སྒྲིབ་པ་ཐམས་ཅད་རྣམ་སེལ་གྱི་སྒྲུབ་ཐབས།


TNT15_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སྡིག་སྒྲིབ་ཐམས་ཅད་ཞི་བ་དང༌། །རྡོ་རྗེའི་ཚེ་འགྲུབ་ཕྱིར་བཟློག་ཆེ། །སྒྲིབ་པ་ཐམས་ཅད་རྣམ་སེལ་གྱིས། །རིག་སྔགས་ལགས་པས་དེ་ཕྱིར་བསྒྲུབ། །སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླའི་གདན་ལ་རང་སེམས་སྐཾ་ལས་རང་ཉིད་སྒྲིབ་པ་རྣམ་སེལ་སྐུ་མདོག་དཀར་པོ། གཡས་བུམ་པ་བདུད་རྩིས་གང་བ་འཛིན་ཞིང༌། གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་དུ། ཟླ་བ་ཉ་གང་བ་ར་རི་མེད་ཅིང་འོད་ཟེར་འཕྲོ་བ། ཕྱིར་བཟློག་ཆེན་པོ་གཙུག་གཏོར་འཁོར་ལོས་བསྒྱུར་བ་སོགས་རིག་པའི་ཁྲོ་བོ་མང་པོས་ཞབས་ལ་བཏུད་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ནས། ཐུགས་ཀར་ཧཱུཾ་གི་བར་ཀུན་ཏུ་བཟང་པོའི་སྐབས་བཞིན་ནོ། །ཨོཾ་ཨ་མྲྀ་ཏ་བིནྡྷུ་ཛཱ་ཝཱ། མ་ཧཱ་སུ་ཁ་སྭཱཧཱ། ཞེས་ཅི་ནུས་སུ་བཟླ། རྗེས་དང་ཐུན་མཚམས་ཀུན་བཟང་གི་སྐབས་དང་འདྲ་བ་ལས། སྒྲིབ་པ་རྣམ་སེལ་གྱི་མཚན་བརྒྱ་ཀློག་པ་ཉིད་ཁྱད་པར་རོ། །འདིའི་བཟླས་ལུང་འབོགས་ཚུལ་ཡང༌། འོད་དཔག་མེད་ཀྱི་སྐབས་སུ་བཤད་པ་འདྲའོ། །བོད་ཡུལ་ཀུན༵་དུ་འདི་ཡིས་ནི། །སྒྲུབ་ཐབས་ཡོད་པར་


TNT15_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཐོང་ནས། །བླ་མའི་དྲུང་དུ་དག༵འ་བས་ཞུས། །གསུང་ཐོ་སྙིང༵་པོ༵་ཙམ་ཞིག་བཀོད། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་འཕགས་པ་སྒྲིབ་པ་རྣམ་སེལ་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །