོར་གྱི་སྔགས་ཀྱིས་མཚམས་བཅད་ནས་སྙིང་པོ་བཟླ་བཞིན་དུ་ནང་དུ་འོངས་ལ་ཉེ་རེག་བྱའོ། །དེ་ནས་འབྱུང་པོའི་གཏོར་མ་ནི། སྔོན་བཞིན་བྱིན་གྱིས་རླབས། ཨོཾ་ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། ཞེས་པ་ནས། འདིར་


TNT13_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་ཅིག ཅེས་པའི་བར་བརྗོད། དོན་ཞགས་ཀྱི་རྒྱུད་ལས། འབྱུང་པོ་སྤྱི་སྤྱན་འདྲེན་པའི་སྔགས་ནི། ཨོཾ་དི་བྱ་ལོ་ཙ་ནི་ཨ་མོ་གྷེ་པྲ་ཝ་རེ་སརྦ་བིདྱ་ཨ་དྷི་ཥྛི་ཏེ་སིདྡྷི་ཤུདྡྷ་བི་ལོ་ཀི་ཏེ་སྭཱཧཱ། ཞེས་པ་སྤྱན་འདྲེན་པར་བཤད་ཀྱང་པདྨའི་རིགས་ཀྱི་ཆོ་གའི་ཁྱད་ཆོས་ཡིན་པར་སེམས། དེས་ན་སྐབས་འདིར་གོང་གི་ཚིགས་བཅད་ཉིད་རྒྱུད་ཀྱི་སྔགས་ཚིག་ཡིན་པས་དེ་ཙམ་གྱིས་ཆོག་པར་མངོན་ལ། དེ་ནས། ཨོཾ་དེ་བཱ་ཡ་སྭཱཧཱ། དེ་བཞིན་ཏུ་སྦྱར་ཏེ། ནཱ་ག་དང༌། ཡཀྵ་དང༌། གནྡྷརྦྷ་དང༌། ཨ་སུ་ར་དང༌། ཀནྣ་ར་དང༌། ག་རུ་ཊཱ་དང༌། མ་ཧོ་རཱ་ག་དང༌། མ་ནུཥྱ་དང༌། ཨོཾ་ཨ་མ་ནུཥྱེ་སྭཱཧཱ། རྣམས་ལ་གོང་དུ་བཤད་པ་ལྟར་རྒྱུད་འདིའི་ཐུན་མོང་མ་ཡིན་པའི་གཏོར་སྔགས་བཏགས་པའམ། ནམ་མཁའ་མཛོད་ཀྱི་སྔགས་བཏགས་པས་གཏོར་མ་འབུལ། དེ་ནས་མཆོད་པ་དང་ཏོར་མ་ཐམས་ཅད་ལྷན་ཅིག་ཏུ་འབུལ་བ་ནི། ཨོཾ་འབྱུང་པོ་གང་དག་རི་རབ་སྟེང་གནས་དང༌། ནས། རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །འཕྲེང་བ་མེ་ཏོག་དྲི་དང་བདུག་པ་དང༌། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་བ། །འདི་དག་བཞེས་ནས་བཏུང་ཞིང་བསྣམས་ནས་སུ། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད་སྭཱཧཱ། ལན་གསུམ་གྱི་མཐར་མཆོད་གཏོར་རྣམས་རིང་དུ་གཏོར། ཆོས་རྣམས་གང་དག༴ སོགས་ཀྱིས་ཆོས་བཤད། སརྦ་བྷཱུ་ཏ་གཙྪ་གཙྪ། ཞེས་སེ་གོལ་གཏོགས་ཏེ་གཤེགས་སུ་གསོལ་ལོ། །དེ་ནས་ཕྱོགས་སྐྱོང་གི་གཏོར་མ་སྦྱིན་པར་བྱ་སྟེ། འདི་ནི་འཇིག་རྟེན་པའི་


TNT13_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཆོག་ཐམས་ཅད་ཀྱི་གཙོ་བོ་ཡིན་པར་ཤེས་པར་བྱའོ། །དེ་ལ་ཐོག་མར་ཕྱག་རྒྱ་རྣམས་གོ་བར་བྱ་སྟེ། ལག་གཉིས་མཐེ་ཆུང་བཀུག་པ་མཐེ་བོས་མནན། སོར་མོ་དབུས་མ་གསུམ་བརྐྱང་བ། གཡོན་སྙིང་གར་བཞག གཡས་དཀུ་ལ་བསྟེན་པ་ནི། དབང་པོའི་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་ལས་མཛུབ་མོ་གཉིས་གཡབ་པ་ནི་སྤྱན་དྲངས་པ་དང༌། མཛུབ་མོ་གཉིས་ཕྱིར་བསྐྱེད་པ་ནི། སླར་བཏང་བའི་ཕྱག་རྒྱའོ། །དེ་བཞིན་དུ་གཞན་རྣམས་ཀྱང་ཤེས་པར་བྱ་སྟེ། མེ་ལྷའི་ཕྱག་རྒྱ་ནི་སྦྱིན་སྲེག་གི་སྐབས་སུ་བཤད་པ་བཞིན་ནོ། །རྡོ་རྗེ་ནང་བསྡམས་ལས་སྲིན་ལག་གཉིས་ཕྱིར་བརྐྱང་བ་ནི། གཤིན་རྗེའི་དམ་ཚིག་གི་ཕྱག་རྒྱ་སྟེ་དེ་ཉིད་གཡབ་ཅིང་དྲག་ཏུ་བཀུག་པ་ནི་སྤྱན་འདྲེན་པ་དང༌། དམ་རྒྱ་ལས་མཐེ་བོང་ཕྱིར་བསྐྱེད་པ་ནི། གཤེགས་སུ་གསོལ་བའོ། །རྡོ་རྗེ་ཁུ་ཚུར་ལས་གུང་མཛུབ་ཕྱིར་བརྐྱང་བ་གཤིབས་པ་གཡས་སྙིང་ག་དང༌། གཡོན་དཀུར་བཞག་པ་ནི་སྲིན་པོའི་དམ་རྒྱ་སྟེ། དེ་ཉིད་ལས་གཡོན་གྱི་མཛུབ་མོ་གཡབ་པ་དང༌། ཕྱིར་བསྐྱེད་པ་ཡང་སྤྱན་དྲངས་པ་དང་གཤེགས་སུ་གསོལ་བའོ། །ཁུར་ཚུར་གཉིས་ཀྱི་མཐེབ་མཛུབ་ཞག་མིག་གི་ཚུལ་དུ་སྦྱར་ནས་ཁུ་ཚུར་སྙིང་གར་འཇོག་པ་ནི་ཆུ་ལྷའི་ཕྱག་རྒྱ་སྟེ། གཡོན་པའི་འཛུབ་མོ་གཡབ་པ་དང༌། ཕྱིར་བསྐྱེད་པ་ཡང་ངོ༌། །ལག་གཉིས་ཁུ་ཚུར་ལས། གུང་མོ་བསྒྲེང་བའི་ཚིགས་གསུམ་པར་མཛུབ་མོ་བཀུག་པའི་རྩེ་མོ་བཙུགས་པ། གཡོན་སྙིང་ག་དང་གཡས་དཀུར་བསྟེན་པ་ནི། རླུང་ལྷའི་ཕྱག་རྒྱ་ཡིན་ལ། དེ་ལས་གཡས་ཀྱི་མཐེ་བོང་གཡབ་པ་དང༌། ཕྱིར་བསྐྱེད་པ་ཡང་ངོ༌། རྡོ་རྗེ་ནང་བསྡམས་ལས་


TNT13_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མཐེ་ཆུང་གཤིབས་ཏེ་བརྐྱང་པ་དེ་སྲིན་ལག་བརྐྱང་ཞིང་རྩེ་མོར་སྦྱར་བའི་ནང་དུ་བཅུག་པ་ནི་གནོད་སྦྱིན་གྱི་ཕྱག་རྒྱ་སྟེ། དེ་ཉིད་ལས་གུང་མོ་བརྐྱང་ནས་གཡས་པ་དང༌། ཕྱིར་བསྐྱེད་པ་ཡང་ངོ༌། །རྡོ་རྗེ་ནང་བསྡམས་ལས་གུང་མོ་གཉིས་བརྐྱང་བའི་རྒྱབ་ཏུ་མཛུབ་མོ་གཉིས་ཀྱི་རྩེ་མོ་སྦྱར་བ་ཞེས་བྱ་སྟེ། གུང་མོའི་སེན་མོ་ལ་མཛུབ་མོ་རེག་པ་ཡིན་ལ། མཐེ་བོངགཉིས་སོ་སོའི་ཕྱོགས་ཀྱི་གུང་མོ་ལ་སྦྱར་བ་ནི། དབང་ལྡན་གྱི་ཕྱག་རྒྱ་སྟེ། དེ་ཉིད་ལས་མཛུབ་མོ་གཡབ་པ་དང་ཕྱིར་བསྐྱེད་པ་ཡང་ངོ༌། །མིག་སྟེང་དུ་ཕྱོགས་ཤིང་ཐལ་མོ་ཁོང་སྟོང་ནི། ཚངས་པའི་ཕྱག་རྒྱ་སྟེ། དེ་ལས་མཛུབ་མོ་གཡབ་པ་དང༌། ཕྱི་ལ་དྲག་ཏུ་བརྐྱང་པ་ཡང་ངོ༌། །སྐབས་འདིར་ཟླ་བ་དང་ཉི་མ་ནི་ཚངས་པའི་རྗེས་འབྲང་ཡིན་པའི་ཕྱིར། ཕྱག་རྒྱ་ལོགས་པ་མི་དགོས་སོ། །ལག་གཉིས་ཐལ་མོ་ཁོང་སྟོང་ལས་མཐེ་བོང་གཉིས་ནང་དུ་བཅུག་པ་ཐལ་མོའི་རྩེ་མོ་མཐུར་དུ་བསྟན་པ་ནི་ས་བདག་གི་ཕྱག་རྒྱ་ཡིན་ཏེ། མིག་ཐུར་དུ་བསྟན་ནས་མཛུབ་མོ་གཉིས་གཡབ་པ་དང༌། དེ་ཉིད་ཕྱིར་བསྐྱེད་པ་ཡང་ངོ༌། །སྐབས་འདིར་ཀླུ་དང་ལྷ་མིན་ཡང་ལྷའི་རྗེས་འབྲང་ཡིན་པས་ཕྱག་རྒྱ་ལ་སོགས་པ་མི་དགོས་སོ། །ཕྱོགས་གཏོར་དུ་བྱེད་ན་གཏོར་མ་བཅུ་བྱ་ལ། གཞན་ནི་ཇི་ལྟར་བདེ་བ་སྟེ་བསྡུ་ན་གཅིག་གིས་ཀྱང་ཆོག་གོ །གཏོར་མ་བྱིན་རླབས་སྒོས་སུ་དགོས་མི་དགོས་སྐབས་དང་སྦྱར། མཆོད་པ་བྱིན་རླབས་ཀྱང་དཀྱུས་བཞིན་བྱ། ན་མོ་བཛྲ་ཨ་སྱ་ཤི་བཛྲ་ཕཱ་ཎི་རཀྵ་


TNT13_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵ་སྭཱཧཱ། ཨེ་ཧྱེ་ཧཾ། དབང་པོ་དང༌། ཨོཾ་ཨགྣེ་ཀ་པི་ལ། ཨཱ་ཀ་སི་ལ་ཛྭ་ལ་ཛྭ་ལ། ད་ཧ་ད་ཧ་ཤི་ཥེ་ཏོ་ལི་བི་རུ་པཱཀྵ་སྭཱཧཱ། ཨེ་ཧྱེ་ཧི། མེ་ལྷ་དང༌། ཨོཾ་ཡ་མ་ཡ་སྭཱཧཱ། གཤིན་རྗེ་དང༌། ཨོཾ་སརྦ་བྷུ་ཏ་བྷ་ཡཾ་ཀ་ར་ཀུ་རུ་ཀུ་རུ་སྭཱཧཱ། སྲིན་པོ་དང༌། ཨོཾ་ཏྲི་ཏྲི་སུ་ཏྲ། ཏྲི་ཏྲི་ཤི་ཥེ། ཏོ་ལི་བི་རུ་པཀྵ་སྭཱཧཱ། ཆུ་ལྷ་དང༌། ཨོཾ་ཤྭ་ས་ཁ་ཁ་ཁུ་ཁ་སྭཱཧཱ། རླུང་ལྷ་དང༌། ཨོཾ་ཀུ་བེ་རཱ་ཡ་སྭཱཧཱ། གནོད་སྦྱིན་དང༌། ཨོཾ་ཛྲུཾ་ཛྲུཾ་ཤི་བ་སྭཱཧཱ། དབང་ལྡན་དང༌། ཨོཾ་ཨུརྡྷཾ་བྲ་ཧྨེ་སྭཱཧཱ། ཚངས་པ་དང༌། ཨོཾ་སུརྻ་གྲ་ཧ་ཨ་དྷི་པ་ཏ་ཡེ་སྭཱཧཱ། ཉི་མ་དང༌། ཨོཾ་ཙནྟྲ་ནཀྵ་ཏྲ་ཨ་ཏི་པ་ཏ་ཡེ་སྭཱཧཱ། ཟླ་བ་དང༌། ཨོཾ་ཨདྷོ་པྲི་ཐྭཱི་བྷྱཿསྭཱཧཱ། ས་ལྷ་དང༌། ཨོཾ་ཨ་སུ་རེ་སྭཱཧཱ། ལྷ་མ་ཡིན་དང༌། ཨོཾ་ནཱ་གེ་བྷྱཿསྭཱཧཱ། ཀླུ་རྣམས་ཏེ་དེ་དག་རེ་རེ་བཞིན་ཡང་ཨེ་ཧྱེ་ཧི་ཞེས་བཏགས་པའི་སྔགས་དང༌། གོང་དུ་བཤད་པའི་སྤྱན་འདྲེན་པའི་ཕྱག་རྒྱས་སྤྱན་དྲངས། ཨོཾ་ཀ་མ་ལ་ཡ་སྭཱཧཱ། གདན་ཕུལ། སྤྲོ་ན་ཞལ་ཕྱག་གི་རྣམ་པ་གསལ་འདེབས་ཤིང་ངག་ཏུ་བརྗོད། བསྡུ་ན་ཡིད་ཀྱིས་བསམ་པས་ཆོག སྔར་གྱི་སྔགས་ལ་ཨེ་ཧྱེ་ཧི་བོར་བ་རེ་རེ་བཞིན་ལན་གསུམ་གསུམ་སྔར་བཤད་པའི་དམ་ཚིག་གི་ཕྱག་རྒྱ་དང་བཅས་པས་དམ་ལ་བཞག །གོང་དུ་བཤད་པའི་སོ་སོའི་སྔགས་སམ། མཚན་སྔགས་ཙམ་གྱི་མཐར། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་གནྡྷེ་སྭཱཧཱ། པུཥྤེ། དྷུ་པེ། ནེ་བེ་ཏྱ་ཨ་ལོ་ཀེའི་བར་དུ་སྦྱར། སྤྱི་འགྲོས་ཀྱི་ལུགས་ལྟར་ན། སྔགས་རེ་རེའི་མཐར། ནམ་མཁའ་མཛོད་ཀྱི་སྔགས་སྦྱར་བ་ལན་གསུམ་


TNT13_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་འབུལ། དམ་ཚིག་གསུམ་བཀོད་ཉིད་ལྟར་ན། སྔགས་རེ་རེའི་མཐར་ཐུན་མོང་མ་ཡིན་པའི་གཏོར་སྔགས་སྦྱར་ཏེ་འབུལ། ཐམས་ཅད་ཀྱི་ཐུན་མོང་དུ། ཨོཾ་དབང་བདག་འབྱུང་པོའི་བདག་པོར་བཅས་པ་ཡིས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མ་དང་སྲིན་པོ་གཤིན་རྗེ་ཆུ་བདག་དང༌། །རླུང་དང་ལུས་ངན་འབྱུང་པོའི་མགོན་དང་བཅས། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང༌། །ལྷ་རྣམས་ཀུན་དང་སའི་ཀླུ་རྣམས་དང༌། །རིའི་ལྷ་དང་གནོད་སྦྱིན་ཚོགས་རྣམས་ཀུན། །སོ་སོ་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པའི་ཡིད་ཀྱིས་བཞེས་ནས་ཀྱང༌། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་མདུན་དང༌། །ནང་མི་དམག་དང་དཔུང་བཅས་ཐབས་གཅིག་ཏུ། །མེ་ཏོག་དྲི་དང་བྱུག་པ་གཏོར་མ་བཅས། །འདི་རྣམས་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང༌། །བདག་གི་ལས་འདི་འབྲས་བུ་མཆིས་པར་མཛོད་སྭཱཧཱ། ཤྲདྡྷ་ཀ་རའི་ཆ་གསུམ་གཏོར་ཆོག་ཏུ་དྲངས་པ་རྣམས་དང་དཔུང་བཟངས་སྔ་འགྱུར་གཉིས་ལ་འགྱུར་ཁྱད་ཁོ་ན་མ་ཡིན་པའི་ཁྱད་པར་འཕྲན་ཚེགས་འདུག་པ་ལས་འདིར་རྒྱུད་ལྟར་བྲིས་པའོ། །ཞེས་ལན་གསུམ། དབང་པོ་རྡོ་རྗེ་འཆང་བའི་ལྷ། ཞེས་སོགས་ཀྱིས་བསྟོད། ཡང་སྔགས་སོ་སོའམ་མཚན་སྔགས་སྡོམས་པའི་མཐར། ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་རྗེས་སྤྲོ་ན། ཆོས་བཤད་བྱས་ཀྱང་ལོགས་ལ་བསྡུ་ན་མ་བྱས་ཀྱང་རུང་ངོ༌། །མཆོད་པ་རྣམས་མས་རིམ་གྱིས་བསྡུས་ནས་གཏོར་མའི་མགོ་


TNT13_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བླུག །རོལ་མོའི་སྒྲ་དང་བཅས་ཏེ་བསྐྱལ་ལོ། །སོ་སོའི་སྔགས་གྱི་མཐར། གཙྪ་གཙྪ་སྭཱ་སྠཱ་ནཾ། ཞེས་བརྗོད་ཅིང༌། གོང་དུ་བཤད་པའི་གཤེགས་གསོལ་གྱི་ཕྱག་རྒྱས་རང་གི་གནས་སུ་བཏང་ངོ༌། །འདི་ཕྱོགས་གཏོར་དུ་བྱེད་ན། ཕྱོགས་རེ་རེ་བཞིན་གཏོར་མ་བྱིན་རླབས་སྤྱན་འདྲེན་གདན་འབུལ་བསྐྱེད་ཆོག་དམ་ལ་བཞག་པ་མཆོད་པ་གཏོར་མ་བསྟོད་པ་གཤེགས་གསོལ་ཞེས་རིམ་པ་དེ་རྣམས་ཀྱི་དབྱེ་བ་སོ་སོར་ཕྲལ་རེ། ཕྱོགས་ཐ་དད་དུ་འབུལ་ལོ། །དེ་ལས་ཤར་གྱི་རྗེས་སུ་སྟེང་དང༌། ནུབ་ཀྱི་རྗེས་སུ་འོག་བྱེད་པ་ནི་ལག་ལེན་ནོ། །དེ་ནས་རྒྱལ་ཆེན་བཞིའི་གཏོར་མ་ནི། སོ་སོའི་དམ་རྫས་རྣམས་ཀྱང་བཤམས་ཤིང་བྱིན་གྱིས་རླབས། ཨོཾ་དྷྲི་ཏ་རཱཥྟ་ཡ་སྭཱཧཱ། ཨེ་ཧྱེ་ཧི། ཡུལ་འཁོར་སྲུང་དང༌། ཨོཾ་བི་རུ་དྷ་ཀཱ་ཡ་སྭཱཧཱ། ཨེ་ཧྱེ་ཧི། འཕགས་སྐྱེས་པོ་དང༌། ཨོཾ་བི་རུ་པཱཀྵཱ་ཡ་སྭཱཧཱ། ཨེ་ཧྱེ་ཧི། སྤྱན་མི་བཟང་དང༌། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱཧཱ། ཨེ་ཧྱེ་ཧི། རྣམ་ཐོས་བུ་རྣམས་སྤྱན་དྲངས། ཨོཾ་ཀ་མ་ལ་ཡེ་སྭཱ་ཧཱས་གདན་ཕུལ། སྤྲོ་ན་བར་འདིར་སྐུའི་རྣམ་པ་སྤྱི་དང་མཐུན་པར་བསྐྱེད་པའི་ཚིགས་རྣམས་ངག་ནས་བརྗོད། བསྡུ་ན་ཡིད་ཀྱིས་བསམ་པ་ཁོ་ནས་ཆོག །ཐལ་མོ་ཁོང་སྟོང་དུ་སྦྱར་བའི་ཕྱག་རྒྱ་ཁོ་ན་བསྟན་ཏེ། སོ་སོའི་སྔགས་རྣམས་རེ་རེ་བཞིན་ཚར་གསུམ་གསུམ་གྱིས་དམ་ལ་བཞག །མཚན་བཞི་པོ་སྦྲེལ་ནས་འགོར་ཨོཾ་དང༌། མཇུག་ཏུ་སྭཱཧཱ་སྦྱར་ནས། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་དང༌། དེ་བཞིན་དུ་སྦྱར་ནས། ཨོཾ་གནྡྷེ་སྭཱཧཱ། ལ་སོགས་པ་ཉེར་སྤྱོད་ཕུལ། ཨོཾ་དྷྲི་ཏ་རཥྟ་སྭཱཧཱ། ཞེས་སོགས་སྔགས་བཞི་པོ་རེ་རེའི་མཐར་ནམ་མཁའ་མཛོད་བཏགས་པའམ། འདི་ཉིད་ལས་བྱུང་བའི་བ་ལ་བ་ཏའི་གཏོར་སྔགས་བཏགས་པ་ལན་གསུམ་


TNT13_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ཕུལ། རོལ་མོ་དང་བཅས་ཏེ། རྒྱལ་པོ་ཆེན་པོ་དཔལ་ལྡན་པ༴ སོགས་ཤོ་ལོ་ཀ་བཞིས་བསྟོད། དེ་ནས་ཤིས་པར་བརྗོད་དེ་ལས་བཅོལ་བྱེད་པ་ནི་འདི་སྐད་ཅེས། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །རྐང་གཉིས་ཁྱེད་རྣམས་བདེ་ལེགས་ཤོག །རྐང་བཞི་ཁྱེད་རྣམས་བདེ་ལེགས་ཤོག །ལམ་དུ་ཞུགས་རྣམས་བདེ་ལེགས་ཤོག །ཕྱིར་འོད་དག་ཀྱང་བདེ་ལེགས་ཤོག །མཚན་མོ་བདེ་ལེགས་ཉིན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤོག །ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག །དེ་དག་སྡིག་པར་མ་གྱུར་ཅིག །ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །དགྲ་བཅོམ་ཐམས་ཅད་ཟག་པ་མེད། །བདེན་པའི་ཚིག་ནི་འདི་རྣམས་ཀྱིས། །ཀུན་ཏུ་བདེ་ལེགས་འབྱུངའགྱུར་ཅིག །ཏདྱ་ཐཱ། ཧ་རི་ཧ་རི་ཎི་ཧ་རི་ཎི་ཙ་ལི་ཙ་ལི་ནི་ཙ་ལི་ནི་བྷྲ་མ་ཎི་བྷྲ་མ་ཎི། མོ་ཧ་ཎི་སྟི་བྷ་ནི། ཛམྦྷ་ནི་སྭ་ཡཾ་བྷུ་བེ་སྭཱཧཱ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་ཐམས་ཅད་ཀྱི་བདག་ཅག་འཁོར་དང་བཅས་པ་ལ་སྲུང་པ་དང༌། འདོད་པའི་དོན་ཐམས་ཅད་སྒྲུབ་པར་མཛད་དུ་གསོལ། ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་གྱུར་ཅིག ཏདྱ་ཐཱ། སུ་སུ་རུ་སུ་སུ་རུ་སུ་སུ་རུ་སུ་སུ་རུ་མེ་སྭཱཧཱ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ༴ ནས། མཐོང་བར་གྱུར་ཅིག་གི་བར་གོང་བཞིན།


TNT13_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཏདྱ་ཐཱ། བེ་ལུ་གི་བེ་ལུ་གི་ཨ་མྲྀ་ཏ་གྷཱ་ཏ་ནི་བཱ་རུ་ཎ་བ་ཏི་སོ་མ་བ་ཏི་བེནྚ་མཱ་ལི་ནི་བེ་ལི་ནི་བེ་ལུ་ནེ་པུ་ཏྲི་ཀེ་ཙོ་ཙུ་ཙོ་ཙུ་སྭཱཧཱ། རྒྱལ་པོ་ཆེན་པོ་མིག་མི་བཟང་འཁོར་དང་བཅས་པ༴ སོགས་གོང་བཞིན། ཏདྱ་ཐཱ། བེ་དུ་རི་བེ་དུ་རི་བེ་དུ་རི་བེ་དུ་རི། མཊྚི་ཏེ་མཊྚི་ཏེ། ཀཽ་ཊི་ཀོ་ཊི། ཀཽ་ཊི་ཀོ་ཊི། བིདྱུ་མ་ཏི་བི་དྱུ་མ་ཏི། ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཧུ། རུ་རུ་རུ་རུ་རུ་རུ་རུ་རུ། ཙུ་ཙུ་ཙུ་ཙུ་ཙུ་ཙུ་ཙུ་ཙུ། ཙ་ཙ་ཙ་ཙ་ཙ་ཙ་ཙ་ཙ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ༴ སོགས་གོང་བཞིན། ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང༌། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་མིག་མི་བཟང༌། །བྱང་ཕྱོགས་ན་ནི་རྣམ་ཐོས་བུ། །རྒྱལ་པོ་ཆེན་པོ་འདི་བཞི་དག །འཇིག་རྟེན་སྐྱོང་བ་གྲངས་དང་ལྡན། ཕྱོགས་བཞི་དག་ནི་སྐྱོང་བར་བྱེད། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །ཕ་རོལ་དགྲ་རྣམས་རབ་ཏུ་འཇོམས། །གཞན་གྱི་མི་ཐུབ་ཐུབ་པར་དཀའ། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ཁ་དོག་ལྡན་ཞིང་གྲགས་དང་ལྡན། །རྫུ་འཕྲུལ་ཆེན་པོ་ལྷ་མིན་དང༌། །ལྷ་ཡི་གཡུལ་ཡང་མྱོང་བར་བྱེད། །ཁྱེད་རྣམས་ཀྱིས་ཀྱང་བདག་ཅག་འཁོར་དང་བཅས་པ་ལ་སྲུང་བར་མཛོད་ཅིག །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་སོགས་སྤྱི་དང་མཐུན་པར་འཕྲིན་ལས་བཅོལ། སྔགས་རེ་རེའི་མཐར། ཨརྒྷཾ་སྦྱར་ཏེ་མཆོད་ཡོན་ཕུལ། དྷྲི་ཏ་རཱཥྟ་ཡ་གཙྪ་གཙྪ་སྭ་སྠཱ་ནཾ། དེ་བཞིན་དུ་གཞན་ལའང་སྦྱར་ནས། རོལ་མོའི་སྒྲ་དང་བཅས་ཏེ་གཏོར་མ་ཕྱི་རོལ་དུ་བཏང་ངོ༌། །འདི་ལའང་ཕྱོགས་གཏོར་བྱེད་ན་སོ་སོར་ཕྲལ་ཏེ་བྱ། དེ་ལྟར་ན་དེ་དག་ནི། གཏོར་མ་རྣམས་མས་རིམ་ནས་གཏོང་བའི་དབང་དུ་བྱས་པ་ཡིན་ལ། །


TNT13_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཏོར་མའི་རིམ་པ་རྣམས་ཡས་རིམ་ནས་བཏང་ཀྱང༌། སྤྱི་འགྲོས་ཀྱི་ལག་ལེན་དང་མཐུན་ཞིང་མི་ལེགས་པ་མ་ཡིན་པས་ཇི་ལྟར་བདེ་བས་ཆོག་ཅིང༌། དེ་དག་ལས་ཇི་ལྟར་བདེ་བ་རེ་རེ་གཉིས་གཉིས་སོགས་དེ་དང་དེ་བསྒྲུབ་པར་བྱའོ། །འདིར་བརྗོད་པ་དམ་ཚིག་གསུམ་བཀོད་དཔལ་ལྡན་ཨ་ཏི་ཤ །དབང་ཕྱུག་རིན་ཆེན་ཤཱཀྱ་རྡོ་རྗེ་དང༌། །སངས་རྒྱས་འབུམ་དང་མང་མཁར་ལོ་ཙཱ་པ། །གཞོན་ནུ་འོད་དང་དོན་རི་གྲགས་ཆེན་པ། །འདི་ནི་བརྒྱུད་པའི་ཁྱད་པར་དང་པོ་ཡིན། ཁ་ཆེའི་མཁས་པ་ཡེ་ཤེས་རྡོ་རྗེ་དང༌། །པུ་རངས་ལོ་ཆུང་ས་ཆེན་ཀུན་སྙིང་དང༌། །རྗེ་བཙུན་གྲགས་རྒྱལ་ནུབ་པ་རིག་འཛིན་གྲགས། །ནམ་མཁའ་བསོད་ནམས་ནུབ་གོག་དར་གཞོན་པ། །སྟོན་པ་དོན་ཡོད་སློབ་དཔོན་རིན་རྒྱལ་བ། །གྲགས་ཆེན་བླ་མ་ཞེས་པའང་བརྒྱུད་པ་གཞན། །དཀོན་མཆོག་རྒྱལ་མཚན་གཞོན་ནུ་ཚུལ་ཁྲིམས་དང༌། །སྔགས་འཆང་ཚུལ་རྒྱལ་ནམ་མཁའ་སྨོན་ལམ་དང༌། །ལོ་གྲགས་ཆོས་ཀྱི་རྒྱལ་མཚན་ངག་དབང་གྲགས། །རྣམ་རྒྱལ་གྲགས་པ་ཚུལ་ཁྲིམས་མཆོག་གྲུབ་དང༌། །རྣམ་རྒྱལ་བཀྲ་ཤིས་མཁན་པོ་རྗེ་བཙུན་ཏེ། །ཡང་ན་རྣམ་རིན་ངག་དབང་རྣམ་པར་རྒྱལ། །བརྒྱུད་པའི་རིམ་པ་འདི་ལས་བྱུང་བ་ཡིན། །འདི་ལ་ལག་ལེན་བྱེད་ན་བྱ་རྒྱུད་ཀྱི། དཀྱིལ་འཁོར་ཆོ་ག་གང་ལའང་དཀའ་བ་མེད། །ཡང་སྨྲས་པ། འདི་ན་རྡོ་རྗེ་འཆང་ཞེས་གྲགས་པ་འགས། །སྤྱི་རྣམ་ཙམ་གྱི་ཁ་བཤད་བྲིས་མེད་ཀྱང༌། །ཀྲི་ཡའི་ཆོ་ག་ཕྱོགས་མཐོང་ཙམ་ཡང་མིན། །སྒྲུབ་ཐབས་གཅིག་ལའང་ལག་ལེན་ཁེལ་བ་མེད། །བྱ་རྒྱུད་ནུབ་པས་སྙིང་རླུང་ལངས་སོ་སྐད། །མཁས་ཆེན་འགའ་ལ་ར་མདའ་བྱས་ཀྱང་བསླུས། །ཞེས་སོགས་ཡུལ་དང་ངག་འཁྱལ་རྟག་སྨྲ་ཡང༌། །སུམ་པའི་འཕྲང་གི་རྣ་རོའི་དཔེ་དང་འདྲ། །ཆེན་པོ་རྣམས་ཀྱང་ཕལ་ཆེར་འདྲེས་མར་སྤྱོད། །


TNT13_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མའི་ལུགས་སུ་བཀྲལ་ན་མི་འགལ་ཡང༌། །འདྲེས་མའི་ལུགས་ལ་གཙང་མར་འཛིན་པ་འདི། །ལོག་ཤེས་ཡིན་ཕྱིར་མཁས་ལ་མི་མཛེས་སོ། །དམ་ཚིག་གསུམ་བཀོད་ཆོག་ཁྲིགས་རབ་གསལ་བ། །ལེགས་སྦྱར་དགེ་འདིས་མཐའ་དག་འགྲོ་བ་རྣམས། །རབ་མཆོག་དངོས་གྲུབ་ཚོགས་ཀྱི་དཔལ་འབར་བས། །ཤཱཀྱ་སེངྒེ་ཉིད་དང་མཚུངས་པར་ཤོག །ལྷ་དང་སྔགས་དང་ཆོ་ག་སྟེ། འདའ་བར་མི་བྱ་དམ་ཚིག་གསུམ། སྔགས་རིགས་ཀུན་གྱི་འཇུག་ངོགས་ཡིན། །འདི་འདྲ་ཐོབ་པའང་སྐལ་བ་བཟང༌། དམ་ཚིག་གསུམ་བཀོད་པའི་དཀྱིལ་འཁོར་གྱི་ཆོ་ག་བྱ་བའི་རྒྱུད་མཐའ་དག་ལ་འཇུག་པ་ཞེས་བྱ་བ་འདི་ཡང་ཏཱ་ར་ནཱ་ཐས་མི་མཐུན་པའི་ཕྱོགས་དང་སྡིག་པ་དང་སྡུག་བསྔལ་མ་ལུས་པ་ཟད་པའི་ལོ་ལ་སྦྱར་བའོ།། །།ཞུས་དག། བཀྲ་ཤིས། ། །

གཟུངས་གྲྭ་ལྔའི་དཀྱིལ་ཆོག་བར་ཆད་ཀུན་སེལ།


TNT13_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་གྲྭ་ལྔའི་དཀྱིལ་ཆོག་བར་ཆད་ཀུན་སེལ་བཞུགས། །


TNT13_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སངས་རྒྱས་ལ་ཕྱག་འཚལ་ལོ། །སྲུང་བ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་བར་ཆད་ཀུན་སེལ་ཞེས་བྱ་བ། བཅོམ་ལྡན་འདས་མ་སོ་སོར་འབྲང་མ་ལ་ཕྱག་འཚལ་ལོ། །རྒྱལ་བ་སྟོན་པ་ཤཱཀྱ་སེངྒེ་ནི། །གཟུངས་ཀྱི་ལྷ་མོར་བཅས་ལ་གུས་བཏུད་ནས། །སྲུང་བ་ལྔ་ཡི་གཟུངས་མདོའི་དགོངས་པ་མཆོག །ལག་ལེན་ཆོ་གའི་སྙིང་པོ་འདིར་བཤད་བྱ། །དེ་ལ་འདི་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ནང་ཚན་བྱ་བའི་རྒྱུད་ལ། རིགས་དྲུག་ཡོད་པ་ལས་དེ་བཞིན་གཤེགས་པའི་རིགས་སོ། །དེ་ལ་ཡང་ནང་ཚན་མང་དུ་ཡོད་པ་ལས། རིགས་ཀྱི་ལྷ་མོའི་རྒྱུད་སྡེར་གཏོགས་སོ། །དེ་ལས་སྟོང་ཆེན་རབ་འཇོམས་དང༌། རྨ་བྱ་ཆེན་མོ་དང༌། སོ་སོར་འབྲང་མ་དང། གསང་སྔགས་རྗེས་འཛིན་དང༌། བསིལ་བའི་ཚལ་ཆེན་མོ་ཏེ། ལྔ་པོ་འདི་ལ་སྲུང་བ་ལྔའམ། གཟུངས་གྲྭ་ལྔར་གྲགས་ལ། ལྔ་པོ་དེ་དག་ཆབས་གཅིག་པར་བྱེད་པའི་


TNT13_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་ནི། སྟོང་ཆེན་གྱི་འཇུག་གི་ཆ་དང༌། སོར་འབྲང་གི་དབུས་ཀྱི་ཆ་ན་གསལ་ལོ། །དེ་བས་ན་རྒྱུད་ཐ་དད་ནས་བཤད་པ་ཡིན་པས་སོ་སོར་ཡང་སྒྲུབ་ཏུ་རུང་ལ། ཆབས་གཅིག་ཏུ་བསྒོམ་ཞིང་སྒྲུབ་པ་ནི་ཆེས་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ལ་རྣལ་འབྱོར་རྫོགས་འཕྲེང་ལས་གསུངས་པའི་དཀྱིལ་འཁོར་ཁྱད་པར་ཅན་ཡང་བཞུགས་མོད་ཀྱི། འདིར་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ། རིན་ཆེན་འབྱུང་གནས་ཞི་བའི་སྒྲུབ་ཐབས་ལ་བརྟེན་ཞིང་ལོ་པན་གྱི་མན་ངག་རྒྱུན་མ་ཆད་པ་བླ་མ་གོང་མ་རྣམས་ཀྱིས་ཡིག་རིགས་མང་པོ་མཛད་པ་ལ་བརྟེན་ནས་བྲི་བར་བྱའོ། །དེ་ལ་དང་པོར་སྔོན་འགྲོ་གཏོར་མ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ལས་བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོ་ཆེན་


TNT13_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

པོར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ལན་གསུམ་བརྗོད། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་ཐམས་ཅད་གཏོར་མ་ལེན་པའི་གནས་སུ་ཨཱ་ཀརྵ་ཡ་ཛཿ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ། ཨ་དྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ་ལན་བདུན་གྱིས་གཏོར་མ་ཕུལ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས།ཤཔྟའི་བར་གྱི་མཆོད། རྣལ་འབྱོར་བདག་ཅག་འཁོར་བཅས་ལ། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་གྲུབ་ཤོག ཅེས་པའི་བར་གྱིས་འདོད་དོན་གསོལ་བ་བཏབ། ཚིག་ལྷུག་པས་འཕྲིན་ལས་གཞོལ་བ་སྤྱི་དང་འདྲ། རོལ་མོའི་སྒྲ་དང་བཅས་ཏེ་གཏོར་མ་ས་གཙང་བའི་ཕྱོགས་སུ་དོར་རོ། །སྤྱིར་བྱ་སྤྱོད་རང་རྐང་གི་ལུགས་ལ་གནས་ཁང་བྱིན་རླབས་མི་དགོས་ཀྱང༌། རྒྱུད་སྡེ་གོང་མ་དང་སྒོ་བསྟུན་ནས་སྒྲུབ་པའི་ལུགས་འདི་རིགས་ལ། དེ་བྱེད་པ་བཟང་བས་གནས་ཡོ་བྱིན་རླབས་བྱ་སྟེ། ཨ་མྲྀ་ཏས་བསངས། སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི། རྟ་བབས་བཞིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། སླར་ཡང་ཨོཾ་ལས་བྱུང་བའི། མཆོད་ཡོན། ཞབས་བསིལ།མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས།


TNT13_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོ་ལ་སོགས་པའི་མཆོད་པའི་བྱེ་བྲག་རྣམས། རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས། རྣམ་པ་མཆོད་རྫས་ཀྱི་སྤྲིན་ཕུང༌། བྱེད་ལས་རང་བཞིན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ཟག་མེད་ཀྱི་བདེ་བ་ཆེན་པོས་ཚིམ་པར་བྱེད་པ། ཡུལ་དང་དུས་ཡོངས་སུ་ཆད་པ་མེད་པར་འཇུག་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི། མཆོད་པའི་སྤྲིན་ཕུང་ལྟ་བུར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། དེ་བཞིན་དུ། པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ། དྷཱུ་པེ་ཨཱ་ལོ་ཀེ་གེནྡྷ་ནཻ་ཝེ་དྱ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤོ་མུ་ཁེ་བྷྱཿ སོགས་ནམ་མཁའ་མཛོད་ཀྱི་སྔགས་རིང་པོ་གོང་བཞིན་ཏེ། སྔགས་ཚན་གསུམ་པོ་དེ་ལན་གསུམ་གསུམ་བརྗོད། རོལ་ཆེན་དང་བཅས་ཏེ། ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡྷ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀ་སཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མཧཱ་བཛྲེ་མཧཱ་ཏེ་ཛ་བཛྲེ། མཧཱ་བོདྡྷི་ཙིཏྟ་བཛྲེ། མཧཱ་བོ་དྷི་མནྚ་ཨུ་པ་སཾ་ཀྲ་མ་ཎེ་སརྦ་ཀརྨ་ཨ་བ་ར་ཎ་བི་ཤོ་དྷ་ནི་སྭཱཧཱ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་འདྲ་བ་དང༌། འགྲོ་རྣམས་སྒྲལ་འདོད་བསམ་པ་ཡིས་སོགས་སམ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། སོགས་རང་རུང་ཞིག་བརྗོད། ཨོཾ་ཨཱཿཧཱུཾ་རཀྵ་རཀྵ་ཧཱུཾ་ཕཊ། ལན་གསུམ་བརྗོད། བདག་དང་གནས་དང་རྣལ་འབྱོར་བསྲུང་བའོ། །རང་གི་སྙིང་


TNT13_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གར་པདྨ་དང་ཟླ་བའི་སྟེང་དུ། པྲཾ་ཡིག་དཀར་ལ་སེར་བའི་མདངས་ཅན། དེ་ལས་འོད་འཕྲོས། སྲུང་བ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་བླ་མ་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ བླ་མ་མཆོག་དང་བཅོམ་ལྡན་སོ་སོར་འབྲང་མ་དང༌། །སྟོང་ཆེན་རབ་འཇོམས་དེ་བཞིན་རྨ་བྱ་ཆེན་མོ་དང༌། །གསང་སྔགས་རྗེས་འཛིན་བསིལ་བའི་ཚལ་ཏེ་ལྷ་མོ་ལྔ། །འཁོར་དང་བཅས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་རཀྵ་དེ་བ་ཙཀྲ་མཎྜ་ལ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་པུ་ཛ་མེ་བྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་དེ་བཞིན་དུ། ཨརྒྷཾ་གྱིས་གནས་སུ། པཱ་དྱཾ། པུཥྤེ།དྷུ་པེ།ཨཱ་ལོ་ཀེ།གནྡྷེ།ནཻ་ཝི་ཏེ། ཤཔྟ་ཞེས་པ་རྣམས་བཅུག་ལ་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་རྒྱུན་བཤགས་བྱ། རྫུ་འཕྲུལ་ཚད་དང་ལྡན་པ་ལྷ་མོ་ལྔ་རྣམས་ལ། །ལྷ་གང་མངོན་པར་རབ་ཏུ་དང་པ་ཡོད་པ་ཡི། །ལྷ་དེ་མགུ་ཞིང་ཡིད་ནི་རབ་ཏུ་དགའ་གྱུར་ཏེ། །རབ་ཏུ་དང་བའི་སེམས་ཀྱིས་བདག་ལ་སྲུང་དུ་གསོལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིགསོགས་ཚད་མེད་བཞི་སྤྱི་དང་འདྲ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་རྭ་རྣམས་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་དཀར་བའི་ལྟེ་བ་ལ་ཧཱུཾ། དེ་ལས་འོད་ཟེར་འཕྲོས།


TNT13_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

འོག་རྡོ་རྗེ་ས་གཞི། ཁོར་ཡུག་རྡོ་རྗེའི་རྭ་བ། སྟེང་རྡོ་རྗེ་གུར་དང་བླ་རེ། ཕྱི་རོལ་རྡོ་རྗེའི་དྲ་བ་དང༌། ཡེ་ཤེས་ཀྱི་མེད་དཔུང་འབར་བའི་སྲུང་བའི་འཁོར་ལོར་གྱུར། དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་དབུས་སུ་གཞུའི་དབྱིབས་ཀྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་དབུས་སུ་གྲུ་གསུམ་གྱིས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་དབུས་སུ་ཟླུམ་པོས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་དབུས་སུ་གྲུ་བཞིས་མཚན་པ། དེའི་སྟེང་དུ་སུཾ་ལས་རིའི་རྒྱལ་པོ་རི་རབ། ཤར་ཤེལ། ལྷོ་བཻཌཱུརྱ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པ། ལྕོག་བརྒྱད་དང་ལྡན་པའོ། །དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང༌། གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ། སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་དང༌། དྲ་བ་དང་དྲ་བ་ཕྱེད་པའི་ས་དང་བྱ་འདབས་ལས་ཐུར་དུ་དཔྱངས་པའི་ཤར་བུའི་འཕྲེང་བ་དང༌། སྟེང་དུ་མདའ་ཡབ་དང༌། རྩིག་པའི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་མཆོད་པའི་གཟུངས་མ་རྣམས་དང་བཅས་པ། སྒོ་དང་སྒོ་འཁྱུད་ཀྱི་འཚམས་ལ་ཟླ་ཕྱེད་རྡོ་རྗེ་དང༌། སྟེང་ཐོག་ལེགས་པར་ཕུབ་པའི་དབུས་ཀྱི་རྩེ་མོ། །རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པའོ། །ནང་གི་ལྷ་སྣམ་ཤར་སྔོ། ལྷོ་སེར་ནུབ་དམར་


TNT13_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ལྗང༌། དབུས་དཀར་བའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་པྲཾ་ཡིག་དཀར་ལ་སེར་བའི་མདངས་ཅན། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མ་སོ་སོར་འབྲང་མ། སྐུ་མདོག་དཀར་ལ་ཡིད་ཙམ་སེར་བ། དབུ་ལ་མཆོད་རྟེན་གྱིས་བརྒྱན་པ། རྩ་ཞལ་དཀར་སེར། གཡས་ནག །རྒྱབ་སེར། གཡོན་དམར་བའི་ཞལ་བཞི་པ། ཞལ་རེ་རེ་ལ་ཞི་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་བརྒྱད་ཀྱི་གཡས་དང་པོས་འཁོར་ལོ། །གཉིས་པས་རྡོ་རྗེ་གསུམ་པས་མདའ། བཞི་པས་རལ་གྲི གཡོན་དང་པོས་རྡོ་རྗེའི་ཞགས་པ། གཉིས་པས་རྩེ་གསུམ། གསུམ་པས་གཞུ། བཞི་པས་དགྲ་སྟ་འཛིན་པ། ཟླ་བའི་གདན་ལ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་ཉི་མའི་རྒྱབ་ཡོལ་ཅན། ལོ་མ་དང༌། འདབ་མ་དང༌། འབྲས་བུ་རྒྱས་པའི་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པའོ། །ཤར་དུ་ཧཱུཾ་ལས་སྟོང་ཆེན་མོ་རབ་ཏུ་འཇོམས་མ། སྐུ་མདོག་དང༌། རྩ་ཞལ་སྔོན་མོ། །གཡས་དཀར། རྒྱབ་སེར། གཡོན་དམར་བའི་ཞལ་བཞི། དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང༌། ཞལ་གདངས་པ། མཆེ་བ་གཙིགས་པ་ལྗགས་འགྲིལ་བ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་བཅས་པའི་མཆོག་སྦྱིན་ལྕགས་ཀྱུ་མདའ་དང་


TNT13_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི། གཡོན་བཞི་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ། དགྲ་སྟ་གཞུ་དང་རིན་པོ་ཆེ་ཟུར་དྲུག་པས་མཚན་པའི་པདྨ་རྣམས་འཛིན་པ། དྲག་མོའི་ཚུལ་ཅན། སྟག་ལྤགས་ཀྱི་ཤམས་ཐབས་དང༌། སྦྲུལ་དང་རིན་པོ་ཆེ་དང་རུས་འཕྲེང་གིས་བརྒྱན་པ། ཐོད་སྐམ་གྱི་དབུ་རྒྱན་དང༌། མི་མགོའི་དོ་ཤལ་ཅན། ཉི་མ་ལ་གཡས་བརྐྱང་གི་རོལ་པས་བཞུགས་ཤིང༌། མེ་དཔུང་གི་རྒྱབ་ཡོལ་ཅན། ཤིང་ནྱ་གྲོ་དྷའི་སྡོང་པོ་ལ་རྒྱབ་བསྟེན་པའོ། །ལྷོར་མཾ་ཡིག་ལས་རྨ་བྱ་ཆེན་མོ་གསེར་གྱི་མདོག་ཅན་སེར་ནག །དམར་བའི་ཞལ་གསུམ། སྤྱན་གསུམ་གསུམ་གྱིས་མཛེས་པ། ཕྱག་གཡས་བཞི་ན་མཆོག་སྦྱིན། རིན་པོ་ཆེའི་རྒྱུན་འབབ་པའི་བུམ་པ། འཁོར་ལོ་རལ་གྲི་གཡོན་བཞི་ན་ལྷུང་བཟེད་ཀྱི་ནང་དུ་གནས་པའི་དགེ་སློང༌། རྨ་བྱའི་མཇུག་སྒྲོ། སྣ་ཚོགས་རྡོ་རྗེས་ཁ་རྒྱན་པའི་བུམ་པ། རིན་པོ་ཆེའི་རྒྱལ་མཚན་རྣམས་འཛིན་པ། མྱ་ངན་མེད་པའི་ཤིང་དྲུང་ན་བཞུགས་པའོ། །ནུབ་ཏུ་ཤཾ་ལས་གསང་སྔགས་རྗེས་སུ་འབྲང་མ་སྐུ་མདོག་དམར་སྐྱ། དམར་ནག་དཀར་བའི་ཞལ་གསུམ། སྤྱན་གསུམ་གསུམ་པ། ཕྱག་དང་པོ་གཉིས་ཆོས་འཆད། གཉིས་པ་གཉིས་མཉམ་བཞག །ལྷག་མ་གཡས་བཞི་མཆོག་སྦྱིན། སྐྱབས་སྦྱིན་རྡོ་རྗེ། མདའ་གཡོན་བཞི་ཞགས་པ་དང་བཅས་པའི་སྡིགས་མཛུབ། པདྨས་བརྒྱན་པའི་བུམ་པ། རིན་པོ་ཆེའི་སྙེ་མ་དང་གཞུ་རྣམས་འཛིན་པ། ཤིང་ཤི་རི་ཤའི་སྡོང་པོ་ལ་རྒྱབ་བསྟེན་པའོ། །


TNT13_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་གཾ་ལས་བསིལ་བ་ཚལ་ཆེན་མོ་ལྗང་ཁུ། ལྗང་དཀར་དམར་བའི་ཞལ་གསུམ། སྤྱན་གཉིས་གཉིས་དང་ལྡན་པ། ཕྱག་དྲུག་གི་གཡས་གསུམ་མི་འཇིགས་པའི་ཕྱག་རྒྱ་དང༌། རྡོ་རྗེ་དང་མདའ། གཡོན་གསུམ་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང༌། རིན་པོ་ཆེའི་རྒྱལ་མཚན་དང༌། གཞུ་རྣམས་ཤིང་ཤིང་ཙམ་པ་ཀའི་སྡོང་པོ་ལ་རྒྱབ་བསྟེན་པ་ལ། དེ་གསུམ་ཆར་ཡང་སེམས་མའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དབུ་སྐྲ་ནག་པོ་ཕྱེད་བཅིངས་ཕྱེད་གྲོལ་བ། གཙོ་མོ་དང་མཚུངས་པར་བཟླ་གདན་དང༌། ཉི་མའི་རྒྱབ་ཡོལ་ཅན། སྟོང་ཆེན་མ་གཏོགས་པ་གཙོ་འཁོར་བཞི་ཆར་ཡང་རབ་ཏུ་ཞི་བ། དར་སྣ་ཚོགས་པའི་ནམ་བཟའ་དང༌། མུ་ཏིག་གི་དོ་ཤལ་ལ་སོགས་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །མཚམས་ཀྱི་འདབ་མ་བཞི་ལ། རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ། དཔག་བསམ་ཤིང་གི་ཁ་རྒྱན་དང་བཅས་པ་རེ་རེའོ། །གཙོ་འཁོར་ལྔ་ཆར་གྱི། དཔྲལ་པར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་ནག་པོ་ཐུགས་ཀའི་དབུས་རྣམས་སུ། པྲཾ་ཧུཾ་མཾ་ཤཾ་གཾ་རང་རང་གི་སྐུ་མདོག་དང་མཐུན་པའི་འོད་ཟེར་འཕྲོ་བའོ། །ས་བོན་རྣམས་ལས་འོད་ཟེར་འཕྲོས་ཡེ་ཤེས་སེམས་དཔའ་སྲུང་བ་ལྔའི་ལྷ་ཚོགས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས། ནཻ་ཝི་ཏེའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿ ཡང་གཙོ་མོའི་ཐུགས་ཀ་ནས་


TNT13_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་འཕྲོས་དབང་གི་ལྷ་རིགས་བཛྲ་ས་མཱ་ཛཿ གོང་བཞིན་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ༴ སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུངས་ཤིང༌། བུམ་པའི་ཆུས་དབང་བསྐུར། སྒོ་གསུམ་གྱི་དྲི་མ་སྦྱངས། ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་སྐུ་ལུས་གང༌། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས། གཙོ་འཁོར་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་དབུ་རྒྱན། དེ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་རཀྵ་སོགས་གོང་ཚོགས་ཞིང་གི་སྐབས་ལྟར་མཆོད། རང་བཞིན་དག་པ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའི་བདག་ཉིད་མཆོག །དུང་དང་ཀུན་དའི་འོད་དང་མཚུངས། །སོ་སོར་འབྲང་མ་ཕྱག་འཚལ་བསྟོད། ཁ་དོག་ནག་མོ་མི་བཟད་འཇིགས། །རྔམ་ཞིང་ཞལ་འགྱུར་ཁྲོ་གཉེར་ཅན། །གདུལ་དཀའི་འབྱུང་པོ་ཡང་དག་འདུལ། །རྡོ་རྗེ་ཁྲོ་མོར་ཕྱག་འཚལ་བསྟོད། །ལྷ་མོ་ཡེ་ཤེས་ལས་བྱུང་ཆེ། །གསེར་གྱི་འོད་ལྟར་རབ་འབར་བའི། །རྨ་བྱ་ཆེ་ལ་རབ་དད་པས། །རིག་པའི་རྒྱལ་མོ་ཕྱག་འཚལ་བསྟོད། །པདྨ་ཁ་ཕྱེའི་ཞལ་མངའ་བ། །ཞལ་མཛེས་མ་ལ་སྤྱན་ཡངས་ཤིང༌། །པདྨ་རཱ་ག་ལྟར་དམར་བའི། །འགྲོ་བའི་མར་གྱུར་ཕྱག་འཚལ་བསྟོད། །མཐིང་ག་ནམ་མཁའི་འོད་དང་མཚུངས། །འདོད་པའི་འདོད་ཆགས་ཀྱིས་སྒེག་མ། །དུག་རྣམས་འཇོམས་པར་བྱེད་པ་མོ། །སྐུ་མཛེས་མ་ལ་ཕྱག་འཚལ་བསྟོད། །ཨོཾ་


TNT13_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཎི་དྷ་རི་བཛྲ་ཎི་མཧཱ་པྲ་ཏི་སཱ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། སོ་སོར་འབྲང་མའི་འོ། །ཨོཾ་ཨ་མྲྀ་ཏ་ཝ་རེ་ཝ་ར་པྲ་ཝ་ར་བི་ཤུདྡྷེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། སྟོང་ཆེན་མོའི་འོ། །ཨོཾ་ཨ་མྲྀ་ཏ་བུ་ལོ་ཀི་ནི་གརྦྷ་ས་མ་རཀྵ་ཎི་ཨ་ཀརྵ་ཎི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། རྨ་བྱ་ཆེན་མོའི་འོ། །ཨོཾ་བི་མ་ལེ་བི་པཱུ་ལེ་ཛ་ཡ་ཝ་རེ་ཨ་མྲྀ་ཏ་བི་ར་ཛེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། གསང་སྔགས་རྗེས་འཛིན་གྱིའོ། །ཨོཾ་བྷ་ར་བྷ་ར་སམྦྷ་ར་སམྦྷ་ར་ཨིནྡྲི་ཡ་བ་ལ་བི་ཤྭ་དྷ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་རུ་རུ་ཙ་ལེ་སྭཱཧཱ། བསིལ་བའི་ཚལ་གྱིའོ། །དེ་ནས་ཡང་ཨརྒྷཾ༴ ནས་ཤཔྟའི་བར་ཕྱིས་མཆོད། སྤྲོ་ན་གོང་བཞིན་བསྟོད་པའམ། སོར་སོར་འབྲང་དང་སྟོང་ཆེན་རབ་འཇོམས་དང༌། །རྨ་བྱ་ཆེན་མོ་གསང་སྔགས་རྗེས་སུ་འབྲང༌། །བསིལ་བའི་ཚལ་ཏེ་ཡེ་ཤེས་ལྔ་ཡི་སྐུ། །གཟུངས་སྔགས་རྒྱལ་མོ་ལྔ་ལ་ཕྱག་འཚལ་བསྟོད། ཅེས་པས་བསྟོད། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱིས་དྲངས་ནས། དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་བདག་ཉིད་ཀྱི་ཐུགས་ཀར་ཐིམ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌། །བསོད་ནམས་ཡེ་ཤེས་ལས་འབྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་པ་ནི་བདག་བསྐྱེད་དོ། །དེ་ནས་འབྱུང་པོ་སྤྱི་གཏོར་གཅིག་བཤམས། སའི་ལྷ་མོའི་ཚོམ་བུ་དང༌། མཆོད་གཏོར་ཡང་སྒྲིགས་ནས། ཨོཾ་ཨ་མྲྀ་ཏེ་ཧུཾ་ཕཊ། ནས། ཤཔྟའི་བར་གོང་སྔོན་འགྲོ་གཏོར་མའི་སྐབས་བཞིན་ལས་རྣལ་འབྱོར་བདག་ཅག་སོགས་ཀྱི་ཚབ་ཏུ། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བླང་བར་བགྱི། །དཀྱིལ་འཁོར་


TNT13_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་ཁྱོད་ཀྱིས་སྩོལ། །ཞེས་དྲིལ་གསིལ་དང་བཅས་ཏེ་ལན་གསུམ་གསོལ་བ་བཏབ་ལ་ཕྱིར་རོལ་དུ་དོར། བསངས་སྦྱངས། སྟོང་པར་གྱུར། སྟོང་པའི་ངང་ལས། པཾ་ལས་བྱུང་བའི་སའི་ལྷ་མོ་སེར་མོ་བུམ་པ་ཐོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ས་གཞིའི་དབུས་པདྨ་དཀར་པོའི་ནང་ནས་ལུས་ཀྱི་ཕྱེད་ཕྱུང་བ། ཧཱུཾ་ཧཱུཾ་ཧཱུཾ་ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧུཾ་བཾ་ཧོཿ མཆོད་པ་བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད༴ ཅེས་པ་ནས། སྥ་ར་ཎ་ཁཾ། གི་བར་གོང་བཞིན་མཆོད་པར་བྱིན་རླབས་བྱ། ཨོཾ་པྲི་ཐི་ཝཱི་དེ་བཱི་ས་པཱ་རི་ཝ་ར་ཞེས་མགོ་བོར་སྦྱར་ནས་ཨརྒྷཾ་སྭཱཧཱ། དེ་བཞིན་དུ་པཱ་དྱཾ། ཨོཾ་བཛྲ་པུཥྤེ་ཨཿཧཱུཾ། ནས་ཤཔྟའི་བར། ཨོཾ་པྲི་ཐི་བི་དེ་བཱི། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ ཞེས་པ་ནས། ག་ག་ཎ་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་སྭཱཧཱ། ལན་ལྔའམ། བདུན་ལ་སོགས་པས་ཕུལ། དྲིལ་གསིལ་དང་བཅས་ཏེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེངྒེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། ལན་གསུམ། རིག་པ་འཛིན་པ་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག །སའི་ལྷ་མོ་སླར་ཡང་ས་དེ་ཉིད་ལ་ཐིམ། ས་བླང་བའོ། །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་མང་དུ་བཟླ་ཞིང༌། ཡུངས་ཀར་དར་ཐལ་བས་དཀྱིལ་འཁོར་གྱི་ས་གཞི་ལ་གཏོར་རོ། །དཀྱིལ་འཁོར་གྱི་ས་གཞི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་


TNT13_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོའོ། །ས་སྦྱངས་བའོ། །དྲི་བཟང་གི་ཆུ་ལ། ཨོཾ་མ་ཎི་དྷ་རི་སོགས་གཙོ་མོའི་སྔགས་ཉེར་གཅིག་ཙམ་དང༌། ཨ་མྲྀ་ཏ་བརྒྱ་ཙམ་བཟླས། ཆུ་དེ་ཀུ་ཤས་བླངས་ཏེ་དཀྱིལ་འཁོར་གྱི་ས་གཞིར་འཐོར་བཞིན་དུ། ཨོཾ་མ་ཎི་སོགས་དང༌། ཨོཾ་ཨ་མྲྀ་ཏ་བེ་ར་སོགས། ཨོཾ་ཨ་མྲྀ་ཏ་བི་ལོ་སོགས། ཨོཾ་བི་མ་ལེ་སོགས། ཨོཾ་བྷ་ར་སོགས། སྔགས་རྣམས་ལན་བདུན་བདུན་སོགས་ཇི་ལྟར་འོས་པ་བརྗོད། སའི་ཕྱོགས་འདིར་རིག་པ་འཛིན་པ་བདག་གིས་དཀྱིལ་འཁོར་ཆེན་པོ་བྲི་བར་བགྱིའོ། །ཞེས་བརྗོད། དེ་ནི་ས་བཟུང་བ་སྟེ། དེ་དག་ནི་སའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱི་ས་གཞིར་དྲིའི་ཐིག་ལེའམ། ཡང་ན་མེ་ཏོག་ཙམ་བཀྲམ། མཆོད་པ་བཤམས༌། བསངས་སྦྱངས། སྟོང་པའི་ངང་ལས། ཡིག་གེ་བྷྲཱུཾ་ལས་བྱུང་བའི་ཞིང་ཁམས་རྣམ་པར་དག་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེའི་པདྨ་དང་ཉི་མ་དང༌། ཟླ་བ་ལ་སོགས་པ་ལྷའི་གདན་དཔག་ཏུ་མེད་པས་གཏམས་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། རིག་པའི་རྒྱལ་པོ་དང༌། ཕོ་ཉ་དང་ཕྱག་བརྙན་གྱི་ཚོགས་ཐམས་ཅད་དང༌། ཁྱད་པར་ཏུ་ཡང་བཅོམ་ལྡན་མ་སྲུང་བ་ལྔའི་ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ འོག་དངོས་གཞིའི་སྐབས་སུ་འབྱུང་བ་ལྟར། མ་ལུས་སེམས་ཅན་ཀུན་གྱི་ཞེས་པ་ནས། ཏིཥྛཱནྟུ་སྭཱཧཱ། ཞེས་པའི་བར་དང༌། མཆོད་པ་ཨ་མྲྀ་ཏས་བསངས། ཞེས་པ་ནས། སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཤཔྟའི་བར་དང༌།


TNT13_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དག་པ་ཉིད་ལས་བྱུང༌། ཞེས་སོགས་ཀྱི་གོང་བཞིན་བསྟོད་ཅིང༌། མགོན་པོ་ཐུགས་རྗེ་ཆེ་ལྡན་པ་ཞེས་སོགས་ཤོ་ལོ་ཀ་གསུམ་དང༌། གཞན་ཡང་སྤྲོ་ན་སངས་རྒྱས་བྱང་སེམས་ཀྱི་སྤྱི་བསྟོད་ཇི་ལྟར་འོས་པས་བསྟོད། དེ་ནས་ལྷའི་བུམ་པ་མཚན་ཉིད་དང་ལྡན་པ་ལྔའམ། མ་འབྱོར་ན་གཅིག་གིས་ཀྱང་རུང་ལ། ཁྲུས་ཀྱི་བུམ་པ་གཅིག་བཤམས་ཏེ། དཀྱིལ་འཁོར་གྱི་ཤར་ཕྱོགས་སམ། རང་གི་མདུན་དུ་བཤམས། གཞན་བུམ་པ་བཤམས་ལུགས་སྤྱི་དང་འདྲ། བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། པཾ་ལས་བྱུང་པའི་ཡེ་ཤེས་ཀྱི་བུམ་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་གང་བའི་སྟེང་བུམ་པའི་བསྟོད་ཀྱི་ཆ་ལ། པཾ་ལས་སྣ་ཚོགས་པདྨའི་ལྟེ་བ་ཞེས་པ་ནས། རྡོ་རྗེ་སེམས་དཔས་དབུ་རྒྱན་གྱི་བར། བདག་བསྐྱེད་གཙོ་འཁོར་ལྔ་ཆར་བསྐྱེད། རང་ཉིད་ཅེས་པ་དོར། གཟུངས་ཐག་ནས་བཟུང་ལ། ཨོཾ་མ་ཎི་དྷ་རི་སོགས་སྙིང་པོའི་སྔགས་ལྔ་པོ་རེ་རེ་བཞིན་བརྒྱ་རྩ་ལས་མི་ཉུང་བ་བཟླ། ཁྲུས་བུམ་ལ་ཨ་མྲྀ་ཏ་བརྒྱ་རྩ་དང༌། ཐུན་མོང་དུ་ཨ་བྷི་ཥེ་ཀེའི་སྔགས་ཀྱང་བཟླ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་རཀྵ་སོགས་ཚོགས་ཞིང་གི་སྐབས་ལྟར་མཆོད། རང་བཞིན་དག་པ་སོགས་ཀྱིས་བསྟོད། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ལན་གསུམ་སོགས་ཇི་ལྟར་འོས་པ་དང༌། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཨཱཿཧཱུཾ། ཞེས། དུང་ཆོས་ཀྱི་ཆུ་དང་མེ་ཏོག་འབུལ། བཛྲ་མུཿ ཞེས། ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་


TNT13_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་བུམ་པའི་ཆུར་གྱུར། དེ་ནས་བདུག་སྤོས་བརྡུལ་ཞིང༌། དྲིལ་གསིལ་དང་བཅས་ཏེ། བཅོམ་ལྡན་འདས་མ་སྲུང་བ་ལྔ། །རིགས་སྔགས་རྒྱལ་མོ་ཕྱག་འཚལ་འདུད། །སློབ་མ་རྣམས་ལ་བརྩེ་ཕྱིར་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེ་བདག་ཉིད་ཅན། །དཀྱིལ་འཁོར་འབྲི་བར་བདག་ཕྱག་འཚལ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པའི་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོའི་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་མངའ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་ཅན། །ཆེ་གེ་འབྱུང་བའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པས་ཉེར་སྤྱོད་པ། །འགྲོ་བ་སྦྱང་ཕྱིར་འབྲི་བར་བྱ། །དེ་ཕྱིར་བདག་དང་སློབ་མ་ལ། །རྗེས་སུ་བརྩེ་བས་ཉེར་བཟུང་ནས། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་འབྱོན་པར་མཛད་པའི་རིགས། །ཞེས་ལན་གསུམ་གསོལ་བ་བཏབ། སླར་ཡང༌། རབ་འབྱམས་རྒྱ་མཚོ་དཔག་མེད་ན། སོགས་པ། ཇི་སྙེད་བཅོམ་ལྡན་འདས་མའི་ཚོགས། ཞེས་བསྒྱུར་ཏེ། མཆོད་པ་དང༌། གོང་བཞིན་བསྟོད། ཡིག་བརྒྱ་བཟོད་གསོལ་གཤེགས་གསོལ་རྣམས་གོང་བུམ་བསྐྱེད་ཀྱི་སྐབས་དང་འདྲ་སྟེ། དེ་དག་ནི་སྟ་གོན་གྱི་ཆོ་ག་ཡིན་ལ། སྤྱིར་ལྷ་སྟ་གོན་གྱི་


TNT13_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལ། དཀྱིལ་འཁོར་ངེས་པའི་ལྷག་གནས་དང༌། གསོལ་བ་གདབ་པའི་ལྷག་གནས་གཉིས་ཡོད་པ་ལས། དང་པོ་ནི། ཕལ་ཆེར་ལ་ཡོངས་སུ་གྲགས་པ་དེ་ཡིན་ལ། གཉིས་པ་ནི། འདིར་བཀོད་པ་ལྟ་བུ་དེ་སྤྲོས་པ་ཆུང་བའི་ལུགས་སོ། །གལ་ཏེ་སློབ་མ་ལ་དབང་བསྐུར་ན་སྐབས་འདིར། རྒྱུད་སྡེ་འོག་མའི་ལུགས་ཀྱི་སློབ་མ་སྟ་གོན་ཡང་བྱས་ན་ལེགས་ཏེ། གསང་བ་སྤྱིའི་རྒྱུད་ལས་དེ་བྱེད་པར་གསུངས་པའི་ཕྱིར་རོ། །འོན་ཀྱང་ལག་ལེན་བསྡུས་པའི་སྐབས་སུ་ནི། བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ལྟར་མ་བྱས་ཀྱང་རུང་ཙམ་ཡིན་ནོ། །གལ་ཏེ་བྱེད་ན་དམ་ཚིག་གསུམ་བཀོད་ལ་སོགས་པའི་ཆོ་གར་བལྟའོ། །དེ་ནས་ཐིགས་སྐུད་དང་རྔུལ་མཚོན་ལེགས་པར་བཀྲུས། བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་ཐིག་སྐུད་དང་རྡུལ་ཚོན་རྣམས་དང་བཅས་ཤིང་ཐོགས་པ་མེད་པར་གྱུར། ཨ་མྲྀ་ཏའི་སྔགས་བརྒྱ་རྩ་སོགས་དང༌། ལྷ་མོ་ལྔ་པོའི་སྙིང་པོ་རྣམས་ཇི་ལྟར་འོས་པ་བཟླ། ཡི་གེ་བརྒྱ་པས་བརྟན་པར་བྱས་ཏེ། ཨ་མྲྀ་ཏ་བཟླ་བཞིན་པས་ཐིག་བཏབ། ཡེ་ཐིག་དང་ལས་ཐིག་གི་དབྱེ་བ་འདི་ལ་མི་དགོས། དེའི་འོག་ཏུ་གཙོ་མོའི་སྙིང་པོ་བཟླ་བཞིན་ཏུ་རྡུལ་མཚོན་འགྱེད་དེ་དཀྱིལ་འཁོར་འབྲི་བའོ། །མཐར། རྡུལ་ཚོན་དང་ཐིག་སྐུད་ཀྱི་བྱིན་རླབས་རྣམས་འོད་ཟེར་གྱི་རྣམ་པས་རང་གི་ལུས་ལ་ཐིམ་པར་མོས། ཨ་མྲྀ་ཏ་དང་སྙིང་པོ་མང་དུ་བཟླས། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད། དེ་ནས་ཡིག་བརྒྱ་བཟླས་ཤིང་རྡོ་རྗེ་གསོར་དྲིལ་བུ་དཀྲོལ། ལྷག་ཆད་ཁ་བསྐང༌། བཀྲ་མི་ཤིས་པ་ཐམས་ཅད་བསལ་བར་མོས་སོ། འདིར་དཀྱིལ་འཁོར་ཅུང་ཟད་བསྡུས་པ་ནི།


TNT13_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྐྱེད་ཇི་ལྟ་བ་བཞིན་དུ། ལྷ་ལྔ་ཙམ་གྱིས་ཀྱང་ཆོ་ག་སྟེ། དེའི་ཚེ་ཕྱོགས་སྐྱོང་གཟའ་སྐར་རྒྱལ་ཆེན་སོགས་གཏོར་མགྲོན་གྱི་ལྷ་ཙམ་དུ་བྱེད་པ་ཡིན་ཏེ། དེ་ལྟར་བྱས་ནའང་གཞུང་གི་དགོངས་པ་དང་མཐུན་ཞིང་ཤིན་ཏུ་ལེགས་པར་འགྱུར་རོ། །འོན་ཀྱང་བླ་མ་གོང་མ་རྣམས་ཀྱི་མན་ངག་ལྟར་བྱེད་པ་ནི་དཀྱུས་སུ་འབྱུང་བ་འདི་ཉིད་དོ། །དེ་ནས་རྒྱན་དགྲམ་པ་ནི་སྤྲོས་པ་ལ་མི་དགའ་ན། མཆོད་གཏོར་བཟང་དུ་བཤམས། འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱས། ས་རྒྱན་གནམ་རྒྱན་ཅི་རིགས་པ་ཙམ་བཀོད་པས་ཆོག་གོ །ཅུང་ཟད་སྤྲཽས་པ་ལ་དགའ་ན། དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དུ། གདན་གྲུ་བཞི་བརྟན་པ་རེ་བཞག་ལ། དེ་ལ་མདའ་བརྒྱད་བཙུགས། ཚོན་སྐུད་སྣ་ལྔའི་དྲ་བ་བྱ་སྟེ། དབང་ལྡན་གྱི་མདའི་རྩ་བ་སྟེ་མདེའུ་ཕྱོགས་ལ་མཚོན་སྐུད་ཀྱི་སྣེ་མོ་དམ་དུ་བཏགས་ནས། དེའི་ཤར་གྱི་མདའི་ལྟོང་རྩེ་མོར་དཀྲིས། དེའི་ཤར་ལྷོའི་རྩ་བར་འཐེན་ཞིང་དཀྲིས། རིམ་པ་དེ་ཁའི་ཕྱོགས་བཞིའི་རྩེ་མོ་དང༌། མཚམས་བཞིའི་རྩ་བ་འཐེན་པ་ལས། བྱང་གི་རྩེ་ནས་རྩ་བའི་བར་དུ་མཐེན་ཏེ་དཀྲིས་ནས། སླར་བྱང་ཤར་གྱི་རྩེ་མོར་འཐེན་པ་སོགས། མཚམས་བཞིའི་རྩེ་མོ་དང༌། ཕྱོགས་བཞིའི་རྩ་བར་དཀྲིའོ། །དེ་ནས་ཡང་བྱང་གི་རྩ་བ་ནས་རྩེ་མོ་བར་དུ་འཐེན་ཞིང་ལྟོང་ལ་དཀྲིས་ནས། བྱང་གི་རྩ་ནས་ཤར་ལྷོར་བཏང་ཤར་ལྷོ་ནས་ནུབ་ཏུ་བཏང་བ་སོགས། འཁོར་ལོ་རྩིབས་བརྒྱད་ཀྱི་རྣམ་པར་བྲིས། མཐར་མདའ་བརྒྱད་པོའི་ལྟོང་ནས་ལྟོང་གི་བར་དུ་སྐོར་ཏེ་འཁོར་ལོའི་མུ་ཁྱུད་ཀྱི་རྣམ་པར་བྱས་ནས། སྣེ་མོ་ནི་བྱང་ཤར་གྱི་


