མགོན་པོ་བེང་སྣུབས་ལུགས་སུ་གྲགས་པ་གཏེར་མའི་སྒྲུབ་ཐབས།


TNT15_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དུས་གསུམ་རྒྱལ་བའི་བཀའ་སྡོད་ནི། །ལེགས་ལྡན་ནག་པོ་མཐུ་རྩལ་ཅན། །དེ་ལ་བསྟོད་དེ་ཕྱག་འཚལ་ནས། །སྒྲུབ་ཐབས་ཁྱད་པར་མདོ་ཙམ་བཤད། །མགོན་པོ་བེང་མ་གཏེར་མར་གྲགས་པར་སྒྲུབ་པར་འདོད་ན། སྒྲུབ་ཐབས་ཀྱི་སྤྱི་རྣམས་སྟག་ཞོན་


TNT15_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བེང་བཀའ་མ་དང་འདྲ་བ་ལས། རང་གི་མདུན་དུ་ཉི་ཟླ་བམ་ཆེན་བརྩེགས་པའི་གནས་ལ། རང་གི་སྙིང་ག་ནས་ཀྵ་ཡིག་སྤྲོས། ཀྵ་ལས་གྲི་གུག་ཀྵས་མཚན་པ་ལས་མགོན་པོ་བསྐྱེད་དེ། མཧཱ་ཀཱ་ལ་ཧཱུཾ་ཞེས་བརྗོད་པས། མགོན་པོའི་ཕྱག་གཡས་པ་ཙནྡན་གྱི་བེང་ཆེན་དང༌། གཡོན་པ་ན་སྲིན་མོའི་རྐང་གི་མདུང་རིང་བསྣམས་པ། གཞན་སྤྱི་དང་འདྲ་བ་ལས་འཁོར་མ་མོ་བདུན་གྱིས་བསྐོར་བའོ། །སྤྱན་འདྲེན་གྱི་སྐབས་ཛཿཧཱུཾ་བཾ་ཧོཿ ཨེ་ཧྱེ་ཧི་མཧཱ་ཀཱ་ལ་བི་རུ་ཎི་ཛ་ཛ་ཧཱུཾ། ཞེས་པ་བེང་གི་ཕྱག་རྒྱ་བསྟན་ཞིང་ལན་མང་དུ་བརྗོད། སྔགས་ནི་མཧཱ་ཀཱ་ལ་གུ་ན་ཧྲི་ད་ཧཱུཾ་ཛཿ ཞེས་པ་དང༌། ཨོཾ་མཧཱ་ཀཱ་ལ་ཎི་ཐུམ་ལཾ་ཐུམ་རིལ་རྦད། པུ་ཎི་ར་ཛཿ དགྲ་བོའི་སྙིང་ལ་ཛཿ ཏྲཀ་རཀྴ་ཐུཾ་རིལ་རྦད། དགྲ་བོའི་སྙིང་ཁ་རག་ཛཿ ཞེས་པ་སྟེ། བོད་རྦད་གཉིས་སོ། །ཡང་འདི་ལ་འཁོར་གཡས་སུ་ཡུམ་དམར་མོ་གྲི་ཐོད་འཛིན་པ། གཡོན་དུ་རེ་མ་ཏཱི་སྤྱི་དང་མཐུན་པ། མདུན་དུ་ལས་མཁན་རལ་གྲི་དང་ཐོད་ཁྲག་འཛིན་པ་བསྐྱེད། ཨོཾ་དེ་བ་ཨ་སུ་ར་བྲི་ཐི་ཛ་གྷུ་ནི་ཧེཉྫ་ཧོ། བྷ་ཧུ་ར་ཏ་ཙ་ཧིནྡ། ཀུརྦྷི་ཛི་ཛྷ་ཧཱུཾ། ཏྲཀ་རཀྵ་ས་མ་ཡ། དཾ་དཾ་ཛ་ཛ་ཧཱུཾ་ཧཱུཾ། ཞེས་བཟླ་བའི་ལུགས་ཀྱང་ཡོད། ལྷག་མ་རྗེས་གནང་གི་བྱ་བ་ཡན་ཆད་ཐམས་ཅད་སྟག་ཞོན་གྱི་སྐབས་དང་འདྲའོ། །སྣུབས་ཆེན་ལེགས་པའི་བློ་གྲོ་ཀྱིས། །གཏེར་ནས་ཕྱུང་ཞིང་ཀུན༵་དུ་གྲགས། །རབ་དག༵འི་སྒྲུབ་སྐོར་ཆ་ཚང་ལས། ཁྱད་པར་སྙིང༵་པོ༵་ཙམ་ཞིག་བཀོད། །མགོན་པོ་བེང་སྣུབས་ལུགས་སུ་གྲགས་པ་གཏེར་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། །