རྟ་མགྲིན་དཀར་པོའི་སྒྲུབ་ཐབས།


TNT15_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གསུང་མཆོག་བདེ་སྟོང་ལྷ་ཡི་སྐུ། །ཡེ་ཤེས་ཧ་ཡ་གྲྀ་བ་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་ནི། །ཤིན་ཏུ་ཟབ་པའི་མན་ངག་བཤད། །སྙིང་རྗེ་ཆེན་པོ་དུང་བ་ཞིག་བསྒོམ། རང་སེམས་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་རྟ་མཆོག་རོལ་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། ཕྱག་གཡས་པདྨས་མཚན་པའི་དབྱུག་པ་འཕྱར་བ། གཡོན་པདྨའི་ཞགས་པ་འཛིན་པས་ཡུམ་ལ་འཁྱུད་པ། པད་ཉིའི་སྟེང་དུ་གཡོན་བརྐྱང་གི་སྟབས་ཀྱིས་བགེགས་ཐམས་ཅད་གནོན་པ། དབུའི་སྟེང་དུ་རྟ་མགོ་སྔོན་པོ་ཅན་ཁྲོ་བོའི་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པའོ། །ཡུམ་རལ་གཅིག་མ་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཏྲཾ། གསང་གནས་སུ་ཨ། ནོར་བུ་གཞལ་མེད་


TNT15_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་གི་ནང་དུ་ཧྲཱིཿལས་རྟ་མགྲིན་རང་དང་མཚུངས་པ་ལས་སྐུ་མདོག་ལྗང་ཁུ་ཡུམ་གྱི་པདྨའི་སྣ་རྩེར་རྡོ་རྗེ་སྡེར་མོ་སྔོ་སྐྱ་ཕག་གདོང་ཅན་ཌཱ་མ་རུ་དང་ཐོད་པ་འཛིན་པ་རྗེས་ཆགས་སྙོམས་འཇུག་གི་བདེ་བས་མཆོད་པར་བསམ། རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱ་ཟློག་སྟེ་རྩེ་མོ་བསྟན་ལ་སྙིང་པོས་དམ་ལ་བཞག །ཨོཾ་བཛྲ་ཁུ་ར་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝ་ཏཱི་ཡཀྵི་ཎཱི་ཡེ། ཨེ་ཀ་ཛ་ཊཱི་ཎེ། རཀྟ་ས་ཧི་ཏེ། དེ་ཝི་བིགྷྣཱན་པྲ་ཤ་མ་ཎི་སྭཱཧཱ། ཕྱིའི་ཡབ་ཡུམ་གཉིས་ཀྱི་སྔགས་སོ། །གསང་བའི་ལྷ་ལ་དམིགས་ནས། ཨོཾ་ཨ་མྲྀ་ཏ་བྷ་ཝོཏྦྷ་ཝ་སེ་སྭཱཧཱ། ཨོཾ་ཨེ་ཧྱེ་ཧི། བཛྲ་ན་ཁཱི། བཛྲ་མུ་ཁཱི། ཧ་ན་ཧ་ན། ཧ་ན་ཧ་ན། པ་ཙ་པ་ཙ། རངྒ་རངྒ། ཨ་ཝ་ཨ་ཝ། ཨཱ་བི་ཤ་ཨཱ་བི་ཤ ཧ་ཡ་གྲྀ་ཝ་པ་ཡ་ཏི་སྭཱཧཱ། ཞེས་བཟླས། དབྱུག་པ་སྦྲུལ་གྱིས་དཀྲིས་པ་ལ། །ཉི་ཟླ་རླུང་གི་འགྲོ་འོད་ཅན། །ཉི་ཟླ་མཆོད་ཅིང་ཉི་ཟླ་བཏུད། །འདི་ནི་རྫོགས་པ་མཆོག་ཡིན་ནོ། །འདི་ཟབ་མོའི་སྒྲུབ་ཐབས་ཀྱི་ལུགས་ཡིན་པས་ཕྱིའི་མཆོད་གཏོར་མེད། ལྷའི་ང་རྒྱལ་ལ་གནས་པས། འདོད་ཡོན་ལྔ་ལ་རོལ་པའི་མཆོད་པ་དང༌། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས་ཁ་ཟས་བཟའ་བའི་གཏོར་མ་དང༌། དངོས་སམ་ཡིད་ལས་བྱུང་བ་རྗེས་ཆགས་ཀྱི་ཚོགས་ཀྱི་འཁོར་ལོ་རྣམས་སོ། །འདིའི་ཏིང་ངེ་འཛིན་གྱི་དབང་བསྐུར་བྱེད་པར་འདོད་ན། མདུན་དུ་ཐོད་པ་ཆང་གིས་བཀང་བ་དང་དབྱུག་པ་དང་ཞགས་པ་རྣམས་བཞག བདག་དང་