TNT13_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

མདའི་རྩ་བར་དྲངས་ནས་བསྡུའོ། །ཕུར་པ་བརྒྱད་དང༌། རལ་གྲི་བརྒྱད་རྩེ་མོར་ཐུར་དུ་བསྟན་ལ། མདའ་རེ་རེའི་འཁྲིས་སུ་བཙུགས། མེ་ལོང་བརྒྱད། རྨ་བྱའི་མདོངས་བརྒྱད། འཕན་བརྒྱད་རྣམས་ཀྱང་མདའི་རྩེ་མོར་བཏགས། ཕྱོགས་བཞིའི་མདའ་ལ་རྒྱལ་ཆེན་བཞིའི་ཙ་ཀ་ལི་བཀྲམ་མོ། །དེ་དག་ཡོངས་རྫོགས་མ་འབྱོར་ན། ཇི་ལྟར་འབྱོར་བས་ཆོག་གོ །རེ་རེ་ནས་མཐའ་གཅིག་ཏུ་མེད་མི་རུང་བ་མ་ཡིན་ནོ། །ད་ལྟ་ནི་རས་བྲིས་ཀྱི་ཕྱོགས་ལ་མདའ་མཚོན་གྱི་དྲྭ་བ་བྱེད་ཅིང༌། རྡུལ་ཚོན་ལ་མི་བྱེད་པ་མང་མོད་ཐོབ་ཐང་ནི་རྡུལ་ཚོན་ལ་དགོས་ཀྱིས་རས་བྲིས་ལ་མེད་ཀྱང་ཆོག་གོ །བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག། ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་གསིལ་སོགས་མཆོད་པ་སྐོར་ཏེ་བཤམས་ཀྱང་ཆོག། དཀྱིལ་འཁོར་གྱི་གཡས་སུ་གཏོར་མགོ་ཡང་མདུན་བསྐྱེད་ཉིད་ཀྱི་གཡས་སུ་བསྟན་ཏེ། འདས་གཏོར་གཅིག་གོ །ཕྱོགས་སྐྱོང་བཅུ་ལ་གཅིག །རྒྱལ་ཆེན་བཞི་ལ་རེ་རེ། གཟའ་ལ་གཅིག །རྒྱུ་སྐར་ལ་གཅིག །ཡང་དཀར་གཏོར་གཉིས། དམར་གཏོར་ལྔ། ཡང་ཀླུ་དང་འབྱུང་པོ་བཞི་བདག་གསུམ་ལ་དཀར་གཏོར་རེ་རེ། བགེགས་གཏོར་གཅིག་གོ །དེ་ལྟར་ན་གཏོར་མ་བཅོ་བརྒྱད་གྲལ་སྒྲྀགས་སུ་བྱ། རྒྱལ་ཆེན་གྱི་སྡེབས་ལ་དབུས་ཀྱི་གཏོར་མ་བྱེད་ན་བཅུ་དགུའོ། །ཆོས་སྐྱོང་དགོས་ཀྱི་གཏོར་མ་བྱེད་ན་ཟུར་དུ་བཤམས། རེ་རེ་བཞིན་རས་དཀར་པོའི་བ་དན་འཛུགས། དེ་ནས་དངོས་གཞིའི་ཆོ་ག་ནི། གོང་དུ་བཤད་པ་ལྟར། སྔོན་འགྲོ་གཏོར་མ། གནས་ཡོ་བྱིན་


TNT13_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

རླབས། སྐྱབས་འགྲོ་ནས་བརྩམས་ཏེ། དམ་པ་གཉིས་པོ་ཐོབ་པར་ཤོག་གི་བར་བདག་བསྐྱེད་རྫོགས་པར་སྒོམས། དེ་རྗེས་སྤྲོ་ན་མདུན་བསྐྱེད་ལ་བགེགས་སྦྱང་བ། སྡིག་པ་སྦྱང་བ། ཁྲུས་གསོལ་བ་སོགས་ཀྱང་བྱ་སྟེ། མདུན་བསྐྱེད་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཞེས་པ་ནས། དབུས་དཀར་བའི་སྟེང་དུ་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ། དེའི་ལྟེ་བ་ལ་པདྨ་འདབ་མ་བརྒྱད་པའི་གདན། ཡང་དེའི་དབུས་སུ། པཾ་ལས་སྣ་ཚོགས་པདྨ༴ ཞེས་པ་ནས། ཁ་རྒྱན་དང་བཅས་པ་རེ་རེའོ། །ཞེས་པའི་བར་བདག་བསྐྱེད་དང་འདྲ་བ་ལས་རང་ཉིད་ཅེས་པ་དོར། ཕྱི་རོལ་གྱི་པདྨའི་འདབ་མ་བརྒྱད་ལ། ཤར་དུ་ཚངས་པ་དང་བརྒྱ་སྦྱིན་ཤར་ལྷོར་མེ་ལྷ། ལྷོར་གཤིན་རྗེ། ལྷོ་ནུབ་དུ་སྲིན་པོ། ནུབ་ཏུ་ཆུ་ལྷ་དང༌། སའི་ལྷ་མོ། ནུབ་བྱང་རླུང་ལྷ། བྱང་དུ་གནོད་སྦྱིན། བྱང་དུ་དབང་ལྡན་ཏེ་ཕྱོགས་སྐྱོང་བཅུའོ། །དེའི་ཕྱི་རོལ་འཁོར་ལོའི་རྩིབས་བརྒྱད་པ་རྣམས་ལ། ཤར་དུ་ཉི་མ་དང༌། ཟླ་བ། ཤར་ལྷོར་མིག་དམར། ལྷོར་གཟའ་ལྷག །ལྷོ་ནུབ་ཏུ་ཕུར་བུ། ནུབ་ཏུ་པ་སངས། ནུབ་བྱང་དུ་སྤེན་པ། བྱང་སྒྲ་གཅན་ལུས་ཕྱེད་ཤིན་རྟ་ལ་གནས་པ། བྱང་ཤར་དུ་དུ་བ་མཇུག་རིངས་སོ། །དེའི་ཕྱི་རོལ་ལྷ་རྣམས་ཀྱི་སྟེང་ཟླུམ་པོར་སྐོར་བ་ལ། ཤར་དུ་


TNT13_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་དྲུག སྣར་མ་མགོ་ལག ནམ་སོ། རྒྱལ། སྐག་རྣམས་སྐུ་མདོག་དཀར་བ། ལྷོར་མཆུ། བྲེ། དབོ། མེ་བཞི། ནག་པ། ས་རི། ས་ག །རྣམས་སྐུ་མདོག་སེར་པོ། ནུབ་ཏུ་ལྷ་འཚམས། སྣོན་སྣུབས་ཆུ་སྟོད་ཆུ་སྨད་གྲོ་ཞིན། བྱི་ཞིན་རྣམས་སྐུ་མདོག་དམར་མོ། བྱང་དུ་མིན་བྲེ། མིན་གྲུ་ཁྲུམས་སྟོད། ཁྲུམས་སྨད། ནམ་གྲུ། རྒྱལ། ཐ་སྐར། བྲ་ཉེ་རྣམས་སྐུ་མདོག་ལྗང་ཁུའོ། །ཐམས་ཅད་ཀྱང་ལྷ་མོའི་ལུས་ཅན། ཐལ་མོ་སྤྱི་བོར་སྦྱར་བ་བསྟན་ནང་ཚངས་ཅན་ལ་བཞུགས་པའོ། །ཤར་སྒོར་རྒྱལ་པོ་ཡུལ་འཁོར་སྲུང༌། ལྷོ་སྒོར་རྒྱལ་པོ་འཕགས་སྐྱེས་པོ། ནུབ་སྒོར་རྒྱལ་པོ་སྤྱན་མི་བཟང༌། བྱང་སྒོར་རྒྱལ་པོ་རྣམ་ཐོས་བུ་རྣམས། རང་རང་གི་འཁོར་ཚོགས་དཔག་ཏུ་མེད་པ་དང་བཅས་ཏེ་བཞུགས་པར་གྱུར། དེ་ནས་རང་སྔགས་ཀྱི་ལྷར་སྒྲུབ་པ་ནི། དབུས་ཀྱི་གཙོ་མོ་ལྔ་ལ། མ་ཎི་དྷ་རི་སོགས་སྔགས་ཚན་ལྔ་པོ་རེ་རེ་བཞིན་ལན་བདུན་བདུན་དང༌། ལྷག་མ་འཇིག་བརྟེན་པའི་སྔགས་འདི་རྣམས་ལ་ལན་གསུམ་གསུམ་བྱེད་དེ། ཨོཾ་ཨིནྡྲ་ཡེ་སྭཱཧཱ། ཨོཾ་ཨགྣ་ཡེ་སྭཱཧཱ། ཨོཾ་ཡ་མ་ཡེ་སྭཱཧཱ། ཨོཾ་ནི་རི་ཏི་ཡེ་སྭཱཧཱ། ཨོཾ་བ་རུ་ཎཱ་ཡ་སྭཱཧཱ། ཨོཾ་བ་ཡ་བེ་སྭཱཧཱ། ཨོཾ་ཀུ་བཻ་རཱ་ཡ་སྭཱཧཱ། ཨོཾ་ཨི་ཤཱ་ན་ཡེ་སྭཱཧཱ། ཨོཾ་པྲ་ཧྨཱ་སྭཱཧཱ། ཨོཾ་པྲ་ཐི་བཱི་དི་བཱི་སྭཱཧཱ། ཕྱོགས་སྐྱོང་རྣམས་སོ། ཨོཾ་མཻ་གོ་ལྐ་ཡེ་སྭཱཧཱ། ཨོཾ་ཤཱི་ཏཱཾ་ཤ་བེ་སྭཱཧཱ། ཨོཾ་རཀྵ་ཨཾ་ག་ཀུ་མ་ར་སྭཱཧཱ། ཨོཾ་བུདྡྷ་ཡ་སྭཱཧཱ། ཨོཾ་པྲི་ཧསྤ་ཧེ་སྭཱཧཱ། ཨོཾ་


TNT13_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་ཀྲ་ཡ་སྭཱཧཱ། །ཨོཾ་ཀྲྀཥྞ་བརྞ་སྭཱཧཱ། ཨོཾ་ཨ་མྲྀ་ཏ་པྲི་ཡ་སྭཱཧཱ། ཨོཾ་ཛྱོ་ཏི་ཀེ་ཏ་ཝེ་སྭཱཧཱ། གཟའ་རྣམས་སོ། །ཨོཾ་ཀིརྟི་ཀ་སྭཱཧཱ། ཨོཾ་རོ་ཧི་ཎི་སྭཱཧཱ། ཨོཾ་མྲི་ག་ཤཱི་ར་སྭཱཧཱ། ཨོཾ་ཨ་ར་དྲ་སྭཱཧཱ། ཨོཾ་པུ་ན་ར་བ་སུ་སྭཱཧཱ། ཨོཾ་པུུ་ཥྱ་སྭཱཧཱ། ཨོཾ་ཨསྨ་ཤཱ་སྭཱཧཱ། ཨོཾ་མ་གྷ་སྭཱཧཱ། ཨོཾ་པུརྦ་ཕ་ལ་གུ་ནི་སྭཱཧཱ། ཨོཾ་ཨུཏ་ཏེ་ར་ཕ་ལྐུ་ནེ་སྭཱཧཱ། ཨོཾ་ཧསྟ་སྭཱཧཱ། ཨོཾ་ཙི་ཏྲ་སྭཱཧཱ། ཨོཾ་སྭ་སྟི་སྭཱཧཱ། ཨོཾ་བཱི་ཤཱ་ཁ་སྭཱཧཱ། ཨོཾ་ཨ་ནུ་རཏྫ་སྭཱཧཱ། ཨོཾ་ཛེ་ཥྟ་སྭཱཧཱ། ཨོཾ་མཱུ་ལ་སྭཱཧཱ། ཨོཾ་པུརྺ་ཨ་ཤནྡྷ་སྭཱཧཱ། ཨོཾ་ཨུཏ་ཏ་ར་ཨ་ཤརྡྷ་སྭཱཧཱ། ཨོཾ་ཤྲ་མ་ཎཱ་སྭཱཧཱ། ཨོཾ་ཨ་བྷེ་ཏཱ་སྭཱཧཱ། ཨོཾ་དྷ་ནིཥྟི་སྭཱཧཱ། ཨོཾ་ཤ་ཏ་བྷེ་ཥཱ་སྭཱཧཱ། ཨོཾ་སུརྦ་བྷ་དྲ་པ་ད་སྭཱཧཱ། ཨོཾ་ཨུད་ཏ་ར་བྷ་དྲ་ར་ད་སྭཱཧཱ། ཨོཾ་རེ་བ་ཏི་སྭཱཧཱ། ཨོཾ་ཨི་ཤཱེ་ནེ་སྭཱཧཱ། ཨོཾ་བྷ་ར་ཎི་སྭཱཧཱ། སྐར་མ་རྣམས་ཀྱིའོ། །ཨོཾ་དྷྲཱི་ཏི་རཥྟ་ཡ་སྭཱཧཱ། ཨོཾ་བི་རུ་ཌྷ་ཀཱ་ཡ་སྭཱཧཱ། ཨོཾ་བི་རུ་པཱ་ཀྵ་ཡ་སྭཱཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱཧཱ། རྒྱལ་ཆེན་བཞིའི་འོ། །གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་པར་ཨོཾ༴ ནས། ཧཱུཾ་ནག་པོ། རང་གི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཡེ་ཤེས་སེམས་དཔའ་སྲུང་བ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཚིགས་བཅད་རེ་རེའི་མཐར་དྲིལ་གསིལ་དང་བཅས་རྡོ་རྗེ་གཡབ་ཅིང༌། དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། ཆོས་དབྱིངས་རང་བཞིན་རྣམ་པར་དག་པའི་ངང༌། །ཀུན་དུ་ཁྱབ་པའི་གནས་མཆོག་སྡུག་པོ་དང༌། །


TNT13_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པའི་ཞིང་ཁམས་རབ་འབྱམས་ནས། །ཡེ་ཤེས་དཀྱིལ་འཁོར་མཐའ་དག་གཤེགས་སུ་གསོལ། །བདེ་གཤེགས་ཀུན་ཀྱི་ཐུགས་རྗེ་སྟོབས་ཉིད་དང༌། །བདག་ཅག་དད་པའི་བསམ་པ་རྣམ་དག་པས། །ཐུགས་དམ་བསྐུལ་ཞིང་སྤྱན་འདྲེན་གསོལ་འདེབས་ན། །འགྲོ་བའི་དོན་ཕྱིར་གནས་འདིར་བྱོན་ཏུ་གསོལ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་མ་ཉམས་ཤིང༌། །རྗེས་མཐུན་མཆོད་པ་ཡོ་བྱད་ཐམས་ཅད་ཚང༌། །འགྲོ་བའི་དོན་གྱི་དུས་ལའང་བབས་ལགས་ན། །སྲིད་ཞིའི་རྒྱུད་པ་བསལ་ཕྱིར་གཤེགས་སུ་གསོལ། །རིགས་སྔགས་རྒྱལ་མོ་སྟོང་ཆེན་རྨ་བྱ་ཆེ། །འཁོར་ལོའི་གཙོ་མོ་བཅོམ་ལྡན་སོ་སོར་འབྲང༌། །ཐུབ་དཀར་གསང་སྔགས་རྗེས་འཛིན་བསིལ་བའི་ཚལ། །གཟུངས་ཀྱི་ལྷ་མོ་འཁོར་བཅས་གནས་འདིར་སྤྱོན། །མ་ལུས་སེམས་ཅན་ཀུན་ཀྱི་མགོན་གྱུར་ཅིང༌། །ཞེས་པ་ནས། ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿ བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་གནས་སུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་བཛྲ་ཨགྷཾ་སྭཱཧཱ། ཇི་ལྟར་བལྟམས་པ༴ ཞེས་པ་ནས། ས་མ་ཡ་ཤྲི་ཧཱུཾ་གིས་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་


TNT13_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སོ་གསོལ། །ཨོཾ་ཨཱ་ས་ན་ཏཎྵཱནྟུ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས་ཤཔྟའི་བར་གྱིས་མཆོད། ཨོཾ་བཛྲ་ཨཾ་གུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཨཿ ཡང་གཙོ་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཞེས་པ་ནས། རྡོ་རྗེ་སེམས་དཔའི་དབུ་རྒྱན། ཡང་ན། འཇིག་རྟེན་པའི་ལྷ་རྣམས་ལ་གཙོ་མོའི་དབུ་རྒྱན་པར་བྱས་ཀྱང་རུང་ངོ༌། །དེ་ནས་མཆོད་པ་ཨ་མྲྀ་ཏས་བསངས། སྭ་དྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད༴ ཅེས་པ་ནས། བི་ཤོ་དྷ་ནི་སྭཱཧཱའི་བར་གྱིས་བྱིན་གྱིས་རླབས། ཨོཾ་བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གིས་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ཏ་པཉྩ་རཀྵ་དེ་བ་ཏ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། མཆོད་ཡོནཞེས་པར་ཞབས་བསིལ་དང༌། ཨརྒྷཾ་ཞེས་པར་པཱདྱཾ་སྦྱར་ཏེ་ཞབས་གསིལ་འབུལ། གཙང་ཞིང་གཙང་མར་སྐྱེས་པ་ཡི། །མེ་ཏོག་དམ་པ་འདིར་དག་ནི། བདག་གི་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། པུཥྤེ༴ དྲི་ཡིས་རྒྱས་པ་ལྷ་ཡི་རྫས། །ནགས་ཚལ་བཅུད་ནི་ཡིད་འོང་འདི། །བདག་གི་དད་པས༴ བཞེས་ནས་བདག༴ དྷུ་པེ༴ གདོན་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་པ་རྣམ་སེལ་འདི། །བདག་གིས༴


TNT13_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ནས༴ ཨཱ་ལོ་ཀེ༴ །གཙང་ཞིང་གཙང་མ་ལས་བྱུང་བའི། །ལྷ་རྫས་བཟང་པོའི་དྲི་འདི་དག །བདག་གིས༴ བཞེས་ནས༴ གནྡྷེ༴ སྨན་རྣམས་བཅུད་ནི་ཡིད་གར་འོང༌། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་གིས༴ བཞེས་ནས༴ ནཻ་ཝི་ཏྱ༴ དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། སེམས་ཅན་སྡུག་བསྔལ་ཚིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག ཤཔྟ༴ ལྷ་རྫས་ལས་གྲུབ་ལྟེ་བ་ཤིན་ཏུ་ཟླུམ། ཞེས་པ་ནས། འཁོར་ལོ་རིན་ཆེན་ནམ་མཁའ་བཀང་སྟེ་འབུལ། ཙཀྲ་རཏྣ་པུ་ཛ་མེ་གྷ༴ སོགས། དེས་མཚོན་ཏེ། དམག་དཔོན་གྱི་བར་ལ་སྦྱར་རོ། །དེ་ནས། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་འཕྲེང་ལྡན། ཞེས་སོགས་འདོད་ཡོན་ལྔའི་ཚིགས་བཅད་སྤྱི་དང་འདྲ་བས་ཕུལ། སྔགས་རྣམས་གོང་གིས་རིགས་འགྲེ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་རཀྵ་དེ་བ་ཏཱ་ས་པཱ་རི་ཝཱ་ར་སྤར་ཤ་ཀཱ་མ་གུ་ཎ་པུ་ཛ་མེ་ག་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་པ་ལྟ་བུའོ། །ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ཚེ། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །སྲུང་བ་ལྔ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། མངྒ་ལ་ཨཥྟ་དྲ་བྱ། ཞེས་འདོན་པ་བསྒྱུར་རོ། །ཡང་དེ་དང་འདྲ་བ་ལས། བཀྲ་ཤིས་རྟགས་བརྒྱད་ཅེས་དང༌། མངྒ་ལ་ཨཥྟ་ཨཾ་ག་ཞེས་བསྒྱུར་རོ། །དེ་ནས་བསྟོད་པ་ནི། གཟུགས་ཕུང་གནས་གྱུར་གཏི་མུག་


TNT13_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་པ། །མེ་ལོང་ཡེ་ཤེས་རང་བཞིན་ལྷ་མོའི་སྐུ། །རྒྱལ་བ་ཀུན་གྱི་སྐུ་ཡི་རིགས་ལས་བྱུང༌། །སོ་སོར་འབྲང་མའི་ཞབས་ལ་ཕྱག་འཚལ་ལོ། །གདོང་བཞི་ཞི་བ་དགའ་བྱེད་གོས་སེར་ཅན། །མཁའ་ལྡིང་ཀླུ་དབང་གནོད་སྦྱིན་དྲི་ཟ་དང༌། །མི་འམ་ཅི་ཡི་ཚོགས་ཀྱིས་གུས་མཆོད་པ། །བྱང་ཆུབ་ཤིང་དྲུང་བཞུགས་ལ་ཕྱག་འཚལ་ལོ། །ཉོན་མོངས་ཞགས་པས་འཆིང་བ་གཅོད་མཛད་ཅིང༌། །གཞན་གྱི་སྔགས་དང་ཕྱག་རྒྱ་རྫས་སྦྱོར་དང༌། །བྱད་སྟེམས་བྱེད་དང་དྲག་ཤུལ་རྣམ་པ་ཀུན། །རབ་ཏུ་འཇོམས་པ་ཁྱོད་ལ༴ དཀོན་མཆོག་ལ་མཆོད་མངོན་པར་བརྩོན་པ་དང༌། །བརྩེ་བས་གཞན་དོན་གཅིག་ཏུ་ལྷུར་ལེན་ཞིང༌། །ཐེག་པ་མཆོག་གི་བརྟུལ་བཞུགས་འཛིན་པ་རྣམས། །ཡོངས་སུ་སྐྱོང་པ་ཁྱོད་ལ༴ རྣམ་ཤེས་གནས་གྱུར་ཞེ་སྡང་རྣམ་དག་ལ། །ཆོས་དབྱིངས་ཡེ་ཤེས་ལས་བྱུང་ལྷ་མོའི་སྐུ། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་རིགས་ལས་བྱུང༌། །སྟོང་ཆེན་རབ་འཇོམས་ཞབས་ལ༴ ཉི་མར་རོལ་པས་འགེགས་དང་འབྱུང་པོ་མནན། །མ་མོ་བདུན་དང་སྲིན་མོ་ཤ་ཟ་མོ། །གནོད་སྦྱིན་མོ་རྣམས་རབ་ཏུ་སྐྲག་མཛད་མ། །བྷ་ཊའི་ཤིང་དྲུང་བཞུགས་ལ༴ རླུང་དང་བད་ཀན་མཁྲིས་པའི་ནད་སེལ་ཞིང༌། །ཐོག་དང་སེར་བ་རླུང་སོགས་གནོད་པ་སེལ། །དུས་མིན་འཆི་བ་ངེས་པར་འཇོམས་མཛད་མ། །འཇིགས་བྱེད་ཁྲོ་མོའི་ཞབས་ལ༴ ཚོར་བ་གནས་གྱུར་སེར་སྣ་རྣམ་དག་པ། །མཉམ་


TNT13_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡེ་ཤེས་རང་བཞིན་ལྷ་མོའི་སྐུ། །རྒྱལ་བ་ཀུན་གྱི་ཡོན་ཏན་རིགས་ལས་བྱུང༌། །རྨ་བྱ་ཆེན་མོའི༴ བདེན་པ་གྲུབ་པའི་དྲང་སྲོང་རྣམས་ཀྱི་མཆོད། །སྲིན་མོའི་ཚོགས་འཇོམས་ཀླུ་རྣམས་སྐྲག་མཛད་ཅིང༌། །ལྷ་མ་ཡིན་རྣམས་ཀུན་ཏུ་རྨོངས་བྱེད་པ། །མྱ་ངན་མེད་པའི་ཤིང་དྲུང་བཞུགས་ལ་འདུད། །བརྟན་དང་གཡོ་བའི་དུག་རྣམས་རབ་འཇོམས་ཤིང༌། །དམོད་པའི་མདའ་དང་འཁྲུལ་འཁོར་འཇིགས་པར་བྱེད། །སྒྲུབ་པོ་དྲི་མེད་བདེ་ལ་འགོད་མཛད་པ། །རིགས་སྔགས་རྒྱལ་མོའི་ཞབས་ལ༴ །འདུ་ཤེས་གནས་གྱུར་འདོད་ཆགས་རྣམ་དག་པ། །ཀུན་རྟོགས་ཡེ་ཤེས་རང་བཞིན་ལྷ་མོའི་སྐུ། །རྒྱལ་བ་ཀུན་གྱི་གསུང་གི་རིགས་ལས་བྱུང༌། །གསང་སྔགས་རྗེས་སུ་འཛིན་ལ༴ འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཞབས་མཆོད་ཅིང༌། །རྒྱལ་ཆེན་བཞི་ཡིས་རྟག་པར་རིམ་གྲོ་བྱེད། །རིག་པ་འཛིན་པ་རྣམས་ཀྱི་གུས་བཏུད་པ། །ཤིར་ཤའི་ཤིང་དྲུང་བཞུགས་ལ༴ ཡེ་ཤེས་སྒྱུ་མའི་སྤྲུལ་པ་རྣམ་རོལ་ཞིང༌། སྔགས་ཀྱི་སྦྱོར་བས་འགྲོ་བ་ཡོངས་སུ་འཛིན། །ལྷ་དང་ལྷ་མིན་ཀླུ་དབང་ཚོགས་རྣམས་ཀུན། །དབང་དུ་མཛད་པ་ཁྱོད་ལ༴ འདུ་བྱེད་གནས་གྱུར་ཕྲག་དོག་རྣམ་དག་པ། །བྱ་གྲུབ་ཡེ་ཤེས་རང་བཞིན་ལྷ་མོའི་སྐུ། །རྒྱལ་བ་ཀུན་གྱི་འཕྲིན་ལས་རིགས་ལས་བྱུང༌། །བསིལ་བའི་ཚལ་གྱི་ཞབས་ལ༴ ལྷ་དང་གྲུབ་པ་རིག་འཛིན་གྱིས་མཆོད་ཅིང༌། །སྨྱོ་


TNT13_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་བརྗེད་བྱེད་ལ་སོགས་འབྱུང་པོའི་ཚོགས། །ཀུན་ཏུ་སྐྲག་མཛད་བྱ་ཡི་གདོན་རྣམས་འཇོམས། །ཙམ་པའི་ཤིང་དྲུང་བཞུགས་ལ་ཕྱག་འཚལ་ལོ། །ཞི་དང་རྒྱས་དང་དབང་དང་དགུག་པ་དང༌། །སྐྲད་དང་དབྱེ་བ་བསད་པ་ལ་སོགས་ཏེ། །ལས་རྣམས་ཐམས་ཅད་སོ་སོར་སྩོལ་མཛད་པ། །དོན་ཀུན་སྒྲུབ་བྱེད་མ་ལ༴ གླང་ཆེན་ས་སྲུངས་བུ་ལ་ནི། །རོལ་བའི་བཞུགས་པ་གསེར་མདོག་ཅན། །རྡོ་རྗེ་འཆང་པ་ལྷ་ཡི་རྗེ། །བརྒྱ་སྦྱིན་ལ་ཡང་ཕྱག་འཚལ་ལོ། །རྣམས་པར་བསྒྱིངས་པའི་མ་ཧེ་ལ། །མཉམ་པར་གནས་པ་ཨ་བྷྲ་མདོག །བེ་ཅོན་འཆང་བ་མ་མོའི་རྗེ། །གཤིན་རྗེ་ལ་ཡང་༴ ཆུ་སྲིན་ལ་གནས་ཆུ་ཤེལ་མདོག །ནོར་བུ་དང་བཅས་གདེང་ཀས་རྒྱན། །སྦྲུལ་ཞགས་འཛིན་པ་ཀླུ་ཡི་རྗེ། །ཆུ་ལྷ་ལ་ཡང་ཕྱག་འཚལ༴ །རྟ་མཆོག་བཞོན་པ་གསེར་མདོག་ཅན། །ནོར་བུས་མཚན་པའི་དབྱུག་ཐོ་དང༌། །ནེའུ་ལེ་འཛིན་པ་གནོད་སྤྱིན་རྗེ། །ལུས་ངན་པོ་ལ༴ ཁྱུ་མཆོག་ལ་གནས་འཇིགས་ཆེན་པོ། །ཕྱུགས་བདག་ཆེན་པོ་ཀུན་དའི་མདོག །རྩེ་གསུམ་འཆང་བ་འབྱུང་པོའི་རྗེ། །དབང་ལྡན་ལ་ཡང་༴ ར་སྐྱེས་ཞོན་ཞིང་ཆེས་དམར་བ། །མཆོག་སྦྱིན་དབྱུག་གུ་བགྲང་འཕྲེང་དང༌། །གྷུནྡྷཱ་འཛིན་པ་དྲང་སྲོང་ཆེ། །མེ་ཡི་ལྷ་ལ༴ གད་རྒྱངས་སྒྲོགས་པའི་རོ་ལངས་ལ། །བརྟན་པར་གནས་པ་ཆར་སྤྲིན་མདོག རལ་གྲི་འཆང་བ་སྲིན་པོའི་རྗེ། །བདེན་བྲལ་ལ་ཡང་༴ ཤིན་ཏུ་མགྱོགས་པའི་རི་དྭགས་ཀྱི། །བཞོན་པ་ལ་གནས་མར་གད་མདོག །བ་དན་འཛིན་པ་


TNT13_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་རྗེ། །རླུང་གི་ལྷ་ལ༴ ངང་པའི་རྒྱལ་པོ་ལ་གནས་པ། །གསེར་མདོག་གདོང་བཞི་པདྨ་དང༌། །བགྲང་འཕྲེང་གྷུན་རྡེ་གླེགས་བམ་འཛིན། །སྐྱེ་རྒུའི་མེས་པོར༴ ཕག་ལ་ཞོན་ཞིང་བརྟན་པར་གནས། །ཤིན་ཏུ་འབར་བའི་གསེར་མདོག་ཅན། །བདུད་རྩིས་གང་བའི་བུམ་པ་འཛིན། །སྐྱེ་རྒུའི་མ་ལ༴ ལི་ཁྲིའི་མདོག་མཚུངས་རབ་མཛེས་ཤིང༌། །ཤིང་རྟའི་སྟེང་ན་ཉི་དཀྱིལ་བཞུགས། །པདྨ་དམར་པོའི་སྡོང་བུ་འཛིན། །གཟི་བརྗིད་རྒྱས་ལ༴ ཀུན་ད་ལྟར་དཀར་ཟླ་བ་ནི། །བསིལ་ཟེར་བྱེད་པའི་དབུས་ན་བཞུགས། །ཀུ་མུད་ཏ་ཡི་སྡོང་བུ་འཛིན། །ཞི་མཛད་དེ་ལ༴ མིག་དམར་པདྨ་རཱ་གའི་མདོག །ར་སྐྱེས་བཞོན་ཞིང་ཁྲོ་ཚུལ་ཅན། །གྲི་གུག་དང་ནི་མི་མགོ་འཛིན། །མཐུ་ཆེན་དེ་ལ༴ གཟའ་ལྷག་མར་གད་ལྟར་ལྗང་ཞིང༌། །པདྨ་ལ་གནས་ཞི་བའི་སྐུ། །མཛེས་ཤིང་རབ་སྒེག་མདའ་གཞུ་འཛིན། བདེ་མཛད་དེ་ལ༴ དྲང་སྲོང་ཕུར་བུ་གསེར་མདོག་ཅན། །གླང་ཆེན་སྟེང་ན་རོལ་པས་བཞུགས། བགྲང་འཕྲེང་རོལ་བ་སྤྱི་བླུགས་འཛིན། །ཐུགས་རྗེ་ཅན་ལ༴ པ་སངས་གངས་རིའི་མདོག་མཚུངས་པ། །པདྨ་ལ་གནས་བཞད་པའི་ཞལ། །ཤེལ་འཕྲེང་དང་ནི་རིལ་བ་འཛིན། །ཕན་མཛད་དེ་ལ༴ སྤེན་པ་མིག་སྨན་ལྟར་གནག་ཅིང༌། །ལྷོ་ཕྱེ་ལ་ཞོན་འཇིགས་པའི་ཚུལ། །འཕྲེང་པ་དང་ནི་དབྱུག་གུ་འཛིན། །མཐུ་ཆེན་དེ་ལ༴ ལྷ་མིན་དབང་པོ་སྒྲ་གཅན་ནི། །སྐུ་མདོག་དམར་ནག་


TNT13_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་ཆེན་པོ། །ཕྱག་གཉིས་ཉི་མ་ཟླ་བ་འཛིན། །སྟོབས་ཆེན་དེ་ལ༴ མཇུག་རིངས་བྲག་རིའི་སྟེང་ན་བཞུགས། ཁ་དོག་སྐྱ་སངས་དྲག་པོའི་གཟུགས། །སྦྲུལ་ཞགས་དང་ནི་རལ་གྲི་འཛིན། །གཏུམ་ཆེན་དེ་ལ༴ གང་དག་ཤར་གྱི་ཕྱོགས་གནས་པའི། །སྨིན་དྲུག་དང་ནི་སྣར་མ་དང༌། །མགོ་ལག་ནམ་སོ་རྒྱལ་སྐག་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ལྷོ་ཡི་ཕྱོགས་ན་འཁོད་པ་ཡི། །མཆུ་དང་བྲེ་དབོ་མེ་བཞི་དང༌། །ནག་པ་ས་ག་ས་རི་དང༌། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གང་དག་ནུབ་ཀྱི་ཕྱོགས་གནས་པའི། །ལྷ་འཚམས་སྣོན་སྣྲུབས་ཆུ་སྟོད་དང༌། །ཆུ་སྨད་བྱི་བཞིན་གྲོ་ཞུན་ལ། །མཆོད་ཅིང་༴ བྱང་ཕྱོགས་གནས་པའི་མོན་གྲེ་དང༌། །མོན་གྲུ་ཁྲུམ་སྟོད་ཁྲུམ་སྨད་དང༌། །ནམ་གྲུ་ཐ་སྐར་བྲ་ཉེ་ལ། །མཆོད་ཅིང་བསྟོད་དེ་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་དཔལ་ལྡན་པ། །མར་གད་མདོག་མཚུངས་པི་ཝཾ་འཛིན། །དྲི་ཟའི་ཚོགས་ལ་དབང་བསྒྱུར་བ། །ཡུལ་འཁོར་སྲུང་ལ༴ དཔའ་བོ་ཆེན་པོ་སྟོབས་པོ་ཆེ། ཁ་དོག་སྔོན་པོ་རལ་གྲི་འཛིན། །གྲུལ་བུ་ཚོགས་ལ་དབང་བསྒྱུར་པ། །འཕགས་སྐྱེས་པོ་ལ༴ མངའ་བདག་ཆེན་པོ་མཐུ་བོ་ཆེ། ཁ་དོག་དམར་པོ་སྦྲུལ་ཞགས་འཛིན། །ཀླུ་ཡི་ཚོགས་ལ་དབང་བསྒྱུར་བ། མིག་མི་བཟའ་ལ༴ སྡེ་དཔོན་ཆེན་པོ་གསེར་མདོག་ཅན། །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་ཚོགས་ལ་དབང་བསྐྱུར་བ། །རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ། །


TNT13_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཏོར་མ་རྣམས་ཆུས་སྦྱངས། བགེགས་གཏོར་ལ་ནི་ཆང་ཡང་སྒྲོན། ཨ་མྲྀ་ཏས་བསངས། སྭཱབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོ་ཆེན་པོར་འགྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱེཿ སརྦ་ཐཱ་ཁཾ་ཨུད་ག་དེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་སྔོན་འགྲོ་གཏོར་མའི་སྐབས་ལྟར་བྱིན་གྱིས་རླབས། ཨོཾ་མ་ནི་དྷཱ་རི་བཛྲི་ཎི་མཧཱ་པྲ་ཏི་སཱ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་ལ་སོགས་པས་སོ་སོར་འབྲང་མ་ལ་འབུལ། དེའི་རིགས་འགྲེས་ཏེ། ཨོཾ་ཨ་མྲྀ་ཏ་བ་རེ་པྲ་ཝ་ར་བི་ཤུདྡྷེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་ཨ་ཀ་རོ་སོགས་དང༌། ཨོཾ་ཨཱ་མྲྀ་ཏ་བི་ལོ་ཀི་ནི་གརྦྷས་མ་རཀྵ་ཎི་ཨ་ཀརྵ་ཎི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨ་ཀཱ་རོ༴ སོགས་དང༌། ཨོཾ་བི་མ་ལེ་བི་པུ་ལེ་བི་པཱུ་ལེ་ཛ་ཡ་ཝ་རེ་ཨ་མྲྀ་ཏ་བི་ར་ཛེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨ་ཀཱ་རོ༴ སོགས་དང༌། ཨོཾ་བྷ་ར་བྷ་ར་སམྦྷ་ར་སམྦྷ་ར་ཨིནྡྲ་ཡ་པ་ལ་བི་ཤྭ་དྷ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་རུ་རུ་ཙ་ལ་སྭཱཧཱ། ཨོཾ་ཨ་ཀཱ་རོ་མུ༴ བཏགས་ཏེ། བཅོམ་ལྡན་འདས་མ་བཞི་པོ་མ་འབུལ་ལོ། །ཨརྒྷཾ༴ ནས་ཤཔྟའི་བར་སྔགས་རྒྱས་བསྡུས་གང་རུང་གིས་མཆོད། ཡེ་ཤེས་ལྔའི་ངོ་བོ་ཉིད། །འགྲོ་བའི་དུག་ལྔ་སེལ་མཛད་པ། །སྲུང་བའི་འཕྲིན་ལས་བླ་ན་མེད། །ལྷ་མོ་ལྔ་ལ་ཕྱག་འཚལ་བསྟོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་


TNT13_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱིས་འཕྲིན་ལས་གཞོལ། བར་འདིར་སྒྲུབ་པ་པོ་རང་ཉིད་བསྟེན་ཅིང་སྒྲུབ་པའི་ཆོས་སྐྱོང་རྣམས་ཀྱི་གཏོར་བསྔོ་བྱ། དེ་ནས་ཕྱོགས་སྐྱོང་གི་གཏོར་མ་ཆ་གསུམ་གྱི་ནང་བཞིན་ཕུལ། དེ་ནས་རྒྱལ་ཆེན་བཞིའི་གཏོར་མ་ནི། ཨོཾ་ཌྷི་ཏ་རཥྟ་ཡེ་ཞེས་པ་ལ། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ༴ ཞེས་པ་ནས། ག་ག་ཎ་ཁཾ་གྲྀཧྞེ་དཾ་བ་ལིཾ། ཏ་ཡེ་སྭཱཧཱ། ཞེས་ནམ་མཁའ་མཛོད་ཀྱི་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་འབུལ། ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཚངས་པ་དང་ནི་བརྒྱ་བྱིན་དང༌། །འཇིག་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང༌། །འཕྲོག་མ་བུ་དང་བཅས་རྣམས་ཀྱིས། །བདག་གིས་མེ་ཏོག་སྤོས་རྣམས་དང༌། །གཏོར་མ་འདི་ནི་བླང་བར་མཛོད། །དེ་རྣམས་ཀྱི་ནི་བཙོན་འགྲུས་དང༌། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང༌། །ནད་རྣམས་ཐམས་ཅད་འཇོམས་གྱུར་ཅིག །བདག་ཅག་སློབ་དཔོན་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད། ཤར་ཕྱོགས་སུ་བདེ་ལེགས་སུ་གྱུར་ཅིག་སྭཱཧཱ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་མིང་དང་སྟོབས་དང་དབང་ཕྱུག་དང་གཟི་བྱིན་གྱིས། བདག་ཅག་སློབ་དཔོན་ཡོན་མཆོད་རྣམས་གདོན་ཐམས་ཅད་དང་གནོད་པ་ཐམས་ཅད་ལས་ཐར་བར་གྱུར་ཅིག་སྭཱཧཱ། ཞེས་སོ། སྟོད་སྨད་ཀུན་ཏུ་བདག་ཅག་དཔོན་སློབ་ཡོན་མཆོད་རྣམས་ཞེས་སོགས་ཀྱི་ཚབ་ཏུ་གཞན་དམིགས་བསལ་ཡོད་ན་དེའི་མིང་བཅུག །ཆོ་ག་དེས་གཞན་གསུམ་ལའང་རིགས་འགྲེས་ཏེ། ཨོཾ་བི་རུ་དྷ་ཀ་ཡ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ སོགས་ལན་གསུམ། ཚངས་པ་དང་ནི༴


TNT13_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ལྷོ་ཕྱོགས་སུ་བདེ་ལེགས་སུ་གྱུར་ཅིག་སྭཱཧཱ། རྒྱལ་པོ་ཆེན་པོ་འཕགས་སྐྱེད་པོའི་མིང་དང༌། ཞེས་པ་ནས། ཐར་བར་གྱུར་ཅིག་སྭཱཧཱ། དེ་བཞིན་དུ། ཨོཾ་བི་རུ་པཀྵ་ཡ་ནཱ་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ སོགས་ལན་གསུམ། ཚངས་པ་དང་ནི༴ ནས། ནུབ་ཕྱོགས་སུ་བདེ་ལེགས་སུ་གྱུར་ཅིག་སྭཱཧཱ། རྒྱལ་པོ་ཆེན་པོ་མིག་མི་བཟང་གི་མིང་དང་༴ ནས། ཐར་བར་གྱུར་ཅིག་སྭཱཧཱ། དེ་བཞིན་དུ། ཨོཾ་བཻཤྲ་བ་ཎ་ཡེ་ན་མཿསརྦ་ཏ་ཐ་ག་ཏ་བྷྱོཿ སོགས་ལན་གསུམ། ཚངས་པ་དང་ནི༴ ནས། བྱང་ཕྱོགས་སུ་བདེ་ལེགས་སུ་འགྱུར་ཅིག་སྭཱཧཱ། །རྒྱལ་པོ་ཆེན་པོ་རྣམ་ཐོས་བུའི་མིང་དང༌། ནས། ཐར་བར་གྱུར་ཅིག་སྭཱཧཱ། དེ་ནས་དབུས་ཀྱི་གཏོར་མ་བྱེད་དེ། གོང་ཕྱོགས་སྐྱོང་གི་ནང་དུ་ཚང་བས་ལོགས་སུ་མེད་ཀྱང་ཆོག་མོད། བྱེད་པར་སྤྲོ་ན། ཨོཾ་པྲ་མཧཱ་བ་སུ་དྷ་རི་ཎི་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ སོགས་ལན་གསུམ། ཚངས་པ་དང་ནི༴ ནས། སྟེང་དང་འོག་དང་ཕྱོགས་མཚམས་ཐམས་ཅད་དུ་བདེ་ལེགས་སུ་གྱུར་ཅིག་སྭཱཧཱ། དེ་བཞིན་གཤེགས་པ་ཐམས་ཅད་དང་ཚངས་པ་དང་སའི་ལྷ་རྣམས་ཀྱི་མིང་དང༌། ནས། ཐར་བར་གྱུར་ཅིག་སྭཱཧཱ། ཞེས་བྱ་ཏེ། སྐབས་འདིར་སྒྲུབ་པ་པོ་དཔོན་སློབ་ཕྱོགས་སོ་སོར་འགྲོ་བར་བྱ་བ་སྲོལ་ཡོད་མོད་ཕྱི་རོལ་དུ་མཐོ་རྩིགས་ཡོད་ན་དེ་བཞིན་དུ་བྱ་ལ། །མེད་ན་དེ་ལྟར་མི་དགོས་སོ། །དེ་ནས་གཟའ་དང་སྐར་མའི་གཏོར་མ་ནི། ཨོཾ་མེ་གོལྐ་ཡ་སྭཱཧཱ། ཞེས་པ་ནས། ཨོཾ་བྷ་ར་ཎི་སྭཱཧཱ།


TNT13_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་བར་ལ་འགྲུབ་ན་སྔགས་རེ་རེ་བཞིན། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿསོགས། ནམ་མཁའ་མཛོད་ཀྱི་གཏོར་སྔགས་བཏགས་པ་ལན་གསུམ་གསུམ་གྱིས་འབུལ། བསྡུ་ན་སྔགས་རྣམས་སྟེབས་གཅིག་ཏུ་བརྗོད་པའི་མཐར། ནམ་མཁའ་མཛོད་ཀྱི་སྔགས་ཚར་གཅིག་བཏགས་པ་ལན་གསུམ་གྱི་གཟའ་སྐར་རྣམས་ལ་འབུལ། ཨོཾ་ཉི་མ་དང་ནི་ཟླ་བ་དང༌། །ཕུར་བུ་དང་ནི་པ་སངས། །དམན་པ་བཀྲ་ཤིས་ལྷག་པ་དང༌། །སྒྲ་གཅན་དུ་བ་མཇུག་རིངས་ཏེ། །འཇིག་རྟེན་དུ་ནི་ཟད་འཕེལ་བྱེད། གཟི་ཆེན་རྫུ་འཕྲུལ་ཆེན་པོ་དག །རབ་ཏུ་དང་བའི་སེམས་ཀྱི་སུ། །རིགས་སྔགས་རྗེས་སུ་ཡི་རང་བྱོས། །དེ་དག་གིས་ཀྱང་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་སྲུང་བར་གྱིས་ཤིག །ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་ཤོག་ཤིག །སྨིན་དྲུག་དང་ནི་སྣར་མ་དང༌། །མགོ་དང་ལག་དང་ནམ་སོ་དང༌། རྒྱལ་ནི་བཀྲ་ཤིས་ཕུན་སུམ་ཚོགས། །དེ་ལྟར་སྐག་ཏེ་བདུན་པོ་ཡིན། དེ་ལྟར་རྒྱུ་སྐར་བདུན་པོ་དེ་དག་ནི། ཤར་གྱི་ཕྱོགས་ན་གནས་པ་དག་སྟེ། ཤར་ཕྱོགས་སྐྱོང་ཞིང་སྲུང་བར་བྱེད་པ་དག་གོ །དེ་དག་གིས་ཀྱང་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྲུང་བར་གྱིས་ཤིག །ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་ཤོག་ཤིག །འདིས་འོག་མ་སྡེ་ཚན་གསུམ་ལའང་རིགས་འགྲེ་སྟེ། མཆུ་ནི་མི་ཟད་འཇོམས་པ་དང༌། །དེ་བཞིན་བྲེ་དང་དབོ་དང་ནི། །


TNT13_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

མེ་བཞི་ནག་པ་ས་རི་དང༌། །ས་ག་དེ་ལྟར་བདུན་པོའོ། །དེ་ལྟར་རྒྱུ་སྐར་བདུན་པོ་དེ་དག་ནི། ལྷོའི་ཕྱོགས་ན་གནས་པ་དག་སྟེ། ལྷོ་ཕྱོགས་སྐྱོང་ཞིང་སྲུང་བར་བྱེད་པ་དག་གོ །དེ་དག་གིས་ཀྱང་བདག་ཅག༴ ནས། མཐོང་བར་ཤོག་ཅིག །ལྷ་འཚམས་གཟི་བརྗིད་ཆེན་མོ་དང༌། །དེ་བཞིན་སྣྲོན་དང་སྣྲུབས་དང་ནི། །ཆུ་སྟོད་དང་ནི་ཆུ་སྨད་དང༌། །བྱི་བཞིན་དང་ནི་གྲོ་ཞུན་ཏེ། དེ་ལྟར་སོགས། ནུབ་ཀྱི་ཕྱོགས་ན་སོགས། ནུབ་ཕྱོགས་སྐྱོང་ཞིང་ནས། མཐོང་བར་ཤོག་ཅིག །མོན་གྲུ་དང་ནི་མོན་བྲེ་དང༌། ཁྲུམས་སྟོད་དང་ནི་ཁྲུམས་སྨད་དང༌། །ནམ་གྲུ་ཐ་སྐར་བྲ་ཉེ་སྟེ། །རྒྱུ་སྐར་མཐུ་དང་དཔལ་ལྡན་པའོ། །དེ་ལྟར་སོགས། བྱང་གི་ཕྱོགས་ནས། བྱང་ཕྱོགས་སྐྱོང་ཞིང་ནས། མཐོང་བར་ཤོག་ཅིག ཨོཾ་རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱིས། །ལམ་དང་ལམ་མིན་གནས་པ་བཞི། །བཀྲ་ཤིས་ལྡན་དང་ཀུན་ཤེས་དང༌། །གང་པོ་དགའ་བ་དཔལ་རྣམས་སོ། ཞེས་པ་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ སོགས་བཏགས་ཏེ་ལན་གསུམ། ཨོཾ་རྒྱལ་པོ་ཆེན་པོ༴ ཞེས་པ་ནས། དཔལ་རྣམས་སོ། ཁྱེད་རྣམས་ལ་གསོལ་ལོ། །གསོལ་བ་འདེབས་སོ་འདས་པ་དང་མ་བྱོན་པ་དང༌།


TNT13_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟར་བྱུང་བས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་སྲུང་བ་དང༌། ཡོངས་སུ་སྐྱབས་པ་དང༌། ཡོངས་སུ་བཟུང་བ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་བཟློག་པར་གྱིས་ཤིག །ཨོཾ་ལག་ན་རྡོ་རྗེའི་བུ་མཐུ་བོ་ལག་མྱུར་ཞེས་བྱ་བ་གྲོང་ཁྱེར་ཁོར་ཡུག་ན་གནས་པའོ། །ན་མཿསརྦ་ཏཱ་ཐཱ་ག་ཏ་བྷྱོཿ སོགས་ལན་གསུམ། ཨོཾ་ལག་ན་རྡོ་རྗེའི་ནས། གནས་པའོ། ཁྱེད་རྣམས་ལ་གསོལ་ལོ། །གསོལ་བ་འདེབས་སོ༴ ནས། བཟློག་པར་གྱིས་ཤིག །ཨོཾ་སྟོབས་ལྡན་དྲི་མེད་སྒྲ་ཆེན་དང༌། །རབ་གཉེན་འཇིགས་བྱེད་འཛམ་བུ་མགྲིན། །མཆོག་ལེན་བླ་མ་གྲགས་མ་དང༌། །མཐབ་དགའ་མ་དང་སྣང་གྲགས་མ། །རྩེ་མོ་དགའ་དང་ས་འཛིན་དང༌། །འཐབ་འཇུག་མ་སྟེ་བཅུ་བཞིའོ། །ཙ་ཏུ་ར་ད་ཤ་མཧཱ་རཀྞ་སི། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ སོགས་ལན་གསུམ། ཨོཾ་སྟོངས་ལྡན༴ ནས། བཅུ་བཞིའོ། །ཁྱེད་རྣམས་ལ་གསོལ་ལོ། །ནས། བཟློག་པར་གྱིས་ཤིག ཨོཾ་རྭ་དང་ཐུབ་མེད་ངན་སློབ་དང༌། །ཕྲ་མ་ཅན་དང་བྲན་མོ་དམར། རབ་ཆེན་མ་དང་མིག་བཟང་མ། བརྒྱད་པ་འཇིགས་བྱེད་མ་ཡིན་ནོ། །ཨཥྟ་མཧཱ་རཀྵ་སི་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོཿ སོགས་ལན་གསུམ། ཨོཾ་རྭ་དང་༴ ནས། ཡིན་ནོ། །ཁྱེད་རྣམས་ལ་གསོལ་ལོ༴ ནས། བཟློག་པར་གྱིས་ཤིག ཨོཾ་གཟི་བརྗིད་མཆོག་དང་དགའ་རྩེགས་དང༌། །སྣ་ཚོགས་སྦྱིན་


TNT13_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་དེ་བཞིན་དུ། །བྲན་མོ་དཀར་བཟང་འཇུག་གདོང་དང༌། །གྲོང་ཁྱེར་ཁོར་ཡུག་མ་དང་ནི། །བདུན་པ་རིགས་སྲུངས་མོ་ཞེས་བྱ། །སཔྟ་མཧཱ་རཀྵ་སི་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ སོགས་ལན་གསུམ། ཨོཾ་གཟི་བརྗིད༴ ནས། ཞེས་བྱ། ཁྱེད་རྣམས་ལ་གསོལ༴ ནས། བཟློག་པར་གྱིས་ཤིག ཨོཾ་ཀཱ་ལི་མཧཱ་རཀྵ་སི་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ སོགས། སྲིན་མོ་ནག་མོ་ཆེན་པོ་བུ་སྟོང་དང་ལྡན་པ་ལ་གསོལ་ལོ་ནས། བཟློག་པར་གྱིས་ཤིག ཨོཾ་རྟག་ཏུ་མྱོས་དང་རྗེས་སུ་མྱོས། །སྟོབས་ཀྱི་རྒྱགས་དང་འོད་མའི་སྦུབས། །འབྱོར་ལྡན་མ་རྣམས་གནོད་སྦྱིན་ནི། །འབུམ་ཕྲག་བདུན་ཅུ་རྩ་བདུན་བཅས། །འཛམ་གླིང་མི་རྣམས་སྲུང་ཞིང་སྐྱོང༌། པཉྩ་མཧཱ་རཀྵ་སི་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ སོགས་ལན་གསུམ། ཨོཾ་རྟག་ཏུ་ནས། སྲུང་ཞིང་སྐྱོང༌། ཁྱེད་རྣམས་ལ་གསོལ་ལོ། ནས། ཆད་པ་བཟློག་པར་གྱིས་ཤིག ཅེས་པའི་བར་བྱ་སྟེ། སྤྱིར་ནི་དེ་ཙམ་གྱིས་ཆོག་ལ། སྤྲོས་པ་ལ་དགའ་ན། དེ་ཡན་ཆད་ཀྱིས་གཏོར་ཚན་རེ་རེའི་འགོར། གཏོར་མ་བྱིན་རླབས་རེ་རེ་སྦྱར་ཞིང༌། རྒྱལ་པོ་ཡུལ་འཁོར་སྲུང་མན་ཆད་ཀྱི་གཏོར་ཚན་ཐམས་ཅད་ལ། གཏོར་མའི་རྗེས་སུ་ཨརྒྷཾ༴ སོགས་ཀྱི་མཆོད་པ་དེ་ཡང་འཇུག གསོལ་འདེབས་ཚིག་ལྷུག་པའི་རྗེས་སུ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། རྣལ་འབྱོར་བདག་ཅག་འཁོར་བཅས་ལ། སོགས་ཀྱི་འདོད་དོན་གསོལ་བཏབ་ཏེ་བྱས་ན་ཡང་ལེགས་པར་འགྱུར་རོ། །མཆོད་པའི་རྗེས་སུ་བསྟོད་པ་ཡང༌། རྒྱུ་སྐར་ཡན་ཆད་


TNT13_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོང་དུ་བསྟན་པ་བཞིན་དང༌། དེ་མན་ཆད་ཀྱི་གཏོར་ཚན་བདུན་པོ་ལ། བསྟོད་པ་ནི་ལོགས་སུ་མེད་ཀྱང་ཆོག་མོད། སྤྲོ་ན། ཨོཾ་རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱི། །ལམ་དང་ལམ་མིན་གནས་པ་བཞི། །བཀྲ་ཤིས་ལྡན་དང་ཀུན་ཤེས་དང༌། །གང་པོ་དགའ་བའི་དཔལ་རྣམས་སོ། །གང་དེའི་མིང་རུས་ཤིས་པ་ལ། །རྒྱལ་པོ་ཆོམ་རྐུན་མེ་དང་ཆུ། །མི་དང་མི་མིན་འཇིག་པ་མེད། ཁྱེད་རྣམས་ལ་ཡང་བསྟོད་ཕྱག་འཚལ། ཞེས་དང༌། མཁའ་ལ་ཡོངས་སུ་སྤྱོད་པ་ཡི། །གྲོང་ཁྱེར་ཁོར་ཡུག་ཅེས་བྱ་ན། །རོལ་ཞིང་རྩེ་བ་ལག་མྱུར་མིང༌། །ལག་ན་རྡོ་རྗེ་བུ་ཐུ་བོ། །གང་དེའི་མིང་རུས་ཤེས་པ་ལ། །རྒྱལ་པོ་ཆོམ་རྐུན་མེ་དང་ཆུ། །མི་དང་མི་མིན་འཇིགས་པ་མེད། །ཁྱེད་རྣམས་ལ་ཡང་བསྟོད་ཕྱག་འཚལ། །ཨོཾ་སྟོབས་ལྡན་དྲི་མེད་སྒྲ་ཆེན་དང༌། །རབ་གཉེན་འཇིགས་བྱེད་ཛམ་བུ་མགྲིན། །མཆོག་ལེན་བླ་མ་གྲགས་མ་དང༌། །འཐབ་དགའ་མ་དང་སྣང་གྲགས་མ། །རྩེ་མོ་དགའ་དང་ས་འཛིན་དང༌། །འཐབ་འཇུག་མ་སྟེ་བཅུ་བཞིའོ། །བྱང་ཆུབ་སེམས་དཔའི་སྐུ་སྲུང་མ། །སྲིན་མོ་ཆེན་མོ་མཐུ་ཆེན་རྣམས། གང་དེའི་མིང་རུས་ཤིས་པ་ལ། །རྒྱལ་པོ་ཆོམ་རྐུན་མེ་དང་ཆུ། །མི་དང་མི་མིན་འཇིགས་པ་མེད། ཁྱེད་རྣམས་ལ་ཡང་བསྟོད་ཕྱག་འཚལ། ཨོཾ་རྭ་དང་ཐུབ་མེད་ངན་སློབ་དང༌། ཕྲ་མ་ཅན་དང་བྲན་མོ་དམར། །རབ་ཆེན་མ་དང་མིག་བཟང་མ། །བརྒྱད་པ་འཇིགས་བྱེད་མ་ཡིན་ནོ། །སྐྱེས་པ་བུད་མེད་གཉིད་ལོག་གམ། །མ་ལོག་ན་ཡང་གཟི་བརྗིད་


TNT13_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག །གང་དེས་མིང་རུང་ཤེས་པ་ལ། །རྒྱལ་པོ་ཆོམ་རྐུན་མེ་དང་ཆུ༌། །མི་དང་མི་མིན་འཇིགས་པ་མེད། ཁྱེད་རྣམས་ལ་ཡང་བསྟོད་ཕྱག་འཚལ། །ཨོཾ་གཟི་བརྗིད་མཆོག་དང་དགའ་རྩེགས་དང༌། །སྣ་ཚོགས་སྦྱིན་སྤོང་དེ་བཞིན་དུ། །བྲན་མོ་དཀར་བཟང་འཇུག་གདོང་དང༌། །གྲོང་ཁྱེར་ཁོར་ཡུག་མ་དང་ནི། །བདུན་པ་རིགས་སྲུང་མོ་ཞེས་བྱ། །དེ་དག་ཁྲག་གི་དྲི་ཚོར་ན། །དཔག་ཚད་བརྒྱར་ཡང་རྒྱུག་པར་བྱེད། །གང་དེའི་མིང་རུས་ཤེས་པ་ལ། །རྒྱལ་པོ་ཆོམ་རྐུན་མེ་དང་ཆུ། །མི་དང་མི་མིན་འཇིགས་པ་མེད། ཁྱེད་རྣམས་ལ་ཡང་བསྟོད་ཕྱག་འཚལ། །སྲིན་མོ་ནག་མོ་ཆེན་མོ་ནི། །རྒྱ་མཚོ་ཆེན་པོའི་ངོགས་ན་གནས། །ནུབ་རེར་དཔག་ཚད་བརྒྱད་ཁྲིར་རྒྱུག །བུ་ནི་སྲིན་པོ་སྟོང་དང་བཅས། །གང་དེའི་མིང་རུས་ཤེས་པ་ལ། །རྒྱལ་པོ་ཆོམ་རྐུན་མེ་དང་ཆུ། །མི་དང་མི་མིན་འཇིགས་པ་མེད། ཁྱེད་རྣམས་ལ་ཡང་བསྟོད་ཕྱག་འཚལ། །ཨོཾ་རྟག་ཏུ་མྱོས་དང་རྗེས་སུ་མྱོས། །སྟོབས་ཀྱི་རྒྱགས་དང་འོད་མའི་སྤུབ། །འབྱོར་ལྡན་མ་རྣམས་གནོད་སྤྱིན་ནི། །འབུམ་ཕྲག་བདུན་བཅུ་རྩ་བདུན་བཅས། གང་དེའི་མིང་རུས་ཤེས་པ་ལ། །རྒྱལ་པོ་ཆོམ་རྐུན་མེ་དང་ཆུ། །མི་དང་མི་མིན་འཇིགས་པ་མེད། ཁྱེད་རྣམས་ལ་ཡང་བསྟོད་ཕྱག་འཚལ། །སོགས་གོང་བཞིན་སྦྱར་བས་ལེགས་པར་འགྲུབ་བོ། །འོན་ཀྱང་དཀྱུས་སུ་སྦྱར་བ་ནི་འབྲིང་པོ་ཉིད་དེ། །འདི་དག་ལ་གཏོར་འབུལ་གྱི་ཕྱག་རྒྱ་པད་སྐོར་སྔོན་དུ་འགྲོ་བས་རྡོ་རྗེ་ཐལ་མོ་ཁ་ཕྱེ་བ་ཡིན་ལ། གཏོར་སྔགས་ཀྱི་མགོའི་ཚིགས་བཅད་རྣམས་མ་


TNT13_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས། ཚིགས་བཅད་གཞན་རྣམས་ལ་གདངས་ཐུང་བཅུག་ནས་དྲིལ་གསིལ་བྱེད། ཚིག་ལྷུག་གི་སྨོན་ལམ་དང་འདོད་གསོལ་གྱི་སྐབས། གཏོར་མ་དང་དཀྱིལ་འཁོར་ཕྱོགས་ལ་མེ་ཏོག་བོར། རེ་རེའི་མཇུག་ཏུ་རོལ་ཆེན་དང་བཅས། གཙོ་མོ་ལྔའི་སྙིང་པོ་བཟླས་པའི་མཐར། གཏོར་མགྲོན་ལ་འདོད་གསོལ་དྲག་པོ་རེ་བྱའོ། །དེའི་རྗེས་སུ་དཀར་གཏོར་ཆ་བཞིའི་ནང་ནས་འབྱུང་བ་ལྟ་བུ་ཆོ་ག་གང་ཡང་རུང་བས་ཀླུ་གཏོར་དང་གཏོང་ཞིང་དེ་རྗེས་ཆ་གསུམ་ནས་འབྱུང་བ་ལྟར། འབྱུང་པོ་སྤྱི་གཏོར་དང་གཞི་བདག་གཏོར་མ་དང་བགེགས་གཏོར་ཡང་གཏོང་ངོ༌། །བོད་ཀྱི་བླ་མ་རྣམས་གྲྭ་ལྔའི་སྔོན་འགྲོ་གཏོར་མར་འདོད་པ་དེ་ཡང་གཙོ་བོར་བགེགས་གཏོར་དུ་སྣང་བས། སྤྲོ་ན་སྐབས་འདིར་གཏོང་རྒྱུ་ཡིན་མོད་ཀྱི། རེ་ཞིག་འདིར་མ་བྲིས་སོ། །གལ་ཏེ་གཏོར་ཆོག་ཤིན་ཏུ་བསྡུས་པ་ལ་མོས་ན། འདས་གཏོར་དང༌། རྒྱལ་ཆེན་བཞི་དང༌། ཆ་གསུམ་ཙམ་གྱིས་ཀྱང་ཆོག་གོ །དེ་ནས་གཙོ་མོའི་བུམ་པའམ་བུམ་པ་གཅིག་ལས་མེད་ན་ལྷ་བུམ་གདན་གཙང་མའི་སྟེང་དུ་བཤམས། སྟ་གོན་གྱི་སྐབས་སུ་བཤད་པ་ལྟར་སླར་ཡང་བུམ་པ་སྒྲུབ། དེ་རྗེས་དཀྱིལ་འཁོར་དང་བུམ་པ་དང༌། དཀར་ཕྱོགས་སྐྱོང་བ་ཐམས་ཅད་ལ་དམིགས་ནས། ཞི་བའི་དོན་དུ་མེ་ཏོག་དང༌། རྒྱས་པའི་དོན་དུ་དུར་བ་འབུལ་ཏེ། དེ་ཡང་མེ་ཏོག་བསངས་སྦྱངས། སྟོང་པའི་ངང་ལས། ཀུཾ་ཡིག་ལས་བྱུང་བའི་མེ་ཏོག་ཀུན་ད་དཀར་པོའི་ཕུང་པོར་གྱུར། ཨོཾ་མ་ཎི་དྷ་རི་བཛྲ་ཎི་མཧཱ་པྲ་ཏི་སྭ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། པུཥྤེ་པྲ་ཏིཙྪ་ན་མཿ ལན་བདུན་གྱི་མཐར་


TNT13_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཏེ། དབུས་ཀྱི་གཙོ་མོ་ལ་མེ་ཏོག་ཕུལ། དེ་བཞིན་དུ། ཨོཾ་ཨ་མྲྀ་ཏ་བ་རེ་སོགས་གཙོ་མོ་བཞི་པོ་ལའང་ལན་བདུན་བདུན་ཕུལ་ཏེ། བཅོམ་ལྡན་འདས་མ་སྲུང་བ་ལྔའི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས། བདག་ཅག་དཔོན་སློབ་ཡོན་མཆོད་རྣམས་ཀྱི། ནད་དང༌། གདོན་དང༌། བགེགས་དང༌། བར་དུ་གཅོད་པ་ཐམས་ཅད་ཤཱན་ཏིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་བརྗོད། དེ་བཞིན་དུ། ཨོཾ་ཨིནྡྲ་ཡ་སྭཱཧཱ། པུཥྤཾ་པྲ་ཏཱིཙྪ་ན་མ། ལན་གསུམ་གྱི་མཐར་མེ་ཏོག་དོར་ཏེ། པྲི་ཐི་བཱི་དེ་བཱིའི་བར་དུ་སྦྱར། ཕྱོགས་སྐྱོང་བ་བཅུ། སྲིད་པ་གསུམ་གྱི་འབྱུངཔོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་བདག་ཅག་དཔོན་སློབ་སོགས་ནས། ཀུ་རུ་ཡེ་སྭཱ་ཧཱའི་བར། ཨོཾ་མོ་གོ་ལྐཱ་ཡཾ་སྭཱཧཱ། པུཥྤཾ་པྲ་ཏཱིཙྪ་ན་མཿ ལན་གསུམ་གྱི་མཐར་མེ་ཏོག་དོར་དེ་བཞིན་དུ། ཛྱོ་ཏེ་ཀེ་ཏ་ཝེའི་བར་དུ་སྦྱར་ཏེ། གཟའ་ཆེན་པོ་དགུ་འཁོར་དང་བཅས་པ་རྣམས་ཀྱིས། བདག་ཅག་དཔོན་སློབ་ནས། ཀུ་རུ་ཡེ་སྭཱཧཱ། ཨོཾ་ཀརྟི་ཀ་ཡ་སྭཱཧཱ། པུཥྤེ་པྲ་ཏཱིཙྪ་ན་མཿ ལན་གསུམ་སོགས་བྷ་ར་ཎི་ཞེས་པའི་བར་དུ་སྦྱར། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་འཁོར་དང་བཅས་པ་རྣམས་ཀྱིས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ནས།ཀུ་རུ་ཡེ་སྭཱཧཱ། ཨོཾ་དྡྷི་ཏ་རཥྟ་ཡེ་སྭཱཧཱ། པུཥྤཾ་པྲ་ཏིཙྪ་ན་མཿ ལན་གསུམ་སོགས། བཻ་ཤྲ་མ་ཎའྀ་བར་དུ་སྦྱར་ནས། རྒྱལ་པོ་ཆེན་པོ་འཇིག་རྟེན་སྐྱོང་བ་སྟེ་


TNT13_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་འཁོར་དང་བཅས་པ་རྣམས་ཀྱིས། བདག་ཅག་དཔོན་སློབ་ནས།ཀུ་རུ་ཡེ་སྭཱཧཱ། དེས་རིགས་བསྒྲེས་ནས་དུར་བ་ལ་ཡང་འབུལ་ཏེ། བསངས་སྦྱངས། སྟོང་པའི་ངང་ལས། དུཾ་ལས་བྱུང་བའི་དུར་བ་གཞོན་ནུ་མྱུ་གུ་དང་བཅས་པ། ཕུན་སུམ་ཚོགས་པ་ཐམས་ཅད་འཕེལ་པའི་ནུས་པ་ཅན་དུ་གྱུར། ཨོཾ་མ་ཎི་དྷ་རི་བཛྲ་ཎི་མཧཱ་པྲ་ཏི་བ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། དུརྦ་ཏྲིཾ་ཎ་པྲ་ཏིཙྪ་ན་མཿཞེས་པ་ལན་བདུན་གྱིས་གཙོ་མོ་ལ་ཕུལ། དེ་བཞིན་དུ་གཞན་བཞི་ལའང་སྦྱར། བཅོམ་ལྡན་འདས་མ་སྲུང་བ་ལྔའི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ཀྱིས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ཚེ་དང་བསོད་ནམས་དང༌། དཔལ་དང་འབྱོར་པ་ཐམས་ཅད་པུཥྟཾ་ཀུ་རུ་ཡེ་ཨོཾ། དེ་བཞིན་དུ་གཞན་རྣམས་ལ་ཡང་སྦྱར་ཏེ། ཨོཾ་བཻ་ཤྲ་མ་ཎི་ཡེ་སྭཱཧཱ། དུརྦ་ཏྲི་ཎ་པྲ་ཏིཙྪ་ན་མཿ ལན་གསུམ། རྒྱལ་པོ་ཆེན་པོ་འཇིག་རྟེན་སྐྱོང་བ་སྡེ་བཞི་འཁོར་དང་བཅས་པ་རྣམས་ཀྱིས། བདག་ཅག་དཔོན་སློབ་ནས། ཀུ་རུ་ཡེ་ཨོཾ། ཞེས་པའི་བར་རོ། །དུར་བ་རྣམས་ཕྱོགས་གཅིག་ཏུ་སྡོམས་ཏེ། བྱང་བུམ་ལ་སོགས་པར་བཅུག་ནས་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་བཞག་གོ །དེ་དག་ནི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་ཡན་ལག་དང་བཅས་པའོ། །དེ་ནས་བདག་འཇུག་མི་བྱེད་ན། རྗེས་ཆོག་ཙམ་བྱས་པས། རྐྱེན་བཟློག་སོགས་རང་གཞན་གྱི་དོན་གང་ལ་ཡང་ཆོ་ག་ཚང་བར་འགྱུར་རོ། །བདག་འཇུག་བྱེར་པར་སྤྲོ་ན། འཇུག་པའི་དོན་དུ་མཎྜལ་ཕུལ། དགའ་ཆེན་ཁྱོད་བདག་སྟོན་


TNT13_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། སོགས་ཀྱི་གསོལ་བ་བཏབ། ཨཱ་ཁཾ་བཱི་ར་ཧཱུཾ། ལན་གཉིས་ཀྱིས་གདོང་གཡོགས་བཅིངས་ཤིང༌། མེ་ཏོག་བཟུང༌། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཀྱི་བགེགས་བསྐྲད། སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏ་ཡ་མི། སུ་ར་ཏེ་ས་མ་ཡ་སྟྭཾ། ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། རྡོ་རྗེ་སྙིང་གར་གཏུགས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་བཞུགས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཨ་ཁཱཾ་བཱི་ར་ཧཱུཾ་ཞེས་ཁྲིད་ནས། ཛཿཧཱུཾ་བཾ་ཧོཿ ཞེས་སྒོ་བཞི་ནས་ཞུགས། དངོས་སུ་ཡོལ་བ་བསལ་བའམ་བསལ་བར་མོས། ཨོཾ་ན་མ་ཏེ་ཧཱུཾ། ན་མོ་མཱི་ཧཱུཾ། ན་མོ་ན་མཿཧཱུཾ། ཞེས་ཕྱག་འཚལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་སོགས་རྒྱུན་བཤགས་བྱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། པྲཾ་ཧཱུཾ་མཾ་ཤཾ་གཾ་རྣམས་སུ་གྱུར། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་


TNT13_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཡིག་འབྲུའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། རང་གི་བ་སྤུའི་བུ་ག་རྣམས་ནས་ཐིམ། མདུན་བསྐྱེད་བཅོམ་ལྡན་འདས་མ་ལྔའི་ཐུགས་ཀ་ནས་ཀྱང་རང་དང་འདྲ་བའི་ལྷ་ཚོགས་དཔག་ཏུ་མེད་བྱོན་ཏེ། རང་ཉིད་ཀྱི་སྙིང་གར་ཐིམ་པར་གྱུར། རོལ་མོའི་སྒྲ་དང་བཅས། ཨོཾ་མ་ཎི་དྷ་རི་བཛྲི་ཎི་མཧཱ་པྲ་ཏི་ས་རི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། བཛྲ་ཨ་བེ་ཤ་ཡ་ཧཱུཾ། དེ་བཞིན་དུ་སྔགས་བཞི་པོའི་མཐར་ཡང་སྦྱར་ཏེ་ཡེ་ཤེས་ཕབ། ཏིཥྛ་བཛྲ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ་བསྟན་པར་བྱ། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་རྣམས་རིགས་ཀྱི་རིམ་པ་དང༌། བསོད་ནམས་ཅི་འདྲ་དེ་འདྲར་ཤོག །དེ་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག ལན་གསུམ་གྱིས་བདེན་སྟོབས་བརྗོད་ནས། ཨོཾ་པྲཏཱིཙྪ་བཛྲ་ཧོཿ ཞེས་མེ་ཏོག་ཕུལ། ཨོཾ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མཧཱ་བ་ལ། ཞེས་སྤྱི་བོར་བཅིངས། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་པ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་དྲ་ལཾ་ཧྲི་ཏྲཾ། མིག་དར་ཕྱེ། ཧེ་བཛྲ་པཱ་ཤྱ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དང་བ་རབ་ཏུ་སྐྱེད། ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་དང༌། །


TNT13_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀུན་ཁྱོད་མངོན་དུ་འགྱུར། །དམ་ཚིག་ཐམས་ཅད་སྐྱང་བ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་གསུམ་བཞིན་དུ་གསལ་བར་གྱུར། སློབ་མ་དབང་བསྐུར་གྱི་དུས་སྐབས་འདིར་ལྷ་ངོ་སྟོན་ཞིང། ནད་གདོན་གྱི་གཙེས་པ་དང༌། བྱུར་ཆགས་ཡོད་པ་སོགས་ལ་བྱང་གྲོལ་བྱེད་ན་ཡང༌། ལྷ་ངོ་བསྟན་མ་ཐག་པའི་སྐབས་འདིར་བྱས་ན་ལེགས་ཏེ་རྒྱུ་མཚན་དུ་མ་ཡོད་དོ། །དེ་ནས་དངོས་གཞིའི་དོན་དུ་མཎྜལ་ཕུལ། ཨོཾ་མུ་ནི་མུ་ནི་མུ་ནི་བ་རེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་པའི་དབང་བསྐུར་བ། རྡོ་རྗེའི་གོ་ཆ་ཆེན་པོའི་ཕྱག་རྒྱས་རྒྱས་བཏབ་པ་ཐམས་ཅད་ཀྱིས། བདག་ལ་དབང་བསྐུར་དུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་དྷིཥྛི་ཏེ་མུ་དྲ་བཛྲ་སྭཱཧཱ། ལན་གསུམ། དཀྱིལ་འཁོར་གྱི་ལྷ་ལ་སློབ་དཔོན་གྱི་གསོལ་བ་བཏབ་པར་ཡང་མོས་ཏེ། བདག་ལ་ཞེས་པ་འདི་ལ་ཞེས་པར་འདོན་པ་བསྒྱུར། དེ་ནས་བུམ་པ་ལྔ་ཡོད་ན་གཞན་རྣམས་ཀྱི་ཆུ་གཙོ་བུམ་དུ་བསྡུས། མེད་ན་ལྷ་བུམ་གཅིག་པོ་ཉིད་ཐོགས། བདུག་སྤོས་བརྟུལ། མེ་ཏོག་མཐོར་བཞིན་དུ། ཨོཾ་ཕུན་སུམ་ཚོགས་པ་མངའ་བ༴ སོགས་ཀྱི་བཀྲ་ཤིས་བརྗོད། བུམ་པའི་ནང་དུ། ལྷ་ལྔ་བཞུགས་པ་ལས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་བཞུགས། ལུས་ཀྱི་ནང་ཐམས་ཅད་གང་བར་གྱུར། ཨོཾ་མ་ཎི་དྷ་རི་བཛྲི་ཎི་མཧཱ་པྲཏི་པཱ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ལན་གསུམ་ལ་སོགས་པ་དང༌། དེ་བཞིན་དུ་བཅོམ་


TNT13_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་མ་བཞི་པོའི་སྔགས་ལའང་སྦྱར། བསྡུ་ན་དེ་ཙམ་གྱིས་ཆོ་ག་ལ། སྤྲོ་ན། ཨོཾ་ཨིནྡྲ་ཡ་སྭཱཧཱ། བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པ་ནས། ཨོཾ་བཻ་ཤེ་མ་ཎ་ཡ་སྭཱཧཱ། བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པའི་བར་དུ་ཡང་སྦྱར་ཏེ་ཆུ་དབང་བསྐུར་རོ། །དེ་ནས་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་པོར་གཏུགས་ཏེ། ཨོཾ་ཏ་ཐཱ་ག་ཏ་ཏོ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་ཅོད་པན་གྱི་དབང་བླང༌། དེ་ནས། རང་གི་སྤྱི་བོར་སོ་སོར་འབྲང་མ། ཕྲག་པ་གཡས་སུ་སྟོང་ཆེན་རབ་འཇོམས། གཡོན་དུ་རྨ་བྱ་ཆེན་མོ། མཆན་ཁུང་གཡས་སུ་གསང་སྔགས་རྗེས་འཛིན། གཡོན་དུ་བསིལ་བའི་ཚལ་རྣམས་བཞུགས་ཏེ། སྲུང་བ་ཆེན་པོ་མཛད་པར་གྱུར། གནས་དེ་རྣམས་སུ་རྡོ་རྗེ་གཏུགས་ཤིང༌། ཨོཾ་མ་ཎི་སོགས་ཀྱིས་མཐར། རཀྵ་རཀྵ་མཾ། ཨོཾ་ཨ་མྲྀ་ཏ་བ་རེ་སོགས། རཀྵ་རཀྵ་མམ། ཨོཾ་ཨ་མྲྀ་ཏ་བི་ལོ་སོགས། རཀྵ་རཀྵ་མམ། ཨོཾ་བི་མ་ལེ་སོགས་རཀྵ་རཀྵ་མཾ། ཨོཾ་བྷ་ར་སོགས། རཀྵ་རཀྵ་མཾ། ཨོཾ་ཨིནྡྲ་ཡ་སོགས། རཀྵ་རཀྵ་མཾ། ཞེས་པ་ནི་ལྷའི་བསྲུང་བའོ། །དེ་ནི་ཆུ་ཅོད་པན་གྱི་དབང་གི་ཡན་ལག་གོ །དེ་ནས་སློབ་མ་ལ་དབང་བསྐུར་བའི་དུས་ཡིན་ན། མེ་ལོང་ལ་སོར་འབྲང་གི་སྙིང་པོ་བྲིས་པ་བུམ་ཆུས་བཀྲུས་ཏེ། སློབ་མ་ལ་འཐུང་དུ་གཞུག་པ་ཡིན། བདག་འཇུག་གི་སྐབས། ཁྲུས་བུམ་གྱི་ཆུ་ནས་ཅུང་ཟད་བཏུངས་ཏེ། མ་ཎི་དྷ་རི་སོགས་སྔགས་ལྔ་པོ་ཚར་གཅིག་བརྗོད། འདི་ལ་སྔགས་ཀྱི་སྲུང་བ་ཞེས་ཟེར་ཡང༌། སྔགས་དབང་དངོས་ཡིན་པས། དེའི་རྗེས་སུ་བཟླས་ལུང་དང་དམ་བཅའ་བ་དང་བྱིན་རླབས་ཀྱི་ལུང་རྣམས་བྱས་ཀྱང་ཤིན་ཏུ་ལེགས་ཞིང༌། གང་ལྟར་ཡང་དབང་གི་དངོས་གཞི་ནང་ཚན།


TNT13_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

གལ་པོ་ཆེ་ཞིག་ཡིན་པ་ཞེས་པར་བཟུང་ངོ༌། །དེ་ནི་སློབ་མ་ལ་དབང་བསྐུར་ན། འོ་ཐུག་སྨན་དང་བཅས་པ་སྦྱིན་དགོས་ཤིང༌། བདག་འཇུག་ལ་ནི་ཁྲུས་བུམ་གྱི་ཆུ་ནས་བཏུངས་ཏེ། སངས་རྒྱས་རྣམ་གཟིགས་གཟི་བརྗིད་དང༌། །གཙུག་ཏོར་ཅན་གྱི་སྟོབས་རྣམས་དང༌། །ཐམས་ཅད་སྐྱོབ་ཀྱི་བདེན་ཚིག་དང༌། །ལོག་དད་སེལ་གྱི་ཏིང་འཛིན་དང༌། །གསེར་ཞེས་བྱ་བའི་ཡེ་ཤེས་དང༌། །འོད་སྲུངས་ཀྱི་ནི་རྫུ་འཕྲུལ་དང༌། །ཤཱཀྱ་སེངྒེའི་མཐུ་རྣམས་ཀྱིས། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །རླུང་ལས་གྱུར་དང་མཁྲིས་ལས་གྱུར། །པད་དཀན་གྱུར་དང་འདུས་ལས་གྱུར། ནད་རྣམས་ཐམས་ཅད་རབ་བཅོམས་ཏེ། ཁྱེད་ལ་རྟག་ཏུ་བདེ་ལེགས་ཤོག །དེ་ལ་ནི་ཁ་ཟས་ཀྱི་སྲུང་བ་ཞེས་ཟེར་ཏེ། དགའ་སྟོན་གྱི་ཚུལ་ལོ། །བདེན་པ་དང་བདེན་པའི་ཚིག་གང་གིས། སེམས་ཅན་རྐང་པ་མེད་པའམ། རྐང་པ་གཉིས་པའམ། རྐང་པ་བཞི་པའམ། རྐང་མང་ངམ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་ཅན་མ་ཡིན་པའམ། འདུ་ཤེས་མེད། འདུ་ཤེས་མེད་མིན་གྱི་སེམས་ཅན་ཇི་སྙེད་པ་དེ་དག་ལས། དེ་བཞིན་གཤེགས་པ་མཆོག་ཅེས་བྱ་བ་དང༌། བདེན་པ་དང་བདེན་པའི་ཚིགས་གང་གིས། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཇི་སྙེད་ཡོད་པ་དེ་དག་གིས་ནང་ནས། འདོད་ཆགས་དང་བྲལ་བ་མཆོག་ཅེས་བྱ་བ་དང༌། བདེན་པ་དང་བདེན་པའི་ཚིག་གང་གིས།


TNT13_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའམ་རིང་དུས་པའམ། མང་པོའམ། འཁོར་ཇི་སྙེད་ཡོད་པ་དེ་དག་གི་ནང་ནས། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མཆོག་ཅེས་བྱ་སྟེ། བདེན་པ་དང་བདེན་པའི་ཚིག་དེ་རྣམས་ཀྱིས། བདག་ཅག་དཔོན་སློབ་ཡོན་མཆོད་རྣམས་ལ་སྲུང་བར་བྱའོ། །ཡོངས་སུ་སྐྱབ་པ་དང༌། ཡོངས་སུ་བཟུང་བ་དང༌། ཡོངས་སུ་སྐྱངས་བ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བར་བྱའོ། །མཚམས་བཅད་པར་བྱའོ། །འབྱུང་པོ་ཐམས་ཅད་བཟློག་པར་བྱའོ། །གཟི་བརྗོད་འཕྲོག་པ་རྣམས་བཟློག་པར་བྱའོ། །ནད་རིགས་བཞི་བརྒྱ་རྩ་བཞི་ཟད་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །ཅེས་པ་ནི་བདེན་སྟོབས་བརྗོད་པས་བསྲུང་བའོ། །དེ་ནས་རང་ངམ་སྒྲུབ་བྱ་ལ་མེ་ཏོག་གཏོར་ཏེ། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ༴ ཚོགས་ཀྱི་མཆོག་རབ་ལྷ་མིས་མཆོད་འོས་པ། །དགེ་བདུན་ཕྱག་འཚལ༴ འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོར་ཀྱང་རུང༌། །སྐྱེ་རྒུ་ཀུན་ལ་རྟག་ཏུ་བྱམས་བྱེད་ཅིང༌། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་གྱུར་ཅིག །འདི་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གི །ཤིན་ཏུ་བདེན་པ་གསུངས་ཞིང་བརྫུན་མེད་པ། །བདེན་པ་


TNT13_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིས་འདིར་ནི་བདེ་ལེགས་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག ཅེས་པ་ནི་ཤིས་བརྫོད་དོ། དེ་རྗེས། གཙོ་བོས་ཇི་ལྟར་བཀའ་སྩལ་པ་སོགས་དང༌། མཎྜལ་འབུལ། དེང་ནས་བརྩམས་ཏེ༴ སོགས་བྱ། སྔར་བུམ་བསྐྱེད་དང༌། སྟ་གོན་གྱི་ལྷའི་སྐབས་སུ་བཤད་པ་ལྟ་བུ་གང་ཡང་རུང་བའི་རྗེས་མཆོག་བྱ་སྟེ། དེ་ཡང་མཆོད་པ་བྱིན་གྱིས་རླབས། མཆོད་བསྟོད་ཡིག་བརྒྱ་བཟོད་གསོལ་རྣམས་བྱ་ཞིང་རྡུལ་ཚོན་གྱི་ཞག་ཐ་མ་ཡིན་ན་གཤེགས་གསོལ་བྱེད་ཚུལ་སྤྱི་དང་འདྲ། རྟེན་གཞན་རྣམས་ལ་བརྟན་བཞུགས་བྱ། རྡུལ་མཚོན་ཡིན་ཡང་སྒྲུབ་མཆོད་ཞག་སྤྲེལ་མ་བྱེད་པའི་ཉི་མ་སྔ་མ་རྣམས་དང༌། རས་བྲིས་ཀྱི་དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཉིད་ལ་བརྟན་བཞུགས་བྱ་ཞིང༌། ཨོཾ་ཁྱོད་ཀྱྀ་སེམས་ཅན་དོན་ཀུན་མཛད། སོགས་ཀྱིས་མགྲོན་རྣམས་གཤེགས་སུ་གསོལ། གང་ལྟར་ཡང་མཇུག་ཏུ་སྨོན་ལམ་དང་བཀྲ་ཤིས་གང་འགྲུབ་བྱའོ། །རས་བྲིས་ལ་བརྟེན་ན་ཐིག་ཚོན་གྱི་བྱ་བ་ནམ་ཡང་མི་དགོས་པ་དེར་གདའ། ས་ཆོག་དང་སྟ་གོན་ནི་འགྲུབ་ན་ཤིན་ཏུ་ལེགས་ཤིང༌། མ་འགྲུབ་ན་དངོས་གཞི་ཁོ་ན་བྱེད་པའི་ལག་ལེན་སྤྱིར་ཡང་མང་དུ་གདའ་བ་དང༌། ལུགས་འདི་ཉིད་ལ་ཡང༌། ལག་ལེན་དེ་ལྟར་བྱེད་པ་མང་སྟེ། རུང་བ་ཙམ་དུ་ནི་མངོན་ནོ། །དཀྱིལ་འཁོར་ཆོ་ག་འདི་སྒྲུབས་པས། །དགེ་བ་ཅུང་ཟད་གང་ཐོབ་པ། །དེས་ནི་འགྲོ་བ་མ་ལུས་པ། །བླ་མེད་གོ་འཕང་ཐོབ་པར་ཤོག །ཅེས་སྲུང་བ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་བར་ཆད་ཀུན་སེལ་ཞེས་བྱ་བ་འདི་ཡང་དོན་གཉེར་དུ་མས་བསྐུལ་བའི་ངོར། ཏཱ་ར་ནཱ་ཐས་སྦྱར་བ་སྟེ་དཀྱིལ་


TNT13_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདི་ལ་བླ་མ་གོང་མ་རྣམས་ཀྱིས་ཆོག་སྒྲིགས་ཤིན་ཏུ་རྒྱས་པ་མཛད་འདུག་ནའང༌། འདིའམ་འདི་ལྟ་བུ་དག་ན། རྩ་བའི་དཀྱིལ་འཁོར་དུ་བཟུང་ནས། ཉན་བཤད་སྒོམ་སྒྲུབ་ལག་ལེན་རྩལ་འདོན་དུ་བྱེད་བའི་གྲྭ་ད་ལྟ་ནི་མེད་ལ་སྔར་ཡང་མ་བྱུང་ཞིང༌། ཕྱིས་ཀྱང་འབྱུང་དཀོན་ཏེ་དེས་ན་ཞོར་བྱུང་དུ་བྱེད་དགོས་པའི་རིགས་འདི་འདྲ་ལ། ཆོ་ག་སྤྲོས་པ་ཆེས་ན། རྩ་བ་ནས་ནུབ་པའི་ཉེན་ཡོད་ཅིང༌། དུས་ཀྱི་ཐ་མ་འདི་ལྟ་བུར་ཤེས་རབ་ཆུང་ངུའི་སྐྱེ་བོ་ཉི་ཚེ་ལྟ་བུར་སྣང་བས་འདི་འདྲའི་རིགས་ལ་དོན་ཚང་ཕྱིན་ཁྱེར་བདེ་བ་ཁོ་ན་ལེགས་པར་མཐོང་སྟེ། དེ་བཞིན་དུ་སྦྱར་བ་ཡིན་ནོ།། །།གཅིག་ཞུས།། །།

གཟུངས་གྲྭའི་ཆོ་ག་ལ་བརྟེན་ནས་བྱད་འགྲོལ་བྱེད་ཚུལ།


TNT13_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་གྲྭའི་ཆོ་ག་ལ་བརྟེན་ནས་བྱད་འགྲོལ་བྱེད་ཚུལ་བཞུགས། །ཨོཾ་སྭཱ་སྟི་ན་མོ་བུདྡྷ་ཡ། འདིར་གཟུངས་གྲྭ་ལྔའི་ཆོ་ག་ལ་བརྟེན་ནས་བྱད་འགྲོལ་བྱེད་པའི་ཚུལ་ལ། སྙིང་པོ་མདོར་བསྡུས་པ་ནི་འདི་ཡིན་ཏེ། དེ་ལ་དང་པོར་ཐབ་བཅའ་བ་ནི། དཀྱིལ་འཁོར་གྱི་ཤར་རམ་ཕྱོགས་ཇི་ལྟར་བདེ་བར་འགྲུབ་ན་ཞི་བའི་ཐབ་ཁུང་དངོས་སམ། སྤྱི་དང་མཐུན་པར་བྲིས་ཐབ་ལེགས་པར་འདུ་བྱ། དེ་ལྟར་བྲི་བ་མ་ལྕོགས་ན། རྫ་གཞོང་ངམ་ལྕགས་ཟངས་ཀྱི་སྣོད་དུ། པདྨ་དཀར་པོ་འདབ་བརྒྱད་བྲིས། ལྷ་ལྔའི་ཚོམ་བུ་བཀོད་དེ། སོ་སོའི་སྐུ་མདོག་དང་མཐུན་པའི་ངེས་པའམ། ཡང་ན་ལྔ་ཆར་དཀར་པོར་བྱས་པས་ཀྱང་རུང་ངོ༌། །དེའི་མཐའ་ནས། བུད་ཤིང་ལྕི་སྐོངས་རྩིག འདིར་ཐབ་མ་འགྲུབ་ན་དེ་ཙམ་གྱིས་ཆོག །སེང་ལྡེང་དང༌། རྒྱ་ཤུགས་ལ་སོགས་པའི་བུད་ཤིང་བཤད་ཀྱང༌། ཕྱོགས་འདིར་ཇི་བཞིན་དུ་འབྱོར་པར་དཀའ་བའི་མོས་པ་ཙམ་གྱི་རུང་ངོ༌། །དེ་ལ་མཆོད་ཡོན་དང་ཉེར་སྤྱོད་ལྔ་དང་གཏོར་མ་རྣམས་


TNT13_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བདེ་བར་བཤམས། གཞན་ཡང་ཆང་བུ་ཉི་ཤུ་རྩ་གཅིག །གླུད་གཟུགས་གཅིག །ཡོས་དང་འབྲུ་དཀར་བསྲེས་པ། གཏན་གསར་པ་དཀར་པོ། ཚོན་སྐུད་སྣ་ལྔ་རིང་པོ། གྲི །སྲེག་རྫས་ལ་མར་ཁུ། ཡམ་ཤིང༌། འབྲུ་སྣ་ཚོགས་བསྲེས་པ་རྣམས་ཀྱང་བཤམས། དེ་ནས་སྒྲུབ་བྱ་དེ་སློབ་མ་ཡིན་ལ། སྐབས་འདིར་དབང་བསྐུར་བའང་བྱེད་རྒྱུ་ཡིན་ལ། དཀྱིལ་འཁོར་དུ་འཇུག་པ་ཡོངས་རྫོགས་ལྷ་ངོ་བསྟན་པ་ཡན་ཆད་བྱས་ནས། བྱད་འགྲོལ་དངོས་ཀྱི་ཆོ་ག་འདི་ལ་འཇུག་དགོས་ལ། སྔར་སློབ་མ་ཡིན་ཡང་འདིར་དབང་བསྐུར་བ་ནི་མི་ཞུ། བྱད་འགྲོལ་ནི་དགོས་ན། དགའ་ཆེན་ཁྱོད་བདག་སོགས་ཀྱིས་གསོལ་བ་བཏབ། མིག་དར་མེ་ཏོག ཨ་མྲྀ་ཏས་བསངས། དེང་ཁྱོད་སོགས་གསང་གདམས་དང༌། ཨཱ་ཁཾ་ཝཱི་ར་ཧཱུཾ་གི་ཁྲིད། ཛཿཧཱུཾ་བཾ་ཧོཿས་གཞུག ཨོཾ་ན་མཿ སོགས་ཀྱི་ཕྱག་འཚལ། དཀོན་མཆོག་གསུམ་ལ༴ སོགས་རྒྱུན་བཤགས་བྱ། པྲ་ཏཱིཙྪ་བཛྲ་གྱིས་མེ་ཏོག་གཏོར། ཧེ་བཛྲ་ཀྱིས་མིག་དར་བསལ། དེ་ནས་ལྷ་ངོ་བསྟན། དེ་མ་ཐག་བྱད་འགྲོལ་གྱི་ཆོ་ག་རྣམས་བྱའོ། །གལ་ཏེ་སྔར་སློབ་མ་མིན་ཞིང༌། སྐབས་དེར་དབང་བསྐུར་ཞུ་བ་ཡང་མིན་ནོ། །སྒྲུབ་བྱེད་ལ་སྤོས་བདུགས། མེ་ཏོག་དཀར་པོ་གཏོར། ཨ་མྲྀ་ཏས་བསངས། ལྷ་ངོ་སྟོན་པ་ལྟར་དཀྱིལ་འཁོར་ཡོངས་རྫོགས་སམ། གཙོ་མོ་ལྔ་པོ་གསལ་འདེབས་སུ་བཅུག །འདི་ལ་དཀྱིལ་འཁོར་དུ་འཇུག་པ་མེད་པས་ཡོལ་བ་གཏོང་བ་སོགས་མི་དགོས། བཟང་སྤྱོད་ནས་འབྱུང་བ་ལྟ་བུའི་ཡན་ལག་བདུན་པ་ཚར་གསུམ་རྗེས་བཟློས་བྱར་


TNT13_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བཞུག །དེ་མ་ཐག་བྱད་འགྲོལ་བྱ་ཏེ། དེ་ལ་སྤྱིར་ནི་གསང་སྔགས་ཀྱི་དམ་ཚིག་ལ་གནས་ཐུབ་པས་ནི་བྱད་འགྲོལ་གྱི་དོན་དུ་ཡང༌། དབང་བསྐུར་ཡོངས་རྫོགས་ཞུ་བ་ཉིད་མཆོག་ཡིན་ལ། སྔགས་ཀྱི་དམ་སྡོམ་སྲུང་མི་ནུས་ཀྱང༌། སྔགས་དང་ལྷ་ལ་མོས་པའི་རིགས་ཡིན་ན། གོང་དུ་བཤད་པ་ལྟར་འཇུག་པའི་ཆོ་ག་བསྡུས་པས་དཀྱིལ་འཁོར་དུ་འཇུག་པ་ཉིད་མཆོག་ཡིན་ཞིང༌། འདི་ཡང་དཀྱིལ་འཁོར་དུ་ཞུགས་པ་ཡིན་པའི་ཕྱིར་དབང་བསྐུར་བའི་རིགས་སུ་གཏོགས་པ་ཡིན་ནོ། །ལྷ་སྔགས་ལ་དད་པའི་ངེས་པ་ཡང་མེད་པར། ནད་གདོན་ལ་ཕན་པ་དོན་གཉེར་ཙམ་ཀ་ཡིན་ན། ལུགས་ཕྱི་མ་དཀྱིལ་འཁོར་དུ་འཇུག་པ་མེད་པ་ལྟར་བྱའོ། །སྔར་དཔོན་སློབ་མིན་ནའང༌། བྱད་འགྲོལ་གྱི་ཆོ་ག་འདི་བྱས་ཕྱིན། སྔགས་ཆོས་ཀྱི་འབྲེལ་བ་ངེས་ཅན་ཡིན་པས། བྱད་འགྲོལ་བྱེད་པ་པོ་ལ་བླ་མར་བཟུང་ནས་གུས་པ་བྱེད་དགོས་ཀྱི། རྩིས་མཁན་དང་བོན་པོའི་ལྟོ་ཆོས་དང་འདྲ་བར་མ་བསམ་ཞིག །སྐབས་འདིར་དཀྱིལ་འཁོར་ཁང་པའི་ཕྱི་རོལ་ལམ། ནང་དུ་ཡང་རུང་སྟེ། སྒྲུབ་བྱ་ལ་བགེགས་སྦྱང་བ་དང༌། བྱུར་བསལ་བ་བསྡུས་པ་ཏིལ་སྦྱང་ངམ། རྒྱས་པ་དྲུག་བཞི་ལྡན་ལྟ་བུ་ཇི་ལྟར་འོས་པ་བྱ། གང་ལྟར་ནའང་སྒྲུབ་བྱ་ལ་མེ་ཏོག་དཀར་པོ་གཏོར། མ་ཎི་དྷ་རིའི་སྔགས་བརྗོད། གདན་ཇི་ལྟར་འོས་པ་ལ་འདུག་ཏུ་བཅུག་ནས། ཚོན་སྐུ་སྣ་ལྔ་ལ་གྲོལ་མདུད་ཀྱི་ལུང་མིག་འདྲ་བ། དབུས་སུ་ཆེན་པོ་གཅིག་དང༌། གཡས་གཡོན་དུ་ཆུང་བ་གཉིས་གཉིས་ཏེ།


TNT13_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བྱས་ནས། ཆེ་བ་སྒྲུབ་བྱའི་མགུལ་ལ་སྐོན། གཞན་རྣམས་སྲིན་ལག་གཉིས་དང༌། རྐང་པའི་སྲིན་མཛུབ་གཉིས་ལ་སྐོན། ཡང་ན་རྐང་པའི་དེ་རྐང་རྩེས་ནོན་ཙམ་བྱས་ཀྱང་རུང༌། སྐྱེ་བོ་མང་པོ་ལ་བྱེད་དགོས་ན་ཡང༌། འགྲུབ་ན་རེ་རེ་བཞིན་དུ་དེ་ལྟར་བྱ་ལ། དེ་ལྟར་མ་འགྲུབ་ན། ཐམས་ཅད་ཀྱི་སྲིན་མཛུབ་ནས་སྐོན་ཞིང་སྦྲེལ་བས་ཀྱང་རུང་ངོ༌། །དེ་ནས་འདི་སྐད་ཅེས། རང་ཉིད་བཅོམ་ལྡན་འདས་མ་སོ་སོར་འབྲང་མ་སྐུ་མདོག་དཀར་ལ། ཞེས་པ་ནས། རྒྱབ་ཡོལ་ཅན་ནོ། །རང་གི་ཐུགས་ཀ་ནས་འོད་ཟེར་གྱི་རྩེ་ལ་ཁྲོ་བོ་འདོད་པའི་རྒྱལ་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། སྒྲུབ་བྱ་འདི་ཉིད་ལ་གནོད་པར་བྱེད་པ། ཕྱི་རོལ་འཇིག་རྟེན་གྱི་ཁམས་དང་ནང་ལུས་ལ་གནས་པ་ཐམས་ཅད། ཞགས་པས་བཅིངས། ལྕགས་ཀྱུས་དྲངས་ཤིང༌། གཞན་ཡང་སྡིག་སྒྲིབ་ནད་གདོན་བྱུར་ཆགས་སྐལ་བ་ངན་པ་ཐམས་ཅད་བཀུགས་སྟེ་བྱང་ཐག་འདི་ལ་ཐིམ། ཁྱད་པར་དུ་ཡང་ས་ལས་བྱུང་བ་བད་ཀན་གྱི་ནད་རྣམས་ཚོན་སྐུད་སེར་པོ་ལ་ཐིམ། ཆུ་ལས་གྱུར་པ་གྲང་བའི་ནད་རྣམས་དཀར་པོ་ལ་ཐིམ། མེ་ལས་གྱུར་པ་ཁྲག་མཁྲིས་རྣམས་དམར་པོ་ལ་ཐིམ། རླུང་ལས་གྱུར་པ་རླུང་གི་ནད་རྣམས་སྔོན་པོ་ལ་ཐིམ། འབྱུང་བ་སྣ་ཚོགས་འདུས་པ་ལས་གྱུར་པ་དང་ལྡན་པ་དང༌། འདུས་


TNT13_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནད་རྣམས་ལྗང་ཁུ་ལ་ཐིམ་པར་གྱུར། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་འདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། བདེན་པར་སྨྲ་བ་རྣམས་ཀྱི་བདེན་པ་དང༌། ལྷ་རྣམས་ཀྱི་བདེན་པ་དང༌། དྲང་སྲོང་རྣམས་ཀྱི་བདེན་པ་དང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང་ལས་ཀྱི་རིགས་སུ་བཞུགས་པའི་ལྷ་རྣམས་ཀྱི་བདེན་པ་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༌། བཅོམ་ལྡན་འདས་མ་སྲུང་བ་ལྔའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༌། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་བཀའ་བདེན་པ་དང༌། བདེན་པའི་བྱིན་གྱིས་རླབས་ཀྱིས་རྡོ་རྗེ་སློབ་མ་འདི་དག་ལ་འཚེ་བར་བྱེད་པའི་སྡིག་པ་དང༌། སྒྲིབ་པ་དང་ནད་དང༌། གདོན་དང༌། བགེགས་དང༌། རྨི་ལམ་ངན་པ་དང༌། མཚན་མ་ངན་པ་དང༌། བྱད་མ་བྱུར་ཆགས། སྐལ་བ་ངན་པ། དུས་ཀྱི་ཞགས་པ། གཤིན་རྗེའི་ཕོ་ཉ། བགེགས་དངལོག་འདྲེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཚོན་སྐུད་སྣ་ལྔ་པ་འདི་ལ་ཐིམ་པར་གྱུར་ཅིགཊཀྐི་ཧཱུཾ་ཛཿ ཞེས་ལན་གསུམ་འདོད་པའི་རྒྱལ་པོའི་ཕྱག་རྒྱ་དང་བཅས་ཏེ་བྱ། དེ་ནས་གྲི་གུ་མེ་དང་ཆུར་རིམ་གྱིས་བཅུག་སྟེ། མ་ཎི་དྷ་རིའི་སྔགས་བཟླ་ཞིང༌།


TNT13_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཅེས། ལས་ཀྱི་སློབ་དཔོན་སོ་སོར་འབྲང་མའི་སྐུར་གྱུར་པའི། ཕྱག་གཡས་སུ་རལ་གྲི་ཐོགས་ནས། ཁྱོད་རང་རྣམས་ཀྱི་མི་མཐུན་པའི་ཕྱོགས་མཐའ་དག་འདུས་པའི་ངོ་བོ་བྱད་ཐག་དེ་དུམ་བུར་གཏུབ་པར་མོས་མཛོད། གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང༌། །ཚངས་པ་དང་ནི་འཇིག་རྟེན་སྐྱོང༌། །གནོད་སྦྱིན་དེད་དཔོན་དབང་ཕྱུག་དང༌། །དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང༌། །འཕྲོག་མ་བུ་དང་བཅས་པ་དང༌། །དེ་དག་མཐུ་དང་གཟི་བརྗིད་ཀྱིས། །དེང་འདིར་སྒྲུབ་བྱ་འདི་དག་གི །བྱད་སྟེམས་ལས་རྣམས་ཆད་གྱུར་ཅིག །སརྦ་བནྡྷ་ཀ་ཁོ་ར་དྷ་ར་ཙྪེ་ད་ནཱ་ཡ་སྭཱཧཱ། ཞེས་བརྗོད་ཅིང་ཚོན་སྐུད་རྣམས་ཡན་ལག་ལྔ་ལ་སྐོན་པའི་ས་ནས་མཚོན་ཁ་ཕར་གཏད་དེ་བཅད། དེ་སྒྲུབ་བྱ་དེའི་ལུས་ལ་བསྐོར་ནས། རྡོ་རྗེ་སློབ་མའམ་སྒྲུབ་བྱ་འདི་ཞེས་བྱ་བའི། ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། ཞེས་ལན་མང་དུ་བརྗོད་དེ་སྣོད་གཅིག་ཏུ་གསོག །དེ་ནས་ཐབ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐབ་ཁུང་དཀར་པོ་ཡངས་ཤིང་རྒྱ་ཆེ་བ། ཞི་བའི་ཐབ་ཁུང་གི་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ། པཾ་ལས་སྣ་ཚོགས་པདྨའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་པྲཾ་ཡིག་དཀར་ལ་སེར་བ༴ ནས། ཁ་རྒྱན་དང་བཅས་པ་རེ་


TNT13_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

རེའོ། །ཞེས་པའི་བར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་སྲུང་བ་ལྔའི་ལྷ་ཚོགས༴ ཞེས་པ་ནས། རྡོ་རྗེ་སེམས་དཔའི་དབུ་རྒྱན་གྱི་བར་བདག་བསྐྱེད་བཞིན་ནོ། །མདུན་བསྐྱེད་ཀྱི་ལྷ་ལ་དམིགས་ནས་ཡེ་ཤེས་སྤྱན་འདྲེན་བྱ། དཀྱིལ་འཁོར་གྱི་དྲུང་ནས་མེ་ཏོག་བོར་བ་བླངས། ཛཿ་ཧཱུཾ་སོགས་དང༌། མེ་ཏོག་ཚོམ་ཞིག་མེ་ལ་དོར། དེ་ནས་མཆོད་པ་བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད༴ ཅེས་པ་ནས་བི་ཤོ་དྷ་ནི་སྭཱཧཱ། ཞེས་པའི་བར་གྱི་མཆོད་པ་བྱིན་གྱིས་རླབས། ཚོགས་ཞིང་གི་སྐབས་ལྟར་མཆོད། རང་བཞིན་དག་པ་ཉིད་ལས་བྱུང༌། ཞེས་སོགས་སམ། བསྡུ་ན། སོ་སོར་འབྲང་དང་སྟོང་ཆེན་རབ་འཇོམས་དང༌། །རྨ་བྱ་ཆེན་མོ་གསང་སྔགས་རྗེས་སུ་འབྲང༌། །བསིལ་བའི་ཚལ་ཏེ་ཡེ་ཤེས་ལྔ་ཡི་སྐུ། །གཟུངས་སྔགས་རྒྱལ་མོ་ལྔ་ལ་ཕྱག་འཚལ་བསྟོད། །ཅེས་སོ། །བཅོམ་ལྡན་འདས་མ་ལྔའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་འབར། སྒྲུབ་བྱ་འདི་རྣམས་ཀྱི་ནད་གདོན་བར་ཆད་ཐམས་ཅད་བསྲེགས་པར་གྱུར། །རྡོ་རྗེས་རིན་ཆེན་ཕུག་པ་དང༌། །མེ་ཡིས་བུད་ཤིང་བསྲེག་པ་དང༌། །རླུང་གི་སྤྲིན་རྣམས་གཏོར་བ་དང༌། །ཉི་མས་ནགས་ཚལ་སྐེམས་བྱེད་དང༌། །བདེན་པའི་ཚིག་ནི་འདི་དག་གིས། །བྱད་སྟེམས་ལས་རྣམས་ཚིག་པར་ཤོག །སརྦ་བནྡྷ་ཀ་ཁོ་ར་དྷ་ཛྭ་ལ་ཡ་སྭཱཧཱ། དང་པོར་ལྷ་མོ་ལྔའི་སྙིང་པོའི་མཐར། ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་བཏགས་


TNT13_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

པས་མར་ཁུ་ཕུལ། འདི་དགང་བླུགས་ཀྱིས་ཕུལ་ན་ལེགས་མོད། མ་འབྱོར་ན་སྣོད་ཅི་བདེ་བས་ཕུལ། སྔགས་ལྔ་པོ་ཉིད་ཀྱི་ཡམ་ཤིང་ཡང་ཕུལ། དེ་ནས་སློབ་དཔོན་ཀྱི་འབྲུ་སྣ་སྣ་ཚོགས་ནས་འབྲུ་ཚོམ་རེ་འབུལ་བ་དང༌། མཆོད་གཡོག་པས་སྔར་གྱི་ཚོན་སྐུད་ཀྱི་རེ་དེ་དུམ་བུ་དང་མང་པོར་སྟུབས། ཚོ་ཉི་ཤུ་རྩ་གཅིག་ཏུ་བཅོས་ནས། ཚོན་སྐུད་ཚོ་རེ་དང༌། ཆང་བུ་རེ་ལག་པ་གཡས་གཡོན་སོ་སོར་བཟུང་ནས། སྒྲུབ་བྱ་ལ་སྐོར་བའི་ཚུལ་བྱས་ཏེ་མེ་ལ་འབུལ་ཞིང༌། སྔགས་ལྔ་པོ་ལན་ཉི་ཤུ་རྩ་གཅིག་བརྗོད་པའམ། བསྡུ་ན་དང་པོར་སྔགས་ལྔ་པོར་ཚར་གཅིག་གི་མཐར། སྒྲུབ་བྱ་ཆེ་གེ་མོའི་ནད་གདོན་སྡིག་སྒྲིབ་བྱས་ཁ་རྦོད་གཏོང་མི་མཐུན་པའི་ཕྱོགས་ཐམས་ཅད་ཚིག་པར་གྱུར་ཅིག །ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ཞེས་བཏགས་པ་ཚར་གཅིག་དང༌། དེ་རྗེས་མ་ཎི་དྷ་རི་ཁོ་ན་ལ་ལས་སྔགས་དེ་ཉིད་བཏགས་པ་ཉི་ཤུ་འབུལ། གང་དག་སངས་རྒྱས་རང་སངས་རྒྱས། ཞེས་པ་ནས། ཀ་ཁོརྡྷ་ཛྭ་ལ་ཡ་སྭཱཧཱ། སྒྲུབ་བྱ་ཆེ་གེ་མོའི་ནད་དང༌། གདོན་དང༌། བགེགས་དང༌། སོགས་གོང་ལྟར་རོ། །མི་མཐུན་པའི་ཕྱོགས་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ཞེས་མེ་དང་སྒྲུབ་བྱ་ལ་བུམ་ཆུ་གཏོར། མེའི་དབལ་ཞི་བར་གྱུར་ཅིག གོང་བཞིན་མར་དང་ཡམ་ཤིང་ཕུལ། མཆོད་བསྟོད་བསྡུས་པ་ཞིག་དང༌། དེ་རྗེས་སྤྲོ་ན་འདོད་གསོལ་རྒྱས་པར་བྱ། བསྡུ་ན་སྐབས་འདིར་འདོད་གསོལ་མེད་ཀྱང་ཆོག །ཡིག་བརྒྱ་བཟོད་གསོལ་སྤྱི་དང་འདྲ། ཡེ་ཤེས་པ་མདུན་བསྐྱེད་ཀྱི་ཐུགས་ཀར་ཐིམ་ཞེས། མེ་ཏོག་གི་སྣོད་


TNT13_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལ་བསྐོར་ནས་དཀྱིལ་འཁོར་གྱི་མདུན་དུ་བཞག །དཀྱིལ་འཁོར་ལ་མེ་ཏོག་གཏོར། དམ་ཚིག་པ་རང་གི་སྙིང་གར་ཐིམ། ཛཿཧཱུཾ་བཾ་ཧོཿ དེ་ནས་བར་འདིར་ལས་བུམ་གྱིས་དཀྱིལ་འཁོར་ལ་ཁྲུས་གསོལ་བྱ་སྟེ་སྤྱི་དང་འདྲ། སྐུ་ཁྲུས་གསོལ་བའི་བུམ་ཆུ་བུམ་པར་བླུག་ནས། སློབ་དཔོན་གྱི་དེ་ཐོགས་ཏེ་ཐོག་མར་ཀུ་ཤས་བུམ་ཆུ་བླངས་ཏེ་སྒྲུབ་བྱའི་སྤྱི་བོ་ནས་གཏོར། དེ་རྗེས་ཁྲུས་བྱར་གཞུག་ཅིང༌། སྔགས་ལྔ་པོ་ཚར་གཅིག་གི་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱཧཱ། ནད་ཐམས་ཅད༴ གདོན་ཐམས་ཅད༴ རིམ་ཐམས་ཅད༴ ཉེ་བར་འཚེ་བ་ཐམས་ཅད༴ མཁོན་ཐམས་ཅད༴ གྲིབ་དང་མི་གཙང་བ་ཐམས་ཅད༴ བྱད་ཁ་ཐམས་ཅད༴ བྱུར་ཐམས་ཅད༴ སྐལ་བ་ངན་པ་ཐམས་ཅད༴ གཞན་གྱིས་མཐུ་གཏད་སྦྱོར་བ་ངན་པ་ཐམས་ཅད། རྦོད་གཏོད་ཐམས་ཅད༴ རོ་ལངས་ཀྱི་ལས་ཐམས་ཅད༴ གདོན་ཀྱི་ལས་ཐམས་ཅད༴ མནན་པ་དང་འཆང་བའི་ལས་ཐམས་ཅད་བསྲེགས་པ་དང་ཕུར་བུས་བཏབ་པ་ཐམས་ཅད༴ སེམས་གཡེངས་པ་དང་བསྒྱུར་བར་བྱེད་པ་ཐམས་ཅད༴ སྔགས་དང་རྫས་ངན་པའི་ལས་ཐམས་ཅད༴ འཁྲུལ་འཁོར་དང་འཁྱུད་བྱེད་ངན་པ་ཐམས་ཅད༴ གཟའ་ཉེས་དང་འགོམ་ཉེས་ལ་སོགས་པ་ཐམས་ཅད༴ གཞན་གྱི་ལས་ངན་པ་བྱས་པ་ཐམས་ཅད་དང༌། རྨི་ལམ་ངན་པ་དང༌། མཚན་མ་ངན་པ་ཐམས་ཅད༴ ལྟས་ངན་པ་ཐམས་ཅད༴


TNT13_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་མི་ཤིས་པ་ཐམས་ཅད༴ ལོ་སྐེག །ཞག་སྐེག །ཟླ་སྐེག །དུས་སྐེག་ཐམས་ཅད༴ ཆགས་ཆེ་ཉམས་ང་ཐམས་ཅད༴ སྔོན་གྱི་ལས་ལས་གྱུར་པ་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་གནོད་པ་ཐམས་ཅད༴ དུས་མ་ཡིན་པར་འཆི་བ་ཐམས་ཅད༴ མཚན་མོ་ནག་མོའི་གདོན་ཐམས་ཅད༴ དུས་ཀྱི་ཞགས་པ་ཐམས་ཅད༴ གཤིན་རྗེའི་ཕོ་ཉ་ཐམས་ཅད༴ བགེགས་དང་ལོག་པར་འདྲེན་པ་ཐམས་ཅད༴ གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད༴ རྒྱལ་པོ་དང་ཐེ་རང་གི་གནོད་པ་ཐམས་ཅད༴ བཙན་དང་དམུའི་གནོད་པ་ཐམས་ཅད༴ བདུད་དང་མདངས་འཕྲོག་གིས་གནོད་པ་ཐམས་ཅད༴ ཀླུ་དང་ས་བདག་གི་གནོད་པ་ལ་སོགས་པ་མདོར་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་དུག་ཞི་བར་བྱེད་པ་ནི། སངས་རྒྱས་རྣམས་ཀྱི་གཟི་བརྗིད་དང༌། །རང་རྒྱལ་དག་གི་གཟི་བརྗིད་དང༌། །དགྲ་བཅོམ་རྣམས་ཀྱི་མཐུ་དག་དང༌། །གསང་སྔགས་འཛིན་པ་ཐམས་ཅད་དང༌། །ཤཱ་རིའི་བུ་ཡི་ཤེས་རབ་དང༌། །མཽ་འགལ་བུ་ཡི་རྫུལ་འཕྲུལ་དང༌། །མ་འགགས་པ་ཡི་མིག་དང་ནི། །འོག་བསྲུངས་སྦྱངས་པའི་ཡོན་ཏན་དང༌། །ཀོ་ཊི་ནྱ་གྱི་སྔར་ཐོབ་དང༌། །ཀུན་དགའ་བོ་ཡི་ཐོས་པ་དང༌། །ཚངས་པ་ལྷ་ཡི་བྱམས་པ་དང༌། །བརྒྱ་སྦྱིན་གྱི་ནི་དབང་རྣམས་དང༌། །འཇིག་རྟེན་སྐྱོང་བའི་ཡུལ་རྣམས་དང༌། །


TNT13_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཆེན་པོའི་སྟོབས་རྣམས་དང༌། །སྡེ་དཔོན་རྣམས་ཀྱི་མཐུ་དག་དང༌། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང༌། །དེ་དག་རྣམས་ཀྱི་མཐུ་དང་གཟིས། །སྒྲུབ་བྱའི་དུག་ཞི་དུག་མེད་ཤོག །དུག་མེད་དུག་རྣམས་འཇིག་བྱེད་ཤོག །སྱ་དྱ་ཐེ་ཐན་ཧ་རི་ཀེ་ཤི་ན་ཀི་ལེ་རི་ཧི་རི་ཨ་མ་རི་ཨནྚརེ། པནྚ་རེ། ཀེ་ཡཱུ་རེ། ཧ་སེ་ཧ་སེ་ཧ་རེ། ཁ་སེ་ཁ་སེ། མི་རུ་ག་ཏེ་ན་སྭཱཧཱ། མུ་མུ་ཀྵུ་སྭཱཧཱ། ཧི་ལེ་སྭཱཧཱ། མི་ལེ་སྭཱཧཱ། འབྲས་དང་རྨ་དང་ཤུ་བ་དང༌། །གཡན་པ་དང་ནི་འབྲུམ་བུ་དང༌། །ལྷོག་པ་དག་དང་གཡའ་བ་ནི། །བདུན་པ་ལགས་ཏེ་རབ་ཏུ་བཅོམས། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །འདི་དག་འཇིག་རྟེན་དུག་གསུམ་ཡིན། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །དེ་བཞིན།བཅོམ་ལྡན་དམ་ཆོས༴ འཕགས་པའི་དགེ་འདུན་ཞེས་འདོན་པ་སྤོའོ། །ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་ཡི་སུ། །དུག་གསུམ་ས་ཡིན་ནང་དུ་སོང༌། དེ་བཞིན་དུ། ཆུ་མེ་རླུང་རྣམས་ལ་ཡངའདོན་པ་སྤོའོ། །དེ་ནས་བྱབས་པ་ནི། སྔར་གྱི་ཁྲུས་སྡེར་དྲི་ཁུ་དང་བཅས་པའི་ནང་དུ། གླུད་གཟུགས་གཅིག་བཅུག །སྒྲུབ་བྱའི་ཁ་རུ་བུམ་ཆུ་ཅུང་ཟད་འཛིན་དུ་བཅུག་ལ། སྔགས་ཐུང་ལྔ་པོའི་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། ཞེས་སོགས་གོང་དང་འདྲ་བ་ལས་ཤཱིནྟཾ་ཀུ་རུ་ཞེས་པའི་སར། ཨ་པ་ན་ཡ་ཞེས་འདོན་པ་


TNT13_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་ལ། བྱབས་པའི་མཐར། སྒྲུབ་བྱ་འདི་ཉིད་ཀྱི་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཕྲ་ཞིང་ཕྲ་བ་རུས་ལ་ཞེན་པ་ཐམས་ཅད་ནག་བུན་གྱི་སྐྱུགས་ནས་གླུད་གཟུགས་ལ་ཐིམ་པར་མོས་ཤིག་བྱས་ལ། ཁ་ནང་གི་བུམ་ཆུ་གླུད་གཟུགས་ལ་ཕོ། འདིར་བྱབས་པའི་རྫས་ནི། རྩ་ཀུ་ཤ །རྨ་བྱའི་མདོངས། བྱ་རོག་གི་དང་སྒྲོ། ཡུངས་དཀར་གྱི་ཐུམ་བུ་དང༌། མེ་ལོང་རལ་གྲི་དར་ཚོན་སྣ་ལྔ་ཏེ། རྫས་བདུན་ལྡན་ཞེས་བཤད་དོ། །དེ་ནས། སློབ་དཔོན་སྐད་ཅིག་གིས་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། རལ་གྲི་དང་ཞགས་པ་འཛིན་པའི་སྐུར་གྱུར། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་ཞེས་པ་ནས། བདེན་པའི་བྱིན་གྱིས་རླབས་གྱི། རྡོ་རྗེ་སློབ་མའང་སྒྲུབ་བྱ་འདི་དག་ལ་གནོད་པར་བྱེད་པའི་འབྱུང་པོ་གདོན་བགེགས་ལོག་འདྲེན་མི་མཐུན་པར་བྱེད་པ་ཐམས་ཅད་སའི་ཕྱོགས་འདི་མ་གནས་པར་གཞན་དུ་སོང་ཞིག །ཅེས་ཡུངས་ཀར་གྱིས་བྲབས། གུ་གུལ་གྱིས་བདུག །དྲག་སྔགས་དང་རོལ་ཆེན་གྱིས་མཚམས་བཅད་དོ། །ཁྲུས་ཁུ་དང་གླུད་གཟུགས་ཆུ་བོའམ། བཞི་མདོར་སྐྱལ། དེ་ནས་རྒྱལ་བ་བརྗོད་པ་ན། སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཆོས་ནི་ཆོས་མ་ཡིན་ལས་སོ། །དགེ་འདུན་མུ་སྟེགས་རྣམས་ལས་རྒྱལ། །དབང་པོ་ལྷ་མིན་རྣམས་ལས་རྒྱལ། །ལྷ་མིན་ཟླ་བ་ལས་རྒྱལ་ལོ། །ནམ་མཁའ་ལྡིང་ནི་རྒྱ་མཚོ་ལས། །མེ་ནི་ཤིང་རྣམས་ཀུན་ལས་རྒྱལ། །ཆུ་ནི་མེ་ལས་རྒྱལ་བར་གྱུར། །རླུང་ནི་སྤྲིན་


TNT13_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམ་པར་རྒྱལ། །རྡོ་རྗེ་ཡི་ནི་རིན་ཆེན་ཕུག །ལྷ་རྣམས་བདེན་པར་རབ་ཏུ་གནས། །ས་ཡང་བདེན་པར་གནས་པ་ལགས། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །བདེན་པས་རྒྱལ་གྱུར་བརྫུན་མ་ལགས། །སྡིག་པ་ཐམས་ཅད་རབ་ཏུ་ཕམ། །ཕྱིར་རྒོལ་ཀུན་ལས་རྒྱལ་བར་གྱུར། སྭཱཧཱ། སྒྲུབ་བྱ་རྣམས་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ཏེ། ཨོཾ་ཛ་ཡེ་བི་ཛ་ཡེ་སྭཱཧཱ། ཛ་ཡ་ཛ་ཡ་ཞེས་བརྗོད་ཅིང་གདན་དཀར་པོ་གསར་པ་མེ་ཏོག་དཀར་པོ་གསར་པས་གཏོར་བ་ལ་བཞག །དེ་ནས་བསྲུང་བ་ནི། སློབ་དཔོན་གྱིས་སྒྲུབ་བྱའི་གནས་བདུན་དུ་རྡོ་རྗེ་རྒྱ་གྲམ་བཞག་བས། རྡོ་རྗེའི་གོ་སྐོན་པར་མོས་ཏེ། སྔགས་ཐུང་ལྔ་པོའི་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་རཀྵ་རཀྵ། ཞེས་སོགས་གོང་བཀྲུ་བྱབ་ཀྱི་སྔགས་རྣམས་ལ་རཀྵ་ཞེས་འདོན་པ་སྤོའོ། །མདོར་བསྡུས་ལ་དགའ་ན་དེ་ཙམ་གྱི་བྱད་འགྲོལ་འགྲུབ་པ་ཡིན་པས། སྐབས་འདིར་ཤིས་བརྗོད་རྣམས་བྱ་ལ། ཡང་ཅུང་ཟད་སྤྲོས་པ་ལ་མོས་ན། བར་འདིར་སྔོན་གྱི་གྲྭ་ལྔ་པ་རྣམས་རིག་གཏད་ཀྱི་ཐ་སྙད་མཛད་པའི་གསོལ་བ་འདེབས་པ་འདི་བྱ་སྟེ། སློབ་དཔོན་གྱིས། བཅོམ་ལྡན་འདས་མ་བསྲུང་བ་ལྔའི་ལྷ་ཚོགས་ལ། ཞུ་ངོའི་ཚུལ་གྱིས་སློབ་མའམ། སྒྲུབ་བྱ་འདི་ལ་བར་ཆད་མི་མཐུན་པའི་ཕྱོགས་རྣམས་ཞི་བ་དང༌། ཉེ་བར་འཚེ་བ་རྣམས་བསྲུང་བ་དང༌། ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་མཛད་དུ་གསོལ། ཞེས་ཞུས་པས་ལྷ་རྣམས་ཀྱིས་ཀྱང་ཞལ་


TNT13_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཞེས་ཤིང་དགོངས་པ་གཏད་པར་བསམས་ནས། ན་མོ་བུདྡྷ་ཡ༌། ཞེས་པ་ནས། ཨ་དྷིཥྛི་ཏེ་མུ་དྲ་བཛྲེ་སྭཱཧཱ། ཞེས་པའི་བར། སོ་སོར་འབྲང་མའི་གཟུགས་སྔགས་ཆེན་མོ་ཚར་གསུམ་སྐད་བསངས་མཐོན་པོས་ཀློག །འདི་ལ་ངེས་པར་དཔེ་ཀློགས་མཛད་པ་ལག་ལེན་ཡིན་པ་འདུག །དེ་ནས་དབང་བསྐུར་དངོས་གཞི་བྱེད་ན་མཎྜལ་འབུལ་བ་མན་ཆད་གོང་བཞིན་བྱ་ལ། དབང་བསྐུར་མི་བྱེད་ན། ལྷ་དང་སྔགས་ཀྱི་བསྲུང་བ་མི་བྱ། ཁ་ཟས་ཀྱི་བསྲུང་བ་དང༌། བདེན་སྟོབས་བརྗོད་པ་དང། ཤིས་བརྗོད་རྣམས་དཀྱིལ་ཆོག་བཞིན་བྱ་སྟེ། ཤིས་བརྗོད་ནི་ལྷག་པར་རྒྱས་པ་བྱས་ནའང་ལེགས་ལ། དབང་བསྐུར་དང་མ་འབྲེལ་ན། ཁ་ཟས་ཀྱི་བསྲུང་བའི་སྐབས། འབྲང་རྒྱས་དཀར་པོ་ལྟ་བུའི་དཔལ་ཟས་བཏད་ཀྱང་རུང་ངོ༌། །ལག་ལེན་ཕྲ་མོ་མཐོང་བ་རྒྱུད་པ་ལས་ཤེས་པར་བྱ་ཞིར། ལེགས་པར་དཔྱད་པས་ཀྱང་རྟོགས་པར་འགྱུར་རོ། །སྡོམས་ནི། ཐབ་ཁུང་བཅའ་ཞིང་ཡོ་བྱད་གསོག །སྔོན་འགྲོ་འཇུག་པའི་དབྱེ་བ་དང༌། །སློབ་མ་གསངས་དང་ཚོན་སྐུད་སྐོན། །རང་ལྷར་བསྐྱེད་དང་དགུག་གཞུག་དང༌། །བྱད་ཐག་བཅད་ནས་ལུས་ལ་བྱབ། །ཐབ་ལྷ་བསྐྱེད་ཅིང་མཆོད་བསྟོད་བྱ། །མི་མཐུན་ཕྱོགས་བསྲེག་རྗེས་ཆོག་དང༌། །ལྷ་ལ་ཁྲུས་གསོལ་སྒྲུབ་བྱ་བཀྲུ། །དུག་ཞི་བ་དང་བྱབ་པ་དང༌། །རྒྱལ་བར་བརྗོད་ནས་གཏན་ལ་བཞག །བསྲུང་བ་བྱས་ཏེ་ཤེས་པ་བརྗོད། །ཡང་ན་བསྲུང་བ་རིགས་གཏད་དང༌། །ཟས་མཆོག་བདེན་སྟོབས་བཀྲ་ཤིས་རྒྱས། །ཞེས་བྱའོ། །ཐོག་མར་བགེགས་སྦྱངས་བྱུར་གསལ་བ། བྱས་ནའང་ཤིན་ཏུ་ལེགས་པ་ཉིད། །


TNT13_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་སྟེ་གཟུངས་གྲྭ་ལྔའི་ཆོ་ག་ལ་བརྟེན་ཏེ་བྱད་འགྲོལ་བྱེད་ཚུལ་གྱི་ལག་ལེན་ཤིན་ཏུ་འཁྱེར་བདེ་བ་འདི་ཡང༌། དཀྱིལ་མཆོག་བར་ཆད་ཀུན་སེལ་གྱི་ཆ་ལག་ཏུ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བྲིས་བའོ།། །།བཀྲ་ཤིས། །དགེ་ལེགས་འཕེལ། །

ཚེ་ཆོག་བདུད་རྩིའི་ཆུ་གཏེར་གྱི་བརྒྱུད་འདེབས།


TNT13_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཆོག་བདུད་རྩིའི་ཆུ་གཏེར་གྱི་བརྒྱུད་འདེབས་བཞུགས།


TNT13_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། དུས་གསུམ་རྒྱལ་བ་ཀུན་དངོས་འཆི་མེད་དབང༌། །བྲམ་ཟེའི་རིགས་ལས་གྲུབ་བརྙེས་སྙིང་པོའི་ལྷ། །དེ་སྲས་འཇམ་དཔལ་ཞལ་གཟིགས་ཛེ་ཏཱ་རི། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །བྱང་ཆུབ་བཟང་པོ་བྱང་ཆུབ་སེམས་ཀྱི་བདག །བློ་གྲོས་མཆོག་གྱུར་ཏིང་འཛིན་བཟང་པོའི་ཞབས། །རྡོ་རྗེ་གདན་པ་སངས་རྒྱས་བསྟན་པའི་བདག །གསོལ་བ༴ ཐུགས་རྗེའི་བདག་ཉིད་བ་རི་ལོ་ཙྪ་བ། །མཁྱེན་བརྩེའི་རང་བཞིན་བླ་ཆེན་ས་སྐྱ་བ། །རྒྱུད་སྡེ་རྒྱ་མཚོའི་སློབ་དཔོན་བསོད་ནམས་རྩེ། །གསོལ་བ༴ ཡེ་ཤེས་དཔག་མེད་མངའ་བ་གྲགས་པ་འཛིན། །རིག་གནས་མཐར་ཕྱིན་ཆོས་རྗེ་པཎྜི་ཏ། །འཕྲིན་ལས་རླབས་ཆེན་ཆོས་ཀྱི་རྒྱལ་པོའི་ཞབས། །གསོལ་བ༴ དམ་པའི་རིགས་འཁྲུངས་འགྲོ་མགོན་བཟང་པོ་དཔལ། །སྐྱེ་རྒུའི་བླ་མ་བསོད་ནམས་རྒྱལ་མཚན་དང༌། །རྡོ་རྗེ་འཛིན་པ་ཐེག་ཆེན་ཀུན་དགའི་མཚན། །གསོལ་བ༴ གཞོན་ནུ་བློ་གྲོས་རིག་འཛིན་ལོ་བརྒྱ་པ། །ཤཱཀྱའི་མཚན་འཆང་ཡོངས་རྫོགས་བསྟན་པའི་གཙོ། །གཞོན་ནུ་ཆོས་འགྲུབ་བྱིན་རླབས་ཐུགས་རྗེའི་གཏེར། །གསོལ་བ༴ འཛིན་པ་རང་གྲོལ་རྗེ་བཙུན་གྲོལ་མཆོག་ཞབས། །ཀུན་དགའ་རྒྱལ་མཚན་འཛིན་པ་ཐུགས་ཀྱི་སྲས། །ལུང་རིགས་དབང་ཕྱུག་ཀུན་དགའ་སྙིང་པོ་ལ། གསོལ་བ༴ །མགོན་དེའི་དངོས་


TNT13_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་རིན་ཆེན་རྒྱ་མཚོ་དང༌། །མཁས་གྲུབ་དམ་པ་བློ་གྲོས་རྣམ་པར་རྒྱལ། །གྲུབ་པའི་དབང་ཕྱུག་ངག་དབང་ཕྲིན་ལས་ལ། །གསོལ་བ༴ །ཆོས་ཀྱི་རྗེ་བོ་ཀུན་བཟང་དབང་པོ་དང༌། །རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་ཞབས། །མཁས་མཆོག་གཙུག་ལག་ཆོས་ཀྱི་སྣང་བ་ལ། །གསོལ་བ༴ །གནས་ལྔ་རིག་པའི་ཚེ་དབང་ཀུན་ཁྱབ་ཞབས། །སྤྲུལ་པའི་སྐྱེས་མཆོག་ཀརྨ་རིན་ཆེན་དང༌། །གནས་ལུགས་དོན་རྟོག་འོད་གསལ་འགྱུར་མེད་ལ། །གསོལ་བ༴ །ཀ རྒྱལ་ཀུན་མཁྱེན་བརྩེ་གཅིག་བསྡུས་སྒྱུ་འཕྲུལ་གར། །བརྒྱུད་གྲྭ་བརྒྱུད་པའི་རྩ་རྒྱུད་བླ་མ་ལ། །གསོལ་བ༴ སྤྲོས་བཅས་ལྷའི་རྣལ་འབྱོར་བཟླས་སྒོམ་དང༌། །མཚན་མེད་དོན་དམ་དབྱིངས་ལ་མཉམ་བཞག་པའི། །རང་གཞན་ཀུན་ཀྱི་འཆི་བདག་དྲུང་ཕྱུང་ནས། །འཆི་མེད་གནས་ལུགས་རྟོགས་པར་བྱིན་གྱིས་བརློབས། །སྐྱེ་བ་ཀུན་དུ་སོགས། ཞེས་ཚེ་དཔག་མེད་ལྷ་དགུའི་རྒྱུད་འདེབས་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། ། །ཁ ངག་གི་དབང་པོས་རྗེས་བཟུང་དམ་ཆོས་འཕེལ། །བདེ་ཆེན་ཆོས་ཀྱི་གཉིས་འཛིན་འཁྲུལ་པ་བཅོམ། །ངེས་དོན་བསྟན་པའི་སྲོག་འཛིན་གྲགས་པ་རྗེ། གསོལ་བ༴ ཐུབ་པའི་བསྟན་པའི་མཐར་ཐུག་སྔགས་རྒྱུད་ཀྱི། །འགྱུར་མེད་དགའ་བཞི་མཐར་སོན་རྒྱ་མཚོའི་དཔལ། །འགྲོ་ཀུན་རབ་དགའ་བསྟན་པའི་ཉི་མ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། ། །

ཚེ་ཆོག་བདུད་རྩིའི་ཆུ་གཏེར།


TNT13_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཆོག་བདུད་རྩིའི་ཆུ་གཏེར་བཞུགས།


TNT13_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གང་ཞིག་དྲན་པ་ཙམ་གྱིས་ཀྱང༌། །འཆི་མེད་ཚེའི་དཔལ་སྩོལ་བ། །བླ་མ་དང་ནི་ལྷག་པའི་ལྷ། །དབྱེར་མེད་དེ་ལ་གུས་པས་འདུད། །ཟབ་ཅིང་རྒྱ་ཆེ་དབྱེར་མེད་ཡེ་ཤེས་ནི། །ཤེས་བྱ་ཀུན་ཏུ་འཆར་བའི་སྣང་བ་དང༌། །ནམ་ཡང་གཞིག་ཏུ་མེད་པ་རྡོ་རྗེའི་ཚེ། །མཐའ་ཡས་དཔག་པར་དཀའ་བ་དེར་བཏུད་ནས། །གཉིས་སྣང་འཁྲུལ་པའི་དྲྭ་བ་འཆི་བདག་བདུད། །འཇོམས་བྱེད་ཐབས་མཁས་བདུད་རྩིའི་རྒྱ་མཚོ་ལས། །དབང་གི་ཆུ་བོས་རབ་གང་བུམ་བཟང་ཞིག །གང་འདིར་ལེགས་འདོད་རྣམས་ཀྱི་དཔལ་དུ་གྱུར། །འདིར་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཛེ་ཏཱ་རིའི་ལུགས་ཉམས་སུ་བླང་བ་ལ། སྒྲུབ་པ་པོ་རང་ཉིད་ཀྱི་དོན་གཙོ་བོར་གྱུར་པ་བསྙེན་པའི་ཆོ་ག། རང་གཞན་གཉིས་ཀའི་དོན་དཀྱིལ་འཁོར་གྱི་བྱ་བ། གཞན་དོན་གཙོ་བོར་གྱུར་པ་འཆི་བསླུའི་ཆོ་ག་སྟེ་གསུམ་མོ། །དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པར་བྱས་ལ།


TNT13_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྐད་ཅིག་གིས་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་བའི་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོས། བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་ར་མི་ཏ། ཨཱ་ཡུར་ཛྙཱ་ན་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པཱདྱཾ༴ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་ར་མི་ཏ། ཨཱ་ཡུར་ཛྙཱ་ན་ས་པཱ་རི་ཝཱ་ར་བཛྲ་པུཥྤེ་ཨཱཿཧཱུཾ།


TNT13_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་ཏྱེ། ཤཔྟ་ཨཱཿཧཱུཾ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་རྒྱུན་བཤགས་ལན་གསུམ་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས། པད་ཉི་ལས་བྱུང་བའི་རྡོ་རྗེའི་ས་གཞི། ར་བ། དྲྭ་བ། གུར་བླ་རེ། ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེའི་ནང་དུ། པཾ་ལས་སྣ་ཚོགས་པདྨ་འདབ་མ་འབུམ་དང་ལྡན་པའི་ལྟེ་བར། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་དཀར་བ། དེའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་པ། སྒོ་བཞི་པ། ནང་ནས་རིམ་པ་བཞིན་དུ་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོས་བསྐོར་བ། དེའི་སྟེང་ན་རིན་པོ་ཆེའི་བྲེ་ཕུལ་དང་གསེར་གྱི་སྐེ་རགས་བཞིའི་ཕྱི་ངོས་ན། ཆུ་སྲིན་མ་ཀ་རའི་ཁ་ནས་འཕྱང་བའི་མུ་ཏིག་གི་དྲ་བ་དང༌། དྲ་བ་ཕྱེད་པ་དང༌། མེ་ཏོག་གི་འཕྲེང་བ་ལ་སོགས་པ་དཔྱངས་པ། དེའི་སྟེང་དུ་འདའ་ཡབ་དང༌། པུ་ཤུས་བསྐོར་བ། རྩིག་པའི་ཕྱི་རོལ་དུ་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་མཆོད་པའི་ལྷ་མོ་བཅུ་


TNT13_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་འཁོད་པ། སྒོ་ཁང་སོ་སོའི་སྟེང་དུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང༌། གདུགས་དང་རི་དྭགས་དང་བཅས་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་དང་ནོར་བུ་ཅན་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་ཞིང་ཕྱི་ནང་ཀུན་དུ་འོད་གསལ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་དང༌། སྨོན་ལམ་རྒྱ་མཚོའི་མཐུ་ལས་གྲུབ་པ་རྒྱ་དང་ཚད་ཡོངས་སུ་ཆད་པ་མེད་པ། དེའི་ནང་ཀ་བ་བརྒྱད་དང་ལྡན་པའི་སྟེང་རྡོ་རྗེའི་གདུང་ཟླུམ་པོ་དང༌། དེའི་སྟེང་དུ་རྡོ་རྗེའི་ཐལ་གདུང་བཞིས་མིག་མངས་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་བའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པ། དེ་ལྟ་བུའི་གཞལ་ཡས་ཁང་གི་ནང་གི་ལྷ་སྣམ་ཤར་སྔོ། ལྷོ་སེར་ནུབ་དམར། བྱང་ལྗང་བ་ལ་བཀྲ་ཤིས་ཀྱི་བུམ་པ་བརྒྱད་དང་བཅས་པ། དབུས་དཀར་བའི་སྟེང་དུ་སྡོང་བུ་ཅུང་ཟད་དང་བཅས་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧྲཱིཿཡིག་དམར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། ཤིན་དུ་རྣམ་པར་


TNT13_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་འབུམ་དུས་ཅིག་ཏུ་ཤར་བ་ལྟར་རབ་ཏུ་དམར་ཞིང༌། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། ཞི་ཞིང་འཛུམ་ལ་ཆགས་པའི་ཉམས་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་ཕྱུར་བུར་གང་བའི་རིན་པོ་ཆེའི་བུམ་པ་ལོ་འབྲས་ཕུན་སུམ་ཚོགས་པ་དང་བཅས་པའི་དཔག་བསམ་གྱི་ཤིང་གི་ཁ་རྒྱན་ཅན་འཛིན་པ། བུང་བ་ལྟར་གནག་པའི་དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བརྟན་པོར་བཞུགས་པ། དར་སྣ་ཚོགས་པའི་ཤམ་ཐབས་དང་སྟོད་གཡོགས་ཅན། སྐུ་ལ་ཚེ་སྤེལ་བའི་ནོར་བུ་དུ་མས་རྣམ་པར་སྤྲས་པ་སྟེ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དོ་ཤལ། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། མུ་ཏིག་གི་སེ་མོ་དོ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བསམ་གྱིས་མི་ཁྱབ་ཅིང་ལྷུན་གྱིས་གྲུབ་པའི་མཛད་པ་རྒྱུན་མི་འཆད་པར་སྤྱོད་པའོ། །སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཟླ་བ་ལ་གནས་པའི་ཧྲཱིཿཡིག་དམར་པོ། དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གཅིག་ཏུ་འདུས་པ་རྒྱལ་བ་ཚེ་དཔག་མེད་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ གོང་བཞིན་མཆོད། ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་སེམས་དཔའ་རང་དང་གཉིས་སུ་མེད་པར་ཐིམ། སླར་ཡང་


TNT13_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་དབང་གི་ལྷ་རྒྱལ་བ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀུ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུལ་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ཡེ་ཤེས་ཀྱི་ཆུས་ལུས་ཀྱི་ནང་ཐམས་ཅད་གང་བས། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག །དབང་ཐམས་ཅད་ཐོབ། ཆུའི་ལྷག་མ་ཡར་ལུད་པ་ལས། འོད་དཔག་ཏུ་མེད་པས་དབུ་བརྒྱན། རང་གི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཉེས་པར་བྱས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གོ་འཕང་ལ་བཀོད། སྣོད་ཀྱི་འཇིག་རྟེན་ལ་ཕོག །ཡེ་ཤེས་ཀྱི་གཞལ་མེད་ཁང་དུ་གྱུར། འོད་ཟེར་སླར་འདུས་རང་ལ་ཐིམ། ཐུགས་ཀའི་ཧྲཱིཿཡིག་ལ་སྔགས་ཀྱི་འཕྲེང་བས་བསྐོར་བ་ལ་འོད་ཟེར་སྤྲོ་བསྡུའི་དམིགས་པ་དང་བཅས་བཟླ་བར་བྱའོ། །ཨོཾ་ན་མོ་བྷྲཱུཾ་ཨཱ་ཡུར་ཛྙཱ་ན་ཧྲཱིཿཨ་རོ་ལི་ཀ་ཧཱུཾཿ སྙིང་པོའོ། །ཏདྱ་ཐཱ་ཨ་པ་ར་མི་ཏ་ཨཱ་ཡུར་ཛྙཱ་ན་ཧྲཱིཿཧཱུཾ་


TNT13_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

བྷྲཱུཾ་སྭཱཧཱ། ཉེ་སྙིང་ངོ༌། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་ར་མི་ཏ། ཨ་ཡུར་ཛྙཱ་ན། སུ་བི་ནི་ཙིཏྟ་ཏེ་ཛོ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྟ་ཏེ་སཾ་མྱཀ་སཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མཧཱ་པུཎྱེ་ཨ་པ་ར་མི་ཏ་པུཎྱེ་ཨ་པ་ར་མི་ཏ་པུཎྱེ། ཛྙཱ་ན་སཾ་བྷ་རོ་པ་ཙིཏྟེ། ཨོཾ་སརྦ་སཾ་ཀ་རི་པ་རི་ཤུདྡྷ། དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ། སྭ་བྷཱ་ཝ་བི་ཤུདྡྷ་མཧཱ་ནཱ་ཡ་པ་རི་ཝཱ་རེ་སྭཱཧཱ། ཞེས་པ་ནི་གཟུངས་རིངས་ཏེ་རྩ་བའི་སྔགས་སོ། །དེ་དག་ཀྱང་དང་པོ་གཉིས་འབྲུ་འབུམ་དང༌། ཕྱི་མ་ཁྲི་ཕྲག་ཏུ་བཟླས་པས་བསྙེན་པའོ། །ཐུན་གྱི་མཐར་བྱིན་གྱིས་རླབས་པ་བསྒོམ་པ་ནི། རང་གི་སྙིང་ཁར་པདྨ་འདབ་མ་བཞི་པའི་ལྟེ་བ་ལ་རྣམ་པར་སྣང་མཛད་ཚེ་དཔག་མེད། འདབ་མ་བཞི་ལ། ཤར་དུ་རྡོ་རྗེ་ཚེ་དཔག་མེད། ལྷོར་རིན་ཆེན་ཚེ་དཔག་མེད། ནུབ་ཏུ་པདྨ་ཚེ་དཔག་མེད། བྱང་དུ་ལས་ཀྱི་ཚེ་དཔག་མེད། སྤྱི་བོར་ཡེ་ཤེས་ཚེ་དཔག་མེད། སྙིང་ཁའི་ཧྲཱིཿལས་འོད་ཟེར་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། སྤྱི་བོའི་ཡེ་ཤེས་ཚེ་དཔག་མེད་ལ་ཐིམ་པས། དེ་ཉིད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་ཞུ་སྟེ། སྤྱི་བོའི་ཚངས་བུག་ནས་ཞུགས། སྙིང་ཁའི་རིགས་ལྔ་ཚེ་དཔག་མེད་ལ་ཐིམ་པས། དེ་རྣམས་ཀྱང་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་ཞུ། ལུས་ཀྱི་ནང་ཐམས་ཅད་གང་བས་སྡིག་སྒྲིབ་ཐམས་ཅད་དག །འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར། གོང་གི་སྔགས་གསུམ་


TNT13_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལན་རེ་བརྗོད་དོ། །བདག་ཉིད་ཀྱི་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་བཞུགས་གོང་ཚོགས་ཞིང་གི་སྐབས་ལྟར་མཆོད་བསྟོད་བྱས་ལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཁྱད་པར་དུ་ཡང་བདག་ལ་འཆི་བ་མེད་པ་ཚེའི་དངོས་གྲུབ་ད་ལྟ་ཉིད་དུ་སྩལ་དུ་གསོལ། ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ནས། བླ་ན་མེད་པའི་བྱང་ཆུབ་ད་ལྟ་ཉིད་དུ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། ཨོཾ་བཛྲ་སཏྭ་ས་མ་ཡ། སོགས་ཡིག་རྒྱ་ལན་གསུམ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིས་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཨོཾ་ཁྱོད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། བཛྲ་མུཿ ཞེས་ཡེ་ཤེས་པ་གཤེགས། གཞལ་ཡས་ཁང་འོད་དུ་ཞུ་བ་རང་ལ་ཐིམ། དགེ་བ་བསྔོ་ཞིང་ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག་གོ། གཉིས་པ་རས་བྲིས་ལ་རྟེན་པའི་ཆོ་གའི་བྱ་བ་རྒྱས་པར་བཤད། རྡུལ་ཚོན་ལ་རྟེན་པའི་ཆོ་གའི་ཁྱད་པར་དབྱེ་བའོ། །དང་པོ་ལ་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་པ་དང༌། དབང་བསྐུར་བའོ། །དང་པོ་ནི། སྟེགས་བུ་བཟང་པོ་ལ་དཀྱིལ་འཁོར་ཤར་ཕྱོགས་སུ་ཞལ་བསྟན་ཏེ་བཀྲམ་འཇིག་རྟེན་འདས་པའི་གཏོར་མ་དང༌། མཆོད་པ་རྒྱ་


TNT13_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་བཤམས། ཕྱི་རོལ་ཕྱོགས་བཞིར་རྒྱལ་ཆེན་བཞིའི་གཏོར་མ་བཤམས། ཤར་དུ་དྲི་བཟང་དང་ཁྲག་བླུག་པ། ལྷོར་ཉ་ཤ་དང་ལ་ཕུག །ནུབ་ཏུ་འོ་མ་དང་སྨན། བྱང་དུ་ཤིང་ཏོག་དང་ཆང་བླུག་པ་རྣམས་སོ། །ཡི་གེ་ཕལ་ཆེར་ན། འདིའི་ཤར་ནུབ་གོ་རྗེས་པར་ཡོད་ནའང༌། ལྷ་དང་གཏོར་མ་ཕྱོགས་མཐུན་པར་བཤམས་པའི་ལུགས་སུ་འདུག་པས། འདི་ཁོ་ནས་འོས་ཤིང༌། གལ་ཏེ་ཤར་གྱི་ལྷའི་གཏོར་མ་ནུབ་ཏུ་བཤོམས་པ་སོགས་ཡིན་ན། ལྷོ་བྱང་གཉིས་ཀྱང་བསྒྱུར་དགོས་སོ། །ཆ་གསུམ་གཏོར་མ་ཕྱོགས་གང་འོས་ཅིག་ཏུ་བཤམས་ཤིང༌། བུམ་པ་བཅུའམ་གཉིས་སྤྱི་དང་མཐུན་པར་བཤམས། མིག་དར་མེ་ཏོག །རྒྱལ་སྲིད་སྣ་བདུན་གྱི་གཟུགས་བརྙན། བཀྲ་ཤིས་རྫས་བརྒྱད་སོགས་འོག་ཏུ་དགོས་པ་རྣམས་ཚོགས་པར་བྱའོ། །ཐོག་མར་མཆོད་པ་བྱིན་རླབས་བྱ་སྟེ། ཨོཾ་ཨ་མྲྀ་ཏ་ཀུནྚ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། བཛྲ་པཱ་དྱཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས་ཤཔྟ་ཨཱཿཧཱུཾ། ཨོཾ་དྷརྨཱ་ར་ཎི་ཏ་སོགས་ཀྱིས་རོལ་མོ་བྱིན་དབབ། སྐྱབས་འགྲོ་ནས་བྱིན་རླབས་ཡན་ཆད་བདག་བསྐྱེད་གོང་བཞིན་བྱ། མདུན་བསྐྱེད་


TNT13_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ས་གཞི་ནས། སྡོང་བུ་ཅུང་ཟད་དང་བཅས་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་ལྟེ་བ་དང་འདབ་མ་བརྒྱད་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་རེ་རེ། དེ་ལས་འོད་འཕྲོས་ནས་ཡོངས་སུ་གྱུར་པ་ལས། དབུས་སུ་རྣམ་པར་སྣང་མཛད་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། ཤར་དུ་རྡོ་རྗེ་ཚེ་དཔག་མེད། ལྷོ་རུ་རིན་ཆེན་ཚེ་དཔག་མེད། ནུབ་ཏུ་པདྨ་ཚེ་དཔག་མེད། བྱང་དུ་ལས་ཀྱི་ཚེ་དཔག་མེད། བྱང་ཤར་དུ་ཀུན་གཟིགས་ཚེ་དཔག་མེད། ཤར་ལྷོ་ཡོན་ཏན་ཚེ་དཔག་མེད། ལྷོ་ནུབ་ཏུ་ཡེ་ཤེས་ཚེ་དཔག་མེད། ནུབ་བྱང་དུ་མི་གཡོ་ཚེ་དཔག་མེད། ཐམས་ཅད་ཀྱང་སྐུ་མདོག་ནས། སྤྱོད་པའོ། །ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ནས་ཧྲཱིཿཡིག་དམར་པོ་དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས། བཅོམ་ལྡན་འདས་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་ལ། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་ཀྱི་མགོན་གྱུར་ཞིང༌། ནས། ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་པ་ར་མི་ཏ། ཨཱ་ཡུར་ཛྙཱ་ན། ས་པཱ་རི་ཝ་ར་ཨེཧྱ་ཧི། ཨ་མྲྀ་ཏ་ལན་གསུམ་གྱིས་ཕྱི་འབྲང་གི་བགེགས་བསྐྲད། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་


TNT13_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་བཞིན་གནང་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སཏྒ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཇི་ལྟར་བལྟམས་པ༴ ནས། ཤྲཱི་ཡེ་ཧཱུཾ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡི་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལ་ཡ་སྟྭཾ། ཨོཾ་བཛྲ་པུཥྤེ་ནས། ནཻ་ཝི་དྱེའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་ནས་ཡར་ལུད་པ་ལས། གཙོ་འཁོར་ཐམས་ཅད་ལ་འོད་དཔག་ཏུ་མེད་པས་དབུ་བརྒྱན། དེ་ནས་གོང་དུ་བཤད་པའི་སྔགས་གསུམ་པོ་ཅི་ནུས་སུ་བཟླས་ལ། མཐར། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བ་ཐམས་ཅད་བརྟན་པར་བཞུགས་ནས། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བརྗོད་ལ། གོང་ལྟར་མཆོད་པ་བྱིན་རླབས་བྱ་བ་ལས། རོལ་མོ་བྱིན་དབབ་མི་དགོས་སོ། །དེ་ནས་ཕྱག་རྒྱ་སྤྱི་དང་མཐུན་པར་བཅས་ལ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་རེ་དང༌། །མཆོད་ཡོན་བཀོད་པས་འོད་ཟེར་རབ་བཀྱེ་ཏེ། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་པ་རི་མི་ཏ། ཨཱ་ཡུར་ཛྙཱ་ན་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་ཏུ་སྦྱར་ཏེ་མཐར་རོལ་མོ་ལ། སིལ་སྙན་ཞེས་པ་དང༌།


TNT13_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཤཔྟའི་བར་རོ། གོས་ཟུང་བསངས་སྦྱངས། སྟོང་པའི་ངང་ལས། བྷྲཱུཾ་ལས་བྱུང་བའི་ལྷ་རྫས་ཀྱི་ན་བཟའ་ནམ་མཁའི་མཐའ་ཀླས་པར་གྱུར། སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ནས། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་སརྦ་ནས། བཛྲ་ཝསྟྲ་ཡེ་ཨཱཿཧཱུཾ། སྤྲོ་ན་རྒྱལ་སྲིད་སྣ་བདུན་དང༌། འདོད་ཡོན་ལྔ་རྣམས་སྤྱི་དང་མཐུན་པར་འབུལ། །ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ཚེ། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་དཀྱིལ་འཁོར་ལྷ་ཚོགས་ལ། །བཀྲ་ཤིས་རྟགས་བརྒྱད་དག་གིས་མཆོད་པར་བགྱི། །མངྒ་ལ་ཨཥྟ་ཨཾ་ཀ་པུ་ཨཾ་ཀ་པུ་ཛི་ཏེ་ཨཱཿཧཱུཾ། ཚིག་གཞན་རྣམས་དེ་དང་འདྲ་བ་ལ། བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། མངྒ་ལཾ་ཨཥྟ་དྲ་བྱཿཔུ་ཛི་ཏེ༴ བསྟོད་པ་ནི། །ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །སེམས་ཅན་སྡུག་བསྔལ་སྣ་ཚོགས་ཀུན། །མ་ལུས་པར་ནི་སེལ་མཛད་པའི། །སངས་རྒྱས་ཚེ་དཔག་མེད་ཕྱག་འཚལ། །རྡོ་རྗེ་སེམས་དཔའ་ལས་བྱུང་ཞིང༌། །ཉེས་པའི་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་ལུས་ཅན་རྡོ་རྗེ་ཅན། །རྡོ་རྗེ་ཚེ་དཔག་མེད་ཕྱག་འཚལ། །བསམ་པའི་དོན་ཀུན་སྐད་ཅིག་གིས། །རང་འདོད་བཞིན་དུ་ཚིམ་མཛད་པ། །མཆོག་གི་བདག་པོ་ཆེན་པོ་སྟེ། །རིན་ཆེན་ཚེ་དཔག་མེད་ཕྱག་འཚལ། །ཇི་ལྟར་ཉོན་མོངས་དྲི་མ་ཡིས། །ཀུན་ནས་གོས་པར་མི་འགྱུར་ཞིང༌། །ཐུགས་རྗེས་ཆགས་ཚུལ་


TNT13_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་མཛད་པའི། །པདྨ་ཚེ་དཔག༴ འདོད་པའི་ལས་རྣམས་མ་ལུས་པ། །སྐད་ཅིག་གཅིག་གིས་རྫོགས་པའི་དཔལ། །བསམ་ཀུན་འཕེལ་བྱེད་དཔག་བསམ་ཤིང༌། །ལས་ཀྱི་ཚེ་དཔག༴ ཉེས་པ་ཀུན་ལས་ཁྱོད་གྲོལ་ནས། །སྣ་ཚོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །འཁོར་བའི་སྐྱབས་མཛད་དཔའ་བོ་སྟེ། །ཀུན་གཟིགས་ཚེ་དཔག་མེད་ཕྱག་འཚལ། །སྟོབས་ཆེན་རྣམས་ཀྱིས་རབ་བརྒྱན་ཏེ། །མི་མཐུན་ཕྱོགས་རྣམས་མ་ལུས་སྤངས། །སྟོན་པ་སྲེདམེད་བུ་ཡི་སྟོབས། །ཡོན་ཏན་ཚེ་དཔག༴ མེ་ལོང་མཉམ་ཉིད་ལ་སོགས་པ། །ཡེ་ཤེས་མང་པོའི་མཛོད་འཛིན་ཞིང༌། །རྟོག་པ་མ་ལུས་ཁྱོད་ཀྱིས་སྤངས། །ཡེ་ཤེས་ཚེ་དཔག༴ རྣམ་པར་རྟོག་ལས་ཁྱོད་གྲོལ་ནས། །མཐའ་བྲལ་ཏིང་འཛིན་ཞི་བ་ཉིད། །བདུད་དང་མུ་སྟེགས་འཇོམས་མཛད་པའི། །མི་གཡོ་ཚེ་དཔག་མེད་ཕྱག་འཚལ། །འཁོར་བའི་སེམས་ཅན་གང་ཡང་རུང༌། །ཁྱོད་ཀྱི་མཚན་ཙམ་འཛིན་པ་ལ། །ཚེ་དང་ཡེ་ཤེས་སྩོལ་མཛད་པའི། །ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། སྤྲོ་ན། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་བླ་ན་མེད། །ཚེ་དང་ཡེ་ཤེས་དཔག་མེད་རྣམ་ངེས་པའི། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །དྲི་མེད་པདྨ་ར་གའི་མདངས་ལྡན་ཞིང༌། །མཚན་མཆོག་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང༌། །བརྒྱད་ཅུས་ལེགས་སྤྲས་བདུད་རྩིའི་བུམ་བཟང་མཆོག །མཉམ་བཞག་ཕྱག་གིས་བསྣམས་ལ་


TNT13_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །ཐེག་མཆོག་སྟོན་པ་ཡན་ལག་དྲུག་ཅུའི་དབྱངས། །སེང་གེའི་སྒྲ་ཡིས་བདུད་དང་གཤིན་རྗེའི་དཔལ། །ཀུན་ཏུ་འཇོམས་བྱེད་གདུལ་བྱའི་ཚོགས་སྐྱོང་བ། །ཚེ་དཔག་མེད་ཀྱི་གསུང་ལ་ཕྱག་འཚལ་ལོ། །རྣམ་པར་མི་རྟོག་མཁྱེན་པས་ཤེས་བྱ་ཁྱབ། །བྱམས་དང་ཐུགས་རྗེས་འགྲོ་ཀུན་རྗེས་འཛིན་ཞིང༌། །དབྱིངས་དང་ཡེ་ཤེས་ཀུན་དུ་རོ་གཅིག་པ། །ཡེ་ཤེས་ལྔ་ཡི་ཐུགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་རྒྱ་མཚོ་གཏིང་མཐའ་རབ་ཡངས་པ། །མི་འགྱུར་འགག་མེད་ཚེ་ཡི་ལྷུན་པོས་བརྒྱན། །ཡོན་ཏན་སྣ་ཚོགས་རིན་ཆེན་གཏེར་འཛིན་པ། །དཔག་ཡས་འབྱུང་པོས་བསྟེན་ལ་ཕྱག་འཚལ་ལོ། །རང་བཞིན་ཆོས་སྐུའི་ངང་ལས་མ་གཡོས་ཀྱང༌། །སྣ་ཚོགས་འཕྲིན་ལས་འོད་ཟེར་རབ་བཀྱེ་བས། །མ་རིག་མུན་སེལ་ཚེ་དང་ཡེ་ཤེས་ཀྱི། །སྣང་བ་བསྐྱེད་པར་མཛད་ལ་ཕྱག་འཚལ་ལོ། །ནོར་བུ་དཔག་བསམ་ཤིང་དང་བུམ་པ་བཟང༌། །དྲང་སྲོང་གིས་སྦྱར་རིགས་སྔགས་མཐུ་ཡིས་ཀྱང༌། །འདི་ལྟར་འགྲོ་བའི་དཔལ་འབྱོར་རྒྱས་བྱེད་ཅིང༌། །སྐྱེ་རྒུའི་འདོད་དོན་གང་ལགས་སྒྲུབ་བགྱིད་ན། །སྐྱབས་མཆོག་ཁྱོད་ནི་མགོན་དུ་ལེགས་བགྱིས་ནས། །གསང་སྔགས་རྒྱལ་པོ་རྟག་ཏུ་བརྗོད་བགྱིད་ཅིང༌། །རྩེ་གཅིག་ཡིད་ཀྱི་གུས་པས་གསོལ་བཏབ་ན། །འདིར་ལྟར་སྐལ་བཟང་འགྱུར་བ་སྨོས་ཅི་དགོས། །དེ་ལྟར་དགོངས་ནས་མ་ལུས་མཁྱེན་པའི་ཐུགས། །ཐུགས་རྗེའི་དབང་གི་བདག་ལ་དགོངས་ནས་ཀྱང༌། །ལས་དང་གློ་བུར་རྐྱེན་ལས་བྱུང་བ་ཡི། །གཤིན་རྗེའི་གནོད་པ་མ་ལུས་བཟློག་ཏུ་གསོལ། །ནད་གདོན་བར་ཆད་ཚོགས་ཀུན་ཞི་བ་དང༌། །བུམ་པ་བཟང་སོགས་དངོས་གྲུབ་ཀུན་ཐོབ་ནས། །མི་འགྱུར་


TNT13_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའི་ཚེ་འགྲུབ་སྟེ། །ཚེ་དཔག་མེད་མགོན་གོ་འཕང་ཐོབ་པར་མཛོད། །ཅེས་བསྟོད་ཅིང་གསོལ་བ་བཏབ། དེ་ནས་བུམ་བསྐྱེད་ནི། བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ལྟོ་བ་ལྡིར་བ་མགྲིན་པ་ཕྲ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་བ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱནཔ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བ་རྣམས་ལས། བུམ་པ་དགུ་པོ་རྣམས་ཀྱི་ནང་དུ་པད་ཟླ་ལ་གནས་པའི་ཧྲཱིཿཡིག་རེ་རེ་ཡོངས་སུ་གྱུར་པ་ལས། དབུས་ཀྱི་བུམ་པར་རྣམ་པར་སྣང་མཛད་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། ཤར་གྱི་བུམ་པར་རྡོ་རྗེ་ཚེ་དཔག་མེད། ལྷོའི་བུམ་པར་རིན་ཆེན་ཚེ་དཔག་མེད། ནུབ་ཀྱི་བུམ་པ་པདྨ་ཚེ་དཔག་མེད། བྱང་གི་བུམ་པར་ལས་ཀྱི་ཚེ་དཔག་མེད། བྱང་ཤར་གྱི་བུམ་པར་ཀུན་གཟིགས་ཚེ་དཔག་མེད། ཤར་ལྷོའི་བུམ་པར་ཡོན་ཏན་ཚེ་དཔག་མེད། །ལྷོ་ནུབ་ཀྱི་བུམ་པར་ཡེ་ཤེས་ཚེ་དཔག་མེད། །ནུབ་བྱང་གི་བུམ་པར་མི་གཡོ་ཚེ་དཔག་མེད། །ཐམས་ཅད་ཀྱང་ནས་སྤྱོད་པའོ། །གལ་ཏེ་བུམ་པ་གཉིས་ལས་མེད་ན། ཡོངས་སུ་གང་བའི་རྣམ་རྒྱལ་བུམ་པའི་ནང་དུ། སྡོང་བུ་ཅུང་ཟད་དང་བཅས་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང༌། འདབ་མ་བརྒྱད་ལ་ནས། སྤྱོད་པའོ། །ཞེས་པའི་བར་མདུན་བསྐྱེད་དཀྱིལ་འཁོར་གྱི་སྐབས་བཞིན། ལས་ཐམས་ཅད་པའི་བུམ་པའི་ནང་དུ། པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་གཡས་སྣ་ཚོགས་རྡོ་རྗེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། སྦྲུལ་དང་རིན་པོ་ཆེས་བརྒྱན་པ། ཁྲོ་བོའི་ཆ་ལུགས་ཡོངས་སུ་


TNT13_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཤིང༌། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ནས། བཛྲ་ས་མཱ་ཛའི་བར་གོང་བཞིན། ཛཿཧཱུཾ་བཾ་ཧོཿསླར་ཡང་ཐུགས་ཀའི་ཧྲཱིཿལས་ནས། དབུ་བརྒྱན་གྱི་བར་ཡང་མདུན་བསྐྱེད་བཞིན། བདུད་རྩི་འཁྱིལ་བ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་སོགས་ཀྱིས་བསྟོད། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོགས་ཤིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་རྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །ཞེས་ལས་བུམ་ནང་གི་ལྷ་ལ་ཡང་བསྟོད། རང་གི་སྙིང་ག་ནས་སྔགས་ཀྱི་འཕྲེང་བ་གཟུགས་ཐག་ལ་བརྟེན་ནས་སོང༌། བུམ་ནང་གི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་ཏེ་བུམ་པ་གང་བར་གྱུར། གཟུངས་ཐག་ནས་བཟུང་ལ་སྔགས་གསུམ་པོ་ཅི་རིགས་པར་བཟླ། ལས་བུམ་ལ་དམིག་ནས། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཅེས་པའང་ཉེར་གཅིག་སོགས་བཟླའོ། །མཐར་གོང་བཞིན་མཆོད་བསྟོད། ཡིག་བརྒྱའི་མཐར། མ་འབྱོར་པ་དང༌། སོགས། ཨོཾ་ཨཱཿཧཱུཾ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་ནང་གི་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་ནུས་པ་ཀུན་དང་ལྡན་པར་གྱུར། ཞེས་བརྗོད་ཅིང་དུང་ཆོས་ཀྱི་ཆུ་བུམ་པ་རྣམས་སུ་བླུག་གོ །དེ་ནས་གཏོར་མ་འབུལ་ཏེ། འཇིག་རྟེན་འདས་པའི་གཏོར་མ་གཞུང་ནས་མ་བཤད་ཀྱང༌། ཕྱིས་ཀྱི་རྣམས་ལག་ལེན་ལ་མཛད་པ་ལྟར་ན། གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པའི་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་


TNT13_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་རིང་ཀྱི་མཐར། ཨ་ཀཱ་རོ་བཏགས་པ་ལན་གསུམ་མམ་བདུན་གྱིས་ཕུལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱེཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨེ་མཾ་ག་ག་ཎ་ཁཾ་སྭཱཧཱ། ཞེས་པ་ལན་གསུམ་གྱིས་རྒྱ་ཆེར་སྤེལ་ལ་སྟབས། ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ནས།ཀུན་འགྲུབ་ཤོག་གི་བར་གྱིས་འདོད་དོན་གསོལ་བ་བཏབ། རྒྱལ་ཆེན་བཞིའི་གཏོར་མ་ཡང་གོང་བཞིན་བྱིན་གྱིས་རླབས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཨོཾ་ཨེ་ཧྱེ་ཧི། ཙ་ཏུར་མཧཱ་རཱ་ཛཱ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་བརྗོད། ཨོཾ་དྷྲི་ཏ་རཥྟ་ཡ། ཨོཾ་བི་རུ་ཌྷ་ཀ་ཡ། ཨོཾ་བི་རུ་བྷཀྵ་ཡ། ཨོཾ་བཻ་ཤྲ་ཝ་ཎ་ཡ་ས་པཱ་རི་ཝཱ་ར་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿནས། ག་ག་ན་ཁཾ་གྲིཧྞ་དཾ་བཱཾ་ལི་ཏ་སྭཱཧཱ། ཞེས་ལན་གསུམ་གྱིས་གཏོར་མ་འབུལ། སྤྲོ་ན་རེ་རེའི་མཚན་སྔགས་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་སྦྱར་བ་ལན་གསུམ་གསུམ་གྱིས་ཕུལ་ན་ཤིན་ཏུ་ལེགས་སོ། །ཨོཾ་ཙ་ཏུ་མཧཱ་རཱ་ཛཱ་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། རྒྱལ་པོ་ཆེན་པོ་དཔལ་ལྡན་པ། མར་གད་མདོག་ཅན་པི་ཝང་འཛིན། །དྲི་ཟའི་ཚོགས་ལ་དབང་བསྒྱུར་པའི། །ཡུལ་འཁོར་བསྲུང་ལ་ཕྱག་འཚལ་ལོ། །དཔའ་བོ་ཆེན་པོ་སྟོབས་པོ་ཆེ། ཁ་དོག་སྔོན་པོ་རལ་གྲི་འཛིན། །གྲུལ་བུམ་ཚོགས་ལ་དབང་བསྒྱུར་བའི། །འཕགས་སྐྱེས་པོ་ལ༴ །མངའ་བདག་ཆེན་པོ་མཐུ་བོ་ཆེ། ཁ་དོག་དམར་པོ་སྦྲུལ་ཞགས་འཛིན། །ཀླུ་ཡི་ཚོགས་ལ་དབང་བསྒྱུར་བའི། །མིག་མི་བཟང་ལ༴ དེད་དཔོན་ཆེན་པོ་གསེར་མདོག་ཅན། །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་ཚོགས་ལ་དབང་བསྒྱུར་པའི། །རྣམ་ཐོས་སྲས་ལ༴ དད་ལྡན་རྒྱལ་བའི་བཀའ་ཐོས་ཞལ་མཐོང་ཞིང༌། །སྒྲུབ་ལ་


TNT13_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་པས་བྱང་ཆུབ་ཐུགས་སུ་ཆུད། །ཐབས་མཁས་སྙིང་རྗེས་ཚོགས་གཉིས་རྫོགས་མཛད་པ། །བདག་དང་གཞན་དོན་འབྱོར་པ་ཁྱོད་ལ་འདུད། །རྒྱལ་ཆེན་སྡེ་བཞི་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ནས། ཀུན་འགྲུབ་ཤོག་གི་བར་བྱ། དེའི་རྗེས་སུ་སྒོས་ཀྱི་ཆོས་སྐྱོང་གི་གཏོར་མ་ཡོད་ནའང་རང་རང་གི་ཆོ་གས་བསྔོ། འདི་ལ་ནག་པོ་ཆེན་པོ་སོགས་ལ་རྒྱལ་ཆེན་གྱི་ཆོ་གའི་རིགས་འགྲོས་སྦྱོང་བའི་ལག་ལེན་འདུག་ནའང་སྙིང་པོས་དབེན་པས་སྒོས་ཀྱི་ཆོས་སྐྱོང་གི་གཏོར་ཆོག་རྣམས་ཡང་ན་མི་བྱེད། བྱེད་ན་རང་གཞུང་གི་འབུལ་དགོས་ཀྱིས། བློ་བཟོ་མི་བྱའོ། །དེའི་རྗེས་སུ་ཕྱོགས་སྐྱོང་དང༌། འབྱུང་པོ་སྤྱི་དང༌། བགེགས་ཀྱི་གཏོར་མ་ཏེ། གཏོར་མ་ཆ་གསུམ་དུ་གྲགས་པའང་ངེས་པར་གཏོང་དགོས་ལ། དེའི་ཆོ་ག་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། དེ་ནས་སློབ་མ་ལ་ཇི་ལྟར་བྱ་བའི་དབང་གི་ཆོ་ག་རྣམས་སློབ་དཔོན་ཉིད་ཀྱིས་བདག་འཇུག་ཏུ་བླངས། སླར་ཡང་མཆོད་བསྟོད་བསྡུས་པ་ཞིག་བྱས་ལ། སློབ་མ་ལ་བྱིན་རླབས་འཇུག་པས་དོན་དུ་བཟླས་པ་ཅི་རིགས་པར་བྱའོ། །གསུམ་པ་ལ་དབང་བསྐུར་བ་ནི་སློབ་མ་རྣམས་ཁྲུས་བྱས། གྲལ་ལ་འཁོད། མེ་ཏོག་བཀྱེ་བསྡུ་བྱ། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཅི་རིག་པར་བྱ། སྤྲོ་ན་ཆོས་འདི་ཉིད་ཀྱི་ལོ་རྒྱུས་དང་ཆེ་བའང་བརྗོད་ནས་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་མཎྜལ་འབུལ་བར་བསྐུལ། དེ་རྣམས་ཀྱིས་ཀྱང་མནྜལ་འབུལ། དེ་ནས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སོགས་ལན་གསུམ་ངེས་བཟློས་ཀྱི་སྒོ་ནས་གསོལ་བ་བཏབ། ཨོཾ་ཙཀྵུཿབནྡྷ་ཝཱ་རཱ་ཨཱ་མ་ན་ཡ་ཧཱུཾ། གིས་གདོང་བཅིང༌། ཨཱ་ཁཾ་ཝཱི་ར་ཧཱུཾ། གི་མེ་ཏོག་གི་འཕྲེང་བ་གཏད། སློབ་དཔོན་གྱིས་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་བདུད་རྩི་འཁྱིལ་བའི་ཚོགས་ཀྱིས་བགེགས་བསྐྲད་པར་གྱུར། ལས་བུམ་གྱི་ཆུས་བསངས་ལ། ཨ་མྲྀ་ཏའི་སྔགས་བརྗོད། རིགས་དང་མཐུན་པ་བརྟག་པའི་སླད་དུ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། ཞེས་དྲིས་པ་ལ། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་


TNT13_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཟློས་ཀྱིས་ལན་བཏབ། སླར་ཡང་མཐར་ཐུག་གི་དོན་གཉེར་བརྟག་པའི་སླད་དུ། དེ་ཡི་བུ་ལ་ཅི་ཞིག་བྱ། ཞེས་དྲིས་པ་ལ། སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་རྗེས་བཟློས་ཀྱི་ལན་འདེབས་སུ་བཅུག །སློབ་མའི་སྙིང་ཁར་ཀུན་རྫོབ་བྱང་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འཁོད་པར་གྱུར། ཨོཾ་སརྦ་ཡོ་ཀ་ཙིཏྟ་ཨུ་པ་ཏ་ཡ་མི། ཞེས་རྗེས་བཟློས་བྱ། རྡོ་རྗེ་སྙིང་ཁར་གཏུགས་ལ། སུ་ར་ཏེ་ས་མ་ཡ་སྟཾ། ཧོ་སིདྡྷིཿབཛྲ་ཡ་ཐཱ་སུ་ཁཾ། ཞེས་པས་བརྟན་པར་བྱས། རྡོ་རྗེ་མགོ་བོར་བཞག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་ཆེན་པོ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་པ་གསང་བར་གདམ། སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་གྱི་ཤར་གྱི་སྒོ་དྲུང་དུ་ཁྲིད་པར་མོས་ལ། དཀྱིལ་འཁོར་ལ་འདུད་པ་ཙམ་བྱེད་དུ་འཇུག་ཅིང༌། ཧཱུཾ་ཛཿཧཱུཾ། ཞེས་པའི་རྗེས་བཟློས་དང༌། ཡོལ་བ་བསལ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་ལན་གསུམ་དུ་ཕྱག་འཚལ་བར་མོས་ལ། གནས་གསུམ་དུ་ཐལ་མོ་སྦྱོར་བཞིན་པས། འདིའི་རྗེས་བཟློས། ཨོཾ་ན་མ་ཏེ་ཧཱུཾ། ཨོཾ་ན་མོ་མེ་ཧཱུཾ། ཨོཾ་ན་མོ་ན་མཿ ཧཱུཾ། ཞེས་བརྗོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་རྒྱུན་བཤགས་ལན་གསུམ་བྱེད་དུ་བཅུག །མཎྜལ་འབུལ་བར་སྐུལ་ལ། སློབ་མས་ཀྱང་འཆི་མེད་ཚེའི་དངོས་གྲུབ་ཞུ་བའི་དོན་དུ་མཎྜལ་འབུལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །བདག་ལ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་སྩལ་ཏུ་གསོལ། རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལྷག་པར་གནས་པ་མཛད་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ།


TNT13_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་སྐད་ཅིག་གིས་རྒྱལ་བ་ཚེ་དཔག་མེད་དུ་གསལ་བའི་སྙིང་ཁར་ཟླ་བ་ལ་གནས་པའི་ཧྲཱིཿཡིག་ལས་འོད་ཟེར་འཕྲོས་པ་དང༌། སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿཡིག་ལས་ཀྱང་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དང༌། གཞན་ཡང་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། གྲུབ་པ་དང་རིག་པ་འཛིན་པའི་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༌། ཡོན་ཏན་དང༌། ནུས་མཐུ་ཐམས་ཅད་དང༌། ལྷ་ཀླུ་གནོད་སྦྱིན་མི་དང་མི་མ་ཡིན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་མཐུ་སྟོབས་མ་ལུས་པ་དང༌། ནོར་བུ་དང༌། སྨན་དང་རིགས་སྔགས་དང༌། བཅུད་ལེན་དང༌། གྲུབ་པའི་རྫས་རྣམས་གཙོ་བོར་གྱུར་པ་འབྱུང་བའི་ཁམས་ཐམས་ཅད་ཀྱི་བཀྲག་མདངས་བཅུད་དེ་མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྣོད་བཅུད་བརྟན་གཡོ་ཐམས་ཅད་ཀྱི་དྭངས་མ་མི་ཤིགས་པའི་ངོ་བོ་རྣམས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་རྒྱལ་བ་ཚེ་དཔག་མེད་ཀྱིས་སྐུའི་རྣམ་པར་བསྡུས། ནམ་མཁའི་དབྱིངས་ལས་ཁ་བ་བུ་ཡུག་འཚུབས་པ་ལྟར་ཕྱོགས་ཐམས་ཅད་ནས་བྱོན་ཏེ། སློབ་མའི་བ་སྤུའི་བུ་ག་ཐམས་ཅད་ནས་བཞུགས་ཤིང་འདྲེས། ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་དང་འོད་ཟེར་དམར་པོའི་རྣམ་པས་གང༌། སྡིག་སྒྲིབ་ཐམས་ཅད་བྱང༌། ལུས་སེམས་ཐམས་ཅད་བདེ་བས་ཁྱབ་པར་གྱུར། སྙིང་པོའི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡཿཨཿཨཿཨཿཨཿ ཞེས་བཟླས་ཤིང་སྤོས་དང༌། རོལ་མོ་བྱ། དེ་ནས་སྤྱི་བོར་རྡོ་རྗེ་བསྣོལ་མར་


TNT13_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ནས། ཏིཥྛ་བཛྲ་ཞེས་ལན་གཉིས་ཀྱིས་བརྟན་པར་བྱ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། ཞེས་རྗེས་བཟློས་བྱེད་བཞིན་དུ། དཀྱིལ་འཁོར་གྱི་གཙོ་བོའམ། རིགས་ཀྱི་ལྷ་ལ་མེ་ཏོག་འདོར་དུ་གཞུག །མེ་ཏོག་སློབ་དཔོན་གྱིས་བླངས་ལ་སློབ་མའི་མགོ་བོར་བཅིངས་ཏེ། པྲ་ཏི་གྲྀཧྞ་ཏྭཾ། ཨི་མཾ་སཏྭ་མཧཱ་བཱ་ལ། ཞེས་བརྗོད་དེ་མེ་ཏོག་ཕུལ་བའི་ལྷས་དངོས་གྲུབ་སྩལ་བར་མོས་སུ་བཅུག །ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་ཛྙཱ་ན་ཙཀྵ་ཧཱུཾ་ཨཱ། ཞེས་བརྗོད་དེ་གདོང་གཡོགས་བཀྲོལ། ཧེ་བཛྲ་པ་ཤྱ་ཞེས་ལྟ་བར་བསྐུལ་ཏེ། སྒྲུབ་ཐབས་ནས་འབྱུང་བ་ལྟར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རྒྱས་པར་བཤད་དོ། །བདག་འཇུག་གི་ཚེ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་བཞིན་དུ་གསལ་བར་གྱུར། ཞེས་བརྗོད། དེ་ནས་དབང་གི་དངོས་གཞིའི་དོན་དུ་མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། །ལན་གསུམ། དཀྱིལ་འཁོར་གྱི་ཤར་གྱི་ལྷ་རྣམས་དབང་སྟེགས་རིན་པོ་ཆེའི་ཁྲིའི་སྟེང་དུ། པདྨ་དང་ཟླ་བའི་གདན། དེའི་སྟེང་གི་ཕྱོགས་སུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་མཐའ་བསྐོར་དུ་རྒྱལ་མཚན་དང་བ་དན་དང༌། རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པས་བསྐོར་བ། གདན་དེ་ཉིད་ཀྱི་སྟེང་དུ་སློབ་མ་ཧྲཱིཿལས་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་པདྨ་ར་གའི་ནས། ཐུགས་ཀར་ཧཱུཾ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་


TNT13_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྒྱལ་བ་ཚེ་དཔག་མེད་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཡང་སློབ་དཔོན་གྱི་ཐུགས་ཀའི་ཧྲིཿཡིག་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས། དབང་གི་ལྷ་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་ལ་ཐུན་མོང་མ་ཡིན་པའི་འཁོར་གྱི་ཚོགས་ཀྱིས་བསྐོར་བ་ནི། རིགས་སྔགས་འདི་ལ་དགོངས་པ་གཅིག་གྱུར་སངས་རྒྱས་ཚོགས། །བྱེ་བ་གང་གཱའི་ཀླུང་གི་བྱེ་སྙེད་དབུས་སུ་ཏེ། །ཤར་དུ་བྱེ་བ་དགུ་བཅུ་རྩ་དགུ་ལྷོ་ཕྱོགས་སུ། །བྱེ་བ་བདུན་ཅུ་རྩ་བདུན་ནུབ་ཏུ་བྱེ་བ་ཕྲག །བརྒྱད་ཅུ་རྩ་བཞི་བྱང་དུ་བྱེ་བ་དྲུག་ཅུ་ལྔ། །བྱང་ཤར་སོགས་ལ་བྱེ་བ་ཕྲག་གི་གྲངས་སྒྲེས་པ། །ལྔ་བཅུ་རྩ་ལྔ་དང་ནི་བཞི་བཅུ་རྩ་ལྔ་དང༌། །སུམ་ཅུ་རྩ་དྲུག་ཉེར་ལྔ་རྣམས་ནི་སངས་རྒྱས་སོ། །གཞན་ཡང་མཐའ་སྐོར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚད་མེད་པ་རྣམས་དང༌། འཆི་མེད་ཚེའི་དངོས་གྲུབ་བརྙེས་པའི་ལྷ་དང་དྲང་སྲོང་རིག་པ་འཛིན་པའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་ཏུ་གསོལ། ཞེས་རྗེས་ཟློས་ཀྱིས་གསོལ་བ་བཏབ་པས། སློབ་དཔོན་དང་རྣམ་སྣང་ཚེ་དཔག་མེད་དབྱེར་མ་མཆིས་པ་འཁོར་དང་བཅས་པ་རྣམས་ཀྱིས། རིན་པོ་ཆེའི་བུམ་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བས་དབང་བསྐུར་བར་གྱུར། བུམ་པ་སློབ་མའི་སྤྱི་


TNT13_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

བོར་གཏུགས་ཤིང་བུམ་ཆུ་འཐུང་དུ་བཅུགལ། ཨོཾ་བཻ་རོ་ཙཱ་ན་ཨཱ་ཡུར་ཛྙཱ་ན་སིདྡྷི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུཾ། ལུས་ལ་རྣམ་སྣང་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་གྲོལ་ཏེ། །བསྐལ་པ་སྟོང་དུ་ཚེ་འཕེལ་ནས། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །དེ་ནས་རོལ་ཆེན་དྲིལ་བསིལ་ཙམ་དང་བཅས་པས་ཀྱང་རུང་སྟེ། ཕ་རོལ་དུ་ཕྱིན་པ་དྲུག་གི་ཤིས་པ་བརྗོད་ནས་དབང་བསྐུར་བ་ནི། སྦྱིན་པའི་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡིས་སེང་གེ་སྦྱིན་པའི་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །སྦྱིན་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། དེ་བཞིན་དུ་སྦྱིན་པ་ཞེས་པ་ཐམས་ཅད་དུ། ཚུལ་ཁྲིམས་ཞེས་སྦྱར་བ་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཅེས་པའི་བར་དུ་འདོན་པ་སྤོ། ཤོ་ལོ་ཀ་རེ་རེའི་མཐར། སྦྱིན་པ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །ཅེས་པ་ནས། ཤེས་རབ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །ཅེས་པའི་བར་ཚིག་རྐང་རེ་རེ་འཇུག་པའི་ལག་ལེན་སྣང་བ་བཞིན་བྱས་ཀྱང་འགལ་བ་མེད་པར་མངོན་ལ། འགའ་ཞིག་དཀྱུས་ཀྱི་ཚིག་རྐང་མཐའ་མ་དོར་ནས། དེ་འདོན་པ་ནི་བཀའ་ལ་དབང་ཟ་བར་འགྱུར་བས་སྤང་ངོ༌། །དེ་ནས་འདི་སྐད་ཅེས། ཞེས་གསུངས་ཤིང༌། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ཡེ་ཤེས་ཀྱི་ཆུས་ལུས་ཀྱི་ནང་ཐམས་ཅད་གང༌། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དུ་ཡང་ཉོན་མོངས་པ་གཏི་མུག་གིས་ཀུན་ནས་སླངས་ཏེ། སེམས་ཅན་གཞན་གྱི་སྲོག་བཅད་པས། ཚེ་འདིར་ཚེ་ཐུང་བའི་ལས་སྒྲིབ་བག་ཆགས་ཐམས་


TNT13_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྦྱངས། རྣམ་སྣང་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པས་རྒྱུད་བྱིན་གྱིས་རླབས་པར་མོས་པ་གྱིས། ཞེས་སོགས། ཡང་གོང་བཞིན་གསོལ་བ་བཏབ། རྣམ་སྣང་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་པའི་ཚབ་ཏུ། རྡོ་རྗེ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། བཻ་རོ་ཙཱ་ན་ཞེས་པར། བཛྲ་དེ་བཞིན་དུ། ལུས་ལ་རྡོ་རྗེའི་ཚེ་དབང༌། ཞེས་དང༌། ཁྱད་པར་དུ་ཡང་ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས། ཞེས་དང༌། རྡོ་རྗེ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། ཅེས་འདོན་པ་སྤོ། དེ་བཞིན་དུ། རིན་ཆེན༴ རཏྣ༴ རིན་ཆེན་ཚེ་དབང༴ ང་རྒྱལ་དང་སེར་སྣས༴ རིན་ཆེན་ཚེ་དང༴ དེ་བཞིན་དུ། པདྨ༴ པདྨ༴ པདྨའི་ཚེ་དབང༴ འདོད་ཆགས་ཀྱིས༴ པདྨ་ཚེ་དང༌། དེ་བཞིན་དུ། ལས་ཀྱི༴ ཀརྨ༴ ཕྲག་དོག་གིས༴ ལས་ཀྱི་ཚེ་དང༌། ཞེས་པ་སྤོ། ལྷ་གྲངས་དང་མཉམ་པའི་བུམ་པ་ཡོད་ན། རིགས་ལྔའི་བུམ་པ་རྣམས་ཀྱིས་རེ་རེ་བཞིན་དབང་བསྐུར་བ་ཡིན་ལ། གཉིས་སུ་བསྡུས་པ་ཡིན་ན། དེ་ཐམས་ཅད་ལ་རྣམ་རྒྱལ་བུམ་པ་ཁོ་ནས་དབང་བསྐུར་བ་ཡིན་ནོ། །དེ་ནས་ཅོད་པན་གྱི་དབང་ནི། དེ་ལྟར་རིགས་ལྔས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན། པདྨའི་ཕྱག་རྒྱ་སྤྱི་བོར་གཏུགས་ལ། ཨོཾ་པདྨོ་བྷ་བ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད། དེ་ནས་བར་འདིར་སྤྲོ་ན་བཟླས་ལུང་སྦྱིན་པའི་ལུགས་ཀྱང་ཡོད་མོད། ལག་ལེན་མི་མཛད་པ་ཤས་ཆེའོ། །དེ་ནས་བུམ་པ་དགུ་ཡོད་ན་མཚམས་ཀྱི་བུམ་པ་བཞིས། རིམ་པ་བཞིན་འཁྲུད་པའམ། གཉིས་ལས་མེད་ན། ལས་བུམ་གྱིས་ལན་བཞིར་འཁྲུད་དེ། ཀུན་གཟིགས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་སོགས་མཚམས་ཀྱི་ཚེ་


TNT13_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་བཞི་པོ་འཁོར་དང་བཅས་པ་རྣམས་ཀྱིས། སློབ་མའི་སྡིག་སྒྲིབ་ནད་གདོན་ཐམས་ཅད་བཀྲུས་པར་གྱུར། ཞེས་བརྗོད་ལ། སྔགས་གསུམ་གྱི་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱཧཱ། ནད་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱཧཱ། གདོན་ཐམས་ཅད༴ རིམས་ཐམས་ཅད༴ ཉེ་བར་འཚེ་བ་ཐམས་ཅད༴ འཁོན་དང་གྲིབ་དང་མི་གཙང་བ་ཐམས་ཅད༴ བྱད་དང་བྱུར་དང་སྐལ་བ་ངན་པ་ཐམས་ཅད༴ མཚན་མོ་ནག་མོ་དང༌། དུས་ཀྱི་ཞགས་པ་དང༌། གཤིན་རྗེའི་ཕོ་ཉ་ཐམས་ཅད༴ དུས་མ་ཡིན་པའི་འཆི་བ་ཐམས་ཅད༴ བགེགས་དང་ལོག་པར་འདྲེན་པ་ཐམས་ཅད༴ གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད༴ རྒྱལ་པོ་དང་ཐེའུ་བྲང་གི་གནོད་པ་ཐམས་ཅད༴ བཙན་དང་དམུའི་གནོད་ཐམས་ཅད༴ ཀླུ་དང་ས་བདག་གི་གནོད་པ་ལ་སོགས་པ་མདོར་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱཧཱ། ཞེས་བཀྲུའོ། །དེ་ནས་བྱབས་པ་ནི། རྨ་བྱའི་མདོངས་ཀྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་ལ། དེའི་འོད་ཟེར་གྱིས། སློབ་མའི་ནད་གདོན་སྡིག་སྒྲིབ་ཕྲ་ཞིང་ཕྲ་བ་ཐམས་ཅད་ཀྱང་རྡོ་ཁབ་ལེན་གྱི་ལྕགས་ཕྱེ་བླངས་བ་བཞིན་དུ་བླངས་ཏེ་ཕྱིར་དོར་བར་མོས་ཤིག །སྔགས་གསུམ་གྱི་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་སོགས་གོང་གི་མཐར། ཤིནྟཾ་ཀུ་རུའི་དོད་དུ། ཨ་པཱ་ན་ཡ་ཞེས་པ་བཞུག་གོ །དེ་ནས་བསྲུང་བ་ནི། སློབ་མའི་གནས་བདུན་དུ་རྡོ་རྗེ་རྒྱ་གྲམ་རེ་རེ་བཞག་པས། རྡོ་རྗེ་དེ་ལས་དེ་འདྲ་བ་བསམ་གྱིས་མི་ཁྱབ་པ་སྤྲོས། ལུས་ལ་རྡོ་རྗེའི་གོ་བཀོན་ཏེ། ཕྱིན་ཆད་གནོད་པ་གང་གིས་


TNT13_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མི་ཚུགས་པར་བྱས་པའི་མོས་པ་གྱིས། ཞེས་བརྗོད་ལ་སྔགས་གསུམ་གྱི་མཐར། གོང་དང་འདྲ་བ་ལས་ཤིནྟཾ་ཀུ་རུ་ཚབ་ཏུ་རཀྵ་རཀྵ་ཞེས་པ་བཅུག །དེ་ལ་གནས་བདུན་ནི། སྤྱི་བོ། སྙིང་ཁ་སོག་ཕྲག །དཔུང་པ་གཡས་གཡོན། པུས་མོ་གཡས་གཡོན་རྣམས་སོ། །དེ་ནས་ཐུན་མོང་མ་ཡིན་པའི་བྱིན་རླབས་ནི། སློབ་མའི་སྙིང་ཁ་པདྨ་འདབ་མ་བཞི་པའི་ལྟེ་བ་ལ་རྣམ་སྣང་ཚེ་དཔག་མེད། འདབ་མ་བཞི་ལ། ཤར་དུ་རྡོ་རྗེ་ཚེ་དཔག་མེད། ལྷོ་རུ་རིན་ཆེན་ཚེ་དཔག་མེད། ནུབ་ཏུ་པདྨ་ཚེ་དཔག་མེད། བྱང་དུ་ལས་ཀྱི་ཚེ་དཔག་མེད། སྤྱི་བོར་ཡེ་ཤེས་ཚེ་དཔག་མེད། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པའི་ཐུགས་ཀ་ནས་འོད་འཕྲོས། སྤྱི་བོའི་ཡེ་ཤེས་ཚེ་དཔག་མེད་ལ་ཐིམ་པས། དེ་ཉིད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་ཞུ་སྟེ། སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། སྙིང་ཁའི་རིགས་ལྔ་ཚེ་དཔག་མེད་ལ་ཐིམ་པས་དེ་རྣམས་ཀྱང་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་ཞུ་སྟེ་ལུས་ཀྱི་ནང་ཐམས་ཅད་གང༌། བསྐུལ་བའི་བར་དུ་རྐྱེན་གང་གིས་ཀྱང་མི་ཤིགས་པའི་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་གྱུར། གཟུངས་སོགས་གསུམ་པོའི་མཐར། ང་ནི་ཡེ་ཤེས་ཚེ་དཔག་མེད། །ཀུན་ཏུ་བརྙས་པ་སྤང་བར་གྱིས། །འཆི་བདག་ཆེན་པོ་ངས་བཅོམ་ཏེ། །བུ་ཁྱོད་ཚེའི་རིག་འཛིན་བརྙེས། །ཞེས་བརྗོད། རྒྱལ་སྲིད་སྣ་བདུན་གྱི་གཟུགས་བརྙན་རྣམས་སྙིང་པོ་ལན་གསུམ་གྱིས་བྱིན་གྱིས་རླབས་ལ། རིམ་པ་བཞིན་ལག་ཏུ་གཏད་ལ། ལྷ་རྫས་ལས་གྲུབ་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཤིང་མུ་ཁྱུད་རབ་


TNT13_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ལྡན། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་པའི་དབང་བསྐུར་རོ། །ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཾ། རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུརྱ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང༌། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་མཎི་རཏྣ་ཨ་བྷི་ཥིཉྩ་མཾ། གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན༴ ཝ་སྟི་རཏྣ༴ གང་ཡང་རྒྱལ་བས་མུ་ཏིག་མདངས་ལྡན་པའི། །གསེར་སོགས་མང་པོ་ཐུབ་ལ་དབུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་པའི། །བློན་པོ་རིན་ཆེན༴ མཧཱ་སྟ་རཏྣ༴ ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཆེན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན༴ ཧསྟི་རཏྣ༴ ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཏེ་སླར་ཡང་ལྡོག་ནུས་པའི། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན༴ ཨ་ཤྭ་རཏྣ༴ འགྲོ་དང་ལྡོག་དང་ཀུན་ནས་འོང་འགྱུར་བས། །མ་ལུས་བདུད་དཔུང་འཇིག་པར་བྱེད་པ་སྟེ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། དམག་དཔོན་རིན་ཆེན་དམ༴ པུ་རུ་ཥ༴ བཀྲ་ཤིས་རྫས་བརྒྱད་བསངས་སྦྱངས། སྟོང་པའི་ངང་ལས། མཾ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་བརྒྱད་སློབ་མ་རྣམས་


TNT13_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གཙོ་བྱས་པའི་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་རྒྱས་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་མངྒ་ལ་ཨཥྟ་དྲ་བྱ་སྭཱཧཱ། དེ་ནས་རིམ་པས་སློབ་མའི་ལག་ཏུ་གཏད་ལ། སྔོན་བཅོམ་ལྡན་འདས་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕྱག་ཏུ་ཕུལ་བ་ན། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་ཡང་རྡོ་རྗེ་སློབ་མས་གཙོ་བྱས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཐམས་ཅད་མེ་ལོང་གི་རྫས་ལ་བརྟེན་ནས། ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །དེ་བཞིན་དུ། སྔོན་བཅོམ་ལྡན་འདས་ལ་གླང་པོ་ཆེ་ས་བསྲུང་གིས་གི་ཧཾ་ཕྱག་ཏུ་ཕུལ་བ་ཞེས་དང༌། གི་ཧང་གི་རྫས་ལ་ཞེས་འདོན་པ་སྤོ། གི་ཧང་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཉོན་མོངས་ཟུགས་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །དེ་བཞིན་དུ། ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ། ཞོའི་རྫས་ལ་རྟེན་ནས། ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ནད་ཀུན་ཞི་གྱུར་ཅིག །རྩ་ཚོང་བཀྲ་ཤིས་ཀྱི་རྩ་དུར་བ། དུར་བའི་རྫས་ལ། དུར་བས་


TNT13_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་གྲུབ་སྟེ། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ཡང་འཕེལ་གྱུར་ཅིགལྷ་ཚངས་པས་ཤིང་ཏོག་བིལ་བ༴ བིལ་བའི་རྫས་ལ། བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིགལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ༴ དུང་དཀར་གྱི་རྫས་ལ། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག །བྲམ་ཟེ་དཀར་རྒྱལ་གྱི་བུས་ལི་ཁྲི༴ ལི་ཁྲིའི་རྫས། ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ནོར་དབང་དུ་བསྡུས་བྱས་ནས། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱེད་སྲིད་བརྟན་གྱུར་ཅིག །ཕྱག་ན་རྡོ་རྗེས་གྲུབ་པའི་རྫས་ཡུངས་དཀར༴ ཡུངས་ཀར་གྱི་རྫས༴ ཡུངས་དཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་སྟེ། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་པ་ཡིས། །བཀྲ་ཤིས་དེས་ཀྱང་བགེགས་ཀུན་ཞི་བྱེད་ཤོག །དེ་དག་གི་མཐར་སྤྲོ་ན། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་སོགས། བཀྲ་ཤིས་ཚིགས་བཅད་གསུམ་བྱའོ། དེ་ནས་གཙོ་བོས་ཇི་ལྟར་སོགས་ཀྱིས་དམ་ཚིག་བསྲུང་བར་ཁས་བླངས། གཏང་རག་གི་ཡོན་འབུལ། དེང་ནས་བརྩམས་ཏེ་སོགས་


TNT13_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མར་ཁས་བླངས། དགེ་བ་བྱང་ཆུབ་ཏུ་བསྔོ། དེ་ནས་རྗེས་ཀྱི་བྱ་བ་ནི། མཆོད་པ་གསར་དུ་བཤམས་པའམ་ཁ་གསོས་ལ། བསངས་སྦྱངས། བྱིན་རླབས་གོང་བཞིན་བྱ། གོང་ཚོགས་ཞིང་གི་སྐབས་ལྟར་མཆོད། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། སོགས་སམ་བསྟོད་པ་རྒྱས་བསྡུས་གང་རུང་གིས་བསྟོད། བཅོམ་ལྡན་འདས་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཁྱད་པར་དུ་ཡང་བདག་ཅག་སློབ་མར་བཅས་པ་ལ་འཆི་བ་མེད་པར་ཚེའི་དངོས་གྲུབ་སྩལ་བ་དང༌། ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་ནས། ཚེ་འདི་ཉིད་ལ་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གོ་འཕང་ཐོབ་པར་མཛད་དུ་གསོལ། ཞེས་དངོས་གྲུབ་ཞུ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ལན་གསུམ་སོགས་བརྗོད་པས་ལྷག་ཆད་ཁ་བསྐངས། མ་འབྱོར་པ་དང་སོགས། ཁྱེད་ཀྱིས་སེམས་ཅན་སོགས་བཛྲ་མུཿ མགྲོན་གྱི་ཡེ་ཤེས་པ་རྣམས་གཤེགས། དམ་ཚིག་པ་རྣམས་རང་ལ་ཐིམ། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟན་བཞུགས་སྤྱི་དང་མཐུན་པར་བྱ། སྨོན་ལམ་དང་བཀྲ་ཤིས་ཀྱང་གང་འགྲུབ་བྱའོ། །གཉིས་པ་ནི། གོང་དུ་བཤད་པའི་ཆོ་ག་དེ་དག་ལྷག་པར་ངེས་པར་བྱས་ནས། ཆོ་གའི་ཁྱད་པར་ལྷག་པོ་རྣམས་བརྗོད་པར་བྱ། ཐོག་མ་ཉིད་དུ། ས་ཆོག །ལྷག་གནས་དཀྱིལ་འཁོར་འབྲི་བ་རྣམས་སྦྱོར་དགོས་ཤིང༌། འོག་མ་སོ་སོའི་སྐབས་སུའང་ཅུང་ཟད་ཅུང་ཟད་འཕེལ་བར་འགྱུར།


TNT13_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དང་པོ་ནི། དཀྱིལ་འཁོར་བྱ་བའི་ས་གཞིའི། དབུས་ཀྱི་ཆར་དཀར་གཏོར་གཉིས། རང་གི་མདུན་དུ། དུང་ཆོས་དྲི་བཟང་གི་ཆུས་གང་བ། རྡོ་རྗེ་དྲིལ་བུ་ཉེར་སྤྱོད་ལྔ་སོགས་བཤམས། ཨ་མྲྀ་ཏས་བསངས། སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨོཾ་ལས་གྲུབ་པའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་བྷྲཱུཾ་ལས་གཏོར་མ་འདོད་པའི་ཡོན་ཏན་མ་ཚང་བ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨཱཿཧཱུཾ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། ཕྱོགས་སྐྱོང་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ རྒྱས་པ་ལ་དགའ་ན་ཆ་གསུམ་གཏོར་མ་བཞིན་ཕྱོགས་སྐྱོང་གི་གཏོར་མ་བཏང༌། བསྡུ་ན ཨོཾ་དཱ་ཤ་དི་ཀ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་བྷྱཿཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པཱའ་ཏྱཾ་ཨོཾ་དཱ་ཤ་དིཀ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་བྷྱཿཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། པུཥྤེ་ནས། ཤཔྟའི་བར་གྱིས་མཆོད། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། སོགས་ཀྱིས་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། བཛྲ་མུཿ ཞེས་སོགས་ཀྱིས་གཤེགས་སུ་གསོལ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བྷུ་མི་པཱ་ལ་ས་པཱ་རི་ཝཱ་ར་བྷྱཿ ཞེས་པ་ཐམས་ཅད་ཀྱི་མགོར་སྦྱར་ནས་ཨརྒྷཾ་པཱདྱཾ་གིས་ཆུ་གཉིས། ཨ་ཀཱ་རོ། ལན་གསུམ་གྱིས། གཏོར་ལ། པུཥྤེ་ནས་ཤཔྟའི་བར་གྱིས་ཉེར་སྤྱོད་དང༌། རོལ་མོ་ཕུལ། སའི་ཕྱོགས་འདིར་དཀྱིལ་འཁོར་གྱི་ལས་རྩོམ་ན།


TNT13_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་གཤིན་དུ་གྱུར་པའི་སེམས་ཀྱིས་སའི་ཕྱོགས་འདི་བདག་ལ་ཅི་བདེ་བར་སྩོལ་ལ། དགེ་བའི་སྡོང་གྲོགས་རྒྱ་ཆེན་པོས་མཛོད་ཅིག །ཅེས་པའི་མཐར་གཏོར་མ་བཏང༌། གཙྪ་གཙྪ་སྭ་བྷཱ་ཝ་ནཾ། ཞེས་བརྗོད། ཨོཾ་ཨ་མྲྀ་ཏ་ཀུནྚ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཞེས་པ་བཟླ་བཞིན་དུ། ས་གཞི་ལ་ཡུངས་དཀར་དང༌། ཐལ་བས་གཏོར། སྤོས་ཆུས་ཆག་ཆག་བཏབ། ལག་པ་གཡས་ས་གནོན་གྱི་ཕྱག་རྒྱ་ས་ལ་རེག་སྟེ་གཟུངས་སམ་སྙིང་པོ་ལན་བརྒྱ་རྩ་བརྗོད་ལ། སའི་ཕྱོགས་འདིར་བཅོམ་ལྡན་འདས་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ། །ཞེས་བློས་བཟུང་ཞིང་ངག་ཏུ་བརྗོད། ཨོཾ་བྷུ་ཁཾ། ས་གཞི་ནམ་མཁའི་རང་བཞིན་དུ་གྱུར༌། ཧཱུཾ་ལཾ་ཧཱུཾ། རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་མེ་དྷི་ནི་བཛྲ་བྷ་ཝ་བནྡྷ་ཧཱུཾ། ཕྱོགས་ཐམས་ཅད་ཡོངས་སུ་བཅིང་བར་གྱུར། ཞེས་བརྗོད་དོ། །གཉིས་པ་ནི། གོང་དུ་བཤད་པའི་བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་དུ་དྲིའི་མཎྜལ་གྱི་དབུས་སུ་ཚོམ་བུ། མཆོད་གཏོར་དང་བཅས་པ་བཤམས་ལ། མཆོད་པ་གཏོར་མ་གོང་བཞིན་བྱིན་གྱིས་རླབས། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་ཚོམ་བུའི་སྟེང་དུ་བྱོན་པ་ནི། སྐུ་མདོག་སེར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གསེར་གྱི་བུམ་པ་ཐུགས་ཀར་འཛིན་པ། སའི་ལྷ་མོ་དཔག་ཏུ་མེད་པས་བསྐོར་བ་དང་བཅས་པར་གྱུར། ཨོཾ་པྲ་ཐི་ཝི་དེ་ཝི་བྷྱཿ ཞེས་ཐམས་ཅད་ལ་སྦྱར་ཏེ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང་གཏོར་མ་གོང་བཞིན་འབུལ།


TNT13_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡི། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་འབྲི། ཞེས་ལན་གསུམ་གསོལ་བ་བཏབ། སླར་ཡང་ཨརྒྷཾ་གྱིས་མཆོད་ཡོན་ཕུལ་ཏེ། སའི་ལྷ་མོ། སླར་ཡང་ས་དེ་ཉིད་ལ་ཐིམ། ཞེས་བརྗོད། ཚོམ་བུ་དེ་བསལ་ནས་སླར་ཡང་དྲིའི་མཎྜལ་གྱི་དབུས་སུ་ཚོམ་བུ་དགུ་བཀོད། མཆོད་པ་རྒྱ་ཆེར་བཤམས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས། ས་གཞི་རྡོ་རྗེའི་རང་བཞིན་དུ་གྱུར་པའི་སྟེང་དུ། དྲི་བཟང་གི་ཐིག་ལེ་རྣམས་པདྨ་དང་ཟླ་བའི་གདན་གྱི་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་པར་གྱུར། རང་གི་སྙིང་ཁ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ། རང་བཞིན་གྱི་གནས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྒྱལ་བ་ཚེ་དཔག་མེད་ལྷ་དགུའི་རྣམ་པར་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་སོགས་ཀྱི་མཐར་མཆོད་བསྟོད་བསྡུས་པ་ཞིག་བྱས་ལ། པད་ཟླའི་གདན་རྣམས་ཀྱི་སྟེང་དུ་ཡོངས་སུ་འཁོད་པར་གྱུར། མཆོད་པ་རྣམས་གོང་བཞིན་བྱིན་གྱིས་རླབས། དཀྱིལ་འཁོར་སྒྲུབ་པའི་སྐབས་སུ་བཤད་པ་ལྟར་འབུལ། བཅོམ་ལྡན་འདས་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། བདག་དང་སློབ་མར་བཅས་པ་ལ་རབ་ཏུ་གཉེན་གཤིན་པའི། ཐུགས་ཀྱིས་སའི་ཕྱོགས་


TNT13_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ལྷག་པར་གནས་པ་མཛད་ཅིང༌། ནང་པར་དཀྱིལ་འཁོར་ཆེན་པོ་བྱིན་གྱིས་རླབས་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། སྤྲོ་ན། ཚེ་དཔག་མེད་མགོན་བཅོམ་ལྡན་འདས། ཞེས་འདོན་པ་བསྒྱུར་ཏེ། སྤྱི་རྒྱུད་ལྟར་སྙན་གསན་དབབ་ནའང་ཤིན་ཏུ་ལེགས་སོ། །ནང་པར་འདེགས་པའི་ལུགས་ཡོད་ཀྱང་སྐབས་འདི་ཉིད་དུ་བྱས་ན་ལག་ལེན་བདེ་སྟེ། ཨོཾ་བཛྲ་ཨུ་ཏིཥྠ། ཞེས་རྡོ་རྗེ་གཙུག་གཏོར་གྱི་ཕྱག་རྒྱ་སྤྱི་བོར་བཟློག་ཏེ། མདུན་བསྐྱེད་ཀྱི་ལྷ་སྣམ་མཁར་བཏེགས། མཆོད་བསྟོད་བསྡུས་པ་ཞིག་བྱ། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་གསུམ་གྱིས་ནམ་མཁའི་དཀྱིལ་འཁོར་དང་ས་གཞི་ལ་བསྲུང་བ་བྱའོ། །དེ་ནས་གོང་དུ་བཤད་པ་ལྟར་བུམ་པ་ལྷག་གནས་བྱ། །སློབ་མ་ལྷག་པར་གནས་པ་ནི་གཅིག་ཏུ་དགོས་པ་མ་ཡིན་ཞིང་དེང་སང་ཕལ་ཆེར། ལག་ལེན་ལ་མི་མཛད་མོད། འཆི་མེད་རྔ་སྒྲའི་དབང་བསྐུར་སོགས་འགའ་ཞིག་ལ་མཛད་པ་ལྟར་ནའང་ལེགས་པ་ཡིན་ནོ། །དེ་ལྟར་ན། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་བསྐྱེད་པ་དང༌། གསོལ་བཏབ་དང་སྤྲོ་བ་བསྐྱེད་པ་དང༌། རྒྱུན་བཤགས་དང༌། སྒོ་གསུམ་གྱི་བྱིན་གྱིས་བརླབས་ཞིང་མཆོད་པ་དང། སོ་ཤིང་དང༌། ཁྱོར་ཆུ་དང༌། ཀུ་ཤ་དང༌། བསྲུང་སྐུད་དང༌། ཟབ་མོའི་ཆོས་བཤད་པ་དང༌། རྨི་ལམ་བརྟག་པ་རྣམས་སྤྱི་དང་མཐུན་པར་བྱའོ། །གསུམ་པ་ནི། ཐིག་སྐུད་སྣ་ལྔ་གཅིག་ཏུ་སྒྲིལ་བ་ཞིག་བསངས་སྦྱངས། སྟོང་པའི་ངང་ལས། ཨོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཐིག་སྐུད་སྣ་


TNT13_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་གྱུར། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། སྟ་གོན་གྱི་ལྷའི་ཐུགས་ཀ་ནས། ཡེ་ཤེས་ཀྱི་ཐིག་སྐུད་སྤྱན་དྲངས་ཏེ། དམ་ཚིག་གི་ཐིག་སྐུད་ལ་ཐིམ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་ལན་མང་དུ་བསྔགས། ཐིག་ཆེན་བརྒྱད་གདབ་ཚུལ་སྤྱི་དང་མཐུན་པར་གདབ། དཀྱིལ་འཁོར་གྱི་སྒོ་རྐྱང་རྟ་བབས་སྒོ་ཚད་གཅིག་ལ་སྣམ་བུ་བཞི་པར་བྱ་ཞིང༌། རྩ་ཐིག་ལ་རེག་ཏུ་ཉེ་བར་ནང་གི་པདྨའི་མུ་ཁྱུད་ཀྱི་ཕྱི་ཐིག་བསྐོར། ལྷག་མ་སྤྱི་དང་འདྲའོ། །མཐར་བཛྲ་མུཿ ཞེས་ཐིག་སྐུད་ཀྱི་ཡེ་ཤེས་པ་གཤེགས་ཏེ་ཐིག་སྐུད་བྱིན་རླབས་སོ། །རྡུལ་ཚོན་བྱིན་རླབས་ནི། ཐིག་སྐུད་ཅེས་པ་ཐམས་ཅད་རྡུལ་མཚོན་ཞེས་པ་དང༌། མཐར་ཨོཾ་བཛྲ་ཙི་ཏྲ་ས་མ་ཡེ་ཧཱུཾ། ཞེས་བསྔགས་པ་ལས་གཞན་རྣམས་དེ་ཉིད་དང་འདྲ་བ་ནི་རྡུལ་ཚོན་གྱིས་བྱིན་གྱིས་རླབས་པའོ། །དཀྱིལ་འཁོར་འབྲི་ཚུལ་ཡང་སྤྱི་དང་མཐུན། རྟེན་གྱི་དཀྱིལ་འཁོར་སྒྲུབ་ཐབས་ལས་འབྱུང་བ་བཞིན་འབྲི་ཞིང༌། ལྷ་མཚན་ནི་བུམ་པ་སེར་པོ་དཔག་བསམ་ཤིང་གི་ཁ་རྒྱན་དང་བཅས་པ་ཟླ་བའི་གདན་ལ་གནས་པ་བྲིའོ། །འདི་ཉིད་ཀྱི་གཞུང་ཁོ་བོས་མཐོང་བ་ཕལ་ཆེར་ན། ལྷ་དགུ་ཉི་མའི་གདན་ལ་བཞུགས་པར་བྱས་འདུག་ནའང༌། བོད་ཀྱི་ཡི་གེ་སྔ་ཕྱི་ཐམས་ཅད་ན་ཟླ་གདན་ཁོ་ནར་ཡོད་པའི། ཟླ་གདན་དུ་འོས་པར་ཡང་མངོན་ལ། ལག་ལེན་གྱི་རྒྱུན་ལའང་ཟླ་གདན་ཁོ་ནར་སྣང་ལ། ཟླ་གདན་དུ་བྱ་ལ། ཁྱད་པར་ཅན་གྱི་རྒྱུ་མཚན་ཞིག་ཡོད་ན་མ་གཏོགས། རྒྱ་གཞུང་གི་ཡི་གེ་མ་དག་པར་སེམ་མོ། །མཐར་རྒྱན་དགྲམ་པ་སོགས་སྤྱི་དང་འདྲའོ། །དངོས་གཞི་


TNT13_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་སྒྲུབ་པའི་གནས་སྐབས་སུ། ཡེ་ཤེས་པ་སྤྱན་འདྲེན་དངོས་དེ་སྟ་གོན་གྱི་ལྷ་སྤྱན་འདྲེན་པ་ཡིན་པས། རང་བཞིན་གྱི་གནས་ནས་ཞེས་པ། ནམ་མཁའི་དབྱིངས་ནས་ཞེས་འདོན་པ་སྤོ། གཉིས་སུ་མེད་པར་ཐིམ། ཞེས་པའི་རྗེས་སུ། ཡང་ཐུགས་ཀའི་ཧྲཱི་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྒྱལ་བ་ཚེ་དཔག་མེད་ཀྱི་ལྷ་ཚོགས་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཚོགས་ཞིང་གི་སྐབས་བཞིན་མཆོད། ཛཿཧཱུཾ་བཾ་ཧོཿ དེ་ནས་སླར་ཡང་ཐུགས་ཀའི་སོགས་དབང་བསྐུར་རྒྱས་བཏབ་བྱ། རྗེས་ཆོག་གི་ཚེ། རྡུལ་ཚོན་གཤེགས་གསོལ་སྤྱི་དང་མཐུན་ནོ། །རས་བྲིས་སམ་རྡུལ་ཚོན་གང་ཡིན་ཀྱང་རུང་སྟེ། ཆོ་ག་ཉིན་ཞག་སྦྲེལ་མ་བྱེད་པའི་ཚེ། བདག་བསྐྱེད་ཀྱི་ཡེ་ཤེས་པ་བཤེགས་པ་ཉིན་རེ་བཞིན་བྱེད་དགོས་ལ། རྡུལ་ཚོན་ལ་དངོས་གཞིའི་ཉི་མ་གཉིས་པ་ཕན་ཆད་ལ། སྟ་གོན་གྱི་ལྷ་སྤྱན་འདྲེན་མི་བྱེད་པ་ཉིད་དག་པས། ངག་འདོན་རས་བྲིས་ཀྱི་སྐབས་སུ་བཤད་པ་ཉིད་ཁོ་ནས་ཆོག་གོ །དེ་བཞིན་དུ་བུམ་པ་སྒྲུབ་ཚུལ་ཡང་རས་བྲིས་གཞན་ནོ། །གསུམ་པ་ནི། རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་གང་ལ་རྟེན་ཀྱང་འདྲ་སྟེ། ལས་བུམ་མམ་ལས་ཐམས་ཅད་པ་བཟླས་པའི་སྤོས་ཆུས། སྒྲུབ་བྱའི་ལས་ཐམས་ཅད་དམ། ཡན་ལག་ལྔ་ལེགས་པར་བཀྲུས་ཏེ། ཁྲུས་ཁུ་ཕྱེད་ཁམས་ཕོར་སོ་མར་བཞག །ཕྱེད་ས་ནག་དང༌། མཆོད་རྟེན་རྙིང་པའི་ས། རོ་ཐལ། རྫ་ཐལ། ཚིག་སྣག་རྣམས་དང་བསྲེས་ཏེ། གཤིན་རྗེའི་གཟུགས་ནག་པོ་དབྱུགས་པ་དང་ཞགས་པ་འཛིན་པ་ཞིག་བཅོས་ལ།


TNT13_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

སླ་ངའི་ནང་དུ་ཁ་ཅུང་ཟད་སྦུབ་པས་མགོ་ལྷོར་བསྟན་ཏེ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་བཞག །དེ་ལ་གདན་གཞི་ནག་པོ་འདིང་ཞིང༌། སྟེང་ནས་ཀྱང་རས་ནག་གིས་ཅུང་ཟད་བཀབ། དེའི་མདུན་དུ་ཁམ་ཕོར་འོ་མས་བཀང་བ་དང༌། ཉའི་བདུག་སྤོས་ཀྱི་སྣོད་དང༌། ཉེར་སྤྱོད་ལྔ་རྣམས་བཤམས། མེ་ཏོག་ནག་པོ་དང༌། འབྲུ་ནག་པོའི་རིགས་དང༌། ཤ་མར་བུ་རམ་གསེར་དངུལ་སོགས་རིན་པོ་ཆེ་དང༌། ཚྭ་སོགས་གཤིན་རྗེའི་རྫོངས་རྣམས་དང༌། དེ་རྣམས་འཇལ་པའི་བྲེ་ལ། ཨོཾ་ཨསྨ་སརྦ་ས་ཙི་སྭཱཧཱ། ཞེས་བྲིས་ཤིང་བཟླ་སྲང་དང་ཞོ་ཆ་ལ། ཨོཾ་ཐིབ་ཏ་མཐོང་བའི་རྒྱལ་པོ་སྭཱཧཱ། ཞེས་བྲིས་ཤིང་བཟླས་ལ་སྔ་མ་དང་ཉེ་བར་བཞག །འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་གི་དཀར་པོ་ལ་མར་གྱི་སྡོང་བུ་ལྔ། ནག་པོ་ལ་མར་ནག་གི་སྡོང་བུ་ལྔ་བཙུགས། ཤར་རམ་ནུབ་ཏུ་བཞག །དཀྱིལ་འཁོར་གྱི་བྱང་ཕྱོགས་སུ། ཀུ་ཤའི་གདན་ལ་སྒྲུབ་བྱའི་གླུད་གོས་ཚོན་སྐུད་སྣ་ལྔས་རྒྱ་གྲམ་རིས་སུ་བཅིངས་ནས་བཞག །དུག་སྣ་བཏབ་པའི་ཆུ་ཁམ་ཕོར་གང་འོ་མ་དང་བསྲེས་པ་ཡང་གང་འོས་སུ་བཞག་ཅིང༌། སྟན་དཀར་པོ་དང༌། མེ་ཏོག་དཀར་པོ་སོགས་ཀྱང་འཛོམ་པར་བྱ་སྟེ། དེ་ཡན་ཆད་ནི། དཀྱིལ་འཁོར་གྱི་རྒྱན་དགྲམ་པ་དང་ལྷན་ཅིག་བཤམས་ཀྱང་རུང༌། བུམ་པ་སྒྲུབ་པ་ཡན་ཆད་ཀྱི་བར་གང་ལ་བྱས་ཀྱང་འདྲའོ། །ལྷོ་ཕྱོགས་སུ་སྟེགས་བུའི་སྟེང་དུ་ཚེ་མདོ་བཞུགས་སུ་གསོལ། །བྱང་ཕྱོགས་སུ་སྟེགས་བུའི་སྟེང་དུ་འཆི་མེད་རྔ་སྒྲ་བཞུགས་སུ་གསོལ་ཏེ། དབང་བསྐུར་ཐོས་པ་རེ་རེས་གཙང་སྦྲ་དང་བཅས་ཏེ༌། དེ་གཉིས་ཀློག་


TNT13_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ནི་སྒྲུབ་བྱའི་ལོ་གྲངས་བྱེད་པའི་ལག་ལེན་ཁོ་ན་ཡོད་ཀྱང་བཤད་ཚོད་བཞིན་ལན་བརྒྱ་རྩ་བརྒྱད་ཉིད་བྱས་ན་ལེགས་པ་སྟེ་མ་ཚར་གྱི་དོགས་ན་ཀློག་མཁན་ཆ་གསུམ་བཞི་བྱའོ། །དེ་ཡང་སློབ་དཔོན་གྱི་རྫས་དེ་དག་ཐམས་ཅད་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་རླབས་པའང༌། བསྡུ་ན་བསངས་སྦྱངས། ནམ་མཁའ་མཛོད་ཀྱི་སྔགས་བརྒྱ་ལན་ཉི་ཤུ་རྩ་གཅིག་གིས་བྱིན་གྱིས་བརླབས། གཟུགས་བརྙན་དེ་གཤིན་རྗེ་འཁོར་དང་བཅས་པ་དངོས་སུ་བསམ། མདོ་ཀློག་མཁན་གཉིས་ལས་ལྷོ་མས་གཟུངས་མདོ་ཚར་རེ་ཐོན་པ་དང༌། མེ་ཏོག་ནག་པོ་སོགས་བྲེ་སྲང་ཞོ་ཆ་རྣམས་ཀྱིས་གཞལ། གཞི་ནག་པོའི་སྟེང་དུ་སྤུངས་ཏེ། ཆོས་ཀྱི་རྒྱལ་པོ་གཤིན་རྗེ་འཁོར་དང་བཅས་པ་ལ་རྫོངས་ཀྱི་དངོས་པོ་འདི་དང་འདི་ལྟ་བུ་ཞེས་མིང་སྨོས་ནས། བྲེ་གཅིག་བཅུ་བརྒྱ་སྟོང་གྲངས་མེད་པའི་བར་དུ་འབུལ་གྱིས། སྒྲུབ་བྱ་འདི་ཞེས་བྱ་བའི་ཚེ་གླུད་དང་སྲོག་གླུད་བཞེས་ལ། གནོད་པའི་སེམས་སྤངས་ནས། ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་མཛད་དུ་གསོལ། ཞེས་བརྗོད། སྲང་དང་ཞོ་ཆ་ལའང་དེས་འགྲེ། བྱང་མས་མདོ་ཚར་རེ་ཐོན་པ་དང༌། ཚོན་སྐུད་དེ་ལ་ཉའི་དུད་པས་བདུག། དེ་རྣམས་གྲུབ་ཏུ་ཉེ་བ་ན། སློབ་དཔོན་གྱི་འཇིག་རྟེན་འདས་གཏོར་དང༌། རྒྱལ་ཆེན་བཞིའི་གཏོར་མ་དང༌། ཆ་གསུམ་རྣམས་གཏོང༌། མདོ་ཀློག་ཟིན་པ་ན། འབྲང་རྒྱས་ཕྱེད་མར་གཤགས་ལ། ནག་པོ་ངོས་དེ་སྣོད་ཅིག་ཏུ་བཅུག །