TNT15_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་རོ་གཅིག་ཏུ་བསྒོམས་ཏེ། གོང་བཞིན་མངོན་རྟོགས་བསྒོམས་ནས་བཟླས་པ་ཅི་ནུས་བྱའོ། །དེ་ནས་སློབ་མས། ཨོཾ་ཧེ་བཛྲ་ཨཱ་ཙཪྱ་མ་མ་ཨ་ཏི་ཥྛནྟུ་ཀུ་རུ་ཧཱུཾ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། གུར་ནས་འབྱུང་བ་བཞིན་ཡན་ལག་བདུན་པ་བྱ། སློབ་མའི་བློ་ངོར་སློབ་དཔོན་མངོན་རྟོགས་ལྟར་བསྒོམ་དུ་བཅུགདེ་ལས་སྐུ་གཉིས་པ་ཞིག་ཆད་ནས་སློབ་མ་ལ་བསྟིམ་པས། སློབ་མ་རྟ་མགྲིན་དུ་གྱུར་པའང་མངོན་རྟོགས་བཞིན། བར་དེར་བཟླས་ལུང་སྤྱི་དང་མཐུན་པར་ཕོགཡབ་ཀྱི་སྔགས་ཀྱིས་ལན་གསུམ་བྱིན་གྱིས་བརླབས་པའི་དབྱུག་པ་ལག་པ་གཡས་སུ་སྦྱིན། རལ་གཅིག་མའི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་ཞགས་པ་གཡོན་དུ་སྦྱིན། དབྱུག་པས་ཁམས་གསུམ་འདུལ་བ་དང༌། ཞགས་པས་ཁམས་གསུམ་དབང་དུ་བྱེད་པའི་དམིགས་པ་བསྒོམ་དུ་གཞུགབུམ་དབང་ངོ༌། །ཡབ་ཀྱི་སྔགས་གསང་བ་བརྗོད་ཅིང༌། ཐོད་པ་ནས་མྱོས་བྱེད་ཅུང་ཟད་སྦྱིན། ཉམས་མྱོང་བརྗོད་དུ་མེད་པ་ངོ་སྤྲད་དེ་གསང་དབང༌། རྡོ་རྗེ་སྡེར་མོའི་སྔགས་བརྗོད་ཅིང་ཐོད་པའི་ཆང་རིམ་གྱིས་བཏུང་དུ་གཞུགཉམས་མྱོང་ཤེས་རབ་ཡེ་ཤེས་ཀྱི་དབང་དུ་ངོ་སྤྲད། པི་ཝཾ་ངཾ་གླིང་བུའམ་དྲིལ་བུའི་སྒྲ་གྲག་སྟོད་དབང་བཞི་པར་ངོ་སྤྲད་དེ། དེ་ནས་ཡོན་འབུལ། ཚོགས་ལ་ལོངས་སྤྱོད་དོ། །འདི་ལ་རྗེས་ཀྱི་ཆོ་གའི་བྱ་བ་ནི་མེད་དོ། །སྒྲུབ་ཐབས་ཀུན༵་ལས་ལྷག་པ་ཡི། །མཆོག་གྲུབ་རྟ་མགྲིན་ཆེས་དགའ༵་བས། །སྙིང༵་པོ༵འི་ཡེ་ཤེས་འཆར་བ་འདི། །མཆོག་ཏུ་གསང་བ་བླ་མེད་ཡིན། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་རྟ་མགྲིན་དཀར་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།