TNT13_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

མར་ནག་གི་སྡོང་བུ་ལྔ་ཡང་སྤར་ལ། ཁྲུས་ཁུའི་ཁམ་ཕོར་དང་ལྷན་ཅིག་གཤིན་རྗེའི་གཟུགས་ཀྱི་མདུན་དུ་བཞག་ལ། སློབ་དཔོན་ཡི་དམ་གྱི་ང་རྒྱལ་བརྟན་པོས་འདི་སྐད་ཅེས། འདི་ནས་ལྷོ་ཡི་ཕྱོགས་རོལ་ནས། །དཔག་ཚད་བརྒྱད་ཁྲིའི་ཕ་རོལ་ན། །རིམ་པ་བདུན་གྱི་ས་འོག་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། །ཡི་དྭགས་ཀུན་གྱི་སྡཻ་དཔོན་པོ། །མ་མོ་ཀུན་གྱྀ་ཚོགས་རྗེ་བོ། །གསོན་གཤིན་ཀུན་ཀྱི་ཟམ་ཁ་བ། །ཤི་བ་ཀུན་གྱི་གཤིན་བུ་རྗེ། །གསོན་པོ་བཀོས་ལ་འདེབས་པ་པོ། །དགེ་བ་ཅན་གྱི་སྟངས་འཛིན་པ། །སྡིག་པ་ཅན་གྱི་ཆད་པ་མཁན། །ལྷ་དང་བཅས་པའི་འཇིག་རྟེན་ན། །ལེགས་ཉེས་ཆོས་བཞིན་སྤྱོད་པ་པོ། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ། །མངོན་ཤེས་རྫུ་འཕྲུལ་མཐུ་རླབས་ཅན། །འདི་སྐད་ཉོན་ཅིག་འཆི་བདག་ཉོན། །ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས། །འཆི་བདག་འཁོར་དང་བཅས་རྣམས་ལ། །སྒྲུབ་བྱ་ཆེ་གེ་ཞེས་བྱ་བའི། །ཚེ་དང་སྲོག་གི་གླུད་འབུལ་གྱི། །འདོད་ཡོན་རིན་ཆེན་སྣ་ལྔ་དང༌། །འབྲུ་དང་མཆོད་ཡོན་སྣ་ཚོགས་དང༌། །ཞལ་ཟས་མེ་ཏོག་སོགས་མཆོད་དང༌། །གླུད་འདི་ལུང་ལ་ཚེ་སྲོག་བྱིན། །བཟུང་བ་ཐོང་ལ་བཅིངས་བ་ཁྲོལ། །བཀའ་དང་དམ་ལས་མ་འདའ་ཅིག །ཁྱོད་ཀྱི་འཁོར་གྱི་ཡི་དྭགས་ལ། །བཟའ་བ་བཟང་པོ་འདི་འབུལ་གྱིས། །འདི་ཟོ་འཁོར་གྱི་ཡི་དྭགས་རྣམས། །མ་འཚེ་བར་ནི་གཞན་དུ་དེངས། ཞེས་པའི་མཐར་བདུད་རྩི་འཁྱིལ་བའི་སྔགས་དྲག་ཏུ་བརྗོད་ཅིང༌། གཟུགས་བརྙན།


TNT13_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

རྫོངས་ཆས། ཉེར་སྤྱོད། གཏོར་མ། ཁྲུས་ཁུ། གཞི་སྟན་ཁེབས་སོགས་ཐམས་ཅད་ལྷོ་ཕྱོགས་ཀྱི་གྲོད་ཟད་མཐར་སྐྱལ་ལོ། །དེ་ནས་གླུད་གོས་ཀྱི་ཚོན་སྐུད་བཀྲོལ་ལ། དེས་སྒྲུབ་བྱའི་ཡན་ལག་ལྔ་བཅིངས། སློབ་དཔོན་བདུད་རྩི་འཁྱིལ་བའི་ང་རྒྱལ་དང་ལྡན་པས་བདེན་པ་བདར་བའི་མཐར། སྒྲུབ་བྱ་འདི་ཞེས་བགྱི་བའི་སྡིག་སྒྲིབ་ནད་གདོན་འཁོན་གྲིབ་མི་གཙང་བ། ཆགས་ཆེ་ཉམས་ང༌། ལོ་སྐེག །ཟླ་སྐེག །ཞག་སྐེག །བྱད་ཁ། ཕུར་ཁ། མི་མཐུན་པར་བྱེད་པ། མཚན་མོ་ནག་མོ་དང༌། དུས་ཀྱི་ཞགས་པའི་གདོན་ལ་སོགས་པ་མདོར་ན་ཕྱི་ནང་གསང་བའི་བར་ཆད་མི་མཐུན་པའི་ཕྱོགས་གང་ཡིན་པ་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ། ཚོན་སྐུད་སྣ་ལྔ་པ་འདི་ཉིད་ལ་ཐིམ་པར་གྱུར་ཅིག །ཨོཾ་ཊཀྐི་ཧཱུཾ་ཛཿ ཞེས་ལན་གསུམ་གྱི་མཐར། ཨ་མྲྀ་ཏ་ལན་ཉི་ཤུ་རྩ་གཅིག་བཟླས་པའི་རལ་གྲིས་ཚོན་སྐུད་དེ་གཅོད་ཅིང༌། གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང༌། །ཚངས་པ་དང་ནི་འཇིག་རྟེན་སྐྱོང༌། །གནོད་སྦྱིན་སྡེ་དཔོན་དབང་ཕྱུག་ཆེ། །དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང༌། །འཕྲོག་མ་བུ་དང་བཅས་པ་སྟེ། །དེ་དག་རྣམས་ཀྱི་གཟི་བརྗིད་ཀྱིས། །བྱད་སྡེམས་ལས་རྣམས་ཆད་གྱུར་ཅིག །ཨོཾ་སརྦ་བནྡྷ་ཀ་ཁོརྡ་ཙྪེ་ད་ནཱ་ཡ་སྭཱཧཱ། ཞེས་བརྗོད། དེ་ནས་དུམ་བུ་མང་པོར་བཏུབས་ཏེ། ཁམ་ཕོར་སོ་མའི་ནང་དུ། འོ་ཆབ་དང་དུག་ཆུ་བསྲེས་པ་དེ་ལ་ཚོན་སྐུད་དུམ་རེ་དང༌། བུམ་ཆུ་ཐིག་རེ་སྒྲུབ་བྱའི་ལུས་ལ་


TNT13_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར། རྗེས་སུ་བླུག །སྙིང་པོའི་མཐར། སྒྲུབ་བྱ་འདི་ཞེས་བྱ་བའི་ལུས་ངག་ཡིད་གསུམ་གྱི་དུག་བཅོམ་པར་གྱུར་ཅིག །ཅེས་བརྗོད། མཐར་རྡོ་རྗེ་གསོར་ཞིང་འདི་སྐད་ཅེས་བརྗོད་དེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་མསུམ་སྟཻ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །དེ་བཞིན་དུ་ཆོས་དང་དགེ་བདུན་ལའང་སྦྱར། ས་འདི་དུག་གི་མ་ཡིན་ཏེ། །ས་འདི་དུག་གི་ཕ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་ཡིས་སུ། །དུག་གསུམ་ས་ཡི་ནང་དུ་སོང༌། །དེ་བཞིན་དུ་ཆུ་དང་མེ་དང་རླུང་རྣམས་ལའང་སྦྱར། སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་དུག་ངེས་པར་བཅོམ་མོ། །དེ་བཞིན་དུ་སྦྱར་ཏེ། རང་སངས་རྒྱས་ཀྱི་གཟི་བརྗིད་ཀྱིས༴ དགྲ་བཅོམ་པའི༴ ཕྱིར་མོ་འོང་བའི༴ ལན་གཅིག་ཕྱིར་འོང་བའི༴ རྒྱུན་དུ་ཞུགས་པའི༴ བདེན་པར་སྨྲ་བའི༴ གཟི་བརྗིད་ཀྱིས༴ དེ་བཞིན་དུ་ཚངས་པའི་བེ་ཅོན་གྱིས་དུག་ངེས་པར་བཅོམ་མོ། །དབང་པོའི་རྡོ་རྗེས༴ ཁྱབ་འཇུག་གི་འཁོར་ལོས༴ མེ་ལྷའི་དབལ་གྱི༴ ཆུ་ལྷའི་ཞགས་པས༴ ལྷ་མ་ཡིན་གྱི་སྒྱུ་མས༴ ཀླུའི་རིགས་སྔགས་ཀྱིས༴ དྲག་པོའི་མདུང་རྩེ་གསུམ་པས༴ སྐེམས་བྱེད་ཀྱི་མདུང་ཐུང་གི་དུག་ངེས་པར་བཅོམ་མོ། །དུག་སའི་ནང་དུ་སོང་ཞིག །ཆུའི་ནང་༴ མེའི༴ རླུང་གི་ནང་དུ་སོང་ཞིག །ཅེས་བརྗོད་ལ་དེ་དང་གླུད་གོས་ལྷན་ཅིག་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཟད་སར་སྐྱལ་ལོ། གཏོར་མ་དང་གླུད་སྐྱེལ་བ་རྣམས་ཕྱིར་བཟློག་


TNT13_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཕྱིར་མིག་མི་ལྟ། སྒྲུབ་བྱ་དེ་ལ་དབང་བསྐུར་རྒྱུ་ཡིན་ན། སྐབས་འདིར་སྟན་བཟང་པོ་ལ་བཞག །འབྲང་རྒྱས་གཏད། ཤིས་པ་བརྗོད་ལ་དབང་བསྐུར། དབང་གི་བཀྲུ་བྱབས་བསྲུང་གསུམ་གྱི་སྐབས། ཅུང་ཟད་འདོན་པ་སྤོས་པས་རུང༌། འཆི་བསླུ་རྐྱང་པ་བྱེད་པའི་ཚེ། ལས་བུམ་གྱིས་ཆུས། བཀྲུ་བ་དང༌། བྱབ་པ་གཉིས་སོང་བའི་མཚམས་སུ། དེ་ལྟ་བུའི་ཁྲུས་ཁུ་དེ་ཆུ་བོའམ། མཚོའམ། ལྟེང་ཀ་སོགས་སུ་དོར་ལ། སྟན་དཀར་པོ་བཏིང་བའི་སྟེང་དུ་མེ་ཏོག་དཀར་པོ་བཀྲམ། སྒྲུབ་བྱ་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ཏེ། སྟན་རྙིང་པ་ལས་བསླངས་ནས། གསར་པའི་སྟེང་དུ་འགྲེང་བས་གནས་པ་ལ། སངས་རྒྱས་ཀྱིས་ནི་བདུད་ཕམ་མཛད། །ཆོས་མ་ཡིན་ནི་ཆོས་ཀྱིས་སོ། །དགེ་བདུན་གྱིས་ནི་མུ་སྟེགས་ཕམ། །དབང་པོས་ལྷ་མིན་ཕམ་པར་བྱས། །ལྷ་མིན་གྱིས་ནི་ཟླ་བ་ཕམ། །ནམ་མཁའ་ལྡིང་གིས་རྒྱ་མཚོའོ། །མེ་ཡིས་ཤིང་རྣམས་ཕམ་པར་འགྱུར། །ཆུ་ཡིས་མེ་ཡང་ཕམ་པར་འགྱུར། །རླུང་གི་སྤྲིན་རྣམ་རབ་ཏུ་ཕམ། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུག །ལྷ་རྣམས་བདེན་པ་རབ་ཏུ་གནས། །ས་ཡང་བདེན་པར་གནས་པ་ལགས། །སངས་རྒྱས་ཀྱང་བདེན་ཆོས་ཀྱང་བདེན། །བདེན་པས་རྒྱལ་འགྱུར་རྫུན་མ་ལགས། །ཛ་ཡེ་ཛ་ཡེ་སུ་ཛ་ཡེ་སྟུ། ཞེས་བདེན་སྟོབས་བརྗོད། ཀུ་ཤའི་རྩེས་བསངས་གཏོར་བྱས་ལ་སྒྲུབ་བྱ་འདུག་དུ་བཅུག་གོ །དེ་ནས་གོང་བཞིན་སྲུང་བའང་བྱས་ཏེ། འབྲང་རྒྱས་ཀྱི་ཕྱེད་དཀར་པོ་སྒྲུབ་བྱའི་ལག་ཏུ་གཏད་ལ།


TNT13_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཟའ་བར་གྱིས། །འདི་ཟོས་སངས་རྒྱས་ཚེ་དཔག་མེད། །ཞལ་ཟས་གཏད་པས་ནད་ཀུན་ལས། །གྲོལ་འགྱུར་ཐེ་ཚོམ་མི་དགོས་སོ། །སྙིང་པོ་ལན་གསུམ་བཟླས་ལ་ཅུང་ཟད་བཟར་བཅུག །དེ་ནས་མེ་ཏོག་དཀར་པོ་གཏོར་ལ་རོལ་མོའི་སྒྲ་དང་དབྱངས་སྙན་པ་དང་བཅས་པས། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །སྟོན་མཆོད་དམ་པ་ལྷ་མིས་མཆོད་འོས་པ། སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །ཚིག་རྐང་པ་དང་པོ་གཉིས་འདྲ། ཕྱི་མ་གཉིས་ལ། ཞི་བ་ཆགས་བྲལ༴ ཆོས་ལ་ཞེས་དང༌། ཚོགས་ཀྱི་དམ་པ༴ དགེ་བདུན་ཞེས་འདོན་པ་སྤོ། འབྱུང་པོ་གང་དག་སོགས་དང༌། འདི་ན་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པ་གསུངས་ཞིང་རྫུན་མིན་པ། །དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག།བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཅེས་པས་ཐོག་དྲངས་པའི་བཀྲ་ཤིས་ཅི་རིགས་པ་བྱའོ། །དེ་ལྟར་ན་ཆོས་འདི་གང་ལས་བརྒྱུད་པ་ནི། བོད་ཀྱི་བརྒྱུད་པ་རྣམས་ལ་མི་འདྲ་བ་སྣ་ཚོགས་ནས་བརྒྱུད་པས་ཆོག་མོད་ཀྱི། འདིར་ཉེ་བར་མཁོ་བ་བརྗོད། རྒྱལ་བ་ཚེ་དཔག་མེད་བྲམ་ཟེའི་རིགས་ལས་བྱུང་བའི་སློབ་དཔོན་སྙིང་པོའི་ཞབས་ཏེ་མཚན་དངོས་སྙིང་པོའི་ལྷ། དེའི་སྲས་སློབ་དཔོན་ཆེན་པོ་ཛེ་ཏཱ་རི། སློབ་དཔོན་བྱང་ཆུབ་བཟང་པོ། སློབ་དཔོན་ཏིང་འཛིན་བཟང་པོ། སློབ་དཔོན་རྡོ་རྗེ་གདན་


TNT13_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

པ་བ་རི་ལོ་ཚཱ་བ་ས་སྐྱ་པ་གོང་མ་ལྔ། བདག་ཉིད་ཆེན་པོ་བཟང་པོ་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས། སྤྱང་ལུང་པ་གཞོན་ནུ་བློ་གྲོས། རྒྱལ་བ་ཤཱཀྱ་མཆོག་ལྡན། སྤྱང་ལུང་གཞོན་ནུ་ཆོས་གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །དེ་ལ་དོན་གྱི་སླད་དུ་མཚན་ན་སྨོས་ཏེ། འཇམ་དབྱངས་ཀུན་དགའ་རྒྱལ་མཚན་དང༌། མཁན་ཆེན་རིན་པོ་ཆེ་ལུང་རིགས་རྒྱ་མཚོ། རྗེ་ཀུན་དགའ་དཔལ་བཟང་གསུམ་གྱིས་གསན། དེ་རྣམས་ལས་དངོས་ཀྱི་ཐོབ་ཏེ་འཁུམས་སོ། །དེ་ལྟར་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ཀྱི་དཀྱིལ་འཁོར་བཤད་ནས། དེ་དང་འཆི་མེད་རྔ་སྒྲའི་དཀྱིལ་འཁོར་གྱི་ཆོ་ག་ལ་མི་འདྲ་བའི་ཁྱད་པར་ཅུང་ཟད་ཡོད་པ་རྣམས་བརྗོད་ན། བདག་བསྐྱེད་ཀྱི་སྐབས། གཞལ་ཡས་ཁང་བསྐྱེད་མི་དགོས་སོ། །བཟླས་པའི་སྐབས་འཆི་མེད་རྔ་སྒྲའི་གཟུངས་རིང་ཉིད་ཅི་ནུས་སུ་བཟླ་ཞིང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱདྱ་ཨཱ་མི་ཏ་བྷ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷ་ཡ། ཏཏྱ་ཐཱ། ཨོཾ་ཨ་མྲྀ་ཏེ། ཨ་མྲྀ་ཏ་ཨུཏྡྷ་ཝེ། ཨ་མྲྀ་ཏ་སཾ་བྷ་ཝེ། ཨ་མྲྀ་ཏ་གརྡྷེ། ཨ་མྲྀ་ཏ་སིདྡྷི། ཨ་མྲྀ་ཏ་ཏ་ཛེ། ཨ་མྲྀ་ཏ་བི་གྲནྟེ། ཨ་མྲྀ་ཏི་བི་གྲནྟ་ག་མྲི་ནི། ཨ་མྲྀ་ཏ་ག་ག་ན་ཀིརྟི་ཀ་རེ། ཨ་མྲྀ་ཏ་དུནྟུ་བྷི་སྭ་རེ། སརྦ་ཨརྠ་ས་དྷ་ན། སརྦ་ཀརྨ་ཀླེ་ཤ །ཀྵ་ཡཾ་ཀ་རི་སྭཱཧཱ། ཞེས་བྱ་བ་དང༌། ལྷ་དགུའི་སྐབས་སུ་བཤད་པའི་སྙིང་པོ་ཉེ་སྙིང་གཉིས་རྣམས་བཟླ་ཞིང༌། གཞུང་ལས་ཚེ་གཟུངས་ཨོཾ་གཉིས་མར་གྲགས་པའང་བཟླ་བར་བཤད་དོ། །


TNT13_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བསྐྱེད་ཀྱི་སྐབས། ལྷ་ལྔར་བྱེད་ན། གཙོ་བོའི་སྐུའི་གཡས་ཀྱི་འདབ་མ་ལ། ཧྲཱིཿལས་སྤྱན་རས་གཟིགས་དཀར་པོ་པདྨ་དང་རྔ་ཡབ་འཛིན་པ། གཡོན་དུ་ཧཱུཾ་ལས་མཐུ་ཆེན་ཐོབ་སྔོན་པོ་ཡིད་ཙམ་ཁྲོ་བ་རྡོ་རྗེ་དང་རྔ་ཡབ་འཛིན་པ། དེ་གཉིས་རྒྱན་དང་ན་བཟའ་གཙོ་བོ་དང་མཚུངས་པ། མཉམ་པའི་སྟབས་ཀྱིས་བཞེངས་པའོ། །མདུན་དུ་ཧཱུཾ་ལས་གཤིན་རྗེ་གཤེད་ནག་པོ་དབྱུག་ཐོ་འཛིན་པ། རྒྱབ་ཏུ་ཧཱུཾ་ལས་རྟ་མགྲིན་དམར་པོ་དབྱུག་པ་དཀར་པོ་འཛིན་པ། དེ་གཉིས་ཀས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པ། མཚམས་བཞིར་བུམ་པ་བདུད་རྩིས་གང་བ་པདྨས་ཁ་བརྒྱན་པ་རྣམས་སོ། །རྒྱས་པ་ལ་མོས་ན། གཤིན་རྗེ་གཤེད་ཀྱིས་འོག་ཏུ། བདུད་མཆོད་པའི་རྒྱལ་པོ་ཞེས་བྱ་བ་དང༌། རྟ་མགྲིན་གྱི་ཞབས་འོག་ཏུ་ལེགས་པར་ལྟ་བ་དང༌། ཞེས་བྱ་བ་མནན་པ། ལྷ་སྣམ་ལ། ལྷོ་རུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཟང་པོ་མཆོག །བྱང་དུ་ཡུམ་ལྷ་མོ་གཟི་བརྗིད་ཅན། དེ་གཉིས་སེམས་དཔའ་སེམས་མའི་ཆ་ལུགས་ཅན། ནུབ་ཏུ་བཙུན་མོ་བཟང་སྐྱོང་མ། ཤར་དུ་སྲས་ཟླ་འོད། ཤར་ལྷོར་རིམ་གྲོ་བ་གཉན་པ་དྲི་མེད། ལྷོ་ནུབ་ཏུ་ཤེས་རབ་ཅན་གྱི་མཆོག་བཟང་པོའི་ཏོག། ནུབ་བྱང་དུ་རྫུ་འཕྲུལ་དང་ལྡན་པའི་མཆོག་བཀོད་པ་ཆེན་པོ་སྟེ། དེ་རྣམས་རབ་ཏུ་བྱུང་བའི་ཆ་ལུགས་ཅན་ནོ། །བྱང་ཤར་དུ་ཉན་ཐོས་འདུས་པའི་ཚོགས་ཅི་རིགས་པ་བསྒོམ་པར་བྱའོ། །ཕྱི་ནང་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་


TNT13_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་ཡོངས་སུ་གང་བའི་ཤར་སྒོར་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་འཛིན་པ། ལྷོ་སྒོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་སྒོར་མིག་མི་བཟང་དམར་པོ་སྦྲུལ་ཞགས་འཛིན་པ། བྱང་སྒོར་རྣམ་ཐོས་སྲས་སེར་པོ་བེ་ཅོན་དང་ནེའུ་ལེ་འཛིན་པ། རང་རང་གི་འཁོར་ཚོགས་དུ་མ་དང་བཅས་པའོ། །ཡབ་ཡུམ་མན་ཆད་ཀྱི་ལྷ་འདི་རྣམས་ཡེ་ཤེས་པ་སྤྱན་འདྲེན་གྱི་སྐབས་སྤྱན་དྲངས་ནས། ལྷ་ལྔའི་དམ་ཡེ་བསྲེས་པའི་རྗེས་ལ་བསྐྱེད་པས་ཆོག་གོ། བསྟོད་པའི་སྐབས་སྤྱི་བསྟོད་འདྲ་ཞིང༌། སྒོས་བསྟོད་ནི། གཙོ་བོ་ལ། འཇིག་རྟེན་འདྲེན་པའི་སོགས་དང༌། འཁོར་ལ། བཟང་པོ་སྤྱོད་པས་འགྲོ་བ་འཛིན་མཛད་ཅིང༌། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །སྐྱོན་གྱིས་མ་གོས་སྐུ་ལུས་གངས་རི་འདྲ། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །མཐུ་སྟོབས་མཆོག་མངའ་ཡོན་ཏན་བསམ་མི་ཁྱབ། །བདུད་བགེགས་གདུག་པ་ཚར་གཙོད་རྡོ་རྗེ་འཛིན། །ཆོས་ཉིད་སྐྱེ་མེད་དོན་ལྡན་དཔའ་བོ་སྟེ། །རྗེ་བཙུན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །བགེགས་ཆེན་མ་ལུས་འདུལ་མཛད་གཤིན་རྗེ་གཤེད། ཁྲོ་བོའི་ཚུལ་འཆང་སྟོབས་ཆེན་དཔའ་བོ་སྟེ། །དབྱུག་ཐོ་འབར་བས་དགྲ་བོ་ཐལ་བར་རློག །བཅོམ་ལྡན་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །འཇིགས་པའི་གཟུགས་ཅན་ཧཱུཾ་གི་ང་རོ་ལྡན། །དཔལ་ཆེན་བྱི་རུའི་འོད་འབར་ཉོན་མོངས་སྲེག །བདུད་དཔུང་འཇོམས་ཕྱིར་དབྱུག་པའི་ཕྱག་མཚན་ཅན། །དཔའ་བོ་རྟ་མགྲིན་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བའི་ཐུགས་ཀྱི་སྲས་པོ་ནི། །བྱང་ཆུབ་


TNT13_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་མའི་ཚོགས་རྣམས་དང༌། །གང་ལ་གང་འདུལ་འགྲོ་བ་འདུལ་བའི་སྐུ། །ཉན་ཐོས་འདུས་པའི་ཚོགས་ལ་ཕྱག་འཚལ་ལོ། །དད་ལྡན་རྒྱལ་བའི་བཀའ་ཐོས་སོགས་ཀྱིས་བསྟོད། དེ་ནི་ཛེ་ཏཱ་རཱིས་མཛད་པ་ཡིན་ལ། བསྟོད་པ་རྒྱས་པ་ལ་དགའ་ན་སྦྱར་བས་རུང་ངོ༌། །འདི་ལ་ལྷག་གནས་བཞི་ཆར་ངེས་པར་མཛད་ཀྱི་འདུག་ཅིང༌། ལྷ་ལྷག་གནས་དང༌། བུམ་པ་བསྒྲུབ་པའི་སྐབས་ཀྱང་འདོན་པ་སྤོ་དགོས་པ་རིགས་འགྲེས་ཤེས་ཤིང༌། ལྷ་ལྔ་ཁོ་ན་བྱའོ། །དབང་གི་དངོས་གཞིའི་སྐབས། ལུས་ལ་རྣམ་སྣང་ཚེ་དབང་བསྐུར། སོགས་ཀྱི་དོད་དུ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། སོགས་ཁོ་ན་སྦྱར། བཻ་རོ་ཙ་ན་ཨཱ་ཡུར་ཛྙཱ་ན་སོགས་ཀྱི་དོད་ལ། གཙོ་བུམ་ལ། ཨོཾ་བྷྲཱུཾ་སོགས་དང༌། ཤར་གྱི་བུམ་པ་ལ། ཨོཾ་ཨཱཿཀྲོ་དྷེ་ཀ་ཧཱུཾ། ཞེས་དང༌། ལྷོའི་ལ། ཨོཾ་བྷ་ར་ཏ་ཀ་ཡེ་སྭཱཧཱ། ནུབ་ཀྱི་ལ། ཨོཾ་ཨཱ་མྲྀ་ཏ་ཨུཏྦྷ་ཝ་ཡེ་སྭཱཧཱ། བྱང་གི་ལ། ཨོཾ་བཛྲ་ཧཱུཾ་ཕཊ། ཞེས་པ་རྣམས་ལ། ཨཱ་ཡུར་ཛྙཱ་ན་སིདྡྷི་ས་མ་ཡ་ཧཱུཾ། ཞེས་པ་བཏགས། ལྷག་མ་གཞན་རྣམས་ལྷ་སྔགས་བརྗེས་པ་ཁོ་ནས་ཆོག་གོ །དེ་ཙམ་གྱིས་འཆི་མེད་རྔ་སྒྲའི་ཆོ་ག་ཡང་ཤེས་པར་འགྱུར་རོ། །འདིའི་བརྒྱུད་པ་ནི། བ་རི་བ་ཡན་ཆད་གོང་དང་འདྲ། མཆིམས་བརྩོན་སེང༌། རྒྱ་ཞང་ཕུག་པ། འཇང་པ་ཤེས་རབ་རིན་ཆེན། ཨེ་པ་འཁོན་སྟོན། འཇམ་དབྱངས་བཞི་ཐོག་པ། བྱང་སེམས་རྒྱལ་ཡེ། བླ་མ་གྲགས་པ་དཔལ་བཟང༌། བླ་མ་ཆོས་འཕགས་རྒྱལ་འཚན། ཡང་རྩེ་བ་རིན་ཆེན་སེང་གེ །བུ་སྟོན་ཆེན་པོ། ཆོས་རྒྱལ་ནམ་མཁའི་མཚན་ཅན། ཆོས་རྗེ་རིན་ཆེན་དཔལ་


TNT13_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། སྐུ་ཞང་མཁྱེན་རབ་ཆོས་རྗེ། སྐུ་ཞང་བསོད་ནམས་མཆོག་གྲུབ། འབྲོག་ཁང་པ་དོན་གྲུབ་རྒྱལ་མཚན། བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། བླ་མ་དམ་པ་དཔལ་ལྡན་ཆོས་བཟང༌། དེས་བདག་ལའོ། །དེ་ལྟར་མཆོག་ཏུ་ངོ་མཚར་རྨད་བྱུང་བའི། །ཚེ་དང་ཡེ་ཤེས་བླ་མེད་སྒྲུབ་པའི་ཐབས། །རྒྱལ་བའི་བདག་པོས་གསུངས་པའི་སྔགས་རྒྱུད་ལམ། །གྲུབ་མཆོག་སྟོང་གི་ཤིང་རྟའི་རྗེས་ཞུགས་པ། །ལམ་འདིར་འཇུག་པ་དག་ཀྱང་སྐལ་བཟང་སྟེ། །ཡིད་ཆེས་ཁུངས་ལྡན་བློ་ཆེན་ཡིད་དགའི་གནས། །གཞན་དུ་ལས་ཚོགས་འགའ་ཞིག་འགྲུབ་མཐོང་ཡང༌། །བླ་མེད་གནས་སུ་འཁྲིད་པ་ནུས་པ་དཀོན། །གཟུངས་མདོ་ལས་འབྱུང་དཀྱིལ་འཁོར་ཆོ་ག་དགྲ་ལས་རྣམ་རྒྱལ་གྱི། །གཞུང་གི་རྗེས་འབྲང་མཆོག་གྱུར་མན་ངག་རྣམས་ཀྱིས་ལེགས་བརྒྱན་ནས། །ཅུང་ཟད་བཤད་པ་འདིས་ཀྱང་འགྲོ་ཀུན་བླ་མེད་བྱང་ཆུབ་ཀྱི། །རྒྱལ་སྲིད་རྡོ་རྗེའི་ཚེ་དང་ཡེ་ཤེས་གནས་ལ་འཁོད་པར་ཤོག །བཅོམ་ལྡན་འདས་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩིའི་ཆུ་གཏེར་ཞེས་བྱ་བ་འདི་ཡང༌། སྔ་ཕྱིར་དོན་གཉེར་དུ་མས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས། རང་ལོ་སོ་བཞི་པ། དབོའི་ཟླ་བའི་ཡར་ཚེས་བཅོ་ལྔ་པ་ལ། དཔལ་ནགས་རྒྱལ་གྱི་དབེན་གནས་ཇོ་མོ་ནང་དུ་སྦྱར་བའོ།། །།རང་རྒྱའ་བཀྲ་ཤིས། །དགེའོ།། །།དར་རྒྱས་འཕེལ།

ཚེ་དབང་ལྷ་གཅིག་བུམ་གཅིག་གི་ཆོ་ག་བདུད་རྩིའི་བུམ་པ།


TNT13_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དབང་ལྷ་གཅིག་བུམ་གཅིག་གི་ཆོ་ག་བདུད་རྩིའི་བུམ་པ་ཞེས་བྱ་བ་བཞུགས།


TNT13_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ན་མོ་གུ་རུ། ཚེ་དབང་ལྷ་གཅིག་བུམ་གཅིག་གི་ཆོ་ག་བདུད་རྩིའི་བུམ་པ་ཞེས་བྱ་བ་བླ་མ་ལ་ཕྱག་འཚལ་ལོ། །འདིར་ཚེ་དབང་ཟབ་མོ་བསྐུར་བར་འདོད་པས། གཤོམ་རྣམས་ལེགས་པར་བྱས་ལ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན། རང་གི་སྙིང་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་བླ་མ་དང་རྒྱལ་བ་ཚེ་དཔག་མེད་ཀྱི་ལྷ་ཚོགས་བཛྲ་ས་མཱ་ཛཿ འཇིག་རྟེན་འདྲེན་པའི་གཙོ་བོ་སོགས་དང༌། དཀོན་མཆོག་གསུམ་ལ་སོགས་དང༌། ཚད་མེད་བཞི་སྤྱི་མཐུན་བྱ། ཨོཾ་སྭཱ་བྷཱ་བ༴ མ་དག་པའི་སྣང་ཆ་སྦྱངས། བཻཌཱུརྱའི་ས་གཞི་ལག་མཐིལ་ལྟར་ངོས་སྙོམས་ཤིང༌། གསེར་གྱི་བྱེ་མ་བརྡལ་བའི་སྟེང་ན། དཔག་བསམ་གྱི་སྡོང་པོ་རྒྱས་པའི་བསིལ་གྲིབ་ཀྱི་རྩ་བར་རྨ་བྱ་གཞོན་ནུས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཆུ་ཤེལ་ཟླ་བའི་གདན་གྱི་སྟེང་དུ། རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། སྐུ་མདོག་པདྨ་རཱ་ག་ལྟར་ཆེར་འབར་བ་ཉི་མ་འབུམ་གྱི་གཟི་བརྗིད་ཅན།


TNT13_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། ཞི་བ་འཛུམ་པ་སྒེག་པའི་ཉམས་ཆགས་པ། དར་དང་རིན་པོ་ཆེའི་ན་བཟས་ཀླུབས་པ། མཚན་དང་དཔེ་བྱེད་ཀྱི་གཟི་འོད་འབར་བ། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན། འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་གསེར་གྱི་བུམ་པ་བསྣམས་པ། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དྲི་མེད་ཟླ་བའི་རྒྱབ་ཡོལ་ཅན། དེའི་སྤྱི་བོར་རལ་པའི་ཐོར་ཚུགས་ཀྱི་མདུན་དུ། རིགས་བདག་བླ་མ་འོད་དཔག་ཏུ་མེད་པ། སྐུ་མདོག་བྱི་རུའི་ལྷུན་པོ་ལ་ཉི་མ་ཕོག་པ་ལྟར་དམར་བ་སྤྲུལ་པའི་སྐུའི་ཆ་ལུགས་ཅན། ཆོས་གོས་རྣམ་གསུམ་གསོལ་ཞིང༌། དབུའི་གཙུག་ཏོར་དང་བཅས་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་བཻཌཱུརྱའི་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། རང་ལ་དགྱེས་པའི་འཛུམ་ཞལ་ཅན་འཛུམ་


TNT13_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

མུལ་བ་གཅིག་གསལ་བཏབ། དེ་ལ་མོས་གདུང་དྲག་པོ་དང་འབྲེལ་བས། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ། ཀ་ར་རེ། ཤ་ར་རེ་ཧཱུཾ་ཕཊ། དྲི་མེད་གཞོམ་གཞིག་བྲལ་བ་ཆོས་སྐུའི་ངང་ཉིད་ལས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་ཚུལ། །པདྨ་རཱ་གའི་མདངས་ལྡན་དྲི་མེད་འོད་འབར་བ། །སྐྱོབ་པ་མཚུངས་མེད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་གསོལ་བ་བཏབ་པས། རིགས་བདག་གིས་ཐུགས་ཀའི་ཧྲཱིའི་འོད་ཀྱིས། འབྱུང་བཞི་འཁོར་འདས་ཐམས་ཅད་ཀྱི་བཅུད་བསྡུས་ཏེ་ལྷུང་བཟེད་དུ་ཞུ། ཡར་ལུད་པ་སྤྱི་བོ་ནས་ཞུགས་འཁོར་ལོ་བཞིར་དབང་བཞི་ཐོབ། ལུས་ཀྱི་ཟུངས་དང༌། སེམས་ཀྱྀ་རྟེན་དུ་གྱུར་པར་མོས་ལ། ཨོཾ་ཨ་མ་ར་ཎི་ཛཱི་ཝན་ཏཱི་ཡེ་སྭཱཧཱ། ཞེས་ཅི་ནུས་བཟླ་བ་ནི་བདག་བསྐྱེད་དོ། །ཚེ་བུམ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། མ་དག་པའི་སྣང་ཆ་སྦྱངས་ནས། ཟླ་བའི་རྒྱབ་ཡོལ་ཅན་གྱིས་བར་གོང་བཞིན་ལས། རང་གི་སེམས་ཉིད་ཀྱི་ངོ་བོ་ཞེས་པ་བོར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་དང་ཧྲཱིཿ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། བདེ་བ་ཅན་ནས་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན༴ ཨརྒྷཾ་སོགས་ཀྱི་མཆོད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿ པཉྩ་ཀུ་ལ་ས་


TNT13_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་རི་ཝཱ་ར་ཨརྒྷཾ་སོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ནས། ཤྲཱི་ཧཱུཾ་ཞེས་གསུང་ཞིང་དབང་བསྐུར་སྐུ་གང་དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས། འོད་དཔག་མེད་ཀྱི་དབུ་བརྒྱན། ནང་མཆོད་དང༌། མཆོད་པ་པ་བསངས་སྦྱངས་སྤྱི་དང་མཐུན་པར་བྱ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །ཚེ་དང་ཡེ་ཤེས་སྩལ་ཏུ་གསོལ། །ཨོཾ་ཨ་མྲྀ་ཏ་བྷ་བ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་མཆོད་ཡོན་ཞེས་པར་ཞབས་བསིལ། ཨརྒྷཾ་ཞེས་པར་པཱདྱཾ་འཇུག་པ་སོགས་རོལ་མོའི་བར་དུ་སྦྱར། བསྟོད་པ་རྒྱས་པའང་སྤྲོ་ན་བྱ། བསྡུ་ན། དྲི་མེད་གཞོམ་གཞིག་སོགས་ཀྱིས་ཆོག་གོ །སྐབས་འདིར་མདུན་བསྐྱེད་ཀྱི་བཟླས་པ་ཅི་འགྲུབ་བྱ། གཏོར་མ་བསངས་སྦྱངས། ཡཾ་ལས་རླུང༌། རཾ་ལས་མེ། ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ། བདུད་རྩི་ལྔ། ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ མདུན་བསྐྱེད་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་དྲངས་ནས་གསོལ་བར་བསམ། ཨོཾ་ཨ་མྲྀ་ཏ་བྷ་བ་ས་པཱ་རི་ཝཱ་ར་བྷྱཿན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་བདུན་གྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། གོང་བཞིན་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་ནས། འདོད་པ་ཀུན་


TNT13_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ཤོག་གི་བར་བྱ། སྐབས་འདིར་སྤྲོ་ན་མཁའ་འགྲོ་སྤྱི་གཏོར་དང༌། གཞི་བདག་གཏོར་མ་བྱ། ཚེ་ཆང་ཚེ་རིལ་བསངས་སྦྱངས། ཚེ་ཆང་གི་སྣོད་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུཾ་དྲཾ་ཨ་ལས་རིགས་ལྔའི་རང་བཞིན་གྱི་ཚེ་སྤེལ་བའི་དམ་ཚིག་གི་རྫས་སུ་གྱུར་པ་ལ་ཧྲཱིཿདམར་པོས་མཚན་པ། དེའི་འོད་ཟེར་གྱིས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་ཐིམ། ཞུ་ཞིང་འདྲེས་པ་ལས་འཆི་བ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུཾ་དྲཾ་ཨ་དང༌། ཧྲཱིཿ བརྒྱ་རྩ་བརྒྱད་བཟླས་པའི་བྱིན་གྱིས་བརླབས། ཚེ་རིལ་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མའི་དངོས་པོ་བྷྲུཾ་ཞུ་བ་ལས་ཚེ་སྤེལ་བའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ལ་ཧྲཱིཿཡིག་དམར་པོས་མཚན་པ། དེའི་འོད་ཟེར་གྱིས་འཁོར་འདས་ཀྱི་འབྱུང་བཞི་དང་འདོད་ཡོན་གྱི་བཅུད་ཐམས་ཅད་བསྡུས་ཏེ་ཐིམ། ཞུ་ཞིང་འདྲེས་པ་ལས་འཆི་མེད་ཡེ་ཤེས་ཀྱི་བཅུད་ལེན་ཆེན་པོ་འདོད་པ་ལྔའི་སྤྲིན་འཕྲོ་བར་བསམ་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་ཞེས་སོགས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། དེ་ནས་སློབ་པ་རྣམས་འདུས་པ་ལ་མེ་ཏོག་བཀྱེ་བསྡུ་སོགས་བྱས་ནས། འདི་སྐད་ཅེས། འོ་ན་གནས་སྐབས་སུ་སྐུ་ཚེའི་འགལ་རྐྱེན་ཞི་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པ་དང༌། མཐར་ཐུག་ཏུ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གོ་འཕང་ཐོབ་ནས་རང་གཞན་ལ་ཕན་བདེ་རྒྱ་ཆེན་པོ་སྒྲུབ་པར་བྱ། དེའི་ཕྱིར་


TNT13_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལྷ་གཅིག་བུམ་གཅིག་གི་ཚེ་དབང་ཟབ་མོ་ཞུ་སྙམས་པར་མཛོད། འདི་སྔོན་སྐྱེས་བུ་རས་ཆུང་བས། ཡེ་ཤེས་མཁའ་འགྲོ་གྲུབ་པའི་རྒྱལ་མོ་ལ་ལན་གཅིག་གསན་པས་སྔར་སྐུ་ཚེའི་འཕེན་པ་ཞག་བདུན་ཙམ་ཡིན་པ། མི་ལོ་བཞི་བཅུ་ཞེ་བཞིར་འཕེལ། བོད་དུ་ཡང་སློབ་མ་གཞན་ལ་མ་གནང༌། རང་གི་རྩ་བའི་བླ་མ་རྗེ་བཙུན་བཞད་པ་རྡོ་རྗེ་ཁོ་ན་ལ་ཕུལ། ཕྱིས་ཀྱང་སྐྱེས་མཆོག་རྒྱལ་མཚན་དཔལ་བཟང་གི་བར་ཆིག་རྒྱུད་ཁོ་ནར་བཞུགས་ཤིང༌། སྐྱེས་མཆོག་དེས་མཁའ་འགྲོའི་ལུང་བསྟན་བཞིན་བཀའ་རྒྱ་བཀྲོལ། ཆོས་འདིས་ས་སྟེང་ཀུན་ཁྱབ། ས་དགེ་བཀའ་གསུམ་གྱི་གྲུབ་མཐའི་ཞལ་འཛིན་སོ་སོར་མཛད་པ་ཀུན་ཡང་གཞན་དོན་འཕྲིན་ལས་འདི་ཀ་ཁོ་ནའི་སྒོ་ནས་མཛད་ཅིང༌། བོད་གངས་ཆེན་གྱི་ལྗོངས་ཀྱིས་མཁས་རྨོངས་ཐམས་ཅད་ཀྱི་ཕྱག་ལེན་རྒྱུན་གཅིག་པ་ཡིན་ཞིང༌། དེ་ལྟ་བུའི་ཚེ་དབང་ནུས་པ་ཀུན་ལྡན་འདི་ཉིད་སྒྲུབ་པར་བགྱིད་པ་ལ། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་ཆོག་མཎྜལ་འབུལ་ཞིང་གསོལ་བ་གདབ་པ་ཡིན་ལ། བླ་མ་དང་མགོན་པོ་ཚེ་དཔག་མེད་པའི་དྲུང་དུ་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། མཎྜལ་འབུལ། སྙིམས་པ་མེ་ཏོག་དང་བཅས། ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་


TNT13_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱི། །བློ་མཆོག་བདག་ལ་གནང་བར་མཛོད། ལན་གསུམ། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲིའི་སྟེང་དུ། རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་རིགས་བདག་བླ་མ་འོད་དཔག་མེད་པས་རྒྱས་གདབ་པའི་སྐུ་ཅན་དུ་གསལ་བའི་མཐའ་བསྐོར་དུ་བརྒྱུད་པའི་བླ་མ་རྣམས་དང༌། སངས་རྒྱས་བྱང་སེམས་ཀྱི་ཚོགས་མ་ལུས་པ་དང༌། དབང་ཕྱུག་མ་ཚེ་རིང་མཆེད་ལྔ་ལ་སོགས་པས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དུ་ཡང་སྲོག་བཅད་པ་སོགས་ཚེ་ཐུང་གི་ལས་ཅི་དང་ཅི་བསགས་པ་ཐམས་ཅད་བཤགས་པ་ལ་སོགས་པ་ཡན་ལག་བདུན་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། ཨོཾ་སྭཱ་བྷ་བ༴ མ་དག་པའི་སྣང་ཆ་ནས། མོས་གདུང་དྲག་པོ་དང་འབྲེལ་བས་ཞེས་པའི་བར་བདག་བསྐྱེད་ལྟར་ལས། རང་གི་སེམས་ཉིད་ཞེས་པ། ཁྱེད་རང་རྣམས་ཀྱིས་སེམས་ཉིད་ཅེས་འདོན་པ་སྤོས། འདིའི་རྗེས་ཟློས་འཚལ། ཨོཾ་བཛྲ་ཨ་ཡུ་ཁེ་སོགས། དྲི་མེད་གཞོམ་ཞིག་སོགས།


TNT13_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསོལ་བ་བཏབ་པ་རྒྱུར་སོང་སྟེ། སྤྱི་བོར་རིགས་བདག་བླ་མ་འོད་དཔག་ཏུ་མེད་པར་གསལ་བ་ལ་མོས་བློ་དུང་བྱས་པས། དེའི་ཐུགས་ཀའི་ཡི་གེ་ཧྲཱིཿལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་བསམ་གྱིས་མི་ཁྱབ་པ་འཕྲོས། རང་རང་སོ་སོའི་ཚེ་ཡར་བ། ཉམས་པ། གཞན་གྱིས་ངན་ཐབས་བྱས་པ། འདྲེ་སྲིན་གདུག་པ་ཅན་གྱིས་བླ་ཚེ་ཁྱེར་བ། བན་བོན་མཐུ་བོ་ཆེས་བླ་ཚེ་བརྐུས་པ་ལ་སོགས་པའི་ཆ་ཤས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཀྱི་ཕྱེ་མ་ལེན་པ་ལྟར་འོད་ཟེར་གྱི་རྣམ་པར་བསྡུས། བདུད་རྩིའི་རང་བཞིན་དུ་བྱས། རིགས་བདག་བླ་མ་འོད་དཔག་ཏུ་མེད་པར་གསལ་བའི་ཕྱག་གི་བཻཌཱུརྱའི་ལྷུང་བཟེད་ཀྱི་ནང་དུ་ཞུགས། གཞི་གནས་ཀྱི་བདུད་རྩི་དང་འདྲེས། དངོས་གྲུབ་ཀྱི་ཚུལ་དུ་འོ་བཟངས་ཀྱི་འོ་མ་ལུད་པ་བཞིན་བུན་ཆིལ་ཆིལ་ལུད་པ་དེ་ཉིད་བོ་བ་ཟེགས་པ་ཅུང་ཟད་ཀྱང་མེད་པར་རང་གི་དབུ་གཙུག་ཚངས་པའི་སྒོ་ནས་ཞུགས་འཁོར་ལོ་བཞིའི་གནས་རྣམས་གང༌། དབང་བཞི་བསྐུར་བའི་ཚུལ་གྱིས་སྐུ་ལུས་ཀྱི་ཁྱོན་ཐམས་ཅད་ཁྱབ། ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན་དུ་གྱུར་ཏེ་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། རིག་འཛིན་ཚེ་དབང་རྒྱུད་པའི་དཔལ་ལྡན་བླ་མ་ཐུགས་རྗེ་ཅན་རྣམས་ཀྱི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་རློབས་ཤིག །


TNT13_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སློབ་མ་འདི་རྣམས་ཀྱི་སྐུ་ཚེ་མི་འགྱུར་བ་གཡུང་དྲུང༌། མི་འཇིགས་པ་རྡོ་རྗེ། མི་ནུབ་པ་རྒྱལ་མཚན། མི་འཆད་པ་ཆུ་བོའི་རྒྱུན་ལྟ་བུ། སྐུ་ཚེ་ཉི་ཟླ་དང་མཉམ་པ། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ལོ་བརྒྱ་ཐུབ་ཅིང་སོགས། ཨོཾ་བཛྲ་ཨཱ་ཡུ་ཥེ་སུ་པྲ་ཏིཥྛ་བཛྲ་སྭཱཧཱ། ཡང་སྤྱི་བོའི་རིགས་བདག་བླ་མ་འོད་དཔག་ཏུ་མེད་པར་གསལ་བ་ལ་མོས་བློ་དུང་མཛད་པས། དེའི་ཐུགས་ཀའི་ཡི་གེ་ཧྲཱིཿལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ། གླིང་བཞིའི་དབུས་ན་གནས་པའི་རི་རྒྱལ་ལྷུན་པོ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་འོག་ན་གནས་པའི་གསེར་གྱི་རི་བདུན། ཁོར་ཡུག་ལྕགས་ཀྱི་རི་བོ། གངས་ཆེན་ཏི་སེ་ལ་སོགས་པའི་གངས་རི། རི་བོ་འབིགས་བྱེད་ལ་སོགས་པའི་བྲག་རི། མ་ལ་ཡ་ལ་སོགས་པ་ནགས་རི། སྤོས་ངད་ལྡང་ལ་སོགས་པ་སྤང་རི། རྩི་ཤིང་ནགས་ཚལ་ལ་སོགས་པའི་གླིང་ཐམས་ཅད་ལ་ཁྱབ་པར་གནས་པ། མདོར་ན་འབྱུང་བ་ས་ཁམས་ཀྱིས་བསྡུས་པའི་བཅུད་ཐམས་ཅད་རྡོ་ཁབ་ལེན་ཀྱིས་ལྕགས་ཀྱི་ཕྱེ་མ་ལེན་པ་ལྟར་འོད་ཟེར་གྱི་རྣམ་པར་བསྡུས་ཞེས་པ་ནས། སུ་པྲཏིཥྛའི་བར་གོང་བཞིན། ཡང་སྤྱི་བོའི་རིགས་བདག་ནས། བསམ་གྱིས་མི་ཁྱབ་པ་འཕྲོས་ཏེའི་བར་གོང་བཞིན། ལྷ་ཡུལ་ན་གནས་པའི་རོལ་པའི་མཚོ་བདུན། ཀླུ་ཡུལ་ན་གནས་པའི་མ་


TNT13_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

དྲོས་པའི་མཚོ། ད་ལྟ་འགྲོ་བ་མིའི་སྤྱོད་ཡུལ་དུ་གྱུར་པ། ཆུ་མིག་ལྡིང་ཀ ཆུ་བྲན། ཆུ་ཀླུང༌། བྱེ་བ་བྲག་བརྒྱ་ལ་སོགས་པ་བརླན་ཞིང་གཤེར་བ། མདོར་ན་འབྱུང་བ་ཆུ་ཁམས་ཀྱིས་བསྡུས་པའི་བཅུད་ཐམས་ཅད་རྡོ་ཁབ་ལེན་སོགས་ནས། སུ་པྲ་ཏིཥྛའི་བར་གོང་བཞིན། ཡང་སྤྱི་བོའི་རིགས་བདག་ནས། བསམ་གྱིས་མི་ཁྱབ་པ་འཕྲོས་ཏེའི་བར། ལྷོ་རྟ་གདོང་གི་མེ། བརྡབས་པ་དང་བཙུབས་པ་ལས་བྱུང་བའི་མེ་རྒྱུ་ནུས་པ་ཐོག་མེད། གླིང་བཞི་ཀུན་གསལ་གྱི་རྒྱལ་པོ་གཉིས་ཀྱིས་མཚོན་པའི་ནོར་བུ་འོད་ཆགས། ལྷ་མིའི་བཀྲག་མདངས་གཟི་འོད་ཐམས་ཅད་རྡོ་ཁབ་ལེན་སོགས་ནས། སུ་པྲ་ཏིཥྛའི་བར་གོང་བཞིན། ཡང་སྤྱི་བོའི་རིགས་བདག་ནས། བསམ་གྱིས་མི་ཁྱབ་པ་འཕྲོས་ཏེའི་བར། བདེ་འགྲོ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དང། རང་བཞིན་ལྷུན་གྲུབ་རླུང་གི་དཀྱིལ་འཁོར་ཆེན་པོ་དང༌། ཡང་ཞིང་གཡོ་བ་རྐྱང་སེར་ལྷག་པས་མཚོན་པས་རླུང་ཁམས་ཀྱི་བཅུད་ཐམས་ཅད་རྡོ་ཁབ་ལེན་ནས། སུ་པྲ་ཏིཥྛའི་བར་གོང་བཞིན། ཡང་སྤྱི་བོའི་རིགས་བདག་ནས། བསམ་གྱིས་མི་ཁྱབ་པ་འཕྲོ་ཏེའི་བར་གོང་བཞིན། ལྷ། ཀླུ། བདུད། དམུ། བཙན། རྒྱལ་པོ། ཐེ་རང༌། མ་མོ། གཤིན་རྗེ། འཇིག་རྟེན་དྲེགས་བྱེད་མ་ལུས་པའི་ཚེ་དང་བསོད་ནམས་ཐམས་ཅད་རྡོ་ཁབ་ལེན་སོགས་ནས། སུ་པྲ་ཏིཥྛའི་བར་གོང་བཞིན། ཡང་སྤྱི་


TNT13_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་རིགས་བདག་ནས། བསམ་གྱིས་མི་ཁྱབ་པ་འཕྲོས་ཏེའི་བར་གོང་བཞིན། རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་དང༌། ཁྱད་པར་སྟེང་ཕྱོགས་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ན་བཞུགས་པའི་རྒྱལ་བ་ཚེ་དཔག་མེད། ནུབ་ཕྱོགས་བདེ་བ་ཅན་གྱི་ཞང་ཁམས་ན་བཞུགས་པའི་འདྲེན་པ་འོད་དཔག་མེད་ལ་སོགས་པ། འཆི་མེད་ཚེའི་དངོས་གྲུབ་བརྙེས་པའི་སངས་རྒྱས་རྣམས་དང༌། བཅོམ་ལྡན་འདས་མ་རྣམ་པར་རྒྱལ་མ། འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་སོགས་པ་ཚེའི་དངོས་གྲུབ་སྩོལ་བའི་ལྷ་ཚོགས་རྣམས་དང༌། ལྷོ་ཕྱོགས་དཔལ་གྱི་རི་ཡིད་ཕམ་པར་བྱེད་པའི་གནས་ན་བཞུགས་པའི་འཆི་མེད་དབང་པོ་ཤ་ཝ་ར། པདྨ་འོད་ཀྱི་གཞལ་ཡས་ན་བཞུགས་པའི་སློབ་དཔོན་པདྨ་འབྱུང་གནས། ནགས་ཚལ་དྲ་བ་ཅན་ན་བཞུགས་པའི་མ་ཅིག་གྲུབ་པའི་རྒྱལ་མོ་ལ་སོགས་པ་དབང་བཅུ་ལས། ཚེ་ལ་དབང་བའི་རིག་འཛིན་གྱི་གནས་མངོན་དུ་མཛད་པ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་མ་ལུས་པ་རྡོ་ཁབ་ལེན་ནས། སུ་པྲ་ཏིཥྛའི་བར་གོང་བཞིན། སླར་ཡང་བཞི་པའི་དོན་དུ་མོས་པ་འདི་བཞིན་མཛད་པར་ཞུ། རང་ཉིད་རྒྱལ་བ་ཚེ་དཔག་མེད་དུ་གསལ་བའི་སྤྱི་བོའི་རིགས་བདག་འོད་དུ་ཞུ་ནས་ཐིམ་པས། ཚེའི་སྲད་བུ་ལ་ཡིག་འབྲུ་གསུམ་བ་ལའི་རྒྱ་ཐག་ལ་ནས་འབྲུ་འབྱར་བ་ལྟ་བུ། སྤྱི་བོར་ཟླ་གདན་ལ་


TNT13_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ། མགྲིན་པར་པདྨ་ལ་ཨཱཿ ཐུགས་ཀར་ཉི་མ་ལ་ཧཱུཾ། རང་ལུས་ས་ཆུ་མེ་རླུང་བཞི། བཅུད་འཁོར་འདས་ཀྱི་བསྡུས་པ་ལྔའི་དྭངས་མ་གོང་བུ་གཅིག་པ། དྭངས་མ་ལྔ་ལྡན་འོད་ཀྱི་ལུས། སྐྱེ་འཆི་མེད་པ་རྡོ་རྗེ་དངོས། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་ཀྱི་ངོ་བོ་མངོན་དུ་གྱུར་པའི་མོས་པ་མཛོད། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཟའ་བར་བྱ། །འདི་ཟོས་སངས་རྒྱས་ཚེ་དཔག་མེད། །ཞལ་མཐོང་གྱུར་ལ་ཐེ་ཚོམ་མེད། །ཨོཾ་ཨ་མ་ར་ཎ་ཛི་ཝན་ཏཱི་ཡེ་སྭཱ་ཧཱ། ཚར་གཅིག་ཁོ་ན་བྱེད་ན། འོག་ནས་འབྱུང་བའི་ཚེ་ཕུར་གདབ་པ་མན་ཆད་བྱའོ། །བརྒྱ་ཚར་སོགས་མང་དུ་བྱ་བར་འདོད་ན། འདི་སྐད་བྱ་སྟེ། སླར་ཡང་དམིགས་པ་འདི་བཞིན་མཛོད། ཚེ་བུམ་སྟོང་པའི་ངང་ལས། རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི། སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། དྲིན་ཅན་རྩ་བའི་བླ་མའི་ངོ་བོ་ཧྲིཿལས་འཁྲུངས་པའི་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་མེད་ཡེ་ཤེས་ཀྱིས་བདུད་རྩིས་གང་བའི་བུམ་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་བཞུགས་པ། དྲི་མེད་ཟླ་བའི་རྒྱབ་ཡོལ་ཅན་དགྱེས་པའི་འཛུམ་ཞལ་མུལ་བའི་སྤྱན་སྔར་


TNT13_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཏེ་མཎྜལ་འབུལ་བ་ཞུ། ས་གཞི་སྤོས་ཀྱི་སོགས་བྱ། ཡིད་འཕྲོག་རྨ་བྱས་བཀུར་བའི་ཁྲི་སྟེང་ན། །ཚེ་དཔག་མེད་མགོན་རྡོ་རྗེའི་སྐྱིལ་ཀྲུངས་ཅན། །གཞོན་ནུའི་མཚན་ཅན་ཆོས་རྗེ་གྲུབ་དབང་པོ། །འཆི་མེད་བདུད་རྩིའི་བུམ་བཟང་འཛིན་དེར་འདུད། །དྲིན་ཅན་བླ་མའི་ངོ་བོ་ཚེ་བུམ་ལྷའི་རང་བཞིན་དུ་གསལ་བ་ལ་མོས་གུས་དུང་པ་མཛད་པས། དེའི་ཐུགས་ཀའི་ཡི་གེ་ཧྲཱིཿལས་འོད་ཟེར་ལྕགས་ཀྱུས་དབྱིབས་ཅན་བསམ་གྱིས་མི་ཁྱབ་པ་འཕྲོས། རང་རང་སོ་སོའི་ནས། ཆ་ཤས་རྣམས་དང་གི་བར་གོང་བཞིན། ཕྱི་རོལ་འབྱུང་བ་བཞིའི་ནང་ན་གནས་པའི་འཆི་བ་མེད་པའི་ཚེའི་བཅུད། ཟག་བཅས་འཁོར་བ་པ། ཟག་མེད་མྱ་ངན་ལས་འདས་པའི་ཚེ་དང་བསོད་རྣམས་ཐམས་ཅད་མ་ཚང་བ་མེད་པ་འོད་ཟེར་གྱི་རྣམ་པར་བསྡུས། བདུད་རྩིའི་རང་བཞིན་དུ་གྱུར་ཏེ། རང་རང་སོ་སོའི་སྤྱི་བོའི་ཚངས་པའི་སྒོ་ཐད་ན་བཞུགས་པའི་ཚེ་བུམ་ལྷའི་རང་བཞིན་ཅན་དུ་གསལ་བའི་ཕྱག་གི་བུམ་པའི་ནང་དུ་ཞུགས། བུམ་ནང་ནས་དངོས་གྲུབ་ཀྱི་ཚུལ་དུ་ཆིལ་ཆིལ་ལུད་པ་དེ་ཉིད་བོ་བ་ཟེགས་པ་ཅུང་ཟད་ཀྱང་མེད་པར་རང་གི་དབུ་གཙུག་ཚངས་པའི་སྒོ་ནས་ཞུགས། འཁོར་ལོ་བཞིའི་གནས་ཐམས་ཅད་གང་ཞེས་པ་ནས། སུ་པྲ་ཏིཥྛའི་བར་གོང་བཞིན། ཨོཾ་ཨ་མ་ར་ཎ༴ ཕྱིན་དྲུག་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མིའི་སེང་གེ་ཕྱིན་དྲུག་སྟོབས་


TNT13_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །ཕྱིན་དྲུག་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །ཕྱིན་དྲུག་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །ཚར་ཅི་ཙམ་བྱེད་ཀྱང༌། མཎྜལ་བསྡུས་པ་ཕུལ་ལ། ཡིད་འཕྲོག་རྨ་བྱ་ནས། འདིའི་བར་སྐྱར་གིན་བྱེད་པ་ཡིན་ནོ། །མཐར་འཇུག་ཏུ། དེ་ལྟར་བདེ་ཆེན་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱི་ལུས་ཀྱྀ་ནང་ཐམས་ཅད་གང༌། སྐྱེ་བ་སྔ་མ་རྣམས་སུ་ཉོན་མོངས་པ་དུག་གསུམ། དུག་ལྔས་ཀུན་ནས་བསླངས་ཏེ། སེམས་ཅན་གཞན་གྱི་སྲོག་བཅད་པས། ཚེ་འདིའི་ཚེ་ཐུང་བའི་ལས་སྒྲིབ་བག་ཆགས་ཐམས་ཅད་སྦྱངས། དྭངས་མ་ལྔ་ལྡན་ཞེས་པ་ནས། མོས་པ་མཛོད་ཀྱི་བར་གོང་བཞིན། སྙིང་གར་ཚེ་ཕུར་གདབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སྤྱི་བོར་རྒྱལ་བ་ཚེ་དཔག་མེད་དཀར་པོའི་ཕྱག་གི་བུམ་པ་ལས་བདུད་རྩི་དཀར་པོ་ལུད་པ་དབུ་མའི་ལམ་བརྒྱུད། སྙིང་གར་ཟླ་བའི་དཀྱིལ་འཁོར་དུ་གྱུར། ལྟེ་བ་ནས་རྒྱལ་བ་ཚེ་དཔག་མེད་དམར་པོའི་ཕྱག་གི་བུམ་པ་ལས། བདུད་རྩི་དམར་པོ་དབུ་མའི་ལམ་ནས་གྱེན་དུ་འཕྱུར་བ་སྙིང་གར་ཉི་མར་གྱུར། ཉི་ཟླ་གའུ་ཁ་སྦྱོར་གྱི་དབུས་སུ་རང་སེམས་ཧྲཱྀཿདམར་པོའི་དཀྱིལ་དུ་འཆི་མེད་སྲོག་གི་ངོ་བོ་ཨ་དཀར་པོ་དྭངས་གསལ་འོད་ཀྱི་རང་བཞིན་ཅན། རོ་རྐྱང་གི་རླུང་གི་ངོ་བོ་ཨཱ་ལི་ཀ་ལིའི་ཕྲེང་བས་ཉི་ཟླ་ཁ་སྦྱོར་རྒྱ་གྲམ་དུ་དཀྲིས། བསྐལ་པའི་བར་དུ་རྐྱེན་གང་གིས་


TNT13_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མི་ཤིགས་པའི་འཆི་མེད་སྲོག་གི་ཚེ་ཕུར་བཏབ་པར་བསམ། སྲིན་ལག་གཉྀས་སུ་ཧཱུཾ་དམར་པོ་མགོ་ཕྱིར་ལྟ་རེས་ཕྱི་ནང་གི་བར་ཆད་ཐམས་ཅད་བསྲུང་བར་བསམ། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ། ཁྱེད་རང་རྣམས་ཀྱི་སྤྱི་བོར་རྩ་བའི་བླ་མ། མཐའ་བསྐོར་དུ་བརྒྱུད་པའི་བླ་མའི་ཚོགས་ཀྱི་བསྐོར་བ་ལ་མོས་གུས་དུང་བ་བྱས་པས། དེ་ཐམས་ཅད་ཀྱི་འཆི་མེད་བདུད་རྩིའི་བུམ་པས་སྤྱི་བོ་ནས་དབང་བསྐུར་ཞིང༌། མཐར་རང་ལ་ཐིམ་པས། རྩ་བརྒྱུད་བླ་མའི་བྱིན་བརླབས་ཀྱིས་འགྱུར་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་འཚལ། སྤྲོ་ན་བརྒྱུད་འདེབས་རྒྱས་པ་བྱ། བསྡུ་ན། བཅོམ་ལྡན་ཚེ་དཔག་མེད་མགོན། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་ཕུག་གསང་སྔགས་སྡོང་པོ། རས་ཆུང་རྡོ་རྗེ་གྲགས་པ། དབང་ཕྱུག་མི་ལ་རས་པ། ཆོས་རྒྱལ་ཟླ་འོད་གཞོན་ནུ། བདེ་གཤེགས་ཁམས་པ་རྡོར་རྒྱལ། སྐྱོབ་པ་འཇིག་རྟེན་གསུམ་མགོན། སྤྱན་ལྔ་གྲགས་པ་འབྱུང་གནས། ཡང་དགོན་ཆོས་ཀྱི་སྤྱན་ལྡན། ཐུགས་སྲས་སྤྱན་སྔ་རིན་ལྡན། ཤྲཱི་ཟུར་ཕུག་པ་ཆེན་པོ། འབར་ར་བ་རྒྱལ་མཚན་དཔལ་བཟང༌། དེ་ནས། གཡག་ཕྲུག་སངས་རྒྱས་དཔལ་བ། མཁས་གྲུབ་གཞོན་ནུ་སེང་གེ། ཀུན་མཁྱེན་ཆོས་རྒྱལ་དཔལ་བཟང༌། པན་ཆེན་ཤཱཀྱ་མཆོག་ལྡན། ལྟ་ལུང་གཞོན་ནུ་ཆོས་གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །འཇམ་དབྱངས་ཀུན་དགའ་རྒྱལ་མཚན།


TNT13_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན། སྐྱེས་ཆེན་ནམ་མཁའ་རྒྱལ་མཚན། སྐྱབས་ལྕེ་འཇམ་དཔལ་རྒྱ་མཚོ། སྤྲེ་བོ་ཆོས་ཀྱི་རྒྱ་མཚོ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །ཐུགས་སྲས་ལྷ་དབང་གྲགས་པ། དྲིན་ཆེན་རྩ་བའི་བླ་མ་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ། འདུག་ས་འདི་ཉིད་དུ། མི་ཟད་ཚེའི་དངོས་གྲུབ་སྩལ་དུ་གསོལ། །མི་འགྱུར་བརྟེན་པའི་དངོས་གྲུབ་སྩལ་དུ་གསོལ། །སྲ་བརྟན་གཡུང་དྲུང་དངོས་གྲུབ་སྩལ་དུ་གསོལ། །མདངས་རྒྱས་ལུས་ཀྱི་བདེ་སྟོབས་འཕེལ་བ་དང༌། །ངག་སྙན་བརྗོད་པའི་རང་སྒྲ་བདེ་བ་དང༌། །གསལ་དག་སེམས་ཀྱི་འཆར་སྒོ་བསྐྱེད་པ་རུ། །རྩ་བརྒྱུད་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས། །དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་བསྲུང་སྙམས་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་བྱ། ཚེ་དབང་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་ཏུ་མཎྜལ་འབུལ། ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་ཐམས་ཅད་ལྷ་དང་བླ་མ་ལ་འབུལ་ཆ་ཤས་ཀྱང་ལོངས་སྤྱོད་དུ་གསོལ་སྙམས་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་དྲན་དུ་སོགས་བྱ། རྗེས་ཆོག་ནི་མདུན་བསྐྱེད་མཆོད་བསྟོད་སྔར་ལྟར་བྱ། ཡི་གེ་བརྒྱ་པ་བཟླ། སུ་པྲ་ཏིཥྛས་བརྟན་བཞུགས་བྱ་ཞེས་པའང་སྟན་གཅིག་པ་བྱམས་པ་འགྲོ་ཕན་བཟང་པོ་སོགས་དོན་གཉེར་འགས་བསྐུལ་བའི་ངོར་ཤིན་ཏུ་འཁྱེར་བདེ་བར་ཏཱ་ར་ནཱ་ཐས་སྦྱར་བའོ།། །།བཀྲ་ཤིས། །དགེའོ། །

མི་འཁྲུགས་པ་ལྷ་དགུའི་ཆོ་ག་ཉུང་ངུ་རྣམ་གསལ།


TNT13_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཁྲུགས་པ་ལྷ་དགུའི་ཆོ་ག་ཉུང་ངུ་རྣམ་གསལ་བཞུགས་སོ། །


TNT13_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རིན་ཆེན་མཐིངསྔོན་ལྟ་བུར་གསལ་བའི་སྐུ། །མཚན་དཔེའི་གཟི་ལྡན་འོད་ཀྱི་དྲ་བ་ཅན། །མཐོང་ཐོས་དྲན་པས་ངན་སོང་གནས་སྤོང་བའི། །མི་འཁྲུགས་ལྷ་ཡི་མཆོག་ཁྱོད་ཕྱག་གི་གནས། །རིང་དུ་སྦྱངས་པའི་རྣམ་དཔྱོད་འོད་དཀར་གྱིས། །མཐའ་ཡས་རྒྱུད་དོན་ཀུ་མུད་ཏ་ཡི་ཚལ། །ལེགས་པར་ཕྱེ་བ་ལས་བྱུང་ཆོ་གའི་ཚུལ། །མ་འདྲེས་གོ་བདེའི་ངག་གིས་བཤད་ཀྱིས་ཉོན། འདིར་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་དཀྱིལ་འཁོར་ལ་བརྟེན་ནས་གཤིན་པོ་རྗེས་སུ་འཛིན་པའི་ཉིན་གཅིག་པའི་ཆོ་ག་ལ། སྦྱོར་དངོས་རྗེས་གསུམ་གྱི། དང་པོ་ནི། གཞི་བཟང་པོའི་སྟེང་དུ། རས་བྲིས་ཀྱི་དཀྱིལ་འཁོར་དགྲམ་མཐའ་བསྐོར་དུ་དབང་ལྡན་ནས་གཡས་བསྐོར་མཚམས་འཛིན་དང༌། ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་ཕྱོགས་མཚམས་སུ་མཛེས་པར་བཤམས། ལྷོར་གཏོར་མ་ཆ་གསུམ་


TNT13_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

དང་རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་བུམ་པ་ལ་སོགས་པ་འོག་ཏུ་དགོས་པ་ཐམས་ཅད་ཚོགས་པར་བྱས་ཏེ་སྟན་ལ་འདུག་ནས། གཉིས་པ་དངོས་གཞི་ལ། བདག་བསྐྱེད། བུམ་བཟླས། མདུན་བསྐྱེད་བསྒྲུབ་ཅིང་མཆོད་པ། འཇུག་ཅིང་དབང་བླང་བ། ཚེ་འདས་རྗེས་སུ་བཟུང་བ། དཀྱིལ་འཁོར་ཆེན་པོའི་མཇུག་གི་བྱ་བ་དང་དྲུག་ལས། དང་པོ་ནི། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བརྗཽད་པས་བགེགས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྟོང་པར་སྦྱངས། སྟོང་པའི་ངང་ལས། ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཞུ་བ་ལས་འབྱུང་བའི་ལྷས་རྫ་ལས་གྲུབ་པའི་མཆོད་ཡོན། མེ་ཏོག །བདུག་སྤོས། མར་མེ། དྲི། ཞལ་ཟས། གཞན་ཡང་རོལ་མོ་དང་ཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་


TNT13_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་པ་དྭངས་ཤིང་ཐོག་པ་མེད་པ་ས་དང་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམས་ལ། དེའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། རོལ་མོ་ཇི་སྙེད་པའི་སྒྲ་བྱ་ཞིང༌། དྷརྨ་ར་ཎི་ལ་སོགས་པ་བརྗོད་དོ། །དེ་ནས་བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཅི་ནུས་བྱས་ནས། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་མ་རྟོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཏེ། སངས་རྒྱས་ཀྱི་ས་ལ་དགོད་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་ག་ཉམས་སུ་བླང་བར་བགྱིའོ། །སྙམ་དུ་སེམས་བསྐྱེད་དེ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་མི་འཁྲུགས་པར་གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས། རང་བཞིན་གྱི་གནས་ནས་བླ་མ་དང་བཅོམ་ལྡན་འདས་མི་འཁྲུགས་པའི་དཀྱིལ་འཁོར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སེ་གོལ་བྱ་ཞིང༌། ནམ་མཁར་སྤྱན་དྲངས་ལ། ན་མོ་གུ་རུ་བྷྱཿ ན་མོ་ཨཀྵོ་བྷྱ་ས་པཱ་རི་ཝཱ་རེ་བྷྱཿ ཆོས་དབྱིངས་མཉམ་པ་ཉིད་ལས་མ་གཡོས་ཀྱང༌། །ཐུགས་རྗེས་རྟག་ཏུ་མྱ་ངན་མི་འདའ་བར། །མཐའ་ཡས་འགྲོ་བའི་དོན་སྒྲུབ་ལྷུར་མཛད་པའི། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱ་ས་པཱ་རི་ཝཱ་ར་ཨརྒྷཾ། པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་ཏྱ། ཤཔྟ་པཱུ་ཛ་མེ་གྷ་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་པས་མཆོད། དཀོན་


TNT13_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ་གྱིས་རྒྱུན་བཤགས་བྱ། ཚད་མེད་པ་བཞི་བསྒོམ་ནས། ཨོཾ་ཤུུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ་གིས་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་ཡུན་རིང་དུ་བསྒོམ་སྟེ། ཚོགས་གཉིས་བསགས་པའོ། །དེ་ནས་སྟོང་པའི་ངང་ལས་གླང་པོ་ཆེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་མི་འཁྲུགས་པ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་སྔོ་བ། ཞལ་གཅིག་ཕྱག་གཉིས་པ། གཡས་ས་གནོན་དང༌། གཡོན་མཉམ་བཞག་གི་སྟེང་ན་རྡོ་རྗེ་རྩེ་ལྔ་པ་འཛིན་པ། རལ་པའི་ཐོར་ཅོག་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་དང༌། དར་གྱི་ཤམས་ཐབས་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ། དེ་ནས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་གསུམ་ཏུ་གཏུགས་ལ། ཀཱཾ་ཀ་ནི། ལན་གསུམ་བཟླས་པས་བྱིན་གྱིས་བརླབས་ཏེ། དམ་ཚིག་པ་བསྐྱེད་པ་ནི་གཞི་དང་པོའོ། །དེ་ནས་སྙིང་གའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་མི་འཁྲུགས་པ་གཙོ་བོར་གྱུར་བའི་དེ་བཞིན་གཤེགས་པ་རིགས་ལྔའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ།


TNT13_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨརྒྷཾ་སྭཱཧཱ། ཞེས་པས་མཆོད་ཡོན་ཕུལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་འཁོར་དང་བཅས་པས། བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། རང་ཉིད་ལ་ཐིམ་ནས། སྙིང་གར་པད་ཟླའི་སྟེང་དུ། དབུས་སུ་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་དང༌། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ཤར་དུ་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ་གཡས་མཆོག་སྦྱིན། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ནུབ་ཏུ་འོད་དཔག་མེད་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། བྱང་དུ་དོན་གྲུབ་ལྗང་ཁུ་གཡས་སྐྱབས་སྦྱིན། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་དར་གྱི་ན་བཟའ་དང༌། རིན་པོ་ཆེའི་རྒྱན་གྱི་བརྒྱན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། འོད་དང་འོད་ཟེར་འཕྲོ་བའོ། །དེ་ནི་གཞི་གཉིས་པ་ཞེས་བྱའོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་པཱ་དྱཾ། པུཥྤེ་ལ་སོགས་ལའང་སྦྱར། ཕྱག་རྒྱ་བཅས་པས་མཆོད་ལ། རྡོ་རྗེ་ཐལ་མོ་སྙིང་གར་བཞག་པ་གཡས་སུ་བསྐོར་ཞིང༌། རྣམ་དག་པདྨོའི་དབུས་ཀྱི་ལྟེ་བ་ལ། ཞེས་སོགས་བརྗོད་པས། བསྟོད་པར་བསམ་མོ། །དེ་ནས་རང་གི་སྙིང་གའི་མི་བསྐྱོད་པའི་ཐུགས་ཀར་ཟླ་བའི་སྟེ་དུ། གཟུངས་སྔགས་


TNT13_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་འཁྱིལ་བ་ལྟ་བུར་བཀོད་ལ། དེ་ལས་འོད་འཕྲོས་ངན་སོང་ཐམས་ཅད་ཞི་བར་བྱས། སླར་འདུས་སྙིང་གའི་ཆོས་ཀྱི་ཡི་གེ་ལ་ཐིམ་པར་བསམ་ཞིང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཱཾ་ཀ་ནི་ཀཱཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲ་ས་ནི་ཏྲ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨཱ་པ་རཾ་པ་ར་ཎི་མེ་སྭཱཧཱ། ཞེས་ཅི་ནུས་བཟླས་ལ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་པས། བསྒོམ་བཟླས་ཀྱི་བྱིན་རླབས་བརྟན་པར་བསམ་ལ། སླར་ཡང་བདག་ཉིད་ལ་མཆོད་བསྟོད་བྱ་བའི་ཕྱིར། མཆོད་རྫས་རྣམས་བསངས་སྦྱངས་བྱིན་གྱིས་རླབས་ནས་ཐལ་མོ་སྦྱར་ལ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །རྒྱལ་བ་སྲས་དང་བཅས་ལ་འབུལ། །བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་ཚིགས་བཅད་དང༌། སྔགས་རྣམས་གོ་བརྗེས་ལ། མེ་ཏོག་དང་པུཥྤེ་བདུག་སྤོས་དང་དྷུ་པེ་སྣང་གསལ་དང༌། ཨཱ་ལོ་ཀེ དྲི་མཆོག་དང་གནྡྷེ་ཞལ་ཟས་དང་ནཻ་ཝིདྱ་རོལ་མོ་དང་ཤཔྟ་རྣམས་ཀྱིས་མཆོད་ལ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང༌། ཨོཾ་བཛྲ་དྷརྨ་ར་ཎི་ཏཱ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲ་ཛྙཱ་པཱ་ར་མི་ཏ་ན་ད་སྭ་བྷཱ་ཝཏྭ། བཛྲ་སཏྭ་


TNT13_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲིཿད་ཡ་སནྟོ་ཥ་ཎི་ཧཱུཾ་ཧཱཾ་ཧཱུཾ་ཧོ་ཧོ་ཧོ་ཨ་ཁཾ་སྭཱཧཱ། ཞེས་པས་རོལ་མོ་ཅི་འབྱོར་བར་འབུལ་ལོ། །དེ་ནས་དྲིལ་བུ་འཛིན་པས། རྣམ་དག་པདྨོའི་དབུས་ཀྱི་ལྟེ་བ་ལ། །རབ་བརྗིད་གླང་པོ་པདྨ་ཟླ་བའི་གདན། །ས་བོན་ཧཱུཾ་ལས་རྒྱལ་བའི་སྐུར་བཞེངས་པའི། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །སྐུ་མདོག་སྔོན་པོ་མཚན་དཔེས་ལེགས་བརྒྱན་ཞིང༌། །ཕྱག་གཡས་ས་གནོན་ཕྱག་རྒྱས་འགྲོ་བ་འདུལ། །གཡོན་པ་མཉམ་བཞག་སྟེང་དུ་རྡོ་རྗེ་འཛིན། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་སངས་རྒྱས་ཀུན་ཀྱིས་དབང་བསྐུར་ཞིང༌། །བྱམས་དང་དངོས་གྲུབ་ཀུན་གྱི་རྩ་བ་སྟེ། །སྙིང་རྗེས་སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱོང༌། །བཅོམ་ལྡན༴ ཤིན་ཏུ་ཚོགས་བསགས་ཡེ་ཤེས་འབྱོར་པའི་སྐུ། །ངེས་ཚིག་ལྡན་པ་ཡིད་འོང་དག་པའི་གསུང༌། །ནམ་མཁའི་རང་བཞིན་གདོད་ནས་རྣམ་གྲོལ་ཐུགས། །བཅོམ་ལྡན་མི༴ སྟོབས་བཅུའི་དབང་ཕྱུག་རིགས་ལྔའི་སངས་རྒྱས་རྣམས། །མ་ལུས་འདུས་པ་བདེ་གཤེགས་ཀུན་གྱི་གཙོ། །རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན། བཅོམ་ལྡན༴ ཐུགས་ཀྱི་དཀྱིལ་འཁོར་དཔལ་གྱི་བེའུ་ནས། །ས་བོན་སྔགས་ལས་འཕྲོས་པའི་འོད་ཟེར་གྱིས། །ངན་སོང་སྡུག་བསྔལ་མ་ལུས་སྦྱོང་མཛད་པའི། །བཅོམ་ལྡན༴ དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །ཐོགས་མེད་བསགས་པའི་སྡིག་སྒྲིབ་བག་ཆགས་ཀུན། །


TNT13_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་མི་འཁྲུགས་མགོན་པོས་སྦྱང་དུ་གསོལ། ཞེས་པས་བསྟོད་དེ་བདག་བསྐྱེད་དོ། །གཉིས་པ་བུམ་བཟླས་ནི། རྣམ་རྒྱལ་བུམ་པའི་སྟེང་དུ། དུང་ཆོས་དྲི་བཟང་གི་ཆུས་གང་བ་དང༌། རྡོ་རྗེ་མེ་ཏོག་ཕྲེང་བ་དང་བཅས་པ་བཞག་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། པཾ་ལས་དང་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྷའི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། གླང་པོ་ཆེས་བཏེགས་པའི་རིན་པོ་ཆེའི་ཁྲི། པདྨ་དང་ཟླ་བའི་གདན། འདབ་མ་བརྒྱད་ལ་ཟླ་བའི་གདན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས། རྡོ་རྗེ་མི་འཁྲུགས་པ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམས་ནས། རྡོ་རྗེ་བསྡུ་བའི་སྔགས་དང་ཕྱག་རྒྱ་བྱ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང༌། །མཆོད་པས་བདག་ལ་དགྱེས་པར་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི། ཞེས་པས་སྤྱན་དྲངས་ཤིང༌། སྤྱན་དྲངས་པའི་མི་འཁྲུགས་པ་འཁོར་བཅས་བུམ་པའི་ནང་དུ་བྱོན་པར་བསམས་ལ། དབུས་ཀྱི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་མི་འཁྲུགས་པར་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་


TNT13_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་བ༴ ཞེས་པ་ནས། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ཞེས་པའི་བར་གྱི་གཙོ་བོ་གསལ་བཏབ། ཤར་དུ་ལྷ་མོ་པདྨ་ཅན་དཀར་མོ་ཞེས་པ་ནས། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའོ། །ཞེས་པས་ལྷ་མོ་རྣམས་གསལ་བཏབ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱ་ས་པཱ་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེགྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་རོལ་མོའི་བར་སྔགས་དང་ཕྱག་རྒྱ་དང་བཅས་པས་མཆོད་ལ། རྡོ་རྗེ་དྲིལ་བུ་བསིལ་ཞིང༌། ནམ་མཁའི་མདངས་ལྟར་ཀུན་ནས་གསལ་བའི་སྐུ། །མཚན་དཔེས་རབ་མཛེས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །རྡོ་རྗེ་དང་བཅས་མཉམ་བཞག་ས་གནོན་མཛད། །མི་འཁྲུགས་རྒྱལ་བའི་སྐུ་ལ་ཕྱག་འཚལ་ལོ། །ལྷ་ཡི་རྔ་བོ་ཆེ་ལྟར་རྣམ་ཀུན་ཏུ། །རྣམ་པར་རྟོག་མེད་ལེགས་བཤད་སེང་གེའི་སྒྲ། །ཡན་ལག་དྲུག་ཅུས་བརྒྱན་པ་ལེགས་སྒྲོགས་པའི། །མི་འཁྲུགས་རྒྱལ་བའི་གསུང་ལ༴ ཡེ་ཤེས་རྒྱ་མཚོ་ཡོན་ཏན་ནོར་བུས་གཏམས། །ཆོ་འཕྲུལ་རྣམ་པར་འཁྲུལ་བའི་རྦ་རླབས་ཅན། །སྲིད་ཞི་རླུང་གིས་རྣམ་པར་མི་གཡོ་བའི། །མི་འཁྲུགས་རྒྱལ་བའི་ཐུགས་ལ༴ དུས་གསུམ་རྒྱལ་བའི་ཡོན་ཏན་མ་ལུས་རྣམས། །ཡེ་ཤེས་རང་བཞིན་སྒྱུ་མའི་སྐུར་བསྟན་ནས། །མི་འཁྲུགས་རྒྱལ་བའི་འཕྲིན་ལས་ཀུན་སྒྲུབ་པ། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བུམ་ནང་གི་མི་འཁྲུགས་པ་འཁོར་དང་བཅས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་གཟུངས་སྔགས་ཀྱི་འཕྲེང་བ་བཀོད་པ་ལ་དམིགས་ཏེ། གཙོ་བོ་ལ་ཀཱཾ་ཀ་ནི་དང༌། འཁོར་རྣམས་ལ་རང་རང་གི་སྔགས་ཅི་ནུས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་


TNT13_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡ་ཤྲཱི་ཡེ་སྭཱཧཱ། ཞེས་སོགས་ཅི་འགྲུབ་བཟླས་པས། ལྷ་སོ་སོའི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩི་འཛག་པས་སྡིག་པ་འཁྲུད་ངེས་ཀྱི་ཡེ་ཤེས་ཀྱི་ཆུ་ནུས་ལྡན་དུ་བྱིན་གྱིས་བརླབས་ནས། སྔར་བཞིན་མཆོད་བསྟོད། དུང་ཆོས་ཀྱི་ཆུ་ཕུལ་བས་ཡེ་ཤེས་པ་གཤེགས་པར་བསམས་ལ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་བརྟན་པར་བྱའོ། །གསུམ་པ་དཀྱིལ་འཁོར་བསྒྲུབ་པ་ནི། རས་བྲིས་ཞལ་ཕྱེ་ལ། ཨ་མྲྀ་ཏས་བསངས། སརྦབྷཱ་ཝས་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེའི་ས་གཞི་རྭ་བ་གུར་དང་བླ་རེ། ཕྱི་རོལ་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བར་གྱུར། ཨོཾ་བཛྲ་རཀྵ་རཀྵ་སྭཱཧཱ། དེའི་ནང་དུ་སྣ་ཚོགས་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། བཾ་ལཾ་བྷྲཱུཾལས་བྱུང་བའི་རིན་པོ་ཆེའི་གཞལ་ཡས་ཁང༌། སྣ་ཚོགས་རྡོ་རྗེའི་སྟེགས་བུ་ལ་གནས་པ། གྲུ་བཞི་པ་སྒོ་བཞི་པ་ཕྱི་ནས་རིམ་པ་བཞིན་དུ། དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་དུ། །རིན་པོ་ཆེའི་ཕ་གུ་སེར་པོས་བསྐོར་བ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱིས་བཏེག་པའི་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ། ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲ་བ་དང་དྲ་བ་ཕྱེད་པ་དང༌། ཟླ་བ་རླུང་གིས་བསྐྱོད་པ་དང༌། དྲིལ་བུ་དང༌། མེ་ཏོག་གི་འཕྲེང་བ་དང༌། རྔ་ཡབ་ནོར་བུའི་ཡུ་བ་ཅན་འཕྱང་བ།


TNT13_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྟེང་ནས་ཐུར་དུ་འཕྱང་བའི་མདའ་ཡབ་དང༌། དེའི་སྟེང་ན་རིན་པོ་ཆེའི་དྲ་མིག་གསེང་མའི་པུ་ཤུས་བསྐོར་བ། རྩིག་པའི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་གནས་པའི་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོགས་ནས་མཆོད་བྱེད་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་གྲྭ་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ། ནང་ཀ་བ་བརྒྱད་དང་ལྡན་པའི་སྟེང་དུ། རྡོ་རྗེའི་གདུང་ཟླུམ་དེའི་སྟེང་དུ་རྡོ་རྗེའི་ཐལ་གདུང་བཞིས་མིག་མངས་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ་སྒོ་བཞིའི་སྟེང་གི་ཐད་སོར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་རིམ་པ་བཞི་དང་ལྡན་པའི་རྩེར་མོར། པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང༌། གདུགས་དང༌། གཡས་གཡོན་དུ་རི་དྭགས་ཕོ་མོ་དང༌། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང༌། བ་དན་ལ་སོགས་པའི་རྒྱན་དུ་མས་བརྒྱན་པའི་གཞལ་ཡས་ཁང་གི་ནང་གི་ལྷ་སྣམ་ཤར་དཀར། ལྷོ་སེར་ནུབ་དམར། བྱང་ལྗང༌། དབུས་སྔོ་བའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་གླང་པོ་ཆེས་བཏེགས་པའི་རིན་པོ་ཆེའི་ཁྲི། པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། གཙོ་བོ་སྒྲུབ་ཐབས་ལྟར་བསྐྱེད། འདབ་མ་བརྒྱད་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཤར་དུ་ཤཾ་ལས་དཔལ་བེའུ་ཤཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། ལྷ་མོ་པདྨ་ཅན་དཀར་མོ་གཡས་ན་དཔལ་བེའུ་འཛིན་པ། ལྷོར་པཾ་ལས་


TNT13_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་པཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། འོད་ལྡན་མ་དམར་མོ་གཡས་ན་པདྨ་འཛིན་པ། ནུབ་ཏུ་ཚཾ་ལས་གདུགས་ཚཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། མདངས་ལྡན་མ་སྔོན་མོ་གཡས་ན་གདུགས་འཛིན་པ། བྱང་དུ་ཤཾ་ལས་དུང་ཤཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་དྲི་མེད་མ་ལྗང་ཁུ་གཡས་ན་དུང་འཛིན་པ། ཤར་ལྷོར་ཙམ་ལས་འཁོར་ལོ་ཙཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། འཇིགས་བྱེད་མ་དཀར་མོ་གཡས་ན་འཁོར་ལོ་འཛིན་པ། ལྷོ་ནུབ་ཏུ་དྷྭཾ་ལས་རྒྱལ་མཚན་དྷྭཾ་གྱིས་མཚན་པ། ཡོངས་སུ་གྱུར་པ་ལས་གནས་བཅས་མ་སྔོན་མོ་གཡས་ན་རྒྱལ་མཚན་འཛིན་པ། ནུབ་བྱང་དུ་ཀཾ་ལས་བུམ་པ་ཀཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་དཀར་ཤམ་མ་དམར་སྐྱ་གཡས་ན་བུམ་པ་འཛིན་པ། བྱང་ཤར་དུ་མཾ་ལས་གསེར་ཉ་མཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་ཡིད་གཞུང་མ་ལྗང་ཁུ་གཡས་ན་གསེར་ཉ་འཛིན་པ། ལྷ་མོ་བརྒྱད་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་པ་རང་རང་གི་ཕྱག་མཚན་ཐུགས་ཀར་གཏོད་དེ་འཛིན་པ། ཕྱག་གཡོན་ཁུ་ཚུར་སྟ་ཟུར་གཡོན་དུ་བརྟེན་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འཛུམ་ཞིང་ཡིད་དུ་འོང་བའི་རྣམ་པ་ཅན་རིན་པོ་ཆེའི་རྒྱན་དང༌། དར་སྣ་ཚོགས་ཀྱི་ཤམ་ཐབས་ཀྱིས་མཛེས་པ། ཟླ་བའི་གདན་དང་རྒྱབ་ཡོལ་ཅན། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་བསམ་མོ། །དེ་ནས་ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་པས།


TNT13_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་དང་གཉིས་སུ་མེད་པར་གྱུར་བར་བསམ་སྟེ། དཀྱིལ་འཁོར་བསྐྱེད་པའོ། །དེ་ནས་སྔར་བདག་བསྐྱེད་ཀྱི་སྐབས་ལྟར་སྔགས་དང་ཕྱག་རྒྱས་གནས་གསུམ་བྱིན་གྱིས་རླབས་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མི་འཁྲུགས་པ་ལྷ་དགུའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་སྔགས་དང་ཕྱག་རྒྱས་སྤྱན་དྲངས་པར་བསམས་ལ། སྤོས་དང་བཅས་པས། རྡོ་རྗེ་དྲིལ་བུ་འཛིན་པས། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང༌། །མཆོད་པས་བདག་ལ་དགེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཡཀྵོ་བྷྱ་ས་པཱ་རི་ཝཱ་ར་ཨེ་ཧྱ་ཧི། ཛཿཧཱུཾ་བཾ་ཧོཿ པདྨ་ཀ་མ་ལ་ཡེ་སྟྭམ། ཞེས་པས་སྤྱན་དྲངས་ལ། སྤྱན་དྲངས་པའི་བཅོམ་ལྡན་འདས་འཁོར་དང་བཅས་པ་སྟེང་གི་ནམ་མཁར་བཞུགས་པར་བསམས་ལ། མཆོད་པ་རྣམ་པ་ལྔས་མཆོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨུད་བྷ་བ་ཡ་སྭཱཧཱ། ཞེས་པས་ལྷ་ཐམས་ཅད་མཉེས་པར་བསམ་སྟེ་ཡེ་ཤེས་པ་སྤྱན་དྲངས་པའོ། །དེ་ནས་ཛཿཧཱུཾ་བཾ་ཧོཿ སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའ་རྣམས་ལྷ་རང་རང་གི་ཐུགས་ཀར་བཞུགས་པར་དམིགས་ལ། སེམས་རྩེ་གཅིག་ཏུ་གཏན་ནས། འོད་ཟེར་གྱི་སྤྲོ་བསྡུས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་བར་བསམས་ལ། གཙོ་བོ་ལ་གཟུངས་ཅི་ནུས་


TNT13_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ། འཁོར་རྣམས་ལ། ཨོཾ་མངྒ་ལཾ་ཤྲི་བཏ་ས་བཱ་ན་ཡེ་སྭཱཧཱ། ཨོཾ་མངྒ་ལཾ་པདྨ་སྭཱཧཱ། ཨོཾ་མངྒ་ལཾ་ཚ་ཏྲཾ་ག་སྭཱཧཱ། ཨོཾ་མངྒ་ལཾ་ཤཾ་ཁ་སྭཱཧཱ། ཨོཾ་མངྒ་ལཾ་ཙཀྲ་སྭཱཧཱ། ཨོཾ་མངྒ་ལཾ་དྷྭ་ཛ་སྭཱཧཱ། ཨོཾ་མངྒ་ལཾ་ཀ་ལ་ཤ་སྭཱཧཱ། ཨོཾ་མངྒ་ལཾ་མ་ཏསྱ་སྭཱཧཱ། ཞེས་ཅི་ནུས་བཟླས་ལ། དཀྱིལ་འཁོར་བརྟན་བཞུགས་བྱས་ཏེ། མདུན་བསྐྱེད་སྒྲུབ་པའོ། །དེ་ལ་མཆོད་པའི་ཕྱིར་གཙོ་བོ་ལས་ཆ་གཅིག་ཆད་ནས། ཤར་སྒོར་གནས་པར་བསམས་ལ། མཆོད་པ་རྣམས་བྱིན་གྱིས་རླབས་ལ། ཐལ་མོ་སྦྱར་ནས། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་རེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། ཅེས་དང༌། པད་སྐོར་སྔོན་དུ་འགྲོ་བའི་སོ་སོའི་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་པས་མཆོད་ཡོན་དང༌། དེ་བཞིན་དུ་ཚིགས་བཅད་དང་སྔགས་གོང་འོག་ཐམས་ཅད་འདྲ་བར་བྱས་ལ། མེ་ཏོག་ཕལ་ཆེར་དང་པུཥྤེ། བདུག་སྤོས་དང༌། དྷུ་པེ། སྣང་གསལ་དང༌། ཨཱ་ལོ་ཀེ དྲི་ཆབ་དང༌། གནྡྷེ། ཞལ་ཟས་དང༌། ནཻ་ཝི་དྱ། སིལ་སྙན་ཕལ་ཆེར་དང༌། ཨོཾ་སརྦ་ཏ་ཐཱ་ག་ཨཀྵོ་བྷྱ་ས་པཱ་རི་ཝཱ་ར་ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་དང་རོལ་མོ་ཇི་སྙེད་པའི་སྒྲ་བྱ་ཞིང༌། དྷརྨ་ར་ཎི་ཏ་ལ་སོགས་པ་བརྗོད། དེ་ནས་བཀྲ་ཤིས་རྟགས་བརྒྱད་འབུལ་བ་ནི། མགོན་པོ་ཐུགས་རྗེ་ཆེན་པོས་བྱིན་རླབས་པའི་


TNT13_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྫས་ལས་གྲུབ་རིན་ཆེན་དཔལ་བེའུ་མཆོག །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། ཞེས་དང༌། པད་སྐོར་སྔོན་དུ་འགྲོ་བའི་སོ་སོའི་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱ་ས་པཱ་རི་ཝཱ་ར་མངྒ་ལཾ་ཤྲཱི་བདྶ་བཱཾ་ན་པཱུ་ཛ་མེགྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་དང་དེ་བཞིན་དུ་ཚིགས་བཅད་དང༌། སྔགས་གོང་འོག་ཐམས་ཅད་འདྲ་བར་བྱས་ལ། ལྷ་རྫས་ལས་གྲུབ་རིན་ཆེན་པདྨ་མཆོག །ཅེས་དང༌། མངྒ་ལཾ་པདྨ་རིན་ཆེན་གདུགས་མཛེས་མཆོག །དང༌།ཚ་ཏྲཾ་ག །དུང་དཀར་མཆོག་དང༌། ཤཾ་ཁ། འཁོར་ལོ་མཆོག་དང༌། ཙཀྲ །རྒྱལ་མཚན་མཆོག་དང༌། དྷ་ཛ། བུམ་པ་མཆོག་དང༌། ཀ་ལ་ཤ་།གསེར་ཉ་མཆོག་དང༌། མཏྶ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས། ཨོཾ་ལས་རིན་པོ་ཆེ་སྣ་བདུན་སྤྲུལ་ཏེ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ། ཨཱ་བརྟ་ཡ་ཧོ། ཞེས་བརྗོད་ཅིང༌། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱ་ས་པཱ་རི་ཝཱ་ར་ཙཀྲ་རཏྣ་པཱུ་ཛི་ཏེ་ཧཱུཾ། རྒྱལ་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །དབུལ་ཞིང་འཕོངས་པ་རྒྱུན་བཅད་ནས། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །མ་ཎི་རཏྣ༴ བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཝསྟི་རཏྣ༴


TNT13_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཞིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །མ་ཧཱསྟྭ་རཏྣ༴ །གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པར་རབ་བཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཧསྟི་རཏྣ༴ །རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག །ཏཱུ་རཾ་ག་ཨ་ཤྭ་རཏྣ༴དམག་དཔོན་རིན་ཆེན་འདི་འཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཁཌྒ་རཏྣ༴ ཞེས་བརྗོད་ཅིང་དབུལ། དེ་ནས་འདོད་ཡོན་ལྔ་འབུལ་ཏེ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅིང་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་གྱི། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱ་ས་པཱ་རི་ཝཱ་ར་རཱུ་པ་ཀ་མ་གུ་ཎ་པཱུ་ཛི་ཏེ་ཧཱུཾ། དེ་བཞིན་དུ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །མོས་བློས༴ བཞེས་ཤིག༴ ཤཔྟ༴ ཕྱོགས་དུས་ཀུན་ན་ཙནྡ་སྦྲུལ་སྙིང་དང༌། ཨ་ཀར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། མོས་བློས༴ བཞེས་ཤིག༴ གནྡྷེ༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །


TNT13_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་རྣམས། མོས་བློས༴ བཞེས་ཤིག༴ ར་ས༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིས་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས༴ བཞེས་ཤིག༴ ཨོཾ་སརྦ་ཏ་ཐྭ་ག་ཏ་ཨཀྵོ་བྷྱ་ས་པཱ་རི་ཝཱ་ར་སྥ་ར་ཤེ་ཀ་མ་གུ་ཎ་པཱུ་ཛི་ཏེ་ཧཱུཾ། ཞེས་པས་མཆོད་དོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས་དབྱངས་སྙན་པོས་བསྟོད་དེ། ཆོས་དབྱིངས་ཡེ་ཤེས་བྱང་ཆུབ་སེམས་བདག་ཉིད། །སྐུ་གསུམ་མཆོག་བརྙེས་ཐུགས་རྗེས་ཆེན་པོ་ཡི། །འགྲོ་བའི་ལས་སྒྲིབ་མ་ལུས་སྦྱོང་མཛད་པ། །བཅོམ་ལྡན་མི་འཁྲུགས་མགོན་ལ་ཕྱག་འཚལ་ལོ། ཁྱེད་སྐུ་ཨིནྡྲ་ནཱི་ལའི་ལྷུན་པོ་ལས། །ཉི་མ་བྱེ་བའི་འོད་ཟེར་འཕྲོ་བ་བཞིན། །མཚན་དཔེས་རྒྱན་གསལ་འོད་ཀྱི་དྲ་བ་ཅན། །བཅོམ་ལྡན༴ མི་གཡོ་རྡོ་རྗེ་སྐྱིལ་ཀྲུང་རབ་བཅིངས་ནས། །བདུད་འདུལ་མཉམ་བཞག་སྟེང་ན་རྡོ་རྗེ་ཅན། །ཐོར་གཙུག་ལྷ་ཡི་ན་བཟའ་མཆོག་མཛེས་པ། །བཅོམ་ལྡན༴ ཁྱེད་གསུང་སྔགས་ཟབ་རྟག་ཏུ་དུས་གསུམ་མམ། །ལན་གཅིག་བཟླས་པས་ལས་ཀུན་ཟད་པ་དང༌། །མཚམས་མེད་སྦྱོང་དང་བར་ཆད་ཀུན་སེལ་བའི། །བཅོམ་ལྡན༴ །སྔགས་བྲིས་ལུས་ལ་བཏགས་པ་ཙམ་གྱིས་ཀྱང༌། །དུས་མིན་འཆི་སྤོང་སྙིང་རྗེས་དུད་འགྲོ་སོགས། །འཆི་ཚེ་རྣ་བར་བསྒྲགས་པས་ངན་འགྲོ་བཟློག །བཅོམ་ལྡན་མི༴ གང་གི་ཆེད་དུ་མིང་སྨོས་བརྩེ་བ་ཡིས། །བརྒྱ་སྟོང་འབུམ་ཕྲག་གང་རུང་བཟླས་བརྗོད་ཀྱིས། །དམྱལ་བར་སྐྱེས་པའང་མོད་ལ་


TNT13_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་མཛད་པ། །བཅོམ་ལྡན་མི༴ གཞན་ཡང་ཁྲུས་དང་བྲབ་སོགས་བྱ་བ་དང༌། །མཆོད་རྟེན་ལ་སོགས་སྡིག་ཆེན་སྦྱོང་བ་ཡིས། །སྣ་ཚོགས་ཐབས་ཀྱིས་ཐར་པའི་བདེ་སྟོན་པ། །བཅོམ་ལྡན་མི༴ ཁྱེད་ཐུགས་མཁའ་ལྟར་སྤྲོས་ཀུན་ཉེར་ཞི་ཡང༌། །སྤངས་རྟོགས་མཁྱེན་བརྩེའི་ཉི་ཟླ་སྐར་ཚོགས་ཀྱིས། །ལོག་བློའི་སྒྲིབ་སེལ་དགེ་ལེགས་ཀུན་མཛད་པའི། །བཅོམ་ལྡན་མི༴ སྟོབས་སོགས་རྒྱལ་བའི་ཡོན་ཏན་རིན་ཆེན་གྱི། །འབྱུང་གནས་འགྲོ་བའི་རེ་བསྐོང་དཔག་བསམ་ཤིང༌། །འཕྲིན་ལས་ཕན་བདེས་ནམ་མཁའ་ཁྱབ་མཛད་པའི། །བཅོམ་ལྡན༴ ཡེ་ཤེས་ཚད་མེད་བཞིའི་ངོ་བོ་ཉིད། །འཕགས་ལམ་རྣམ་ཐར་བརྒྱད་རྣམས་རྣམ་དག་ཅིང༌། །བཅོམ་ལྡན་འཕྲིན་ལས་བཀྲ་ཤིས་ཀུན་མཛད་མ། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པའི་དགེ་བའི་འགྲོ་བ་ཀུན། །ཉོན་མོངས་ལས་ཀྱི་སྒྲིབ་པ་ཀུན་བྱང་ནས། །གཟུངས་སྔགས་ཕན་ཡོན་ལ་སོགས་འགྲུབ་པ་དང༌། །ཚོགས་གཉིས་མཐར་ཕྱིན་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་པས་བསྟོད་དེ་འདས་པའི་ལྷ་མཆོད་པའི་ཆོ་གའོ། །དེ་ནས་གཏོར་མ་རྣམས་ཆུ་གཙང་མས་བྲན་ལ། དང་པོ་ཕྱོགས་སྐྱོང་དང༌། གཉིས་པ་འབྱུང་པོ་སྤྱི་ལ་ཆ་གསུམ་ལྟར་དབུལ། གསུམ་པ་ཆ་གསུམ་ལྟར་བགེགས་གཏོར་སྦྱིན། གཏོར་མ་ཕྱི་རོལ་དུ་དོར་ལ། ཁྲོ་བོའི་སྔགས་ཀྱིས་མཚམས་བཅད་དེ། འཇིག་རྟེན་པ་གཏོར་མས་མཆོད་པའི་ཆོ་གའོ། །བཞི་པ་འཇུག་ཅིང་དབང་བླང་བ་ནི་དཀྱིལ་འཁོར་གཙོ་བོར་རང་གི་སྔར་མི་འཁྲུགས་པའི་དབང་ཞུས་པའི་བླ་མར་མོས་ལ། འཇུག་པའི་


TNT13_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་དུ་མཎྜལ་ཕུལ་ཏེ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། ཞེས་ལན་གསུམ་བརྗོད་པས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །ཞེས་སོགས་བདག་བསྐྱེད་ལྟར་རྒྱུན་བཤགས་ལན་གསུམ་བྱས་ལ། ཨོཾ་ཙཀྵུཿབནྡྷ་ཝ་ར་ཨ་མ་ན་ཡ་ཧཱུཾ། ཞེས་དང༌། རས་དམར་པོས་མིག་དར་བཅིངས་པར་བསམ། ཨ་ཁཾ་ཝཱི་ར་ཧཱུཾ། ཞེས་མེ་ཏོག་གི་འཕྲེང་བ་བླང༌། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཀྱིས་བགེགས་བསངས་ལ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །དེ་ཡི་བུ་ལ་ཅི་ཞིག་བྱ། །སངས་རྒྱས་མཆོག་གི་དམ་ཚིག་གོ །དེ་ནས། སྙིང་གར་ཀུན་རྫོབ་བྱང་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསམས་ལ། རྡོ་རྗེ་རེག་ཅིང༌། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏ་ཡ་མི་སུ་ར་ཏེ་ས་མ་ཡ་སྟཱཾ། ཧོ་སིདྷི་བཛྲ་ཡ་ཐ་སུ་ཁཾ། ཞེས་པས་བརྟན་པར་བསམས་ལ། རྡོ་རྗེ་མགོ་བོར་བཞག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་


TNT13_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

འདི། དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་པས་གསང་བར་གདམས་ནས་ཨ་ཁཾ་ཝཱེ་ར་ཧཱུཾ། ཞེས་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་བསམས། ཨོཾ་ན་མ་ཏེ་ཧཱུཾ། ཨོཾ་ན་མ་མེ་ཧཱུཾ། ན་མོ་ན་མ་ཧཱུཾ། ཞེས་ལུས་ངག་ཡིད་གསུམ་དང་བས་ཕྱག་བྱས་ལ། ཡེ་ཤེས་དབབ་པའི་དོན་དུ་མཎྜལ་ཕུལ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །བཅོམ་ལྡན་འདས་མི་འཁྲུགས་པ་བདག་ལ་དབབ་པར་མཛད་དུ་གསོལ། ཞེས་པས་ལན་གསུམ་གྱིས་གསོལ་བ་བཏབ་ནས། རང་མི་འཁྲུགས་པར་གསལ་བའི་སྐུ་ལུས་ལ། མདུན་བསྐྱེད་ཀྱི་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ལྔའི་རང་བཞིན་ཧཱུཾ་གི་རྣམ་པར་བྱོན་ནས་ལུས་ལ་ཆར་བབ་པ་བཞིན་ཞུགས་ནས། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡེ་ཤེས་སེམས་དཔའ་ཧཱུཾ་གི་རྣམ་པར་ཞུགས་པར་བསམ་ལ། དེ་བཞིན་དུ་ཨ་ཡིག་དམར་པོ་དཔག་ཏུ་མེད་པ་བྱུང་སྟེ། བ་སྤུའི་བུ་ག་ནས་སིབ་སིབ་ཐིམ་པས། སེམས་རྒྱུད་ཡེ་ཤེས་ལྔའི་ངོ་བོར་བྱིན་གྱིས་རླབས་པར་མོས་ལ། རྡོ་རྗེ་དང་དྲིལ་བུ་གཉིས་ཀ་ལག་པ་གཡས་ཀྱིས་མགོ་བོའི་སྟེང་དུ་དཀྲོལ་ཞིང༌། གཟུངས་སྔགས་ཀྱི་མཐར། ཨོཾ་བཛྲ་ཨ་བེ་ཤ་ཡ་ཨ་ཨ་ཨ། ཞེས་བརྗོད། སྤྱི་བོར་རྡོ་རྗེ་བཞག་སྟེ། ཏིཥྛ་བཛྲ། ཞེས་བརྗོད་ཅིང་བརྟན་པར་མོས་ལ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། ཞེས་པས་དཀྱིལ་འཁོར་ལ་མེ་ཏོག་ཕུལ་ནས། ཨོཾ་པྲ་ཏི་གྲྀཧྞ་སྟྭཾ། ཨི་མཾ་སཏྭ་མཧཱ་བ་


TNT13_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་བས། །རྡོ་རྗེའི་མིག་ནི་བླ་ན་མེད། ཛྙཱ་ན་ཙཀྵུ་ཧཱུཾ་ཨ། དཀྱིལ་འཁོར་ལ་ལྟ་བར་བསྐུལ་བའོ། །འཇུག་པའི་ཆོ་གའོ། །གཉིས་པ་ལ་དབང་བསྐུར་བ་དངོས་དང༌། མཐའ་རྟེན་སྦྱིན་པ་གཉིས་ལས། དངོས་གཞི་དོན་དུ་མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ལ། རང་ཉིད་དབང་སྟེགས་ཀྱི་དབུས་ན་རྡོ་རྗེ་མི་འཁྲུགས་པར་གསལ་བའི་སྟེང་དུ་གདུགས་དཀར་པོ་གཡས་སུ་རྒྱལ་མཚན། གཡོན་དུ་བ་དན། ཕྱོགས་ཀུན་ཏུ་རྔ་བོ་ཆེ་དང༌། དུང་ལ་སོགས་པ་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པས་བསྐོར་བ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར། ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། དབང་ལྷ་རྣམས་ཀྱི་ཐུགས་ཀ་ནས། སངས་རྒྱས་སྤྱན། མཱ་མ་ཀཱི །གོས་དཀར་མོ། སྒྲོལ་མ་སྟེ་རིགས་ཀྱི་ཡུམ་བཞིའི་ཕྱག་ན་བུམ་པ་དག་བྱེད་བདུད་རྩིའི་ཆུས་གཏམས་པ་བསྣམས་ནས་དབང་བསྐུར་བའི་ལས་མཛད། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། ལྷ་ཡི་ཆུ་ནི་དག་པ་ཡིས། དེ་བཞིན་བདག་གིས་སྐུ་ཁྲུས་གསོལ།


TNT13_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱཾ་ཀ་ནིའི་མཇུག་ཏུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་བརྗོད་ཅིང༌། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་སྡིག་སྒྲིབ་དག་པར་བསམ་པ་ནི་ཆུའི་དབང་ངོ༌། །དེ་ནས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྤྱི་བོར་བཞག་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨུད་བྷ་ཝེ་སྭཱཧཱ། ཞེས་བརྗོད་ཅིང༌། ཕྱག་རྒྱ་སྤྱི་བོར་བཞག་པའི་རྐྱེན་གྱིས་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ་པ་ནི་ཅོད་པན་གྱི་དབང་ངོ༌། །དེ་ལྟར་རང་ཉིད་བྱ་བའི་རྒྱུད་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོར་གྱུར་པ་ལ། མཆོད་པ་རྣམ་པ་ལྔས་མཆོད་ནས། བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་ཆེན་པོར་ཞུགས། ཆུ་དང་ཅོད་པན་གྱི་དབང་བསྐུར་བ་ཐོབ། ཉོན་སྒྲིབ་དང་ཤེས་སྒྲིབ་དག །ཆོས་ཅན་དང་ཆོས་ཉིད་གནས་གྱུར། གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་དབང་གི་རྟོགས་བསྐྱེད་དྲན་པར་བྱ་སྟེ། དངོས་གཞིའོ། གཉིས་པ་མཐའ་རྟེན་སྦྱིན་པ་ལ། ཁྲུས་བྱབ་བསྲུང་བ་གསུམ་གྱི་དང་པོ་ནི། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩལ་ཏུ་གསོལ། ཨོཾ་མངྒ་ལཾ་ཤྲཱི་བཏྶ་བཱ་ན་སརྦ་པཱ་པཾ་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བས་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། ཨོཾ་མངྒ་ལཾ་པདྨ་ནས་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། འདི་ནི་སྦྱིན་པའི་རང་བཞིན་


TNT13_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ། །ཨོཾ་མངྒ་ལཾ་ཚ་ཏྲཾ་ནས།ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་ཚིག་རྐང་དང་པོའི་སྦྱིན་པའི་གནས་སུ་ཚུལ་ཁྲིམས་དང་སེར་སྣའི་གནས་སུ་ཁྲིམས་འཆལ་དང༌། གཏོང་བའི་གནས་སུ་ཚུལ་ཁྲིམས་སྦྱར་ལ། ཨོཾ་མངྒ་ལཾ་ཤཾ་ཁ་ནས། ཀུ་རུ་ཡེ་སྭཱཧཱ། དེ་བཞིན་དུ། བཟོད་པ་དང་ཁོང་ཁྲཽ། ཨོཾ་མངྒ་ལཾ་ཙཀྲ་ནས། ཀུ་རུ་ཡེ་སྭཱཧཱ། བརྩོན་འགྲུས་དང་ལེ་ལོ། ཨོཾ་མངྒ་ལཾ་དྷ་ཛ་ནས་ཀུ་རུ་ཡེ་སྭཱཧཱ། བསམ་གཏན་དང་རྣམ་གཡེང༌། ཨོཾ་མངྒ་ལཾ་ཀ་ལ་ཤ་ནས། ཀུ་རུ་ཡེ་སྭཱཧཱ། ཤེས་རབ་དང་ཤེས་འཆལ། ཨོཾ་མངྒ་ལཾ་མཏྶ་སརྦ་ནས། ཀུ་རུ་ཡེ་སྭཱཧཱ་ཞེས་བརྗོད་ཅིང༌། བུམ་ཆུ་ཅུང་ཟད་བཏུང་བ་དང༌། གདོང་པ་ལ་བྱུག་པའི་ཚུལ་བྱས་ནས་གཟུངས་ཚར་གཅིག་བརྗོད་པའི་རྗེས་སུ། སརྦ་པཱ་པཾ་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། སརྦ་བིགྷྣ་ན༴སརྦ་ཛྭ་རེ་བྷྱ་ར༴ སརྦ་ཨུ་པ་དྲ་བེ་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། སརྦ་གྲ་ཧེ་ཤིནྟཾ༴ སརྦ་ཀཱ་ལ་མྲྀ་དྱ༴ སརྦ་དུར་སྭ་བ་ནི་དུར་ནི་མི་ཏྟི༴ སརྦ་ཙི་ཏ་བྷྱཿཀུ་ལེ་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་ལག་པ་གཡས་ཀྱིས་རྨ་བྱའི་མཇུག་སྒྲོས་བྱབ་པའི་ཚུལ་དུ་བྱ་ཞིང༌། གཟུངས་ཀྱི་མཐར། སརྦ་པཱ་པཾ་ཨ་པ་ན་ཡེ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། སརྦ་བིགྷྣན་སོགས་གོང་དུ་བརྗོད་པ་རྣམས་ཀྱི་མཐར། ཨ་པ་ནི་ཡེ་སྭཱཧཱ། ཞེས་བརྗོད་ཅིང༌། དེ་ནས་བགེགས་སླར་མི་འཇུག་པར་བྱ་བའི་ཕྱིར། གཟུངས་ཀྱི་མཐར། སརྦ་བིགྷྣན་བྷྱ་རཀྵ་རཀྵ། ཞེས་བརྗོད་ཅིང་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་རྡོ་རྗེ་བཞག་ལ་བསྲུང་བ་བྱའོ། །དེ་ནས་སྤྱི་བོར་མེ་ཏོག་ཅུང་ཟད་ཅིག་གཞག་


TNT13_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ལ། རྡོ་རྗེ་དྲིལ་བུ་གསིལ་ཞིང༌། སྟོན་མཆོག་དམ་པ་སོགས་ཤོ་ལོ་ཀ་གསུམ་གྱི་མཐར། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང༌། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །སྐྱབས་མཆོག་གསུམ་གྱིས་བདེ་ལེགས་སྩོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་བརྗོད། དབང་ཐོབ་པའི་བཀའ་དྲིན་གཏང་རགས་ཏུ་མཎྜལ་ཕུལ། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ན། ཁྱོད་ཀྱི་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ཞེས་ལན་གསུམ་བརྗོད་དེ། བདག་ཉིད་འཇུག་ཅིང་དབང་བླང་བའོ། །ལྔ་པ་གནས་སྐབས་འགའ་ཞིག་ཏུ་ཚེ་འདས་རྗེས་སུ་འཛིན་ན། སྔར་སྦྱོར་བའི་སྐབས་སུ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་སྦྱོང་སྟེགས་ཁྲུ་གང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པའི་དབུས་སུ། འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་བྲི། དེའི་སྟེང་དུ་རུས་པའམ། མིང་བྱང་བཞག །སྦྱང་བའི་ཡོ་བྱད་དང༌། བྱེ་མའམ་ཡུངས་ཀར་ལ་སོགས་གཤིན་དོན་ལ་དགོས་པའི་ཡོ་བྱད་ལ་སོགས་པ་ཐམས་ཅད་བཤམ་མོ། །དེ་ནས་བདག་འཇུག་ཡན་རྫོགས་པར་བྱ། བཟླས་པའི་སྐབས་རྣམས་སུ་བྱེ་མའམ་ཡུངས་ཀར་ལ་སྔགས་ཀྱིས་བྲབས་ལ་བཞག་གོ །དེ་ནས་མིང་བྱང་ལ་སོགས་པའི་རྟེན་དེ། ཨ་མྲྀ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྦྱོང་སྟེགས་ཀྱི་སྟེང་དུ། ཚེ་འདས་ཀྱི་མིང་གི་ཡི་གེ་དང་པོའམ། ཎི་ལས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་ཕུང་པོ་


TNT13_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཁམས་དང༌། སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར་པར་བལྟས་ལ། རང་གི་སྙིང་གའི་ཧཱུཾ་དང་ཚེ་འདས་ཀྱི་སྙིང་གའི་ཎི་ལས་འོད་འཕྲོས་པས། ཚེ་འདས་ཀྱི་རྣམ་ཤེས་ཁམས་གསུམ་གང་ན་གནས་པ་ནས་བཀུག་པར་བསམ། ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་བཅས་ལ། ངག་ཏུ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི༴ བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཐུགས་རྗེའི་བདག་པོ་མི་འཁྲུགས་པ་འཁོར་དང་བཅས་པའི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱྀས་བརླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ། ཁམས་གསུམ་སྐྱེ་གནས་བཞི། །རིགས་དྲུག་གང་ན་གནས་ཀྱང་འདིར་མཆིས་པར་གྱུར་ཅིག །ཨོཾ་ཊཀྐི་ཧཱུཾ་ཛཿ ཞེས་པ་གསུམ་དང༌། བདག་དང་མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་འཁོར་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཚེ་འདས་ལ་ཐིམ་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང༌། སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་རྣམ་པར་ཤེས་པ་ཨ་དཀར་པོ་དྲི་མ་མེད་པར་བསམ་མོ། །དེ་ནས་བགེགས་སྦྱང་བའི་ཕྱིར། གཏོར་མ་རྟེན་ལ་བསྐོར་ཞིང༌། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་བྷྱོ། བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎཾ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་


TNT13_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

དཾ་བ་ལིཾ་ཏ་ཡེ་སྭཱཧཱ། ཞེས་ལན་གསུམ་གྱིས་ཞི་བས་སྦྱངས། སུམྦྷ་བརྗོད། རྡོ་རྗེ་གསོར་ཞིང༌། ཏིང་ལོ་དང་ཆང་བུ་རྟེན་ལ་བསྐོར་བ་གསུམ་གྱིས་ཞི་དྲག་ཕྱེད་ནས་སྦྱངས་ནས། ཚེ་ལས་འདས་པ་ཆེ་གེ་མོ་ལ་གསོན་གྱི་དུས་ན་ཚེ་གནས་པ་ལ་བར་དུ་གཅོད་ཅིང༌། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་ཆད་བྱེད་པའི་གདོན་བགེགས་ལོག་པར་འདྲེན་པ་ཐམས་ཅད་གཏོར་མ་འདི་ལམ་རྔན། ཏིང་ལོ་ལམ་སྒྲོན། ཆང་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག །ཅེས་བརྗོད་ཅིང་རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུཾ་ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱི་གཤེགས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝཱ་ར་ཨེ་ཧྱེ་ཧིས་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལ་ཡ་སྟྭཾ་གྱིས་གདན་ཕུལ། ཨོཾ་ཨརྒྷཾ། པུཥྤེ། དྷུཔེ། ཨཱ་ལོ་ཀེ །གནྡྷེ། ནཻཝིདྱ། ཤཔྟ་ཧཱུཾ་གིས་མཆོད། ཧཱུཾ་ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང༌། །ཐབས་ལ་མཁས་པས་འཇིག་བྱེད་སྐུར་སྟོན་པ། ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །


TNT13_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང༌། །སྡིག་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཅན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་བ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོགས། ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོགས་ཤིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཞེས་པ་ནས། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས། ཚེ་ལས་འདས་པ་ཆེ་གེ་མོ་ལ། གནོད་ཅིང་འཚེ་བར་བྱེད་པའི་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ལ་རྒྱུད་སྡེ་དང་མཐུན་པའི་སྦྱང་བ་རྣམ་པར་དག་པ་བྱས་ཟིན་པས་དེས་ཚིམ་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག །གང་དག་མི་འགྲོ་བ་དེ་དག་དེ་བཞིན་


TNT13_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་རྡོ་རྗེ་འབར་ཞིང་ཆེར་འབར་བ་འདིས། ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་དགས་པར་བགྱིའོ། །ཞེས་དང༌། རྟེན་ལ་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། རོལ་མོ་རྟག་ཏུ་བྱ། སུམྦྷ་ནི་ལ་སོགས་པའི་དྲག་སྔགས་མང་དུ་བརྗོད་པས། བགེགས་དང་བྲལ་བར་བསམ་མོ། །དེ་ནས། ཚེ་འདས་ཀྱི་སྡིག་པ་ཐམས་ཅད་ཀཾ་ནག་པོའི་རྣམ་པས་སྣ་བུག་ནས་ཐོན། སྡིག་པ་རྭ་ཅན་གྱི་རྣམ་པས་ཏིལ་ལ་ཐིམ། དེའི་གཡས་སུ་མེ་དང༌། གཡོན་དུ་ཆུར་དོར་བས་སྡིག་སྒྲིབ་ཐམས་ཅད་སྲེགས་ཤིང་སྦྱངས་པ་བསམས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ། ཞེས་བརྗོད་པས་མེར་བསྲེག་ཅིང་ཆུར་དོར་རོ། །དེ་ནས་བྱེ་མའམ་ཡུངས་ཀར་ལ་ཀཱཾ་ཀ་ནི་ལ་སོགས་པ་ལྷ་ཐམས་ཅད་ཀྱི་སྔགས་མང་དུ་བཟླས། དེའི་ནུས་པ་ཐམས་ཅད་བསྟིམ་ལ། རུས་པའམ་མིང་བྱང་མདུན་དུ་བཞག་པ་ལ་བྲབ་སྟེ། ཀཱཾ་ཀ་ནིའི་འཇུག་ཏུ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུ་ན་ཧཱུ་ཕཊ། ཚེ་ལས་འདས་པས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་དམྱལ་བར་སྐྱེ་བའི་རྒྱུ་ལས་ངན་སྡིག་སྒྲིབ་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་གྱུར་ཅིག །དེ་བཞིན་དུ་ཀཱཾ་ཀ་ནི་དང༌། སརྦ་པྲ་ཏེ་ག་ག་ཏེ་ཧེ་ཏུ་ན་ཧཱུཾ་ཕཊ། ཡི་དྭགས་སུ་སྐྱེ་བོའི་རྒྱུ༴ དེ་བཞིན་དུ་ཏིརྻ་ཀ་ག་ཏེ་ཧེ་ཏུ་ན་ཧཱུཾ་ཕཊ། དུད་འགྲོར་སྐྱེ་བའ༴ སོགས་གོང་བཞིན་སྦྱར་ཞིང༌། དེ་ནས་ཁྲུས་བྱ་སྟེ། རྣམ་རྒྱལ་བུམ་པ་ཐོགས་ལ། ཐོག་མར་དཀྱིལ་འཁོར་མེ་ལོང་བསྟན་ཏེ། ཇི་ལྟ་བལྟམས་པ་སོགས་དང༌། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །


TNT13_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང༌། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ། སོགས་ཀྱིས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུཾ་ཏྲཾ་ཧྲཱི་ཨཿཀཱ་ཡ་བི་ཤོ་དྷ་ནི་སྭཱཧཱ། ཞེས་པས་སྐུ་ཕྱིའོ། །དེ་ནས་ཁྲུས་བྱས་པའི་ཆུ་དེ་སླར་ཡང་བུམ་པའི་ནང་དུ་བླུག་ལ་དེ་ནས་བུམ་ཆུས་ནུབ་གོང་མ་རྣམས་ལ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་བཀྲུ། ཐ་མ་ལ་རྟེན་དངོས་སུ་བཀྲུ་ཞིང༌། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། ཁྲུས་ལེགས་མཛད་ཀྱི་ཁྲུས་བྱའོ། །དེ་བཞིན་དུ་ཚིག་རྐང་དང་པོ་དང༌། གསུམ་པའི་གནས་སུ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་རྣམས་གཞུག རྐང་པ་གཉིས་པའི་སེར་སྣའི་གནས་སུ། ཁྲིམས་འཆལ། ཁོང་ཁྲོའི། ལེ་ལོ། རྣམ་གཡེང༌། ཤེས་འཆལ་རྣམས་བཅུག་ལ། ཚིག་བཞི་པ་ལྔ་པ་དང༌། ཆུ་བོ་དྲུག་གིས་ཁྲུས་བྱས་ནས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང༌། ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །


TNT13_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམས་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་ལྡན་པ་དང༌། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཞེས་པའི་ཚིག་བཞི་པ་དང༌། ཀཱཾ་ཀ་ནི། རེ་སྤེལ་ཞིང་བཀྲུས་ནས། མཐར།ཚེ་ལས་འདས་པ་ཆེ་གེ་མོས། གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་ཕ་རོལ་དུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་དག་ནས། ཕ་རོལ་དུ་ཕྱིན་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པའི་དུག་བཅོམ་མོ། །ཚིག་རྐང་གསུམ་པ་དང་བཞི་པར། བཅོམ་ལྡན་དམ་ཆོས༴ དམ་ཆོས་བདེན་པས༴ འཕགས་པའི་དགེ་འདུན༴ དགེ་འདུན་བདེན༴ ཞེས་སོགས་སྦྱར་བའི་ཚིག་བཞི་པ་གཉིས་བརྗོད་ཅིང༌། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོའི་ཉོན་མོངས་པ་དུག་གསུམ་གྱི་སྒྲིབ་པ་ཐམས་ཅད་བཅོམ་ནས་དགེ་བ་གསུམ་དང་ལྡན་པར་གྱུར་ཅིག །ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུག་གསུམ་ས་ཡི་ནང་དུ་སོང༌། །ཆུ་མེ་རླུང་


TNT13_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདོན་པ་བསྒྱུར་བའི་ཚིག་བཞི་པ་གསུམ་བརྗོད་པའི་རྗེས་སུ། ཚེ་ལས་འདས་པས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་འབྱུང་བ་བཞི་ལ་བརྟེན་ནས་སྐྱེས་པའི་རྣམ་རྟོག་རྒྱུ་དང་བཅས་པ་ཐམས་ཅད་འབྱུང་བ་བཞིའི་ཆོས་ཉིད་ཀྱི་ངང་དུ་ཐིམ་ནས་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག །ཅེས་བྱ་བ་དང༌། བུམ་པའི་ཆུ་གཏོར། དྲིལ་བུ་གསིལ་ཞིང༌། གང་ལ་སེ་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང༌། །ཐུགས་ཞི་གནོད་པ་མི་མངའ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཇུག་མཛད་ཅིང༌། །ཆོས་རྣམས་ཐམས་ཅད་སྟོན་པ་དེ། ཁྱེད་ལ༴ སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ལ་བདེ་བ་མངའ་མཛད་དེས། ཁྱེད་ལ༴ སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། ཁྱེད་ལ༴ །གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིག །གླིང་དང་དཔུང་གཉེན་གྱུར་པ་དེས། ཁྱེད་ལ༴ །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་ལ། །གསུམ་གཙང་གཙང་མར་མཛད་པ་དེས། ཁྱེད་ལ༴ དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་གང་འབྱོར་ཞིང༌། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། ཁྱེད་ལ༴གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང༌། །སེམས་


TNT13_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་རབ་དགའ་དེས། ཁྱེད་ལ༴ བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཞིང༌། །བདུད་ཡིད་མི་བདེར་གྱུར་པ་དེས། ཁྱེད་ལ༴ ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུངས་ཤིང༌། །ཐུབ་པའི་སྙན་པ་གང་བྱུང་དེས། ཁྱེད་ལ༴ ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང༌། །ཚོགས་རྣམས་དབང་དུ་མཛད་པ་དེས། ཁྱེད་ལ༴ སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང༌། འབྱུང་པོ་ཀུན་གྱི་བདེ་ལེགས་ནི། ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང༌། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང༌། ཁྱེད་ཅག་ཀུན་ཏུ་བདེ་ལེགས་གྱུར། ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ཚེ་ལས་འདས་པ་ཆེ་གེ་མོས་གཙོ་བྱས་པའི་སྐྱེ་རྒུ་ཐམས་ཅད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་བཀྲ་ཤིས་ཤིང་རྒྱལ་བར་གྱུར་ཅིག །ཅེས་བརྗོད་ལ། དེ་ནས་བུ་ལ་སོགས་པ་ཉེ་དུ་ཡོད་ན་མིང་བྱང་འཛིན་དུ་བཅུག་ཅིང༌། ཕྱག་བྱེད་དུ་གཞུག་ལ། གཙོ་བོ་རྒྱལ་བ་འགྲོ་བའི་


TNT13_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །ཚེ་འདས་སྐྱབས་སུ་མཆི་ལགས་སོ། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཚེ་འདས་སྐྱབས་སུ་མཆི། །ཚེ་འདས་འཇིགས་པ་ཆེ་མཐོང་ནས། །ཀུན་ཏུ་བཟང་ལ་ཚེ་འདས་འབུལ། །འཇམ་པའི་དབྱངས་ལ་ཚེ་འདས་ཀྱི། །ལུས་ནི་བདག་གིས་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་འདི་ལ་སྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེའི་བདག་ཉིད་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱོད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཚེ་ལས་འདས་པ་ཆེ་གེ་མོ། །ཞེས་བགྱི་བ་དུས་འདི་ནས་བཟུང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བརྒྱུད་ལྡན་བླ་མ་ཐུགས་རྗེས་ཅན། །ལྷ་ཇོ་བོ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང༌། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཐུགས་རྗེའི་བདག་པོ་མི་འཁྲུགས་པའི་ལྷ་ཚོགས་འཁོར་དང་བཅས་པ། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་བཅས་པ་


TNT13_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྡིག་པ་ཐམས་ཅད་སྦྱང་དུ་གསོལ། ལམ་བསྟན་དུ་གསོལ། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མཛད་དུ་གསོལ། ཞེས་སྙིང་ཐག་པ་ནས་བརྗོད་ཅིང༌། གསོལ་བ་འདེབས་པར་བསམ་མོ། །དེ་ནས་གཤིན་པོ་ལ་དབང་མི་བསྐུར་ན་འོག་གི་བྱང་བུ་བསྲེག་པ་དང་ལམ་སྦྱང་བསྟན་སོགས་རྫོགས་པར་བྱ། དབང་བསྐུར་ན་སྐབས་འདིར་བྱ་དགོས་པས། མཎྜལ་ཕུལ་ནས་རྗེས་ཟློས་བྱེད་པར་བསམ་ཞིང༌། དགའ་ཆེན་ཁྱོད་བདག་སོགས་ནས་དབང་ཐམས་ཅད་རྫོགས་པར་བསྐུར་རོ། །དེ་ལྟར་དབང་བསྐུར་བས་ཚེ་འདས་ལྷའི་རང་བཞིན་དུ་གྱུར་པ་ལ་མཆོད་ཡོན་ལ་སོགས་པ་སྔགས་ཙམ་གྱིས་མཆོད། གཟུང་འཛིན་རྡོ་རྗེ་བརྟན་པའི་ས་ལ་སོགས་པ་ཤོ་ལོ་ཀ་གཅིག་གིས་བསྟོད་ལ། ལམ་སྦྱང་བསྟན་བྱའོ། །ཡུལ་ཁ་ཅིག་ན་ཟས་གཏད་དང༌། གོས་ལྷམ་གཏོད་པ་སོགས་ཀྱི་ལུགས་ཡོད་པ་དེ་ལྟར་བྱེད་དགོས་བྱུང་ན། སྔར་ལྟར་མཆོད་བསྟཽད་བྱས་པའི་རྗེས་ལ། འདོད་ཡོན་སྣ་ཚོགས་པས་ཚེ་འདས་ལྷར་གྱུར་པ་མཆོད་པར་བསམ་ཞིང༌། ཁ་དོག་དབྱིབས་ལེགས་སོགས་འདོད་ཡོན་གྱི་ཚིགས་བཅད་བརྗོད་དོ། །ནུབ་ཐ་མ་ལ་བྱང་བུ་སྲེག་པར་བྱེད་ན། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམས་ལ་མེ་སྦར་ཏེ། སྟོང་ཉིད་ཡེ་ཤེས་འབར་བའི་མེ། །ཚེ་འདས་སྒྲིབ་པའི་བུད་ཤིང་དང༌། །འཁོར་བའི་སྡུག་བསྔལ་མ་ལུས་པ། །ཡེ་ཤེས་སྣང་བར་འབར་གྱུར་ཅིག །ཅེས་དང༌། ཀཱཾ་ཀ་ནི་བརྗོད་ཅིང་བསྲེག་གོ །དེ་ནས་ལམ་སྦྱང་བསྟན་བྱ་སྟེ། ནུབ་གོང་མ་རྣམས་ལ་མཆོད་པའི་རྗེས་ལ། ནུབ་ཐ་མ་ལ་བྱང་བུ་བསྲེགས་པའི་རྗེས་ལ་བྱ་སྟེ་དྲིལ་བུ་བསིལ།


TNT13_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་དོར། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བའི། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་འཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ཏེ། །འཕགས་པའི་ལམ་དེར་འགྲོ་བར་ཤོག ཨོཾ་རཏྣེ་རཏྣེ། མཧཱ་རཏྣེ། རཏྣ་སམྦྷ་ཝེ། རཏྣ་ཀི་རཏྣེ། རཏྣ་མཱ་ལ་བི་ཤུདྡྷེ། ཤོ་དྷ་ཡ། སརྦ་པཱ་པཾ་ནཱཾ་ཏྲ་ཐ། ཞེས་དང་རོལ་མོ་བྱ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨ་ལས་བྱུང་བའི། །མངོན་པར་དགའ་བར་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ། པདྨ་སཾ་བྷ་ཝེ་ཨ་བྷི་ནནྡ་གཙྪ་སྭཱཧཱ། ཞེས་བརྗོད་ནས་རོལ་མོ་བྱ་སྟེ། མངོན་པར་དགའ་བར་སྐྱེས་པར་བསམ། དེར་སྐྱེས་པའི་བྱང་སེམས་རྙིང་པ་རྣམས་ཀྱིས་ཕྱིས་དེ་ལ་མཆོད་པར་བསམས་ལ། མཆོད་ཅིང་རོལ་མོ་བྱའོ། །དེས་ཀྱང་སངས་རྒྱས་མི་འཁྲུགས་པ་འཁོར་དང་བཅས་པ་ལ་མཆོད་ཅིང༌། རོལ་མོ་བྱའོ། །དེར་སྐྱེས་པའི་རྒྱུ་བརྟགས་པས་རྡོ་རྗེ་སློབ་དཔོན་གྱི་ཆོ་གའི་ནུས་པ་ཡིན་པར་ཤེས་ཏེ། རྫུ་འཕྲུལ་གྱིས་འདིར་འོངས་ནས། བདག་དང་དཀྱིལ་འཁོར་ལ་མཆོད་ཅིང་རོལ་མོ་བྱས་ལ། ཨེ་མ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་ཆེད་དུ་བརྗོད་པར་བསམས་ལ། བདག་གིས་ཀྱང་སླར་དེ་ལ་མཆོད་པས་མཆོད་ཅིང་རོལ་མོ་བྱ།


TNT13_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་མངོན་པར་དགའ་བར་སོང་བར་བསམས་ལ་མེ་ཏོག་དོར། དེ་ནས་ཚེ་འདས་ཀྱི་དོན་དུ་སྨོན་ལམ་རྒྱས་པར་བརྗོད་ཅིང༌། འཁོར་གསུམ་མི་དམིགས་པས་རྒྱས་བཏབ་སྟེ། གཤིན་པོ་རྗེས་སུ་བཟུང་བའི་ཆོ་གའོ། །དྲུག་པ་རྗེས་ཀྱི་ཆོ་ག་ནི། གཤིན་དོན་ཡིན་ན་ལམ་སྦྱང་བསྟན་ཚར་བའི་རྗེས་དང༌། སློབ་མ་དབང་བསྐུར་བ་ཡིན་ན། དབང་ཆོག་ཚར་བའི་རྗེས་སམ། སྒྲུབ་མཆོད་རྐྱང་པ་ཡིན་ན། བདག་འཇུག་ཚར་བའི་རྗེས་ལ་མཆོད་པ་རྣམས་ཁ་གསོས། བསངས་སྦྱངས། བྱིན་གྱིས་རླབས་ནས་མདུན་བསྐྱེད་ལ་ཕུལ་བར་བསམ་ཞིང༌། ངག་ཏུ། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏཱ་ཐཱ་ག་ཏ་ཨཀྵོ་བྷ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་ཚིགས་བཅད་འོག་མ་གཉིས་འདྲ་བ་ལ། ཆུ་སྐྱེས་ཐང་སྐྱེས་ཡིད་ལས་བྱུང༌། །བྱང་ཆུབ་ཡན་ལག་མེ་ཏོག་འདི། པུཥྤེ། ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང༌། །ཨ་ཀར་ལ་སོགས་བདུག་སྤོས་འདི། དྷུ་པེ། རྩི་མར་འབྲུ་མར་མར་མེ་འདི། །མི་ཤེས་མུན་པ་སེལ་བའི་ཕྱིར། ཨཱ་ལོ་ཀེ །ཙནྡན་ག་པུར་ལ་སོགས་པ། །ལྷན་ཅིག་སྐྱེས་སྦྱར་དྲི་མཆོག་འདི། གནྡྷེ། གཟུགས་སྒྲ་དྲི་རོ་རེག་བྱ་ཡིས། ཁ་དོག་དྲི་དང་རོ་ལྡན་པའི། །བླ་མེད་བདུད་རྩིའི་ཞལ་ཟས་འདི། །འབུལ་གྱི་ཡང་དག་བཞེས་སུ་གསོལ། ནཻཝིདྱ༴ དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །


TNT13_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་དད་པས་འབུལ་ལགས་ཀྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཤཔྟ་ཞེས་དང་རོལ་མོ་འབུལ། དེ་ནས་དྲིལ་བུ་བསིལ་ཞིང༌། ནམ་མཁའི་མདངས་ལྟར་ཀུན་ནས་གསལ་བའི་སྐུ། སོགས་བུམ་བསྐྱེད་ཀྱི་སྐབས་ལྟར་ཤོ་ལོ་ཀ་བཞི་ཡིས་བསྟོད་ལ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་བཏབ། ཡི་གེ་བརྒྱ་པ་ལན་གསུམ་ལ་སོགས་པ་བརྗོད་པའི་རྗེས་ལ། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་པ་གང༌། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ནི་མགོན་པོས་བཟོད་པར་གསོལ། །གཙོ་བོ་ནུས་པ་མ་མཆིས་པས། །མ་འབྱོར་མ་རྙེད་མ་འཚལ་བས། །འདིར་ནི་བགྱི་བ་གང་བགྱིས་པ། །དེ་དག་ཐམས་ཅད་བཟོད་པར་མཛོད། ཅེས་སོགས་ཀྱིས་ལྷག་ཆད་ཁ་བསྐང་ཞིང་ནོངས་པར་བཟོད་པར་གསོལ། རས་བྲིས་ཀྱི་དཀྱིལ་འཁོར་ལ་དམིགས་ཏེ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་རྒྱལ་བ་ཐམས་ཅད་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་རས་བྲིས་ཀྱི་དཀྱིལ་འཁོར་འདི་ཉིད་ལ་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བརྟན་པར་བཞུགས་སུ་གསོལ། བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་


TNT13_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པར་སྩལ་དུ་གསོལ། ཞེས་དང༌། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་ལན་གསུམ་གྱིས་བརྟན་པར་བྱས་ཤིག་མེ་ཏོག་གཏོར། དེ་ནས་དྲིལ་བུ་གསིལ་ཞིང༌། སྟོན་མཆོག་དམ་པ་ལྷ་མོས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ༴ ཆོས་ལ་ཕྱག་འཚལ༴ སེམས་ཅན་གང་༴ དེ་དག༴ ཚོགས་ཀྱི་དམ་པ༴ དགེ་འདུན་ཕྱག་འཚལ༴ སེམས་ཅན༴ དེ་དག༴ བདག་ཅག་འཁོར་དང་བཅས་པ་ཐམས་ཅད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་རྒྱལ་བར་གྱུར་ཅིག །ཅེས་བརྗོད་ལ་རོལ་མོ་བྱ་ཞིང་མེ་ཏོག་གཏོར་རོ། །སླར་ཡང་བསྔོ་བ་སྨོན་ལམ་རྣམ་པར་དག་པ་བཏབ་ལ། རས་བྲིས་བཀུར་བསྟི་དང་བཅས་པས་བསྡུས་ལ་དབེན་པར་བཞག །མཆོད་རྫས་དམན་པ་རྣམས་མགོན་མེད་པ་དང་འཕོངས་པ་རྣམས་ལ་སྦྱིན། གོས་ཟུང་སོགས་མཆོད་རྟེན་དང་སངས་རྒྱས་ཀྱི་སྐུ་ལ་ཕུལ་ནས་ལས་ཀྱི་རྗེས་མི་མངོན་པར་བྱའོ། །རབ་ཟབ་ངན་སོང་རྒྱུན་གཅོད་ཆོ་གའི་ཚུལ། འཁྲུལ་མེད་བརྒྱུད་པའི་དགོངས་དོན་ཇི་བཞིན་དུ། །རྒྱུད་འགྲེལ་མཁས་པའི་རིང་ལུགས་དཔང་བཞག་ནས། ཉུང་གསལ་གོ་བདེའི་ངག་གིས་རྣམ་པར་བཀོད། །འདི་སྦྱར་དགེ་བས་མར་གྱུར་འགྲོ་བ་ཀུན། །སྡུག་བསྔལ་རྒྱུ་དང་བཅས་ལས་རྣམ་གྲོལ་ཞིང༌། །རྨད་བྱུང་བྱང་ཆུབ་སྤྱོད་པས་རྒྱུད་སྦྱངས་ནས། །མི་འཁྲུགས་རྒྱལ་བའི་ཞབས་དྲུང་སྐྱེ་བར་ཤོག །བཅོམ་ལྡན་འདས་མི་འཁྲུགས་པ་ལྷ་དགུའི་ཆོ་ག་ཉུང་ངུ་རྣམ་གསལ་ཞེས་པ་འདི་ཡང་བརྒྱུད་པ་གོང་མའི་གསུང་ཐོར་བུ་པ་རྣམས། གཞན་ཕན་གྱི་བློས་ཕྱོགས་གཅིག་ཏུ་བསྡེབས་ཏེ།


TNT13_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་གྲོལ་མཆོག་གིས་ཡི་གེར་བཀོད་པའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག། ། །གཅིག་ཞུས། །མངྒ་ལཾ། །


TNT13_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཁྲུགས་པའི་ཟུར་འདི་བླ་དང་སྦྱིན་སྲེག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གཟུང་འཛིན་རྟོག་པའི་དྲི་མས་མ་གོས་པའི། །མེ་ལོང་ཡེ་ཤེས་གཟུགས་སྣང་ལྷ་ཡི་སྐུ། །ལེགས་བཞེངས་མི་འཁྲུགས་མགོན་ལ་གུས་བཏུད་ནས། །གང་འདིར་ཆོ་གའི་ཟུར་འདེབས་བཤད་ཀྱིས་ཉོན། འདིར་བཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་ག་ལ་རས་བྲིས་དང་རྡུལ་ཚོན་ལ་བརྟེན་པ་གཉིས་ལས། དང་པོ་ཤེས་སླ་བ་དང༌། ཉིན་གཅིག་ལ་ཆོ་ག་རྫོགས་པའི་དབང་དུ་བྱས་ཏེ། དེའི་ཚུལ་ཁོ་བོས་ཉུང་ངུ་རྣམ་གསལ་དུ་བཀོད་ཟིན་ལ། གཞུང་དེ་ལ་བལྟོས་པའི་དབང་དུ་བྱས་ནས། འདིར་རྡུལ་ཚོན་གྱི་ཕྱོགས་བརྗོད་ན་དོན་གཉིས་ཏེ། སྔོན་དུ་བསྙེན་པ་དང༌། དཀྱིལ་འཁོར་ལས་ཀྱི་རིམ་པའོ། །དང་པོ་ལ་གཉིས། རྣལ་འབྱོར་དང་བཅས་པའི་བཟླས་བརྗོད་དང༌། དུས་རྒྱུན་གྱི་བཟླས་བརྗོད་དོ། །དང་པོ་ནི། ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས། གནས་དབེན་པར། སངས་རྒྱས་ཀྱི་རྟེན་གྱི་སྤྱན་སྔར་ཅི་འབྱོར་བའི་མཆོད་པ་


TNT13_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། གཏོར་མ་གསུམ་བཤམས་ལ། སྟན་བདེ་བ་ལ་འདུག་སྟེ། མཆོད་པ་བྱིན་རླབས་ནས་བརྩམས་ཏེ་བདག་ཉིད་ལྷར་བསྐྱེད་པ་ནས་མཆོད་བསྟོད་ཀྱི་བར་སྔོན་དུ་བཏང་ནས། རང་གི་སྙིང་ག་ན་བཞུགས་པའི་དེ་བཞིན་གཤེགས་པ་རིགས་ལྔའི་དབུས་ཀྱི་གཙོ་བོ་མི་བསྐྱོད་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྔགས་ཀྱི་ཡེ་གེ་སྦྲུལ་འཁྱིལ་བ་ལྟ་བུ། དེ་ལས་འོད་ཟེར་འཕྲོས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། འོད་ཟེར་སླར་འདུས་ཏེ་རང་ལ་ཐིམ་པས་བདག་ཉིད་ཀྱི་ཚེ་རབས་ཐོག་མེད་ནས་བསགས་པའི་ལས་ངན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བསམས་ལ། སེམས་མ་ཡེངས་པར་བཟླས་བརྗོད་ཅི་ནུས་བྱ། ཐུན་གཏོང་བའི་ཚེ་སླར་ཡང་མཆོད་བསྟོད་བསྔོ་བ་སྨོན་ལམ་བྱ་སྟེ། ཐུན་མཚམས་སུ་བསྐོར་བ་དང༌། ཚྭ་ཚྭ་ལ་སོགས་དགེ་བའི་བྱ་བས་དུས་འདའ་བར་བྱ་ཞིང༌། སྲོད་ཐུན་གྱི་མཐར་གཏོར་མ་ཆ་གསུམ་བཏང་ལ། ཕྱོགས་སྐྱོང་རྣམས་བསྙེན་པའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་སྒྲུབ་ཁང་གི་ཕྱོགས་མཚམས་སུ་ཞལ་ཕྱིར་བསྟན་ནས་བཞུགས་ཏེ་བར་ཆད་བསྲུང་བའི་ལས་མཛད་པ་བསྒོམ། གཏོར་མ་གཉིས་པའི་སྐབས་སུ། ལྷ་ཀླུ་འབྱུང་པོའི་ཚོགས་རྣམས་སྒྲུབ་པ་པོ་ལ་དགེས་ཤིང་བར་ཆད་བསྲུང་བའི་བསམ་པ་དང་ལྡན་པས་རང་གནས་སུ་བཞུད་པར་བསམ་ཞིང༌། གཏོར་མ་གསུམ་པའི་སྐབས་སུ། འབྱུང་པོ་གདུག་པ་ཅན་རྣམས་དཔག་ཚད་


TNT13_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྒྱང་གྲགས་ཀྱི་བར་དུ་བསྐྲད་པར་བསམ་ལ། མཚམས་གཅོད་ཀྱི་སྔགས་ལན་གསུམ་བཟླས། རང་ཉིད་འཁོད་པའི་གནས་ཁང་རྡོ་རྗེའི་ས་གཞི་ར་བ་གུར་བླ་རེ་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་འབར་བའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བར་བསམ་ལ། ཨོཾ་བཛྲ་རཀྵ་རཀྵ་སྭཱཧཱ། ཞེས་ལན་གསུམ་བརྗོད་དོ། །དེ་ལྟར་བསྙེན་བསྒྲུབ་ཀྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་དཀར་གསུམ་ལ་བརྟེན་པའི་གདན་གཅིག་གམ་གདན་གཉིས་བྱ། ཕྱི་དྲོའི་ཁ་ཟས། ཤ་ཆང་སྒོག་བཙོང་ལ་ཕུག །རང་གི་ཁམ་འཕྲོ་རྣམས་སྤངས། སྣོད་མཁར་བ་དང་ལོ་མ་དང་ལག་མཐིལ་རྣམས་སུ་མི་ཟ། དེ་ལྟར་གཙང་སྦྲ་དང་ལྡན་པས་འབུམ་ཕྲག་བཞི་ཁ་སྐོང་དང་བཅས་པའི་ཚུལ་དུ་བཟླས་ཏེ། མཐར་གྲུབ་ན་བཅུ་ཆའི་སྦྱིན་སྲེག་བྱ། མ་གྲུབ་ན་ཚ་ཚ་མང་དུ་བཏབ། ཐུན་གསུམ་གྱི་རྣལ་འབྱོར་གྱི་སྒོ་ནས་ཉམས་སུ་བླང་བ་སྟེ། སྔོན་དུ་བསྙེན་པའི་རྣལ་འབྱོར་རོ། །གཉིས་པ་དུས་རྒྱུན་གྱི་བཟླས་བརྗོད་ནི། དེ་བཞིན་གཤེགས་པའི་ཐུགས་བརྒྱུད་བསྐུལ་བས་བསྙེན་པའི་རྒྱུན་དེ་ཉིད་མི་ཉམས་པར་བྱ་བའི་ཕྱིར་ཉིན་རེ་བཞིན་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། བདག་བསྐྱེད་བཟླས་པའི་རྣལ་འབྱོར་མཐར་བསྔོ་བ་སྨོན་ལམ་གྱི་བར་དུ་འཆག་མེད་ཀྱི་ཚུལ་གྱིས་ཉམས་སུ་བླངས་པས། ལས་གཅིག་ལས་གཅིག་ཏུ་བརྒྱུད་པ་ཐམས་ཅད་བྱང་བར་འགྱུར་བ་དང༌། མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་མ་ལུས་པར་ཟད་པར་འགྱུར་བ་སོགས་ཕན་ཡོན་དཔག་ཏུ་མེད་པ་མདོ་ལས་བཤད་དོ། །གཉིས་པ་དཀྱིལ་འཁོར་གྱི་རིམ་པ་ལ།


TNT13_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

སའི་ཆོ་ག་དང༌། སྟ་གོན་དང༌། དངོས་གཞིའི་ཆོ་ག་དང་གསུམ་གྱི་དང་པོ་ནི། དཀྱིལ་འཁོར་གང་དུ་བྲི་བའི་གནས་སུ་ཆ་གསུམ་ལྟར་གཏོར་མ་གསུམ་བཤམ། མཆོད་པ་ལྔ་དང༌། ཡུངས་ཀར་དང༌། གུ་གུལ་ལ་སོགས་པའི་ཡོ་བྱད་རྣམས་བཤམས་ལ། སློབ་དཔོན་གྱིས་བདག་བསྐྱེད་བཟླས་པ་དང་བཅས་སྔོན་དུ་སོང་ནས། གཏོར་མ་དང་པོ་ཕྱོགས་སྐྱོང་ལ་ཕུལ་བའི་མཐར། ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱི་སའི་ཕྱོགས་འདིར་བདག་ལ་སྩལ་ཞིང་དཀྱིལ་འཁོར་གྱི་ཆོ་ག་མཐར་ཕྱིན་པའི་སྡོང་གྲོགས་མཛད་དུ་གསོལ། ཞེས་བརྗོད་དེ། ཕྱོགས་སྐྱོང་ལས་བསླང་བའོ། །དེ་ནས་གཏོར་མ་གཉིས་པ་འབྱུང་པོ་སྤྱི་ལ་ཕུལ་ལ་འབྱུང་པོའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་ས་ཕྱོགས་འདིར་བདག་ལ་གནང་ཞིང་ཞེས་སོགས་བརྗོད་པས་བསླང་སྟེ། འདི་གཉིས་ནི་ཞི་བས་ས་བསླང་བའོ། །དེ་ནས་བགེགས་གཏོར་བསྔོས་ལ་གདོན་ཁྱོད་རང་གི་གནས་སུ་སོང༌། ཞེས་པའི་འཇུག་ཏུ། སའི་ཕྱོགས་འདི་ཉིད་ན་གནས་པའི་འབྱུང་པོ་གསང་སྤྱོད་ལྟ་བར་མི་དབང་བ་རྣམས་དང༌། དཀྱིལ་འཁོར་ཆེན་པོ་སྒྲུབ་པ་ལ་བར་ཆད་བྱེད་པའི་བགེགས་དང་ལོག་འདྲེན་གྱི་རིགས་གང་ཡོད་པ་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག །ཅེས་བརྗོད་ལ་གཏོར་མ་སྒོ་དྲུང་དུ་དོར་རོ། ཁྲོ་བོའི་སྔགས་བརྗོད་ཅིང་རོལ་མོ་དྲག་དུ་བྱ། ས་ཕྱོགས་གུ་གུལ་གྱི་བདུག །ཡུངས་ཀར་གྱིས་བྲབས་ལ་བགེགས་རྣམས་བྱེར་བར་བསམས་པ་ནི་དྲག་པོས་བསླང་བ་སྟེ། ས་བསླང་བའི་ཆོ་གའོ། །དེ་ནས་ཕྱོགས་སྐྱོང་དང་འབྱུང་པོ་


TNT13_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཤེགས་སུ་གསོལ། རང་མི་འཁྲུགས་པའི་ང་རྒྱལ་གྱིས་ཀཱཾ་ཀ་ནི་བཟླ་བཞིན་དུ་དཀྱིལ་འཁོར་གྱི་སའི་དབུས་སུ་ལག་པ་གཉིས་ཀ་བཞག་ལ། ཨོཾ་བྷུ་ཁཾ་ཞེས་ཉེར་གཅིག་བརྗོད་པས། ས་གཞི་ནམ་མཁའི་རང་བཞིན་དུ་བསམ། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། ཅེས་མང་དུ་བཟླས་པས། ས་གཞི་རྡོ་རྗེའི་རང་བཞིན་དུ་བསམས་ཏེ། སྔགས་དང་ཕྱག་རྒྱས་སྦྱངས་བའོ། །དེ་ནས་ཀཱཾ་ཀ་ནི། བཟླ་བཞིན་དུ་དེ་ཙམ་བྱེད་པའི་ས་གཞི་མཆོད་པའི་གཞི་དང་བཅས་པ་དྲི་བཟང་ཀྱིས་ཆུས་བྱུག །ག་དར་ལེགས་པར་བྱ་བ་ནི་ལས་དང་བྱ་བས་སྦྱང་བ་སྟེ་ས་སྦྱང་བའི་ཆོ་གའོ། །དེ་ནས་སློབ་དཔོན་རྡོ་རྗེ་དྲིལ་བུའི་འཛིན་པས་དཀྱིལ་འཁོར་གྱྀ་དབུས་སུ་འདུག་ལ། ཧཱུཾ་བཛྲ་ཨཀྵོ་བྷྱ། ཨ་ཧཾ། ཞེས་པས་མི་འཁྲུགས་པའི་ང་རྒྱལ་གཟུང་ལ། བདག་གིས་སའི་ཕྱོགས་འདིར། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཐུགས་རྗེའི་བདག་པོ་མྀ་འཁྲུགས་པའི་དཀྱིལ་འཁོར་བྲིས་པ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱའོ། །ཞེས་སེམས་བསྐྱེད་པ་ནི་བློས་བཟུང་བའོ། །དེ་ནས་རྗེས་ཆོག་ཏུ་བཤད་པ་ལྟར་བྱས་ལ། བཀྲ་ཤིས་བརྗོད་དེ་ནུབ་དང་པོའི་ཆོ་གའོ། །གཉིས་པ་སྟ་གོན་ལ་སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། ས་ཆོག་བྱས་པའི་གནས་སུ་ཐིག་ཆེན་བརྒྱད་ཙམ་མམ། འོག་ནས་འབྱུང་བ་ལྟར་ལས་ཐིག་རྫོགས་པར་བཏབ་ལ། ལྷའི་གནས་སུ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་ཚང་བར་བཀོད། ས་ལྷའི་ཚོམ་བུ་ཡང་བཀོད་ལ་བཞག །མཐའ་སྐོར་དུ་མཆོད་པ་དང་གཏོར་མ་དང༌། བུམ་པ་དང༌། འོག་ཏུ་སློབ་མ་སྟ་གོན་ལ་དགོས་པའི་ཡོ་བྱད་རྣམས་ཀྱང་ཚང་བར་


TNT13_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས། དེ་ནས་དཔོན་སློབ་རྣམས་སྟན་ལ་འཁོད་དེ་མཆོད་པ་བྱིན་གྱིས་བརླབས་པ་དང༌། སྐྱབས་འགྲོ་ནས་བརྩམས་ཏེ་བདག་བསྐྱེད་རྫོགས་པར་བྱའོ། །གཉིས་པ་ལ་བཞི། ས་ལྷ་སྟ་གོན། བུམ་པ་སྟ་གོན། ལྷ་སྟ་གོན། སློབ་མ་སྟ་གོན་ནོ། །དང་པོ་ནི་སའི་ལྷ་མོའི་ཚོམ་བུ་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་བསལ་བཏབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས་ནས་གདན་ལ་བཞུགས་པར་དམིགས་ལ། སྔར་གྱི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སའི་ལྷ་མོ་སྐུ་མདོག་སེར་མོ་དགའ་བ་དང་ལྡན་པའི་ཐུགས་ཅན་ཕྱག་གཡས་མི་འཇིགས་པའི་ཕྱག་རྒྱ་མཛད་ཅིང༌། གཡོན་རིན་པོ་ཆེའི་བུམ་པ་ཐུགས་ཀར་འཛིན་པ། དར་མདོག་དཀར་པོའི་ན་བཟས་སྟོད་གཡོགས་ཤིང༌། དར་ཁ་དོག་སྣ་ཚོགས་པའི་ཤམས་ཐབས་ཀྱིས་མཛེས་པར་ཀླུབས་པ། རིན་པོ་ཆེའི་རྒྱན་དུ་མས་སྐུ་ལ་སྤྲས་པ་ཞལ་གྱི་པདྨོ་རབ་ཏུ་བཞད་ཅིང༌། པད་ཟླའི་གདན་ལ་ཕྱེད་ཀྲུང་གིས་བཞུགས་པ་ཀླུ་དང་ས་བདག་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དེ་ལ་མཆོད་པ་རྣམས་ཀྱིས་མཆོད་པར་བསམས་ལ། ཨོཾ་པྲི་ཐི་ཝི་དེ་བཱི་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་བརྗོད་ལ་པད་སྐོར་སྔོན་དུ་འགྲོ་བའི་སོ་སོའི་ཕྱག་རྒྱ་བཅའ་ཞིང་རོལ་མོའི་བར་དུ་བྱ། གཏོར་མ་བསངས་སྦྱངས་བྱིན་གྱིས་བརླབས་ལ། ཨོཾ་པྲི་ཐི་ཝཱི་དཱེ་བཱི་ས་པཱ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། ཞེས་སོགས་ལན་གསུམ་དང༌། ནམ་མཁའ་


TNT13_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཀྱི་ཕྱག་རྒྱས་གཏོར་མ་ཕུལ་ཏེ། རྡོ་རྗེ་དྲིལ་བུ་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབས་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། ལན་གསུམ་གྱི་མཐར། དཔལ་ལྡན་བླ་མ་གོང་མ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག་པར་བྱ་བའི་ཆེད་དུ། སའི་ཕྱོགས་འདིར་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཐུགས་རྗེའི་བདག་པོ་མི་འཁྲུགས་པའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་བསྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་ལ་ཡང་དབང་བསྐུར་བར་འཚལ་ན། སའི་ཕྱོགས་འདི་བདག་ལ་གནང་ཞིང་ལས་ཀྱི་དངོས་གྲུབ་ཀྱང་བདག་ལ་སྩལ་དུ་གསོལ། སའི་ལྷ་མོ་འཁོར་དང་བཅས་པའི་ཞལ་ནས་རིག་པ་འཛིན་པ་ཁྱོད་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག །ཅེས་གནང་བ་སྦྱིན་པ་བསམ། དེ་ནས་མཆོད་ཡོན་ཕུལ་ལ། ཨོཾ་བཛྲ་མུཿ ཞེས་བརྗོད་པས། སའི་ལྷ་མོས་དེ་ཉིད་ལ་ཐིམ་པར་མོས་ལ་ས་ལྷའི་མཆོད་གཏོར་རྣམས་ཕྱིར་བསལ་ཏེ། ས་སྟ་གོན་ནོ། །གཉིས་པ་བུམ་པ་སྟ་གོན་ནི་ཆོ་གའི་བུམ་བསྐྱེད་ཀྱི་སྐབས་ཇི་ལྟ་བ་བཞིན་བསྒྲུབ་པ་ཉིད་ཡིན་ནོ། །གསུམ་པ་ལྷ་སྟ་གོན་ནི།


TNT13_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

བསངས་སྦྱངས་བསྲུང་འཁོར་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། ཚོམ་བུའི་སྟེང་དུ་ཆོ་ག་གསུམ་གྱི་ལྷ་དགུ་བསྐྱེད་ལ། བདག་གཙོ་བོ་དང་ཐ་མི་དད་དུ་བྱ། གནས་གསུམ་བྱིན་གྱིས་རླབས། ཡེ་ཤེས་ལྷ་དགུའི་དཀྱིལ་འཁོར་གྱི་སྤྱན་དྲངས། ནམ་མཁར་བཞུགས་པ་ལ་མཆོད། དམ་ཚིག་གི་ཕྱག་རྒྱས་མཉེས་པར་བྱས་ནས་རང་ལ་བསྟིམ་པ་སོགས་རས་བྲིས་ཀྱི་ཆོ་ག་ལྟར་བྱ་ཞིང༌། མཆོད་བསྟོད་རྒྱས་པར་བྱ་བ་མདུན་བསྐྱེད་ལྟར་བསྒྲུབས་ནས། དཀྱིལ་འཁོར་ལ་ལྟ་ཞིང་པུས་མོ་གཡས་པ་བཙུགས། སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། ནང་པར་སྤྱན་དྲངས་པའི་ཕྱིར་སྙན་གསན་དབབ་སྟེ། མི་འཁྲུགས་མགོན་པོ་བཅོམ་ལྡན་འདས། །རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བདག་ནི་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པར་ལགས། །དེ་བས་གནང་བ་མཛད་པ་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང༌། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང༌། །གསང་སྔགས་ལྷ་གཞན་གང་ལགས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །གང་ཡང་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བྱ་ཡིས། །སང་ནི་དཀྱིལ་འཁོར་བཟང་པོའི་མིང༌། །ངན་སོང་སྦྱོང་བ་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་བྲི་ལགས་ན། །


TNT13_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་སློབ་མར་བཅས་རྣམས་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱི་རླབས་པར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་པའི་མཐར། དཔལ་ལྡན་བླ་མ་ནས། སྩལ་དུ་གསོལ། གྱི་བར་སྔར་བཞིན་བྱ། གཏོར་མ་ཆ་གསུམ་ཆོ་ག་བཞིན་རྗེས་སུ་སྒྲུབས་ཏེ་ལྷ་སྟ་གོན་ནོ། །བཞི་པ་སློབ་མ་སྟ་གོན་ལ། དཀྱིལ་འཁོར་ཁང་པའི་ཕྱི་རོལ་དུ། མཚན་ཉིད་དང་ལྡན་པའི་སློབ་མ་ཁྲུས་བྱས། དང་པོ་ཕྱག་དང་འཇུག་པའི་ཡོན་ཕུལ་ནས། གྲལ་ལ་འཁོད་ལ། གཉིས་པ་ཐོག་མར་མྱང་འདས་ཀྱི་བསམས་པ་བརྟན་པོ་བསྐྱེད་དུ་གཞུག་པའི་ཕྱིར། རང་གི་བསླབ་ལྡན་འཁོར་བཞི་པོ། །ཐེག་ཆེན་བློ་ཅན་རྣམས་ལ་ནི། །དེ་བཞིན་གཤེགས་པ་གསུངས་པ་ཡི། །ཡང་དག་ཆོ་ག་རྗེས་སུ་གནང༌། ཁ་ཅིག་གསང་སྔགས་སྒྲུབ་དོན་གཉེར། །དཀྱིལ་འཁོར་དུ་ནི་འཇུག་པར་འགྱུར། །དེ་བཞིན་གཞན་གྱི་བསོད་ནམས་འདོད། །གཞན་དག་འཇིག་རྟེན་ཕ་རོལ་གཞོལ། །བློ་བཟང་ཕལ་ཆེར་དད་བྱས་ནས། །འཇིག་རྟེན་ཕ་རོལ་དོན་གཉེར་འཇུག །འཇིག་རྟེན་འདི་འབྲས་དོར་ནས་ནི། །འཇིག་རྟེན་ཕ་རོལ་མགྲོན་གཉེར་ན། །གང་ཕྱིར་ཚེ་འདི་བདེ་བླག་འགྲུབ། །འདི་ཡིས་འཇིག་རྟེན་ཕ་རོལ་མིན། །དེ་ཕྱིར་འཇིག་རྟེན་ཕ་རོལ་གྱི། །དོན་དུ་ཡིད་ནི་བརྟན་པར་གྱིས། ཞེས་པས་དོན་བཤད་ལ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སེམས་བསྐྱེད་དུ་གཞུག་གོ །གསུམ་པ་རྣ་བ་གཏད་པར་བསྐུལ་བ་ནི། རྟོག་པ་ཐམས་ཅད་


TNT13_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བརྟན་པོའི་ཡིད་ཀྱིས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་དང༌། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གདམས། བཞི་པ་ཁྱད་པར་ཅན་གྱི་དོན་ཞུ་བའི་ཕྱིར་དུ་མཎྜལ་ཕུལ་ནས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། ཞེས་སོགས་ལན་གསུམ་གྱིས་གསོལ་བ་བཏབ་བོ། །ལྔ་པ་སྤྲོ་བ་བསྐྱེད་པ་ནི། བུ་ཚུར་ཤོག་ཤིག་ཐེག་ཆེན་པོའི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ནོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པས། །གང་གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟང་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག ཅེས་བརྗོད་ལ་སྤྲོ་བ་བསྐྱེད། དྲུག་པ་རྒྱུན་བཤགས་བྱ་བ་ནི། མདུན་གྱི་ནམ་མཁར་སོགས་གསལ་བཏབ་ལ། བདག་བསྐྱེད་ལྟར་རྒྱུན་བཤགས་ལན་གསུམ་བྱའོ། །བདུན་པ་དག་པ་ལྷའི་ཏིང་ངེ་འཛིན་ནི། སློབ་མ་རྣམས་སྐད་ཅིག་གིས་མི་འཁྲུགས་པར་བསྐྱེད་ནས། སློབ་དཔོན་གྱིས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ཏེ་གནས་གསུམ་དུ་གཏུགས་ལ། ཀཱཾ་ཀཱ་ནི། ལན་རེ་བརྗོད་པས། ཐ་མལ་གྱི་ལུས་ངག་ཡིད་གསུམ་ཀུན་རྟོག་མ་ལུས་


TNT13_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅོམ་ནས། དག་པ་དེ་གཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པའི་མོས་པ་བྱའོ། །བརྒྱད་པ་མཆོད་པ་ནི། དེ་ལྟར་ལྷར་གསལ་བ་ལ་དགའ་སྟོན་གྱི་ཚུལ་གྱི་མཆོད་པ་རྣམ་པ་ལྔས་མཆོད། དགུ་པ་སོ་ཤིང་སྦྱིན་པ་ནི། སོ་ཤིང་མེ་ཏོག་གི་རྩེ་མོ་ཅན་རྣམས་དྲི་བཟང་གི་ཆུས་བྱུག་ཅིང༌། ཨ་མྲྀ་ཏས་བསངས། ཀཱཾ་ཀ་ནི་ཚར་གཅིག་གིས་བྱིན་གྱིས་རླབས་ཏེ། སློབ་མ་ལ་བྱིན་ལ། ཁ་ཤར་རམ་བྱང་དུ་བལྟས་ཏེ་ཚོམ་བུའི་མཎྜལ་གྱི་སྟེང་དུ། ཨོཾ་བཛྲ་ཧ་ས་ཧ་ཞེས་བརྗོད་ཅིང་འདོར་དུ་གཞུག དེའི་རྩེ་མོར་ཤར་ལྷོ། ནུབ་བྱང༌། སྟེང་འོག་རྣམས་སུ་བལྟས་ན་ཞི་རྒྱས་དབང་དྲག་མཁའ་སྤྱོད་ས་འོག་རྣམས་འགྲུབ་ཅིང་མཚམས་རྣམས་སུ་བལྟས་ན་བུམ་པ་བཟང་པོ་ལ་སོགས་པ་དངོས་གྲུབ་ཕྲན་ཚེགས་རྣམས་འགྲུབ་ལ། དཀྱིལ་འཁོར་དུ་མ་ལྷུང་ན་དངོས་གྲུབ་མེད་པར་གོ་བར་བྱའོ། །བཅུ་པ་ཁ་དག་པར་བྱ་བའི་ཕྱིར་ཁྱོད་ཆུ་སྦྱིན་པ་ནི། ཀཱཾ་ཀ་ནི། བཟླས་ཏེ་བྱིན་གྱིས་བརླབས་པའི་དྲི་བཟང་གི་ཆུ་ཁྱོར་བར་ལན་གསུམ་བླུད་ཅིང༌། ཨོཾ་ཧྲཱི་བི་ཤུདྡྷ་སརྦ་དྷརྨ། སརྦ་བི་ཀལྤ་ཨ་པ་ན་ཡ་ཧཱུཾ། བཅུ་གཅིག་པ་བསྲུང་སྐུད་ནི། སྐུད་པ་དམར་པོ་ལུས་ཚད་དང་མཉམ་པར་གསུམ་སྦྲིལ་དུ་བྱས་པ་ལ། རྡོ་རྗེའི་མདུད་པ་གསུམ་བོར་ཏེ། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་སྐུད་པ་དམར་པོ་སློབ་མའི་ལུས་ཚད་དང་མཉམ་པར། རྡོ་རྗེ་མདུད་པ་གསུམ་གྱིས་བསྡམས་པ། ལུས་ངག་ཡིད་གསུམ་གྱི་བར་ཆད་བསྲུངས་བའི་ནུས་པ་དང་ལྡན་པར་གྱུར། སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་སྟ་གོན་གྱི་


TNT13_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྲད་བུ་དཔག་ཏུ་མེད་པར་བྱོན། དམ་ཚིག་གི་སྲད་བུ་ལ་ཐིམ། ཛཿཧཱུཾ་བཾ་ཧོཿ། ཞེས་བྱིན་གྱིས་བརླབས་ནས། སློབ་མའི་དཔུང་པ་གཡོན་པར་ཀཱཾ་ཀ་ནི་བརྗོད་ཅིང་བཅིངས་ལ་བུམ་ཆུས་བྱུག་ཅིང༌། ཨོཾ་བུདྡྷ་མཱ་ཏི་རཀྵ་རཀྵ་སྭཱཧཱ། སརྦ་བུདྡྷ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱཧཱ། དྷ་ར་ཀ་སྱ་རཀྵ་རཀྵ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་བརྗོད། བཅུ་གཉིས་པ་ཀུ་ཤ་བྱིན་པ་ནི། དྷི་དང་ཧ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ། རྨི་ལམ་མི་འཁྲུགས་ཞིང་གསལ་པོ་འབྱུང་བའི་ནུས་ལྡན་དུ་བྱིན་གྱིས་བརླབས་ལ། ཀཱཾ་ཀ་ནིའི་མཐར་དྷི་ཞེས་བརྗོད་ཅིང་ཆུང་བ་ལག་པ་གཡས་པ་དང༌། ཧ། ཞེས་བརྗོད་ཅིང་ཆེ་བ་གཡོན་དུ་སྦྱིན་ནོ། །བཅུ་གསུམ་པ་ཟབ་མོའི་ཆོས་བཤད་པ་ནི། འདི་ལ་གསན་པས་ཁྱབ་པར་གདའ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །རེས་འགའ་འབྱུང་ཞིང་མི་འབྱུང་སྲིད། །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་འབྱུང༌། །གང་ཞིག་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་སྔགས་སྤྱོད་པ་མཉམ་མེད་དོན། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་ཆད་སྡིག་པ་ཅི་མཆིས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཐའ་ཡས་གསང་སྔགས་ཀྱི། །སྤྱོད་ཚུལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །


TNT13_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

གོང་འཕང་བླ་ན་མེད་པ་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱིས། །བློ་གྲོས་ཤིན་ཏུ་དྲི་མེད་པ། །དེ་རྣམས་ཀྱིས་ནི་སྡུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །དེ་རིང་རྙེད་པ་མཉམ་མེད་རྙེད། །གང་གིས་ཁྱེད་རྣམས་རྒྱལ་བ་ཀུན། །བདག་ཉིད་ཆེན་པོ་སྲས་བཅས་ཀྱི། །བསྟན་པ་འདི་ལ་ཁྱེད་རྣམས་ཀྱིས། །ཡོངས་སུ་བཟུང་སྟེ་སྐྱེ་འགྱུར་བ། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་ལས། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་ལ་ཁྱེད་རྣམས་འགྲོ་འགྱུར་བ། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། ཞེས་བརྗོད་ཅིང་དོན་བཤད། བཅུ་བཞི་པ་རྨི་ལམ་བརྟག་པ་ནི། བུ་ཀྱེ་སང་ནི་དཀྱིལ་འཁོར་དག །མཐོང་བར་འགྱུར་གྱིས་ཉོལ་ཅིག་དང༌། །རྨི་ལམ་མཐོང་བ་གང་ཡིན་པ། །དེ་ཀུན་ང་ལ་དྲང་པོར་སྨོས། །ཞེས་བརྗོད་ཅིང་སྔར་བྱིན་པའི་ཤུ་ཀ་ཆེ་བ་གདན་དང༌། ཆུང་བ་སྔས་ཀྱི་ཚུལ་དུ་གྱིས་ལ་ཉོལ་ཅིག་བྱས་ལ། དྲན་པ་གསུམ་གྱིས་གདམས་པ་བྱ་སྟེ། མི་མ་ཡིན་གྱི་བར་ཆད་མི་འབྱུང་བར་བྱ་བའི་དོན་དུ་རང་ལུས་མི་འཁྲུགས་པར་དྲན་པ་དང༌། གཉིད་ཀྱི་མུན་པས་བྱིང་བ་དང་མྱོས་པར་མི་འགྱུར་བའི་དོན་དུ་སྙིང་གར་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པ་དང༌། མ་འོངས་པའི་དངོས་པོ་ད་ལྟར་ཤེས་པར་འགྱུར་བའི་དོན་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་ལྷའི་ས་བོན་ཧཱུཾ་དུ་དྲན་པར་བྱས་ནས་ཉོལ་ཅིག །རྨི་ལམ་གང་མཐོང་བ་


TNT13_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་དྲོ་ང་ལ་སྨྲོས་ཤིག །ཅེས་བརྗོད། རྨི་ལམ་ངན་ན་བསྲུང་བ་དང༌། བཟང་ན་སྤྲོ་བ་སྐྱེད། དེ་ནས་རྗེས་ཆོག་ཏུ་བཤད་པ་ལྟར་མཆོད་བསྟོད་བྱ། ནོངས་པ་བཟོད་པར་གསོལ། དངོས་གྲུབ་བླངས་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་ལན་གསུམ་དང༌། ཨོཾ་བཛྲ་མུཿ ཞེས་བརྗོད་ནས། སེ་གོལ་གཏོགས་ལ། ལྷ་རྣམས་སང་འབྱོན་པར་བཞེད་བཞིན་པའི་སྒོ་ནས་གཤེགས་པར་བསམ། བཀྲ་ཤིས་ཀྱི་མཐའ་བརྟེན་པ། ནུབ་གཉིས་པ་སྟ་གོན་གྱི་ཆོ་གའོ། །གསུམ་པ་དངོས་གཞིའི་ཆོ་ག་ལ། རྡོ་རྗེ་སློབ་དཔོན་གྱི་ལས་དང༌། སློབ་མ་གཞུག་པའི་བྱ་བ་གཉིས། དང་པོ་ལ་དཀྱིལ་འཁོར་བྲི་བ་དང༌། སྒྲུབ་པའི་ཆོ་ག་གཉིས། དང་པོ་ནི་ཐིག་གི་བྲི་བ་ལ། ཤར་ནུབ་མ་ནོར་ཚངས་ཐིག་གདབ། །དེ་ཡི་ཕྱེད་བཙལ་མཚན་མ་བྱ། །དེ་སྟེང་ཤར་ནུབ་མཐོ་དེའི་བར། །སླར་ཡང་རྟགས་བྱ་དེ་སྟེང་གཟུང༌། །མཐོ་དེའི་ཚད་ཀྱི་ཐིག་སྐུད་ཀྱིས། །གཡས་གཡོན་གཉིས་སུ་བྱ་རྗེས་བཙལ། །དེ་སྟེང་ཚངས་ཐིག་གཉིས་པ་གདབ། །ཤར་ནུབ་ལྟ་བུར་མཚན་མ་བྱ། །དེ་དང་དབུས་བར་སྲད་བུ་ནི། །ཕྱོགས་བཞི་མཚན་མའི་སྟེང་གཟུང་ནས། །ཟུར་བཞིར་བྱ་རྗེས་བཙལ་བར་བྱ། །དེ་སྟེང་ཟུར་ཐིག་གཉིས་བཏབ་ནས། །དཀྱིལ་འཁོར་ཆེ་ཆུང་གང་བྱེད་ཀྱི། །མདའ་ཐིག་གྲུ་བཞིར་གདབ་པར་བྱ། །ཟུར་བཞི་གསུམ་གཏུབས་རིམ་པ་གསུམ། །ཕྱི་མ་ཕྱེད་དུ་བགོ་བར་བྱ། །ཆ་ཆེན་གཉིས་ནི་འབྱུང་བ་འགྱུར། །ནང་མ་དབུས་དོར་མཐའ་གཉིས་གདབ། །ཕྱི་མ་ཕྱེད་གདབ་དེའི་ཕྱིའང་ཕྱེད། །རྩིག་པ་


TNT13_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་སྣམ་ཕ་གུ་དང༌། །དྲ་ཕྱེད་ཤར་བུ་མདའ་ཡབ་འབྱུང༌། །དབུས་སུ་བརྒྱད་ཆ་ཕྱིས་བགོའོ། །སྒོ་དེའི་བཞི་ཆ་ཆ་ཆུང་ཡིན། །ཕྱིས་པའི་རྩ་ཐིག་རྩེ་མོ་ནས། །གྱེན་དུ་ཆ་ཆུང་བཞི་བཏབ་ལ། །འཕྲེད་དུ་གཉིས་དང་སྟེང་དུ་གཉིས། །སྒོ་ཁྱུད་སྒོ་འགྲམ་སྒོ་ལོགས་འགྲུབ། །དེ་ཕྱིར་ཆ་ཆུང་རེ་རེའི་སར། །འདོད་ཡོན་སྣམ་བུའི་ཕྱི་ཐིག་ནས། །མདའ་ཡབ་རྩེ་རེག་ཐིགས་གསུམ་བཏབ། །མུན་སྣམ་ཀ་བ་ཀ་རྒྱན་ཡིན། །དེ་བཞིན་གཡོན་ལའང་ཤེས་པར་བྱ། །དེ་སྟེང་རྟ་བབས་སྒོ་ཚད་གཉིས། །སྒོ་ཚད་དང་པོ་ཆ་བཞིར་བགོ །རྟ་བབས་སྣམ་བུ་བཞི་མ་འབྱུང༌། །ཕྱི་མ་དབུས་དོར་མཐའ་གཉིས་གདབ། །པདྨ་ཆོས་འཁོར་གདུགས་ཀྱི་ས། །རྟ་བབས་སྣམ་བུའི་ཕྱིར་མཐའ་ནི། །དང་པོ་ཀ་རྒྱན་མཐའ་དང་མཉམ། །དེ་ནས་ཆ་ཕྲན་རེ་རེས་ཐུང༌། །པདྨ་ཆོས་འཁོར་གདུགས་སོགས་ནི། །དཀྱིལ་འཁོར་སྤྱི་དང་འདྲ་བར་བྱ། །གུ་ཎ་ཧ་རིའི་བསྐོར་ཚུལ་ནི། །སྣམ་བུ་གཉིས་པའི་ཕྱི་ཐིག་དང༌། །ཚངས་ཐིག་འཛོམ་པ་ནས་བཟུང་སྟེ། །ཆ་ཕྲན་གཉིས་ཀྱི་དབུས་མ་བསྐོར། །སྣམ་བུ་དང་པོའི་ཕྱི་ཐིག་དང༌། ཚངས་ཐིག་འཛོམ་པའི་གཡས་གཡོན་ཏུ། །ཆ་ཕྲན་གཉིས་རེ་ཕྱིན་པ་ནས། །ཆ་ཕྲན་གཅིག་གིས་གཡས་གཡོན་བསྐོར། །དེ་རྣམས་ནང་དུ་ཕྱེད་རེ་བསྐོར། །གཡས་གཡོན་རྭ་ཡིས་བསྐོར་ཚུལ་ནི། །ཚངས་ཕྱིར་གསུམ་དང་མདའ་ཕྱིར་གཅིག །ཕྱིན་ཏེ་ཀ་རྒྱན་རྩེ་ནས་བསྐོར། །དེ་ནས་འཕྲེད་གཉིས་གྱེན་དུ་གཅིག །ཕྱིན་ཏེ་སྔ་མའི་ཚད་ཀྱིས་བསྐོར། །དེ་ཡི་ཕྱི་རུ་ཆ་ཕྲན་གཉིས། །པདྨའི་ཁོར་ཡུག་བསྐོར་བར་བྱ། རྡོ་ར་ཆ་ཕྲན་གཉིས་པ་དང༌། མེའི་ས་ཆ་ཆེན་གཅིག་གིས་བསྐོར། །རྩ་ཐིག་


TNT13_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་བྱ་ཚུལ་ནི། །དབུས་ནས་ཟླུམ་པོར་བསྐོར་བྱས་ལ། །དེའི་ནང་མ་ཆ་གསུམ་བགོ །ནང་གི་གསུམ་ཆ་ལྟ་བར་བསྐོར། །དེ་ཡི་ཕྱི་ནས་ཆ་ཕྲན་ཕྱེད། །བསྐོར་བ་དེ་ནི་མུ་ཁྱུད་དོ། །ཕྱི་མ་གཉིས་པོ་པདྨ་སྟེ། །གཅུས་ནས་ཐིག་གདབ་འདབ་བརྒྱད་བྲི། ཞེས་པ་ལྟར་རོ། །དེ་ལྟར་ལས་ཀྱི་ཐིག་གིས་ཆ་དབྱེ་བའི་རྗེས་ཐོགས་སུ། །དཀྱིལ་འཁོར་དབུས་སུ་རས་ལ་སོགས་པའི་གཞིའི་སྟེང་དུ། རྡུལ་ཚོན་སྔོན་པོ་ལ་ཧཱུཾ། དཀར་པོ་ལ་ཨོཾ། སེར་པོ་ལ་ཏྲིཾ། དམར་པོ་ལ་ཧྲཱིཿ ལྗང་ཁུ་ལ་ཨ་བྲིས་ལ་ཕྱོགས་མ་ནོར་བར་བཀོད། རས་ཀྱི་ཐིག་སྐུད་ཁ་དོག་ལྔ་པ་རིང་བ་དཀྱིལ་འཁོར་གྱི་ཉིས་འགྱུར་སྦོམ་ཕྲ་སྒོའི་ཉི་ཤུ་ཆའི་ཚད་དང་ལྡན་པ་རྣམས་རྡུལ་ཚོན་སོ་སོའི་སྟེང་དུ་ཁ་དོག་དང་མཐུན་པ་ཆུན་པོར་གཅུས་ལ་བཞག་པའི་མདུན་དུ་ཉེར་སྤྱོད་ལྔ་བཤམས་ལ། སློབ་དཔོན་རྡོ་རྗེ་དྲིལ་བུ་འཛིན་པས། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཞེས་བརྗོད་པས་བགེགས་བསངས། སྭབྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་དབུས་དང་ཕྱོགས་ཀྱི་ཐིག་སྐུད་རྡུལ་ཚོན་རྣམས་པད་ཟླའི་སྟེང་དུ་ཧཱུཾ་ཨོཾ་ཏྲཾ་ཧྲཱིཿཨ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་མི་བསྐྱོད་པ་སྔོན་པོ་གཡས་ས་གནོད་དང༌། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ཤར་དུ་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ལྷོར་རིན་འབྱུང་སེར་པོ་གཡས་མཆོག་སྦྱིན་དང༌། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ནུབ་ཏུ་འོད་དཔག་མེད་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། བྱང་དུ་དོན་གྲུབ་ལྗང་ཁུ་གཡས་སྐྱབས་སྦྱིན་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་དར་གྱི་ན་བཟའ་དང༌།


TNT13_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། འོད་དང་འོད་ཟེར་འཕྲོ་བའོ། །དེ་ནས་མཆོད་པ་བྱིན་གྱིས་རླབས་ལ། པད་སྐོར་སྔོན་དུ་འགྲོ་བས་སོ་སོའི་ཕྱག་རྒྱ་བཅས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བརྗོད་ལ་དྲིལ་བུ་དཀྲོལ་ཞིང༌། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རང་གི་མིག་གཉིས་ཛ་ལས་ཉི་མ་དང་ཟླ་བར་བསམ་ལ། དིཔྟ་དིཥྟི་ཨཾ་ཀུ་ཤ་ཛཿ ཞེས་པའང་མིག་ལ་བཀོད་དེ། འབར་བའི་ལྟ་སྟངས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་ཚོན་རིགས་ལྔའི་རང་བཞིན་སྤྱན་དྲངས་ལ་བསྟིམ་ནས་ཨོཾ་བཛྲ་ཙི་དྲ་ས་མ་ཡ་ཧཱུཾ ཞེས་ཉེར་གཅིག་བརྗོད་པས་བྱིན་གྱིས་རླབས་ཏེ། སླར་ཡང་མཆོད་བསྟོད། ཞུ་བ་ལས་བྱུང་པའི་རིགས་ལྔའི་རྡུལ་ཕྲ་རབ་ཀྱི་རང་བཞིན་གྱི་རྡུལ་ཚོན་དང་ཡེ་ཤེས་ཀྱི་སྲད་བུར་གྱུར་བར་བསམ་ཞིང༌། ཀཱཾ་ཀ་ནི ལན་གསུམ་བཟླ། དེ་ནས་སློབ་མ་དང་ལྷན་ཅིག་ཏུ། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏེ། སརྦ་དྷརྨ་སྥ་ར་སྥ་ར། ཨ་ནུ་པྲ་བིཥྟ་སརྦ་དྷརྨ་ཨ་དྱན་ཏ་ཨ་ནུ་པྲ་བིཥྟ་སརྦ་དྷརྨ། ཞེས་བརྗོད་ཅིང་ཐིག་སྐུད་རྣམས་དང་པོ་སོ་སོར་བསྒྲིལ། དེ་ནས་གཅིག་ཏུ་


TNT13_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིལ་ལ་ཡང་ཀཱཾ་ཀ་ནི། བཟླ་ཞིང་དྲི་བཟང་གིས་ཕྱུག །རྡོ་རྗེ་བསྡམས་པའི་ཕྱག་རྒྱས་བཟུང་ལ། ཨོཾ་བཛྲ་ས་མ་ཡ་སུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ། ཞེས་བརྒྱད་ཀྱིས་བྱིན་གྱིས་རླབས་སོ། །དེ་ནས་རྡོ་རྗེ་དྲིལ་བུ་དང་ཐིག་སྐུད་བཟུང་ལ། རང་ཉིད་དཀྱིལ་འཁོར་གྱི་བདེན་བྲལ་དང༌། གྲོགས་དབང་ལྡན་དུ་གནས་པས། ཧཱུཾ་བཛྲ་ཨཀྵོ་བྷྱ་ཨ་ཧཾ། ཞེས་པས་སློབ་དཔོན་རང་ཉིད་མི་འཁྲུགས་པའི་ང་རྒྱལ་གཟུང༌། མངྒ་ལ་དེ་བི་ཞེས་པས་གྲོགས་བཀྲ་ཤིས་ཀྱི་ལྷ་མོར་མོས་ལ། ཛཿཛཿཛཿ ཞེས་བརྗོད་ཅིང་ཐིག་སྣ་གཏད། དེས་ཀྱང་ཛཿཛཿཛཿ ཞེས་བརྗོད་ཅིང་བླང༌། གཉིས་ཆར་གྱི་གཡོན་པའི་ཁུ་ཚུར་དྲིལ་བུ་དང་བཅས་པས་ཐིག་སྐུད་ལྟེ་བའི་ཐད་ཀར་བཟུང་ལ། ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་བསམས་ཏེ། སློབ་དཔོན་ནུབ་དང་སློབ་མ་ཤར་དུ་སོང་ལ། ཨོཾ་བཛྲ་ས་མ་ཡ་སུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ། ཞེས་བརྗོད་ཅིང༌། སློབ་དཔོན་གཡས་རྡོ་རྗེ་དང་བཅས་པས་ཐིག་སྐུད་ཀྱི་དབུས་ནས་གཅུས་ཏེ་སྒྲ་དང་ལྡན་པར་གདབ་ཅིང༌། དེའི་ཚེ་སློབ་དཔོན་གྱི་ངག་ནས་བརྗོད་པ་བཞིན་ནམ་མཁའ་ལས་ཀྱང་སྒྲ་བྱུང་བར་བསམས་ལ། ནམ་མཁའ་གང་བའི་དེ་བཞིན་གཤེགས། །འགྲོ་དོན་མཛད་དུས་འདི་ལགས་ན། ཁྱེད་རྣམས་འདིར་ནི་གཤེགས་གསོལ་བར། །ཐིག་སྐུད་སྒྲ་ཡིས་བསྐུལ་མ་འདེབས། །ཞེས་བརྗོད་ལ། ནམ་མཁའ་དང་ས་གཞི་ལ་ཚངས་ཐིག་དང་པོ་གདབ། དེ་བཞིན་དུ་སློབ་དཔོན་ལྷོ་དང་སློབ་མ་བྱང་དུ་གནས་པས་ཚངས་ཐིག་གཉིས་པ་གདབ། སློབ་དཔོན་མེ་དང་སློབ་མ་དབང་ལྡན་དུ་གནས་པས་ཤར་གྱི་རྩ་ཐིག་དང༌། སློབ་དཔོན་རླུང་དང་


TNT13_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་བདེན་བྲལ་དུ་གནས་པས་ནུབ། སློབ་དཔོན་རླུང་མཚམས་དེ་ཉིད་དང་སློབ་མ་དབང་ལྡན་དུ་གནས་པས་བྱང༌། སློབ་དཔོན་མེ་དང་སློབ་མ་བདེན་བྲལ་དུ་གནས་པས་ལྷོ། སློབ་དཔོན་མེ་མཚམས་ཉིད་དུ་བཞུགས་ནས། སློབ་མ་རླུང་དུ་གནས་པས་ཟུར་ཐིག་དང་པོ་དང༌། སློབ་དཔོན་བདེན་བྲལ་དང་སློབ་མ་དབང་ལྡན་དུ་ཕྱིན་ལ་ཟུར་ཐིག་གཉིས་པ་གདབ་སྟེ། དཀྱིལ་འཁོར་སྤྱི་ལས་འབྱུང་བ་ལྟར། སློབ་དཔོན་དབང་ལྡན་དུ་མི་འགྲོ་ཞིང་སློབ་མ་མེ་མཚམས་མི་འགྲོ་བའི་སྒོ་ནས་ཡེ་ཐིག་འཁྲུལ་མང་དུ་བཏབ་ལ། དེ་ནས་སློབ་དཔོན་ནུབ་སྒོར་ཕྱིན་ནས་རྡོ་རྗེ་གཙུག་གཏོར་གྱི་ཕྱག་རྒྱ་བཅས་ནས། ཨོཾ་བཛྲ་བཻ་ག་ཀྲ་མ་ཧཱུཾ་ཞེས་བརྗོད་པའི་ཡེ་ཐིག་ནམ་མཁར་བཏེག་ལ། དཀྱིལ་འཁོར་གྱི་དབུས་སུ་འཁོད་དེ་རྡོ་རྗེ་རིགས་ཀྱི་ཁྲོ་བོའི་ང་རྒྱལ་དང་ལྡན་པས། མིག་གཉིས་ཧྲི་ལས་ཉི་མ་དང་ཟླ་བ། མིག་འབྲས་ཧཱུཾ་ལས་ཁྲོ་བོའི་རྡོ་རྗེར་མོས་ལ། ཀྲོ་དྷ་ཏིཥྛ་ཧྲཱིཿ ཞེས་བརྗོད་ལ་སྒོ་བཞིར་བལྟས་པས་ཐར་པའི་སྒོའི་བར་ཆད་བསལ་བར་བསམས་ལ། སྒོ་ཕྱི་ནང་གི་རྩ་ཐིག་དབྱེའོ། །ཡེ་ཤེས་ཀྱི་ཐིག་གིས་བྱིན་གྱིས་རླབས་པའོ། །དེ་ནས་སློབ་དཔོན་དབུས་སུ། འདུག་ནས་གཡོན་པའི་ཁུ་ཚུར་གྱིས་ཚོན་བླངས་ལ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུཾ། ཞེས་བརྗོད་ཅིང་རྩིག་པ་རིམ་པ་ལྔ་ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་པཉྩ་རེ་ཁ་ལྔ་ལྡན་དུ་དབང་ལྡན་ནས་གཡས་བསྐོར་གྱིས་སྒོ་ཚང་གཅིག་གི་བར་དུ་བྲི། དེ་ལ་མཆོད་ནས་རིན་པོ་ཆེའི་སྣོད་བཀབ་ལ་སྟེང་དུ་རྡོ་རྗེ་བཞག་ལ་བསྲུང༌། ཕྱིས་སྦྲེལ་རན་པ་དང་སྣོད་བསལ་ལ། ངན་ན་ཕྱིར་བཟློག་བྱ། བཟང་ན་སྤྲོ་བ་བསྐྱེད་དོ། །དེ་ནས་སློབ་མ་སོགས་ཀྱིས་


TNT13_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་སྟེ། ནང་གི་པདྨ་འདབ་བརྒྱད། ཕྱོགས་བཞི་དམར་ལ་མེ་རླུང་སེར། །དབང་ལྡན་སྔོ་ལ་བདེན་བྲལ་ལྗང༌། ཞེས་སོགས་ཀྱི་ལུགས་ལྟར་བྲིས་ལ། དབུས་སུ་ལྷ་མཚན་རྡོ་རྗེ་སྔོན་པོ། ཤར་དུ་དཔལ་བེའུ་དཀར་པོ། ལྷོར་པདྨ་དམར་པོ། ནུབ་ཏུ་གདུགས་སྔོན་པོ། བྱང་དུ་དུང་ལྗང་གུ། ཤར་ལྷོར་འཁོར་ལོ་དཀར་པོ། ལྷོ་ནུབ་ཏུ་རྒྱལ་མཚན་སྔོ་སྐྱ། ནུབ་བྱང་དུ་བུམ་པ་དམར་སྐྱ། བྱང་ཤར་དུ་གསེར་ཉ་ལྗང་གུ་སྟེ་ལྷ་སོ་སོའི་ཁ་དོག་མཚོན་པར་བྱ་བའི་ཕྱིའི་མུ་ཁྱུད་རྡོ་རྗེའི་གདུང་ཟླུམ་སྔོན་པོ་ལ་རྡོ་རྗེ་སེར་པོས་མཚན་པ་བྲི། དཀྱིལ་འཁོར་ཕྱོགས་མདོག །འདོད་ཡོན་དམར་པོ་ཕ་གུ་སེར། དྲ་ཕྱེད་གཞི་སྔོན་པོ་ལ་ཕྲེང་བ་ཅི་མཛེས། མདའ་ཡབ་དང་པུ་ཤུ་ཁྲ་བོ། རྟ་བབས་ཀྱི་ཀ་བ་ཕྱོགས་མདོག །ཀ་རྒྱན་མཛེས་ཚོན་རྟ་བབས་ཀྱི་སྣམ་བུ་དང་པོ་དམར་པོ། གཉིས་པ་སྔོན་པོ། གསུམ་པ་ལྗང་ཁུ། བཞི་པ་སེར་པོ། གླང་པོའི་རྒྱབ་ཀྱི་ནང་སྔོན་པོ་ལ་དྲ་ཕྱེད་སྣ་ཚོགས། པདྨ་དཀར་དམར། ཆོས་འཁོར་སེར་པོ། གདུགས་སྣ་ཚོགས། རྡོ་རྗེའི་རྭ་རྣམས་ཕྱོགས་མདོག །ཁྱམས་ལྗང་ཁུ། ཁོར་ཡུག་གི་པདྨ་ཁ་དོག་སྣ་ཚོགས། རྡོ་རྗེའི་གཞི་སྔོན་པོ་ལ་རྡོ་རྗེ་སེར་པོ་དེའི་ཕྱི་རོལ་མེ་རི་ཁ་དོག་སྣ་ཚོགས་པ་བྲི་སྟེ། དེ་ལྟར་བྲི་བ་རྣམས་ཚར་པ་དང༌། ཐིག་ཚོན་གྱི་ལྷ་ལ་མཆོད་བསྟོད་བྱས་ནས་གཤེགས་སུ་གསོལ་བ་ནི་ཚོན་གྱིས་བྲྀ་བ་སྟེ་དཀྱིལ་འཁོར་བྲྀ་བའི་ཆོ་གའོ། །གཉིས་པ་དཀྱིལ་འཁོར་བསྒྲུབ་པ་ནི། བུམ་པ་འབུལ་བ་སྔོན་དུ་སོང་ནས། རྡུལ་ཚོན་གྱི་མཐར་དྲི་བཟང་པོས་སྦགས་པའི་ཏིལ་དཀར་པོའི་མར་ཁུས་ཁོ་ར་ཁོར་ཡུག་ཏུ་ཕྱེ་མ་མེད་པར་བྱུགས་ལ། མཐའ་


TNT13_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་དུ་མཆོད་པ་དང་གཏོར་མ་དང་འོག་ཏུ་དགོས་པའི་བུམ་པ་ལ་སོགས་པ་རྣམས་ཀྱང་ཚང་བར་བཤམས། དེ་ནས་དཔོན་སློབ་རྣམས་སྟན་ལ་འཁོད་དེ་མཆོད་པ་བྱིན་རླབས་དང༌། སྐྱབས་འགྲོ་ནས་བརྩམས་ཏེ་བདག་བསྐྱེད་རྫོགས་པར་བྱ། བུམ་པ་བཟླ་བ་ནི་སྟ་གོན་གྱི་སྐབས་སུ་བསྒྲུབས་ཟིན་པས་ནུབ་དང་པོ་ལ་མི་དགོས་ལ། སྒྲུབ་མཆོད་སྦྲེལ་མར་བྱེད་ན་འདིའི་སྐབས་སུ་བྱ་ཞིང༌། དེ་ནས་མདུན་བསྐྱེད་སྒྲུབ་པའི་ཕྱིར། རྡུལ་ཚོན་གྱི་དཀྱིལ་འཁོར་བསངས་སྦྱངས་ནས་བརྩམས་ཏེ། བདག་གཙོ་བོ་དང་ཐ་མི་དད་ཀྱི་བར་བྱས། གནས་གསུམ་བྱིན་གྱི་རླབས་པ་དང་གཤེགས་སུ་གསོལ་བའི་ཡེ་ཤེས་སེམས་དཔའི་ངོ་བོར་བསམ། མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ་མཆོད་པ་ལྔས་མཆོད། དམ་ཚིག་གི་ཕྱག་རྒྱས་མཉེས་པར་བྱས་ནས་རང་ལ་ཐིམ་པས། ལྷ་དགུ་སོ་སོའི་ཐུགས་ཀར་པད་ཟླའི་སྟེང་དུ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་མཚོན་གང་པ་རེ་བསམ། དེ་དག་གི་ཐུགས་ཀར་ཡང་པད་ཟླའི་སྟེང་དུ་རང་རང་གི་གཟུངས་སྔགས་ཀྱི་ཕྲེང་བ་སྦྲུལ་འཁྱིལ་བ་ལྟ་བུ་དེ་ལས་འཕྲོས་པའི་འོད་ཟེར་གྱི་སྤྲོ་བསྡུས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བྱང་བར་བསམ་ཞིང༌། གཙོ་བོ་ལ་ཀཱཾ་ཀ་ནི་དང༌། འཁོར་རྣམས་ལ་རང་རང་གི་སྔགས་ཅི་ནུས་བཟླས་པའི་མཐར། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་གཤེགས་གསོལ་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བཅོམ་ལྡན་


TNT13_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཐུགས་རྗེའི་བདག་པོ་མི་འཁྲུགས་པའི་ལྷ་ཚོགས་འཁོར་དང་བཅས་པས་བདག་སོགས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ལས་ངན་སྡིག་སྒྲིབ་ཐམས་ཅད་ཡོངས་སུ་སྦྱོང་བ་དང༌། མྱུར་དུ་འཁོར་བ་དང་ངན་སོང་ནས་འདོན་པའི་འཕྲིན་ལས་མཛོད་ཅིག །ཅེས་བརྗོད་ལ་དཀུ་གཡོན་དུ་སེ་གོལ་གཏོགས། །བདག་ཉིད་གཙོ་བོ་ལས་ཕྱེ་ནས་ཤར་སྒོར་འཁོད་དེ་མཆོད་བསྟོད་དང༌། གཏོར་མ་དང༌། བདག་འཇུག་རྣམས་ཉུང་ངུ་རྣམ་གསལ་ཉིད་ནས་འབྱུང་བ་ལྟར་རྫོགས་པར་བྱས་ལ་གྲུབ་ན་དཀྱིལ་འཁོར་མཆོད་པའི་ཕྱིར་ཞི་བའི་སྦྱིན་སྲེག་གི་ཆོ་ག་ལག་ལེན་དུ་ཚུལ་བཞིན་བྱ་སྟེ་དཀྱིལ་འཁོར་སྒྲུབ་པའོ། །གཉིས་པ་སློབ་མ་འཇུག་པའི་བྱ་བ་ནི། མཎྜལ་འབུལ་བ་ནས་བརྩམས་ཏེ་རྟོགས་བསྐྱེད་ཀྱི་བར་བདག་འཇུག་བཞིན་བྱས་ལ། མཐའ་རྟེན་གྱི་སྐབས་སུ། ཐོག་མར་ཚིགས་བཅད་དང་སྔགས་རྣམས་སྤེལ་ནས་ཁྲུས་བྱེད་དུ་གཞུག་ཅིང༌། སླར་ཡང༌། རིག་པ་འཛིན་པའི་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱཧཱ། དེ་བཞིན་དུ་སྡིག་སྒྲིབ་ཀྱི་ཚབ་ཏུ། ནད་གདོན། ཉེ་བར་འཚེ་བ། དུས་མ་ཡིན་པའི་འཆི་བ། འཁོན་དང་གྲིབ་དང་མི་གཙང་བ། བྱད་དང་བྱུར་དང་སྐལ་བ་ངན་པ། བཀྲ་མི་ཤིས་པ། མཚན་མོ་ནག་མོ། །བདུད་ཀྱི་ཞགས་པ། གཤིན་རྗེའི་ཕོ་ཉ། བགེགས་དང་ལོག་པར་འདྲེན་པའི་གནོད་པ་ཐམས་ཅད། རྒྱལ་པོ་དང་ཐེ་རང་གི་གནོད་པ། ཀླུ་དང་ས་བདག་གིས་གནོད་པ། གཟའ་དང་


TNT13_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་སྐར་གྱི་གནོད་པ། བཙན་དང་དམུའི་གནོད་པ་ཞེས་ཚན་པ་རེ་རེ་ནས་བཞུག་ཅིང་མཐར། མདོར་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱཧཱ། ཞེས་བརྗོད་ཅིང་ཁྲུས་བྱས་ལ། དེ་ནས་བྱབ་པ་ནི། རྨ་བྱའི་མདོངས་ཀྱི་དཀྱིལ་དུ་ཟླ་བ་ལ་ཧཱུཾ་གི་མཐའ་མར་གཟུངས་སྔགས་ཀྱིས་བསྐོར་བར་བསམས་ལ། དེས་སློབ་མ་རྣམས་ཀྱི་ནད་དང་སྡུག་བསྔལ་ཐམས་ཅད་བྱབས་པར་བསམ་ཞིང༌། སྔར་གྱི་ཤཱིནྟཾ་ཀུ་རུའི་ཚབ་ཏུ་ཨ་པ་ན་ཡེ་སྭཱཧཱ། ཞེས་བརྗོད་ཅིང་རྨ་བྱའི་སྒྲོས་བྱབ་བོ། །དེ་ནས་བསྲུང་བ་ནི། ལུས་ཀྱི་གནས་བདུན་ལ་སོགས་པའི་གནས་རྣམས་སུ། རྡོ་རྗེ་རྒྱ་གྲམ་རེ་བཞག་པས། རྡོ་རྗེ་དེ་ལས་རྡོ་རྗེ་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས་ནས་སློབ་མའི་ལུས་གོ་མཚམས་མེད་པའི་རྡོ་རྗེས་བསྡམས་པར་བསམ་ཞིང༌། ཨ་པ་ནའི་ཚབ་ཏུ་རཀྵ་རཀྵ། ཞེས་བརྗོད་ལ། སླར་ཡང་སློབ་མའི་མགོ་བོར་རྡོ་རྗེ་བཞག་ལ། དུས་གསུམ་བདེ་གཤེགས་རྣམས་ཀྱི་བྱིན་རླབས་དང༌། །གསང་སྔགས་རིགས་སྔགས་རྣམས་ཀྱི་ནུས་མཐུ་ཡིས། །འགྲོ་བ་འདི་ལ་བདག་གིས་བསྲུང་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཅེས་རེ་རེ་ནས་བརྗོད་པའི་མཐར། བཀྲ་ཤིས་ཀྱི་རྫས་རྣམས་བསངས་སྦྱངས་བྱིན་གྱིས་བརླབས་ཏེ། ཨོཾ་ལས་བྱུང་བའི་བཀྲ་ཤིས་ཀྱི་རྫས་བརྒྱད། སློབ་མ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་ཤིང༌། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་


TNT13_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྒྱས་པའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ལ། རྫས་རྣམས་རིམ་པ་བཞིན་དུ་སློབ་མའི་ལག་ཏུ་གཏད་དེ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡི། ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ནི་སྒྲིབ་པ་དག་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕྱག་ཏུ་ཕུལ་བ་ན་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་རླབས་པ་དེ་བཞིན་དུ་དེང་འདིར་ཡང་ཚེ་དང་ལྡན་པ་འདི་རྣམས་མེ་ལོང་གི་རྫས་ལ་བརྟེན་ནས་བཀྲ་ཤིས་པར་གྱུར་ཅིག །དེ་བཞིན་དུ་འོག་མ་རྣམས་ལ་ཡང་འདྲ་བར་བྱས་ལ། གི་ཧཾ་ཐོགས་ལ། གི་ཧཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ནད་ཀུན་ཞི་བྱེད་ཤོག །སྔོན་བཅོམ་ལྡན་འདས་ལ་གླང་པོ་ཆེས་སྲུངས་ཀྱིས་གི་ཧཾ་ཕྱག་ཏུ་ཕུལ་བ་ན། སོགས་ཀྱིས་སྦྱིན། ཞོ་ཐོགས་ཏེ། ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་ལེགས་རྟོགས་ནས། །ཡོན་ཏན་ཀུན་གྱིས་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བར་ཤོག །སྔོན་བཅོམ་ལྡན་འདས་ལ་ཞིང་བའི་བུ་མོ་ལེགས་སྐྱེས་མས་ཞོ་ཕྱག་ཏུ་ཕུལ་བ་ན། སོགས་ཀྱིས་སྦྱིན། དུར་བ་ཐོགས་ལ། དུར་བས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ཡང་འཕེལ་བར་ཤོག །སྔོན་བཅོམ་ལྡན་འདས་ལ་རྩྭ་འཚོང་ཁྱེའུ་བཀྲ་ཤིས་ཀྱིས་རྩྭ་དུར་བ་ཕྱག་ཏུ་ཕུལ་བ་ན།


TNT13_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་སྦྱིན། བིལ་བ་ཐོགས་ལ། བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་གྲུབ་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་ལྷ་ཚངས་པས་ཤིང་ཐོག་བིལ་བ་ཕྱག་ཏུ་ཕུལ་བ་ན། སོགས་ཀྱིས་སྦྱིན། དུང་ཐོགས་ལ། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་འདྲེས་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག །སྔོན་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕྱག་ཏུ་ཕུལ་བ་ན། སོགས་ཀྱིས་སྦྱིན། ལི་ཁྲི་ཐོགས་ལ། ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང༌། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱོད་སྲིད་བརྟན་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་བྲམ་ཟེ་སྐར་རྒྱལ་གྱི་བུས་ལི་ཁྲི་ཕྱག་ཏུ་ཕུལ་བ་ན།སོགས་ཀྱིས་སྦྱིན། ཡུངས་ཀར་ཐོགས་ལ། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་སྟེ། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་བར་ཤོག །སྔོན་བཅོམ་ལྡན་འདས་ལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་གྲུབ་པའི་རྫས་ཡུངས་ཀར་ཕྱག་ཏུ་ཕུལ་བ་ན། བཀྲ་ཤིས་པའི་རྫས་སུ་བྱིན་གྱི་


TNT13_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་པ་དེ་བཞིན་དུ། །དེང་འདིར་ཡང་ཚེ་དང་ལྡན་པ་འདི་རྣམས་ཡུངས་ཀར་གྱི་རྫས་ལ་བརྟེན་ནས་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད་དོ། །དེ་དག་གིས་གནས་སྐབས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་བསྲུང་སྙམ་པའི་འདུན་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ་སོགས་ལན་གསུམ། གཏང་རག་གི་མཎྜལ་དང༌། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ཀྱིས། ཁྱོད་ཀྱི་སློབ་མར་གཟུང་བ་དང༌། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། ལན་གསུམ་བརྗོད་དེ། སློབ་མ་རྗེས་སུ་བཟུང་བའི་ཆོ་གའོ། །དེ་ནས་རྗེས་ཆོག་ལྟར་བཀྲ་ཤིས་ཀྱི་བར་དུ་ལེགས་པར་བསྒྲུབ་ཅིང༌། སྒྲུབ་མཆོད་ཞག་མང་པོ་བྱེད་ན། རྡུལ་ཚོན་གྱི་དཀྱིལ་འཁོར་འདི་ཉིད་ལ་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། ཞེས་སོགས་བརྗོད། ནུབ་ཐ་མ་ལ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་མཆོད་བསྟོད་བྱས་པའི་རྗེས་སུ་དངོས་གྲུབ་བླང༌། ནོངས་པ་བཟོད་པར་གསོལ། རྡུལ་ཚོན་གྱི་ལྷ་རྣམས་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གནང༌། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་འབྱོན་པར་མཛད་དུ་གསོལ། བཛྲ་མུཿ གཤེགས་སུ་གསོལ་ལ། ཆོས་ཐམས་ཅད་བདག་མེད་པའི་དོན་དྲན་པར་བྱས་ལ། རྡོ་རྗེའི་རྩེས་དབང་ལྡན་གྱི་རྩིག་པ་བཤིག་ཅིང༌། ལྷའི་གདན་ལ་སོགས་པའི་མཚན་མ་རྣམས་ཀྱང་བསྡུས་ལ་རོལ་མོ་དང་བཅས་པས་རྡུལ་ཚོན་མཐའ་ནས་


TNT13_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཕྱོགས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ། ཨདྱ་ནུད་པནྣ་ཏྭ་ད་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་བརྗོད་ལ་བུམ་པའམ་ཟ་མ་ཏོག་སོགས་སུ་རྡུལ་ཚོན་བཞུགས་སུ་གསོལ་ཞིང༌། ཐིག་རྗེས་རྣམས་དྲི་བཟང་གི་ཆུས་བྱུགས་ལ་མི་མངོན་པར་བྱ་ཞིང༌། མེ་ཏོག་སིལ་མ་གཏོར་ཏེ་བཀྲ་ཤིས་རྒྱ་ཆེར་བྱའོ། །ངན་སོང་རྒྱུན་གཅོད་ཉུང་གསལ་ཆོ་གའི་ཚུལ། །བརྒྱུད་ལྡན་གསུང་གི་བཅུད་བསྡུས་འཐོར་བ་བསྡེབས། །དེ་ཡི་ཟུར་འདེབས་གསལ་བྱེད་ཉེར་འཁོ་འདི། །འགྲོ་ལ་ཕན་པའི་བསམ་པས་འདིར་བཀོད་དོ། །འདིར་འབད་ལས་བྱུང་རབ་དཀར་དགེ་བའི་རྒྱུན། །དུང་དང་ཁ་བའི་དུམ་བུ་བརྩེགས་འདྲ་བ། །བདག་གི་རྒྱུད་ལ་ངེས་པར་ཐོབ་པ་དེས། །འགྲོ་བའི་ལས་སྒྲིབ་མུན་པ་སེལ་གྱུར་ཅིག །བཅོམ་ལྡན་འདས་མི་འཁྲུགས་པ་ལྷ་དགུའི་ཆོ་གའི་ཟུར་འདེབས་འཇུག་བདེ་རྣམ་གསལ་ཞེས་བྱ་བ་འདི་ཡང༌། བརྒྱུད་པ་གོང་མའི་གསུངས་ཐོར་བུར་གནས་པ་རྣམས་གཞན་ལ་ཕན་པའི་བློས་ཕྱོགས་གཅིག་ཏུ་སྡེབས་ཏེ། བཙུན་པ་གྲོལ་མཆོག་གིས་ཉེ་བར་བཀོད་པའོ།། །།འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག། ཤུབྷཾ་མསྟུ་སརྦ་ཛཱ་ག་ཏཾ། །ཞུས་དག། །

བཅོམ་ལྡན་འདས་མི་འཁྲུགས་པའི་སྦྱིན་སྲེག་གི་ཆོ་ག་ལས་སྒྲིབ་ཀུན་འཇོམས།


TNT13_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མི་འཁྲུགས་པའི་སྦྱིན་སྲེག་གི་ཆོ་ག་ལས་སྒྲིབ་ཀུན་འཇོམས་ཞེས་བྱ་བ་བཞུགས།


TNT13_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རབ་མཛེས་ཨིནྡྲ་ནཱི་ལའི་ལྷུན་པོ་ལྟར། །ལྟ་བས་མི་ངོམས་མཚན་དཔེའི་དཔལ་འབར་བ། །མི་འཁྲུགས་མགོན་ལ་སྤྱི་བོས་བཏུད་བྱས་ནས། །ལས་སྒྲིབ་ཀུན་སྲེག་ཆོ་ག་བཤད་ཀྱིས་ཉོན། འདིར་བཅོམ་ལྡན་འདས་མི་འཁྲུགས་པའི་བསྙེན་པ་ཡོངས་སུ་རྫོགས་ནས། སྔགས་ཀྱི་ནུས་པ་དབྱུང་ཞིང་ལྷག་ཆད་ཁ་བསྐང་བའི་ཕྱིར་ཞི་བའི་སྦྱིན་བསྲེག་བྱ་བའི་ཕྱག་ལེན་ལ། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། ཡིད་དང་མཐུན་ཞིང་དབེན་པའི་གནས་སུ་གཟའ་ཚེས་འཛོམས་པའི་དུས་ལ། སྔར་ས་ཆོག་མ་བྱས་ན་ངེས་པར་བྱེད་དགོས་ལ། དེའི་ཚུལ་ནི་ཆོ་གའི་ཟུར་འདེབས་འཇུག་བདེ་རྣམ་གསལ་དུ་བཤད་པ་ལྟར་ཡིན་ཞིང༌། སྔར་དཀྱིལ་འཁོར་གྱི་ཁང་པ་རྙིང་པ་རྣམས་སུ་ཡིན་ན་ཕྱགས་བདར་དང་རྐྱང་ནུལ་བྱ། དང་པོ་ཚངས་ཟུར་གྱི་ཐིག་གདབ། ཚངས་ཐིག་དབུས་ནས་སོར་བཅུ་གཉིས་ཀྱི་


TNT13_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ཀྱིས་ཟླུམ་པོར་བསྐོར། དེ་ནས་སོར་བཞི་བཀྱེད་ནས་ཟླུམ་པོར་བསྐོར་བ་མུ་རན། ཡང་སོར་བཞི་བཀྱེད་ནས་བསྐོར་བ་ཁ་ཁྱེར། དེའི་སྟེང་དུ་ལོགས་ཐིག་གྲུ་བཞིར་གདབ་སྟེ། དེའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ། ཁ་ཁྱེར་ལ་རྡོ་རྗེ་རྩེ་གསུམ་པའི་ཕྲེང་བ་བྲི། ནང་གི་ཟླུམ་པོ་ཁེངས་པར་པདྨའི་གཅུས་ཐིག་གདབ། དེ་ཡང་ལྟེ་བ་གསུམ་ཆ། འདབ་མ་གསུམ་གཉིས་སུ་བྱས་པའི་ལྟེ་བ་དང་འདབ་མ་བརྒྱད་ལ་ལྷའི་ཁ་དོག་དང་མཐུན་པའི་ཐིག་ལེ་བཀོད། གནགས་ཀྱི་ལྕི་སྐམ་སྲོག་ཆགས་མེད་པས་ཐབ་ཀྱི་ཟླུམ་བསྐོར་དང་མཐུན་པར་རྒྱར་ཁྲུ་གང༌། ཟབས་སུ་ཁྲུ་ཕྱེད་དེའི་ཤར་ལྷོར་མེ་ཚང་འཆའ། མཆོད་རྫས་ནི་རང་གི་གཡོན། ཐབ་ཀྱི་གཡས་སུ་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་མཆོད་ལྔ། མེ་ལྷའི་གཏོར་མ་དང་བཅས་པ་ལེགས་པར་བཤམས། བསྲེག་རྫས་ནི་རང་གི་གཡས་ཐབ་ཀྱི་གཡོན་དུ་ཐོག་མར་ཡམ་ཤིང༌། དེ་ནས་མར།


TNT13_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཏིལ་ནག །ཟས་མཆོག །མ་བཙོས་མ་གྲུགས་པའི་འབྲས། སོ་བ། ནས། སྲན་མ། གྲོ། དུར་བའི་མྱུ་གུ། ཀུ་ཤའོ། །དེ་ལ་ཡམ་ཤིང་ནི། འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བ། སྦོམས་སུ་མཐེ་བོང་ངམ་མཐེའུ་ཆུང་གི་ཚད། སྲིད་དུ་ཁྲུ་གང་ངམ་ཁུ་ཚུར་གཉིས་བཅངས་པའི་ཚད། ཕན་ཚུན་རིང་ཐུང་མཉམ་པ། གས་ཆག་དང་རྨ་མེད་པ། རྒྱུ་མ་རུལ་བ། ངོ་བོ་མ་འཁྱོགས་པ། དེའི་རྩེ་མོ་གཉིས་མར་རམ། སྦྲང་ངམ། འོ་མ་ལ་སོགས་པས་ལེགས་པར་བྱུགས་པ་དང༌། གཞན་ཡང་ཡམ་ཤིང་ཁྲུ་ཕྱེད་དང་དོ་པ་རས་ཀྱི་དཀྲིས་པ་མར་ལ་སྦགས་པའི་གཅེད་འདེ་དང༌། འཆེད་སླ་བའི་རྩ་སྐམ་པོ་དང༌། རླུང་གཡབ་དང༌། འཕྲལ་ལ་དགོས་པའི་བུད་ཤིང་དང༌། ཀུ་ཤའི་ཆུན་པོ་བརྒྱད་དང་བཅས་པ་ལེགས་པར་བཤམ། རང་གི་མདུན་དུ་སྟེགས་བུའི་སྟེང་དུ་བསང་ཆུ་ཀུ་ཤའི་འཐོར་ཡབ་དང་བཅས་པ། དེའི་རྩ་བར་རྡོ་རྗེ་དྲིལ་བུ། དེ་གཉིས་ཀྱི་བར་དུ་གཟར་བུ་གཉིས་ཁ་སྦྱར་ལ་བཞག་གོ །དེ་ནས་སྒྲུབ་པ་པོས་རྒྱན་དཀར་པོ་བརྒྱན་པ། ཞི་བའི་བསམས་པས་གདན་ནང་ཚངས་ཅན་གྱི་སྟེང་དུ་ཙོག་བུའམ། སྐྱིལ་ཀྲུང་གིས་ཁ་ཤར་ཕྱོགས་སུ་ཕྱོགས་པས་འདུག་སྟེ། བདག་བསྐྱེད་བཟླས་པ་དང་བཅས་པའི་བར་དུ་བྱས་ལ། སྦྱིན་སྲེག་ལ་འཇུག་སྟེ་སྦྱོར་བའོ། །གཉིས་པ་དངོས་གཞི་ལ་བཞི་ལས། དང་པོ་ཐབ་དང་ཡོ་བྱད་བྱིན་གྱིས་བརླབས་པའི་ཐོག་མར་བསང་ཆུ་བསྒྲུབ་པ་ནི། ཀུ་ཤའི་རྩེས་བསང་ཆུ་ལ་གཏོར་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཤཾ་ལས་


TNT13_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་དུང་ཕོར་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བའི་བསང་བའི་ཆུ་དྭངས་ཤིང་ཐོགས་པ་མེད་པ་རྫས་ཐམས་ཅད་ཀྱི་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་ཅི་ནུས་བཟླས་པའི་མཐར་ཧཱུཾ་རིང་པོར་བདུན་ནམ་ཉེར་གཅིག་བརྗོད་ལ། མེ་སྦར་བ་ནི་ཆོ་ག་བྱང་ཞིང་བློ་འཁོབས་ཆེ་ན་འདིར་དངོས་སུ་སྦར། ཆུང་ན་འདིར་ཏིང་ངེ་འཛིན་གྱིས་སྦར། བྱོན་ཟན་འབུལ་གོང་ངམ། ཐབ་བསྐྱེད་ཚར་བའི་རྗེས་ལ་དངོས་སུ་སྦར་རོ། །དེ་ནས་ལག་པ་གཡས་པས་གཡས་བསྐོར་གྱིས་རིམ་པ་བཞིན། དང་པོ་མཆོད་རྫས་རྣམས་ལ་བསང་ཆུ་གཏོར་ཏེ་བསངས་སྦྱངས་བྱིན་གྱིས་བརླབས། དེ་ནས་ཡང་བསྲེག་རྫས་རྣམས་ལ་བསང་ཆུ་གཏོར་ཏེ། བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ཞུ་བ་ལས་བྱུང་བའི་བསྲེག་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཞི་བའི་ལས་འགྲུབ་པར་ནུས་པ་དང་ལྡན་པར་གྱུར། ཞེས་བརྗོད་ལ། རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་གཉིས་བཤིབས་པ་ཆོས་འབྱུང་གི་ཕྱག་རྒྱ་བཅས་ལ། ཨོཾ་ཨ་སྭཱཧཱས་ཡམ་ཤིང༌། ཨོཾ་ཤྲཱི་སྭཱཧཱས་མར། ཨོཾ་ཛིཾ་སྭཱཧཱས་འབྲུ་རྣམས་དང༌། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱས་དེ་ལས་གཞན་པའི་རྫས་ཐམས་ཅད་སྦྱང་ཞིང་བྱིན་གྱིས་བརླབས་སོ། །དེ་ནས་ཐབ་ལ་སྔར་བཞིན་བསང་ཆུ་གཏོར་ལ། བསངས་སྦྱངས། སྟོང་པའི་ངང་ལས་བཾ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ། རྒྱར་ཁྲུ་གང་བ། ཟབས་སུ་ཁྲུ་ཕྱེད་པ།


TNT13_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཁྱེར་དང་མུ་རན་སོར་བཞི་པ་ལ་རྡོ་རྗེ་ཕྲེང་བས་ཟླུམ་པོར་བསྐོར་བ། ཕྱི་རོལ་དུ་སྟེགས་བུ་གྲུ་བཞི་པའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་ཐོགས་པ་མེད་པ། ནང་ལྷ་རྫས་ཀྱི་བུད་ཤིང་གིས་ཡོངས་སུ་གང་བར་གྱུར། དེ་ནས་མེ་གྲུབ་པ་ནི་བྲམ་ཟེའི་རྒྱུན་བཞག་གམ། མར་མེ་ལ་སྔར་གྱི་གཅད་འདེ་སྦལ་ལག་གཉིས་ཆར་གྱིས་བཟུང། ཀཱཾ་ཀ་ནི། བཟླ་ཞིང་ཐབ་ལ་གཡས་སུ་ལན་གསུམ་བསྐོར་ལ་མེ་ཚང་དུ་བཅུག་སྟེ། ཨོཾ་བཛྲ་ཛྭ་ལ་རཾ་སྭཱཧཱ། ཞེས་བརྗོད་ལ། རྩྭ་སྐམ་ཅུང་ཟད་བཅུག །ཡང་སྔགས་དེ་ཉིད་བརྗོད་ཅིང་མར་བླུགས་གཟར་གསུམ་གྱིས་མེ་བུས་སོ། །རླུང་གཡབ་ཀྱིས་ཅུང་ཟད་གཡབ་མེ་ལེགས་པར་སྦར་ཏེ། གཉིས་པ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། འབར་བའི་མེ་ནང་གི་དབུས་སུ་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གསལ་བཏབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་རཾ་ཡིག་ལས་བྱུང་བའི་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་བར་བསམས། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ས་མ་ཛཿ ཞེས་བརྗོད། ལག་པ་གཡས་པ་མཆོག་སྦྱིན་བྱས་པའི་མཐེ་བོང་གུང་མོའི་རྩ་བར་གཏད་མཛུབ་མོ་གུང་མོའི་རྒྱབ་ཏུ་སྦྱར་བ་དབྱུག་གུ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་ནས་གཡབ། ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །


TNT13_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ཐམས་ཅད་གྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣེ་ཡེ། མཧཱ་ཏེ་ཛ། སརྦ་ཀརྨ་པྲ་སྭ་དྷ་ཀ་མ་ཧཱ་བྷུ་ཏ། དེ་བི་རི་ཥི་དྷ་ཛ་བ་ཏོ། །མ་གྷ་ཧི་ཏ་ཨ་ཧཱུཾ་རེ། ཨ་ཧ་ར། ཨསྨིནྶ་ནི་ཧི་ཏོ་བྷ་ཝ། ཞེས་པས་སྤྱན་དྲངས་ལ། ཐབ་ཀྱི་ཤར་ལྷོར་བྱོན་པ་ལ་མེ་ཏོག་ཕུལ་ལ། ཨོཾ་པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་པས་ཐབ་ནང་གི་གདན་ལ་བཞུགས་པར་བློས་དམིགས་ལ། སྔར་གྱི། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། མེ་ལྷ་དམར་པོ་རྭ་སྐྱེས་ཁམ་པ་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་བགྲང་ཕྲེང་དང༌། གཡོན་རིལ་བ་སྤྱི་བླུགས་འཛིན་པ། གསུས་ཁྱིམ་ཆེ་བ། དབུ་སྐྲ་རལ་པའི་ཐོར་ཅོག་ཅན། སྨ་རའི་ཨག་ཚོམ་དང༌། ཚངས་པའི་སྐུད་པ་འཕྱང་བ། སྐུ་ལ་མདངས་དང་འོད་ཟེར་དཀར་པོ་འཕྲོ་བ། དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བའོ། །དེ་ནས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ཏེ། དམ་ལ་བཞག་པར་མོས་ལ། ཨོཾ་བཛྲ་ཨ་ན་ལ་མཧཱ་བྷུ་ཏ་ཛཱ་ལ་ཡ། སརྦ་བྷིསྨིན་ཀུ་རུ་སརྦ་དུཥྟ་ཧཱུཾ་ཕཊ། ཀྱིས་འཕྲིན་ལས་བཅོལ། དྲི་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་གྱིས་དམ་ལ་བཞག་ནས། མཆོད་པ་རྣམས་ཀྱིས་མཆོད་པར་བསམ་ལ། ཨོཾ་ཨགྣེ་ཡེ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། དེ་བཞིན་དུ་མཚན་སྔགས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མའི་བར་གྱིས་མཆོད། ཤེས་རབ་ཆེན་པོས་བདག་མེད་ཐུགས་ཆུད་ཅིང༌། །


TNT13_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་ཆེན་པོས་འགྲོ་ལ་ཡང་དག་གཟིགས། །ཐབས་ལ་མཁས་པས་དྲང་སྲོང་ཆ་ལུགས་ནི། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཚངས་དབང་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེས་སྤྲུལ་པའི་སྐུ་སྤྲུལ་པ། །རིགས་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་བའི་ཐེག་པ་ཆིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གྷནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་མཆོད་བསྟོད་བྱས་ལ། སྔར་གྱི་ཀུ་ཤའི་ཆུན་པོ་བརྒྱད་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ་དྭངས་ཤིང་ཐོགས་པ་མེད་པ། ཞི་བའི་ལས་འགྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དོ། །ཚངས་པ་ཡི་ཡང་དག་བྱེད་ཡིན། འདིས་བདག་ཅག་འཁོར་དང་བཅས་པ་ལ་གེགས་མེད་ཅིང་ལས་ཀྱི་དངོས་གྲུབ་ཀྱང་སྩལ་དུ་གསོལ། ཞེས་བརྗོད། དེ་ནས་རང་གི་མདུན་ནས་གཡས་སྐོར་གྱི་རིམ་པས། ཨོཾ་བཛྲ་སཏྭ་ཨཿ ཞེས་


TNT13_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཅིང་ཐབ་ཀྱི་ཕྱོགས་མཚམས་བརྒྱད་དུ་སྔ་མ་སྔ་མའི་རྩེ་མོ་ཕྱི་མ་ཕྱི་མའི་རྩ་བས་ནོན་པར་བཀྲམ་མོ། །དེ་ནས་བྱོན་ཟན་འབུལ་བ་ནི་འོག་འདས་པའི་མེ་ལྷའི་སྐབས་སུ་འཆད་པ་ལྟར་ཤེས་པར་བྱའོ། །འདིར་མེ་བཀྲ་བརྟག་པ་མདོར་བསྡུས་པ་ནི། ཁ་དོག་དཀར་ཞིང་སྣུམ་པ་དུ་བ་ཆུང་ཞིང་བུང་བ་ལྟ་བུའི་སྒྲ་སྙན་ཅུང་ཟད་དང་བཅས་པ་ནི་ཞི་བ་ལ་བཟང་ལ། དུ་བ་ཆེ་ཞིང་མེ་སྟག་འཕྲོ་བ་མེ་ལྕེ་འཆད་པ་དྲི་མི་ཞིམ་པ་ནི་ངན་པས་བསང་ཆུ་གཏོར། ཨོཾ་ཨ་མྲྀ་ཏ་ཏེ་ཧཱུཾ་ཕཊ་ཅེས་དང༌། ཧཱུཾ་རིང་པོ་བརྗོད་པས་བགེགས་བསྲུང་ངོ༌། །དེ་ནས་བསྲེག་རྫས་རྣམས་ལྷ་སྔགས། རྫས་སྔགས། ལས་སྔགས་གསུམ་སྤེལ་ཚིག་དང་བཅས་པས་འབུལ་ཏེ། རྫས་སྔགས་ནི། ཨོཾ་བོ་དྷི་བྲི་ཀྵ་ཡེ་སྭཱ་ཧཱས་ཡམ་ཤིང༌། ཨོཾ་ཨགྣི་ཡེ་སྭཱ་ཧཱས་མར། ཨོཾ་སརྦ་པ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱས་ཏིལ། ཨོཾ་སརྦ་སཾ་བོ་དྷ་ཡེ་སྭཱ་ཧཱས་ཟས་མཆོག །ཨོཾ་བཛྲ་པུཥྛ་ཡེ་སྭཱ་ཧཱས་འབྲས། ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱས་སོ་བ། ཨོཾ་མཧཱ་བྷེ་ག་ཡེ་སྭཱ་ཧཱས་ནས། ཨོཾ་མཧཱ་བཱ་ལ་ཡེ་སྭཱ་ཧཱས་སྲན་མ། ཨོཾ་བཛྲེ་གྷསྨ་རི་ཡེ་སྭཱ་ཧཱས་གྲོ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱས་དུར་བའི་མྱུ་གུ། ཨོཾ་ཨ་པྲ་ཏཱི་ཧཱ་ཏ་བཛྲ་ཡེ་སྭཱ་ཧཱས་ཀུན་ཤའི་སྔགས་སོ། །དེ་ལ་རྒྱས་པར་ན། ལྷ་སྔགས་རྫས་སྔགས་ལས་སྔགས་གསུམ་ཚང་བ་ཉིད་ཡིན་ལ། ཡང་མྱུར་བར་འདོད་ན་ཐོག་མར་ལྷ་སྔགས་ཅི་རིགས་བརྗོད་ལ། བར་དུ་རྫས་སྔགས་ཉིད་ལ་གྲངས་ཀྱི་ཚད་འཛིན་ཞིང༌། མཐར་ལས་སྔགས་ཀྱང་ཅི་རིགས་བཤམ་བུར་བཏགས་པས་འགྲུབ་བོ། །དེ་ལ་ཞུ་བའི་རྫས་རྣམས་ལྷའི་ཞལ་


TNT13_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སིབ་སིབ་ཕུལ་བར་བསམ། གོང་བུའི་རྫས་རྣམས་ཕྱག་དང༌། དུར་བ་དང་ཀུ་ཤ་དབུའི་གཙུག་ཏོར། ཡམ་ཤིང་ནི་འོད་ཀྱི་དཀྱིལ་འཁོར་དུ་འབུལ་བ་ཉིད་ཡིན་ཏེ། འབུལ་ཚུལ་དཔེར་མཚོན་ན། ཡམ་ཤིང་བྱང་ཆུབ་ཀྱི་ཤིང་དུ་མོས་ལ། ཨོཾ་ཨགྣ་ཡེ་བོ་དྷི་པྲྀ་ཀྵ་ཡེ་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱཧཱ། ཞེས་བརྗོད་ཀུ་ཤའི་བར་ཀུན་ལ་རིགས་འགྲེ། དེ་ནས་མེ་ལྷ་ལ་བསང་ཆུ་གཏོར་ཞིང༌། ཨོཾ་ཨརྒྷཾ་སྭཱཧཱ་ཞེས་མཆོད་ཡོན་ཕུལ་ཏེ་མར་བླུག་གཟར་གང་ཐབ་ཏུ་བླུགས་ལ། ཨོཾ་བཛྲ་ཛྭ་ལ་རཾ་ཞེས་བརྗོད་པས། མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་ལ། གསུམ་པ་འཇིག་རྟེན་ལས་འདས་པའི་ལྷ་མཆོད་པ་ལ། སླར་ཡང་མེ་དེ་ཉིད། ཨ་མྲྀ་ཏས་བསངས། སྭབྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་འབར་བའི་མེ་ནང་དུ་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་གླང་པོ་ཆེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན། ཕྱོགས་དང་མཚམས་ཀྱི་འདབ་མ་རྣམས་ལ་ཟླ་བའི་གདན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་མི་འཁྲུགས་པ་འཁོར་དང་བཅས་པ་སྤྱན་དྲངས་བར་བསམས་ནས། རྡོ་རྗེ་བསྡུ་བའི་སྔགས་དང་ཕྱག་རྒྱས། དད་པ་དང་ནི་དམ་ཚིག་གིས། ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང༌། །མཆོད་པས་བདག་ལ་དགེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་


TNT13_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ཨཀྵོ་བྷྱ་ས་པཱ་རི་ཝཱ་ར་ཨེ་ཧྱ་ཧི། ཞེས་པས་སྤྱན་དྲངས་ཞིང༌། སྤྱན་དྲངས་པའི་མི་འཁྲུགས་པ་འཁོར་བཅས་ཐབ་ནང་དུ་བྱོན་པར་བསམ་ནས། དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་མི་འཁྲུགས་པ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་སྔོ་བ༴ ཞེས་པ་ནས། རྡོ་རྗེ་སྐྱིལ་ཀྲུང་གི་བཞུགས་པའོ། །ཞེས་པའི་བར་གྱིས་གཙོ་བོ་གསལ་བཏབ། ཤར་དུ་ལྷ་མོ་པདྨ་ཅན༴ ཞེས་པ་ནས། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའོ། །ཞེས་པས་ལྷ་མོ་རྣམས་གསལ་བཏབ། དམ་ཚིག་གི་ཕྱག་རྒྱ་བསྟན་པས་མཉེས་པར་བསམས་ལ། མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་ལྷ་དགུའི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་གཅིག་པ་དབུས་རྭ་སྦུབས་ཅན་དུ་གནས་པ་དགང་བླུགས་ཀྱི་ཁ་ལ་རཾ་བསམས་ནས། གཟར་བུ་གཉིས་པུས་མོ་གཉིས་ཀྱི་བར་དུ་བཅུག་སྟེ། བྱང་ཆུབ་མཆོག་གི་ཕྱག་རྒྱས་བཟུང་ལ། ཀཱཾ་ཀ་ནི་ལན་གསུམ་དང༌། ལྷ་མོ་བརྒྱད་ཀྱི་སྔགས་སོ་སོ་རྣམས་ལན་རེ་བརྗོད་པའི་མཐར། ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་བརྗོདཅིང༌། བླུགས་གཟར་གྱིས་དགང་གཟར་བཀང་ལ། གཟར་བུ་གཉིས་ཁ་སྦྱར་ཏེ་ཐབས་ལ་གཡས་སུ་བསྐོར་ལ། བཅོམ་ལྡན་འདས་འཁོར་དང་བཅས་པའི་ཞལ་དུ་ཕུལ་བར་བསམ་ལ། ཨོཾ་ཨགྣ་ཡེ་བིདྷྱ་བིདྷྱ་བི་ཤུདྡྷེ་མཧཱ་ཤྲཱི་ཧ་བྱ་ཀ་བྱ། བྷ་ཧ་ཡ་ན་ཡ་ཞེས་པའི་མཐར། བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱཧཱ། བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་བྱོན་


TNT13_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཟན་ཕུལ་ལ། སླར་ཡང་མཆོད་པ་རྣམས་བྱིན་གྱིས་བརླབས་ནས། ཐལ་མོ་སྦྱར་ཏེ། ཐུགས་ཀྱི་དབང་ཕྱུག་ཆོས་དབྱིངས་ཡེ་ཤེས་དངོས། །བཅོམ་ལྡན་མི་འཁྲུགས་མགོན་པོ་འཁོར་བཅས་རྣམས། །ལྷ་རྫས་དམ་པའི་མཆོད་ཡོན་འདི་བཞེས་ལ། །བདག་དང་འགྲོ་ལ་དངོས་གྲུབ་སྩལ་དུ་གསོལ། ཧཱུཾ་བཛྲ་ཨཀྵོ་བྷྱ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཤཾ་མངྒ་ལ་ཤྲཱི་བཏྶ་ཡེ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པཾ་མངྒ་ལ་པདྨ་ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། ཚཾ་མངྒ་ལ་ཚ་ཏྲཾ་ག་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཤཾ་མངྒ་ལ་ཤཾ་ཁ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཙཾ་མངྒ་ལ་ཙཀྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དྷཱཾ་མངྒ་ལ་དྷཱ་ཛ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཀཾ་མངྒ་ལ་ཀ་ལ་ཤ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། མཾ་མངྒ་ལ་མཏྶཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་བརྗོད་ཅིང་པད་སྐོར་སྔོན་དུ་འགྲོ་བའི་ཕྱག་རྒྱ་བཅས་ལ། ལྷ་རེ་རེ་བཞིན་དབུལ། དེ་བཞིན་དུ་ཚིགས་བཅད་དང་སྔགས་གོང་འོག་ཐམས་ཅད་འདྲ་བར་བྱས་ལ། ལྷ་རྫས་དམ་པའི་མེ་ཏོག་དང༌། པུཥྤེ། བདུག་སྤོས་དང༌། དྷུ་པེ་སྣང་གསལ་དང༌། ཨཱ་ལོ་ཀེ །དྲི་ཆབ་དང༌། གནྡྷེ། ཞལ་ཟས་དང༌། ནེ་ཝི་དྱ། རོལ་མོ་དང༌། ཤཔྟ། ཞེས་ལྷ་རེ་རེ་བཞིན་ཕུལ་བའི་མཐར་རོལ་མོ་ཇི་སྙེད་པའི་སྒྲ་བྱ་ཞིང༌། དྷརྨ་ར་ཎ་ལ་སོགས་པ་བརྗོད། དེ་ནས་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། འདོད་ཡོན་རྣམ་ལྔ་དང་བསྟོད་པའི་བར་ཆོ་གའི་གཞུང་ནས་འབྱུང་བ་ལྟར་བྱས་ལ་དེ་ནས་བསྲེག་རྫས་རྣམས་ལྷ་སྔགས་ཀྱི་རྗེས་ལ། འཇིག་རྟེན་པའི་མེ་ལྷའི་སྐབས་ལྟར་ཚར་གཅིག་ཕུལ་ནས། སླར་ཡང་གྲངས་ཀྱི་ངོ་བོ་ཏིལ་འབའ་ཞིག་ལ་འཛིན་ནོ། །དེ་ཡང་མྱུར་བར་འདོད་ན་ལྷ་སྔགས་རྫས་སྔགས་ལས་


TNT13_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་གསུམ་མམ་བཞིའམ་བདུན་ལ་སོགས་པ་ཇི་ལྟར་འོས་པའི་མཚམས་སུ་སྤེལ་ཚིག་སྦྱར་ལ་བཟུང་ངོ༌། །དེང་བར་སྐབས་སུ་ཡམ་ཤིང་དང་མར་འབུལ་ལོ། །མེའི་རྒྱུན་མ་ཆད་ཙམ་གྱི་བུད་ཤིང་ཡང་ཆུད་པར་བྱའོ། །མར་མི་ལྡུགས་པའི་དུས་སུ་གཟར་བུ་གཉིས་ཁ་སྦྱར་ལ་རྡོ་རྗེ་དྲིལ་བུའི་བར་དུ་གཞུག་གོ །དེ་ནས་སླར་ཡང་མཆོད་པ་བསངས་སྦྱངས་བྱིན་གྱིས་བརླབས་ཏེ། ཆོ་གའི་གཞུང་གི་རྗེས་ཆོག་གི་སྐབས་ལྟར་མཆོད་བསྟོད་བྱས་པའི་རྗེས་སུ་དངོས་གྲུབ་བླང༌། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་བ་དང་ཉམས་པ༴ སོགས་ཀྱིས་ནོངས་པ་བཟོད་པར་གསོལ། མཐར་མདུན་བསྐྱེད་ལ་གཤེགས་སྐྱེམས་སུ་མར་དགང་གཟར་བདུན་ཚན་གསུམ་བྱོན་ཟན་སྐབས་ལྟར་ཕུལ་ནས། ཧཱུཾ་ཁྱེད་ཀྱིས༴ སོགས་དང༌། བཛྲ་མུཿ ཐབས་ནང་གི་ཡེ་ཤེས་སེམས་དཔའ་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་ལོ། །བཞི་པ་སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་ལ། ཨོཾ་ཨགྣེ་ཛྭ་ལ་རཾ། ཞེས་བརྗོད་ཅིང་མར་བླུག་གཟར་གང་ཐབ་ཏུ་བླུག་པའི་རྐྱེན་གྱིས། མེ་ལྷ་འབར་བའི་རྣམ་པ་ལས། སྐད་ཅིག་གིས་རང་གི་གཟུགས་སུ་བྱོན་པར་དམིགས་ལ། ཡམ་ཤིང་ནས་ཀུ་ཤའི་བར་བསྲེག་རྫས་རྣམས་ཇི་ལྟར་འབྱོར་བ་གསུམ་མམ་ལྔའམ་བདུན་ལ་སོགས་ཕུལ་བའི་མཐར་གོང་བཞིན་མཆོད་བསྟོད་བྱས་ནས། གཏོར་མ་བསངས་སྦྱངས་བྱིན་གྱིས་རླབས་ཏེ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། ཞེས་སོགས་བཏགས་


TNT13_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་མམ་ལྔས་གཏོར་མ་ཕུལ་ཏེ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་ལྷའི་རྒྱལ་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་འཕྲིན་ལས་བཅོལ། གཤེགས་སྐྱེམས་སུ་མར་དགང་བླུགས་བདུན་ཚན་གསུམ་ཕུལ་ནས། གོང་གི་འབར་བའི་རྣམ་པར་གྱུར་བའི་སྐབས་ལྟར་བསང་ཆུ་གཏོར། མཆོད་ཡོན་ཕུལ་ལ། སྤྱན་དྲངས་པའི་ཕྱག་རྒྱ་རྣ་བའི་ཐད་ཀར་ཕྱིར་བཀྱེད་དེ། ཨོཾ་བདག་གི་དོན་དང་གཞན་གྱི་དོན། །བསྒྲུབ་ཕྱིར་བཞུད་ཅིག་བྱིན་ཟ་ཁྱོད། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་ཡ་ཏི་གཙྪ། ཞེས་བརྗོད་པས། མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས་པར་བསམས། བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་བྱས་ལ་སྤྱོད་ལམ་ལ་འཇུག་གོ། གསུམ་པ་རྗེས་ནི་མེ་མ་ཤི་བར་དུ། གཞན་རེག་ཏུ་མི་འཇུག་ཅིང་མི་དཀྲུག །ལོང་ཡོད་ན་འོ་མའི་ཆུས་བཀྲུས་ལ་ཐལ་བ་སྣོད་གཙང་མར་བསྡུས་ཏེ། ཆུའི་ནང་ན་གནས་པའི་སྲོག་ཆགས་མང་པོ་ལ་ཕན་གདགས་པའི་ཕྱིར་རྒྱ་མཚོ་ཆེན་པོར་འབབ་པའི་ཆུར་དོར། ཐབ་ཀྱི་ཉེ་འཁོར་དྲི་ཞིམ་པོའི་ཆུས་བླུགས་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཡང་འདི་ཉིད་ཀྱི་སྒོ་ནས་རོ་བསྲེག་པའི་ཆོ་ག་བྱ་བར་འདོད་ཚུལ་གཉིས་ཏེ། དེ་ལ་རོ་མཆོག་གནས་ཀྱི་ཚུལ་དུ་སྦྱོང་བ་ནི། རང་གི་བླ་མའམ། དགེ་བའི་བཤེས་གཉེན་ཆེན་པོ་ལ་འཇིག་རྟེན་ལས་འདས་


TNT13_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མེ་ལྷ་སྤྱན་འདྲེན་པའི་ཚེ། བླ་མའམ་དགེ་བའི་བཤེས་གཉེན་ཆེན་པོ་དེ་ཉིད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་ཐ་མི་དད་པའི་བཅོམ་ལྡན་འདས་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་སྤྱན་དྲངས་ལ། བསྲེག་རྫས་རྣམས་འབུལ་བའི་ཚེ། ཡུལ་དེ་ཉིད་རང་གི་བླ་མ་ཡིན་ན། བདག་སོགས་གདུལ་བྱར་གཏོགས་པ་རྣམས་ཀྱི་ལས་ངན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ཞེས་པ་དང༌། ཆོས་འབྲེལ་མེད་པའི་དགེ་བའི་བཤེས་གཉེན་ལྟ་བུ་ལ། ཡུལ་དེ་ཉིད་ཀྱི་གདུལ་བྱར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་ལས་ངན་སྡིག་སྒྲིབ་ཐམས་ཤཱིནྟཾ་ཀུ་རུ། ཞེས་བློས་དཔྱད་ནས་འབུལ་ལོ། །གཉིས་པ་རོ་ཡོན་བདག་གི་ཚུལ་དུ་སྦྱོང་བ་ནི། ཐོག་མར་ལས་སྒྲིབ་རྣམ་སྦྱོང་གི་གཟུངས་ནས་འབྱུང་བ་ལྟར་ཀཱཾ་ཀ་ནིའི་གཟུངས་གསེར་དངུལ་ལམ། མ་འབྱོར་ན་སྣག་ཚས་བྲིས་ལ། རྟེན་དེ་ཉིད་ཀྱི་མགོ་ལ་གདགས། ཆོ་གའི་གཞུང་ནས་འབྱུང་བ་ལྟར་སྦྱང་ཁུས་བྲབ་གསུམ་སོགས་ལྷོ་སྒོའི་ཆོ་ག་ཡང་ཡང་དུ་བྱ། བསྲེག་ཆོག་དངོས་གཞིའི་ཚེ་བསྲེག་རྫས་རྣམས་བྱིན་གྱིས་རླབས་ནས། ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་དང༌། བསྲེག་རྫས་རྣམས་ཐ་མི་དད་པ་དྭངས་ཤིང་ཐོགས་པ་མེད་པ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་སྡིག་སྒྲིབ་ཐམས་ཅད་ཡོངས་སུ་སྦྱོང་བའི་ནུས་པ་དང་ལྡན་པར་གྱུར། ཞེས་དང༌། དངོས་གཞིའི་ཚེ། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཐུགས་རྗེའི་བདག་པོ་མི་འཁྲུགས་པའི་ལྷ་ཚོགས་འཁོར་དང་བཅས་པས་ཚེ་ལས་


TNT13_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ཆེ་གེ་མོ། ཞེས་བྱ་བའི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཡོངས་སུ་སྦྱོང་བ་དང༌། མྱུར་དུ་འཁོར་བ་དང་ངན་སོང་ལས་འདོན་པའི་འཕྲིན་ལས་མཛོད་ཅིག །ཅེས་བསྲེག་རྫས་རེ་རེའི་འཇུག་ཏུ་ཡང་སྦྱར་ཞིང༌། ཆོ་ག་བཞིན་བསྒྲུབས་པའི་ཆུས་རུས་པ་ཡང་ཡང་བཀྲུས་ལ་མཐར་ཚ་ཚའི་ཆོ་ག་དང༌། མཆོད་རྟེན་གྱི་ཆོ་ག་ཡང་ལག་ལེན་ལས་འབྱུང་བ་བཞིན་བསྒྲུབས་ཏེ། འགྲོ་བའི་ངན་སོང་གི་གནས་འགེགས་པའི་ཐབས་མཆོག་ཏུ་གྱུར་པ། རྒྱལ་བའི་བཀའ་ཡང་དག་པའི་ཚད་མ་ལ་ནན་ཏན་དུ་བྱ་བར་རིགས་སོ། །རྨད་བྱུང་རྒྱུད་སྡེ་ཀུན་གྱི་རྩ་བའི་མཆོག །བྱ་བའི་རྒྱུད་ཀྱི་ཤིང་རྟ་ཆེན་པོའི་སྲོལ། །ཛ་ཏཱ་རི་པའི་གཞུང་གི་རྗེས་འབྲངས་ནས། །མ་ནོར་སྦྱིན་བསྲེག་ཆོ་ག་གསལ་བར་བྱས། །འདིར་འབད་དགེ་བ་ལས་བྱུང་མེ་འོད་ཀྱིས། ཁམས་གསུམ་འཁོར་བའི་ལས་ཉོན་ཀུན་བསྲེགས་ནས། །ཆོས་དབྱིངས་རྣམ་པར་མི་རྟོག་ཐབ་ཁུང་དུ། །གཟུང་འཛིན་སྣང་བའི་འབུད་ཤིང་སྲེག་གྱུར་ཅིག །བཅོམ་ལྡན་འདས་མི་འཁྲུགས་པའི་སྦྱིན་སྲེག་གི་ཆོ་ག་ལས་སྒྲིབ་ཀུན་འཇོམས་ཞེས་བྱ་བ་འདི་ཡང༌། བརྒྱུད་པ་གོང་མའི་གསུངས་ཐོར་བུར་གནས་པ་རྣམས་གཞན་ལ་ཕན་པའི་བློས་ཕྱོགས་གཅིག་ཏུ་བསྡེབས་ཏེ་བཙུན་པ་གྲོལ་མཆོག་གིས་ཉེ་བར་བཀོད་པའོ།། །།ཞུས་དག །བཀྲ་ཤིས། །བདག་གིས་དགེ་བ་གང་བསགས་འདི་ཡིས་མཐུས། །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། །གནས་སྐབས་མཐའ་ཐུག་ཕན་བདེ་མཆོགས་སྤེལ་བའི། །བླ་ན་མེད་པའི་རྒྱུ་ཚོགས་ཉིད་གྱུར་ཅིག །ཅེས་ཨོ༏ཨུ་དགེ་བས་སྔོ་བ་འདི་མ་ཏིས་བྲིས། །

གཏོར་མ་ཆ་གསུམ་ལག་ལེན།


TNT13_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཆ་གསུམ་ལག་ལེན་བཞུགས།


TNT13_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གཏོར་མ་ཆ་གསུམ་དུ་གྲགས་པའི་ལག་ལེན་ལ། ཆོ་གའི་རིམ་པ་རྒྱས་འབྲིང་བསྡུས་གསུམ་དང༌། རྒྱུད་སྡེའི་དབྱེ་བས་བྱ་སྤྱོད་ཀྱི་ལུགས་དང་རྣལ་འབྱོར་རྒྱུད་ཀྱི་ལུགས་གཉིས་ཏེ། གསུམ་ལ་གཉིས་ཀྱིས་ཕྱེ་བས་རྒྱུད་གཞུང་ཁུངས་མ་རྣམས་ཀྱི་བསྟན་ཚོད་ལ་ཡང་རྩ་བའི་དབྱེ་བ་དྲུག་ཏུ་འབྱུང་ཞིང༌། བོད་སྔ་མ་རྣམས་ཀྱི་ལག་ལེན་ནི་མི་གཅིག་པ་མཐའ་ཡས་པའང་ཡོད་ལ། དེ་དག་ལས་སྐབས་འདིར་རྣལ་འབྱོར་རྒྱུད་ཀྱི་ལུགས་ཆོ་ག་བསྡུས་པ་ནི་འདི་ལྟར་བྱ་སྟེ། འབྲས་ཡོས་བཅས་ཤིང་ཏིལ་དང་བཅས། །འབྲས་ཆན་འབྲས་བུ་དག་དང་བཅས། །སྲན་ཆན་བཅས་ཤིང་ལ་དུ་དང༌། །སྣུམ་འཁུར་ལ་སོགས་བཟའ་བ་རྣམས། །ཞེས་གསུངས་པ་ལྟར་གྱི་རྒྱུ་ལ། གཏོར་མ་དང་པོ་དང་གཉིས་པ་ལྕོག་ཟླུམ་དཀར་གཏོར་རེ་དང༌། གསུམ་པ་བགེགས་གཏོར་དབུས་སུ་ཤུ་ལུ་གཡས་གཡོན་དུ་ཏིང་ལོ་ཆངས་བུར་བཅས་པའམ། མཐེབ་ཀྱུ་ཏིང་ལོ་ཆངས་བུ་ཅན་བྱས་ཀྱང་རུང་སྟེ། ཤ་ཆང་ལ་ཕུག་སོགས་ཀྱིས་ཀྱང་བརྒྱན་ནོ། །བདག་ཉིད་ལྷའི་ང་རྒྱལ་ལ་གནས་པས་གཏོར་མའི་ཆོ་ག་བྱ་སྟེ། ཞི་དྲག་ལ་ཁྱད་པར་མེད་དོ། །


TNT13_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཡོན་དང་བཅས་པའི་ཉེར་སྤྱོད་ལྔ་ཡང་འགྲུབ་ན་ཚར་གསུམ་བཤམ། དེ་ཙམ་མ་འགྲུབ་ན་ཚར་གཅིག་བཤམ་ལ་ཁ་གསོས་ཀྱིན་མཐར་བགེགས་གཏོར་གྱི་གཏོར་སྣོད་དུ་བླུགས་པ་ཡིན། ཤིན་ཏུ་བསྡུ་ན་མཆོད་པ་དེ་རྣམས་ཡིད་ཀྱིས་སྤྲུལ་པ་སྟེ། འོན་ཀྱང་དམིགས་པ་ལ་བརྟན་པ་ཐོབ་པ་ཡིན་ན་མ་གཏོགས། མཆོད་ཡོན་ལ་སོགས་པ་དངོས་སུ་བཤམ་དགོས་སོ། །མཆོད་པ་བྱིན་རླབས་ནི་སྤྲོ་ན་ལོགས་སུ་བྱ་ལ། བསྡུ་ན་གཏོར་མའི་བྱིན་རླབས་དང་ལྷན་ཅིག་དམིགས་པས་ཆོག་གོ །དེ་ལ་དང་པོ་ཕྱོགས་སྐྱོང་གི་གཏོར་མ་ནི། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཡཀྵ་ཧཱུཾ། རྡོ་རྗེ་མེའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་འདེབས་ཚུལ་དང༌། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨ་དྱ་ནུཏྤནྣ་ཏྭ་ཏ། ཞེས་པས་བྱིན་གྱིས་བརླབས་པའམ། ཡང་ན། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་དང༌། སྭ་བྷཱ་ཝ་དང༌། ཨ་ཀཱ་རོ་གསུམ་གྱིས་བྱིན་རླབས་བྱས་ཀྱང་རུང་སྟེ་ཕྱི་མ་འདི་བྱ་སྤྱོད་ཀྱི་དཀྱིལ་འཁོར་ལ་ཆོ་ག་རྣལ་འབྱོར་རྒྱུད་སོགས་རྒྱུད་སྡེ་གོང་མ་དང་མཐུན་རུང་དུ་བཀྲལ་བ་རྣམས་དང་སྦྱར་ན་ལེགས་སོ། །


TNT13_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མདུན་དུ་བྷྲཱུཾ་ལས་བྱུང་བའི་གཞལ་མེད་ཁང་ལྷའི་གདན་དང་བཅས་པར་གྱུར། རྡོ་རྗེས་གཡབ་ཅིང་དྲིལ་གསིལ་དང་བཅས། ཧཱུཾ་མགོན་པོ་ཀུན་གཤེགས་ཐུགས་དམ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང༌། །ཤཱཀྱའི་བསྟན་པ་བསྲུང་བ་དང༌། །བདག་ཅག་རྣམས་ལ་ཕན་བཏགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་དབང་དང་ལྡན། །ཐུགས་རྗེ་ཐབས་མཁས་ཡི་དམ་བསྐྱིལ་པོ་ཆེ། །ལྷ་དང་དྲང་སྲོང་ཡི་དྭགས་སྲིན་པོ་ཀླུ། །རིག་གཛིན་རྒྱལ་པོ་དང་ནི་གནོད་སྦྱིན་བདག །དེ་དག་སོ་སོའི་དབང་པོའི་སྐུར་སྟོན་ཞིང༌། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སུ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱི་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ད་ཤ་དི་ག་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ས་མ་ཡེ་སྭཱཧཱ། ཨེ་ཧྱེ་ཧི། ཞེས་པ་ལན་མང་དུ་བརྗོད། ཤིན་ཏུ་བསྡུ་ན། ཨོཾ་ད་ཤ་དི་ག་ལོ་ཀ་པ་ལ་ཨ་དྷི་པ་ཏི་ས་པཱ་རི་ཝ་ར་གྲྀཧྞ་དཾ་ཨརྒྷཾ་སྭཱ་ཧཱ། དེ་བཞིན་དུ་པུཥྤཾ་ནས། ཤཔྟའི་བར་གྱིས་མཆོད། ཅུང་རྒྱས་པ་ལ་དགའ་ན། ཨོཾ་ཨིནྡྲ་ཡ་སྭཱཧཱ། ཨོཾ་ཨགྣེ་ཡེ་སྭཱཧཱ། ཨོཾ་ཡ་མཱ་ཡ་སྭཱཧཱ། ཨོཾ་ནི་རི་ཏྱ་ཡ་སྭཱཧཱ། ཨོཾ་ཝ་རུ་ཎ་ཡ་སྭཱཧཱ། ཨོཾ་བཱ་ཡ་བཻ་སྭཱཧཱ། ཨོཾ་ཀུ་བེ་རཱ་ཡ་སྭཱཧཱ། ཨོཾ་ཨི་ཤཱ་ན་ཡ་སྭཱཧཱ། ཨོཾ་པྲཧྨ་ཎེ་སྭཱཧཱ། ཨོཾ་སུརྱ་ཡ་སྭཱཧཱ།


TNT13_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཙནྡྲ་ཡ་སྭཱཧཱ། ཨོཾ་བཱ་སུ་དྷ་རི་ཎྱཻ་སྭཱཧཱ། ཨོཾ་ན་གཱ་བྷྱཿསྭཱཧཱ། ཨོཾ་ཨ་སུ་ར་བྷྱཿསྭཱཧཱ། གྲྀཧྞ་དཾ་ཨརྒྷཾ་སྭཱཧཱ། ཞེས་མཆོད་ཡོན་ཕུལ་དེ་བཞིན་དུ། པུཥྤེ་ནས་ཤཔྟའི་བར་གྱིས་ཉེར་སྤྱོད་འབུལ། དེ་ནས་དྲིལ་སྟབས་དང་བཅས། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་སྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ༴ ཤར་ལྷོ་མེ་ལྷའི༴ མཆོད་ཅིང་༴ གཤིན་རྗེ་བེ་ཅོན་འཆང་པའི་ལྷ། །མ་མོའི་རྒྱལ་པོ༴ ལྷོ་ཕྱོགས༴ མཆོད་ཅིང་༴ བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི༴ ལྷོ་ནུབ༴ མཆོད་ཅིང་༴ ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི༴ ནུབ་ཕྱོགས༴ མཆོད་ཅིང་༴ རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན༴ ནུབ་བྱང་༴ མཆོད་ཅིང་༴ གནོད་སྦྱིན་ལག་ན་དབྱུག་ཐོ་ཐོགས། །ནོར་སྲུངས༴ བྱང་ཕྱོགས༴ མཆོད་ཅིང་༴ དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོ༴ བྱང་ཤར༴ མཆོད་ཅིང་༴ སྟེང་གི་ཚངས་པ་ཆེན་པོ་དང༌། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་ལྷར་བཅས་ལ། །མཆོད་ཅིང་༴ འོག་གི་ཀླུ་དང་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་དང༌། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། ཞེས་པས་བསྟོད།


TNT13_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨིནྡྲ་ཡེ་སྭཱཧཱ། ནས། ཨ་སུ་ར་བྷྱཿསྭཱཧཱ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་ས་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། གྲྀཧྞ་དཾ་བཱ་ལིཾ་ཏ་ཡེ་སྭཱཧཱ། ཞེས་པ་ལན་གསུམ་མམ་བདུན་གྱིས་གཏོར་མ་བཏབས། དེ་ནས་ཚིགས་བཅད་ཀྱིས་འབུལ་བ་ནི། དྲིལ་ཐབས་དང་བཅས། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང༌། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང༌། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང༌། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང༌། །རི་ཡི་ལྷ་དང་གསང་བའི་ཚོགས་འདུས་ལ། །སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགེས་པ་ཡིས་ནི་བཞེས་ནས་ཀྱང༌། །རང་རང་ཕྱོགས་སུ་ལེགས་པར་ཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་མདུན་དང༌། །ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །མེ་ཏོག་ཕྲེང་བ་དྲི་དང་བྱུག་པ་དང༌། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་བཞེས་ཏེ་བཏུང་ཞིང་གསོལ་ནས་སུ། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། ཅེས་སོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་འཕྲིན་ལས་གཞོལ། ཆོས་རྣམས་གང་དག་རྒྱུ་ལས་བྱང༌། །དེ་རྒྱུ་དེ་བཞིན་གཤེགས་པས་བསྟན། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་


TNT13_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་གྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སྦྱོང་དག །སྡུག་བསྔལ་ཀུན་ལས་ངེས་པར་གྲོལ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོགས་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་ཀྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཨོཾ་ད་ཤ་དི་ག་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་གཙྪ། མཆོད་པ་རྣམས་གཏོར་སྣོད་དུ་བླུག་ལ་ཕྱིར་བཏང་ངོ༌། །གཉིས་པ་འབྱུང་པོ་སྤྱིའི་གཏོར་མ་ནི། གོང་བཞིན་བྱིན་གྱིས་བརླབས་ནས། དྲིལ་ཐབས་དང་བཅས་པས་རྡོ་རྗེ་གཡབ་ཅིང༌། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་ཚོགས་རྣམས་དང༌། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་རྣམས་ལ། །བདག་གིས་པུས་མོ་ས་མ་གཙུགས་ནས་ནི། །ཐལ་ལོ་སྦྱར་ནས་ཁྱོད་ལ་གསོལ་འདེབས་ཀྱིས། །


TNT13_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

གསན་ནས་ཕན་བདག་སླད་དུ་འདིར་གཤེགས་ཤིག །ཨོཾ་ཨེ་ཧྱེ་ཧི་ལོ་ཀ་ཀ་རཱ་ཡ། སརྦ་བྷུ་ཏ་ག་ཎེ་ས་པཱ་རི་ཝཱ་ར། ས་མཱ་ཡ་སྭཱཧཱ། ཨེ་ཧྱེ་ཧི། ལན་མང་དུ་བརྗོད། ཨོཾ་སརྦ་བྷུ་ཏ་ག་ཎེ་ས་པཱ་རི་ཝཱ་ར་གྲྀཧྞ་ད་མ་ཨརྒྷཾ་ནས ཤཔྟའི་བར་གྱིས་མཆོད། སྤྲོ་ན་དྲིལ་གསིལ་དང་བཅས་པས་སྡེ་བརྒྱད་སོ་སོའི་བསྟོད་པས་བསྟོད། བསྡུ་ན། མཐུ་ལྡན་རང་གི་དམ་ཚིག་ལ་གནས་པ། །ས་ཆུ་བར་སྣང་ས་འོག་མཁའ་ལ་སྤྱོད། །འཇིག་རྟེན་རྣམས་ལ་འཕེལ་ཟད་ལས་བྱེད་པ། །སྡེ་བརྒྱད་འབྱུང་པོའི་ཚོགས་ལ་བསྟོད་པར་བགྱི། །ཨོཾ་དེ་ཝ་ནཱ་ག་ཡཀྵ་ག་ན་དྷརྦྷ་ཨ་སུ་ར་ག་རུ་ཊ་ཀིནྣ་ར་མ་ཧོ་ར་ག་མ་ནུ་ཥྱ་ཨ་ནུ་མ་ཥྱ་ས་པཱ་རི་ཝཱ་ར་ན་མཿསརྦ་སོགས་བཏགས་པ་ལན་བདུན་སོགས་ཀྱིས་གཏོར་མ་སྟབས། དེ་ནས་ཚིགས་བཅད་ཀྱིས་འབུལ་བ་ནི། འབྱུང་པོ་གང་དག་རི་རབ་སྟེང་གནས་དང༌། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང༌། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང༌། །རི་བོ་ཀུན་ལ་གང་དག་གནས་པ་དང༌། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང༌། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང༌། །མཚོ་དང་རྫིང་བུ་ལྡིངས་ཀ་ཆུ་ངོགས་དང༌། །གཡའ་ཆུ་སིལ་མ་ཅན་ན་གནས་པ་དང༌། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང༌། ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང༌། །གཙུག་ལག་ཁང་ངམ་གྲོང་ཁྱེར་གནས་དག་གམ། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་དང་ནི། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང༌། །


TNT13_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྲང་བཞི་མདོ་དག་དང་སུམ་མདོ་དང༌། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང༌། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང༌། །སེང་གེ་དྲེད་དང་གཅན་གཟན་གནས་དག་དང༌། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང༌། །གང་དག་གླིང་མཆོག་དག་ན་གནས་པ་དང༌། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགེས་ཏེ་མགུ་བར་གྱུར་ནས་སུ། །མེ་ཏོག་ཕྲེང་དང་དྲི་དང་བདུག་པ་དང༌། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་བཞེས་ཏེ་བཏུང་ཞིང་བསྣམས་ནས་སུ། །ལས་དེ་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། ཅེས་སོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ༴ སོགས་ཀྱིས་འཕྲིན་ལས་གཞོལ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་༴ སོགས་གོང་བཞིན་ནམ། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་ནི། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། ཅེས་པས་ཆོས་བཤད། ཨོཾ་སརྦ་བྷུ་ཏ་ག་ཎི་ས་པཱ་རི་ཝཱ་ར་གཙྪ། ཞེས་མཆོད་པ་གཉིས་པ་གཏོར་མ་གཉིས་པར་བཏབ་ལ་ཕྱིར་བཏང་ངོ༌། །གསུམ་པ་བགེགས་གཏོར་ནི། གོང་བཞིན་བྱིན་རླབས་བྱས་ལ། འདོད་རྒྱལ་གྱི་ཕྱག་རྒྱ་བཅས་ཏེ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ སངས་རྒྱས༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི༴ གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི༴ དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུངས་མ་ཡེ་ཤེས་


TNT13_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། བགེགས་ཀྱི་རིགས་གང་ཡོད་པ་ཐམས་ཅད་ཕན་པ་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་སྐད་ཅིག་ཐང་ཅིག་ཡུད་ཙམ་འདི་ཉིད་ལ། གཏོར་མ་ལེན་པའི་གནས་སུ་མཆིས་པར་གྱུར་ཅིག ཨོཾ་ཊཀྐི་ཧཱུཾ་ཛཿ ཨོཾ་གུང་ཀ་རི་གུང་ཀ་རི་སྭཱ་ཧཱ། ཨོཾ་པི་ཙི་པི་ཙི་སྭཱ་ཧཱ། ཨོཾ་གུང་གུང་སྭཱ་ཧཱ། གྲྀཧྞེ་དམ་ཨརྒྷཾ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། ཤཔྟའི་བར་གྱིས་མཆོད། སྔགས་གསུམ་པོ་དེའི་མཐར། ན་མཿསརྦ་སོགས་བཏགས་པ་ལན་བདུན་སོགས་ཀྱི་གཏོར་མ་བསྔོས། གང་ཞིག་མཚན་མོར་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང༌། །སྲིན་པོ་ཤ་རྗེན་ཟ་བ་དང༌། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་ཡི། །གཏོར་མ་འདི་ཡིས་མགུ་བར་བྱོས། །གནོད་པའི་བསམ་པ་ཞི་བ་དང༌། །སེམས་ཅན་ཀུན་ལ་ཕན་པའི་ཡིད། །དེ་རིང་ཕན་ཆད་སྐྱེས་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང༌། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་ནི། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་ཟས་ལ་ཀུན་ཀྱང་འདུ། །འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ། །


TNT13_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཆེན་པོའམ་ཆུང་ངུ་གང་ཡང་རུང༌། །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་རབ་ཏུ་ཕྱུང་མཛོད་ལ། །གདོན་ཁྱོད་རང་གི་གནས་སུ་དེངས། །དེ་ལྟར་བདག་གི་ཅི་ནུས་པས། །མཆོད་དང་གཏོར་མ་ཕུལ་བ་ཡིས། །དམ་ཚིག་གནས་ལ་གནས་ནས་སུ། །བདག་གིས་འདོད་པ་བསྐང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང༌། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །ནད་དེ་རབ་ཏུ་ཕྱུང་མཛོད་ལ། །གདོན་ཁྱོད་རང་གི་གནས་སུ་དེངས། ཞེས་པ་ཙམ་མམ། སྤྲོ་ན་འདི་ལྟར། བདག་གིས་དེ་རིང་ཁྱོད་མཆོད་ཀྱི། །སོང་ཅིག་བགེགས་ཆེན་འགྲོ་བར་གྱིས། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །ཁྱོད་ཀྱི་སྟོབས་དང་རྩལ་མཐོང་གི །ཁྱོད་ནི་གེགས་ཀྱང་བྱེད་པར་ནུས། ཁྱོད་ནི་ལྷ་ཡི་སྤྲུལ་པ་སྟེ། །ཁྱོད་ནི་གེགས་བྱེད་མི་ནུས་མིན། །སྔོན་ཆད་མཆོད་སྦྱིན་མ་ཐོབ་པ། །དེ་རིང་བདག་གིས་ཁྱོད་མཆོད་ཀྱིས། །མེ་ཏོག་ཕྲེང་བ་སྤོས་དང་དྲི། །མར་མེ་གཏོར་མ་འདི་ཁྱེར་ལ། །བགེགས་ཀྱི་དབང་པོ་འགྲོ་བར་གྱིས། །སྔོན་གྱི་ལན་ཆགས་ཡོད་ན་ཡང༌། །མཆོད་སྦྱིན་འདི་ཡིས་བྲལ་བར་གྱིས། །དཀོན་མཆོག་གསུམ་གྱི་མཐུ་དག་དང༌། །དམ་ཚིག་ཉམས་པའི་ཉེས་པ་ཡིས། །གནོད་པར་གྱུར་ན་མི་ལེགས་ཀྱི། །གེགས་བྱེད་ཁྱོད་ནི་ད་སོངས་ཤིག །ཅེས་བརྗོད་


TNT13_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང༌། མཆོད་པ་གཏོར་མར་བཏབ་ལ་ཕྱི་རོལ་དུ་དོར། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲིཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའམ་བདུད་རྩི་འཁྱིལ་བའི་སྔགས་རིང་ཐུང་གང་རུང་བརྗོད་ཅིང་མཚམས་བཅད་དོ། །འདི་དག་ལས་རོལ་མོའི་སྔགས་དང་འཕྲིན་ལས་བཅོལ་ལ་སྤྲོ་ན་རོལ་ཆེན་ཡང་བྱ་ལ། གང་ཞིག་མཚན་མོ་རྒྱུ་བ་ཞེས་པ་མན་ཆད་ལ་རྔ་ཚིགས་བྱེད་པའང་ཡོད་དོ། །བགེགས་གཏོར་གྱི་མཐའི་ཚམས་རྔམས་ཀྱི་སྐབས་འདིར། ལྷ་ཞི་བའི་རྣལ་འབྱོར་ཁོ་ན་ལ་གནས་པས་ཀྱང་ངེས་པར་རུང་མོད་ཀྱི། རང་ཉིད་ཞི་བར་གསལ་བ་ཡིན་ན་ཐུགས་ཀ་ནས་ཁྲོ་བོ་སྤྲོ་བ་སོགས་ཀྱི་དམིགས་པ་བྱེད་པ་འགའ་ཞིག་གི་ལག་ལེན་དུ་ཡང་སྣང་བ། རྣམ་པ་གསལ་བ་ཙམ་ཡིན་ལ། སྤྱིར་འདི་ནི་བགེགས་ལ་གཏོར་མ་སྦྱིན་པ་ཙམ་ཡིན་པ་དང༌། མཚམས་གཅོད་ཀྱང་རང་ཉིད་ལ་སྲུང་བའི་དོན་ཡིན་ཞིང༌། འདྲེ་འདུལ་བྱེད་པའི་སྐབས་མ་ཡིན་པ་གོ་བར་བྱའོ། །མཇུག་ཏུ་སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པ་བརྗོད་དོ། །དེ་ལྟར་ན་ཆ་གསུམ་གྱི་གཏོར་ཆོག་མདོར་བསྡུས་འདི་ཡང༌། སློབ་མ་བྱམས་པ་ཀུན་དགའ་ལ་སོགས་པས་བསྐུལ་བའི་ངོར། ཏཱ་ར་ནཱ་ཐས་ནགས་རྒྱལ་གྱི་དབེན་གནས་སུ་སྨྲས་པའོ།། །།བཀྲ་ཤིས། །དགེའོ། །

མངོན་པར་དགའ་བའི་ཞིང་གི་སྨོན་ལམ་མདོ་སྡེའི་དགོངས་དོན།


TNT13_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་དགའ་བའི་ཞིང་གི་སྨོན་ལམ་མདོ་སྡེའི་དགོངས་དོན་ཞེས་བྱ་བ་བཞུགས་སོ། །


TNT13_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ལྷ་ཡི་ལྷ་མཆོག་རྒྱལ་བ་ཤཱཀྱ་ཐུབ། །རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོར་བཞུགས། །དགྲ་བཅོམ་དགེ་འདུན་བྱང་ཆུབ་སེམས་དཔའི་ཚོགས། །སྲིད་གསུམ་ཆེ་དགུའི་ཚོགས་ཀྱིས་ཞབས་ལ་གཏུགས། །དེ་ཚེ་ཤཱ་རིའི་བུ་ཡིས་གསོལ་བཏབ་ནས། །འགྲོ་ལ་ཕན་ཕྱིར་ཆོས་ཀྱི་སྒྲོན་མེ་སྤར། །བདག་ཀྱང་དང་བའི་ཡིད་ཀྱིས་སྐྱབས་སུ་མཆི། །ཡང་དག་སྨོན་ལམ་འདི་དག་འགྲུབ་པར་ཤོག །འདི་ནས་ཤར་ཕྱོགས་ལོགས་སུ་སྟོང་གསུམ་སྟོང༌། །འདས་པའི་ཕ་རོལ་མངོན་པར་དགའ་བ་ཞེས། །ཡོན་ཏན་གཞལ་དུ་མེད་པའི་ཞིང་ཁམས་ཡོད། །བདག་ཅག་ཞིང་དེར་ཆོས་ལ་སྤྱོད་པ་དང༌། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇུག་པ་དང༌། །སྤྱོད་པ་མཆོག་དང་སྤྲོ་བ་ཆེན་པོ་དང༌། །སེམས་མཆོག་བསྐྱེད་དང་གོ་ཆ་བགོ་བ་དང༌། །


TNT13_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་བརྗོད་པའི་ཚུལ་ལ་འཇུག་པར་ཤོག །སྔོན་ཚེ་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོས། །ཕར་ཕྱིན་དྲུག་ལས་བརྩམས་ཏེ་ཆོས་འཁོར་བསྐོར། །དེ་ཚེ་མཆོག་ཏུ་གྱུར་བའི་དགེ་སློང་ཞིག །བྱང་ཆུབ་སྤྱོད་པ་མཆོག་ལ་དམ་བཅའ་མཛད། །གནོད་སེམས་མི་སྐྱེ་རྐྱེན་གྱིས་མི་འཁྲུགས་པས། །དེ་ནས་བརྩམས་ཏེ་རྒྱལ་སྲས་གནས་སྐབས་དང༌། །ད་ལྟ་རྒྱལ་བར་གྱུར་ཀྱང་མི་འཁྲུགས་ཞེས། །བླ་ན་མེད་པའི་མཚན་མཆོག་དོན་ལྡན་གྱུར། །བྱང་ཆུབ་སེམས་དཔའི་གནས་སྐབས་དེ་ཉིད་ལའང༌། །སྙིང་ནས་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །མགོན་པོ་ཁྱེད་ལྟར་དམ་བཅའ་སྨོན་ལམ་འདེབས། ཁྱེད་ཀྱི་མཛད་སྤྱོད་རྗེས་སུ་བདག་སློབ་ཤོག །གཡོ་སྒྱུ་མེད་ཅིང་བདེན་པས་སེམས་བསྐྱེད་ལ། ཁྲོ་དང་གནོད་སེམས་འཁྲུག་པ་ཐམས་ཅད་སྤངས། །ནམ་ཡང་ཐམས་ཅད་མཁྱེན་པའི་སེམས་མི་འབྲལ། །འདོད་པའི་


TNT13_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ལ་སོགས་ཉོན་མོངས་སྤངས། །སྲོག་གཅོད་ལ་སོགས་མི་དགེའི་སེམས་དང་བྲལ། །རྟག་ཏུ་བླ་མེད་བྱང་ཆུབ་ཡོངས་སུ་བསྔོ། །ཇི་སྐད་སྨྲས་པ་དེ་བཞིན་བགྱིད་པ་དང༌། །སངས་རྒྱས་ཡིད་བྱེད་འབྲལ་མེད་སྒོམ་པར་ཤོག །ཚེ་རབས་ཀུན་ཏུ་རབ་ཏུ་བྱུང་ནས་ཀྱང༌། །འདོད་ཆུང་ཆོག་ཤེས་སྦྱངས་པའི་ཡོན་ཏན་ལྡན། །ཆགས་པ་མེད་པའི་སྤོབས་པས་དམ་ཆོས་སྟོན། །བག་མེད་ལེ་ལོས་ཉལ་བ་ནམ་ཡང་མེད། །རྩ་ལྟུང་སྤངས་ཤིང་ཁྱིམ་གྱི་ལས་མི་བསྐྱེད། །བུད་མེད་བརྫུན་དང་གཞན་སྐྱོན་བརྗོད་པ་དང༌། །གཞན་གནོད་དཔའ་སྐོང་ལ་སོགས་མི་བགྱིད་ཅིང༌། །བདེན་དོན་སྤྱོད་ཚེ་ངན་སྤྱོད་སྤོང་བར་ཤོག །ཐ་ན་ངུར་སྨྲིག་ཚུན་ལའང་མཆོད་རྟེན་དང༌། །བློ་ལྡན་ཀུན་ལ་སྟོན་པའི་འདུ་ཤེས་བསྐྱེད། །དམ་ཆོས་ཉན་པར་བརྩོན་ཞིང་ལྷ་གཞན་སྤངས། །ཆོས་དང་ཟང་ཟིང་རྟག་ཏུ་སྙོམས་པར་གཏོང༌། །སྲོག་ལའང་མི་ལྟ་གཞན་གྱི་སྡུག་བསྔལ་སེམས། །རྨི་ལམ་དུའང་ཚུལ་ཁྲིམས་འཆལ་བ་སྤངས། །གང་ན་ཉེས་ལྟུང་སྒྲ་ཡང་མི་གྲགས་པའི། །ཞིང་མཆོག་ཡོངས་སུ་དག་པ་སྒྲུབ་པར་ཤོག །མི་འཁྲུགས་རྒྱལ་བའི་མྱུ་གུར་གྱུར་པ་ན། །རྣམ་པ་དེ་འདྲའི་སྨོན་ལམ་གོ་ཆ་མཛད། །དམ་བཅའ་འདི་འདྲ་ལྡན་པའི་རྒྱལ་སྲས་རྣམས། །བླ་མེད་བྱང་ཆུབ་ཉེ་ཞེས་རྒྱལ་བས་བསྔགས། །བདེན་པའི་མཐུ་ལས་འཇིག་རྟེན་ཁམས་ཀྱང་


TNT13_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

གཡོས། །ཀྱེ་མ་སྔོན་མེད་སེང་གེའི་སྒྲ་ཆེན་ཞེས། །འཇིག་རྟེན་ཀུན་ཏུ་བསྔགས་པ་ལན་བརྒྱར་བརྗོད། །བདག་ཅག་རྣམས་ཀྱང་དེ་བཞིན་སྤྱོད་པར་ཤོག །རྒྱལ་གཞན་སངས་རྒྱས་མཛད་པ་མཛད་པ་ན། །འོད་ཀྱི་སྣང་བས་འཇིག་རྟེན་ཀུན་ཁྱབ་སྟེ། །སྡུག་བསྔལ་ཀུན་ཞི་ངོ་མཚར་དཔག་མེད་འབྱུང༌། ཁྱེད་ནི་ཐུགས་བསྐྱེད་ཙམ་ནའང་དེ་དང་མཚུངས། །བསྐལ་པ་བཟང་པོའི་སེམས་དཔའ་སྟོང་ལ་སོགས། །འཕགས་མཆོག་བགྲང་ཡས་ལས་ཀྱང་ཆེས་ལྷག་ཅེས། །སློབ་པའི་དུས་ནའང་སངས་རྒྱས་ཀུན་གྱིས་བསྔགས། །བདག་ཀྱང་མགོན་པོ་ཁྱེད་དང་མཚུངས་པར་ཤོག །བཅོམ་ལྡན་མི་འཁྲུགས་རྒྱལ་པོའི་བྱང་ཆུབ་ཤིང༌། །གནམ་འཕང་དུ་ནི་དཔག་ཚད་འབུམ་ཡོད་ལ། །རིན་ཆེན་སྣ་བདུན་ལས་གྲུབ་དེ་ལས་ནི། རབ་ཏུ་སྙན་པའི་ཆོས་སྒྲ་མཐའ་ཡས་འབྱུང༌། །བསྐལ་པ་ཆེན་པོ་འབུམ་ཕྲག་བཅུ་ཡི་བར། །བཅོམ་ལྡན་འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན། །ཕྱི་རྗེས་བསྟན་པའང་ཡུན་ཚད་དེ་ཙམ་གནས། །དེ་འདྲའི་རྒྱལ་བ་རྟག་ཏུ་མཐོང་བར་ཤོག །བྱང་ཆུབ་བརྙེས་པར་འགྱུར་བའི་ཞག་བདུན་སྔོན། །འགྲོ་ཀུན་དགའ་བདེས་ཁྱབ་ཅིང་ཉོན་མོངས་བྲལ། །བླ་མེད་ཡེ་ཤེས་བརྙེས་ཚེ་ཁམས་གསུམ་གཡོ། །ཀུན་གྱི་ཕྱག་འཚལ་མཆོད་པ་དཔག་ཡས་ཕུལ། །དཔག་ཚད་བརྒྱ་ཡི་ཚད་ཅན་ནོར་བུའི་གདུགས། །རྟག་


TNT13_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དབུ་གཙུག་སྟེང་གི་ནམ་མཁར་གནས། །སྟོང་གསུམ་ཆེན་པོའི་འཇིག་རྟེན་ཁམས་དེ་ནི། །སྐུ་ཡི་འོད་ཟེར་ཁོ་ནས་རྟག་ཏུ་ཁྱབ། །ཞིང་ཁམས་དེ་ན་ངན་འགྲོ་བདུད་ལས་དང༌། །མུ་སྟེགས་ཅན་དང་འཐབ་རྩོད་འཆིང་བ་མེད། །རྒས་དང་ནད་དང་རྒུད་པ་ཡོངས་མེད་ཅིང༌། །བུད་མེད་སྐྱོན་དང་མི་གཙང་དངོས་པོ་མེད། །ཉན་ཐོས་རྣམས་ཀྱང་ཐེག་ཆེན་ཚུལ་ལ་བསྟེན། །བདེན་པ་མཐོང་བའི་མོད་ལ་དགྲ་བཅོམ་ཐོབ། །དགེ་སློང་དགེ་འདུན་བཀོད་པ་མཐའ་མེད་ཅིང༌། །བྱང་ཆུབ་སེམས་དཔའི་འདུས་པ་ཚད་མེད་དེ། །དེ་དག་རེ་རེའི་ཡོན་ཏན་བགྲང་ལས་འདས། །བདག་དང་མཐའ་ཡས་འགྲོ་བ་འདི་དག་ཀུན། །ཚོགས་མཆོག་དམ་པ་དེ་འདྲའི་ནང་ཆུད་ནས། །ཆོས་ཀྱི་སྒོ་ཡི་ཏིང་འཛིན་ཐོབ་པར་ཤོག། མདོག་བཟང་ས་གཞི་འཇམ་ལ་རེག་ན་བདེ། །མཐོ་དམན་མེད་ཅིང་ལྷ་ཡི་ནོར་བུས་སྤྲས། །གསེར་གྱི་པདྨ་མང་པོས་རབ་ཏུ་ཁེབས། །སྡོང་དུམ་ཚེར་མ་ངམ་གྲོག་ལ་སོགས་སྤངས། །གོས་དང་རྒྱན་རྣམས་དཔག་བསམ་ཤིང་ལས་འབྱུང༌། །འབད་རྩོལ་མེད་པར་རིན་ཆེན་སྣོད་རྣམས་སུ། །རོ་བརྒྱ་ལྡན་པའི་ཁ་ཟས་འདོད་བཞིན་འབྱུང༌། ཁྱིམ་རྣམས་ཐམས་ཅད་གཞལ་མེད་ཁང་པ་སྟེ། ཁྲི་དང་མལ་གདན་ཡོ་བྱད་དུ་མས་ཁྱབ། །རྫིང་བུ་གསེར་གྱི་བྱེ་མ་བརྡལ་བ་ལས། །མྱ་ངན་མེད་པའི་ལྗོན་པས་ཡོངས་སུ་བསྐོར། །


TNT13_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་སྐྱེས་བུའི་འདོད་ལ་རྗེས་སུ་འབྱུང༌། །འཇམ་པོའི་རླུང་ལྡང་ཚ་གྲང་སྡུག་བསྔལ་མེད། །རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་པོ་ལས། །གཙོ་འཁོར་གཞན་མེད་ཐམས་ཅད་སྙོམས་པར་བདེ། །ཉོ་ཚོང་ཞིང་སོགས་ལས་ལ་མི་འཇུག་སྟེ། །ཇི་ལྟར་ཡིད་ལ་བསམ་པ་དེ་ལྟར་འབྱུང༌། །གསེར་གྱི་ཏ་ལའི་ནགས་ཀྱིས་ཕྱོགས་ཀུན་ཁྱབ། །ཡིད་འོང་སྒྲ་དང་དྲི་ཞིམ་ཀུན་ཏུ་འཐུལ། །གླུ་གར་རོལ་མོས་བརྩེ་ཡང་བག་ཡོད་ལྡན། །མགོན་ཁྱོད་སྤྱོད་ཡུལ་གཤེགས་ན་ཞབས་ཀྱི་རྗེས། །རིན་ཆེན་ཆུ་སྐྱེས་འདབ་སྟོང་ལྡན་པ་འབྱུང༌། །པདྨ་དེ་ཡང་མཆོད་ཡུལ་ཆེན་པོར་འགྱུར། །འཛམ་བུ་གླིང་ནས་སུམ་ཅུ་རྩ་གསུམ་བར། །གསེར་དངུལ་བཻཌཱུརྱ་ཡི་ཐེམ་སྐས་ཅན། །དེ་ལ་ལྷ་དང་མི་རྣམས་བདེ་བར་རྒྱུ། །ཇི་ལྟར་ལྷ་བཞིན་དེ་ལྟར་མི་ཡང་བདེ། །ལྷ་རྣམས་འཛམ་བུ་གླིང་པ་རྣམས་ལ་སྨོན། །དབང་སྒྱུར་བདུད་ཀྱི་འཇིག་རྟེན་ཞེས་གྲགས་ནའང༌། །ཡང་དག་ལམ་ལ་ཞུགས་པ་ཁོ་ན་ཡིན། །འགྲོ་བ་ཐམས་ཅད་བཅོམ་ལྡན་མི་འཁྲུགས་པ། །རྟག་པར་མཆོད་ལ་བརྩོན་ཞིང་ཆོས་ཀྱང་ཉན། །ཐམས་ཅད་ཀུན་ནས་ཉོན་མོངས་ཤས་ཆུང་ཞིང༌། །སྡིག་པའི་ལས་དང་ཉེས་ལྟུང་དྲི་མས་དབེན། །འདོད་པའི་དགའ་བ་ལས་ཀྱང་ཆགས་བྲལ་ཐོབ། །མངལ་གནས་ཁང་བཟང་ལྟ་བུར་ཞག་བདུན་བདེ། །ཉན་ཐོས་རྣམས་ཀྱང་རྣམ་


TNT13_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་ཟད་མི་མངའ། །སེམས་པ་རྣམས་ཀྱི་རྣམ་ཐར་བསམ་མི་ཁྱབ། །ཞིང་ཁམས་མཆོག་དེའི་ཆོས་ཀྱི་འབྱོར་བས་ནི། །ཞིང་གཞན་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར། །ཐུགས་རྗེ་ལྡན་པ་སྤོས་ཀྱི་གླང་པོ་ནི། །ད་ལྟ་སྐྱོབ་པ་མཆོག་གི་རྒྱལ་ཚབ་ལགས། །མི་འཁྲུགས་རྒྱལ་བའི་བསྟན་པའི་ཕྱི་རྗེས་སུ། །ཞག་བདུན་ལོན་ནས་ཆོས་ཀྱི་རྒྱལ་པོར་འགྱུར། །ལྷ་མིའི་སྟོན་པ་གསེར་གྱི་པདྨ་ཞེས། །སྟོབས་བཅུ་ལྡན་པ་མི་འཁྲུགས་ཇི་ལྟ་བ། །ཐུགས་རྗེའི་འཕྲིན་ལས་བསམ་མི་ཁྱབ་པར་འགྱུར། །མགོན་པོ་དེ་ནི་མཉེས་པར་བྱེད་གྱུར་ཅིག །བཅོམ་ལྡན་ཁྱོད་ཀྱི་མཛད་སྤྱོད་ཇི་ལྟ་བར། །བྱང་ཆུབ་སྤྱོད་པ་སྒྲུབ་པར་དམ་འཆའ་ཞིང༌། །མི་འཁྲུགས་ཉིད་དང་ལྷན་ཅིག་འགྲོགས་པའི་ཕྱིར། །ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པ་དང༌། ཁྱོད་སྐུ་དམ་ཆོས་གསུང་བའི་རྣམ་པ་དང༌། །དགེ་སློང་དགེ་འདུན་དྲན་དང་རྒྱལ་སྲས་ཀྱི། །དགེ་འདུན་རྗེས་སུ་དྲན་ནས་ཡོངས་སུ་བསྔོ། །དེ་དག་མངོན་དགའི་ཞིང་དུ་སྐྱེས་བར་གསུངས། །རྒྱལ་ཚབ་དམ་པའི་མཚན་ཐོས་སྨོན་ལམ་འདེབས། །ཕྱོགས་བཅུའི་ཞིང་ཁམས་དག་པར་སྒྲུབ་པ་དང༌། །གཞན་དག་ཞིང་དེར་སྨོན་ལམ་འདེབས་སུ་འཇུག །མི་འཁྲུགས་ཞིང་གི་མདོ་སྡེར་སྤྱོད་པ་དང༌། །གླང་པོའི་ཁྲི་དང་པདྨ་ལ་བཞུགས་པའི། །སྐུ་གཟུགས་སྟོང་ཕྲག་སྒྲུབ་པར་བྱེད་པ་སོགས། ཁྱེད་


TNT13_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བགྲང་ཡས་དགེ་འདུན་ཚོགས་ཀྱིས་བསྐོར། །མངོན་སུམ་མཐོང་ནས་ཞིང་དེར་འགྲོ་བར་གྱུར། །སངས་རྒྱས་བདེན་པའི་ཚིག་གིས་དེ་སྐད་གསུངས། །འགྲོ་བ་ཀུན་ཀྱང་རྣམ་པ་དེ་ལྟ་བུས། །བསོད་ནམས་དགེ་བའི་ཚོགས་ལ་རབ་ཞུགས་ནས། །མངོན་པར་དགའ་བའི་ཞིང་ལ་སྤྱོད་པར་ཤོག །བདག་ཅག་དེང་ནས་སྐྱེ་བ་ཐམས་ཅད་དུ། །ཕ་རོལ་ཕྱིན་བཅུའི་དཔལ་ལ་ལོངས་སྤྱོད་ཅིང༌། །རྣམ་གསུམ་སྒྲིབ་པའི་ཚོགས་རྣམས་དྲུངས་ཕྱུང་ནས། །མི་འཁྲུགས་མགོན་པོའི་གོ་འཕང་ཐོབ་པར་ཤོག །ཇི་སྲིད་དེ་མ་ཐོབ་ཀྱི་བར་དུ་ཡང༌། །མི་མཐུན་ཕྱོགས་ཀྱི་བར་ཆད་ཀུན་ཞི་ཞིང༌། །དམ་པའི་ཆོས་ཀྱི་དགའ་སྟོན་མཆོག་རོལ་བས། །འགྲོ་ཀུན་བླ་མེད་བདེ་ལ་འགོད་པར་ཤོག །ཅེས་པ་མངོན་པར་དགའ་བའི་ཞིང་གི་སྨོན་ལམ་མདོ་སྡེའི་དགོངས་དོན་ཞེས་བྱ་བ་འདི་ཡང་དོན་གཉེར་མང་པོས་བསྐུལ་པའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ངེས་པར་བརྗོད་པའོ།། །།མངྒ་ལཾ། །